cover

རྙིང་མ་རྒྱུད་འབུམ་པོད་ཉེར་བཞི་པ། ཡ༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཅེས་བྱ་བ།


DNG024_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ལོ་ཀ་སྟོ་ཏྲ་པཱུ་ཛ་ཏནྟྲ་ནཱ་མ་ནོ་པི་ཀ་སནྟ་ཀཾ།བོད་སྐད་དུ། འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་གསང་བ་ཆེན་པོ་རྡོ་རྗེ་འཛིན་པ། དུས་གསུམ་གྱི་སངས་རྒྱས་མ་ལུས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་མ་ལུས་པ་ཡང་དག་པར་བསྒྲུབ་པར་མཛད་པ། མཐུ་དང་། སྟོབས་དང་། མི་འཇིགས་པ་དང་། དབང་ཕྱུག་དང་། གཟུགས་ཀྱིས་འཇིགས་པར་བྱེད་པ། གཏུམ་པོ་དང་། དྲག་ཤུལ་ཅན་དང་། དྲེགས་པ་ཅན་དང་། སྟོབས་ཅན་དང་། བཟོད་པར་དཀའ་བ་དག་མྱུར་དུ་འདུལ་བར་བྱེད་པ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ལས་ཕྱུང་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DNG024_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ས་ཆེན་པོ་མཐར་ཕྱིན་པ་ལ་རབ་ཏུ་ཞུགས་པ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་གཏོགས་པའི་དབང་ཕྱུག་ལྷའི་རིགས་རྣམས་ཀྱི་བདག་པོ་ཆེན་པོ་ལྕང་ལོ་ཅན་གྱི་གནས་དང་རི་རབ་ཀྱི་གནས་ཀྱི་གནོད་སྦྱིན་རྣམས་ཀྱི་དེད་དཔོན་ཆེན་པོ་དེ། འོག་མིན་གྱི་གནས་ལྷའི་རྒྱལ་པོའི་ཁང་བཟངས་ན་བཞུགས་ཏེ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་འོད་ཟེར་སྣ་ཚོགས་བཀྱེ་ནས་ཚིག་འདི་སྐད་དུ་བསྐུལ་ཏེ། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པ་དམ་པ་བསྲུང་བ་ཡི། །མཐུ་སྟོབས་བདག་པོར་དབང་བསྐུར་ཏེ། །དམ་ཚིག་ཆེན་པོ་དེ་གཟིགས་ལ། །སྐུ་གསུང་ཐུགས་ཀྱི་གསང་བ་ལས། །འཇིགས་བྱེད་འཇིགས་པར་བྱེད་པ་ཡི། །སྐུ་མཆོག་དྲག་པོའི་གསུང་དང་བཅས། །གཏུམ་པོའི་ཐུགས་ཀྱིས་ཤུགས་ཕྱུང་ལ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །སྤྲུལ་པ་སྔ་འཕྲུལ་ཕྲིན་ལས་ཀྱིས། །སྔོན་གྱི་ཐུགས་དམ་རོལ་པར་མཛོད། །ཅེས་བསྐུལ་མ་ཐག་ཏུ་


DNG024_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་སངས་རྒྱས་ཀྱི་ཕྲིན་ལས་མཛད་པའི་དུས་ལ་བབ་པར་མཁྱེན་ནས། ཉིད་ཀྱི་སྐུ་གསུང་ཐུགས་ཞི་བ་ཆོས་ཉིད་དེ་བཞིན་ལས་མ་གཡོས་ཀྱང་གདུལ་བར་བྱ་བའི་ཡུལ་དྲག་ཤུལ་ཅན་རྣམས་ལ་གཟིགས་ནས། ཕྱོགས་བཅུ་ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སྐུའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཁྲོ་བོ་ཆེན་པོའི་གཟུགས་འདི་ལྟ་སྟེ། སྐུ་མདོག་མཐིང་ནག་ཞལ་དགུ་པ་ལ། གཡས་ཀྱི་ཞལ་ནི་ཁམ་ནག་གཙིགས་པ། གཡོན་གྱི་ཞལ་ནི་སྨུག་ནག་བསྡུས་པ། དབུས་ཀྱི་ཞལ་ནི་མཐིང་ནག་ཁྲོ་ཞིང་རྔམ་པ། ཕྱག་གཡས་ཀྱི་རྡོ་རྗེ་འབར་བས་གཡོན་གྱི་ཐོད་ཁྲག་དཀྲུག་ཅིང་གསོལ་པ། གཡས་འོག་མ་བརྒྱད་ན་ལྷ་ཆེན་པོ་བསྒྲལ་བའི་མགོ་གཅད་དེ་བསྣམས་ལ། གཡོན་གྱི་འོག་མ་བརྒྱད་ན་ཀླུ་ཆེན་པོ་བརྒྱད་ཀྱི་མགོ་བསྣམས་པ། དེ་དག་ཀྱང་གཡང་གཞི་དང་བཅས་པ། གཡས་ཀྱི་སྤྱན་དགུ་གྱེན་ལ་བཟློག་པ། གཡོན་གྱི་སྤྱན་དགུ་འཕྲེད་ལ་གཟིགས་པ། དབུས་ཀྱི་སྤྱན་དགུ་ཐུར་ལ་སྡང་མིག་མཛད་པ། ཁྲོ་གཉེར་དྲག་པོ་དཔྲལ་བར་བསྡུས་པ། ཤངས་ནས་སྲིད་པའི་རླུང་དྲག་པོ་འཚུབ་པ། ཞལ་ནས་བསྐལ་པའི་མེ་འབར་བ། མཆེ་བ་དམར་པོ་བར་སྣང་ཁམས་སུ་གཙིགས་པ། སྨ་ར་ཨག་ཚོམ་སྤྲིན་བཞིན་དུ་གཏིབ་པ། དབུ་སྐྲ་རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར་ཞིང་འཁྱིལ་པ། སྙན་ནས་གདུག་པའི་སྒྲ་ཆེན་པོ་འབྱིན་པ། སྦྲུལ་གྱི་ཆུན་པོས་ཡན་ལག་དཀྲིས་པ། བདུད་དང་ཏྲ་བསྒྲལ་བ་དང་གླང་པོ་ཆེའི་པགས་པ་ན་བཟར་གསོལ་པ། སྟག་གི་པགས་པས་སྐུ་སྨད་དཀྲིས་པ། ཁྲག་དང་ཞག་གི་ཐིག་ལེ་དང་རི་མོས་བརྒྱན་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། ཐོད་པ་སྐམ་པོ་དང་རློན་པ་དང་། ཤ་ཁྲག་ར་རི་ཅན་གྱིས་ཕྲེང་བར་བྱས་ནས་བརྒྱན་པ། ཞབས་བརྒྱད་ཀྱིས་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་ཆུང་མ་དང་བཅས་པ་དག་མནན་པ། ཡུམ་ཆེན་མོ་


DNG024_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གཏུམ་མོ་འཇིགས་བྱེད་མ་རང་གི་སྐུ་དང་མཚུངས་པ་ཞིག་དང་མཉམ་པར་སྦྱོར་བ། གྲངས་མེད་ཅིང་བརྗོད་ཀྱིས་མི་ལང་བ་བྱེ་བ་ཏིལ་གྱི་གང་བུ་བཞིན་དུ་གྱུར་པ་ཐམས་ཅད་ཀྱང་། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཅེས་བྱ་བའི་གསུང་སྒྲ་དྲག་པོ་འབྱིན་པ། དེ་དག་རེ་རེ་ལས་ཀྱང་སྤྲུལ་པ་དང་སྤྲུལ་པའི་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་རབ་ཏུ་སྣང་བར་མཛད་པ། འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པ་ཅན་ལྷའི་ཚོགས་དང་། བདུད་དང་། གཤིན་རྗེ་དང་། སྲིན་པོ་དང་། གནོད་སྦྱིན་དང་། གཟའ་བདུད་དང་། ཀླུ་དང་། རྒྱལ་པོ་དང་། གིང་དང་། མ་མོ་ཆེན་མོ་རྣམས་དང་། མཁའ་འགྲོའི་ཚོགས་དང་། རུ་ཏྲ་དང་། མུ་སྟེགས་དང་། སྲོག་གི་བདག་པོ་དང་། ནོར་གྱི་བདག་པོ་དང་། ཚེའི་བདག་པོ་དང་། སྔགས་ཀྱི་བདག་པོ་དང་། སྲིད་པའི་བདག་པོ་དང་། གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། དུར་ཁྲོད་ཆེན་པོ་དང་། ཡུལ་ཆེན་པོ་དང་། འཛམ་བུའི་གླིང་གི་མཐའ་འཁོབ་ཀྱི་ས་དང་། རིའི་རྒྱལ་པོ་དང་། རི་ཕྲ་མོ་དང་། རྒྱ་མཚོ་དང་། ཆུ་བྲན་དང་། ཡོངས་སུ་འདུ་བའི་ཤིང་དང་། ནགས་ཚལ་ཆེན་པོ་དང་། གནས་ཕྲ་མོ་བསམ་གྱིས་མི་ཁྱབ་པ་དག་ན་གནས་པའི་འཇིག་རྟེན་གྱི་དྲེགས་པ་ཅན་ཕོ་དང་མོའི་རྣམ་པར་འདུག་པ་དང་། གཙོ་བོ་དང་འཁོར་དང་ཁྱད་པར་རྒྱུ་བ་དང་། བྲན་དང་གཡོག་གི་ཚོགས་དང་བཅས་པ་དག་གིས། རང་རང་གི་གནས་ནས་མྱུར་བ་དངང་ཞིང་སྐྲག་ལ་འཇིགས་པ་དང་ཡ་ང་བའི་སེམས་དང་། དུལ་བའི་སེམས་ཀྱིས་འཐོན་ཏེ། བཅོམ་ལྡན་འདས་དེའི་སྤྱན་སྔར་རླུང་དྲག་པོའི་ཤུགས་ཀྱིས་རབ་ཏུ་བསྐྱོད་པའི་ཤིང་བལ་གྱི་འདབ་མ་བཞིན་དུ་རང་དབང་མེད་པར་ལྷགས་པར་གྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་དང་། ཁྱད་པར་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་གླིང་བཞི་དང་། རྒྱ་མཚོ་ཆེན་པོ་དང་། རོལ་པའི་ཆུ་ཀླུའི་གནས་དང་བཅས་པ། རི་རབ་ཆེན་པོ་དང་། རི་བདུན་གྱི་གནོད་སྦྱིན་གྱི་ཚོགས་དང་། ལྷའི་གནས་འདོད་


DNG024_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་བཅས་པ་དང་། དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་གི་སྐྱེ་གནས་ན་གནས་པ་དང་། འཛམ་བུའི་གླིང་གི་སའི་ཆ་ན་གནས་པའི་དྲེགས་པ་ཅན་རྣམས་སོ་སོ་ནས་རང་རང་གི་མདུན་ན་དྲག་པོ་ཆེན་པོའི་སྐུ་གཟི་བྱིན་དཔག་ཏུ་མེད་པ། གཞན་དག་གིས་ཉེ་བའི་ཐུགས་མི་ཐུབ་པ་རེ་རེ་འདུག་པ་མཐོང་སྟེ། དེ་དག་ཐམས་ཅད་ཐ་དད་དུ་རང་རང་གི་སྡེ་དཔོན་ཆེན་པོ་རྣམས་ལ་སྐྱབས་སུ་འགྲོ་བར་བྱེད་དོ། །སྡེ་དཔོན་ཆེན་པོ་རྣམས་ནི་འཇིགས་བྱེད་ཆེན་པོའི་སྐུ་གསང་བ་པའི་བདག་པོ་དེ་ལ་རང་གི་འཁོར་དང་བཅས་ཏེ་སྐྱབས་སུ་འགྲོ་བར་བྱེད་དེ། ཐམས་ཅད་ཀྱི་རང་རང་གི་གཟུགས་དང་ལོངས་སྤྱོད་དང་འཁོར་དང་། རྒྱན་དང་བཞོན་པ་དང་གནས་དང་ཉེ་བར་བདེ་བར་སྤྱོད་པ་ཕྲིན་ལས་ཁྱད་པར་མ་ལུས་པར་བསྟན་ཅིང་། མིང་གི་སྙིང་པོ་རྣམས་མངོན་དུ་ཕྱུང་སྟེ་སྨྲས་སོ། །མ་ཧཱ་དེ་བ་ཨེ་ཛཿ། ཨུ་མ་དེ་བ་ཨེ་ཛཿ། དྷུ་དྲ་མ་དུ་ཕྲག་ཛཿ། དུནྟི་མ་དུ་ཛཿ། ཞེས་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་ཡབ་ཡུམ་བདུད་ཕོ་མོ་དང་བཅས་པ་རྣམས་ཀྱིས་རང་རང་གི་མིང་ཕུལ་བའོ། །དེ་ནས་གཤིན་རྗེའི་དེད་དཔོན་རང་གི་ཚོགས་དང་བཅས་པས་རང་རང་གི་མིང་དང་སྲོག་དང་བཅས་པ་ཕུལ་བ། ཧྲཱྀཿཥྚྀ་ཀྲྀཥྞ་ཡ་མ་པྲེ་ཏ་ཛཿ། མ་མ་ཡ་མུནྟྲི་བྷི་ཏྲི་ཛཿཞེས་ཕུལ་ལོ། །དེ་ནས་སྲིན་པོའི་སྡེ་དཔོན་རང་གི་འཁོར་དང་བཅས་པའི་མིང་གི་སྙིང་པོ། རཀྵ་ར་ཤ་ར་མ་ཏི་རཀྵ་མ་ཤུ་ཏི་ཛཿཞེས་ཕུལ་ལོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་རང་གི་འཁོར་དང་བཅས་པའི་མིང་དང་སྲོག་གི་སྙིང་པོ་ཡཀྵ་ཀུ་བེ་རཀྵ་ཏ་མེ་ཡཀྵྀ་མ་ཤ་ཛཿཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་གནོད་སྦྱིན་ལྷའི་སྡེ་དཔོན་ཁ་བ་ཅན་གྱི་དབང་པོས་རང་གི་མིང་ཕུལ་བ། གྃ་བྷ་བྷ་ཏྲ་དྷི་བ་ཏ་རུ་ཏི་ཛཿཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་རྒྱལ་ཕྲན་གྱི་དེད་དཔོན་ལྷའི་ཐེ་བཅུ་གསུམ་གྱི་བདག་པོས་མིང་ཕུལ་བ། གྃ་ཏ་པ་ཤ་ལི་བ་ར་ཏྲི་སཾ་ཀ་ར་ཤ་ཛཿཞེས་ཕུལ་ལོ། །དེ་ནས་སྤྱི་བདུད་ཀྱི་སྡེ་དཔོན་རང་


DNG024_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཁོར་དང་བཅས་པས་མིང་གི་སྙིང་པོ་སྨྲས་པ། དུསྤྲ་ཤྃ་ཛ་ཨ་ཀ་རུ་ཀྃ་ཙ་ཛཿཞེས་ཕུལ་ལོ། །དེ་ནས་ཡེ་ཤེས་དང་ལས་ལས་གྲུབ་པའི་དང་དམ་ཚིག་གི་ཚོགས་ཀྱི་བདག་མོ་སྲིད་པ་དབང་སྡུད་མ་དང་། རལ་པ་གཅིག་མ་དང་། མཁའ་འགྲོ་མའི་ཚོགས་ཀུན་གྱིས་རང་རང་གི་མིང་གི་སྙིང་པོ་ཕུལ་བ། མ་མ་ཏྲག་མུ་ཏྲ་ར་ཙ་ཨེ་ཀ་ཛ་ཊི་རུ་རུ་རོ་ཏིཥྚ་བྷཏྟོ་རེ་ཏུ་མ་ཏི་ཁ་མུནྟྲ་པ་ཙ་ལ་མེ་ཤ་ཛཿཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་ལྷ་བཙན་པོ་དང་། རུ་ཏྲའི་རིགས་ཀྱི་དེད་དཔོན་ཆེན་པོ་རྣམས་ཀྱིས་རང་རང་གི་མིང་གི་སྙིང་པོ། དེ་བ་ཨ་བྷི་ཤུ་ཏྲི་རུ་ཏྲ་ནི་ཛི་ཧྃ་ཤྃ་ཏྲི་ཛཿཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་བགེགས་ཀྱི་རྒྱལ་པོ་དང་། མུ་སྟེགས་བྱེད་པ་དང་། བདུད་དམུ་བའི་ཚོགས་ཀྱིས་རང་རང་གི་མིང་གི་སྙིང་པོ། བི་ནཱ་ཡ་ཀ་ཏིརྠི་ཏ་ཀ་དུ་མུན་མུན་པཿཛཿཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་སྲོག་གི་བདག་པོ་དང་། གནོད་སྦྱིན་ཀླུའི་བདག་པོ་རྡོ་རྗེ་ཅན་དང་། བླའི་རྒྱལ་པོ་ཆེན་པོ་དང་། ལྷའི་དབང་ཕྱུག་ནག་པོ་ཆེན་པོའི་ཚོགས་ཀྱི་སྡེ་དཔོན་ཆེན་པོ་རྣམས་ཀྱིས་རང་རང་གི་མིང་གི་སྙིང་པོ། གིངྈ་ར་ཏྲི་པ་ལེ་རཱ་ཛ་བཛྲ་བུ་རུ་ལུ་ཛ་བཛྲ་ལ་རུ་ཏྲི་ཛ་མ་ཧཱ་ཀཱ་ལ་ཡཀྵྀ་ཛཿཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་ཀླུ་དང་གཟའ་སྐར་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱིས་རང་རང་གི་མིང་གི་སྲོག་གི་སྙིང་པོ་ཕྱུང་བ་ནཱ་ག་ཙི་ཏ་ཧུ་ཡ་ནཱ་ག་མེ་ཀྵེ་ཏྲ་ཧུ་ལ་གྷུ་ཧེ་པ་ཤ་མི་ཀེ་ཧཱུྃ་ཛཿཞེས་ཕུལ་ལོ། །གཞན་ཡང་འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པའི་དབང་ཕྱུག་མ་རུངས་པའི་འཁོར་དང་བཅས་པ་དག་གིས་རང་རང་གི་ལུས་དང་སྲོག་དང་བཅས་པ། ཨེ་ཨ་ནྲི་ཛཿས་མ་ཡ་སྲོག་དྲེང་དྲེང་ཛཿཛཿཞེས་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་ཅན་འཁོར་དང་བཅས་པ་དེ་དག་དབུགས་ཕྱུང་ནས་མི་འཇིགས་པ་བྱིན་ཏེ་འདི་སྐད་དུ། ཀྱེ་མ་འཇིག་རྟེན་དྲེགས་པའི་ཚོགས། །ཁྱེད་རྣམས་ང་ལ་མ་འཇིགས་ཤིག །ང་ནི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་བདག །ཆོས་ཉིད་ཞི་བ་ཆེན་པོ་ཡི། །ཐུགས་རྗེ་དང་ནི་ཡེ་ཤེས་ཀྱིས། །དུས་གསུམ་འདུས་


DNG024_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་འདུས་མ་བྱས། །སྐད་ཅིག་ཉིད་ལ་མངོན་དུ་གསལ། །མ་འོངས་སེམས་ཅན་དོན་གྱི་ཕྱིར། །སྣ་ཚོགས་ལུས་ཀྱི་གསང་བ་སྟོན། །དྲེགས་པའི་སྡེ་དཔོན་ཁྱེད་རྣམས་ཀྱང་། །ཐོག་མ་མེད་ནས་ད་ལྟའི་བར། །ཉོན་མོངས་འཁྲུལ་པའི་དབང་གྱུར་ཏེ། །གནས་ངན་ལེན་གྱི་བག་ཆགས་ཀྱིས། །ལུས་ངག་ཡིད་ཀྱིས་མི་དགེར་སྤྱོད། །འཁོར་བའི་སྡུག་བསྔལ་རྒྱུན་མི་འཆད། །ན་རག་ཆེན་པོར་ལྷུང་ནས་ནི། །ཐར་པའི་དུས་མེད་འབྱུང་སྲིད་ཀྱིས། །དེ་བས་ད་ལྟའི་དུས་མཆོག་འདིར། །ང་དང་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །མཛད་པའི་ཕྲིན་ལས་རབ་སོན་ལ། །བསྒོ་བའི་གསུང་བཞིན་ཉན་པར་གྱིས། །ལས་དང་སྲིད་པ་དོན་ཡོད་ལ། །མི་དགེའི་བག་ཆགས་དོར་བར་གྱིས། །བསླབ་པའི་གཞི་བཟུང་སེམས་བསྐྱེད་ལ། །མཐུ་སྟོབས་ནུས་པ་དྲག་ཤུལ་དག །སངས་རྒྱས་བསྟན་པའི་རྗེས་སུ་སྤྱོད། །རིག་འཛིན་རྣམས་ཀྱི་བཀའ་བཞིན་སྐྱོངས། །ཁྱེད་ཅག་རྒྱལ་པོ་རྗེ་དཔོན་དང་། །བྲན་གཡོན་ཚུལ་དུ་ལུས་བརྟེན་པ། །དངོས་གྲུབ་གསོལ་ཞིང་ཕྲིན་ལས་སྒྲུབས། །གལ་ཏེ་དེ་ལྟར་མི་བྱེད་ཅིང་། །གསང་བའི་ཚིག་ལས་འགལ་བྱེད་ན། །ཁྱེད་ཀྱི་ལུས་སེམས་སྲོག་གི་རྒྱུད། །ད་ལྟ་ཉིད་དུ་མ་རུངས་འགྱུར། །ཞེས་བཀའ་སྩལ་ནས་དམ་པའི་ཐ་ཚིག་ལ་བཀོད་ནས་བཞག་གོ། །འཇིག་རྟེན་པའི་སྡེ་དཔོན་གྱི་ཚོགས་རབ་ཏུ་འདུལ་བ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འདོད་པའི་ཁམས་ཀྱི་ལྷའི་དབང་ཕྱུག་ཆེན་པོ་ཡབ་ཡུམ་ལ་སོགས་པའི་དྲེགས་པ་ཅན་གྱི་འཁོར་རབ་ཏུ་འདུས་པ་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་བདག་པོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །འཇིག་རྟེན་གནས་པའི་དྲག་ཤུལ་ཅན། །འདོད་ཆགས་ཞེ་སྡང་སྲེད་ལེན་གྱིས། །གང་གིས་མཆོད་ཅིང་བརྟེན་བྱས་ནས། །བདག་ཅག་རྣམས་ནི་དགའ་མགུ་རངས། །ཁྱོད་


DNG024_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཀའ་ལུང་རྗེས་བཞིན་དུ། །བརྟུལ་ཞུགས་འཛིན་པ་དེ་དག་ལ། །ཕྲིན་ལས་སྤྱོད་པའི་གྲོགས་བྱའི་ཕྱིར། །བདག་ཅག་སོ་སོའི་གནས་དང་དུས། །རང་གི་སྡེ་དང་འཁོར་གཡོག་དཔུང་། །མཐུན་པའི་ལས་དང་ལོངས་སྤྱོད་དང་། །ཆ་ལུགས་རིགས་དང་བསམ་པ་དང་། །ཁམས་དང་བྱེད་པའི་ཚུལ་དག་དང་། །དམ་ཚིག་སྦྱོར་བའི་ཁྱད་པར་དག །བདག་ཅག་རྣམས་དང་མ་འོངས་པའི། །རིག་པའི་ཚུལ་འཛིན་དོན་ཕྱིར་རུ། །མ་ལུས་རྒྱས་པར་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་དྲེགས་པ་ཅན་དག་གི་གཙོ་བོ་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས། སོ་སོའི་ལས་དང་གཅིག་ཏུ་སྦས་པ་དང་། ཐ་དད་དུ་སྦྱར་བ་དང་། ངེས་པ་དང་། མ་ངེས་པ་དང་། རིམ་པ་དང་འཆོལ་བ་དང་། ཕྱི་དང་ནང་དང་། གསང་བ་དང་། སྦས་པ་དང་། འཚོགས་པ་དང་། འཐོར་བ་དང་། མཐུན་པའི་རྫས་དང་། སྙིང་པོ་དང་། མག་པ་དང་། གཉེར་གཏད་པ་དང་། སྐུལ་བ་དང་། རྦད་པ་དང་། བཟློག་པ་དང་། ཚར་གཅད་པ་དང་། གཟིར་བ་དང་། སྤོགས་པ་དང་། ལས་སྣ་ཚོགས་པ་དག་གི་སྒོ་ནས། རོལ་པ་ཆེན་པོའི་གསང་བ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དམ་ཚིག་ཆེན་པོ་ལས་ཕྱུང་སྟེ་བཀའ་སྩལ་ཏོ། །ཉོན་ཅིག་འཇིག་རྟེན་དྲེགས་པའི་ཚོགས། །ཕྱི་མའི་ཚེ་ན་སྙིགས་མའི་དུས། །དགེ་སྦྱོང་ཆེན་པོའི་བསྟན་པ་འདི། །སོ་སོའི་སྐྱེ་བོ་རྣམས་ལ་སྣང་། །ཉན་ཐོས་རང་རྒྱལ་རྣམས་ཀྱི་ཚུལ། །རྡོ་རྗེ་འཆང་བ་རྣམས་ཀྱི་སྐུ། །རྒྱུད་དག་ས་ལམ་རྫོགས་ལ་གསལ། །སྤྲོས་མེད་ཆོས་སྐུ་འདུ་འབྲལ་མེད། །ཏིང་ངེ་འཛིན་ལ་སྦྱངས་པས་འགྲུབ། །བསམ་པ་ཚེ་སྔ་སྨོན་པ་ཡིས། །རིགས་དྲུག་སོ་སོའི་བདག་པོར་སྣང་། །ལས་ཀྱི་དྲེགས་པས་ཁྱེད་རྣམས་ནི། །འཇིགས་ཤིང་འཇིགས་པར་བྱེད་པ་ཡིས། །གཏུམ་ཞིང་དཔའ་ལ་ཆེས་དཔའ་བས། །གདུལ་ཞིང་དྲག་པར་ནུས་པ་ལས། །ཞི་བས་འདུལ་བར་མི་འགྱུར་ཏེ། །རིག་པ་འཛིན་པའི་སྐྱེས་བུ་ནི། །སྟོབས་ལྡན་དྲེགས་ཚོགས་ཀུན་འདུལ་བ། །ཁམས་གསུམ་སྤྱི་ལ་དབང་


DNG024_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བྱེད། །ང་དང་གཉིས་མེད་སྦྱོར་བ་ཡིས། །ལས་ཀྱི་བྱ་བ་རང་རྫོགས་པས། །དུར་ཁྲོད་ཆེན་པོ་རབ་འཇིགས་པས། །བྱིན་གྱིས་བརླབས་པའི་དབེན་ས་རུ། །སྒྲིབ་བྱང་བསོད་ནམས་བསགས་པས་དང་། །བར་ཆོད་བདུད་བཟློག་ལས་ལ་འབད། །མཐུན་རྫས་ས་ལ་ཕོ་བྲང་བཞེངས། །དམ་ཚིག་དྲག་པོའི་རྫས་ཀྱིས་བྲན། །ཐོད་མཁར་བང་མཛོད་ལྡན་པ་འམ། །ཨེ་ཁྲམ་གྲངས་དང་སྦྱར་བར་བྱ། །དྲེགས་པའི་ལུས་ངག་ཡིད་གནས་བརྟེན། །ངས་བཤད་ཚུལ་དང་མཐུན་པར་དགོད། །ཕྱི་རོལ་སྒོ་སོགས་རྒྱན་འཇིགས་ལྡན། །དུར་ཁྲོད་ཆེན་པོ་སྔོན་དུ་ཕྱུང་། །ཙ་ར་མ་ཧེ་ཆུ་གླང་དང་། །སེང་གེ་གླང་ཆེན་རྟ་ནག་དང་། །བྱ་ཁྱི་ལུག་ནག་རྔ་མོ་དང་། །སྟག་དང་བྱ་རྒོད་ཁྱི་ཕག་གནག །བདུད་བྱ་ཆུ་སྲིན་ཉ་རུས་སྦལ། །རྒོད་དཀར་རྒོད་གནག་རྟ་དཀར་དམར། །སོ་བྱ་དྲེའུ་བ་གླང་རྣམས། །རྒྱལ་མཚན་ཤ་ཁྲག་སྙིང་དང་བཅས། །སོ་སོའི་མཐུན་པའི་གནས་སུ་བཤམ། །འབྲུ་བཟང་བཤོས་དང་དམ་ཚིག་རྫས། །བདུད་རྩི་ཤ་ཁྲག་སྙིང་སྦྱར་བ། །རིན་ཆེན་བཅུད་ཀྱིས་སྦྲེང་བ་ནི། །གྲངས་མཉམ་ཡང་ན་ཕྱོགས་བཞིར་བཞག །གདུགས་དང་བ་དན་བླ་རེས་དང་། །ལྡ་ལྡི་དྲ་བ་ཟ་ར་ཚགས། །འདི་ལ་ཤིས་ཤིང་མཐུན་པས་ཏེ། །སྟག་གཟིག་དོམ་དྲེད་འཕར་སྤྱང་དང་། །ཀཱངྈ་དུར་བྱ་བྱ་རྒོད་ཁྲ། །མི་རྟ་བལ་གླང་ཀེ་ལེ་ཡི། །ཤ་རྒྱུས་པགས་པ་མགོ་ཡིས་བྱ། །མདའ་གཞུ་མདུང་དང་ཁ་ཊྭཱཾ་ག །རལ་གྲི་ཆུ་གྲི་སྤུ་གྲི་དང་། །ཏྲི་ཤཱུལ་ཕུར་པ་སོ་མངས་དང་། །མཚོན་ཆ་དྲག་པོས་བསྐོར་ཞིང་གཏམས། །མཛེས་དང་མི་མཛེས་སྙན་མི་སྙན། །དྲི་ང་བ་དང་གདང་བ་དང་། །ཁ་མངར་ཚ་སྐྱུར་རྩུབ་པ་དང་། །ཚ་གྲང་འཇམ་རྩུབ་དྲོ་དང་བསིལ། །གཟུགས་སྒྲ་དྲི་རོ་རེག་རྣམས་ཀྱིས། །ཇི་ལྟར་འདོད་པ་བཞིན་དུ་གཏང་། །དེ་ནས་རྡོ་རྗེ་འཛིན་པ་དེས། །ཕྱི་ནང་གསང་བའི་བསྲུང་བ་ཡིས། །གནོད་ཅིང་འཚེ་བ་ཚར་གཅད་དེ། །བསོད་ནམས་ཚོགས་ཀྱིས་རང་རྒྱུད་སྦྱང་། །གཞན་ཕན་བྱང་ཆུབ་སེམས་ཀྱིས་བསྒྲུབ། །ཆོས་རྣམས་གནས་ལུགས་བཞིན་


DNG024_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྒོམ། །མ་མཐོང་བ་ལ་སྙིང་རྗེ་བསྐྱེད། །ངོ་བོ་སྐྱེད་རྒྱུ་ཧཱུྃ་དུ་སྒོམ། །དེ་ལས་གནོད་ཀྱི་གཞི་མོ་ལྔ། །ཡེ་ཤེས་འབྱུང་བ་ལྔ་རུ་བསམ། །སྟེང་དུ་རིན་ཆེན་རི་རབ་ཀྱི། །དབུས་སུ་དུར་ཁྲོད་གཞལ་མེད་ཁང་། །ཐོད་མཁར་ཨེ་ཏྲཾ་སུམ་ཅུ་པ། །གཟུགས་བརྙན་བཞིན་དུ་ཏིང་འཛིན་བསྐྱེད། །དབུས་སུ་ཉི་ཟླ་པདྨ་དང་། །རོ་བཞི་བསྣོལ་བའི་སྟེང་ཉིད་དུ། །རྡོ་རྗེ་འཆང་བའི་སྐུ་གསུང་ཐུགས། །ང་ཉིད་ཀུན་ལ་སྣང་བཞིན་བསམ། །ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ། །གཙོ་དང་གཉིས་མེད་སྦྱོར་བ་ལས། །ཐབས་དང་ཤེས་རབ་འོད་ཟེར་ལས། །ཨེ་དགུའི་རྣམ་པ་ས་བོན་ཚུལ། །འཕྲོ་འདུས་གྲི་གུག་ཁ་ཊྭཱཾ་གསལ། །དེ་ཉིད་གསལ་བའི་རྒྱུད་སྦྱངས་པས། །འདོད་ཁམས་དབང་ཕྱུག་གཙོ་བོ་ཆེ། །ལྷ་མོ་ཡུམ་དང་བཅས་པར་གྱུར། །སེང་གེ་གླང་ཆེན་ཞབས་ཀྱིས་གནོན། །ཞལ་གཅིག་ཕྱག་གཉིས་མཐིང་ནག་རྔམ། །ན་བཟའ་ལྗང་ནག་བཀླུབས་བེར་གསོལ། །གཙོ་ཆེན་གྲི་གུག་ཙིཏྟ་བསྣམས། །ཡུམ་གྱིས་ཁ་ཊྭཱཾ་ཐོད་ཁྲག་བཟུང་། །ཡབ་ཡུམ་གཉིས་མེད་ཐུགས་ཀ་ནས། །ཡ་མ། དུནྟི། རཀྵ། ཡཀྵ་ལས། ཕྱོགས་བཞིར་བདུད་དང་གཤིན་རྗེ་དང་། །སྲིན་པོ་གནོད་སྦྱིན་སྡེ་དཔོན་དང་། །ཡབ་ཡུམ་བཅས་པ་གསལ་བར་སྤྲོ། །གྲ་ཧེ་ནཱ་ག །སྟེང་འོག་ཏུ་ནི་བདུད་ཀླུ་གཟའི། །སྡེ་དཔོན་ཡབ་ཡུམ་སྤྲོ་ཞིང་བསྐྱེད། །དེ་བ། ཏྲི་ཛ། དུ་ཏྲི། གང་བཟང་ལྷ་དང་རྣམ་རྒྱལ་དང་། །སྤྱི་བདུད་སྡེ་དཔོན་ཤར་དུ་བསྐྱེད། །མ་མྃ། ཛ་ཏི། དྷ་ཀི་ལས། མ་ཆེན་སྲིད་པའི་རྒྱལ་མོ་དང་། །རལ་གཅིག་མ་དང་མགྱོགས་བྱེད་མ། །མོ་ཚོགས་སྡེ་དཔོན་ལྷོ་ཕྱོགས་སུའོ། །རུ་ཏྲ། ཨ་བྷི། ཧྃ་ཤྃ་ལས། ལྷ་སྦྱིན་བཙན་དམར་རིལ་བཙན་གྱི། །སྡེ་དཔོན་ནུབ་ཀྱི་ཕྱོགས་སུ་བསྐྱེད། །བི་ཏྲ། ཏི་ཐི། རྨུ་དུ་ལས། བགེགས་དང་མུ་སྟེགས་དམུ་བདུད་ཀྱི། །སྡེ་དཔོན་བྱང་གི་ཕྱོགས་སུ་བསྐྱེད། །ཏྲི་ཡྃ། ར་ཏྲི་ས་ཏྲི་ན་ཏྲི་ལས། སྲིད་པའི་སྲོག་གི་བདག་པོ་དང་། །གནོད་སྦྱིན་ཀླུ་ཚ་བདུད་རྒྱལ་པོ། །སྐུ་ལྷ་གསང་བ་རྡོ་རྗེ་ལེགས། །ནག་པོ་ཆེན་པོ་ཆོས་སྲུང་རྗེ། །ཤར་ལྷོ་ནུབ་བྱང་སྒོ་བཞིར་བསྐྱེད། །ཕྱི་རོལ་ཁྱམས་སུ་དྲེགས་པ་ཅན། །སོ་སོའི་གཡོག་འཁོར་མང་པོ་དག །བཀའ་ཉན་གསུང་སྡོད་ཚུལ་དུ་བསྐྱེད། །


DNG024_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་སྔགས་ཀྱིས་བསྟན་པར་བྱ། །དབང་པོའི་ཚུལ་དུ་གསལ་བ་དང་། །འཇིག་རྟེན་རང་རྒྱུད་སོ་སོ་ཡི། །གནས་ནས་འོད་ཀྱིས་བཀྱེ་བ་དང་། །གསང་བའི་སྙིང་པོས་མྱུར་དུ་བོད། །ཏིང་ངེ་འཛིན་གྱི་ཚུལ་འདྲ་བ། །རང་གི་གཟུགས་བརྙན་ལུས་ལ་བསྡིམ། །རང་རྒྱུད་པ་དང་གཟུགས་བརྙན་འདྲེས། །ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། སྐུ་གསུང་ཐུགས་ལྡན་བྱིན་བརླབ་ཅིང་། །རྡོ་རྗེ་འཆང་བས་དབང་བསྐུར་བྱ། །དུར་ཁྲོད་གནས་ཀྱི་སྒོ་བཞི་ནས། །བཀའ་ཉན་ལས་བྱེད་སྡེ་བརྒྱད་ཀྱིས། །ལུས་ངག་གུས་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་འདོད་ཡོན་ཚོགས། །འཚེ་ཞིང་གདུག་པའི་བསམ་པ་ཅན། །གཟུགས་ཅན་གཟུགས་མེད་བཅས་པ་ཡིས། །དྲེགས་པའི་ཚོགས་ལ་མཉེས་པར་དབུལ། །སྐུ་ཡི་ཆ་ལུགས་སོ་སོ་ཡི། །དོན་རྟགས་མཐུན་པའི་ཚིག་གིས་བསྟོད། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། །ཕྲིན་ལས་སྨོས་ཏེ་ཐུགས་དམ་སྐུལ། །རྡོ་རྗེ་འཛིན་པའི་སྐུ་གསུང་ཐུགས། །གསལ་བརྟན་ཚད་དང་ལྡན་པ་ཡིས། །ནམ་མཁའི་ཁམས་ཀུན་མཐས་ཁྱབ་ཀུན། །རང་གི་ཡུལ་གསུམ་གསལ་བར་དམིགས། །དྲེགས་པའི་སྡེ་དཔོན་རེ་རེའི་དྲུང་། །རྡུལ་སྙེད་འདུལ་བྱེད་གཉེན་པོ་གནས། །ཕལ་པ་རེ་རེའི་གནས་དྲུང་དུ། །སྡེ་དཔོན་ཆེན་པོ་དེ་བཞིན་བསམ། །བཀའ་ཉན་གསུང་སྡོད་གཡོ་མི་ནུས། །ཅུང་ཙམ་འདའ་བར་མི་སྤྱོད་ཅིང་། །རང་གི་འདོད་པ་མི་སྤོབས་ལ། །སྐད་ཅིག་ཙམ་ལ་དོན་སྒྲུབ་དམིགས། །དེ་ཉིད་ཀྱིས་ནི་གཙོ་ཆེན་གྱིས། །བསྙེན་ཅིང་བསྒྲུབ་པ་ཚད་རྟགས་ལྡན། །ཡོངས་སུ་རྫོགས་པར་གྱུར་ནས་ནི། །དྲེགས་པའི་སྡེ་དཔོན་ཚོགས་རྣམས་ཀྱི། །སོ་སོའི་གཟུགས་བརྙན་གསལ་བཏབ་སྟེ། །རང་གི་མིང་གི་སྙིང་པོ་དང་། །གཅོད་འཕྲོག་ཡི་གེ་སྤོས་ཏེ་བཟླས། །དུས་ཚད་གྲངས་དང་མཚན་མ་ཡིས། །ཚད་བཟུང་མ་ནོར་གྲུབ་པ་ ཡིས། །རྟགས་ལ་ཕབ་སྟེ་ལས་ལ་སྦྱར། །ང་ཉིད་རྗེས་སུ་སྒྲུབ་བྱེད་པས། །དྲེགས་པ་མྱུར་དུ་དབང་དུ་སྡུད། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་པའི་དེད་དཔོན་གྱི་ཚོགས་ཉེ་བར་སྒྲུབ་པའི་རྩ་བའི་ལས་ཀྱི་གཉེར་གཏད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རབ་ཏུ་


DNG024_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་བྱ་བ། །འདི་དག་ཀུན་ལ་ངས་བཤད་པའི། །སྡེ་དཔོན་ཆེན་པོ་རང་གནས་ནས། །བོད་དང་གཞུག་དང་མཉེས་པ་དང་། །བསྟོད་དང་ཐུགས་དམ་བསྐུལ་བ་དག །ཚིག་བརྗོད་འདི་ཡིས་བསྟན་པར་བྱ། །ཐུགས་རྗེ་རྣམ་དག་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཆོས་སྐུ་སྟོང་ཉིད་དབྱིངས་ལས་མ་གཡོས་ཀྱང་། །འཇིག་རྟེན་དྲེགས་པའི་ཚོགས་རྣམས་འདུལ་བའི་ཕྱིར། །ཁྲོ་ཆེན་དཔའ་གཏུམ་འཇིགས་བྱེད་སྐུར་བསྟན་པ། །ཐུགས་དམ་དགྱེས་བསྐུལ་གསང་བའི་ཡུམ་དང་བཅས། །མ་རྟོགས་ཤུགས་ཀྱིས་འདུལ་ཕྱིར་གཤེགས་སུ་གསོལ། །དྲེགས་པའི་དབང་ཕྱུག་འཇིག་རྟེན་ལྷ་ཡི་གཙོ། །འདོད་པའི་ལྷ་མོ་བདེ་ཆེན་འབྱུང་གནས་མ། །འཁོར་ཚོགས་དྲག་ཤུལ་མཐུ་སྟོབས་དཔུང་གི་བདག །ཁྲོ་གཏུམ་གདུག་པའི་རྩལ་འཆང་དཔལ་དང་ལྡན། །རྡོ་རྗེ་འཆང་གི་བཀའ་བཞིན་རྗེས་སུ་སྒྲུབ། །དམ་ཚིག་རྗེས་དགོངས་གནས་འདིར་གཤེགས་སུ་གསོལ། །བཛྲ་སརྦ་དུཥྚནྟ་ཨ་ཏན་ཡ་ཨེ་ཛ་བྷྱོ། ཨ་གཙྪ་ས་མ་ཡ་ཧྲིང་ཧྲིང་། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ལྷ་ཆེན་ཉི་ཟླ་པདྨའི་གདན་སྟེངས་སུ། །བཅོམ་ལྡན་ཁྲོ་རྒྱལ་རྔམ་བརྗིད་འབར་བའི་སྐུ། །ཡབ་ཡུམ་དགྱེས་པར་རོལ་ཅིང་བཞུགས་སུ་གསོལ། །སྣང་སྲིད་དྲེགས་པ་མ་ལུས་དེད་དཔོན་གཙོ། །འདོད་ཁམས་བདག་པོ་དགྱེས་མཛད་ཡུམ་དང་བཅས། །ལྷ་སྲིན་ཚོགས་ཀྱི་གཙོ་ཆེན་འཁོར་དང་བཅས། །ཕྲིན་ལས་མཐུན་པའི་གདན་ལ་བཞུགས་སུ་གསོལ། །བཛྲ་སརྦ་དུཥྚན་ཨ་ཏ་ན་ཡ་ཨ་ཛ་བྷྱོ། ས་མ་ཡ་སྡི་ཏ་བཛྲ་ཧཱུྃ་ཛཿ། དུས་གསུམ་སངས་རྒྱས་ཐུགས་ཀྱི་སྙིང་པོ་མཆོག །ཆོས་ཀྱི་སྐུ་ལས་གཟུགས་སྐུ་འགྲོ་དོན་སྤྲུལ། །ཆེ་བཙན་འགྲན་ཟླ་མེད་པ་ཁྲོ་བོའི་རྗེ། །དབང་སྡུད་ཡུམ་དང་བཅས་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་རྒྱལ་བ་མ་ལུས་སྲས་དང་བཅས། །དམ་བཅས་བསྟན་པའི་ཚུལ་བསྲུང་འཇིག་རྟེན་མགོན། །ཞིང་བཅུ་སྒྲོལ་མཛད་ཕྲིན་ལས་དྲག་ཤུལ་ཅན། །སྡེ་དཔོན་སུམ་ཅུའི་ཚོགས་ལ་ཕྱག་འཚལ་ལོ། །བཛྲ་སརྦ་དུཥྚན་ཨ་ཏ་ན་ཡ་ཨེ་ཛ་བྷྱོ། ན་མ་ཨཱ་ར་ལི་ཧོཿ། དཔལ་ཆེན་


DNG024_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་ཀུན་འདུལ་ཡབ་ཡུམ་ལ། །སྐུ་གསུང་ཐུགས་མཉེས་མཆོད་པ་འབུལ་བ་ནི། །གདུགས་དང་རྒྱལ་མཚན་བ་དན་བླ་རེ་དང་། །ཕྲེང་བ་ཕྱེ་མ་ལྡ་ལྡི་ཟ་ར་ཚགས། །བདུག་སྤོས་མེ་ཏོག་མར་མེ་ཆབ་བསིལ་དང་། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བྲོ་དང་། །རེག་འཇམ་འདོད་ཡོན་མ་ལུས་ཇི་སྙེད་པའི། །འཕགས་པའི་ཐུན་མོང་མཆོད་ཚོགས་བཞེས་སུ་གསོལ། །ཁྱད་པར་གསང་བའི་མཆོད་པ་འབུལ་བ་ནི། །དུས་གསུམ་གནས་སུ་སྦྱངས་པའི་ཤ་རུས་ཁྲག །དུག་ལྔ་སྨན་དུ་གྲུབ་པའི་དམ་ཚིག་རྫས། །སྟོབས་མཆོག་ནུས་པ་བ་ལིང་མཆོད་པ་དངོས། །ཐུགས་རྗེས་མཐུན་པའི་ངང་གིས་བཞེས་སུ་གསོལ། །དཔལ་ཆེན་ཡབ་ཡུམ་བཀའ་བཞིན་རྗེས་སྒྲུབ་པའི། །དབང་ཕྱུག་ཆེན་པོ་ཡབ་ཡུམ་མངའ་བདག་རྗེ། །འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན། །བཀའ་ཡི་བསྟན་སྲུང་སྡེ་དཔོན་སུམ་ཅུ་ལ། །འདོད་པའི་ཡོན་ཏན་མཆོད་ཅིང་སྦྱིན་པ་ནི། །དཀར་དམར་སེར་ལྗང་ལ་སོགས་མདོག །ཟླུམ་པོ་གྲུ་བཞི་ལ་སོགས་དབྱིབས། །ཆེ་ཆུང་སྦོམ་ཕྲ་རིང་ཐུང་ཚད། །མཛེས་དང་མི་མཛེས་སྡུག་མི་སྡུག །འབྱུང་བ་རྟེན་འདྲེལ་རོལ་མོའི་སྒྲ། །གླུ་ཚིག་བསྟོད་དབྱངས་སྙན་པའི་ཚིག །སྤོས་སྨན་བདུད་རྩི་མེ་ཏོག་དྲི། །བསྲེག་སུངས་བྃ་སུངས་དྲི་དང་ངད། །ཁ་མངར་ཚ་སྐྱུར་བསྐ་བ་དང་། །ལན་ཚྭ་སྤོད་དང་བྱེ་སྐྱུ་དང་། །འཇམ་རྩུབ་བསིལ་ཡང་ཚ་དང་བྲོ། །སོ་སོའི་ཡོན་ཏན་ཚོགས་དང་བཅས། །འདོད་དགུར་འབུལ་གྱིས་བཞེས་སུ་གསོལ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །དོན་སྙིང་ལྔ་དང་འབྱུང་བ་ལྔ། །དབང་པོ་ལྔ་དང་ཡུལ་ལྔ་དང་། །ཕུང་པོ་ལྔ་དང་ནང་གྲོལ་ལྔ། །འཚེ་ཞིང་གསོད་དང་བར་དུ་གཅོད། །གདུག་པར་སེམས་ཤིང་ལོག་པར་ལྟ། །མི་མཐུན་ཕྱོགས་ལྔར་བཅས་པ་རྣམས། །སོ་སོར་འབུལ་གྱིས་བཞེས་སུ་གསོལ། །བཛྲ་སརྦ་དུཥྚན་ཨ་ཏ་ན་ཡ་ཨེ་ཙ་ཛ་བྷྱོ། མ་ཧཱ་བ་ལིནྟ། ཨ་མྲྀ་ཏ། སུ་ཀ་ཏ། མཱྃ་ས། རཀྟ། བི་བ་ཏ། བཱ་སུ་ཏ། ལ་མ་ཏ། ཨི་དྃ་གྲྀཧྞནྟུ་ས་མ་དུ། ཁ་ཁ། ཁཱ་ཧི་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་དང་། །ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་


DNG024_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ཀྱི། །སྐུ་མདོག་འགྱུར་མེད་མེ་ལོང་གཟུགས་བརྙན་བཞིན། །གསལ་ཞིང་རྟོག་མེད་སྣང་བ་མ་འགགས་པ། །སྐུ་ལྔ་ལྷུན་གྲུབ་རྫོགས་པའི་དངོས་གྲུབ་གསོལ། །གསུང་མཆོག་འགག་མེད་བྲག་ཆ་སྒྲ་བརྙན་བཞིན། །སྙན་དང་མི་སྙན་གྲག་སྟོང་ཚངས་པའི་གསུང་། །གསུང་དབྱངས་ནམ་མཁའི་མཐས་ཁྱབ་དངོས་གྲུབ་གསོལ། །ཐུགས་མཆོག་སྤྲོས་བྲལ་བསམ་འདས་ཆོས་ཀྱི་དབྱིངས། །མི་རྟོག་བདེ་ཆེན་ཐབས་དང་ཤེས་རབ་དང་། །རྩོལ་མེད་མི་གཡོ་མཆོག་གི་དངོས་གྲུབ་གསོལ། །ཡོན་ཏན་བརྗོད་ཀྱིས་མི་ལང་སྣ་ཚོགས་ཡོད། །འདས་དང་མ་འདས་མཆོག་དང་ཐུན་མོང་གི། །གྲུབ་པ་བརྒྱད་དང་མཐར་ཐུག་དངོས་གྲུབ་གསོལ། །འཇིགས་པ་བརྒྱད་སོགས་ཞི་དང་འབྱོར་པ་རྒྱས། །ལོག་ལྟ་མོས་པའི་ཚུལ་གྱིས་དབང་དུ་སྡུད། །མངོན་སྤྱོད་དགྲ་བགེགས་འདུལ་བའི་དངོས་གྲུབ་གསོལ། །བཛྲ་སརྦ་དུཥྚན་ཨ་ཏ་ན་ཡ་ཨེ་ཛ་ཀཱ་ཡ་སིདྡྷི། བཱ་ཀ་སིདྡྷི། ཙིཏྟ་སིདྡྷི། གུ་ཎ་སིདྡྷི། ཀརྨྨ་སིདྡྷི། ཧཱུྃ་ཧཱུྃ་ཧཱུྃ། བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནི། །དབུ་དགུ་ཕྱག་ནི་བཅྭ་བརྒྱད་དེ། །སྐུ་མདོག་མཐིང་ནག་ཁྲོ་ཞིང་རྔམ། །གཡས་ཀྱི་ཞལ་གསུམ་སྨུག་ནག་བགྲད། །གཡོན་གྱི་ཞལ་གསུམ་ཁམ་ནག་གཙིགས། །དབུ་སྐྲ་རལ་པ་མེ་དཔུང་འབར། །སྤྱན་དགུ་སྡང་མིག་བཟློག་ཅིང་བགྲད། །ཤངས་ནས་སྲིད་པའི་རླུང་ནག་འཐོར། །སྙན་ནས་སྟོང་གསུམ་འབྲུག་སྒྲ་འདིར། །སྨ་ར་ཨག་ཚོམ་མེ་ལྟར་འབར། །མཆེ་གཙིགས་སྲིད་གསུམ་རྩ་བ་གཅོད། །ཕྱག་དགུ་གཡས་གཡོན་དང་པོ་ཡིས། །རྡོ་རྗེ་ཐོད་ཁྲག་དཀྲུག་ཅིང་གསོལ། །གཡས་ཀྱི་ཕྱག་བརྒྱད་འོག་མ་ན། །དྲེགས་པའི་ལྷ་བརྒྱད་བསྒྲལ་བ་ཡི། །གཡང་གཞི་མགོ་བོར་བཅས་ཏེ་བསྣམས། །གཡོན་གྱི་ཕྱག་བརྒྱད་འོག་མ་ན། །ཀླུ་ཆེན་བརྒྱད་ཀྱི་བྷན་དྷ་རུ། །དྲེགས་པའི་སྙིང་ཁྲག་བཀང་ནས་གསོལ། །དཔའ་བོའི་ཆས་བརྒྱད་སྐུ་ལ་རྫོགས། །ཞབས་བརྒྱད་བརྐྱང་བསྐུམ་དོར་སྟབས་ཀྱིས། །ཁམས་གསུམ་བདག་པོ་སྡེ་བཞི་མནན། །ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ། །ཞལ་


DNG024_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་མཐིང་ནག་སྐུ། །རྡོ་རྗེ་འཕྱར་ཞིང་ཐོད་ཁྲག་སྟོབས། །གཉིས་མེད་ཐུགས་ཀྱི་ཕྲིན་ལས་ཀྱིས། །འཇིག་རྟེན་དྲེགས་པ་བྲན་དུ་འཁོལ། །ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེད། །དགྲ་བགེགས་གདུག་པ་རྩད་ནས་གཅོད། །ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་བསྟོད། །དཔལ་གྱི་བཀའ་བཞིན་ལས་མཛད་པའི། །ལྷ་ཆེན་དབང་ཕྱུག་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཕྱག་གཡས་གྲི་གུག་ཙིཏྟ་གཡོན། །ལྷ་མོ་ཨུ་མ་དེ་བ་ནི། །སྐུ་མདོག་མཐིང་ནག་གཙོ་ལ་འདུད། །ཕྱག་གཡས་རྩེ་གསུམ་ཐོད་ཁྲག་གཡོན། །སེང་གེ་གླང་ཆེན་གདན་ལ་བཞུགས། །སྡེ་དཔོན་དྲེགས་པ་ཀུན་གྱི་གཙོ། །ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད། །བདུད་ཀྱི་རྒྱལ་པོའི་སྡེ་དཔོན་ནི། །ཁྲམ་ཤིང་གཡས་ལ་དགྲ་སྟྭ་གཡོན། །བདུད་རྟ་ནག་པོའི་ཁྲི་ལ་བཞུགས། །སྦྱོར་ཡུམ་བདུད་མོ་རེ་མ་ཏི། །ཁྲམ་བམ་གཡས་ལ་ནད་རྐྱལ་གཡོན། །བོང་བུ་གྭ་དམར་གདན་ལ་བཞུགས། །གཤིན་རྗེའི་སྡེ་དཔོན་ཆེན་པོ་ནི། །བེ་ཅོན་གཡས་ལ་ཐོད་དབྱུག་གཡོན། །སྦྱོར་ཡུམ་གཤིན་རྗེ་ཟ་བྱེད་མོ། །ཕྱག་གཉིས་སྲིད་པའི་འཁོར་ལོ་བསྐོར། །ཡབ་ཡུམ་མ་ཧེ་ཆུ་གླང་གནོན། །སྲིན་པོའི་སྡེ་དཔོན་གློག་ཕྲེང་ཅན། །ཕྱག་གཉིས་ཐོག་སེར་འདྲིལ་ཞིང་འཕེན། །སྲིན་མོ་སྦལ་མགོ་ཁྲག་མིག་མ། །ཕྱག་གཡས་ཕུར་པ་ཁྲག་ཕོར་གཡོན། །ཡབ་ཡུམ་འབྲུག་དང་རྔ་མོ་གནོན། །གནོད་སྦྱིན་སྡེ་དཔོན་མེ་དབལ་ནི། །ཕྱག་གཡས་རིན་ཆེན་གཡོན་རལ་གྲི། །སྦྱོར་ཡུམ་གནོད་སྦྱིན་ནག་མོ་ནི། །ཕྱག་གཡས་སྤུ་གྲི་གཡོན་སྤྱང་མོ། །སྟག་སེང་ཕག་མོ་ཞབས་ཀྱིས་མནན། །གཟའ་བདུད་དེད་དཔོན་ཆེན་པོ་ནི། །ཕྱག་གཡས་མདའ་གཞུ་གཡོན་སྦྲུལ་ཞགས། །སྐུ་སྨད་སྦྲུལ་འཁྲིལ་འབྲུག་ཆེན་གནོན། །སྦྱོར་ཡུམ་ཐོག་གི་བུ་ཡུག་ཅན། །གཡས་གཡོན་ཕྱག་གིས་ཐོག་སེར་འབེབས། །ཀླུ་རྒྱལ་དེད་དཔོན་ཆེན་པོ་ནི། །ཕྱག་གཡས་སྦྲུལ་ཞགས་གཡོན་ནད་རྐྱལ། །སྦྱོར་ཡུམ་ཀླུ་མོ་ནག་མོ་ནི། །སྦྲུལ་མགོ་ཕྱག་མཚན་ཡབ་ཀྱི་ཚུལ། །ཡབ་ཡུམ་ཆུ་སྲིན་རུས་སྦལ་གནོན། །ཕྱོགས་བཞི་སྟེང་འོག་གནས་བཞུགས་པའི། །


DNG024_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པའི་དེད་དཔོན་འདི་དག་ནི། །ཀུན་ཀྱང་སྐུ་མདོག་མཐིང་ནག་ལ། །ཁྲོས་པའི་ཆ་བྱད་འཇིགས་ཚུལ་ཅན། །དུར་ཁྲོད་གཡང་གཞིའི་ཆས་ཀྱིས་བརྒྱན། །རང་གི་ཚོགས་འདུས་ཕྲིན་ལས་མཛད། །ཡབ་ཡུམ་བཅས་ལ་ཕྱག་འཚལ་བསྟོད། །གནོད་སྦྱིན་ལྷ་ཡི་རྒྱལ་པོ་ནི། །ཤེལ་གྲི་བ་དན་དཀར་པོ་འཛིན། །རྒོད་དཀར་རུ་བཟངས་ཞབས་ཀྱིས་མནན། །གནམ་རྒྱལ་ཆེན་པོ་དེད་དཔོན་ནི། །ཕྱག་གཡས་ལྡན་དཀར་གཡོན་ཤེལ་གྲི། །རྟ་དཀར་རྔོག་དམར་ཞབས་ཀྱིས་མནན། །སྤྱི་བདུད་རྒྱལ་པོ་གུ་རུམ་རྩེ། །ཕྱག་གཡས་བ་དན་གཡོན་ཤེལ་གྲི། །ཞབས་གཉིས་རྡོ་རྟ་གྲོ་བོ་གནོན། །དཀར་པོའི་དེད་དཔོན་ཆེན་པོ་གསུམ། །ཤར་ཕྱོགས་གནས་ལ་ཕྱག་འཚལ་བསྟོད། །སྲིད་པའི་མ་མོ་དེད་དཔོན་མོ། །འཁོར་ལོ་གཡས་ལ་མེ་ལོང་གཡོན། །ཞབས་གཉིས་འབྲུག་མོ་མགོ་དགུ་གནོན། །སྔགས་ཀྱི་སྲུང་མ་ཆེན་མོ་ནི། །ཙིཏྟ་གཡས་ལ་སྤྱང་མོ་གཡོན། །དྲེ་རྟ་ནག་མོ་ཞབས་ཀྱིས་གནོན། །མཁའ་འགྲོ་ནག་མོ་མགྱོགས་བྱེད་མ། །རྒྱུ་ཞགས་གཡས་ལ་མཚོན་གྲུག་གཡོན། །སོ་བྱ་ནག་མོ་ཞབས་ཀྱིས་གནོན། །ནག་མོའི་དེད་དཔོན་མ་མོ་གསུམ། །ལྷོ་ཕྱོགས་གནས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་བདུད་འདུལ་ནག་པོ་ནི། །གཡས་གཡོན་ཕྱག་གིས་ཐུན་ཁྲག་འཕེན། །བྲག་བཙན་སྲོག་ཟན་དམར་པོ་ནི། །མདའ་གཞུ་འཕེན་ཞིང་དར་དམར་འཕྱར། །ཆེ་བཙན་འགོང་རྒྱལ་ཆེན་པོ་ནི། །ཤང་ལང་དང་ནི་ཞགས་པ་འཛིན། །དམར་པོའི་དེད་དཔོན་རྒྱལ་པོ་གསུམ། །ཀུན་ཀྱང་རྟ་དམར་ཞབས་ཀྱིས་གནོན། །ནུབ་ཕྱོགས་སྐྱོང་ལ་ཕྱག་འཚལ་བསྟོད། །བི་ནཱ་ཡ་ཀ་བགེགས་ཀྱི་རྒྱལ། །ཕྱག་གཡས་ཁ་ཊྭཱཾ་གཡོན་ཐོད་ཁྲག །ཕྱི་རོལ་སྐྱོང་བའི་མུ་སྟེགས་གཙོ། །ཏྲི་ཤཱུལ་གཡས་ལ་ཐོད་ཁྲག་གཡོན། །དམུ་བདུད་ཆེན་པོ་ཕྲག་མེད་ནི། །མདའ་གཞུ་དང་ནི་ཤང་ལང་འཛིན། །ནག་པོའི་ཚོགས་ཀྱི་དེད་དཔོན་གསུམ། །བདུད་རྟ་ནག་པོ་ཞབས་ཀྱིས་གནོན། །བྱང་ཕྱོགས་གནས་ལ་ཕྱག་འཚལ་བསྟོད། །ཚངས་པའི་རྒྱལ་པོ་སྲོག་གི་


DNG024_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བདག །སྤུ་གྲི་གཡས་ལ་ཉི་ཞགས་གཡོན། །སེང་གེ་དཀར་པོ་ཞབས་ཀྱིས་གནོན། །བདུད་ཀྱི་རྒྱལ་པོ་ནོར་གྱི་བདག །བདུད་ཞགས་གཡས་ལ་སྤུ་གྲི་གཡོན། །བན་གླང་སྣ་རིངས་ཞབས་ཀྱིས་གནོན། །སྐུ་ལྷའི་རྒྱལ་པོ་ཡུལ་གྱི་བདག །ཕྱག་གཡས་རྡོ་རྗེ་གཡོན་བ་དན། །ར་དཀར་གནམ་རུ་ཞབས་ཀྱིས་གནོན། །ནག་པོ་ཆེན་པོ་ཚོགས་ཀྱི་བདག །ཕྱག་གཡས་བེ་ཅོན་གཡོན་ཐོད་ཁྲག །རྟ་ནག་མགྱོགས་པ་ཞབས་ཀྱིས་གནོན། །ཕྱོགས་ཀྱི་སྡེ་དཔོན་ཆེན་པོ་བཞི། །སྐུ་མདོག་དཀར་སེར་དམར་ནག་མཛེས། །སྒོ་བཞིར་གནས་ལ་ཕྱག་འཚལ་བསྟོད། །སྡེ་དཔོན་དྲེགས་པ་འདི་དག་ནི། །ཁྲོ་ཞིང་གཏུམ་པའི་ཚུལ་འཆང་ཞིང་། །ན་བཟའ་གཡང་གཞི་འཇིགས་པའི་ཆས། །སྣ་ཚོགས་མཛེས་པའི་རྒྱན་དང་ལྡན། །རང་གི་འཁོར་གཡོག་ཚོགས་ཀྱིས་བསྐོར། །སྤྲུལ་པའི་ཆོ་འཕྲུལ་བསམ་མི་ཁྱབ། །མཆོད་བསྟོད་ཆེན་པོས་ཁྱེད་བསྒྲུབས་ན། །སོ་སོའི་ཚོགས་འདུལ་ཕྲིན་ལས་མཛོད། །ཞེས་བརྗོད་ཏིང་འཛིན་ལྡན་པ་ཡིས། །དྲེགས་པའི་དེད་དཔོན་མཆོད་ཅིང་བསྟོད། །འདི་ལྟར་སྤྱོད་པའི་རྣལ་འབྱོར་གྱིས། །འཇིག་རྟེན་གཙོ་བདག་གཞུང་བཞིན་བསྒྲུབ། །རྡོ་རྗེ་འཛིན་དང་གཉིས་སུ་མེད། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་དེད་དཔོན་ཉེ་བར་བསྒྲུབ་པ་རྡོ་རྗེའི་དམ་ཚིག་མཆོད་བསྟོད་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བ། །འཇིག་རྟེན་དྲེགས་པ་དབང་སྡུད་ཅིང་། །ཚར་གཅད་ལས་ལ་སྐོལ་བའི་ཕྱིར། །བྱིན་བརླབས་གནས་པའི་དབང་བསྐུར་བཤད། །གསང་ཞིང་དབེན་པའི་གནས་དག་ཏུ། །སྔར་བཤད་ལས་ཀྱི་ཕོ་བྲང་བཤམ། །ཡོ་བྱད་རྫས་ཀྱི་ཁྱད་པར་འཕགས། །མ་ལུས་པར་ནི་གཟུང་བར་བྱ། །རྡོ་རྗེ་འཆང་བ་རྗེས་འབྲང་བཅས། །མཚན་ཉིད་ལྡན་པ་མངོན་སུམ་སྦྱར། །དུས་ཀྱི་གྲངས་དང་མཚན་མའི་རྟགས། །བསྙེན་པའི་ལུང་བཞིན་བརྩོན་པར་འབད། །གཟུགས་བརྙན་བདག་པོ་སློབ་མ་རྣམས། །ཁྱད་པར་གནས་པའི་སྟ་གོན་བྱ། །བྲིས་དང་རྐོས་པ་ལ་སོགས་པའི། །སྡེ་དཔོན་རྣམས་ཀྱི་གཟུགས་བརྙན་དང་། །ཕུར་པ་གྲངས་དང་མཉམ་པར་དགྲམ། །གཞན་ཡང་བུམ་


DNG024_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོད་གཏོར་དང་། །དུག་གཏོར་ཐུན་གཏོར་ཐུན་རྫས་དང་། །ཤ་ཁྲག་བཤོས་ཆང་བཟའ་བཏུང་སོགས། །རྒྱལ་མཚན་བ་དན་མདའ་དང་གཞུ། །དཔའ་བའི་ཆས་དང་རོལ་མོའི་སྒྲ། །རབ་ཏུ་བརྡར་ཞིང་མཛེས་པར་བཤམ། །རྡོ་རྗེ་འཛིན་པས་ཏིང་འཛིན་གསལ། །ལས་ཀྱི་རྒྱལ་པོས་མཆོད་བསྟོད་བྱ། །རྒྱུ་དང་མདངས་ཀྱིས་ཐུགས་དམ་བསྐང་། །བཤགས་དྲལ་གཅུགས་སྦྱང་དབབ་པ་བྱ། །མོས་ཤིང་སྤྲོས་བདག་དང་བ་ཡིས། །བདུད་འདུལ་གཙོ་ལ་སྐྱབས་སུ་འགྲོ། །བསྟན་པ་བསྲུང་བར་སེམས་བསྐྱེད་དེ། །བླ་མ་སངས་རྒྱས་རྡོ་རྗེ་འཛིན། །ཧེ་རུ་ཀ་དང་གཉིས་མེད་ལ། །གདུག་བྱེད་ལོག་ལྟ་འདུལ་ནུས་པའི། །མཐུ་དབང་ཆེན་པོའི་གཞུང་འཚལ་གྱིས། །བརྩེ་བའི་ཐུགས་ཀྱིས་དགོངས་ནས་ནི། །དཀྱིལ་འཁོར་དམ་པར་གཞུག་ཏུ་གསོལ། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །གནས་པའི་བསྟན་པ་བསྲུང་བའི་ཕྱིར། །སྤྲོ་བས་འཇུག་པ་ཁྱོད་ལགས་ཀྱིས། །མངོན་སྤྱོད་བརྟུལ་ཞུགས་དམ་པ་ཡིས། །དམ་ཚིག་ཆེན་པོའི་སར་འདུག་ཤོག །མགོན་པོ་ཧེ་རུ་ཀ་དཔལ་རྗེ། །འདུལ་བའི་འཁོར་ཚོགས་བཅས་པ་ཡི། །དྲག་ཤུལ་སྤྱོད་པའི་ཕོ་བྲང་དུ། །མཛེས་པའི་མེ་ཏོག་བདག་དབུལ་གྱིས། །རྡོ་རྗེ་དམ་ཚིག་འདི་བཞེས་ལ། །དྲེགས་པ་འདུལ་ནུས་དངོས་གྲུབ་གསོལ། །པྲ་ཏི་གྲྀཧྞ་པུཥྤ་ཧཱུྃ། དཔལ་ལྡན་རྡོ་རྗེ་འཆང་བ་ཡི། ། རྗེས་འཇུག་རིགས་ཀྱི་བུ་ཁྱོད་ནི། །ཐོག་མ་མེད་ནས་ད་ལྟའི་བར། །བསྟན་པ་བསྲུང་བའི་སྐལ་ལྡན་ཏེ། །སྡེ་དཔོན་དབང་ཆེན་དཀྱིལ་འཁོར་འདིར། །བསྟན་ལ་རབ་དགའི་སེམས་ཀྱིས་ལྟོས། །བཛྲ་ཡ་ས་མ་ཡ་མ་དྷ་ལ་ཙག་ཤུ་བྲ་བེ་ཤ་ཡ་ཕཊ། རྡོ་རྗེ་བདུད་རྩི་དམ་ཚིག་ཆུ། །འདི་ལས་དུས་གསུམ་འདའ་མི་བྱ། །གྲུབ་པའི་འབྲས་བུ་གཉིས་ཡིན་ཏེ། །ཚུལ་བཞིན་མི་འདའ་བྲོས་དོར་ཅིག །མ་ཧཱ་ས་མ་ཡ་ཨི་དནྟི་ནཱ་ར་ཀཱན་ཥཱ་བ་མི་ལྃ། རྡོ་རྗེ་འཛིན་པ་བཀའ་དྲིན་ཆེ། །ཐུགས་རྗེས་རྟག་ཏུ་བྱིན་བརླབ་ཕྱིར། །འདི་ནས་རྫོགས་སངས་རྒྱས་ཀྱི་བར། །མཐུ་སྟོབས་དངོས་གྲུབ་སྩལ་དུ་གསོལ། །བཛྲ་ས་མ་ཡ་ཙིཏྟ་སིདྡྷི་སིདྡྷི་ཧཱུྃ། ཐོག་མའི་སངས་རྒྱས་སྲས་བཅས་ཀྱི། །རྗེས་སུ་བསྒྲུབ་པ་བདག་


DNG024_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱིས། །འཇིག་རྟེན་འདས་དང་མ་འདས་པའི། །ལྷ་དང་དྲེགས་པ་མཐུ་སྟོབས་ཅན། །གཙོ་དང་འཁོར་དུ་བཅས་རྣམས་ཀྱིས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དགོངས། །རྡོ་རྗེ་སློབ་མ་རིག་འཛིན་ལ། །དབང་བསྐུར་དངོས་གྲུབ་རྩོལ་མཛད་པ། །ནུས་ཆེན་རྟགས་མཚན་བསྟན་དུ་གསོལ། །རྡོ་རྗེ་འཛིན་པ་དཔལ་ལྡན་གྱིས། །ཁྲི་སྟན་ཆེན་པོའི་སྟེང་འདུག་ལ། །སྣོད་ལྡན་སློབ་མ་མདུན་བཞག་སྟེ། །དཀྱིལ་འཁོར་གནས་པའི་བུམ་པ་ཡིས། །སྐུ་གསུང་ཐུགས་སུ་དབང་བསྐུར་བྱ། །གཉེན་པོ་གཙོ་དང་གདུལ་བྱའི་ཡུལ། །དྲེགས་ཆེན་ཡབ་ཡུམ་འཁོར་བཅས་ཀྱི། །མཛེས་པའི་སྐུ་གཟུགས་སྐུ་ཡི་དབང་། །སོ་སོའི་ཚིག་བསྟོད་སྙིང་པོ་དང་། །སྨོན་ལམ་བཅས་པ་གསུང་གིའོ། །རང་རྒྱུད་གནས་དག་དོན་རྟགས་ཀྱིས། །ཆོས་སྐུར་དབང་བསྐུར་ཐུགས་ཀྱིའོ། །རིགས་སྦྱངས་སྟོབས་ལ་ངང་གིས་གསལ། །ཕུར་པ་དྲག་ཤུལ་རྫས་ཀྱི་དབང་། །མཆོད་གཏོར་བཤོས་ཆ་སྐུ་གསུང་ཐུགས། །མ་ལུས་མཉེས་པར་བྱེད་པས་ཏེ། །ཡོ་བྱད་ཚོགས་ཀྱི་ལོངས་སྤྱོད་སྤེལ། །རྒྱལ་མཚན་བ་དན་སྒྲ་དང་བཅས། །དུས་རྣམས་ཀུན་དུ་མངའ་ཐང་རྒྱས། །ཤ་ཁྲག་དུག་གཏོར་ཐུན་རྫས་རྣམས། །དྲེགས་པའི་དེད་དཔོན་དབང་སྡུད་ཅིང་། །ཕོ་ཉ་ཕྲིན་ལས་བསྐུལ་མཛད་དེ། །མངོན་སྤྱོད་གདུག་པ་ཚར་གཅད་དབང་། །འདི་དག་ཀྱང་ནི་གཟུགས་བརྙན་སྒྲ། །དོན་ངོ་ཤེས་པས་དབང་བསྐུར་ཏེ། །ཆོས་ཀུན་སྤྱི་དང་དྲེགས་པ་ཡི། །སྡེ་དཔོན་སོ་སོའི་དམ་ཚིག་རྩལ། །ཐུགས་རྗེ་དང་ནི་རྟོགས་པ་ཡིས། །རང་བཞིན་དོན་གྱིས་སྒྲོལ་བྱེད་པའི། །དཔག་མེད་དོན་ཆེན་འདིར་འདུས་ཏེ། །ཐ་དད་མི་གནས་ཅིག་ཡིན་ནོ། །གཟུང་དང་འཛིན་པའི་བདག་ཉིད་ཀྱིས། །ཕྱི་ནང་འཁོར་བཅས་སོ་སོར་སྣང་། །མ་ལུས་དབང་བསྡུ་ཟིལ་མནན་ཕྱིར། །སོ་སོའི་སྙིང་པོ་ཚད་ཀྱིས་བསྡིམ། །ང་རྒྱལ་བརྟན་པོ་མདུན་དུ་སྐྱེས། །དོན་སྙིང་ཤ་རུས་ཁྲག་སོགས་བཟའ། །དུག་གསུམ་ཚར་གཅད་དབྱིངས་ནས་དབྱུང་། །གཟུགས་བརྙན་བསྡིམས་ལ་རབ་ཏུ་གསལ། །དབང་བསྡུ་ལས་བཅོལ་འདུལ་བའི་ཕྱིར། །ཞབས་འོག་མནན་ཏེ་བྲན་བཞིན་བསྒོ། །དམ་ཚིག་རྫས་མཆོད་སྔར་བཞིན་གསོ། །དམ་ཚིག་དབབ་


DNG024_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བསྟོད་སྐུལ་བཅོལ། །འཇིག་རྟེན་ལྷ་སྲིན་ཁྱེད་རྣམས་ཀྱང་། །ང་དང་སངས་རྒྱས་ཐམས་ཅད་ཀྱིས། །ཞལ་མཐོང་ལུང་བསྟན་མཆོག་སྩལ་བ། །སྲིད་པའི་ས་བོན་ཕྲ་མོ་ཡིས། །ད་རུང་འཇིག་རྟེན་ལས་ལ་སྤྱོད། །རང་རྒྱུད་རྩུབ་མོས་ཕན་གནོད་སྦྱོར། །ད་ནི་བཀའ་ཡི་དམ་ཚིག་བཟུང་། །མ་འོངས་དུས་ན་བསྒྲུབ་བྱ་དང་། །སྒྲུབ་པར་བྱེད་པ་དེ་དག་དང་། །མཉམ་པར་ཀུན་ལ་དབང་སྒྱུར་ཏེ། །ཆོས་ཉིད་རིག་པའི་རྒྱལ་པོ་རྫོགས། །ཐེག་མཆོག་མ་འདྲེས་ཅིར་ཡང་སྟོན། །མ་ལུས་མྱུར་དུ་རྫོགས་བྱའི་ཕྱིར། །རྒྱལ་ཚབ་སྤྱི་བོར་བཞག་གནས་པ། །ཀུན་དུ་བཟང་པོ་ཉིད་ཐོབ་འགྱུར། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་ཉེ་བར་བསྒྲུབ་པའི་རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བ། །དྲེགས་པའི་འཁོར་ཚོགས་མཉེས་བྱའི་ཕྱིར། །མཐུན་རྫས་གཟུགས་ཀྱིས་བསྐང་བ་ནི། །རི་བོའི་རྩེ་འམ་ཆུ་བོའི་མདོ། །འཇིག་རྟེན་དབང་ཕྱུག་འདུ་གནས་སུ། །སྐལ་མེད་ཡུལ་ལ་མཆོད་སྦྱིན་གནས། །ཐོད་མཁར་རེའུ་མིག་དགུ་སོགས་སམ། །ཡང་ན་གླིང་བཞི་རི་རབ་བརྩིག །འབྲུ་དང་ཤ་ཁྲག་སྣ་ཚོགས་པ། །རིན་ཆེན་སྤོས་སྨན་མེ་ཏོག་སྩལ། །དྲེགས་པ་བདག་པོ་སོ་སོ་ཡི། །གཟུགས་བརྙན་རང་གི་འཁོར་དང་བཅས། །སྐུ་མདོག་ཕྱག་མཚན་ཡོངས་རྫོགས་ཤིང་། །རང་གི་གདན་ཁྲི་བཞོན་པར་བཅིབས། །རི་རབ་ཐོད་མཁར་ཡང་སྟེངས་སུ། །ལྷ་ཆེན་ཡབ་ཡུམ་འཁོར་བཅས་བཞུགས། །བང་རིམ་རེའུ་མིག་དང་པོ་གསུམ། །བདུད་དང་གཤིན་རྗེ་སྲིན་པོ་དང་། །གནོད་སྦྱིན་གཟའ་དང་ཀླུ་རྣམས་ཀྱི། །སྡེ་དཔོན་ཡབ་ཡུམ་འཁོར་བཅས་དགོད། །གཉིས་པོ་ལ་ནི་དཀར་པོ་དང་། །ནག་པོ་དམར་པོ་ནག་པོའོ། །སྡེ་དཔོན་བཅུ་གཉིས་གནས་སུ་བྱ། །གསུམ་པའི་ཕྱོགས་བཞིར་སྒོ་སྲུང་བཞི། །འཁོར་བཅས་རང་གི་གནས་སུ་དགོད། །ཐ་མ་གསུམ་མམ་བཞི་པ་ལ། །ཕྱི་ནང་གསང་བ་སྦས་པ་ལ། །གསང་བའི་གཏེར་དང་དྲག་པོ་སྔགས། །ལས་བྱེད་བཏགས་ཆགས་ལྷ་མ་སྲིན། །སྡེ་བརྒྱད་གཟུགས་བརྙན་གནས་སུ་དགོད། །གཙོ་ཆེན་


DNG024_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུའི་མཐུན་རྫས་ནི། །རང་གི་གདན་ནམ་བཞོན་པ་ཡི། །སྲོག་ཆགས་གཟུགས་ནི་ལྔ་འམ་བཅུ། །བརྒྱ་འམ་སྟོང་ངམ་གྲུབ་ཚད་བྱ། །སྐྱེས་པ་བུད་མེད་གླང་ཆེན་རྟ། །བན་གླང་ར་ལུག་བྱ་ར་ཁྱི། །ལོངས་སྤྱོད་སྐོང་རྫས་སྔར་བཞིན་ནོ། །སྡེ་བརྒྱད་ཕལ་པ་ཀུན་ལ་ནི། །ཤེས་ལྡན་མི་དང་བྱོལ་སོང་སྟེ། །འདབ་ཆགས་གཅན་གཟན་རི་དྭགས་དང་། །ས་ཆུར་གནས་དང་དུད་འགྲོ་ཚོགས། །མཐོང་ཐོས་དྲན་པ་རྣམས་ཀྱི་གཟུགས། །ཇི་ལྟར་ནུས་པའི་གྲངས་ཀྱིས་བསྐོར། །འདི་དག་བསྐང་བའི་ཡོ་བྱད་ནི། །འགྲོ་བའི་གླུད་དུ་འབུལ་བ་ནི། །རིན་ཆེན་ངར་མི་རྒྱན་ལྡན་དང་། །ནམ་མཁའ་སེམས་ཀྱི་གཟུགས་བརྙན་དང་། །སྐུ་གསུང་ཐུགས་ལྡན་རྒྱང་བུ་དང་། །ཤིང་གླུད་ཡུལ་མཁར་མཚོན་པ་དང་། །སྐྱེས་པ་བུད་མེད་ཆ་བྱད་དང་། །རྒྱལ་མཚན་བ་དན་རུ་མཚོན་རྣམས། །དྲེགས་པ་སོ་སོའི་སྐུ་མདོག་དང་། །མཐུན་པ་གྲངས་མཉམ་གནས་སུ་དགོད། །མཆོད་གཏོར་བཤོས་ཆ་མར་མེ་དང་། །གླིང་ཚད་ཆུང་ངུ་དེ་བཞིན་ནོ། །བཟློག་བསད་དྲག་པོ་ཟོར་གྱི་རྫས། །སྦྱིན་པའི་ས་ལ་ཟོར་ཕོར་དུ། །གྲུ་གསུམ་མཉམ་བྱས་དུག་ཁྲག་དང་། །ཐུན་རྫས་སྣ་ཚོགས་སྩལ་བ་དང་། །གདུག་པའི་ཤིང་གི་རྩང་ཕུར་དང་། །བྷན་དྷ་དུག་ཐུན་གཏོར་མར་བཅས། །བཞི་བརྒྱད་བཅུ་དྲུག་སུམ་ཅུ་གཉིས། །ཅི་རིགས་སྦྱར་ཏེ་མཛེས་པར་དགོད། །སྟེང་དུ་ཞིང་ལྤགས་གཡང་གཞི་འམ། །དར་ནག་ཚོན་སྐུད་གདུགས་ཀྱིས་དབུབ། །ཐ་མར་རས་བཟང་ཡོལ་བས་དྲེ། །དེ་ནས་རྡོ་རྗེ་འཛིན་པ་ཡིས། །གཙོ་ཆེན་བསྐྱེད་ཅིང་རྫོགས་པ་དང་། །དྲེགས་པ་མཆོད་བསྟོད་མཉེས་བྱས་ནས། །གཟུགས་བརྙན་མཐུན་རྫས་སྔོ་བ་ནི། །རྣལ་འབྱོར་ཏིང་འཛིན་ང་རྒྱལ་བསར། །བདུད་རྩི་མཆོད་སྐྱེམས་རཀྟ་སྦྲེང་། །ཤ་ཆེན་སྤོས་ཀྱི་དྲི་བསུང་འབུལ། །རྔ་ཆེན་གླིང་བུ་རོལ་མོ་སྒྲ་ཆེན་བསྒྲགས། །མདའ་ཆེན་བ་དན་ནག་པོས་གཡབ། །ཧཱུཾ་ང་ནི་དཔལ་ཆེན་ཧེ་རུ་ཀ །གདུལ་དཀའ་མ་ལུས་འདུལ་བར་བྱེད། །འཇིག་རྟེན་དྲེགས་པ་ཟས་སུ་ཟ། །ཁམས་གསུམ་སྲིད་གསུམ་ང་ཡི་དབང་། །སྣང་སྲིད་འཁོར་འདས་ང་ཡི་བྲན། །ང་ཡི་བཀའ་བཞིན་འདིར་འདུས་ཤིག །ཉོན་མོངས་


DNG024_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་དྲེགས་པ་ཡི། །ལྷ་བདུད་གཤིན་རྗེ་སྲིན་པོ་དང་། །གནོད་སྦྱིན་གཟའ་ཀླུ་རྒྱལ་པོ་དང་། །གིང་དང་མ་མོ་ལྷ་བཙན་དང་། །རང་གི་སྡེ་དང་གཡོག་ཏུ་བཅས། །དམ་ཚིག་དབང་གིས་གནས་འདིར་བཞུགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་སྐོངས། །རི་རབ་ཆེན་པོའི་ཡང་སྟེངས་ནས། །ལྷ་ཆེན་དབང་ཕྱུག་ཆེན་པོ་བཞེངས། །བཙུན་མོ་ཨུ་མ་དེ་བ་བཞེངས། །ན་བཟའ་དར་ནག་བེར་ཆེན་གསོལ། །ཆིབས་སུ་སེང་གེ་གླང་ཆེན་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །གཡས་ན་ཕོ་རྒྱུད་ཕོ་ཉར་འགྱེད། །གཡོན་ན་ཕོ་རྒྱུད་ལས་ལ་འཁོལ། །འཁོར་དུ་འཇིག་རྟེན་དྲེགས་པས་བསྐོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རྩལ་གྱི་རྒྱལ་པོ་སེང་གེ་དང་། །སྟོབས་ཀྱི་རྒྱལ་པོ་གླང་ཆེན་དང་། །ཤེས་ལྡན་མི་དང་ཅང་ཤེས་རྟ། །ཐེག་ཆེན་གླང་དང་འདོད་འཇོའི་བ། །རིན་ཆེན་ལུག་དང་གཙང་ལྡན་དང་། །ཐོས་གསང་ཁྱི་དང་མཁའ་ལྡིང་བྱ། །ཁྱེད་ཀྱིས་བཞེས་པའི་དཀོར་དུ་འབུལ། །རིན་ཆེན་རྒྱན་ལྡན་ངར་མི་དང་། །སེམས་ཀྱི་གཟུགས་བརྙན་ནམ་མཁའ་དང་། །སྐུ་གསུང་ཐུགས་ལྡན་རྒྱང་བུ་དང་། །ཤིང་རིས་ཡུལ་མཁར་མཚོན་པ་དང་། །ཕོ་གླུད་མདའ་དང་མོ་གླུད་འཕང་། །རྒྱལ་མཚན་བ་དན་རུ་མཚོན་རྣམས། །ཉིད་ཀྱི་སྐུ་མདོག་དང་མཐུན་པའི། །རྣལ་འབྱོར་རྣམས་ཀྱི་གླུད་དུ་འབུལ། །དམ་རྫས་སྦྱར་བའི་མཆོད་གཏོར་དང་། །མཐུན་རྫས་ལྡན་པའི་བཤོས་ཆ་དང་། །སྣང་གསལ་འོད་ལྡན་མར་མེ་དང་། །རྒྱན་ལྡན་མཛེས་པའི་གླིང་ཚད་དང་། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་བདའ་བའི་རོ། །ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ། །ལྷ་ཆེན་ཡབ་ཡུམ་འཁོར་དང་བཅས། །སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ། །མདོས་གླུད་མཐུན་རྫས་བཞེད་པའི་དཀོར། །སྣ་ཚོགས་སྦྱར་བ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ། །སྒྲུབ་པ་པོ་ལ་བར་གཅོད་པའི། །སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་རྣམས། །བཞི་བརྒྱ་


DNG024_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བཞིའི་ནད་རྣམས་དང་། །གློ་བུར་གནོད་པ་བརྒྱད་ཅུ་གཅིག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུའི་ཚོགས། །དུས་མིན་འཆི་བ་རྣམ་བརྒྱད་དང་། །གཤིས་ངན་འགུམ་པ་བཅྭ་ལྔ་དང་། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །རྨི་ལམ་ངན་དང་མཚན་ལྟས་ངན་པ་རྣམས། །ཞི་དང་བསལ་ཞིང་བཟློག་པ་དང་། །གདུལ་དང་ཚར་བཅད་ལས་མཛོད་ཅིག །རི་རབ་ཆེན་པོའི་ཤར་ཕྱོགས་ནས། །སྲིད་པའི་རྒྱལ་པོ་སྐོས་རྗེ་ནི། །བདུད་རྣམས་ཀུན་གྱི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །རལ་པ་ནག་པོ་མུན་ལྟར་གཏིབས། །སྤྱན་མིག་ཉི་ཟླ་འཁྱིལ་པ་འདྲ། །རྣོ་དབལ་མཆེ་བ་ཟླ་ཚེས་གཙིགས། །སྨ་ར་ཁམ་ནག་སྲིད་རྩེར་འབར། །ཆིབས་སུ་བདུད་རྟ་ནག་པོ་བཅིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །ཁྲམ་ཐོགས་བདུད་སྡེ་གཡས་ནས་རོལ། །ཤོད་ཐོགས་རྩིས་པ་གཡོན་ནས་འགྱེད། །སྣང་སྲིད་ཕོ་བདུད་ཁྱོད་ཀྱི་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཤུགས་ལྡན་རྟ་ནག་ལ་སོགས་པ། །ཁྱེད་ཀྱིས་བཞེད་པའི་དཀོར་དུ་འབུལ། །རིན་ཆེན་ངར་མི་ལ་སོགས་པ། །རྣལ་འབྱོར་རྣམས་ཀྱི་གླུད་དུ་འབུལ། །དམ་རྫས་མཆོད་གཏོར་ལ་སོགས་པ། །ཁྱེད་ཀྱི་ཐུགས་དམ་སྐང་ཕྱིར་འབུལ། །སྲིད་པའི་བདུད་རྗེ་འཁོར་བཅས་ཀྱིས། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །ཇི་ལྟར་བཅོལ་བའི་ལས་མཛོད་ཅིག །བདུད་མོ་ཆེན་མོ་རེ་མ་ཏི། །མ་བདུད་ཀུན་གྱི་སྡེ་དཔོན་བཞེངས། །དཔལ་ལྡན་ནག་མོ་འཇིགས་གཟུགས་ཅན། །ནག་མོ་ཤ་ཟློག་བདུད་ཀྱི་མ། །སྐུ་ལ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་བོང་བུ་གྭ་དམར་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །མ་བདུད་འབུམ་ཕྲག་ཕོ་ཉར་འགྱེད། །ནག་མོ་སྟོང་སྡེ་ལས་ལ་འཛུད། །སྣང་སྲིད་བདུད་མོ་ཁྱོད་ཀྱི་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །ཅང་ཤེས་བོང་བུ་ལ་སོགས་པ། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྲིད་པའི་བདུད་མོ་འཁོར་བཅས་ཀྱིས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོའི་ལྷོ་


DNG024_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས། །གཤིན་རྗེ་ཡ་མ་རཱ་ཛ་སྟེ། །གཤིན་རྗེའི་ཚོགས་ཀྱི་སྡེ་དཔོན་བཞེངས། །སྐུ་མདོག་ནག་པོ་རལ་པ་ཅན། །གདུག་པའི་ཐོད་སྦྲུལ་གཡང་གཞིས་བརྒྱན། །གཅན་གཟན་གདུག་པའི་པགས་པས་དཀྲིས། །ཤ་ཟའི་མགོ་གཅད་ཐོད་དུ་བཅིངས། །ཞལ་བགྲད་མཆེ་བ་རབ་ཏུ་གཙིགས། །མ་ཧེ་ནག་པོ་ཆིབས་སུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །གཤིན་རྗེ་ཕོ་མོ་ཕོ་ཉར་འགྱེད། །འཆི་བདག་གཤིན་རྗེ་བཙུན་མོ་སྟེ། །གསོད་བྱེད་མོན་མོའི་ཚུལ་འཛིན་ཅིང་། །གཤིན་རྗེ་མོ་ཡི་སྡེ་དཔོན་བཞེངས། །ཟ་བྱེད་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡང་གཞི་ནག་མོ་སྐུ་ལ་གསོལ། །ཆུ་གླང་ནག་པོ་ཆིབས་སུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །ཡི་དྭགས་ཕོ་མོ་ལས་ལ་འཛུད། །སྣང་སྲིད་གཤིན་རྗེ་ཁྱོད་ཀྱི་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །མ་ཧེ་ཆུ་གླང་ལ་སོགས་པ། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །གཤིན་རྗེ་ཕོ་མོ་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོའི་ནུབ་ཕྱོགས་ནས། །སྲིན་པོ་ནག་པོ་གློག་ཕྲེང་ཅན། །སྲིན་པོའི་ཚོགས་ཀྱི་སྡེ་དཔོན་བཞེངས། །སྐུ་མདོག་མཐིང་ནག་འབར་བ་ལ། །གློག་དང་འོད་ཀྱི་ཕྲེང་བས་བརྒྱན། །འབྲུག་ཆེན་འུར་བ་ཆིབས་སུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །སྲིན་པོ་འབུམ་ཕྲག་ཕོ་ཉར་འགྱེད། །སྲིན་མོ་གསོད་བྱེད་ལས་ལ་འཛུད། །གཅན་གཟན་གདུག་པ་ཕྱི་ནས་རོལ། །འཁོར་དུ་སྣང་སྲིད་སྲིན་པོས་བསྐོར། །སྲིན་མོ་སྦལ་མགོ་ཁྲག་མིག་མ། །སྲིན་མོ་རྣམས་ཀྱི་སྡེ་དཔོན་བཞེངས། །སྐུ་མདོག་དམར་ནག་འཇིགས་སུ་རུང་། །ལུས་ལ་ཁྲག་གི་ལྭ་ནག་གསོལ། །རུས་སྦལ་དཀར་པོའི་ཐོར་ཚུགས་ཅན། །ཆིབས་སུ་རྔ་མོ་གདོང་དྲུག་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །སྲིན་མོ་ཁ་འབར་ཕོ་ཉར་འགྱེད། །གདོང་སྲིན་ནག་མོ་ལས་ལ་འཛུད། །སྣང་སྲིད་སྲིན་མོ་འཁོར་དང་བཅས། །སྲོག་གཅོད་སྲིན་པོ་ཡབ་ཡུམ་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །འབྲུག་སྔོན་རྔ་


DNG024_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལ་སོགས་པ། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྲིན་པོ་ཕོ་མོའི་འཁོར་གྱིས་བསྐོར། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོའི་བྱང་ཕྱོགས་ནས། །གནོད་སྦྱིན་ཡཀྵ་མེ་དབལ་ཅན། །གནོད་སྦྱིན་ཀུན་གྱི་སྡེ་དཔོན་བཞེངས། །སྐུ་མདོག་མཐིང་སྔོན་འབར་བ་ལ། །མེ་དཔུང་ཚུབ་མ་ན་བཟར་གསོལ། །སྟག་སེང་རྔམ་པ་ཆིབས་སུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །གཡས་ན་མེ་དབལ་འབར་བ་ལ། །གཡོན་ན་དུད་འཐུལ་ཕྱུ་རུ་རུ། །གནོད་སྦྱིན་སྟོང་སྡེ་ཕོ་ཉར་འགྱེད། །ཞུབ་ཆས་འབུམ་སྡེ་ལས་ལ་འཛུད། །འཇིག་རྟེན་གནོད་སྦྱིན་འཁོར་གྱིས་བསྐོར། །གནོད་སྦྱིན་ཆེན་མོ་བློ་མོན་མ། །གནོད་སྦྱིན་བུ་མོ་གདུག་པ་ཅན། །ནག་མོ་རྡོ་རྗེ་ལྕགས་མཆུ་མ། །སྙན་ཆ་རིན་ཆེན་ནེའུ་ལེས་བརྒྱན། །སྐུ་ལ་བ་ཏི་ནག་པོ་གསོལ། །ཆིབས་སུ་ལྕགས་ཀྱི་ཕག་མོ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །ནོར་འཛིན་མོ་ནི་ཕོ་ཉར་འགྱེད། །བློ་མོན་ནག་མོ་ལས་ལ་འཛུད། །གནོད་སྦྱིན་མོ་ནི་འབུམ་སྡེས་བསྐོར། །ཤན་པ་གནོད་སྦྱིན་ཡབ་ཡུམ་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །སྟག་སེང་ཕག་མོ་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །གནོད་སྦྱིན་ཕོ་མོ་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོའི་སྟེང་ཕྱོགས་སུ། །གཟའ་བདུད་ཆེན་པོ་མི་བཟད་པ། །རོག་ཏི་ཁྱབ་འཇུག་རཱ་ཧུ་ལ། །གཟའ་བདུད་སྡེ་དཔོན་ཆེན་པོ་བཞེངས། །མགོ་དགུ་སྨད་སྦྲུལ་མགོ་མངས་ལུས། །ཆིབས་སུ་འབྲུག་ཆེན་གློག་འགྱུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །འབྲུག་སྒྲ་སྟོང་གསུམ་ལྡི་རི་རི། །ནམ་མཁའ་གློག་འོད་ཁྱུགས་སེ་ཁྱུགས། །གཟའ་བྲན་རྒྱུ་སྐར་ཕོ་ཉར་འགྱེད། །ཐོག་སེར་ཀི་ཀང་དྲག་ཏུ་འབེབས། །གཟའ་བདུད་སྟོང་གི་འཁོར་གྱིས་བསྐོར། །གནམ་སྨན་ཐོག་གི་བུ་ཡུག་མ། །གདོང་མོ་རྣམས་ཀྱི་སྡེ་དཔོན་བཞེངས། །སྐུ་མདོག་དམར་སྐྱ་མཛེས་པ་ལ། །ན་བཟའ་གུ་ཟུ་མཛེས་པ་གསོལ། །འབྲུག་སྒྲ་གློག་


DNG024_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འོད་ལ་ཞོན། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །གཟའ་ཆེན་ཉི་ཟླ་ཀླད་ལ་བསྐོར། །རྒྱུ་སྐར་ཚོགས་ནི་ཞལ་ལ་འཆར། །ལྷ་སྨན་འབུམ་ནི་ཕོ་ཉར་འགྱེད། །གདོང་ཟོར་མ་མོ་ལས་ལ་འཛུད། །ཟོར་གདོང་སྲིན་མོའི་འཁོར་གྱིས་བསྐོར། །གཟའ་གདོང་གནམ་སྨན་ཡབ་ཡུམ་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །འབྲུག་ཆེན་འུར་བ་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །གཟའ་བདུད་གདོང་མོ་སྨན་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོའི་འོག་ཕྱོགས་ནས། །ཀླུ་བདུད་ནག་མོ་མགོ་དགུ་པོ། །ཀླུ་རྣམས་ཀུན་གྱི་སྡེ་དཔོན་ཡིན། །སྐུ་སྟོད་དུད་ཁ་ནག་པོ་ལ། །ཚ་བའི་འབུ་སྲིན་ཉི་ལི་ལི། །སྐུ་སྨད་དུག་སྦྲུལ་ནག་པོ་ལ། །གྲང་བའི་སྦལ་ལྕོང་ཁྲ་ལ་ལ། །ཆིབས་སུ་ཆུ་སྲིན་མགོ་དགུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །ཀླུ་རྒྱལ་སྟོང་ནི་ཕོ་ཉར་འགྱེད། །ཀླུ་བྲན་འབུམ་ནི་ལས་ལ་འཛུད། །ཀླུ་བདུད་གདུག་པའི་འཁོར་གྱིས་བསྐོར། །ཀླུ་མོ་ཡཀྵ་ནག་མོ་ནི། །ཀླུ་བདུད་མ་མོའི་སྡེ་དཔོན་བཞེངས། །སྐུ་མདོག་དུད་ཁ་འཇིགས་བག་ཅན། །སྦྲུལ་ནག་གཤིབས་པའི་རལ་པ་ལས། །མཛེ་དང་ཤུ་བའི་ཚ་ཚ་འཕྲོ། །སྦྲུལ་གྱི་ཐུལ་པ་ན་བཟར་གསོལ། །སྦལ་སྦྲུལ་ཉེའུ་ཐ་ར་ར། །རུས་སྦལ་ནག་པོ་ཆིབས་སུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །ཀླུ་རིགས་ལྔ་ཡི་སྤྲུལ་པ་འགྱེད། །ས་བདག་གདུག་པའི་ཕོ་ཉ་གཏོང་། །སྣང་སྲིད་ཀླུ་མོའི་འཁོར་དང་བཅས། །གདུག་པ་ཀླུ་བདུད་ཡབ་ཡུམ་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །ཆུ་སྲིན་རུས་སྦལ་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཀླུ་བདུད་ཕོ་མོ་ཡབ་ཡུམ་འཁོར། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོ་མཛེས་པ་ཡི། །བང་རིམ་གཉིས་པའི་ཤར་ཕྱོགས་ལ། །གནོད་སྦྱིན་རྒྱལ་པོ་གང་བ་བཟང་། །སྲིད་པ་ལྷ་ཡི་སྡེ་དཔོན་བཞེངས། །མདོག་དཀར་རལ་ཀ་འབར་བ་གསོལ། །གནམ་རུ་དཀར་པོ་ཆིབས་སུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །གནོད་སྦྱིན་སྟོང་ནི་ཕོ་ཉར་འགྱེད། །


DNG024_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དམག་འབུམ་སྡེ་ལས་ལ་འཛུད། །བ་དན་ཅན་ནི་གཡས་ནས་རོལ། །གོ་མཚོན་ཅན་ནི་གཡོན་ནས་རོལ། །གནོད་སྦྱིན་ལྷ་ཡི་འཁོར་དང་བཅས། །སྐྱེས་བུ་གནམ་རྒྱལ་ཆེན་པོ་ནི། །རྒྱལ་ཕྲན་ཀུན་གྱི་སྡེ་དཔོན་བཞེངས། །ན་བཟའ་དར་ཟབ་བེར་ཆེན་གསོལ། །རྟ་དཀར་རྔོག་དམར་ཆིབས་སུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །རྒྱལ་བྲན་སྟོང་སྡེ་ཕོ་ཉར་འགྱེད། །གྲོང་རྒྱུ་ཕྲ་མོ་ལས་ལ་འཛུད། །ཐེ་རྒྱལ་ཕྲ་མོའི་འཁོར་དང་བཅས། །སྤྱི་བདུད་རྒྱལ་པོ་གུ་རུམ་རྩེ། །མི་མ་ལྷ་ཡི་སྡེ་དཔོན་བཞེངས། །སྐུ་སྟོད་རྒྱ་ཆེའི་སླག་པ་གསོལ། །འབུམ་བྱེ་སྨད་ཀྱི་ཤམ་ཐབས་ཅན། །དབུ་ལ་ཤེལ་རྨོག་དཀར་པོ་གསོལ། །ཆིབས་སུ་རྡོ་རྟ་གྲོ་བོ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །སྲིད་པའི་ཁྱུང་ཆེན་ཀླད་ན་ལྡིང་། །སྟག་སེང་ཚང་མ་ཕྱི་ནས་རོལ། །སྡེ་དཔོན་མཆེད་ལྔ་ཕོ་ཉར་འགྱེད། །མ་སངས་སྤུན་དགུ་ལས་ལ་འཛུད། །ལྷ་མ་སྲིན་གྱི་འཁོར་དང་བཅས། །སྐྱེས་བུ་དཀར་པོ་སྡེ་གསུམ་ཡང་། །དམ་ཚིག་དབང་གིས་གནས་འདིར་བཞུགས། །གནམ་རུ་རྟ་དཀར་གྲོ་བོ་ཆིབས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དཀར་པོ་སྡེ་གསུམ་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །བང་རིམ་གཉིས་པའི་ལྷོ་ཕྱོགས་ནས། །མ་ཆེན་སྲིད་པའི་རྒྱལ་མོ་ནི། །སྣང་སྲིད་མ་མོའི་སྡེ་དཔོན་བཞེངས། །ན་བཟའ་དར་ནག་གུ་ཟུ་གསོལ། །ཆིབས་སུ་འབྲུག་མོ་ཡིད་མགྱོགས་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །ཚོགས་ཀྱི་རྗེ་མོ་ཕོ་ཉར་འགྱེད། །སྨན་མོ་ལྔ་བཅུ་རྩ་བརྒྱད་འཁོར། །སྣང་སྲིད་མ་མོའི་ཚོགས་ཀྱིས་བསྐོར། །ཨེ་ཀ་ཛ་ཊི་རལ་གཅིག་མ། །བཀའ་ཡི་སྲུང་མའི་སྡེ་དཔོན་ནི། །སྐུ་ལ་ན་བཟའ་མཐིང་ནག་གསོལ། །ཆིབས་སུ་དྲེ་རྟ་ནག་མོ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །སྲིན་མོ་ནག་མོ་ཕོ་ཉར་འགྱེད། །བལ་མོ་ནག་མོ་ལས་ལ་འཁོལ། །མ་མོ་ནག་མོ་སྣ་ཚོགས་སྤྲུལ། །སྨུག་ནག་འབུམ་གྱི་འཁོར་དང་བཅས། །དཔལ་ལྡན་ནག་མོ་མགྱོགས་བྱེད་མ། །མཁའ་འགྲོ་ཚོགས་ཀྱི་སྡེ་


DNG024_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་བཞེངས། །ན་བཟའ་མཐིང་ནག་གུ་ཟུ་གསོལ། །ཆིབས་སུ་སོ་བྱ་རོག་པོ་ཞོན། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །རིགས་ཀྱི་མཁའ་འགྲོ་ཕོ་ཉར་འགྱེད། །སྣ་ཚོགས་མཁའ་འགྲོ་ལས་ལ་འཛུད། །སྣང་སྲིད་མཁའ་འགྲོའི་འཁོར་གྱིས་བསྐོར། །དཔལ་ལྡན་ནག་མོ་སྡེ་གསུམ་ཡང་། །དམ་ཚིག་དབང་གིས་གནས་འདིར་བཞུགས། །འབྲུག་དང་དྲེ་རྟ་སོ་བྱ་སོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ནག་མོ་སྡེ་གསུམ་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །བང་རིམ་གཉིས་པའི་ནུབ་ཕྱོགས་ནས། །སྐྱེས་བུ་རྡོ་རྗེ་བདུད་འདུལ་ནི། །གནོད་སྦྱིན་རུ་ཏྲའི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །རལ་པ་ནག་པོ་མུན་ལྟར་གཏིབས། །ཆིབས་སུ་རྟ་དྲེ་ནག་པོ་ཆིབས། །ཞིང་ལྤགས་གྱོན་པ་ཕོ་ཉར་འགྱེད། །རལ་ཆས་བགོས་པ་ལས་ལ་འཛུད། །སྣང་སྲིད་རུ་ཏྲའི་འཁོར་གྱིས་བསྐོར། །བཙན་རྒྱལ་སྲོག་ཟན་དམར་པོ་ནི། །སྲིད་པའི་བཙན་གྱི་སྡེ་དཔོན་བཞེངས། །སྐུ་ལ་དར་དཀར་རས་དམར་གསོལ། །ཆིབས་སུ་རྟ་དམར་གློག་འགྱུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །དབུ་ལ་བསེ་རྨོག་དམར་པོ་གསོལ། །བཙན་པོ་ཁ་བཞི་ཕོ་ཉར་འགྱེད། །མགྱོགས་པ་སྡེ་བརྒྱད་ལས་ལ་འཛུད། །སྣང་སྲིད་དྲེགས་པའི་བཙན་གྱིས་བསྐོར། །སྐྱེས་བུ་ཡམ་ཤུད་དམར་པོ་ནི། །བཙན་འགོང་རྣམས་ཀྱི་སྡེ་དཔོན་བཞེངས། །སྐུ་ལ་ཟབ་དམར་བེར་ཆེན་གསོལ། །ཆིབས་སུ་རྟ་དམར་ཡིད་མགྱོགས་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །གཡས་སུ་བྲོ་བརྡུང་ཆི་ལི་ལི། །གཡོན་ན་སྤྱུགས་གླུ་ཀྱུ་རུ་རུ། །རྟ་ཞོན་སྟོང་ནི་ཕྱི་ན་འདྲེང། །སྲིད་པའི་བཙན་འགོང་འཁོར་དང་བཅས། །སྐྱེས་མཆོག་དམར་པོ་སྡེ་གསུམ་ནི། །དམ་ཚིག་དབང་གིས་གནས་འདིར་བཞུགས། །དྲེ་ནག་རྟ་དམར་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དམར་པོ་སྡེ་གསུམ་འཁོར་དང་བཅས། །ཇི་ལྟར་བཅོལ་


DNG024_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་མཛོད། །བང་རིམ་བཞི་པའི་བྱང་ཕྱོགས་ནས། །བི་ནཱ་ཡ་ཀ་བགེགས་ཀྱི་རྒྱལ། །ལོག་འདྲེན་ཀུན་གྱི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་རྟ་ནག་མགྱོགས་པ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །རྒྱལ་ཆེན་བཞི་ནི་ཕོ་ཉར་འགྱེད། །ཕྱོགས་སྐྱོང་ཚོགས་ནི་ལས་ལ་འཛུད། །སྣང་སྲིད་བགེགས་ཀྱི་ཚོགས་ཀྱིས་བསྐོར། །དབང་ཕྱུག་གུ་ལང་ནག་པོ་ནི། །མུ་སྟེགས་ཚོགས་ཀྱི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་སྟག་སེང་མ་ཧེ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །ས་གཞི་ཀུན་ནི་དམག་གིས་འགེངས། །བར་སྣང་མཚོན་དང་དར་གྱིས་བཀང་། །ནམ་མཁའ་གློག་དང་འོད་ཀྱིས་འགེངས། །གཅན་གཟན་འདབ་ཆགས་རྒྱུག་ཅིང་ལྡིང་། །མུ་སྟེགས་ནག་པོའི་འཁོར་གྱིས་སྐོར། །དམུ་བདུད་ནག་མོ་བཀྲག་མེད་ནི། །དམུ་བདུད་ཚོགས་ཀྱི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་དམུ་རྟ་ནག་པོ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །དམུ་བདུད་འབུམ་ཕྲག་ཕོ་ཉར་འགྱེད། །དམུ་བྲན་སྟོང་སྡེ་ལས་ལ་འཛུད། །སྣང་སྲིད་དམུ་ཡི་འཁོར་གྱིས་བསྐོར། །སྐྱེས་མཆོག་ནག་པོ་སྡེ་གསུམ་ཡང་། །དམ་ཚིག་དབང་གིས་གནས་འདིར་བཞུགས། །སྟག་སེང་མ་ཧེ་རྟ་ལ་སོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཕྱི་རོལ་ནག་པོའི་ཚོགས་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོ་མཛེས་པ་ཡི། །བང་རིམ་གསུམ་པའི་ཤར་ཕྱོགས་ལ། །ཚངས་པ་དཀར་པོ་སྲོག་གི་བདག །ལྷ་ཆེན་གིང་གི་སྡེ་དཔོན་བཞེངས། །སྲིད་པ་གསུམ་གྱི་མྱུར་མགྱོགས་པར། །སྐུ་ལ་བྱ་རྒོད་ཐུལ་པ་གསོལ། །ཆིབས་སུ་སེང་གེ་དཀར་པོ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །གིང་ཆེན་བཅྭ་བརྒྱད་ཕོ་ཉར་འགྱེད། །གིང་བདུད་ཕོ་མོ་ལས་ལ་འགྱེད། །མི་རྟ་ར་ལུག་བྱ་དང་ཁྱི། །སྟག་དང་བྱ་རྒོད་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །བང་


DNG024_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གསུམ་པའི་ལྷོ་ཕྱོགས་ལ། །གནོད་སྦྱིན་རྒྱལ་པོ་ནོར་གྱི་བདག །སྐུ་ལ་དོམ་གྱི་སླག་པ་གསོལ། །ཆིབས་སུ་བ་གླང་སྣ་རིངས་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །སྐྱེས་པ་བརྒྱ་དང་བུད་མེད་བརྒྱ། །ཉན་ཐོས་སྟོང་དང་སྔགས་པ་སྟོང་། །འབག་སེང་མོན་བུ་བསམ་མི་ཁྱབ། །སྟག་སེང་བལ་གླང་སྤྲ་དང་སྤྲེ། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །བང་རིམ་གསུམ་པའི་ནུབ་ཕྱོགས་ལ། །རྡོ་རྗེ་མཛེས་པ་ཞེས་བྱ་བ། །འཇིག་རྟེན་ལྷ་ཡི་སྡེ་དཔོན་ཡིན། །མ་ཐར་ཤེལ་གྱི་ན་བཟའ་གསོལ། །ཀུན་ཀྱང་ཤེལ་གྱི་ན་བཟའ་གསོལ། །ར་དཀར་གནམ་རུ་ཆིབས་སུ་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །འཛིན་གིང་བཞི་བཅུ་ཕོ་ཉར་འགྱེད། །རང་གི་འཁོར་སྡེ་ལས་ལ་འཛུད། །ཙ་ར་བྱ་ཁྱི་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །བང་རིམ་གསུམ་པའི་བྱང་ཕྱོགས་ལ། །ལྷ་ཆེན་ནག་པོ་ཆེན་པོ་སྟེ། །བསྟན་པ་བསྲུང་བའི་སྡེ་དཔོན་བཞེངས། །ན་བཟའ་ལྗང་ནག་བེར་ནག་གསོལ། །ཆིབས་སུ་བདུད་རྟ་བྲ་ནག་ཆིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །ལྷ་དམག་ཕྱོགས་ཀྱི་དབུགས་འབྱིན་ཅིང་། །ལྷ་མིན་གཡུལ་ངོ་རབ་ཏུ་བཟློག །ཕྱོགས་སྐྱོང་དཔལ་མགོན་ལས་ལ་འཛུད། །མི་རྟ་ར་ལུག་བྱ་དང་ཁྱི། །ནག་པོའི་ཚོགས་ཀྱི་ཐུགས་དམ་བསྐང་། །དྲེགས་པའི་བཀའ་ཉན་སྒོ་སྲུང་བཞི། །རང་གི་བཀའ་ཉན་འཁོར་དང་བཅས། །དམ་ཚིག་དབང་གིས་གནས་འདིར་བཞུགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དབང་ཆེན་སྡེ་བཞི་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །བང་རིམ་ཐ་མའི་ཕྱོགས་བཞི་ན། །ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་དང་། །ནང་གི་ལྷ་སྲིན་སྡེ་བརྒྱད་དང་། །སྦས་པའི་ལྷ་སྲིན་སྡེ་བརྒྱད་དང་། །གསང་བའི་ལྷ་སྲིན་སྡེ་བརྒྱད་དང་། །ཡང་གསང་གཏེར་གྱི་ལྷ་སྲིན་དང་། །དྲག་པོ་སྔགས་ཀྱི་ལྷ་སྲིན་དང་། །ལས་བྱེད་མྱུར་མགྱོགས་ལྷ་སྲིན་དང་། །བརྟགས་ཤིང་ཆགས་པའི་ལྷ་སྲིན་དང་། །སྡེ་བརྒྱད་འཁོར་དང་བཅས་པ་ལ། །


DNG024_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །ཤེས་ལྡན་མི་དང་ཅང་ཤེས་རྟ། །ཐེག་ཆེན་གླང་དང་འདོད་འཇོའི་བ། །རིན་ཆེན་ལུག་དང་གཙང་ལྡན་ར། །ཐོས་གསང་ཁྱི་དང་མཁའ་ལྡིང་བྱ། །ཁྱེད་ཀྱི་བཞེད་པའི་དཀོར་དུ་འབུལ། །རིན་ཆེན་རྒྱན་ལྡན་ངར་མི་དང་། །སེམས་ཀྱི་གཟུགས་ལྡན་ངར་མི་དང་། །སྐུ་གསུང་ཐུགས་ལྡན་རྒྱང་བུ་དང་། །ཤིང་གླུད་ཡུལ་མཁར་མཚོན་པ་དང་། །ཕོ་གླུད་མདའ་དང་མོ་གླུད་འཕང་། །རྒྱལ་མཚན་བ་དན་རོལ་མོ་རྣམས། །ཉིད་ཀྱི་སྐུ་མདོག་དང་མཐུན་པ། །རྣལ་འབྱོར་རྣམས་ཀྱི་གླུད་དུ་འབུལ། །དམ་རྫས་སྦྱར་བའི་མཆོད་གཏོར་དང་། །མཐུན་རྫས་ལྡན་པའི་བཤོས་ཆ་དང་། །སྣང་གསལ་འོད་ལྡན་མར་མེ་དང་། །རྒྱན་ལྡན་མཛེས་པའི་གླིང་ཚད་དང་། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་བདའ་བའི་རོ། །ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ། །འཇིག་རྟེན་དྲེགས་པ་འཁོར་དང་བཅས། །སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ། །མདོས་གླུད་མཐུན་རྫས་བཞེས་པའི་དཀོར། །སྣ་ཚོགས་སྦྱར་བ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་སྟོད། །རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ། །སྒྲུབ་པ་པོ་ལ་བར་གཅོད་པའི། །སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་དང་། །བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་། །གློ་བུར་གནོད་པ་བརྒྱད་ཅུ་གཅིག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུའི་ཚོགས། །དུས་མིན་འཆི་བ་རྣམ་བརྒྱད་དང་། །གཤིས་ངན་འགུམ་པ་བརྒྱད་ཅུ་གཅིག །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །རྨི་ལམ་མཚན་ལྟས་ངན་པ་རྣམས། །ཞི་དང་བསལ་ཞིང་བཟློག་པ་དང་། །གདུལ་དང་ཚར་གཅད་ལས་མཛོད་ཅིག །ཞེས་བརྗོད་རང་གི་མཐུན་རྫས་བསྟབས། །བསྐང་བཟློག་གསད་དང་གསོ་ལ་སོགས། །ཇི་ལྟར་འདོད་པའི་ཕྲིན་ལས་བཅོལ། །གང་ལ་དམིགས་པ་དེ་བཞིན་འགྲུབ། །ཅེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་དྲེགས་པ་ཅན་གྱི་སྡེ་དཔོན་འཁོར་དང་བཅས་པ་རྣམས་མཆོད་བསྟོད་རྒྱ་ཆེན་པོའི་སྒོ་ནས་ཉེ་བར་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རབ་


DNG024_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཤད་བྱ་བ། །དྲེགས་པའི་འཁོར་ཚོགས་འདི་རྣམས་ཀུན། །ངོ་བོ་རང་རིག་བྱང་ཆུབ་སེམས། །མ་སྐྱེས་དབྱིངས་ལས་གཡོས་པ་མེད། །འཇིག་རྟེན་གནས་དང་མཐུན་འཇུག་ཅིང་། །མཆོད་དང་བསྟོད་པས་མཉེས་འགྱུར་བས། །འཇིག་རྟེན་མཆོད་བསྟོད་ཞེས་སུ་བརྗོད། །ཕྱི་ནང་གསང་བའི་བྱེ་བྲག་སྟེ། །སྣང་དང་སྲིད་པའི་དཀྱིལ་འཁོར་ཀུན། །གསང་བའི་བདག་པོ་དེ་ཉིད་དང་། །གནས་སྐབས་མཆོད་བསྟོད་ཕྱི་ཡིན་ནོ། །དག་པའི་ཏིང་ངེ་འཛིན་ལས་བྱུང་། །རང་གི་སྣང་བ་འདུས་པའི་ཚོགས། །དབང་པོའི་ཡུལ་གྱི་ལོངས་སྤྱོད་དང་། །གཙང་སྦྲའི་རྟོག་པ་སྦྱང་བའི་རྫས། །འདོད་ཆགས་བཞི་དང་འབྲུ་བཅུད་རྩི། །གཉིས་མེད་ཕ་རོལ་སྣང་བྱེད་པ། །རང་གི་ངང་དུ་མཉེས་བྱེད་ཅིང་། །སོ་སོའི་མཚན་དང་དཔེ་བྱད་དག །ངེས་པར་བསྟན་པ་ནང་གིའོ། །སེམས་དང་སེམས་ལ་བསྟར་བའི་ཚོགས། །ཐམས་ཅད་ཡེ་ནས་དཀྱིལ་འཁོར་ཆེ། །མ་བཅོས་རང་བཞིན་ལྷུན་གྱིས་གྲུབ། །ལུང་ནས་མ་ལུས་འདུས་པ་ལས། །ཆོས་གཞན་མེད་དེ་ཡུལ་ཉིད་དང་། །ཡུལ་དུ་འཛིན་པ་སྣང་བའི་བདག །གཉིས་མེད་རྟོགས་ཤིང་ཁོང་དུ་ཆུད། །མཆོད་བསྟོད་རབ་ཏུ་གསང་བ་ཡི། །ལུས་ལས་སྤྲུལ་ཞིང་བསྒྲུབས་པས་སྐུ། །འབྲུ་བཅུ་སྒྲ་ཡི་འཁོར་ལོ་གསུང་། །རང་གྲོལ་སྙིང་པོ་མ་བཅོས་ཐུགས། །ལྷ་ཀླུ་གནོད་སྦྱིན་བཙན་དང་བདུད། །སྲིན་པོ་གཟའ་དང་མོ་རིགས་རྣམས། །དྲེགས་ཤིང་གདུག་པ་ཁྲོ་ཞིང་གཏུམ། །མྱུར་མགྱོགས་རྨུགས་ཤིང་འཐིབས་པ་དང་། །དྲེགས་དང་བཅིངས་པ་སོ་སོའི་སྡེ། །རི་རབ་བཤོས་གཙང་རྒྱན་དང་བཅས། །འབྲུ་ལུག་སྙིང་རྩེ་ཙ་རུའི་དབྱིབས། །དཀར་དམར་བཅུད་ལྡན་དམིགས་ཀྱིས་མཆོད། །ཕ་དང་རྒྱལ་པོ་གྲོགས་དང་ལྷ། །མ་དང་རྗེ་ཁོལ་བྲན་ལྟ་བུ། །བརྟེན་པ་རང་གི་ཚུལ་ཡིན་ནོ། །ཆེ་བཙན་དབང་གི་དངོས་གྲུབ་དང་། །ལོངས་སྤྱོད་འཕེལ་ཞིང་མངག་པར་བླང་། །རྒྱུད་འཇམ་སྐྱབས་ཆེ་བཀའ་ཉན་ཞིང་། །དྲག་རྩལ་ལྡན་ཞིང་སླར་མི་ལྡོག །ཤིན་ཏུ་ཉེ་བ་ཡོན་ཏན་ཏེ། །རང་ལ་རྩུབ་ཅིང་འཚེ་བ་དང་། །ལོངས་སྤྱོད་མི་འབྱོར་མི་འཕྲོད་དང་། །བློ་བུར་ནད་ཀྱིས་གཟིར་


DNG024_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་། །སླར་ལྡོག་བཀྲ་ཤིས་ཉམས་པ་དང་། །བསྒོ་བ་མི་ཉན་དོན་མེད་ཅིང་། །རང་རྒྱུད་རྩུབ་ཅིང་ཁེངས་པ་དང་། །རིགས་རྒྱུད་མ་སྨིན་ཀུན་གྱིས་བརྙས། །བསམ་དོན་མི་གྲུབ་མངའ་ཐང་ཉམས། །རྒྱུད་དོན་སྦས་པ་མ་ཤེས་སྐྱོན། །ཁྲིམས་ཀྱི་བདག་པོ་ལྟ་བུའི་ལྷ། །གནད་ཀྱིས་བཅིང་ཞིང་བསྒྲུབ་པར་བྱ། །དབང་ཆེན་ཕ་དང་མཚུངས་པའི་བདུད། །མཚུངས་མེད་གྲོགས་དང་འདྲ་བའི་བཙན། །གནོད་སྦྱིན་ཁྲིམས་ཀྱི་གཙོ་ལྟ་བུ། །སྲིན་པོ་སྲོག་ལ་རྒོལ་བའི་གཤེད། །གཟའ་རྒོད་ལག་ཡན་གཞོན་ལྟ་བུ། །སྡོང་བུ་དུག་སྦྲུལ་ལྟ་བུའི་ཀླུ། །མོ་རྒྱུད་དབང་ཆེན་རྗེ་དཔོན་མ། །མཚུངས་ལྡན་དེ་ཡི་གཉེན་པོས་བསྒྲུབ། །ཁུགས་སུ་མ་བཅུག་བསྒོ་མི་ཉན། །སེ་ལོང་གནད་མེད་བདུད་དུ་འགྱུར། །བཅུད་ཕུར་མ་ཐེབས་སླར་ལ་ལྡོག །རང་གི་རབ་རོལ་མ་བཞར་གཡེལ། །ལྟོ་བ་མ་དཀྲུགས་ལས་མི་མྱུར། །ལོག་ནོན་མ་ལྡན་བདག་ཉིད་སྟོབ། །དབང་དུ་མ་འདུས་བསྒོ་མི་ཉན། །གནད་ཀྱི་མན་ངག་བརྒྱད་ཀྱིས་ནི། །མཆོད་བསྟོད་བསྒྲུབ་སྟེ་ཕྲིན་ལས་བཅོལ། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་ཟབ་པའི་མཆོད་བསྟོད་གནད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་རབ་བཤད་བྱ། །འཇིག་རྟེན་དྲེགས་པའི་སྡེ་དཔོན་རྣམས། །དྲག་པོའི་ལས་ལ་སྦྱར་བ་ནི། །དུར་ཁྲོད་གདུག་པའི་གནས་དག་ཏུ། །རྩ་བའི་བསྙེན་པ་སྔོན་སོང་ནས། །སོ་སོའི་མཐུན་པའི་རྫས་བསར་ཏེ། །དྲག་པོའི་ལས་ཀྱི་ཁང་པ་ནི། །ཨེ་དབྱིབས་སུམ་ཅུ་ལྡན་པར་བཤམ། །ཕྱི་ནང་གསང་བ་སྐུ་གསུང་ཐུགས། །གནས་བྱིན་བརླབ་དང་བསྐང་དང་མཆོད། །སྤྱི་དང་སོ་སོར་བསྔགས་པ་དག །རབ་ཏུ་བདེ་བར་འདོད་པས་དམིགས། །གཟུགས་སྒྲ་བསམ་པའི་ནུས་པ་ཡིས། །ལུས་དང་ལུས་ཀྱི་འཕྲུལ་འཁོར་དང་། །སྲོག་དང་སྲོག་གི་གཉེན་པོ་ཡིས། །སེམས་དང་སེམས་ཀྱི་ངོ་བོ་ལས། །ཕྱི་ནང་ཀུན་དུ་བསྔགས་པ་སྟེ། །འཕྲོ་འདུ་འོད་ཀྱིས་དྲང་ཞིང་དགུག །རང་གཞན་དམིགས་པ་དེ་ལ་སྡིམ། །ཤ་ལུས་ཁྲག་སོགས་མ་ལུས་བཟས། །དྲེགས་


DNG024_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡེ་དཔོན་སྐུ་གསུང་ཐུགས། །མ་ལུས་མཉེས་པ་འདི་ཡིས་བྱ། །གང་ལ་དམིགས་པ་ཚད་ཀྱིས་སྒྲོལ། །ཏིང་ངེ་འཛིན་གྱི་བརྟུལ་ཞུགས་ཀྱིས། །བུལ་དང་མྱུར་བ་བློ་ཡི་སྟོབས། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །རྡོ་རྗེ་འཆང་ཆེན་གསང་བའི་བཀའ། །གལ་ཏེ་འབར་བས་མངོན་སྤྱོད་ཅིང་། །མྱུར་དུ་འཕོ་བར་བྱ་བ་ནི། །རྣོ་དབལ་ཚ་རྩུབ་དྲི་ང་བའི། །ཡམ་ཤིང་གདུག་པས་དབྱིབས་ལྡན་བརྩིག །གདོལ་པ་རིགས་ངན་ཤན་པ་དང་། །གཡུང་མོ་གྲོགས་བྲལ་ཁྱིམ་གྱི་མེས། །སྤར་ཞིང་དུག་ཁྲག་མངར་བ་ལ། །གཟུགས་བརྙན་རྫོགས་པར་ལོངས་སྤྱོད་པའི། །སླར་ཡང་དམིགས་ཏེ་ལྷག་མ་དབུལ། །གཙོ་དང་འཁོར་གྱི་རབ་ཕྱེ་བའི། །དྲག་པོའི་ཚིག་གིས་རབ་ཏུ་བགྲང་། །དྲེགས་པའི་བདག་པོ་སོ་སོ་ཡི། །ཆེ་བརྗོད་གནད་དང་བཅས་པ་ཡིས། །སྟབ་ཅིང་སྦྱིན་པ་རིམ་བཞིན་བྱ། །དྲང་སྲོང་ཕྲིན་ལས་རྫོགས་པར་བསྐུལ། །ཐལ་ཆེན་དང་ནི་དྲག་པོའི་རྫས། །རྨེ་ཁྲག་གསུམ་དང་གསོད་བྱེད་གསུམ། །མཚོན་བྲལ་རིན་ཆེན་གསུམ་གྱི་དབྱིག །རང་བྱུང་བཀྲ་ཤིས་བཟློག་པའི་རྫས། །ནང་དུ་འདུ་འཕྲོར་སྦྱར་བ་ནི། །སྒྲ་ཚིག་ཏིང་ངེ་འཛིན་ལྡན་པས། །སྟོབས་ཆེན་འཁོར་ལོས་དབབ་ཅིང་འཕང་། །དྲེགས་པ་འཁོར་བཅས་ལས་སུ་དམིགས། །གཞན་ཡང་མཆོད་རྫས་གཟུགས་བརྙན་བྱས། །རབ་ཏུ་བསྟན་པའི་དམིགས་པས་བསྡིམ། །འགྱུ་གནས་ས་དང་ཆུ་ཕུག་དང་། །སྲ་གཤེར་འཐབ་དང་ཕུར་ཤུལ་དང་། །རྒྱ་མཚོའི་དབུས་དང་ལམ་པོ་ཆེ། །མཚོན་གྱིས་བརྡེགས་དང་རླུང་གིས་བསྐྱལ། །བག་མེད་ལྷུང་ཞིང་མེ་ཆུས་འཇོམས། །ལུགས་ནས་བྱུང་བའི་རྟེན་འདྲེལ་ཏེ། །བརྣག་པའི་ཡིད་ཀྱིས་འཛིན་ཕུར་གདབ། །གདུག་བྱེད་འཁོར་དང་ཟས་སུ་གཏད། །ཇི་སྲིད་འཁོར་བ་མ་སྟོངས་པར། །ཐར་པར་མི་འགྱུར་ལས་ཀྱི་གིང་། །བྱམས་དང་སྙིང་རྗེའི་སེམས་མ་རྟོགས། །འདི་ལྟར་མངོན་པར་སྤྱད་པ་ཡིས། །བསྟན་ལ་རབ་སྡང་ཕྱིར་གྱུར་པའི། །རྗེས་འབྲང་ལོག་པར་ལྟ་བ་རྣམས། །ཚར་གཅོད་སྒྲོལ་ཞིང་འདུལ་བ་ཡི། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོའི་ཕྲིན་


DNG024_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དྲག་པོའི་ལས་ལ་སྦྱར་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་པ་ནི། །འཇིག་རྟེན་དྲེགས་པ་རང་གི་གནད། །གསང་བའི་སྙིང་པོ་དྲག་ཤུལ་གཟུངས། །ཀུན་བསྡུས་དྲིལ་དང་ཕྱེ་མས་མནན། །བཛྲ་སརྦ་དུཥྚཱན། ཨེ་ཀ་པ་ར་ཨསྟ་ན་ཡ། མ་ཧེ་ཤྭ་ར་དེ་བ་དེ་བི། དུ་ཕྲག་དུན་ཏིང་མ་ཡ། པྲེ་ཏ་བི་ཀྲྀསྟ་ན་རཀྵ་རཀྵོ་ཡཀྵ་ཀྵྀ་ཏ། བིཥྚི་པ་ཏྲ་ཨ་སེ་ལ་ཛ་ནཱ་ག་གུ་ལིང་ཤ་ཛཿ། ཙ་དུ་ཏྲི་ཙ་ར་ཙ་ལ་མ་དུ་ཏྲི། མ་མ་རུ་ལུ་མནྟྲ་རཱ་ཛ་དུ་མ་ཏི། མ་ཀཱ་ལ་རུ་ཏྲ་ཏཱིཀྵྞ་ཏིཪྠི་ཀ་ཐ། ཨ་བྷི་ཤུ་ཏྲི་པ་ཤ་ལི་ཧྃ་ཤྃ་ཏྲི་ཛཿ། རཱ་ཛ་གིངྈ་ར། ས་དུ་ཏྲི་ནཱ་ཐ་ཀཱ་ལ་ཨཱ་གཙྪ། ཧྲིང་ཧྲིང་ཛཿ། བོད་པའི་སྔགས་སོ། །བཛྲ་སརྦ་དུཥྚཱན་ཨེ་ཀ་པ་ར་སརྦ་པཉྩ་ཨ་མྲྀ་ཏ་ཨ་གཙྪ། བ་ལིནྟ་གྲྀཧྞ་ཨི་མྃ་ཏ་གྲྀཧྞནྟུ་མ་ཧཱ་ག་ཎ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། འདི་དག་སྦྱར་བས་མཆོད་པར་འགྱུར། །སརྦ་ཨཱ་ཡུ་མི་ཏྲ་སིདྡྷི་པུ་ཏྲ་བརྟ་ནི་སིདྡྷི་པུ་ཏྲ་བ་ཧུ་བྷ་དྲ་བཱ་སུ་དྷ་ར་རཏྣ་རཏྣ་པུཥྚིཾ་སིདྡྷི། མ་ཧཱ་ཛྙཱ་ན་སརྦ་དྷརྨ་གརྦྷ་ཀཱ་ཡ་བཱཀྩིཏྟ་སིདྡྷི་སིདྡྷི། ཕ་ལ་སིདྡྷི་མ་ཧཱ་སིདྡྷི་ཨ་བེ་ཤ་ཡ་ཨ། ཧ་ཧ་ཧི་ཧོཿ རབ་ཏུ་སྦྱར་བས་དངོས་གྲུབ་བླང་། །སརྦ་ཤ་ཏྲུྃ་ཡཀྵ་རྦད་རྦད་བྷྱོ་བྷྱོ། འདི་ཡིས་རབ་ཏུ་རྦད་པར་བྱ། །ནྲྀ་ཧུར་ས་ཛཿཛཿཤ་ཏྲུྃ་ཙིཏྟ་མཱ་ར་ཡ་རྦད། རཱུ་པ་ཡ་ཀནྡ་རྦུད་རྦུད་ཕཊ་ཕཊ་མཱ་ར་མཱ་ར་ས་ས། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཏིཥྠ་ཏིཥྠ། ཐུན་རྦད་ཐུན་རྦད། འདི་ཡིས་དམིགས་པ་རབ་ཏུ་གསད། །མ་མཱ་ར་ཡ་ཕྲི་པྲེ་ཏ་ཀ་ཧྲིང་ཧྲིང་། ཏྲི་ཤ་ཕ་ལི་རཱུ་པ་ཡ། བིནྡྷ་བིནྡྷ། ཧུ་ལུ་ཧུ་ལུ། རྦད་ནཱན་ལྃ་ནཱན། ཨོཾ་ནཱན་ཧཱུྃ་ནཱན། སྟཾ་བྷ་ཡ་སྟཾ་བྷ་ཡ་ནཱན་ཞེས་པ་ཡིས་ནི་མནན་པར་བྱ། སརྦ་མཱ་ར་ཏ་ཀ་རྃ་རྃ། ཛྭ་ལ་རྃ་ཛྭ་ལ་རྃ། སྥོ་ཊ་ཡ་སྥོ་ཊ་ཡ། ཧོ་ཧ་ཡ་ཧོ་ཧ་ཡ། རྃ་ཙ་ཡ་རྃ་ཀུ་ཡ་ཞེས་པས་མ་ལུས་བསྲེག་པར་བྱ། མཱ་ར་ཤ་ཏྲུྃ་ཐུན་བྷྱོ་ཐུམ་རིལ་བྷྱོ་ན་ཧེ་ཐུན། ཨཱ་བེ་ཤ་ཡ་བྷྱོ། དམིགས་པ་འདི་ཡིས་འཕང་བར་བྱའོ། །བཛྲ་ཨུཙྪ་ཊ་ཡ་ཕཊ་ཨ་གྲི་སརྦ་བྷྱོ་བཟློག །ས་མ་ཡ་རྦད་ས་མྱགས་བཟློག །ཕ་རོལ་ནུས་པ་འདི་ཡིས་བཟློག །མ་ཧཱ་བྷ་རི་ཤ་ཡ། ཨ་བྷེ་ཤ་ཡེ་པྲ་ཙ་ཡ། བེ་ཙ་ཡ་བེ་ཙ་ཡ་ཞི་བས་ལུགས་དབྱུང་ཆུ་


DNG024_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པའོ། །ནཱ་ག་གྲ་ཧེ་པི་ཙ་ཡ་སྭཾ ་སྭཾ ་ཧྲིལ་ཧྲིལ། ཤར་ཤར། རྃ་ན་ཙག་ནེ་སྭཾ ་ཧྲིལ་ཤར་ཤར་ཕོབ་ཕོབ། དྲག་པོས་བཟློག་ཅིང་བསྟབ་པའོ། །མ་ཧཱ་ཤཱནྟིཾ་པུཥྚིཾ་ཝ་ཤྱཾ་ཀུ་རུ་མཱ་ར་ཡ་ཛ་ཡ་ཀརྨ་མ་ལི་ཨ་མུ་ཀི་སིདྡྷི་སུ་སིདྡྷི་ཀ་ར་སྭ་སྡི་སྭཱ་ཧཱ། ཕྲིན་ལས་ཐམས་ཅད་རབ་སྒྲུབ་པའི། །མཐུན་པའི་རྫས་དང་ཏིང་འཛིན་གྱིས། །ལས་ཀྱི་ཁྱད་པར་སོ་སོར་དབྱེ། །གནས་སྒྱུར་དང་ནི་གྲུབ་པའི་མཐའ། །སྙིང་རྗེ་བྱམས་པས་རབ་ སྐུལ་ཞིང་། །ཀུན་དུ་ཁྱབ་པའི་མཆོད་སྦྱིན་བྱ། །ཞི་དང་རྒྱས་དང་དབང་དུ་བྱ། །དྲག་པོས་བསྒྲལ་ཞིང་ཚར་གཅོད་པའི། །ལས་ཀུན་རང་གཞན་དོན་དུ་སྤྱད། །འཇིག་རྟེན་གནས་ཤིང་སྲོག་དང་སྙིང་། །ཡི་གེ་གསལ་བར་རང་འབྱུང་གནས། །མངོན་དུ་རྒྱུ་བ་ཐུགས་ཀ་སྟེ། །རིང་ཐུང་ཕོ་མོ་ཁྲག་དང་དུས། །ཆགས་སྡང་སྙིང་སྲོག་སྙིང་རྗེ་གཙེར། །རྡོ་རྗེ་པདྨ་རླུང་དང་གནས། །ཐབས་དང་ཤེས་རབ་ཆོས་ཅན་དང་། །ཆོས་ཉིད་ལས་དང་འབྲས་བུ་ཡིས། །མི་འཚང་གནད་འཚང་བོང་དང་དྲང་། །གྲོགས་དང་ལྡན་པས་ལས་ལ་སྦྱར། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་ལས་སྣ་ཚོགས་ཀྱི་རྩ་བའི་སྙིང་པོ་གནད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །འཇིག་རྟེན་དྲེགས་པའི་གཙོ་ཆེན་རྣམས། །ཚུལ་བཞིན་རབ་ཏུ་བསྒྲུབ་པ་ཡིས། །གྲུབ་ཅིང་ཉེ་བའི་རྟགས་རྣམས་ནི། །ཉམས་དང་རྦད་རྟགས་རྨི་ལམ་རྟགས། །འདི་ལ་སོ་སོར་འབྱུང་འགྱུར་ཏེ། །དགའ་ཞིང་མདངས་ལྡན་སྟོབས་རྙེད་དང་། །བདེ་དང་རྟོགས་པ་སྤྲོ་བསྐྱེད་ཅིང་། །མངོན་རྒྱུ་ཡིད་ཀྱིས་གདེང་ཐོབ་ཀྱིས། །ཉམ་ང་བག་ཚ་དོགས་མེད་ཅིང་། །ནུས་ལྡན་ཕྲིན་ལས་མཐར་ཕྱིན་རྟོགས། །འདི་དག་ལ་སོགས་རིམ་པར་འབྱུང་། །ལུས་འཇམ་དབུགས་ཀྱིས་མི་གནོད་ཅིང་། །ཡང་ཞིང་བརྟན་ལ་ཁྱད་པར་དགའ། །ནད་དང་གདོན་གྱིས་བརྫི་མི་ནུས། །འབྱུང་བའི་ནུས་པས་མི་སྐྱོད་ཅིང་། །ཁ་དོག་དང་ལྡན་སྡུག་ཅིང་མཛེས། །འདི་ལ་སོགས་པ་ལུས་འབྱུང་གདའ། །


DNG024_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བསྒོ་བ་གཞན་གྱིས་འཛིན། །རང་དང་སངས་རྒྱས་རྣམས་ཀྱིས་གསུངས། །མཐུན་པའི་ཚུལ་གྱིས་མི་དོར་ལ། །སྙན་དང་མི་སྙན་ཅི་བརྗོད་རྣམས། །ཚངས་པ་ཡི་དབྱངས་བཞིན་དུ་འོང་། །གྲག་ཐོས་ཙམ་གྱིས་དབང་དུ་བྱེད། །ཚུལ་མཛེས་འཇུག་པ་ངག་གི་བརྡ། །གང་ལ་བརྩམས་པ་དེ་འགྲུབ་ཅིང་། །མ་ཞུམ་མི་སྤོར་མི་འདོར་བས། །དབང་དང་ལྡན་ཞིང་མི་གཡོ་ལ། །གསང་བའི་མཐུ་སྟོབས་རབ་ཏུ་ཐོབ། །ཡིད་ཀྱི་ཡུལ་དུ་བརྡ་འབྱུང་བའི། །སྔ་ཕྱི་དེ་མ་ཐག་པའོ། །བག་ཆགས་མ་ཡིན་རྨི་ལམ་ནི། །རྒྱལ་པོ་མཁན་པོ་སློབ་དཔོན་དང་། །ཆེ་བཙན་རིགས་ལྡན་རྒྱན་བཅས་ལྡན། །གཅན་གཟན་འདབ་ཆགས་དུད་འགྲོ་དང་། །སྐྱེས་པ་བུད་མེད་བུས་པ་སོགས། །རང་གི་གནས་སུ་ལྷགས་པ་ནི། །ཉེ་བར་འགྲུབ་པའི་རྟགས་ཡིན་ནོ། །བྲན་འབངས་མངག་པའི་ཚུལ་འཆང་ཞིང་། །བཀའ་བསྒོ་ལས་བྱེད་ཉན་པ་རྟགས། །རིང་བའི་གནས་ནས་གླུ་ལེན་ཅིང་། །རྒྱང་མིག་བལྟ་བ་གཡེལ་བའི་རྟགས། །རང་ལ་ཆད་པའི་ལས་རྩོམ་ཞིང་། །ཉེས་ལན་འདེད་པ་བཟློག་པའི་རྟགས། །ཟས་སྐོམ་འདོད་ཅིང་འཁྲིག་ལན་བསྙག །རང་ཉིད་གནོང་འགྱོད་མ་སྐོངས་རྟགས། །འཛོམ་ཞིང་ངུད་མོས་འདེབས་བྱེད་པ། །མ་དག་ལུས་སྣང་ཉམས་པའི་རྟགས། །རང་གི་བསྒོ་བ་མི་ཉན་ཞིང་། །སླར་ཞིང་ཚུལ་ལ་འཁོལ་འདོད་པ། །གཉེན་པོས་དབང་དུ་མ་གྱུར་རྟགས། །མཚོན་ཆ་བརྡུང་ཞིང་ཚད་མ་ལྡན། །ནུས་མེད་བྱ་བ་མི་འགྲུབ་པས། །སྔགས་ཀྱི་ནུས་པ་མ་གྲུབ་རྟགས། །གཞན་འདོད་རང་ལ་མེད་པ་དང་། །རང་གི་ཡོད་པ་འདོད་མེད་རྣམས། །མཆོད་བསྐང་ཐུན་རྫས་མ་ཚང་རྟགས། །ཤ་རུས་ཁྲག་སོགས་ལོངས་སྤྱོད་ཅིང་། །ངོ་མཐོན་རབ་ཏུ་ཆེ་བ་ན། །ལས་བྱས་འགྲུབ་པའི་རྟགས་ཡིན་ནོ། །ཕ་རོལ་དམག་ཚོགས་མ་བྱུང་ཞིང་། །སྒོ་མེད་ཁང་པར་བདག་ཞུགས་ལ། །ངན་སྔགས་གཞན་གྱིས་བཟློག་པའི་རྟགས། །བྱེ་བྲག་སྡེ་བརྒྱད་སོ་སོ་ནི། །མི་དང་དུད་འགྲོ་


DNG024_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ཆགས་སོགས། །ཕོ་ཚོགས་ནག་པོ་བདུད་ཀྱི་རྟགས། །མོ་ཚོགས་རྒྱན་བཟང་མ་མོ་སྟེ། །ཆེ་བཙན་འབག་སེང་གཙུག་ལག་ཁང་། །བུས་པ་སྤྲ་སྤྲེ་རྒྱལ་པོའི་རྟགས། །མི་རྟ་ཁྲ་སྤྱང་རི་དྭགས་ནི། །བྲག་བཙན་རི་བཙན་རྟགས་ཡིན་ནོ། །ཆུ་གནས་དུད་འགྲོ་ཀླུ་ཡི་རྟགས། །མ་ཧེ་ར་ལུག་མིག་མངས་དང་། །མུན་པ་བུ་ཡུག་གཟའ་ཡི་རྟགས། །སྐྱེས་པ་ཆས་བཟང་འབྱོར་པ་ཅན། །རི་མཚོ་ལ་གནས་གནོད་སྦྱིན་རྟགས། །ཉ་པ་ཤན་པ་བྱ་བ་དང་། །དམག་གི་གོ་མཚོན་སྲིན་པོའི་རྟགས། །འདི་དག་སྔར་བཤད་བཟང་ངན་སྦྱར། །བྱེ་བྲག་སྒྲུབ་པའི་རྟགས་སུ་འགྱུར། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་བསྒྲུབ་པའི་རྟགས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །དྲེགས་པ་ཅན་གྱི་ཁྱད་པར་རྫས། །མཛེས་པའི་གཟུགས་བརྙན་སྐུ་ཡི་རྟེན། །མིང་ནས་བོད་པ་གསུང་གི་རྟེན། །ཕྱག་མཚན་དམ་པ་ཐུགས་ཀྱི་རྟེན། །ལུག་གཡག་དཀར་པོ་སྦལ་སྦྲུལ་ཉ། །གླང་རྟ་སྔོན་པོ་རིན་པོ་ཆེ། །གཡུལ་བཤམས་མྱུར་བསྒྲལ་བྱ་གཅན་དང་། །རྣེལ་བུ་ཤེལ་ནག་བྱ་ནག་དང་། །རྟ་ལུག་ཁྱི་དང་རྒོད་གནག་དང་། །ར་ཕག་བྱ་ཁྱི་དཀར་པོ་དང་། །ཀླ་ཀློ་ར་རོག་དོམ་ཁྱི་གནག །སྦྲུལ་ནག་བྱ་རྒོད་ར་སྐྱེས་དང་། །རྟ་ར་བྱ་ཁྱི་དམར་པོ་ཡི། །སྙིང་ཁྲག་མགོ་དང་རྒྱལ་མཚན་ནི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མ་མོ་བདུད་དང་རྒྱལ་པོ་གིང་། །གཤིན་རྗེ་གཟའ་དང་བཙན་རྣམས་ཀྱི། །རིམ་བཞིན་སོ་སོ་བརྟེན་པའི་རྫས། །རབ་ཏུ་གསང་བའི་ཉིད་ཡིན་ནོ། །ཨེ་ལྡན་གདུག་བཅས་རྒྱུད་མེད་ཀྱི། །ཐོད་པ་མཚོན་ཆ་ཕུར་པ་དག །དུག་ཁྲག་རིན་ཆེན་དྲག་པོའི་འབྲུ། །ཀུན་ཚོགས་རབ་ཏུ་གསད་པའི་རྫས། །ཀླུ་བཟུང་སྣོད་ནི་ཤ་ཁྲག་བཅས། །རུ་བཟངས་རིགས་མེད་མྱུར་སོང་ཆུ། །མྱུ་གུ་སྣ་ཚོགས་དྲི་ལྡན་རྫས། །ཆུ་དྲག་དབའ་རབས་དུད་པའི་རྫས་ཡིན་ནོ། །མཆོད་རྟེན་རི་རབ་རྒྱ་གྲམ་བཅས། །རྨེ་རྫས་


DNG024_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ངན་མགོ་བོ་གསུམ། །དམིགས་པའི་འབབ་རྫས་པདྨ་ནི། །སླར་ལ་བཟློག་པའི་རྫས་ཡིན་ནོ། །ནད་གདུག་བྃ་རིལ་མགོ་རྐང་རྣམས། །རབ་ཏུ་མནན་པའི་རྫས་ཡིན་ནོ། །དུག་ཁྲག་ཚོགས་དང་མཚན་མ་ངན། །དམིགས་པའི་རྟེན་ལ་འཕང་བའི་རྫས། །ངན་པའི་ས་ཡི་རྟེན་ཁང་དང་། །གདུག་ཅིང་རབ་ཏུ་ཚ་བའི་ཤིང་། །འབྲུ་ནག་དུག་ཁྲག་བསྲེས་པའི་རྫས། །གཞན་ཡང་དབང་ཅན་དྲེགས་པའི་འཁོར། །སོ་སོའི་རིགས་དང་སྡེར་བཅས་པའི། །མཐུན་དང་མི་མཐུན་གཙང་དང་སྨེ། །བསྔགས་པའི་ཀུན་རྫས་ཤེས་པར་འགྱུར། །མ་འོངས་དུས་ན་རྡོ་རྗེ་འཆང་། །རང་གི་རིག་འཛིན་བྱང་ཆུབ་སེམས། །བརྟུལ་ཞུགས་ཅན་གྱིས་འགྲུབ་པ་ཡིས། །དབུས་དང་མཐའ་འཁོབ་ཡུལ་རྣམས་དང་། །སངས་རྒྱས་ཞིང་གི་འཇིག་རྟེན་ཁམས། །ཀུན་ནས་སྡེ་དཔོན་གཡོག་བཅས་པའི། །ཡིད་དང་དངོས་པོའི་ལུས་ཅན་རྣམས། །ཁམས་དང་རིགས་པ་བསམ་པ་དང་། །སྐྱེད་པ་བརྟེན་གནས་ཡོ་བྱད་དང་། །མ་ལུས་རྫོགས་པར་རབ་ཏུ་རྟོགས། །ཤེས་ལྡན་མིག་ཅན་རྣམས་ལ་སྟོན། །དེ་ཚེ་དྲེགས་པའི་གཙོ་ཆེན་རྣམས། །ད་ལྟ་ང་ཡིས་གདམས་པ་ཡིན། །ཡང་དག་དོན་ལ་མ་འདའ་ཅིག །ཁྱེད་རྣམས་ཀྱང་ནི་དུས་ནམ་ཞིག །ལས་ཀྱི་གནས་ངན་ལེན་སྤངས་ཏེ། །བྱང་ཆུབ་ས་ལ་མྱུར་འགྲོ་ཡིས། །དེ་བས་བཀའ་ཡི་དམ་མནོས་ལ། །ཇི་ལྟར་དམིགས་པ་བཞིན་སྒྲུབས་ཤིག །གསང་ཆེན་ང་ཡི་བསྟན་པའི་ཚུལ། །ཕྱི་རོལ་ཕྱོགས་ལ་སོགས་པ་ཡིས། །ཉམས་ཤིང་སྨས་པར་མི་འགྱུར་བས། །རྒྱས་ ཤིང་བསྟན་པར་ཁྱོད་ཀྱིས་བྱོས། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོའི་རྟེན་རྫས་དང་ལས་ཀྱི་གཉེར་བསྒོ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་གསང་བ་ཆེན་པོའི་སྐུའི་རྣམ་པར་རོལ་པ་ཆེན་པོ་དེ་དག་ཉིད་ཀྱི་སྐུ་ལ་།། །། རབ་ཏུ་བསྡུས་པ་མཛད་དེ། དགྱེས་པའི་གསུང་གིས་འདི་སྐད་ཅེས་བཀའ་སྩལ་ཏེ། ཀྱེ་མ་འདུས་པའི་འཁོར་ཚོགས་རྣམས། །བདུད་དང་གཤིན་རྗེ་ལ་སོགས་པའི། །འཇིག་རྟེན་དབང་ཆེན་གཙོ་ཆེན་རྣམས། །མཐར་ཐུག་མྱ་ངན་འདས་ནས་ཀྱང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པའི་ཐ་ཚིག་སྒྲུབ་པ་དང་། །རྣལ་འབྱོར་ལམ་གྱི་གྲོགས་མཛད་ཕྱིར། །དྲག་པོའི་སྐུ་གསུང་ཐུགས་ཉིད་དང་། །ཡོན་ཏན་ཕྲིན་ལས་སྣ་ཚོགས་སྟོན། །ཕྱི་མའི་དུས་ན་རིག་པ་འཛིན། །སྐྱེས་བུ་བརྩོན་ལྡན་རྣམས་ཀྱིས་ནི། །གཉིས་སུ་འཛིན་པར་ཡོང་མི་བྱ། །ཡུལ་སྣང་ཕྱི་ནང་མ་ལུས་ཀུན། །རང་རིག་སེམས་ཀྱི་རྒྱལ་པོར་བསྒྲུབ། །དེ་ནི་མ་བཅོས་ཡུལ་མི་བྲལ། །མ་ཆད་མ་ལྷུང་བདག་པོ་མེད། །གཉིས་མེད་མཉམ་ཉིད་ལྷུན་གྱིས་གྲུབ། །ངེས་འགྱུར་སྤང་བླང་རྩོལ་སེམས་བྲལ། །མ་ལུས་རྩ་བ་སྙིང་གི་སྲོག །དེ་ཉིད་ཤེས་བྱ་རབ་ཏུ་བླང་། །དབང་གི་རྒྱལ་པོ་འཆར་བར་འགྱུར། །གལ་ཏེ་ང་དང་དྲེགས་པ་ཅན། །སོ་སོ་རང་རྒྱུད་ལྡན་པ་ཡིས། །གཉིས་འཛིན་ཡིད་ཀྱིས་རྟོག་དཔྱོད་ཅིང་། །མཚན་མར་རབ་ཏུ་སྒོམ་བྱེད་པ། །རྐང་མེད་ཁམས་གསུམ་བགྲོད་འདོད་ཅིང་། །མིག་མེད་སྟོང་གསུམ་བལྟ་དང་མཚུངས། །བདུད་བཞི་དགའ་བ་སྐྱེད་པར་བྱེད། །དེ་བས་རིགས་མཆོག་མ་རྣམས་ཀྱིས། །གསང་བདག་ང་ཉིད་ཤེས་པར་གྱིས། །ཞེས་བཀའ་སྩལ་ནས། ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ཆོས་ཉིད་དེ་བཞིན་ཉིད་སྤྲོས་དང་བྲལ་བའི་དབྱིངས་སུ་ཐིམ་པར་མཛད་དོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་ཆོས་སྐུ་མཐར་ཐུག་ཏུ་སྒྲུབ་པར་གདམས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དྲེགས་པ་ཅན་གྱི་སྡེ་དཔོན་འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།

དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ།


DNG024_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་མནྟྲ་བྷི་རུ་སནྟི་མ་ར་ཏནྟྲ་ནཱ་མ། བོད་སྐད་དུ། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་མཐུ་སྟོབས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད། རི་རབ་ཆེན་པོའི་ཡང་


DNG024_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྟེངས། ལྕང་ལོ་ཅན་གྱི་གནས་མཆོག །རབ་ཏུ་བརྒྱན་པའི་ཕོ་བྲང་ཆེན་པོ་ན། ཡུམ་ཆེན་མོ་འབྱུང་བ་ལྔའི་བདག་མོ་དང་། གཉིས་སུ་མེད་པར་སྙོམས་པར་ཞུགས་ཏེ། སྐུ་ལས་འོད་ཟེར་སྣ་ཚོགས་རབ་ཏུ་སྤྲོས་ནས། འཇིག་རྟེན་གྱི་ཁམས་ཀྱི་གདུག་པ་ཅན་དང་། དྲེགས་པ་ཅན་དང་། གཟི་བརྗིད་ཅན་དང་། དྲག་ཤུལ་ཅན་ལ་སོགས་པ་དག་གི་གནས་ཐམས་ཅད་རབ་ཏུ་གཡོ་ཞིང་བསྐྱོད་པར་མཛད་པས། དེ་དག་གི་སྡེ་དཔོན་དང་བཅས་འཁོར་དང་གཡོག་ཏུ་བཅས་པ་རྣམས། རླུང་གི་ཤུགས་ཀྱིས་བསྐྱོད་པ་བཞིན་དུ་ལྷགས་པ་ནི་འདི་ལྟ་སྟེ། གཤིན་རྗེ་ཚེ་བདག་ནག་པོ་ཆེན་པོ་ཡུམ་དང་བཅས་པ་དང་། བདུད་ནག་པོ་ཆེན་པོ་མེའི་ཁ་རླངས་ཅན་དང་། ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་དང་། སྲིན་པོའི་རྒྱལ་པོ་གསོད་བྱེད་ནག་པོ་ཡུམ་དང་བཅས་པ་དང་། གནོད་སྦྱིན་ཆེན་པོ་གང་བ་བཟང་པོ་དང་། ཡུམ་གནོད་སྦྱིན་མོ་ཤ་ཟ་རལ་གཅིག་མ་དང་། ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་དང་། རུ་ཏྲའི་བདག་པོ་ཐར་པ་ནག་པོ་དང་། རྨུ་རྗེ་བཙན་པོ་རྒྱལ་པོ་ཆེན་པོ་དང་། ཕྱི་རོལ་ལྷའི་བདག་པོ་ཀཱ་ལ་ནག་པོ་དང་། ཁྱབ་འཇུག་ཆེན་པོ་ཀུན་དུ་རྒྱུ་བ་དང་། ཀླུའི་བདག་པོ་གཞོན་ནུ་གཏུམ་པོ་དང་། ལྷའི་རྒྱལ་པོ་ལི་བྱིན་ཆེན་པོ་དང་། གནོད་སྦྱིན་ཆེན་པོ་ལག་རྒྱུ་པ་དང་། བདག་ཉིད་ཆེན་པོ་རྡོ་རྗེ་མཛེས་པ་དང་། ཀླུ་བདུད་ཆེན་པོ་ཡམ་ཤུད་དམར་པོ་དང་། གཞན་ཡང་ལྷ་དང་། ཀླུ་དང་ལྷ་མ་ཡིན་དང་། ཟ་བྱེད་དང་། ཡི་དྭགས་དང་། འབྱུང་པོའི་ཚོགས་དང་། ཕོ་ཉའི་ཚོགས་འཇིགས་པར་བྱེད་པ་བསམ་གྱིས་མི་ཁྱབ་པ་རབ་ཏུ་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་བྱེད་ཆེན་པོའི་འཁོར་དེ་དག་རབ་ཏུ་འདུལ་བར་མཁྱེན་ནས། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་མངོན་པར་སྤྲུལ་པར་མཛད་དེ། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དག །གཟུགས་སུ་བརྙན་པ་རབ་ཏུ་འཇིགས། །སྒྲ་ནི་མི་སྙན་དྲག་ཅིང་གཏུམ། །དྲི་ནི་མི་ཞིམ་རུལ་མྱགས་བསུང་། །རོ་ནི་ཁ་སྐྱུར་ཚ་བར་བྲོ། །རེག་བྱ་ཚ་རྩུབ་མི་སྡུག་སྤྱོད། །ཞེ་སྡང་ཆེན་པོའི་མེ་འབར་ཞིང་། །ང་རྒྱལ་ཀེང་རུས་བྲག་ཏུ་གཏམས། །གཏི་མུག་མུན་ནག་རབ་ཏུ་འཐིབས། །འདོད་ཆགས་ཁྲག་གི་ཆུ་ཆེན་འབྲུབ། །ཕྲག་དོག་རླུང་ནི་རབ་ཏུ་འཁྲུགས། །སྡི་ར་ཆེན་པོའི་ལོངས་སྤྱོད་ལ། །སྟག་གཟིག་གཅན་གཟན་ཅེ་སྤྱང་དང་། །ཀཱང་ཀ་དུར་བྱ་འདབ་ཆགས་ཚོགས། །ཤ་ཟ་ཁྲག་འཐུང་རུས་པ་འཇོམས། །བམ་དང་རུལ་དང་མྱགས་པ་དང་། །བྱེ་དང་


DNG024_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དང་གཞིག་པ་དང་། །ཟོས་དང་འཐོར་དང་རབ་ཏུ་འཐོར། །བྲུལ་དང་ཟགས་དང་བརླག་པ་དང་། །རྩོད་དང་རྒོད་དང་གླལ་བ་དང་། །འཇིགས་ཤིང་གདུག་དང་རྔམ་པ་དང་། །རོལ་པའི་ལོངས་སྤྱོད་རབ་ཏུ་སྤྲུལ། །ཀུན་ཀྱང་གདུག་པའི་སེམས་འཆང་ཞིང་། །གསོད་གཅོད་ཤག་གཏུབ་ལུས་ཀྱི་ལས། །ཚིག་རྩུབ་བརླང་བའི་ང་རོར་འབྱིན། །ཁྲོས་པའི་བརྟུལ་ཞུགས་དྲག་པོ་ཡིས། །མ་ལུས་འདུལ་ཞིང་ཚར་གཅོད་པའི། །མངོན་པར་གཅོད་ལ་རབ་ཏུ་བཀོད། །འདི་ལྟར་མཐོང་ཞིང་སྣང་གྱུར་པ། །ཀུན་རྫོབ་ཙམ་དུ་སྣང་བ་ལས། །སེམས་ཅན་གཅིག་གི་བ་སྤུ་ལ། །ཅུང་ཟད་གནོད་པ་ཡོང་མེད་དེ། །རང་གི་རྣམ་རྟོག་བདེ་བར་སྤྱོད། །ངེས་པའི་དེ་ཉིད་ཁོ་ནའོ། །ཆོ་འཕྲུལ་ཆེན་པོ་བསྟན་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་འཆང་བའི་རྒྱལ་པོ་ཡིས། །དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས། །ཐོག་མ་མེད་པའི་དུས་ཉིད་ནས། །མ་ལུས་བསྟན་པ་བསྲུང་མཛད་པའི། །གསང་བདག་ཆེན་པོར་དབང་བསྐུར་ཕྱིར། །གནོད་སྦྱིན་ལག་ན་རྡོ་རྗེ་འཆང་། །ལྔ་བརྒྱའི་གྲོགས་དང་བཅས་པ་ཡིས། །སོ་སོ་གཙོ་ཆེན་མདུན་ཉིད་ནས། །རང་གི་སྟན་ལས་རབ་ཏུ་ལངས། །མངོན་དུ་སྤྱོད་པའི་སྤྲུལ་པ་མཛད། །ཐུགས་ཀྱི་གནས་པའི་ས་བོན་ལས། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ཀུན། །ལྗང་ནག་རླུང་གིས་རབ་ཏུ་དཀྲོགས། །ཁྲག་གི་རྦ་ཀློང་འཁྲུག་ཅིང་གཡོ། །ཤ་རུས་གཏམས་པའི་ས་གཞི་ལས། །བསྐལ་པའི་མེ་རི་རབ་ཏུ་འབར། །བྷནྡྷ་འབར་བའི་གཞལ་ཡས་ཁང་། །གདུག་ཅིང་འཇིགས་སུ་རུང་བ་ནི། །སྟོབས་ཆེན་རྣམས་ཀྱང་ཉེར་མི་སྤྱོད། །ཕྲིན་ལས་མ་ལུས་རྫོགས་མཛད་ལུས། །ཕྱི་ནང་མཐའ་དབུས་ཀུན་ལ་ཁྱབ། །བསྟན་ལ་རབ་སྡང་ཕ་རོལ་པོའི། །ཕུང་པོ་ཞབས་ཀྱི་གདན་དུ་བཏིང་། །འོད་གདན་གཙང་མ་གསུམ་དང་བཅས། །ཆེ་བ་མཆོག་གི་སྐུར་མཛད་དེ། །རིགས་ཅན་མཐར་གནས་དབུར་མནན་ཅིང་། །སྟོང་པ་བཅྭ་བརྒྱད་དག་ཅིང་སྣང་། །ཕྱག་གིས་དྲེགས་པའི་ལྷ་བརྒྱད་བསྒྲལ། །


DNG024_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བྷནྡྷ་ཙིཏྟ་གཡས་གཡོན་བསྣམས། །ཐུགས་ཀྱི་དབང་རྟགས་དང་པོས་གཟུང་། །ཐུགས་རྗེ་མི་འགྱུར་མཐིང་ནག་མདོག །མི་འཇིགས་རིག་པར་མནན་པའི་ཞབས། །བདུད་བཞི་ཕྱོགས་དང་བཅས་པ་གནོན། །མ་ལུས་དབང་དུ་སྡུད་པའི་ཕྱིར། །རལ་པ་ཁམ་ནག་སྲིད་རྩེར་འབར། །འབར་བའི་སྤྱན་གྱིས་ཁམས་གསུམ་གཟིགས། །གདངས་པའི་ཤངས་ཀྱིས་སྲིད་གསུམ་རྔུབ། །ཤངས་ཀྱི་རླུང་སྒྲས་སྟོང་གསུམ་ཁྱབ། །རྣོ་དབལ་ཚེམས་ཀྱིས་གདུག་པ་སྒྲོལ། །ལྗགས་འདྲིལ་རྐན་སྒྲ་དྲག་པོར་བརྡེབས། །ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུད། །དཔའ་བའི་ཆས་ཀྱིས་རབ་ཏུ་བརྒྱན། །བསྲུང་བའི་ལྷ་རྣམས་སྐུ་ལ་རྫོགས། །སྟོབས་ལྡན་དེ་ཉིད་མཉེས་མཛད་པའི། །འབྱུང་བ་ཆེ་ལ་དབང་སྒྱུར་མ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་མ། །གྲི་གུག་ཏྲི་ཤཱུལ་བདུད་རྩི་གཡས། །བྷནྡྷ་ཞིང་ཆེན་གཡང་གཞི་གཡོན། །གཙོ་བདག་ཚུལ་འཛིན་རབ་ཏུ་སྒེག །དགྱེས་མཛད་རབ་ཏུ་རོལ་པ་ལས། །འདུལ་བྱེད་སྤྲུལ་པ་རབ་ཏུ་འཕྲོ། །ཕྱོགས་བཅུ་འཇིག་རྟེན་ཁམས་ཀུན་གྱི། །གཏུམ་པོ་གདུག་པའི་ཚུལ་འཆང་བའི། །དྲག་སྔགས་བདག་པོ་མ་ལུས་ཀུན། །རང་ཉིད་སོ་སོའི་འཁོར་བཅས་པའི། །བརྟེན་དང་གནས་ལ་རེ་རེར་སྣང་། །རང་དབང་མེད་པར་འདུད་ཅིང་གཡོ། །ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཀ་ཡ་མ་མ་བྷེ་ར་བྷ་གྲྀཧྞ་ཧཱུྃ་ཕཊ། བདུད་དང་གཤིན་རྗེ་སྲིན་པོ་དང་། །གནོད་སྦྱིན་ལྷ་དང་ལོག་ལྟ་ཅན། །རྨུ་རྗེ་ཆེ་དང་ཕྱི་རོལ་ཕྱོགས། །གདུག་བྱེད་མཁའ་ལ་རྒྱུ་བ་དང་། །བྱོལ་སོང་ལྟོས་འགྲོ་ལུས་འཛིན་དང་། །ང་རྒྱལ་འཆང་དང་སྤྲུལ་པ་ཅན། །མཐའ་འཁོབ་གནས་མཐའ་མ་ལུས་རྒྱུ། །ལྷ་བདུད་མི་མ་ཡིན་གྱི་གནས། །ཁ་བ་ཅན་དུ་ཕྱོགས་ཤིང་བསྲེག །ལས་ཀྱི་ལུས་ཀྱི་ནུས་པ་འབྱིན། །མ་ལུས་པ་རྣམས་ཐམས་ཅད་ཀུན། །ཤུགས་དྲག་རླུང་གིས་བསྐྱོད་པ་བཞིན། །རབ་ཏུ་འདར་ཞིང་མདུན་དུ་གནས། །ཐུགས་རྗེ་བདག་པོས་དགོངས་མཛད་ཀྱང་། །གཏུམ་རྔམ་འཇིགས་བྱེད་ཆེན་པོའི་སྐུ། །གསང་ཚིག་དྲག་པོ་གསུང་གི་སྒྲས། །མ་ལུས་ཚིམ་པར་བཀའ་སྩལ་པ། །ཨེ་མ་འཇིག་རྟེན་ཁམས་


DNG024_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི། །དྲག་སྔགས་བདག་པོ་དྲེགས་པ་ཅན། །སྔོན་གྱི་རྡོ་རྗེ་འཆང་ཆེན་དང་། །རང་གི་བཀའ་ལས་མ་འདའ་བར། །ཁྱེད་རྣམས་རང་གི་འཁོར་དང་བཅས། །སོ་སོའི་ལུས་དང་བཏགས་པའི་མིང་། །རིགས་དང་བརྟེན་དང་བྱེད་པའི་ལས། །སྡེ་དང་ཆ་ལུགས་ལོངས་སྤྱོད་རྣམས། །འཇིགས་བྱེད་གནས་འདིར་མྱུར་དུ་སྟོན། །ཁྱེད་རྣམས་འདི་ལས་འདའ་བྱེད་ན། །ང་ཡི་སྲོག་གི་དམ་ཚིག་གིས། །ཁྱེད་ཀྱི་ལུས་སེམས་སྲོག་དང་བཅས། །མ་ལུས་གཏན་ནས་བརླག་པར་བྱ། །ཞེས་བཀའ་སྩལ་ནས། དྲག་སྔགས་ཀྱི་ཚོགས་འདི་དག་ཀྱང་བཀའ་སྩལ་ཏོ། །ཨོཾ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཡ་མ་རཱ་ཛ་མྲྀ་ཏ་ག་སྱ་མ་མ། ཀྵེ་ཏ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། དུ་ཕྲག་རཱ་ཛ་དུག་དུན་མ་ཏིང་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། རཀྴ་རག་མོ་མ་མ་ར་ཏི་ཀ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། ཡཀྵ་ཨ་པ་སྨ་ར་རཀྴ་མི་རུ་ཤམ་པ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། མ་ཧཱ་དེ་བ་ཤྭ་ར་རཱ་ཛ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། མ་ཏྲངྈ་རུ་ཏྲ་ཀཱ་ལ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། མུན་མུན་པ་ཙ་ཙིཏྟ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། ཏིརྟི་ཀ་མ་ཏེ་མ་ཧཱ་དེ་བ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། བིཥྚུ་བི་ཏྲ་རོཀྟི་ཛ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། ནཱ་ག་རཱ་ཛ་ཀུ་མ་ཙནྡྷ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། རཱ་ཛ་བྷུ་ལོང་ཨེ་ས་ཡ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། མ་ཧཱ་ཁུ་ལོ་ས་བྷོ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། བཛྲ་སཱ་དྷུ། སོ་ཨཾ་ཙ་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། ཨ་བྷི་ཤུ་ཏྲཾ་ལི་མཱ་ར་ཡ་ཧྲིང་ཧྲིང་ཛཿཛཿ། ནྲྀ་ཧུར་ཐུམས་ཛཿ། ཤ་ཏྲུྃ་མཱ་ར་ཡ་རྦད་ཅེས་བརྗོད་ཅིང་སྐུ་འཇིགས་བྱེད་འབར་བ་ནི་སླར་ཡང་འཇིགས་སུ་རུང་བར་བསྟན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་རུངས་པའི་སྒྲ་ཆེན་པོ་དང་། འོད་དང་གློག་འབར་བ་དང་རླུང་གི་ཤུགས་དྲག་པོས་གང་བར་གྱུར་ཏོ། །བདུད་དང་གཤིན་རྗེ་ལ་སོགས་པའི་ཕྱོགས་བཅུའི་དྲེགས་པ་ཅན་རྣམས་ཀྱང་རང་རང་གི་འཁོར་དང་བཅས་ཏེ། རབ་ཏུ་འདུས་ནས་རང་རང་གི་རིགས་ཀྱི་དྲེགས་པ་དག་ཕུལ་ཏེ། བཅོམ་ལྡན་འདས་ཉིད་ཀྱི་མདུན་དུ་ཉེ་བར་གྱུར་ནས། བཀའ་རབ་ཏུ་བསྒྲུབ་


DNG024_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྩོན་པར་གྱུར་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་བྱིན་བརླབས་ཆེན་པོས་དབང་དུ་བསྡུ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་རྒྱལ་པོ་མེའི་ཁ་རླངས་ཅན་ཞེས་བྱ་བ། མདོག་ནག་པོ། ཁ་ནས་མེ་འབར་བ། ལག་ན་ཁྲམ་ཤིང་དང་བདུད་ཞགས་ནག་པོ་ཐོགས་པ། ཞིང་ལྤགས་ཀྱི་གོས་གྱོན་པ། ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་ཞེས་བྱ་བ། ལག་ན་ཁྲམ་ཤིང་དང་ཐོད་པ་རློན་པ་ཐོགས་ཤིང་། གོས་སུ་མི་ལྤགས་གྱོན་པ། བདུད་རྟ་ནག་པོ་ལ་ཁྱོ་ཤུག་གཉིས་ཆར་ཞོན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདུད་ཀྱི་རིགས་ཀྱི་ལྷའི་ཚོགས་དང་བཅས་ནས་རིངས་པར་ལྷགས་སོ། །དེ་བཞིན་དུ་འཆི་བདག་གཤིན་རྗེ་ཞེས་བྱ་བ། མདོག་ནག་ཐོད་པ་གྲི་གུག་འཛིན། །ཆུང་མ་གཤིན་རྗེ་ཟ་བྱེད་མ། །གྲི་གུག་ཐོད་པ་ཕྱག་གིས་འཛིན། །ཁྱོ་ཤུག་ཞིང་ལྤགས་རློན་པ་བགོས། །མ་ཧེ་ཆུ་གླང་ཞོན་ནས་ནི། །གཤིན་རྗེ་ཕོ་མོའི་ཚོགས་དང་བཅས། །འགལ་བྱེད་གཟོར་ཞིང་མྱུར་དུ་ལྷགས། །སྲིན་པོ་གསོད་བྱེད་ཡབ་ཡུམ་ཡང་། །མདོག་ནག་ཞིང་གི་པགས་པ་བགོས། །རལ་གྲི་གྲི་གུག་གཡས་ཀྱིས་བཟུང་། །གཡོན་གྱིས་མི་མགོ་ཐོད་ཁྲག་ཐོགས། །སྟག་དང་སེང་གེ་ཞོན་པ་སྐྱོད། །སྲིན་པོའི་ཚོགས་བཅས་མྱུར་དུ་འཁོད། །གནོད་སྦྱིན་གང་བ་བཟང་པོ་དང་། །ཆུང་མ་ཤ་ཟ་རལ་གཅིག་དང་། །མཐིང་ནག་མགྱོགས་བྱེད་རྟ་ལ་ཞོན། །ཞིང་ལྤགས་གྱོན་ཏེ་ཕྱག་གཉིས་ཀྱིས། །རལ་གྲི་དར་ནག་ཞིང་ལྤགས་བཟུང་། །གནོད་སྦྱིན་ཚོགས་དང་བཅས་ཏེ་འཁོད། །དྲག་སྔགས་བདག་པོའི་སྡེ་དཔོན་ཏེ། །ཤར་ལྷོ་ནུབ་བྱང་ཕྱོགས་དག་གི། །གནས་སུ་གཙོ་ལ་འདུད་ཅིང་འཁོད། །དབང་ཕྱུག་ཆེན་པོ་ཞེས་བྱ་བ། །འཇིག་རྟེན་ལྷ་ཡི་སྔགས་དག་གིས། །དཀར་པོ་བ་དན་ཤེལ་གྲི་ཐོགས། །དར་དཀར་གོས་ཅན་གནམ་རུ་ཞོན། །དྲེགས་པ་ལྷ་ཡི་བདུད་འཁོར་བཅས། །རིངས་པར་བཅས་དེ་ཤར་ཕྱོགས་འཁོད། །ཐར་པ་ནག་པོ་ཞེས་བྱ་བ། །མདོག་ནག་མཆོད་གཏོར་དུག་ཐུན་འཛིན། །དོམ་


DNG024_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཞོན་ཏེ་ཞིང་ལྤགས་བགོས། །སྡེ་དང་བཅས་ཏེ་ལྷོ་ཕྱོགས་འཁོད། །རྨུ་རྗེ་ནག་པོ་ཞེས་བྱ་བ། །དར་ནག་དང་ནི་ཞགས་པ་ཐོགས། །བེར་ནག་གྱོན་ཏེ་རྨུ་རྟ་ཞོན། །རང་གི་སྡེ་དང་ནུབ་ཕྱོགས་འཁོད། །མུ་སྟེགས་ནག་པོ་ཆེན་པོ་ཡང་། །ཁ་ཊྭཱཾ་དང་ནི་ཏྲི་ཤཱུལ་བཟུང་། །མི་ལྤགས་བགོས་ཞིང་མ་ཧེ་ཞོན། །རང་གི་སྡེ་བཅས་བྱང་དུ་འཁོད། །ཁྱབ་འཇུག་རོག་ཏི་ཞེས་བྱ་བ། །མཐིང་ནག་ཁྲམ་ཤིང་དགྲ་སྟྭ་འཛིན། །སྤྲིན་ནག་བགོས་ཤིང་འབྲུག་སྔོན་ཞོན། །གཟའ་བདུད་འཁོར་བཅས་སྟེང་ཕྱོགས་འཁོད། །ཀླུ་རྒྱལ་སོག་མ་མེད་ཅེས་པ། །གོས་ནག་སྦྲུལ་ལྤགས་ན་བཟའ་ཅན། །བུམ་པ་དང་ནི་རུས་སྦལ་འཛིན། །ཆུ་སྲིན་ཞོན་ཏེ་ཀླུ་ཚོགས་བཅས། །འོག་གི་ཕྱོགས་སུ་འཁོད་ཅིང་འདུག །གཞན་ཡང་ལི་བྱི་ལག་དགུ་དང་། །ཐེ་སེ་གཙོ་དང་ཡམ་ཤུད་ཀྱི། །སོ་སོའི་སྔགས་ཀྱི་བདག་པོ་དག །དཀར་སེར་དམར་པོའི་མདོག་ལྡན་ཞིང་། །ཤེལ་གྲི་ཐོགས་ཤིང་ལག་དགུ་འགྱེད། །དར་དམར་མདུང་རིངས་ལག་གིས་འཛིན། །རྟ་དཀར་བྱ་རྒོད་ར་སྐྱེས་དང་། །རྟ་དམར་ཞོན་ཏེ་ཞིང་ལྤགས་བགོས། །སོ་སོའི་སྡེ་དང་གཡོག་བཅས་ཤིང་། །ཕྱོགས་ཀྱི་སྒོ་བཞིར་གནས་བཅས་འཁོད། །གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་། །མ་མོ་གཤིན་རྗེ་སྲིན་པོ་བདུད། །རུ་ཏྲ་མུ་སྟེགས་འགོང་ཐེ་དང་། །གིང་རྨུ་གཟའ་དང་རྒྱན་བྲན་སྨན། །སྣང་སྲིད་ལྷ་སྲིན་དྲེགས་པ་ཅན། །དེད་དཔོན་ཆེན་པོ་རྣམས་ཀྱི་འཁོར། །ཕྱི་དང་ནང་དང་གསང་བ་དང་། །ཡང་གསང་དང་ནི་དྲག་པོ་དང་། །བཏགས་ཤིང་ཆགས་པ་སྨས་པ་དང་། །ལས་བྱེད་ཤན་པ་ཐོར་ཤོང་དང་། །ཆེ་གྲགས་རྩལ་དང་མ་མོ་དང་། །མུན་ཐིབས་སྟོང་འཁྲུགས་སྲོག་གཅོད་དང་། །གླེན་ཞིང་དབང་ཆེ་ལ་སོགས་རྣམས། །བཅོམ་ལྡན་རྡོ་རྗེ་འཆང་བ་ཡི། །བཀའ་བཞིན་རྗེས་སུ་སྒྲུབ་བྱེད་པས། །མ་ཐོགས་དུར་ཁྲོད་གནས་ཆེན་དུ། །འདར་ཞིང་མྱུར་བའི་ཤུགས་དང་བཅས། །རང་གི་ནུས་པ་རབ་བསྟན་ཏེ། །བཀའ་ཉན་གསུང་བསྟོད་རྗེས་འབྲངས་གནས། །དེ་ལྟར་འཁོད་པའི་འཇིག་རྟེན་


DNG024_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲེགས་པའི་བདག་པོ་སྔགས་ཀྱི་སྟོབས་དང་ལྡན་པ་དེ་དག་གིས། རང་རང་གི་འཁོར་དང་། རིགས་ཀྱི་སྡེ་དང་། མཐུ་དང་། ལོངས་སྤྱོད་ཀྱི་ཁྱད་པར་དག་ཀྱང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྟན་ནས། འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ། བདག་ཅག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ན་གནས་པའི། མ་རུངས་པའི་ཚོགས་གདུག་པ་ཅན་སྡང་བ། གནོད་པ་དང་། ཤུགས་པ་དང་། འཚོ་བ་དང་རྩོད་པའི་བསམ་པ་དང་ལྡན་ཞིང་། བྱམས་པ་དང་། སྙིང་རྗེ་དང་། ཕན་པའི་སེམས་སྐྱེ་བར་མི་ནུས་པ་རྣམས་ཀྱིས་ཏེ། རང་རང་གི་ཁམས་དང་། བྱེད་པ་དང་། རིགས་དང་། ལས་ཀྱི་བྱ་བ་དང་། རྟེན་དང་། ནུས་པ་དང་། དབང་གི་ཁྱད་པར་དག་དང་། མཐུན་པའི་བསྟན་པ་མི་བཟད་པ་སྟོབས་དང་ལྡན་པ་དག་བཀའ་སྩལ་པར་གསོལ་ཞེས་གསོལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་ཚོགས་ཀྱི་དཀྱིལ་འཁོར་རབ་ཏུ་བཀོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །སྐུ་ཡི་ཆེ་བ་རབ་སྟོན་ཅིང་། །གསུང་གི་སྙིང་པོས་གནད་སྐུལ་ཏེ། །ཐུགས་ཀྱི་དགོངས་པ་གཙོར་མཛད་ནས། །འཇིག་རྟེན་དྲེགས་པ་ཅན་དང་མཐུ་སྟོབས་ཅན། །འདུས་པའི་འཁོར་ལ་བཀའ་སྩལ་པ། །ཧཱུྃ་འཇིག་རྟེན་དྲེགས་པའི་ཚོགས་ཆེན་རྣམས། །ང་ཡི་བཀའ་བཞིན་ཉན་པར་བགྱི། །ང་ནི་ཆོས་སྐུ་བདེ་ཆེན་ཏེ། །ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ། །སྣང་བའི་སྐུ་ལ་དངོས་པོ་མེད། །ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག །ང་ནི་སྔགས་གསུང་མཐུ་ཆེན་ཏེ། །ཡེ་ནས་ཐ་སྙད་སྒྲ་དང་བྲལ། །བརྗོད་པའི་གསུང་ལ་འཛིན་པ་མེད། །མ་འགགས་གསུང་སྟེ་གསུང་གི་དཔལ། །ང་ནི་བདེན་པའི་ཐུགས་མཆོག་སྟེ། །ཡེ་ནས་མཚན་མེད་ཡང་དག་བྲལ། །གཉིས་མེད་ཐུགས་ལས་རྩོལ་བ་མེད། །སྐྱེ་མེད་ཐུགས་ཏེ་ཐུགས་ཀྱི་དཔལ། །ང་ནི་ཡོན་ཏན་ཚོགས་ཆེན་ཏེ། །ལྷུན་གྱིས་གྲུབ་ཅིང་བསམ་མི་ཁྱབ། །སྨོན་མེད་དགོས་པ་མ་ལུས་འབྱུང་། །དངོས་གྲུབ་ཆེན་པོ་བསྐྱེད་པའི་གཞི། །ང་ནི་ཕྲིན་ལས་མཛད་པའི་སྟེ། །ཡོངས་རྫོགས་བརྩོན་


DNG024_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་ཉིད་ཅན། །ཞི་རྒྱས་དབང་དང་མངོན་དུ་སྤྱོད། །སྣ་ཚོགས་གཞན་དོན་ལྷུན་གྱིས་རྫོགས། །འཇིག་རྟེན་སྔགས་བདག་དྲེགས་པ་ཅན། །གཙོ་ཆེན་དབང་སྒྱུར་ཁྱེད་རྣམས་ཀྱང་། །ང་དང་དུས་གསུམ་སངས་རྒྱས་ཀྱི། །ཐུགས་དང་ཡེ་ཤེས་གཉིས་སུ་མེད། །གསུང་དང་དབྱེ་བ་ཡོད་མ་ཡིན། །སྐུ་ལ་སོ་སོར་མི་བལྟ་སྟེ། །ཡོན་ཏན་མཉམ་པ་ཉིད་དུ་རྫོགས། །ཕྲིན་ལས་གཅིག་སྟེ་ཐུན་མོང་བསྒྲུབ། །ཐོག་མ་མེད་ནས་ད་ལྟའི་བར། །ཉོན་མོངས་ལས་ཀྱི་རྒྱུ་འབྲས་ཀྱིས། །གནས་ངན་ལེན་གྱི་ཕུང་པོར་སྨིན། །ང་རྒྱལ་དྲེགས་པའི་ལུས་ངག་སེམས། །སྟོབས་དང་ནུས་པ་དཔག་མེད་རྫོགས། །ཆེ་བཙན་དབང་ཕྱུག་ལྡན་གྱུར་ཀྱང་། །ཡང་དག་ངེས་པའི་དོན་མ་རྟོགས། །དོན་དམ་བདེན་པ་ཁོང་མ་ཆུད། །སྤྲོས་བྲལ་དགེ་ལ་བློ་མ་ཕྱོགས། །རང་རིག་རྒྱལ་བའི་སྟོབས་མ་རྙེད། །སྐྱེ་མེད་དབྱིངས་ཀྱི་རྩལ་མ་ཤར། །བདེ་ཆེན་གནས་ཀྱི་གདེང་མ་ཐོབ། །མཚོན་མེད་བཅུད་ཀྱི་རོ་མ་མྱོས། །ཆོས་ཉིད་སྐུ་ཡི་གཟུགས་མ་མཐོང་། །ཡེ་ཤེས་ཀློང་གི་སྒོ་མ་ཕྱེད། །དེ་བས་རིགས་ཀྱི་བུ་རྣམས་ཀྱིས། །རང་གི་གནས་ལ་རབ་ཏུ་རྟོགས། །ལུས་ལ་བདག་ཏུ་ཡོད་མ་འཛིན། །ངག་ལ་བརྗོད་པར་མ་སྨྲ་ཅིག །སེམས་ལ་དངོས་པོར་གང་མ་རྟོག །གནས་ཡུལ་རིགས་ཁམས་སྡེ་དང་དཔུང་། །བརྟེན་རྫས་ལོངས་སྤྱོད་དབང་སྐལ་རྣམས། །ང་དང་ང་ཡིར་གཟུང་བྱ་མིན། །ཐུན་མོང་དང་ནི་ཐ་དད་གཅིག །དེ་དག་མ་ལུས་སྟོང་པ་སྟེ། །སྟོང་པ་ཉིད་ཀྱང་དེ་དག་གོ། །དེ་ལས་གུད་ན་གཞན་མེད་དེ། །གཞན་ལས་གུད་ནའང་དེ་མེད་ཅིང་། །མ་སྐྱེས་མ་འགགས་མཚན་ཉིད་མེད། །མ་ཕྲི་མ་བསྣན་མ་བསླད་ཅིང་། །མ་བཅོས་མ་བསྒྱུར་མ་བྱུང་ལ། །མ་སྐྱེས་མ་བསྒྲུབས་མ་བཤད་པའི། །དོན་ཆེན་དེ་ནི་རང་ཉིད་ལས། །ཕྱི་ནང་སྔ་ཕྱི་སྟེང་དང་འོག །ཕྱོགས་མཚམས་འཁོར་འདས་ལུས་དང་སེམས། །ཀུན་ནས་རྙེད་པ་མ་ཡིན་ཏེ། །འདི་ནའང་ཡོད་པ་མ་ཡིན་ནོ། །ཤ་ཁྲག་པགས་དང་རུས་པ་དང་། །སྙིང་དང་གློ་བ་སྣོད་རྣམས་དང་། །དབང་པོ་ཡན་ལག་བཅས་པ་ལ། །བདེ་ཆེན་དམ་པ་དེ་མི་གནས། །


DNG024_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གཞན་ནའང་གནས་མིན་ཏེ། །གནས་མ་གྲུབ་ལ་གནས་ཞེས་བརྗོད། །གནས་ཡོད་མཉམ་ན་དེར་རྟོགས་ཤིག །ཅི་འདྲ་ཅི་ཞིག་ཇི་ལྟ་བུ། །གང་ནས་འོངས་ཤིང་གང་དུ་སོང་། །གང་ན་འདུག་ཅིང་ཅི་ཞིག་བྱེད། །དབྱིབས་དང་ཁ་དོག་མིང་དང་མཚན། །རིགས་དང་ཁམས་ལ་རབ་ཏུ་རྟོགས། །དེ་ལ་དེ་ཡིས་དེར་བལྟས་པས། །མཐོང་བ་མེད་པ་བལྟ་བ་ཡི། །གང་ལ་གང་གིས་གར་བསྒོམས་པས། །བསྒོམ་དང་བྲལ་ལ་སྒོམ་ཞེས་བྱ། །ཅི་ལ་སུ་ཞིག་སྤྱིར་སྤྱོད་པས། །སྤྱོད་དགུ་མི་གནས་སྤྱོད་པ་ཆེ། །སུ་ལས་སུས་ཐོབ་ཅི་བསྒྲུབས་པས། །མ་གྲུབ་རང་གནས་འབྲས་བུ་སྟེ། །མ་ལུས་མེད་ཅིང་རྣམ་པ་ཡི། །ཡོན་ཏན་ཡོངས་རྫོགས་དབང་ཕྱུག་གོ། །ཞི་དང་རྒྱས་དང་མངོན་དུ་སྤྱོད། །དབང་དུ་བསྡུ་བ་ཕྲིན་ལས་ཡིན། །རང་ལ་རྫོགས་ཤིང་རང་གིས་གྲུབ། །ཐག་ཆོད་པ་དང་བསྟན་པ་དང་། །ཚད་ལྡན་མཐར་ཕྱིན་ལ་བཟླ་དང་། །འདས་དང་མ་འདས་སྟོན་པ་དང་། །བཤད་དང་ཉན་དང་སྡུད་པ་དང་། །གནས་དུས་ཡོན་ཏན་སྐྱོན་རྣམས་ནི། །རང་གི་དེ་ཉིད་རྟོགས་པས་འགྲུབ། །ཅེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་དོན་དམ་པའི་གནས་ཉེ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །དགོས་པ་ཆེན་པོ་འདི་གསུངས་ཏེ། །ཡེ་ནས་མ་བྱུང་མ་སྐྱེས་པའི། །ཆོས་ཉིད་དོན་གྱི་སྙིང་པོ་ནི། །གཟུང་འཛིན་མཐའ་བྲལ་དོན་རྟོགས་ཏེ། །ང་བདག་འཛིན་པའི་རྣམ་རྟོག་གིས། །དྲེགས་ཤིང་གཟིར་བའི་རུ་ཏྲ་ཏེ། །མ་བསྒྲལ་བ་ནི་ཉེས་པ་སྟེ། །ཐབས་དང་ཤེས་རབ་སྙིང་རྗེ་གསུམ། །མཐུན་ཞིང་མཚུངས་ལྡན་སྲས་ཀྱིས་བསྒྲལ། །དམ་པའི་དོན་དེ་མ་རྟོགས་པར། །དངོས་པོར་སྤྱད་པས་འཁོར་བར་ལྟུང་། །མཁས་རྟོགས་ལྡན་པས་སྤྱད་པ་ཡིས། །འཕགས་པ་མཉེས་ཤིང་སེམས་ཅན་སྒྲོལ། །ཚོགས་ཉིད་རྫོགས་ཏེ་སྐུ་གསུམ་ཐོབ། །རྣམ་རིག་མཐོང་བས་ལ་ཐག་བཅད། །བརྟུལ་ཞུགས་དྲག་པོས་བསྒྲུབ་པ་བརྩམ། །དབང་དུ་བསྡུ་དང་གདུལ་བའི་ཕྱིར། །འཇིག་རྟེན་ལས་ཀྱིས་བསྡུས་པའི་རྒྱུད། །ང་དང་སྟོན་པ་རྣམས་


DNG024_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཤད། །ཆོས་དབྱིངས་རང་གནས་དུར་ཁྲོད་དུ། །རིག་པ་འཛིན་པ་རྣམས་ཀྱིས་ནི། །སངས་རྒྱས་བསྟན་པའི་དོན་དུ་སྡུད། །སྙིགས་མ་རབ་ཏུ་བདོ་བའི་དུས། །བསྡོད་ཅིང་བཙུགས་ལས་ལྟོས་པའི་ཆོས། །སྐྱོན་དང་ཡོན་ཏན་ཚུལ་དུ་འབྱུང་། །བསྟན་པ་འཇིག་བྱེད་ལས་ངན་ཅན། །དྲག་སྔགས་སྟོབས་ཀྱིས་བསྒྲལ་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །དཀྱིལ་འཁོར་གནས་པའི་རྟེན་ཡིན་ནོ། །ལྷ་དང་སྔགས་དང་ཏིང་ངེ་འཛིན། །རྫས་རྣམས་རྒྱུ་དང་རྐྱེན་དུ་འགྱུར། །ལིང་ག་ཉའོ་དམིགས་པའི་རྟེན། །མིང་རུས་བྱང་བུས་རྣམ་ཤེས་དང་། །བླ་ཚེ་འཁོར་བའི་རྟེན་ཡིན་ཏེ། །འགུགས་འདྲེན་གྱིས་ནི་དེ་དག་འགུགས། །ཕོ་ཉས་ལས་ཀུན་སྒྲུབ་པར་བྱེད། །སྔགས་དང་རྫས་ཀྱི་དཔལ་སྐྱེད་ཅིང་། །ཐུན་རྫས་རྣམས་ཀྱིས་མྱོས་པ་དང་། །རེངས་ལྐུགས་མཚོན་འབེབས་རྡུལ་དུ་རློགས། །གནད་དུ་འབེབས་ཤིང་སྙིང་ནས་འདྲེན། །ལྷ་དང་འབྱེད་ཅིང་རྩ་བ་གཅོད། །བྱང་ཆུབ་སེམས་ཀྱི་དངོས་པོ་ནི། །དོན་པོ་ཁྲག་གི་ལན་བུའི་མགོ། །ཀུན་གཞི་ཏིལ་འབྲུ་ཙམ་ཞིག་གནས། །རྩ་བ་རླུང་གནས་འདྲ་བས་ཏེ། །ཕུར་པ་མེ་སྦལ་ལྟ་བུ་ཡིས། །བསྡུས་ཤིང་བསྲེགས་ཏེ་གཅད་པ་ཡིས། །དམིགས་པ་རྟེན་དང་བྲལ་བར་བྱས། །བཀྲག་དང་གཟི་མདངས་རང་ལ་འདུས། །ཕྲིན་ལས་རྣམ་བཞིས་གཟིར་བ་ལ། །དགེ་སྡིག་ངོ་བོ་ཉིད་དུ་མཉམ། །ལྟ་སྤྱོད་ལྡན་པས་ཞིང་བཅུས་ཏེ། །ཕ་རོལ་བླ་མེད་གནས་སུ་བསྒྲལ། །བར་མ་དོ་ཡི་རྣམ་ཤེས་ནི། །ཧཱུྃ་དང་ཕཊ་ཀྱི་འཕྲོ་འདུ་ཡིས། །སྦྱང་དང་སྤར་བའི་ལས་རྣམས་བྱ། །ཕྱོགས་བཅུ་རྒྱལ་བའི་སྲས་སུ་བསྐྱེད། །ཕུང་པོ་ལྷག་མ་ཙམ་ཉིད་ནི། །རྟེན་གསུམ་གྱིས་ནི་རབ་ཏུ་སྦྱང་། །ཆོས་སྐུའི་གཟུགས་བརྙན་བསྟན་པར་བྱ། །འདིས་ནི་ཕ་རོལ་བླ་ན་མེད། །སྤྲུལ་པ་དུས་གསུམ་སངས་རྒྱས་དང་། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡི། །སྤྱོད་པ་རླབས་ཆེན་སྤྱད་པའོ། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་སྒྲོལ་བའི་ཏིང་ངེ་འཛིན་གྱི་དམིགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་


DNG024_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཡིས། །ལས་ཀྱི་བྱེ་བྲག་འདི་གསུངས་ཏེ། །ཐོག་མར་འདི་ལ་ཤིས་པའི་གནས། །དུར་ཁྲོད་ཆུ་གླིང་རི་ཡི་སུལ། །ཁྲོས་ཤིང་གདུག་པའི་གནས་དེ་རུ། །རབ་ཏུ་མནག་ཅིང་གདེང་ལྡན་པས། །དམ་ཚིག་ལྡན་པའི་སྒྲུབ་པོ་སྟེ། །ཡོངས་སུ་རྫོགས་པའི་སློབ་མ་ཡིས། །སྔོན་དུ་བླ་མ་མཉེས་བྱས་ཤིང་། །ལྷག་པའི་ལྷ་ཉིད་སྟོབས་དང་ལྡན། །རྡོ་རྗེ་འཛིན་པ་ཧེ་རུ་ཀ །ཉེ་དང་ལྡན་པ་གཉིས་སུ་མེད། །ཚད་དང་ལྡན་པར་གྱུར་པ་སྟེ། །ཡང་དག་ངེས་པའི་རྟགས་མཐོང་ནས། །རབ་ཏུ་འབད་པར་བྱ་བ་ནི། །སྨིན་འབྱོར་གདུག་ཅིང་ཤིས་པའི་ས། །ལས་ལ་མངག་པ་དེ་དག་ལ། །དྲེགས་པ་གཙོ་འཁོར་དམིགས་པའི་རྟེན། །འདོམ་གང་ལ་སོགས་ཚད་དང་ལྡན། །ལྟེ་བ་ལས་ནི་འཁོར་ལོའི་རྩིབས། །བཞི་འམ་དྲུག་གམ་བརྒྱད་དུ་འགོད། །བར་ཁྱམས་ཕྱོགས་བཞིར་སྒོ་བཞིར་བཅས། །རིམ་པ་གསུམ་གྱི་ཐོད་ཕྲེང་ལྡན། །རང་གི་རིགས་ལ་སྔགས་པ་ཡི། །དབྱིབས་དང་ཁ་དོག་རྒྱན་དང་རྟགས། །ཐམས་ཅད་ལྡན་པ་ཉིད་དུ་བྱ། །དྲེགས་པ་ཅན་རྣམས་སྐུ་ཡི་རྟེན། །བྲིས་སམ་བརྐོས་སམ་བརྩིགས་པ་དག །རང་གི་གནས་སུ་མཛེས་པར་དགོད། །གསུང་གི་སྙིང་པོའང་དེ་བཞིན་ནོ། །ཐུགས་རྟེན་རང་རང་ཕྱག་ཆ་འམ། །སྔོན་ནས་བསགས་པའི་རྫས་ཡིན་ནོ། །རང་སྔགས་བསགས་པའི་འཁོར་ལོ་དང་། །མཐུན་གཟུགས་སྲོག་གི་རྒྱལ་མཚན་རྣམས། །ནང་དུ་མཚོན་པའི་རྟེན་དུ་གཟུགས། །དེ་དག་ཙིཏྟ་སོ་སོ་རུ། །དམིགས་པའི་སྙིང་པོ་དྲིལ་ཏེ་གཞུག །གསང་ཞིང་སྦས་པའི་རྟེན་དུ་འགྱུར། །དེ་ཡི་བྱང་ཤར་ཕྱོགས་མཚམས་སུ། །ང་ཡིས་སྔར་བཤད་རྒྱུད་ཉིད་ལ། །ཨེ་དབྱིབས་བཞི་དང་བརྒྱད་ཅུ་གཉིས། །ཁྲུ་གང་འཛུབ་གང་ཐུར་དུ་བརྐོ། །གདུག་ཅིང་དྲག་པོའི་རྫས་ཀྱིས་བྱུག །གདུག་ཅིང་བསྲེག་པའང་དེ་ཡིས་སོ། །དེ་ཉིད་དགོད་པའི་རྫས་རྣམས་ནི། །རྒྱུད་མེད་གཟུགས་ངན་ཀ་པཱ་ལ། །སེང་ལྡེང་གསེར་ཤིང་ཡན་ལག་སྐྱེས། །དཔལ་ལྡན་དྲག་པོའི་ཕུར་པ་དང་། །ཤེལ་ནག་གནམ་རུ་གནག་པོ་དང་། །གི་ལིང་དཀར་དང་གདོང་དམར་དང་། །ཟླ་མི་གཅིག་དང་


DNG024_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཤིང་དང་། །ཙ་ར་ཀ་དང་མགྲིན་སྙན་དང་། །ས་སྤྱོད་ཆུ་སྤྱོད་རྣམས་ཀྱི་ལུས། །ཕྱི་ནང་བར་དང་གསང་བས་བརྒྱན། །བསྲེག་ཆེན་སྤྱི་ཡི་མཉེས་པའི་རྫས། །རྒྱན་ལྡན་གཟུགས་དང་རྔ་གླིང་སྒྲས། །བསུང་ཆེན་དྲི་དང་ཤ་ཁྲག་རོ། །ཚ་རྩུབ་རེག་དང་འབྲུ་བཅུད་བཤོས། །ཤ་ཆེན་དམ་རྫས་བདུད་རྩིའི་ཚོགས། །རབ་ཏུ་བསྟར་ཞིང་འབད་པས་སྦྱར། །དཔའ་ཞིང་རྟུལ་ཕོད་སྐྱེས་བུ་ཡིས། །ང་ཡི་སྔོན་གྱི་ཕྲིན་ལས་བཞིན། །ཁྲོ་ལ་ཁྲོས་པས་ཞི་མཛད་དེ། །ཐམས་ཅད་གནས་པའི་འབྱུང་ཆེན་ལྔ། །དྲག་པོ་སྔགས་ཀྱི་འབྱུང་བར་བསྒོམ། །ཀེང་རུས་འབར་བའི་རི་རབ་བམ། །དུར་ཁྲོད་འཇིགས་པའི་གཞལ་མེད་ཁང་། །བྷན་དྷ་གནས་རིགས་གསུམ་གྱིས་བརྩིགས། །སྡི་ར་གསར་རྙིང་ཚོགས་ཀྱིས་གཏམས། །རཀྟ་དམར་པོ་བྲུབ་ཅིང་འབབ། །ཚིལ་ཆེན་དུད་པ་འཁྱིལ་ཞིང་འཕྱུར། །དབང་པོ་དོན་སྙིང་འཕྱོ་ཞིང་འབྲུལ། །བདུད་རྩི་བཤང་གཅི་དྲི་བསུང་ལྡན། །ཡན་ལག་ཉིང་ལག་རྐང་ཞིང་སྙིལ། །ཤུན་དང་པགས་པ་བརྒྱངས་ཤིང་འཕྱར། །ཕྱོགས་བཞི་མཚམས་དང་སྟེང་དང་འོག །གཅུས་དང་འཕྱང་བ་བསྐུམ་དང་བརྒྱངས། །རྒྱལ་མཚན་དང་ནི་ཟ་ར་ཚགས། །བ་དན་བླ་རེ་ལྷབ་ལྷུབ་དང་། །ཕུར་པ་དང་ནི་ལྟབ་མ་དང་། །ཡོལ་ཀོ་ཀ་མ་ལ་གཏམས་ནི། །རབ་ཏུ་མཛེས་པའི་རྒྱན་གྱིས་བརྒྱན། །གཞལ་ཡས་འབར་བ་དེ་འདྲ་བ། །རབ་ཏུ་སྔགས་པ་འདི་ལས་བཤད། །དྲེགས་པའི་བདག་པོ་ཡུམ་དང་བཅས། །སྦྱོར་ཞིང་དགོས་པ་དེ་ཉིད་ཀྱིས། །བདག་གི་རང་བཞིན་ཡོངས་སུ་བསྐྱེད། །འཕྲོ་དང་ཆས་ཀྱི་ཁྱད་པར་དང་། །བསྡུ་དང་རང་གི་གནས་སུ་བརྟག །སྐུར་གྱུར་གང་གི་མཚན་ཉིད་ངོ་བོ་དང་། །བྱང་ཆུབ་སེམས་ཀྱི་བྱ་བ་ཡིས། །ཡུམ་དང་བཅས་པ་ཡོངས་སུ་རྫོགས། །དེ་ཡི་ལས་ཀྱང་སྔར་བཞིན་དུ། །རྒྱལ་མཛད་རང་གི་ཕྱག་རྟེན་དུ། །དམིགས་པ་མྱུར་ལྷགས་དེ་ཡི་འཁོར། །བདུད་དང་གཤིན་རྗེ་སྲིན་པོ་དང་། །གནོད་སྦྱིན་དྲག་པོའི་ཀླུ་དང་ལྷ། །རང་རང་ཆུང་མར་བཅས་པ་དག །ངས་བཤད་བཞིན་དུ་འཇིགས་པར་བསམ། །སྒོ་བཞིར་གནས་པ་དེ་དག་སྟེ། །ལྷ་


DNG024_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་མོ་རྒྱལ་པོ་གིང་། །བཙན་འགོང་རྨུ་དང་མུ་སྟེགས་དང་། །རང་གི་སྡེ་དང་དཔུང་དུ་བཅས། །མ་ལུས་དྲེགས་པ་ཅན་གྱི་ཚོགས། །འདི་ལས་རབ་བརྗོད་གང་ཡིན་པ། །དེ་ཉིད་དུ་ནི་གསལ་བར་བྱ། །ང་ཡི་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་རིགས་ཀྱི་དབང་བསྐུར་ཞིང་། །བྱིན་གྱིས་བརླབས་ནས་རྒྱས་བཏབ་སྟེ། །དེ་ལ་རང་བཞིན་གནས་པ་བསྡིམ། །ཡོངས་རྫོགས་སྐུ་ཡིས་བསྟན་པ་བསྒྲུབ། །ཕྱག་འཚལ་མཆོད་པ་འབུལ་ཞིང་བསྟོད། །རབ་ཏུ་མཉེས་པ་རྒྱ་ཆེར་བྱ། །ཕྱི་དང་ནང་དང་གསང་བ་ཡིས། །བསྡུ་དང་སྦྱོར་དང་སྒྲོལ་བ་དང་། །གནས་དང་རིང་དང་རིམ་པ་དང་། །བསྐྱེད་དང་དབབ་པ་མཉེས་པ་ཡི། །གནས་ལུགས་ལྷུན་གྲུབ་མ་བཅོས་པས། །དྲག་སྔགས་རོལ་པ་མ་འགགས་སྤྱོད། །རང་གི་ལས་ལ་སྦྱར་བ་ནི། །བདུད་ཀྱི་ཁྲམ་དང་གཤིན་རྗེའི་ལྟོ། །སྲིན་པོའི་དམར་དང་གནོད་སྦྱིན་བྱད། །ལྷ་ཡི་ཆད་དང་མ་མོའི་རིམས། །གཟའ་ཡི་ཀི་ཀང་ཀླུ་ཡི་དུག །ཚེ་ཆད་པ་དང་ཁྲི་མོན་བཅུག །གཅན་གཟན་འཛུམས་དང་ལྕགས་སྒྲོག་ཚུད། །ནད་དང་མཚོན་ཉིད་ཁོང་ཞུགས་དང་། །དུག་འཐུངས་ཐོག་བབས་བཞིན་དུ་དྲག །ཐར་ཞེས་བྱ་བ་གདགས་སུ་མེད། །བདུད་ནི་མ་བརྟགས་སྲོག་ལ་རྒོལ། །གཤིན་རྗེ་འཁོར་བའི་འཁོར་ལོས་གཅོད། །སྲིན་པོ་རལ་གྲིའི་སོ་ཡིས་འགེམས། །གནོད་སྦྱིན་གནམ་ལྕགས་ཐོག་གིས་འཇོམས། །ལྷ་ནི་འདོད་པའི་མདུང་གིས་སོར། །མ་མོ་དཔག་མེད་མདའ་བཞིན་འབིགས། །གཟའ་བདུད་སྟོབས་ཆེན་སྒྱོགས་ཀྱིས་བརྡེག །ཀླུ་ནི་ས་འོག་རལ་གྲི་སོགས། །ཐམས་ཅད་འདུལ་ཞིང་གཅོད་པའི་སྔགས། །མུན་པ་གླིང་འཁྲུགས་བདུད་ཀྱི་སྐད། །ངུ་འབོད་ལྟ་བུ་གཤིན་རྗེ་སྟེ། །རོ་ལེན་དུར་བ་སྲིན་པོས་འགྲེན། །ལྕེ་མདུད་དྲག་པོ་གནོད་སྦྱིན་ནོ། །བཀའ་ཆད་དྲག་སྩལ་ལྷ་ཡི་དམོད། །ངུ་འབོད་གདུང་བ་མ་མོ་སྟེ། །འབྲུག་སྒྲ་གློག་འབྱིན་གཟའ་བདུད་དོ། །ཀླུ་ཡིས་སྦྲུལ་ནག་དུག་གིས་འཇོམས། །འཇིག་རྟེན་ལྷ་སྲིན་རང་སྒྲ་ཡིས། །ཕལ་པ་རྣམས་ལ་དམོད་པར་བྱེད། །དེ་ནི་དྲག་སྔགས་དམོད་པའོ། །ཞེས་བཀའ་སྩལ་ཏོ། །


DNG024_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་དམོད་པ་ཉེ་བར་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །སོ་སོའི་དྲག་སྔགས་དམོད་པ་བསྟན། །ཕུང་བཤིག་བདུད་ཀྱི་དྲག་སྔགས་ནི། །རབས་ཆད་ནག་པོའི་ཐོད་པ་རུ། །ཤེལ་ནག་སྙིང་དུ་ཉའོ་སྩལ། །དུར་ཁྲོད་རས་ནག་རྒྱ་ཡིས་གདབ། །ཚོན་སྣ་ལྔ་འམ་ནག་པོས་བཅིངས། །གྲི་ལྕགས་སྦུག་མ་སྲོག་རྩར་གཞུག །ཡུངས་ཀར་ཡུངས་ནག་ཏིལ་ནག་དང་། །སྐེ་ཚེ་ཤང་ཚེ་ཟི་ར་དང་། །ཟངས་ལྕགས་རྡོ་ཡི་ཕྱེ་མ་དང་། །དུག་ཁྲག་ངར་དང་བཅས་པ་རྣམས། །མུ་སུ་ར་ཡི་ཐོད་པར་བསྡུ། །བདུད་ཀྱི་སྲོག་ཏིག་སྔགས་ཀྱིས་མངག །བདུད་པོ་ནག་པོ་ཁ་མུན་དེ་བ་མི་ལ་ཆོ། ཀ་ལ་མུ་ཏྲི་མཱ་ར་ཡ། དགྲ་བོ་སྙིང་ལིང་ཙིཏྟ་རྦུད། ནྲྀ་བཟླུམ་ཁྱིགས། བྲམ་བྲམ་རོ་ལ་འདུས། ཟེར་སྤྲུགས། རོ་སྤྲུགས། བདུད་རྗེས་ཆོད། བདུད་མོས་རོལ།བདུད་བུས་གཏོར། བྃ་ཁྱིགས། པྲ་མ་ནི། ཤ་ཏྲུྃ་མཱ་ར་ཡ་རྦད། མུན་པ་གླིང་ཁྲུགས་ཞེས་བྱ་བ། །མ་འོངས་བདུད་ཀྱི་རང་སྐད་དེ། །རྟག་ཏུ་བརྗོད་ཅིང་སྦུག་མར་བྲབ། །གང་ལ་དམིགས་པ་དེ་མྱུར་དུ། །སྣང་སྲིད་བདུད་ཀྱིས་སྲོག་ནས་འདྲེན། །མི་ནག་གོ་མཚོན་བཅས་པ་དང་། །སྔགས་ནག་བུད་མེད་མོན་དང་རྡོ། །ཁྱི་ནག་རྟ་ནག་བྱ་ནག་དང་། །རྒོད་ནག་དྲེ་ནག་ཤེལ་ནག་དང་། །རི་ནག་མཚོ་ནག་ཤེལ་ནག་ཚོགས། །དམག་དང་འཁྲུག་དང་འཐབ་པ་དང་། །ཁྲིད་དང་གསོད་དང་ཤ་བ་དག །ལས་བྱེད་གྲུབ་པའི་རྟགས་སུ་འགྱུར། །དེ་ནས་ཉའོ་བསྟབས་ཤིང་བསྒྲལ། །གྲི་མཚོན་ཕུར་པ་རྣམས་ཀྱིས་གཏུབ། །ལྷག་མ་བདུད་རྩི་ཤ་ཁྲག་སྦྱར། །ཀུ་ཀུ་ནག་པོའི་ཟས་སུ་སྦྱིན། །རོལ་པར་མི་བྱེད་བསྐྱར་ལ་བསྒྲུབ། །རུ་ཏྲས་མྱོས་ཤིང་འཐིབ་ནས་འཆི། །འཆི་བདག་གཤིན་རྗེའི་དྲག་སྔགས་ནི། །རྒྱུད་མེད་ཕོ་མོ་ཀ་པཱ་ལ། །ཟ་མ་ཏོག་ཏུ་ཁ་སྦྱར་ལ། །ནང་དུ་དེ་ཉིད་ཙིཏྟ་གཞུག །ཕོ་ཐོད་སྟེང་ནས་སྤྱི་བོར་ཕུག །བཅིང་དང་དགབ་པ་དྲང་བ་དག །སྔར་བཤད་རྫས་ཀྱིས་བྲབ་ཅིང་བརྡེག །ཡ་མ་མེ་ཏཀྵེ། ར་ཙ་ས་ཏོ་མེ། རུ་ཙ་ན་ཡོ་ནི། རོ་མ་ཙ་མི། ཡ་མ་རཱ་ཛ། མུ་ཀ་སྙིང་ཁྲག་རྩ་ལ་


DNG024_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྦད། ཡ་མ་དབུགས་ལ་རྔུབས། རོ་ཙ་ཡ་མ་རཱ་ཛ། རཱ་ཛ་བྃ་རིལ་རྦད། ཡ་མ་རཱ་ཛཿཧྲི་སྙིང་གོང་ཆོད། ཡ་མ་སྙིང་། ཡ་མ་ཁྲག །ཡ་མ་དུ་བྃ་རིལ་རྦད། གཤིན་རྗེ་བསྡུས་ཤིང་དྲིལ་བའི་སྔགས། །རབ་ཏུ་བསྔགས་ཏེ་ཙིཏྟར་བྲབ། །ཤ་ཁྲག་ཆེན་པོས་མཉེས་པར་བྱ། །གསོད་བྱེད་ནག་པོའི་ཚོགས་རྣམས་ཀྱིས། །དོན་སྙིང་རློན་པར་སྟེར་བ་དང་། །སྙིང་དང་ཐོད་པ་འཕར་བ་འབྱུང་། །དེ་ནས་ལས་ལ་སྦྱར་བྱས་ན། །གང་ལ་དམིགས་པ་མྱུར་དུ་སྒྲོལ། །གཏུམ་ཁྲོ་སྲིན་པོའི་དམོད་པ་ནི། །མྱུར་ཤིའི་ཐོད་པར་དེ་སྙིང་ནང་། །དམིགས་པ་རྣམས་ཀྱི་གཟུགས་བརྙན་དེ། །མིང་སྔགས་ལྡན་པ་བཙལ་བྱས་ཏེ། །ལེ་བརྒན་ཁ་དོག་དར་གྱིས་དྲིལ། །སྔོ་དམར་སྐུད་པའི་དྲ་བར་གཞུག །སྡི་ར་གསར་པ་ཁ་ཕྱེ་ལ། །དབང་པོ་དོན་སྙིང་ནང་གྲོལ་གྱི། །སྲིན་པོ་སྐང་ཞིང་དམོད་པ་བཟླས། །རག་ཤ་སྲིན་པོ་ས་མུན་ཛཿརག་ཤ་རུ་ཏྲ་ཧུར་ཧུར་བྷྱོ། རུ་གཉན་ནག་པོ་དགྲ་ལ་བྷྱོ། དགྲ་བོ་མུ་ལེ་ཤི་ནི་སོད་སོད། ཧབ་ལེ་ཧོབ་ལེ་ཁ་ཐུན་བྷྱོ། རག་ཤ་ཛཿཏྲི་ཏ་ཛཿདུ་ར་དུ་ར་ཤན་ཛཿརག་ཤ་རྦད། ནྲྀ་མཱ་ར་ཡ་སོད། དམོད་པ་རྫས་ལ་བཟླས་ཤིང་བརྡེག །མི་ནག་ཤན་པའི་ཚོགས་རྣམས་ཀྱིས། །ཁྲིད་དང་གསོད་དང་དོན་སྙིང་སྟེར། །ལས་ལ་སྦྱར་བ་ཚུལ་བཞིན་གྱིས། །དགྲ་བོའི་དོན་པོ་མྱུར་དུ་སྒྲོལ། །དྲག་སྔགས་གནོད་སྦྱིན་དྲག་སྔགས་ནི། །རྟ་དཀར་སྙིང་དང་ཐོད་པ་ནི། །ཉའོ་གཞུག་པའི་སྣོད་དུ་བསྔགས། །རག་ཆེན་ལ་ཕུག་མུ་ས་ལ། །སྙིང་སྣ་ཁྲག་སྣ་སྦྱར་བས་མཆོད། །གནོད་སྦྱིན་སྲོག་ཏིག་དམོད་ལ་བརྗོད། །ཡཀྵ་བ་ཧུ་ད་རི་ཛཿ། མ་ག་ལ་བག་ཤ་ཛཿ། རུ་རུ་མ་རུ་ཏྲ་མ་ཏི་ཛཿ། ཡཀྵ་སྙིང་ལ་ཤད་ཤད་དུ་ཛཿ། ཡཀྵ་སྲོག་ལ་དྲེང་ཐུཾ་ཛཿ། མིང་ཤར་ཚོགས་དང་འོད་དང་སྒྲ། །རླུང་དམར་དག་དང་བུ་ཡུག་འོང་། །གསང་བའི་རྫས་ཀྱིས་དྲག་ཏུ་བརྡེག །ལྷག་མ་བསྲེགས་ཤིང་རླུང་གིས་གཏོར། །དེ་ཉིད་ཁྲག་ཏུ་སྐྱུགས་ཏེ་སྒྲོལ། །དྲག་རྩལ་ལྷ་ཡི་དྲག་སྔགས་ནི། །ལྷ་གཡག་དཀར་པོའི་སྙིང་ནང་དུ། །བརྣག་པའི་གཟུགས་དང་མིང་རུས་བྲིས། །སྔོན་དམར་སྐུད་པས་སྐེ་ནས་


DNG024_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གདགས། །རྗེ་རིགས་ཐོད་པའི་ནང་དུ་གཞུག །དར་དཀར་གྱིས་ནི་ཁ་བཅད་ལ། །ཚོན་སྐུད་སྣ་ལྔས་བཅིང་བར་བྱ། །བྱ་རྒོད་དར་མའི་སྒྲོ་རྩ་ནི། །སྲོག་རྩར་བཅུག་ལ་དཀྱིལ་དུ་བརྟོལ། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ཐུར་དུ་བྲུ། །ལྷ་རྡོ་གསུམ་གྱི་སྒྱེད་པོ་ལ། །གོང་གི་ཐོད་པ་གཞག་པར་བྱ། །མཐུན་རྫས་བཤོས་གཙང་རྔོན་ཆ་དང་། །རུ་དཀར་སྙིང་དང་ཤེལ་དཀར་སྙིང་། །བྱ་དཀར་སྙིང་དང་རུ་མཚོན་དང་། །བ་དན་དཀར་པོ་རྟེན་དུ་གཟུགས། །ཡུངས་ཀར་སྔགས་ཀྱི་མདའ་ཆོག་ནི། །ཐུན་གྱི་རྫས་སུ་གཞག་པར་བྱ། །དྲག་སྔགས་སྙིང་གི་ནང་དུ་བྲབ། །སྟོབས་ལྡན་རྡོ་རྗེ་འཛིན་གསལ་བས། །ལྷ་རྣམས་འདུས་པའི་སྔགས་རྣམས་སྦྲེང་། །མ་ཧཱ་དེ་བ་ཏི་ཛཿཏི་ཛཿ། ས་མ་ཕྲ་མན་རག་ཤ་ཀྃ་ཀ་ལ་ཡ་ཧཱུྃ། དེ་བ་རཱ་ཛ་མ་ཧཱ་ནི་ཛཿ། དགྲ་བོ་མ་ར་ཡ་ཐུན་རྦད་ཐུན་རྦད། ཤག་སེན་ཛཿཛཿཤག་སེན་ཛཿཛཿཧཱུྃ་ཧཱུྃ། ཙ་ཏུར་མུ་ཁ་རག་ཤ་མ་ན། ཀང་ཀ་མ་ཡ་ཧཱུྃ། མ་ཧཱ་དེ་བ་ཨ་མུ་ཀ་མཱ་ར་ཡ་སོད། འཇིག་རྟེན་གྲགས་པ་མཐུ་རྩལ་ཅན། །ལྷ་ཡི་བོད་རྦད་གསད་གསུམ་དྲིལ། །དྲག་ཏུ་བཟླས་ཤིང་སྙིང་ནས་བྲབ། །རྟགས་ཀྱི་རྒྱལ་པོ་རྗེ་དཔོན་དང་། །སྐྱེས་པ་སྟག་ཆས་དར་མ་དང་། །ཞུབ་ཅན་ཕོ་ཚོགས་འོང་བ་ནི། །གསོད་གཅོད་བྱེད་དང་སྙིང་འབྱིན་དང་། །དངོས་སུ་སྙིང་ཕྱུང་འཕང་བ་འོང་། །རྟགས་བྱུང་སྙིང་ནས་ལིང་ག་དབྱུང་། །མཚོན་གྱིས་གཏུབ་ལ་མེ་ལ་བསྲེག །ཐལ་བ་ཉའོ་བྱས་ནས་ནི། །ཐོད་པར་བཅུག་ལ་ལྷ་རྟེན་ནམ། །འཇིག་རྟེན་ལྷ་ཆེན་གནས་སར་མནན། །ལྷ་ཡི་དལ་ཡམས་དགྲ་ལ་ཕེབས། །ནད་བདག་མ་མོའི་དྲག་སྔགས་ནི། །ནྲྀ་དྲིའི་མོ་ཡི་ཐོད་པ་རུ། །དེ་ཡི་སྙིང་ནང་ལིང་ག་གཞུག །མཐིང་ནག་དར་གྱིས་ཁ་གཅད་ལ། །ཐོད་པ་ཚོན་སྐུད་ལྔ་ཡིས་བཅིངས། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དབུས། །ཐོད་པ་བཅུག་ལ་བསྒྲུབ་པར་བྱ། །སྨུག་ནག་གསུམ་གྱི་སྙིང་ཁྲག་གིས། །མ་མོ་འཁོར་དང་བཅས་པ་མཆོད། །ཡུངས་ཀར་ཡུངས་ནག་སྐེ་ཚེ་ཚོགས། །དྲག་པོའི་ཐུན་རྫས་ཚོགས་ཚད་ལ། །མ་མོ་རྣམས་ཀྱི་དམོད་པའི་སྔགས། །མ་མ་སྙིང་ཁ་རག །


DNG024_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་སྙིང་ཁ་རག །མ་མ་རཀྴ། མ་མ་རག་ཤ །ཏྲག་རག་ཤ་སྙིང་ཁྲག་ལ་ཧུབས་ཛཿ། སྙིང་ཁྲག་རྩ་ལ་དུན་དུན། ཏྲག་རག་ཤ་མ་མ་ཛཿཛཿ། དམ་དམ་དགྲ་སྙིང་རྦད་བུ་ནན་མ་མ་ནྲྀ་སྙིང་ཙིཏྟ་ལ་ཐུན། ཏྲག་རག་ཤ་ཏྲ་རག་ཤ་མོ་ཐུན་ཐུན། མུགས་མུགས་མྱོགས་མྱོགས་རྦད་རྦད་ཛཿཛཿམ་མ་ཐུན། སྙིང་ཁྲག་ཐུན། ཤ་ཏི་ཏ་མ་མ་རག་མོ། ས་མ་ཡ་བྷྱོ་བྷྱོ། མ་མོའི་སྲོག་ཏིག་བསྡུས་པ་ཡི། །གསད་པ་ལས་ཀྱི་ངན་སྔགས་འདི། །གྲི་ལྕགས་ལས་བྱས་སྦུ་གུ་འམ། །བྱ་རྒོད་སྒྲོ་རྩའི་ནང་ནས་བསྔགས། །མ་སྲིང་མོན་མོ་ཕལ་མོ་དང་། །བྱི་མོ་ལ་སོགས་བུད་མེད་ཚོགས། །བྱ་ནག་རྒོད་ནག་ཚོགས་ཆེན་ལྷགས། །དངོས་སུ་ཤ་དང་མགོ་སུག་སྟེར། །ཙིཏྟ་དངོས་སུ་འཕར་བ་དང་། །བསད་རྟགས་ཡོངས་སུ་རྫོགས་པ་དང་། །སྙིང་ལ་ཕུར་པས་གདབ་ཅིང་བསད། །དུག་ཤིང་མེ་ལ་སྦྱིན་སྲེག་བྱ། །ཐུན་ཁྲག་དམིགས་པའི་དགྲ་ལ་འཕང་། །ཐལ་བ་བསྡུས་ལ་ཉའོ་བྱ། །དུར་ཁྲོད་དབུས་སུ་གནས་པར་བྱ། །རིམས་ནད་དག་གིས་དམིགས་པ་སྒྲོལ། །དྲག་པོའི་གཟའ་ཡི་དྲག་སྔགས་ནི། །མོན་པ་ནག་པོའི་ར་རོག་པོའི། །ཐོད་པར་སྙིང་ནང་ལིང་ག་གཞུག །སྲོག་རྩར་གྲི་ལྕགས་སྦུ་གུ་གཞུག །ཡུངས་ཀར་ཡུངས་ནག་ཟངས་ལྕགས་ཕྱེ། །ཐུན་དུ་སྔགས་ཏེ་ཐོད་པར་བྲབ། །མཱ་ར་པ་ཤ་མི་ཀི། དུ་རུ་དུ་རུ། མི་ཏི་ཛྭ་ལ་ཏི་ཛཿ། ཙ་བ་མ་ནི། རུ་རུ་ར་ཧུ་ལ། ཨ་ཏྲ་ཏ་ཏྲ་པད་མ་ཤ་ར་ཤ་ར་ཤསྟ། ཨ་མུ་ཀ་མུ་ར་རུ་ཕཊ། ཏྲི་ལིང་ཀ་ཤངྈ་དུ་དྲི། ཛཿཛཿཡག་ཤ་ཐུན། བུམ་དྲིལ་ཤི་ནི་བྃ་བྷ་བ་ཧི། ཁ་ཡག་ཁ་དུན་ཏི། རུ་ཏི་ཤུ་ཏི་ཏི་ཏྲིག་ཤུ་ལ་པྲ་ཏི། མཱ་ར་ཡ་ཛཿ། དབང་ཆེན་གཟའ་ཡི་དྲག་སྔགས་འདི། །དྲག་པོའི་རྫས་ལ་བསྔགས་ཏེ་བརྡེག །ཤ་རུལ་ཁྲག་རུལ་བཙོས་དང་རྗེན། །དཀར་གསུམ་དམར་གསུམ་རྫས་ཀྱིས་མཆོད། །ཉི་ཟླ་ཀླད་ལ་འཁོར་བ་དང་། །མོན་པ་ནག་པོ་འོང་བ་དང་། །སྦྲུལ་ཆེན་གཤོག་ཅན་འཁྱུག་པ་དང་། །བར་སྣང་འཇའ་ཡིས་ཁེངས་པ་དང་། །དགྲ་བོ་དངོས་སུ་ཁྲིད་ནས་འོང་། །རྒོད་དང་རི་དྭགས་གསོད་པ་དང་། །དོན་སྙིང་ནང་ཁྲོལ་སྟེར་ཞིང་རོལ། །དེ་ལྟའི་གསོད་


DNG024_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་རྫོགས་པ་དང་། །སྙིང་དང་ལོང་ཀ་ཧོཾ་མེར་བསྲེག །ཐུན་རྫས་དགྲ་ཡི་ཡུལ་དུ་གཏོར། །ཐོད་པ་ཀླུ་ཡི་བརྟན་སར་སྦ། །ཆུ་འཁྱགས་སེར་བ་དྲག་ཏུ་དབབ། །ཧུར་ཐུམ་ནད་ཀྱིས་གློ་བུར་འཆི། །ཁ་ལྐུགས་རྐང་ལག་རེངས་པར་འགྱུར། །གདུག་པ་ཀླུ་ཡི་དྲག་སྔགས་ནི། །ལུང་གསུམ་འདུས་པའི་དབེན་གནས་སུ། །སྟེགས་བུ་མཐིང་ནག་གྲུ་གསུམ་བྲུས། །དགྲ་ཡི་ཕ་མེས་མགོ་བོ་འམ། །ཡང་ན་མཛེ་ཅན་ཐོད་པ་རུ། །དགྲ་ཡི་མིང་རུས་བྲིས་ཏེ་གཞུག །གཙང་མའི་སྣོད་དུ་དཀར་གསུམ་དང་། །མངར་གསུམ་ཀླུ་སྨན་སྣ་ཚོགས་དང་། །རྟག་ཏུ་མཆོད་ཅིང་མངག་པར་བྱ། །ཨོཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཱ་ཛཿདགྲ་བོ་ཧེ་ཁུ་ལ་ཕེ་ཤན། ནཱ་ག་ཕོས་ཕོས། ཤིག་ཤིག །ཧུ་ཡ་ཧུ་ཡ། ཏི་ཡ་ཏི་ཡ། ཏི་པ་ཙ་ཏི་པ་ཙ། ཨ་ཤ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཱ་ཛ་དགྲ་བོ་མཱ་ར་ཡ་རྦད། ཤག་ཏི་རྦད། སྲོག་ཏི་རྦད། སྙིང་ཏི་རྦད། སྙིང་ལ་རིལ་ཤམ་ཤམ་རྦད། ཨོཾ་ཤན་ནག་པོ་ཕེ་རག་ཨུ་ད་ནཱ་ག་རཱ་ཛ་ནཱན། ཐི་ལི་ནཱན། ཕོ་ལི་ནཱན། དྲག་ཏུ་བརྗོད་ཅིང་བསྒྲུབ་པ་ཡིས། །མེ་ཆེན་འབར་དང་ཆུ་ཆེན་བྲུག །བ་གླང་སྦལ་སྦྲུལ་སྡོམ་སྡིག་ཚོགས། །ཤིང་གཅོད་ས་སྙིལ་བྲག་རལ་སོགས། །ལུས་ལ་ཤུ་བ་སྐྲང་ལོ་བྱུང་། །སྟོབས་ལྡན་གཉེན་པོས་དྲག་ཏུ་གཅུན། །དེ་ནས་བྱང་བལྟས་ཆུ་མིག་ཏུ། །བ་ལིང་གཏང་ཞིང་བདེན་པ་བརྡར། །ཐོད་པ་ལིང་གར་བཅས་པ་མནན། །ཀླུ་རྒྱལ་འཁོར་དང་བཅས་ལ་གཏད། །ཕུང་པོ་ལྷག་མེད་བཏང་བར་བསམ། །གནས་སུ་ཕྱིན་ལ་བསྲུང་བར་བྱ། །དགྲ་ནི་མཛེ་དང་རྨུགས་པས་འཆི། །སྡེ་བརྒྱད་སོ་སོའི་དྲག་སྔགས་ཀྱིས། །འཇིག་རྟེན་ལས་ཀྱིས་མནར་བ་ཡི། །བསྟན་པའི་རུ་ཏྲ་གདུག་པ་ཅན། །མ་ལུས་རྣམས་ཀྱི་གཤེད་དུ་འགྱུར། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་དྲེགས་པའི་སྡེ་སོ་སོའི་ལས་ལ་སྦྱར་བ་དྲག་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །འཇིག་རྟེན་དྲེགས་པ་ཅན་རྣམས་ཀྱི། །སོ་སོའི་རིགས་དང་གཏན་ཚིགས་དང་། །སྡེ་དང་ལས་ཀྱི་བྱེད་པ་བསྟན། །སྔོན་གྱི་འཇིག་རྟེན་


DNG024_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་འདི་ཉིད། །ཕུང་པོ་ཉོན་མོངས་ལ་བརྟེན་ནས། །ང་རྒྱལ་དྲེགས་པའི་དབང་གིས་མྱོས། །རང་གཞན་ཀུན་ལ་འཚེ་ཞིང་རྩོད། །གནས་ངན་ལེན་གྱིས་ཁ་ཁྲིད་བྱས། །ལེགས་པའི་ལན་དུ་ཉེས་པར་སྤྱོད། །མ་རིག་རྩ་བ་ཡན་ལག་གིས། །གཏི་མུག་མུན་ཐིབས་བདུད་དང་ཀླུ། །ང་རྒྱལ་སྟོབས་ཀྱི་དྲེགས་པ་བདག །ལྷ་དང་རྒྱལ་པོ་གོལ་སར་འགྱུར། །ཕྲག་དོག་གཟའ་དང་གཤིན་རྗེའི་རིགས། །འདོད་ཆགས་མ་མོ་གནོད་སྦྱིན་རིགས། །ཞེ་སྡང་བཙན་དང་སྲིན་པོར་གོལ། །སྲོག་ལུས་འདྲེལ་བས་བདུད་ཅེས་བྱ། །ཡི་དྭགས་གཤིན་རྗེ་རྡོག་རྣམས་རྗེ། །ཕྲ་མོར་རྒྱུ་བ་སྣང་ཞིང་དྲེགས། །དེ་ཡི་དོན་གྱིས་སྲིན་པོར་བྱུང་། །གང་གིས་གནོད་པ་སྦྱིན་བྱེད་པའི། །དེ་ཡི་རིགས་དང་མཚན་ཉིད་དོ། །གང་ལས་བསྐྱེད་པ་མ་མོ་སྟེ། །སྐྱོང་བྱེད་ནུས་པ་ལྷ་ཡིན་ནོ། །གདུག་ཅིང་གཏུམ་པས་མི་འཆོར་བ། །གཟའ་ཞེས་བྱ་བར་བརྗོད་པ་ཡིན། །བླུན་ཞིང་མྱོས་པས་ཀླུ་ཞེས་བྱ། །འགྲོ་བ་རིགས་དྲུག་སོ་སོ་ལ། །བདུད་དང་ལྷ་དང་ལྷ་མིན་ཏེ། །གནོད་སྦྱིན་གཟའ་དང་རྒྱུ་སྐར་བཅས། །རྒྱལ་ཆེན་རིགས་བཞིའི་ལྷ་ཡི་སྡེ། །མ་མོ་སྲིན་མོ་མི་ཡི་སྡེ། །གཤིན་རྗེ་ཡི་དྭགས་སྡེ་ཡིན་ཏེ། །ཀླུ་ནི་བྱོལ་སོང་སྡེ་ཡིན་ནོ། །བདུད་རིས་ཕོ་དང་མོ་ཡི་རིགས། །ཡེ་ནས་གནས་དང་བློ་བུར་བྱུང་། །འཐབ་དང་མྱོས་དང་དྲེགས་པར་བྱེད། །སྲེད་དང་ཆགས་པར་བྱེད་པ་སྟེ། །གཤིན་རྗེ་ལས་དང་ཞི་བས་སྟེ། །གཟུགས་ཅན་གཟུགས་མེད་དབང་ཅན་དང་། །དབང་མེད་ཕྱི་དང་ནང་ཁྱད་པར། །ལས་ཀྱིས་རབ་ཏུ་བསྒྲིམས་པ་ཡི། །སྲིན་པོ་ཤ་ཟ་རྒན་མོ་ཅན། །སྤྲུལ་པ་དང་ནི་གཟུ་ལུམས་ཅན། །རབ་ཏུ་རྒྱུ་དང་གཅིག་པུ་གནས། །གནོད་སྦྱིན་གཙོ་དང་འཁོར་གྱིས་བརྟགས། །གྲོལ་བ་དང་ནི་རང་རྒྱུད་དེ། །ཐ་དད་རིགས་ནི་བཅྭ་བརྒྱད་དེ། །གནོད་ཅིང་འཚེ་བའི་བདག་ཉིད་ཅན། །ལྷ་ནི་འདོད་པའི་གཟུགས་ཅན་དང་། །གཟུགས་མེད་ལྷ་མ་ཡིན་དུ་གཏོགས། །རབ་ཏུ་གདུག་རྩུབ་ཆེ་བས་ནི། །ལྷ་མིན་མི་མ་ཡིན་དུ་གྲགས། །གང་ལས་བྱུང་དང་གང་ལས་སྲིད། །གང་གིས་བསྐྱེད་པའི་གཞིར་གྱུར་པ། །


DNG024_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་ཞེས་སུ་གྲགས་པ་སྟེ། །ལས་དང་ཡེ་ཤེས་བསྡུས་ཤིང་ཕྱེ། །ཕྲ་དང་རགས་པའི་ཁྱད་པར་གྱིས། །ཆེ་ཆུང་གཅལ་དང་འཁོར་དུ་སྣང་། །མཁའ་ལ་རྒྱུ་བའི་དྲག་ཤུལ་ཅན། །ལས་ཀྱི་ཕུང་པོ་ཁོ་ནའོ། །རྒྱལ་པོ་བླ་རྗེ་བྲམ་ཟེ་དང་། །དམངས་དང་གདོལ་པ་ཅན་རྣམས་ཀྱིས། །ཉི་ཤུ་རྩ་ལྔའི་ཡན་ལག་འགྱུར། །ཐ་དད་རིགས་ནི་སྡེ་ཡིན་ནོ། །འདི་དག་ཐོག་མའི་ལས་ཀྱི་དངོས། །དངོས་དང་རང་བཞིན་མཚན་ཉིད་ཀྱིས། །མ་རིག་འཁྲུལ་པའི་གཟུང་འཛིན་བྱུང་། །བདག་བལྟ་བག་ལ་ཉལ་དུ་གནས། །གཡོ་འགུལ་ཕྲ་མོའི་ཀུན་ནས་ལྡང་། །འཁྲུག་ཅིང་འཚེ་དང་རྩོད་པར་ཤར། །བསོད་ནམས་ལས་དང་དེ་མ་ཡིན། །ལས་ཀྱི་མཐའ་གཉིས་གཡང་སར་ལྷུང་། །གནག་ཅིང་མི་དགེ་ཟག་པར་བཅས། །ཁ་ན་མ་ཐོ་ལུང་མ་བསྟན། །ལོག་པ་ལུས་ངག་ཡིད་གསུམ་གྱིས། །གནས་ངན་ལེན་པའི་རྒྱུན་ཆགས་འཐུད། །དུས་གསུམ་ཕྱོགས་དང་བཅས་པ་ཡི། །རྗེས་སུ་འགྲོ་དང་བཟློག་པ་ཡིས། །འཁོར་བ་བརྟེན་གཞི་དམ་པོ་བཙུགས། །སོ་སོར་མ་རིག་སྲོག་ལ་གཅོད། །ལོངས་སྤྱོད་འཕྲོག་ཅིང་རྣམ་པར་འཚེ། །གཟི་མདངས་འབྱོར་པ་སྡེ་དང་བཅས། །གང་ཡིན་འཇོམས་ཤིང་རླག་ནུས་ལ། །རྒྱུད་ལ་སྡུག་བསྔལ་སྐྱེད་བྱེད་པ། །མ་རུང་ཉེས་པ་འབྱིན་བྱེད་ལས། །སྲོག་ལེན་ཚེ་འཕྲོག་གཅོད་དང་ཤ །མྱོས་འཐིབས་བྱི་ནད་རིམས་དང་ཡམས། །གཅོག་འགྱེལ་གདུག་པའི་ནད་འབེབས་ཤིང་། །རྨེ་དང་འཁྲུག་པ་རྩོད་པ་དང་། །ཐོར་ཤོད་ལས་དང་དམོད་པ་ཡིས། །རང་གི་སྡེ་ལས་རེ་རེ་ཡང་། །ཀུན་ལ་ཁྱབ་པ་བརྒྱད་བརྒྱད་དེ། །དྲུག་ཅུ་རྩ་དྲུག་ཡན་ལག་བཅས། །ལས་ཀྱི་དབྱེ་བ་བསམ་མི་ཁྱབ། །དྲེགས་པའི་བདག་པོ་སོ་སོ་ཡི། །རང་བཞིན་དགོས་པའི་བྱེ་བྲག་གིས། །དུས་གསུམ་སངས་རྒྱས་བསྟན་པ་དག །ཚུལ་བཞིན་སྲུང་བའི་དམ་ཚིག་ཅན། །དྲག་སྔགས་ལས་ཀྱི་དམོད་པ་ལ། །བརྒྱ་དང་བཅུ་གཉིས་བཅུ་དྲུག་གིས། །ནུས་པ་རྫུ་འཕྲུལ་མཐུ་ལ་སོགས། །རང་གི་རིགས་ལ་གང་བསྔགས་པ། །དེ་དང་དེ་ལ་རབ་སྦྱར་


DNG024_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ལས་ཀྱི་མཐའ་ལ་གང་དམིགས་པ། །རྡོ་རྗེ་ཅན་གྱིས་ཡོངས་གྲུབ་སྟེ། །ང་ཡི་སྟོབས་དང་ནུས་པ་དང་། །མཐུ་དང་རྫུ་འཕྲུལ་ཡོན་ཏན་ཚོགས། །ལུས་ངག་ཡིད་ཀྱིས་རབ་འབད་པ། །གང་ཡིན་དེ་ལ་མངོན་པར་འབྱུང་། །དེ་ཡི་ཐུན་མོང་ཡོངས་འགྲུབ་ཅིང་། །མཐར་ཕྱིན་པ་ཡང་ལེན་པར་བྱེད། །འདི་ལས་མ་འོངས་རྙོག་པ་ཅན། །ཐེ་ཚོམ་བསྐྱེད་པར་མ་བྱེད་ཅིག །ང་དང་རྒྱལ་བ་ཐམས་ཅད་ཀྱིས། །འདི་ནི་རབ་ཏུ་བསྔགས་པའོ། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་ དྲེགས་པ་ཅན་གྱི་སྡེ་རིགས་དབྱེ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །ལས་ལ་སྦྱར་བའི་རིམ་པ་གསུངས། །དུར་ཁྲོད་ཆུ་གླིང་རི་རྩེ་དང་། །ཆུ་འདུས་ངམ་གྲོག་འཇིགས་སུ་རུང་། །ཕུང་ཤུལ་ནགས་ཁྲོད་མ་རུངས་པ། །དྲེགས་པ་ལས་ཀྱི་གནས་ཡིན་ནོ། །མི་རུས་མི་གསད་ཕུང་ཤུལ་ས། །རྡུར་ཟད་ཕེ་ཏ་རུལ་ཆད་ས། །ས་སྨིན་དྲི་ཆེན་མ་རུངས་ཁྲག །ལས་ཀྱི་རྟེན་འདྲེལ་དམིགས་པའི་རྫས། །རྟ་ནག་དྲེ་ནག་མ་ཧེ་དང་། །ཆུ་གླང་དང་ནི་སྟག་སེང་དང་། །རྟ་དཀར་ནེ་ལེ་རྒོད་དཀར་དང་། །དོམ་ནག་དམུ་རྟ་བན་གླང་དང་། །འབྲུག་ཆེན་རྨ་བྱ་རུས་སྦལ་དང་། །བྱ་ཁྱི་ཀུ་ཀུ་ཤེལ་དང་མི། །རྒྱལ་མཚན་ཐོད་པ་སྙིང་དང་ཁྲག །བདུད་རྩི་འབྲུ་བཅུད་བྱང་ཆུབ་སེམས། །རང་གཟུགས་སྙིང་པོ་འཁོར་ལོ་བཅས། །རྒྱན་ལྡན་ཤོས་ཆ་མཐུན་པའི་རྫས། །དམ་ཚིག་མཆོད་ཅིང་བརྟེན་པའོ། །སོ་སོར་སྔགས་པའི་ལས་ཁུང་དུ། །ཐོད་ངན་འབྲུ་ནག་དུག་ཁྲག་གཡོས། །རྒྱུ་གསུམ་ཕུ་ས་མཚོན་ཆ་རྣམས། །གསད་པ་ཐུན་གྱི་རྫས་ཡིན་ནོ། །རྨེ་ཁྲག་གསུམ་དང་དྲི་ངན་གསུམ། །སྲོག་ཆགས་གསུམ་དང་རྨེ་རྫས་གསུམ། །ཐབས་རྫས་གསུམ་དང་བསྲེག་རྫས་གསུམ། །རྟེན་ས་གསུམ་དང་དྲིལ་ས་གསུམ། །བཞུགས་ས་གསུམ་དང་དབབ་ས་གསུམ། །ཀུན་རྫོགས་རྩོལ་བའི་སྦྱོར་བ་ཡིས། །ཆུ་དྲག་དབབ་པ་ངེས་པར་འགྲུབ། །རིགས་སུལ་སྣོད་དང་མཆོད་རྫས་དང་། །གནས་སྦྱོང་བྱང་ཆུབ་སྲིད་འདོར་བློས། །ལེགས་སླངས་ཡིད་ཀྱིས་མཐུན་


DNG024_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པས། །གང་ལ་དམིགས་པ་དེར་གཏད་པས། །ཆོས་སྐུའི་གཟུགས་བརྙན་རྟེན་ཁང་ལ། །སྟེང་འོག་གནས་གསུམ་བདག་པོ་གསུམ། །རྒྱ་མཚོའི་གཏིང་དང་རི་རབ་ཟུར། །བར་སྣང་ཁམས་དང་ནམ་མཁའི་དབྱིངས། །བསྲུང་དང་བཟློག་དང་གསད་པའི་ལས། །དམག་དཔུང་བསྡུ་དང་དཔལ་སྐྱེད་དང་། །རབ་ཏུ་ཁྲོས་དང་སྦྱོར་བ་ཞིག །ལས་ཀྱིས་ཕ་རོལ་དམོད་པས་བཟློག །ངན་པའི་ཐོད་པ་སྣ་གསུམ་དང་། །ཤིས་པ་མ་ཡིན་ས་བརྒྱད་དུ། །རྟེན་ཅིང་འདྲེལ་བ་འབྱུང་སྦྱོར་བས། །དམིགས་པའི་ནུས་སྟོབས་གནོན་པར་བྱེད། །ཁྱད་པར་ལས་ཀྱི་བྱེ་བྲག་གིས། །རྒྱལ་པོ་ཡ་རབས་རྗེ་དཔོན་དང་། །ཆུང་མ་སློབ་དཔོན་མཁན་པོ་དང་། །རབ་བྱུང་ཁྱིམ་པ་སྔགས་སྤྱོད་དང་། །ཕྱི་རོལ་ཕྱོགས་དང་ཆོས་ཀྱི་གྲོགས། །ཆེ་བཙན་དྲེགས་པས་བསྙེམས་པ་དང་། །ང་རྒྱལ་ལྡན་ཞིང་སྐལ་བ་བཟང་། །ཀུན་གྱིས་བཀུར་ཞིང་བརྗོད་པ་དང་། །སེམས་རྒྱུད་བསྲེལ་དང་ཡུན་གྱིས་དྲིན། །ཉེ་བར་བསྟན་ཅིང་སློབ་སྦྱོང་གནས། །ལྷག་པའི་ལྷ་ཡིས་རབ་བསྐྱངས་ཏེ། །ཐུན་མོང་ནུས་པའི་སྟོབས་རྙེད་ཅིང་། །ཡོན་ཏན་གཅིག་གིས་རབ་བསྡུས་པས། །ཚར་གཅད་དཀའ་བའི་ཡུལ་ཡིན་ཏེ། །མ་ལུས་གང་ལ་བསྔགས་པ་ཡིས། །ཏིང་ངེ་འཛིན་དང་དམིགས་པའི་གྲོགས། །རབ་སྔགས་བརྩོན་འགྲུས་ཅན་གྱིས་བསྒྲལ། །གཞན་ཡང་ཞི་དང་རྒྱས་པ་དང་། །དབང་དང་མངོན་པར་སྤྱོད་རྣམས་དང་། །རྡོ་རྗེ་འཛིན་པ་ང་དང་གཞན། །མཚུངས་ལྡན་རྣམས་ཀྱིས་བཤད་པ་བཞིན། །ཐོགས་མེད་ནུས་པའི་སྟོབས་ཀྱིས་སྤྱད། །དེ་དག་གསང་བའི་དམོད་པ་ཡང་། །དྲེགས་པ་སྡེ་བརྒྱད་སོ་སོ་ཡི། །གལ་གནད་སྙིང་པོ་འདི་དག་གོ། །ཡ་མ་དུ་ཧ་ན་ཧ་ན་ཏིཥྚ་ཏིཥྚ་རུ་ཏྲ་མ་མ་སོད་སོད། ཁ་ཏྲི་ཛ་མ་ཏྲི་ཛཿཛཿཤོག་ཏྲི་ཛཿ། ཡག་ཤ་ཛཿད་ཏྲི་ཛཿཤ་ཏྲི་པ་ཏྲི་ཛཿ། ཙིཏྟ་པྲ་མ་ཡ་ཨ་མུ་ཀ་སྲོག་ལ་ཛཿཛཿབྷྱོ། ཏྲི་ཙ་པ་ལ་ཨག་ཤུག་མེ། ཨ་བྷི་ཤ །ཨ་བྷི་ཤུ། ཙག་ཀྲ་རག་ཤ་ས་མ་ཡ་དུན་ཐུམ་རིལ་ལི་ལི། མྱགས་མྱགས་མྱོགས། སྲོག་ལ་ཐུན་རྦད། རག་ཤ་སྲོག་ལ་ཕྲིག་


DNG024_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིག །ཨ་པ་ཏི་ལི་ཀི་ནི་ཡ་མ་ཤྲི་ཧྲི་སྡི་བྷྲི་ཏྲི་ཏ་ན་ཀྲོ་མ་རི་པ་ཏྲ་སྲོག་ལ་དུན་བྷྱོ། མ་ཧཱ་ཡག་ཤ་ཐུམ་རིལ་རྦད། མ་རུ་ཙེ་དྷ་ཤ་འགྲི་བ་པྲ་མ་ལིང་། གསོད་སྒྲ་གཅོད་བྱེད་འཕྲོག་བྱེད་ཀྱིས། །མ་ལུས་ལས་ལ་བསྔགས་པར་འགྱུར། །ནྲྀ་ཧུར་ཐུམས་ཛཿ། ཤ་ཏྲུྃ་མཱ་ར་ཡ་རྦད་ཨ་མུ་ཀ་མཱ་ར་ཡ་ནུ་མ་ཀ་མ་རུ་སོད་སོད། གསད་པ་ཐུན་གྱི་དམོད་པའོ། །བྱི་ཤ་མི་ཀི་དུ་རུ་མི་ཏྲི་ཀ་ཏ་ཛྭ་ལ་ཨ་ཏ་ཛ་ལ་སྭཱ་ཧཱ། ཙ་པ་ཏི་རཱ་ཧུ་ལ་མ་ཧཱ་ཀྲོ་དྷ་ཀ་པ་ཤར་ཤར་ཏ་ཤ་ར་ཏི་ཧཱུྃ་ཕཊ། བི་ཤུ་ལ་དུ་མ་གི་ཤ་ཛྭ་ལ་ཨ་ན། མ་ཧཱ་ཙནྡྷ་རག་ཤ་ཧྲྀ་ད་ནྲྀ་མ་ཡ་རུ་ཏྲ་ས་ཏྲི་བྱི་ནཱ་ག་རཱ་ཙ་བེ་ག་ཨ་ནནྟ་རགྴ་ཏི་སནྡྷ་རཀྵྀ་ན་ཙིཏྟ་བྷ་བི་ཀུ་རུ། མུ་ཧྲི་ཙནྡྷ་དུམ་བུ་དུམ་བུ། ཁ་ལ་རག་ཤ་ཐུམ་རི་ལི་ལི། མ་མ་ས་མ་ཡ་ཏྲག་རག་ཤ་ཏྲག་རག་ཤ་མ་ཏྲི་ག་ན། མ་ས་ཁ་ཡ་ཀུ་རུ་ཏི་རྩེ་བྷ་ལི་མུ་ཏ་ད་ར་ད་ར། ཏྲི་ཀར་མི་ཏྲི། དུལ་དུལ། སྙིང་ཁྲག་ལ་རིལ་རིལ། རྩ་ལ་ཐུན་ཐུན། ཏྲག་རག་མོ་ཧྲིལ་ཧྲིལ། ཤག་ཤག །ཤར་ཤར་རྦད། མ་མ་ཙག་ཤ་ཏྲག་ཏུ་ཕྲོམ། ཨ་སེ་ལ་མི་བྱི་རུ་ལུ་རུ་ལུ་མ་མ་ཏྲག་རག་ཤ་ཧྲིལ་ཧྲིལ་ཤར་བྷྱོ། མཱ་ར་ཡ་རཾ་ཧྲིལ་ཤར་བྷྱོ། ཤེལ་ཏྲ་ཧཱུྃ་དྲག་ཏུ་རྩར་ཤུ་ཏེ་སྭཾ ་ཀར་སྭཾ ། ཕྱིར་མ་ཏི་བ་ཤད། མི་ཀི་རི་ར་ཧུ་ལ་ཤག་ཤག་ཧྲིལ་ཕོབ། ཁྲག་ལ་ཙ་ར་མུ་ཤ་བྷྱོ། ཏྲག་རམ་ཐུན་ཤག་རིལ་རམ་ཤར་བྷྱོ། བདུད་སྭཾ ་ཀར་ཤུ་ཏི་སྭཾ ། ནག་ཧྲིལ་སེན་ཤག་ས་དུ་མ་ཡ་ཧྲིལ་བྷྱོ། པྲ་ཏ་པ་ཤ་ཡ་ཡ་མ་སྙིང་ཡ་མ་ཁྲག །ར་ཧུ་ལ་ཧྲིལ་ཧྲིལ་ཤག་ཤག །སེར་སེར། ཏུག་ཏུག །ཡ་ཡ། ཕོབ་ཕོབ། མུ་ཀ་ཡེ། ཀ་པ་ཡེ། ཨ་པ་ཡེ། ཧྲི་སྡི་བྱི་ཀྲིན་ཏེ། ཛ་པ་ཏི་ར་ཧུ་ལ་མ་ཧཱ་ཀྲོ་ཏ་ཀ་བབ་ཏ་ཤར་ཤལ་ཏ་ཏེ་ཧཱུྃ་ཕཊ། ཐིག་ནིག །ཤུ་ཏི་སྭཾ ། བདུད་སྭཾ ། མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ། ཧོ་ཧོ། སྭཾ ་སྭཾ ། མུ་ར་མུ་ར་ཤ །དུ་རུ་སྭཾ ། ཐོག་ཧཱུྃ་ཧཱུྃ་སོད་སོད། རླུང་དང་སྤྲིན་དང་རབ་རྒྱུ་དང་། །ཕྱོགས་དང་རྟགས་ཀྱི་ཚད་ལྡན་པས། །དབབ་པའི་སྦྱོར་བ་ཤེས་པར་བྱ། །སྟེང་འོག་བར་གསུམ་དྲག་པོའི་ལས། །གཞུག་དང་གཏོར་དང་བསྲེག་པའི་དང་། །བསྐོལ་དང་


DNG024_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་དང་སྦྲེང་བ་དང་། །བོད་དང་དམོད་དང་གདུང་བ་དང་། །གཟིར་དང་སྐོར་དང་གཞིག་པ་དང་། །གཅད་དང་དྲིལ་བའི་ལས་རྣམས་ཀྱིས། །སྨིན་པའི་ལོ་ཐོག་འཇོམས་པར་བྱེད། །ནག་པོ་ཏི་པ་ཙ་ཡ་ན་རག་ཤ །རཱ་ཛ་དྷི་གུ་ལ་ཕེ་ཤ་རག་ཤ་ནཱན། ཕོས་ཕོས། ཤིག་ཤིག །ཧུ་ཡ་ཧུ་ཡ། ཏིརྱ་ཏིརྱ། ཀཱ་ལ་ནཱ་ག་བནྡྷ་དགྲ་བོ་མཱ་ར་ཡ་ཛཿ། ནག་པོ་ཏི་པ་ཙ་ཡ་ཕེ་ཤ་རག་ཤ་ཛཿ། ནཱ་ག་ཀ་ཀ་ལ་ཕེ་ཤ་རག་ཤ་ཛཿཛཿ། ཨ་ཤ་ན་ནཱ་ག་ཏི་པ་ཙ་ཡ་དགྲ་བོ་མ་ར་ཡ་ཛཿ། ནཱ་ག་རཱ་ཛ་ཤག་ཏི་སྲོག་ཏི་ལ་རྦད། སྙིང་ལ་རོལ། ཤམ་ཤམ་རྦད། ཨི་ཤ་ན་ནཱན། ཕེ་ཤ་རག་ཤ་ཨུ་ནཱན། ནཱ་ག་ནཱན་ཐི་ལི་ནཱན། ཕི་ལི་ནཱན། རྩི་རི་ནཱན། ཨ་པ་ར་སོད་རྨག །དུལ་དུལ་ཀཱ་ལ་རྡུབས་མྱོགས་ཐིབས། མཱ་ར་ཡ་འདུས་འདུས། དྷ་ར་དྷ་ར། དྷུ་རུ་དྷུ་རུ། རུ་རུ། ར་ར། ཏི་ཏི། ཏྲི་མོ་ཏི་ཏི། ག་རུ་ག་ར་གཏོར་ཛ་མ་ར་ཏེ་གད།མན་ཛཿཕེ་ཤ་ན་རག་ཤ་ཨུ་ཏ་ནཱན། བྷ་ཤི་ནི། ཤ་ར་ལེ། ཤུ་རུ་མུ་ལེ། དྷ་ཏ་མ་རེ་ན། ཧུ་ཡ་ཧུ་ཡ། ར་ཏི་ར་ཏི། ཐི་རི་ཤག་ཙག་གི། ནྲྀ་མཱ་ར་ཏྲི་ཡ་མ་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་བྃ་རིལ། ནག་པོ་ཏི་པ་རག་ཤ་ནཱན། ཁུག་རོ་ལ་བྃ། དགྲ་བོ་མཱ་ར་ཡ་ཛཿ། ནག་པོ་ཏི་པ་ཙ། སྙིང་ལ་ཛཿ། ཤག་ཤན་ནཱན། ཁུག་ཐུམ་རིལ་རྦད། ཙན་དྲི་རག་ཤ་རོ་ལ་ཁུག་ཐུན་ཀཱ་ལ་སྙིང་ལ་ཐུམ་རིལ་རྦད། ཀཱ་ལ་ཤོ་རོ་སྙིང་ལ་ཏྲག་ཤ་ཧ་ར་ཀ །ཨ་མུ་ཀ་མཱ་ར་ཡ་ཐུམ་རིལ་རྦད་ནཱན། ཁུགས་དང་འགྲོ་དང་ལས་བྱེད་པའི། །རང་གི་རྟགས་དང་ལྡན་པ་ན། །དམིགས་པའི་ལས་ལ་སྦྱར་བར་བྱ། །ཟློག་དང་མ་གྲུབ་འཁྱིལ་པ་དང་། །འབྱམས་དང་སྡུག་དང་ཟད་མཐར་གཏུགས། །གཉེན་པོ་འདབ་མ་སྣ་སེལ་དང་། །བསྡུ་དང་སྤོ་དང་མི་ཟད་གཏེར། །ལོངས་སྤྱོད་ཐུག་པ་མེད་པ་ཡིས། །དབྱིངས་ཀྱི་ངང་དུ་གཏད་པར་བྱ། །སྡེ་བརྒྱད་སོ་སོའི་མིང་གི་སྔགས། །རང་སྐད་དམོད་པའི་ཡན་ལག་ལ། །དྷི་བ་ཨ་བྱི་སརྦ་བྷྱོ་བཟློག །པྲ་ལ་དུན་རྩེ་ཕོབ། བཛྲ་འགྲིག་ཤོ་ས་མ་ཡ་ཧྲི་བྷྱོ། བ་སན་ཏི་མ་རུ་རུ། ཡ་མ་ཏྲིག་བྷུ་ཏ་ཀྵྀ་པ་ལོ་ཧཱུྃ། བཟློག་བསྒྱུར་གདུག་པའི་དྲག་སྔགས་ཀྱིས། །ལས་ཀྱི་མཐའ་སྒྱུར་མ་


DNG024_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པར། །ང་འམ་ང་དང་འདྲ་བ་ཡི། །རྡོ་རྗེ་འཛིན་པ་གཞན་རྣམས་ཀྱིས། །ཕྱི་ནང་གསང་བའི་ལས་རྣམས་ཀྱིས། །གང་ལ་བསྔགས་པ་དེ་དག་སྦྱར། །གཞན་གྱིས་ཐེ་ཚོམ་མི་བྱ་སྟེ། །ང་དང་དུས་གསུམ་སངས་རྒྱས་ཀྱིས། །དེ་ལ་རིག་པར་སྣང་བ་ཡིན། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་ཕྲིན་ལས་དམིགས་པའི་ཁྱད་པར་ལས་སྦྱར་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །ཡོན་ཏན་བསྟོད་པ་འདི་གསུངས་སོ། །ཧཱུྃ་དུར་ཁྲོད་ཆེན་པོའི་རོལ་པའི་དཀྱིལ་འཁོར་ནས། །གཏུམ་དྲག་མེ་ལྟར་འབར་བའི་གཞལ་ཡས་ན། །གདུག་བྱེད་རུ་ཏྲ་སྡི་རའི་ཁྲི་སྟེངས་ན། །མདངས་ལྡན་ཉི་ཟླ་པདྨའི་གདན་སྟེངས་ན། །དྲེགས་པའི་བདག་པོ་རྡོ་རྗེ་འཛིན་པའི་གཙོ། །བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི། །སྐུ་མདོག་མཐིང་ནག་རབ་ཏུ་འབར། །ས་དགུ་རྫོགས་པས་དབུ་དགུ་བསྟན། །སྟོང་པ་བཅྭ་བརྒྱད་ལྡན་པའི་ཕྱག །ཞབས་ཀྱིས་བརྗིད་པའི་བདུད་བཞི་གནོན། །དབུས་མཐིང་གཡས་དཀར་གཡོན་དམར་བས། །ཁྲོ་ཞིང་བཞད་དང་གཙིགས་པའི་ཞལ། །རལ་པ་ཁམ་ནག་སྲིད་རྩེར་འབར། །ཁམས་གསུམ་མ་ལུས་སྤྱན་གྱིས་གཟིགས། །ཤངས་ཀྱིས་སྲིད་གསུམ་མ་ལུས་རྔུབ། །སྙན་གྱིས་སྟོང་གསུམ་འབྲུག་སྒྲས་འགེངས། །ཚེམས་ཀྱིས་གནོད་གདུག་མ་ལུས་སྒྲོལ། །ལྗགས་ཀྱིས་གློག་དམར་འཇིག་རྟེན་ཁྱབ། །ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུད། །ཕྲིན་ལས་རིགས་ཀྱིས་དབུ་ལ་བརྒྱན། །བཅྭ་བརྒྱད་ཕྱག་གི་དང་པོ་གཉིས། །དབང་སྡུད་རྡོ་རྗེ་དྲིལ་བུ་འཛིན། །གཡས་གཡོན་འོག་མའི་ཕྱག་བརྒྱད་ན། །དྲེགས་པའི་ལྷ་བརྒྱད་བྷན་དྷ་གཡས། །ཙིཏྟ་སྲོག་རྩ་གཡོན་ན་བསྣམས། །འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན། །བསྲུང་བའི་ལྷ་བརྒྱད་སྐུ་ལ་རྫོགས། །གཡས་གཡོན་ཞབས་ཀྱིས་དྲེགས་པ་གཟིར། །མ་རུངས་གདུལ་དཀའ་རྣམས་ཀྱི་གཤེད། །ལོག་ལྟ་རུ་ཏྲ་འདུལ་བའི་དཔལ། །འབྱུང་ལྔའི་བདག་མོ་གཉིས་མེད་ཡུམ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་སྦྱོར། །གྲི་གུག་ཏྲི་ཤཱུལ་བདུད་རྩི་


DNG024_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གཡས། །བྷན་དྷ་ཞིང་ཆེན་གཡང་གཞི་གཡོན། །མཐིང་ནག་འོད་ཀྱིས་ཀུན་དུ་ཁྱབ། །ཆེད་འགའ་རིགས་ཀྱི་སྤྲུལ་པ་འདི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྐུ་མདོག་མཐིང་ནག་ཁྲོས་ཤིང་རྔམ། །ཕྱག་དྲུག་གཡས་གཡོན་དང་པོ་ཡིས། །རྡོ་རྗེས་དུང་ཁྲག་དཀྲུག་ཅིང་གསོལ། །གཡས་གཡོན་གཉིས་ཀྱི་ཕྱག་བཞི་ཡིས། །ལྷ་བརྒྱད་ཀླུ་བརྒྱད་ཙིཏྟ་རོལ། །ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མ། །སྐུ་མདོག་མཐིང་ནག་ཞབས་གཉིས་སྦྱོར། །གཡས་ཀྱིས་ནམ་མཁའ་སྟོང་ཁམས་འདེགས། །གཡོན་གྱིས་འཇིག་རྟེན་ས་གཞི་གནོན། །ཞལ་ནས་འབྱུང་བ་ལྔ་འཆར་མ། །དཔལ་ཆེན་ཡབ་ཡུམ་བྱིན་རླབས་ལས། །སྤྲུལ་པའི་དྲེགས་པ་ཕོ་མོ་གཙོ། །བདུད་མོ་ནག་མོ་ཁ་རླངས་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཁྲམ་ཤིང་ཏྲི་ཤཱུལ་གཡས་ན་བསྣམས། །གཡོན་གྱིས་ཁ་ཊྭཱཾ་ཞགས་པ་འཕེན། །ན་བཟའ་ཞིང་ལྤགས་རློན་པ་གསོལ། །ཞབས་གཉིས་གདུག་པའི་སྙིང་གར་གཟིར། །བདུད་མོ་ནག་མོ་ཁྲག་འཛག་མ། །ཁྲམ་བྃ་ཐོད་རློན་ཕྱག་ན་བསྣམས། །སྐུ་ལ་ཞིང་ལྤགས་གསར་པ་བགོས། །བདུད་རྟ་ནག་པོ་ཆིབས་སུ་བཅིབས། །ཞབས་ཀྱིས་དགྲ་བགེགས་བཤུགས་ཀྱིས་སྒྲོལ། །འཆི་བདག་གཤིན་རྗེ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་གནག །ཕྱག་གཡས་ཐོད་ཁྲག་གྲི་གུག་གཡོན། །བཙུན་མོ་ཡུམ་ཆེན་ཟ་བྱེད་མ། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །ཡབ་ཡུམ་ཞིང་ལྤགས་རློན་པ་གསོལ། །མ་ཧེ་ཁྲོས་དང་ཆུ་གླང་བཅིབས། །ཞབས་ཀྱིས་དགྲ་བགེགས་ཕོ་མོ་གཟིར། །སྲིན་པོ་གསོད་བྱེད་སྐུ་མདོག་གནག །ཕྱག་ན་རལ་གྲི་ཐོད་ཁྲག་བསྣམས། །ཡུམ་ཆེན་གསོད་པར་བྱེད་མ་ཡང་། །གྲི་གུག་མི་ཐོད་ཕྱག་ན་བསྣམས། །ན་བཟའ་ཞིང་ལྤགས་རློན་པ་གསོལ། །སྟག་སེང་རོལ་པ་ཆིབས་སུ་བཅིབས། །གནོད་སྦྱིན་གང་བ་བཟང་པོ་ཡང་། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །དར་ནག་འཕྱར་ཞིང་ཞིང་ལྤགས་བརྡེག །


DNG024_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཆེན་ཤ་ཟ་རལ་གཅིག་མ། །ཡུམ་གྱི་ཚུལ་འཛིན་སྤྲུལ་པ་མོ། །ཞིང་ལྤགས་གྱོན་ཏེ་གྱི་ལིང་བཅིབས། །དྲག་སྔགས་བདག་པོ་ཆེན་པོ་ནི། །དབང་ཕྱུག་ཆེན་པོ་ལྷ་ཡི་གཙོ། །མདོག་དཀར་ཤེལ་གྲི་བ་དན་འཕྱར། །ན་བཟའ་དར་དཀར་བེར་ཆེན་གསོལ། །ཆིབས་སུ་གནམ་རུ་དཀར་པོ་བཅིབས། །ཐར་པ་ནག་པོ་རུ་ཏྲའི་གཙོ། །མཆོག་གཏོར་དུག་ཐུན་ཕྱག་ན་བསྣམས། །ཞིང་ལྤགས་གྱོན་ཏེ་དོམ་ནག་བཅིབས། །དམུ་བདུད་རྗེ་དཔོན་ནག་པོ་ནི། །དར་ནག་འཕྱར་ཞིང་སྡི་ར་འདྲད། །བེར་ནག་གསོལ་ཞིང་དམུ་རྟ་བཅིབས། །མུ་སྟེགས་ཀཱ་ལ་ཡག་ཤ་ནི། །མཐིང་ནག་ཁ་ཊྭཱཾ་ཏྲི་ཤཱུལ་འཛིན། །ཞིང་ལྤགས་བགོས་ཏེ་མ་ཧེ་བཅིབས། །ཁྱབ་འཇུག་རོག་ཏི་ནག་པོ་ཡང་། །ཁྲམ་ཤིང་དགྲ་སྟྭ་ཕྱག་གིས་འཛིན། །སྤྲིན་ནག་བགོས་ཏེ་འབྲུག་སྔོན་བཅིབས། །ཀླུ་རྒྱལ་བ་རུ་ཎ་ཡི་རྗེ། །སེར་ནག་སྦྲུལ་གྱི་ན་བཟའ་གསོལ། །བུམ་པ་རུས་སྦལ་ཕྱག་གིས་འཛིན། །ཆིབས་སུ་ཆུ་སྲིན་མགོ་དགུ་བཅིབས། །རྒྱལ་པོ་ཧར་མཛེས་ཞེས་བྱ་བ། །མདོག་དཀར་ཤེལ་གྲི་དར་དཀར་འཛིན། །སྲས་མཆོག་འབར་བ་དམར་པོ་སྟེ། །མདུང་རིངས་གཡས་ལ་ཤན་གྲི་གཡོན། །རྡོ་རྗེ་མཛེས་པ་མདོག་དམར་པོ། །རུ་མཚོན་དགྲ་སྟྭ་ཕྱག་གིས་འཛིན། །ཁུ་ལེ་ལག་དགུ་འབར་བ་ཡང་། །མདོག་གསེར་སྤྲུལ་པའི་ལག་དགུ་འགྱེད། །ཞིང་ལྤགས་བགོས་ཤིང་སྡི་ར་གནོན། །དྲག་སྔགས་བདག་པོ་གཙོ་འཁོར་ཡང་། །རང་གི་རིགས་ཀྱི་འཁོར་འདུལ་བ། །སོ་སོའི་སྤྲུལ་པ་བསམ་མི་ཁྱབ། །གཅོད་པར་བྱེད་པ་བདུད་ཀྱི་སྡེ། །འཆི་བར་བྱེད་པ་གཤིན་རྗེའི་སྡེ། །གསོད་བྱེད་ཤན་པ་སྲིན་པོའི་སྡེ། །གདུག་རྩུབ་འཆང་བ་གནོད་སྦྱིན་སྡེ། །དྲག་རྩལ་ལྡན་པ་ལྷ་ཡི་སྡེ། །ནད་གདོན་འབེབས་པ་མ་མོའི་སྡེ། །ནམ་མཁའ་དབང་སྒྱུར་གཟའ་ཡི་སྡེ། །གླེན་ལྐུགས་གདུག་པ་ཀླུ་ཡི་སྡེ། །སྡེ་བརྒྱད་དམོད་པའི་དྲག་སྔགས་ཅན། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །འཁོར་དང་སྡེ་རིགས་བརྗོད་མི་ལང་། །ཕྲིན་ལས་ལོངས་སྤྱོད་མི་ཟད་གཏེར། །ཡོན་ཏན་ནུས་པ་དཔག་ཏུ་


DNG024_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཞེ་སྡང་ཅན་ལ་ཁྲོས་པར་སྟོན། །ང་རྒྱལ་ཅན་ལ་ལྷག་པར་སྟོན། །འདོད་ཆགས་ཅན་ལ་མི་སྡུག་སྟོན། །གཏི་མུག་ཅན་ལ་མྱོས་པར་སྟོན། །སེར་སྣ་ཅན་གྱིས་འཕྲོག་པར་བྱེད། །ཕྲག་དོག་ཅན་ལ་འཇིགས་པར་སྟོན། །ཁྱོད་ཀྱིས་མི་འདུལ་གཅིག་མེད་ཀྱིས། །མཆོད་ཅིང་བསྐང་བའི་ཐུན་རྫས་བཞེས། །བཅོལ་ཅིང་གཉེར་བའི་ལས་མཛོད་ཅིག །བསྟོད་ཅིང་བསྒྲུབ་པས་ལས་མཛོད་དགྱེས་པར་མཛོད། །དེ་ནས་རང་གི་སྙིང་པོ་དང་། །འཇིག་རྟེན་དྲེགས་པའི་བདག་པོ་རྣམས། །སོ་སོའི་སྔགས་ཀྱི་ལས་ལ་སྦྱར། །རྡོ་རྗེ་འཛིན་པ་ཆེན་པོ་ཡིས། །བྱང་ཆུབ་སེམས་ཀྱི་བསམ་པ་ཡིས། །ལྟོས་དང་རེ་བ་ཀུན་སྤངས་ཏེ། །སངས་རྒྱས་བསྟན་པ་རབ་དམིགས་ནས། །དྲག་སྔགས་བདག་པོ་ཉེར་བསྒྲུབས་ན། །ང་དང་སངས་རྒྱས་ཐམས་ཅད་མཉེས། །རིག་པ་འཛིན་པའི་ས་ཐོབ་ཅིང་། །སེམས་ཅན་རྣམས་ཀྱི་སྟོན་པར་འགྱུར། །ཐུན་མོང་བ་དང་ཉེ་བ་དང་། །མཆོག་འགྱུར་རིང་བའི་དངོས་གྲུབ་ཀུན། །དཔའ་བོ་དེ་ལས་མངོན་དུ་འབྱུང་། །ཡོན་ཏན་མཆོག་གི་སྟོབས་རྙེད་ཅིང་། །འཇིག་རྟེན་ཆོས་ལས་རབ་བསྔགས་པའི། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། །ས་ཆེན་པོ་ལ་རྟོགས་པ་ཡི། །རླབས་ཆེན་རྣམས་ཀྱང་ནུས་པར་སྤྱོད། །མཐུ་སྟོབས་ནུས་པ་བསྙེམས་པ་ཡིས། །གཞན་གྱིས་བརྫི་བར་མི་ནུས་ཤིང་། །རང་གི་དབང་དུ་ཁུགས་པ་དང་། །བསྒོ་བ་རྩོད་པ་མེད་པར་འགྱུར། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་བསྟོད་པ་ཡོན་ཏན་བརྗོད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས། ཉིད་ཀྱི་སྐུ་འཇིགས་བྱེད་ཆེན་པོའི་ལུགས་སུ་སྐུ་སྤྲུལ་ཏེ། ཐུགས་ཆོས་ཉིད་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུའི་གནས་ཐམས་ཅད་ལས་འོད་ཀྱི་དྲ་བ་དཔག་ཏུ་མེད་པ་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅན་གྱི་གནས་ཐམས་ཅད་ཁྱབ་པར་མཛད་ནས། མ་རུངས་ཤིང་གདུག་པ་དང་གཏུམ་པའི་སེམས་དང་


DNG024_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཐམས་ཅད་ཀྱང་མ་ལུས་པར་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། ཕན་པ་དང་། བདེ་བ་དང་། གནོད་པ་མེད་པ་དང་། བརྩེ་བ་དང་། ཡིད་དགའ་བ་དང་བཅས་པས་ཕྱོགས་དེར་སྣང་བར་གྱུར་ནས། ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཆང་། །ཁྱོད་ཀྱི་བསྟན་པ་གསང་ཆེན་འདི། །མ་འོངས་པ་ཡི་དུས་དག་ཏུ། །རབ་ཏུ་རྒྱས་པར་འགྱུར་ཞིག་ན། །བདག་ཅག་འཇིག་རྟེན་དྲེགས་པ་ཅན། །ཞི་བའི་སེམས་སུ་གནས་བྱས་པས། །རྗེས་སུ་སྤྱོད་པ་གང་ཡིན་པ། །དེ་ལ་རྒྱས་པ་ཕན་པར་བསྟན། །ཕྲིན་ལས་དང་ནི་ལྟ་སྤྱོད་ཀྱིས། །ཁྱབ་པ་དེ་ལས་ཡོངས་རྫོགས་ཤིང་། །གྲོགས་དང་བྲན་དང་དམངས་བཞིན་དུ། །གང་གིས་བསྒོ་བ་དེ་བཞིན་བགྱི། །དམ་ཚིག་བསྲུངས་པའི་ཡོན་ཏན་དང་། །རོལ་པའི་ཏིང་འཛིན་ལྡན་པ་ལ། །བཀའ་ལས་འདའ་བ་མི་སྤྱོད་ཅིང་། །གསུང་བཞིན་བསྒྲུབ་པ་རབ་ཏུ་སྤྲོ། །བཅོམ་ལྡན་རྡོ་རྗེ་འཛིན་ཁྱོད་ཀྱིས། །ཇི་ལྟར་མངགས་པའི་ལས་རྣམས་ནི། །བདག་ཅག་ནུས་པས་མྱུར་དུ་བསྒྲུབ། །བྱིན་གྱིས་བརླབ་པ་གཙོར་མཛོད་ཅིག །ཅེས་གསོལ་ནས་རང་རང་གི་གནས་སུ་དེངས་ཤིང་ཕྱིན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་འོད་ཟེར་གྱི་བཀོད་པ་རྣམས་རང་གི་འཁོར་གྱི་སྣང་བ་ཐམས་ཅད་ཀྱང་ཉིད་ཀྱི་སྐུའི་དབྱིངས་སུ་བསྡུས་ཤིང་སྐུ་ཉིད་ཀྱང་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པར་མཛད་དོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་ཕྲིན་ལས་ཀྱི་གཉེར་ཕུལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་དང་། བོད་ཀྱི་ལོཙྪ་བ་བདག་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླའི་ཕྱག་དཔེ་ལ་ཞལ་བཤུས་པ་ལས་བརྒྱུད་པའོ།། །།

དཔལ་མགོན་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོ་དངོས་གྲུབ་ཆེན་པོ་འབྱུང་བའི་རྒྱུད།


DNG024_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ནཱ་ཐ་གྷུ་ཡ་ཙིཏྟ་ཙཀྲ་སིདྡྷི་མ་ཧཱ་ཧི་ཏ་ཏནྟྲ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོ་དངོས་གྲུབ་ཆེན་པོ་འབྱུང་བའི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་གཟི་བྱིན་ཅན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་རྔམས་པའི་རྒྱལ་པོ་ཉིད། ལྕང་ལོ་ཅན་གྱི་གནས་མཆོག་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོ། བྱང་ཆུབ་སེམས་དཔའ་དུ་མ་དང་བཅས་པ་ཁྲོ་བོ་རྔམ་པའི་རོལ་པ་དང་། འཇིག་རྟེན་གྱི་དྲེགས་པ་ཅན་ཕོ་མོ་དམོད་པའི་མཚོན་ཆ་ཅན་དང་། ལྷ་དང་མཁའ་འགྲོ་མ་མང་པོ་འདུས་པའི་དབུས་ན། ཆོས་ཉིད་ལས་སྐུ་བཞེངས་ཏེ། དྲེགས་པ་ཅན་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་དཔལ་མགོན་པོ་ནག་པོ་ཞེས་བྱ་བ། གསང་བའི་ཡུམ་དང་བཅས་པ། སྤྲུལ་པའི་སྲོག་གཤེད་དང་ཕོ་ཉའི་ལས་མཁན་དང་། སྒྲོལ་གིང་ཤན་པ་ཕོ་མོ་དང་བཅས་པ་དེ་ཉིད་དུ་ལྷགས་ཏེ་རང་རྟགས་སྲོག་གི་སྙིང་པོ། གདུག་པའི་དམོད་པའི་མཚོན་ཆ་ཅན། རྡོ་རྗེ་གཏུམ་པོ་ལ་མདོངས་གསོལ་དུ་ཕུལ་ལོ། །སྨྲས་པ། ཏདྱ་ཐཱ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿ། དགྲ་བོ་མཱ་ར་ཡ་ནན། མཱ་ར་ཡ་སོད། ནག་པོ་དགྲ་བོའི་ཤ་རྒྱུད་སྙིང་འདི་ཐོན་ཐོན། བདུད་པོ་དགྲ་བོའི་སྲོག་ལ་ཛཿཛཿ། ནག་པོ་དགྲ་བོའི་བླ་རྩ་ལ་ཛཿཛཿ། ནག་པོ་དགྲ་བོའི་སྙིང་རྩ་ལ་ཛཿཛཿ། ནག་པོ་དགྲ་བོའི་ཀླད་པའི་རྩ་ལ་ཛཿཛཿ། ནག་པོ་དགྲ་བོའི་སྙིང་རྒྱུད་དབུགས་ལ་ཛཿཛཿ། ནག་པོ་དགྲ་བོའི་རྩ་རྒྱུད་སྲོག་ལ་ཛཿཛཿ། ཙ་དཱིཔྟ་ཙཀྲ་ནི་ཧཱུཾ། མ་དཱིཔྟ་ཙཀྲ་ནི་ཧཱུཾ། བམ་ནི་ར་ཧཱུཾ་བྷྱོ། མ་མ་ཆོ་ལས་ལ་གྲོ། ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་རྒྱུན་གྱི་དམོད་པར་ཕུལ་ལོ། །མགོན་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། གླེང་གཞི་དང་སྔགས་སྟོན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་དཔལ་མགོན་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མ་ཧཱ་ཀཱ་


DNG024_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྲོས་པ་ཞེས། །ཀཱ་ལ་འོད་འབར་དྲག་ཤུལ་ཅན། །འཇིགས་བྱེད་ཁྲོས་པའི་གཟི་མདངས་ཅན། །སྒྲོལ་བྱེད་ཤན་པ་རླུང་གི་ཤུགས། །རྣམ་པར་ཀུན་གྱི་མགོན་གྱུར་པའི། །བསྙེན་ཅིང་བསྒྲུབ་ན་ཇི་ལྟར་སྒྲུབ། །བསད་ཅིང་ལུས་སྲོག་དབྱེ་བ་དང་། །ལྟས་ངན་ཆོ་འཕྲུལ་དབབ་པ་དང་། །དྲག་པོ་ཤུགས་ཀྱིས་བསྒྲལ་བ་དང་། །ལོ་ཏོག་འཇོམས་པ་ལ་སོགས་པ། །ལས་རིམ་རྫོགས་པ་ཇི་ལྟ་བུ། །ཞེས་གསོལ་པས། རྡོ་རྗེ་གཏུམ་པོས་འདི་སྐད་ཅེས་གསུངས་སོ། །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །ལེགས་ལྡན་ནག་པོ་འཇིགས་པའི་སྐུ། །བདུད་འདུལ་རྣམས་ཀྱི་དབང་ཕྱུག་སྟེ། །རྣལ་འབྱོར་ཀུན་གྱི་དགྲ་བླ་ཡིན། །རིག་འཛིན་ཀུན་གྱི་སྲོག་ཤིང་ཡིན། །གསང་བའི་ཡུམ་དང་སྤྲུལ་པར་བཅས། །རི་གསུམ་རྩེ་འདུས་དབེན་པའི་སར། །ནགས་ཚལ་རྩུབ་མོ་གཅན་གཟན་འགྲིམས། །ཡིད་འོང་གནས་སུ་མཎྜལ་བཤམ། །གྲུ་གསུམ་མཐིང་ནག་ཟླ་གམ་བསྟན། །ཟླུམ་པོ་ཐོད་པ་བདུན་གྱིས་བསྐོར། །གྲུ་ཆད་སྒོ་བཞི་རྡོ་རྗེས་ནི། །དབུས་སུ་གྲུ་གསུམ་བསྣོལ་མ་ལ། །འབྲུབ་གནས་བཞི་དང་ལྡན་པར་བྱ། །གའུ་སྟེང་འོག་འཁོར་ལོའི་བར། །ཙིཏྟ་སྲོག་རྩ་དམིགས་པ་གཞུག །ཁ་སྤྲད་སྐྲ་ཤད་ཐག་པས་བཅིངས། །སྟེང་དུ་དགྲ་བཤོས་ནག་པོ་བཞག །ལུག་ནག་པགས་པ་ཙ་ཀ་ལི། །མདའ་ནག་དར་གྱིས་བརྒྱན་པ་དགོད། །ཕོ་རྫས་དུག་དང་མོ་རྫས་ཁྲག །ཚོགས་པར་དགྲ་བོའི་ཐུན་ཡང་བཅའ། །མོན་མོ་ཆེན་པོའི་ཐོད་པ་རུ། །གནག་པའི་དགྲ་བགེགས་བཅས་ལ་གཞག །ཟླུམ་པོའི་ཐོད་པ་རེ་རེ་ལ། །དུག་ཤིང་ཕུར་བུ་རེ་རེ་དགོད། །གྲུ་ཆད་ལ་སོགས་མཎྜལ་ཏེ། །མཐུན་པའི་དམ་རྫས་འདི་དག་དགྲམ། །ཤ་སྣ་ལྔ་དང་བདུད་རྩི་ལྔ། །དཀར་གསུམ་མངར་གསུམ་མེ་ཏོག་སྤོས། །ཆང་དང་ལ་ཕུག་ཙནྡན་རྣམས། །ཞལ་ཟས་རྣམ་པ་སྣ་ཚོགས་དགྲམ། །མཚན་ལྡན་ཐོད་པར་རཀྟ་དང་། །གཏོར་མ་བཤམས་ལ་དབུལ་བར་བྱ། །དེ་ནས་བདག་ཉིད་སྐད་ཅིག་གིས། །ཕྱག་ན་རྡོ་རྗེར་གསལ་བྱས་ནས། །ཐུགས་ཀའི་ས་


DNG024_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བོན་འོད་འཕྲོས་པས། །ཁྲོ་བོ་མང་པོས་གཟིར་བསྐྲད་ནས། །གཞལ་མེད་ཁང་དག་བསམ་དབུས་སུ། །བླ་མ་ཡི་དམ་དཀྱིལ་འཁོར་ཚོགས། །བསོད་ནམས་ཚོགས་རྫོགས་སྟོང་ཉིད་ལས། །ཧཱུཾ་ལས་བདག་ཉིད་ཁྲོ་བོའི་མདུན། །མ་ཧཱ་ཀཱ་ལ་འཇིགས་བྱེད་ཆེ། །སྐུ་མདོག་ནག་པོ་མུན་པའི་མདངས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །སྐུ་ལ་མཐའ་བེར་བརྩེགས་པ་གསོལ། །ཆིབས་སུ་དཔའ་བོ་སྟག་ལ་བཅིབས། །ཕྱག་ན་ཙནྡན་བིང་ཆེན་བསྣམས། །དོམ་དང་དྲེད་ཀྱིས་སྣ་འདྲེན་ཅིང་། །ལྕགས་ཀྱི་བྱ་ཁྲ་ཕྱི་ནས་འབྲངས། །ཅེ་སྤྱང་ནག་པོ་ཁྲག་རྗེས་གཅོད། །སྲོག་གཅོད་ཁྲོ་བོ་འཇིགས་པའི་སྐུ། །སྤུ་གྲི་མི་སྙིང་ཐོགས་པ་དང་། །ཏྲི་ཤཱུལ་རྒྱལ་མཚན་དུང་འབུད་དང་། །གསོད་བྱེད་མོན་པ་བདུན་དང་བཅས། །སྤྱན་དྲང་མཆོད་དང་བཟླས་བརྗོད་ཅིང་། །དེ་ཚེ་མཚན་རྟགས་བྱུང་བ་དང་། །སྒྲ་དང་འོད་དང་མོན་ནག་དང་། །བནྡི་ནག་པོ་སློབ་དཔོན་དང་། །མི་ནག་ལ་སོགས་བྱུང་བ་དང་། །དངོས་སུ་སྐུ་ཡང་སྟོན་པར་འགྱུར། །དཔལ་མགོན་པོ་ ནག་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། བསྙེན་ཅིང་བསྒྲུབ་པ་སྟེ་རྟོག་པ་གཉིས་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །བསད་པའི་སྦྱོར་བ་བཤད་པར་བྱ། །བམ་ཆེན་མོ་ཡི་ཐོད་པ་རུ། །ཚྭ་བ་གསུམ་དང་ལྕི་བ་དང་། །སྐྲ་དང་དྲི་མ་རྐང་རྗེས་དང་། །གྲོག་མཁར་ས་དང་དར་ཁྲག་གིས། །དབང་པོ་ཚང་བའི་འདྲ་འབག་བྱ། །གུ་གུལ་རྒྱ་ཚིལ་དུད་པས་བདུག །ཐོད་པ་སྔགས་ཀྱི་འཁོར་ལོར་གཏུམ། །གདུག་པའི་རེ་བས་ཁ་བཅད་ལ། །བསད་པའི་སྔགས་ལ་འཇུག་པར་བྱ། །སྲོད་དང་ཐོ་རངས་གུང་གཉིས་ལ། །མདའ་རེ་ཐུན་རེ་སྔགས་རེ་སྤྲུགས། །ལས་རྫོགས་ཕུར་གདབ་གྲིས་གཏུབ་ལ། །དར་ནག་གཏུམ་ལ་དཀར་ནག་གིས། །མཚན་ངན་ཐོད་པར་བཅུག་ནས་ནི། །ཀ་རྟེན་ལྷ་ཡི་ཁང་པའམ། །གདུག་པ་གནས་པའི་ས་རུ་མནན། །


DNG024_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿ། དགྲ་བོ་ཆེ་གེ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཤྲཱི་ཆེ་གེ་མོ་ཀཱི་ལ་ཡ། ཀི་ཏི་ཀཱི་ལ་ཡ། མུ་ཀ་ཀཱི་ལ་ཡ། ཧྲི་ཧྲི་དམ་ཀཱི་ལ་ཡ། པ་ཏ་ཀཱི་ལ་ཡ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དེ་ཝ། ཏདྱ་ཐཱ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཕུར་པ་གདབ་དང་མནན་པའི་སྔགས། །བརྗོད་དང་དམོད་པ་དྲག་ཏུ་གདབ། །དཔལ་མགོན་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས། བསད་པའི་སྦྱོར་བ་བསྟན་པའི་ལེའུ་སྟེ་རྟོག་པ་གསུམ་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །སྤྲུལ་པའི་ངེས་པ་བཤད་པར་བྱ། །གྲི་རྒོད་ཐོད་པ་བམ་རིལ་དུ། །ཕུང་ས་གསུམ་དང་གཉན་ས་གཉིས། །ནང་དུ་མིང་རུས་སྔགས་བྲིས་ལ། །ཁ་མིག་དུག་དང་ཁྲག་གིས་བྱ། །གནས་ཁང་སྦས་ན་སྒྲ་འབྱིན་འཐབས། །གཞན་ཡང་ཝ་སྤྲེལ་བྱི་ལ་སོགས། །ཤ་ཁྲག་གཟུགས་བྱས་རང་རང་རྫོགས། །གཅན་གཟན་གདུག་པ་སྒྲ་འབྱིན་ཅིང་། །གནས་ཁང་འཇིག་དང་གྲོང་ཁྱེར་བསྐོར། །ཁྲ་དང་འུག་པ་སྲིན་བྱ་དང་། །ཀར་ཀ་ཏི་པོ་མཛད་ལ་སོགས། །ཤ་ཁྲག་སྤུ་ལ་གཟུགས་བྱས་སྦ། །འདབ་ཆགས་བྱ་གཅན་ཁུ་འདེབས་དང་། །འཐབ་དང་སྡེར་འཛིངས་གནས་ཁང་འབབ། །ཉ་སྦྲུལ་གདུག་པ་ཀླུ་གནས་ས། །ཤ་ཁྲག་བསྲེས་ཏེ་གཟུགས་བྱས་སྦ། །ས་བདག་ཀླུ་ཡི་ཆོ་འཕྲུལ་འབེབས། །ངན་སྔགས་ཁྲི་ཕྲག་གསུམ་རྫོགས་ནས། །སྦྱོར་བ་སྨིན་པའི་དུས་ཆེན་ལ། །གྲོང་ཁྱེར་ཕྱོགས་བཅུར་ཆོ་འཕྲུལ་འབབས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿ། ཆེ་གེ་མོ་ཀ་པཱ་ལི་རྒྱས། ཧལ་ཧལ་དུ་ལིང་ཧལ་ཕོབ། བི་ཤ་རྩེ་རླུང་སིང་། ཁྲམ་ཁྲམ་དུ་ལིང་ཧས་ཕོབ། ལིང་ལིང་པུ་ཏ་དུན་ཤམ་དུན་ལིང་ཧས་ཕོབ། ནཱ་ག་བྷ་ནུ་ག་དུ་ལིང་ཧས་ཕོབ། རྩ་བ་དམིགས་པ་མི་དང་པོ། །སྔགས་ཀྱི་སྦྱོར་བ་བསྡེབས་པས་འགྲུབ། །དཔལ་མགོན་པོ་ནག་པོ་གསང་བ་སྙིང་ཏིག་གི་འཁོར་ལོ་ནག་པོའི་རྒྱུད་ལས། ལྟས་ངན་གྱི་ལེའུ་སྟེ་རྟོག་པ་བཞི་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །ལོ་ཏོག་འཇོམས་པའི་ལས་བཤད་པ། །


DNG024_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་མི་ཤིས་ཐོད་པ་རུ། །ཡུལ་ལྷ་ཡུལ་མི་སེར་བསྲུང་ལོ། །ཞིང་ཁང་ས་ལ་ལིངྒ་བྱ། །ཐོད་པར་བྲུབ་ལ་ཐུན་གྱིས་གཏེམས། །རྟོལ་ཁྲག་རྟ་ཡི་ཁྲག་དང་ནི། །བ་མར་ཡུགས་སའི་འོ་མ་དང་། །ར་དུག་སྦྱང་དུག་དྲག་པོའི་ཐུན། །ཉུང་དཀར་ཉུང་ནག་སྐེ་ཚེ་བརྡེག །དྲག་སྔགས་སྦྱོར་བ་རྫོགས་པ་དང་། །ཕྱེད་སྦ་ཕྱེད་བསྲེགས་ལྷག་མ་གཏོར། །ལོ་ཏོག་འབྲས་བུ་བརླག་པའི་ཕྱིར། །སྐྱི་འདང་འཁྱགས་པ་རོ་ལྟར་སྤུངས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿ། རཱ་ཧུ་ལ་ཡ་མ་སྙིང་། རཀྵ་དེ་སི་པི། དེ་ཝ་ཨ་ཙ་ཡཾ་ཏྲི་ཡ་ནཱ་ག །ཏྲིག་ནན་ཉག་སྤུར་ཡ་ཛ་ལ་རཾ་ཐིབས་འདུས། འུར་འུར་བྷྲཱུཾ་བྷྲཱུཾ་ཧྲིལ་ཧྲིལ་ཡཾ་ཡཾ་ཤར་ཤར་ནལ་ནལ་སེར་བ་དྲག་ཏུ་ཕོབ། གཟའ་བདུད་སྲིན་པོ་ལྷ་ཀླུ་བཙན། །རང་རང་སྔགས་ཀྱིས་འདེབས་བསྐུལ་ནས། །འབྲས་བུ་ལོ་ཏོག་འཇོམས་པར་བྱེད། །མགོན་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས། སེར་བ་དབབ་པའི་ལེའུ་སྟེ་རྟོག་པ་ལྔ་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །ཁྱད་པར་དྲག་པོ་བསྒྲལ་བའི་ལས། །འཁོར་ལོ་ཐུན་བྲབ་ལས་ཀྱི་གཙོ། །ཤི་ས་ཨར་ལ་གཏད་པ་དང་། །མ་གྲུབ་སྤོགས་པའི་ལས་མཐའ་ནི། །རྣལ་མ་ཟློག་པ་ལྟོ་དཀྲུག་པ། །རྒྱ་ཤོག་རྒྱུ་ལ་འཁོར་ལོ་བྲི། །མུ་ཁྱུད་གསུམ་པ་བཅུ་བདུན་རྩིབས། །སྡིག་པའམ་སྦྲུལ་གྱི་ཁོངས་སུ་བྲི། །གཅན་གཟན་ཁྲག་དང་སྲི་ཅན་ཁྲག །མི་དང་རྟ་ཡི་ཁྲག་ཏུ་སྦྱར། །རྒྱུ་རྐྱེན་དྲུག་ལ་ལིངྒ་བྱ། །གྲི་རྒོད་ཐོད་པའི་ནང་དུའོ། །ཉུང་དཀར་ཉུང་ནག་སྐེ་ཚེ་ཁྲག །ཐུན་གྱི་རྫས་སུ་རབ་ཏུ་བསྔགས། །དྲག་སྔགས་མདའ་དང་བཅས་ཤིང་བསྲེག །ཁྲི་གསུམ་སྔགས་ཀྱི་བར་དུ་སྤངས། །འཁོར་ལོ་རྩང་ཁར་བར་སྣང་ལྡིང་། །བརྒྱ་བརྒྱ་རྫོགས་ནས་སྔགས་ཐུན་བྲབ། །དགོངས་དང་ཐོ་རངས་སྲོད་དང་གུང་། །མོན་པ་དང་བཅས་དྲག་སྔགས་སྦྲེལ། །རྫོགས་ནས་འཁོར་ལོ་ལིངྒ་ཀུན། །ཤ་ཟ་གིང་ནི་རྩ་འམ་ནི། །ཡང་ནི་ལྷ་ཁང་


DNG024_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་པར་མནན། །དེ་ཡིས་བརླག་པར་ཡང་དག་བཤད། །གལ་ཏེ་ལས་ལ་མཐུ་མེད་ན། །བཟློག་ཅིང་དཀྲུག་པ་རྣལ་མ་བྱ། །ཐོད་པ་མུན་པའི་འོད་ཁུང་ངམ། །གདུག་པ་གནས་པའི་ས་རུ་མནན། །དེ་ཡིས་ལས་ཀུན་འགྲུབ་པར་འགྱུར། །ཡ་བག་ཤ་ཡ་ཡིན་པས་ན། །ཀུན་ལ་བྱ་བར་མ་གསུངས་སོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿ། དགྲ་བོ་མཱ་ར་ཡ་ཛཿ། དགྲ་བོའི་སྲོག་ལ་མྱོགས། ཙིཏྟ་ཁས། རཀྟ་ཐིབས་ཧཱུཾ་ལི་མཱ་ར་ཡ་རྦད། དགྲ་བོ་མཱ་ར་ཡ་ཧཱུཾ་ལི་ཡ་ལི། རཀྟ་ཐིབས་ཙིཏྟ་ཁས། སྲོག་ལ་མྱོག་ལ་རྦད། དགྲ་བོ་མཱ་ར་ཡ་སྲོག་ལ་མྱོག །ཧཱུཾ་ལིང་ཡཾ་ལིང་རཀྟ་ཐིབས་རྦད། ངན་སྔགས་སྐྱེ་བ་རྒྱུན་གཅོད་དེ། །ཁྱད་པར་མཆོག་གི་ལས་སུ་བཤད། །མགོན་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། ཁྱད་པར་གསང་བའི་ལས་བསྟན་པའི་ལེའུ་སྟེ་རྟོག་པ་དྲུག་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །རྡོ་རྗེ་དྲག་པོ་འཇིགས་པ་ཆེ། །མགོན་པོ་ནག་པོར་མཚན་གསོལ་བ། །ལས་ལ་ཕྲིན་ལས་འདི་ཡིས་བསྐུལ། །ཧཱུཾ། ཆེ་བཙན་དཔེ་མེད་མགོན་པོ་ནག་པོ་ནི། །སྐུ་ལ་དར་ནག་འཇོལ་བེར་གསོལ། །དབུ་ལ་སྦྲུལ་གྱི་རལ་པ་ཅན། །མི་ཡི་ཐོད་པས་དབུ་ལ་བརྒྱན། །གདོང་མིག་དམར་ལ་མཆེ་བ་གཙིགས། །སྟག་གི་སྨ་ར་མེ་ལྟར་འབར། །སྙན་ཆ་མགུར་ཆུ་མི་ཐོད་དམར། །གསེར་ཀ་རིན་ཆེན་སྐུ་ཡི་རྒྱན། །ཞབས་ལ་མ་ཏི་མ་པོ་ཆེ། །ཆིབས་སུ་དཔའ་བོ་སྟག་ལ་བཅིབས། །ཕྱག་ན་ཙནྡན་བིང་ཆེན་བསྣམས། །གསོར་ཞིང་ཀླད་པའི་རྒྱས་སུ་འདེབས། །སོང་ཞིག་ཁོང་གི་སྙིང་ཕྱུང་ཞིག །ལྷ་ཆེན་མགོན་པོ་ནག་པོ་ཁྱོད། །ང་ལ་སྡང་བའི་དགྲ་བོ་འདི། །མྱུར་དུ་སོད་ལ་རྣམ་པར་རྒྱོབ། །སྨྱོ་རུ་ཆུག་ལ་འབོག་ཏུ་ཆུག །ལྷ་ཆེན་མགོན་པོ་ནག་པོ་དང་། །ལྷ་མོ་ནག་མོ་གཉིས་སུ་མེད། །ལྷ་མོ་ནག་མོ་གཤེགས་སུ་གསོལ། །ལྷ་མོ་ནག་མོ་ཆེན་


DNG024_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟེ། །སྐུ་མདོག་དམར་ནག་རལ་པ་ཅན། །གཡས་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །གཡོན་ན་ནད་ཀྱི་རྐྱལ་པ་ཐོགས། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །དྲ་བ་དགུ་ཡི་ཧེ་ལེ་བཀལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྐུ་ཡི་སྤྲུལ་པའི་ལས་མཁན་ནི། །མུན་པ་ནག་པོ་གཏུམ་བག་ཅན། །སྐུ་མདོག་ནག་པོ་མུན་པའི་མདངས། །ཏྲི་ཤཱུ་ལ་ཡི་རྩེ་མོ་ལ། །མི་རོ་དམར་པོའི་རྒྱལ་མཚན་ཕྱར། །དར་ནག་རུ་མཚོན་ཆེན་པོ་ཡིས། །ལྷ་སྲིན་སྡེ་བརྒྱད་དམག་དཔུང་སྡུད། །མགོན་པོ་ནག་པོ་ལས་ལ་བྷྱོ། །གསུང་གི་སྤྲུལ་པའི་ལས་མཁན་ནི། །མོན་པ་ནག་པོ་འཇིགས་པའི་སྐུ། །སྐུ་མདོག་དམར་ནག་འཇིགས་པ་ལ། །མ་ཧེའི་རྭ་དུང་ཆེན་པོ་ཡིས། །སྣང་སྲིད་ལྷ་འདྲེ་སྒྲ་ཡིས་འབོད། །གཏུམ་ཆེན་ནག་པོ་ལས་ལ་བྷྱོ། །ཐུགས་ཀྱི་སྤྲུལ་པའི་ལས་མཁན་ནི། །ལྕགས་ཀྱི་མུན་པ་གསོད་བྱེད་དེ། །སྐུ་མདོག་སྔོ་ནག་རྔམ་པའི་ཞལ། །ལག་ན་སྤུ་གྲི་ཙིཏྟ་བསྣམས། །སྤུ་གྲིའི་དགྲ་བོའི་ཁོང་གཤགས་ནས། །ཙིཏྟ་ཕྱུང་ནས་གཙོ་ལ་སྟོབ། །བདུད་ཀྱི་མོན་པ་ནག་པོ་བདུན། །བདུད་ནག་འབུམ་གྱི་སྣ་དྲངས་ནས། །ཉམས་པའི་དགྲ་ཡུལ་དམག་གིས་འགེངས། །ལྷོ་ཕྱོགས་གཤིན་རྗེ་ཆེན་པོ་བརྒྱད། །ཁྱོད་ཀྱི་འཁོར་དང་གཡོག་ཡིན་པས། །གཅན་གཟན་མང་པོ་ཕོ་ཉར་འགྱེད། །བྱང་ཕྱོགས་གནོད་སྦྱིན་ཆེན་པོ་བརྒྱད། །ལྕགས་ཀྱི་བྱ་ཁྲ་འཇིགས་པར་སྤྲུལ། །ཉམས་པའི་ཤ་དང་རུས་པ་འདྲལ། །དུར་ཁྲོད་གནས་ཀྱི་མ་མོ་བརྒྱད། །བྷྱོ་དང་ཛ་ཡི་སྒྲ་སྒྲོགས་ཤིང་། །ཉམས་པའི་དགྲ་ལ་ཟོར་ཐུན་འབེབས། །ལྷ་ཆེན་མགོན་པོ་ནག་པོ་སྟེ། །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །བསྟན་པ་འཇིག་པའི་དགྲ་བོ་འདི། །དཀོན་མཆོག་གསུམ་གྱི་སྐུ་དགྲ་ཡིན། །རྣལ་འབྱོར་ཡོངས་ཀྱི་སྤྱི་དགྲ་ཡིན། །སྔགས་འཆང་བདག་ལ་བརྙས་བཙུགས་སོ། །སྲུང་མ་ཁྱོད་ལ་ཕོད་བཙུགས་སོ། །ཞེས་དྲག་ཏུ་


DNG024_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བར་བྱའོ། །དེ་ནས་ཡང་དག་ངེས་གསུངས་པ། །གསང་བ་མཆོག་གི་སྒྲུབ་པ་སྟེ། །ཆོས་སྐྱོང་མགོན་པོ་དཔལ་མགོན་མཆོག །ཨོཾ་ནི་ཡེ་ཤེས་ལྔ་ཡི་དངོས། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །ཤྲཱི་ནི་བདག་གཞན་ཡོངས་ཀྱི་དཔལ། །མགོན་གྱུར་དཔལ་འབར་ཆེན་པོ་ཉིད། །མ་ཧཱ་ཆེ་བཙན་དཔེ་མེད་དེ། །ཀཱ་ལ་འོད་འབར་དྲག་ཤུལ་ཅན། །ཏྲི་ཞེས་སྒྲོལ་གིང་ཤན་པ་བསྐུལ། །ཡཾ་ནི་དྲག་པོ་རླུང་གི་ཤུགས། །ཛཿཉིད་དགུགས་པའི་ལྕགས་ཀྱུ་ཡིན། །དམིགས་པ་གང་ཡིན་དགུག་པ་སྟེ། །གསང་བ་མཆོག་གི་བདག་པོ་ལ། །ཁམས་གསུམ་མཐུ་ཆེན་བདག་པོ་སྟེ། །མ་ཧཱ་ཀཱ་ལ་ཁྱོད་ལ་འདུད། །གང་དག་གསང་བའི་སྙིང་པོ་ལ། །མོས་སམ་ཡིད་ལ་བྱེད་པ་ཡིས། །ཁམས་གསུམ་དབང་དུ་སྡུད་པ་དང་། །སྲིད་གསུམ་ཟིལ་གྱིས་གནན་པ་དང་། །མེ་དང་རྒྱལ་པོ་ཆུ་དང་དུག །མ་རུངས་གཅན་གཟན་ལ་སོགས་པ། །འཇིགས་པ་ཆེ་ལས་ཡོངས་སུ་ཐར། །ཚེ་དང་དབང་ཐང་ལ་སོགས་པ། །ལོངས་སྤྱོད་འཕེལ་ཞིང་དབུལ་བ་སེལ། །དཔག་བསམ་ལྗོན་བཞིན་རྒྱས་པ་དང་། །ནད་དང་སྡུག་བསྔལ་རབ་ཞི་ནས། །འཇིག་རྟེན་མི་ནུབ་རྒྱལ་མཚན་དུ། །གྲགས་པ་ཆེན་པོ་བླ་མེད་འགྱུར། །མགོན་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། མགོན་པོ་ལ་ཕྲིན་ལས་བཅོལ་བ་དང་། བསྟོད་པ་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་རྟོག་པ་བདུན་པའོ།། །།མགོན་པོ་ནག་པོ་མོ་རྒྱུད་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བ། བོད་ཀྱི་བནྡི་ཁྲི་བཙན་རྡོ་རྗེ་ལ་གཏད་པའོ། །ས་མ་ཡཱ། རྒྱ་རྒྱ་རྒྱ། ཀྭ་ཐག་ཀྱ། རྒྱ་རྒྱ་རྫོགས་སོ།། །།དེ་ནས་གནོད་སྦྱིན་ཆེན་པོ་རྣམ་ཐོས་སྲས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མ་ཧཱ་ཀཱ་ལ་ཁྲོས་པ་ཆེ། །རྣལ་འབྱོར་ཀུན་གྱི་མགོན་གྱུར་པ། །ཉིད་ཀྱི་སྒྲུབ་པ་དེ་ལྟར་ན། །སྤྲུལ་པ་སྲོག་གཤེད་ལས་མཁན་དེ། །སྒྲོལ་བྱེད་ཤན་པའི་ལས་ཁ་གང་། །རྡོ་རྗེ་གཏུམ་པོས་བཀའ་སྩལ་པ། །མ་ཧཱ་ཀཱ་ལ་འོད་


DNG024_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ། །རྒྱལ་འབྱོར་ཀུན་གྱི་དགྲ་བླ་ཡིན། །དེ་ཡི་ལས་མཁན་མོན་པ་དང་། །ལས་ཀྱི་མ་བདུན་ཕོ་ཉ་མངག །ལས་ཀྱི་མཐའ་རུ་བཞག་པ་ཡིན། །ལྕགས་ཀྱི་མོན་པ་ཁྲག་འཐུང་ནི། །ནག་པོ་སྤྱི་རིང་སོལ་དུམ་འདྲ། །རི་ནག་བྲག་ནག་ལོགས་ལ་བསྔགས། །བྱ་རོག་རྟ་རོག་མོན་ནག་ཁྲག །གཡག་རྒོད་བྲག་ནག་ས་ལ་སྦྱར། །གྲུ་གསུམ་མཐིང་ནག་ཁྱི་ནག་མགོ། །ཡང་ན་མོན་ནག་རབས་ཆད་ཐོད། །ཨ་མུ་ཀ་ཡི་གཟུགས་དང་བཅས། །དར་ནག་གུར་དབུབ་ཐུན་གྱིས་བསད། །གདུག་པའི་དྲག་སྔགས་འདི་དག་བཟླས། །དུན་དུ་ཏྲག་དུ་ཐུམ་བྷ་ཏི་སྲོག་དྲེང་དྲེང་དུན་ཧྲི་ཛཿ། བདུད་པོ་དགྲ་བོའི་སྲོག་ལ་ཛཿཛཿ། ཨོཾ་སིར་ཕྲུམ་ཕྲུམ་ལ་ག་རེ་ཁས་ཧ་ཧེ། སླད་ནི་སླད་ནེ་དགྲ་བོའི་སྲོག་ཙ་ལེ་ཙ་ལེ་མཱ་ར་ཙ་ཧཱུཾ་ཛཿཧཱུཾ་ཛཿ། མཱ་ར་ཡ་རྦད། ཟོར་བཏེགས་ཕུར་གདབ་གྲིས་གཏུབ་ལ། །མུན་པའི་གླིང་དུ་གནན་པར་བྱ། །མགོན་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས། ལྕགས་ཀྱི་མོན་པ་སྤྱི་རིང་མངག་པ་ལས། ཕྱི་མའི་རྟོག་པ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །སྲོག་གཅོད་མོན་པ་སྙིང་འབྱིན་ཏེ། །དཀར་པོ་ཕྱྭ་སངས་མངག་པར་བྱ། །དར་དཀར་རས་སམ་རྒྱ་ཤོག་ལ། །ལྷ་ཁང་རྙིང་པའི་ཀ་རྟེན་ས། །ཅོང་ཟི་ཧ་ཤིག་རྒྱ་ཚྭ་དང་། །ར་དཀར་རྟ་དང་བྱ་དཀར་ཁྲག །བསྲེས་ཏེ་ལྟེ་བར་འཁོར་ལོ་བཅའ། །འབྲུབ་གནས་ཨེ་གཏིང་གའུ་བཅའ། །དར་དཀར་གུར་ཕུབ་དྲག་སྔགས་བཟླས། །རྫོགས་དང་འཁོར་ལོ་ག་འུར་བཅས། །ལྷ་ཡི་ཁང་པར་སྦས་པར་བྱ། །སྨྱོ་འབོག་ནད་ཀྱིས་ངེས་པར་ན། །མྱུར་དུ་བརླག་པར་ངས་བཤད་དོ། །རཱ་ཙ་ཙ་པ་ལ་ཨ་ཤུག་མེ་རཱ་ཙ་སྲོག་ལ་ཧྲིཾ་ཧྲིཾ། ཨུད་མ་ད་བྱ་སངས་ལ་ཤམ་ཤམ་ཙི་ཏྲ་ཧལ་ཡང་ཏི་པ་ར་རྦད། ཁྲི་གསུམ་མངགས་ལ་བར་ཆད་སྤངས། །མགོན་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས། དུང་གི་མོན་པ་སྲོག་གཅོད་སྤུ་གྲི་མངག་


DNG024_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེའུ་ལས། ཕྱི་མའི་རྟོག་པ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །མོན་མོ་ལྕགས་ཀྱུ་མངག་པ་སྟེ། །རྡོ་རྗེ་སྡེར་ཅན་གཏུམ་མོ་ཁྲོས། །མངག་པའི་ཕོ་ཉ་ལས་མཁན་མོ། །དུར་ཁྲོད་གནས་སུ་བསྒྲུབ་པར་བྱ། །སྨེ་ཤ་འབྲུ་ནག་དུག་གཏོར་རྟེན། །ལས་ཀྱི་ཐོད་པ་མཚན་ངན་དུ། །ཨ་མུ་ཀ་ཡི་གཟུགས་དང་བཅས། །དམེ་ཁྲག་དུག་སྣ་གཉན་མཚོའི་ཆུ། །སྔགས་ཏེ་ཐུན་གྱིས་ཡོང་བར་བསྣུན། །ལས་རྫོགས་ལིངྒ་སྐུད་པས་དྲིལ། །མ་མོའི་གཟུགས་ཀྱི་ཞབས་འོག་གཞུག །ཀླུ་མོ་ནག་མོ་གནས་སར་མནན། །མ་ཏྲག་རཀྴ་ནག་མོ་ཏིང་ལམ་བྷྱོ། ནག་མོ་དུན་སྙིང་ལས་ལ་བྷྱོ། མུན་རགྴ་ཙ་མུར་ཁ་ལ་བྷྱོ། ཁྲག་འཐུང་ཁོལ་བ་མཚན་རྟགས་ཡིན། །རླངས་དང་མདོག་འགྱུར་རྟགས་ཡིན་པས། །དགྲ་ལ་ཟོར་འཕོང་བརྣག་པར་བྱ། །མགོན་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། ཁྲག་འཐུང་མོན་མོ་ལས་ལ་མངག་པའི་ལེའུ་སྟེ། )ལས་ཀྱི་ཕྱི་མའི་རྟོག་པ་བཅུ་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །གདུག་པ་མོན་པ་གཟེར་འདེབས་ཀྱི། །དྲག་སྔགས་དམ་པ་བཤད་པར་བྱ། །ཀླུ་གཉན་གདུག་པའི་དབེན་གནས་སུ། །དེ་ཡི་ས་ལ་མཎྜལ་བྱ། །དྲི་སྤོས་སྨན་གྱིས་ཆག་ཆག་གདབ། །གཉན་ར་དགུ་ཡི་ཤིང་སྣ་ལ། ། བོང་ཡང་འོངས་ར་བྱས་ཏེ་རྟེན་དུ་གཟུགས། །སྦལ་བའི་ལྟོ་བར་འཁོར་ལོ་བྲི། །སྦལ་ནག་ཁྲག་དང་སྦྲུལ་དང་ནི། །བ་དམར་རཀྟ་མཛེ་ཁྲག་ལ། །ཐུན་དང་འཁོར་ལོ་བྲི་བར་བྱ། །དཀར་གཏོར་ཀླུ་སྨན་སྣ་ཚོགས་བསག །གདུག་པ་ཀླུ་ཡི་གཟུགས་བྱས་ལ། །གདུག་པ་གནས་སར་དེ་ཡིས་མནན། །དེ་ཡི་གསང་སྔགས་འདི་དག་གོ། །ནཱ་ག་ཧུ་ཏི་ནཱ་ག་དུ་རུ་ཧ་ནཱ་ག་དུ་ལེ་ཧེ་འདུས་ས་མ་ཡ། དགྲ་བོའི་རྩ་ལ་ཧ་ལ་རོ་ག་ནན། ཛྭ་ལ་ནི་ཛྭ་ལ་ནི་ཤུ་ཁྲམ་མྱགས་ཐིབ་རྦད། ཞག་གྲངས་གསུམ་རྫོགས་འཁོར་ལོ་མནན། །ཁ་སོ་ཟོར་ཁ་དགྲ་ལ་བསྟན། །དཔལ་


DNG024_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས། དུག་གི་མོན་པ་སྦྲུལ་ནག་ཅན་གྱི་ལེའུ་ལས། ལས་ཕྱི་མའི་རྟོག་པ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །བསེ་ཡི་མོན་པ་མངག་པའི་ལས། །བྲག་དམར་ལོགས་ལ་ཕྱིན་ནས་ཀྱང་། །མདའ་དམར་བཤོས་དམར་ཤ་ཁྲག་རྟེན། །གོང་གསུམ་ས་མར་རཀྟ་ས། །ག་འུ་བཅས་ཏེ་ཨེ་གཏིང་བཞག །དེ་ནས་འགལ་བའི་གཟུགས་བྱས་ལ། །ཞག་དགུར་ངག་བརྟེན་གོང་གསུམ་མནན། །ཤུ་བ་ར་ཙ་ཏྲི་ཤཾ་ཛ་ཡཾ། ས་མ་ཡ་ཨ་བྷི་ཤུ་ར་རཀྵ་ཚལ་པ་ཨ་ནྲྀ་ཏྲི་མཱ་ར་ཡ་ཨཾ་གུ་ཤ་ཛ་ཛཿ། ཨ་བྷི་ཤུ་བྷ་མ་ཡ་ར་ཙ་བེ་ནི་མ་ཎ་ཏ་ཏྲི་ཤཾ་རྦད་ཛཿ། སཾ་ཧ་ར་ཙིཏྟི་བྷསྨིཾ་ཀུ་རུ་ཛ་ཛཿ། ཆེ་གེ་མོའི་སྲོག་ལ་དྲེང་དྲེང་། ཐུམ་བྷྱོ་ཛ་ཛཿ། རྦད་ཡ། ཞེས་གསུངས་སོ། །དཔལ་མགོན་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། བསེ་མགོན་མོན་པའི་ལེའུ་སྟེ། ལས་ཀྱི་ཕྱི་མའི་རྟོག་པ་བཅུ་གཉིས་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །སྐྱེས་བུ་གིང་ཆེན་མངག་པའི་ཐབས། །ར་ཙ་སྤུན་གསུམ་ཤ་ཁྲག་ལ། །ལ་བཙས་ཕ་ལོང་རྡོ་བ་ཟུག །དར་མདའ་ཟའུ་བཤོས་བུ་རྟེན། །སྲོག་སྙིང་རྫོགས་དང་དགྲ་བོའི་གནས། །དེ་ཉིད་མཐོང་ངམ་ཕྱོགས་ཀྱི་རིར། །ཁ་བསྟན་སྤྲུལ་པ་དཔག་མེད་དབབ། །ལས་ནི་སྲོག་ལ་ཤན་པ་འགྱེད། །དེ་ཡི་གསང་སྔགས་འདི་དག་གོ། །བཛྲ་ཏྲ་པ་དུ་ཁ་ཐུམ་ཏྲི་ཛ་ཛཿ། རཱུ་པ་སརྦ་གུ་ཡཾ་ཀ་ས་ལི་ཏི་རྒྱལ་ཧལ་ཧལ་དུ་ལིང་ཧས་ཕོབ་ཡ། ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས། མོན་པ་གཏུམ་བག་ཅན་ལས་ལ་མངག་པའི་ལེའུ་སྟེ། ལས་ཀྱི་ཕྱི་མའི་རྟོག་པ་བཅུ་གསུམ་པའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ཡིས། །ལས་ཀྱི་མ་བདུན་མངག་པ་ཐུན་གྱི་སྦྱོར་བ་བཤད། །རབས་ཆད་ཐོད་པ་དྲི་མ་སྤངས། །ནང་དུ་ཁྲག་དང་དུག་ཆུས་དགང་། །


DNG024_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་སྤགས་མའི་ནང་རོལ་དུ། །སྟེང་ན་ཨ་མུ་ཀ་ཡི་གཟུགས། །ཁྲག་ལ་དུག་གི་ཐུན་བརྡེག་པ། །ཉུང་དཀར་ཉུང་ནག་སྐེ་ཚེས་བརྡེག །ལིངྒ་ཐུན་བྲབ་གནན་པ་བྱ། །ཁྲག་ཟོར་དགྲ་ཡི་གནས་ལ་འཕངས། །དེ་ཡི་དྲག་སྔགས་འདི་དག་གོ། །ཏྲག་རཀྴ་ཧ་ལ་དགྲ་བོ་མཱ་ར་ཡ་ཛཿ། ཙ་ཐུན་མཱ་ར་ཡ་ཐུན་སོད། ཤ་ཐུན་སོད། མཱ་ར་ཐུན་སོད། རུ་རུ་ནག་མོ་མཱ་ར་ཡ་ཐུན་སོད། མ་མ་མུཀྟི་འགྲི་ན་ཐུན་སོད། མ་མ་ཀ་ཐུན་ཏེ་ཀ་སོད། མ་མ་རྦད་ཐུན་མཱ་ར་ཡ་ཐུན་སོད། ཤག་ཤག་རག་མོ་ཐུན་མུགས་མཱ་ར་ཡ་ཐུན་སོད། མགོན་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། གཅན་གྱི་མ་བདུན་གྱི་གསད་པ་སྟེ། ལས་ཕྱི་མའི་རྟོག་པ་བཅུ་བཞི་པའོ།། །།དེ་ནས་གནོད་སྦྱིན་ཆེན་པོ་རྣམ་ཐོས་སྲས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མགོན་པོ་ནག་པོ་ཞེས་བྱ་བ། །མཚན་དོན་ངོ་བོ་གང་ལ་བྱ། །བསྒྲུབ་པའི་ཚུལ་ནི་ཇི་ལྟ་བུ། །ལས་ཀྱི་བྱེ་བྲག་བསྟན་པ་གང་། །རྫོགས་པར་འཁོར་ལ་བཤད་པར་མཛོད། །རྡོ་རྗེ་གཏུམ་པོས་གང་གསུངས་པ། །མགོན་པོ་ནག་པོ་ཞེས་བྱ་བ། །རྣལ་འབྱོར་ཀུན་གྱི་མགོན་གྱུར་ཡིན། །ངོ་བོ་ཡེ་ཤེས་སྤྲུལ་པ་ལས། །ཡེ་ཤེས་སྐུ་སྟེ་རྡོ་རྗེ་ཆེ། །དེ་ལས་སྤྲུལ་པ་དཔལ་འབར་བ། །དམ་ཆོས་བསྲུང་བའི་སྲུང་མ་སྟེ། །རྡོ་རྗེ་སྙིང་པོས་ལུང་བསྟན་ནས། །བསྟན་པ་དེ་ལ་མངོན་སངས་རྒྱས། །ལས་ཀྱི་ཕོ་ཉ་མངག་པས་ཏེ། །བདུད་རྒྱལ་ལ་སོགས་འཇིགས་པའི་འཁོར། །ལས་ཀྱི་མགོན་པོ་ཞེས་སུ་བཤད། །བསྒྲུབ་པ་རྣལ་འབྱོར་དབང་ཕྱུག་གིས། །བསྟན་པའི་བླ་སྲིད་ཉེར་བཞག་སྟེ། །དཀོན་མཆོག་བླ་མའི་དོན་དུ་བསྒྲུབ། །རྩ་བའི་སྔགས་ལ་ནན་ཏན་བྱ། །དེ་རྫོགས་ག་འུ་ལས་ལ་སྦྱོར། །དེ་རྟགས་སྔོན་དུ་འོང་བ་ཡིན། །གལ་ཏེ་ལས་འགོར་དམ་ཚིག་བཤགས། །ལས་མཐའ་འཁོར་ལོ་དྲག་པོས་བྱ། །བཟློག་དང་དཀྲུག་པ་དྲོད་མེད་སྤངས། །དཔའ་བོ་གཅིག་པ་བསྒྲུབ་པ་ནི། །སྤུ་གྲི་སྙིང་གི་འཁོར་ལོ་ཡིན། །ག་འུ་འཁོར་
ལོར་སྒྲུབ་པ་ནི། །ནག་པོ་སྙིང་ཆོས་ཅན་ཞེས་བྱ། །ག་འུ་གསང་བ་ཨེ་རུང་བསད། །ལས་ཀྱི་མོན་གསུམ་ལྟོ་སྡེབས་པས། །གསང་བ་སྙིང་གཅིག་བསྒྲུབ་པ་ཡིན། །ལས་ཀ་གང་བྱེད་དྲེགས་པའི་སྔགས། །མགོན་པོའི་རྩ་སྔགས་དེ་ལ་གདགས། །མཐའ་རུ་ལས་སྦྱོར་གང་ཡིན་བྱ། །ཡི་གེ་རྨད་བྱུང་གསང་བའི་རྒྱུད། །དམ་ཚིག་ལྡན་ཞིང་ལྟ་བ་རྟོགས། །དབང་ཐོབ་རྒྱུན་དུ་བླ་མ་འཁུར། །དེ་ལ་ནུས་པ་དཔག་མེད་དེ། །རྡོ་རྗེ་སྙིང་པོ་ངས་གསུངས་སོ། །ཞེས་རྡོ་རྗེ་སྙིང་པོས་གསང་བའི་བདག་པོ་ལ་གསུངས་ཏེ། འདུས་པའི་འཁོར་རྣམས་ཐམས་ཅད་རྗེས་སུ་ཡི་རངས་ཏེ། མངོན་པར་བསྟོད་དོ། །མགོན་པོ་གསང་བ་སྙིང་གི་འཁོར་ལོ་ལས། འཁོར་ལ་གདམས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དངོས་གྲུབ་ཆེན་པོ་འབྱུང་བ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །།ས་མ་ཡཱ། ན་ར་ཀན། ལོཙྪ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

དཔལ་ནག་པོ་ཆེན་པོ་མེ་ལྕེ་ཕྲེང་བ་ཞེས་བྱ་བའི་རྒྱུད།


DNG024_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཨག་ནི་ཛི་ཧྭོ་ནཱ་མ་ཏནྟྲ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་མེ་ལྕེ་ཕྲེང་བ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །ནག་པོ་ཆེན་པོ་དང་ཐབས་ཅིག་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བདག་གི་རྡོ་རྗེ་འཛིན་པའི་རྒྱལ་པོ་ནི། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་རིའི་ཚོགས་དབུས་ན། འཁོར་བྱང་ཆུབ་སེམས་དཔའ་མང་པོ་དང་། མཁའ་འགྲོ་དང་། ཤ་ཟ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། གཤིན་རྗེ་དང་། སྲིན་པོའི་ཚོགས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ལ་དཔལ་ནག་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་ཁྲོ་རྒྱལ་གཙོ། །བདག་གི་ལོ་རྒྱུས་ཇི་ལྟར་ལགས། །བསྟན་པ་བསྲུང་ཚུལ་ཇི་ལྟར་ལགས། །


DNG024_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རབས་རྣལ་འབྱོར་བདུན་གྱིས་སུ། །རྗེས་སུ་ཞུགས་ནས་བསྒྲུབ་ན་ཇི་ལྟར་ལགས་ཞེས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ་ལེགས་ལྡན་ནག་པོ་ཁྱོད། །ཁྱོད་ཀྱི་དོན་ནི་ངས་བཤད་ཀྱིས། །ལེགས་ཤིང་གུས་པའི་ཡིད་ཀྱིས་ཉོན། །ཞེས་པས། གླེང་གཞི་གླེང་བསླངས་དང་བཅས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་སྔོན་དུར་ཁྲོད་གཏུམ་པར་གྲགས་པ་ཞེས་བྱ་བ་ན། ཨ་སུ་རའི་ཤིང་གི་བདག་པོ་དང་། དུར་ཁྲོད་ཀྱི་བདག་པོ་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། འབྱུང་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། འདྲེ་ལ་སོགས་པ་གནས་པའི་ཕྱོགས་དེ་ན། སྲིན་པོའི་རྒྱལ་པོ་ཡག་ཤ་ཧ་རི་ཞེས་པ། རྫུ་འཕྲུལ་གྱི་མཐུ་དང་ལྡན་ཅིང་བཞུགས་སོ། །སྲིན་པོའི་རྒྱལ་པོ་དེས། རྒྱལ་ཆེན་རིས་བཞིའི་ལྷའི་རྒྱལ་པོའི་བུ་མོ་གཅིག་བརྐུས་ནས། དུར་ཁྲོད་དེར་ཁྲིད་ནས་རང་དབང་མེད་པར་ཆུང་མ་བྱས་སོ། །དུས་དེ་ནས་ཟླ་བ་བདུན་ལོན་ནས་སྲིན་པོའི་རྒྱལ་པོ་དེ་ཚེའི་དུས་བྱས་ནས་འདས་སོ། །དེར་ལྷའི་བུ་མོ་དེ་ལ་སྲིན་པོའི་བུ་ཞུགས་ཏེ། དེར་ལྷའི་བུ་མོ་དེ་སྲིན་པོའི་ཆུང་མར་གྱུར་པས་སུས་ཀྱང་མ་འདོད་དོ། །དེར་མོ་གཅིག་པུར་ལུས་པ་ལས་སྲིན་པོའི་ཕྲུག་གུ་སྐྱེས་པར་གྱུར་ཏོ། །དེར་མོའི་བུ་དེ་སྙིང་རྗེ་བར་ཚོར་ནས། རང་གི་ལུས་དེའི་ལྷའི་རྒྱན་ཕོག་སྟེ། ནོར་བུ་རིན་པོ་ཆེ་གཅིག་དང་། གླིང་བར་གྱི་ཉ་པ་ལ་ཉ་ཚོང་བྱས་ནས་གསོས་སོ། །གླིང་བར་གྱི་རྒུན་འབྲུའི་ས་ནས་རྒུན་ཆང་བྱས་སོ། །གླིང་བར་གྱི་སྒོག་བཙོང་བསྙབས་ནས་དེ་རྣམས་ཀྱིས་བུ་གསོས་སོ། །དེ་ལྟར་གསོས་པས་བུ་དེ་ཡང་སྐྱེ་དྲག་ལ་གཟུགས་བཟང་བ་གཅིག་བྱུང་སྟེ། རིང་པོར་མ་ཐོགས་པར་ཚང་བར་གྱུར་ཏོ། །བུ་དེས་མ་དེ་ལ་སྨྲས་པ། མ་གཅིག་བདག་ལ་ཕ་མེད་དམ་ཞེས་དྲིས་པ་དང་། མས་སྨྲས་པ། ཕ་སྲིན་པོ་ཡིན་ཏེ་འདས་སོ། །བུས་སྨྲས་པ། དེ་ལྟར་ཡིན་ན་ང་ཅག་མ་སྨད་སྡུག་པས།


DNG024_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མེད་པའི་གནས་འདིར་མི་སྡོད། རོ་ལངས་ཀྱིས་བསད་པར་འོངས་པས། དུར་ཁྲོད་འདིའི་ལྷོ་ཕྱོགས་ན་རི་མ་ལ་ཡ་མངོན་པར་འཕགས་པ་ཞེས་བྱ་བ་ལ། དགེ་སློང་བདེ་ལྡན་དཔའ་བོ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ཏེ། ཤིན་ཏུ་ཉིན་མོ་ཞི་ཞིང་ཉན་ཐོས་ཀྱི་ཆ་ལུགས་སུ་ཞུགས་ནས། ཆོས་ཉིད་རྣམ་པར་དག་པའི་མི་རྟོག་པའི་དོན་སྒོམ་མཚན་མོ་ནི་ལུས་གཅེར་བུར་བྱས་ནས། རུས་པའི་རྒྱན་གྱིས་བརྒྱན་ནས། དུར་ཁྲོད་ཁྲག་གི་མཆོད་པ་བཤམས་ནས། འཁོར་མཁའ་འགྲོ་མའི་ཚོགས་བསྡུས་ནས་གླུ་དང་གར་དུ་བཅས་ནས། དཔལ་བདེ་བ་ཆེན་པོའི་མདུན་གྱི་ནམ་མཁར་མཆོད་པ་མངོན་སུམ་དུ་མཛད་ནས། དེའི་དངོས་གྲུབ་རྣམ་པ་སྣ་ཚོགས་ལ་དབང་ཐོབ། རྫུ་འཕྲུལ་གྱི་མཐུ་རྣམ་པ་སྣ་ཚོགས་ལ་མངའ་བརྙེས་པ་ཞིག་བཞུགས་སོ། །ང་ཅག་མ་སྨད་དེའི་དྲུང་དུ་འདོང་། དེ་ལ་སྐྱབས་སུ་གསོལ་ལ་དངོས་གྲུབ་ཀྱིས་བཀའ་དོན་ཅིག་ཀྱང་ནོད། དེ་སྐད་ཅེས་སྨྲས་པ་དང་། མས་ཀྱང་བུ་ལ་མཉན་ཏེ། དེའི་དྲུང་དུ་བྱོན་ནོ། །དེར་སློབ་དཔོན་ཆེན་པོ་དེའི་སྤྱན་སྔར་འཁོད་དོ། །ལྷའི་བུ་མོ་དེས་རང་གི་ནོར་བུ་སེ་མོ་དོ་ཕོག་ནས་སློབ་དཔོན་དེ་ལ་ཕུལ་ཏེ་ཕྱག་བཙལ་ཞབས་ལ་སྤྱི་བོས་གཏུགས་ནས་འདི་སྐད་ཅེས་སྨྲས་སོ། །བདག་ལྷའི་བུ་མོ་ལགས་པས། ལས་ཀྱི་དབང་གིས་སྲིན་པོའི་ཆུང་མར་གྱུར་ཏེ། སྲིན་པོ་འདས་པར་གྱུར་ནས། བདག་ལ་སྲིན་པོའི་བུ་སྦྲུམ་པར་གྱུར་ཏེ། སྡུག་བསྔལ་མ་ཟད་པར་སྤྱད་ནས། ད་ལྟར་གྱི་བུ་འདི་ལགས་སོ། །ད་བདག་ཅག་མ་སྨད་ལ་མགོན་མ་མཆིས་པས། སློབ་དཔོན་ཆེན་པོ་ཁྱེད་ལ་མགོན་དང་སྐྱབས་ཞུ་ན། དངོས་གྲུབ་ཀྱི་ཐུགས་རྗེ་གཅིག་ཀྱང་གནང་བར་ཞུ། སློབ་དཔོན་གྱི་ཐུགས་ཀྱིས་གཟུང་བར་ཞུ་ཞེས་གསོལ་པ་དང་། སློབ་དཔོན་གྱི་ཐུགས་རྗེས་དགོངས་ཏེ། རྫུ་འཕྲུལ་གྱི་མཐུ་སྣ་ཚོགས་ཀྱི་ཕྱག་ཅེས་པ་མ་སྨད་གཉིས་ཀྱི་སྤྱི་བོར་བཞག་སྟེ། རྫུ་འཕྲུལ་གྱི་


DNG024_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མཐུའི་དབང་བསྐུར་ནས། ཆོས་ཉིད་སྐྱེ་བ་མེད་པའི་དོན་བཤད། དེའི་ཚེ་མས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས། བུས་ནི་སྤྲུལ་པའི་སྐུའི་རྫུ་འཕྲུལ་སྣ་ཚོགས་ལ་དབང་བསྒྱུར་བས། གདུག་པ་ཅན་འདུལ་བའི་ལས་ཀྱི་མངའ་བརྙེས། ཕྱག་མང་པོ་དང་ཞབས་དཔག་ཏུ་མེད་པར་སྤྲུལ་ནས། ཕྱག་འགྱུར་ཞིང་ཞབས་བརྡབས་པས་ས་གཞི་དང་རི་རབ་ལྡེག་པར་ནུས་སོ། །དེ་ནས་སློབ་འབངས་འཁོར་དང་བཅས་པ་ལ་དུར་ཁྲོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཉིན་དང་མཚན་དུ་བསྐོར་བ་དང་མཆོད་པ་རྒྱུན་མ་འཆད་པར་མཛད་པ་ལས། སྲིན་པོའི་ཕྲུ་གུ་དེ་ལ་སློབ་དཔོན་གྱིས་གསང་བའི་དབང་ལས་ཀྱི་གཉེར་གཏད་དོ། །སློབ་དཔོན་བདེ་ལྡན་དཔའ་བོའི་རྒྱལ་ཚབ་ཏུ་བཞག་གོ། །སློབ་དཔོན་བདེ་ལྡན་དཔའ་བོ་དང་། ལྷའི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཉིས་རྡོ་རྗེ་དང་དྲིལ་བུར་གྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་སུ་སངས་རྒྱས་ནས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ལ་གཤེགས་སུ་གསོལ། བདེ་ལྡན་དཔའ་བོས་ཕྲིན་ལས་ཀྱི་མཛད་སྤྱོད་མཐར་ཕྱིན་ནས་དབྱིངས་ཡེ་ཤེས་གཉིས་སུ་མེད་པར་སངས་རྒྱས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་སློབ་དཔོན་ཆེན་པོ་སྐལ་ལྡན་དཔའ་བོ་དུར་ཁྲོད་ཆེན་པོའི་གནས་ན། སྔོན་གྱི་སློབ་དཔོན་གྱིས་མཛད་པའི་ཕྲིན་ལས་སྣ་ཚོགས་ཐམས་ཅད་ནི་མཛད། འདུལ་བའི་ཕྲིན་ལས་སྣ་ཚོགས་ནི་འདུལ། མཁའ་འགྲོ་མ་རྣམས་ལ་སྔོན་གྱི་གདམས་ངག་རྗེས་སུ་དྲན་པའི་སྒོ་ནས་ཆོས་སྟོན་ཅིང་། ཕྲིན་ལས་སྣ་ཚོགས་ཀྱིས་གདུག་པ་འདུལ་བའི་དོན་མཛད་པ་ལས། མཁའ་འགྲོ་མ་རྣམས་ཀྱིས་ཉིན་དང་མཚན་དུ་བསྐོར་བ་བྱེད་ཅིང་། མཆོད་པ་བྱེད་དེ་བཞུགས་སོ། །དེའི་ཚེ་མཁའ་འགྲོ་མ་རྣམས་དུར་ཁྲོད་དུ་ཟས་ཚོལ་དུ་གཤེགས་སོ། །སློབ་དཔོན་སྐལ་ལྡན་དཔའ་བོ་གཅིག་པུ་ཉིད་དུར་ཁྲོད་ན་བཞུགས་པ་ལས། རྫུ་འཕྲུལ་གྱི་མཐུ་མངོན་པར་


DNG024_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ཞེས་བྱ་བ་སྤྲུལ་པའི་སྐུའི་བརྟུལ་ཞུགས་མཛད་སྟེ། ཕྱག་མང་པོ་དང་ཞབས་མང་པོར་སྤྲུལ་ཏེ། རྫུ་འཕྲུལ་གྱིས་གར་མཛད་ནས་རི་རབ་གླིང་བཞི་ཐམས་ཅད་ལྡེག་པར་མཛད་དོ། །དེའི་ཚེ་ལྷའི་བུ་དབང་པོ་བརྒྱ་བྱིན་གྱིས་རི་རབ་ཀྱི་རྩེ་ནས་གཟིགས་སོ། །ལྷའི་དབང་པོ་ཉིད་སྐྱེས་བུ་དེའི་རྫུ་འཕྲུལ་དེ་ལ་ཡ་མཚན་དུ་གྱུར་ཏེ་འདི་སྙམ་དུ་སེམས་སོ། །མ་གི་ནི་ངས་རི་རབ་ཀྱི་ཁ་ལ་སྤྱན་དྲང་ལྷ་རྣམས་ཀྱི་དམག་དཔོན་བྱས་ལ། ལྷ་མ་ཡིན་དང་འཐབ་པའི་གཡུལ་བཟློག་ན་སྙམ་སྟེ། སྐྱེས་བུ་ཆེན་པོ་དེ་མཁའ་འགྲོ་མ་རྣམས་ཀྱིས་འདུལ་བར་གཟིགས་ནས། མཁའ་འགྲོ་མ་རྣམས་ནི་མི་སྡུག་པའི་གཟུགས་ཅན་ཡིན། ལྷའི་བུ་མོ་ནི་མཛེས་ལ་ཡིད་དུ་འོང་བ་ཡིན། ལྷའི་བུ་མོ་གཅིག་གིས་བྲིད་ལ་དགུག་གོ་སྙམ་ནས། ལྷ་དཔལ་འཆང་གར་ཀཱིརྟི་ཀ་ཏི་གའི་བུ་མོ་ཨུ་མ་ཡང་དབུ་མ་དེ་བ་ཞེས་བྱ་བ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་གཅིག་ཡོད་དེ། དེ་ལ་ལྷ་མོ་ནི་རྒྱན་སྣ་ཚོགས་པས་བརྒྱན་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་ལ་འདི་སྐད་ཅེས་བཀའ་བསྒོའོ། །ཁྱོད་སོང་ལ་མ་གི་ན་སྐྱེས་བུ་དཔའ་བོ་རྫུ་འཕྲུལ་ཅན་ཅིག་ཡོད་དེ་ཁུག་ལ་ཤོག་ཅིག །ལྷའི་དམག་དཔོན་བྱས་ལ་ལྷ་མ་ཡིན་གྱི་གཡུལ་ཕམ་པར་བྱའོ། །མ་ཁུགས་བར་དུ་ཁྱོད་རང་མ་འོང་བར་སྡོད་ལ་གསོལ་བ་ཐོབ་ཅིག་ཅེས་བཀའ་བསྒོ་ནས་བཏང་ངོ་། །དེ་སྐད་བྱས་ནས་ལྷའི་བུ་མོ་དེ་དུར་ཁྲོད་ཀྱི་གནས་སུ་དོང་ངོ་། །ལྷའི་བུ་མོ་དེས་སྐྱེས་བུ་དེ་ལ་ཕྱག་བྱས་ནས་ཞུས་པ་དང་། མཁའ་འགྲོ་མ་བདག་ལྷའི་དབང་པོ་བརྒྱ་བྱིན་གྱིས་མངགས་ནས། སྐྱེས་བུ་ཁྱེད་ལྷའི་མཆོད་གནས་སུ་སྤྱན་འདྲེན་ལགས་ཀྱིས། རི་རབ་ཀྱི་རྩེ་ལ་ལྷ་རྣམས་ཀྱི་དཔོན་པོར་གཤེགས་སུ་གསོལ་ཞེས་ཞུས་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་མ་གནང་སྟེ། དཔོན་སློབ་བདེ་ལྡན་དཔའ་བོའི་རྒྱལ་ཚབ་ཏུ་བཞུགས་པ་ཡིན། ད་ཡང་མཁའ་འགྲོ་མ་རྣམས་ཀྱི་དཔོན་དུ་གྱུར་པ་ཡིན། དུར་ཁྲོད་ཀྱི་ཚོགས་བདག་ཡིན་པས་རི་རབ་ཀྱི་རྩེ་ལ་གཤེགས་པ་


DNG024_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཞེས་ཟེར་ནས་མཁའ་འགྲོ་མ་རྣམས་ཀྱིས་མ་གནང་ངོ་། །དེར་ལྷའི་བུ་མོ་དེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མ་ཁུགས་ཀྱི་བར་དུ་མ་འོང་ཞིག་བྱས་པས་མོ་སྐྱེས་བུ་ཆེན་པོ་དེ་ཡི་རྩར་ཆགས་སོ། །དེར་མཁའ་འགྲོ་མ་རྣམས་དུར་ཁྲོད་དུ་སོང་ནས་ཟས་ཚོལ་བའི་བར་དུ། རྟག་ཏུ་བྲིད་ཅིང་མཆོད་པར་བྱས་སོ། །སློབ་དཔོན་དེའི་ཐུགས་ལ་གཅགས་པར་གྱུར་ཏེ། ལྷའི་བུ་མོ་དེ་ཆུང་མ་བྱས་སོ། །དེ་ཡང་བུ་བུ་མོ་འདི་གཉིས་སྐྱེས་སོ། །བུ་ལ་ནི་རུས་པའི་རྒྱན་ཐོད་པའི་ཕྲེང་བ་བྱས་ཏེ་བརྒྱན་ནོ། །མཚན་ནི་ལེགས་ལྡན་ཐོད་ཕྲེང་ཅན་དུ་གདགས་སོ། །བུ་མོ་དེ་ལ་དུར་ཁྲོད་ཀྱི་དུང་གི་ཁོག་མ་གཅིག་བཏགས་ཏེ། མིང་ནི་དཔལ་ལྡན་དུང་སྐྱོང་མར་བཏགས་སོ། །བུ་ཚ་མིང་སྲིང་གཉིས་ལ་གླིང་བར་གྱི་ཉ་ཤ་དང་། སྒོག་བཙོང་དང་། རྒུན་ཆང་དང་། ཤ་ཁྲག་རུས་པས་རྐན་ཕབ་སྟེ་གསོས་སོ། །མོས་ཀྱང་ལྷའི་དཀའ་ཐུབ་ཉམས་ཏེ་དུར་ཁྲོད་ཀྱི་ཟས་ཅི་ཟ་བ་ཟོས་སོ། །དེར་མོས་ཡུན་རིང་པོར་ལོན་པ་དང་། དེའི་དུས་ན་ལྷ་མ་ཡིན་གྱིས་ལྷའི་ཡུལ་ཕྲོགས་ནས། རིན་ཆེན་སྣ་ལྔའི་གྲོང་ཁྱེར་སུམ་བརྩེགས་སུ་ཡོད་པ་དཔངས་ཅིས་ཀྱང་གཤོག་ཐབས་མེད་པར་སྒོ་ལ་སོགས་པ་དམ་པ་དེས་ལྷའི་ཁང་བཟང་བས་དཔག་ཚད་གཅིག་གིས་མཐོ་བ་བརྩིགས་ཏེ། ལྷའི་ཡུལ་གཏན་ཤོར་ལ་ཁད་པ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་རི་རབ་ཀྱི་ཁ་ནས་པི་ཝང་གི་བརྡས་བསྐུལ་ཏེ། ལྷ་དང་ལྷ་མ་ཡིན་འཐབས་པའི་དམག་དཔོན་འགུགས་སུ་བཏང་ན་ཇི་སྲིད་འཁོར་རམ་ཡུལ་ནི་གཏན་ཤོར་ལ་ཁད་ན། བྱ་བས་བསྐུལ་བའི་བརྡའ་བྱུང་བས། མོས་ཐོས་ཏེ་སྐལ་ལྡན་དཔའ་བོ་ལ་བསྐུལ་བ། ཤངྈར་བདེ་བྱེད་སྟོབས་པོ་ཆེ། སྐྱེས་བུ་དཔའ་བོ་ཁྱོད་ལ་ངས། ཇི་སྲིད་དུ་ཞབས་ཏོག་བྱས་ནས་ད་ངའི་ཚིག་ཉན་དགོས་བྱས་ནས། ཤཾ་ཀར་བདེ་བྱེད་ན་རེ། ཇི་ལྟར་བྱ་ཟེར་ཏེ། ང་ལྷའི་དབང་པོས་ཁྱོད་འགུགས་སུ་བཏང་བ་ཡིན་པ་ལ་ཇི་སྲིད་དུ་མ་ཁུགས་ན། ད་ནི་ལྷའི་གནས་སུ་གཤེགས་པ་འཚལ་ཞེས་ཞུས་པ་ལ། དེར་གནང་སྟེ་མཁའ་འགྲོ་མ་རྣམས་ལ་གསང་སྟེ། ཁྱོ་


DNG024_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་གཉིས་གྲོས་བྱས་ཏེ་ཞག་བདུན་ན་འབྲོས་པར་བྱ་སྟེ། ལྷའི་དབང་པོ་བརྒྱ་བྱིན་ལ་པི་ཝང་གི་བརྡའ་མར་བཏང་ནས། ཞག་བདུན་ན་ཤིང་རྟའི་འཁོར་ལོས་སྤྱན་དྲངས་པར་བྱས་སོ། །དེ་ནས་ལྷའི་དབང་པོས་འཁོར་ལྷ་ཚོགས་མང་པོ་དང་བཅས་ནས་ཤིང་རྟའི་འཁོར་ལོ་མང་པོ་ཁྱེར་ཏེ་དུར་ཁྲོད་དུ་ཕྱིན་ནས། མཁའ་འགྲོ་མ་རྣམས་དུར་ཁྲོད་དུ་ཟས་འཚོལ་དུ་སོང་བའི་ཤུལ་དུ། སྐལ་ལྡན་དཔའ་བོ་ཞེས་བྱ་བ་དེ་རི་རབ་ཀྱི་རྩེ་ལ་སྤྱན་དྲངས་སོ། །དེར་ལྷ་ཐམས་ཅད་ཀྱིས་ཆོས་བཟང་ལྷའི་མདུན་སར་ཕྱག་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྣམ་པར་རྒྱལ་བའི་ཁང་བཟང་དུ་མཆོད་པ་བྱས་སོ། །དེ་ནས་ལྷའི་དེད་དཔོན་ཉི་ཤུ་རྩ་བརྒྱད་ཀྱིས་ཚལ་ཆེན་པོ་བཞིར་མཆོད་པ་བྱས་སོ། །དེ་ནས་བྱང་ཤར་དུ་ཤིང་ཡོངས་འདུ་ས་བརྟོལ་གྱི་རྩར་ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་གིས་མཆོད་པ་བྱས་སོ། །དེ་ནས་ལྷོ་ནུབ་ཏུ་རྡོ་ཨ་མོ་ལིའི་སྟེང་དུ་ལྷའི་བུ་བྱེ་བ་ཁྲག་ཁྲིག་གིས་མཆོད་པ་བྱས་སོ། །དེ་ཡང་དང་པོ་དུར་ཁྲོད་ཀྱི་གནས་ནས་ཡབ་ཡུམ་སྲས་དང་བཅས་པ་སྤྱན་དྲངས་པ་ནི། དུར་ཁྲོད་གནས་ན་ལེགས་ལྡན་ཐོད་པའི་ཕྲེང་བ་ཅན། པད་མའི་སྟེང་དུ་ཧཱུཾ་ལས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། དར་མཐིང་ནག་གི་འཇོལ་བེར་སྐུ་ལ་གསོལ་པ། གསེར་སྐེད་རིན་ཆེན་སྐུ་ལ་བཅིངས་པ། དབུ་སྐྲ་ཁམ་ནག་རལ་པའི་ཐོར་གཙུག་གཅིག་ཏུ་འཁྱིལ་པ། ཁྲོ་གཉེར་སྨིན་མཚམས་སུ་བརྗིད་པ། སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་བགྲད་པ། མཆེ་བ་གཙིགས་པ། སྨ་ར་མུན་ལྟར་གཏིབས་པ། ཕྱག་ན་པར་བུ་ནག་པོ་བསྣམས་པ། ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས་པ། འཇིགས་འཇིགས་རྔམ་རྔམ་འདྲ་བ་ལ། རང་གི་གཙོ་བོ་རྒྱན་དུ་འཛིན། ཕེང་ཕེང་གི་སྒྲ་སྒྲོགས་པ། ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེཾ་ནི་ཛཿ། དེ་སྐད་ཧཱུཾ་ཕཊ་སྒྲ་སྒྲོགས་ཤིང་། །འཇིགས་བྱེད་ལྕམ་དྲལ་དུང་སྐྱོང་མ། །སྐུ་མདོག་ནག་མོ་ཆར་སྤྲིན་ལ། །


DNG024_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལྡེ་གོས་གོན་སྟག་ཤམ་གླང་ལྤགས་གོན། །ཤག་ཏི་མཚོན་ཆ་འཛིན་པ་འཇིགས་ཚུལ་ཅན། །སྐལ་ལྡན་དཔའ་བོ་རུ་མཚོན་དཔའ་རྟགས་ལྔ་དང་ཆས། །ཨུ་མ་དེ་བ་འཇིགས་སུ་གཟི་མདངས་བྱམས། །དེ་འདྲ་དུར་ཁྲོད་གནས་ན་བཞུགས་པ་ལས། །ལྷ་དབང་བརྒྱ་བྱིན་ལ་སོགས་ལྷ་རྣམས་མདུན་གྱིས་གསོལ་པ་ནི། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །ཚུར་གཤེགས་ཚུར་བྱོན་དཔལ་ལྡན་མགོན་པོ་ཆེ། །འདིར་གཤེགས་ལྷ་མིན་གཡུལ་རྣམས་བཟློག་ཕྱིར་བྱོན། །དབྱིངས་ནས་བཞེངས་པ་མི་མཁས་ཡང་། །སངས་རྒྱས་བསྟན་པ་སྲུང་སླད་དུ། །འབར་བའི་སྐུར་སྟོན་འདིར་གཤེགས་མཆོད་པ་བཞེས། །འདིར་གཤེགས་བདག་གི་ལོངས་སྤྱོད་མཆོད་པར་བཞེས། །ནག་པོ་མི་བཟད་འདིར་གཤེགས་མཆོད་པ་བཞེས། །ཕ་རོལ་ཕྱིན་སྤྱོད་འདིར་གཤེགས་མཆོད་པ་བཞེས། །འབར་བའི་སྐུར་སྟོན་འདིར་གཤེགས་མཆོད་པ་བཞེས། །ལྷ་མིན་གཡུལ་བཟློག་འདིར་གཤེགས་མཆོད་པ་བཞེས། །ལྷ་དམག་དབུགས་འབྱིན་འདིར་གཤེགས་མཆོད་པ་བཞེས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །གནས་རི་རབ་རྩེར་གཤེགས་བཞུགས་སུ་གསོལ། །བདག་ཅག་གསོལ་འདེབས་འདིར་གཤེགས་མཆོད་པ་བཞེས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཛཿཧཱུཾ་བཾ་ཧོཿཧཱུཾ་ཕཊ། ཅེས་པས་ལྷ་རྣམས་ཀྱིས་གདུང་བའི་དབྱངས་བླངས་པས། རང་དབང་མེད་པར་འཁོར་བཅས་བསྐྱོད་དེ་བྱོན་ནོ། །དེ་ནས་རྣམ་པར་རྒྱལ་བའི་ཁང་བཟང་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས། གདན་རིན་པོ་ཆེ་ཉི་ཟླ་པདྨ་དང་ལྡན་པ་ཕུལ་ནས། དར་མཐིང་ནག་གི་གུར་ཕུབ་ནས། འདི་སྐད་ཅེས་གསོལ་ཏོ། །ཧཱུཾ། ཡེ་ཤེས་མཁའ་འགྲོ་སྔོན་པོའི་མདོག་ཏུ་གྱུར། །སྐུ་མདོག་སྔོ་ནག་དབྱར་གྱི་སྤྲིན་ལྟ་བུ། །དུག་གསུམ་མ་ལུས་མུན་ཁམས་འཇོམས་མཛད་པའི། །མ་ཧཱ་ཀཱ་ལ་ཁྱེད་ཉིད་དགྱེས་ཤིང་བརྟན་པར་བཞུགས། །འདིར་གཤེགས་གདན་ལ་


DNG024_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ནས་ཀྱང་། །འཇིག་རྟེན་པ་དང་མཐུན་འཇུག་ཕྱིར། །ཕྱག་དང་ཞབས་གཉིས་བསིལ་བར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཧཱུཾ། ས་མ་ཡ་ཏིཥྛ་ལྷན། ཨཱ་བེ་ཤ་ཡ་ཨ། ཞེས་བཞུགས་སུ་གསོལ་ནས། ལྷ་རྣམས་ཀྱིས་ཕྱག་བྱས་པ། ཧཱུཾ། མཉམ་ཉིད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་རུངས་འཇོམས་མཛད་ལྷ་མིན་དབང་དུ་སྡུད། །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །སྐལ་ལྡན་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་མིན་དམག་ཚོགས་གཡུལ་བཟློག་གཙོ། །ལྷ་དམག་དཀར་པོ་དབུགས་འབྱིན་པ། །རྡོ་རྗེ་དུར་ཁྲོད་འཁོར་བཅས་ལ། །དང་བའི་སེམས་ཀྱིས་ཕྱག་འཚལ་ལོ། །བསོད་ནམས་གཟི་བྱིན་ཁྱོད་ལ་ཕྱག་འཚལ་ལོ། །དྲག་ཤུལ་མཐུ་ཆེན་འཕགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་རྫོགས་ཁྱེད་ལ་ཕྱག་འཚལ་ལོ། །སྒྲིབ་གཉིས་སྤངས་པ་ཁྱོད་ལ་ཕྱག་འཚལ་ལོ། །ལུང་བསྟན་ཐོབ་རྫོགས་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་གང་ཞིག་གིས། །ཁྱོད་ཀྱི་མཚན་ནས་བརྗོད་བསྒྲུབས་ན། །དངོས་གྲུབ་མྱུར་དུ་སྟེར་མཛད་པ། །མི་བསྙེམས་བྱམས་པ་ཁྱེད་ལ་ཕྱག་འཚལ་ལོ། །མ་ཧཱ་ཀཱ་ལ་ཁྱེད་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨ་ཏི་པུ་ཧོ། ན་མོ་ཡ། ཞེས་ལྷ་རྣམས་ཀྱིས་ཕྱག་བྱས་པའོ། །དེ་ནས་ལྷའི་དབང་པོ་དང་ལྷའི་དེད་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་དགའ་བའི་ཚུལ་དུ་ཕྱིའི་མཆོད་པ་ཕུལ་བ། མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །མར་མེ་མུན་སེལ་དྲི་ཞིམ་སྤོས་ཀྱི་མཆོག །བདུད་རྩི་ཡོན་ཆབ་འོ་མ་ཀུན་གྱི་གསོས། །སྒྲིབ་སེལ་བཤོས་གཙང་དམ་པ་བདུད་རྩི་སྦྱར། །དྲང་སྲོང་ཤཾ་ཀར་སྐུ་ལ་མཆོད་པ་འབུལ། །ལྷ་མོ་ཨུ་མའི་སྐུ་ལ་མཆོད་པ་འབུལ། །ལེགས་ལྡན་ནག་པོའི་སྐུ་ལ་མཆོད་པ་འབུལ། །མ་ཧཱ་ཀཱ་ལའི་སྐུ་ལ་མཆོད་པ་འབུལ། །ལྷ་མོ་དུང་སྐྱོང་སྐུ་ལ་མཆོད་པ་འབུལ། །ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེཾ་བེཾ་ནི་ཛཿ


DNG024_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ། ཨ་དྷཱུ་པེ། པུཥ྇། ཨཱ་ལོ་ཀེ། གྷནྡྷེ། ནཻ་བིདྱ། ཤཔྟ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུཾ། ཞེས་བརྗོད་པས་མཆོད་དོ། །ཉ་ཤ་ལ་སོགས་པའི་ཚུལ་དུ་དམ་རྫས་ཀྱི་མཆོད་པ་ཕུལ་བ་ནི། ལྕགས་པར་གྱི་ནང་དུ་དཀར་གསུམ་དང་། མངར་གསུམ་དང་། ལ་དུ་དང་། ལ་ཕུག་དང་། སྒོག་བཙོང་དང་། རྒུན་འབྲུམ་དང་། འབྲུ་ཐུག་དང་། འབྲས་ཆན་དང་། ཁུར་བ་དང་། ཤིང་ཐོག་སྣ་ཚོགས་དང་། དེ་རྣམས་ལྕགས་པར་གྱི་ནང་དུ་བསགས་ནས། དར་མཐིང་ནག་གིས་ཁ་བཅད་དེ། འདི་སྐད་ཅེས་ལྷ་རྣམས་ཀྱིས་བསྐུལ། མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡོད་པ་ནི། །རང་སྦྱིན་འབྲས་བུའི་ཟས་ལ་སོགས། །ཕྱོགས་བཅུའི་ཆུ་སྐྱེས་ཐང་སྐྱེས་མེ་ཏོག་ལོངས་སྤྱོད་རྒྱན། །རིས་སུ་མ་བཅད་ལོངས་སྤྱོད་རྒྱས་པར་འབུལ། །དཀྱིལ་འཁོར་དམ་པ་མཛེས་པ་དང་། །བཤོས་གཙང་མར་མེ་སྤོས་སྣ་ཚོགས། །རྒུན་ཆང་ལ་སོགས་བཏུང་བའི་མཆོག །སྦྲང་རྩི་ལ་སོགས་མངར་བའི་དབྱིག །སྣ་ཚོགས་མཆོད་པ་འདི་དག་བཞེས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །གཟུགས་དང་སྒྲ་དང་དྲི་རོ་རེག །ཆོས་ལ་སོགས་པའི་མཆོད་པ་ཀུན། །མགོན་པོ་འཁོར་བཅས་སྐུ་ལ་འབུལ། །ཞེས་པས་ཕུལ་ལོ། །རྩུབ་འགྱུར་ཚལ་དུ་ཆང་གི་མཆོད་པ་དང་། ནང་གི་མཆོད་པ་རྣམས་ཕུལ་བ་ནི། གཡུ་དྲི་མྱོས་བྱེད་ཆང་། །སྐྱེ་འགྲོའི་འབྲུ་བཅུད། །བདུད་རྩི་བཅུད་ཀྱི་ཟས། །སྐྱེམས་འཕངས་ཕུད་ཀྱི་མཆོག །སྐལ་ལྡན་དཔའ་བོ་གསོལ། །དྲང་སྲོང་ཤཾ་ཀར་གསོལ། །ལེགས་ལྡན་ནག་པོ་གསོལ། །ལྷའི་གནོད་སྦྱིན་གསོལ། །སྐལ་ལྡན་རིན་ཆེན་གསོལ། །དར་ནག་རལ་ག་ཅན་གསོལ། །རིག་འཛིན་སྲོག་ཤིང་གསོལ། །དུས་གསུམ་སྨན་པ་གསོལ། །སྐྱེས་བུ་ཆེན་པོ་གསོལ། །ལྷ་མོ་ནག་མོ་གསོལ། །འདོད་ཁམས་དབང་སྡུད་གསོལ། །ཞེས་མཆོད་པས་མཉེས་པར་


DNG024_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏོ། །འདིའི་ཚལ་དུ་མཚོན་པས་དགེ་བའི་མཆོད་པ་ཕུལ་ལོ། །ཡོངས་འདུས་ཀྱི་རྩར་ལྷའི་བུ་མོ་རྣམས་ཀྱིས་མཆོད་པ། ཧཱུཾ་གཤེགས་ཤིག་གཤེགས་ཤིག་གནས་འདིར་གཤེགས། །བུ་ཡི་གནས་མཆོག་དམ་པ་ན། །ཁྱོད་ཀྱི་མཐུན་པའི་དམ་རྫས་ནི། །འབྱོར་པར་ཚོགས་སོ་ཐུགས་དམ་ཅན། །རྒྱ་ཤུག་ལ་སོགས་སྤོས་ལྔ་ཐུ་ལུ་ལུ། །ག་པུར་ལ་སོགས་སྨན་ལྔ་སི་ལི་ལི། །འབྲུ་བཅུད་ཆང་གི་ཕུད་ནི་དྲེངས་སེ་དྲེང་། །རཀྟ་དམར་གྱི་ཨརྒྷ་ཀྱི་ལི་ལི། །བྷནྡྷ་རུས་པའི་ཚོགས་ནི་ཁྲ་ལ་ལ། །བདུད་རྩི་རྣམ་ལྔའི་ཚོགས་ནི་ཆི་ལི་ལི། །ཤ་ཆེན་མཱཾ་སའི་ཚོགས་ནི་ཚངས་སེ་ཚང་། །མཐུན་པའི་དམ་རྫས་ཚོགས་སོ་གནས་འདིར་བྱོན། །དམ་རྫས་གཏོར་མ་འདི་ལོང་ལ། །ལྷ་མིན་དམག་སྣ་བཟློག་ཏུ་གསོལ། །བདག་ཅག་རྣམས་ལ་སྐྱབས་ཆེན་མཛོད། །ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེཾ་ནི་ཛ། མ་ཧཱ་ཀཱ་ལ་རཱུ་པ་མ་ཧཱ་མཱར་ས་ཁཱ་ཧི་ཧོ། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་དུ་ཏྲི་ཁཱ་ཧི། ཞེས་མཆོད་དོ། །དེ་ནས་ཨ་མོ་ལི་ཀའི་རྡོ་སྟེང་དུ་ལྷའི་བུ་རྣམས་ཀྱིས་མཆོད་པ་དམ་རྫས་བདུད་རྩི་གཏོར་མ་དམ་རྫས་ཆང་བ་ལ། འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཅིང་། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་དྲུག་གི་སྤྱོད་ཡུལ་འགྱེད། །དྲི་ཆེན་དྲི་ཆུའི་ཚོགས་ནི་རྦ་རླབས་འཁྲུགས། །རཀྟ་དམར་གྱི་རང་བཞིན་རྒྱ་མཚོར་འཁྱིལ། །མ་ཧཱ་ཤ་ཡི་རང་བཞིན་སྤྲིན་ལྟར་སྤུངས། །ཀེང་རུས་རུས་པའི་རང་བཞིན་རི་ལྟར་སྤུངས། །དཔལ་ལྡན་ལེགས་ལྡན་ཡབ་སྲས་ཡུམ་དང་བཅས། །གཙོ་དང་འཁོར་དུ་བཅས་པའི་ཐུགས་དམ་བསྐང་། །ཞེས་ལྷའི་བུ་རྣམས་ཀྱིས་མཆོད་དོ། །དེ་ནས་ཆོས་བཟང་ལྷའི་མདུན་སར་ལྷ་རྣམས་ཀྱིས་དམག་དཔོན་དུ་མངའ་གསོལ་ཏེ། ལེགས་ལྡན་ནག་པོ་ལྷའི་བུ་རྣམས་ཀྱིས་དམག་དཔོན་དུ་མངའ་གསོལ་བའི་ཕྱིར། དར་ནག་གི་འཇོལ་བེར་ཆེན་པོ་བཀོན། ཨ་ཀ་རུ་ནག་པོའི་


DNG024_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པས་བདུག །ཕྱག་མང་པོར་སྦྲུལ་གྱིས་གདུབ་བུར་བྱས། ཙནྡན་གྱི་བིང་ཆེན་ཕྱག་ཏུ་བསྐུར། མཚོན་ཆ་དང་རུ་མཚོན་མང་པོ་ཐོགས་ཏེ། ལྷ་རྣམས་ཀྱི་དམག་དཔོན་བྱས་སོ། །བུ་མོས་ནི་ལྷའི་བུ་མོ་རྣམས་ཀྱི་དམག་དཔོན་བྱས་སོ། །མ་མོས་ནི་ལྷ་མོ་རྣམས་ཀྱི་དམག་དཔོན་བྱས་སོ། །སྐར་མ་རྒྱལ་གྱི་ཉིན་པར་རྩུབ་འགྱུར་ཚལ་དུ་འདུས་ནས། ལྷ་རྣམས་ཀྱི་དམག་དཔོན་སྐལ་ལྡན་དཔའ་བོ་རྫུ་འཕྲུལ་གྲུབ་པའི་སྲས། མགོན་པོ་ལེགས་ལྡན་ནག་པོ་ཐོད་ཕྲེང་ཅན་ལ་དམག་དཔོན་དུ་མངའ་གསོལ་བ། ཧཱུཾ། དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱིས། །མ་ཧཱ་ཀཱ་ལར་མངའ་གསོལ་བས། །དཔྲལ་བའི་ཁྲོ་གཉེར་གསུམ་དང་ལྡན། །དཀོན་མཆོག་གསུམ་གྱི་མངའ་གསོལ་བས། །ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །རིགས་གསུམ་མགོན་པོས་མངའ་གསོལ་བས། །ཞལ་གྱི་ཆ་ལུགས་གསུམ་དང་ལྡན། །རིགས་གསུམ་ཁྲོ་བོས་མངའ་གསོལ་བས། །ཞལ་གྱི་ཁྲོ་གཉེར་གསུམ་དང་ལྡན། །ལྷ་སྲིན་རྣམས་ཀྱིས་མངའ་གསོལ་བས། །དབུ་སྐྲ་ཁམ་ནག་རལ་པ་ཅན། །རྒྱུ་སྐར་རྣམས་ཀྱིས་མངའ་གསོལ་བས། །སྐུ་སྨད་མེ་ལྕེའི་ལྕགས་ཀྱུས་བརྒྱན། །སྲིད་པ་གསུམ་ལ་དབང་བསྒྱུར་བས། །སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ། །ཀླུ་ཆེན་བརྒྱད་ཀྱིས་མངའ་གསོལ་བས། །ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན། །ས་བདག་རྣམས་ཀྱིས་མངའ་གསོལ་བས། །ན་བཟའ་ཟབ་བེར་མཐིང་ནག་གསོལ། །འཆི་བདག་བདུད་ཀྱིས་མངའ་གསོལ་བས། །ཕྱག་ན་ཙན་དན་བིང་ཆེན་བསྣམས། །ལྷ་རྣམས་ཀུན་གྱིས་མངའ་གསོལ་བས། །བསོ་སྒྲ་ཆེན་པོ་གསུམ་དང་ལྡན། །ལྷ་མིན་གཡུལ་ལས་རྒྱལ་མཛད་ཕྱིར། །ཆ་སྒྲ་ཆེན་པོ་གསུམ་དང་ལྡན། །བྱོལ་སོང་ཀུན་གྱིས་མངའ་གསོལ་བས། །མུན་པའི་གཡུ་རུང་སྐུ་ལ་གསོལ། །ཡི་དྭགས་རྣམས་ཀྱིས་མངའ་གསོལ་བས། །རིན་ཆེན་འབར་བའི་དོ་ཤལ་ཅན། །དམྱལ་བ་རྣམས་ཀྱིས་


DNG024_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་བས། །སྤྱན་ནས་བསྐལ་པའི་མེ་ཆེན་འབར། །ཤངས་ནས་བསྐལ་པའི་རླུང་ནག་འཚུབས། །ཞལ་ནས་བསྐལ་པའི་ཆུ་ཆེན་འཁྲུགས། །ལྷ་ཡི་དམག་དཔོན་མངའ་གསོལ་ལོ། །ཆོས་སྐྱོང་ཆེན་པོར་མངའ་གསོལ་ལོ། །མགོན་པོ་ཆེན་པོར་མངའ་གསོལ་ལོ། །དཀར་པོའི་དབུགས་འབྱིན་མངའ་གསོལ་ལོ། །ཞེས་མངའ་གསོལ་ལོ། །དེར་རྒྱལ་བའི་བཀའ་བདེན་པར་བརྗོད་དོ། །དཀོན་མཆོག་གསུམ་ལ་མ་ཉེས་པའི་དཔང་གཟུག་སྟེ། འདི་སྐད་བརྗོད་དོ། །ཧཱུཾ། མ་ཉེས་མ་མོ་གཟུ་དང་དཔང་། །དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །དུས་གསུམ་སངས་རྒྱས་གཟུ་དང་དཔང་། །དམ་ཆོས་བདུད་རྩི་གཟུ་དང་དཔང་། །ཕྱོགས་བཅུའི་དགེ་འདུན་གཟུ་དང་དཔང་། །དཀྱིལ་འཁོར་ལྷ་ཚོགས་གཟུ་དང་དཔང་། །ཆོས་སྐྱོང་ལྕམ་དྲལ་གཟུ་དང་དཔང་། །ཕྱོགས་སྐྱོང་བཅུ་པོ་གཟུ་དང་དཔང་། །ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་། །ཀླུ་ཆེན་བརྒྱད་པོ་གཟུ་དང་དཔང་། །རིགས་བཞིའི་ཀླུ་རྒྱལ་གཟུ་དང་དཔང་། །ཀླུ་བྲན་འབུམ་སྡེ་གཟུ་དང་དཔང་། །གཉན་ཆེན་འཁོར་བཅས་གཟུ་དང་དཔང་། །རིགས་བཞིའི་ས་བདག་གཟུ་དང་དཔང་། །སྣང་སྲིད་ལྷ་འདྲེ་གཟུ་དང་དཔང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་གཟུ་དང་དཔང་། །རྒྱལ་པོ་བཙན་དང་བདུད་དུ་བཅས། །གཟུ་དང་དཔང་པོར་ཁྱེད་རྣམས་བཞུགས། །ངེད་ཀྱིས་མ་ལན་ཁོང་གིས་ལན། །ངེད་ཀྱིས་མ་ཉེས་ཁོང་གིས་ཉེས། །ལེགས་ཉེས་གཉིས་ཀྱིས་སྟངས་ཆོད་ལ། །ཡོ་གལ་གཉིས་ཀྱི་ཐིག་ཐོབ་ཅིག །ལྷ་མིན་འདི་ལ་ལས་མཛོད་ཅིག །ཅེས་ལྷ་རྣམས་ཀྱིས་བྲོར་བརྡུངས། མཆི་མ་བཏོན་འོ་དོད་བོས་སོ། །ཞེས་པ་མེ་ལྕེ་ཕྲེང་བའི་རྒྱུད་ལས། ལྷ་མིན་འདུས་པའི་མདུན་དུ་ལྷ་རྣམས་ཀྱིས་ལེགས་ལྡན་ནག་པོ་སྤྱན་དྲངས་མཉེས་པར་བྱས་ནས། དམག་དཔོན་དུ་མངའ་


DNG024_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བིཾ་ནི་ཛ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཅེས་ལྷ་རྣམས་ཀྱིས་གནད་ནས་བསྐུལ་བས། ལེགས་ལྡན་ནག་པོ་ཐོད་ཕྲེང་ཅན་ནི་བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ནི་ལྕགས་ཀྱི་བྱ་ཁྲ་བརྒྱད་དུ་སྤྲུལ་ནས་སྔོན་དུ་འགྲོ་ཞིང་། དམ་ཚིག་ཉམས་པའི་ཀླད་པ་རྟོལ་ཅིང་ལྷ་མིན་རྣམས་ཀྱི་གཉེན་པོ་མཛད་པ། ལྷོ་ཕྱོགས་གཤིན་རྗེའི་གཤེད་པོ་བརྒྱད་ནི། སྟག་གཟིག་དོམ་དྲེད་སྤྱང་ཀི་བརྒྱད་དུ་སྤྲུལ་ནས་ཕྱིར་འབྲང་ཞིང་ལྷ་མིན་བརླག་པར་མཛད་དོ། །དེ་ལྟ་བུའི་དཔའ་བོ་དེ་ལྷ་རྣམས་ཀྱིས་བསྐུལ་བ། དང་པོ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྐུལ་པ་ནི། ཧཱུཾ། བཅོམ་ལྡན་ཕྱག་ན་རྡོ་རྗེས་ནི། །ཁྱོད་ཀྱི་གསང་བའི་མཚན་བཏགས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །དུར་ཁྲོད་གནས་པར་རབ་ཏུ་མོས། །གསང་བའི་མཚན་ནས་འབོད་དོ་ལྷ་མིན་གཡུལ་རྣམས་བཟློག །འཇམ་དཔལ་དབྱངས་ཀྱིས་མཚན་བཏགས་པ། །ནག་པོ་མནའ་ཟན་རྣམས་ཀྱི་གཤེད། །ཤ་ཁྲག་ཟ་ལ་རབ་ཏུ་མོས། །གསང་བའི་མཚན་ནས་འབོད་དོ་ལྷ་མིན་གཡུལ་རྣམས་བཟློག །བཅོལ་ལོ་བཅོལ་ལོ་ལས་བཅོལ་ལོ། །རྡོ་རྗེ་སེམས་དཔས་མཚན་བཏགས་པ། །མཐུ་ཆེན་ལོག་གནོན་རྣམས་ཀྱི་གཤེད། །ལོག་པའི་གང་ཟག་འདུལ་ལ་བརྩོན། །གསང་བའི་མཚན་ནས་འབོད་དོ་ལྷ་མིན་གཡུལ་རྣམས་བཟློག །བཅོལ་ལོ་བཅོལ་བའི་ལས་རྣམས་བཅོལ། །དགེ་བསྙེན་སྲུང་མ་ལས་མཛོད་ཅིག །ལྷ་རྣམས་གནོད་པ་བཟློག་པའི་ལས་མཛོད་ཅིག །ལྷ་དམག་མ་ཧཱ་ཀཱ་ལའི་ཚོགས་ནི་སྤྲིན་ལྟར་གཏིབས་ལ་གཤེགས། །ལས་ནི་ལྷ་མིན་གནོན་པའི་དུས་ལ་བབ། །སྡིག་ཅན་ལྷ་མིན་སྒྲོལ་བའི་དུས་ལ་བབ། །དཀོན་མཆོག་དབུ་འཕང་སྨོད་པ་འདི། །སངས་རྒྱས་བསྟན་པ་ལྷ་མིན་ཁོང་གིས་བཤིགས། །དགེ་འདུན་འདུ་བའི་སྒོ་ཡང་ཁོང་གིས་ཕྲོག །དབང་པོའི་སྐུ་ལ་བསྡོ་བ་འདི། །སྡིག་ཅན་འདིས་སུ་ཅི་མ་བྱས། །


DNG024_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངན་སྡིག་ཅན་འདིས་སུ་ཅི་མ་བྱས། །ལས་ངན་སྡིག་ཅན་འཁོར་བའི་སེམས་ཅན་འདི། །ལྷ་མིན་དམག་དཔུང་བསྒྲལ་བའི་ཞིང་བཅུ་ཡིན་པས་ན། །ཤཱཀྱ་ཐུབ་པའི་བསྟན་པ་ལ། །ལས་ངན་བསྒྲལ་བར་དམ་བཅས་པའི། །སྡིག་ཅན་བསྒྲལ་བར་དམ་བཅས་པ། །ནག་པོ་ཆེན་པོ་མཐུ་བོ་ཆེ། །སྐོམ་དུ་མི་ཁྲག་མངར་མོ་འཐུང་། །ཟས་སུ་མི་ཤ་བཤུལ་མོ་ཟ། །གོས་སུ་མི་ལྤགས་རློན་པ་གོན། ། འཁོར་དུ་དུར་ཁྲོད་མ་མོས་བསྐོར། །ལས་ངན་ལྷ་མིན་ད་སྒྲོལ་ཅིག །རྣམ་ཤེས་གཞན་དུ་སྒྱུར་ལ་ཐོང་། །སྲོག་དམར་ཧུབ་ཀྱིས་ཐོབ་ལ་ཐོང་། །ལྕགས་ཀྱི་བྱ་ཁྲ་ཆེན་པོར་སྐུ་སྤྲུལ་ལ། །སྡིག་ཅན་འདི་ཡི་ཀླད་པའི་སྤྱི་རྟོལ་ལ། །ཀླད་ཁྲག་དྲོན་མོ་གཞིབ་པའི་དུས་ལ་བབ། །ལྕགས་ཀྱི་ཤ་སྤྱང་ཆེན་པོར་སྐུ་སྤྲུལ་ལ། །ལས་ངན་ལྷ་མིན་སྲོག་པའི་རྩར་ཞུགས་ལ། །སྲོག་རྩ་དྲོན་མོ་གཞིབ་པའི་དུས་ལ་བབ། །ནག་པོ་ཆེན་པོར་སྐུ་སྤྲུལ་ནས། །སྡིག་ཅན་གསོད་པའི་དུས་ལ་བབ། །ཚེ་མཆོག་གསོལ་བའི་དུས་ལ་བབ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བས། །གཏོར་མ་ཕུལ་ནས་འདི་ཞུས་པས། །སེམས་ཅན་རྣམས་ལ་གནོད་བྱེད་པ། །མགོན་པོ་ནག་པོ་ཁྱོད་ཀྱིས་གསོལ། །ལྷ་མིན་ཤ་ནི་གཅོད་པར་གྱིས། །ཁྲག་ནི་བཅུས་ཏེ་བཏུང་བར་གྱིས། །ཡང་ན་དེ་ཡི་ཕྱི་ནང་གི། །ཏིལ་ཙམ་དག་ཏུ་ཤ་ཆོད་ཅིག །དཀར་པོའི་སྲུང་མ་ལས་མཛོད་ཅིག །བཟློག་ཅིག་ལྷ་མིན་གཡུལ་བཟློག་ཅིག །ལྷ་མིན་གདུག་པ་གསད་པའི་ལས་མཛོད་ཅིག །ད་ནས་བཟུང་ནས་སྐྱེས་བུ་ཡིས། །ལྷ་རྣམས་སྲུངས་ཤིང་བསྐྱབ་ཏུ་གསོལ། །ལྷ་རྒྱལ་གདན་ནས་བསྐྱོད་ད་རེ། །ལྷ་བྲན་མཐའ་ནས་ཟགས་པ་རེ། །ཕོ་བྲང་ངོ་མདངས་འགྱུར་ར་རེ། །བསྒྲུབ་ལ་བར་ཆད་ཤོ་ར་རེ། །ལོག་འདྲེན་ལྷ་མིན་དབང་དུ་སོང་ར་རེ། །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །མགོན་པོ་ནག་པོ་ཐུགས་དམ་ཅན། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཤཱཀྱ་ཐུབ་


DNG024_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྟན་པ་ལ། །བསྟན་པ་བསྲུང་བར་ཞལ་བཞེས་པ། །དགེ་ལ་སྦྱོར་བའི་གྲོགས་བྱ་ཞེས། །ཉིད་ཀྱིས་ཁས་བླངས་དམ་བཅས་པ། །བདག་ཅག་ལྷ་ཡི་རིགས་རྣམས་ལ། །མཐུ་དཔུང་འབྱིན་པའི་དུས་ལ་བབ། །ཧཱུཾ། བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས། །ཡང་དག་སྐུ་གཅིག་བྱུང་བ་ནི། །མཐིང་ནག་མི་སྲུན་འཇིགས་པའི་སྐུ། །ཉིད་ཀྱི་སྐུ་མདོག་འཇིགས་ཤིང་མཐིང་ནག་ཆེན་པོ་ལས། །དབུ་སྐྲ་ཁམ་ནག་ཐོར་ཚུགས་གཅིག་ཏུ་འཁྱིལ། །སྨིན་མ་ནག་པོ་ཁྲོ་གཉེར་བརྗིད་པའི་ཞལ། །སྤྱན་བཟློག་ཞལ་གདངས་མཆེ་བ་རྣོ་གཙིགས་ནས། །དམ་ཉམས་དགྲ་བགེགས་རྣམས་ཀྱི་སྙིང་རྩ་གཅོད། །ཤངས་ནས་མེ་དང་དུག་གི་འཚུབས་མ་གཏོང་། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འདྲེལ། །གཡས་ཀྱི་ཕྱག་ན་ཙནྡན་བིང་ཆེན་བསྣམས། །གསོར་ཞིང་གསོར་ཞིང་ཀླད་པའི་རྒྱས་སུ་རྒྱོབ། །ཙནྡན་བིང་གི་སྟོད་ཤེད་ནས། །སྤྲུལ་པའི་ཕོ་ཉ་འབུམ་བཀྱེ་བས། ། སྟེང་གི་ལྷ་བདུད་དབང་དུ་སྡུད། །ཙན་དན་བིང་གི་ཞབས་ཤེད་ནས། །སྤྲུལ་པའི་ཕོ་ཉ་འབུམ་བཀྱེ་བས། །འོག་གི་སྲིན་ཚན་དྲུངས་ནས་འབྱིན། །ཙན་དན་བིང་གི་བར་ཤེད་ནས། །སྤྲུལ་པའི་ཕོ་ཉ་འབུམ་བཀྱེ་བས། །བར་གྱི་དགྲ་བགེགས་རྡུལ་དུ་རློགས། །སྡིག་ཅན་ལྷ་མིན་རྡུལ་དུ་རློགས། །གཡོན་ནི་ལྕགས་པར་སྐུ་ལ་བརྟེན། །དར་སེར་སྔོ་བཀྲ་སྐུ་ལ་གསོལ། །གསེར་ཀ་རིན་ཆེན་སྐུ་ལ་བཅིངས། །སྤྱན་གསུམ་སྡང་མིག་གྱེན་དུ་བགྲད་པ་ཡིས། །སྟེང་གི་ལྷ་ཡང་འདར་ཤ་ཤ །སྤྱན་གསུམ་སྡང་མིག་ཐུར་དུ་བགྲད་པ་ཡིས། །འོག་གི་ཀླུ་ཡང་ཟིལ་གྱིས་གནོན། །སྤྱན་གསུམ་ཕྲེད་ལ་ཕར་བགྲད་པས། །ཕྱོགས་བཞི་མཚམས་བརྒྱད་ཀུན་ནས་ནི། །གནས་པ་ཐམས་ཅད་ཕོ་ཉ་འགྱེད། །ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱིས་འབྱུང་པོ་གནོན། །ཀྱེ། མགོན་པོ་ནག་པོའི་བསྟན་པ་ལ། །འཁྲུགས་པ་ཅན་ལ་འདི་ཡིན་པས། །གལ་


DNG024_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རིངས་པར་དྲང་བས་ན། །གདུག་པའི་དགྲ་བོ་འདི་ཉིད་ནི། །ཟུང་ཟུང་སོད་སོད་ཁྱེར་ཁྱེར་ཆིངས། །སྲེགས་སྲེགས་གཏོར་གཏོར་སྒྲོལ་སྒྲོལ་ཆིངས། །སྐད་ཅིག་གཅིག་གིས་མེད་པར་གྱིས། །ལྷ་མིན་དམག་གི་དཔུང་ཤིག་ཅིག །ཨོཾ་མ་ཧཱ་ཀཱ་ལ་རཀྴ་ས་དུ་བེར་ནྲྀ་ཛ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། བྷྱོ་བྷྱོ་བྷྱོ། ཞེས་མངགས་ཏེ་རྦད་པས། ལྷ་མིན་དང་འདྲེས་པའི་ཚལ་དུ་འཐབས་པས། ལྷ་མ་ཡིན་རྣམས་ཀྱི་གཡུལ་བཟློག་ནས། གྲོང་ཁྱེར་སུམ་བརྩེགས་ཀྱི་ནང་གི་རྩེར་བྲོས་སོ། །དེར་གྲོང་ཁྱེར་སུམ་བརྩེགས་དེ་ནི་ཤིན་ཏུ་བརྟན་ལ་ཁྱབ་འཇུག་ཁོའི་མཐུ་བརྟན་པས་ཐབས་མ་རྙེད་དེ། ཡབ་སྐལ་ལྡན་དཔའ་བོ་ཞེས་བྱ་བ་དང་། ཤཾ་ཀར་བདེ་བྱེད་ཅེས་བྱ་བ་དེ་ལ། ཅི་ཙུག་བྱས་ན་ཤིག་དྲིས་པས། ཡབ་ན་རེ། ཕྱིའི་རྒྱ་མཚོ་ནས་ཕར་འདས་པའི་ལྕགས་རི་ལ་རྡོ་རྗེ་ཕ་ལམ་ཡོད། དེ་དང་རྒྱ་མཚོའི་ལྦུ་བ་དང་རྡོ་སོལ་ཚོས་བརྒྱབ་ན་ཤིག་སྟེ་འོང་ཟེར་ནས། དེར་ལེགས་ལྡན་གྱིས་ད་སྟེ་ཞག་བདུན་ན་ངས་ཁྱོད་ཀྱི་གྲོང་ཁྱེར་སུམ་བརྩེགས་འཇིག་གོ་ཁྱོད་རང་ཟོན་གྱིས་ཤིག་ཅེས་ཁྱབ་འཇུག་ལ་འཕྲིན་བསྐུར། དེར་ལྷ་མིན་རྣམས་ནི་སྡུག་བསྔལ་དཔག་ཏུ་མེད་པས་འཇིགས་ནས་ཡོད་ཙ་ན། ལེགས་ལྡན་གྱིས་རྫས་དེ་རྣམས་རྫུ་འཕྲུལ་གྱིས་བླངས་ནས། ཁ་ཊྭཱཾ་གའི་རྩེ་མོ་ལ་ཕྱར་ནས་ཁང་པ་ལ་བརྒྱབ་པས་རིལ་ལེ་མ་ཞིག་པར། ཁ་ཊྭཱཾ་ག་བརྒྱབ་པས་ཐམས་ཅད་རྡོལ་ཞིང་སོང་ངོ་། །དེར་ཡང་དེ་ནི་ད་དེ་འདྲ་བ་མིན་པའི་རིལ་ལེ་འཇིག་པའི་མཚོན་ཡོད་དེ། ད་དུང་ངས་བཟའ་ལྟས་པ་ཙམ་ཡིན་བྱས་ནས། ད་ནི་ཞག་བདུན་ན་འཇིག་གོ་བྱས་པས། དེར་ཞག་བདུན་གྱི་ནང་པར་ཁྱབ་འཇུག་ན་རེ་ཁོའི་མཚོན་ཆ་དེ་ཡ་ཆ་བ་གཅིག་འདུག་པས། ཁོ་ཡིན་ཡང་དོ་ཤི། ད་དེ་བས་ཀྱང་དྲག་པ་ཡོད་ཟེར་བས་མ་བྱུང་བ་ལ་ངས་སྔུན་བསུ་ལ་ཁོ་དང་འཐབས་ཀྱིས། འོན་ཏང་ཁོས་ང་ནི་མི་ཐུབ། ང་ལ་རལ་གྲི་བསམ་ཆོད་ཡོད། འཁོར་ལོ་ཕོག་འཆི་ཡོད། དུང་


DNG024_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་གསུམ་དུ་ཐོས་པ་ཡོད། མདའ་གོ་ཆ་ཅིས་ཀྱང་མི་ཐུབ་པ་རི་བོ་མཆོག་རབ་ཀྱང་ཕིགས་པ་ཡོད། མདུང་ཤུགས་དང་ལྡན་པ་ཡོད་དེ། ལག་ཆ་འདི་ཙམ་པ་ཁོ་ལ་མེད་པས་ཕམ་མི་སྲིད་ཅིང་། བརྒྱ་ལ་འཕམ་ན་དུང་ལན་གསུམ་འབུད་ཀྱིས་དེ་ཙམ་ན་གྲོང་ཁྱེར་སུམ་བརྩེགས་འུ་ཅག་གིས་ཤིག་ཅིག །ཁོང་གིས་བཤིག་ན་དེ་རང་སྙིང་མི་དགའ་འོ་ཟེར་ནས། དཔའ་རྟགས་ལྔ་དང་གཡས་སུ་འཁོར་ལོ་ཁྱེར། གཡོན་དུ་དུང་ཐོག་ཕྱིན་ཙམ་ན། ཁྱབ་འཇུག་གིས་ཕྱིན་པའི་ལམ་དུ་ལེགས་ལྡན་གྱིས། བྲག་ཤིན་ཏུ་སྲ་བ་རྒྱ་ཆེ་བ་འཕང་མཐོ་བ་སུལ་དང་སེར་ག་མེད་པ་སྐོར་ཐེབས་མེད་པ་གཅིག་གི་རྩར། ཆུ་ཤིན་ཏུ་ཆེ་བ་རབ་མེད་པ་རྦ་དོག་པ་སྐོར་ས་མེད་པ་སྟེ་རྒྱུན་རིང་བ་གཅིག་གི་བར་དུ་ལམ་ཕྲ་མོ་དྲེད་དེ་གཅིག་ལས་མེད་པ་ཞིག་ཏུ་སྤྲུལ་ནས། དེའི་བར་དུ་རྒན་མོ་རྣ་བས་མི་ཐོས་མིག་གིས་མི་གསལ་བ་གཅིག་ཏུ་སྤྲུལ་ནས་བསྡད་ཙམ་ན། ཁྱབ་འཇུག་བྱུང་ནས་རྒན་མོ་ཕར་ཟུར་ཟེར་བ་ལ། རྒན་མོས་ཁྱོད་སུ་ཡིན་བྱས་པས། ང་ཁྱབ་འཇུག་ཡིན་འཇིག་རྟེན་གྱི་ཁམས་ན་ང་མ་ཐོས་པ་ཡང་ཡོད་དམ་ཟེར། ཁྱབ་འཇུག་ཡིན་ན་ཁོ་ལ་དཔའ་རྟགས་ཀྱི་ཕྱག་རྒྱ་རྣམ་པ་ལྔ་ཡོད་དེ། ང་ལ་ཆ་ཡོད་པ་ཡིན་ཏེ། ཁྱོད་ལ་ཅང་ཡོད་དམ་ཁྱོད་ཁྱབ་འཇུག་ཅང་ཡིན་ནམ་བྱས་པས། ཁྱབ་འཇུག་ན་རེ། དཔའ་རྟགས་ཀྱི་ཕྱག་རྒྱ་ལྔ་ང་ལ་ཡོད་ཟེར། ཡོད་ན་དུང་བུས་དང་བྱས་པས། ཁྱབ་འཇུག་གིས་དུང་བུས་པས། རྒན་མོས་ངས་མ་ཐོས་བྱས་པས། དེར་ཁྱབ་འཇུག་ཁོ་ཁྲོས་ནས་དྲག་པོ་གཅིག་བུས་པས། ལེགས་ལྡན་རྒན་མོར་སྤྲུལ་པ་ན་རེ། ཁྱོད་ལ་འདུག་ཏ་འདུག་སྟེ་ཁྱབ་འཇུག་གི་དུང་མིན་ནམ། ཁྱབ་འཇུག་གི་དུང་ཡིན་ན་ཁོའི་དུང་ཤིན་ཏུ་སྐད་ཆེ་བ་ཡིན། འཇིག་རྟེན་སྲིད་པ་གསུམ་དུ་ཐོས་པ་ཡིན་བྱས་པས། ཁྱབ་འཇུག་ཁོ་ཆུས་མཆུ་ལྡོག་གྱིན་ཡིན་ནམ་སྡོག་སྐྱེས་དད་པ་ལོག་ནས་རྣ་ལ་གཏད་ནས་དྲག་པོ་གཅིག་བུས་པས། དེར་དུང་སྐད་ལན་གསུམ་


DNG024_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས། དེར་ཁོས་ཕྱིན་ཙ་ན་ལེགས་ལྡན་ཡབ་སྲས་མི་འདུག་ནས་ལོག་ཕྱིན་ཙམ་ན། ལྷ་མིན་གཞན་ཚོས་དུང་ལན་གསུམ་བྱུང་བས་འཕམ་སྙམ་ནས། གྲོང་ཁྱེར་སུམ་བརྩེགས་བཤིག་ནས་དུད་པ་ལོང་ངེ་བྱས་འདུག །ཐལ་པ་ཕུང་ངེ་ལ་སོང་བཤིག་ནས་འདུག་སྟེ། དེར་ལྷ་མིན་རྣམས་ལ་བརྟེན་ས་མེད་ནས་བྲོས་ཏེ། རི་རབ་ཀྱི་ཁོང་གསེང་ལ་ཐོན་ནས་རྒྱ་མཚོའི་ནང་དུ་ཀླུ་ལ་སྐྱབས་ཚོལ་ཏེ། དེར་ལྷ་མིན་ཕུང་ཞིང་བརླག་པར་མཛད་དོ། །དེར་ལྷ་ཐམས་ཅད་དགའ་སྟེ་རྣམ་པར་རྒྱལ་བའི་ཁང་བཟང་དུ་ཚོགས་ནས། སྐྱེས་བུ་ཆེན་པོ་སྐལ་ལྡན་དཔའ་བོ་ཞེས་ཀྱང་བྱ། ཤཾ་ཀར་བདེ་བྱེད་ཅེས་བྱ་བ་དེ་དང་། མགོན་པོ་ནག་པོ་མ་ཧཱ་ཀཱ་ལ་ཞེས་ཀྱང་བྱ། ལེགས་ལྡན་ནག་པོ་ཐོད་ཕྲེང་ཅན་ཞེས་བྱ་བ་དེ་ཡབ་སྲས་འཁོར་བཅས་ལ། ལྷ་རྣམས་ཀྱིས་ལྷ་མ་ཡིན་གྱི་གཡུལ་བཟློག་པའི་གཏང་རག་ནི་མཆོད་པ་ཆེན་པོ་བྱས་ཏེ། སྲས་ལེགས་ལྡན་ལ་ཡབ་སྐལ་ལྡན་དཔའ་བོ་མགུ་སྟེ་བསྟོད་པ། གྲོང་ཁྱེར་སུམ་བརྩེགས་ཐབས་ཀྱིས་འཇོམས་པ་ཡི། །མགོན་པོ་ཁྱོད་ལ་བདག་བསྟོད་དོ། །ལྷ་མིན་གཡུལ་ཚོགས་འཕམ་པར་བྱེད། །ལྷ་དམག་དཀར་པོ་དབུགས་འབྱིན་པ། །རྫུ་འཕྲུལ་སྣ་ཚོགས་བསམ་མི་ཁྱབ། །མགོན་པོ་ཁྱོད་ལ་བདག་བསྟོད་དོ། །ལྷ་མ་ཡིན་གྱི་གཡུལ་ཆེན་བཅོམ། །ལྷ་ཡི་བརྟུལ་ཞུགས་ལ་གནས་ཏེ། །བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་བཏུལ། །བི་ནཱ་ཡ་ཀའི་ཀླད་ཁྲག་འཐུང་། །ལྷ་མིན་གཡུལ་ལས་རབ་རྒྱལ་བ། །མགོན་པོ་ཁྱོད་ལ་བདག་བསྟོད་དོ། །ཞེས་ཡབ་ཀྱིས་བསྟོད་དོ། །ལྷ་རྣམས་ཀྱིས་བསྟོད་པ་ཡང་ཡོད་དོ། །དེ་སྐད་བསྟོད་པས་མགུ་བར་བྱས་སོ། །གུས་པར་བྱས་སོ། །འདུན་པར་བྱས་སོ། །ཕུ་དུད་དུ་བྱས་སོ། །ཞེས་མེ་ལྕེ་ཕྲེང་བའི་རྒྱུད་ལས། ལྷ་མིན་དཔུང་བཟློག་པའི་ལེའུ་སྟེ་བཞི་པའོ།། །།རྒྱ་གར་སྐད་དུ། མ་ཧཱ་དེ་བ་ག་ན་པ་ཏི།


DNG024_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྐད་དུ། ལྷ་ཆེན་པོ་ཚོགས་ཀྱི་བདག་པོ། ལྷའི་དེད་དཔོན་ཞེས་བྱ་བར་ལྷ་རྣམས་ཀྱིས་བསྒྲགས་སོ། །དེ་ཡང་ལྷ་རྣམས་ཀྱི་ཡབ་ལྷ་ཆེན་པོར་གྱུར་ནས། ལྷའི་དཀའ་ཐུབ་ལ་གནས་པར་གྱུར་ཏེ། དུར་ཁྲོད་ཀྱི་སྐལ་ལྡན་རི་རབ་ཀྱི་རྩེ་ལ་སྤྱན་དྲངས་ནས། ལྷ་མ་ཡིན་ཐམས་ཅད་བཏུལ་ཏེ། ལྷའི་དེད་དཔོན་ཆེན་པོ་མངའ་གསོལ་བའི་དུམ་བུ་སྟེ་དང་པོའོ།། །།དེའི་ཚེ་ལྷའི་བུ་ལེགས་ལྡན་ནག་པོ་དེས། སྲིང་མོ་དཔལ་ལྡན་དུང་སྐྱོང་མ་དང་གཉིས། ལྷའི་དཀའ་ཐུབ་ཀྱི་ཟས་དཀར་གསུམ་ཟ་བ་ལ་མི་དགའ་ཞིང་། སྔོན་གྱིས་ཕ་མས་རྐན་ཕབ་པའི་དུར་ཁྲོད་ཀྱི་ཤ་ཁྲག་དང་། རྒུན་ཆང་དང་། སྒོག་བཙོང་ལ་ཡིད་ཆགས་ནས་མིང་སྲིང་གཉིས་གྲོས་བྱས་ནས་དུར་ཁྲོད་དུ་བྲོས་སོ། །དེར་ལྷ་རྣམས་ཀྱིས་པི་ཝང་གི་བརྡའ་སྙན་པོ་དང་། རོལ་མོ་དང་དབྱངས་སྙན་པོས་སྤྱན་དྲངས་ཤིང་མཆོད་པ་ལས། ཉ་སྟོང་དུས་དྲུག་ལ་སོགས་ཕོག་རེ་འབྱོན་པར་ཞལ་གྱིས་བཞེས་ཏེ་བཞུགས་སུ་མ་གནང་ངོ་། །སྔོན་གྱི་ཡབ་ལ་མཆོད་པ་ཅི་བྱེད་པ་དེ་བཞིན་དུ་བཀུར་སྡི་དང་རིམ་གྲོ་བྱེད་དོ། །དེའི་ཚེ་སྲིང་མོ་ལྷ་མོ་དུང་སྐྱོང་མ་ཁྲག་རུལ་འདོད་ནས་ཁྲལ་རུལ་གྱི་དྲི་བསྣམས་པས་དེའི་ཕྱོགས་ཐམས་ཅད་དུ་ཕྱིན་པས་སྲིན་པོ་ལང་ཀ་པུ་རངས་ཀྱི་ཕུག་ཏུ་ཕྱིན་ནོ། །དེར་སྲིན་པོ་ལང་ཀ་མགྲིན་བཅུ་ཁྲག་རུལ་པ་ཟངས་གང་བསྐོལ་བ་དང་འཕྲད་པས། མོས་ཁྲག་བསླངས་པས་ཁྲག་ཕོར་གང་བྱིན་ནོ། །དེ་འཐུངས་པས་མོ་ཁྲག་གིས་མྱོས་ཏེ་མིག་དམར་པོར་གྱུར་ཏོ། །མོ་མྱོས་ཏེ་གཉིད་ལོག་པ་ལས་སྲིན་པོས་རྐང་པ་ལྕགས་སྒྲོག་ཏུ་བཅུག་སྟེ་ཆགས་པ་སྤྱད་དོ། །དེར་མོ་གཉིད་སད་ཙམ་ན་ངའི་ཆུང་མ་བྱའི་འདིར་འདུག་ཟེར་ནས། ཁོ་ཤ་ཁྲག་གི་ཟས་འཚོལ་དུ་སོང་ངོ་། །དེར་མོ་ཁོ་ལ་སྙིང་ན་ནས་རྐང་པ་ལྕགས་སྒྲོག་ཏུ་བཅུགས་པས་བྲོས་པའི་ཐབས་ནི་མེད་ནས། གདོས་འགྲོས་བྱེད་ཀྱིན་ཁོའི་ཁྱིམ་དུ་ཕྱིན་པས། ཁོའི་བུ་སྲིན་ཕྲུག་ལྔ་བརྒྱ་ཉིན་མོ་ཞིང་ཤིན་ཏུ་རྩེ་བརྒྱར་བསྙལ་ནས་འདུག །ནུབ་མོ་སྲིན་ཕྲུག་ལྔ་བརྒྱ་མིའི་གཟུགས་


DNG024_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཇུག་པ་མཐོང་། སྲིན་ཟངས་ཁལ་བརྒྱ་ཆུས་འགེངས་པ་ཡང་མཐོང་། སྲིན་གྱི་ཟངས་མ་བསྒྲོ་ནས་འདུག་པ་ཡང་མཐོང་། སྲིན་གྱི་བོང་བུ་དམར་པོ་རྩྭ་ཟ་བ་ཡང་མཐོང་། དེར་མོས་སྲིན་གྱི་རལ་གྲི་བླངས་ཏེ། རྐང་པའི་ལྕགས་སྒྲོག་གི་བར་དུ་བརྒྱབ་ནས་བཅད། སྲིན་ཟངས་ཀྱི་ཆུ་བསྐོལ་ཏེ་སྲིན་ཕྲུག་རྣམས་དེར་བླུགས་ནས་བསད། བོང་བུ་གྭ་དམར་ལ་ཞོན་རལ་གྲི་ཁྱེར་ནས་བྲོས་པས། སྲིན་པོ་བྱུང་ངམ་མ་བྱུང་ཕྱི་མིག་བལྟས་པས་བྱུང་སྟེ་མྱུར་དུ་བྲོས་པས་མོས་མིང་པོའི་གམ་དུ་རྡོལ་བ་དང་། སྲིན་པོ་སྲིན་གླང་དམར་པོར་བརྫུས་ཏེ་རྡོལ་བ་དང་། སྲིན་པོས་མིང་པོ་ལ་ནེའུ་ལེ་བརྒྱབ་པས། ལེགས་ལྡན་ནག་པོས་ནེའུ་ལེའི་ལྟག་པ་བཅག །སྲིང་མོ་ལྷ་མོ་དུང་སྐྱོང་མའི་རལ་གྲི་མིང་པོས་བླངས་ནས་སྲིན་གླང་གི་མགོ་བོ་བཅད་དོ། །སྲིན་པོ་ལང་ཀ་པུ་རངས་ཀྱི་གྲོང་ཁྱེར་གཏན་ནས་བརླག་པར་བྱས། དེར་སྲིང་མོ་ལྷ་མོ་དུང་སྐྱོང་མས། མིང་པོ་ལེགས་ལྡན་ཐོད་ཕྲེང་ཅན་ལ་བསྟོད་པ། ཧཱུཾ། སྲིན་ཡུལ་ལང་ཀ་པུ་རངས་དག་ཏུ་བྱོན། །སྲིན་གྱི་གྲོང་ཁྱེར་བརླག་པར་མཛད། །ལང་ཀ་མགྲིན་བཅུའི་མགོ་བཅད་ནས། །དཔའ་བོ་ཉིད་ཀྱི་རྒྱན་དུ་བྱས། །མགོན་པོ་ཁྱོད་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་སྲིན་པོའི་ཡ་གལ་སྔ་རུ་བྱས། སྲིན་པོའི་མ་གལ་ཕྱི་རུ་བྱས། པགས་པས་སྒ་གཡོགས་བྱས། རྒྱུ་མས་གོང་ཐག་གོང་རྨེད་བྱས། ནེའུ་ལེ་ནོར་གྱི་རྐྱལ་བུ་བྱས། རལ་གྲི་སྲིང་མོའི་ཕྱག་མཚན་དུ་བྱས་སོ། །མེ་ལྕེ་ཕྲེང་བའི་རྒྱུད་ལས། ནག་པོ་ཆེན་པོ་ ལྕམ་དྲལ་གྱིས་སྲིན་པོ་ལང་ཀ་མགྲིན་བཅུ་བཏུལ་བའི་ལེའུ་སྟེ་ལྔ་པའོ།། །།ཡང་དེའི་ཚེ་ཚོགས་ཀྱི་བདག་པོ་ལྕམ་དྲལ་གཉིས། དུར་ཁྲོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་དུར་ཁྲོད་ཀྱི་ཤ་ཁྲག་གིས་ཉིན་མཚན་དུ་མཆོད་པས་དུར་ཁྲོད་ཀྱི་རོ་ཐམས་ཅད་ཟད་པར་གྱུར་པ་དང་། རྒྱ་གར་གྱི་


DNG024_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྲོང་ཁྱེར་སུམ་བརྩེགས་པའི་མི་རྣམས་ལ་མཁའ་འགྲོ་མ་རྣམས་ཀྱིས་ཁ་རླངས་ཀྱི་དུག་བཏང་བས། མི་ཐམས་ཅད་རིམས་ནད་ཀྱིས་ཤི་བར་གྱུར་ནས་དེ་དག་གི་རོ་ཐམས་ཅད་ཀྱིས་ནག་པོ་ཆེན་པོ་ལྕམ་དྲལ་ལ་མཆོད་པ་བྱས་སོ། །དེའི་ཚེ་གྲོང་ཁྱེར་སུམ་བརྩེགས་ཀྱི་རྒྱལ་པོ་ཚངས་པས་བྱིན་གྱིས་གནས་ནས་ཕོ་བྲང་གི་སྒོ་གར་ཕྱིར་གཤེགས་ཏེ། བྱ་རྒོད་ཕུང་པོའི་རི་ལ་གཤེགས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། གྲོང་ཁྱེར་དུ་ནམ་མཁའི་ནད་དབབ་པ་དེ་བཅད་པར་ཞུ་བ་ཕུལ་བས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ནས། གཙུག་ཏོར་གདུགས་དཀར་མོ་ཅན་བཏོན་ཏེ། དབུ་དང་ཕྱག་ཞབས་ནམ་མཁའི་འོད་ཟེར་དཀར་མོ་དང་བཅས་པས། ཨོཾ་ཏ་ཐཱ་ག་ཏོཥྞི་ཥ་སི་ཏཱ་ཏ་པ་དྲེ་ཧཱུཾ་ཧཱུཾ། ཞེས་བྱ་བའི་སྒྲ་དང་བཅས་པས་ནག་པོ་ཆེན་པོའི་ཐད་དུ་རྡོ་རྗེ་འཆང་ཆེན་པོ་མངོན་པར་སྤྲུལ་ཏོ། །དེའི་ཚེ་ནག་པོ་ཆེན་པོས་གཟི་བྱིན་མ་བཟོད་དེ། བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་ནས་ཞབས་ལ་ཕྱག་འཚལ་ཏེ། འཁོར་མང་པོ་དང་བཅས་པ་ཕྱོགས་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བདག་ཅག་རྣམས་ལ་བསྐྱབ་ཏུ་གསོལ་ལོ། །བདག་ལ་མགོན་པོ་མཆིས་པས་ན། དེ་བཞིན་གཤེགས་པས་ཐུགས་རྗེས་གཟུང་དུ་གསོལ། བདག་ཀྱང་ལྷ་དང་མིའི་འཇིག་རྟེན་བདེ་བར་བགྱི་བ་དང་། བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བགྱིད་པའི་སླད་དུ་བདག་གི་རིག་པ་འདི་འབུལ་ན་བཞེས་སུ་གསོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་པ་ཏི་བཛྲ་ཡགྴ་དེ་བ་ཧཱུཾ་ཛ་ཞེས་ཕུལ་ནས་བསྟན་པ་བསྲུང་བར་དམ་བཅས་སོ། །གཙུག་ཏོར་གདུགས་དཀར་མོ་ཅན་ཡང་དེ་བཞིན་གཤེགས་པའི་སྤྱི་བོར་ནུབ་པར་གྱུར་ཏོ། །གྲོང་ཁྱེར་སུམ་བརྩེགས་པའི་མི་ཐམས་ཅད་ཀྱང་རིམས་ནད་ཆད་པར་གྱུར་ཏོ། །དཔལ་ནག་པོ་ཆེན་པོ་ལ། བཅོམ་ལྡན་འདས་ཀྱིས་བསྟན་པ་བསྲུང་བའི་གནང་བ་བྱིན་པའོ། །མེ་ལྕེ་ཕྲེང་བའི་རྒྱུད་ལས།


DNG024_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་དཔལ་མགོན་པོ་ནག་པོ་བཏུལ་ཞིང་དམ་ལ་བཏགས་པའི་ལེའུ་སྟེ་དྲུག་པའོ།། །།མེ་ལྕེ་ཕྲེང་བའི་རྒྱུད་ལས། དཔལ་མགོན་པོ་ནག་པོ་ལྕམ་དྲལ་གྱིས་སྲིན་པོ་བཏུལ་ཞིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་པའི་དུམ་བུ་སྟེ་གཉིས་པའོ། །ནག་པོ་ཆེན་པོའི་རྒྱུད་ཀྱིས་གནས་ཏེ་དང་པོའོ། །གཞན་ཡང་ཡང་དག་བཤད་བྱ་བ། །ཁྱོད་ཀྱི་ལོ་རྒྱུས་དེ་ལྟར་དེ། །བསྟན་པ་བསྲུང་ཚུལ་འདི་ལྟར་ལགས། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །སྨོད་པར་བྱེད་པ་རླག་པར་བྱེད། །ས་དང་ལམ་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་སྲུང་སྐྱབས་ཤིང་། །དམ་ཚིག་ལྡན་པ་ཅན་དེ་སྲུངས། །གཞན་ཡང་དབེན་པའི་སྒོ་འཕྲོག་ཆོས་སྒོར་སྨོད། །བསྟན་པ་སྤྱི་དགྲ་གྱུར་པ་དང་། །དམ་ཚིག་ཅན་གྱི་རྣལ་འབྱོར་ལ། །སྒོས་ཀྱི་དགྲ་བོ་བྱེད་པ་དང་། །ལོག་ལམ་ཞུགས་པ་ཀུན་ཀྱང་སྒྲོལ། །ལེགས་ཉེས་སྟེང་གཟུང་དམ་ཚིག་རྗེས་གཅོད་ཅིང་། །སྲིད་པའི་རྩེ་ནས་སོ་ཚུགས་བྱ་ར་གྱིས། །ཞེས་པས་ལེགས་ལྡན་ནག་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། བསྟན་པ་བསྲུང་ཚུལ་གྱི་ལེའུ་སྟེ་བདུན་པའོ།། །།དུམ་བུ་གསུམ་པ་གཉིས་པའོ།། དེ་ནས་ཡང་དག་བཤད་བྱ་བ། །ཕྱི་རབས་རྣལ་འབྱོར་རྗེས་ཞུགས་ནས། །བསྒྲུབ་ན་དོན་ནི་གསུམ་དུ་བཤད། །སྤྱི་གཞུང་ཕྲིན་ལས་མན་ངག་དང་། །ལོག་ནོན་མན་ངག་རིམ་པ་དང་། །ལས་ཚོགས་ཁོལ་བུ་རིམ་པ་གསུམ། །ཕྱི་རབས་མགོན་པོ་བཀོལ་བར་བྱ། །ཕྲིན་ལས་སྤྱི་གཞུང་དོན་བཅུ་སྟེ། །ཞེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། སྤྱི་སྡོམ་ཚིག་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དང་པོ་ཁོ་ནར་གནས་བཙལ་བ། །དུར་ཁྲོད་རི་བོ་ཙན་དན་ཚལ། །བྲག་དམར་ཟླ་གམ་དམར་ནག་གམ། །ལྷ་ཁང་ལ་སོགས་ས་ཕྱོགས་སུ། །ས་ནི་བརྟག་ཅིང་བསླང་བ་དང་། །གཟུང་དང་སྤང་དང་ཕུར་གདབ་


DNG024_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ས་ཡི་ལས་རྣམས་ཚང་བར་བྱ། །དེ་ནས་གཞན་ཡང་དཀྱིལ་འཁོར་ནི། །མདའ་གང་གྲུ་བཞི་བཅས་པ་ལ། །དབུས་སུ་པདྨ་འདབ་མ་བཞི། །ནག་པོར་བྱས་པ་དེ་ལ་ཡང་། །མུ་ཁྱུད་སེར་པོ་གྲུ་ཆད་དམར། །སྒོ་བཞི་དག་དང་ལྡན་པར་བྱ། །དབུས་སུ་མགོན་པོའི་སྐུ་མཚན་དགོད། །ཤར་དུ་བིང་ཆེན་དབང་བསྐུར་བཞག །ལྷོ་རུ་རྒྱ་སྤོས་དུད་པ་བཏང་། །ནུབ་ཏུ་ལྕགས་པར་གཏོར་བླུགས་བཞག །བྱང་དུ་རབས་ཆད་ཐོད་པ་རུ། །ཐུན་སྣ་ཚང་བར་བླུག་ལ་བཞག །དཀྱིལ་འཁོར་དབུས་མ་ནག་པོ་ལ། །ཟླ་གམ་དཀྱུས་སུ་ཁྲུ་གང་ལ། །དཔངས་སུ་ཁྲུ་གང་ཡོད་པ་ལ། །ཡར་ཕྱེད་མར་ཕྱེད་བར་དག་ཏུ། ། མགོན་པོ་ནག་པོའི་དམ་རྫས་ནི། །མིས་མ་ཚོར་བ་སྦས་ལ་བཞག །རབས་ཆད་གྲི་བོའི་ཐོད་པ་ནི། །དུམ་བུ་གཅིག་གམ་ཡང་ན་བཞི། །གང་རྙེད་པ་ཡི་ཐོད་པ་རུ། །འགྲོ་མཆོག་ཙིཏྟ་རྩ་ལག་ཚང་། །སྲོག་རྩ་གསུམ་དུ་གཏད་གསུམ་བྱ། །ཆང་ཕུད་ཨ་མྲྀ་ཏ་དང་ཁྲག །ཉ་ཤ་སྒོག་བཙོང་ལ་ཕུག་དང་། །དཀར་གསུམ་མངར་གསུམ་བླུག་པ་ནི། །མཐིང་ནག་སྲོག་འཁོར་ཅན་གྱིས་བཅད། །མི་མཐོང་སྦ་བ་མཆོག་ཏུ་བསྔགས། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །འཕང་དུ་སོར་བརྒྱད་བྱས་ནས་ནི། །དབུས་སུ་ཁྲུ་གང་ཟླུམ་པོར་བསྐོར། །དེ་ལ་ཐོད་པའི་ཕྲེང་བ་བཏང་། །དབུས་སུ་གྲུ་གསུམ་བྱས་ནས་ནི། །ནང་ནི་རྒྱ་སོལ་ནག་པོས་བྱུག །ཟླ་གམ་དབུས་ནི་དཀར་པོ་བྱ། །ཐ་མར་ཚོན་རྩི་ནག་པོར་བཏང་། །དེ་ཡི་ཐ་མར་རྩང་གིས་བསྐོར། །གདུག་པའི་ཤིང་གི་ཕུར་བུ་ལ། །ཚོན་རྩི་ནག་པོ་བྱུག་བྱས་ལ། །གཟུངས་ཐག་ཐབས་ཀྱི་སྲིན་ལག་ལ། །བཏགས་ཏེ་བཞག་པ་མཆོག་ཏུ་གསུངས། །ཡིད་གཞུངས་ལ་ནི་ཞེ་གནག་པ། །ཁྲིམས་གཙང་མ་ཡི་ལག་ཏུ་འཇུག །ཕྱི་མ་རྣམས་ཀྱང་འདྲེན་མེད་བཟླས། །ཆུ་རྒྱུན་ལྟ་བུ་བཟླས་


DNG024_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱ། །ལིངྒ་ཕ་རོལ་ཚུ་རོལ་ས། །མདོ་གསུམ་ཕུང་ས་རླུང་ཁྱེར་ས། །ཚ་བ་གསུམ་དང་དུག་སྐེ་ཚེ། །བསྲེས་ཏེ་དེ་ལ་གཟུགས་བྱས་ལ། །སྙིང་གར་བསགས་ལ་ཀན་རྐྱལ་བཞག །ཅེས་པས་དཀྱིལ་འཁོར་བཅོས་ཤིང་རྫས་བསགས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་མཚམས་བཅད་པའི་རིམ་པ་ནི། བདེན་པ་བདར་ཏེ་ང་རོ་ཡིས། །བགེགས་རྣམས་འདི་ན་མི་གནས་བྱ། །བདག་ཉིད་རྡོ་རྗེ་འཛིན་རྒྱལ་བསྐྱེད། །བདག་ཉིད་འོད་ཟེར་གནས་ནས་སུ། །སྤྱན་དྲང་རང་ལ་བསྡིམ་པར་བྱ། །དེ་ནས་གསང་ནས་སྔགས་བརྗོད་པས། །སྔགས་ལས་འོད་ཟེར་འཕྲོས་པ་ལས། །བདུད་རྩི་འཁྱིལ་པ་དཔག་མེད་ཀྱིས། །བགེགས་རྣམས་མ་ལུས་བསྐྲད་པར་བྱ། །ཨོཾ་བཛྲ་པཱ་ཎི་ཧཱུཾ། ཞེས་པའི་སྔགས་ཀྱིས་བསྡིགས་པ་ནི། །སྡིགས་མཛུབ་བྱས་ཏེ་ཉུང་དཀར་གཏོར། །དེ་ནས་བདེན་པའི་བཀའ་བསྒོ་བྱ། །ཞེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། མཚམས་བཅད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཏིང་ངེ་འཛིན་ལ་ཞུགས། །སྟོང་པ་ཉིད་ལ་ཡུན་རིང་བསྒོམ། །ཡེ་སྟོང་ཐོག་མ་མེད་ནས་སྟོང་། །དེ་མ་རྟོགས་ལ་སྙིང་རྗེ་བསྐྱེད། །དེ་ལས་སྐད་ཅིག་ཏིང་འཛིན་གྱིས། །བཛྲ་པཱ་ཎིར་ལངས་པ་ལས། །པདྨ་མཎྜ་ལ་ཞེས་བརྗོད། །པདྨའི་གདན་དུ་གྱུར་ཏེ་ཧཱུཾ། །སྐར་མདའ་བཞིན་དུ་བབ་པར་བསམ། །ཧཱུཾ་སྥ་ར་ཎ་ཕཊ། ཅེས་བརྗོད་པས། ཧཱུཾ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ཙན་དན་བིང་དུ་གྱུར། །ཛཿཧཱུཾ་བཾ་ཧོཿ། མ་ཧཱ་ཀཱ་ལ་རཀྴ་དུ་བིང་ནི་ཛ་ཧོ། ཧཱུཾ་ཞེས་མགོན་པོའི་སྐུ་བསྐྱེད་པ། །ཉི་ཤུ་རྩ་གཅིག་བརྗོད་པ་ཡི། །མ་ཧཱ་ཀཱ་ལ་ཉིད་ཀྱི་སྐུ། །ལྷག་གིས་བྱུང་བ་ཁོ་ན་སྟེ། །སྐུ་མདོག་མཐིང་ནག་ཞལ་གཅིག་པ། །ཕྱག་གཉིས་གསེར་ཀའི་སྐུ་རགས་ཅན། །དབུ་སྐྲ་ཁམ་ནག་རལ་པ་ཐོར་ཙུག་གྱེན་དུ་འཁྱིལ། །ཁྲོ་གཉེར་སྨིན་མཚམས་


DNG024_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བརྗིད། །སྤྱན་ནི་སྡང་མིག་ཞལ་བགྲད་པ། །མཆེ་གཙིགས་སྨ་རས་གཏིབས་པ་ལ། །ཕྱག་གཡས་ཙན་དན་བིང་ཆེན་བསྣམས། །གཡོན་པ་པར་བུ་སྐུ་ལ་བརྟེན། །ཞབས་གཉིས་བརྐྱང་བསྐུམ་ ཚུལ་གྱིས་བཞུགས། །འཇིགས་འཇིགས་རྔམས་རྔམ་འདྲ་བ་ཡི། །མགོན་པོ་ནག་པོ་དེ་བསྒོམ་བྱ། །ཞེས་པས་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །ཚུར་གཤེགས་ཚུར་སྤྱོན་དཔལ་ལྡན་མགོན་པོ་ཆེ། །འདིར་གཤེགས་གདུག་པའི་དགྲ་བགེགས་འདུལ་ཕྱིར་བྱོན། །དབྱིངས་ནས་བཞེངས་པ་མི་མངའ་ཡང་། །སངས་རྒྱས་བསྟན་པ་སྲུང་སླད་དུ། །འབར་བའི་སྐུར་སྟོན་འདིར་གཤེགས་མཆོད་པ་བཞེས། །འདིར་གཤེགས་བདག་གི་ལོངས་སྤྱོད་མཆོད་པ་བཞེས། །ནག་པོ་མི་ཟན་འདིར་གཤེགས་མཆོད་པ་བཞེས། །ཕ་རོལ་ཕྱིན་སྤྱོད་འདིར་གཤེགས་མཆོད་པ་བཞེས། །རིག་འཛིན་སྲུང་མ་འདིར་གཤེགས་མཆོད་པ་བཞེས། །དེད་དཔོན་ཆེན་པོ་འདིར་གཤེགས་མཆོད་པ་བཞེས། །ལྷ་མིན་གཡུལ་བཟློག་འདིར་གཤེགས་མཆོད་པ་བཞེས། །ལྷ་དམག་དབུགས་འབྱིན་འདིར་གཤེགས་མཆོད་པ་བཞེས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །དཀྱིལ་འཁོར་གསང་བའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་གསོལ་འདེབས་གདུག་པའི་དགྲ་བགེགས་སྒྲོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཛཿཧཱུཾ་བཾ་ཧོཿཧཱུཾ་ཕཊ། ཅེས་པས་སྤྱན་དྲངས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཉམས་མྱོང་བརྟག་བྱ་ལ། །རང་དབང་མེད་པར་སྐྱི་ཟིང་ཞིང་། །འཇིགས་དང་ཡ་ང་ཡོང་བར་བྱེད། །དེ་ཚེ་དར་གྱི་གུར་ཁང་ཕུབ། །སྤོས་དང་གུ་གུལ་བསྲེགས་བྱས་པས། །བགེགས་རྣམས་ཡིན་ན་བྲོས་ནས་འགྲོ། །མགོན་པོ་ཡིན་ན་དམ་ཚིག་ལ། །ཉེ་བར་


DNG024_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ནས་བྱོན་པར་བྱེད། །ཕྱག་རྒྱ་བསྟན་ཅིང་དམ་ཚིག་བསྲེ། །ཆོ་འཕྲུལ་ཅིར་ཡང་སྟོན་ནུས་སོ། །ཉམས་རྟགས་བརྟགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཕྱག་གི་རིམ་པ་འདི་གསུངས་པ། །ཧཱུཾ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་རུངས་འཇོམས་མཛད་དགྲ་བགེགས་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །སྐལ་ལྡན་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོ་དབུགས་འབྱིན་པ། །རྡོ་རྗེ་དུར་ཁྲོད་འཁོར་བཅས་ལ། །དང་བས་སེམས་ཀྱིས་ཕྱག་འཚལ་ལོ། །བསོད་ནམས་གཟི་བྱིན་ཁྱོད་ལ་ཕྱག་འཚལ་ལོ། །དྲག་ཤུལ་མཐུ་ཆེན་འཕགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་རྫོགས་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་གཉིས་སྤངས་པ་ཁྱོད་ལ་ཕྱག་འཚལ་ལོ། །ལུང་བསྟན་ཐོབ་རྫོགས་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་གང་ཞིག་གིས། །ཁྱོད་ཀྱི་མཚན་ནས་བརྗོད་བསྒྲུབ་ན། །དངོས་གྲུབ་མྱུར་དུ་སྟེར་མཛད་པའི། །མི་བསྙེམས་བྱམས་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་བཾ་ཧཱུཾ་ཕཊ། ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། )ས་མ་ཡ་ཧོ། ན་མོ་ཤ་ཡ། ཞེས་པ་མེ་ལྕེ་ཕྲེང་བའི་རྒྱུད་ལས། ཕྱག་འཚལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཞུགས་སུ་གསོལ་བ་འདི་གསུངས་སོ། །ཧཱུཾ། ཡེ་ཤེས་མཁའ་འགྲོ་སྔོན་པོའི་མདོག་ཏུ་གྱུར། །སྐུ་མདོག་སྔོ་ནག་དབྱར་གྱི་སྤྲིན་ལྟ་བུ། །དུག་གསུམ་མུན་ཁམས་མ་ལུས་འཇོམས་མཛད་པའི། །མ་ཧཱ་ཀཱ་ལ་ཁྱོད་ཉིད་དགྱེས་ཤིང་བརྟན་པར་བཞུགས། །འདིར་གཤེགས་གདན་ལ་བཞུགས་ནས་ཀྱང་། །འཇིག་རྟེན་པ་དང་མཐུན་འཇུག་ཕྱིར། །ཕྱག་དང་ཞབས་གཉིས་བསིལ་


DNG024_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཧཱུཾ། ས་མ་ཡ་ཏིཥྛ་ལྷན་ཨཱ་བེ་ཤ་ཡ་ཨ། ཞེས་པ་མེ་ལྕེ་ཕྲེང་བའི་རྒྱུད་ལས། བརྟན་པར་བཞུགས་སུ་གསོལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གཤེགས་ཤིག་གཤེགས་ཤིག་གནས་འདིར་གཤེགས། །བུ་ཡི་གནས་མཆོག་དམ་པ་ན། །ཁྱོད་ཀྱི་མཐུན་པའི་དམ་རྫས་ནི། །འབྱོར་པ་ཚོགས་སོ་ཐུགས་དམ་རྫས། །རྒྱ་ཤུག་ལ་སོགས་སྤོས་ལྔ་ཐུ་ལུ་ལུ། །ག་པུར་ལ་སོགས་སྨན་ལྔ་ཅི་ལི་ལི། །འབྲུ་བཅུད་ཆང་གི་ཕུད་ནི་དྲེངས་སེ་དྲེང་། །རཀྟ་དམར་གྱི་རྒྱ་མཚོ་ཀྱི་ལི་ལི། །བྷནྡྷ་རུས་པའི་ཚོགས་ནི་ཁྲ་ལ་ལ། །ཤ་ཆེན་བདུད་རྩིའི་ཚོགས་ནི་ཚངས་སེ་ཚང་། །མཐུན་པའི་དམ་རྫས་ཚོགས་སོ་གནས་འདིར་བྱོན། །རྒྱན་གྱི་གཏོར་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དེ་ནས་མཆོད་པ་དང་གཏོར་མ་བཤད་པར་བྱའོ། །ཕྱི་ཡི་མཆོད་པ་འབུལ་བ་ནི། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །མར་མེ་མུན་སེལ་དྲི་ཞིམ་སྤོས་ཀྱི་མཆོག །བདུད་རྩི་ཡོན་ཆབ་འོ་མ་ཀུན་གྱི་གསོས། །སྒྲིབ་སེལ་བཤོས་གཙང་དམ་པ་བདུད་རྩི་བཅས། །དྲང་སྲོང་ཤཾ་ཀར་སྐུ་ལ་མཆོད་པ་འབུལ། །ཨུ་མའི་སྐུ་ལ་མཆོད་པ་འབུལ། །ལེགས་ལྡན་ནག་པོའི་སྐུ་ལ་མཆོད་པ་འབུལ། །མ་ཧཱ་ཀཱ་ལའི་སྐུ་ལ་མཆོད་པ་འབུལ། །ལྷ་མོ་དུང་སྐྱོང་སྐུ་ལ་མཆོད་པ་འབུལ། །ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེཾ་ཤྲི་ཛ། པཱུ་ཛ་མེ་གྷ་སྥ་ར་ཎ་ཨརྒྷཾ། དྷཱུ་པེ། པུཥ྇། ཨཱ་ལོ་ཀེ། གྷནྡྷེ། ནེ་ཝི་དྱ། ཤཔྟ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ། ཨོཾ་ཨཱཿཧཱུཾ། ཞེས་མཆོད་དོ། །དམ་རྫས་ཀྱི་མཆོད་པ་འབུལ་བ་ནི། ལྕགས་པར་གྱི་ནང་དུ་དཀར་གསུམ་དང་། མངར་གསུམ་དང་། ལ་དུ་དང་། སྒོག་བཙོང་དང་། རྒུན་འབྲུམ་དང་། འབྲུ་ཐུག་དང་། འབྲས་ཆན་དང་། ཁུར་བ་དང་། ཤིང་ཐོགས་སྣ་ཚོགས་རྣམས་བླུགས་


DNG024_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ། དར་མཐིང་ནག་གིས་ཁ་བཅད། དེ་སྐད་བསྐུལ་ལོ། །ཧཱུཾ། མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་འབྲས་བུའི་ཟས། །ཕྱོགས་བཅུའི་ཆུ་སྐྱེས་མེ་ཏོག་ལོངས་སྤྱོད་རྒྱན། །རིས་སུ་མ་ཆད་ལོངས་སྤྱོད་རྒྱས་པར་འབུལ། །དཀྱིལ་འཁོར་མཛེས་པ་དམ་པ་དང་། །བཤོས་གཙང་མེ་ཏོག་མར་མེ་སྤོས་སྣ་ཚོགས། །རྒུན་ཆང་ལ་སོགས་བཏུང་བའི་མཆོག །སྦྲང་རྩི་ལ་སོགས་མངར་བའི་དབྱིག །སྣ་ཚོགས་མཆོད་པ་འདི་དག་བཞེས། །དངོས་འབྱོར་དང་ནི་ཡིད་ཀྱིས་སྤྲུལ། །གཟུགས་དང་སྒྲ་དང་དྲི་རོ་རེག །ཆོས་ལ་སོགས་པའི་མཆོད་པ་ཀུན། །མགོན་པོ་འཁོར་བཅས་སྐུ་ལ་འབུལ། །ཞེས་པས་དབུལ་ལོ། །ནང་གི་མཆོད་པ་དབུལ་བ་ནི། །གཡུ་དྲི་མྱོས་བྱེད་ཆང་། །སྐྱེ་འགྲོ་འབྲུའི་བཅུད། །བདུད་རྩི་བཅུད་ཀྱི་ཟས། །སྐྱེམས་འཕང་ཕུད་ཀྱིས་མཆོད། །སྐལ་ལྡན་དཔའ་བོ་གསོལ། །དྲང་སྲོང་ཤཾ་ཀར་གསོལ། །ལེགས་ལྡན་དཔའ་བོ་གསོལ། །ལྷའི་གནོད་སྦྱིན་གསོལ། །གསེར་ཀ་རིན་ཆེན་གསོལ། །དར་ནག་རལ་ཅན་གསོལ། །རིག་འཛིན་སྲོག་ཤིང་གསོལ། །དུག་གསུམ་སྨན་པ་གསོལ། །སྐྱེས་བུ་ཆེན་པོ་གསོལ། །ལྷ་མོ་དུང་སྐྱོང་གསོལ། །འདོད་ཁམས་དབང་དུ་གསོལ། །ཞེས་མཆོད་པས་མཉེས་པར་འགྱུར་རོ། །དེ་ནས་བདུད་རྩིའི་མཆོད་པ་འབུལ་བ་ནི། ཧཱུཾ། གཤེགས་ཤིག་གཤེགས་ཤིག་གནས་འདིར་གཤེགས། །བུ་ཡི་གནས་མཆོག་དམ་པ་ནས། །ཁྱོད་ཀྱི་མཐུན་པའི་དམ་རྫས་ནི། །འབྱོར་པ་ཚོགས་སོ་ཐུགས་དམ་ཅན། །རྒྱ་ཤུག་ལ་སོགས་སྤོས་ལྔ་ཐུ་ལུ་ལུ། །ག་པུར་ལ་སོགས་སྨན་ལྔ་སི་ལི་ལི། །འབྲུ་བཅུད་ཆང་གི་ཕུད་ནི་དྲེངས་སེ་དྲེང་། །རཀྟ་དམར་གྱི་ཨརྒྷཾ་ཀྱི་ལི་ལི། །བྷནྡྷ་རུས་པའི་ཚོགས་ནི་ཁྲ་ལ་ལ། ། བདུད་རྩི་རྣམ་ལྔའི་ཚོགས་ནི་ཚངས་སེ་ཚང་། །ཤ་ཆེན་


DNG024_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མཱང་སའི་ཚོགས་ནི་སྤུངས་སེ་སྤུང་། །མཐུན་པའི་དམ་རྫས་ཚོགས་སོ་གནས་འདིར་བྱོན། །དམ་རྫས་གཏོར་མ་འདི་བཞེས་ལ། །སྡིག་ཅན་དགྲ་བོ་འདུལ་དུ་གསོལ། །བདག་ཅག་རྣམས་ལ་སྐྱབས་ཆེན་མཛོད། །ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ནྲྀ་ཛ། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་རུ་ཏི་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། ཞེས་མཆོད་དོ། །དམ་རྫས་བདུད་རྩི་དམ་རྫས་ཚང་བ་ལ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཅིང་། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་དྲུག་གི་སྤྱོད་ཡུལ་འགྱེད། །དྲི་ཆེན་དྲི་ཆུའི་ཚོགས་ནི་རྦ་རླབས་འཁྲུག །རཀྟ་དམར་གྱི་རང་བཞིན་རྒྱ་མཚོ་འཁྱིལ། །མཱཾ་ས་ཤ་ཡི་རང་བཞིན་རི་ལྟར་སྤུངས། །ཀེང་རུས་རུས་པའི་རང་བཞིན་རི་ལྟར་སྤུངས། །དཔལ་ལྡན་ལེགས་ལྡན་ཡབ་སྲས་ཡུམ་དང་བཅས། །གཙོ་དང་འཁོར་དུ་བཅས་པའི་ཐུགས་དམ་བསྐང་། །ཞེས་མཆོད་དོ། །དེ་ནས་ལས་ལ་མངའ་གསོལ་བ་ནི། ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །མ་ཧཱ་ཀཱ་ལར་མངའ་གསོལ་བས། །དཔྲལ་བ་ཁྲོ་གཉེར་གསུམ་དང་ལྡན། །དཀོན་མཆོག་གསུམ་གྱིས་མངའ་གསོལ་བས། །ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །རིགས་གསུམ་མགོན་པོས་མངའ་གསོལ་བས། །ཞལ་གྱི་ཆ་ལུགས་གསུམ་དང་ལྡན། །རིགས་གསུམ་ཁྲོ་བོས་མངའ་གསོལ་བས། །ཞལ་གྱི་ཁྲོ་གཉེར་གསུམ་དང་ལྡན། །ལྷ་སྲིན་རྣམས་ཀྱིས་མངའ་གསོལ་བས། །དབུ་སྐྲ་ཁམ་ནག་རལ་པ་ཅན། །རྒྱུ་སྐར་རྣམས་ཀྱིས་མངའ་གསོལ་བས། །སྐུ་སྨད་མེ་ཡི་ལྕགས་ཀྱུས་བརྒྱན། །སྲིད་པ་གསུམ་ལ་དབང་བསྐུར་བས། །སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ། །ཀླུ་ཆེན་བརྒྱད་ཀྱིས་མངའ་གསོལ་བས། །ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན། །ས་བདག་རྣམས་ཀྱིས་མངའ་གསོལ་བས། །ན་བཟའ་ཟ་བེར་མཐིང་ནག་གསོལ། །འཆི་བདག་


DNG024_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱིས་མངའ་གསོལ་བས། །ཕྱག་ན་ཙན་དན་བིང་ཆེན་བསྣམས། །ལྷ་རྣམས་ཀུན་གྱིས་མངའ་གསོལ་བས། །བསྭོ་སྒྲ་ཆེན་པོ་གསུམ་དང་ལྡན། །ལྷ་མིན་གཡུལ་ལས་རྒྱལ་མཛད་ཕྱིར། །ཆ་སྒྲ་ཆེན་པོ་གསུམ་དང་ལྡན། །བྱོལ་སོང་ཀུན་གྱིས་མངའ་གསོལ་བས། །མུན་པའི་གཡུང་དྲུང་སྐུ་ལ་གསོལ། །ཡི་དྭགས་རྣམས་ཀྱིས་མངའ་གསོལ་བས། །རིན་ཆེན་འབར་བའི་དོ་ཤལ་ཅན། །དམྱལ་བ་རྣམས་ཀྱིས་མངའ་གསོལ་བས། །སྐུ་ལ་བསྐལ་པའི་མེ་ཆེན་འབར། །ཞལ་ནས་བསྐལ་པའི་ཆུ་ཆེན་འབྲུབ། །ལྷ་ཡི་དམག་དཔོན་མངའ་གསོལ་ལོ། །ཆོས་སྐྱོང་ཆེན་པོར་མངའ་གསོལ་ལོ། །མགོན་པོ་ཆེན་པོར་མངའ་གསོལ་ལོ། །དཀར་པོའི་བསྟན་པ་སྲུང་བར་མངའ་གསོལ་ལོ། །ཞེས་པས་མངའ་གསོལ་ལོ། །དེང་རྒྱལ་བའི་བཀའ་བདེན་པ་བརྗོད་དོ། །དཀོན་མཆོག་གསུམ་ལ་མ་ཉེས་པའི་དཔང་གཟུག་སྟེ་འདི་སྐད་བརྗོད་དོ། །ཧཱུཾ། མ་ཉེས་མ་གཡོ་གཟུ་དང་དཔང་། །དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །དུས་གསུམ་སངས་རྒྱས་གཟུ་དང་དཔང་། །ཕྱོགས་བཅུའི་དགེ་འདུན་གཟུ་དང་དཔང་། །དམ་ཆོས་བདུད་རྩི་གཟུ་དང་དཔང་། །དཀྱིལ་འཁོར་ལྷ་ཚོགས་གཟུ་དང་དཔང་། །ཆོས་སྐྱོང་ལྕམ་དྲལ་གཟུ་དང་དཔང་། །ཕྱོགས་སྐྱོང་བཅུ་པོ་གཟུ་དང་དཔང་། །ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་། །ཀླུ་ཆེན་བརྒྱད་པོ་གཟུ་དང་དཔང་། །རིགས་བཞིའི་ཀླུ་རྒྱལ་གཟུ་དང་དཔང་། །ཀླུ་བྲན་འབུམ་སྡེ་གཟུ་དང་དཔང་། །གཉན་ཆེན་འཁོར་བཅས་གཟུ་དང་དཔང་། །རིགས་བཞིའི་ས་བདག་གཟུ་དང་དཔང་། །སྣང་སྲིད་ལྷ་འདྲེ་གཟུ་དང་དཔང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་གཟུ་དང་དཔང་། །རཱ་ཛ་བཙན་དང་བདུད་དུ་བཅས། །གཟུ་དང་དཔང་པོར་ཁྱེད་རྣམས་བཞུགས། །ང་ཡིས་མ་ལན་ཁོ་ཡིས་ལན། །


DNG024_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡིས་མ་ཉེས་ཁོ་ཡིས་ཉེས། །ལེགས་ཉེས་གཉིས་ཀྱིས་ཐིག་ཐོབ་ཅིག །དགྲ་བོ་གསོད་པའི་ལས་མཛོད་ཅིག །ཅེས་མེ་ལྕེ་ཕྲེང་བའི་རྒྱུད་ལས། གཏོར་མ་དང་མཆོད་པ་ལ་སོགས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བསྐུལ་བ་བསྟན་པར་བྱ་སྟེ། འདི་སྐད་བསྐུལ་ལོ། །ཧཱུཾ། བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ཁྱོད་ཀྱི་གསང་བའི་མཚན་བཏགས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །དུར་ཁྲོད་གནས་པར་རབ་ཏུ་མོས། །གསང་བའི་མཚན་ནས་འབོད་དོ་དགྲ་བོ་ད་སྒྲོལ་ཅིག །འཇམ་པའི་དབྱངས་ཀྱིས་མཚན་བཏགས་པ། །ནག་པོ་མནའ་ཟན་རྣམས་ཀྱི་གཤེད། །ཤ་ཁྲག་ཟ་ལ་རབ་ཏུ་མོས། །གསང་བའི་མཚན་ནས་འབོད་དོ་དགྲ་བོ་ད་སྒྲོལ་ཅིག །རྡོ་རྗེ་སེམས་དཔས་མཚན་བཏགས་པ། །མཐུ་ཆེན་ལོག་འདྲེན་རྣམས་ཀྱི་གཤེད། །ལོག་པའི་གང་ཟག་འདུལ་ལ་བརྩོན། །གསང་བའི་མཚན་ནས་འབོད་དོ་ད་ཚུར་བྱོན། །བཅོལ་ལོ་བཅོལ་ལོ་ལས་བཅོལ་ལོ། །དགེ་བསྙེན་སྲུང་མ་ལས་མཛོད་ཅིག །སྡིག་ཅན་དགྲ་བོ་སྒྲོལ་བའི་ལས་མཛོད་ཅིག །མ་ཧཱ་ཀ་ལའི་ཚོགས་ནི་སྤྲིན་ལྟར་གཏིབས་ལ་གཤེགས། །ལས་ངན་དགྲ་བོ་མནན་པའི་དུས་ལ་བབ། །སྡིག་ཅན་དགྲ་བོ་བསྒྲལ་བའི་དུས་ལ་བབ། །དཀོན་མཆོག་དབུ་འཕང་དམ་ཉམས་འདི་ཡིས་སྨད། །སངས་རྒྱས་བསྟན་པ་དམ་ཉམས་འདི་ཡིས་བཤིག །དགེ་འདུན་དཀོར་ཡང་དམ་ཉམས་འདི་ཡིས་ཕྲོགས། །སློབ་དཔོན་སྐུ་ལ་འདི་ཡིས་བསྡོས། །སྡིག་ཅན་འདི་ཡིས་ཅི་མ་བྱས། །ལས་ངན་སྡིག་ཅན་འཁོར་བའི་སེམས་ཅན་འདི། །བསྒྲལ་བའི་ཞིང་བཅུ་ཡིན་པས་ན། །ཤཱཀྱ་ཐུབ་པའི་བསྟན་པ་ལ། །ལས་ངན་བསྒྲལ་བར་དམ་བཅས་པ། །སྡིག་ཅན་བསྒྲལ་བར་དམ་བཅས་པ། །ནག་པོ་ཆེན་པོ་མཐུ་བོ་ཆེ། །སྐོམ་དུ་མི་ཁྲག་མངར་


DNG024_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འཐུང་། །ཟས་སུ་མི་ཤ་བཤུལ་མོ་ཟ། །གོས་སུ་མི་ལྤགས་རློན་པ་གོན། །འཁོར་དུ་དུར་ཁྲོད་མ་མོས་བསྐོར། །ལས་ངན་དགྲ་བོ་ད་སྒྲོལ་ཅིག །རྣམ་ཤེས་གཞན་དུ་སྒྱུར་ལ་ཐོང་། །སྲོག་ལ་ཧུབ་ཀྱིས་ཐོབ་ལ་ཤོག །ལྕགས་ཀྱི་བྱ་ཁྲ་ཆེན་པོར་སྐུ་སྤྲུལ་ལ། །སྡིག་ཅན་འདི་ཡི་ཀླད་པའི་སྤྱི་རྟོལ་ལ། །ཀླད་ཁྲག་དྲོན་མོ་གཞིབ་པའི་དུས་ལ་བབ། །ལྕགས་ཀྱི་ཤ་སྤྱང་ཆེན་པོར་སྐུ་སྤྲུལ་ལ། །ལས་ངན་དགྲ་བོའི་སྲོག་པ་རྩར་ཞུགས་ལ། །སྲོག་རྩ་དྲོན་མོ་གཞིབ་པའི་དུས་ལ་བབ། །ནག་པོ་ཆེན་པོར་སྐུ་སྤྲུལ་ལ། །ལས་ངན་གསོད་པའི་དུས་ལ་བབ། །སྡིག་ཅན་གསོལ་བའི་དུས་ལ་བབ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་རྣམས། །གཏོར་མ་ཕུལ་ནས་འདི་ཞུས་པས། །སེམས་ཅན་རྣམས་ལ་གནོད་བྱེད་པ། །མགོན་པོ་ནག་པོ་ཁྱོད་ཀྱིས་གསོལ། །དགྲ་བོའི་ཤ་ནི་མནོངས་པར་གྱིས། །ཁྲག་ནི་བཅུས་ཏེ་བཏུང་བར་གྱིས། །ཡང་ན་དེ་ཡི་ཕྱི་ནང་གི། །ཏིལ་ཙམ་དག་ཏུ་ཤ་ཆོད་ཅིག །དཀར་པོའི་སྲུང་མ་ལས་མཛོད་ཅིག །གདུག་པའི་དགྲ་བོ་འདུལ་བའི་ལས་མཛོད་ཅིག །བཟློག་ཅིག་དགྲ་བོ་ད་བཟློག་ཅིག །དེང་ནས་བཟུང་ནས་སྐྱེས་བུ་ཡིས། །བདག་ཅག་བསྲུང་ཞིང་བསྐྱབ་ཏུ་གསོལ། །སློབ་དཔོན་གདན་ནས་བསྐྱོད་ད་རེ། །སློབ་མ་མཐའ་ནས་ཟགས་པ་རེ། །ཕོ་བྲང་ངོ་མདངས་འགྱུར་ར་རེ། །སྒྲུབ་པ་བར་ཆོད་ཤོར་ར་རེ། །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །མགོན་པོ་ནག་པོ་ཐུགས་དམ་ཅན། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །བདག་ཅག་རྣལ་འབྱོར་ཚོགས་རྣམས་ལ། །མཐུ་ནུས་འབྱིན་པའི་དུས་ལ་བབ། །ཧཱུཾ། བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས། །ཡང་དག་སྐུ་གཅིག་བྱུང་བ་ནི། །མཐིང་ནག་མི་སྲུན་འཇིགས་པའི་སྐུ། །ཉིད་ཀྱི་སྐུ་ལ་དར་ནག་བེར་ཆེན་གསོལ། །དབུ་སྐྲ་ཁམ་ནག་ཐོར་


DNG024_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་གཅིག་ཏུ་འཁྱིལ། །སྨིན་མ་ནག་པོ་ཁྲོ་གཉེར་བརྗིད་པའི་ཞལ། །སྤྱན་བཟློག་ཞལ་གདངས་མཆེ་བ་རྣོ་གཙིགས་ནས། །དམ་ཉམས་དགྲ་བགེགས་རྣམས་ཀྱི་སྙིང་རྩ་གཅོད། །ཤངས་ནས་མེ་དང་དུག་གི་འཚུབ་མ་གཏོང་། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འདྲེལ། །གཡས་ཀྱི་ཕྱག་ན་ཙན་དན་བིང་ཆེན་བསྣམས། །གསོར་ཞིང་ཀླད་པའི་རྒྱས་སུ་རྡེག །ཙན་དན་བིང་གི་སྟོད་ཤེད་ནས། །སྤྲུལ་པའི་ཕོ་ཉ་འབུམ་བཀྱེ་བས། །སྟེང་གི་ལྷ་བདུད་དབང་དུ་སྡུད། །ཙན་དན་བིང་གི་ཞབས་ཤེད་ནས། །སྤྲུལ་པའི་ཕོ་ཉ་འབུམ་བཀྱེ་བས། །འོག་གི་སྲི་བཙན་དྲུངས་ནས་འབྱིན། །ཙན་དན་བིང་གི་བར་ཤེད་ནས། །སྤྲུལ་པའི་ཕོ་ཉ་འབུམ་བཀྱེ་བས། །བར་གྱི་དགྲ་བགེགས་རྡུལ་དུ་རློགས། །གཡོན་ན་ལྕགས་པར་སྐུ་ལ་བརྟེན། །དར་སེར་སྔོ་ཁྲ་སྐུ་ལ་གསོལ། །གསེར་ཀ་རིན་ཆེན་སྐུ་ལ་བཅིངས། །སྤྱན་གསུམ་སྡང་མིག་གྱེན་དུ་བགྲད་པ་ཡིས། །སྟེང་གི་ལྷ་ཡང་འདར་ཤ་ཤ །སྤྱན་གསུམ་སྡང་མིག་ཟུར་དུ་བགྲད་པ་ཡིས། །འོག་གི་ཀླུ་ཡང་ཟིལ་གྱིས་གནོན། །སྤྱན་གསུམ་ཕྲེད་ལ་ཕར་བགྲད་པས། །ཕྱོགས་བཞི་མཚམས་བརྒྱད་མདུན་ན་ནི། །གནས་པ་ཐམས་ཅད་ཕོ་ཉར་འགྱེད། །ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱིས་འབྱུང་པོ་གནན། །ཀྱེ། མགོན་པོ་ནག་པོའི་བསྟན་པ་ལ། །འཁྲུགས་པ་ཅན་ནི་འདི་ཡིན་པས། །གལ་ཏེ་རིང་པར་དྲང་བས་ན། །གདུག་པའི་དགྲ་བོ་འདི་ཉིད་ནི། །བཟུང་བཟུང་སོད་སོད་ཁྱེར་ཁྱེར་ཆིངས། །སྲེག་སྲེག་གཏོར་གཏོར་སྒྲོལ་སྒྲོལ་ཆིངས། །སྐད་ཅིག་གཅིག་གིས་མེད་པར་གྱིས། །གདུག་པའི་དམག་གི་དཔུང་ཤིག་ཅིག །ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ནྲྀ་ཛ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཕཊ། ཧཱུཾ་བྷྱོ་བྷྱོ་བྷྱོ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ། །སྲོག་བདུད་ཆེན་པོ་མ་རུངས་ལ། །མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་


DNG024_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན། །མངོན་ཤེས་རྫུ་འཕྲུལ་ཐབས་གཙོ་བས། །རྔམ་པའི་ཞལ་གདངས་གཏུམ་པའི་སྐུ། །མཐིང་ནག་མུན་པའི་གཡུང་དྲུང་ན་བཟར་གསོལ། །ཞལ་གདངས་དུག་གི་ངན་སྐྱུགས་ཆར་དུ་འབེབས། །སྲོག་བདུད་དབུགས་ལ་མངའ་མཛད་པས། །བདག་ལ་སྡང་བའི་དགྲ་བགེགས་ཀྱི། །སྲོག་དང་དབུགས་ལ་ཁ་རཾ་ཁཱ་ཧི། །སྲོག་བདུད་ཆེན་པོའི་ཐུགས་དམ་དུས་ལ་བབ། །མཚན་ནི་མ་ཧཱ་ཀཱ་ལ་སྟེ། །ལྷ་ཆེན་དཔལ་འབར་བདུད་ཀྱི་གཙོ། །སྲོག་གི་སྙིང་པོས་གནས་ནས་སྤྱན་འདྲེན་གྱིས། །བཅོལ་བའི་ཕྲིན་ལས་འདི་ལ་རྟགས་ཕྱུང་ཅིག །ཧཱུཾ། ལྷ་ཆེན་མགོན་པོ་ནག་པོ་ནི། །མངོན་ཤེས་རྫུ་འཕྲུལ་ཐབས་དང་ལྡན། །རིག་པའི་རྒྱལ་པོ་ཐབས་ཀྱི་གཙོ། །ཕྱག་ན་བདུད་ཀྱི་ཁྲམ་བམ་བསྣམས། །བདུད་སྡེ་སྟོང་གི་གཙོ་བོ་སྟེ། །ཁྲམ་ཐོགས་རྒྱལ་པོ་གཤེགས་སུ་གསོལ། །དྲེད་མོ་དག་གི་སླག་པ་ལ། །སེང་གེ་སྔོན་མོའི་གོང་ལག་ཅན། །ལག་ན་སྙིང་དང་ཁྲམ་ཐོགས་ཤིང་། །རྟག་ཏུ་སྲོག་དང་དབུགས་ལ་རྔམས། །བདུད་མོ་མ་རུངས་པ་ཡིས་ནི། །དགྲ་བོའི་སྲོག་དབུགས་སོ་སོར་འབྲལ། །ལྷ་ཆེན་མགོན་པོ་ནག་པོ་ནི། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཧཱུཾ། ལྷ་ཆེན་བཞུགས་པའི་སྐུ་མཁར་ནི། །ཐོད་པ་འབར་བའི་སྐུ་མཁར་ལ། །རིན་ཆེན་གསེར་གྱི་སྒོ་མོ་གསལ། །མཐིང་ནག་གཡུ་ཡི་སྐས་བཙུགས་ཤིང་། །ལྷ་ཆེན་མགོན་པོ་གཤེགས་པ་ཡི། །དམ་ཚིག་ཅན་གྱི་གྲོགས་ལ་བྱོན། །དམ་ཉམས་དགྲ་བོ་རབས་རྒྱུད་ཆོད། །མགོ་ལ་རྔམས་ཤིང་ད་ཚུར་བྱོན། །བདུད་མོ་ཡུམ་དང་གཉིས་སུ་མེད། །མ་ཆགས་ཐབས་ཀྱིས་རོལ་པར་མཛད། །ལྷ་ཆེན་ལ་སོགས་འཁོར་བཅས་ཀྱིས། །བཅོལ་བའི་ལས་རྣམས་དུས་ལ་བབ། །ལྷ་ཆེན་མགོན་པོ་ད་ཚུར་བྱོན། །བདུད་པོ་བདུད་མོ་མ་རུངས་པ། །འཁོར་དང་བཅས་པ་ད་ཚུར་བྱོན། །རིན་ཆེན་གསེར་གྱི་ཁྲི་སྟེང་ན། །མི་རོ་རྟ་རོའི་


DNG024_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་སྟེང་ན། །ལྷ་ཆེན་བདུད་པོ་འཁོར་དང་བཅས། །ཞལ་ནས་མི་ཤ་རྟ་ཤ་ཙ་ར་ར། །ཆིབས་སུ་དཔའ་བའི་སྟག་མོ་བཅིབས། །བདུད་ཀྱི་ཞགས་པ་ནག་པོ་དགྲ་ལ་འཕེན། །དགྲ་བོའི་གཡུལ་སོ་རུ་འཇོམས་པ། །དཔའ་བོ་ཁྱོད་ལ་ཕྲིན་ལས་བཅོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མེ་ལྕེ་ཕྲེང་བའི་རྒྱུད་ལས། ཕྲིན་ལས་བཅོལ་བསྐུལ་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།ཕྲིན་ལས་ཀྱི་དུམ་བུ་སྟེ་བཞི་པའོ། །གནས་གསུམ་པའོ།། དེ་ནས་བསད་པའི་རིམ་པ་ནི། །བིང་ངམ་ཕུར་པས་བསད་པ་དང་། །ཐུན་གྱིས་བསད་དང་སྦྱིན་སྲེག་བསད། །ཟོར་གྱིས་བསད་དང་མནན་པས་བསད། །དྲག་པོའི་སྦྱོར་བ་ལྔ་རུ་བཤད། །དེ་ལ་གདབ་ཀས་བསད་པ་ནི། །དཀྱིལ་འཁོར་བསད་ཁང་ནག་པོ་རུ། །ཕུར་པ་དུག་ཤིང་སེང་ལྡེང་ངམ། །གླ་བ་སྐྱེར་པ་ཚེར་མ་ཅན། །ཁ་དོག་ནག་པོ་སོར་བརྒྱད་བདུན། །བིང་དང་བཅས་པ་གསོར་ཞིང་གདབ། །ཐོག་ལྕགས་མི་བསད་ལྕགས་དག་ལ། །མགར་བ་མོན་ནམ་ཡུགས་སས་བརྡུངས། །རྣལ་འབྱོར་ཁྲིམས་ལྡན་གཙང་མས་སུ། །གཟུངས་དང་བཅས་པ་དེ་བཞིན་བྱ། །དམ་ཚིག་གཙང་མ་ཆོས་སྤྱོད་བརྩོན། །སྒོམ་རྒྱུད་ལྡན་པས་བཅད་བྱས་ལ། །ཤ་ཐོད་ནང་ནས་ལིངྒ་གདོན། །དགུག་པ་གཞུག་པ་དྲག་པོ་བྱ། །གུ་གུལ་དུད་པས་བདུག་བྱས་ལ། །བདག་ཉིད་མགོན་པོའི་སྐུར་བསྒོམས་ཏེ། །བེར་ནག་གོན་ལ་སྐྲ་བརྫེས་ལ། །ངོ་ལ་ཁྲག་གིས་སྲེ་མོག་བྱུག །ཞིང་ལྤགས་གོན་ལ་ཕྲེང་ཆེན་བགྲང་། །ཐོད་པ་ནག་པོ་རྒྱན་དུ་གོན། །དྲག་པོའི་བརྟུལ་ཞུགས་སྤྱོད་པ་ཡིས། །བདག་གི་སྙིང་ག་དག་ནས་འོད། །འཕྲོས་པའི་ཁོ་ལ་ཕོག་ནས་སུ། །ཁོ་ཡི་ཡེ་ཤེས་འཁོར་ལོ་ཕྱུང་། །བདག་ལ་བསྡིམ་སྟེ་འོད་དུ་ཞུ། །བདག་ནི་གཟི་མདངས་ལྡན་པར་བསམ། །ཡང་ནི་འོད་འཕྲོས་ཁོང་དུ་གནས། །ལིངྒ་དག་ལ་


DNG024_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསྡིམ་བྱས་ལ། །བདག་གིས་འབོད་རྦད་བསད་གསུམ་སྦྲེལ། །རྒྱུན་མ་ཆད་པར་དྲག་པར་བཟླས། །ཡང་སོང་ཁོ་ཡི་ཁོང་དུ་སོང་། །རྡོ་རྗེ་བྱུང་ནས་ཁར་སོང་མྱོས་པར་བསམ། །ཡང་བརྗོད་ཁྲོ་བོ་དཔག་མེད་ཀྱིས། །ཕུར་པའི་ཆར་ཕབ་བསད་པར་བསམ། །དེ་ནས་བེང་དང་ཕུར་པ་དྲིལ། །དྲག་པོའི་སྤྱོད་པས་གནས་བདུན་གདབ། །ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ནྲྀ་ཛ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཆེ་གེ་མོ་འདི་ཡ་སོད་སོད། ནག་པོ་ཆེན་པོ་ཤ་རྒྱུད་སྙིང་འདི་ཐོན་ཐོན། བདུད་པོ་དགྲའི་སྲོག་ལ་ཛ་ཛཿ། ནག་པོ་དགྲའི་བླ་རྩ་ལ་ཡ་ཡ། ནག་པོ་དགྲའི་ཀླད་པའི་རྩ་ལ་ཡ་ཡ། ནག་པོ་དགྲའི་སྙིང་རྒྱུད་དབུགས་ལ་ཡ་ཡ། ཞེས་ཕུར་པས་གདབ་པོ། །ཕུར་ཁུང་གྲུ་བཞི་རྨས་ས་རུ། །ཉུང་དཀར་ལ་སོགས་དུག་ཁྲག་གིས། །རྫས་རྣམས་ཕུར་པའི་ཤུལ་དུ་གདབ། །དེ་ལྟར་ཕུར་པ་གདབ་པ་ཡང་། །མགོན་པོས་དངོས་སུ་གདབ་པར་དམིགས། །ངེས་པར་འཁོར་ལ་འཚེ་བར་ཐེ་ཚོམ་མེད། །ཡང་ན་ཕུར་པའི་ལས་ཁ་ཡང་། །ཕུར་དབལ་བྱ་ཕོ་འཚལ་ལུ་ཡི། །ཁྲག་གིས་ཞུ་ལུག་བྱུག་བྱས་ལ། །རུ་སྦལ་མགོ་ལ་དགྲ་གཟུགས་བྲི། །ཕུང་གསང་དམིགས་ཏེ་བཏབ་པས་ན། །མགོ་ལ་ཐོག་འབབ་ཐེ་ཚོམ་མེད། །ཡང་ན་ཕག་ པའི་མཚུལ་པ་ལ། །དགྲ་བོའི་གཟུགས་བྲིས་ཕུར་བཏབ་ན། །བརྒྱལ་དང་རེངས་ཏེ་འཆི་བར་འགྱུར། །ཕུར་པ་གདབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཐུན་གྱིས་བསད་པ་འདི་ལྟ་སྟེ། །ཐོད་པ་དུམ་བུ་གསུམ་པ་རུ། །ཁྲག་སྣ་ཚོགས་ཚད་བསག་བྱས་ལ། །མི་རྟ་ཁྱི་གསུམ་མེད་མི་རུང་། །དུག་སྣ་ཚོགས་ཚད་དེ་བཞིན་དུ། །མཚེ་དང་སྐྱེ་ཚེ་གྲི་ཁྲག་དང་། །ཟི་ར་ལྕགས་དང་རྡོ་ཕྱེ་དང་། །ཚ་བ་གསུམ་བསག་སྔགས་འདི་བཟླས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་


DNG024_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ནྲྀ་ཧཱུཾ་ཛ། བྷིན་དྷ་བཛྲ་པ་ནི་ཏི་རུ་པ་ན། ཁུག་ལ་ཧཱུཾ་པས་གཅིག །སྲོག་ཀུ་རུ་ཙ་མ་མཱ་རུ་ཡ་ཛ། དེ་སྐད་ལིངྒ་དག་ལ་བྲབ། །ཁང་པའི་རྩ་རུ་གྲུ་གསུམ་བྲུ། །དེ་རུ་ཐོད་པ་སྦ་བར་བྱ། །ཁ་རུ་དུར་ཁྲོད་གཡམ་པ་ལ། །རྡོ་རྗེ་རྒྱ་གྲམ་བྲིས་པས་མནན། །བདག་ཉིད་མགོན་པོའི་ཏིང་འཛིན་གྱིས། །སྙིང་གའི་ཧཱུཾ་ལས་འོད་འཕྲོས་ནས། །ཁོ་ཡི་ལྷ་བཀུག་བདག་ལ་བསྡིམ། །དཔལ་གཟི་ལྡན་པས་འོད་ཟེར་འཕྲོས། །ཁོ་རང་ བཀུག་སྟེ་ཐུན་བྲབ་པས། །མཚོན་ཆའི་ཆར་གྱིས་བསད་པར་བསམ། །ཞེས་མེ་ལྕེ་ཕྲེང་བའི་རྒྱུད་ལས། ཐུན་གྱིས་བསད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གཞན་ཡང་ཟོར་གྱིས་བསད། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །གྲུ་གསུམ་མཐིང་ནག་གཉིས་བརྩེགས་ལ། །ཕྱི་རིམ་ཟླ་གམ་དམར་པོ་སྟེ། །མུ་ཁྱུད་ཐོད་ཕྲེང་དཀར་པོར་ལྡན། །ཕྱི་མ་ལྕགས་རི་ནག་པོས་བསྐོར། །དེ་དབུས་ལུག་དང་མི་སྙིང་སྦྱང་། །སྦྲུལ་ནག་སྙིང་སོགས་དེར་བླུགས་ལ། །ཟུར་གསུམ་དབུས་སུ་གཞག་པར་བྱ། །ཤ་བའི་མགོ་ལ་ལྟས་ངན་གྱི། །སྒྲོ་སྤུ་སྣ་ཚོགས་བརྒྱན་པ་དང་། །བལ་ཚོན་སྣ་ཚོགས་བརྒྱན་པ་དང་། །དེ་ཡི་ནང་དུ་ལིངྒ་གཞུག །དགྲ་ཡི་རྒྱུ་ལས་ཕྱེར་བཏགས་ཏེ། །ཡུགས་ས་མོ་ཡི་དྲི་ཆུས་སྦྲུས། །གཟུགས་བྱས་སྙིང་གར་མིང་རུས་གཞུག །མང་དུ་བྱས་ཏེ་ཐོད་པར་སྩལ། །དཀྱིལ་འཁོར་དབུས་ཀྱི་ཟུར་ལ་བཞག །གྲུ་གསུམ་ནང་མ་ཕུར་པ་དྲུག །དབུས་སུ་ཕུར་པ་གཟུག་པར་བྱ། །ཟླུམ་པོ་རྩང་གིས་བསྐོར་བྱ་བ། །ཉི་ཤུ་རྩ་གཅིག་བསྣོལ་མར་གཟུག །ཤ་ཐོད་ལིངྒ་གཅིག་ཕྱུང་ལ། །དབུས་སུ་རབས་ཆད་ཐོད་པར་བསྩལ། །གུ་གུལ་དུད་པ་བཏང་ལ་བཞག །བདག་ཉིད་མགོན་པོའི་སྐུར་བསྒོམ་ལ། །དབྱེ་དང་དགུག་པ་གོང་བཞིན་བྱ། །མཚོན་ཆའི་ཆར་གྱིས་བསད་པར་བསམ། །ཐུགས་དམ་དྲག་ཏུ་བསྐུལ་བར་བྱ། །ཟོར་གྱི་དྲག་སྔགས་འདིས་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཡཾ།


DNG024_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ནི་ཚལ་པ་ཏྲི་བ་ལཾ་ཛ་ཛཿ། མ་ཧཱ་ཀཱ་ལ་ཐུཾ་ལཾ་ཐུཾ་ལཾ་ཐུཾ་རིལ་རྦད་ཕུང་སྙིང་ལ་ཏྲག་རཀྴ་ལ་ཐུཾ་རྦད་ཛ་ཛཿ། ཅེས་པས་ཟོར་ནི་འཕང་བར་བྱ། །དེ་ལ་བརྒྱ་རྩ་བརྒྱད་བཟླས་པས། །དེ་ནས་དཔང་གཟུགས་ཟོར་འཕང་ངོ་། །དྲག་པོའི་གདངས་སྐད་བཏོན་ཏེ་བསྐུལ། །དེ་ནས་གོང་བཞིན་ཁྲག་སྣ་ལ། །དྲག་སྔགས་དེ་དག་བཟླས་བྱས་ནས། །བརྒྱ་རྩ་བརྒྱད་ཀྱིས་གདབ་ལས་བྱ། །ཞེས་ པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། ཟོར་གྱི་ལས་ཏེ་ལེའུ་ཉི་ཤུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྦྱིན་སྲེག་བསད་པ་འདི་ལྟ་སྟེ། །དང་པོ་ཐབ་ཀྱི་བྱ་ཐབས་ནི། །གྲུ་གསུམ་སུམ་བརྩེགས་བྱས་ནས་སུ། །ནང་དུ་རཾ་ནི་དམར་སེར་ཏེ། །མེ་ཡི་ས་བོན་བྲི་བར་བྱ། །ཁ་ཁྱེར་འོད་མ་རྡོ་རྗེ་བྲི། །བར་མ་ཐོད་པའི་ཕྲེང་བ་བྲི། །སྟེང་མ་དག་ལ་མེ་རི་བྲི། །དེ་ཡི་ལིངྒ་བྲི་བ་ནི། །གྲོ་ག་རས་སམ་ཤིང་ཤུན་ལ། །རབ་ནི་ཁྲི་ལ་འབྲིང་ནི་སྟོང་། །ཐ་མ་བརྒྱ་རུ་དགོད་པར་བྱ། །དེ་ཡི་རྫས་ནི་སྲན་མ་དང་། །བྲ་ཡོས་ནས་དང་ཉུང་ནག་དང་། །ཏིལ་ནག་མུ་ཟི་མི་ཁྲག་ཁྱི་ཁྲག་དང་། །གདུག་པ་ཅན་གྱི་ཤིང་གི་འབྲས་བུ་དང་། །ཚ་བ་གསུམ་དང་བཅས་པ་ནི། །ཕྱེ་མར་བཏགས་ཏེ་ཡུགས་ས་ཡི། །དྲི་ཆུས་སྦྲུས་ཏེ་རིལ་བུ་བྱ། །ལིངྒའི་གྲངས་དང་མཉམ་པར་བསག །དེ་ནས་ཐབ་ཁུང་དག་ཏུ་ནི། །སྐྱེར་པ་གླ་བ་ཤིར་ཤིང་དང་། །སེ་བ་ལ་སོགས་གདུག་ཤིང་བརྩིག །མི་རོ་བསྲེགས་པའི་མགལ་དུམ་དང་། །དུག་ཤིང་ཚོགས་རྣམས་བསྲེག་པར་བྱ། །དབུས་སུ་ཧོམ་སྦུགས་ཐ་མར་བཙིར། །དེ་ནས་མེ་ཆེན་སྦར་བ་ནི། །རིགས་ངན་ཤན་པས་མེ་བུས་ཏེ། །དབུས་སུ་མེ་ལྷ་མགོན་པོ་བསྐྱེད། །ཞལ་གཅིག་ཕྱག་གཉིས་བིང་དང་པར་བུ་འཛིན། །འགྱིང་དང་ཁྲོས་དང་རྔམ་པར་བཞུགས། །མེ་ལྷ་དམར་སེར་ཞལ་གཅིག་པ། །ཕྱག་གཉིས་མེ་དང་དབྱུག་པ་འཛིན། །


DNG024_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ར་སྐྱེས་གདན་ལ་བརྗིད་པ་དང་། །དམར་ནག་དེ་ལྟར་འཛིན་པ་དང་། །དཀར་ནག་དེ་ལྟར་འཛིན་པ་གསུམ། །ཟུར་གསུམ་དུ་ནི་བསྒོམ་པར་བྱ། །སྔོན་གྱི་ཐུགས་དམ་གནད་ནས་བསྐུལ། །སྤྱན་དྲང་བ་དང་ཕྱག་འཚལ་བ། །བཞུགས་སུ་གསོལ་དང་མཆོད་པ་དང་། །བསྟོད་དང་ཕྲིན་ལས་རྫོགས་པར་བྱ། །དེ་ནས་རྫས་རྣམས་འབུལ་བ་ནི། །དགྲ་ཡི་ལིངྒ་རེ་རེ་དང་། །རི་ལུ་རེ་རེ་དབུལ་བར་བྱ། །མི་རྐང་ཐོད་ཚལ་གཟར་བུ་ཡིས། །ཏིལ་མར་ཉུང་དཀར་ཉུང་ནག་དང་། །མི་ཚིལ་དེ་བཞིན་དབུལ་བར་བྱ། །དེ་ཚེ་དྲག་སྔགས་འདི་བཟླས་སོ། །ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བིང་ནྲྀ་ཛ། བི་ཤྲཱི་ཀཱ་ལ་རཱུ་པ་ཧཱུཾ། མ་ཧཱ་ཀཱ་ལ་རྦད་ཤཱ་ཧཱུཾ་རཱུ་པ་ཧཱུཾ། ད་ཧ་ད་ཧ་པ་ཙ་པ་ཙ་དི་ན་མེ་ཀེ་ན་ཧཱུཾ་ཕཊ། ཆེ་གེ་མོའི་མཱཾ་ས་ལ་ཁཱ་ཧི། ཆེ་གེ་མོའི་གཟུགས་ཕུང་ལྔ་རབ་ཏུ་འུབས་ཁཱ་ཧི་ཁཱ་ཧི། ཞེས་པས་འབུལ་ལོ། །དེ་ནས་མེ་ལྷ་བསྟོད་པ་དང་། མགོན་པོ་བསྟོད་དང་ཕྲིན་ལས་བཅོལ། །ཏིང་ངེ་འཛིན་དང་དགུག་གཞུག་གོང་བཞིན་བྱ། །དམིགས་བྱ་མེ་ཡིས་ཐུལ་བསྲེགས་པས། །རྡུལ་ཕྲན་ཙམ་ཡང་མེད་པར་བསམ། །དེ་ནས་ལྷག་ཆད་བསྐང་བའི་ཕྱིར། །མགོན་པོ་ལ་སོགས་དམ་ཅན་དང་། །མགོན་པོ་བདུན་ཅུ་གཉིས་ལ་འབུལ། །དེ་ནས་ ཐལ་བ་ཆ་གསུམ་བགོ། །ཆ་གཅིག་དུར་ཁྲོད་ལམ་དུ་མནན། །ཆ་གཅིག་རླུང་ལ་ཕྱར་བར་བྱ། །ཆ་གཅིག་ཆུ་ཆེན་གཞུང་ལ་བསྐུར། །ཞེས་པ་མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། སྦྱིན་སྲེག་གི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཤིང་གཅིག་དྲུང་ངམ་རྒྱ་གྲམ་ལམ། །ལྷ་ཁང་ཐེམ་རྩ་ལ་སོགས་དང་། །མགོན་པོ་ཉིད་ཀྱི་ཞབས་འོག་གམ། །མཆོད་རྟེན་ནག་པོ་ལ་སོགས་པ། །ཀླུ་གནས་ངེས་པའི་ཆུ་མིག་གམ། །མཁར་ཆེན་རྨང་ལ་སོགས་པ་རུ། །གྲུ་གསུམ་ཁྲུ་དོ་བྲུས་པ་ལ། །དུར་ཁྲོད་སོལ་བས་ནག་པོར་བྱུག །དེ་


DNG024_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དོམ་ནག་མགོ་བོ་དང་། །སྤྱང་ཀིའི་མགོ་དང་སྲེ་མོའི་མགོ། །ཕག་པ་ནག་པོའི་མགོ་བོ་རྣམས། །དེ་རྣམས་དག་གི་མཆེ་བས་ནི། །ལིངྒ་དེ་ལ་བཏབ་བྱས་ལ། །རབས་ཆད་གྲི་ཐོད་ནང་དུ་གཞུག །མཛེ་ཕོའི་ཐོད་པས་ཁ་བཅད་ལ། །ཕྱོགས་བཞིར་ལྕགས་ཀྱི་གཟེར་བཞི་གདབ། །སྐུད་པ་སྔོ་དམར་ཤི་སྐྲས་བཀྱིགས། །གྲུ་གསུམ་དབུས་སུ་ཏྲི་བྲིས་ལ། །དེ་རུ་བཅུག་ལ་བསྡིམ་སྟེ་བཞག །དེ་སྟེང་དུར་ཁྲོད་གཡམ་པ་ལ། །དེ་དཀྱིལ་རྡོ་རྗེ་རྒྱ་གྲམ་བྲི། །རྗེས་སུ་མནན་ལ་གཞག་པར་བྱ། །དེའི་སྟེང་དུར་ཁྲོད་རོ་རས་ལ། །འཁོར་ལོ་རྩིབས་བརྒྱད་བྲིས་བྱས་ལ། །ལྟེ་བ་མགོན་པོའི་གཞལ་ཡས་ཁང་། །ལེགས་པར་བསམ་སྟེ་རྩིབས་བརྒྱད་ལ། །མཁའ་འགྲོ་གཤིན་རྗེ་མ་བརྒྱད་བསྐྱེད། །ཕྱི་རིམ་རྩིབས་བཞི་ཕྱོགས་སྐྱོང་བཅུ། །དེ་ཡི་འཁོར་དུ་དཔལ་མགོན་ནི། །བདུན་ཅུ་རྩ་གཉིས་བསྐྱེད་པར་བྱ། །འཁོར་ལོ་དེ་ཡི་ཕྱོགས་བཞི་དང་། །མཚམས་བཞིར་ལཾ་ལས་རི་རབ་བསྐྱེད། །དེས་ཀྱང་མངོན་དུ་མནན་པར་བསམ། །ཆོས་སྐྱོང་བདུན་ཅུར་ཆང་ཕུད་གཏོར། །གཏོར་མ་བཏང་ཞིང་འོ་དོད་འབོད། །བྲང་བརྡུང་གཡབ་མོས་གདབ་པར་བྱ། །དེ་ནས་ཁྲོ་བོའི་སྟངས་སྟབས་ཀྱིས། །བཅགས་ཤིང་གནན་པར་བྱ་བའོ། །དེ་ནས་དྲག་སྔགས་དེ་དག་བཟླས། །ཨོཾ་སྟྭཾ་བྷ་རཀྴ་ནན། པཱ་ཤཾ་ཀུ་རུ་ནན། པུཥྚིཾ་ཀུ་རུ་ནན། ཤཱན་ཏིང་ཀུ་རུ་ནན། ཆེ་གེ་མོ་ནན། ཨཱ་བེ་ཤ་མཱ་ར་ཡ་ཕཊ། ཧྲཱྀཿ ཿ། ཨོཾ་ཤྲཱི་སྡི་ནན། ཀཱ་ལ་རཱུ་པ། ཤྲཱི་རཀྴ་ཡེ་ཙཀྲ་ཏྲི་ནན། རུ་རུ་པས་ནན། དེ་སྐད་མནན་གཏད་བཅོལ་གཏམ་བྱ། །ཞེས་པས་མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། མནན་པས་བསད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།བསད་ལས་ལྔའི་ལེའུ་དུམ་བུ་དེ་ལྔ་པའོ།། །།གནས་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལོག་གནོན་མན་ངག་རིམ་པ་ནི། །ལོག་དང་རྡུགས་དང་སྐྱེངས་པ་དང་། །འབྱམས་དང་ལས་མ་བཏུབ་པ་དང་། །མགོན་པོ་ཟད་པ་ནང་འདོམ་ན། །དེ་


DNG024_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་མན་ངག་འདི་ལྟར་བྱ། །མགོན་པོ་ལོག་པར་གྱུར་པ་ན། །རོ་རས་དག་ལ་མགོན་པོ་བྲི། །སྙིང་གར་ཙཀྲ་རྩིབས་བརྒྱད་ལ། །ཡིག་འབྲུ་དགུ་པ་བྲི་བར་བྱ། །གྲི་ཁྲག་དམེ་བོའི་ཁྲག་དང་ནི། །དུག་དང་རོ་སོལ་སྣགས་ཚས་བྲི། །མུ་ཁྱུད་ནང་མའི་ཡིག་འབྲུ་བཅུ། །ཐ་མ་ཡི་གེ་བཅུ་པ་བྲི། །མ་ཡོ་མ་འཁྱོག་མ་ནོར་བྲི། །དེའི་མཐར་མེ་རི་རྡོ་རྗེས་བསྐོར། །རབ་གནས་བྱས་ཏེ་མདུན་དུ་བཞག །དབུས་ནས་གཟུངས་ཐག་སྣ་ལྔས་གདགས། །རང་གིས་གཟུང་ནས་ཏིང་འཛིན་ནི། །བདག་ཉིད་ཆོ་གས་ཕྱག་རྡོར་ཏེ། །ཤིན་ཏུ་གཟི་བརྗིད་ལྡན་པར་བསྐྱེད། །མདུན་དུ་གདན་སྟེང་ཧཱུཾ་ནག་ལས། །ལས་ཀྱི་མགོན་པོ་ཚུལ་བཞིན་བསྐྱེད། །དེ་ཡི་སྤྱི་གཙུག་ཡེ་ཤེས་ཀྱི། །མགོན་པོ་གྲི་གུག་བསྣམས་པ་བསྐྱེད། །འོད་འཕྲོས་གནས་ནས་སྤྱན་དྲངས་ནས། །བསྐྱེད་པ་དེ་ལ་བསྡིམ་པར་བྱ། །དེ་ནས་བདག་ལས་འོད་འཕྲོས་ནས། །དོན་གཉིས་བྱས་ཏེ་སླར་འདུས་པས། །རྡོ་རྗེའི་གུར་དང་ར་བ་དང་། །རྡོ་རྗེའི་མིག་མངས་རིས་སུ་གྱུར། །དེ་ཡི་ཕྱི་རིམ་མཚོན་ཆ་ནི། །དབལ་ཡང་ཕྱིར་བསྟན་མཚོན་ཆ་འཕྲོ། །དེ་ཡི་ཕྱི་རིམ་མེ་ལྕེ་འཕྲོ། །འབར་དང་འཚུབ་པས་གདོན་བཟློག་བསམ། །མདུན་དུ་མགོན་པོའི་སྙིང་ག་ན། །ཧཱུཾ་ནག་གནས་པ་ལྕགས་ཀྱུ་ནི། །བདག་གི་སྙིང་ག་ནས་འཕྲོས་བཟུང་། །དེ་ནས་མཚོན་ཆས་མུ་ཁྱུད་བསྐོར། །དེ་ནས་བར་མ་དེ་ནས་དབུས། །རིམ་པས་དྲག་མིན་བུལ་མིན་བསྐོར། །དམིགས་པ་གཏད་པ་ཉིན་གཅིག་བྱ། །དེ་ནས་བཅུ་པ་ཟློག་གཤམ་ལ། །དགུ་པ་བཅུ་པ་བཟློག་པ་དྲུག །དག་པར་བྱས་ལ་ཆུ་རྒྱུན་བཞིན། །བར་མ་ཆད་པར་རབ་དམིགས་ལ། །མགོན་པོ་དྲག་ཏུ་འཁོར་བར་བསམ། །བར་སྣང་མཁའ་ལ་ཉི་ཤར་བཞིན། །མགོན་པོ་ཆེན་དང་བདག་ཉིད་ནི། །ཕྱག་ན་རྡོ་རྗེ་འོད་ཟེར་བསྐྱིལ་ཏེ་བཀྱིགས། །དེ་ནས་ཡུན་མི་རིང་བར་བསྐོར། །དེ་ནས་མཆོད་པ་ལས་ལ་བཏང་། །ཞེས་པ་མེ་ལྕེ་ཕྲེང་བའི་རྒྱུད་ལས། ལོག་གནོན་ཡང་བཟློག་ཏུ་བཏང་བའི་ལེའུ་སྟེ་ཉེར་གསུམ་པའོ།། །།


DNG024_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མགོན་པོ་རྡུགས་ནས་སུ། །ཇི་ལྟར་བྱས་ཀྱང་ཅང་མེད་ན། །དཀྲུག་པའི་རིམ་པ་དེ་ལྟར་བྱ། །བདག་ཉིད་ཕྱག་ན་རྡོ་རྗེ་ཡིས། །བསད་པ་སྔོན་དྲང་རྦད་པར་བྱ། །འབོད་པ་ཐ་མར་བཟླས་ཤིང་དྲང་། །གོས་རྣམས་མགོ་མཇུག་བཟློག་ལ་གོན། །བེང་བཟློག་ཁྱེར་ལ་འཁོར་ལོ་ནི། །གོང་ལྟར་བྲིས་ལ་རབ་གནས་ཅན། །སྔོ་དམར་བཅིང་སྐེད་ཀླད་ལ་བསྐོར། །དགྲ་གཟུགས་དགུ་བྱས་དང་མས་དབུགས། །ཙཀྲའི་སྟེང་དུ་གཞག་པར་བྱ། །དགྲ་བོས་མགོན་ལ་སྔོ་བར་བསམ། །དེ་ནས་བསྐུལ་བ་ཆེ་གེ་མོ། །ཁྱོད་ལ་བསྔོས་སོ་འདི་སོད་བྱ། །ཅེས་པས་མགོན་པོ་རྡུགས་ན་བསད་པའི་ལེའུ་སྟེ་ཉེར་བཞི་པའོ།། །།མགོན་པོ་ཁོངས་སུ་སྲུང་བ་བྱས། །དེ་ཚེ་སྐྱེངས་པར་གྱུར་པ་ན། །རང་གིས་གོས་ནག་གོན་ནས་སུ། །སྐྲ་རྣམས་ཐོར་ཚུགས་བཅིངས་ནས་སུ། །གདོང་ལ་ཁྲག་གིས་བྱུག་ནས་སུ། །དགྲ་བོའི་ཡུལ་ཕྱོགས་ཁ་བལྟས་ནས། །ཆང་ཕུད་རཀྟ་གཏོར་བཞིན་དུ། །དྲག་སྔགས་འདི་དག་བཟླས་པར་བྱ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྴ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕུང་དེ་ཙ་ཧོ། བཛྲ་ཡཀྴ། མ་ཧཱ་བེ་ཏཱ་ལཱི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཤྲཱི་ཕུར་ཤན་ཏིང་ཕུར་ཕུར་ཏི་ཕུར། མ་ཧཱ་ཀཱ་ལ་བཛྲ་ནི་ཕུར། ད་ཧ་ད་ཧ་ཕུར་སྭཱ་ཧཱ། དེ་སྐད་ཅེས་པས་གཏོར་མ་བཏང་། །དེ་ནས་གསོལ་པ་གདབ་པར་བྱ། །ཞེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། མགོན་པོ་སྐྱེངས་ན་ངར་གདགས་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་མགོན་པོ་འབྱམས་པར་གྱུར་པ་ན། །ཁྲོ་ཆུ་འམ་ནི་ཟེ་ཧི་མ། །བླ་རྡོ་བྱས་པ་དེ་དག་ནི། །བེང་ལ་བཏགས་ཏེ་འབོད་པ་བཟླས། །ཏིང་འཛིན་བསམ་པར་བྱས་ནས་སུ། །གདུང་བའི་དབྱངས་ཀྱིས་འབོད་པར་བྱ། །སྲོག་གི་འཁོར་ལོ་ལུས་ལ་བཅངས། །ཡང་ན་བིང་དང་བཅས་ནས་སུ། །རང་གི་མལ་སར་གཟུག་པར་བྱ། །མགོན་པོའི་ཟ་ལམ་བསྟན་པར་བྱ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་


DNG024_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རཀྴ་དུ་བེང་ནྲྀ་ཛ། ཛཿཧཱུཾ་བཾ་ཧོཿ། ཆེ་གེ་མོ་ལ་དམིགས་པ་གཏད། །ཅེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། འབྱམས་ན་བརྟོད་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།ལས་མ་བཏུབ་ན་ཤི་ས་བསྟན། །དཀྱིལ་འཁོར་ཁྲུ་དོ་སོར་བཞི་བྱ། །དབུས་སུ་ཟླུམ་པོར་བསྐོར་བྱས་ལ། །ཕྱི་རོལ་སྒོ་བཞི་དགོད་པར་བྱ། །དབུས་སུ་པདྨ་འདབ་བཞི་ལ། །ཡིག་འབྲུ་བཅུ་པ་དགོད་པར་བྱ། །དེ་ལ་མགོན་པོའི་སྐུ་བཞི་དགོད། །རྫས་རྣམས་ཀུན་ཡང་ཚང་བར་དགོད། །དེ་ནས་ཏིང་འཛིན་གསལ་བ་ཡིས། །སྤྱན་དྲང་ཕྱག་བྱ་མཆོད་པ་དབུལ། །དེ་ནས་བསྟོད་པ་ཚར་བྱས་ནས། །དབུས་ཀྱི་གྲུ་གསུམ་དག་ལ་ནི། །མགོན་པོ་ནག་པོ་རབ་དམིགས་ལ། །ཨེ་ཧྱེ་ཧི་ཛཿཧཱུཾ་བཾ་ཧོཿ། དེ་ནས་བསྐུལ་བ་འདི་བཏང་ངོ་། །ཧཱུཾ་ལས་ཀྱི་རིགས་མཆོག་དཔལ་ལྡན་གོས་སྔོན་ཅན། །མགོན་པོ་འདུལ་ཕྱིར་སྐུ་མདོག་འཇིགས་ཚུལ་ཅན། །དེ་ཡི་སྟོབས་ཀྱིས་མགོན་པོ་འདུལ་མཛད་པ། །ལས་ཀྱི་རིགས་མཆོག་ཐུགས་དམ་དུས་ལ་བབ། །ཅེས་པས་ལག་གཡོན་རྟ་མགྲིན་ལ། །གཡས་པས་ཕྱག་ན་རྡོ་རྗེ་བསྒོམ། །ཐལ་མོའི་བར་དུ་སྲོག་འཁོར་ནི། །མགོ་བཟློག་བཅུག་སྟེ་བསྡམས་བཞིན་དུ། །དྲག་སྔགས་འདི་དག་སྲོག་སྔགས་ནི། །གོ་བཟློག་པ་ལ་གདགས་པར་བྱ། །ཨོཾ་ནི་ཡཾ་ས་རཾ་ངཾ་རཾ་བཛྲ་པྲ་མརྟ་ཡ་མ་ཧཱ་ཀཱ་ལ་ཤི་ཡོ་ན་ཡོ་ཡོ་ནི་ན། ཏདྱ་ཐཱ་ལཱི་གི་སྟྭཾ་བྷ་ནི་ནན་སྭཱ་ཧཱ། ཞེས་པས་རྟ་མགྲིན་དང་ཕྱག་ན་རྡོ་རྗེས་གཟིར་བར་བསམ། དེ་ལྟར་སྦྱོར་བ་སྤོགས་བྱས་པས། །མགོན་པོ་དཀྱིལ་འཁོར་འཇུག་པར་མཁྱེན། །འཁོར་རྣམས་ཤི་ས་བསྟན་མཐོང་སྟེ། །རང་རང་ནུས་པས་ལས་བྱེད་དོ། །མེ་ལྕེ་ཕྲེང་བའི་རྒྱུད་ལས། མགོན་པོ་ཤི་ས་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་གཞན་ཡང་ནང་འགྲས་ནས། །མགོན་པོ་ཐམས་སོ་ཐམས་ཀྱང་ཅད་བྱུང་ནས་སུ། །མགོན་པོ་ནང་རྦད་ཁ་འདོམ་ན། །ཁྱི་ཐོད་ར་ཐོད་ཝ་ཐོད་སྤྱང་ཐོད་བཞིར། །ཁྱི་ཐོད་ཕོ་ལྷའི་དཔྲལ་སྔགས་དང་། །ཁོ་ཡི་མིང་རུས་གྲོ་གར་བྲིས། །ནང་དུ་བསྩལ་ཏེ་གུ་གུལ་བདུག །


DNG024_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་སྔགས་འདི་བཟླ་བར་བྱ། །ཨོཾ་མ་ཧཱ་ཤིནྟཾ། ཤ་རའི་ཏི་གུ་ས་ར་ན། མ་ཧཱ་ཀཱ་ལ། ཆེ་གེ་མོ་དང་ཕོ་ལྷར་ཕྱེ། སྙིང་དང་གློ་བའི་རྟགས་ཐོང་། རུས་པའི་ཁབ་ཀྱིས་གློ་སྙིང་རྩང་མར་ཁུག །ཅེས་རུས་པའི་ཁབ་ཀྱིས་དཀྲུག་ཅིང་། ཕོ་ལྷ་དགྲ་ལྷ་དང་བྲལ་བར་བསྒོམ། ཝ་ཐོད་དུ་ཁོའི་ཡུལ་ལྷ་དང་དབྲལ་བའི་སྔགས། ཁོའི་མིང་བྱང་དང་སྦྲེལ་ཏེ་གཞུག ། དྲག་སྔགས་འདི་ཡིས་བྲབ་པར་བྱ། །དེའི་ཀཱ་ལས་ཀྲ་བྷིད་ཙི་ན་ཀཾ་ནག་པོ་ནང་མི་དང་ཡུལ་ལྷར་ཕྱེ། དེ་སྐད་གུ་གུལ་དུད་པས་བདུག །ཡུལ་ལྷ་དག་དང་བྲལ་བར་བསམ། །ར་ཐོད་ནང་དུ་རྒྱ་ཤོག་ལ། །ཆེ་གེ་མོ་ཡི་གཟུགས་བྲིས་ལ། །མ་ཧཱ་ཀཱ་ལ་དག་དང་བྲལ་བར་བསམ་ལ་སྔགས། ལྷ་མཆོག་ནག་པོ་ཐ་མ་སྔགས་ཀྱིས་བསྐོར་བར། ར་ཐོད་ནང་དུ་བིང་གཟུགས་བཅས་ཏེ་གཞུག །དྲག་སྔགས་འདི་དག་བཟླས་པ་བྱ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཀྴ་དུ་བེ་ཙ་ལེ་ལེ་མུ་ལེ་ཀརྒ་གི་ཀརྨ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། དེ་སྐད་མ་ཧཱ་ཀཱ་ལ་དང་དབྱེ། ཆེ་གེ་མོ་མཱ་ར་ཡ་རྦད། ཐུཾ་རི་ལི་ལི། སརྦ་ཀརྨ་ཙ་ར་མ་ཡ་རྦད། དུམ་ནི་སྙིང་རྩ་རྦུད། དུམ་ནི་ཙིཏྟ་མཱ་ར་ཡ། སྲོག་ཕྲོག་ཤཾ་ཤཾ། ཁྱེར་ཁྱེར་མ་ཧཱ་ཀཱ་ལ་ག་ཏ་བི་ཏི་རྦད། ཆེ་གེ་མོ་དང་ལྷ་སྲུངས་སུ་འབྱེད། དུན་ཏི་པ་ཏྲ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། དེ་སྐད་མ་ཧཱ་ཀཱ་ལ་དང་དབྱེ། ། སྤྱང་ཐོད་དུ་ནི་རང་གི་ལྷ། །ཀུན་གྱི་སྙིང་པོ་བྲིས་ཏེ་གཞུག །དྲིལ་བ་འདི་དག་གཞུག་པར་བྱ། །ཨོཾ་བྷནྡ་བ་སུ་ད། དེ་བ་ཨི་ག་བུམ་པ་པྲ་ཏྲ་མུ་ཁི་རཾ་ཛ་ཏཾ་ཙིཏྟ་མ་རྒྱུད། མ་ཧཱ་ཀཱ་ལ་རཀྴ། ཤ་ཏྲཱུ་ནི་མཱ་ར་ཡ་རྦད། དེ་སྐད་ཐོད་པ་དར་དུ་གྲིལ། །རང་གི་སྒྲུབ་ཁང་ནང་དུ་བཟུང་། །རང་གི་ལུས་ལ་བླ་རྡོར་བཟུང་། །སྔགས་ནི་ཐམས་ཅད་བཟླས་པར་བྱ། །བསྲུངས་པ་དེ་བཞིན་གདགས་པར་བྱ། །མིག་སྔར་ལྷ་འདྲེ་བྱུང་ན་བདེན་པ་བདར། །ཕུད་གཏོར་གཏོར་མ་སྦྱིན་པར་བྱ། །དེས་ཀྱང་ཐུབ་པར་མ་གྱུར་ན། །ཏིང་འཛིན་གསལ་ལ་སྔགས་འདི་བཟླས། །ཨོཾ་མ་ཧཱ་ཀཱ་ལ་སརྦ་དུཥྚཱན་སརྦ་ག་ས་དྲ་ཏ་ན་ཕཊ། ཧྱ་ཧྱ་ཧྱ། བཛྲ་པཱ་ཎི་ཧཱུཾ་ཕཊ། ཨ་ཀྲོ་ཤ་རྦུད། རོ་ཏ་རྟག་ཐུམ་རིལ། བདག་ལ་


DNG024_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པར་བྱེད་པ་མཱ་ར་ཡ་རྦུད་ཧཱུཾ་ཕཊ། དེ་སྐད་བཟླས་ལ་ལམ་རྒྱ་གྲམ་དུ་སོང་ལ། གྲུ་གསུམ་དོང་དུ་བྲུས་བྱས་ལ། །དབུས་སུ་རྡོ་རྗེ་རྒྱ་གྲམ་བྲི། །དེ་ནས་ཐོད་པ་རིམ་གྱིས་གཞུག །དེ་ནས་སྔགས་རྣམས་བཟླས་ཤིང་མནན། །དེ་ཡི་སྟེང་དུ་ཐུན་ཡང་བརྡེག །དུག་གསུམ་དག་གིས་ཁ་བཅད་དོ། །དེ་ནས་དུག་གསུམ་རོ་གཡམ་ལ། །རི་རབ་རྡོ་རྗེ་རྒྱ་གྲམ་བྲིས་ལ་མནན། །དེའི་སྟེང་རྡོ་རྗེའི་བྲོས་རྒྱས་གདབ། །ཅེས་པས་མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། མགོན་པོ་ལོག་ན་མནན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།ལོག་ནོན་གྱི་དུམ་བུ་སྟེ་དྲུག་པའོ། །གནས་ལྔ་པའོ།། །།དེ་ནས་ལས་ཚོགས་རིམ་པ་བཞིན། །གཏོར་མའི་མན་ངག་དམ་པ་ནི། ། བྷནྡྷ་འམ་ནི་རིན་ཆེན་སྣོད། །བརྒྱ་འམ་ལྔ་བཅུའི་བར་དུ་ནི། །ཞི་རྒྱས་དབང་དྲག་གཏོར་མ་བྱ། །ཟླུམ་དང་ཟླ་གམ་གྲུ་བཞི་དང་། །གྲུ་གསུམ་ནང་དུ་བཤོས་བུ་བྱ། །དེ་མཐའ་ལེབ་བུ་དེ་འདྲས་བསྐོར། །ཤ་ཆེན་ལྔ་དང་ལ་ཕུག་ཆང་། །ཁྲག་དང་སྒོག་པ་ཉ་ཤ་དང་། །དཀར་གསུམ་དང་ནི་མངར་གསུམ་དང་། །གཏོར་མ་བྱས་ཏེ་དབུལ་བའི་ཕྱིར། །མདུན་དུ་བཞག་ལ་བྱིན་བརླབ་བྱ། །བསྐྱེད་རིམ་གཞུང་དུ་བྱ་བ་ནི། །མདུན་དུ་ཡཾ་ལས་རླུང་གི་དབུས། །ཡཾ་ཡིག་མཚན་ཏེ་དར་གྱིས་སྤར། །དེ་སྟེང་རཾ་ལས་མེ་དཔུང་སྟེ། །རཾ་ཡཾ་ཁཾ་གིས་བསྲེག་སྦྱང་གཏོར། །དེ་ནས་ཨ་ལས་ཐོད་ནང་དུ། །བདུད་རྩི་ལྔ་དང་ཤ་ལྔ་བསམ། །རླུང་གཡོས་མེ་སྦར་ཐོད་པ་ཁོལ། །བེང་གིས་དཀྲུགས་ཏེ་སྦྱངས་པ་ལས། །ཨོཾ་ཨཱཿ ཧཱུཾ་གིས་བྱིན་གྱིས་བརླབས། །སྐུ་གསུང་ཐུགས་ཀྱི་རང་བཞིན་ལ། །ཀུན་ཀྱང་ཚིམ་པར་བྱེད་པ་དང་། །ཨོཾ་ཙནྜ་མ་ཧཱ་ཀཱ་ལ་བཛྲ་ཤྲཱི་ནི། ཨི་དམ་བ་ལིང་གྲྀཧྞ་ གྲྀཧྞ་སྭཱ་ཧཱ། ཡང་ཡང་འབུལ་སྔགས་བཟླས་ཀྱི་བར། །པདྨའི་ལག་པས་གྱེན་དུ་བསྟབ། །ཚིམ་སྟེ་དགྲ་ཡི་གནས་སུ་མངག །ཅེས་པས་མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། གཏོར་མའི་ལས་ཚོགས་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལས་ཀྱི་བསད་པའི་མན་ངག་ནི། །དུར་ཁྲོད་ལ་སོགས་གནས་དག་ཏུ། །བདག་ཉིད་


DNG024_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་ཏིང་འཛིན་གྱིས། །དུར་ཁྲོད་རས་ནི་དྲང་བ་ལ། །ཨོཾ་མ་ཧཱ་ཀཱ་ལ་ཆེ་གེ་མོ་མ་ཡ། གྲྀཧྞ་གྲྀཧྞ། བྷནྡ་བྷནྡ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་སྐད་ཅེས་ནི་དུག་ཆུས་བྲི། །གཟུགས་སོར་བཅུ་དྲུག་བྱས་ནས་སུ། །དེ་ཡི་སྙིང་གར་གཞུག་པར་བྱ། །དེ་ཉིད་མི་གྲིར་ཤི་བ་ཡི། །ཐོད་པ་གཉིས་ཀྱི་བར་དུ་གཞུག །སྐུད་པ་ནག་པོས་རྒྱ་གྲམ་དཀྲི། །གྲུ་གསུམ་དོང་ནང་རོ་སོལ་བྱུག །དེ་རུ་སེ་ཕུར་གསུམ་བཙུག་ལ། །དེ་ནས་ཐོད་པ་བཙུག་བྱས་ནས། །རིགས་ངན་ཁྱིམ་མམ་བཤན་པའི་ཁྱིམ་ནས་མེ་བླངས་ལ། །དྲི་ཡི་ཚེར་ཅན་མེ་བུས་ལ། །རླངས་ཕྱིན་པར་ནི་ལན་གསུམ་བསྲོ། །དེ་རང་ཉིད་དུ་དམ་དུ་སྦ། །ཚངས་པའི་ཚེ་དང་ལྡན་ཡང་འཆི། །ཞེས་མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། ལས་ ཚོགས་ལས་ཀྱིས་བསད་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གནོད་བྱེད་དགྲ་བོ་ལྷ་དང་དབྱེ། །ལྷ་ལ་རྣམ་པ་ལྔ་བཤད་དེ། །འཚོ་བར་བྱེད་པ་ཡུལ་ལྷ་ལ། །གུ་གུལ་ནག་པོས་བསྲེག་པར་བྱ། །སྐྱོབ་པར་བྱེད་པ་དགྲ་ལྷ་སྟེ། །རྟ་བོན་ས་ཡི་དུད་པས་བདུག ། གྲོགས་བྱེད་པ་ནི་མ་ལྷ་སྟེ། །ཁྱི་ལུད་དག་གིས་བསྐྲད་པར་བྱ། །བསྲུང་བའི་ལྷ་ནི་སྲོག་ལྷ་སྟེ། །ཤ་ཆེན་དག་གིས་སྐྲོད་པར་བྱེད། །འགོ་བར་བྱེད་པ་ཞང་ལྷ་སྟེ། །བུད་མེད་དོར་རྟས་བསྐྲད་པར་བྱ། །ཅེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། ལྷ་ དང་དབྱེ་བའི་ལེའུ་སྟེ་སོ་གཅིག་པའོ།། །།གཞན་ཡང་དབྱེ་བའི་ཆོ་ག་ནི། །མི་དང་ལྷ་རུ་དབྱེ་བ་ཡང་། །ཕོ་དང་མོ་རུ་དབྱེ་ཡང་རུང་། །བྱ་རོག་དག་གི་པགས་པ་ལ། །སྨན་གྱིས་ལྷ་ཡི་མིང་བྱང་བྲི། །འུག་པའི་པགས་པ་དག་ལ་ཡང་། །དུག་ཆུས་མི་གཟུགས་མིང་བྱང་བྲི། །བྱ་རོག་ཕོ་རོག་རྐང་གིས་ཏེ། །འུག་པ་འུག་པའི་རྐང་གིས་སྤྲོས། །དེ་བཞིན་རྨྱུག་གུ་བྱས་ནས་ནི། །རྗེས་དང་ས་གཙང་དག་ལ་ཡང་། །བྱ་རོག་འུག་པ་བྱས་ནས་སུ། །གོང་གི་དེ་དག་དེ་རུ་གཞུག །བྱ་རོག་སྤྱང་ཀི་དག་ལ་བསྐྱོན། །འུག་པ་ལུག་ལ་བསྐྱོན་བྱས་ལ། །མགོ་ལ་ཕོ་རོག་འུག་སྒྲོ་གཟུགས། །དབྱེ་བའི་དྲག་སྔགས་ཐུན་བྱ་བ། །ཁྲོ་བོ་གཉིས་ནི་བསྐུལ་བྱས་ནས། །རི་དྭགས་རྒྱབ་སྤྲད་དག་


DNG024_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་། །དྲག་པོའི་ཁང་པ་ཁྲུ་རེའི་ཚད། །ནང་དུ་དུག་ཁྲག་རོ་སོལ་བྱུག །དེ་རུ་གཉིས་པོ་སོ་སོར་ཕྲལ། །ཁ་སྦུབ་དག་ཏུ་རྒྱ་གྲམ་མནན། །གང་ཡིན་མིང་རུས་ངན་མཚང་ཅན། །ཕྱིར་ཕྱོགས་པས་ཡིད་འཁྲུག་པར་འགྱུར། །འཐབས་ཏེ་དབྱེ་བར་འགྱུར་བ་ཡིན། །རྟ་ལྤགས་དག་ལ་རྩིབས་བརྒྱད་པ། །དབྱེ་བ་སོལ་བས་མིང་སྤེལ་བྲི། །རྟ་ལྤགས་དག་དང་སྐྱེ་ཤ་དང་། །ཁམ་ས་དག་ལ་རྟ་གཟུགས་བྲི། །སྙིང་གར་འཁོར་ལོ་བཅུག་བྱས་ལ། །མ་ཧེའི་པགས་པར་མ་ཧེའི་གཟུགས། །ལྟ་བར་དབྱེ་སྔགས་ཕྱོགས་ཕྱོགས་བསྐོར། །མ་ཧེའི་ལྕི་བ་ཁམ་ས་ལ། །མ་ཧེ་ཟལ་པོའི་གཟུགས་བྱས་ཏེ། །འཁོར་ལོ་སྙིང་གར་བཅུག་བྱས་ཏེ། །ཏིང་འཛིན་མི་དང་དབྱེ་བ་འམ། །ལྷ་དང་དབྱེ་བ་བསམ་ནས་སུ། །དབྱེ་སྔགས་ཐུན་གྱིས་དྲག་པོ་ཡིས། །ཁང་པར་བཅུག་སྟེ་བྲབ་པར་བྱ། །སེང་ལྡེང་ཕུར་བུ་དག་ལ་དབྱེ་སྔགས་ནི། །ནང་དུ་བསྐོར་ཏེ་ཕྱི་རུ་རྟ་ཡི་ཡང་། །སོག་པའི་ཕྲག་ཏུ་གདབ་པར་བྱ། །ལྕགས་ཕུར་དབྱེ་སྔགས་ཕྱིན་ཕྱོགས་བསྐོར། །མ་ཧེ་དག་གི་སོག་ཕྲག་གདབ། །གཡས་པས་བཅད་ཅིང་ཕྱི་ལ་བོར། །གཡོན་པས་དབྱེ་ཞིང་ཕྱི་ལ་བསྐྱུར། །མི་ འཕྲད་དབྱེ་འགྱུར་ཐེ་ཚོམ་མེད། །ཅེས་པས་མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། དབྱེ་ལས་ཀྱི་རིམ་པའི་ལེའུ་སྟེ་སོ་གཉིས་པའོ།། །།གཞན་ཡང་བསྐྲད་པར་བྱ་བ་ནི། །གནོད་བྱེད་བསྐྲད་དང་གཞན་ཡང་བསྐྲད། །རྔ་མོ་དག་གི་པགས་པ་ལ། །དམ་ཚིག་ལྡན་ལ་བརྣག་ཐུབ་བཟོ། །ངང་རིང་བརྟན་པའི་དད་པ་ཡིས། །ལྡོང་རོས་དག་གིས་རྩིབས་བཅུ་གཉིས། །བསྐྲད་པའི་སྔགས་ཀྱིས་བརྒྱན་པ་ལ། །དབུས་སུ་ཁོ་ཉིད་སྐྲོད་ཕྲེང་མཛད། །རྔ་མོའི་སྟེང་དུ་དེ་བཞིན་བསྐྱོན། །དེ་བཞིན་ལེགས་པར་བྲིས་ནས་སུ། །བདག་གི་གྲོགས་བྱེད་མགོན་པོ་ནི། །ཁྲོ་བོ་རྡོ་རྗེ་བཞིན་དུ་བསྒོམ། །ཀུན་གྱི་མཆོག་དང་རབ་གྱུར་པ། །རྔ་མོའི་སྟེང་དུ་བཙན་དཀྱིལ་དུ། །བརྗིད་པའི་འགྱིང་བར་རབ་བཞུགས་ཏེ། །འདོགས་པར་བྱེད་པ་


DNG024_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་ཏོར་བཅས། །ཐོགས་ཏེ་བསྐྲད་པའི་སྦྱོར་བ་བྱས། །ཕྱི་རོལ་ཕྱོགས་ཤིང་བལྟས་པ་ལ། །མྱུར་དུ་བསྐྲད་པའི་དྲག་སྔགས་བཟླས། །དེས་ནི་མྱུར་དུ་གཞན་དུ་འགྲོ། །གང་གནོད་པ་འམ་གང་གནས་ཀྱི། །ཡུལ་དུ་མནན་པས་འགྲུབ་པར་འགྱུར། །ཞེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། བསྐྲད་པ་ལས་ཚོགས་ཀྱི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་དབབ་པའི་རིམ་པ་ནི། །བུས་པ་གཙང་མ་ཁྲུས་བྱས་ལ། །དར་དམར་གུར་ཁང་ཐོག་ཏུ་བཞག །མར་མེའི་ཕྲེང་བས་མཐའ་བསྐོར་ལ། །མགོན་པོའི་ཏིང་འཛིན་གསལ་བ་ཡིས། །སྟོང་པའི་ཀློང་དུ་གཞུ་རྒྱུད་གང་། །རྐང་བཙུགས་ཤེས་པ་བསྒྲིམས་བྱས་ལ། །ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ནི་ཛཿཧཱུཾ་བཾ་ཧོཿ། ཧོཾ་མཾ་ཏིཥྛ་ལྷན་ལྷན། ཅེས་ལྕགས་ཀྱུའི་ཕྱག་རྒྱས་དགུག་ཅིང་བསྡིམ། །འདར་དང་སྔངས་དང་རྒོད་པ་འབྱུང་། །རི་དྭགས་ཚོ་ནག་ཨཱ་ཙ་ར། །མཐོང་ན་ངེས་པར་ཕེབས་པར་འགྱུར། །ཨ་ཀ་རུ་ཡི་དུད་པ་བཏང་། །གཏོར་མ་ཆང་དང་ཟས་ཕུད་དེ་བཞིན་བྱ། །ཞེས་པས་མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། དབབ་པ་ལས་ཚོགས་ཀྱི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་བེང་གི་བཅས་དག་ནི། །ཙནྡན་སེང་ལྡིང་ཤིར་ཤིང་དང་། །སེང་ལྡིང་མཛོ་མོ་གླ་བ་དང་། །རྒྱ་ཤུག་དག་ལ་འདོམ་གང་ངམ། །མདའ་གང་ཚད་དུ་བྱས་པ་ལ། །ལོགས་བརྒྱད་ཆང་ཟུང་རྒྱ་མདུད་གཉིས་ལྡན་པ། །མགོ་བོར་ནོར་བུ་མེ་འབར་བ། །རྡོ་རྗེ་རྩེ་མོ་ཕུར་པའི་དབལ། །ཁ་དོག་སྨུག་པོ་ཡང་ན་གནག །ཕྱོགས་བརྒྱད་ལྷ་སྲིན་སྡེ་བརྒྱད་ཀྱི། །སྲོག་སྙིང་དྲག་སྔགས་བཅས་པ་གཞུག །དར་དམར་ཅོད་པན་རྟ་མགྲིན་དང་། །ཕྱག་ན་རྡོ་རྗེའི་སྔགས་དང་བཅས་པ་གདགས། །རྒྱ་མདུད་གོང་མར་འབོད་པ་བྲིས། །འོག་མ་རྦད་པ་དེ་བཞིན་ཏེ། །རྩེ་མོ་དབལ་ལ་བསད་པའོ། །ནང་དུ་ཁོང་སྟོང་བྲུས་པ་རུ། །ཁྲོ་ཆུ་ཟེ་ཧི་དག་ལ་ཡང་། །ཧཱུཾ་བྲིས་ཧ་དང་བཅས་པ་ཡང་། །སྲོག་ཅན་དར་དུ་གྲིལ་བར་བྱ། །ཁོང་སེང་ནང་ན་དེ་བཞིན་གཞུག །ལྕགས་ཕུར་དག་ཀྱང་དེ་བཞིན་ཏེ། །དབང་བསྐུར་བྱིན་བརླབ་


DNG024_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བྱ། །ཡང་ན་མི་འབྲལ་ལུས་ལ་བཅང་། །ཡང་ན་བེང་གི་ཁོང་སེང་ནང་། །ལེ་བརྒན་སྲོག་འཁོར་ཅན་དུ་བྲི། །དེ་ནང་བླ་རྡོར་བཅས་པ་བྱ། །བསྒྲུབ་དུས་བཙུགས་ཏེ་གཟུངས་ཐག་གདགས། །རྦད་དུས་དགྲ་ལ་དབལ་བསྟན་དྲིལ། །བསད་དུས་དྲིལ་ཞིང་གསོར་ཞིང་གདབ། ། འགྱང་ན་གཟིར་ཅིང་མནན་ཅིང་བསྒྲིལ། །ལོག་ན་ཟློག་ཅིང་བསྐོར་ཞིང་ཟློག །འབྱམས་ན་བསྐོར་ཅིང་གཡབ་ཅིང་འབོད། །རྡུགས་ན་བདུད་རྩིས་བཀྲུ་ཞིང་གདབ། །འཛིན་ཚུལ་བསྐོར་ཚུལ་ཕྱག་རྒྱ་ཡང་། །དེ་བཞིན་མཁས་པས་ཤེས་ པར་བྱ། །གསོར་ཚུལ་དེ་བཞིན་རྟོགས་པར་བྱ། །ཞེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། རྫས་ཀྱི་གཙོ་བོ་བེང་གི་བཅའ་གཞིའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ལྕགས་པར་རིམ་པ་ནི། །བཀྲ་མི་ཤིས་པའི་རྫས་ལྕགས་སམ། །མི་བསད་མཚོན་གྱི་ལྕགས་དག་ལ། །གྲུ་གསུམ་དྲེ་ཕྱེད་དྲེ་གང་བ། །གང་གྲུབ་ཚད་དུ་བྱས་ནས་སུ། །ནང་དུ་འབོད་རྦད་བསད་གསུམ་པོ། །གཟོད་རིས་དག་ཏུ་བྱས་པ་འམ། །ཡང་ན་རྟ་ཡི་ཁྲག་གིས་བྲི། །དབང་དང་བྱིན་གྱིས་བརླབས་པ་དང་། །སྒྲུབ་པའི་དུས་སུ་སྦ་དང་བཅང་། །དམ་རྫས་བླུག་པ་དེ་བཞིན་བྱ། །འབོད་པའི་དུས་སུ་སྟོབས་དང་བསྐང་། །དབུལ་བའི་སྣོད་དུ་མ་ཆགས་མ་གས་པ། །དེ་བཞིན་བསད་ཚེ་གསད་པར་བྱ། །ལོག་ཚེ་འཕྱར་ཏེ་བསྐོར་ཞིང་བཟློག །རྡུགས་ན་སྦུབ་ཅིང་དུ་བས་གཟིར། །འབྱམས་ན་ཙནྡན་ལ་སོགས་དང་། །གདུག་པ་ཅན་གྱི་མེ་བུས་ལ། །ནང་དུ་མི་ཁྲག་མི་ཤ་དང་། །ལིངྒ་བླུག་སྟེ་བསྐོལ་ཞིང་གདུ། །མི་རྐང་དག་གིས་འཕྱར་ཞིང་དཀྲུག །བེང་ཡང་དེ་བཞིན་འཕྱར་བྱས་ཏེ། །ཡུན་རིང་བར་ནི་སྔགས་བཟློག་བཟླས། །དེས་ཀྱང་འགྲུབ་པར་མ་ གྱུར་ན། །གོང་གི་རླངས་པས་སྐུ་གཟུགས་དང་། །སྲོག་གི་འཁོར་ལོ་བདུག་པར་བྱ། །སྔགས་བཟློག་འཆོལ་བས་ལྡོག་བྱུང་ན། །བདག་ཉིད་ཡི་དམ་ཏིང་འཛིན་གྱིས། །མགོན་པོ་མདུན་དུ་བཀུགས་བྱས་ནས། །དཔག་མེད་དམ་ཚིག་བསྒྲགས་ནས་སུ། །ཅི་བགྱི་བཀའ་ཉན་ལས་བྱེད་བསམ། །དེ་དུས་ཏིང་འཛིན་དྲག་པོར་བསར། །ཅེས་པས།


DNG024_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། ལྕགས་པར་ནག་པོ་བཅའ་བཞིའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་རྟགས་ཀྱི་རིམ་པ་ནི། །ཉམས་དགའ་བ་དང་སྤྲོ་བ་དང་། །གླུ་ལེན་པ་དང་གར་བྱེད་དང་། །དར་འཕྱར་བ་དང་འཕན་འཕྱར་དང་། །མེ་ལྕེ་ཆེན་པོ་ལྷོབ་པ་དང་། །གྲོགས་པོ་དང་ནི་རྡོ་མོན་ཨ་ཙར་དང་། །དོམ་སྟག་སྤྱང་ཀི་འཕར་བ་དང་། །བྱ་ཁྲ་འཇུམས་ཤིང་སྐད་འདོན་དང་། །འཁོར་ལོ་བསྐོར་དང་སྒྲ་གྲག་དང་། །འཐིབ་དང་ཟིལ་དང་སྐྱི་ཟིང་བྱེད། །མེ་འབར་བ་དང་འུར་སྒྲ་དང་། །དུ་བ་འཐུལ་དང་དམག་ཚོགས་ལྷགས། །བུད་མེད་མང་པོ་ལྷགས་པས་ནི། །ཧ་ཧ་ཧི་ཧི་གད་མོ་རྒོད། །བསོ་སྒྲ་ཆ་སྒྲ་ཀུ་སྒྲ་སྒྲོགས། །འདི་དག་བོད་པ་གྲུབ་པའི་རྟགས། །བཙད་པོ་མཁན་པོ་ཕ་ཁུ་མེས། །གཙོ་བོ་ཞང་བློན་སློབ་དཔོན་དང་། །ཐོག་དང་སེར་བ་འབྲུག་སྒྲ་དང་། །པཎྜི་ཏ་དང་བདག་ལ་ཡང་། །བཀའ་ནན་གསོལ་དང་བྱ་ཆེན་ལྡིང་། །འདི་དག་དབང་དུ་མ་འདུས་པའོ། །བོད་པའི་དུས་སུ་ཅང་མེད་ཅིང་། །དགྲ་ཡི་གནས་སུ་སྣ་ཚོགས་སྟོན། །དམག་ཆེན་ཕར་ལ་ཆས་པ་དང་། །དོམ་སྟག་ཕར་ལ་འཕྱོ་བ་དང་། །དུར་བྱ་ཕ་རོལ་འུག་པ་རྒོད། །གོ་བོ་ཁྭ་དང་ཀང་ཀ་དང་། །སྐྱུང་ཀ་ལ་སོགས་ཤ་ཟན་བྱ། །འཕུར་ལྡིང་ཁོ་ཡི་ཡུལ་དུ་བྱེད། །བཤན་པ་གཏུམ་པོ་འཇིགས་ཚུལ་ཅན། །གིང་ཕོ་དགྲ་ལ་འགྲོ་བ་དང་། །འཕར་སྤྱང་དགྲ་ལ་འཇབ་ཅིང་ངུ་བ་དང་། །དཔའ་དར་སྒོ་ཁར་བཙུག་པ་དང་། །འོང་ལམ་ཕར་ལ་སོང་བ་དང་། །ཁར་རྨང་བཤིག་ཅིང་དམག་སྣ་བཙུགས། །གཡབ་མོ་འདེབས་དང་གཡུལ་བསྐོར་བྱེད། །འདི་དག་རྦད་པ་གྲུབ་པའི་རྟགས། །མུན་པ་འཐིབས་དང་དར་ཤིང་ཆག །རི་དང་ཕ་བོང་ནག་པོ་དང་། །བྲག་ལ་སོགས་པ་དག་ལ་རྡུགས། །དམག་དྲངས་དཀའ་དང་ལོག་པ་དང་། །མཚོན་ཆ་ཆག་དང་ཐུན་རྣམས་འཐོར། །ཐུན་ཁྲག་རུལ་དང་སྦྱིན་སྲེག་མེ། །གསོ་དཀའ་འཆི་བར་སླ་བ་དང་། །རང་ལ་འཁོར་ཅིང་ཕ་རོལ་ཏུ། །ཅི་ཡང་མེད་ཅིང་ཚུབས་


DNG024_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆེ། །དེ་དག་རྡུགས་པའི་རྟགས་སུ་བསྟན། །དམག་སྣ་ཚུར་ཟུར་བདག་ལ་བརྡེག །ཐོག་སེར་ཚུར་ལ་དབབ་པ་དང་། །བྱ་གཅན་ཚུར་ལ་ལྡོག་པ་དང་། །མེ་ལྕེ་མཚོན་རྩེ་ཚུར་ལ་ལོག་པ་དང་། །བཀའ་ཆད་བདག་ལ་གསོལ་པ་དག །མགོན་པོ་ལོག་པར་ཤེས་པར་བྱ། །ཅི་ཡང་མེད་པར་ཕྱ་སངས་ཁྱེར། །སྙིང་མི་དགའ་ཞིང་ངུ་སྙིང་འདོད། །སྔར་མ་མཐོང་བའི་ཡུལ་དུ་ཕྱིན། །དགྲ་ཡི་བླ་རྟགས་ཅི་ཡང་མེད། །ཚུབས་མ་ནག་པོ་གཞན་ལ་འཚུབས། །ཆུ་བོ་ཆེན་པོ་གཞན་ན་འཁྲུག །གཉིད་ཀྱིས་འཐིབས་ཤིང་བྱིང་རྨུགས་ཆེ། །དེ་དག་འཁྱམས་པའི་རྟགས་སུ་བསྟན། །བསད་པའི་དུས་ཀྱི་རྟགས་དག་ནི། །དངོས་སུ་བཀུག་ཅིང་ཁྲིད་པ་དང་། །མདའ་དང་མཚོན་ཆ་བརྒྱབ་པ་དང་། །སྙིང་ཕྱུང་བ་དང་དུམ་བུར་བྱས། །ལིངས་བྱེད་ར་ལུག་ལ་སོགས་པ། །བླ་ཡི་རྣམ་པ་དངོས་སུ་ཁུགས། །འཁུན་དང་རེང་དང་རྗེས་དག་དང་། །བཟུང་དང་བཅོམ་དང་བརྒྱལ་བ་དང་། །མགོན་མེད་བཀུག་པ་སྒྲུབ་པའི་རྟགས། །ཏིང་འཛིན་མི་གསལ་བྱིང་རྨུགས་འགྲོ། །སྲོག་ལྷ་དག་གིས་བསྲུངས་པ་ཡིན། །གཡག་དཀར་བྱ་རྒོད་བསྲུངས་པ་ནི། །ཡུལ་ལྷ་དག་གིས་བསྲུངས་པ་ཡིན། །ཞང་བློན་དག་གིས་སྐྱོབ་བྱེད་ན། །ཕོ་ལྷ་དག་གིས་བསྲུངས་པ་ཡིན། །ཁྲ་དང་སྤྱང་ཀིས་འགེགས་པ་དེ། །དགྲ་ལྷ་དག་གིས་བསྲུངས་པ་ཡིན། །བུད་མེད་ཤ་བས་འགེགས་པ་ན། །མོ་ལྷ་མ་སྨན་བསྲུངས་པ་ཡིན། །ཅི་ཡང་མེད་ན་མགོན་པོ་ཡིན། །གནོད་པ་བྱ་བ་མ་འགྲུབ་ན། །ཁྱད་སྦྱོར་ཡེ་ཤེས་སེམས་དཔས་བསྲུངས། །དེ་དག་ལྷ་བསྲུངས་རྟགས་སུ་བསྟན། །སྤྱིར་ན་འབོད་རྦད་བསད་གསུམ་ལ། །རྟགས་ཀྱང་རབ་འབྲིང་ཐ་མ་གསུམ། །རབ་ནི་མངོན་སུམ་དག་ཏུ་སྟོན། །འབྲིང་ནི་སྒྲ་རུ་འོང་བར་བྱེད། །ཐ་མ་རྨི་ལམ་དག་ཏུ་འོང་། །འདི་དག་ངེས་པར་འབྱུང་བར་འགྱུར། །སྤྲོ་བ་བསྐྱེད་ཅིང་གཟེངས་བསྟོད་ལ། །ཏིང་འཛིན་གསལ་ཞིང་སྔགས་ཀུན་བགྲང་། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། རྟགས་


DNG024_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གྲུབ་སྟེ་དབང་དུ་མ་འདུས་ན། །བཙན་པོ་བྱུང་ན་ལྟག་གནོན་བཏང་། །མཁན་པོ་བྱུང་ན་སྤྱི་མཆོད་འབུལ། །ཕ་ཁུ་མེས་པོ་ཨར་ལ་གཏད། །གཙོ་བོ་ཞང་བློན་གཟིར་བར་བྱ། །སློབ་དཔོན་བྱུང་ན་གསོལ་བ་གདབ། །ཐོག་སེར་བྱུང་ན་སྲོག་འཁོར་བསྐོར། །མི་འཇིགས་ཆོ་གའི་ཏིང་འཛིན་བྱ། །པཎྜི་ཏ་ལ་བསྐང་བ་བྱ། །བྱ་ཆེན་ལྡིང་ན་སྲོག་འཁོར་བསྐོར། །རྦོད་དུས་མུན་པ་འཐིབས་པ་ན། །མགོན་པོ་ནག་པོ་འཁྲུགས་པ་ཡིན། །འཁྲུགས་ཆེན་མདོས་ཆེན་གཏང་བར་བྱ། །དར་ཤིང་ཆག་ན་དངོས་གྲུབ་ཉམས། །རི་ནག་བསྟན་ན་བཅོལ་བསྐུལ་བྱ། །བྲག་ལ་རྡུགས་ན་ཟོར་ཡང་བརྡེག །དམག་དྲང་དཀའ་ན་བསྐང་གསོ་བྱ། །ལོག་ན་རྦད་ཅིང་མནན་ཏེ་རྦད། །མཚོན་ཆ་ཆག་ན་དམ་ཚིག་ཉམས། །བསྐང་ཞིང་བཤགས་པ་དྲག་པོ་བྱ། །ཐུན་རྣམས་འཐོར་ན་ཏིང་འཛིན་ཉམས། །དམིགས་པ་དྲག་པོ་གསལ་བར་བསྐྱེད། །ཐུན་ཁྲག་རུལ་ན་དེ་བཞིན་དུ། །དམ་ཚིག་དག་ལ་སེལ་བྱུང་ངོ་། །བསྐང་བཤགས་དྲག་པོ་བྱ་བར་བཤད། །མ་དག་གང་ལ་དཀའ་བ་ན། །ད་རུང་བཟླས་པ་བསྐྱར་བར་བྱ། །ཚུར་ལ་འཚུབ་ནི་ཆེ་བ་ན། །རྡུགས་པ་སྣ་སེལ་མདོས་བཏང་ཞིང་། །བསྐང་བཤགས་དྲག་པོ་རྒྱ་ཆེར་བྱ། །བདག་ལ་བརྡེག་ན་བཟློག་བསྲུང་བྱ། །ཐོག་སེར་འཁྲུགས་ན་འཁྲུགས་སེལ་བྱ། །བྱ་གཅན་ལོག་ན་རྫས་མ་ཚོགས། །ད་རུང་རྫས་རྣམས་ཚང་བར་བྱ། །མེ་ལྕེ་མཚོན་རྩེ་ཚུར་བྱུང་ན། །སྲུང་བཟློག་དྲག་པོ་བྱ་བར་གཅེས། །བཀའ་ཆད་བདག་ལ་གསོལ་པ་ན། །ཡང་བཟློག་གནས་དག་བདག་ལ་བྱ། །ཕྱ་སངས་ཁྱེར་ན་བྱིན་ཆེན་དབབ། །སྙིང་མི་དགའ་ན་བཟླས་འོད་དང་། །སྔ་མར་མ་མཐོང་ཡུལ་ཕྱིན་ན། །སྙིང་རྗེ་ཆེན་པོ་ཁོང་ནས་བསྐྱེད། །བླ་རྟགས་མེད་ན་བཅུད་གསུམ་བྱ། །ཚུབ་ནག་འཚུབ་ན་དམ་པ་བོད། །ཆུ་ཆེན་འཁྲུགས་ན་ཟ་ལམ་བསྟན། །གཉིད་ཀྱིས་འཐིབས་པར་གྱུར་པ་ན། །རྡོ་རྗེ་སྤྱུགས་གླུ་


DNG024_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བླང་ཞིང་གཟེངས་བསྟོད་ལ། །མགོན་པོ་བིང་ཆེན་གར་ཡང་བྱ། །བསད་པ་དག་གི་དུས་དག་ཏུ། །སྲོག་ལྷས་བསྲུངས་ན་གུ་གུལ་སྦྱར་མས་བདུག །ཡུལ་ལྷ་བུད་མེད་དོར་རྟས་བདུག །དགྲ་ལྷ་གླང་རོག་རྭ་བསྲེག་འབྲོས། །དགྲ་ལྷ་གསུར་ཆེན་དུད་པས་འབྲོས། །མ་ལྷ་རྟ་བོན་བསྲེགས་པས་འབྲོས། །ཁ་སྦྱོར་མཁས་པས་དབྱེ་བར་བྱ། །ལྕགས་ཀྱུས་བླངས་པ་བདག་ལ་བསྡིམ། །ཅི་ཡང་མེད་ན་གདམས་ངག་འཆུག །ཡང་ན་རང་གི་དམ་ཚིག་ཉམས། །ཡང་ན་སྲོག་གི་སྙིང་པོ་ཆད། །གཏིང་ནས་བསྒྲུབ་པ་བསྐྱར་བར་བྱ། །ཞེས་མགོན་པོ་མེ་ལྕེ་ ཕྲེང་བའི་རྒྱུད་ལས། ལོག་གནོན་སྤོགས་པ་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་བརྒྱད་པའོ།། །།གཞན་ཡང་ལྟ་བའི་རིམ་པ་ནི། །ཕྱི་ནང་ཆོས་ཀུན་ངོས་གཟུང་བྲལ། །ཡོད་དང་མེད་པའི་ཕྱོགས་བྲལ་ཅིང་། །གཉིས་ཀ་གཉིས་མེད་མཐའ་དང་བྲལ། །དབུས་ཆེན་བྱ་བར་མི་རྟོག་བྱེད། །ཀུན་ཀྱང་བླ་དྭགས་དངོས་མེད་པ། །མཚན་མ་མེད་པ་གདོད་ནས་སྟོང་། །སྤང་མེད་ཀུན་ཆུབ་ཡེ་དག་པ། །སྤྲོས་པ་མེད་པ་འདུས་མ་བྱས། །ཕྱོགས་ཆ་ཀུན་དང་ཡེ་ནས་བྲལ། །དེ་ལྟར་ཡེ་ནས་ལྟ་བ་ཡིན། །ཡེ་ནས་དེ་ལྟར་གནས་བཞིན་དུ། །དེ་ལྟར་མ་རྟོགས་ལོག་བརྟགས་པས། །གཉིས་བཟུང་མཐར་རྟག་ལོག་ཤེས་ལ། །བསྟན་པ་རྣམ་གསུམ་རྒྱས་མཛད་ནས། །འགྲོ་བ་འདུལ་ཅིང་དོན་བྱེད་ལ། །བསྟན་པ་འཇིག་པར་བྱེད་པ་ཡི། །བགེགས་དང་འབྱུང་པོ་དགྲ་ཡི་རིགས། །འདུལ་ཕྱིར་སྤྲུལ་པ་ཁྲོ་ཚུལ་ཅན། །སངས་རྒྱས་བསྟན་པའི་མགོན་མཛད་ཅིང་། །བདུད་ཀྱི་རིགས་ལ་སྡང་བས་ནག །དེ་ཕྱིར་བསྟན་པ་བསྲུངས་པས་ལེགས། །བསྲུངས་ཚུལ་ལེགས་པར་ལྡན་པས་ལྡན། །ཉོན་མོངས་རིས་ལ་གནོད་པས་ནག །དེ་ཕྱིར་མགོན་ནག་ལེགས་ལྡན་ནག །ནག་པོར་སྤྲུལ་ནས་དོན་རྫོགས་སྤྱོད། །ཅེས་མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། ལྟ་སྒོམ་སྤྱོད་པ་གཅིག་ཏུ་དྲིལ་བའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཀུན་གྱི་དོན་རྣམས་འགྲུབ་བྱེད་པའི། །སྙིང་པོ་


DNG024_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྣམས་བསྟན་པར་བྱ། །བསྐྱེད་པ་རྐྱེན་གྱི་སྔགས་རྣམས་དང་། །མ་ནོར་རྩ་བ་རྒྱུ་ཡི་སྔགས། །བཟླས་པ་ལས་ཀྱི་སྔགས་སུ་བཤད། །བསྐྱེད་པ་རྐྱེན་སྔགས་ཡི་གེ་ཧཱུཾ། །ཐུགས་སྲོག་མ་ནོར་གནས་པ་ཡིན། །མ་ནོར་རྩ་བ་རྒྱུའི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བིང་ནི་ཛ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཛ། ཛཿཧཱུཾ་བཾ་ཧོཿཧཱུཾ་ཕཊ། མ་ནོར་རྩ་བ་རྒྱུ་ཡི་སྔགས་སོ། །བཟླས་པ་ལས་ཀྱི་སྔགས་ལ་ནི། །སྤྱན་དྲང་ཕྱག་དང་གདན་འབུལ་བ། །བཞུགས་གསོལ་བསྡིམ་དང་དབང་བསྐུར་དང་། །མཆོད་དང་གཏོར་མ་བཏང་བ་དང་། །རྦད་དང་བསད་པ་རྣམས་སུ་བསྟན། །ཛཿཧཱུཾ་བཾ་ཧོཿསྤྱན་དྲངས་པ། །ཏིཥྛ་ལྷན་དང་ཨཱ་བེ་ཤ །གཞུག་དང་བསྡིམ་པར་ཤེས་པར་བྱ། །ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། ས་མ་ཡ་པུ་ཧོ། ཕྱག་བྱ་བའི་སྔགས་སུ་བསྟན། ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བིང་ནི་ཛ། པཱུ་ཛ་མེ་གྷ་ས་མ་ཡེ་སྥ་ར་ཎ་ཨ་ཏདྷུ་བེ། པུཥ྇་ཨཱ་ལོ་ཀེ། གྷནྡྷེ་ནཻ་བིདྱ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ། ཨོཾ་ཨཱཿཧཱུཾ། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་རུ་དྷི་ཁཱ་ཧི། ཤ་ལྔ་བདུད་རྩི་ལྔ་དང་བཅས་པའི་མཆོད་པ་སྣ་ཚོགས་དེ་ཡིས་དབུལ། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཨ་ར་ལི་ཧོ། ཛཿཧཱུཾ་བཾ་ཧོཿ། བཛྲ་བྷ་གི་ནཱི་བརྡ་མ། ཡོ་གི་ནཱི་ཤྭ་རཱི་ས་མ་ཡ་སྟྭཾ། དྲྀ་ཤྱཧོ། ཨོཾ་ཁ་ཁ་ཁཱ་ཧི། ཨ་ཀཱ་རོ་མུ་ཁཾ། སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏ་པ་ནན་ཏཏ་སྭཱ་ཧཱ། གཏོར་མ་འབུལ་བའི་སྔགས་སུ་བསྟན། །ཨོཾ་ཏ་ཐཱ་ག་ཏོཥྞི་ཥ་སི་ཏ་པ་ཏྲེ་ཤྲཱི་ཧཱུཾ། མགོན་པོ་གནད་ལ་དབབ་པར་བྱ། །ཆེ་གེ་མོ་འདི་མཱ་ར་ཡ་སོད་སོད། ནག་པོ་དགྲ་བོའི་ཤ་རུས་སྙིང་འགོ་ཐོན་ཐོན། བདུད་ཕོ་དགྲ་བོའི་སྲོག་ལ་ཛ་ཛ། ནག་པོ་དགྲ་བོའི་གློ་བ་ལ་ཛ་ཛ། ནག་པོ་དགྲ་བོའི་ཀླད་པ་ལ་ཛ་ཛ། ནག་པོ་དགྲ་བོའི་སྙིང་དབུགས་ལ་ཛ་ཛ། ཕུར་པས་བསད་པའི་སྔགས་སུ་བཤད། །ཨོཾ་མ་ཧཱ་ཀཱ་ལ་སྦུགས་དྷྲི་ཧཱུཾ་ཛ། བིན་དམ་བཛྲ་པཱ་ཎི། ཤྲཱི་ཧཱུཾ་ཡན་ཁུགས་ལ་གཏུབས། སྲོག་ཀུ་རུ་སྟྭམ་མཱ་ར་ཡ་ཛ། ཐུན་གྱིས་བསད་པའི་སྔགས་སུ་བསྟན། །ཨོཾ་མ་ཧཱ་ཀཱ་ལ་ཡཾ། ལག་ནི་ཚལ་པ་ཏྲི་ཡང་ཛ་ཛ།


DNG024_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཀཱ་ལ་ཐུཾ་ལཾ། ཐུཾ་རིལ་རྦད་པུ་ཧྲཱྀ་ཛ་ཛ། སྙིང་ལ་ཡ་ཏྲག་རཀྴ་ཡ་ཐུཾ་རྦད་ཛ་ཛ། ཟོར་གྱིས་བསད་པའི་སྔགས་སུ་བཤད། །མ་ཧཱ་ཀཱ་ལ་ལ་ཤད་ཧཱུཾ་རཱུ་པ་ཧཱུཾ། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀེ་ན་ཧཱུཾ་ཕཊ། ཆེ་གེ་མོ་མཱཾ་ས་ལ་ཁཱ་ཧི་ཁཱ་ཧི། ཆེ་གེ་མོའི་གཟུགས་ཕུང་ལྔ་ལ་རིམ་འུབས། རམ་འུབས་ཁཱ་ཧི་ཁཱ་ཧི། དེ་ནི་སྦྱིན་སྲེག་གི་སྔགས་སུ་བཤད། ཨོཾ་སྟྭཾ་བྷ་ཡ་རཀྴ་ནན། ཝ་ཤང་ཀུ་རུ་ནན། པུཥྚིཾ་ཀུ་རུ་ནན། ཤཱནྟིང་ཀུ་རུ་ནན། ཆེ་གེ་མོ་མཱ་ར་ཡ་ནན། ཨ་བི་ཤྲཱི་མ་ཧཱ་ར་ཡ་ནན། ཕཊ་ཕཊ། ཀཱ་ལ་རཱུ་པ་ཤྲཱི་རུ་པ་རཀྴ་ཡེ་ནན། ཙཀྲ་ཀྲི་ནན། ད་རུ་བས་ནན། གནན་པ་བྱ་བའི་སྔགས་སུ་བསྟན། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཀྴ་ཁ་ཁ་ཁཱ་ཧཱི་ཁཱ་ཧི། བཛྲ་ཡཀྴ་དེ་བ། མ་ཧཱ་བེ་ཏ་ཁཱ་ཧི་ཁཱ་ཧི་ཁ་ཁ་ཁ། ཨོཾ་མ་ཧཱ་ཀཱ་ལ་ཤྲཱི་ཕུད་ཤན་ཏིང་། སྤུར་སྤུར་ཏིང་ཕུར། མ་ཧཱ་ཀཱ་ལ་བཛྲ་ནི་ཕུར། ད་ཧ་ད་ཧ་ཕུར་སྭཱ་ཧཱ། དེ་སྐད་དྲག་ཏུ་བསྟབ་པའི་སྔགས་སུ་བསྟན། །ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་པེས་དྷྲི་ཛཿཧཱུཾ་བཾ་ཧོཿ། འབྱམས་ན་སྟོན་པའི་སྔགས་སུ་བསྟན། །ཨོཾ་ནཱི་ལཾ་བྷ་ར། བཛྲ་ཡཀྴ་མ་ཧཱ་ཀཱ་ལ་ཤྲཱི་ཡོན། ཡོ་ཡོ་ནི་དན་ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི་ཀི་སྟྭཾ་བྷ་ནན་སྭཱ་ཧཱ། མགོན་པོ་གཟིར་བའི་སྔགས་སུ་བཤད། །ཨོཾ་མ་ཧཱ་ཀཱ་ལ་ཤཱནྟིཾ། ཤར་ཏི་ཀུ་ར་ས་ན་མ་ཧཱ་ཀཱ་ལ། མི་ཆེ་གེ་མོ་དང་ཐང་ལྷར་ཕྱེ། གློ་དང་གློ་བའི་རྟགས་ཐོན། རུས་པའི་ཁབ་ཀྱིས་གློ་སྙིང་ཟང་མར་ཕུག །ལྷ་དང་ཕྱེ་བའི་སྔགས་སུ་བཤད། ། ་ཤཾ་ཡཀྴ་དེ་བཾ་ཀཱ་ལ་བ་ཀྲ། གྲིབ་བིན་ཙན་ཀ་མ་བག་སི་ན་མི་དང་ཡུལ་ལྷར་ཕྱི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་རཀ་བེ་ཙ་ལེ་མུ་ལ་རྐ་རྐ་གིང་ཀ་ར་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཐུཾ་རི་ལི་ལི་སརྦ་ཀཱ་མ་ར་ཙ་ཡ་མཱ་ར་ཡ་རྦད། དུ་མི་ཙ་ལ་མཱ་ར་ཡ་སྲེག་སྲེག་ཤིག་ཤིག་ཁྱེར་ཁྱེར། མ་ཧཱ་ཀཱ་ལ་སི་ཏི་རྦད། ཆེ་གེ་མོ་དང་སུ་ཕྱེ། དུན་སྒྲི་པྲ་དྲ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཨོཾ་བྷན་དྷ་བ་སུ་དང་། དེ་བས་ཡིག་རྦུད། སརྦ་བྲད་ཏྲ་མུ་ཏྲི་རཾ་ཛ་ཏ་ལ་རྦུད། མ་ཧཱ་ཀཱ་ལི་རཀྴ་ཤ་ཀུ་རུ་པ་ནི་མཱ་ར་ཡ་རྦད། ཨོཾ་མ་ཧཱ་ཀཱ་ལ་སརྦ་དུཥྚཱན། སརྦ་གས་ཏྲོ་ཏྲ་ན་ཕཊ། ཧྱ་ཧྱ་ཧྱ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཨོཾ་ཏྲི་ཤ་དྲུ་རོ་ཏྲ་ཏི།


DNG024_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཐུཾ་རིལ་བདག་ལ་གནོད་པར་བྱེད་པ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། དེ་ནི་མགོན་པོ་ནང་འགྲས་ན་ཕ་རོལ་དང་དབྱེ་བས་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཆེ་གེ་མོ་མཱ་ར་ཡ་གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། ལས་ཀྱིས་གསོད་པའི་སྔགས་སུ་བསྟན་པའོ། །ཨོཾ་ཙཎྜ་མ་ཧཱ་ཀཱ་ལ་ཤྲཱི་སྙིང་ཨི་དཾ་གྲྀཧྣ་སྭཱ་ཧཱ། ཞི་ཚུལ་གཏོར་མ་དབུལ་བའོ། །དེ་ལྟར་གསང་སྔགས་རིམ་པ་ཀུན། །གྲངས་སུ་བཟླས་དང་དུས་སུ་བཟླས། །རྟགས་དང་སྦྱར་ཅིང་བཟླས་པར་བྱ། །དྲག་དང་ཤིན་ཏུ་དྲག་པ་དང་། །རིང་དང་ཐུང་བར་བཟླས་པར་བྱ། །བོར་དང་གདགས་དང་གཞུག་པ་དང་། །སྔགས་ཀྱི་མཐའ་བསྒྱུར་མཁས་པར་སྤྱོད། །བཞག་དང་བླང་དོར་གདགས་པ་དང་། །དྲིལ་དང་གཏོར་དང་དགབ་པ་དང་། །ཟློག་དང་ངར་རྣམས་གདགས་པ་དང་། །དེ་བཞིན་མཁས་པས་ཚད་མར་དབབ། །འགྲོ་འོང་སྔགས་ཀྱི་ཚད་མ་ཡིས། །སྔགས་རྣམས་མ་ནོར་གཏན་ལ་དབབ། །བཟློག་དང་དཀྲུག་དང་འཁོར་ལོ་བསྐོར་ལ་མཁས་པས་བསྐོར། །འབྲུ་མིག་ནལ་ཅང་ཐེ་ཚོམ་བསྒྲལ། །ཅེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། མགོན་པོ་སྔགས་ཀྱི་ལེའུ་སྟེ་བཞི་བཅུ་ཐམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དམ་མི་བཀྲལ་ཅིང་དཔོན་སློབ་བཀུར། །མཆེད་ལ་བརྩེ་བྱ་བདེ་གཤེགས་བཀའ། །ཁྱད་དུ་མི་གསད་འདའ་མི་བྱ། །སེམས་ཅན་ཀུན་ལ་བྱམས་སེམས་བསྐྱེད། །བྱང་ཆུབ་སེམས་ནི་མི་སྤང་ཞིང་། །ཆོས་རྣམས་ཀུན་ལ་སྨད་མི་བྱ། །མ་སྨིན་པ་ཡི་གང་ཟག་ལ། །མགོན་པོའི་གསང་བ་མི་བསྒྲག་ཅིང་། །ཕུང་པོ་ལྷ་ལ་བརྙས་མི་བྱེད། །ཆོས་ཉིད་སོམ་ཉི་མི་ཟ་ཞིང་། །གདུག་པ་ཅན་ལ་བྱམས་མི་བྱ། །མིང་མེད་ཆོས་ལ་མི་བརྟག་ཅིང་། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་ཀྱི་སུན་ནི་མི་དབྱུང་ཞིང་། །མདོར་ན་སེམས་ཆོས་རྣམས་ཀྱིས་ཡང་། །དམ་ཚིག་རིམ་པ་གང་ཡིན་པ། །མ་ཉམས་བསྲུང་བ་མཆོག་ཏུ་བསྔགས། །ཤེས་རབ་མི་སྨད་དེ་བཞིན་དུ། །དྲང་དང་ཤེས་པར་བསྒྲུབ་བྱ་ཞིང་། །མི་གཡེལ་མི་བཤུག་དམིགས་པ་མིན། །འཁོར་བར་བསྔགས་བསམ་མི་བྱ་ཞིང་།


DNG024_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པའི་བསམ་པ་ཀུན་ཏུ་སྤང་། །ཞེ་སྡང་མི་བསྐྱེད་སེམས་མི་དཀྲུག །འཁོར་བར་སྒྱུ་མར་རབ་དམིགས་པས། །ཆགས་པ་མེད་པས་གདུག་པ་བསྒྲལ། །སྙིང་རྗེ་ཆེན་པོས་ཀུན་བླང་ཞིང་། །སྡང་བ་མེད་པས་གདུག་པ་བསྒྲལ། །སྣང་སྲིད་ལྷ་རུ་རབ་དམིགས་ཏེ། །ཡེངས་པ་མེད་པས་གདུག་པ་བསྒྲལ། །བསྟན་པ་བསྲུང་བར་རབ་དམིགས་ཏེ། །རང་འདོད་མེད་པས་གདུག་པ་བསྒྲལ། །འོད་གསལ་ཆེན་པོར་རབ་དམིགས་ཏེ། །གཏི་མུག་མེད་པས་གདུག་པ་བསྒྲལ། །ཁམས་གསུམ་སྐྱོན་དུ་རབ་དམིགས་ཏེ། །ང་རྒྱལ་མེད་པས་གདུག་པ་བསྒྲལ། །འགྲོ་བ་འཁྲུལ་པར་རབ་དམིགས་ཏེ། །ཕྲག་དོག་མེད་པར་གདུག་པ་བསྒྲལ། །ཐིག་ལེ་ཆེན་པོར་རབ་དམིགས་ཏེ། །སྤྲོས་པ་མེད་པར་གདུག་པ་བསྒྲལ། །རྫས་རྣམས་ཚང་མར་ཚོགས་བྱ་ཞིང་། །སྔགས་རྣམས་ནོར་དུ་མི་རུང་ངོ་། །འཁོར་ལོ་འཁྲུགས་པར་མི་བྱ་ཞིང་། །ལས་རྣམས་ནོར་དུ་མི་རུང་སྟེ། །རང་རེ་གཞན་ལ་མངོན་མི་བྱ། །དམ་ཚིག་གཅིག་ལ་སྔགས་མི་བཟླས། །ཁེ་དྲག་འཕྱར་ཀ་སྤངས་བྱས་ལ། །གསང་སྤྱོད་བརྟེན་ཏེ་བསྒྲུབ་པར་བྱ། །ཞེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། བསྲུང་བ་མན་ངག་གི་ལེའུ་སྟེ་ཞེ་ གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མགོན་པོ་སྒྲུབ་པའི་མི་རྣམས་ཀྱིས། །དམ་ཚིག་ཐུབ་པར་མ་བསྲུངས་ན། །གདོན་དང་ལོག་འདྲེན་སྣ་ཚོགས་འབྱུང་། །ཚེ་ཐུང་ནད་མང་ནོར་ཡལ་ནས། །ཕྱི་མ་ངན་འགྲོ་དམྱལ་བར་འགྲོ། །ཚེ་འདིར་མི་མཐུན་འབྱུང་པོ་ནི། །མཚོན་འཁྲུག་ནང་དམེ་ཚ་བའི་ནད། །དུག་དང་ཐོག་དང་ལྕེ་འབབ་དང་། །རིམས་དང་མཛེ་དང་ཤ་ཡ་དང་། །འབྲུམ་བུ་ཤུ་བ་བལ་ནད་དང་། །སེར་བ་མཚོ་ཉམས་གཟི་ཆུང་ཞིང་། །ལོངས་སྤྱོད་ལ་སོགས་ཉམས་པ་དང་། །དགྲ་དང་བགེགས་རྣམས་ལངས་པ་དང་། །མི་མཐུན་བར་ཆོད་སྣ་ཚོགས་འབྱུང་། །གཞན་ཡང་འཁོར་བར་ཡུན་རིང་གནས། །མི་བདེ་སྡུག་བསྔལ་རབ་ཏུ་འཕེལ། །དེ་ཕྱིར་དམ་ལ་གནས་པར་བྱ། །ཞེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། དམ་ཚིག་དང་མི་ལྡན་པའི་རྒྱུད་བཅངས་ནས་བསྒྲུབ་ན། ཉེས་དམིགས་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།


DNG024_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་དག་བཤད་བྱ་བ། །རྒྱུད་འདི་བཅངས་པའི་ཡོན་ཏན་གྱིས། །ཚེ་རིང་དགྲ་རྣམས་རྒྱུན་ཆོད་དེ། །ཟོར་གྱི་ལས་ཀྱིས་དགྲ་རྣམས་ནི། །གཟེར་ནང་གླང་ཐབས་སྨྱོ་འབོག་དང་། །རོ་རྒྱབ་འགས་ཤིང་འཆི་བར་འགྱུར། །ཕུར་པ་དག་གིས་བཏབས་པས་ནི། །ཐོག་འཐབ་ཀླད་གཟེར་མགོ་འགས་དང་། །རོ་རྒྱབ་འགས་ཤིང་འཆི་བར་འགྱུར། །གཟེར་དང་རེངས་པས་རླག་པར་བྱེད། །བརྒྱབས་པས་ནད་ཀྱང་དེ་བཞིན་ནོ། །བསྲེགས་པས་བསད་དང་ཐབ་ཀྱིས་ནི། །རིམས་ནད་ཚ་བའི་ནད་ཀྱིས་འཆི། །མནན་པས་བསད་པའི་ལས་ཀྱིས་ནི། །བྱིང་དང་རྨུགས་པས་མྱོས་ཏེ་འཆི། །དེ་བཞིན་བརྒྱལ་དང་ལྐུགས་པར་བྱེད། །ཐུན་གྱིས་ཚེ་དབང་སྲོག་དང་བྲལ། །དེ་བཞིན་མི་མཐུན་སྦྱོར་བ་ཡིས། །བགེགས་དང་དགྲ་རྣམས་ཚར་གཅོད་ནས། །བདེ་སྤྱོད་དགེ་སྦྱོར་སྤེལ་བར་བྱེད། །ཕྱི་མར་རིག་འཛིན་གྲལ་དུ་འགྲོ། །ཚེ་དང་བཀྲ་ཤིས་གཟི་བརྗིད་ལྡན། །ནུས་དང་ལྡན་ཞིང་བདེ་བ་ཐོབ། །ཐལ་བའི་དབང་དང་མཐུ་མཉམ་ཞིང་། །བརྟུལ་ཞུགས་དྲག་པོས་བསྟན་པ་སྐྱོང་། །འགྲོ་བ་དཀར་པོའི་མགོན་དུ་ཡོད། །ཅེས་པས་མགོན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། དམ་ཚིག་ལྡན་པའི་རྒྱུད་འདི་བཅངས་པའི་ཡོན་ཏན་བརྗོད་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་དཔལ་མགོན་པོ་ནག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་སངས་རྒྱས་གཙོ། །ལེགས་སོ་ལེགས་སོ་བཅོམ་ལྡན་འདས། །བདེན་པ་ཉིད་ལ་དགོངས་ནས་ནི། །ཀུན་རྫོབ་བསྟན་པ་སྲུང་དོན་དུ། །ཕྱི་རབས་དོན་དུ་ང་ཡི་རྒྱུད། །བཤད་པ་བཅོམ་ལྡན་ཁྱོད་ལེགས་སོ། །ངས་ཀྱང་དམ་ལ་གནས་ནས་ནི། །རྣལ་འབྱོར་དམ་ལྡན་གྲོགས་བྱའོ། །ཁྱེད་ཀྱི་བཀའ་ལས་མི་འདའ་བར། །བདག་གིས་བཅོལ་བའི་ལས་སྒྲུབ་བོ། །གལ་ཏེ་དམ་ལ་འདས་པ་ན། །སྒྲུབ་པོ་ཉིད་ཀྱང་རླག་པར་བྱེད། །དེ་ཕྱིར་དམ་ལས་མ་འདའ་ཞིག །ཅེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། ཕྱི་རབས་ལ་གཏད་པ་དང་། ཡི་རང་བའི་ལེའུ་སྟེ་ཞེ་བཞི་པའོ།། །།བཅོམ་ལྡན་གཙོ་བོས་བཀའ་སྩལ་པ། །རྒྱུད་འདི་མཚན་ནི་སྨོས་ཏེ་སྤྱད། །


DNG024_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ཁྱོད་ཀྱི་མཐུ་རྩལ་དང་། །ནུས་པ་རྒྱུད་ལ་ཡོད་པ་ལྡན། །སྐྱེས་བུ་ཁྱོད་ཀྱི་མཐུ་རྩལ་ནི། །སྲིད་པ་གསུམ་ལ་བྷྱོས་འདེབས་ཤིང་། །ཁམས་གསུམ་དབང་དུ་སྡུད་པར་བྱེད། །འདོད་ཁམས་འཁྲུག་ཅིང་ཟིལ་གྱིས་གནོན། །སྟོང་གསུམ་གཞན་དུ་འཕེན་པར་བྱེད། །འབྱུང་པོ་ཀུན་གྱི་རྒྱུན་ལམ་གཅོད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འདེབས། །རི་བོ་ལྟོ་རུ་ཟ་བར་བྱེད། །དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིང་། །ཁྱོད་ཀྱིས་གད་མོ་རྒོད་པ་ནི། །གཤེ་བའི་གད་མོས་ལྷ་རྣམས་བརྒྱལ། །བདུད་དང་མུ་སྟེགས་དངངས་པར་བྱེད། །ཤི་ལ་ཐུག་པར་བརྒྱལ་བར་འགྱུར། །ངོ་མཚར་གད་མོས་དབང་དུ་སྡུད། །མ་མོའི་ཚོགས་རྣམས་ཡིད་ཀྱང་འཕྲོག །ཧཱུཾ་སྒྲས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་སྟོང་གསུམ་དུས་གཅིག་སྒྲོལ། །ཕེཾ་ཕེཾ་ཕེཾ་གྱིས་འཇིག་རྟེན་གཡོ། །གཡོ་བ་ཐམས་ཅད་དབང་དུ་སྡུད། །བིང་གི་སྟོབས་ནི་གློག་དང་འདྲ། །སྟོང་གསུམ་དུས་གཅིག་ཁྱབ་པར་འགྲོ། །མངོན་ཤེས་ལྔ་དང་རབ་ལྡན་ཅིང་། །རྫུ་འཕྲུལ་སྣ་ཚོགས་རབ་བསྟན་ནས། །འགྲོ་བ་ལོག་རྟོག་སྒྲོལ་བར་བྱེད། །མཁའ་འགྲོ་བདུན་གྱི་གཙོ་བོ་སྟེ། །དུར་ཁྲོད་བདུན་གྱི་བདག་པོ་ཡིན། །ལྷ་ཆེན་ཚོགས་ཀྱི་བདག་པོ་སྟེ། །ཞིང་སྐྱོང་དཔའ་བོའི་དམག་དཔོན་བྱེད། །གཤིན་རྗེ་ཀུན་གྱི་རྗེ་བོ་མཛད། །གནོད་སྦྱིན་ཀུན་ཀྱང་བྲན་དུ་འཁོལ། །དེ་ལྟར་ལྡན་པའི་དེད་དཔོན་ཁྱེད། །འཁོལ་ཞིང་སྒྲུབ་པར་བྱེད་པ་ཡི། །རྒྱུད་ཀྱི་དོན་ནི་མེ་ལྕེ་ཕྲེང་། །མེ་ལྕེ་འདྲ་ཕྱིར་ཀུན་སྲེག་ཅིང་། །དམ་ཉམས་སྲོག་རྣམས་ཚིག་པར་བྱེད། །སྲིད་གསུམ་ཉོན་མོངས་སྲེག་བྱེད་ཅིང་། །དེ་དོན་དེ་འདྲ་དུག་དང་འདྲ། །མཚོན་འདྲ་ཕྱིར་ན་ཁྲོ་བོ་སྟེ། །འཇིགས་བྱེད་མེ་འབར་ནག་པོ་ནི། །གསང་ཞིང་བརྗོད་དང་མི་བསྟན་ནོ། །སྦ་ཞིང་བཅངས་ཤིང་སྤྱད་པར་བྱ། །རང་ཉིད་དམ་ལ་གནས་པར་བྱ། །རང་གི་སྲོག་ལྟར་བྱ་བ་སྟེ། །རང་ཉིད་ཆོས་དང་མི་ལྡན་ན། །སླར་ལ་སྦྲང་བུ་མེར་མཆོང་འདྲ། །རང་སྲོག་འཆད་པར་ཐེ་ཚོམ་མེད། །སློབ་དཔོན་སྐུ་དགྲ་ཆོས་འཁོར་འཇིག །དེ་འདྲའི་ཡུལ་ལ་མ་གཏོགས་པ། །གཞན་
སྲོག་འཆད་པར་ཐེ་ཚོམ་མེད། །སློབ་དཔོན་སྐུ་དགྲ་ཆོས་འཁོར་འཇིག །དེ་འདྲའི་ཡུལ་ལ་མ་གཏོགས་ པ། །གཞན་དུ་བྱས་ན་དམ་ཚིག་ཉམས། །ཞེས་པས་མེ་ལྕེ་ཕྲེང་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་རྣམས་རྗེས་སུ་ཡི་རངས་ཏེ་བསྟོད་པ་ཕུལ་ནས། གུས་པས་གཞན་དུ་དེངས་སོ། །མགོན་པོ་མེ་ལྕེ་ཕྲེང་བ་ཞེས་བྱ་བ་ནག་པོ་ཆེན་པོ་དུར་ཁྲོད་བདག་པོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷ་ན་སཾ་སྐྲི་ཏ་དང་། ལོཙྪ་བ་པ་གོར་བཻ་རོ་ཙ་ནས་བསྒྱུར་བའོ།། །།

དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ།


DNG024_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཏནྟྲ་མ་ག་ལ་ཀཱ་ལ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ། དཔལ་ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དུར་ཁྲོད་བསིལ་བའི་ཚལ་ན། ནག་པོ་ཆེན་པོ་འཁོར་མ་མོའི་ཚོགས་དང་བཅས་པ་ལ་ཆོས་སྟོན་ཏེ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ལ་ནག་པོས་གསོལ་པ། བདག་གི་སྐྱེ་རྒྱུད་ཇི་ལྟར་ལགས། །ཁས་བླངས་དོན་ནི་ཇི་ལྟར་ལགས། །རྟགས་དང་མཚན་མ་ཇི་ལྟར་ལགས། །སྒྲུབ་པའི་རྫས་ནི་ཅི་ལ་བྱ། །སྒྲུབ་པའི་དཀྱིལ་འཁོར་ཇི་ལྟར་ལགས། །དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མ་ནི་དུར་ཁྲོད་བེ་ཏ་ལི། །ཕ་ནི་དགའ་རབ་དབང་ཕྱུག་ལ། །མས་བྱིན་ཕྱག་ན་ཐོད་ཁྲག་འཛིན། །ཕས་བྱིན་ཕྱག་གི་གྲི་གུག་ལས། །ཐམས་ཅད་ཀུན་ལ་འཚེ་བར་བྱེད། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །ཁྱི་དང་མི་ནག་ས་གཡོས་དང་། །གྲིབ་གནོན་ལྟ་བུར་འོང་བ་ནི། །ནག་པོ་ཆེན་པོ་གྲུབ་རྟགས་ཡིན། །མོན་སྲན་གྲེའུ་འཛམ་བུ་སྟེ། །ཤིང་ཐོག་རྣམ་པ་སྣ་ཚོགས་དང་། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །བདུག་སྤོས་དྲི་མཆོག་ལྡན་པ་དང་། །


DNG024_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བ་གླང་ཤ་དང་རྟ་ཤ་དང་། །ཁྱི་ཤ་དག་དང་ཤ་ཆེན་དང་། །གླང་ཆེན་ཤ་དང་རྣམ་པ་ལྔ། །གླ་རྩི་དྲི་ཆུ་ཙནྡན་གཉིས། །གོ་རོ་ཙ་ན་སྦྱར་བ་ནི། །དེ་དག་གྲུབ་པའི་དམ་རྫས་ལགས། །ཁྲུ་རེ་བ་ལ་རིམ་པ་གསུམ། །རིམ་བཞིན་ཕྱག་སོར་གསུམ་པའི་ཚད། །དབུས་མིན་པར་ནི་ནག་པོ་སྟེ། །དེ་ཡི་རྒྱར་ནི་ཟླུམ་པོ་སྟེ། །རྒྱར་ནི་ཟུར་གསུམ་དམར་པོར་བྱ། །རྩིབས་བརྒྱད་ཕྱེད་ཆ་ནག་པོར་བྱ། །མུ་ཁྱུད་སོར་གསུམ་དང་པོ་དམར། །གྲི་གུག་དམར་སྐྱའི་ཕྲེང་དང་རིམ། །སྒྲུབ་པའི་དཀྱིལ་འཁོར་དེ་ལྟར་ལགས། །ཕྱག་གི་ཐོད་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤིན་ཏུ་ཟླུམ་ལ་ཚང་ཆག་གཅིག །སྤྱི་བོ་ཅུང་ཟད་འབུར་བ་དང་། །ཤིང་ལོ་གཉིས་དང་ཟིལ་འབྲུར་ལྡན། །གྲི་གུག་མཚན་ཉིད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སོར་བཅུ་རྡོ་རྗེའི་ཡུ་བ་ཅན། །ཡུ་བའི་རྩ་བར་ཧཱུཾ་གནས་པར། །སོ་ནི་ཟླ་ཕྱེད་ལྟ་བུར་བྱ། །ཐང་ཀ་བྲི་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རས་ཆེན་ཤིན་ཏུ་གཉན་པ་ལ། །རོ་ཡི་སྐྲ་ཡིས་ཐིག་བཏབ་ལ། །འོག་ཏུ་རྡོ་རྗེའི་བྲག་སྟེང་དུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི། །དེ་སྟེང་ཞིང་གཉིས་བསྣོལ་མར་བྲི། །ཉི་མའི་དཀྱིལ་འཁོར་སེར་པོར་བྲི། །དེ་སྟེང་སྐུ་ཚད་ཁྲུ་གང་བ། །ཁ་དོག་ནག་པོ་སྤྱན་གསུམ་པ། །མཆེ་བ་ལྷང་ངེར་གཙིགས་པའོ། །རལ་པ་ནག་པོ་གྱེན་དུ་གཡེངས། །བརྒྱ་ཕྱེད་ལྔ་བཅུའི་དོ་ཤལ་བྱས། །ཐོད་པ་ལྔ་ཡི་དབུ་རྒྱན་བྱས། །སྟག་གི་པགས་པས་སྨད་དཀྲིས་ཤིང་། །ནག་པོ་སྦྲུལ་གྱིས་ཡན་ལག་བརྒྱན། །ཁ་ནས་ཁྲག་འཛག་སྤྱན་མིག་དམར། །གཡས་ཀྱིས་གྲི་གུག་ཕྱར་བ་དང་། །ཐོད་པ་སྙིང་གི་ཐད་དཀར་འཛིན། །སྐྲ་ནི་སྟེང་གི་ཕྱོགས་སུ་གཟེངས། །སྙིང་གར་འཁོར་ལོ་རྩིབས་བརྒྱད་ལ། །དབུས་ནི་གྲུ་གསུམ་ཉི་མར་བཅས། །དེ་དབུས་རྡོ་རྗེ་གྲི་གུག་བྲི། །ཕུར་བུའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུར་ཁྲོད་ཤིང་ངམ་སེང་ལྡིང་ལ། །མ་ཧཱ་ཀཱ་ལའི་སྐུ་བྱའོ། །རབ་ཏུ་གནས་པ་ཇི་


DNG024_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨ་ལས་བྱུང་བའི་ཐོད་པ་ལྔ། །ནག་པོའི་ཕྱག་གི་ཐོད་པ་བསྡིམ། །མདུན་དུ་ནག་པོ་ཆེན་པོ་བསྐྱེད། །སྔགས་སྟོང་བཟླས་ལ་རབ་གནས་བྱ། །ཧཱུཾ་ལས་བྱུང་བའི་གྲི་གུག་ལ། །ཡུ་བའི་ཧཱུཾ་ལས་འོད་ཟེར་འཕྲོས། །སླར་འདུས་ནག་པོ་ཆེན་པོར་བསྐྱེད། །རང་བཞིན་མགོན་པོ་སྤྱན་དྲང་གཞུག །དེ་ནས་སྔགས་བཟླས་རབ་གནས་བྱ། །ཐང་ཀ་རབ་ཏུ་གནས་པ་ལ། །དང་པོ་ཚད་ལྡན་དཀྱིལ་འཁོར་བརྩིགས། །དམ་རྫས་སྣ་ཚོགས་འབྱོར་པ་བསགས། །ནག་པོ་བསྐྱེད་ལ་སྔོན་བསྙེན་བྱ། །འབུམ་དྲུག་བཟླས་ནས་སྤྱན་དབྱེ་བ། །ཨོཾ་མ་ཧཱ་ཀཱ་ལ་ཙཀྵུ་པ་ལམ་ཧྲི། ཞེས་བརྗོད་དོ། །དེ་ནས་རང་ཉིད་དེར་བསྐྱེད་དོ། །རང་བཞིན་མགོན་པོ་བཞུགས་པར་བྱ། །དེ་ནས་ཟི་རའམ་ཉུང་དཀར་ལ། །འབུམ་བཟླས་ནས་ནི་རབ་གནས་བྱ། །ཕུར་བུ་རབ་ཏུ་གནས་པ་ལ། །ཡི་གེ་ཧཱུཾ་ལས་ནག་པོར་བསྐྱེད། །རང་བཞིན་མགོན་པོ་སྤྱན་དྲང་གཞུག །དེ་ནས་སྔགས་ཀྱིས་རབ་གནས་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཀཱི་ལ་ཡ་ཕཊ། སྟོང་རྩ་བརྒྱད་ཀྱིས་བཏགས་པ་བརྗོད། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། གླེང་གཞི་དང་རྟེན་རབ་ཏུ་གནས་པའི་ཆོ་ག་བསྟན་པའི་ལེའུ་སྟེ་དང་པོའོ།། །།ལྷ་བསྐྱེད་པ་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་བྷྲཱུཾ་ལས་གཞལ་ཡས་ཁང་། །ཟུར་གསུམ་ཟུར་དུ་སྒོ་ཡོད་པ། །ཞིང་གི་ཀ་གདུང་གྲབ་དྲལ་ལ། །ཐོད་པ་སྐམ་རློན་རྩིག་པར་ལྡན། །གྲི་གུག་ཡུ་ཅན་མེ་རིས་མཚན། །དེ་ཡི་འོག་ཏུ་རྡོ་རྗེ་བྲག །མཐིང་ནག་ཤིན་ཏུ་གཏམས་པའི་སྟེང་། །དེ་སྟེང་གྲུ་གསུམ་ཟླ་གམ་གསུམ། །འཁོར་ལོ་རྩིབས་བརྒྱད་མཐིང་ག་ལ། །གྲི་གུག་མཐིང་གའི་ར་བས་བསྐོར། །དེ་སྟེང་རོ་གཉིས་བསྣོལ་སྟེང་དུ། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །བདག་ཉིད་ཐུགས་ཀར་ཧཱུཾ་བྱུང་ནས། །ཉི་མའི་སྟེང་དུ་གནས་པར་བསམ། །དེ་ལས་གྲི་གུག་ཧཱུཾ་གིས་མཚན། །འོད་དུ་ཞུ་ནས་མགོན་པོར་གྱུར། །མདོག་ནག་གཟུགས་


DNG024_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་གཟི་བརྗིད་ཆེ། །ཁ་ནས་ཁྲག་ཆེན་ཁྲོས་ཙམ་ན། །རང་གི་ཡན་ལག་ཤ་གཅོད་བྱེད། །ཁྲག་གི་རྒྱུན་ཡང་འཇིབ་པར་བྱེད། །སློབ་དཔོན་ལ་སྨོད་བསྟན་ལ་སྡང་། །དམ་ཚིག་ལ་འཆོལ་མཚམས་མེད་བྱེད། །དེ་རྣམས་མགོར་གནས་རྣམ་ཤེས་བཟའ། །གཡས་ན་གྲི་གུག་གཡོན་ཐོད་ཁྲག །སྟག་ལྤགས་རློན་པས་སྨད་དཀྲིས་ཤིང་། །གཏུམ་པ་སྤྱན་གསུམ་གསུས་པ་འཕྱང་། །ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན། །མཆེ་བ་གཙིགས་ཤིང་སྤྱན་མིག་བཟློག །སྐུ་ལ་ནག་པོ་གྲངས་མེད་འཕྲོ། །དེ་ཡི་ཐུགས་ཀར་དཀྱིལ་འཁོར་བསམ། །དེ་སྟེང་ཉི་སྟེང་གྲི་གུག་ལས། །རྡོ་རྗེའི་རྩ་བར་ཧཱུཾ་གནས་ལ། །འོད་འཕྲོས་རང་བཞིན་མགོན་པོ་དགུག །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པ། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་བཞུགས། །ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར། །གཞན་གྱི་ཁྱད་པར་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནག་པོ་ཆེན་པོ་ཁྱོད་ཉོན་ཅིག །སྔར་བཤད་པ་ཡི་དཀྱིལ་འཁོར་དུ། །དབུས་སུ་ནག་པོ་ཆེན་པོ་ནི། །དྲག་བྱེད་ཚུལ་དུ་བསྐྱེད་བྱས་ནས། །རྩིབས་བརྒྱད་ལ་ནི་གོ་རིམ་ བཞིན། །གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མོ་དང་། གཤིན་རྗེ་བེ་ཅོན་མ་དང་། གཤིན་རྗེ་དུས་མཚན་མོ་དང་། གཤིན་རྗེ་ལྕགས་ཀྱུ་མོ་དང་། གཤིན་རྗེ་ཞགས་པ་མོ་དང་། གཤིན་རྗེ་ལུ་གུ་རྒྱུད་མ་དང་། གཤིན་རྗེ་འབེབས་པ་མ་དང་། དུར་ཁྲོད་མ་མོ་འདི་དག་ཀྱང་། །གཡས་ན་གྲི་གུག་མཚན་མ་དང་། །ཕྱག་གཡོན་ན་ནི་ཐོད་ཁྲག་འཛིན། །གཞན་མ་ཆ་ལུགས་གཙོ་དང་མཚུངས། །དེ་ཡི་ཕྱི་རིམ་བརྒྱད་པོ་ལ། །གདན་གྱི་སྟེང་དུ་བསམ་བྱ་བ། །ལས་ཀྱི་གཤིན་རྗེ་བརྒྱད་པོ་ནི། །ཤར་ཕྱོགས་སུ་ནི་ཡ་བ་ཏི། །ལྷོ་ཕྱོགས་སུ་ནི་རྒྱལ་པོའོ། །ནུབ་ཕྱོགས་སུ་ནི་ཏེལ་པ་སྟེ། །བྱང་གི་ཕྱོགས་སུ་གླང་མགོ་ཅན། །བྱང་ཤར་རལ་པ་ཚར་དགུ་སྟེ། །ནུབ་བྱང་གཤིན་རྗེ་རྨིག་པ་བསམ། །ལྷོ་ནུབ་གཤིན་རྗེ་


DNG024_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱ་སངས་བསྐྱེད། །ཤར་ལྷོ་མཚམས་སུ་མིག་དམར་དགོད། །དེ་དག་ཁ་དོག་སྔོ་སྐྱ་ལ། །གྲི་དང་ཐོད་པ་ཐོགས་པའོ། །སྤྱན་དྲང་ཆོ་ག་གོང་དང་མཚུངས། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལྷ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།དབང་བསྐུར་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔར་བཤད་པ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བཤམས་བྱས་ལ། །ནག་པོ་ཆེན་པོ་སྤྱན་དྲངས་ལ། །དེ་ཡི་མདུན་དུ་བསྙེན་པ་ནི། །འབུམ་དུ་བྱས་ནས་སྤྱན་ཕྱེ་ལ། །སྔར་བཤད་པ་ཡི་བྲིས་སྐུ་རྟེན། །དེ་ལ་གྲི་གུག་ཐོད་པ་དང་། །ཐང་ཀས་དབང་བསྐུར་ཚོགས་ལ་བཤད། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། །།ནག་པོའི་ལྷ་རྒྱུད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐུ་དང་གསུང་དང་ཐུགས་ཀྱི་ནི། །ལྷ་རྒྱུད་བསྟན་གྱིས་མཉན་པར་གྱིས། །ཧཱུཾ་སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་བདག །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །ཧཱུཾ་མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་ཐོད་པ་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཧཱུཾ་ཁྲོས་པའི་ཞབས་བརྡབས་ས་གཞི་གཡོས། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལྷ་རྒྱུད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།གཏོར་མའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷ་ནི་མཉེས་པར་བྱེད་པ་དང་། །བར་ཆད་ཞི་བར་བྱ་བའི་ཕྱིར། །གཏོར་མ་བཤད་ཀྱིས་མཉན་པར་གྱིས། །


DNG024_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལས་བྱུང་བའི་ཐོད་པ་ཡི། །ནང་དུ་སྔར་བཤད་རྫས་རྣམས་བསམ། །འོག་ཏུ་ཡཾ་ལས་རླུང་བསམ་ལ། །དེ་སྟེང་རཾ་ལས་མེ་འབར་བས། །གཏོར་མའི་སྟེང་དུ་ཉི་མ་བསམ། །དེ་སྟེང་ཧཱུཾ་ལས་གྲི་གུག་བསམ། །དེ་ལས་འོད་ཟེར་གཉིས་སུ་འཕྲོས། །འོག་མས་གཏོར་མ་བདུད་རྩིར་བསྒྱུར། །རླུང་གིས་མེ་སྦར་ཐོད་པ་བསྲོས། །སྔོ་དང་དམར་དང་དཀར་པོར་བསྒྱུར། །དེ་ནས་སྟེང་གི་འོད་ཟེར་གྱིས། །རང་བཞིན་གྲུབ་པའི་བདུད་རྩིར་གྱུར། །གྲི་གུག་ཉི་བཅས་འོད་དུ་ཞུ། །དེ་ནས་སྔགས་འདི་བརྗོད་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡཱ་ཛྙཱ་ན་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུཾ་ཧཱུཾ་མ། དེ་ནས་སྔགས་ཀྱིས་དབུལ་བར་བྱ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། གཏོར་མའི་ཆོ་ག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།སྔགས་རྣམས་ཐམས་ཅད་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལས་རྣམས་ཐམས་ཅད་འགྲུབ་པར་བྱེད་པ། དྲག་བྱེད་ཐམས་ཅད་གནོན་པར་བྱེད་པ། བགེགས་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་སྒྲོལ་བར་བྱེད་པ། སེར་བ་ཐམས་ཅད་གཅོད་པར་བྱེད་པ་དང་། ཆར་པ་དབབ་པ་དང་། བཅད་པ་དང་། ཡི་དྭགས་སྐྲོད་པ་དང་། མ་མོ་དང་འབྱུང་པོ་ཐམས་ཅད་དབང་དུ་སྡུད་པ་དང་། རིག་སྔགས་རྦོད་གཏོང་གཅོད་པ་དང་། ནག་པོ་ཆེན་པོའི་སྙིང་པོ་དང་འབོད་རྦད་བསད་གསུམ་གྱི་སྙིང་པོ་དང་། འཁོར་ལོའི་སྔགས་བརྗོད་པར་བྱ་ཡིས་ཉོན་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཨུ་པ་ཀཱ་རི་ནི། ཨེ་ཥཱ་པཤྩི་མ་མ་ཀཱ་ལོ་྅་ཡ་མི་དཾ་རཏྣ་ཏྲ་ཡཱ་ཡ་ཨུ་པ་ཧ་རི་ཎི་ཡ་ཏི་པྲཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲིཧྞ། བྷནྡྷ་བྷནྡྷ། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ་ས་དྭ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ་ཡཀྵེ་ཡཙྪ་ནི་ར་མ་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྟྲཱིཿཝིཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཀ་ཧ་ན་ཧཱུཾ་ཕཊ། ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །།ཐུགས་དམ་བསྐུལ་བ་ཇི་ལྟར་ལགས། །


DNG024_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནག་པོ་ཆེན་པོ་ལས་ལ་བསྐུལ་བ་ནི། །ང་ཡིས་བཤད་ཀྱི་ཁྱོད་ཀྱིས་ཉོན། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་སྲུང་བར་སྐྱེད་བྱེད་པ། །ནག་པོ་ཆེན་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །རལ་པ་ནག་པོ་གྱེན་དུ་གཡེང་། །སྟེང་གི་ལྷ་ཚངས་འཇིགས་པར་བྱེད། །སྤྱན་བགྲད་ལྗགས་འདྲིལ་བར་གྱི་ལྷ་གདོན་བསྡིག །གཡས་པ་གྲི་གུག་གནོད་སེམས་ཅན་ལ་སྡང་། །གཡོན་པ་ཐོད་ཁྲག་གནོད་སེམས་ཁྲག་གང་གསོལ། །ཞབས་བརྡབ་གནོད་སེམས་ཅན་གྱི་ལས་ལ་ཉིད། །གང་གི་དཀོན་མཆོག་གསུམ་ཁྲོ་དང་། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་གིས་བསྒོ་བ་ཀུན་ཁུག་ལ། །ལིངྒ་འདི་ལ་མྱུར་དུ་ཆུག །འདི་ཡི་ཤ་ཟོ་ཁྲག་འཐུང་ལ། །རུས་པ་ཀླད་པ་ནང་རོལ་ཟོ། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བོ་ཀུན་དང་ཕྲོལ་ལ་ཐོང་། །བདག་གིས་བསྒོ་བ་མ་ཉན་ན། །ནག་པོ་ཁྱེད་ནི་ཉམས་པར་འགྱུར། །ཞེས་བསྐུལ་ལོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། བསྐུལ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ལིངྒ་བཅའ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འབྲུ་ནག་སྣ་ཚོགས་ཕྱེ་མ་ལ། །ཚ་བ་གསུམ་གྱིས་གཟུགས་བརྙན་བྱ། །དུག་དང་སྐེ་ཚེ་ལན་ཚྭ་དང་། །རྒྱ་ཚྭ་ཁ་ཚྭ་རྩབས་རུ་ཚྭ། །སྔགས་དང་དགྲ་མིང་སྤེལ་ལ་བྲི། །ཤི་ཀའི་ཁྲག་དང་མྱོས་བྱེད་ཀྱིས། །ཁྱད་པར་དུ་ཡང་དགྲ་མིང་བྲི། ། འཁོར་ལོ་རྩིབས་བརྒྱད་བྲིས་ནས་ནི། །རྩིབས་དང་རྩིབས་བར་རྣམས་ལ་ནི། ། སྙིང་པོ་དགྲ་མིང་སྤེལ་ལ་བྲི། །མུ་ཁྱུད་འཁོར་བར་སྔགས་རིང་དང་། །བསད་བཅས་སྔགས་དང་དགྲ་མིང་སྤེལ། །དྲིལ་ནས་སྙིང་གར་གཞུག་པར་བྱ། །དེ་ནས་འབོད་རྦད་བསད་གསུམ་ནི། །སྟོང་རྩ་བརྒྱད་ཀྱི་བར་དུ་བརྗོད། །དེ་ནས་ནག་པོ་གྲངས་མེད་འཕྲོས། །གྲི་གུག་གིས་ནི་ལུས་བཀུག་ནས། །སྔགས་ཀྱི་ལིངྒ་དག་ལ་གཞུག །སྙིང་པོའི་སྔགས་ཀྱི་འོད་ཟེར་གྱིས། །སེམས་


DNG024_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་ནས་ནི་སྙིང་གར་གཞུག །དེ་ནས་སྔར་བསྟན་བསྐུལ་བ་བྱ། །ནག་པོ་ལས་ནི་ནག་པོ་འམ། །ཡང་ན་དངོས་པོ་སོང་བས་ནི། །ཕུང་པོ་ལྷག་མ་དེ་བཀུག་ནས། །སྔ་མ་འཁྲུལ་འཁོར་དེ་ལ་གཞུག །སྔགས་དང་དགྲ་མིང་སྤེལ་ལ་བྲི། །སྔར་བཤད་པ་ཡི་དཀྱིལ་འཁོར་དུ། །དུར་ཁྲོད་ཤིང་དང་ཕུབ་མ་ལ། །པདྨ་འཛག་པའི་རཀྟ་དང་། །ཚིལ་ཆེན་གུ་གུལ་ནག་པོ་དང་། །དྷ་དུ་ར་ཡི་འབྲས་བུ་བསྲེགས། །གདུང་ལ་ཚེར་མས་ཚིགས་རྣམས་དགང་། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལིངྒ་བཅའ་བ་དང་ཁ་སྦྱོར་གྱི་ཆོ་ག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།སྦྱིན་བསྲེག་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔར་བཤད་པ་ཡི་ཐབ་ཁུང་དུ། །གནག་ཅིང་རྩུབ་པའི་ཤིང་བརྫངས་ནས། །ལིངྒ་གཡས་སུ་བཅའ་བར་བྱ། །འབྲས་བུ་རྣམ་པ་སྣ་ཚོགས་དང་། །དུག་གི་རིམ་པ་ཅི་འབྱོར་དང་། །ལྕགས་སམ་ཐོད་པར་བླུགས་ནས་ནི། །མཆོད་པའི་རྫས་དང་གཡོན་དུ་དགྲམ། །མགོ་ལས་བྱས་པའི་དགང་བླུགས་དང་། །ཚིལ་ཆེན་ཞུན་མར་མདུན་དུ་དགྲམ། །དེ་ནས་སྔགས་པས་མཉམ་གཞག་པས། །སྔར་བཤད་པ་ཡི་ཆོ་ག་ཡིས། །དགྲ་བགེགས་བཀུག་ལ་གཟུགས་ལ་བཅུག །དེ་ནས་ཕྱག་གི་གྲི་གུག་གིས། །སྔགས་བརྗོད་ནས་ནི་གཏུབ་པར་བྱ། །དེ་ནས་ཐབ་ཁུང་དེ་ཉིད་དུ། །ཡཾ་ལས་རླུང་དང་ཉི་མ་དང་། །དེ་སྟེང་རཾ་གྱིས་བཞུ་ནས་ནི། །གྲི་གུག་ཧཱུཾ་གིས་མཚན་པར་གྱུར། །དེ་ལ་མེ་ལྷ་བསྒོམ་པ་ནི། །མདོག་ནག་གདོང་བཞི་ལག་པ་བཞི། །གཡས་ཀྱི་དང་པོ་གྲི་གུག་ལ། །གཡོན་པ་ན་ནི་ཐོད་པ་བསྣམས། །འོག་གཉིས་བེ་ཅོན་རིལ་པའོ། །སྙིང་གར་ཧཱུཾ་དང་ལྕེ་ལ་རཾ། །སྙིང་གར་ཧཱུཾ་ལས་འོད་ཟེར་འཕྲོས། །རང་བཞིན་གནས་ནས་སྤྱན་དྲང་བཞུགས། །དེ་ནས་མེ་སྦར་རིམ་བཞིན་མཆོད། །ཨོཾ་ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། དེ་ཡི་ཐུགས་ཀར་ནག་པོ་བསམ། །མཆོད་པ་ཕུལ་ཏེ་སྲེག་པའི་སྔགས། །སྔགས་དང་


DNG024_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒ་རེ་རེ་ལྡན། །ཨོཾ་མ་ཧཱ་ཀཱ་ལ་ཆེ་གེ་མོ་སརྦ་ཤ་ཏྲཱུ་ཏུ། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། ཡང་ན་སྔར་བསྟན་སྔགས་ཀྱིས་དབུལ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། སྦྱིན་སྲེག་གི་ལེའུ་སྟེ་དགུ་པའོ།། །།ནག་པོ་ཆེན་པོས་གསོལ་པ། མནན་པའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མནན་པའི་ཆོ་ག་བཤད་པར་བྱ། །ཐིག་བཞི་པ་ལ་རེ་མིག་དགུ། །ཐིག་སྐོར་གཉིས་ཀྱིས་བསྐོར་བ་བྲི། །དེ་ནས་ཡི་གེ་བྲིས་ནས་ནི། །རྩ་བའི་སྔགས་ནི་དབུས་སུ་བྲི། །བར་མའི་ཆ་ལ་སྙིང་པོ་བྲི། །ཐ་མར་ཉེ་བའི་སྙིང་པོ་བྲི། །འཁོར་ལོ་རྩིབས་བརྒྱད་བྲིས་ནས་ནི། །འབོད་རྦད་གཉིས་ནི་རྩིབས་བར་དགོད། །ཡི་གེ་བཞི་དང་སྙིང་པོ་ནི། །མིང་དང་སྤེལ་ནས་ནང་ཆ་ལ། །བསད་པ་བརྒྱད་ནི་ཐད་ཀ་སྟེ། །ཐིག་ལེས་དེ་དག་འཁོར་བར་བྱ། ། རབས་ཆད་ཐོད་པ་གཡས་གཡོན་ལ། །བྲིས་ནས་དེ་ནང་ལིངྒ་གཞུག །དེ་ནས་ཉི་མ་བདུན་གྱི་བར། །སྦྱོར་བ་བཞི་ཡི་ཆོ་ག་བརྩམ། །དེ་ནས་ཉི་མ་དང་པོ་ལ། །ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཆེ་གེ་མོ་པྲ་མོ་ཡཾ་ཀུ་རུ་ཧཱུཾ་ཕཊ། ཉི་མ་གསུམ་པ་ལ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་རཀྟ་ཙ་ར་ཡ་ས་ཡ་ཧཱུཾ་ཕཊ། ཉི་མ་བཞི་པ་ལ། ཡཀྵེ་ཡཙྪ་ནི་ར་མ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཡ་བ་ཏི་དང་ཕྱྭ་སངས་དང་། གཤིན་རྗེ་འབེབས་པ་མ་རྣམས་ནི་བསྒྲུབ་བྱའི་འཁོར་དུ་བཅུག་པའོ། །གླང་མགོ་ཅན་དང་། རྨིག་པ་གཤིན་རྗེ་ཕོ་ཉ་མོ། གཤིན་རྗེ་མཆེ་བ་མོ་རྣམས་ནི། བསྒྲུབ་བྱ་སྨྱོ་རུ་བཅུག་པའོ། །གཤིན་རྗེ་རལ་པ་དང་ཆོས་ཀྱི་རྒྱལ་པོ་དང་། གཤིན་རྗེ་ལྕགས་ཀྱུ་མ་དང་། གཤིན་རྗེ་ཞགས་པ་མོ་རྣམས་ནི། བསྒྲུབ་བྱ་ཁྲག་ཏུ་སྐྱུག་པའོ། །རལ་པ་ཚར་དགུ་དང་། མིག་དམར་དང་། གཤིན་རྗེ་མཚན་མོ་ནག་མོ་དང་། དུས་མཚན་ནག་མོ་རྣམས་ནི་གསོད་པའི་ལས་བྱེད། ཉི་མ་ལྔ་པ་ཡི་གེ་བཅུ་པའོ། །ཉི་མ་དྲུག་པ་ལ་ཡི་གེ་བདུན་པའོ། །དེ་དག་ནི་བསད་པའི་ལས་ལ་སྦྱར་བའོ། །


DNG024_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་བདུན་པ་ལ་ནག་པོ་ཆེན་པོའི་སྔགས་བརྗོད་ནས་དུར་དུ་སྦ་བའམ། ཡང་ན་ཉི་མ་བཞིར་བྱས་ནས་དུར་དུ་སྦས་ནས་རྒྱུད་མི་ལུས་པར་འགྱུར་རོ། །འཁོར་ལོ་རྩིབས་བརྒྱད་བྱས་ནས་ནི། །ཀླུ་བརྒྱད་བྲིས་ནས་བར་དུ་བཅུག །ཀླུ་ཡོད་གནས་སུ་སྦས་གྱུར་ན། །དེ་ནི་ལོ་ལས་མི་འདའ་བར། །གང་ལ་བྱ་བ་འཆི་བར་འགྱུར། །ཁྲི་འཕང་བརྒྱད་པའི་མཆོད་རྟེན་དུ། །ལིངྒ་ལོག་ནས་བཅུག་བྱས་ཏེ། །རྩ་བའི་སྔགས་ཀྱང་གཞུག་བྱས་ན། །དེ་ཡང་གོང་དང་འདྲ་བར་འགྱུར། །གང་འདོད་ཡུལ་གྱི་ལྷ་རྟེན་གནས། །ནག་པོ་བསྐྱེད་ལ་གཏོར་མ་སྦྱིན། །སྔོན་བཤད་བསྙེན་པ་ཚང་བར་བྱ། །ཡུལ་འདིར་སེར་བ་མྱུར་དུ་ཕོབ། །བསྒོས་ན་སེར་བ་འབེབས་པར་བྱེད། །དེར་ནི་གཏོར་མ་གཏེར་དུ་སྦས། །ཡུལ་ལྷའི་སྙིང་གར་ཕུར་བུས་གདབ། །དེས་ནི་ཐེ་ཙོམ་སོམ་ཉི་མེད། །སྔོན་བསྙེན་གོང་དུ་སོང་བ་ཡིས། །མང་པོ་སྤུ་ཅན་དཀྱིལ་འཁོར་སྔགས། །སྟོང་ངམ་ཁྲི་ཕྲག་བསྙེན་པ་བྱ། །དེ་ནས་ར་རུ་གཡས་པ་རུ། །འབུམ་ཕྲག་བཟླས་ནས་ཉུང་དཀར་བསགས། །ཁ་གཅོད་ནས་ནི་གནས་སུ་སྦ། །ཨོཾ་ཀྲི་ལི་ཤག་སེར་དྲིལ་བྷྱོ། ཨོཾ་ཛ་ཏི་ཥེ་ཤར་པོ་དྲིལ་བྷྱོ། ཨོཾ་པྲ་མ་ཡ་ཀར་ཀྲི་ཕེབ་བྷྱོ། དེ་ནས་མི་རྐང་སྒྱེད་པུའི་སྟེང་དུ་མནོལ་ཐོད་བཙུག །དེ་ཡི་ནང་དུ་འོ་མ་དང་། སྔོ་ཁུ་དང་། དུག་ཁྲག་སྣ་ཚོགས་བསྐོལ། རབས་ཆད་ཐོད་པས་ཁ་བཅད། འོག་ཏུ་དུག་མེ་འབུད། ཨོཾ་བོར་མའི་སྔགས་བྱ། ར་གསོབ་གདབ། སྐྱེར་ཕུར་ལྔ་ལ་འོག་དང་ལོགས་ལ་ཨོཾ་ལྔ་བྲིས་ལ་བསྲུངས་སུ་བཙུག །རྦད་བསྐུལ་བྱ། ཁྱི་ཡི་ཐོད་པ་ལ་སྔ་མའི་སྦྱོར་བ་བྱས་ལ་ཁང་སྨད་དུ་སྦས་ན་གང་བསྒོ་བ་འགྲུབ་པོ། །ཐལ་བའི་ཉུང་དཀར་ལ་བཟླས་ཏེ་གཏོར་ན་སེར་བ་ཆད་པར་འགྱུར་རོ། །དེ་ནས་དུར་ཁྲོད་ཤིང་རས་ལ། །དུག་དང་སྔ་མའི་རྫས་རྣམས་ཀྱིས། །འཁོར་ལོ་རྩིབས་བརྒྱད་གཉིས་བྲིས་ལ། །རྩིབས་ལ་མ་གཤིན་བཅུ་དྲུག་བྲི། །དབུས་སུ་དགྲ་ཡི་མིང་རུས་སྦྲུལ། །ནག་པོ་མགོ་བདུན་ཡོད་པས་དཀྲིས། །དེའི་ཁར་ནི་ཡི་གེ་


DNG024_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཁ། །དེ་རྒྱབ་སྔར་བཤད་སྔགས་ཀྱིས་བསྐོར། །དེ་ནས་ལིངྒའི་བར་བཅུག་ལ། །ཁ་སྦྱར་བྱས་ལ་ཐོད་པར་གཞུག །དུག་གིས་བྱུག་ལ་སྔགས་ཀྱིས་གདབ། །སྦྲུལ་དང་སྦལ་བ་ལྕོང་མོའི་ཤ །དུག་ལ་བསྲེག་ཅིང་བདུག་པར་བྱ། །ཕུར་བུས་བཏབ་ནས་ཀླུ་འམ་ནི། །ས་བདག་མགུལ་བསྐྱེད་གསུམ་པ་ཡི། །བར་དུ་སྦས་ནས་རིམས་ཀྱིས་འཛིན། །མཛེས་འཛིན་པ་ལ་ཐེ་ཚོམ་མེད། །སྤོག་པའི་ཆོ་ག་ནི། སྔ་མའི་རྫས་རྣམས་ལ་ལིངྒ་བྱས་ཏེ། སྙིང་གར་མིང་རུས་བཅུག་ནས། དུར་ཁྲོད་ཀྱི་མེ་ལ་བདུག་ཅིང་། སྔགས་ཟློག་ནས་བཟླས་ན་ངེས་པར་འགྱུར་རོ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལས་སྦྱོར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།སྔགས་རྣམས་བཏུ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་རྣམས་བཏུ་བ་མ་བྱས་ན། །དོན་རྣམས་ལོག་པར་འགྲོ་བར་འགྱུར། །སྔགས་རྣམས་སྤྲོ་བར་མ་བྱས་ན། །དངོས་གྲུབ་འགྲུབ་པར་ཡོངས་མི་འགྱུར། །སྔགས་རྣམས་བསྲེ་བར་མ་བྱས་ན། །རང་དགར་འཇུག་པ་ཉིད་དུ་འགྱུར། །དེས་ན་སྔགས་རྣམས་ངས་བཏུ་ཡིས། །ནག་པོ་ཆེན་པོ་ཉན་པར་གྱིས། །དྲུག་པའི་དང་པོ་དང་། ལྔ་པའི་ལྔ་པ་དང་། དྲུག་པའི་གཉིས་པ་དང་། དབྱངས་ཡིག་གཉིས་པ་དང་སྦྱར་བ་དང་། གཉིས་པའི་གསུམ་པ་ལ། དབྱངས་ཡིག་གཉིས་པ་སྦྱར་བ་དང་། བདུན་པའི་གསུམ་པ་དང་། བཞི་པའི་གསུམ་པ་ལ། དབྱངས་ཡིག་བཅུ་གསུམ་པ་སྦྱར་བ་དང་། ལྔ་པའི་ལྔ་པ་ལ། དབྱངས་ཡིག་བཅུ་གཅིག་པ་སྦྱར་བའོ། །དྲུག་པའི་དང་པོ་གཉིས་སུ་བགྲང་བ་དང་། ལྔ་པའི་ལྔ་པ་ལ། དབྱངས་ཡིག་བཅུ་གཅིག་པ་གནན་པའོ། །བཞི་པའི་གསུམ་པ་ལ། དབྱངས་ཡིག་བཅུ་གསུམ་པ་དང་ལྡན་པ་དང་། དྲུག་པའི་གཉིས་པ་ལ། དབྱངས་ཡིག་ལྔ་དང་ལྡན་པ་དང་། གསུམ་པའི་ལྔ་པ་དང་། དེ་ནས་རླུང་གི་ས་བོན་སྦྱིན། དབྱངས་ཡིག་བཅུ་གསུམ་པ་སྦྱོར་བ་དང་། བཞི་པའི་གསུམ་པ་ལ། དེ་ནས་རླུང་གི་ས་བོན་སྦྱིན། དྲུག་པའི་དང་པོ་དང་། བཞི་པའི་གསུམ་པ་དང་། དེ་ནས་རླུང་གི་ས་བོན་སྦྱིན། དབྱངས་ཡིག་བཅུ་གསུམ་སྦྱིན་པ་དང་།


DNG024_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་ལྔ་པ་ལ། དབྱངས་ཡིག་གསུམ་པ་སྦྱར་བ་དང་། །དེ་ནས་མེ་ཡི་ས་བོན་སྦྱིན། །རླུང་གི་ས་བོན་དེ་བཞིན་ནོ། །དེ་ནས་ཡི་གེ་ཐ་མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་སྦྱར། །དེ་ནས་རླུང་གི་ས་བོན་མཆོག །དྲུག་པའི་དང་པོ་མཆོག །དེ་ནས་ཡི་གེ་ཐ་མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་སྦྱིན། །དེ་ནས་རླུང་གི་ས་བོན་ལ། །གཉིས་པའི་དང་པོ་གཉིས་གཅིག་ཏུ་བགྲང་བ་དང་། བཞི་པའི་ལྔ་པ་ལ། དབྱངས་ཡིག་གསུམ་ལས་དབྱེ་བའོ། །དེ་ནས་མེ་ཡི་ས་བོན་ལ། དབྱངས་ཡིག་གཉིས་པ་དང་སྦྱར་བའོ། །ལྔ་པ་ལ་ཡང་ལྔ་པ་ལ། དེ་ནས་རླུང་གི་ས་བོན་སྦྱིན། དང་པོ་རྣམ་པར་སྣང་མཛད་བཞག །ལྔ་པའི་གཉིས་པ་ལ། གསུམ་པའི་དང་པོ་ལན་གཉིས་བརྗོད་པར་བྱའོ། །སེམས་ཀྱི་ས་བོན་བར་དུ་རྩ་བའི་སྔགས་བཏུ་བའོ། །བདུན་པའི་བཞི་པ་ལ། དབྱངས་ཡིག་བཞི་པ་སྦྱར་བ་དང་། །མེ་ཡི་ས་བོན་འོག་ཏུ་སྦྱིན། །དེ་ནས་བཅུ་དྲུག་ཐ་མའོ། ། བདུན་པའི་གཉིས་པ་ལ། བཞི་པའི་དབྱངས་ཡིག་གིས་སྦྱར་ཏེ། །གསུམ་པའི་དང་པོ་ལ། མེ་ཡི་ས་བོན་འོག་ཏུ་གདགས་པར་བྱའོ། །དེ་ནས་དྲུག་པའི་མཐར་གདགས་པར་བྱའོ། །དྲུག་པའི་བཞི་པ་ལ། དབྱངས་ཡིག་བཞི་པ་སྦྱར། དང་པོའི་དང་པོ་ལ། དབྱངས་ཡིག་བདུན་པ་སྦྱར། བཞི་པའི་དང་པོ་དང་། དབྱངས་ཡིག་གཉིས་པ་སྦྱར། བཞི་པའི་ལྔ་པ་ལ་ནི། བློ་དང་ལྡན་པས་ལན་གཉིས་བརྗོད། །ཡེ་ཤེས་ལྔ་ལྡན་དང་པོར་བཞག །ཡ་མ་བརྒྱད་ཀྱི་ས་བོན་ལ། །དབྱངས་ཡིག་དྲུག་པ་དང་ལྡན་པ། །སྤྱི་བོ་རུ་ནི་ཐིག་ལེས་བརྒྱན། །ལྔ་པའི་གཉིས་པ་དང་། གསུམ་པའི་དང་པོའོ། །སྙིང་པོའི་སྔགས་བཏུ་བའོ། །དྲུག་པའི་དང་པོ་དང་། ལྔ་པའི་ལྔ་པ་ལ། དབྱངས་ཡིག་གཉིས་པས་དབྱེ་བའོ། །བཞི་པའི་དང་པོ་དེ་ཉིད་ལས་ལྔ་པའི་དང་པོ་དགོད་དོ། །དང་པོའི་དང་པོ་དང་། ཐོག་མར་རྣམ་སྣང་ས་


DNG024_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བོན་སྦྱིན། དྲན་པ་དེ་བཞིན་མཐར་སྦྱིན་ན། །དྲག་པོའི་མཐར་གདགས། ཡེ་ཤེས་ལྔ་ལྡན་དང་པོར་དགོད། བདུན་པའི་དང་པོ་འོག་ཏུ་མེ་ཡི་ས་བོན་སྦྱིན། དབྱངས་ཡིག་གསུམ་པས་གནན་པར་བྱ། ལྔ་པའི་ལྔ་པ་དང་། མཐར་གནས་པ་ཡི་བཞི་པ་དང་། དང་པོའི་དང་པོ་དང་། ཨནྟསྠའི་གསུམ་པ་དང་། དྲན་པའི་མཐར་ནི་གསོད་བྱེད་གདགས། །སྙིང་པོའི་སྔགས་བཏུ་བའོ། །རྣམ་སྣང་ས་བོན་དང་པོར་སྦྱིན། ལྔ་པའི་ལྔ་པ་དང་། མཐར་གནས་པའི་བཞི་པ་དང་། དང་པོའི་དང་པོ་དང་། ཨཱནྟསྠའི་གསུམ་པ་དང་། ཨནྟསྠའི་དང་པོ་དང་། མཐར་གནས་པ་ཡི་དང་པོ་དང་། མཐར་གནས་པ་ཡི་གསུམ་པ་དང་། གསུམ་པའི་བཞི་པའི་མཐའ་མ་གཉིས། ལྔ་པའི་དང་པོ་དང་། མཐར་གནས་པ་ཡི་བཞི་པ་དང་། །མ་ནིང་བཞི་ཡི་དང་པོ་དང་། །བཞི་པའི་མཐའ་མ་ལ་དབྱངས་ཡིག་བཅུ་གཅིག་པ་སྦྱར་བ་དང་། དབྱངས་ཡིག་བཅུ་གཅིག་ཐ་མ་ལ། །མཐར་གནས་པ་ཡི་གཉིས་པ་ལ། །གསུམ་པའི་དང་པོ་འོག་ཏུ་གདགས། །དབྱངས་ཡིག་གསུམ་པས་མནན་པ་དང་། །ཡང་ན་ཡི་གེ་བཞི་པའི་སྒྲ། དྲུག་པ་དང་པོ་དང་། ལྔ་པའི་ཐ་མ་དང་། དབྱངས་ཡིག་གསུམ་པས་མནན་པ་དང་། བཞི་པའི་གཉིས་པ་ལ། བཞི་པའི་དང་པོ་གདགས་པ་དང་། བཞི་པའི་དང་པོ་ལ། འོག་ཏུ་མེའི་ས་བོན་སྦྱིན། དེ་ནས་བཞི་པའི་དང་པོ་ལ། བཞི་པའི་མཐའ་མ་གཞག་པར་བྱ། །ཡང་ན་བཞི་པའི་དང་པོ་ལ། །འོག་ཏུ་མེ་ཡི་ས་བོན་གདགས། །ཨནྟསྠའི་དང་པོ་དང་། ལྔ་པའི་དང་པོ་དང་། མཐར་གནས་པ་ཡི་བཞི་པ་དང་། མ་ནིང་བཞི་པའི་གཉིས་པ་དང་། གསུམ་པའི་མཐའ་མ་ལ། ལྔ་པའི་མཐའ་མ་བཞག །ཨནྟསྠའི་དང་པོ་དང་། བཞི་པའི་དང་པོ་ལ། དབྱངས་ཡིག་གསུམ་པ་བཞག་པའོ། །ལྔ་པའི་དང་པོ་ལ་འོག་ཏུ་མེའི་ས་བོན་གདགས། བཞི་པའི་དང་པོ་ལ། དབྱངས་ཡིག་གསུམ་པ་བཞག་པ་དང་། །དེ་ནས་གཉིས་པའི་གསུམ་པ་བརྗོད། །མཐར་གནས་པ་ཡི་གསུམ་པ་ལ། །ལྔ་པའི་ཐ་མ་འོག་ཏུ་གདགས་པ་དང་།


DNG024_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཨནྟསྠའི་གཉིས་པ་དང་། མཐའ་གནས་པ་ཡི་གསུམ་པ་ལ། དབྱངས་ཡིག་གསུམ་པ་སྦྱར་བ་དང་། གསུམ་པའི་དང་པོ་ལ། དེ་ཡི་མཐའ་མར་ལྡན་པ་དང་། དེ་ནས་དབྱངས་ཡིག་གསུམ་པ་དང་། གསུམ་པའི་གསུམ་པ་ལ། ལྔ་པའི་ལྔ་པས་མཚན་པ་དང་བཞི་པའི་གསུམ་པ་ལ། དབྱངས་ཡིག་ལྔ་པ་སྦྱར་བ་དང་། མཐར་གནས་པའི་དང་པོ་ལ། དང་པོའི་གཉིས་པ་ལན་གཉིས་བརྗོད་པ་དང་། དེ་ནས་དང་པོའི་གཉིས་པ་ལན་གཉིས་བརྗོད་པ་དང་། མཐར་གནས་པའི་བཞི་པ་ལ། དབྱངས་ཡིག་གསུམ་པས་མཚན་པ་གཉིས་དང་སྤེལ་བར་བྱའོ། །སྡེ་ཚན་ལྔ་པའི་ལྔ་པ་དང་། དྲུག་པའི་གཉིས་པ་དང་། དབྱངས་ཡིག་གཉིས་པའི་ཐ་མ་དང་། སྡེ་ཚན་དང་པོའི་གསུམ་པ་ལ། མེ་ཡི་ས་བོན་འོག་ཏུ་སྦྱིན། །དབྱངས་ཡིག་གསུམ་པས་བརྒྱན་པར་བྱ། །གསུམ་པའི་ཐ་མ་རིང་པོར་བྱ། དེ་ནས་ལྔ་པའི་བཞི་པ་དང་། གསུམ་པའི་གསུམ་པ་རིང་པོར་བྱ། བཞི་པའི་གསུམ་པ་དང་། མཐར་གནས་པ་ཡི་བཞི་པ་དང་། ལྔ་པའི་དང་པོ་དང་། གཉིས་པའི་དང་པོ་དང་། དེ་དག་གཉིས་གཉིས་སྤེལ་ཏེ་བརྗོད། བཞི་པའི་གསུམ་པ་ལ། དབྱངས་ཡིག་གསུམ་པ་སྦྱར་བ་དང་། གསུམ་པའི་ཐ་མ་དང་། ལྔ་པའི་ཐ་མ་དང་། དབྱངས་ཡིག་བཅུ་གཅིག་པ་སྦྱར་བ་དང་། དང་པོའི་དང་པོ་ལ། དབྱངས་ཡིག་བཅུ་གཅིག་པ་དང་བཅུ་གཉིས་པ་སྦྱར་བ་དང་། དེ་བཞིན་བཞི་པའི་ཐ་མ་བཞག །སེམས་ཀྱི་ས་བོན་སྐྲོད་པ་མཐར། །འབོད་རྦད་བསད་གསུམ་སྔགས་བཏུ་བའོ། །རང་ བྱུང་སྔགས་ལ་བཏུ་བ་མེད། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། སྔགས་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ནག་པོ་ཆེན་པོས་གསོལ་པ། ནག་པོ་ཆེན་པོའི་དམ་ཚིག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །དམ་ཚིག་བཤད་ཀྱི་ཉན་པར་གྱིས། །ནག་པོ་ཆེན་པོའི་དཀྱིལ་འཁོར་དུ། །དབང་མ་བསྐུར་བས་མི་སྒྲུབ་ཅིང་། །གྲི་གུག་དང་ནི་ཐོད་པ་དང་། །ཕུར་བུ་དང་ནི་ཐང་ཀ་དང་། །སུ་ལ་བསྟན་པར་མི་བྱ་སྟེ། །རྡོ་རྗེ་སློབ་དཔོན་མི་སྨད་ཅིང་། །གསང་བ་ལས་ནི་བརྙས་མི་བྱ། །ནག་པོའི་
རྒྱུད་དང་དམ་རྫས་ནི། །སྣོད་མིན་པ་ལ་བསྟན་མི་བྱ། །ནག་པོའི་གྲུབ་རྟགས་བྱུང་གྱུར་ན། །ལས་ལ་སྦྱར་བ་མ་བྱས་ན། །ནག་པོའི་དམ་ཚིག་ཉམས་གྱུར་ཏེ། །སྔགས་པ་དེ་ནི་འཆི་བར་ འགྱུར། །བསྒྲལ་བའི་ཞིང་དུ་མ་གྱུར་པའི། །སྐྱེ་བོ་རྣམས་ལ་བྱས་གྱུར་ན། །ནག་པོའི་དམ་ཚིག་ཉམས་གྱུར་ཏེ། །སྒྲུབ་པ་པོ་རང་གནོད་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། དམ་ཚིག་བསྲུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ནག་པོ་ཆེན་པོ་འཁོར་དང་རྗེ་དང་བཅས་པ་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ནག་པོ་ཆེན་པོའི་རྒྱུད་རྟོགས་པ་བཅུ་གཉིས་པ་ཞེས་བྱ་བ་རྫོགས་སོ།། །།བླ་མ་ནག་པོ་རོ་འཛིན་དང་། གྱི་ལྗང་བུ་དཀར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

མན་ངག་བརྩེགས་པ་གྲི་གུག་གི་རྒྱུད།


DNG024_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མནྟྲ་ཨསྣ་ཀ་ཏ་ཛ་ཏནྟྲ། བོད་སྐད་དུ། མན་ངག་བརྩེགས་པ་གྲི་གུག་གི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཁོར་གདོན་ཚོགས་ཆེན་པོ་དང་། ཐབས་ཅིག་ཏུ་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། དེའི་ཚེ་དེའི་དུས་ན་ལྕང་ལོ་ཅན་གྱི་ཕོ་བྲང་དུ་གདོན་ཚོགས་པ་ཆེན་པོ་དང་བཅས་ཏེ། དཔལ་མགོན་པོ་ནག་པོ་དེས་སྐྱེ་བ་མང་དུ་བརྒྱུད་དེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམ་བཞི་བསྐྱོང་བར་ཐུགས་དམ་དུ་བཞེས་སོ། །དེའི་ཚེ་ཕྱག་ན་རྡོ་རྗེས་རྡོ་རྗེ་སེམས་དཔའ་ལ་ཕྱི་རབས་ཀྱི་དོན་དུ་རྒྱུད་འདི་བཤད་དུ་གསོལ། ཞེས་ཞུས་པས། ངས་བཤད་པར་བྱ་ཡིས་ཉོན་ཅིག །ལེའུ་དང་པོས་གླེང་གཞི་བཤད་པར་བྱ། ལེའུ་གཉིས་པས་རྒྱུད་ཇི་ལྟར་འབྱུང་བ་བཤད་པར་བྱ། ལེའུ་གསུམ་པས་མདོས་བསག་པའི་ཐབས་བཤད་པར་བྱ། ལེའུ་བཞི་པས་ལྷ་བསྒོམ་པའི་ཐབས་བསྟན། ལེའུ་ལྔ་པས་སྤྱན་དྲང་པ་བསྟན། ལེའུ་དྲུག་པས་


DNG024_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དབུལ་བ་བསྟན། ལེའུ་བདུན་པས་མདོས་གཏང་བ། ལེའུ་བརྒྱད་པས་སྦྱིན་བསྲེག་བྱ་བ། ལེའུ་དགུ་པས་ཟོར་འཕང་བ། ལེའུ་བཅུ་པས་སྔགས་བཟླས་པ་བསྟན། ལེའུ་བཅུ་གཅིག་པས་འཁོར་ལོ་བྲི་བ་བསྟན། ལེའུ་བཅུ་གཉིས་པས་གནན་པ་བྱ་བ་བསྟན། ལེའུ་བཅུ་གསུམ་པས་སེར་བ་དབབ་པ་བསྟན་པ། ལེའུ་བཅྭོ་ལྔ་པས་ཀླུ་ལ་གཏད་པ་བསྟན་པ། ལེའུ་བཅུ་དྲུག་པས་སྲིའུ་གསོ་བ་བསྟན་པ། ལེའུ་བཅུ་བདུན་པས་ཀླུས་ཟིན་པ་གསོ་བ་བསྟན། ལེའུ་བཅྭོ་བརྒྱད་པས་གཟུངས་བཏོན་ཅིང་སྨོན་ལམ་གདབ་པ་བསྟན་པ། ལེའུ་བཅུ་དགུ་པས་འཁོར་གྱིས་གཙོ་བོ་ལ་བསྟོད་པ། ལེའུ་ཉི་ཤུ་པས་མགོན་པོ་ལ་བསྟོད་པ། ལེའུ་ཉེར་གཅིག་པས་བརྒྱུད་པའི་རིམ་པ་བསྟན་པའོ། །མ་ཧཱ་ཀཱ་ལའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།རྒྱུད་ཇི་ལྟར་བྱུང་བ་བསྟན་པ་ནི། རིན་པོ་ཆེ་དཔུང་རྒྱན་གྱི་རྒྱུད་དང་། དཔུང་རྣམ་པར་བཀོད་པའི་རྒྱུད་དང་། ཁྲོ་བོ་མེ་འབར་གྱི་རྒྱུད་དང་། རྡོ་རྗེ་རྩེ་མོའི་རྒྱུད་དང་། ཐོད་པ་ནག་པོའི་རྒྱུད། ཆར་སྤྲིན་ནག་པོའི་རྒྱུད། རིན་པོ་ཆེ་དཔུང་བཀོད་པའི་རྒྱུད། འཁོར་ལོ་ནག་པོའི་རྒྱུད། གསང་བ་ནག་པོའི་རྒྱུད་ཀྱང་བཤད་དོ། །མ་ཧཱ་ཀཱ་ལའི་རྒྱུད་ལས། རྒྱུད་ཇི་ལྟར་བྱུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །འདི་དག་སྒྲུབ་པའི་རྣལ་འབྱོར་པས། །མདུན་དུ་ལྷ་རྣམས་སྤྱན་དྲངས་ལ། །བདུན་པོ་རྣམ་དག་བྱས་ནས་ནི། །རང་གིས་སྡོམ་པ་དག་ཀྱང་བཟུང་། །གཞུང་དང་ལྡན་པའི་གནས་དག་ཏུ། །རྒྱུད་ལས་བྱུང་བའི་གསང་སྔགས་འདི། །སུམ་འབུམ་དྲུག་འབུམ་དགུ་འབུམ་བཟླས། །བཟླས་པའི་ཚད་དུ་ཕྱིན་པ་དང་། །ལས་འདི་ཐམས་ཅད་བརྩམ་པས་འགྲུབ། །རྣལ་འབྱོར་དམ་ཚིག་ཉམས་པ་དང་། །གཞན་གྱི་རིག་སྔགས་བྱུང་བ་དང་། །རིག་སྔགས་ཕར་ལ་གཏང་འདོད་ན། །གང་དམིགས་གསོ་བར་འདོད་པ་དེས། །འབྲུ་སྣ་བདུན་གྱི་ངར་ཕྱེ་ལ། །གཟུགས་ནི་ཁྲུ་གང་ཚད་དུ་ཕྱིན། །བཅུ་གསུམ་


DNG024_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་གཟུགས་བྱས་ལ། །རྣབ་ཟེར་རྦབ་ཀྱང་སྐྲ་ལ་ལུང་ཐང་མིག །མགྲོན་བུའི་སོ་ལ་ཞོ་ཤའི་སྙིང་། །གང་དམིགས་གསོ་བར་འདོད་པ་དེའི། །འཕང་བའི་ནོར་ཕོགས་མགུལ་དུ་གདབ། །གཅེས་པའི་གོས་ཕུད་ལུས་ལ་བསྐོན། །དར་ཚོན་སྣ་ལྔའི་རྒྱལ་མཚན་དང་། །བལ་ཚོན་སྣ་ལྔའི་རྒྱལ་མཚན་དང་། །མི་བོ་དེ་ལ་གཟུག་པར་བྱ། །ལུག་ནག་ཁྱི་ནག་གཡག་ནག་དང་། །བྱ་ནག་ཤང་ཤང་རྨ་བྱ་དང་། །སྟག་དང་གཟིག་དང་གླང་པོ་ཆེ། །བཅུ་གསུམ་གཟུགས་སུ་བྱས་པ་རྣམས། །རིན་ཆེན་སྣ་ལྔ་སྡེར་དུ་དགྲམ། །བཙོད་དང་ཞུ་མཁན་རྒྱ་སྐྱེགས་དང་། །འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་དང་། །འཁོར་གྱི་མཁའ་འགྲོའི་རྫས་སུ་བསགས། །དཀར་གསུམ་མངར་གསུམ་སྨན་སྣ་ཚོགས། །འཁོར་གྱི་ཆོས་སྐྱོང་རྫས་སུ་བསགས། །གང་དམིགས་གསད་པར་འདོད་པ་ན། །སྦྲུལ་ནག་གི་ནི་ཆུན་བསྐོར་དང་། །རལ་པ་དམར་ནག་དག་ཏུ་བྱ། །ཚ་བ་གསུམ་ལ་གང་དམིགས་བྲི། །དཔྲལ་བར་རུས་ལ་ཁ་རུ་མིང་། །སྤྱི་བོ་སྙིང་ག་ལྟེ་བ་རུ། །སྤྱི་བོ་སྲོག་གི་སྙིང་པོ་དང་། །ཧ་ན་བཛྲ་ལྟེ་བ་རུ། །གསལ་བའི་མར་མེ་བཏང་ནས་ནི། །སྔགས་ཀྱི་ཕྲེང་བས་བསྐོར་ནས་ཀྱང་། །དུར་ཁྲོད་དག་ཏུ་བསྲེག་པ་ན། །ཚངས་པའི་ཚེ་དང་ལྡན་པ་ཡང་། །མྱུར་བ་ཉིད་དུ་འཆི་བར་འགྱུར། །མ་ཧཱ་ཀཱ་ལའི་ རྒྱུད་ལས། མདོས་བཏང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ལྷ་བསྒོམ་བཤད་པར་བྱ། །ཚད་མེད་སྟོང་པའི་རང་བཞིན་ལ། །ཡཾ་བཾ་རཾ་ལཾ་བྷྲཱུཾ་ལ་སོགས། །ཨཱ་ལི་ཀཱ་ལིའི་འཕྲོ་འདུ་ལས། །ཐིག་ལེ་ཧཱུཾ་གྱུར་རྡོ་རྗེ་སྟེ། །རྡོ་རྗེ་དང་པོའི་མགོན་པོར་བསྒོམ། །སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་། །ཞལ་གསུམ་པ་ལ་ཕྱག་དྲུག་པོ། །ནག་དང་དམར་དང་དཀར་བའི་ཞལ། །རྡོ་རྗེ་འཁོར་ལོ་པདྨ་ནི། །གཡས་ཀྱི་ཕྱག་ཏུ་བསམ་བྱ་ཞིང་། །དྲིལ་བུ་རིན་ཆེན་རལ་གྲི་ནི། །གཡོན་གྱི་ཕྱག་ཏུ་བསམ་བྱ་བར། །སྐུ་གསུང་ཐུགས་དང་ལྡན་པར་བསྒོམ། །དབུ་རྒྱན་ཅོད་པན་དེ་བཞིན་ཏེ། །མཚན་དང་དཔེ་བྱད་དང་ཡང་ལྡན། །དེ་ཡི་མདུན་དུ་བསམ་བྱ་བ། །


DNG024_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ལས་བྱུང་བ་ཡི། །ཧཱུཾ་ཡིག་སྔོན་པོ་བསམ་པར་བྱ། །ཧཱུཾ་ལས་མགོན་པོ་ནག་པོ་བསྐྱེད། །མདོག་ནག་ཤིན་ཏུ་འཇིགས་མཛད་པ། །གསུས་ཁྱིམ་ཆེ་ལ་རྐང་ལག་ཐུང་། །མགྲིན་པ་སྦོམ་ལ་ཞལ་མདོག་ནག །མཆེ་བ་གཙིགས་པ་སྨིན་མཚམས་གཉེར། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །སྐུ་ལ་ཐོད་པ་དག་གིས་བརྒྱན། །དེ་ཡི་སྤྲུལ་པས་འཇིག་རྟེན་གང་། །མཁའ་འགྲོ་ཤུགས་འགྲོའི་ཚོགས་དང་བཅས། །འབྱུང་པོ་ཕྱོགས་སྐྱོང་ཚོགས་བཅས་ཀྱིས། །ཐམས་ཅད་བསྐོར་ ནས་འདུད་པར་བསྐྱེད། །མ་ཧཱ་ཀཱ་ལའི་རྒྱུད་ལས། ལྷ་བསྒོམ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྤྱན་དྲང་བ་བཤད་པར་བྱ་སྟེ། ཧཱུཾ་མགོན་པོའི་ཐུགས་དམ་བསྐང་བ་དང་། །གཞན་གྱི་གནོད་པ་བསལ་བ་དང་། །བདག་གི་ལས་བཅོལ་གྲུབ་པའི་ཕྱིར། །མགོན་པོ་ནག་པོ་སྤྱན་འདྲེན་གྱི། །ཧཱུཾ་བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས། །ཡང་དག་སྐུ་གཅིག་གཤེགས་སུ་གསོལ། །ལྷ་ཆེན་དཔལ་འབར་སྤྱན་འདྲེན་གྱི། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་སྤྱོན་ཆོས་སྐྱོང་མགོན་པོའི་ཚོགས། །དྲི་ཟ་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་ལྷ་རླུང་ལྷ་དང་། །གནོད་སྦྱིན་དབང་ལྡན་ལ་སོགས་པ། །ལྷ་དང་གཤིན་རྗེ་ཆེན་པོ་དང་། །སྲིན་པོ་རོ་ལངས་གསོད་བྱེད་དང་། །ཀླུ་ཡི་བུ་མོ་ཚོགས་བཅས་དང་། །གནོད་སྦྱིན་འབྱུང་པོའི་ཚོགས་དང་བཅས། །ཉི་ཟླ་ས་བདག་ལ་སོགས་པས། །སོ་སོ་རང་རང་གནས་ནས་འདིར་ གཤེགས་ཤིག །མ་ཧཱ་ཀཱ་ལའི་རྒྱུད་ལས། སྤྱན་དྲང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་གཏོར་མ་བཤད་པར་བྱའོ། །འབྲས་ཆེན་ཤ་དང་ཆང་དང་ནི། །མེ་ཏོག་བདུག་པ་བྱུག་པ་དང་། །བདུད་རྩི་ལྔ་དང་ཤ་ལྔ་དང་། །ཁུར་བ་ཤིང་ཐོག་སྣ་ཚོགས་ཀྱིས། །གཏོར་མ་སྦྱིན་པས་མཉེས་པར་བྱ། །མ་ཧཱ་ཀཱ་ལའི་རྒྱུད་ལས། གཏོར་མའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་མདོས་ཀྱི་ཆོ་ག་


DNG024_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱ། །ཧཱུཾ་འབྲུ་སྣ་བདུན་ལས་བྱས་པའི་ངར་གྱི་མི་བོ་ཆེ། །རྦབ་ཟེར་སྐྲ་ལ་ལུང་ཐང་མིག །མགྲོན་བུའི་སོ་ལ་ཞོ་ཤའི་སྙིང་། །གཅེས་པའི་ནོར་ཕོགས་མགུལ་དུ་བཏགས། །ཕོངས་པའི་གོས་ཕུད་ལུས་ལ་བསྐོན། །དར་ཚོན་སྣ་ལྔའི་རྒྱལ་མཚན་བཙུགས། །མཆོད་རྫས་མང་པོ་གྲལ་དུ་བཤམས། །མདོས་ཀྱི་བདག་པོས་མདོས་བཞེས་ཤིག །ཧཱུཾ་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཤིན་ཏུ་མི་བཟད་མ་ཧཱ་ཀཱ་ལའི་སྐུ། །ཤིན་ཏུ་འཇིགས་པའི་སྐུ་མདོག་མཐིང་ནག་ལ། །འཇིགས་པའི་ན་བཟའ་བེར་སྨུག་སྐུ་ལ་གསོལ། །ཐུགས་རྗེ་རྟགས་ཀྱི་ཐོད་པས་སྐུ་ལ་བརྒྱན། །གཡས་ཀྱི་ཕྱག་ན་གཅོད་པའི་གྲི་གུག་བསྣམས། །གཡོན་པ་ཐོད་པ་ཁྲག་གིས་བཀང་བ་འཛིན། །དབུ་སྐྲ་རལ་པའི་ཐོར་ཚུགས་གཅིག་ཏུ་འཁྱིལ། །གདུག་པ་སྦྲུལ་གྱི་ཆུན་པོས་དབུ་སྐྲ་བཅིང་། །སྐུ་མདོག་མཐིང་ནག་འཇིགས་པར་བསྟན་པ་ནི། །དོན་དམ་དབྱིངས་ལས་འགྱུར་བ་མེད་པའི་རྟགས། །སྐུ་ལ་དར་ནག་འཇོལ་བེར་གསོལ་བ་ནི། །ཐུགས་རྗེའི་སྤྲུལ་པས་འགྲོ་དོན་བྱེད་པའི་རྟགས། །ཐོད་པའི་ཕྲེང་བས་སྐུ་ལ་བརྒྱན་པ་ནི། །ཐུགས་རྗེའི་སྤྲུལ་པ་སྣ་ཚོགས་འབྱུང་བའི་རྟགས། །དབུ་སྐྲ་རལ་པ་གཅིག་ཏུ་འཁྱིལ་པ་ནི། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཅིག་པའི་རྟགས། །གདུག་པ་སྦྲུལ་གྱི་ཆུན་པོས་བརྒྱན་པ་ནི། །ཉོན་མོངས་དུག་ལྔ་མ་ལུས་སྤངས་པའི་རྟགས། །གཡས་ན་གཅོད་བྱེད་གྲི་གུག་བསྣམས་པ་ནི། །རྣམ་རྟོག་བག་ཆགས་མ་ལུས་གཅོད་པའི་རྟགས། །གཡོན་ན་ཐོད་པ་ཁྲག་གིས་བཀང་བ་ནི། །རྣམ་རྟོག་ཉོན་མོངས་ཐམས་ཅད་ཟད་པའི་རྟགས། །ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་སྟེ། །ཁྱོད་ཀྱི་ཡོན་ཏན་བསམ་མི་ཁྱབ། །སིངྒ་ལ་ཡི་དུར་ཁྲོད་དུ། །སྲིན་པོ་གནས་པའི་ས་ཕྱོགས་སུ། །ཐུགས་རྗེའི་ཤུགས་ཀྱི་སྤྲུལ་པའི་སྐུ། །གསོད་བྱེད་མ་ཧཱ་ཀཱ་ལ་སྟེ། །དར་ནག་འཇོལ་བེར་སྐུ་ལ་གསོལ། །གསེར་ཀ་རིན་ཆེན་སྐུ་ལ་བཅིངས། །གཡས་ན་ཙནྡན་བིང་ཆེན་བསྣམས། །གསོར་ཞིང་


DNG024_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཀླད་པའི་དཀྱིལ་དུ་བརྡེག །གཡོན་པའི་ཐོད་པ་ཁྲག་གིས་བཀང་། །འབྱུང་པོའི་སྙིང་ཁྲག་དྲོན་མོ་འཐུང་། །ཕྱོགས་མཚམས་སྟེང་འོག་ལ་སོགས་པ། །མ་ཧཱ་ཀཱ་ལའི་ཚོགས་སུ་གཏམས། །སྲིན་པོ་དང་ནི་སྲིན་མོ་རྣམས། །འབྱུང་པོ་ཡི་དྭགས་མ་ལུས་ཀུན། །གསོད་དང་གཟིར་བའི་ལས་རྣམས་ཀུན། །མ་མོ་ཐམས་ཅད་འདུལ་བྱེད་པའི། །ཤིན་ཏུ་བརྗིད་པའི་སྐུ་བྱུང་བའི། །ཕྱི་ཡི་དུར་ཁྲོད་ཆེན་པོ་སྟེ། །བསིལ་བའི་ཚལ་གྱི་གནས་མཆོག་ན། །མཁའ་འགྲོ་མ་ལ་ཤུགས་འགྲོ་མ། །གསོད་བྱེད་མ་མོའི་ཚོགས་ཀྱིས་བསྐོར། །ཞལ་གསུམ་ཕྱག་དྲུག་བརྗིད་པའི་སྐུ། །མཐིང་ནག་འཇིགས་པའི་རྒྱན་གྱིས་བརྒྱན། །དུར་ཁྲོད་ཐོད་པའི་ཕྲེང་བ་དང་། །ཞིང་ལྤགས་འཇོལ་བེར་སྐུ་ལ་གསོལ། །སྦྲུལ་ནག་སྐེ་རགས་སྐུ་ལ་བཅིངས། །དབུ་སྐྲ་གྱེན་དུ་འཁྱིལ་པས་ནི། །སྟེང་གི་ལྷ་རྣམས་འདར་ཞིང་དངངས། །སྦྲུལ་ནག་རྒྱན་གྱིས་བརྒྱན་པ་ནི། །འོག་གི་ཀླུ་རྣམས་འདར་ཞིང་དངངས། །འོད་ཟེར་ཕྱོགས་བཅུར་འཕྲོས་པས་ནི། །ལྷ་དམག་ཀུན་གྱི་དབུགས་འབྱིན་ཅིང་། །ལྷ་མ་ཡིན་གྱི་གཡུལ་རྣམས་བཟློག །ཞལ་གསུམ་ཕྱག་དྲུག་བསྟན་པ་ནི། །མཁའ་འགྲོ་མ་མོ་འདར་ཞིང་དངངས། །ཞིང་ཆེན་གདན་ལ་བཞུགས་པ་ནི། །ཡི་དྭགས་ཚོགས་རྣམས་དབང་དུ་སྡུད། །སྤྱན་རྩ་གྱེན་དུ་བཟློག་པས་ནི། །བར་སྣང་ལྷ་རྣམས་དབང་དུ་སྡུད། །ཤངས་ཀྱི་སྦུག་ནས་ཚུབ་མ་འཕྲོ། །སྟོང་གསུམ་འཇིག་རྟེན་འདར་ཞིང་དངངས། །ལྗགས་ནི་དྲགས་པོའི་གློག་བཞིན་འགྱུ། །སྟོང་གསུམ་འོད་ཀྱིས་འགེངས་པར་མཛད། །མཆེ་བ་ཟང་ཡག་བརྡར་བ་ནི། །ལོག་རྟོག་ཀུན་གྱི་མཚན་མ་འཇོམས། །སྤུ་གྲི་སོ་ཡིས་དགྲ་སྙིང་འགེམས། །གྲི་གུག་འབར་བས་དགྲ་སྲོག་གཅོད། །ཐོད་རློན་འབར་བས་དགྲ་ཁྲག་འཐུང་། །ཙནྡན་བིང་ཆེན་ཕྱར་བ་ཡིས། །དགྲ་བོའི་ཀླད་པའི་རྒྱས་སུ་བརྡེག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དཀོན་མཆོག་དབུ་འཕང་སྨོད་བྱེད་དང་། །ཐེག་པ་ཆེན་པོ་སུན་འབྱིན་པ། །བསྟན་པ་འཇིག་པའི་དབྱེན་བྱེད་དང་། །སློབ་དཔོན་སྨད་པར་བྱེད་པ་རྣམས། །


DNG024_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ་ནི་བསྒྲལ་དུ་གསོལ། །ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ནི། །ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ན། །དྲི་ཟ་སྟོང་གི་ཚོགས་དང་བཅས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཤ་དང་ཁྲག་ནི་ཟ་བྱེད་པའི། །གདུག་པའི་དགྲ་བོའི་སྲོག་གཅོད་པའི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཤར་ལྷོ་མཚམས་ཀྱི་དུར་ཁྲོད་དུ། །དཔལ་ལྡན་མགོན་པོ་ནག་པོ་ནི། །མེ་ལྷ་སྟོང་གི་ཚོགས་དང་བཅས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཤ་དང་ཁྲག་ནི་ཟ་བྱེད་པའི། །གདུག་པའི་དགྲ་བོའི་སྲོག་གཅོད་པའི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྷོ་ཡི་ཕྱོགས་ཀྱི་དུར་ཁྱོད་དུ། །གཤིན་རྗེ་སྟོང་གི་ཚོགས་དང་བཅས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཤ་དང་ཁྲག་ནི་ཟ་བྱེད་ཅིང་། །གདུག་པའི་དགྲ་བོའི་སྲོག་གཅོད་པའི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་དུ། །སྲིན་པོ་སྟོང་གི་ཚོགས་དང་བཅས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཤ་དང་ཁྲག་ནི་ཟ་བྱེད་ཅིང་། །གདུག་པའི་དགྲ་བོའི་སྲོག་གཅོད་པའི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནུབ་ཀྱི་ཕྱོགས་ཀྱི་དུར་ཁྲོད་དུ། །ཀླུ་ཡི་རྒྱལ་པོའི་ཚོགས་དང་བཅས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཤ་དང་ཁྲག་ནི་ཟ་བྱེད་ཅིང་། །གདུག་པ་དགྲ་བོའི་སྲོག་གཅོད་པའི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནུབ་བྱང་མཚམས་ཀྱི་དུར་ཁྲོད་དུ། །རླུང་ལྷ་སྟོང་གི་ཚོགས་དང་བཅས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཤ་དང་ཁྲག་ནི་ཟ་བྱེད་ཅིང་། །གདུག་པ་དགྲ་བོའི་སྲོག་གཅོད་པའི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་གི་ཕྱོགས་ཀྱི་དུར་ཁྲོད་དུ། །གནོད་སྦྱིན་སྟོང་གི་ཚོགས་དང་བཅས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཤ་དང་ཁྲག་ནི་ཟ་བྱེད་ཅིང་། །གདུག་པ་དགྲ་བོའི་སྲོག་གཅོད་པའི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་ཤར་མཚམས་ཀྱི་དུར་ཁྲོད་དུ། །འབྱུང་པོ་སྟོང་གི་ཚོགས་དང་བཅས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཤ་དང་ཁྲག་ནི་ཟ་བྱེད་ཅིང་། །གདུག་པ་


DNG024_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་སྲོག་གཅོད་པའི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགོན་པའི་ནགས་འདབས་དུར་ཁྲོད་དུ། །འཇིགས་བྱེད་མ་མོའི་ཚོགས་དང་བཅས། །དུར་ཁྲོད་མ་མོའི་གཙོ་བོ་མཛད། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །སྐུ་ནི་མཐིང་ནག་འཇིགས་པ་ལ། །རལ་པ་བསིགས་པས་འཇིག་རྟེན་ཁྱབ། །བ་སྤུའི་བུ་ག་ཐམས་ཅད་ལས། །སྡོམ་དང་སྡིག་པའི་སྤྲུལ་པ་འགྱེད། །ཕྲག་པ་གཡས་ནས་དབུ་བྱུང་བ། །དབུ་ནི་ལྷ་ཆེན་འཇོམས་པའི་དབུ། །དབུ་སྐྲ་རལ་པ་བསིགས་པ་ལས། །སེང་ལྡེང་ཕུར་བུའི་སེར་ཆེན་འབེབས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཕྲག་པ་གཡོན་དུ་དབུ་བྱུང་བ། །དབུ་ནི་སྲིན་པོ་འཇོམས་པའི་དབུ། །དབུ་སྐྲ་རལ་པ་བསིགས་པ་ལས། །ཙནྡན་ཕུར་བུ་སེར་ཆེན་འབེབས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཐུགས་ཀྱི་དཀྱིལ་ནས་དབུ་བྱུང་བ། །དབུ་ནི་ཀླུ་ཆེན་འཇོམས་པའི་དབུ། །དབུ་སྐྲ་རལ་པ་བསིགས་པ་ལས། །ཆུ་སྲིན་བྱེ་བའི་སྤྲུལ་པ་འགྱེད། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྟེ་བའི་དཀྱིལ་ནས་དབུ་བྱུང་བ། །དབུ་ནི་གནོད་སྦྱིན་འཇོམས་པའི་དབུ། །དབུ་སྐྲ་རལ་པ་བསིགས་པ་ལས། །ལྕགས་ཀྱི་ཕུར་བུ་སེར་ཆེན་འབེབས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དྲི་ཟ་གཤིན་རྗེ་མེ་ལྷ་དང་། །བདེན་བྲལ་ཆུ་ལྷ་རླུང་གི་ལྷ། །གནོད་སྦྱིན་དབང་ལྡན་ས་བདག་བཅས། །ལྷ་ཡི་ཚོགས་དང་ཀླུ་ཡི་ཚོགས། །སྲིན་པོ་ལ་སོགས་གནོད་སྦྱིན་མ། །ཀླུ་ཡི་བུ་མོའི་ཚོགས་དང་བཅས། །གནོད་སྦྱིན་བུ་མོ་འབྱུང་པོའི་ཚོགས། །ཤ་དང་ཁྲག་ལ་དགའ་བ་དང་། །ཐམས་ཅད་ཀུན་ནས་འདིར་སྤྱོན་ཅིག །མདོས་ཀྱི་བདག་པོས་མདོས་བཞེས་ཤིག །གླུད་ཀྱི་བདག་པོས་གླུད་འདི་ལོང་། །མ་ཧཱ་ཀཱ་ལའི་རྒྱུད་ལས། མདོས་བཏང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་སྦྱིན་སྲེག་བཤད་པར་བྱ། །གང་དམིགས་ལིངྒ་བཅས་པ་དེ། །ལྕགས་ཀྱུས་སྙིང་དྲངས་རླུང་གིས་བཏེགས། །རྣམ་པར་ཤེས་པ་དེ་ལ་བསྡིམ། །རྡོ་རྗེ་ཕུར་པ་དེ་ལ་བརྡེག །བསད་ནས་དེ་ལ་སྦྱིན་བསྲེག་བྱ། །ལས་དང་འཚམས་པའི་ཐབ་ཁུང་དུ། །དེ་དང་མཐུན་པའི་མེ་ལྷ་བསམ། །དེ་ལྟར་མགོན་པོ་བསམ་པ་དང་། །ཚ་བའི་


DNG024_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མར་དང་ཚེར་མ་ཅན་གྱི་ཤིང་། །ཏིལ་ནག་དུག་ཆུས་སྦྲུས་པ་ཡིས། །སྔགས་དང་སྦྱར་ཏེ་བསྲེགས་བྱས་ན། །ཚངས་པའི་ཚེ་དང་ལྡན་པ་ཡང་། །ཚ་བའི་ནད་ཀྱིས་འཆི་བར་འགྱུར། །མ་ཧཱ་ཀཱ་ལའི་རྒྱུད་ལས། སྦྱིན་བསྲེག་གི་ལེའུ་སྟེ་བརྒྱད་པའོ།། །།ད་ནི་ཟོར་འཕང་བ་བཤད་པར་བྱ་སྟེ། །ཐོད་པ་བྱ་རོག་རྗེས་ཅན་དུ། །གང་དམིགས་ལིངྒ་གཞུག་པར་བྱ། །ཁྲག་སྣ་སྟོང་དང་དུག་སྣ་སྟོང་། །ཐོད་པའི་ནང་དུ་བླུག་པར་བྱ། །གཟུངས་ཐག་དག་གིས་གདགས་བྱས་ནས། །མཎྜལ་དབུས་སུ་གཞུག་པར་བྱ། །སྔགས་པ་བདུད་ཆས་དག་ཏུ་ཞུགས། །ངན་སྔགས་དྲག་པོ་བཟླས་བྱས་ལ། །དགྲ་བོའི་གྲོང་ལ་བཏབ་བྱས་ན། །ཚངས་པའི་ཚེ་དང་ལྡན་པ་ཡང་། །སྨྱོ་འབོག་ནད་ཀྱིས་འཆི་བར་འགྱུར། །མ་ཧཱ་ཀ་ལའི་རྒྱུད་ལས། ཟོར་འཕང་བའི་ལེའུ་སྟེ་དགུ་པའོ།། །།ད་ནི་སྔགས་བཤད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་ལ་རུ་ནི། ཀཱ་ཛ་ཛ་ཧཱུཾ། ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་མཱ་ད་རཱ་ཛ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྴ་དེ་བ་མ་ཧཱ་ཀཱ་ལ་ཀྲོ་དྷ་ཧཱུཾ་ཛྷ་ཛྷ་ཛྷ། ཧ་ན་ཧ་ན། མ་ཧཱ་ཀཱ་ལ་ཡ་ཧཱུཾ་ཕཊ། ད་ཧ་ད་ཧ། མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུཾ་ཕཊ། པ་ཙ་པ་ཙ། མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུཾ་ཕཊ། བྷནྡྷ་བྷནྡྷ། མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུཾ་ཕཊ། ཙྪིནྡ་ཙྪིནྡ། མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུཾ་ཕཊ། བྷིནྡ་བྷིནྡ། མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཆེ་གེ་མོ་མཱ་ར་ཡ་ཤ་ཐུན་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་རུ་ལུ་རུ་ལུ་བྷྱོ། མཱ་ར་མཱ་ར་གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན་ཧཱུཾ་ཕཊ། མ་ཧཱ་ཀཱ་ལའི་རྒྱུད་ལས། དྲག་པོ་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འཁོར་ལོ་བཤད་པར་བྱ། །དུར་ཁྲོད་རས་སམ་ཤོག་ཤོག་ལ། །ཡང་ན་རྡོ་སྔོན་དག་ལ་བྲི། །གཟའ་སྐར་འཛོམས་པའི་ཉི་མ་ལ། །དུག་དང་སྐེ་ཚོས་མིང་རུས་བྲི། །འཁོར་ལོ་ཁྲག་ཆེན་དག་གིས་བྲི། །


DNG024_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གང་དམིགས་དགྲ་བོའི་ཁང་ས་ལ། །རྩིབས་ལྡན་མུ་ཁྱུད་གསུམ་ལྡན་བྲི། །རྩིབས་བརྒྱད་དག་ལ་དགོད་པ་ནི། །གཉིས་པོ་ལྔ་དང་ར་རེ་གསུམ། །གང་རས་དག་ལ་མིང་རུས་བྲི། །མཱ་ར་ཤ་ཐུན་ཐ་མ་བསྐོར། །མགྲིན་པར་ཧཱུཾ་ལ་སྙིང་གར་མིང་། །འདོམས་སུ་ཕཊ་རྣམས་བྲི་བར་བྱ། །སྔགས་པ་ལས་སུ་རུང་བ་དང་། །ལྷ་ཁང་དུར་ཁྲོད་ཀླུ་ཡི་གནས། །གནོད་སྦྱིན་གནས་པའི་སར་མནན་ན། །ཚངས་པའི་ཚེ་དང་ལྡན་པ་ཡང་། །གློ་བུར་ནད་ཀྱིས་མྱུར་དུ་འཆི། །མ་ཧཱ་ཀཱ་ལའི་རྒྱུད་ལས། འཁོར་ལོ་བྲི་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གནན་པ་བཤད་པར་བྱ། །ཐོད་པ་མ་གས་མ་ཆག་པ། །མ་ཧཱ་ཀཱ་ལའི་སྙིང་པོ་བྲི། །བཟླས་བྱས་ཉུང་དཀར་དེ་རུ་བླུག །ཡང་ན་ཀླུ་སྦྲུལ་དཀར་ནག་གཉིས་ཀྱི་གཟུགས། །ཁ་རུ་མིང་ལ་རྒྱབ་ཏུ་རུས། །ཚོན་སྐུད་སྣ་ལྔས་གྲིལ་བྱས་ལ། །སྟག་གི་ཁ་འམ་ཆུ་སྲིན་སྣ། །དགྲ་བོའི་སྒོ་ཁར་མནན་པས་ནི། །སྔགས་འདི་བཟླས་པས་འཆོར་མི་སྲིད། །ཨོཾ་མ་ཧཱ་ཀཱ་ལ་བླང་ཧྲི་སྣར་མ་ཤིག་སོད། ལེའུར་ཤིག་སོད། སུ་ར་ལེ་ཤིག་སོད། ཐུཾ་རིལ་ཤིག་སོད། ཕུད་ཡ་ཚོ་ཤིག་སོད། ཞུང་ཏྲི་ཤིག་སོད། མ་བུ་རུ་ཤིག་སོད། སྦུར་ལ་ཤིག་སོད། ནཱ་ག་རཱ་ཛ་ཙིཏྟ་ཛྭ་ལ་ཡ་ནན་ནན། མ་ཧཱ་ཀཱ་ལའི་རྒྱུད་ལས། མནན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སེར་བ་དབབ་པ་བཤད་པར་བྱའོ། །ཁྱི་འམ་རབས་ཆད་ཐོད་པ་རུ། །འཁོར་ལོ་དཔེའུ་ཆུང་ལྟར་བྱས་ཏེ། །བཙན་དུག་ཉུང་དཀར་གུ་གུལ་ཡང་། །ཐོད་པའི་ནང་དུ་བླུག་པར་བྱའོ། །ཟངས་དང་འཁར་བ་བུད་མེད་མངལ་ཁྲག་གསུམ། །ཤ་ཟན་སྤུ་རུས་སྒྲོ་ཆུ་སེར། །ཞབས་མར་གྲིལ་ཏེ་ཐོད་པར་གཞུག །ཡུལ་དང་ཕུ་ཆུ་དགྲ་མིང་རྣམས། །འཁོར་ལོ་དག་ལ་བྲི་བར་བྱ། །ཀླུ་འམ་ཡུལ་ལྷ་གནས་སར་མནན། །སྔགས་འདི་བཟླས་པས་མྱུར་དུ་འབབ། །


DNG024_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཧཱ་ཀཱ་ལ་གྱི་ལིང་ནི་སད་ནི་ས་ར་བྷྱོ། དི་རཀྴ་བྷྱོ། རཀྴ་ཛ་ལ་མི་ཛ་ལ། སྲ་ཀྲིད་སྲ་ཀྲིད་དེ་སེར་དེ་སེར། བཛྲ་ཙ་ཁྲིད་ཕོབ་ཕོབ། མ་ཧཱ་ཀཱ་ལའི་རྒྱུད་ལས། སེར་བ་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་སེར་བ་བསྲུང་བར་བཤད་པར་བྱ་སྟེ། སེང་ལྡེང་ཕུར་བུ་བཅུ་དག་ལ། །ཧ་ན་ཧ་ནའི་སྔགས་བཟླས་ལ། །འོང་བའི་མཐའ་མ་བསྐོར་བར་བྱའོ། །རང་ཉིད་མགོན་པོ་ནག་པོ་ཡིས། །ཉུང་དཀར་ཁྲག་སྐམ་ནག་པོ་ལ། །སྔགས་འདི་བཟླས་ཤིང་སྟོང་ཐུན་དག་ཏུ་བཟློག །ཨོཾ་ཙཎྜ་མ་ཧཱ་ཀཱ་ལ་བཛྲ་དཾ་གྲེ་ནི་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ནཱ་ཤ་ཡ་ནཱ་ཤ་ཡ། སྟྭཾ་བྷ་ཡ་སྟྭཾ་བྷ་ཡ་ཧཱུཾ་ཕཊ། མ་ཧཱ་ཀཱ་ལའི་རྒྱུད་ལས། སེར་བ་བསྲུང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཀླུ་ལ་གཏད་པ་བཤད་པར་བྱའོ། །ཐོད་པ་མ་འཁལ་མ་བྲལ་བ། །ཚ་བ་གསུམ་ལ་གཟུགས་བྱས་ལ། །མིང་ལ་རུས་སུ་བཅས་པ་ཡང་། །ཐོད་པ་དེ་ཡི་ནང་དུ་གཞུག །དམངས་རིགས་ཀླུ་ལ་སྔགས་འདི་བཟླས། །ཨོཾ་མ་ཧཱ་ཀཱ་ལ་ནག་གི་ལ་ཡག་ཡཾ། ནཱ་ག་པ་རུ་སྣ་ཙ་ལེ། སརྦ་ནི་སརྦ་ནི་རྦད། ནཱ་ག་ཀུ་རུ་ནཱ་ལིང་ཙིཏྟ་བཛྲ་མཱ་ར་ཡ་ཛ་ཛ། མ་ཧཱ་ཀཱ་ལའི་རྒྱུད་ལས། ཀླུ་ལ་གཏད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་སྲིའུ་གསོ་བ་བཤད་པར་བྱ་སྟེ། རིན་ཆེན་ལྔ་ཡི་སྦུ་གུ་ལ། །གསང་བའི་སྔགས་ཀྱི་འཁོར་ལོ་གཞུག །གང་བསྲུང་མིང་དང་སྤེལ་ཏེ་བྲི། །གུ་གུལ་གླ་རྩི་ཤུ་དག་ཀྱང་། །འཁོར་ལོ་དེ་ཡི་ནང་དུ་གཞུག །ཚོན་རྩི་ལྔ་ཡི་ཚོན་དང་ནི། །རྫས་སྣ་ལྔ་ཡི་ཐང་ཆུས་བྱུག །མགོན་པོ་ནག་པོས་བྱིན་བརླབས་ཏེ། །གང་བསྲུང་མགུལ་དུ་བཏགས་ན་ནི། །དེས་ནི་གནོད་པ་ཐམས་ཅད་བསྲུང་། །ཚེ་ཐག་ཕུར་བུས་བསྲུང་བ་ནི། །བལ་ཚོན་སྣ་ལྔའི་སྐུད་པ་འམ། །ཡང་ན་ནག་པོ་རང་ལ་བྱ། །སེང་ལྡེང་ཕུར་བུ་བདུན་


DNG024_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ། །གསང་བའི་སྔགས་ཀྱིས་བཏབ་ནས་ནི། །གང་བསྲུང་ལུས་ལ་བཏགས་པ་ན། །དེས་ནི་ཀླུ་ཡི་གནོད་པ་སྲུང་། །གང་བསྲུང་མ་བརྟས་བར་དུ་ནི། །སྦ་ལྕགས་དཀར་པོ་ཚིགས་གསུམ་མོ། །བྱ་རྒོད་སྒྲོ་བསྒྲོན་མདའ་དག་ལ། །བལ་ཚོན་སྣ་ལྔ་གདགས་པར་བྱའོ། །མཚལ་ དང་སྤོས་ཀྱི་དུད་པ་བཏང་། །སྔགས་པས་མགོན་པོར་བྱིན་བརླབས་ནས། །གང་བསྲུང་སྔས་སུ་བཙུགས་ནས་ནི། །དེ་ནི་གཏན་གྱི་བསྲུང་བ་ཡིན། །མ་ཧཱ་ཀཱ་ལའི་རྒྱུད་ལས། སྲིའུ་གསོ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཀླུ་ཡིས་ཟིན་པ་གསོ་བ་བསྟན་ཏེ། ཕྱ་ཚང་ཀུ་བའི་ནང་དུ་ནི། །ཀླུ་ཡི་ནོར་བརྒྱད་བླུགས་ནས་ནི། །སྔགས་པས་བྱིན་བརླབས་ཆེར་བྱས་ཏེ། །གང་འདོད་གནས་སུ་བཅུག་པས་ནི། །དེ་ནི་གནོད་པར་མི་འགྱུར་རོ། །དྲག་པོས་འདུལ་བའི་ཆོ་ག་ནི། །སེང་ལྡེང་ཕུར་བུ་སོར་བརྒྱད་ལ། །གུ་གུལ་ཚ་བའི་མར་གྱིས་བྱུགས། །གང་གནོད་གནས་སུ་བཏབ་པས་ནི། །ཀླུ་ཡི་གནས་ཁང་འཇོམས་པར་བྱེད། །འདི་ནི་ནག་པོ་ཀླུ་ཡི་གཟིར་སྔགས་ཡིན། །ཨོཾ་མ་ཧཱ་ཀཱ་ལ་ནཱ་གཞུང་ཐུན། ཛྭ་ལ་ཛྭ་ལ། ཙྪིནྡྷ་ཙྪིནྡྷ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ནཱ་ག་ས་ར་ཡ་ནཱ་ག་དུང་དུང་ཛ་ཛ། མ་ཧཱ་ཀཱ་ལའི་རྒྱུད་ལས། ཀླུས་ཟིན་པ་གསོ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་གཟུངས་འདོན་ཅིང་སྨོན་ལམ་གདབ་པར་བཤད་པར་བྱའོ། །ཚེ་རབས་སྔོན་ནས་རྒྱལ་བས་དབང་བསྐུར་ནས། །ཚེ་རབས་བརྒྱུད་ནས་བསྟན་པ་སྲུང་བར་མཛད། །མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ན་མོ་ཡོ་གི་ནཱི། ན་མོ་ཏ་གི་ནི། ཏདྱ་ཐཱ། ཧི་ལི་ཧི་ལི། ཀི་ཏི་ཙི་ཏི། ནི་ཏི་ཡེ་སྭཱ་ཧཱ། ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །རྒྱལ་བའི་བསྟན་པ་བསྲུང་བར་ཞལ་བཞེས་པའི། །དེ་རིང་དུས་འདིར་བསྟན་པ་རྒྱས་པར་མཛོད། །མ་ཧཱ་ཀཱ་ལའི་རྒྱུད་ལས། གཟུངས་འདོན་ཅིང་སྨོན་ལམ་གདབ་པའི་ལེའུ་སྟེ་བཅོ་


DNG024_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པའོ།། །།དེ་ནས་འཁོར་ལྷ་མ་སྲིན་རྣམས་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སེམས་དཔའ་ལ་བསྟོད་པ། ཧཱུཾ་རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་ཡེ་ཤེས་ཆེན་པོའི་མཆོག །ཕྱག་ན་རྡོ་རྗེ་མཐུ་སྟོབས་བདག །གསང་བའི་བདག་པོ་རྡོ་རྗེ་ཅན། །ཡ་མཚན་རྨད་བྱུང་ཁྱོད་ལ་ཕྱག་འཚལ་བསྟོད། །གྲི་གུག་གི་རྒྱུད་ལས། འཁོར་གྱིས་གཙོ་བོ་ལ་བསྟོད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་འཁོར་གྱིས་གཙོ་བོ་ལ་བསྟོད་པ། བསྐལ་པ་མེ་ལྟར་འབར་བ་ཡི། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །གདུག་པར་གྱུར་པ་ཐམས་ཅད་ཀུན། །འདུལ་བྱེད་མགོན་པོ་ནག་པོ་སྟེ། །སྐུ་ནི་མཐིང་ནག་ཆེན་པོ་ལ། །དཔའ་བོ་སྟག་གི་སླག་པ་ཅན། །བདུད་ཀྱི་བེར་ནག་སྐུ་ལ་གསོལ། །ཐལ་བའི་མཚན་མས་ལུས་བྱུགས་པ། །གཡས་ན་གཅོད་པའི་གྲི་གུག་བསྣམས། །གཡོན་པ་བྷནྡྷའི་ཁྲག་ཆེན་གསོལ། །ཞལ་ནས་ཁྲག་དང་ཞག་ཀྱང་འཛག །མཆེ་བ་ཟླ་བ་ཚེས་པའི་ཚུལ། །སྤྱན་གསུམ་སྡང་མིག་གློག་ལྟར་འགྱུ། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །ཁྲོ་གཉེར་བསྡུས་པའི་གཟི་བརྗིད་ཅན། །བྷནྡྷའི་ཕྲེང་བས་དོ་ཤལ་བྱས། །གསུས་ཁྱིམས་ཆེ་ཞིང་གསུས་པ་འཕྱང་། །མི་ཐུང་ཁྲོ་གཉེར་དྲག་པོ་ཡིས། །མཆུ་དང་སོ་ལ་ཁྲག་ཀྱང་འཛག །མི་རོ་སྐྲ་ཡི་སྐུད་པས་དཀྲིས། །བམ་ཆེན་སྟེང་ན་བཙན་དཀྱིལ་གནས། །ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན། །དམ་པའི་གཙུག་ལག་སྲུང་མ་སྟེ། །ཀེང་རུས་བརྩེགས་པའི་སྟེང་ན་བཞུགས། །ལས་སུ་སངས་རྒྱས་བསྟན་པ་བསྲུང་། །ཟས་སུ་ཤ་དང་ཁྲག་ལ་ཟ། །དུར་ཁྲོད་གནོད་སྦྱིན་ཀུན་གྱི་གཙོ་བོ་མཛད། །ནག་པོ་འཇིགས་བྱེད་སྐུ་ལ་ཕྱག་འཚལ་ལོ། །དཔའ་བོ་འཁོར་ལོའི་བདག་ལ་ཕྱག་འཚལ་ལོ། །ལྷ་དམག་དབུགས་འབྱིན་ཁྱེད་ལ་ཕྱག་འཚལ་ལོ། །ལྷ་དང་ཀླུ་ལ་སོགས་པ་ཡིས། །དཔལ་ལྡན་མགོན་པོ་ནག་པོ་ལ། །དམ་པའི་བསྟོད་པས་བསྟོད་


DNG024_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །སོ་སོ་རང་རང་གནས་སུ་དེངས། །མགོན་པོ་ནག་པོས་འཁོར་གྱི་ལྷ་སྲིན་སྡེ་བརྒྱད་ལ་བཀའ་སྩལ་པ། ཨོཾ་དྲི་ཟ་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་ལྷ་རླུང་གི་ལྷ། །གནོད་སྦྱིན་དབང་ལྡན་ས་བདག་སོགས། །ལྷ་ཡི་ཚོགས་དང་ཀླུ་ཡི་ཚོགས། །སྲིན་པོ་རོ་ལངས་གསོད་བྱེད་མ། །ཀླུ་ཡི་བུ་མོའི་ཚོགས་བཅས་དང་། །གནོད་སྦྱིན་བདུད་མོ་འབྱུང་པོའི་ཚོགས། །ཤ་དང་ཁྲག་ལ་དགའ་བ་རྣམས། །ཐམས་ཅད་ཀུན་ནས་འདིར་གཤེགས་ཤིག །འབྱུང་པོའི་ཤ་ནི་བཟའ་བར་ཞིམ། །འབྱུང་པོའི་ཁྲག་ནི་བཏུང་བར་ཞིམ། །འབྱུང་པོའི་ རུས་པ་ཞིམ་པ་སྟེ། །གདུག་པ་ཐམས་ཅད་འདུལ་བའི་ཕྱིར། །ཟོ་ཞིག་འཐུངས་ཤིག་མྱུར་དུ་སྒྲོལ། །མགོན་པོ་མན་ངག་གྲི་གུག་བརྩེགས་པའི་རྒྱུད་ལས། འཁོར་གྱིས་གཙོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།གསང་བའི་བདག་པོའི་རྒྱུད་འདི་འཇིག་རྟེན་གྱི་ཁམས་སུ་གྲགས་པར་སྟོན་ཅིག །རྒྱུད་འདི་རྣལ་འབྱོར་པ་རྣམས་ཀྱི་སྲོག་ཡིན་ནོ། །རྒྱུད་འདི་ནི་ཡུལ་དྷ་ན་ཀོ་ཤའི་གླིང་མཁའ་འགྲོ་མ་མང་པོ་ཚོགས་པའི་གནས་སུ་བབ་པར་གྱུར་ཅིང་། ཕྱག་ན་རྡོ་རྗེས་རི་རབ་རིའི་རྩེ་མོ་ན་འཁོར་ལྷ་སྲིན་སྡེ་བརྒྱད་ལ་བཤད་པའོ། །དེ་ནས་གྱད་ཀྱི་སྐུ་མཆོག་ཆེན་པོས་མ་ཧཱ་བོ་དྷིའི་མཆོད་རྟེན་གྱི་རྩར་མ་བདུན་ལ་བཤད། དེ་ནས་ལྷའི་གཙོ་བོ་རྣམས་ཀྱིས་རྡོ་རྗེ་གདན་དུ་བདུད་བརྒྱད་ལ་བཤད་དོ། །དེ་ནས་རྒྱ་གར་གྱི་ཡུལ་གསེར་མིག་བྱ་མཆུ་ཅན་དུ་སྦས་སོ། །དེ་ནས་རྒྱ་གར་གྱི་སློབ་དཔོན་གྲུབ་པ་ཅན་རྣམས་ཀྱིས་རྙེད་དེ། རིམ་གྱིས་བརྒྱུད་པ་ལགས་སོ། །མགོན་པོ་ནག་པོ་མན་ངག་བརྩེགས་པའི་རྒྱུད་ལས། བརྒྱུད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།སྔོན་གྱི་ལས་དང་སྨོན་ལམ་ད་ལྟའི་སྐལ་བར་ལྡན། །སྐྱེས་མཆོག་དེ་ལྟ་བུ་དང་རྒྱུད་འདི་འཕྲད་པར་ཤོག །མན་ངག་གྲི་གུག་བརྩེགས་པའི་རྒྱུད་རྫོགས་ སོ།། །།བླ་མ་དམ་པ་མི་བསྐྱོད་རྡོ་རྗེ་ལ་གནང་བའོ། །རྗེ་བཙུན་ཤཱནྟི་བྷ་དྲས་ཞུས་པ་ལས། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།

དཔལ་མགོན་པོ་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ཅེས་བྱ་བ།


DNG024_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་མ་ཧཱ་ཀཱ་ཡ་བཱཀ་ཙིཏྟ་ཀྲོ་དྷ་ཏན་ཏྲ་ནཱ་མ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ཅེས་བྱ་བ། ཁྲག་འཐུང་འདུས་པའི་གཙོ་བོ་བུཌྜྷ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཆོས་ཉིད་རྣམ་པར་མ་ཕྱེ་བའི་ཞིང་ཁམས་རྒྱན་ཡོངས་སུ་བཀོད་པ། དཀར་སེར་དམར་ལྗང་མཐིང་བའི་ཨེ་གྲུ་གསུམ་འབར་བ་དྲག་པོའི་གཞལ་ཡས་ཁང་ན། གསལ་འཚེར་ལྷུན་སྡུག་གཟི་བྱིན་འཕྲོ་བ། ཁྲག་འཐུང་རིག་པའི་ཧེ་རུ་ཀ་ལྔ་ཀྲོ་དྷཱི་ཤྭ་རཱི་རིག་པའི་ཡུམ་ལྔ་དང་འཁྲིལ་ཅིང་། མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་ཏེ་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་སྐད་དོ། །བཞུགས་སོ་བཞུགས་པར་འགྱུར་རོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཁྲག་འཐུང་རིག་པའི་རྩལ་ཕྱིར་འཁྱམས་པས་མ་རིག་བདག་འཛིན་གྱི་རཱུ་ཏྲ་ལྔར་གྱུར་ཏེ། གཤིན་ས་དང་། གཤིན་ཆུ་དང་། གཤིན་མེ་དང་། གཤིན་རླུང་དང་། གཤིན་ཨེ་ནག་པོ་ལྔ་དང་། དེ་རྣམས་ཀྱི་ཆུང་མ་སྲིད་པ་ཤ་ཟ། སྲིད་པ་ཁྲག་འཐུང་། སྲིད་པ་དྲོད་འཕྲོག་དང་། སྲིད་པ་དབུགས་ལེན། སྲིད་པའི་རྒྱལ་མོ་མུ་ཁ་ལེ་དང་ལྔས་ཁམས་གསུམ་ཀུན་གྱི་སྲོག་གཅོད་ཅིང་སྤྲུལ་པ་དང་ཡང་སྤྲུལ་སྣ་ཚོགས་པར་བཀྱེ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དང་། ང་རྒྱལ་ཕྲག་དོག་དཔུང་བསྐྱེད་ནས་ས་ཆུ་མེ་རླུང་ནམ་མཁའ་ལ་གནས་བཅས་ཏེ་སེམས་ཅན་ཀུན་གྱི་སྙིང་ལ་ཞུགས་ནས་འགྲོ་བ་སྡུག་བསྔལ་གྱིས་ཉམ་ཐག་པ་དེའི་ཚེ་དེའི་དུས་ན་ཁྲག་འཐུང་རིག་པའི་ཧེ་རུ་ཀ་ལྔ་ལས། ཐུགས་རྗེ་རང་བྱུང་གི་འོད་ཟེར་སྟེང་འོག་ཕྱོགས་མཚམས་མེད་པར་འཕྲོས་སོ། །མ་རིག་པ་བདག་འཛིན་འཇོམས་པའི་མཚོན་ཆས་ནི་ཁེངས། དྲག་པོ་སྔགས་ཀྱི་རང་སྒྲ་ནི་དྲག་ལ་ལྡིར་ཆེ། འཇིགས་བྱེད་ཁྲོ་གཏུམ་གྱི་སྐུ་ནི་ཆེ་ལ་མང་བས་མ་རིག་བདག་འཛིན་གྱི་རཱུ་ཏྲ་ལྔ་དང་སྲིད་པ་སྲོག་གཅོད་ཀྱི་ཆུང་མ་ལྔ། སྤྲུལ་པ་ཡང་དང་སྤྲུལ་པ་སྣ་ཚོགས་པ་རྣམས་སྟོང་གསལ་འཛིན་


DNG024_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་བརྒྱལ་ཏེ་ཡེ་ཇི་བཞིན་པར་བརྒྱལ་བ་སངས་ནས་ཁྲག་འཐུང་ཡབ་ཡུམ་ལྔ་རང་དུ་ཤེས་སོ། །ཨོཾ་སྐུའི་དབང་བསྐུར་བས་གཤིན་རྗེ་ཆུང་མ་དང་བཅས་པ་ཁྲག་འཐུང་ལྷ་ལྔ་ཡབ་ཡུམ་དུ་བསྒྱུར་ཏེ། འཇིགས་བྱེད་ཕྱག་བཞི་པ་ཡབ་ཡུམ་གྱིས་སངས་རྒྱས་བསྟན་པའི་མགོན་བྱེད་པར་ཁས་བླངས་སོ། །ཨཱཿགསུང་གི་དབང་བསྐུར་བས་ཞི་རྒྱས་དབང་དྲག་བཞི་རུ་བསྒྱུར་ཏེ། འཇིགས་བྱེད་ཆེན་པོའི་ཕྲིན་ལས་ཀྱིས་སྒྲུབ་པ་པོའི་མགོན་བྱེད་པར་ཁས་བླངས་སོ། །ཧཱུཾ་ཐུགས་ཀྱི་དབང་བསྐུར་བས་སྐྱེ་མེད་འོད་གསལ་འཛིན་མེད་དུ་སངས་རྒྱས་ཏེ་སེམས་ཅན་ཀུན་གྱི་སྙིང་ལ་གནས་བཅས་པས་སེམས་ཅན་ཀུན་གྱི་མགོན་བྱེད་པར་ཁས་བླངས་སོ། །སྐུ་བརྗོད་ལས་འདས་པས་ནམ་མཁའི་མཐའ་དང་མཉམ་པའོ། །གསུང་བརྗོད་ལས་འདས་པས་འཕྲིན་ལས་བཞི་ལ་འདུས་པའོ། །ཐུགས་བརྗོད་ལས་འདས་པས་བསྒྲལ་ཚད་བྱང་ཆུབ་པས་སོ། །མཚན་ཡང་ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཞེས་གྲགས་སྐད་དོ། །གྲགས་སོ། །གྲགས་པར་འགྱུར་བས། ནག་པོའི་ཕྱོགས་ཀྱི་མ་མོ་དང་། ལྷ་དང་། ཀླུ་དང་། བདུད་དང་། གཟའ་དང་། ཚངས་པ་དང་། གཤིན་རྗེ་དང་། བཙན་དང་། གནོད་སྦྱིན་དང་། མི་སྲུན་པ་དུ་མ་ལྷགས་ཏེ། ད་ནི་སངས་རྒྱས་འབྱུང་ངོ་། །འདིས་བསྟན་པ་སྲུང་བར་འགྱུར་རོ། །ད་ནི་ཆོས་དར་རོ། །ཧ་ལ་ཧ་ལ་ཞེས་མི་དགའ་བའི་ཚིག་དུ་མ་སྨྲ་ཞིང་ནད་རིགས་དུ་མའི་རླུང་འཚུབས་སོ། །དེར་ཁས་བླངས་རྗེས་སུ་དྲན་ནས་དྲེགས་པ་ཟིལ་གནོན་གྱི་ཏིང་ངེ་འཛིན་ལས་བཞེངས་ཏེ། ཨོཾ་ཨཱཿཧཱུཾ་ཀྲོ་དྷ་མཱ་ར་ན་མཱ་ར་ན་ཞེས་པའི་སྒྲ་བསྒྲགས་པས། ཤར་དུ་ས་གཡོས། ལྷོ་རུ་གློག་འཁྱུག །ནུབ་ཏུ་འབྲུག་ལྡིར། བྱང་དུ་ཐོག་བབས། སྐུ་ཁྲོས་པས་ཞལ་གྱི་དཀྱིལ་འཁོར་གཟུགས་མེད་ཀྱི་ཁམས་ནས་ཁྲོ་ཞིང་གཙིགས། སྐུ་ལུས་གཟུགས་ཁམས་ན་འཁྱིལ་པ་ཕྱག་བཞི་ན་སྙིང་དང་། རལ་གྲི་དང་། ཐོད་ཁྲག་དང་། རྩེ་གསུམ་བསྣམས་པ། ཞབས་གཉིས་ཕྱེད་སྐྱིལ་དུ་བཞུགས་ཏེ་པདྨ་ཉི་ཟླའི་གདན་ལ་འདོད་ཁམས་རིགས་དྲུག་


DNG024_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ནས་ཁྲོ་བོ་དང་ཁྱུང་གིས་འཇིག་རྟེན་གྱི་ཁམས་བཀང་ངོ་། །གསུང་ཁྲོས་པས་ཨོཾ་ཨཱཿཧཱུཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཏི་མ་མ་ཧཱུཾ་ཧཱུཾ། དགྲ་བགེགས་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་སྟོང་གསུམ་དུ་བསྒྲགས་སོ། །ཐུགས་ཁྲོས་པས་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་ཏེ་ལོག་པའི་དགྲ་བགེགས་ཞེ་ལ་བཅངས་ན་སྐྱེ་མེད་ཆོས་སྐུའི་ཞིང་དུ་སྒྲོལ་བར་དམ་བཅས་པས་མི་སྲུན་པ་ཐམས་ཅད་བརྒྱལ་རེངས་ཁྲག་ཏུ་སྐྱུགས་སོ། །དཀར་པོའི་ཕྱོགས་ཀྱི་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་མཆོད་པའི་སྤྲིན་གཏིབས་ཤིང་བསྟོད་པས་ཧཱུཾ་རཾ་རཾ། དམར་ནག་མེ་ཡི་དཀྱིལ་འཁོར་ནས། །པདྨ་ཉི་ཟླ་རོ་སྟེང་དུ། །དཔལ་ལྡན་ཡེ་ཤེས་མགོན་པོ་ནི། །སྐུ་མདོག་མཐིང་ནག་གསུས་པོ་ཆེ། །ཞལ་གཅིག་ཕྱག་བཞི་ཕྱེད་སྐྱིལ་བཞུགས། །གཡས་གཉིས་ཙིཏྟ་རལ་གྲི་བསྣམས། །གཡོན་གཉིས་ཐོད་ཁྲག་ཁ་ཊྭཱཾ་བསྣམས། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །ཁྲོ་གཉེར་སྤྱན་གསུམ་དམར་ལ་འཁྱུག །ཨག་ཙམ་སྨིན་མ་དབུ་སྐྲ་སེར། །ཐོད་སྐམ་རིན་ཆེན་སྦྲུལ་གྱིས་བརྒྱན། །མི་མགོའི་དོ་ཤལ་སྟག་ལྤགས་དཀྲིས། །འཇིགས་བྱེད་ཆེན་པོར་ཕྱག་འཚལ་བསྟོད། །ཅེས་ དཔལ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། འབྱུང་འཁྲུལ་རང་ཤེས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འོག་མིན་བྷནྡྷ་འབར་བའི་གཞལ་ཡས་ཁང་སྐམ་རློན་གྱི་མི་མགོའི་རྩིག་པ་བརྩིགས་པ། ཁྲག་དང་ཞག་ཏུ་འཁྱིལ་པ། ཞིང་ལྤགས་ཀྱི་བླ་རེ་ལ་ཞིང་ཆུང་གི་འཕན་འཕྱར་བ། རཀྟའི་མཚོ་ལ་ཙིཏྟའི་མེ་ཏོག་བཀྲམ་པ་ན། ཨེ་ཀ་ཛཱ་ཏི་དཀར་མོ་དང་། དམར་མོ་དང་། སེར་མོ་དང་། ལྗང་གུ་ནག་མོ་འབུམ་གྱི་གཙོ་མོ་ཐོད་མཁར་བརྒྱའི་བདག་མོ། སྲིད་པ་ལས་ཀྱི་རྒྱལ་མོ་དང་། སྲིད་པ་ལས་ཀྱི་འབྱུང་ཁུངས་མ་ཞེས་བྱ་བའི་བུ་མོ་ཙན་ཏི་དབང་ཕྱུག་མ་ཞེས་བྱ་བས་རུས་པའི་རྒྱན་གསོལ། རཀྟ་དམར་གྱི་སྐྱེམས་དྲངས་ནས་ཕྱག་དང་བསྐོར་བ་བྱས་ཤིང་ཡེ་


DNG024_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མགོན་པོ་ཉིད་ལ་འཁྲིལ་ཏེ། དགྱེས་ཆེན་སུ་ཀ་མ་ཧཱ་ཨ་མྲྀ་ཏ། ཨེ་མ་ངོ་མཚར་རབ་འཇིགས་སོ། །མ་རུངས་དྲེགས་པའི་ཚོགས་རྣམས་ལ། །ཞིང་བཅུ་སྒྲོལ་བའི་ལས་བཅོལ་གྱིས། །ཐུགས་རྗེས་དགོངས་ནས་བརྒྱལ་རེངས་སློང་། །ཁྲག་སྐྱུགས་ཕྲིན་ལས་དག་ལ་བཀོད། །ཅེས་ནི་ཞུ་བར་རབ་ཞུགས་པས། །འཇིགས་བྱེད་ཡེ་ཤེས་མགོན་པོ་ཡིས། །གཏུམ་ཁྲོས་དགྱེས་པའི་འཛུམ་བཏོན་ནས། །དྷརྨཱ་ཀཱ་ལ་ཤན་ཏིང་ཀུ། ཞེས་པའི་སྒྲ་ཡིས་བརྒྱལ་བསླངས་ནས། །རང་རང་ཕྱོགས་ཀྱི་ས་ལ་འཁོད། །དེ་ནས་སེང་གདོང་གིས་གུས་པའི་ཚུལ་གྱིས་འདི་སྐད་གསོལ། །ཧཱུཾ་གཙོ་མཆོག་འབར་བའི་ཕྱག་བཞི་པ། །མཐིང་ནག་རབ་འཇིགས་ཡེ་ཤེས་མགོན། །དྲེགས་པའི་ཚོགས་བདག་སྐྱབས་སུ་མཆི། །བརྒྱལ་རེངས་ཁྲག་སྐྱུགས་གྲོལ་མཛད་ཅིང་། །ཀུན་ལ་དྲིན་ཆེ་ལྷ་མོའི་སྐུ། །ཡུམ་མཆོག་ཙ་ཏི་དབང་ཕྱུག་གཙོ། །སྐུ་མདོག་ནག་མོ་ཁྲོ་ཚུལ་ཅན། །ཞལ་གཅིག་ཕྱག་གཉིས་ཐོད་སྐམ་བརྒྱན། །ཕྱག་གཡས་གྲི་གུག་དགྲ་སྙིང་འབྱིན། །ཕྱག་གཡོན་ཐོད་ཁྲག་གཙོ་ལ་སྟོབ། །མཆེ་གཙིགས་ཁྲོ་གཉེར་སྤྱན་གསུམ་དམར། །གཅེར་བུ་སྐྲ་གྲོལ་རུས་པས་བརྒྱན། །ཞབས་གཉིས་ཡབ་ལ་འཁྲིལ་ཅིང་སྦྱོར། །གཉིས་མེད་བདེ་ཆེན་ཧེ་རུ་ཀ །ཁྲག་འཐུང་ཡབ་ཡུམ་ཕྱག་འཚལ་བསྟོད། །ཆེ་མཆོག་ཉིད་ཀྱི་སྤྱན་སྔ་རུ། །ཁས་བླངས་ཁྲག་འཐུང་ཡབ་ཡུམ་གྱི། །བཀའ་ཉན་ལས་བྱེད་སྲོག་འབུལ་ལོ། །སིན་ར་ཧཱུཾ་ཕཊ་ཏྲི་ཧྲིང་ཛ། བསད་པའི་གཏོར་མ་བདག་ལ་ཞུ། །གར་རྦད་རླག་བྱེད་བསྒྲུབ་མཆོག་སྐྱོང་། །ས་མ་ཡ། སྲིན་པོ་ཧ་ལ་ཕ་རི་དང་། །ཌཱ་ཀི་ཤ་ཟ་ནག་མོའི་བུ། །ཤ་ཟ་ཁྲག་འཐུང་བྱ་རོག་གདོང་། །གུས་པའི་ཚུལ་གྱིས་འདི་སྐད་གསོལ། །ཆེ་མཆོག་སྤྲུལ་པ་ཁྲག་འཐུང་རྒྱལ། །དྲེགས་པའི་ཚོགས་བདག་སྐྱབས་སུ་མཆི། །ཞི་རྒྱས་དབང་དྲག་ཕྲིན་ལས་སྐུ། །དཀར་སེར་དམར་ལྗང་མཐིང་བ་ཡིས། །ལས་གྲུབ་ཡབ་ཡུམ་ཕྱག་འཚལ་བསྟོད། །བསྟན་སྲུང་གཙོ་


DNG024_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཡབ་ཡུམ་གྱི། །བཀའ་ཉན་ལས་བྱེད་སྲོག་འབུལ་ལོ། །ཀཱ་ཀ་མུ་ཀ་ཧཱུཾ་ས་མ་ཡ་སྲོག་དུང་ཛ་ཛ། ཤ་ཆང་དམར་གྱི་གཏོར་མ་ཞུ། །བསྟན་པ་བསྲུང་ཞིང་བསྒྲུབ་མཆོག་སྐྱོང་། །སྲིན་མོ་བླག་འབར་མི་ཐོད་ཅན། །བདུད་པོ་སྐོས་རྗེའི་བུ་མོ་ནི། །འབར་མ་ནག་མོས་འདི་སྐད་གསོལ། །ཆེ་མཆོག་སྤྲུལ་པ་ཕྱག་བཞི་པ། །བཀའ་ཉན་ལས་བྱེད་སྲོག་འབུལ་ལོ། །མ་མ་ནག་པོ་ཛྭ་ལི་རུ་ཧྲིང་ཛ་ཛ། རག་ཏ་ཤ་ཁྲག་གཏོར་མ་ཞུ། །བླ་ཚེ་འཕྲོག་ནས་བསྒྲུབ་མཆོག་སྐྱོང་། །ཀླུ་མོ་གློག་ལྕམ་འབར་མ་དང་། །སྲིན་པོ་རག་ཤ་ཧ་ལིའི་བུ། །རཱ་ཧུ་ལ་ཡིས་འདི་སྐད་གསོལ། །ཆོས་སྐུ་འགྱུར་མེད་ནག་པོ་ཆེ། །ཕྲིན་ལས་ལྷུན་གྲུབ་ཕྱག་བཞི་པ། །གཉིས་མེད་བདེ་ཆེན་ཡབ་ཡུམ་གྱི། །བཀའ་ཉན་ལས་བགྱིད་སྲོག་འབུལ་ལོ། །རཀྴ་རཱ་ཧུ་ལ་པ་ཧྲིང་ཛ། ཤ་ཁྲག་འདི་ལ་གཏོར་མ་ཞུ། །བླ་སྲོག་འབྱེད་ཅིང་བསྒྲུབ་མཆོག་སྐྱོང་། །ཀླུ་ཆེན་བརྒྱད་ཀྱིས་འདི་སྐད་གསོལ། །ཁྲག་འཐུང་ཁྱུང་གི་ཚོགས་རྣམས་ལ། །གུས་བཏུད་བཀའ་ཉན་རང་སྲོག་འབུལ། །ནཱ་ག་ནཱ་ག་རཱ་ཛ་ཕུ་ཧྲིང་ཛ། དུག་རླངས་འབྱེད་ཅིང་བསྒྲུབ་མཆོག་སྐྱོང་། །ཤར་ཕྱོགས་རྒྱལ་པོས་འདི་སྐད་གསོལ། །བདག་ནི་ཁྲག་འཐུང་བཀའ་ལ་ཉན། །རང་སྲོག་འབུལ་ཞིང་དམ་ཉམས་སྒྲོལ། །ཀིང་ཀར་ར་ར་ར་ཧྲིང་ཛ། བཤོས་བུ་གསེར་སྐྱེམས་གཏོར་མ་ཞུ། །སྨྱོ་འབོག་གཏོང་ཞིང་བསྒྲུབ་མཆོག་སྐྱོང་། །ས་མ་ཡ་ན་ར་ཀན། ལྷོ་ཕྱོགས་གཤིན་རྗེས་འདི་སྐད་གསོལ། །བདག་ནི་ཁྲག་འཐུང་བཀའ་ལ་ཉན། །རང་སྲོག་འབུལ་ཞིང་དམ་ཉམས་སྒྲོལ། །ཡ་མ་རཱ་ཛ་ཧྲིང་ཛ། སྙིང་སྣ་དག་གི་གཏོར་མ་ཞུ། །སྲོག་རྩ་གཅོད་ཅིང་བསྒྲུབ་མཆོག་སྐྱོང་། །ནུབ་ཕྱོགས་བཙན་གྱིས་འདི་སྐད་གསོལ། །བདག་ནི་ཁྲག་འཐུང་བཀའ་ལ་ཉན། །རང་སྲོག་འབུལ་ཞིང་དམ་ཉམས་སྒྲོལ། །བཛྲ་ས་དུ་ཙ་ཧྲིང་ཛ། བཤོས་བུ་ཤ་ཁྲག་གཏོར་མ་ཞུ། །གཟེར་ཐབས་གཏོང་ཞིང་བསྒྲུབ་མཆོག་སྐྱོང་། །བྱང་ཕྱོགས་གནོད་སྦྱིན་འདི་སྐད་གསོལ། །བདག་ནི་ཁྲག་


DNG024_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་བཀའ་ལ་ཉན། །རང་སྲོག་འབུལ་ཞིང་དམ་ཉམས་སྒྲོལ། །ཡཀྴ་ནག་པོ་དུ་ན་ཧྲིང་ཛ། བྱ་དམར་ཤ་ཁྲག་གཏོར་མ་ཞུ། །ཚེ་སྲོག་སྡུད་ཅིང་བསྒྲུབ་མཆོག་སྐྱོང་། །ས་མ་ཡ་ན་ར་ཀན། དཔལ་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། སྲོག་འབུལ་ཁས་བླངས་ཀྱི་ལེའུ་སྟེ་གཉིས་པའོ།། །།ཙ་ཏི་ཉིད་ཀྱིས་ཡང་གསོལ་པ། །ཚེ་སྲོག་སྤྲུལ་པ་དྲེགས་པའི་གཙོ། །མ་སྲིང་སྨིན་བྱེད་དབང་ནི་གང་། །དམ་ཚིག་བསྲུང་ཚུལ་ཇི་ལྟར་བགྱི། །ཁྱེད་ནི་འདུལ་བྱེད་ལྷ་ནི་ཅི། །སྤྱི་བསྒྲུབ་བསྙེན་པ་ཇི་ལྟར་བགྱི། །སྐུ་གསུང་ཐུགས་ཀྱི་ལས་མཁན་དཔུང་། །མཉེས་ཤིང་འདུ་བའི་བསྒྲུབ་རྫས་རྣམས། །འདུས་པའི་འཁོར་ལ་གསུང་དུ་གསོལ། །ནག་པོ་ཆེན་པོས་བཀའ་སྩལ་པ། །ཀྱེ་ཀྱེ་འདུས་པའི་འཁོར་ཚོགས་ཉོན། །རིན་ཆེན་བདུད་རྩིའི་ས་དག་ལ། །དཀྱིལ་འཁོར་མདའ་གང་གྲུ་བཞི་བྱ། །ཆོས་འབྱུང་ཉིས་བརྩེགས་པད་འདབ་བཞི། །དེ་ཡི་ཕྱི་རིམ་འཁོར་ལོ་བཞི། །ཡང་ན་པདྨ་འདབ་བརྒྱད་བྱ། །ཐོད་ཕྲེང་རྡོ་རྗེ་ར་བར་བཅས། །མེ་རི་དམར་ནག་བསྐོར་བ་ལ། །པདྨ་འཁོར་ལོ་ཕྱོགས་ཀྱི་ཚོན། །གཏོར་ཚོགས་སུ་མཐོང་སིནྡྷུ་ར། །མཆོད་ལྔ་གསུར་ཆེན་ལྟག་སྤྲོད་གླིང་། །ལེགས་པར་སྟ་གོན་ཚོགས་བཅས་ཏེ། །སྤྱན་དྲང་བཞུགས་གསོལ་མཆོད་གཏོར་དབུལ། །ཞི་ཁྲོ་གཞུང་བསྲང་དབང་བསྐུར་རོ། །ཞེས་སྣང་སྲིད་དྲག་པོ་དུར་ཁྲོད་བརྒྱད་དང་བཅས་པའི་དཀྱིལ་འཁོར་དུ་གྱུར་ཏེ་ཙ་ཏི་དབང་ཕྱུག་གིས་ཡང་གསོལ་པ། དཔལ་ལྡན་འཇིགས་བྱེད་ཆེན་པོ་ཀྱེ། །འཇིགས་པའི་དཀྱིལ་འཁོར་འདི་རུ་ནི། །དྲེགས་པ་ཕོ་མོ་སླར་གཞུག་པ། །དཔའ་བོ་བླ་མས་གསུང་དུ་གསོལ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །ཧོ་དཔལ་ལྡན་ཁྲག་འཐུང་ཡབ་ཡུམ་གྱི། །འཇིགས་པའི་དཀྱིལ་འཁོར་འདིར་ཞུགས་ལེགས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དྲག་པོའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཏི། ཨཱ་བེ་ཤ་ཡ་མ་མ་ཧཱུཾ་ཧཱུཾ། ཡེ་


DNG024_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བབས་ནས་ལྡེག་པ་དང་། །རི་རབ་འགུལ་ཞིང་རྒྱ་མཚོ་འཁྱམས། །ས་རྣམས་གཡོས་ཤིང་བྱིན་ཕེབས་པས། །སངས་རྒྱས་ཞིང་ཁམས་མཐའ་ཡས་ན། །སྒྲུབ་བྱེད་ཀུན་གྱི་རྟགས་ཐོན་ན། །དེ་ནས་བུམ་པ་རབ་ཐོགས་ཏེ། །ང་ཡི་བཀའ་ཉན་དྲེགས་པའི་ཚོགས། །འཇིགས་བྱེད་དཀྱིལ་འཁོར་འདི་ལ་ལྟོས། །བདག་ནི་ཡབ་ཡུམ་ཧེ་རུ་ཀ །འཇིགས་པའི་ང་རོ་མེ་འོད་འབར། །དཔལ་དང་ལྡན་པའི་དབང་བསྐུར་རོ། །ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུཌྜྷ། མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི་ཨ་བྷི་ཥིཉྩ་ཨཾ། དབང་ཐོབ་སངས་རྒྱས་ཀུན་ཞལ་མཐོང་། །བཀའ་ཉན་བསྟན་བསྲུང་ཁས་བླངས་སོ། །ཕྱག་གཡོན་ཐོད་པ་རབ་གཏད་དོ། །བྱང་ སེམས་དཀར་དམར་ཧེར་ཀའི་བཅུད། །བདུད་རྩི་ལྔ་ནི་ཁྲག་འཐུང་རྫས། །དངོས་གྲུབ་མྱུར་ཐོབ་དབང་བསྐུར་རོ། །ཨཱཿམ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི་མ་ཧཱ་སུ་ཁ་ཨ་མྲྀ་ཏི། ཨ་བྷི་ཥིཉྩ་ཨཱ། དབང་ཐོབ་སྔགས་དང་དམ་ཚིག་སྤྱོད། །སྔགས་ཀྱི་སྒོར་ཞུགས་བུ་ལྟར་དགོངས། །མེ་ལོང་སིན་དྷུ་ར་བསྟན་ཏེ། །དྲི་མེད་ཤེལ་སྒོང་རང་རིག་སེམས། །སྣང་གྲག་མེ་ལོང་གཟུགས་བརྙན་ལས། །ཡབ་ཡུམ་གཉིས་མེད་སྦྱོར་ཅིང་རོལ། །གསལ་ལ་ངོ་སྟོང་དབང་བསྐུར་རོ། །ཨོཾ་ཧཱུཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི། པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། དབང་ཐོབ་མཆོག་གི་ས་ལ་གནས། །ཆོས་བྱེད་ཐུགས་དམ་ཙམ་གྱིས་འགྲོ། །ཨེ་མ་ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས། །ལུས་ནི་གསལ་སྟོང་ང་ཡི་སྐུ། །ངག་ནི་གྲག་སྟོང་ང་ཡི་གསུང་། །སེམས་ནི་རིག་སྟོང་ང་ཡི་ཐུགས། །ངོ་བོ་མཐོང་ན་འཁོར་བ་མེད། །རང་བཞིན་མཐོང་ན་སངས་རྒྱས་ཡིན། །ཐུགས་རྗེ་དྲག་པོའི་ལས་བྱས་ན། །ཞིང་བཅུ་ཐར་པའི་ས་ལ་བཀོད། །ཁྲག་འཐུང་རིག་པའི་ཧེ་རུ་ཀས། །ང་ཡང་དེ་ལྟར་སྨིན་པར་བྱས། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། དབང་གི་ལེའུ་སྟེ་གསུམ་པའོ།། །།ཙ་ཏི་དབང་ཕྱུག་ཡང་གསོལ་པ། །དབང་གི་རིམ་པ་དེ་ལྟར་ན། །


DNG024_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བསྲུང་ཚུལ་གསུང་དུ་གསོལ། །ཁྲག་འཐུང་ཆེན་པོས་བཀའ་སྩལ་པ། །སྤྱི་རུ་དམ་ཚིག་འབུམ་སྡེ་དེ། །ཡན་ལག་གྲངས་ནི་དམ་ཚིག་དང་། །བསྒྲུབ་པའི་དམ་ཚིག་ཉི་ཤུ་བསྲུང་། །རྩ་བ་སྐུ་གསུང་ཐུགས་ཡིན་ནོ། །བླ་མ་ཡི་དམ་རང་རེ་དང་། །མཆེད་ལྕམ་སེམས་ཅན་མ་ཁྲེལ་བསྲུང་། །ཟླ་དང་ཞར་དང་སྐུ་གསུང་ཐུགས། །ཡན་ལག་གྲངས་ཀྱིས་མ་ཉམས་ན། །དམ་ཅན་འགོ་བས་མཐུ་རྩལ་ འབྱུང་། །མང་པོས་བཀུར་བས་གྲགས་པ་སྟེ། །ཡིད་དུ་འོང་ཞིང་སངས་རྒྱའོ། །དམ་ཚིག་ཉམས་པར་གྱུར་པ་ན། །རྡོ་རྗེ་དམྱལ་བ་ཆེན་པོར་སྐྱེ། །མི་བཟད་སྡུག་བསྔལ་མྱོང་བར་འགྱུར། །དམ་ཚིག་ཉམས་པའི་སྔ་ལྟས་སུ། །རིམས་དང་ཡམས་ནད་འཚེ་བ་འབྱུང་། །དབང་པོ་འགག་ཅིང་མཛེ་ཤུ་དང་། །ཡིད་དུ་མི་འོང་སྣ་ཚོགས་པས། །དམ་ཚིག་ཉམས་པ་རླག་པར་བྱེད། །དེས་ན་ཕྱག་དང་བསྐོར་བ་དང་། །སྔགས་བཤགས་ཏིང་འཛིན་དག་ལ་འབད། །དམ་ལྡན་བསྙེན་བསྒྲུབ་རེམ་ལ་ནི། །སྤྲིན་ལྟར་འདུ་ཞིང་བུ་ལྟར་བརྩེ། །ཅི་བཅོལ་ཕྲིན་ལས་ཀུན་སྒྲུབ་པའོ། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་བཞི་པའོ།། །།ཙ་ཏི་དབང་ཕྱུག་ཡང་གསོལ་པ། །དམ་ཚིག་རིམ་པ་དེ་ལྟར་ན། །འདུལ་བྱེད་ལྷ་ནི་གསུང་དུ་གསོལ། །ཁྲག་འཐུང་ཆེན་པོས་བཀའ་སྩལ་པ། །ང་ཡི་འདུལ་བྱེད་ལྷ་ཉིད་ནི། །ཁྲག་འཐུང་རིག་པའི་ཧེ་རུ་ཀ །མ་བསྐྱེད་དབྱིངས་ན་གསལ་བར་བཞུགས། །འབྲལ་བ་མེད་ཅིང་གནས་པ་མེད། །རང་གི་སེམས་ཉིད་རྟོགས་པར་གྱིས། །ང་ལ་སྐྱེ་བའི་ཡུལ་མེད་པས། །འཆི་བ་ཞེས་བྱ་མི་འོང་ངོ་། །ང་ལ་འགྲོ་དང་འོང་མེད་ལ། །འདུ་འབྲལ་ཞེས་བྱ་མིང་ནས་མེད། །ང་ལ་གསལ་དང་འགྲིབ་པ་མེད། །ང་ལ་དགྱེས་དང་མི་དགྱེས་མེད། །ང་ལ་བསྒྲུབ་པའི་རྫས་ཀྱང་མེད། །བཟླས་པར་བྱ་བའི་སྔགས་ཀྱང་མེད། །ཐམས་ཅད་རང་གི་བྱེད་པ་ཡིན། །མེ་ལོང་གཟུགས་བརྙན་ལྟར་ཤེས་ན། །སྣང་གྲག་འདུལ་བྱེད་ལྷ་ཡིན་ནོ། །བྲག་ཆ་ལྟ་བུ་ཤེས་པ་ཡིན། །ཚིག་རྣམས་འདུལ་བྱེད་


DNG024_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡིན་ནོ། །རིག་པའི་དོན་ཉིད་རྟོགས་པ་ན། །ཐམས་ཅད་འདུལ་བྱེད་ལྷ་ཡིན་ནོ། །ཞི་ཁྲོ་བསྐྱེད་རིམ་གསལ་བ་ན། །ང་ཉིད་འདུལ་བྱེད་ལྷ་ཡིན་ནོ། །ང་ཉིད་ཡབ་ཡུམ་གསལ་བ་ན། །དྲེགས་པ་འདུལ་བྱེད་ལྷ་ཡིན་ནོ། །ཁྲག་འཐུང་རིགས་ལྔའི་སྙིང་པོས་ནི། །ང་ཉིད་འདུལ་ཞིང་ཐམས་ཅད་བསྒྲག །མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། འདུལ་བྱེད་ལྷའི་ལེའུ་སྟེ་ལྔ་པའོ།། །།ཙ་ཏི་ཉིད་ཀྱིས་ཡང་གསོལ་པ། །འདུལ་བྱེད་ལྷ་ནི་དེ་ལྟར་ན། །སྤྱི་བསྒྲུབ་རིམ་པ་གསུང་དུ་གསོལ། །ཕྱག་བཞི་པ་ཡིས་བཀའ་སྩལ་པ། །དཀྱིལ་འཁོར་དབང་དང་མཐུན་པ་ལ། །ཕྱོགས་མཚོན་སྒོ་དང་བཅས་པ་བྲི། །དབུས་སུ་ཐོད་པ་ཁ་སྦྱར་ནང་། །གྲི་སྙིང་བྱ་རོག་ནལ་སྙིང་དང་། །འཁོར་ལོར་བཅས་པ་དར་ནག་གྲིལ། །ནས་ཀྱི་ཚོམ་བུ་གཏོར་མར་བཅས། །ཡབ་ཡུམ་གཙོ་འཁོར་ཉིད་ཡིན་ནོ། །ཧེ་རུ་ཀ་ཡི་ང་རྒྱལ་གྱིས། །སྙིང་གར་སྲོག་ཕུལ་སྔགས་བསམས་ཏེ། །འོད་ཟེར་དམར་པོས་དབང་བསྡུས་ལ། །གསལ་བའི་སེམས་ཀྱིས་འབུམ་དུ་བསྐྱལ། །ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི་གྷུ་ན་ཧྲྀ་ད་ཧཱུཾ་ཕཊ་མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ་ཧཱུཾ། ས་མ་ཡ་སྲོག་དུང་ཛ་ཛ། མ་མ་རག་མོ་ཛྭ་ལི་རོ་ཏྲིང་ཛ། ས་ན་ར་ཧུ་ཧྲིང་ཧྲིང་ཛ། རཀྴ་རཱ་ཧུ་ལ་ཧྲིང་ཛ། གིང་ཀ་ར་ཧྲིང་ཛ། ཡ་མ་རཱ་ཛ་ཧྲིང་ཛ། བཛྲ་ས་དུ་ ཧྲིང་ཛ། ཡཀྴ་ནག་པོ་ཧྲིང་། མི་ཚོར་བཟླས་ན་སྣང་སྲིད་གཡོ། །འགྲོ་བ་ཀུན་གྱི་སྲོག་འབྲལ་ལོ། །ཅི་བསམ་འགྲུབ་ཅིང་བསྟན་པ་བསྲུང་། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། སྤྱི་བསྒྲུབ་ཀྱི་ལེའུ་སྟེ་དྲུག་པའོ།། །།ཙ་ཏི་ཉིད་ཀྱིས་ཡང་གསོལ་པ། །སྤྱི་བསྒྲུབ་རིམ་པ་དེ་ལྟར་ན། །སྐུ་གསུང་ཐུགས་ཀྱི་ལས་མཁན་གསུང་། །ནག་པོ་ཆེན་པོས་བཀའ་སྩལ་པ། །ཆེ་མཆོག་ཁྲོས་པའི་ནུས་མཐུ་ཡིས། །རཱུ་ཏྲ་ལྔ་བཏུལ་བ་ཡང་ལྔ་རུ་འགྱུར། །ཆུང་མ་ལྔ་ནི་བཏུལ་བ་ཡིས། །གཏུམ་པའི་དབང་ཕྱུག་ཙན་ཏི་ཀ །གློག་འབར་རལ་གཅིག་ཤ་ཟ་མ། །ཡེ་ནས་ལྷུན་


DNG024_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དགོངས་པ་ཤེས། །བསྟན་བསྒྲུབ་སེམས་ཅན་མགོན་དུ་བསྒྱུར། །དྲེགས་པ་འདུལ་ཕྱིར་སྐུ་ཆེའོ། །ཕྲིན་ལས་བསྒྲུབ་ཕྱིར་གསུང་ཆེའོ། །སངས་རྒྱས་ཞིང་སྦྱོར་ཐུགས་ཆེའོ། །ཡེ་ཤེས་མགོན་པོ་ཡབ་ཡུམ་གྲགས། །ང་ཉིད་སྟོང་པ་ཉིད་ཡང་ཆེ། །ང་ཉིད་གསལ་འཚེར་ལྷུན་ཉིད་སྡུག །ང་ཉིད་ཀུན་ཁྱབ་བདེ་ཆེན་འཁྲིལ། །སྐུ་ཡི་ལས་མཁན་བྱ་རོག་གདོང་། །བཀའ་དང་བསྟན་པ་ཁྱོད་ཀྱིས་སྲུངས། །གསུང་གི་ལས་མཁན་འབར་མ་ནག །བཀའ་དང་བསྟན་པ་ཁྱོད་ཀྱིས་སྲུངས། །ཐུགས་ཀྱི་ལས་མཁན་རཱ་ཧུ་ལ། །བཀའ་དང་བསྟན་པ་ཁྱོད་ཀྱིས་སྲུངས། །ཆོས་བྱེད་བསྒྲུབ་མཆོག་དམ་པ་ཡིས། །བོས་པའི་དུས་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་བརྟུལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །བརྟེན་པའི་ཚེ་ན་ཕྲག་མ་དོག །རྦད་པའི་ཚེ་ན་མཐུ་མ་ཆུང་། །གསོད་པའི་ཚེ་ན་ངང་མ་རིང་། །ཙིཏྟ་གཏོར་མ་ལྟག་སྤྲོད་ལྔ། །དར་ནག་གླིང་བུ་གསེར་ཆེན་དུ། །ཤ་ལྔ་བདུད་རྩི་ལྔ་ཚོགས་ན། །ཤ་ལ་སྦྲང་བཞིན་ཁྱེད་རྣམས་འདུས། །ཆོས་བྱེད་དམ་ཚིག་ཅན་ལ་ནི། །ཅི་ཡང་མེད་ལས་དམ་ལ་འདུས། །སྔགས་པ་དམ་ཚིག་མི་བསྲུང་ན། །བསྲུངས་ཀྱང་སྐལ་ཉམས་ལས་མ་བྱེད། །བྱ་རོག་འབར་མ་སེང་གེ་གདོང་། །གཟའ་བདུད་རྒྱལ་པོ་གཤིན་རྗེ་བཙན། །གནོད་སྦྱིན་ཀླུ་དང་མི་སྲུན་ཚོགས། །སངས་རྒྱས་བསྟན་པའི་བཀའ་འདི་སྲུངས། །རྣལ་འབྱོར་ཡོངས་ཀྱི་དགྲ་བླ་མཛོད། །རིག་འཛིན་ཀུན་གྱི་སྲོག་ཤིང་གྱིས། །དམ་ཉམས་ཀུན་གྱི་སྲོག་རྩ་ཆོད། །བདུད་འདུལ་རྣམས་ཀྱི་དབང་ཕྱུག་ཆེ། །གཙུག་ལག་ཁང་གི་སྲུང་མ་རྣམས། །ལེགས་ཉེས་ཀུན་གྱི་ལྟང་འཛིན་ཆེ། །ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། །ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར། །གནོད་སྦྱིན་དུ་མའི་ཚོགས་ཀྱིས་བསྐོར། །བདུད་ཕོ་ཉི་ཁྲིའི་ཚོགས་ཀྱིས་བསྐོར། །མི་སྲུན་དྲག་པོ་མཐུ་ཆེན་རྣམས། །བསྟན་འཇིག་དགྲ་བོ་ཟས་སུ་གཏད། །དམ་ཉམས་ཤ་ཟོ་ཁྲག་ནི་འཐུང་། །སྙིང་


DNG024_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་སྲོག་ཆོད་དུས་མཐའ་སྡུས། །ནོར་ཕྲོགས་གྲང་སྒྱེལ་ཉེ་དང་ཕྱེས། །ལོ་ཟླར་མ་བཞག་ཟ་མར་སྒྲོལ། །ཅེས་ཡབ་ཡུམ་ཆོས་ཉིད་མཉམ་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ་ཁྲག་འཐུང་རིག་པའི་ཧེ་རུ་ཀ་ལ་ཐིམ། དཔལ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། ལས་མཁན་གཉེར་གཏད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྷ་དང་མི་དང་ལྷ་མ་ཡིན་དང་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས། བསད་པའི་ཤ་དང་བཙོས་པའི་ཆང་། །བཙོང་སྒོག་ལ་ཕུག་སྤོད་རིགས་དང་། །ཁམ་བུ་ཀུ་ཤུ་བཅོལ་ཏི་དང་། །རྒུན་འབྲུམ་ཀ་ར་བུ་རམ་དང་། །རཀྟ་ལ་སོགས་ཁྲག་སྣ་སྟོང་། །མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་། །མཱཾ་ས་ལ་སོགས་ཤ་སྣ་སྟོང་། །སུ་ར་ལ་སོགས་ཆང་སྣ་སྟོང་། །བྷན་དྷ་ནང་ཁྲོལ་རུས་པའི་ཚོགས། །དར་ནག་རྒྱལ་མཚན་གསུར་ཆེན་སྤོས། །རོལ་མོའི་ཚོགས་ཀྱིས་རབ་མཆོད་ནས། །འཇིགས་བྱེད་ཆེན་པོ་ཁྲག་འཐུང་གིས། །གཉེར་གཏད་བཀའ་བསྒོ་སྤུན་གསུམ་ལ། །མགྲིན་གཅིག་བསྡེབས་ནས་འདི་སྐད་གསོལ། །ཆོས་དབྱིངས་སྐྱེ་མེད་ངང་ཤེད་ནས། །ཐབས་དང་ཤེས་རབ་གདུག་པ་འདུལ། །དྲག་པོ་འཇིགས་བྱེད་སྐུར་བསྟན་པའི། །མགོན་པོ་ཡབ་ཡུམ་ཕྱག་འཚལ་བསྟོད། །སྔོན་ཚེ་ཁྲག་འཐུང་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཁས་བླངས་པའི། །སྲིན་པོའི་གཟུགས་འཆང་གདུག་པ་འདུལ། །བྱ་རོག་གདོང་ལ་ཕྱག་འཚལ་བསྟོད། །ནག་པོའི་ལས་མཛད་མཁའ་འགྲོའི་གཙོ། །སྲིན་པོའི་གཟུགས་ཀྱི་དུག་ཆར་འབེབས། །ཤ་ཟ་ཁྲག་འཐུང་རབ་འབར་མ། །ནག་མོ་བྱ་ཞོན་མ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་ལས་གྲུབ་དྲེགས་པ་ཅན། །རང་སྔགས་དམོད་པའི་མཚོན་ཆ་ཡིས། །སྲོག་དབུགས་འབྲལ་བའི་མཐུ་བོ་ཆེ། །རཱ་ཧུ་ལ་ལ་ཕྱག་འཚལ་བསྟོད། །དེ་སྐད་བསྟོད་ཅིང་འདི་སྐད་གསོལ། །དུས་ནི་བསྐལ་པ་ཕྱི་མའི་དུས་ཀྱི་ཚེ། །ཆོས་ལ་དགྲ་དང་འཚེ་བ་བྱེད་པ་ཡིས། །གཙུག་ལག་ཆོས་འཁོར་གཉན་པོ་རླག་


DNG024_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །ཕྱི་རབས་སྔགས་པ་ནང་དམེ་བྱས་པ་ཡིས། །ཞིང་བཅུ་གདུག་པ་རཱུ་ཏྲ་དར་བར་འགྱུར། །དེ་ཚེ་སྒྲོལ་བའི་ལས་བསྒོས་ཇི་ལྟར་འཚལ། །སྒྲུབ་གནས་ཟླ་བ་གང་ལ་བྱ། །དཀྱིལ་འཁོར་བསྒྲུབ་རྫས་ཅི་དང་ཅི། །འབོད་རྦད་གསད་པའི་ལས་མཐའ་གང་། །རྟགས་དང་མཚན་མ་ཇི་ལྟར་འོང་། །མ་གྲུབ་སྤོགས་ཆོག་ཇི་ལྟར་བགྱི། །ཕྲིན་ལས་བཞི་དང་ལས་ཚོགས་དང་། །དྭངས་མ་སྲོག་གི་ཡི་གེ་རྣམས། །འདུས་པའི་འཁོར་ལ་གསུང་དུ་གསོལ། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། སྒྲོལ་བ་ལས་ཞུས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ལས་ཀྱི་མགོན་པོ་ཡིས། །བྱ་རོག་དག་ལ་རབ་ཞོན་ནས། །ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས། །སྟག་ལྤགས་མི་མགོ་གཡང་གཞི་གསོལ། །ཀཱ་ཁ་མུ་ཁ་ཀྲོ་ཏ་མཱ་ར་ཡ། བྱ་རོག་ཁྲོས་པའི་གསུང་སྒྲོག་ཅིང་། །འདུས་པའི་འཁོར་ལ་བཀའ་སྩལ་པ། །ཞིང་བཅུ་རཱུ་ཏྲ་དར་དུས་སུ། །སྙིང་སྟོབས་བརྩོན་འགྲུས་ངར་ལྡན་གྱིས། །སེམས་བསྐྱེད་བསྟན་སྲུང་དམ་བཅས་ལ། །དུར་ཁྲོད་ལྷ་ཁང་བྲག་ནག་ཕུག །ཟླ་བ་ཐ་ཆུང་བཞི་པོ་ལ། །དུར་ཁྲོད་ས་ལ་དཀྱིལ་འཁོར་བྱ། །སྤྱི་བསྒྲུབ་དག་དང་མཐུན་པ་ཡིས། །ཕུང་ས་གསུམ་ལ་འབྲུབ་ཁུང་སྟེ། །ཁྲུ་གང་རྒྱ་ལ་དུག་ཁྲག་རྩང་། །རབས་ཆད་ཕོ་མོའི་ཐོད་པ་ལ། །སྤུ་གྲི་སྔགས་ཀྱི་འཁོར་ལོ་བྲི། །ཕོ་ཐོད་སྟེང་ལ་མོ་ཐོད་འོག །བཀང་རྫས་དང་ནི་དྲི་མ་དང་། །དུག་སྣ་ཁྲག་སྣ་ཐང་ཕྲོམ་པ། །གྲོག་མཁར་སྤུངས་ས་ཕྱེ་དང་བསྲེ། །དགྲ་བོའི་འདྲ་འབག་ལིངྒ་བྱ། །རས་སམ་གྲོ་ག་དག་ལ་ནི། །ལིངྒ་བྲིས་ལ་སྙིང་གར་གཞུག །ཐོད་ནང་བསྒྱེལ་ལ་འབྲུབ་ཁུང་ནང་། །གཟུངས་ཐག་བཏགས་ལ་ལྷ་དང་དབྱེ། །ཨོཾ་མ་ཧཱ་ཀཱ་ལ་ཨ་མྲྀ་ཤག་ཕྱེ་ཤག་ཕྱེ་མ་མ་ཏྲག་རཱུ་ཏྲ་མཱ་ར་ཡ་ཕཊ། སྨེ་རྫས་དུག་གིས་བདུག་བྱས་ནས། །སྐམ་རློན་ཐུན་རྫས་ཐོད་པར་བཅད། །ལུག་ནག་གཡག་ནག་བྱ་རོག་གསོབ། །རྒོད་དང་བྱ་རོག་རྒོད་དང་མདའ། །འཁོར་ལོ་སྟག་གཟིག་དགྲ་སྙིང་བཅས། །ནལ་གསོབ་


DNG024_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དང་སྦལ་མིག་ཅན། །གཏོར་མ་ཤ་ཁྲག་ཆང་གིས་བྲན། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། དཀྱིལ་འཁོར་བསྒྲུབ་རྫས་བཅའ་གཞིའི་ལེའུ་སྟེ་དགུ་པའོ།། །།ཡང་ནི་བཤད་ཀྱིས་ལེགས་ཉོན་དང་། །པདྨ་ཉི་ཟླའི་གདན་སྟེངས་ན། །རྗེ་དཔོན་གསལ་བར་སྔགས་འདི་བོད། །ཨོཾ་མ་ཧཱ་ཀཱ་ལ་ཀ་ཁ་མུ་ཁ་ཧཱུཾ་ས་མ་ཡ་སྲོག་དུང་དུང་ཛ་ཛ། མ་མ་རག་མོ་ཛྭ་ལི་རུ་ཧྲིང་ཛྭ། རག་ཤ་རཱ་ཧུ་ལ་ས་ཧྲིང་ཛ། གདན་དྲང་བཞུགས་བསྟོད་མཆོད་གཏོར་དབུལ། །སངས་རྒྱས་བསྟན་སྲུང་མཐུ་བོ་ཆེ། །ཡབ་ཡུམ་འཁོར་བཅས་དགོངས་ཤིང་གཤེགས། །བདུད་ཀྱི་བར་ཆོད་བསལ་བ་དང་། །གདུག་པ་དགྲ་བགེགས་བསྒྲལ་བའི་ཕྱིར། །དྲག་པོའི་གཞལ་ཡས་དཀྱིལ་འཁོར་འདིར། །གཉིས་མེད་གདན་ཞུགས་འཕྲིན་ལས་མཛོད། །ས་མ་ཡ། ཨཱ་ཀར་ཤ་ཡ་ཧྲི་ཛ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན། ཁམས་གསུམ་དྲེགས་པའི་མཐུ་བོ་ཆེ། །འཇིགས་བྱེད་མེ་འབར་ཡབ་ཡུམ་སྐུ། །ལས་མགོན་གིང་ཚོགས་ཕྱག་འཚལ་ལོ། །བཟའ་དང་བཅའ་དང་བཏུང་བ་དང་། །བཤོས་དང་ཁ་ཟས་སྣ་ཚོགས་དང་། །སྒྲ་དང་དྲི་དང་རོ་དང་རེག །བདུད་རྩི་ཤ་ཁྲག་གཏོར་མ་འབུལ། །དགྱེས་པར་དགོངས་ལ་བཞེས་སུ་གསོལ། །མ་ཧཱ་ཀཱ་ལ་ཌཱ་ཀི་ནཱི་ས་མ་ཡ། དྷཱུ་པེ་པུཥ྇་གནྡྷེ་ཧཱུཾ། ནཻ་བི་ཏྱ་ཨཱ་ལོ་ཀེ་ཤཔྡ་ཧཱུཾ། མ་ཧཱ་ཀཱ་ལ་ས་མ་ཡ་སརྦ་པཱུ་ཛ་ཧོ། བྷ་ལིང་ཏ་ཁཱ་ཧི་མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་མུ་ར་ཁཱ་ཧི། པྲ་བེ་ཀརྨ། སརྦ་ཨརྠ་སིཌྜྷ་ཡེ་སྭཱ་ཧཱ། དེ་ལྟར་དུས་བཞིར་མཆོད་ཅིང་བོད། །སྐུ་ གསུང་ཐུགས་ཁྲོས་པའི་རྒྱུད་ལས། བོད་པའི་ལེའུ་སྟེ་བཅུ་པའོ།། །།ཡང་ནི་བཤད་ཀྱིས་ལེགས་པར་ཉོན། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི་གྷུན་ཧྲི་ཏ་དགྲ་བོ་ཨཾ་ཀུ་ཤ་ཡ་ཛ་ཛ་བཛྲ་མ་ཧཱ་ཀཱ་ལ་ཨ་ནུ་ཀཾ། དགྲ་བོའི་སྲོག་བྷྱོ་རྦད། ཁ་ལ་རག་ཤ་རྦད། སྙིང་ཁ་ལ་རག་ཤ་རྦད། སྲོག་ལ་རག་ཤ་རྦད། སྙིང་ཁྲག་བལ་མོ་ཁ་ལ་རག་ཤ་རྦད། ཛ་ཡཱ་ཛ་ཡཱ། ཡེཾ་ཡེཾ། ལྡེང་ལྡེང་། ཧྲམ་ཧྲམ། ལྷང་ལྷང་།


DNG024_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་སྲོག་ལ་ཐུམ་རིལ་རྦད། རུ་རུ་ཤི་ཏི་ཀྲི་མ་རུ་སོད། ཐུམས་མ་རག་དུ་སྦ་སོད། ཁ་དུག་ཤ་ཥ་མ་སོད། དགྲ་བོའི་སྲོག་ལ་ཐུམས་རྦད་སོད་ཡ་ཡ་ཙ་དུན་སོད། ཨ་མུ་ཀཾ་ས་ཀ་རྦུད་མཱ་ར་ཡ་སྲོག་ལ་ཐུན་བྷྱོ། དགྲ་བོ་ཆེ་གེ་མོ་མཱ་ར་ཡ་རྦད་སོད། ར་མ་ཧ་དེའ་བདེ་བ་བྱི་ནུ་ཙན་ཏྲ་རུ་པ་ནི་རཱ་ཧུ་ལ་དགྲ་བོའི་སྙིང་ལ་ཁྲག་རྦད། ཧེ་ཀ་ལི་མ་ཧཱ་ཙན་དྷ་ཙན་དྷ་མཱ་ར་ཡ་རྦད། འབར་མ་སེང་གདོང་གཟའ་བདུད་ཀྱིས། །དགྲ་བོ་གནས་པའི་ས་ཕྱོགས་སུ། །ཁ་བལྟས་ང་རོ་དྲག་པོས་རྦད། །བསྐུལ་འདི་གཏང་ཞིང་མི་ལྤགས་རྡེབ། །ཧཱུཾ། མི་མངོན་དབྱིངས་ནས་བཞུགས་པ་ཡི། །བསྟན་སྲུང་དཔལ་ལྡན་ནག་པོ་ཆེ། །རིགས་ལྔ་ཁྲག་འཐུང་སྤྲུལ་པ་སྟེ། །ཆོས་སྐྱོང་མགོན་པོ་མཐུ་བོ་ཆེ། །བཀའ་སྲུང་ཆེན་པོ་དམ་ཚིག་ཅན། །སྐུ་མདོག་མཐིང་ནག་འབར་བ་ལ། །ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །སྦྲུལ་དང་ཐོད་པའི་ཕྲེང་བ་བཅིངས། །ཞལ་ནས་འཇིགས་པའི་ཁྲོ་གཉེར་གྱིས། །བདུད་དཔུང་མ་ལུས་སྐྲག་པར་མཛད། །སྤྱན་གསུམ་དམར་ལ་འཁྲུག་པ་ཡིས། །སྡང་མིག་ཕྱོགས་བཅུ་ཀུན་ཏུ་བལྟ། །ཤངས་ནས་དྲག་པོའི་འཐོར་རླུང་འབུད། །སྨ་ར་ཨག་ཚོམ་སྨིན་མ་སེར། །ཞལ་གདངས་ཧ་ཧ་ཧཱུཾ་ཕཊ་སྒྲོགས། །མཆེ་གཙིགས་ལྗགས་འདྲིལ་རྐན་སྒྲ་རྡེབ། །ཕྱག་གཡས་དང་པོ་དགྲ་སྙིང་འཛིན། །འོག་མ་རལ་གྲི་དགྲ་སྲོག་གཅོད། །ཕྱག་གཡོན་ཐོད་པ་སྙིང་ཁྲག་འཐུང་། །འོག་མ་ཁ་ཊྭཱཾ་དུག་གསུམ་འཇོམས། །ཐུང་ལ་སྦོམ་ཞིང་གེལ་བའི་གཟུགས། །སྐུ་ལ་མི་མགོའི་ཕྲེང་བས་བརྒྱན། །ཡན་ལག་སྦྲུལ་གྱི་ཆུན་པོས་བཅིངས། །སྐུ་སྨད་སྟག་གི་པགས་པས་དཀྲིས། །ཞབས་གཉིས་བརྡབས་པས་དགྲ་བགེགས་འདུལ། །པདྨ་ཉི་ཟླ་རོ་གདན་ལ། །དཔའ་བོའི་སྟངས་སྟབས་ཚུལ་གྱིས་བཞུགས། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །ཞལ་ནས་མེ་འབར་འུ་རུ་རུ། །དབུ་སྐྲ་རལ་པ་མུན་ལྟར་གཏིབས། །སྤྱན་ནས་གློག་དམར་


DNG024_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུགས་སེ་ཁྱུག །སྙན་ནས་འབྲུག་སྒྲ་དི་རི་རི། །དྲག་སྔགས་ཐོག་སེར་ཆེམས་སེ་ཆེམ། །དཔལ་ལྡན་མགོན་པོ་དྲག་ཤུལ་ཅན། །མཐུན་རྫས་མཆོད་པ་འདི་བཞེས་ལ། །བདུད་དཔུང་ཐལ་བར་རླག་པར་མཛོད། །བགེགས་དཔུང་མ་ལུས་བསྒྲལ་བ་དང་། །དགྲ་བོའི་སྲོག་རྩ་ཆོད་ལ་ཤོག །ཧཱུཾ། ཡུམ་མཆོག་ཙ་ཏི་དབང་ཕྱུག་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །གཅེར་བུ་སྐྲ་གྲོལ་རུས་པས་བརྒྱན། །ཕྱག་གཡས་གྲི་གུག་དགྲ་སྙིང་འབྱིན། །ཕྱག་གཡོན་ཐོད་ཁྲག་གཙོ་ལ་སྟོབ། །ཞལ་གདངས་སྤྱན་གསུམ་མཆེ་གཙིགས་ཁྲོ། །ཞབས་གཉིས་ཡབ་ལ་འཁྲིལ་ཅིང་སྦྱོར། །བདེ་ཆེན་སྟོང་གསུམ་གར་བསྒྱུར་ལ། །གདུག་པའི་བུ་མོ་དྲག་རྩལ་ཅན། །མཐུན་པའི་དམ་རྫས་འདི་བཞེས་ལ། །དམ་ཉམས་དགྲ་བོའི་སྙིང་ཁྲག་གཞིབས། །དུས་ལ་བབ་པོ་ཙ་ཏི་མ། །ཧེ་རུ་ཀ་ཡི་སྤྱན་སྔ་རུ། །ཁས་བླངས་ཡབ་ཡུམ་ད་རྒྱུགས་ཤིག །ཨོཾ་མ་ཧཱ་ཀཱ་ལ་ཙ་ཏི་མ་མ་ཧཱུཾ་ཧཱུཾ། དགྲ་བོའི་བླ་རྩ་ཐུཾ་རིལ་བྷྱོ། ཧཱུཾ་ཡེ་ཤེས་མགོན་པོ་ཡབ་ཡུམ་གྱི། །སྐུ་ཡི་ལས་མཁན་དྲག་རྩལ་ཅན། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །ལས་ཀྱི་མགོན་པོ་མཐུ་བོ་ཆེ། །མཐིང་ནག་རབ་འཇིགས་བྱ་རོག་གདོང་། །ཞལ་གཅིག་ཕྱག་གཉིས་བྱ་རོག་གདོང་། །སྤྱན་གསུམ་དམར་པོ་སྡང་མིག་ལོག །དབུ་སྐྲ་དམར་ནག་གྱེན་དུ་བརྫེས། །ཞལ་གདངས་མཆུ་ནི་ཁྲག་གིས་བྱུགས། །དགྲ་བོའི་སྙིང་ཁྲག་དྲོན་མོ་འཐུང་། །རྣོ་གདུག་མཆེ་བ་ཟླ་ཚེས་གཙིགས། །དགྲ་བོའི་སྲོག་རྩ་དམར་པོ་ཟ། །མི་མགོའི་ཕྲེང་བ་སྐུ་ལ་གསོལ། །ཞིང་ཆེན་པགས་པ་སྟོད་དུ་གོན། །སྟག་གི་ཤམ་ཐབས་སྨད་དུ་དཀྲིས། །གདུག་པ་སྦྲུལ་གྱི་སྐེ་རགས་ཅན། །སྐུ་ལུས་སྦོམ་ཐུང་གསུས་པོ་ཆེ། །མ་རུངས་ཀུན་འདུལ་མཐུ་རྩལ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྔོན་གྱི་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་བསྲུང་འཚལ་གྱིས། །ཤ་ཁྲག་དམར་


DNG024_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརྒྱན་པ་ཡི། །དམ་རྫས་བདུད་རྩི་འདི་གསོལ་ལ། །མགྱོགས་བྱེད་བྱ་རོག་ཆིབས་བསྐྱོད་ཅིག །དགྲ་ལ་རྦད་ཀྱིས་སོད་ལ་ཤོག །ཕྱག་གཡས་གྲི་གུག་དམར་པོ་ཡིས། །དགྲ་སྲོག་དམར་པོ་ཆོད་ལ་ཤོག །ཕྱག་གཡོན་ཐོད་པར་ཁྲག་ཐོགས་ལ། །དགྲ་བོའི་སྙིང་ཁྲག་དྲོན་མོ་གསོལ། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །གློ་སྙིང་ནང་ཁྲོལ་ཕྱུང་ལ་ཤོག །སྤྲུལ་པའི་བྱ་རོག་མང་པོའི་ཚོགས། །ད་རུང་དགྲ་བོའི་ཤ་ལ་ཆུམས། །ཕོ་ཉ་དགྲ་བོའི་བླ་ལ་བྷྱོ། །ཤ་ཟ་སྲིན་པོ་མཐུ་སྟོབས་ཅན། །དགྲ་བོའི་རྩ་ཁྲག་ཁོང་ནས་འཐུང་། །ནག་པོ་འཁོར་བཅས་དགྲ་ལ་ཡ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །མ་ཧཱ་ཀཱ་ལ་ཀ་ཁ་མུ་ཁ་དགྲ་བོའི་བླ་སྲོག་སྙིང་ལ་ཧེད་ཧེད་བྷྱོ་རྦད། ཅེས་འབར་མ་དང་སེང་གདོང་དང་གཟའ་བདུད་ཀྱིས་བསྟོད་ཅིང་བསྐུལ་ལོ། །དེ་ནས་བྱ་རོག་ཁྲོས་པ་ཡིས། །བྱ་རོག་གིང་པའི་འཆམས་འགྲོས་ཀྱིས། །མི་སྲུན་ཚོགས་རྣམས་འདི་སྐད་བསྐུལ། །ཧཱུཾ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཞིང་བཅུ་རཱུ་ཏྲ་དར་དུས་སུ། །ཁས་བླངས་བཞིན་དུ་དམ་ལ་འདུས། །རྗེ་ཉིད་གསུང་བའི་བཀའ་བཞིན་བསྒྲུབ། །ཚན་སྐྱེད་ལས་མྱུར་བསྒྲལ་བར་བྱ། །བྷྱོ་དཔལ་ལྡན་མགོན་པོ་ནག་པོ་ཡི། །གསུང་གི་ལས་མཁན་མཐུ་རྩལ་ཅན། །ཁས་བླངས་བཞིན་དུ་དམ་ལས་མ་འདའ་བར། །རག་ཏ་ཁྲག་གི་རྦ་ཀློང་ནས། །འབར་མ་ནག་མོ་སྐུ་བསྐྱོད་ཅིང་། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །རལ་པ་ཁམ་ནག་མུན་ལྟར་གཏིབས། །སྤྱན་གསུམ་དམར་ལ་ཁྲག་ཏུ་འཁྱིལ། །ཕྱག་གཡས་རྩེ་གསུམ་དགྲ་ལ་རྡེག །ཕྱག་གཡོན་ཐུན་ཁྲག་དགྲ་ལ་འཕེན། །ཆིབས་སུ་བྱ་རོག་མགྱོགས་བྱེད་ཆིབས། །འཁོར་དུ་ཤ་ཟ་མཁའ་འགྲོས་བསྐོར། །བདུད་དང་སྲིན་པོ་ལས་ལ་འགྱེད། །རྟག་ཏུ་གསོད་དང་གཅོད་ལ་བརྩོན། །ཁྱེད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས། །དམར་གྱི་གཏོར་མ་འདི་གསོལ་ལ། །དགྲ་བོའི་བླ་ཚེ་ལོང་ལ་ཤོག །ཐུན་ཁྲག་ཕོབ་ལ་ནད་ཡམས་ཐོང་། །བཅོལ་བའི་ལས་རྣམས་


DNG024_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་མཛོད། །མ་མ་རག་མོ་ཛ་ལ་དགྲ་བོ་ནྲྀ་མཱ་ར་ཡ་ཐུམས་རིལ་རྦད་བྷྱོ། ཧཱུཾ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ལས་བྱེད་མི་སྲུན་སེང་གེའི་གདོང་། །ཁས་བླངས་བཞིན་དུ་དམ་མ་འདའ། །བསད་ཁྲག་འཁྱིལ་པའི་རྦ་ཀློང་ནས། །ནག་པོ་ཁྲག་རལ་སྐུ་བསྐྱོད་ཅིག །རླུང་རྟ་ནག་པོ་ཆིབས་སུ་ཆིབས། །སྐུ་མདོག་ནག་མོ་འཇིགས་སུ་རུང་། །དར་ནག་བེར་ཆེན་སྐུ་ལ་གསོལ། །ཕྱག་གཡས་དར་ནག་བ་དན་ཕྱར། །ནག་པོའི་རུ་དར་ལྷབས་སེ་ལྷབ། །ཕྱག་གཡོན་ཐོད་པར་དམར་གཏོར་ཁྱེར། །དམ་ཅན་ཕོ་མོ་སྤྲིན་ལྟར་སྡུད། །གཡུ་རལ་གསེབ་ནས་སེང་ཆུང་འཕྱོ། །འཇིགས་བྱེད་སྤྲུལ་པ་སྣ་ཚོགས་འགྱེད། །གུང་གཉིས་རྒྱུ་ཞིང་མེ་རླུང་འཚུབ། །བམ་རོ་ཕོ་མོ་སྤྱི་གཙུག་འགྲོ། །རྐང་པས་གཏོར་ཁྱེར་དགྲ་ལ་འཕེན། །ལས་ཀྱི་མགོན་པོའི་བཀའ་འཁོར་ནི། །མི་སྲུན་དྲག་པོ་དགྲ་བགེགས་འདུལ། །སེང་གེའི་གདོང་ཅན་དགྲ་ལ་ཡ། །དགྲ་བོའི་ཤ་ཁྲག་གཏོར་མ་ལོངས། །ནམ་ཕྱེད་སྲོག་གི་དྭངས་མ་ཆོད། །ཉིན་ཕྱེད་དབུགས་ཀྱི་རྟ་ཕོ་ཕྲོགས། །རླུང་དམར་ནད་ཀྱིས་དགྲ་རྩད་ཆོད། །སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །བཅོལ་བའི་ལས་འདི་གྲུབ་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་སི་ན་ར་ཧཱུཾ་ཕཊ་ཡ་མ་རཱ་ཛ་དུན་ཏྲི་ཕུ་ཏྲི་དགྲ་བགེགས་མཱ་ར་ཡ་སོད་སྭཱ་ཧཱ། ལམ་བསྡུབས་ཡམ་ཆོད། ཁམ་འཐུང་རམ་གཏོར། མཱ་ར་ཡ་རྦད་སོད། དཔལ་ལྡན་མགོན་པོ་ནག་པོ་ཡི། །ཐུགས་ཀྱི་ལས་མཁན་མཐུ་བོ་ཆེ། །མགོ་དགུ་བྱ་རོག་གདོང་པ་ཅན། །འཇིགས་བྱེད་ཆེན་པོ་མ་རུངས་པ། །སྐུ་མདོག་དུད་ཀ་འབར་བ་ལ། །རོ་སྟོད་སྲིན་པོ་རོ་སྨད་སྦྲུལ། །མགོ་ལུས་མེད་པར་མིག་གིས་གང་། །སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད། །ཕྱག་གཡས་ཆུ་སྲིན་ཞགས་པ་ཐོགས། །ཕྱག་གཡོན་རྭ་ཡི་མདའ་གཞུ་འཛིན། །ལས་སུ་གདུག་པའི་དགྲ་བགེགས་འཇོམས། །ས་ཆུ་མེ་རླུང་དཀྲུགས་པ་ཡིས། །དམ་ཉམས་དགྲ་བོ་དམྱལ་ཐག་ཆོད། །ཤ་ཁྲག་ཏིལ་


DNG024_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དང་འོ་མ་དང་། །ཀླུ་སྨན་མཆོད་པ་འདི་བཞེས་ལ། །བསྟན་པ་འཇིག་པའི་དགྲ་བོ་འདི། །ལུས་སྲོག་དུམ་བུར་གཏུབས་ལ་ཤོག །དུས་ལ་བབ་པོ་རཱ་ཧུ་ལ། །རག་ཤ་རཱ་ཧུ་ལ། དགྲ་བོའི་དབུགས་ཆོད། ཐུམ་རིལ་རྦད་སོད། བྷྱོ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ཤར་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །ཤར་ཕྱོགས་གནམ་ས་ཕྱེད་ཀྱི་བདག །དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་དར་མདུང་དགྲ་ལ་འདེབས། །གཡོན་པ་མཚོན་ཆའི་འཁོར་ལོ་བསྐོར། །ཆིབས་སུ་རྟ་དཀར་ཟེ་དམར་ཆིབས། །སྐུ་ལ་དར་དཀར་འཇོལ་བེར་གསོལ། །སྟག་ཤུབས་གཡས་ལ་གཟིགས་ཤུབས་གཡོན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཤོས་བུ་གསེར་སྐྱེམས་འདི་གསོལ་ལ། །བསྟན་པ་འཇིག་པའི་དགྲ་བོ་འདི། །སྨྱོ་འབོག་ནད་ཀྱིས་སོད་ལ་ཤོག །གིང་ཀར་དགྲ་བོའི་སྲོག་ལ་དྲེང་ཤག་རྦད་བྷྱོ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ལྷོ་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །གཤིན་རྗེ་དམར་པོ་འགོང་པོའི་རྗེ། །ལྷོ་ཕྱོགས་གནམ་ས་ཕྱེད་ཀྱི་བདག །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་སྤུ་གྲིས་དགྲ་སྲོག་ཆོད། །གཡོན་པ་བཙན་ཞགས་དགྲ་ལ་འདེབས། །ཆིབས་སུ་བཙན་ར་དམར་པོ་ཆིབས། །རྒྱབ་ན་བསེ་ཡི་ཕུབ་དམར་ཁུར། །སྟེང་ན་བསེ་ཡི་བྱ་ཁྲ་ལྡིང་། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྙིང་སྣའི་གཏོར་མ་འདི་བཞེས་ལ། །བསྟན་པ་འཇིག་པའི་དགྲ་བོ་འདི། །ཤན་པའི་སྤུ་གྲིས་གཏུབས་ལ་ཤོག །ཡ་མ་ཏྲི་ལིང་རྦད། དགྲ་བོའི་སྙིང་ལ་དགུ་རྨུགས་རྦད། །བྷྱོ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ནུབ་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན། །ནུབ་ཕྱོགས་གནམ་ས་ཕྱེད་ཀྱི་བདག །སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་དགྲ་ལ་གསོར། །གཡོན་པ་དགྲ་སྙིང་དམར་པོ་འཛིན། །སྐུ་ལ་ཟ་འོག་བེར་ཆེན་གསོལ། །ཆིབས་སུ་སེང་གེ་སྔོ་ནག་


DNG024_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས། །སྤྲུལ་པ་ལྕགས་སྤྱང་སྔོན་པོ་འགྱེད། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཤོས་བུ་ཤ་ཁྲག་འདི་གསོལ་ལ། །བསྟན་པ་འཇིག་པའི་དགྲ་བོ་འདི། །གཟེར་ཐབས་ནད་ཀྱིས་སོད་ལ་ཤོག །ཏྲི་བཛྲ་ས་དུ། དགྲ་བོའི་བླ་ལ་རྒྱུག་རྒྱུག་རྦད། །བྷྱོ། དཔལ་ལྡན་མགོན་པོ་ནག་པོ་ཡི། །བྱང་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །གནོད་སྦྱིན་ལྕགས་ཀྱི་བེར་ཀ་ཅན། །བྱང་ཕྱོགས་གནམ་ས་ཕྱེད་ཀྱི་བདག །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་ལྕགས་ཀྱི་བེར་ག་བསྣམས། །གཡོན་པ་དགྲ་སྙིང་དྲོན་མོ་ཟ། །སྐུ་ལ་རེ་ནག་སློག་པ་གོན། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །བདུད་ཀྱི་ཁྲམ་ཐོགས་དགྲ་ལ་འགྱེད། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱ་དམར་ཤ་ཁྲག་འདི་གསོལ་ལ། །བསྟན་པ་འཇིག་པའི་དགྲ་བོ་འདི། །ཚེ་སྲོག་དུས་མཐའ་སྡུས་ལ་ཤོག །ཡག་ཤ་ནག་པོ་རྒྱུག་དྲེང་། དགྲ་བོ་ཐུམས་རིལ་རྦད་སོད། བྷྱོ། གཞན་ཡང་མགོན་པོའི་བཀའ་འཁོར་ན། །ནག་པོའི་དམག་ཚོགས་ཉེ་རེ་རེ། །ནག་མོ་ཟོར་འཕེན་ཤ་ར་ར། །ཤ་ཟ་ཁྲག་འཐུང་ཕུངས་སེ་ཕུང་། །གནོད་སྦྱིན་སྲོག་གཅོད་ར་ལ་ལ། །བདུད་ཕོ་ཁྲམ་ཐོགས་ཡེ་རེ་རེ། །དྲག་པོའི་ཕོ་ཉ་ཤ་ར་ར། །རྒྱ་མོ་མོན་མོ་ལྷེམས་སེ་ལྷེམ། །བྱ་རོག་མང་པོ་ཐིབས་སེ་ཐིབ། །ཅེ་སྤྱང་ངུ་འབོད་དི་རི་རི། །མཐུན་པའི་དམ་རྫས་ཀུན་བཞེས་ལ། །བསྟན་དགྲ་ཕུང་གསུམ་གཡབ་ཀྱིས་ཐོབ། །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །མ་ཧཱ་ཀཱ་ལ་ཡི་ཤ་ཙ་ཡཀྵ་མཱ་ར་ཡ་སརྦ་དུཥྚཱཾ་སརྦ་ཤ་ཏྲུཾ། ཨཾ་ཀུ་ཤ་ཡ་ཛ། མཱ་ར་ཡ། ན་ཤ་ཡ། ཐུམ་རིལ་རྦད། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། རྦད་བསྐུལ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།ཡང་ནི་བཤད་ཀྱིས་ལེགས་པར་ཉོན། མ་ཧཱ་ཀཱ་ལ་ཀ་ཁ་མུ་ཁ། དགྲ་བོའི་སྲོག་ཐུམས་རིལ་རྩ་ལ་དྲེང་ཤག །ཙིཏྟ་རྨུགས། ཁྲག་ཐིབས་རྦད། ལིང་ཤག་རྦད། ནྲི་ཧུར་ཐུམས་ཛ་ཁྲམ་རྦད། རི་ཏྲ་ཁམ་ཙི་ཏ་ཤག །དགྲ་བོའི་ཙིཏྟ་གཟེར་ཐུམ་རྦད། བཛྲ་ཡཀྴ་སྦྲེ་ཏན་བྷ་ར་རུ་ས་གྲིན་རུ་པ་ཧཱུཾ་ཕཊ། ཐིབས་ཁམ་ཤག་དུན། དགྲ་བོའི་རྩ་སྲོག་


DNG024_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་གཟེར་ཐུམས་མཱ་ར་ཡ་རྦད་སོད། རག་མོ་ནྲྀ་ཤང་ཀུ་རུ་རུ་ལུ་ཐུམས་རྦད། རག་མོ་ཁ་ལ་རྩ་དུན་བྷྱོ། རག་ཏ་ཐུན་རྦད། རྩ་ལ་རྩ་ཐུན་བྷྱོ། རྩ་རྩི་ཏ་རྦད། སྙིང་ལ་དུན། རག་མོ་ཁ་ལ་ཙ་ཙ་དུན་བྷྱོ། ཏིཤྠ་བམ་རིལ། ས་མ་ཡ་དུན་བྷྱོ། སོད་སོད། སྐམ་ཐུན་མཚོན་ལ་རློན་ཐུན་ནད། །བསམས་ལ་ཨ་མཱུ་ཀ་ལ་བརྡེག །མེ་རླུང་མཚོན་གྱིས་གཏུབས་པར་བསྒོམ། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། གསད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡང་ནི་བཤད་ཀྱིས་ལེགས་པར་ཉོན། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ཁ་མུ་ཁ་ཀྲོ་དྷ་ཨ་མུ་ཀཾ་ནྲྀ་ཤང་ཀུ་རུ་རྦད། སྙིང་ལ་ཐུམས་རིལ་ཙིཏྟ་རྦད། སྲོག་ལ་མྱགས་ཆོད་རྦད། སོད་སོད་སྙིང་ཕྱུང་སྲོག་རྩ་རྦད། ཐུམས་ནྲྀར་དགྲ་བོ་སོད་རྦད། མ་ཧཱ་ཀཱ་ལ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། ཧབ་ཧབ་ཧུབ་ཧུབ་མ་མ་རག་མོ་ཧབ་ཧབ་ཧུབ་ཧུབ་ས་མཱ་ར་ཧཱུཾ་ཕཊ། ཧབ་ཧབ་ཧུབ་ཧུབ། རག་ཤ་རཱ་ཧུ་ལ་ཧབ་ཧབ་ཧུབ་ཧུབ། གིང་ཀར་ཧབ་ཧབ་ཧུབ་ཧུབ། ཡ་མ་ར་ཛཱི་ཧབ་ཧབ་ཧུབ་ཧུབ། བཛྲ་ས་དུ་ཧབ་ཧབ་ཧུབ་ཧུབ། ཡག་ཤ་ནག་པོ་ཧབ་ཧབ་ཧུབ་ཧུབ། ཕུར་པ་བརྡབ་ཅིང་གྲི་གུག་གཏུབས། ཨོཾ་མ་ཧཱ་ཀཱ་ལ་ཀ་ཁ་མུ་ཁ། དགྲ་བོའི་སྙིང་ལ་རམ། སྲོག་ལ་རམ། རྩ་ལ་རམ། མ་ཧཱ་ཀཱ་ལ་ས་མ་ཡ་རྦད། དུ་པ་ད་ཧ་ད་ཧ་ཛྭ་ལ་རཾ། པ་ཙ་པ་ཙ་ཛྭ་ལ་རེ། བནྡྷ་བནྡྷ་མཱ་ར་ཡ་ཛྭ་ལ་རཾ། མ་ཧཱ་ཀ་ལ་ནི་སྲོག་པ་ནི། དགྲ་བོའི་སྙིང་ལ་ཡ་ཡ། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ལས་ཀྱི་དཀྱིལ་འཁོར་འབྲུབ་ཁུང་ཅན། །དྲག་པོའི་མེ་སྦར་ལིང་རོ་དབུལ། །ཨོཾ་མ་ཧཱ་ཀཱ་ལ་གུ་ན་ཧྲི་ད། དགྲ་བོ་ད་ཧ་ད་ཧ་སྟྭམ་བྷ་ཡ་ནན། པ་ཙ་པ་ཙ་སྟྭམ་བྷ་ཡ་ནན། ཡ་མ་ཡ་མ་ཧ་ཡ་སྟྭམ་བྷ་ཡ་ནན། མ་ཧཱ་ཀཱ་ལ་ཀ་ཁ་མུ་ཁ་མི་རུས་མ་ཨན་ན་ཡ་གྷ་ཏི་ར། ཛ་ཧ་ཏ། ས་གུ་མཱ་ར་ཡ། སྟམ་བྷ་ཡ་ཧཱུཾ་ཕཊ། ལིང་རོ་བསྲེགས་པའི་ཐལ་བ་ལ། །དགྲ་བོའི་གཟུགས་ནི་བྱས་ནས་ཀྱང་། །མཆོད་རྟེན་གཞི་མདོ་ཐེམ་འོག་མནན། །དགྲ་བོ་གནས་པའི་ཕྱོགས་དག་ཏུ། །ཁྲག་ཟོར་གཏོར་ཟོར་ཐུན་ཟོར་འཕེན། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། གཏུབ་བསྲེག་གནན་གཟེར་ལས་མཐའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཡང་ནི་བཤད་ཀྱིས་ལེགས་པར་ཉོན། །བག་དྲོ་བྱིན་ཆེ་ཆོས་ཉིད་གནས། །ལུས་བདེ་ཉམས་འབར་རིག་པ་དྭངས། །གཙོ་བོ་ཡེ་ཤེས་ཡབ་ཡུམ་རྟགས། །དངོས་སམ་རྨི་ལམ་ཉམས་སྣང་ལ། །ཞལ་སྟོན་བྱིན་རློབ་མིང་ཡང་སྟོན། །ཕྱི་མ་


DNG024_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་རིག་པ་ཡི། །ལྷ་ལ་བསྡིམ་ནས་མངོན་སངས་རྒྱས། །སྤྱི་བསྒྲུབས་རྟགས་ནི་འདི་ལྟར་འབྱུང་། །མི་ནག་བུད་མེད་བྱ་རོག་ཞོན། །ང་དང་འབར་མ་ཡིན་པའོ། །རྟ་ནག་ཞོན་ན་སེང་གེ་གདོང་། །སྨིགས་མངས་སྦྲུལ་ཞུགས་མེ་འོད་གཟའ། །རྟ་དཀར་མདུང་ཅན་རྒྱལ་པོ་སྟེ། །ར་དམར་ཞུབ་ཅན་གཤིན་རྗེའོ། །ཟབ་སླག་སེང་གེ་ཆིབས་པ་དང་། །གནོད་སྦྱིན་རྟ་ནག་ལྕགས་མཁར་ཐོགས། །སྦྲུལ་མགོ་སྦལ་པ་ཐོགས་པ་ཀླུ། །མེ་འབར་རླུང་འཚུལ་ཅེ་སྤྱང་བྱ། །སྤྲེའུ་ཁྱི་དང་བྱ་ཁྲ་དང་། །སྤྱང་ཀི་གཡག་ནག་ལ་སོགས་སྟག །བན་སྔགས་རྟ་ནག་མི་ནག་དང་། །ཨ་ཙ་ར་དང་བྱ་རོག་དང་། །བུད་མེད་རྒྱལ་མོ་མོན་མོ་དང་། །ཐོག་འཚེག་སྡུག་ཆོམས་འདི་ཡིས་ཁེངས། །རྦད་པ་དུས་ཀྱི་རྟགས་ཡིན་ནོ། །དམག་འདྲེན་གྲོང་བསྒྱེལ་བཙོན་བཟུང་དང་། །རྟ་ཕྱུགས་ར་ལུག་དགྲ་ཁྲིད་དང་། །བྱ་རོག་ཁྲ་ཡིས་སེམས་ཅན་གསད། །རྦད་པ་དུས་ཀྱི་རྟགས་ལྔ་ཡིན། །རྟ་ཕྱུགས་ར་ལུག་རི་དྭགས་གསད། །དམར་གསོད་ནང་ཁྲོལ་སྟེར་དང་ཟ། །མགོ་བཅད་སྙིང་ཕྱུང་རོ་དང་ནི། །བསེ་དྲིས་ཁེངས་ནས་ཁྲག་དྲི་བསྣམས། །རང་ཡང་འགྲངས་ཤིང་ཤེས་པ་ཧུར། །གསད་པ་དུས་ཀྱི་རྟགས་ཡིན་ནོ། །ལིངྒ་གས་ཤིང་སུམས་པ་དང་། །ཁྲག་རུལ་མནམ་ཞིང་གཟུགས་མི་གསལ། །གཏུམ་རྔམས་དུས་ཀྱི་རྟགས་ཡིན་ནོ། །མེ་ནི་དམར་གསལ་འབར་སྐྱེན་ན། །བསྲེག་པ་དུས་ཀྱི་རྟགས་ཡིན་ནོ། །བློ་བདེ་རྨི་ལམ་ཉལ་སོང་ན། །གནན་པ་དུས་ཀྱི་རྟགས་ཡིན་ནོ། །འུར་རྡོ་སྐད་ཆེ་མེ་སྟག་འཕྲོ། །ཟོར་འཕེན་དུས་ཀྱི་རྟགས་ཡིན་ནོ། །སྙིང་དང་ལག་མེད་ཡང་ཡང་རྨི། །ལས་འགྲུབ་མི་འགྱང་རྟགས་ཡིན་ནོ། །བྱ་རོག་འཐབ་དང་དམག་རོགས་འཛིངས། །མི་ནག་ཁྲོ་དང་བུད་མེད་འདུ། །འཚུབ་ནག་ཐག་ནག་རྨི་བ་དང་། །ཚིག་པ་ཟ་ཞིང་མི་དགའ་དང་། །ཁྲོ་ཚིག་བྱེད་ན་འཁུ་ལྡོག་རྟགས། །མདའ་


DNG024_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་རྡོ་དང་སེར་བ་བབས། །སྐྱེས་པ་བུད་མེད་ལ་སོགས་པས། །གོས་དང་ལག་ཆ་མེད་པ་དང་། །ཡང་ན་རྭ་ཚོགས་རྡུང་བྱེད་དང་། །ཁྲལ་འདོད་རྒྱན་འགྱེད་ཤགས་འགྱེད་དང་། །རང་ཡང་ལྟོགས་ཤིང་སྐོམ་པ་དང་། །བྱ་རོག་སྤུ་མེད་གཡག་རུ་ཆག །དར་ནག་མདུང་བསྙིལ་རྨིས་པ་དང་། །ཟློག་པ་བྱུང་བའི་རྟགས་ཡིན་ནོ། །དང་པོ་འཕྲུལ་ཆེ་བར་དུ་ལྷངས། །མཐའ་མ་ཤ་ཡི་ལོངས་སྤྱོད་རྨི། །ནུས་པས་བསྟན་པ་སྲུང་བར་བྱེད། །གྲགས་པས་ཀུན་གྱིས་འཁུར་བར་འགྱུར། །རྣལ་འབྱོར་དམ་ཚིག་མ་ཉམས་ནས། །ལས་ཀུན་འགྲུབ་པར་ཐེ་ཚོམ་མེད། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།ཡང་ནི་བཤད་ཀྱིས་ལེགས་པར་ཉོན། ཨོཾ་མ་ཧཱ་ཀཱ་ཨེ་ཀ་ཙ་ཏི་གྷུ་ན་ཧྲི་ཏ་ཧཱུཾ་ཕཊ། མ་ཧཱ་ཀཱ་ལ་ཀ་ཁ་མུ་ཁ་རུ་ཏྲ་ཏིག་ནན་རྩ་ཁྲག་ཙིཏྟ་རྒྱས། སྲེག་ཁྲི་ཁྲག་ཧུར་ཐུམས་ཛ། མ་ཧཱ་ཀཱ་ལ་དགྲ་བོའི་རྩ་ཁྲག་ཙིཏྟ་ཧུར་སྲོག་ལ་ཐུམ་རིལ་རྦད། ནྲྀ་ཐུམས་ཐུམས་ཙིཏྟ་རྐུད་རྦད། སྲོག་ལ་རྨུགས། ཙིཏྟ་རྦུད་རྦད་མྱོགས། ཙིཏྟ་ཀུ་ལ་རྦད། རྦད་ཡམ། རྦུད་ཐུམས། རྦད་རཾ། རྦུད་མྱོགས། རྦད་ལམ་རྦུད་མྱོགས། རྦད་ལམ་རྦུད་མྱགས། རྦད་མ་ཧཱ་ཀཱ་ལ་དགྲ་བོའི་སྲོག་ལ་མྱོགས་ཐུམས་རིལ་རྦད། རྟགས་དང་ལྡན་པ་ལས་འགོར་ན། །རང་ཉིད་ཧེ་རུ་ཀ་རུ་བསྒོམ། །ཞི་ཁྲོ་སྐུལ་ཞིང་སྐམ་ཐུན་བྲབ། །ལྕེ་དྲིལ་དྲག་སྔགས་མགོ་གཞུག་བཟློག །ཉིན་པར་སྔགས་དེས་རཱུ་ཏྲ་གསད། །ཐེ་ཚོམ་མེད་པའི་དྲག་སྔགས་འདི། །བློ་ལ་མིག་ཟུང་རང་ལ་གཟན། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། སྤོགས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཡང་ནི་བཤད་ཀྱིས་ལེགས་པར་ཉོན། །ནད་གདོན་ཞི་བའི་ལས་བྱེད་ན། །རྗེ་འབངས་འཁོར་བཅས་དཀར་པོར་བསྒོམ། །རྒྱས་པའི་དུས་སུ་སེར་པོ་སྟེ། །དབང་གི་དུས་སུ་དམར་པོ་ལ། །དྲག་པོ་ལྗང་ནག་འོད་ཟེར་འཕྲོ། །འཇམ་ཞིང་རྒྱས་ཤིང་དབང་གི་


DNG024_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །དྲག་པོའི་ཤིང་རྣམས་བསག་བྱ་སྟེ། །ཟླུམ་པོ་གྲུ་བཞི་ཟླ་གམ་དང་། །གྲུ་གསུམ་དཀྱིལ་འཁོར་སྟེང་དུ་བརྩིག །སྐུ་བསྐྱེད་བསྲེག་རྫས་དབུལ་ཞིང་བསྟོད། །ཞི་བ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། བ་སུ་རཏྣ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨ་མྲི་ནྲྀ་བ་ཤཾ་ཀུ་རུ་སྭཱ་ཧཱ། རཱུ་ཏྲ་མཱ་ར་ཡ་ཕཊ། ལན་གྲངས་བརྒྱ་རྩས་ལས་ཀུན་འགྲུབ། །ཧེ་རུ་ཀ་ཡིས་འཁུ་ལྡོག་འཆིངས། །རང་འོག་གནན་པས་བན་དགྲ་འཆིངས། །རྟེན་གཏོར་བཅས་པས་སྲིའུ་གསོས། །གཏོར་ཟོར་འཕངས་ན་རྦད་འདྲེ་བཟློག །ཕུར་པའི་རྩེ་ཡིས་སེར་བ་ཐུབ། །རྡེའུ་དཀར་ནག་ཞོ་ཆང་སྲུང་། །ཚ་ཚས་གཞན་གྱི་ངག་ནི་ནོན། །བུམ་པས་ངག་མནན་བྱས་པ་ཁྲོལ། །རྫས་སྣ་བཞི་ཡིས་ལྟས་ངན་འགྲུབ། །རྫས་སྣ་གསུམ་གྱིས་ཇག་པ་བཅིངས། །ལྷ་མོས་ནོར་རྣམས་སྟེར་བར་བྱེད། །རྫས་སྣ་གསུམ་གྱིས་མིག་མཐོང་འགྲུབ། །རྫས་སྣ་བཅུ་ཡིས་སེར་བ་ཕེབས། །ཁྱུང་གིས་ཆར་པ་ཕེབས་པར་བྱེད། །རྫས་སྣ་དགུ་ཡིས་བུད་མེད་ཁུགས། །ཚོགས་གཏོར་བཤོས་བུས་ཐུགས་དམ་སྐོངས། །གང་བྱེད་རྩ་སྔགས་ཤམ་བུར་བསྒྱུར། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། ལས་ ཚོགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།ཡང་ནི་བཤད་ཀྱིས་ལེགས་པར་ཉོན། །ཧཱུཾ་དང་མ་གཉིས་རྗེ་ཡི་སྲོག །ཡབ་ཡུམ་དབྱིངས་ནས་ཤར་བ་སྟེ། །ཧེ་རུ་ཀ་དང་གཉིས་སུ་མེད། །ཧཱུཾ་རུ་ཧཱུཾ་ས་ལས་མཁན་སྲོག །གཙོ་བོ་ཡབ་ཡུམ་གཉིས་མེད་ནི། །གཉིས་སུ་མེད་པའི་སྤྲུལ་པའོ། །ར་ཡཱ་ཙ་དུ་གིང་བཞིའི་སྲོག །འཆུག་མེད་སྲོག་གི་གནད་བསྐུལ་བས། །གླག་ཁྲ་གཟན་ལ་འཇུམས་པ་བཞིན། །གང་ལ་དམིགས་པའི་དགྲ་བོ་དེ། །རླག་པར་བྱེད་ཅིང་རང་ལ་འདུ། །ཅི་བཅོལ་བསྒོ་བའི་ལས་ཀུན་བྱེད། །སངས་རྒྱས་བསྟན་པ་ང་ཡིས་བསྲུང་། །


DNG024_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྡན་བསྲུང་བ་མི་སྒྲུབ་རེ། །ཞེས་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། དྭངས་མ་སྲོག་གི་ལེའུ་སྟེ་བཅུ་བདུན་པའོ།། །།ཡང་ནི་བཤད་ཀྱིས་ལེགས་པར་ཉོན། །ནག་པོ་ཁྲོས་པའི་གསང་རྒྱུད་འདི། །སྤྱི་གཙུག་དག་ཏུ་ཁུར་ནས་ཀྱང་། །ཀློག་དང་འཆང་དང་ཀུན་ཆུབ་ཀྱིས། །མཆོད་པའི་ཚོགས་ཀྱིས་རབ་མཆོད་ལ། །སངས་རྒྱས་བསྟན་པ་རྒྱུད་འདིས་སྲུང་། །རྒྱུད་འདི་བཞུགས་པའི་ས་ཕྱོགས་སུ། །དྲེགས་པའི་ཚོགས་རྣམས་རབ་འདུ་ཞིང་། །འདི་ལ་བསྲུང་ཞིང་བསྒོམ་ཟློས་ན། །ཤ་ལ་སྦྲང་བཞིན་འདུ་བར་བྱེད། །བུ་ལྟར་བརྩེ་ཞིང་ལས་ཀུན་འགྲུབ། །ཐོགས་མེད་ནུས་པའི་རྩལ་སྐྱེད་དོ། །དཔལ་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལེའུ་བཅོ་བརྒྱད་པ་གསུངས་པས། ལྷ་དང་མི་དང་། ལྷ་མ་ཡིན་དང་། མི་སྲུན་དྲག་པོའི་འཁོར་རྣམས་ཡི་རངས་ཏེ། ནག་པོ་ཆེན་པོས་གསུངས་པ་ལ་མངོན་པར་བསྟོད་དོ། །སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་རྫོགས་སོ།། །།ཨེ་མ་ཧོ། ཨུ་རྒྱན་པདྨ་བདག་ལ་ཡང་། །སྐུ་གསུང་ཐུགས་ནི་ཁྲོས་པའི་རྒྱུད། །བསིལ་ཚལ་དུར་ཁྲོད་མགོན་པོ་ཡིས། །གསུངས་ཤིང་བཀྲོལ་ནས་བདག་ལ་གཏད། །ཡེ་ཤེས་འཚོ་རྒྱལ་ཐུགས་ལ་ཆོངས། །ཕྱི་རབས་དོན་དུ་གཏེར་དུ་སྦས། །ལས་ཅན་གཅིག་གིས་རྙེད་ནས་ཀྱང་། །སངས་རྒྱས་བསྟན་པ་བསྲུང་བར་ཤོག །གསོད་བྱེད་གྲི་གུག་གི་རྒྱ་ཡོད་དོ། །ས་མ་ཡ། རྒྱ་རྒྱ་རྒྱ། གཏེར་རྒྱ། སྦས་རྒྱ། གཏད་རྒྱའོ།། །།འདིར་དཔལ་མགོན་མ་ནིང་ནག་པོའི་ལས་རྒྱུད་ལེའུ་བཅུ་གསུམ་པ། དངོས་གྲུབ་བསྟན་གཟིགས་ལེའུ་བཅུ་གཅིག་པ་རྒྱ་གཏེར་བྱོན། མགོན་པོ་ནག་པོ་སྙིང་གི་དངོས་གྲུབ་བསྟན་གཟིགས་རྟོག་པ་ལྡང་རྒྱའི་གཏེར་བྱོན་རྣམས་འོངས་དགོས་ཀྱང་དཔེ་མ་འབྱོར།། །།

དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོ་ཞེས་བྱ་བའི་རྒྱུད།


DNG024_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ནཱ་ཐཱ་ཀཱ་ལ་ཨབྷི་སྨཱས་ན་ལ་ལཱི་ཏ་ཡུ་དྷ་ཙཀྲ་ནཱ་མ་ཏནྟྲ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བགྲོ་བ་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དེ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བྱེ་བྲག་དུ་མ་ན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་ཡུལ་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་དག་པ་དང་། རྒྱལ་པོ་ལྔ་ལྟར་རྫོགས་ལོངས་སྤྱོད་པ་དང་། ཐུབ་པའི་དབང་པོ་ལྟ་བུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་དྲུང་ན་རང་རང་དང་མཐུན་པའི་སྐུ་དང་། མཚན་གྱི་བྱེ་བྲག་དུ་མ་སྟོན་ཅིང་འཁོད་དེ། སྐུའི་བྱེ་བྲག་དེ་འདྲ་བ་རེ་རེའི་འཁོར་ན་ཡང་འདུན་པ་སེམས་པ་དང་། རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱི་བྱེ་བྲག་གྲངས་བརྗོད་ཀྱིས་མི་ལང་བས་བསྐོར་ནས་བཞུགས་སོ། །དེ་དང་དེ་ཉིད་འབྱུང་བའི་དུས་ཀུན་ཏུ། རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེ་འཁོར་ན་ཆོས་སྟོན་ཏོ། །དེ་ཡང་གང་ཞེ་ན། སེམས་ཀྱི་རང་བཞིན་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་དེ་ཉིད་དོ། །སྤྲུལ་པའི་སྐུ་དེ་དག་འདས་ནས་ཀྱང་འབྱུང་བའི་དུས་དེའི་འཁོར་གྱིས་རྟོག་པ་སེལ་ཞིང་གསང་སྔགས་སྟོན་ཏོ། །དེའི་དུས་ན་ཐུབ་པ་ཆེན་པོ་དེ་ཉིད་དགོངས་པ་གསུམ་གྱི་ཕྱིར་མྱ་ངན་ལས་འདའ་བའི་ཚུལ་སྟོན་ཏོ། །དེའི་དུས་ན་རྫུ་འཕྲུལ་ཅན་བཀའ་བགྲོ་བ་མཛད་ནས་འཁོར་བསྡུས་པས། གང་ནང་དུ་ཡང་དག་པར་འཇོག་པ་ལྔ་མ་གཏོགས་པ་འདུས་ནས་རང་རང་གི་ཐེ་ཚོམ་བཅད་དོ། །འཁོར་འདུས་པའི་ནང་ནས་རིག་འཛིན་རྒྱལ་པོ་ཉིད་ཀྱིས་གསང་བ་དམ་པའི་བསྟན་པ་རྒྱས་པར་ནམ་བྱུང་། སངས་རྒྱས་ཉིད་ཀྱིས་གསང་སྔགས་མི་སྟོན་ནམ་ཞུས་པས། གསང་སྔགས་དུས་བཅུ་གཉིས་


DNG024_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དུས་སུ་བྱུང་། འབྱུང་འབྱུང་བར་འགྱུར་རོ། །དེ་ལྟར་ངས་ཚོགས་སུ་རྒྱས་པར་མ་བྱས་ཀྱང་། དམ་པའི་རིགས་རྟོགས་པ་གསུམ་ལྡན་ལ་སོགས་ཀུན་ལ་རྒྱས་པར་བཤད་པས་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ཀྱི་དུས་སུ་འབྱུང་ཞེས་ལུང་བསྟན་ནས་འདས་སོ། །ལོག་པའི་བདུད་རྣམས་ཀྱི་ཀྱལ་ཀའི་ཚིག་སྒྲོགས་པར་འགྱུར་ལ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཕལ་ཆེ་བ་མྱ་ངན་གྱིས་གདུངས་ཤིང་ཀྱི་ཧུད་ཀྱི་ཧུད་དུ་ཆོ་ངེས་འདེབས་སོ། །རང་གི་དོན་ལ་སེམས་དཔའ་རྣམས་ནི་འདའ་བ་མེད་པའི་དོན་ཆུད་དེ་གནས་སོ། །དེ་ནས་དེའི་དུས་ལ་བབ་པའི་ཚེ་དམ་པའི་རིགས་ཅན་ལྔ་ནི་འདི་ལྟ་སྟེ། བློ་གྲོས་ཐབས་དང་ལྡན་པ་དང་། ཟབ་པ་དང་། དྲི་མ་མེད་པ། མཐའ་ཡས་པ། བློ་གྲོས་གསལ་བ། རང་གི་མངོན་པར་ཤེས་པས་མཁྱེན་ཏེ། རྫུ་འཕྲུལ་གྱིས་ལྷོ་ཕྱོགས་ཀྱི་གླིང་ཏན་ཏྲའི་ཚལ་དྲག་ཤུལ་ཅན་གྱི་རི་ལ་ཚོགས་ཏེ། སྟོན་པ་འདས་པ་དང་། གསང་སྔགས་ཀྱི་ཐེག་པ་མ་བྱུང་བ་ལ། གདུང་བ་དང་བཅས་ཏེ་སྨྲེ་སྔགས་ཆེར་བསྒྲགས་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་གསན་ནས། གསང་བའི་བདག་པོ་ལ། རིན་པོ་ཆེའི་འཁོར་ལོ་རྩིབས་དང་ལྡན་པའི་དབང་བསྐུར་ནས་གསང་སྔགས་རྡོ་རྗེ་ཐེག་པ་ཤོད་ཅིག་པར་བཀའ་བསྒོའོ། །དེ་ནས་གསང་བའི་བདག་པོས་ཞལ་གྱིས་བཞེས་ཏེ། ཐུགས་རྗེའི་རྫུ་འཕྲུལ་གྱིས་རང་བཞིན་གྱི་སྐུར་མཛད་ནས། རི་མ་ལ་ཡའི་རྩེར་བྱོན་ནོ། །དེར་དམ་པའི་རིགས་ཅན་ལྔ་པོ་འདི་ཅི་ཡིན་སྙམ་སྟེ་ཐེ་ཚོམ་དུ་གྱུར་ནས་དྲིས་པ། ཨེ་མ་ཧོ། ངོ་མཚར་ཆེའོ། །སྐྱེས་བུ་ཆེན་པོ་ཁྱོད་སུ་ཞིག་ཡིན། གང་ནས་བྱོན། གདུང་རུས་ཕ་མ་ཅི་ཡིན་གང་ལ་བརྟེན། དོན་ཅི་ལ་བྱོན་ཞེས་དྲིས་པས། གསང་བའི་བདག་པོས་བཀའ་སྩལ་པ། །ང་ནི་ཅིས་ཀྱང་མི་བསྐྱོད་དེ། །འགྱུར་མེད་རྡོ་རྗེ་སེམས་དཔའ་ལས། །ཡེ་ཤེས་ཐུགས་རྗེས་འགྲོ་དོན་ལ། །བྱོན་པས་གསང་བདག་ཕྱག་རྡོར་ཡིན། །སྲིད་གསུམ་འགྲོ་བའི་གཉེན་གཅིག་ཡིན། །སྟོང་པ་ཆེན་པོའི་དབྱིངས་ནས་འོངས། །ཕ་ནི་སྣ་ཚོགས་མ་འགགས་ཐབས། །མ་ནི་ཤེས་རབ་བརྗོད་དང་བྲལ། །རྡོ་རྗེ་རིགས་ཆེན་ང་ཡི་


DNG024_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རུས། །བཤེས་གཉེན་ཕྱོགས་བཅུའི་སངས་རྒྱས་ཀྱིས། །དབང་བསྐུར་འགྲོ་བའི་ཚིག་ལ་བརྟེན། །ཁྱེད་ཀྱི་ཐེ་ཚོམ་སེལ་དུ་འོངས། །འགྲོ་བ་སྨག་རུམ་འཁྱམས་པ་ལ། །ཡེ་ཤེས་སྒྲོན་མེ་སྤོར་དུ་འོངས། །འཁོར་བའི་རྒྱ་མཚོར་བྱིང་བ་ལ། །ཐབས་ཀྱི་གྲུ་གཟིངས་བྱེད་དུ་འོངས། །མ་རིག་ལིང་ཏོག་ལྡོངས་པ་ལ། །ཡེ་ཤེས་ཐུར་མས་འབྱེད་དུ་འོངས། །ལམ་སྟོར་རྫོབ་ཏུ་འཁྱམས་པ་ལ། །མ་ནོར་ལམ་སྣ་འདྲེན་དུ་འོངས། །མ་རྟོགས་དོན་གྱིས་དབུལ་བ་ལ། །རང་གཏེར་ཡིད་བཞིན་འདོན་དུ་འོངས། །རྟོག་པའི་གཟུང་འཛིན་སྒོ་ལྕགས་ལ། །འཕྲུལ་གྱི་ལྡེ་མིག་འགྲོལ་དུ་འོངས། །སྟོན་པ་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །འབྱུང་འཇིག་དར་ནུབ་ཐུགས་རྗེ་ཡིན། །ཞེས་གསུངས་སོ། །དམ་པའི་རིགས་ཅན་ལྔ་པོས་དང་བའི་སེམས་ཀྱིས་ཕྱག་བཙལ་ནས་བསྟོད་དོ། །ཨེ་མ་བཅོམ་ལྡན་གསང་བའི་བདག །བཀའ་ཡི་འགྲེལ་ཆེན་གསང་བའི་མདོ། །ཆོས་ཀྱི་མེ་ལོང་བདུད་ཀྱི་དགྲ། །སྨན་པའི་རྒྱལ་པོ་ཡིད་བཞིན་ནོར། །སངས་རྒྱས་ཀུན་དངོས་ཁྱོད་ཕྱག་འཚལ། །ཞེས་ཕྱག་བཙལ་ལོ། །དེའི་དུས་སུ་མི་མཇེད་འཇིག་རྟེན་འདིར། མངོན་སུམ་མཚན་མའི་ལྟས་སྣ་ཚོགས་དང་། འཕོ་འགྱུར་དང་ཆོ་འཕྲུལ་ལ་སོགས་དུ་མ་ཡང་བྱུང་ངོ་། །དེའི་དུས་སུ་གསང་སྔགས་ཀྱི་རིགས་ཅན་ལྷའི་ཚོགས་དང་། དྲང་སྲོང་དང་། གཤིན་རྗེ་དང་། བདུད་དང་། གནོད་སྦྱིན་དང་། དཔལ་མགོན་པོ་ནག་པོ་ལ་སོགས་པ་མ་མོའི་ཚོགས་དང་། ལྷ་མ་སྲིན་སྡེ་བརྒྱད་ཀུན་འདུས་ཏེ། རང་རང་གི་སྲོག་སྙིང་ཕུལ་ནས་བྲན་དུ་ཁས་བླངས་ཤིང་བསྟན་པ་བསྲུང་བར་དམ་བཅས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གླེང་གཞི་སྔོན་གྱི་གཏམ་རྒྱུད་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་འཁོར་དེའི་ནང་ནས་སྲིན་པོའི་རྒྱལ་པོ་ལང་ཀ་


DNG024_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་བཅུ་ཞེས་བྱ་བ། སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་བྱས་པ། ཐུབ་པའི་དབང་པོ་ལས་གསང་སྔགས་ཀྱི་ངེས་པ་རྙེད་པ་དེས། ཆེད་དུ་རང་གི་སྟན་ལས་ལངས་ནས། ཨེ་མ་ཐུགས་རྗེའི་མངའ་བདག་མཆོག །སངས་རྒྱས་ཁྲོས་པའི་སྐུ་མཆོག་དཔལ། །ཉིད་ཀྱི་བཀའ་ཡི་ལས་མཁན་མཆོག །སྨྱོན་པ་ནག་པོ་གཏུམ་བག་ཅན། །བདེ་མཐོང་ཐར་པའི་ལམ་རྙེད་ཀྱང་། །སེམས་བསྐྱེད་དབང་གིས་གཞན་དོན་དུ། །བཟང་པོ་དུས་ཚོགས་སྲུན་པ་དེའི། །ལྟ་སྤྱོད་དཀྱིལ་འཁོར་རྣམ་གྲངས་དང་། །དབང་དང་དམ་ཚིག་སྒྲུབ་ཐབས་དང་། །དེ་ཡི་རྫས་དང་སྙིང་པོ་རྟགས། །ལས་ལ་བསྐུལ་དང་མཐའ་སྡུད་དང་། །ཕྲིན་ལས་བྱེ་བྲག་འབྲས་བུ་དང་། །རྒྱུ་རྐྱེན་གཏན་ལ་དབབ་པ་རྣམས། །འདུས་པའི་འཁོར་དང་ཕྱི་རབས་ཀྱི། །དོན་དུ་བདག་ལ་བསྟན་པར་མཛོད། །ཅེས་ཞུས་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་མཛད་དེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྨྱོན་པ་ནག་པོ་གདུག་རྩུབ་ཅན། །སངས་རྒྱས་སྟོང་གིས་བྱིན་བརླབས་པས། །བཏུལ་ཏེ་སྒྲིབ་སྦྱངས་ཐར་ལམ་བསྟན། །ཕྲིན་ལས་རྫོགས་པར་ལུང་བསྟན་ནས། །རང་དམ་སེམས་བསྐྱེད་བྱ་བའི་ཕྱིར། །བསྐལ་བཟང་རྫོགས་པར་བསྟན་པ་བསྲུང་། །དེ་ཉིད་ལྟ་བ་སྤྱོད་པ་གཉིས། །དཀྱིལ་འཁོར་དག་ནི་བདུན་དུ་ངེས། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། །ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་དང་། །བྱང་ཆུབ་སེམས་དང་བསོད་ནམས་ཚོགས། །བཀའ་སྡོད་ཕོ་ཉ་དྲག་པོ་ལས། །གཏད་ཁྲམ་གནན་པའི་དཀྱིལ་འཁོར་རོ། །དབང་བསྐུར་བ་དང་དམ་ཚིག་བཅུ་གསུམ་དང་། །མཆོད་རྟེན་རྐང་དང་དྲག་ཐུན་རྫས། །བསྙེན་བསྒྲུབ་ལས་སྦྱོར་སྔགས་རྣམས་དང་། །རྟགས་དང་བསྐུལ་བའི་བྱེ་བྲག་གསུམ། །སྒྲུབ་པའི་ཐབས་ལ་གསུམ་དུ་ངེས། །དཔའ་བོ་གྱིང་དུ་སྒྲུབ་པ་དང་། །རྩ་བ་བདུད་ལྟར་སྒྲུབ་པ་དང་། །དྲག་པོ་གཤིན་རྗེ་ལྟར་སྒྲུབ་པའོ། །ལྷ་ནི་ཤེས་པ་ཧེ་རུ་ཀ །གཉེན་པོ་ངའམ་བྱེ་བྲག་གསུམ། །སྒྲུབ་པའི་ཐབས་ལ་གསུམ་དུ་ངེས། །དཔའ་བོ་རྟ་མགྲིན་དབང་གིས་


DNG024_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ། །བདུད་འདུལ་རྡོ་རྗེ་སྲིན་པོའོ། །དྲག་པོ་འཇམ་དཔལ་གཤིན་རྗེ་གཤེད། །ལས་རིམ་ཞི་རྒྱས་ཕན་གདགས་དང་། །དབང་དུ་བསྡུ་དང་དབབ་བསད་དང་། །བསྲེག་དང་གནན་པ་ཟོར་གྱིས་རྫོགས། །དེ་ཡི་རྒྱུ་དང་རྐྱེན་ལ་དབང་། །བཏུལ་ལུགས་བྱེ་བྲག་རིམ་པ་བཞིན། །སྔོན་གྱི་གོ་ཆ་གྱོན་པའི་མཐུས། །རིམ་པས་བཤད་ཀྱིས་ཆགས་པས་ཟུང་། །ཞེས་གསུངས་སོ། །གླེང་སློང་ཞལ་གྱིས་བཞེས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གནས་ལུགས་མ་བཅོས་པའི་དོན་འདི་གསུངས་སོ། །ཧཱུཾ། འདས་པའི་དུས་ན་སྔོན་བྱུང་བའི། །མི་བསྐྱོད་ཞིང་ཁམས་དག་པ་རུ། །དགེ་སློང་ཐུབ་དཀའ་གཞོན་ནུ་ཡིས། །ཁྱིམ་བདག་ཀེའུ་ཀ་ཡའི་བུ། །དགེ་སློང་ཐར་པ་ནག་པོ་དང་། །དན་ཕག་གཡོག་དང་བཅས་པ་ལ། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་གསུངས། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །སེམས་ཀྱི་དཀྱིལ་འཁོར་གང་གསལ་བས། །གསང་སྔགས་ངོ་བོ་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའི་རང་བཞིན་ཏེ། །ཡོན་ཏན་མཚན་གྲགས་མང་དུ་གྲགས། །གསུངས་པ་དེ་ཡང་འདི་ལྟ་སྟེ། །གནས་ལུགས་ཇི་བཞིན་ཆོས་ཉིད་དེ། །རྣམ་རྟོག་བློ་ཡིས་མ་བཅོས་པར། །རང་བཞིན་རྣལ་མའི་དོན་རྟོགས་ན། །དངོས་པོ་གང་ལའང་མ་ཞེན་པར། །གཞི་ལས་མ་གཡོས་གནས་པ་ཡིས། །འདོད་ཡོན་ཞེན་ཆགས་ལ་སྤྱད་ཀྱང་། །འཆིང་བར་མི་འགྱུར་རང་སར་གྲོལ། །མཁའ་དང་སྤྲིན་དང་ཆོ་འཕྲུལ་འབྱུང་། །སྣང་དང་རང་གྲོལ་འགྱུར་སྙམ་མེད། །དེ་བཞིན་རྟོགས་པའི་རྣལ་འབྱོར་པ། །དམ་པའི་ལམ་ལ་གནས་པ་ཡིན། །སེམས་ཉིད་མ་བཅོས་སྣ་ཚོགས་འབྱུང་། །གསལ་ཞིང་རིག་པའི་ངོ་བོའོ། །དཀྱིལ་ཞེས་རང་བཞིན་སྤྲོས་དང་བྲལ། །རྣམ་པ་མི་འགག་འཁོར་ལྟར་སྣང་། །ཐིག་ལེ་རང་རིག་ཡེ་ཤེས་དེ། །འོད་ཅེས་བྱ་བ་སྣང་བའི་རྩལ། །རང་རིག་མ་བསྒྲིབས་རང་བཞིན་གསལ། །སྨྲར་མེད་སྤྱོད་ཡུལ་བྲལ་བས་གསང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །


DNG024_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་འབྱུང་གནས་ཉིད་དུ་སྔགས། །མི་དམིགས་ངང་ལས་ཀུན་འབྱུང་བས། །ངོ་བོ་ཉིད་ཅེས་བརྗོད་པའོ། །དེ་ལ་གཉེན་པོ་མེད་པ་དང་། །འཕོ་འགྱུར་སྐྱེ་འགག་མེད་པ་ཡིས། །མཚན་མའི་བདག་རྟོག་འཇོམས་པའི་ཕྱིར། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །དེ་ཉིད་རང་བཞིན་མ་བཅོས་པ། །གསལ་སྟོང་རིག་པའི་ཡེ་ཤེས་སེམས། །དངོས་པོ་ཀུན་བཅོས་དཔལ་ཞེས་བརྗོད། །འགྲན་ཟླ་མེད་པས་བླ་ན་མེད། །གསལ་ལ་མི་གཡོ་བྱང་ཆུབ་སེམས། །ཕྱོགས་རིས་བྲལ་ཞིང་མ་བཅོས་པ། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །མ་སྤངས་རང་གྲོལ་སྙིང་པོ་ཉིད། །དེ་ཕྱིར་མཐའ་ལས་འདས་པ་དང་། །དབུ་མར་མི་དམིགས་པ་ཞེས་བྱ། །གང་ལྟར་མོས་པར་སྣང་བས་ན། །སངས་རྒྱས་ཀུན་གྱི་དངོས་གཞི་ཡིན། །འགྲོ་འོང་མེད་བཞིན་འདུལ་སྣང་བས། །སྤྲུལ་པ་ཀུན་གྱི་འབྱུང་གནས་ཡིན། །དེ་ལ་བརྟེན་ནས་དེ་འབྱུང་བས། །ཀུན་གྱི་དགེ་བའི་བཤེས་གཉེན་ཡིན། །དེ་རྟོགས་མུན་པ་སེལ་བས་ན། །ཞིང་ཁམས་ཀུན་ཏུ་སྒྲོན་མེ་ཡིན། །ཅི་ཡང་མི་འགག་ཀུན་འཆར་བས། །ཐུགས་རྗེ་ཐབས་ཀྱི་འབྱུང་གནས་ཡིན། །ཆོས་རྣམས་མ་འདྲེས་རང་སྣང་བས། །ཀུན་གསལ་མེ་ལོང་འོད་པོ་ཆེ། །དེ་ལྟ་བུ་ཡི་དོན་རྟོགས་ན། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །བདག་གཞན་ཆ་ཡིས་སྤྱོད་པ་ཡང་། །ལྟ་བའི་བོགས་སུ་དབྱུང་བ་དང་། །དེ་ལས་མི་འདའ་དམ་ཚིག་བཤད། །གཏད་ནས་མ་རྟོགས་སེམས་ཅན་ལ། །ཕན་པའི་སྤྱོད་པ་སྣ་ཚོགས་པས། །སྒྲོལ་བ་ཉིད་དང་སྦྱོར་ལ་སོགས། །མཁའ་ལ་ཁྱུང་དང་ཆུ་ལ་ཉ། ། དབྱེར་མེད་ཐོགས་ཆགས་མེད་པར་སྤྱོད། །ལོངས་སྤྱོད་མེད་བཞིན་ཐམས་ཅད་སྤྱོད། །མི་འགོག་མི་འཛིན་ཚོགས་གཉིས་རྫོགས། །ཤེས་འཇུག་ཀུན་དང་གཞན་དོན་དུ། །ལམ་བསྒོམས་སྐད་ཅིག་ཆ་བསྒོམས་ནས། །བསོད་ནམས་དཀྱིལ་འཁོར་མོས་སློབ་ཅིང་། །རང་བཞིན་ཕབ་རྫོགས་མཆོད་བསྙེན་ཀུན། །ཇི་ལྟར་སྤྱད་ཀྱང་ཉིད་དུ་གྲོལ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ཇི་བཞིན་ཉིད་


DNG024_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཕྱག་རྒྱ་དངོས་གྲུབ་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །གསང་སྔགས་འཕྲིན་སྒྲུབ་བྱེད་པ་རྣམས། །འབྲས་བུ་མེད་ཅིང་རླག་པར་འགྱུར། །ཡི་གེ་སྒྲོ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པས་ན། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཕྱར་བས་གལ་ཏེ་སྦྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེགས་དང་སྦྲེབས་པར་ཡུན་རིང་གནས། །ཉམས་དགའ་ཕུན་སུམ་ཚོགས་པ་ཡིས། །གནས་མཆོག་དམ་པ་ཡིད་འོང་བར། །ཚུལ་དང་མཐུན་པའི་རྫས་རྣམས་བསོགས། །མཎྜལ་ལ་སོགས་མཛེས་བྱས་ནས། །ཁྲུས་བྱས་ལྷ་བསྒོམ་སྙིང་གར་ཧཱུཾ། །བགེགས་བསྐྲད་ཕྱོགས་བསྲུང་དཀྱིལ་འཁོར་ལ། །འོད་ཟེར་འཕྲོ་འདུས་དབང་པོ་དགུག །ཕྱག་བཙལ་མཆོད་པ་འདི་ཡང་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་དྷ་ར་མ་ཧཱ་ཛྙཱ་ན་མཎྜ་ལ་ཧཱུཾ། ཡོན་ཆབ་སྤོས་སོགས་མཆོད་པ་དང་། །གཏོར་མ་བདུད་རྩི་རཀྟ་རྣམས། །རིམ་པ་བཞིན་དུ་སྔགས་ཀྱིས་དབུལ། །ཐུགས་ལས་ཕྱུང་ལ་གཉིས་མེད་རོལ། །ཧཱུཾ། བདག་འདྲ་ལོག་པའི་སྟོབས་ལྡན་གྱིས། །ཐོག་མཐའ་མེད་པའི་དུས་མཐའ་ནས། །སྲིད་པའི་འཁོར་ལོར་འཁྱམ་པར་ངེས། །སྐྱེ་བ་མང་པོའི་ལུས་བླངས་པས། །སུས་ཀྱང་མ་བྱས་རང་གི་ལས། །དེ་ཙམ་ཆ་གཅིག་དོན་སྤྱད་ན། །དེ་ཙམ་དོན་གྱིས་སངས་རྒྱས་ཟིན། །རང་ལུས་སྟོང་པར་མ་ཕོད་ཅིང་། །ཆགས་པའི་མཐའ་ལ་མངོན་ཞེན་པས། །ཟུག་རྔུའི་ནད་ཀྱིས་ཟིན་པ་ཡིན། །སྲིད་པའི་བཙོན་རར་ཆུད་པ་འདི། །མཁའ་ལ་མདུད་པ་བརྒྱབ་པས་ཉེས། །འཁོར་བའི་རླུང་སྒོར་ཁྱེར་བ་འདི། །ལས་ཀྱི་རླུང་གིས་དེད་པས་ཉེས། །


DNG024_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་བ་མ་ལུས་ལ། །འདི་དག་མི་འཆབ་མཐོལ་ལོ་བཤགས། །ཨོཾ། རྡོ་རྗེ་སེམས་དཔའི་ཡིད་སྐྱོབས་ཤིག །རྡོ་རྗེ་སེམས་དཔའ་ཉེ་ཞིང་བསྟན་པར་མཛོད། །བདེ་བར་གྱུར་ཅིག་ཀུན་ཏུ་བདེ་བར་གྱུར། །ཤིན་ཏུ་བདག་ལ་ཐུགས་རྗེས་ཁྱབ་པར་མཛོད། །བདག་ཉིད་ཤིན་ཏུ་བདེ་བར་གྱུར་ཅིག །དངོས་གྲུབ་ཐམས་ཅད་བདག་ལ་མྱུར་དུ་གསོལ། །ཕྲིན་ལས་ཐམས་ཅད་དག་པར་མཛོད། །སེམས་ཉིད་དཔལ་དུ་མཛོད་ཅིག་ཐུགས་དགེས་བདེ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཀུན། །རྡོ་རྗེ་སེམས་ཀྱི་དཀྱིལ་དུ་བདག་འདྲིལ་ཅིག །རྡོ་རྗེ་འབྱུང་པོ་ཆེན་པོའི་དམ་ཚིག་གིས། །སེམས་དཔའ་སྐྱེ་མེད་ཀློང་དུ་དག་པར་མཛོད། །ཨོཾ་ཏ་ཀེཾ་ཏ་ཀེཾ་ཕཊ། ཀྲོ་ཏ་ཀྲོ་ཏ་རཾ་ཏཾ་སྣ་ཏིག་ཁཾ་ཧ་ལ་ཧ་ལ་ཡཾ། དང་པོ་འཛིན་པ་སྟོང་པ་ཉིད་དག་པར་བསྒོམ་མོ། །དབང་པོ་འོད་དུ་ཞུ་མཆོད་པའི་རྫས་རྣམས་བརླབ། ཨོཾ་བཛྲ་ཨ་མྲྀ་ཏ་ཨ་ཧོ་སརྦ་མན་ཧཱུཾ་ཧྲཱྀ་ཋ། ཨོཾ་མ་ཧཱ་བྷ་ལིང་ཏ་ཏེ་ཙོ་བྷ་ལིང་ཏེ་ཧཱུཾ། ཨོཾ་མ་ཧཱ་རཀྟ་རཱ་ག་ཤཱུ་ནྱ་ཏཱ་ས་མུ་དྲ་མཎྜ་ལ་ཧཱུཾ། ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། སྔོན་དུ་འགྲོ་བའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྒྲུབ་པའི་རིམ་པ་འདི་གསུངས་སོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནའང་སྐྱེས་པ་མེད། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་བྱ་ཞིང་། །ཧཱུཾ་གསལ་འབྱུང་བའི་དཀྱིལ་འཁོར་བསམ། །བྷྲཱུཾ་ལས་དུར་ཁྲོད་འཇིགས་པའི་གནས། །རང་བཞིན་ཕྱི་ནང་མཐའ་དབུས་བྲལ། །སྣང་སྟོང་གར་ཡང་རྒྱ་མ་ཆད། །དུར་ཁྲོད་ཐོད་པའི་རྒྱུ་ལས་གྲུབ། །ཡེ་ཤེས་ལྔ་ཡི་འོད་ཟེར་འབར། །འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་། །གྲུ་ཆད་བར་ཁྱམས་སྒོ་གཉིས་བརྩེགས། །བསྐལ་པ་མེ་རི་རབ་ཏུ་འཁྲུགས། །དྲེགས་པ་ཁྱོ་ཤུག་བསྣོལ་བ་དང་། །དྲི་ཟ་སྲིན་པོ་གཤིན་རྗེ་བདུད། །དོམ་དང་


DNG024_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་མཆོག་མ་ཧེ་སྟག །གཟིག་གིས་བརྫིས་ཏེ་ཉི་དལ་བསམ། །ཕྱི་རོལ་ཞིང་དང་ཉི་མ་བསམ། །ཞིང་སྐམ་གདན་གྱི་བྱེ་བྲག་ལྡན། །དབུས་སུ་རྒྱུ་ལས་རྡོ་རྗེ་འབར། །འཕྲོ་འདུས་འོད་ལས་རྩ་སྔགས་ཀྱིས། །བཛྲ་ཁྲག་འཐུང་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གཡོན་དཀར་དམར་དབུས་མཐིང་ཞལ། །ཁམ་ནག་དབུ་སྐྲ་ཁྲོ་རྟགས་བརྒྱན། །རྡོ་རྗེ་ཁ་ཊྭཱཾ་རྔེ་ཆུང་གཡས། །བྷནྡྷ་རྒྱུ་ཞགས་དུང་ཁྲག་གཡོན། །དུར་ཁྲོད་ཆས་རྫོགས་གར་དགུའི་སྟབས། །ཡུམ་མཆོག་མཐིང་ནག་འཁྲིལ་འཁྱུད་སྦྱོར། །ཐུགས་ལས་ཧཱུཾ་བཞི་གདན་ལས་སྤྲོས། །སྒོང་སྐྱེས་ཡུལ་དུ་རིགས་བཞི་བསྐྱེད། །ཞལ་གཅིག་ཕྱག་གཉིས་ཁྲོ་ཚུལ་འགྱིང་། །སྨུག་སེར་དམར་ལྗང་རྩ་བ་གནག །འཁོར་ལོ་རཏྣ་དབྱུག་པ་དང་། །པདྨ་དགྲ་སྟྭ་རལ་གྲི་འཕྱར། །ཐོད་ཁྲག་འཐུང་ཞིང་ཡུམ་དང་འཁྲིལ། །ཡེ་ཤེས་མེ་ཡི་ཀློང་དུ་བསྒོམ། །རིགས་བཞི་ཐུགས་ཀྱི་འོད་ཟེར་ལས། །སྔགས་བརྗོད་བརྫུས་སྐྱེས་འཁོར་རྣམས་བསྐྱེད། །ནང་གི་རྩིབས་མཆན་གྲུ་ཆད་ལ། །དཀར་མོ་རྐུན་མོ་རྨོངས་མོ་དང་། །ཐལ་བྱེད་སྦོས་མོ་གྷསྨ་རཱི། །སྨ་ཤ་ཚེ་འཕེལ་བརྒྱད་པོ་བསྒོམ། །ཁྱམས་ཀྱི་ཕྱོགས་མཚམས་རིམ་པ་རུ། །སེང་སྟག་ཝ་དང་ཁྱི་གདོང་ཚོགས། །བཞད་དང་ཀང་ཀ་བྱ་རོག་འུག །མཚམས་སུ་དགོད་དེ་འཇིགས་པའི་གཟུགས། །སྲིད་འགྲོ་གདོང་འགྲོ་འཇིག་རྟེན་གསལ། །རོ་ལངས་མ་རྣམས་སྒོ་བཞིར་བསྒོམ། །སྲིན་མོ་སྨུག་ནག་ལ་སྩོགས་ཏེ། །དྲག་མོ་ཉེར་བརྒྱད་ཕྱི་ཁྱམས་ལའོ། །བསྐྱེད་ལ་དབང་བསྐུར་བྱིན་བརླབ་བྱ། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་ནི། །རང་གི་སྙིང་གའི་འོད་ཟེར་ལས། །དབྱངས་དང་ལྡན་པའི་ལྷ་མོ་ཡིས། །ཕྱོགས་དུས་ཀུན་ནས་སྤྱན་དྲངས་ཏེ། །ཕྱག་བཙལ་དབང་བསྡུ་བཀུག་བསྡིམས་ནས། །དང་པོ་ཐུན་མོང་རྫས་ལྔས་མཆོད། །དེ་ནས་ཁྱད་པར་རྣམ་གསུམ་དབུས། །སྨན་གྱིས་མཆོད་རྗེས་དངོས་གྲུབ་བླང་། །གཏོར་མ་དབུལ་ཞིང་གསང་ནན་སྦྲེང་། །


DNG024_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་ཚར་གསུམ་ཕུལ་ནས་ཀྱང་། །མ་མོ་རྣམས་ཀྱིས་བསྟོད་ཚིག་དབུལ། །རྟོག་པ་རྒྱུན་གྱི་གདུལ་བྱ་རྣམས། །ཡེ་ཤེས་མ་འདྲེས་ཡོངས་རྫོགས་བསྟོད། །སྨོན་ལམ་བཏབ་ལ་འཛབ་བསྙེན་དབུལ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཕྱི་ནང་གསང་བའི་བཟླས་པ་ཡིས། །འཕྲོ་འདུ་ཚུལ་དང་ཕུང་པོ་བརྟེན། །ཡབ་ཡུམ་ཞལ་སྦྱོར་ཚུལ་གྱིས་ནི། །འབུམ་མམ་བྱེ་བ་རྫོགས་པར་བྱའོ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ཡི་དམ་གྱི་ལྷ་ཕྱག་རྒྱ་དངོས་གྲུབ་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བསྙེན་པ་ལྷའི་ཏིང་ངེ་འཛིན་འདི་གསུངས་སོ། །གཉེན་པོ་ལྷ་དང་གཉིས་ཡིན་ཏེ། །སྤྱི་དང་སོ་སོར་གཏང་བའོ། །སྤྱི་ནི་ང་ཉིད་གསང་བའི་བདག །མི་རྟོག་ངང་ལས་དྲན་རྫོགས་སུ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་བརྗིད། །རྡོ་རྗེ་ཁྲོ་ཚུལ་སྡིགས་མཛུབ་རྔམ། །དུར་ཁྲོད་ཆས་རྫོགས་མེ་དཔུང་ཀློང་། །ཉིད་དང་འདྲ་བའི་གནོད་སྦྱིན་ཚོགས། །དུ་མས་བསྐོར་བར་གསལ་བསྒོམས་ནས། །སྙིང་པོ་འདི་དག་རྟག་ཏུ་བཟླས། །ཨོཾ་ནི་ལམ་བྷ་ར་དྷ་ར་བཛྲ་པཱ་ཎི་ཨཛྙཱ་པ་ཡ་ཏི་ཧཱུཾ། ཡག་ཤ་བཛྲ་པཱ་ཎི་ཧྲྀ་ད་ཡ་ཧཱུཾ་ཕཊ། དྲག་པོ་ལྔ་ནི་གཤིན་རྗེ་གཤེད། ། མཐིང་ནག་ཞལ་གསུམ་ཕྱག་དྲུག་བརྗིད། །གཡས་དཀར་གཡོན་དམར་དུར་ཁྲོད་ཆས། །འཁོར་ལོ་རལ་གྲི་ཐོ་བ་གཡས། །ཐོད་པ་སྡིགས་མཛུབ་ཕུར་པ་གཡོན། །ཡུམ་དང་གཉིས་སུ་མེད་པར་བསམ། །ཉི་ཟླ་པདྨ་གཤིན་རྗེ་གདན། །དུར་ཁྲོད་མེ་ཡི་གླིང་ན་རྔམ། །གསང་སྔགས་འདི་དག་རྒྱུན་དུ་བཟླས། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། དཔའ་བོ་གྱིང་ལ་རྟ་མཆོག་དབང་། །དམར་སྨུག་ཞལ་གསུམ་ཕྱག་དྲུག་བརྗིད། །དཀར་ལྗང་ཞལ་ལྡན་རྟ་མགོ་ལྗང་། །པདྨ་རྡོ་རྗེ་མདའ་ཟོར་གཡས། །ཐོད་ཁྲག་དཔལ་བེའུ་གཞུ་འཛིན་གཡོན། །དུར་ཁྲོད་རྒྱན་ལྡན་ཡུམ་དང་འཁྲིལ། །ཉི་དཀྱིལ་ཆུ་བདག་སྟེང་ནས་བགྲད། །གསང་སྔགས་འདི་དག་རྒྱུན་དུ་བཟླས། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་


DNG024_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཧཱུཾ། ཧ་ཧ་ཧི་ཧི་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། བདུད་འདུལ་རྡོ་རྗེ་སྲིན་པོར་བསྒོམ། །སྔོ་ནག་དབུ་དགུ་ཕྱག་བཅོ་བརྒྱད། །སྤྱན་ནི་འབར་བ་ཉི་ཤུ་དགུ། །ཁམ་ནག་རལ་པ་སྲིད་རྩེར་འབར། །རྡོ་རྗེའི་གཤོག་པས་བར་སྣང་ཁེངས། །བ་སྤུ་ལྕགས་ཀྱུ་བསྲེགས་པ་འདྲ། །སྡོམ་དང་སྡིག་པ་དུག་སྦྲུལ་འཕྲོ། །འཇིགས་པའི་གཟུགས་ཀྱིས་ས་གཞི་ཁེངས། །རྡོ་རྗེ་ཐོད་སྐྱོགས་ཏིར་དབྱུག་ཞགས། །ཉི་ཟླ་ཁྱུང་དང་འུག་པ་ཁྲ། །རྡོ་རྗེ་མདུང་རྩེ་གསུམ་པ་དང་། །ཟ་མ་ཏོག་དང་རྡུལ་གཡབ་དང་། །རྔ་ཆུང་རི་རབ་སྤྱི་སྐོར་འཕེན། །ཀླུ་དབང་འབུམ་གྱིས་བརྒྱན་ཅིང་བཀླུབས། །དུས་མཐའི་མེ་ལྟར་འབར་བའི་དབུས། །ཁྲོ་གཉེར་སྡང་མིག་རྣམ་པར་རྔམ། །ཞབས་བརྒྱད་འབར་བས་ལྷ་བརྒྱད་གནོན། །རྡོ་རྗེ་སྲིན་པོ་ཁྲོ་བོའི་སྐུ། །ལྷ་དང་བདུད་ལས་རྣམ་པར་རྒྱལ། །གསང་སྔགས་འདི་ཡང་རྟག་ཏུ་བཟླས། །ཨོཾ་རཀྴ་ཤྲཱི་ཧེ་རུ་ཀ་རཱུ་ཏྲ་མ་ཏ་མ་ཏཱ་ཧ་ཏཾ་ཀྲོ་དྷ་ཛྭ་ལ་ཧཱུཾ་ཕཊ། ཨོཾ་བྷུར་ཀུར་ཨི་ཙི་ཀི་ཡི་ཨུཙྪསྨ་ཀྲོ་དྷ་ཧཱུཾ་ཕཊ། དེ་ལྟར་བསྙེན་པའི་སྙིང་པོ་དེ། །ཆོས་སྐྱོང་མགོན་པོའི་དྲག་སྔགས་ཡིན། །རབ་ཏུ་གསང་བའི་ཕྲིན་ལས་ཡིན། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གཉེན་པོ་སྟོབས་ཀྱི་ལྷ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །ཨེ་མའོ་འཁོར་དུ་འདུས་པ་རྣམས། །རང་གི་ཡིད་བཞིན་རིན་པོ་ཆེ། །ཡོད་པས་མ་ཤེས་སྟོར་བས་དྲན། །ཚོལ་བར་འདོད་ན་ཇི་ལྟར་ཚོལ། །སྔོན་ཚེ་ང་ཡི་བཤེས་གཉེན་མཆོག །བྱམས་མགོན་དམ་པ་ཞིག་གིས་བསྟན། །ཨེ་མའོ་ཁྱོད་ཀྱིས་མི་ཤེས་སམ། །སྒྲོན་མེས་མུན་ཁུང་གསེར་ཚོལ་ལྟར། །གསང་བའི་སྙིང་པོའི་མཛོད་བརྟོལ་ནས། །ཐིག་ལེ་གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ངེས་པར་འདུས་ཆེན་སྟོན། །འཇིག་རྟེན་བརྟན་གཡོ་ལ་སོགས་ཀུན། །ཁྲག་འཐུང་ལྔ་བཅུ་བརྒྱད་དུ་གནས། །མྱ་ངན་འདས་དང་འཁོར་བའི་ཆོས། །བཙལ་མེད་མ་བཅོས་རྣམ་པར་


DNG024_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དག །ཐིག་ལེ་ཡུངས་ཀར་ཚད་ཙམ་བསྒོམ། །དེ་ལས་འོད་ཟེར་རྡུལ་སྙེད་འཕྲོ། །མུན་སེལ་དངོས་པོ་ཀུན་སྦྱངས་ནས། །ཐམས་ཅད་མ་བཅོས་སྐུ་རུ་གསལ། །སླར་འདུས་ཐིག་ལེའི་ངང་དུ་ཐིམ། །བརྟན་ནས་འོད་དུ་ཞུ་བར་བསམ། །མ་བཅོས་གཉུག་མའི་ངང་དུ་གསལ། །རྫོགས་པའི་རླུང་ལས་སྦྱང་བ་ནི། །རྡོ་རྗེ་སེམས་དཔའི་ཙིཏྟའི་ནང་། །བདེ་བའི་པདྨ་འདབ་བཞི་བསམ། །དེ་སྟེང་བདེ་ཆེན་ས་རླུང་དང་། །རྣམ་པར་དག་པའི་ཟླ་སྟེང་དང་། །རྡོ་རྗེ་རིན་ཆེན་རང་བཞིན་ཡིན། །དབུས་ན་རྡོ་རྗེ་སེམས་དཔའ་ནི། །ཐིག་ལེ་འོད་ཟེར་ལྔ་དང་ལྡན། །མགྲིན་པ་མགོན་པོའི་རླུང་དཀྱིལ་གཉིས། །སྤྲུལ་པ་ཉི་མའི་མེ་རླུང་གཉིས། །པདྨའི་རིགས་དང་ལས་རིགས་སོ། །ལྔ་ལྡན་དབུས་སུ་ཐིག་ལེ་བསམ། །ཡང་ལ་ཡང་དུ་འདྲེས་བསམ་ནས། །རིག་པ་སེམས་ཀྱི་རླུང་ཟིན་པས། །ཡར་འགྲོ་མར་འགེགས་རྩོལ་བ་འགོག །ཡང་ན་འཁོར་ལོ་རྣམ་པ་ལྔ། །བདེ་ཆེན་སུམ་ཅུ་རྩ་གཉིས་ཧཾ། །བརྟན་པའི་ཐིག་ལེ་ཡི་གེ་ལ། །ལོངས་སྤྱོད་བཅུ་དྲུག་ལྔ་ལྡན་ཨོཾ། །ཆུ་ཡི་ས་བོན་ཡི་གེ་བཾ། །སྙིང་གར་བརྒྱད་འདུས་བཞི་འདུས་ཧཱུཾ། །བརྗོད་བྲལ་ཐིག་ལེ་ཡི་གེ་མུཾ། །སྤྲུལ་པ་དྲུག་ཅུ་རྩ་གཉིས་དབུས། །དྲོད་དུ་མི་བཟད་ཨ་དང་མུཾ། །སྟེང་རླུང་མནན་ལ་འོག་རླུང་འཐེན། །ཡི་གེ་ཡོན་ཏན་སྟོབས་ཀྱིས་འགྲུབ། །ས་ཉིད་ཆུ་ལ་ཐིམ་པ་ཡིས། །ཀུན་ཏུ་མཉམ་བློ་ཟག་མེད་པའི། །ལམ་གྱི་ཡེ་ཤེས་དང་པོ་སྐྱེ། །ཆུ་ཉིད་མེ་ལ་ཐིམ་པ་ཡིས། །ཟག་མེད་རོ་མྱོང་བདེ་བ་སྡུད། །མེ་ཉིད་རླུང་ལ་ཐིམ་པ་ཡིས། །འགྱུར་མེད་རང་བཞིན་གསལ་བ་ཉིད། །གློག་གི་སྣང་བ་ལྟ་བུར་འབྱུང་། །རླུང་ཉིད་རྣམ་ཤེས་ནམ་མཁར་ཐིམ། །རང་གསལ་རིག་པ་མར་མེ་འདྲ། །ཕྱི་ནང་མུན་པ་རྣམ་པར་སྦྱངས། །ནམ་མཁའ་ལྟ་བུར་མཐོང་བར་འགྱུར། །ཕྱི་མས་རིམ་པས་རྟོགས་པ་འཆར། །བསྒོམ་པ་སྣང་བཞུགས་སྤྲད་ལ་བསྒོམ། །འཆི་ཀ་མ་ཡི་གདམས་པའོ། །ཨེ་མའོ་དངོས་པོ་མེད་པ་ལས། །སངས་རྒྱས་ཉིད་དང་ཐུགས་རྗེའི་ངང་། །ཇི་ལྟར་སྣང་བ་མ་འགགས་པའོ། །


DNG024_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་པའི་དུས་ན་རིགས་ཀྱི་བུ། །ཡིད་ལ་བྱེད་པ་ཐོབ་ཅེས་ཏེ། །སེམས་གསུམ་སྐྱེ་ཞིང་མཐའ་ཀུན་གྲོལ། །རྟེན་པ་གཞི་ཡི་རྣམ་པར་གནས། །རིགས་ཆེན་འབྱེད་པའི་རྣལ་འབྱོར་པས། །འཕྲོ་འདུ་གསལ་སྟོང་ཏིང་འཛིན་ཐོབ། །སེམས་བཞི་རྟོགས་ཏེ་མཐའ་བཅུ་ཤེས། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་པས། །འཇིགས་པ་ལྔ་བྲལ་ཁྱད་པར་གསལ། །ཡོངས་སུ་མི་རྟོག་ཏིང་ངེ་འཛིན། །རྨི་ལམ་ལྟ་བུར་ཆོས་ལུང་སྟོན། །འཇིག་རྟེན་ནོར་བུ་རིན་ཆེན་གྱིས། །གང་བར་སྤྱོད་པའི་ལྟས་མཐོང་འགྱུར། །སྒྱུ་མ་སྤྱོད་པའི་སྐྱེས་བུ་དེ། །འཁོར་ལོས་སྒྱུར་བའི་ཆ་བྱད་དུ། །རིན་ཆེན་བདུན་དང་དཔུང་ཚོགས་ཀྱིས། །དབང་སྒྱུར་ཐབས་ཀྱི་ཐག་པ་སྟོན། །ལུང་ཆེན་ཐོབ་པའི་རྣལ་འབྱོར་པས། །སེང་གེ་དག་ལ་ཞོན་ནས་ནི། །ཐམས་ཅད་གནོན་པའི་རྟགས་མཐོང་འགྱུར། །སྒྲ་བརྙན་འདྲ་བར་ལུང་སྟོན་འགྱུར། །འབྲས་བུ་ཉིད་ལ་ལམ་ཤེས་པས། །ལམ་གྱི་ས་ནི་བདེ་རྫོགས་ཏེ། །གཞན་དག་སྨིན་པར་བྱ་བའི་ཕྱིར། །ཇི་ལྟར་འདོད་ལྟར་ཐབས་སྦྱོར་མཆོག །རྩལ་ཆེན་རྫོགས་པའི་རྣལ་འབྱོར་པས། །ཀུན་སྣང་ཏིང་འཛིན་ཉིད་ཐོབ་པས། །སྣང་བྱེད་ཉི་ཟླའི་འཁོར་ལོ་བསྐོར། །ཐམས་ཅད་གསལ་བྱེད་ལྟས་མཐོང་ན། །གདེང་དུ་གྱུར་པའི་ངོ་བོ་ཡིན། །དེ་ནས་རྒྱལ་ཚབ་སྐྱེས་བུ་དེས། །ཆོས་ཀྱི་རྒྱལ་པོ་གང་དེ་ཡི། །གདུང་འཚོབ་དགའ་ལྡན་ཐེག་ཆེན་སྟོན། །མི་གནས་བཅུ་དྲུག་ཡང་དུས་ཆོ་འཕྲུལ་སྣང་། །ས་བཅུ་དོན་ལ་གནས་ནས་ཀྱང་། །གསང་སྔགས་དོན་མཆོག་མ་རྙེད་ན། །རྣམ་པ་ཐམས་ ཅད་མཁྱེན་མི་འགྱུར། །རྙེད་མ་ཐག་ཏུ་དེ་རྙེད་འགྱུར། །གྲོལ་བར་འདོད་ན་བླ་མ་བསྟེན། །རིག་པ་རང་བྱུང་ཡེ་ཤེས་ཉིད། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྫོགས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ཐབས་ལམ་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །ཉོན་ཅིག་འདུས་པའི་འཁོར་ཚོགས་ཀུན། །བསོད་ནམས་


DNG024_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་དཀྱིལ་འཁོར་ནི། །ཞིང་ཁམས་རིན་ཆེན་ཡོད་པ་རུ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྲས་མཆོག་འཇམ་དཔལ་ཆེན་པོ་ལ། །བཤད་པ་བཞིན་དུ་རྟོགས་གྱུར་ན། །གང་ལ་བྱས་ཀྱང་ལམ་གྱི་གྲོགས། །དཔེར་ན་མེ་ལ་ཤིང་བསྣན་བཞིན། །མཛད་སྤྱོད་གསུམ་པོ་གདེང་ལྡན་ནས། །རྣལ་འབྱོར་སྤྱོད་ལམ་ཚུལ་གྱིས་རོལ། །དེ་ནི་ཇི་ལྟ་བུ་ཞེ་ན། །འབྱོར་པ་ས་ཡི་རྣལ་འབྱོར་ལྔ། །བཟའ་བཏུང་གོས་རྒྱན་བྲོ་གར་དང་། །གླུ་ཚིག་ཏན་གྷན་རྣམ་ལྔའོ། །སྐྱེ་ཤི་མེད་པར་མཛད་སྤྱོད་དང་། །འཆིང་གྲོལ་མེད་པར་མཛད་སྤྱོད་དང་། །མི་འགྱུར་རོལ་པའི་མཛད་སྤྱོད་དོ། །དེ་ཡི་བྱེ་བྲག་རྣམ་གསུམ་སྟེ། །སྣང་བ་ལྷ་ལ་ལྷ་རོལ་དང་། །རང་སྣང་ཡེ་ཤེས་རོལ་པ་དང་། །རང་བཞིན་ཉིད་ལ་རོལ་པའོ། །དེ་ལ་ཡོན་ཏན་རྣམ་ལྔ་སྟེ། །བཟའ་དང་བཏུང་བའི་ལོངས་སྤྱོད་ཀྱིས། །བདེ་ཆེན་སྐུ་དང་བདུད་རྩི་འགྲུབ། །རྒྱན་དང་བགོ་བའི་ལོངས་སྤྱོད་ཀྱིས། །འབར་བའི་རྒྱལ་པོ་མཐུ་སྟོབས་འགྲུབ། །བྲོ་གར་བསྐྱོད་བསྒུལ་ལོངས་སྤྱོད་ཀྱིས། །སྲ་ལ་འཛུལ་དང་སྟོང་ལ་རྒྱུག །གླུ་ཚིག་སྒྲ་ཡི་ལོངས་སྤྱོད་ཀྱིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཏ་ན་གྷ་ན་ལོངས་སྤྱོད་ཀྱིས། །རང་འབྱུང་ཡེ་ཤེས་ཐོབ་པར་བྱེད། །དེ་ཕྱིར་འབྱོར་པའི་ལོངས་སྤྱོད་བྱ། །སེམས་ཉིད་རང་སྣང་འདོད་ཡོན་བརླབས། །བདེ་གཤེགས་དཀྱིལ་འཁོར་སྤྱན་དྲངས་ལ། །ཏིང་འཛིན་རྫས་ཀྱིས་རིམ་བཞིན་མཆོད། །བྲོ་གར་གླུ་ཚིག་རྒྱན་རྫོགས་བྱ། །རོ་ལ་མུ་སྟེགས་རོ་ལ་དགུག །བསྒྲལ་བའི་ཤེས་པ་གནས་ཆེན་སྤར། །ཡབ་ཡུམ་མཁའ་ལ་སྲས་སུ་བསྐྱེད། །དེས་ནི་བསོད་ནམས་ཚོགས་ཆེན་ལྡན། །ལྷག་མས་འཇིག་རྟེན་མཁའ་འགྲོ་མཆོད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ལྟར་གདེང་ལྡན་སྔགས་པ་ཡིས། །དུར་ཁྲོད་ལ་སོགས་རྒྱ་མཚོའི་མདོ། །


DNG024_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་རི་ཡི་རྩེ་མོ་འམ། །ནགས་ཚལ་རྩུབ་པའི་ས་ཕྱོགས་སམ། །སྦྲུལ་དང་གཅན་གཟན་གདུག་པ་རྣམས། །གནས་པ་དེ་ལྟ་བུ་ཡི་ས་དག་ལ། །མཎྜལ་འདོམ་གང་གྲུ་བཞི་བརྩིག །བདུད་རྩི་ཁྲག་གིས་ཆག་ཆག་གདབ། །དུར་སྐྲའི་རུས་ཆེན་ཐིག་བཏབ་ལ། །དུར་ཁྲོད་ཚོན་གྱིས་དཀྱིལ་འཁོར་བྲི། །ལྕགས་ཁང་ལྔ་དང་བར་ཁྱམས་སྒོ། །ལྕགས་རི་ནག་པོ་ཁོར་ཡུག་ཕྱི། །ཁྲག་དང་བཤང་གཅི་ཤ་ཆེན་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་ལ་སོགས་པ། །འདམ་གྱི་ཕྲུ་མ་བརྒྱད་ཀྱིས་བསྐོར། །དབུས་སུ་ཡབ་ཡུམ་མཆོག་ཕུར་དགོད། །མཁར་བཞི་སྤྲུལ་པ་དྲེགས་བཞི་ལ། །ལྕགས་སམ་གདུག་ཤིང་ཕུར་པ་དགོད། །ལྷོ་སྒོར་ཐོད་པ་མཚན་ལྡན་དུ། །དཔལ་བཤོས་ཁྲག་སྣ་སྙིང་གི་ཆ། །ལ་ཕུག་ལ་དུ་སྦྱར་བ་ཡི། །བྱང་དུ་ཐོད་པར་གཏོར་མ་དང་། །ཐོད་རུས་རྐང་རུས་ཀླད་པ་དང་། །འབྲུ་མར་སྦྱར་བའི་མཆོད་པ་བཤམ། །ཤར་སྒོར་འབྲུ་ཡི་ཕུང་པོ་སྤུང་། །ནུབ་ཏུ་ཤ་སྣ་སྙིང་སྣ་བཞག །དབུས་སུ་ཐོད་པ་མཚན་ལྡན་གཉིས། །སྟེང་འོག་བསྙེན་བསྒྲུབ་སྔགས་བཞི་བྲི། །སྙིང་གསུམ་བདུད་རྩི་དར་བྲི་ཕྱི། །བམ་གྱི་ཤ་ཁྲག་རུས་པ་དང་། །རྦ་གསར་རྫས་ཀྱི་རོ་རས་ཀྱིས། །ཁྱམས་ལ་སོགས་པ་གྲྭ་བཞིར་དགོད། །ཚིལ་ཆེན་མེ་མར་ཆེན་པོ་དང་། །རཀྟ་གསང་ནན་བསྣན་ཡང་ཆང་གིས་སྦྱར། །ཐོབ་པའི་རྔ་དང་རྐང་གི་དུང་། །ཤུན་གྱི་རྒྱལ་མཚན་ཕྱོགས་བཞིར་དགྲམ། །ཞིང་གི་བླ་རེའི་མཎྜལ་དབུབ། །བདག་ཉིད་ཁྲོ་བོ་མ་རུང་བསྒོམ། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །རྡོ་རྗེ་ར་བ་གུར་དུ་གཏམས། །མེ་རིས་བརྒྱན་པའི་དབུས་ཉིད་དུ། །འོད་ལས་གྱུར་པའི་གཞལ་ཡས་བསམ། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཟླ་བའི་གདན་ལ་སྔོན་བསམ་ལ། །སྔོན་བཞིན་མཆོད་ལ་གསོལ་བ་གདབ། །འོད་ཞུ་བདག་གི་སྒྲིབ་པ་སྦྱངས། །མཆོད་གཏོར་རྒྱན་རྣམས་བྱིན་གྱིས་བརླབས། །ལྷར་གསལ་ཐུགས་ལས་སྨུག་ནག་བྷྲཱུཾ། །


DNG024_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུས་སྔགས་བརྗོད་དུར་ཁྲོད་གནས། །གོང་གི་ཚུལ་འདྲ་རབ་ཏུ་འཇིགས། །སྟོང་གསུམ་ཤོང་ཞིང་ཡངས་པར་བསྐྱེད། །མི་རྟ་ལ་སོགས་རོ་རློན་གྱི། །གདན་སྟེང་དུན་ལས་ཁྲོ་བོའི་སྐུ། །ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ཀྲོ་དྷ་ཧཱུཾ་ཕཊ། རཀྴ་ཀྲོ་དྷཱི་ཤྭ་རཱི་ར་ཧཱ། མགོན་པོ་ཚོགས་བདག་ཆེན་པོ་ནི། །ལྗང་ནག་ཞལ་གསུམ་ཕྱག་དྲུག་སྟེ། །གཡས་སེར་གཡོན་དམར་ལྗང་ནག་འཇིགས། །ཁམ་ནག་དབུ་སྐྲ་གྱེན་དུ་འཁྱིལ། །སྤྱན་དགུ་སྡང་མིག་སྐར་ལྟར་འཁྲུག །ཤུན་གོས་ཐོད་པའི་ཕྲེང་བ་ཅན། །སྟག་དང་གླང་ཆེན་ཐལ་བ་ཞག །གདུག་པའི་རྒྱན་ཚོགས་ཆས་ཀྱིས་མཛེས། །གཡས་ཀྱི་དང་པོ་གསལ་ཤིང་འཕྱར། །བར་པ་རྡོ་རྗེ་རྩེ་ལྔ་པ། །ཐ་མ་ལྕགས་ཕུར་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོ་ཐོད་ཁྲག་འཐུང་། །བར་པ་རྣོ་དབལ་ཤུན་གྱི་མདུང་། །ཐ་མ་སྦྲུལ་ཞགས་སྲོག་ལ་རྔམ། །ཞབས་བཞི་གྱད་ཀྱི་དོར་ཐབས་ཅན། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་རྔམ། །ཞིང་དང་རེ་ལྡེ་ཐོད་སྦྲུལ་བརྒྱན། །གཡས་པ་རྒྱུ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང་། །རུས་བཅུད་རྐང་དང་ཀླད་པ་དང་། །འབྲུ་མར་ཆང་གིས་སྦྱར་བ་ཡི། །རྟག་པར་རང་གིས་ལོངས་སྤྱོད་འཛིན། །འཁོར་བཞིར་ཁྲོ་བོ་གནོད་སྦྱིན་དང་། །སྲིན་མོ་མ་ཚོགས་འཇིགས་པ་བསྐྱེད། །ཕྱི་རིམ་ཉེ་འཁོར་ཉི་ཤུ་བརྒྱད། །སྲིན་མོ་ཉེ་གནས་ཆེན་མོ་བརྒྱད། །ཀཽ་རི་ཙཽ་རི་པྲ་མོ་ཧ། །བེ་ཏ་ལཱི་དང་པུཀྐ་སཱི། །གྷསྨ་རཱི་དང་སྨ་ཤ་ནཱི། །ཙཎྜ་ལི་ལ་སོགས་པ་ཀུན། །རྔམས་ཤིང་རྔམ་པའི་མ་ཚོགས་ཀུན། །ཤིན་ཏུ་འཇིགས་པའི་གཟུགས་སུ་བསྒོམ། །སྲིན་པོའི་བུ་མོ་དྲི་ཟ་བརྒྱད། །སེང་སྟག་ཝ་སྤྱང་བཞད་ཀྱི་མགོ། །ཀང་ཀ་བྱ་རོག་འུག་པའི་ཚོགས། །ཞིང་ལ་རྔམས་ཤིང་སྟོན་པའི་ཚུལ། །དུར་ཁྲོད་པ་ཡི་སྒོ་སྲུང་བཞི། །བརྩོན་མོ་གདོང་མོ་གར་ལོག་མོ། །འཇུག་པར་བྱེད་པའི་མ་མོ་བཞི། །གསང་སྒོ་འཛིན་ཅིང་བཀའ་སྒོ་སྲུངས། །དུར་ཁྲོད་བདག་མོ་གྲུ་འདེགས་བཞི། །


DNG024_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བསྐམ་མ་ཤིན་ཏུ་བསྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པས་གདུང་བའི་ཚུལ་དུ་གནས། །ཕྱི་རིམ་སླས་དང་བྱི་མོ་བྲན། །མ་མོ་བྲན་མོ་གནོད་སྦྱིན་མོ། །སྲིན་མོ་ཤ་ཟ་ཁྲག་འཕྲོག་མ། །བདུད་ཀྱི་མིང་འཛིན་བླ་རྐུན་མོ། །བློན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉར་མངག་པར་བྱ། །ཅི་བགྱིད་བཀའ་ཉན་དྲེགས་པའི་འཁོར། །རྦོད་གཏོང་རྔམ་པའི་ཚུལ་དུ་བསྒོམ། །ནད་ཀྱི་བསྐལ་པ་ཚུབ་མར་གཏོང་། །གདུག་པའི་མཚོན་ཆ་ལུས་ལ་འགྱེད། །མཁར་དང་འོབས་པས་ཕྱི་རོལ་ན། །འབུ་དང་ཤིན་ཏུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྦྲུལ་དང་སྡིག་པ་སྡོམ་ལ་སོགས། །ཀང་ཀ་རུ་རྩེ་འུག་པ་ཁྭ། །བྱ་གཅན་ཤ་ཟན་ཚོགས་འཕུར་ཞིང་། །ཅེ་སྤྱང་སྟག་སེང་དོམ་དྲེད་འཕར། །དུར་ཁྲོད་རོ་ཡི་ལོངས་སྤྱོད་ལ། །བལྟ་ཞིང་རྒྱུག་ཅིང་རོ་ལ་འཁྲེན། །རྒྱུ་མ་འདྲེན་ཅིང་རུས་པ་འཆའ། །དེ་ལྟར་གསལ་བར་གྱུར་པ་དང་། །རང་བཞིན་ཡུལ་ནས་བཀུག་ཅིང་བསྡིམ། །ཕུར་པས་བསྒྲལ་ཞིང་ཞལ་དུ་གསོལ། །ཕྱལ་དུ་སྦྱངས་ལ་གནས་སུ་གདོན། །འཁང་བའི་སྨྲེ་སྔགས་བཀའ་འཁོར་དབུལ། །རང་དམ་བཅའ་ཞིང་དམ་ཚིག་དཔོག །མནའ་བོར་ལས་ལ་མངག་པར་བསམ། །བརྟན་པར་བྱས་ལ་མཆོད་པ་བསྟབ། །མངའ་གསོལ་ཕྲིན་ལས་གཞོལ་བ་དང་། །བསྙེན་དང་ཉེ་བའི་བསྙེན་པ་བཟླས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དེ་དག་གི་དཀྱིལ་འཁོར་གྱི་ཆོ་ག་འདི་གསུངས་སོ། །ཧཱུཾ། ལང་ཀ་ཡུལ་གྱི་གྲོང་རྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐ་དམར་རྒྱ་མཚོའི་དོ། །བྱན་ལག་མཆོང་རི་གནམ་ལྕགས་འབར། །དྲག་ཤུལ་ཅན་གྱི་རྩེ་མོ་ན། །རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ། །ཆོས་འཛིན་རིགས་ཀྱི་བསྒྲུབ་གནས་སུ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །


DNG024_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལང་ཀའི་བདག་པོ་ལ་སོགས་པའི། །འདུས་པ་རྣལ་འབྱོར་ཕོ་མོའི་ཚོགས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ཀྲོ་དྷཱི་ཤྭ་རཱི་ནག་མོ་ཏི་ལམ་ཨེ་ཨ་ར་ལི་ཧྲིང་ཧྲིང་ཛ་ཛ། ཨོཾ་རགྴ་ཤྲཱི་ཧེ་རུ་ཀ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཏ་ཀེཾ་ཏ་ཀེཾ་ཕཊ་ཀྲོ་དྷ་ཀྲོ་དྷ་རཾ་ཧ་ར་ཧ་ར་ཡཾ་ཏིག་སྣ་ཏིག་སྣ་བཾ། བཛྲ་ཡགྴ་ཀྲོ་དྷ་ཧསྟ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ས་མ་ཡ་མནྡྷ་ལ། མ་ཧཱ་སུ་ཁ་ཧཱུཾ། པྲ་བེ་ཤ་ཕཊ། བཛྲ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷ་ཨཾ་ཨཾ། ཨོཾ་བྷྱོ་ཨེ་ཨ་ར་ལི་ཛ་ཛ། ཨེ་མའོ་དཔའ་བོ་ཐུགས་རྗེ་ཆུང་། །ཤིན་ཏུ་བདེ་བའི་གནས་དག་ནས། །སྣམ་དུ་འཐོན་པ་ཐུགས་རྗེ་ཆུང་། །དེ་ཡང་ཅི་མཛད་མྱུར་དུ་མཛོད། །མྱུར་དུ་བསྒྲལ་ན་ཡུན་དུ་བདེ། །འབངས་སུ་མཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུང་ཞིག །སླན་ཆད་བཀའ་བཞིན་རྗེས་སུ་བགྱིད། །གལ་ཏེ་བཀའ་བཞིན་མ་བགྱིས་ན། །དམ་པའི་ལུང་ལས་འགལ་འགྱུར་ཏེ། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱག་ཚིག་ནས་སྐམ་གྱུར་ཅིག །ཨི་དན་ཏེ་ན་ར་ཁན་པ་ར་ཧྲི་ཏྲ་ཋ་ཡ་ན་མ་བྷ་ཏི་ནན་ས་མ་ཡ་རག་ཤ་སི་ཏི་བི་ན་བཛྲ་ཨ་མྲྀ་ཏ་ཀྲོ་ཏ་ན་ར་ཀན། མ་སྲིང་བུ་མོ་ཆུང་མ་རྣམས། །འབངས་སུ་འབུལ་ལོ་ཚིས་མ་ཆུང་། །པདྨ་པྲ་བེ་ཤ་ཁ་ཐཾ་ཁ་ཐཾ་པྲ་བེ་ཤ་ཕཊ། ཧཱུཾ། དབུས་སུ་མཆིས་སྐལ་མ་མཆིས་ཀྱིས། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མ་མཆིས་ཀྱིས། །ལྷག་མ་ཞལ་ཆབ་བྲོན་ལ་ཞོག །ཡེ་ནས་གདུང་བའི་མ་སྲིང་རྣམས། །དེང་ནས་རྒྱལ་བའི་བཀའ་ཡིན་གྱིས། །ཁྱེད་ཀུན་ང་ཡི་ལས་


DNG024_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཏེ། །བཀའ་ཡི་ལས་བྱུང་མྱུར་དུ་སྒྲུབས། །བདག་ཀྱང་དེང་སྔོན་ལས་ལོག་སྤྱད་པ་ཡིས། །དཔག་ཏུ་མེད་པའི་འཁོར་བའི་སྡུག་བསྔལ་བརྒྱུད། །ད་ནི་ལས་འཕྲོ་གཉིད་སད་པས། །བདེ་བ་ཅན་གྱི་ཞིང་དུ་མྱུར་འགྲོ་བའི། །རྗེས་སུ་བསྟན་པའི་བཀའ་ལས་ཉམས་པ་དེ། །ཇི་ལྟར་མ་བྱམས་བུ་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བར་གྱིས། །གང་ཞིག་སྲིང་བྱམས་མིང་ལ་གདུང་བ་བཞིན། །ཡལ་དམ་ཅན་ལ་ལྷང་ལྷང་བརྩེ་བར་གྱིས། །མཛའ་མོ་ཇི་ལྟར་གྲོགས་ལ་གདུང་ཚུལ་བཞིན། །རྣལ་འབྱོར་ཅན་གྱིས་ཀྲིལ་ཀྲིལ་བརྩེ་བར་གྱིས། །ཇི་ལྟར་གཡོག་རྣམས་དཔོན་ལ་བརྩེ་བ་ལྟར། །དམ་པ་རྣམས་ལ་ཡིད་བཞིན་ནོར་ལྟར་ཁུར། །བརྩེ་བར་བྱེད་ན་མ་རུ་བྱ། །གདུང་བར་བྱེད་ན་སྲིང་དུ་བྱ། །བརྩོན་པར་བྱེད་ན་བྲན་དུ་བྱ། །རིགས་རྒྱུད་འཛིན་ན་བུ་མོར་བྱ། །འདུ་འབྲལ་མེད་ན་སློབ་མར་བལྟ། །བསྐུལ་བར་མགྱོགས་ན་ཕོ་ཉར་བྱ། །བཀའ་བཞིན་བྱེད་ན་བཀའ་ལ་གདགས། །ཞེས་སྔོན་གྱི་ཐ་ཚིག་བསྟན་པའོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། སྤྱན་དྲངས་ཤིང་སྔོན་གྱི་ཐ་ཚིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་དག་ལ་མཆོད་ཅིང་མངའ་གསོལ་པ་འདི་གསུངས་སོ། །ཧཱུཾ། དང་པོ་བསྟན་པ་བསྲུང་བར་ཞལ་བཞེས་པའི། །བདུད་འདུལ་དབང་ཕྱུག་མ་ཧཱ་ཀཱ་ལའི་ཚོགས། །སྲིན་ཡུལ་ལང་ཀ་པུ་རི་ཡི། །གྲོང་ཁྱེར་གཏན་ནས་བརླག་མཛད་ཅིང་། །ལྷ་མ་སྲིན་གྱི་བུ་མོ་ནི། །གློག་མ་སྲིན་འདུལ་ཞལ་བཞེས་པའི། །ལྷ་ཆེན་མགོན་པོ་ནག་པོ་ཁྱེད། །སྤྱན་འདྲེན་འདིར་སྤྱོན་ཕྲིན་ལས་མཛོད། །དུར་ཁྲོད་གསང་བ་མཆོག་གི་གནས་འདིར་བཞུགས་ནས་ཀྱང་། །རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་མཛོད། །ས་མ་ཡ་སྟྭཾ། ལྕང་ལོ་ཅན་གྱི་མ་ཧཱ་བྷན་དྷ་རུ། །བྱང་ཆུབ་སེམས་


DNG024_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཱཾ་ས་རཀྟ་དང་། །དྲི་ཆེན་ཀུ་ཀུ་ཆུ་སྟེ་རྣམ་པ་ལྔ། །གཉིས་སྦྱར་བ་ཡི་པཉྩ་ཨ་མྲྀ་ཏ། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །པཉྩ་ཨ་མྲྀ་ཏ་ཁཱ་ཧི། བ་ལིང་ཏ་ཁཱ་ཧི། ཧཱུཾ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །བསྟན་པ་བསྲུང་བར་ཞལ་བཞེས་པ། །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །བསེ་སྤྱང་ཁྲམ་ལ་བཏབ་པ་ཡི། །གཤེད་མ་བཞི་ལ་ལས་གཉེར་གཏོད། །མ་དང་སྲིང་མོ་ཆུང་མ་ལ། །དཔའ་བོ་ཁྱོད་ཀྱིས་རོལ་པར་མཛོད། །དམ་ཚིག་ཆེན་པོས་མ་གཏོང་ཞིག །ཞེ་སྡང་ཅན་གྱི་བདག་པོ་རྣམས། །སེམས་ཅན་ཀུན་གྱི་ཚེ་འཕྲོག་པས། །དགྲ་བོ་ཉམས་པའི་སྲོག་དང་ཕྲོལ། །ཤ་དང་ཁྲག་ལ་ལོངས་སྤྱོད་ཀྱིས། །གནོད་སྦྱིན་ཆེན་པོ་མ་རུངས་པ། །བསེ་སྤྱང་ཁྲམ་ལ་བཏབ་པ་ཡི། །གསེར་དངུལ་དབྱིག་ནོར་ཀུན་ལོང་ལ། །རང་གི་འདོད་པའི་ལོངས་སྤྱོད་ཀྱིས། །སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ། །ཡིད་བཞིན་ལྟ་བུའི་དངོས་གྲུབ་སྩོལ། །རིགས་ངན་སྨེ་ཤ་ཅན་གྱི་ཚོགས། །བ་གླང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ལ་སོགས་བཞེས། །སྲིན་མོ་ཁྲག་འཐུང་མ་ཀུན་ལ། །བསད་པའི་ཁྲག་ནི་དྲོད་མོར་བཅས། །བཞེས་ཤིག་དགྲ་བོའི་ཁྲག་ལ་འཐུང་། །སྤྲུལ་པའི་ཕྲ་མེན་ཆེན་མོ་རྣམས། །ཐོད་རུས་རྐང་དང་འབྲུ་མར་དང་། །རྐང་དང་ཨ་མྲྀ་ཏ་དང་སྦྱར། །རྫུ་འཕྲུལ་གྲུབ་པའི་རྫས་རྣམས་བཞེས། །རིགས་ངན་གདུག་པའི་མ་མོ་རྣམས། །ཤ་ཆེན་བཤང་གཅི་ཁུ་བ་ཁྲག །དམ་རྫས་འབར་བ་འདི་བཞེས་ལ། །བདག་གི་ནད་རྣམས་བཟློག་ཏུ་གསོལ། །དམིགས་པའི་དགྲ་ལ་རིམས་


DNG024_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཐོང་། །སྲིད་པའི་བུད་མེད་མ་རུངས་ཁྱེད། །བྲོ་གར་གླུ་ཚིག་མཆོད་པར་བཞེས། །དམིགས་བྱ་འཇོ་ཚུལ་སྟབས་ཀྱིས་ཕྲོགས། །ཤོར་པ་གཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་མོའི་བཀའ་བྱུང་བས། །སྔགས་སྒྲ་དྲག་པོའི་མཆོད་པ་བཞེས། །དགྲ་བོའི་ཕུང་པོ་རྡུལ་དུ་རློག །ལོག་འདྲེན་ཅན་གྱི་ཚོགས་ཀུན་ཉོན། །ཡང་དག་ཉིད་དུ་ཀུན་རིག་ན། །མེ་ཆུ་ལས་གཉིས་གང་བྱས་ན། །གཉིས་ཀྱི་དབང་དུ་མི་འགྱུར་ཞིང་། །རྣལ་འབྱོར་པ་ཡི་ལས་འདི་སྒྲུབས། །གསང་ཚིག་སྟོན་པའི་ཚོགས་རྣམས་ཉོན། །བཤང་གཅི་ཁྲག་དང་སོལ་ཁུ་ཡིས། །བརྒྱ་འམ་སྟོང་དུ་གསོ་ནས་ནི། །ལིངྒ་བཅད་ནས་སངས་རྒྱས་འཇིག །དམ་རྫས་མཆོད་པ་བཞེས་སུ་གསོལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གྱིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་ཞེས། །བསྟོད་ཅིང་མཐུན་པའི་རྫས་འདི་འབུལ། །སྔོན་གྱི་བསྐལ་པ་བཟང་པོ་ལ། །ཁས་བླངས་དམ་བཅས་མནའ་བོར་བའི། །སྔོན་དུ་རིགས་འཛིན་གོང་མས་བསྒྲུབས། །ད་ལྟ་རྣལ་འབྱོར་དམ་ལ་སྤྱོན། །བམ་རིལ་ཐོད་པ་མཁར་གྱི་རྩེར། །རུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་མང་པོ་ཆར་དུ་འབེབས། །བདུད་བྱ་ནག་པོ་ལྡིང་ཞིང་འཇུམ། །དུར་ཁྲོད་རྒྱན་ཆ་མང་པོ་རྣམས། །མཆེ་གཙིགས་རྔམ་པའི་ཞལ་གདངས་ནས། །ཁྲོ་བོ་ཁྲོ་མོ་སྤྲུལ་པར་འཁྲིགས། །སྲིན་པོ་སྲིན་མོ་རྐན་སྒྲ་རྡེབས། །གནོད་སྦྱིན་ཕོ་མོ་འབྲུག་སྒྲ་སྒྲོགས། །ཟ་བྱེད་ཕོ་མོ་གློག་ལྟར་འཁྱུག །སོ་སོའི་མོས་པ་ཐ་དད་པའི། །དམ་རྫས་མཆོད་པ་འདི་བཞེས་ལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །མཱཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་གྷ་ན་ཙིཏྟ་ཁཱ་རཾ་ཁཱ་ཧི། ཕྲིན་ལས་གཞོལ་བ་གང་འདོད་སྦྱར། །བསྙེན་དུས་སྨོན་ལམ་འདི་ལྟར་གདབ། །ཧོ།


DNG024_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཁྱེད་མཆོད་བྱིན་བརླབས་ཀྱིས། །ཕྱོགས་དང་དུས་ནི་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་པ་ལ། །དགྲ་བགེགས་རྣམ་པ་ཀུན་མེད་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པ་ལྡན་པར་ཤོག །འགྲོ་བ་ཉེས་མེད་བདེ་གྱུར་ཅིག །ནད་དང་མུ་གེ་ཀུན་བྲལ་ནས། །རྒྱལ་པོ་དགེ་ཞིང་དེས་པ་དང་། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་སྦྱིན་བསྔོ་ཞིང་། །མགོན་པོ་ཁྱོད་མཆོད་བྱིན་བརླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་རྫོགས་པར་སྨོན། །བདག་ཅག་བྱང་ཆུབ་མཆོག་ཐོབ་ནས། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། བསྙེན་པའི་ལས་གཞུང་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གསང་སྔགས་བསྟན་པ་འདི་གསུངས་སོ། །ཨོཾ་བྷུར་ཀུར་མ་ཧཱ་པདྨ་རྔེ་བྷུར་ཙི་བྷུར་བྱིག་གེ་བྱེམ་ནས་སེ། ཨེ་ཧོ་ཤོ་མོས་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷུ་རུ་ཀུ་རུ་རྨ་ཨ་པྲ་རྣ། བུད་ཙི་གི་ཕྱི་མ་སེ་ཁ་ཤོ་མོ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། བསྙེན་པ་དང་ནི་ཉེ་བསྙེན་ནོ། །ཨོཾ་བྷུ་རུ་ཀུ་རུ་ཨི་ཕྱི་ཨུཙྪུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་བྷུར་ཀུར་ཏི་ཕཊ། སརྦ་སིདྡྷི་ཕ་ལ་ཧཱུཾ་ཨ། ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿབཛྲ་རག་ཏ་གྲྀཧྞ་གྲྀཧྞ་ར་ག་མ་ཧཱ་ཀཱ་རུ་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ཡ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་གྲི་སྣ་མི་གེ་ན་ཧཱུཾ་ཕཊ། སྒྲུབ་དང་སྒྲུབ་ཆེན་བླང་བ་དང་། །མཐིང་ནག་དར་ཆེན་ནང་དུ་ནི། །ཡུངས་ཀར་རྒྱལ་པོ་ཁྲག་སྣ་དང་། །ཙནྡན་དམར་པོ་སྦྱར་


DNG024_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །ཙནྡན་དཀར་པོ་བཟང་དྲུག་དང་། །བདུད་རྩི་སྦྱར་བའི་ཐུམས་པོ་གསུམ། །དང་པོ་བར་དང་ཐ་མར་གཏུམས། །ཧྲཱྀཿལས་བདུད་རྩི་སྦྱར་བ་དང་། །རཱ་ལས་ཆགས་པའི་རང་བཞིན་དང་། །ཧཱུཾ་ལས་ཁྲོ་བོར་བརླག་པའི་སྔགས། །ཨོཾ་བཛྲ་ཀྲོ་དྷ་ཛྭ་ལ་ས་མ་ཡ་ཧཱུཾ། ཡཀྴ་ཛྭ་ལ་ས་མ་ཡ། རཀྴ་ཛྭ་ལ་ས་མ་ཡ། ཙི་ཏྲ་ཛྭ་ལ་ས་མ་ཡ་ཧཱུཾ་ཕཊ། ཕྱོགས་བཞིར་སྤྲུལ་པ་བསྐྱེད་པའོ། །དེ་ཀས་དགུག་དང་བསད་པ་འགྲུབ། །ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལཾ་ཐུམ་རིལ་རྦད་བུ་ནི་ཛི་དགྲ་བོའི་སྙིང་ལ་ཡ། ཏྲག་རཀྴ་ཐུམ་རིལ་རྦད། དགྲ་བོའི་སྙིང་ཁ་རག་ནི་ཛ་བྷྱོ། རྦད་པའི་གསང་སྔགས་མཆོག་ཡིན་ནོ། །དམིགས་པའི་རྣམ་ཤེས་དགུག་པ་ཡིན། །ཨོཾ་མ་ཧཱ་ཀཱ་ལ་ནི་ཛ་སྙིང་ལ་ཐུམ་རིལ་རུ་པ་ཡ། རྦད་སུ་རྦད་སུ་ནྲྀ་ཤག་ཙིཏྟ་ཡ་རྦད། མུགས་ཤག་ཀླིང་དུ་རྦད། སྙིང་ལ་ནྲྀ་ཛ་ཛ། སྲོག་ལ་སྲོག་རྩ་ལ་དྲེམས་དྲེམས་ཡ་ཡཱ། ཧབ་ཧབ་ནྲྀ་མཱ་ར་ཡ་རྦད་ཕཊ། རྣམ་ཤེས་བསད་པའི་དཀྱིལ་འཁོར་ཡིན། །དྲག་པོའི་ཕུར་པ་སྐབས་སུ་གདབ། །ཨོཾ་མ་ཧཱ་ཀཱ་ལི་མ་བྷྱོ། རུ་ལུ་རུ་ལུ་ས་མ་ཡ་བྷྱོ། ཏྲག་རཀྴ་ལ་མུན་ཏྲ་བྷྱོ། རུ་ལུ་མཱ་ར་ཡ་ཐུན་བྷྱོ། ཏྲག་མོ་དྲག་སྙིང་ཁྲག་མཱ་ར་ཡ་ཐུན་ཡཱ། ཏྲག་མོ་ཏྲག་མོ་ཐུན་ཡ། ཤྲི་གེ་གྷོ་ཛ་ཤག་རྦད། མུ་རོ་ཙིཏྟ་ནི་ཤག་རྦད། རེ་གེ་ཤོ་ན་ནི་ཤག་རྦད། ཡ་མེ་ཏོ་ཤ་ནེ་ཤག་རྦད། ཙིཏྟ་རི་མ་ནི་ཤག་རྦད། ཤོ་ན་དུན་ཁྲམ་བཛྲ་མ་ཏི་སྲོག་ལ་རྦད་རྦད། མ་ཚོགས་ཐུན་དང་དྲག་པོས་བསད། །བར་དུ་དྲིལ་བྱིན་བྱ་བ་ཡིན། །ཨོཾ་རི་ལི་རི་ལི་སྙིང་ལི་ལི་རི་ཤིག་ཕྲུ་ལུ་ལུ། སྲོག་མཱ་ར་ཡ་རྦད། ཙིཏྟའི་དཀྱིལ་དུ་ནྲྀ་ཛ་ཐུན། ཁྲག་གི་སེར་ཆེན་ཕོབ་ཕོབ། ཅེས་པ་ཟོར་སྔགས་དྲག་པོ་ཡིན། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བསྙེན་བསྒྲུབ་ཀྱི་རིམ་པ་འདི་གསུངས་སོ། །བདག་ཉིད་


DNG024_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་ང་རྒྱལ་གྱིས། །དཀྱིལ་འཁོར་དབུས་ཀྱི་ཕུར་པ་ལ། །དཀར་ནག་དམར་བའི་གཟུངས་ཐག་སྒྲིལ། །མཐིང་ནག་དར་གྱི་ཕུར་མ་གསུམ། །བསྐུལ་དང་ཆགས་དང་གཞིལ་བའི་རྫས། །བ་ཝང་དག་ལ་ཧྲི་ཧྲི་ཛ་དག་བྲི། །ཧཱུཾ་དང་བཅས་པའི་ཡུངས་ཀར་ལ། །ཁྲག་ལ་མཆོད་སྒོང་ཧྲི་དང་མ། །དེ་བཞིན་ལྕགས་ཐིག་ཡི་གེ་བདུན། །ཡུམ་དང་སྦྲེལ་བའི་བླ་རྡོ་ཡིན། །སྨན་ལ་ཡི་དམ་སྙིང་པོ་འམ། །དཔའ་བོ་འབྲུ་ལྔ་བྲིས་ལ་གཞུག །གཟུངས་ཐག་སྦྲེལ་ལ་ཆང་བར་བྱ། །ཐུགས་ཀར་རྡོ་རྗེ་སྲིན་པོ་འཇིགས། །མཚོན་ཆ་འཁོར་ལོ་བསྐོར་བར་བསམ། །སྔགས་ཀྱི་འོད་ཟེར་རྣོ་ལ་མྱུར། །ལྕགས་ཀྱུའི་ཚུལ་དུ་སྤྲོས་ནས་ཀྱང་། །རང་བཞིན་མགོན་པོའི་སྙིང་ག་ནས། །སྙིང་དཀྱིལ་སྣ་ལྔ་འོད་དང་འདྲེལ། །དུན་ལས་རང་གི་སྙིང་པོས་བསྐོར། །དེ་ནས་བཟུང་ནས་མི་གཏོང་བར། །གནས་ནས་བཀུག་ལ་རྟེན་ལ་བསྡིམ། །བདག་གི་བཀའ་ཉན་གསུང་སྡོད་པ། །ཞི་བའི་ཞལ་དང་ལྡན་པར་བསམ། །འབུམ་ཕྲག་གཅིག་ཏུ་རྫོགས་པར་བྱ། །དེ་ནས་ཉེ་བ་གནས་ཀྱིས་བསྙེན། །ཐུན་གྱི་སྔགས་ཀྱི་འོད་ཟེར་ཉིད། །རྡོ་རྗེ་སྲིན་པོའི་མཚོན་ཆར་སྤྲོ། །མགོན་པོ་དབང་མེད་བཀུག་ནས་ཀྱང་། །རང་སྙིང་སྲོག་ནས་དྲོད་ལངས་ཤིང་། །ལུས་ངག་ཡིད་གསུམ་ཚ་ཞིང་བསྲེག །དབང་མེད་དྲུང་འདུག་ལས་རྣམས་བྱེད། །འབུམ་ཕྲག་གཅིག་ཏུ་རྫོགས་པར་བྱ། །དེ་ནས་ཉེ་བའི་རྟགས་ནི་འབྱུང་། །སྨན་གྱི་ཐུམ་པོ་བདུད་རྩི་ཡིས། །སྐུ་ཡི་ཚ་བ་གཞིལ་ཕྱིར་གཏོར། །སྐུ་གསུམ་གསུང་ཡང་རང་བཞིན་རྣལ་མ་ནི། །བདག་ལ་ཉེ་ཞིང་ལས་རྣམས་བྱེད། །ཚོགས་དང་བདུད་རྩི་གཏོར་མས་མཆོད། །དངོས་གྲུབ་བདག་བླང་བྱ་བའི་ཕྱིར། །བསྒྲུབ་པའི་རིམ་པ་བག་ཙམ་སྦྱར། །རཀྟ་དེ་ནི་རྟེན་ལ་གཏོར། །ཐུགས་རྗེས་ཆགས་པ་བསྐྱེད་པར་བསམ། །འོད་ཟེར་ལྕགས་ཀྱུ་དབང་གི་མཆོག །འཕྲོས་ཏེ་རང་བཞིན་མགོན་པོ་ལ། །དམ་ཚིག་བསྐུལ་ཞིང་མཆོད་པར་བྱ། །


DNG024_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་རྟག་པའི་མདོག་ལྟ་བུ། ། བསྡུས་ཤིང་རང་ལ་བསྡིམ་པར་བྱ། །ཕྱེད་ཤས་ཙམ་གྱིས་གནད་ལ་ཕེབས། །རྟེན་གྱི་ཐོད་པ་ཁ་ཕྱེ་ལ། །མྱོས་པའི་རྫས་དང་བུ་རམ་དང་། །བདུད་རྩི་འོ་བསྐོལ་ཞས་ཟས་དང་། །དེ་བཞིན་མཆོད་པ་ཀུན་དང་བསྟར། །དམར་ལྗང་དར་གྱི་ལིངྒ་བྲི། །རྫས་ཉིད་བདུད་རྩིར་བརླབས་ནས་ཀྱང་། །ནང་དུ་སྲོག་གསུམ་ཡི་གེ་བསྒོམ། །མགོན་པོའི་གཞུང་བསྲང་སྙིང་པོ་བཟླས། །དྲུག་གི་སྔགས་ཀྱི་འོད་འཕྲོ་ཞིང་། །བརྒྱད་ཀྱིས་སིདྡྷིའི་མཐུ་བྱིན་བསྡུ། །འབུམ་ཕྲག་རྫོགས་ནས་སྲོག་གསུམ་བཞུ། །སིདྡྷི་རྫས་ལ་བདག་ཉིད་རོལ། །དམ་ཅན་གཏོར་མ་ཚོགས་ཀྱིས་མཆོད། །སྨན་གྱི་མཆོད་པས་སྟོབས་ལྡན་འགྱུར། །བསྙེན་པའི་རྡུལ་ཚོན་ཞལ་ཕྱེ་ལ། །དྲག་པོའི་ལས་ལ་སྦྱང་བར་བྱ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། བསྙེན་བསྒྲུབ་གནད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འབྲུབ་ཁུང་དྲག་པོའི་དཀྱིལ་འཁོར་འདི་གསུངས་སོ། །མཎྜལ་འདོམ་གང་གྲུ་བཞི་པ། །རཀྟ་ཁྲག་གིས་དམར་པོར་བྱུག །དབུས་ནས་མཉམ་པའི་ཤིང་གཞག་ལ། །མཎྜལ་ཟླུམ་པོ་བསྐོར་ནས་ཀྱང་། །མཐོ་གང་ཚད་དུ་གྱེན་དུ་བརྩིག །དབུས་ནས་ཁྲུ་གང་གྲུ་གསུམ་ལ། །ནང་རིས་གསུམ་ལྡན་ཐུར་དུ་བྲུ། །ཐ་མ་ཐོད་པའི་ཕྲེང་བས་བརྒྱན། །དུག་ཤིང་རྩང་དམར་ཉི་ཤུ་བརྒྱད། །རྡོ་རྗེ་འཁོར་ལོ་རལ་གྲི་དབྱུག་ཐོ་རྒྱ་གྲམ་ལྔས། །འོག་མ་དག་ལ་བསྐོར་བར་བྱ། །དམིགས་པ་དགྲ་ཡི་རྫས་རྣམས་དང་། །བག་ཕྱེ་ས་སྦྱིན་བསྲེས་པའི་གཟུགས། །བཅུ་གཉིས་སོར་ཚད་མི་རུས་མངག །ཀནྡྷའི་ཤིང་ལ་དུག་གིས་བྲི། །དྲེད་མོའི་སྐྲ་ཐག་སྔོ་དམར་གྱིས། །བཅིངས་ལ་གཟུགས་བརྙན་རྩང་ལ་གདགས། །བཅིངས་ལ་མགོ་བརྙན་དག་ལ་གདགས། །དུར་ཁྲོད་གཡམ་པ་ཁྲུ་གང་ལ། །དབུས་ནས་མཐོ་གང་གྲུ་


DNG024_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྲུ། །འབྲུབ་སྟེང་བཞག་ལ་ཐོད་མཁར་བརྩེགས། །རྒྱ་ནི་དེ་དང་མཐུན་པ་ལ། །དཔངས་སུ་ཁྲུ་གང་སོར་བཞི་བཏོད། །རང་ངོས་ཐེལ་ལ་སྒོ་བསྟན་ལ། །ལོགས་བཞི་འཕྲིན་ལས་གློ་དཀར་བཞི། །ཕྱོགས་བཞི་མཁར་བཞིར་ཕྱེད་ཕྱེད་བྱ། །དུར་ཁྲོད་ཚོན་གྱི་རི་མོ་ཡིས། །སྟག་དང་མི་རྟ་བྱ་རྒོད་མགོ། །སྲིན་པོའི་ཐོད་པས་བ་གམ་བྱ། །ནང་དུ་རྟེན་གྱི་ཕུར་པ་ལྔ། །ཡང་ན་བཀའ་རྟེན་བྲག་ནག་དྲེག །དུར་ཁྲོད་ས་ལ་སྲིན་པོའི་གཟུགས་བྱས་ལ། །ཚོན་གྱིས་བསྒྱུར་ལ་ཕྱག་མཚན་གཏད། །གྲུ་བཞིར་རུ་མཚོན་ནག་པོ་བཞི། །ཕྱོགས་བཞིར་བདུད་བྱ་ནག་པོ་ལྡིང་། །རྨྱུག་མ་ཚིགས་ལྔའི་མདའ་གཅིག་ལ། །དྲི་མེད་དྲག་པོ་བཙུག་ནས་ཀྱང་། །བྱ་རྒོད་སྲིན་བྱ་ཁྲ་འུག་ཁྭ། །ལྔ་བསྒྲོན་མདའ་ལ་དར་ནག་གདགས། །གཡུ་མིག་ནམ་མཁའ་ནག་པོ་ལ། །རྒོད་ཀྱི་སྒྲོ་གསུམ་དར་གྱིས་བརྒྱན། །དབུས་ཀྱི་མཁར་སྟེང་གཞག་པར་བྱ། །གཡས་གཡོན་ཡབ་ཡུམ་གཏོར་མ་གཞག །སྙིང་གསུམ་དར་སྒྲིལ་ལུས་ལ་བཅང་། །གྱིང་གི་མཁར་གྱི་སྟེང་ལོགས་གསུམ། །ལྕགས་ཕུར་བཅུ་གཉིས་དར་གྱིས་བརྒྱན། །རལ་གྲི་མཐོ་གང་གྲི་ཁྲག་བྱུག །ཕོ་སྙིང་སྣ་ཚོགས་གཏོར་མ་བཅའ། །ལྷོ་ཕྱོགས་གནོད་སྦྱིན་མཁར་སྟེངས་སུ། །བསེ་མདུང་སྨུག་པོ་དར་གྱིས་བརྒྱན། །ཟོར་མདའ་མོན་ཐོད་གཡས་གཡོན་དགོད། །རུ་སྐྱོགས་ནང་དུ་དམ་རྫས་བསོག །རྟ་དམར་བྱ་དམར་དྲི་བོའི་དོན། །མར་ཁུ་སྦྲང་རྩི་འོ་མ་ཁྲག །སྦྱར་བའི་བདུད་རྩིའི་གཏོར་མ་བཤམ། །ནུབ་ཕྱོགས་སྲིན་པོའི་མཁར་སྟེངས་སུ། །སྦྲུལ་ཤ་དུག་དང་བག་ཕྱེ་སྦྱར། །སྦྲུལ་མགོ་གསུམ་ལྡན་འཁྱིལ་པ་བཅའ། །ཀནྡྷའི་དགྲ་གཟུགས་སྟེང་དུ་གཞག །གཡས་སུ་ཤ་རུལ་ཁྲག་རུལ་དང་། །སྙིང་སྣ་ཚོགས་དང་ཐོད་པ་དང་། །གཡོན་དུ་བ་དམར་འོ་མ་ལ། །ཀླུ་སྨན་བཏབ་ལ་འཁར་གཞོང་བཞག །བྱང་དུ་ཟ་བྱེད་མཁར་


DNG024_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྟེངས་སུ། །ཚོན་དྲུག་ནམ་མཁའ་དར་ནག་བརྒྱན། །གཏོར་མ་ཚིལ་ཆེན་སྤྲིན་ཁེབས་ཅན། །ལིངྒ་རྨ་བྱའི་གདུགས་དང་བཅས། །མཁར་རྣམས་ཀུན་གྱི་རྒྱུ་དག་ནི། །བཀའ་རྟེན་ཆོས་ཁྲི་དུར་ཁྲོད་དང་། །གནོད་སྦྱིན་སྦྲུལ་དང་རྒྱལ་པོའི་མཁར། །ཕྱུག་པོའི་བང་མཛོད་རི་མཐོ་རྩེ། །ས་སྣ་བདུན་ལ་ཀླུ་ཆུས་སྦྲུ། །བྱན་གླག་མཆོངས་ཀྱི་རི་བོ་ལ། །དུག་ཤིང་ཡལ་ག་དུར་ཁྲོད་ཀྱི། །ཤ་རུལ་ལ་སོགས་བཅད་ཕོར་དགྲམ། །ཀོ་ཀ་ཐང་དང་མཚོ་འགྲམ་ལ། །དཔལ་གཏོར་བདུད་རྩི་རཀྟ་དང་། །སྤོས་ཆེན་སྣུམ་ཆེན་ལ་སོགས་དགྲམ། །གྲུ་བཞི་ཧ་ཧའི་རྒྱལ་མཚན་ཏེ། །ཞིང་གི་བླ་རེ་མཎྜལ་དབུབ། །མོན་ཐོད་ནང་དུ་དུག་སྣ་དང་། །ཁྲག་སྣ་ཕྱེ་གསུམ་མཚོན་དབལ་བརྡར། །ཆང་གིས་སྦྱར་ལ་བྱང་དུ་དགོད། །དེ་བཞིན་རིགས་ངན་ཐོད་པ་རུ། །ཡུངས་ཀར་ཡུངས་ནག་སྐེ་ཚེ་དང་། །ཚ་བ་སྣ་ཚོགས་ལྷོ་རུ་དགོད། །དེ་ལྟར་བཅའ་གཞི་རྫོགས་པ་དང་། །ཕྱོགས་བཅིང་གསོལ་པ་སྔར་བཞིན་གདབ། །དཔལ་གྱི་ལས་གཞུང་རྫོགས་པར་བྱ། །དེ་བརྒྱད་འབྲུ་བརྒྱད་རྦད་བསད་བསྒྱུར། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དྲག་པོ་འབྲུབ་གཞུང་བཅའ་གཞིའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་རིམ་པ་འདི་གསུངས་སོ། །བདག་ཉིད་ལྷ་ཡི་ང་རྒྱལ་ལ། །ཐུགས་ཀར་རིམ་པ་ལྔ་རིམ་དུ། །བཾ་ལས་བྱན་གླག་ཁྲོམ་ལས་རི། །སྟ་ན་བྷ་ཏི་དུར་ཁྲོད་གནས། །བྷྲཱུཾ་ལས་ཐོད་པའི་མཁར་ལྔ་བསྐྱེད། །དབུས་སུ་དམིགས་པའི་དགྲ་སྟེངས་སུ། །དུན་ལས་རྩ་བའི་སྔགས་བརྗོད་པས། །ལེགས་ལྡན་ཡབ་ཡུམ་སྔོན་བཞིན་བསྐྱེད། །ཡང་ན་ཞལ་གཅིག་ཕྱག་གཉིས་ལྗང་། །གསལ་ཤིང་ཕྱར་ཞིང་ཤུན་གྱི་མདུང་། །དུར་ཁྲོད་ཆས་རྣམས་རྫོགས་པར་བསམ། །མདུན་ན་ལས་ཀྱི་བཀའ་སྡོད་ནི། །དྲག་པོ་གྲི་གུག་ཐོད་པ་འཛིན། །


DNG024_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིར་གཙོ་བོའི་འོད་སྤྲོས་ལ། །སྔགས་བསྐྱེད་འཁོར་དང་བཅས་པ་བསྐྱེད། །ཤར་དུ་ཁྲོ་ཆེན་གྱིང་ཀ་ར། །མཐིང་ནག་མཚོན་ཆའི་འཁོར་ལོ་བསྐོར། །སྙིང་ཁྲག་འཐུང་ཤིང་དམིགས་པ་གནོན། །ཕྱི་ནས་གྲི་ཐོགས་བཅུ་གཉིས་གྱིང་། །རྡོ་རྗེ་མྱུ་གུ་ཆོས་དང་ལས། །རིན་ཆེན་མྱུ་གུ་འཁོར་ལོ་རྩལ། །ཟླ་བའི་རྩལ་དང་ཉི་མའི་མདངས། །ཡི་གེ་ནམ་མཁའ་སྤྱང་ཀི་དང་། །དུས་མཚམས་ཕྱོགས་འདུལ་དུར་ཁྲོད་བདག །ཀུན་ཀྱང་རབ་ཏུ་འཇིགས་པའི་གཟུགས། །དུར་ཁྲོད་རྒྱན་ལྡན་གར་ཐབས་རྒྱུག །ཟངས་གྲི་ཕྱར་ཞིང་གློ་སྙིང་ཟ། །འཛིན་ཅིང་གསོད་པའི་སྤྲུལ་པ་འགྱེད། །ལྷོ་རུ་ཡ་ལས་གཤིན་རྗེའི་གཙོ། །དམར་ནག་ཞིང་གྱོན་རལ་པ་ཁྲག །གསེར་གྱི་རལ་གྲི་མདུང་དམར་འཛིན། །ཡུམ་ནི་བྱད་ཐག་ནད་རྐྱལ་རྡེབ། །སྐྱེས་བུ་བཞི་དང་བསེ་མོ་བཞི། །མི་དམར་ཤན་པ་བཞི་བཅུ་གཉིས། །འཇིག་རྟེན་སྐྱོང་བའི་ཆ་ལུགས་རྫོགས། །ནུབ་ཏུ་ཛ་ལས་རཱ་ཧུ་ལ། །དུད་ཁ་མགོ་དགུ་རོ་སྨད་སྦྲུལ། །མགོ་ལུས་ཀུན་གསལ་རལ་པ་ཁྲག །གྲི་གུག་ཐོད་པ་བསྣམས་པ་ཡི། །སྲིན་པོ་བཅུ་དང་སྲིན་མོ་བཅུ། །མཚོན་ཆ་རྣོ་དབལ་ལོངས་སྤྱོད་འཛིན། །བྱང་དུ་མ་ལས་ཟ་བྱེད་མ། །མཐིང་ནག་ཁྲག་རལ་དུག་རླངས་ཅན། །ཤུན་གོས་རེ་ལྡེ་རྒྱུ་ཕྲེང་ཞགས། །བསེ་སྦྲུལ་ཉི་ཟླ་ཆས་ཀུན་རྫོགས། །གཡས་པ་ཁྲམ་ཤིང་ནད་རྐྱལ་གཡོན། །དྲེའུ་ནག་ཞོན་ནས་མེ་རླུང་འཚུབས། །རིགས་བཞི་མཁའ་འགྲོ་འབུམ་གྱིས་བསྐོར། །གཞན་ཡང་མ་ཚོགས་འབུམ་གྱིས་བསྐོར། །སྔོན་བཞིན་འདིར་ཡང་འདུས་པར་བསྒོམ། །རང་བཞིན་གནས་ནས་སྤྱན་དྲངས་ལ། །དུར་ཁྲོད་གནས་སུ་རྟེན་ལ་བསྡིམ། །དམ་ཚིག་སྦྱིན་པ་འདི་ལ་བརྗོད། །སྔོན་ཚེ་དཔལ་ཆེན་ཁྲོ་བོའི་རྒྱལ། །བདུད་འདུལ་རྡོ་རྗེ་སྲིན་པོ་ཡིས། །དྲེགས་པ་བཅོམ་ནས་སྒྲིབ་པ་སྦྱངས། །དབང་བསྐུར་མིང་བཏགས་སྲོག་


DNG024_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཕུལ། །ཕོ་བྲང་ཀུན་ལ་དམ་ཚིག་སྦྱིན། །ཕྱི་ཡི་མཚན་ནས་བོས་པའི་ཚེ། །མགོན་པོ་ལེགས་ལྡན་ནག་པོ་བྱ། །ནང་གི་མཚན་ནས་བོས་པའི་ཚེ། །བདུད་འདུལ་དུར་ཁྲོད་སྒྲོལ་བའི་གིང་། །གསང་བའི་མཚན་ནས་བོས་པའི་ཚེ། །རྡོ་རྗེ་སྒྲོལ་བྱེད་དྲག་པོ་རྩལ། །མནའ་བོར་ཁས་བླངས་མ་བསྙེལ་བར། །སྐུ་གསུང་ཐུགས་སུ་བདག་སྦྱོར་བ། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །ཨོཾ་ཨཱཿཧཱུཾ་བཛྲ་ས་མ་ཡ། ས་མ་ཡ། དེ་ནས་མཆོད་པ་ཚུལ་བཞིན་དབུལ། །དེ་ནས་རྟེན་ལ་གཟུངས་ཐག་གདགས། །སྒྲུབ་སྔགས་དྲག་པོ་བཅུ་བཞི་པ། །དབང་མེད་སྲོག་ཡིག་ཚ་བ་བསྐྱེད། །མྱུར་དུ་བཀུག་ལ་རྟེན་ལ་བསྡིམ། །སྐབས་སུ་སྨན་གྱིས་ཚ་བ་གཞིལ། །གཏོར་མ་ཤ་ཁྲག་མཆོད་པ་བརྟག །དགོངས་ཀ་རྟེན་ལ་ཡུངས་ཀར་བྲབ། །གདུག་སེམས་ཆེར་བསྐྱེད་དགྲ་ལ་བསྐུལ། །བཅུ་བཞིའི་མཐའ་ལ་རྦད་སྔགས་གདགས། །སྐབས་སུ་སྤྲུལ་པའི་སྔགས་བཞི་པོ། །འབར་བའི་དམ་ཚིག་དམིགས་པ་ཡི། །སྲོག་ལ་བྷྱོ་བྷྱོ་སྦྱར་ལ་བྲབ། །ཡུངས་ཀར་ཁྲོ་བོའི་དབལ་གྱིས་བྲབ། །སྡེ་བཞི་སྤྲུལ་པ་འཁོར་བཅས་ཀྱིས། །དམིགས་པའི་དགྲ་ཡི་ཡུལ་ཁམས་བཀང་། །བླ་དང་ཤེས་པ་བཀུག་ཅིང་བསྡིམ། །ལྷ་ཚོགས་བསྐུལ་དང་ཕོ་ཉ་རྦད། །སྔགས་ཀྱི་ཐུན་འཇུག་རཀྟ་ཡིས། །ཕུར་མ་ཁྲག་སྦྱངས་སྐུ་ལ་གཏོར། །ཐུགས་རྗེ་ཆེན་པོས་ཆགས་པ་སྐྱེས། །དམིགས་པའི་འབྲུབ་ཁུང་ཁྲམ་ལ་གདབ། །ཀུན་ཀྱང་བྱི་རུའི་མདོག་ལྟར་གསལ། །ཧཱུཾ། ཐུགས་རྗེ་སྟོབས་ཀྱིས་དགྲ་འཇོམས་སྐུ་ལྔ་པོ། །སངས་རྒྱས་ཀུན་གྱི་སྐུ་ཡི་ལས་མཁན་པོ། །དཔལ་མགོན་ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །ཁྱོད་ཀྱིས་བསྟན་པ་བཤིག་པ་བསྒྲལ་བའི་ཕྱིར། །གནས་འདིར་འདུག་ལ་བཀའ་ཡི་དམ་ཚིག་སྲུངས། །སྒྲུབ་པའི་གྲོགས་ཀྱིས་དགྲ་ལ་རྟགས་


DNG024_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཕྱུང་། །ཧཱུཾ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །གནས་འདིར་ཚུར་སྤྱོན་བདག་གི་ཕྲིན་ལས་མཛོད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དྲག་པོ་ཕྲིན་ལས་སྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།སྒྲུབ་པ་ཉམས་སུ་ལོན་པ་དང་། །དྲག་པོ་བསད་ལས་བྱ་བ་སྟེ། །དང་པོ་ཡུངས་ཀར་དཔལ་གྱིས་བསྐུལ། །ཐ་མ་བདུད་རྩིའི་ཚ་བ་གཞིལ། །རཀྟས་ལས་ཞེན་དྲག་པོ་ཀུན། །སྒྲུབ་པའི་སྐབས་ལས་འདིར་ཤེས་བྱ། །ཉིན་མོ་ཐུན་སྟོང་རྦད་ཅིང་དགུག །ཐུན་སྨད་བསད་པའི་དྲག་སྔགས་སྦྲེལ། །ལྷ་དང་དབྲལ་ཕྱིར་སྨེ་རྫས་གདབ། །དགོངས་ཀ་ཕོ་ཡི་རེག་ཆོད་ཀྱིས། །སྐམ་ཐུན་ཐུན་ཁུང་ནང་དུ་བསྡིམ། །མཆོག་ཕུར་ནང་ནས་གདབ་པར་བྱ། །དྲེགས་པ་ཕོ་རྣམས་སྲོག་ལ་རུབ། །བཀའ་སྡོད་ལས་ཀྱི་ཤན་པ་ཡིས། །གྲི་གུག་ཁོག་གཤགས་སྙིང་ཕྱུང་ནས། །གཙོ་བོའི་ཞལ་དུ་སྟོབ་པར་བསམ། །གནོད་སྦྱིན་ཚོགས་དང་མཆེ་གཤོག་གིས། །ཤ་ཁྲག་ཟ་ཞིང་རྒྱུ་མ་འདྲེན། །ཕོ་གཤེད་གནད་ཀྱི་རེག་ཆོད་ཀྱིས། །དགྲ་བོ་བསྒྲལ་བའི་ཕྲིན་ལས་སོ། །མཚན་མོ་སྒྲུབ་སྔགས་གཉིས་པོ་ལ། །བསད་སྔགས་སྦྲེལ་ལ་དྲག་ཏུ་བཟླས། །ཐོ་རངས་མོ་ཡི་རེག་ཆོད་ཀྱིས། །དུག་ཁྲག་གཤེར་ཐུན་དྲག་ཏུ་བརྡེག །མ་མོ་སྲིན་མོ་གནོད་སྦྱིན་མོ། །བདུད་མོའི་ཚོགས་ཀྱི་དམག་ཚོགས་ཀྱིས། །དམིགས་པའི་ལུས་ལ་ནད་མཚོན་ཆར། །འོད་ཟེར་བུ་ག་དགུ་ནས་འདུས། །སྔོ་དམར་དུག་གིས་རྩ་རྣམས་ཁེངས། །སྙིང་ལ་འདུས་ནས་དྭངས་སྙིགས་ཕྱེ། །དྭངས་མ་ཆོས་ཉིད་བདེ་བར་ཐིམ། །ཕུང་པོ་ཤ་ཁྲག་མ་ཚོགས་རོལ། །ཞག་གྲངས་དགུ་ཡི་ཏིང་འཛིན་བསྟར། །ཐུན་རྫོགས་དངོས་དང་འདྲེལ་བའི་གཟུངས། །བྱང་ཤར་ལྕགས་མཁར་སྒོ་མེད་དུ། །དུག་


DNG024_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མེ་བཏང་ཐུན་བྲབ་བརྡེག །གསེར་ཕུད་ལྷ་སྲིན་མཆོད་བྱས་ལ། །ཟོར་གྱི་ལམ་ཕྱེ་བསེ་མདའ་ལ། །ཐུན་ཁྲག་བྱུག་ལ་མེ་ལ་བསྲེག །མུ་སྟེགས་ལོག་ལྟའི་ཐོད་པ་རུ། །ཐུན་ཁྲག་བླུགས་ལ་ངད་རླངས་བསྡིམ། །དུར་ཁྲའི་འཁུལ་གཏོང་ཁྲག་མདའ་འཕང་། །སྔགས་ཀུན་དྲིལ་མཐར་ཟོར་སྔགས་གདགས། །དེ་ནས་བསྐུལ་བ་འདི་ཡང་བྱ། །ཧཱུཾ་ཕྱོགས་བཞི་དྲེགས་པའི་ཡུལ་མཁར་ནས། །ཟོར་གྱི་བདག་པོ་མཆེད་བཞི་བཞེངས། །ཤར་ཕྱོགས་གནོད་སྦྱིན་སྟག་ཐབས་དང་། །ལྷོ་ཕྱོགས་དྲག་པོ་གཤིན་རྗེའི་རྡོ། །ནུབ་ཕྱོགས་བདུད་ནག་མགོ་དགུ་པ། །བྱང་གི་སོག་པོ་སྨིན་རིངས་པོ། །བསེ་ཁྲབ་དམར་པོ་སི་ལི་ལི། །གོ་ཆེན་འབར་བའི་གོ་མིག་ནས། །ཁྲག་མདའ་དུག་མདའ་དགྲ་ལ་རྒྱོབ། །རུ་སྒྱོགས་ནག་པོ་དགྲ་ལ་ཐུན། །ཡུངས་ཀར་ཁྲོ་བོ་ཁྲོ་མོར་འཁྲིགས། །ཟོར་གྱི་བདག་པོ་བསྐྱོད་ཙམ་ན། །རི་རབ་རྡོ་འཕེན་འུ་རུ་རུ། །རྒྱ་མཚོ་ཞོ་འཁྲོག་ཆི་ལི་ལི། །བསེ་ཡི་གིང་ཆེན་བསྐྱོད་ཙམ་ན། །མོན་གྱི་ལུས་ལ་དུང་སེང་རྐང་། །ལྕགས་ཀྱི་གཞུ་ལ་ཟངས་ཀྱི་རྐང་། །དྲག་པོ་སྔགས་ཀྱི་ཤུགས་ཀྱིས་གདུང་། །བསེ་ཡི་ལག་སྤྲས་གཡོན་པ་སྤྲས། །མོན་གྱི་དུག་མདའ་ནག་པོ་ལ། །ཉི་ཟླ་ཁྱུང་དང་འུག་པ་ཁྲ། །གཟེར་ཆེན་འབེབས་པའི་གཤོག་པ་ཅན། །གནོད་སྦྱིན་བྱེ་བ་ས་ཡར་བཅས། །ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། །མ་མོ་ཚོགས་ཀྱི་དམག་དང་བཅས། །སྙིང་གི་སྒོང་པ་བཅག་རེ་རན། །སྲོག་རྩ་དབུགས་འདི་གཏུབ་རེ་རན། །དུག་མདའ་དགྲ་ཡི་སྙིང་ལ་རྒྱོབ། །བྷྱོ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །ཁྱད་པར་འཕགས་པའི་བླ་མ་ལ། །དང་བའི་སེམས་ཀྱིས་རབ་བཏུད་ནས། །མཐུ་མེད་འཇིག་རྟེན་སྐྱབས་གསོལ་ཅིག །ཆོས་ཀྱི་སྲུང་མ་དམ་ལ་འདུ། །སྔགས་ཀྱི་མ་སྲིན་དམ་ལ་འདུ། །འདོད་ཁམས་


DNG024_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བློན་མོ་དམ་ལ་འདུ། །མགོན་པོ་ནག་པོ་དམག་སྣ་དྲོངས། །བདུད་འདུལ་སྒྲོལ་གྱིང་ཟོར་འདི་འཕངས། །ལྔ་ཕུང་རྩད་ནས་གཅད་པའི་ཕྱིར། །མུ་སྟེགས་ཀཱ་ལའི་ཐོད་པ་ལ། །ཟོར་གྱི་གཞུ་མཆོག་ལིངས་སེ་ལིང་། །སྔགས་ཀྱི་རྒྱུད་སྒྲ་དྲེངས་སེ་དྲེང་། །རཀྟ་ཆགས་པའི་རྨྱུག་མ་ལ། །གསོད་བྱེད་དུག་གི་སྒྲོ་ཡིས་བསྐྱོན། །ཚེ་དབལ་ཐུན་གྱི་རྒྱུས་ཀྱིས་དཀྲིས། །ཡུངས་ཀར་དབལ་གྱི་མདེའུ་གསལ། །ཏིང་འཛིན་དྲག་པོའི་ཤུགས་ཀྱིས་འཕངས། །དགྲ་ཡི་སྙིང་ལ་དུག་མདའ་ཡ། །རྣམ་ཤེས་རྟེན་ལ་དུག་མདའ་ཡ། །ཨོཾ་མ་ཧཱ་ཀཱ་ལ་དགྲ་བོ་སྲོག་ཕྲིག་ཕྲིག་ཆུམ་ཆུམ་ཧུར་ཧུར་ར་སྙིང་རྩ་དྲེང་དྲེང་། དམ་དམ་མ་མ་ར་ཆོ་ཆོ་ནི་ཤ་ཀུ་རུ་བྷྱོ་བྷྱོ། ཞེས་འཕང་ངོ་། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དྲག་པོ་གནད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་གཏད་ཁྲམ་གནན་པའི་ལས་འདི་གསུངས་སོ། །ས་སྣ་བདུན་གྱི་འདག་པ་ལ། །ཚད་དང་ལྡན་པའི་མཁར་བྱས་ལ། །ནང་དུ་ལེགས་ལྡན་སྐུ་གཟུགས་རྟེན། །སྟེང་དུ་ལས་ཀྱི་བྱ་ཁྱུང་བཞག །དུར་ཁྲོད་རོ་རས་ཁྲུ་གང་ལ། །དགྲ་བོའི་དྲི་མས་བྱུག་བྱས་ལ། །སྦྲུལ་ནག་འཁྱིལ་པའི་ལྟོ་བ་རུ། །དུག་དང་ཁྲག་གིས་འཁོར་ལོ་ལ། །མུ་ཁྱུད་བཞི་རུ་བསྐོར་བྱས་ལ། །དབུས་སུ་རྩི་མར་སྦྱར་བའི་ཁྲག །དམིགས་པའི་གཟུགས་བྲི་མིང་རུས་དགོད། །གཡས་སུ་གཉེན་པོ་ལྟོ་བར་ཀླུ། །རྒྱབ་ཏུ་ས་བདག་འདོམས་སུ་བསེ། །འབྱུང་པོ་དུག་བཞི་དམིགས་པས་གཟུང་། །དེ་ཕྱིར་སྔགས་རིམ་འདི་དག་ནི། །ཡིག་མགོ་ནང་དུ་བསྟན་ལ་བྲི། །ནཱ་ག་དུ་ནཱ་ག་དུ་ཧེ་ལ་ཧེ་ལ་འདུས་འདུས། ཨོཾ་ཨ་ཀྲོ་ཏཱི་ཤྭ་རཱི་ནཱ་ག་ར་ཧེ་ཞུ་ལ་ཕོས་ཕོས་ཤིག་ཤིག །ཧུ་ཡ་ཧུ་ཡ། ཀླུ་མོའི་ཚོགས་ཧ་ཞེན་ཧུ་ཞེན་ནཱ་ག་ཞེན་དབུགས་ལ་ཐུམ་ཐུམ་སྭཱ་ཧཱ། ཀླུ་སྲིན་སྡུད་དེ་དམ་མེད་འཁྲིལ། །དེ་མཐར་དུག་དང་ཁྲག་སྦྱར་ལ། །སྔགས་འདི་བྲིས་ལ་མིང་བྱང་སྤེལ། །ནཱ་ག་དུ་ནཱ་ག་དུ་ཧེ་ལ་ཧེ།


DNG024_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་འདུས་ནག་པོ་བམ་ཙི་ཙེ་རྒྱལ། །དྲག་ཐུར་སྙིང་ལ་འདུས་མྱགས་མྱགས་རྩ་བཞི་སྐུམས། ཤན་ཤན་སྲོག་ལ་ཤན། ཐུར་ཐུར་སོད་ནཱ་ག་གུར་ལི་ར་སྙིང་ལ་འདུས་འདུས། ནྲྀ་ལོང་ནྲྀ་སོད་ས་མ་ཡ་དམ་དམ་ཛ་ཛ་ནཱ་ག་རཀྴ་ཆེ་གེ་མོ་ཁ་ཁ་ཁཱ་ཧི། དེ་མཐར་མ་ཧཱ་ཀཱ་ལ་ཡི། །བསྙེན་བསྒྲུབ་བསད་ཐུན་ནང་བསྟན་བྲི། །ལྷ་ཆེན་མགོན་པོ་ནག་པོ་ནི། །འཆི་བདག་ཀླུ་ཡི་དེད་དཔོན་ཡིན། ། འཁོར་ལོ་དྲིལ་ནས་ཀ་ན་མཱ་ར་ཡ། །ཀུ་ཀུ་ཀ་ཡི་སུ་བུ་རུ། །ཙི་ཏ་ཛྭ་ལའི་ཐོད་པ་རུ། །མ་འཆོར་ཁྲོ་ཆུའི་རྒྱས་གདབ་ནས། །མུན་པ་ནག་པོའི་ཀློང་དུ་དྲིལ། །དཀར་ནག་སྦྲུལ་གྱི་ཐག་པས་བསྡམ། །ནག་པོ་གདོལ་པའི་སྲང་ན་ཡང་། །མདའ་གང་བཅལ་བར་དོང་བྲུས་ལ། །ཕྱོགས་བཞིར་མཆོག་གི་ཕུར་པ་བཞི། །གཤིན་རྗེ་གཤེད་དང་རྟ་མགྲིན་དང་། །གསང་བདག་ཉིད་ཀྱི་སྤྲུལ་པར་བསྒོམ། །རང་ཉིད་མགོན་པོ་ནག་པོར་བསྒོམ། །ནག་གསུམ་ཁྲག་དང་གླ་རྩི་དུག །དྲི་སྤོས་སྦྱར་ལ་ལུས་ལ་བཅངས། །ལྷ་སྲིན་ཀུན་ལ་གསེར་སྐྱེམས་གཏང་། །རྟེན་བདག་དེ་ལ་རྩི་སྨན་སྦྱར། །ཐོད་པ་ནང་དུ་བཅུག་ནས་ཀྱང་། །སྙིང་པོ་དེ་གཉིས་བརྒྱ་བརྒྱ་བཟླས། །མངས་ན་ཀླུ་སྲིན་རང་ལ་འདུ། །དེ་སྟེང་ཁམས་གསུམ་ཀླུ་རྣམས་ཀུན། །མོ་རྣམས་ཆགས་པའི་ཚུལ་གྱིས་འདུ། །ཕོ་རྣམས་རྔམ་པའི་ཟས་སུ་ཟ། །ཁྲོ་བོའི་མཁར་དང་ཁྱུང་གིས་གནན། །དུར་སོལ་རྒྱ་གྲམ་སྟེང་ནས་དགབ། །ཉི་ཤུ་རྩ་གཅིག་ཕྱིར་བསྐྱེད་ལ། །ཐོག་ཟུག་རྒྱལ་བའི་དལ་དུ་ བསྒོམ། །བསྐོར་བ་ཕྱིན་ཀ་ལོག་ཏུ་བྱ། །དུག་གི་སྒྲོ་བ་གཏན་པར་དྲུ། །དུག་ཁྲག་སྙིགས་པས་རྗེས་གཅོད་བྱ། །སླར་ལོག་ཚོགས་མཆོད་བཀྲ་ཤིས་བྱ། །དེས་ནི་ལས་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གཏད་ཁྲམ་གནན་པའི་ལས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་དྲག་པོ་གཤིན་རྗེ་ལྟར་སྒྲུབ་པ་


DNG024_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསུངས་སོ། །དང་པོ་གདེང་ལྡན་སྔགས་པ་ཡིས། །དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །ནགས་རི་ཚེར་མ་རབ་ཏུ་རྩུབ། །གདུག་པའི་ཚོགས་སུ་ལྷ་སྲིན་ཡོད། །སྔར་ཤི་མི་རོ་སྤུངས་པའི་གནས། །དུག་དང་མཚོན་ཆའི་ཐུན་སྒྲུབ་ནི། །ཐ་ཆུང་བཞི་ཡི་མར་ངོ་ལ། །སྔོན་འགྲོ་ལས་ཀུན་རྫོགས་བྱས་ནས། །དུར་ཁྲོད་གནས་སུ་མཎྜལ་ནི། །འདོམ་གང་གྲུ་བཞི་ཆག་ཆག་གདབ། །རབས་ཆད་ཕུང་ཁྱིམ་གྲི་ས་ལ། །འབྲུབ་ཁུང་ལྕགས་ཁང་རྩེ་གསུམ་བྲན། །རྩང་དང་ཐོད་ཕྲེང་མེ་རི་བྲི། །དུག་ཁྲག་དུར་སོལ་སྦྱར་བྱུགས་ལ། །དབུས་སུ་མོན་ཐོད་ཇ་རིལ་དུ། །སྲུབ་མའི་ལོ་མ་ཞིང་ཆེན་རས། །སྐྱིན་ཐང་ཆུ་ཤུལ་ཇུ་ཚེ་ཕུབ། །གངས་དུམ་རྒྱ་མཚོའི་ལྦུ་བ་ལ། །གྲོག་མཁར་ས་དང་རང་གི་མཁར། །དུག་ཁྲག་སྦྲུས་ལ་ལིངྒ་བྲི། །ཀན་དྷའི་ཤིང་ལ་དུག་ཁྲག་གིས། །མིང་རུས་ལོ་ཁམས་ཁྲམ་སྔགས་བྲི། །སྔོ་དམར་ཕུར་པ་སྐེ་ནས་གདགས། །རྒྱ་ཚིལ་གུ་གུལ་དུད་པས་བདུག །ལྕགས་ཕུར་དུག་གིས་ངར་བླུད་ལ། །འཆི་བདག་གཤིན་རྗེར་བསྒོམས་ལ་གཏད། །གྲི་ཐོད་དམ་དམར་ཐོད་སྨེ་བར། །ར་དུག་རེའུ་ལྕག་སྤྱང་དུག་དང་། །བཙན་དུག་བ་སྤྲུ་ཐར་ནུ་དྲུག །མི་རྟ་ཁྱི་ཕག་ར་ཡི་ཁྲག །གཅན་གཟན་མཆེ་སྡེར་མཚོན་ཆའི་དབལ། །ལྕགས་རྒོད་ཟངས་རྒོད་རྡོ་ཕྱེ་སྦྱར། །གུ་གུལ་ནག་པོའི་ཚ་བ་སྦྱར། །ཆང་གིས་སྦྱར་ལ་དར་སྣ་གདགས། །ལྕགས་སམ་ཐོད་པའི་སྣོད་ནང་དུ། །དཔལ་བཤོས་ཁྲུ་གང་རཀྟས་བརྒྱན། །ནག་གསུམ་ཁྲག་དང་སྙིང་གིས་བརྒྱན། །ཐོད་པར་བཤོས་བུ་གྲུ་གསུམ་དང་། །གྲུ་བཞི་མཁར་ཐབས་ཟུར་གསུམ་བཅུ། །རྟ་ནག་ར་དཀར་བྲི་ཡ་ཡིན་ནམ་ཁྲམ་གྱི་སྙིང་། །ར་རྒྱའི་ཤ་ཁྲག་བརྒྱན་པ་བཞག །དམར་གཏོར་ཚིལ་ཆེན་སྤྲིན་ཁེབས་ཅན། །དཀར་གཏོར་རྩི་སྨན་ཀླུ་ལ་བཤམ། །ཕྱོགས་བཞིར་མཆོད་པའི་བྱེ་བྲག་ཚོགས། །གཅན་གཟན་རྒྱན་རྣམས་བདུད་ལྟར་བྱ། །སྟོང་ཉིད་ངང་ལས་གཤིན་རྗེ་བསྒོམ། །བྷྲཱུྃ་ལས་ལྕགས་ཁང་སྟེང་ཤོད་དུ། །འོད་ལས་གྱུར་པའི་གཞལ་ཡས་


DNG024_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་། །གཟས་པའི་གདན་ལ་སྟག་ཆེན་ཁྲི། །མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །དུན་ལས་ཡི་གེ་བཅུ་བཞི་པ། །འཆི་བདག་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་དབུ་སྐྲ་ཁམ་ནག་འཕྲོ། །སྐུ་ལ་བེར་ནག་བརྩེགས་པ་གསོལ། །གཡས་ན་ཙནྡན་བིང་ཆེན་ལ། །གཡོན་པ་ཐོད་པ་ཁྲག་གིས་བཀང་། །ཡབ་ཡུམ་གཉིས་མེད་འཁྲིལ་བར་བསྒོམ། །འཁོར་གྱི་དེད་དཔོན་ཤན་པ་དྲུག །ཀུན་ཀྱང་ཁྲོ་བོའི་ཆ་ལུགས་ཅན། །སྨིག་པའི་ཁྲི་ལ་བརྐྱང་བསྐུམ་བགྲད། །ནག་པོ་ཁྲམ་ཤིང་ཞགས་པ་ཐོགས། །དཀར་པོ་ཤེལ་གྱི་འཁོར་ལོ་འཕྱར། །ནག་པོ་བན་དམར་དུང་ཅན་འཇིགས། །ལྗང་ནག་སྦྲུལ་ཞགས་སྦལ་འཛིན་ཀླུ། །དམར་སྐྱ་བཙན་ཞགས་མདུང་དམར་འཛིན། །ལྗང་སེར་རྡོ་རྗེ་སྙིང་འཛིན་གྱིང་། །ཕྱི་རོལ་མ་མོ་རྔམས་པ་ལྟར། །རང་བཞིན་གནས་ནས་བཀུག་ལ་བསྡིམ། །ཕྱི་ནང་མཆོད་པ་སྔགས་ཀྱིས་དབུལ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གཤིན་རྗེའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་དེ་ཡི་རིམ་པ་ཡང་། །ཡབ་ཡུམ་གསང་བའི་སྲོག་སྔགས་བཟླས། །བསྙེན་པ་ཚད་ལ་ཕེབས་པ་དང་། །ཡབ་ཡུམ་བར་དུ་དྲེགས་པ་གཞུག །བསྐུལ་དང་དམིགས་པ་ཏིང་འཛིན་གཞུག །ཐུན་ལ་དམར་ནག་ཡི་གེ་མ། །སྔོ་ནག་ཧ་དང་སྔོ་སྐྱ་ཅ། །སྔགས་ཀྱི་འོད་ཟེར་དྲེགས་པའི་ཞལ། །ཐུན་ལ་བསྡིམས་ལ་ཡི་གེ་ཞུ། །ནད་དུག་མཚོན་དུ་གྱུར་པར་བསྒོམ། །དམིགས་པ་ཞུགས་པའི་རྟགས་བྱུང་ན། །དྲག་སྔགས་ཐུན་གྱིས་ཐུན་དུ་དབབ། །ཞག་བདུན་རྫོགས་ནས་ཕུར་པ་གདབ། །ལིངྒ་ཐོད་པ་བཅས་པ་དེ། །རོ་ཁུང་མུན་པའི་གཏིང་དུ་གནན། །ཉ་སྟོང་དྲག་པོའི་ཟོར་ཁ་འཕང་། །དེ་ཡི་གསང་སྔགས་འདི་དག་ཡིན། །ཨོཾ་བཛྲ་ཡཀྴ་ཀཱ་ལ་ཀཱ་ལ། མ་ཧཱ་གྷ་ན་གྷུ་ཏི་ཧྲྀ་ད་ཡ། བཛྲ་གིང་ཀར་རཀྴ་ཀ་ལི་མུ་མ་མུ་ཤམ་ཁྲག་ལ་མུགས་ཤམ་ཧྲི་ཛཱཿ


DNG024_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཛཱཿདུན་རུ་ཏྲ་རུ་ཐུམ་བྷ་ཏི་རཱ་ཛ་ཙ་པ་ལ་ཨ་ཤུག་མེ། མ་ཏྭ་ཀ་རགྴ་ནག་མོ་ཏིང་ལམ་མ་བྷྱོ། ནཱ་ག་ཧུ་ཏི་ས་ནཱ་ག་རུ་རུ་ཧ་ཤུ་ལ་ཙ་ཏྲི་ཤཾ་ཛ་ཡཾ། བཛྲ་ས་ཏུ་ཏྲི་ནཱ་ག་དུན་ཏྲི། སྲོག་ལ་ཐུམ་རིལ། རྩ་ལ་དྲེང་ཤག །ཙིཏྟ་ཐུན་རྨུགས་ཁྲག་ཐིབས་རྦད། ལི་ཤག་རྦད་ནི་ཧུར་ཐུམས་ཛཿ། ཁྲམ་རྦད་ཡ་ཐུམ་རི་ལི་ལི་བྷྱོ། སྟྭཾ་པ་ཡ་ནན། ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དྲག་པོ་ལས་སྦྱོར་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དཔའ་བོ་གིང་གི་སྒྲུབ་པ་འདི་གསུངས་སོ། །བསྟན་པ་སྤྱི་ཡི་བློ་ཅན་གྱིས། །རྟ་མཆོག་དབང་དུ་བསྒོམས་ནས་ཀྱང་། །མཚན་ལྡན་དུར་ཁྲོད་གནས་བཟུང་ནས། །ལས་བཞི་ཚང་བའི་དཀྱིལ་འཁོར་བྲི། །ཐ་མར་དམར་ནག་རོ་ཉེས་བསྡམ། །དབུས་སུ་ཐུན་ཁུང་ཐུར་དུ་བྲུ། །ནང་རིས་གསུམ་ལྡན་མཚོན་ཆ་རྩད། །མི་ཐོད་དུག་དང་ཆང་གིས་སྦྱར། །ཁྲག་སྣ་མཆེ་ལྟར་མཚོན་དབལ་བརྡར། །དར་ནག་གུར་ཕུབ་རོ་ཉེས་བསྡམ། །དགྲ་སོག་གཡས་ལ་དམིགས་པ་གཟུགས། །ཐུན་གྱིས་དེ་ལ་བརྒྱངས་ལ་བཞག །དུར་གཡམ་རོ་སོལ་རྒྱ་གྲམ་བྲི། །ཐུན་ཁུང་ཁ་བཅད་སྟེང་དུ་དགབ། །གྲི་བོའི་ཐོད་པ་དམར་ཆོད་དུ། །དཔའ་བོའི་སྙིང་དང་ཟངས་ཐིག་དང་། །སྲོག་སྙིང་བཅུག་ལ་དར་གྱིས་གྲིལ། །བསེ་ཕོར་ཤ་སྣ་སྙིང་སྣ་ཁྲག །རིན་ཆེན་འབྲུ་ཡི་གཏོར་མ་བཤམ། །བཀའ་སྡོད་དཔའ་བོ་གིང་ཆེན་པོ། །དམར་ནག་འཇིགས་པའི་བསེ་ཁྲབ་གསོལ། །བསེ་རྨོག་གྱོན་པ་དཔའ་བོའི་ཆས། །ཕྱག་ན་ཟངས་གྲི་ཙིཏྟ་བསྣམས། །འཁོར་ནི་དྲེགས་པའི་སྤུ་གྲི་བཞི། །སྲིན་པོ་ས་མ་རཱ་ཛ་དང་། །གཤིན་རྗེ་ཡ་མ་རཱ་ཛ་དང་། །བདུད་པོ་ཧ་ནུ་ཕག་ཤ་དང་། །གནོད་སྦྱིན་ཛྭ་ལ་གརྦ་དང་། །དཀར་སྔོ་དམར་དང་ལྗང་གུའི་མདོག །གྲི་ཐོགས་ཙིཏྟ་ཟ་བའི་ཚུལ། །དགུག་ཅིང་བསྡིམས་ལ་མཆོད་པ་འབུལ། །སྒོ་ཕུགས་མེད་པའི་སྔགས་འདི་བཟླས། །ཨོཾ་ཏྲོ་ཏ་ནི་ཏྲོ་ཏ་ནི་པ་ཏྲ་པ་ཏྲ་ཤུ་ལ་ཤུ་ལ་དྷ་ཤ་


DNG024_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ། ཡགྴ་གྲི་བ་གིང་ཀ་ར་གིང་ཀ་ར་གིང་ཙ་ཏོ་གིང་ཙ་ཏོ། པར་ཏ་ཏེ་པར་ཏ་ཏེ་ཤ་པ་ཏེ་ཤ་པ་ཏེ། ཤྚར་མ་ཤྚར་མ། རགྴ་ཙ་རགྴ་ཙ། སྙིང་ཁ་རག་སྙིང་ཁ་རག །ཏྲག་རགྴ་ཏྲག་རགྴ། དགྲ་བོའི་སྙིང་ལ་བྷྱོ་བྷྱོ། རྦུད་རྦུད། དགྲ་བོ་མ་གཏོང་ཅིག་རྩ་རྩ་ནན། ནཱ་ག་རོ་ཡ་མི་པ་རིལ་རྦད། མར་ནྲི་སྙིང་ལ་མུགས། སྙིང་ལ་མུགས། སྲོག་ལ་རྩ་བ་མ། སུ་རུ་སུ་བམ་རིལ་རྦད། དྲག་པོ་གནད་ཀྱི་གསང་སྔགས་འདི། །དམ་ཅན་ཉེ་སྙིང་ལས་ལ་འཛུད། །ཐུན་གྱི་དྲོད་ལས་འོད་ཟེར་འཕྲོས། །དམིགས་པ་བཀུག་བསྡིམ་ནད་རླངས་ཀྱིས། །བུ་ག་དགུ་ནས་ཐིམ་ཞིང་གསོད། །འབུམ་ཕྲག་བཟླས་པས་ཐེ་ཚོམ་མེད། །ཨོཾ་ཨ་བ་ལོ་ཀི་ཏེ་ཡ་ན་མ་ཤོ་ཧྲི་ཏི་སྙིང་ཁ་ལ་རག་ཤ །ཁས་བླངས་ས་མ་ཡ་ཐུམ་ཐུམ། རུ་ལུ་རུ་ལུ་མ་ཧེ་བྷྱོ། ནད་དང་ཐུན་གྱི་བྱིན་བརླབ་འདི། །བརྒྱ་པའི་བར་དུ་བཅུ་བཅུ་སྦྲེལ། །གསང་སྔགས་མཚོན་ཆ་འདི་ཉིད་གདགས། །དུ་ན་དུ་ན། ག་དུ་ག་དུ། ཨ་ཀ་ནི་རྦད་ཏྲི་ཀ་ལ་ས་མ་ཡ་ཧཱུཾ་བྷྱོ། དྲལ་དྲལ་སྙིང་ལ་དྲལ། སྲོག་སྲོག་སྙིང་ལ་སྲོག །སྙིང་ཐིག་སྲོག་ལ་རྦད། ས་མ་ཡ། མཚལ་པ་ཚལ་པ་རྦད་རྦད། ཞག་གྲངས་བཅུ་གསུམ་ཚང་བ་དང་། །ལིངྒ་གསུམ་དུ་གཏུབ་བྱས་ཏེ། །གཅིག་ལ་ཐུན་བྲབ་གཅིག་ནི་བསྲེག །གཅིག་ནི་དུར་མཆད་གསུམ་ལ་གཏད། །ཀི་ཀང་དྲག་པོ་རྒྱུ་བ་ལ། །ཐུན་ཁྲག་དགྲ་ལ་ཟོར་དུ་འཕང་། །གིང་སྒྲུབ་དྲག་པོས་གསང་སྔགས་འདི། །ནུས་མིན་སྤྱད་ན་རང་ལ་ངན། །དེས་ན་རབ་ཏུ་བསྔགས་ཏེ་སྦ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དཔའ་བོ་གིང་སྒྲུབ་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་སྒྲུབ་པའི་རྟགས་ཀྱི་རིམ་པ་འདི་གསུངས་སོ། །རྟེན་འཕར་འགུལ་ལྡེག་མེ་སྟག་འཕྲོ། །སྒྲུབ་པོ་མཁའ་ལ་འཕུར་བ་དང་། །ས་ལ་མི་ཐོགས་ཆུར་མི་འབྱིང་། །ལེགས་ལྡན་མདུན་དུ་ཅི་བྱ་ཟེར། །རབ་ཀྱི་རྟགས་སུ་


DNG024_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ། །ཕུང་པོ་མེ་འབར་མདབ་ལ་སྒྲ། །སྨན་ཕུད་ཁོལ་ཞིང་རཀྟ་ལུད། །རྟེན་གྱི་ཞལ་བཞད་ཉམས་འབྱུང་འབྲིང་། །སྒྲུབ་ཁང་གཡོ་ཞིང་འགུལ་ལ་འཚེག །ཡམས་དང་ནད་ཀྱི་ན་བུན་འཐུལ། །བྱ་དང་གཅན་གཟན་འཐབ་ཅིང་འཁོར། །རོ་དོམ་འཆོལ་ཞིང་ནང་ན་འབྱུང་། །ཐ་མ་རྨི་ལམ་སྟོན་པར་འགྱུར། །དགྲ་བཅོམ་ཚོགས་སུ་འོང་བ་དང་། །བནྡི་ནག་པོ་མོན་པ་དང་། །རླུང་ནག་འཚུབ་དང་ཆུ་ནག་འབྲུག །གཡག་ཁྱུ་ཁྱི་ནག་བྱ་ནག་དང་། །མཆོད་རྟེན་ནག་པོ་མེ་སྟག་འཕྲོ། །སྐར་མདའ་མང་པོ་ལྟུང་བར་འགྱུར། །བསྙེན་ནས་ཉེ་བའི་རྟགས་སུ་ཤེས། །གོ་ཚོལ་མཚོན་ཆ་མང་པོ་བརྡུང་བ་དང་། །དམག་འདྲེན་གཡུལ་འགྱེད་ལིངས་ལ་ཆས། །ལས་ལ་ཚུད་པའི་མཚན་མ་ཡིན། །གཞན་ཡང་གཤིན་རྗེ་སྒྲུབ་པ་ལ། །མོན་དང་བནྡི་ཚུབ་མ་གཡག །བཙན་བཙུན་སྟག་སེང་ལྷ་ཁང་འོད། །བུད་མེད་དྲིའུ་ནག་ཆུ་རླུང་འབྱུང་། །ཉ་སྦྲུལ་ཀླུ་ཡི་ཆོ་འཕྲུལ་སྟོན། །མི་རྟ་དམར་པོ་མེ་དང་འོད། །ཁྲ་སྤྱང་བན་དེ་ཚོང་པ་འབྱུང་། །མངོན་དུ་ཁུག་ནས་ལིངྒ་འགུལ། །བྱ་ཡིས་བྱ་ལ་འདེབས་པ་དང་། །གར་འོང་བླ་ཡི་ཆོ་འཕྲུལ་སྟོན། །སྤུ་འཕྱི་འདོགས་དང་གསོད་པ་དང་། །ཤ་ལ་ལོངས་སྤྱོད་གོད་ལ་རོལ། །བྲག་ཆེན་རྩད་ནས་བཏོན་པ་དང་། །གདུང་བརྒྱུད་རྩད་ནས་གཅོད་པར་ངེས། །སྡོང་པོ་བཅད་ན་དགྲ་ཉིད་འཆི། །ཡལ་ག་བཅད་ན་འགབ་ལ་ངན། །དོན་པོ་བསད་ཅིང་སྙིང་ཕྱུང་ན། །ཐེ་ཚོམ་མེད་པའི་རྟགས་ཡིན་ནོ། །རྒྱན་འཕྲོག་གོས་བཤུས་གྲོགས་ལ་ངན། །ནག་པོ་ལྡོག་པའི་མཚན་མ་ནི། །མུན་པ་སྲོས་དང་མཛེ་ཕོ་རྒོལ། །གཡག་རྒོད་རྡུང་ཞིང་གཅན་གཟན་རྨུག །ཆུ་སྣ་ལྡོག་པ་ཁྲོས་པར་ཤེས། །མུལ་དང་སྤྲང་ལོང་ལོངས་སྤྱོད་འགྱེད། །འབྱོར་པ་འདོད་ཡོན་གཏོར་ཚོགས་གཏོང་། །གཞན་ཡང་ཉེས་ལེགས་ལས་རྣམས་སྟོན། །ཅིས་ཀྱང་ལས་འགྱངས་ལྡོག་གྱུར་ན། །ཀནྡྷའི་ཤིང་


DNG024_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མགོན་པོའི་གཟུགས། །མཐོ་གང་ཚད་ལས་སྐྱེ་མཆེད་རྫོགས། །སྤྱི་བོར་རུ་ལུ་བཟློག་པ་བྲི། །ལག་པ་གཡས་གཡོན་བསྙེན་སྔགས་གཉིས། །རྐང་པ་སྒྲུབ་དང་བསད་པའོ། །ཐུན་སྔགས་ཁོ་རང་ལུས་ལ་བྲི། །དེ་ལ་དགུག་ཅིང་བསྡིམས་བྱས་ལ། །ཞག་གསུམ་དཔལ་གཏོར་འོག་ཏུ་གཟིར། །བསྙེན་སྒྲུབ་སྔགས་ལ་ལས་བཟློག་བརྡེག །དྲག་ཤུལ་འབྱུང་པོའི་ཉི་མ་ལ། །རལ་གྲིས་ཕྱར་ལ་གཉེན་པོས་བརྡེག །དུག་ཤིང་གདུག་པའི་མེ་ཡིས་བསྲེག །བཀའ་རྟེན་ས་དང་ཐལ་བ་སྦྱར། །གཟུགས་བྱ་ཁོག་པར་ལིངྒ་གཞུག །བདུད་རྩི་གཏོར་མ་མཆོད་པ་བསྟབ། །དུར་ཁྲོད་དབུས་སུ་དོང་བྲུས་ལ། །མགོན་པོའི་གཟུགས་གཞུག་དུར་གཡམ་དགབ། །མཆོད་རྟེན་ནག་པོ་ཁྲུ་གང་ལ། །གུ་གུལ་དུད་པས་བདུག་ལ་གནན། །ལྷ་ཉིད་གནད་ལ་དབབ་པའི་ལས། །ཡ་བག་ཤ་ར་རབ་ཏུ་གསང་། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གྲུབ་རྟགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་དབང་གི་རིམ་པ་འདི་གསུངས་སོ། །ཉམས་དགའ་བྱེད་པའི་ས་ཕྱོགས་སུ། །མཎྜལ་བྱས་ལ་མེ་ཏོག་དགྲམ། །གཏོར་མ་མཆོད་པའི་རྫས་ཀུན་དགྲམ། །རིན་ཆེན་བུམ་པ་མཛེས་པ་ལ། །ཁ་རྒྱན་མགུལ་ཆིངས་ལྡན་པར་བྱ། །སྣ་ཚོགས་དྲི་དང་རིན་པོ་ཆེ། །སྙིང་པོ་འབྲུ་སྣ་ཆུ་ཡིས་དགང་། །ནང་དུ་མགོན་པོའི་དཀྱིལ་འཁོར་བསྐྱེད། །མཆོད་པའི་རྫས་ཀུན་ཚང་བ་དང་། །སློབ་མས་ནོར་རྫས་ཡོན་ཕུལ་ལ། །ཧོ། དཔལ་མགོན་ནག་པོ་ཡེ་ཤེས་སྐུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདག་ཉིད་འཇུག་པར་འཚལ་ལགས་ཀྱིས། །དཔའ་བོ་ཐུགས་རྗེས་གཟུང་བར་མཛོད། །དེ་སྐད་གསོལ་པ་ལན་བཞི་གདབ། །ཧོ། ལེགས་ལྡན་ནག་པོའི་དཀྱིལ་འཁོར་འདིར། །


DNG024_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་འདོད་པའི་བུ་ཁྱོད་ཉོན། །ལས་རྣམས་འགྲུབ་ཅིང་བསམ་འགྲུབ་ལ། །བླ་མེད་ཐེག་ཆེན་འབྲས་བུ་འབྱུང་། །གནས་སྐབས་བསྟན་པ་བསྲུང་བའི་ཕྱིར། །ཞུམ་མེད་དཀྱིལ་འཁོར་འཇུག་ནུས་སམ། །སློབ་མས་ནུས་པར་ཁས་བླངས་ཤིང་། །སྡོམ་པ་རིམ་པར་བླང་བར་བྱ། །ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་མཆོག་རྣམ་དག་ཅིང་། །སེམས་ཅན་འབྱམ་ཀླས་མ་ལུས་ཀུན། །མཆོག་ཉིད་སྒྲུབ་པར་སྦྱོར་བས་ན། །རྒྱལ་བ་རྒྱ་མཚོ་ཀུན་འདུས་པས། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཡེ་ཤེས་རིན་ཆེན་དབུ་རྒྱན་ཅན། །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་འབྱུང་བ་ཡིས། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་དམ་པ་མཆོག་འཛིན་པ། །ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་དབང་བསྐུར་རོ། །བཅོམ་ལྡན་ཐམས་ཅད་མཆོག་ནི་བདག་ལགས་ཏེ། །མཆོག་ཉིད་སྒྲུབ་ཕྱིར་རྡོ་རྗེ་བླང་བར་བགྱི། །རྡོ་རྗེ་རྒྱལ་པོ་ཁྱོད་བཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་དམ་ཚིག་མཆོག་ཉིད་ཀྱིས། །ཕུན་སུམ་ཚོགས་པ་སྒྲུབ་པར་བགྱི། །ཆོས་ཀུན་རྡོ་རྗེའི་མཚན་ཉིད་དེ། །རྡོ་རྗེ་ལ་ཡང་མཚན་ཉིད་མེད། །རྡོ་རྗེ་ལྟ་བུའི་རྣལ་འབྱོར་པས། །དོན་ཀུན་རྡོ་རྗེ་ལྟ་བུར་གསོལ། །འདི་ནི་སངས་རྒྱས་གསུང་དབྱིངས་ཉིད། །ཡེ་ཤེས་སེམས་དཔའི་དམ་ཚིག་རྣམས། །རྡོ་རྗེ་སེམས་དཔའི་དཀའ་ཐུབ་དམ། །རྟག་ཏུ་བདག་གིས་བཅངས་པར་བགྱི། །བརྒྱ་པའི་ཚུལ་གྱིས་སྒྲིབ་པ་སྦྱང་། །མགོན་པོའི་གཞུང་བསྲང་བསྙེན་པ་བྱ། །དེ་ནས་འཇུག་པའི་ཆོ་ག་བྱ། །ཀྱེ། རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །མི་རྣམས་ཆགས་པ་ཆེན་པོ་སྟེ། །མ་ལུས་ཀུན་གྱི་འབྱུང་གནས་མཆོག །བདེ་བ་མཆོག་གི་དམ་པ་ལགས། །ཁྱོད་ནི་དམ་ཚིག་ཀུན་གྱི་གཙོ། །རྡོ་རྗེ་སེམས་དཔའ་


DNG024_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་མཛད་པ། །སེམས་ཅན་དོན་སྒྲུབ་ཕྲིན་ལས་མཛོད། །ཐུགས་རྗེས་མཉམ་སྦྱོར་གྲུབ་པར་མཛོད། །སངས་རྒྱས་ཡོན་ཏན་འབྱུང་བའི་ཕྱིར། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླང་བས། །ལས་ཀྱི་རྡོ་རྗེ་བྱེད་པར་འགྱུར། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་རཾ་ཀྲོ་དྷ་ཀྲོ་དྷ་ཡཾ་ཏིག་སྣ་ཏིག་སྣ་ཁཾ་ཏ་ཀེཾ་ཏ་ཀེཾ་ཕཊ། ཨོཾ་ཨཱ་ཧཱུཾ་ས་མ་ཡ་ཧོ། ཨི་དན་ཏེ་ན་ར་ཀན་བ་ར་ཧྲྀ་ད་ཡཾ། ན་མབ་ཏི་ནན། ས་མ་ཡ་རགྴ། སིདྡྷི་བི་ན་བཛྲ་ཨ་མྲྀ་ཏ་ཀྲོ་དྷ་ཀན། སྔོན་ཚེ་གང་ནས་འདྲེལ་བ་ཡི། །བདག་གི་ཉེ་གནས་གང་ལགས་པའི། །ལས་ཀྱི་འཕྲོ་དང་ཐུགས་རྗེའི་ལྷ། །དེ་ལྟ་ཉིད་དུ་བབས་གྱུར་ཅིག །ཧཱུཾ་ཧཱུཾ་གུ་ཧྱ་བཛྲ་ཙིཏྟ་ཧཱུཾ། ཨོཾ་ནི་ཡེ་ཤེས་ལྷུན་གྱིས་གྲུབ། །ཨཱ་ནི་ཡེ་ནས་རང་སངས་རྒྱས། །ཧཱུཾ་ནི་རྩ་བ་བྱང་ཆུབ་སེམས། །དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པས། །ཧ་ཞེས་མཐོང་བས་ཡོངས་སུ་དག །མ་འདྲེས་ཡོངས་སུ་རྫོགས་པར་མཐོང་། །རྡོ་རྗེ་ཞེས་སུ་མིང་བཏགས་ནས། །རྡོ་རྗེ་ཐེག་པའི་གསང་སྒོར་བཞག །ཧཱུཾ་མཁའ་དབྱིངས་རྣམ་དག་བུམ་པ་ཆེན་པོ་ན། །དཔལ་ལྡན་མགོན་པོའི་དཀྱིལ་འཁོར་རྫོགས་པར་བཞུགས། །གཉིས་མེད་ཡེ་ཤེས་བྱང་ཆུབ་སེམས་རྟགས་ཆུས། །དྲི་མ་ཀུན་སྦྱངས་ཁམས་གསུམ་ཟིལ་གྱིས་གནན། །བྱིན་བརླབས་མཐུ་ཡིས་དབང་རྫོགས་ཐོབ་པར་ཤོག །ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་མ་ཧཱ་ལ། ཨ་བྷི་ཤིཉྩ་བྷྲཱུཾ་བྷྲཱུཾ། དངོས་སམ་བདུད་རྩི་བུམ་པ་ལ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི། །བྱང་ཆུབ་སེམས་ཀྱི་བདེ་བ་བཞིན། །ཧཱུཾ། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་དོན། །ཡབ་ཡུམ་གཉིས་མེད་བདེ་བའི་དོན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདིས། །བདེ་ཆེན་ཐབས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ཨོཾ་བཛྲ་ཨ་མྲྀ་ཏ་ཨ་ཏི་སརྦ་མན་ཏྲ་ཋ། དེ་ནས་བསྟན་པ་བསྲུང་བའི་ཕྱིར། །དྲག་པོའི་རྫས་རྣམས་ཐམས་ཅད་ལ། །མགོན་པོ་འཁོར་བཅས་བསྐྱེད་བསྡིམས་ལ། །ཡོན་ཏན་བརྗོད་ལ་སྦྱིན་པར་བྱ། །བསྙེན་སྒྲུབ་རིམ་པའི་


DNG024_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བརྗོད་ཅིང་། །མན་ངག་ཐམས་ཅད་སྦྱིན་པར་བྱ། །དེས་ནི་ཅི་བསམ་འགྲུབ་པ་དང་། །རིག་འཛིན་ས་ལ་སྨིན་པ་ཡིན། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་དམ་ཚིག་གི་རིམ་པ་འདི་གསུངས་སོ། །དམ་ཚིག་ལ་ཡང་རྣམ་གཉིས་ཏེ། །རྩ་བ་གསུམ་དང་ཡན་ལག་གཉིས། །རྡོ་རྗེ་སློབ་དཔོན་མིག་གི་འབྲས། །འཁོར་བ་འདྲེན་པའི་དེད་དཔོན་མཆོག །མི་ཤེས་རྨོངས་པའི་བློ་གྲོས་མཁན། །ལམ་སྟོར་རྣམས་ཀྱི་ས་མཁན་མིག །གདུང་བ་སེལ་བའི་རིན་པོ་ཆེ། །ཡིད་བཞིན་ནོར་བུ་ལྟ་བུར་གཟུང་། །དེ་ལ་འགལ་བ་རྡུལ་དང་བྲལ། །རང་འབྱུང་ཡེ་ཤེས་ཡི་དམ་ལྷ། །མུན་ཁུང་སེལ་བའི་མིག་བཞིན་གཟུང་། །ཆུ་བོ་གལ་དུ་གསད་མི་བྱ། །སྤྱི་གསང་བ་དང་བར་གསང་བ། །གཉེར་གཏད་པ་དང་འོས་པ་དང་། །སྐྱེ་བོའི་ཚོགས་ལ་དབེན་པར་བྱ། །ཡན་ལག་བལྟ་བ་སྡོམ་པ་དང་། །སྤྱོད་པ་རྒྱུན་གྱི་དམ་ཚིག་གོ། །ནམ་མཁའ་ལྟ་བུའི་རང་བཞིན་གྱིས། །མི་སྐྱེ་མི་འགག་ངོ་བོར་བལྟ། །ཕག་རྒོད་ལྟ་བུའི་རང་བཞིན་གྱིས། །གཙང་སྨེ་རེ་དོགས་མི་བལྟ་བར། །མུན་ཁུང་དུག་གི་གསེར་འགྱུར་བཞིན། །རྣམ་རྟོག་ཡེ་ཤེས་ཆེན་པོར་བལྟ། ། སེང་གེ་རྩལ་རྫོགས་ཇི་བཞིན་དུ། །མ་བགྲོད་ས་རྣམས་ནོན་པར་བལྟ། །དེ་ཕྱིར་བལྟ་བའི་དམ་ཚིག་བཞི། །རང་བྱུང་སེམས་ཀྱི་བྱེ་བྲག་ཡིན། །སྤྱོད་པ་རྒྱུན་གྱི་དམ་ཚིག་དྲུག །དུས་ཀྱི་སྤྱོད་ལམ་ཇི་བཞིན་དུ། །གསང་བའི་ལམ་མིན་གཞན་མི་འགྲོ། །རིག་པའི་བདག་མིན་ཕྱག་མི་བཙལ། །མི་སྨྲ་བར་ནི་ཤ་ཆེན་བསྙེན། །བསྟན་པ་སྤྱི་ཡི་སྐུ་དགྲ་ལ། །བྱམས་ཤིང་གདུང་བའི་སྤྱོད་པ་སྤངས། །རང་བཞིན་ཞེ་སྡང་ལྡང་མི་དགོས། །མི་དགེ་མཚམས་མེད་ལ་སོགས་སྤངས། །གཞན་ཡང་གསང་སྔགས་རྡོ་རྗེ་དང་། །བཀོད་པའི་རྩ་བ་རང་བཞིན་བསྲུང་། །ཉམས་


DNG024_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ན་འབྲས་གཉིས་སྟོར། །ངན་སོང་གནས་སུ་ཡ་རེ་ང་། །བསྲུངས་ན་དངོས་གྲུབ་རྣམ་གཉིས་པོ། །ཡིད་བཞིན་ནོར་ལྟར་རང་ལས་འབྱུང་། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་བསྲུང་ཞིང་ཕན་གདགས་པ་འདི་གསུངས་སོ། །མཛོད་བདག་མགོན་པོ་ཡིད་བཞིན་སྐུ། །ཡོ་བྱད་སྤེལ་བར་བྱ་བ་ཡི། །དབེན་པའི་གནས་སུ་མནྜལ་བྱ། །བྱམས་དང་སྙིང་རྗེ་སྔོན་བཏང་ལ། །འགྲོ་དྲུག་དབུལ་སེལ་སེམས་བསྐྱེད་དེ། །མཆོད་སྦྱིན་བྱ་ཕྱིར་ནོར་བུ་བསྒྲུབ། །བཀའ་རྟེན་ཆོས་ཀྱི་རྒྱལ་པོའི་མཁར། །ཕྱུག་པོའི་བང་མཛོད་ས་རྣམས་ལ། །མཎྜལ་བྱས་ལ་ལེགས་པར་བྱུག །རིན་ཆེན་དྲི་ཡི་སྨན་གྱིས་བྱུག །འབྲུ་དང་མེ་ཏོག་ཚོམ་བུ་དགོད། །རིན་ཆེན་ཟུར་བརྒྱད་ལྟེ་བར་ལྡན། །དབུས་སུ་ཉྱ་ཏའི་ཤིང་ནྱ་གྲོ་ཏ་དག་ལ། །བཞོག་ལ་རིན་ཆེན་སྣ་ལྔ་ཡི། །དཔལ་མགོན་ལེགས་པར་ཀུན་ལྡན་བྲི། །ལྗང་སེར་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་ཕྲེང་བ་བུམ་པ་དང་། །ཡིད་བཞིན་ནེའུ་ལེའི་རྐྱལ་པ་བསྣམས། །འཁོར་དང་དེ་ཡི་རང་བཞིན་བསྐྱེད། །གཏེར་འཆང་ནེའུ་ལེའི་རྐྱལ་པ་བསྣམས། །ནང་དུ་ཅི་འདོད་རྫས་ཀྱིས་དགང་། །མཛེས་པའི་རྒྱན་རྟགས་གདུགས་ཀྱང་དབུབ། །རབ་གནས་བྱས་ལ་དབུས་སུ་གཞག །བསྐྱེད་དང་སྤྱན་དྲང་བསྡིམ་མཆོད་དང་། །ཇི་ལྟར་འདོད་པའི་གསོལ་པ་གདབ། །སྔགས་འདི་འབུམ་ཕྲག་གསུམ་དུ་བཟླས། །འགྲུབ་པར་འགྱུར་ཏེ་གདོན་མི་ཟ། །རྨི་ལྟས་བཟང་པོ་བྱུང་བ་དང་། །འཕྲལ་སྣང་བསམ་པ་འགྲུབ་པ་དང་། །འབྲུ་ཕྱུགས་ཐམས་ཅད་འཕེལ་བར་འབྱུང་། །མཆོད་པ་བཟང་པོས་མཆོད་བྱས་ལ། །ནོར་བུས་གང་བའི་དངོས་གྲུབ་བླང་། །ཨོཾ་བྷུ་རུ་ཀུ་རུ་ཨི་ཕྱི་ཨུཙྪུས་མ་ཀྲོ་དྷ་ཧཱུྃ། བ་སུ་དྷ་ར་རཏྣ་སིདྡྷི་ཕ་ལ་ཧྲིཾ་ཧྲིཾ་ཧཱུྃ། དེ་ནས་ནོར་རྫས་བང་མཛོད་དང་། །རྟ་དང་གླང་པོ་བ་གླང་འབྲུ། །


DNG024_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་བསོད་ནམས་རྒྱས་པར་འགྱུར། །རིགས་དང་རྒྱུད་འཕེལ་གྲགས་སྙན་འཐོབ། །གཞན་ཡང་གནད་ཀྱི་རིམ་པ་བཤད། །མགོན་པོའི་བསྙེན་སྒྲུབ་རྫོགས་པ་དང་། །བསྙེན་དང་ཉེ་བསྙེན་སྒྲུབ་པ་གསུམ། །དྲིལ་ནས་གོང་གི་རྫས་ལ་བསྡིམ། །སར་བ་ཕུར་པ་ལྔ་ལ་གདགས། །ཡུལ་ཁམས་ཕྱོགས་བཞིར་ཐོ་གཟུག་བསྲུང་། །གནོད་བྱེད་བགེགས་ཀྱི་ལིངྒ་ལ། །དུག་སྣ་གུ་གུལ་མུ་ཟི་དང་། །བྲུན་གསུམ་ཚིལ་གསུམ་གཞོབ་གཉིས་བདུག །ཡུངས་ཀར་དུག་ཁྲག་ཕུར་པས་བརྡེག །མགོན་པོའི་འོད་ཟེར་གནོད་བྱེད་བསྲེག །གསང་སྔགས་འབུམ་ཕྲག་རྫོགས་པ་དང་། །བཀའ་རྟེན་མགོན་པོའི་འོག་ཏུ་གནན། །གཞན་ཡང་གོང་གི་རྫས་བཀོད་རྣམས། །ཐོད་པར་བླུགས་ལ་སྙིང་པོ་བསྡིམ། །ཞོ་ཆང་ཁ་ཟས་གནོད་ལ་བདུག །འབྲུ་བཅུད་ཕྱོགས་བཞིར་དུད་པ་བཏང་། །མི་ཕྱུགས་སྲུང་བ་སྐེ་རུ་གདགས། །ཀླུ་གཉན་ས་བདག་གནོད་པ་ལ། །རྫས་དང་ཕག་ཚིལ་གླ་རྩིས་བསྲུང་། །དྲི་སྤོས་སྦྱར་ལ་ལུས་ལ་བྱུག །སྨན་དང་བ་དམར་འོ་མ་ལ། །བསྔགས་ལ་ཁོང་དུ་གཏང་བར་བྱ། །བསྙེན་པ་རྫས་དགོད་དུད་པས་བདུག །དྲག་པོའི་སྔགས་ཀྱི་དཔལ་གྱིས་བསྐྲད། །སྲིའུ་རིན་ཆེན་རྣམ་ལྔ་ལ། །སྨན་སྣ་ལྔ་ལ་སྦྱར་ལ་གདབ། །རྩ་བ་ཁྱད་པར་སྔགས་གསུམ་ལ། །གསང་བའི་སྤུ་གྲི་འདི་དག་གདགས། །སརྦ་དུ་སྟན་ཏྲིག་ནན། མྱགས་ཐུམ་རིལ་རྦད། ཨེ་ཧུར་ཐུམ་ཛ། ཧ་ན་ཧ་ན་ད་ཧ་ད་ཧ། པ་ཙ་པ་ཙ་གྲྀཧྞ་གྲྀཧྞ་ཧ་ར་ཧ་ར། མཱ་ར་ཡ་རྦད། སྟོབས་དང་ནུས་པ་ཐམས་ཅད་སྟྭམ་བྷ་ཡ་ནན། ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། བསྲུང་ཞིང་ཕན་གདགས་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་དབང་དྲག་ལས་ཀྱི་རིམ་པ་འདི་གསུངས་སོ། །དབང་ཆེན་སྟོབས་ཀྱི་སྦྱོར་བ་འདི་ལ། །རི་རྒྱལ་རྩེ་ནས་ས་དང་ནི། །རྒྱལ་ས་ཟིན་པའི་མཁར་


DNG024_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང་། །ཆོས་སྲིད་ཐོབ་པའི་ཁྲི་སྟེགས་དང་། །བཙུན་མོ་མཚན་ལྡན་མ་ལ་གྱིས། །བཀའ་རྟེན་དྲི་ཅན་དུར་ཁྲོད་ཀྱི། །ས་ལ་དཔའ་ཁྲག་མཚལ་གྱིས་སྤྲུ། །འབྲུབ་ཁུང་ཁྲུ་གང་ཟླ་གམ་བཀོད། །མཚལ་དང་ཙན་དན་རྒྱ་སྐྱེགས་བྱུག །རྒྱལ་བློན་སྟོབས་དང་མུ་སྟེགས་དང་། །བགེགས་ཆེན་གཅན་གཟན་གདུག་པའི་ས། །རྫས་ལ་གཟུགས་བྱ་མིང་བྱང་དགོད། །ཐོད་པ་སྲུབས་མེད་ནང་དུ་གཞུག །འབྲུབ་ཁུང་ནང་དུ་དེ་བཅུག་ལ། །བསྙེན་སྒྲུབ་སྔགས་གསུམ་དྲིལ་བ་ལ། །དབང་དུ་བསྡུ་བའི་སྔགས་འདི་བཟླས། །མ་ཧཱ་ཀཱ་ལ་པཱ་ཤཾ་ཀུ་ཧྲིཾ་ཧྲིཾ་པ་ཤ་མ་ན་ཡ་ཧྲིང་ཧྲིང་ཛཿཛཿ། རཱ་ག་དུན་དུན། བདག་ཉིད་མགོན་པོ་ལེགས་ལྡན་ཆེ། །དམར་ནག་རཱ་གའི་མདོག་ལྡན་པ། །ལྕགས་ཀྱུ་ཞགས་པ་དམར་པོ་སྡོག །ཐུགས་ཀར་ཧཱུཾ་ལས་སྔགས་ཀྱི་མདོག །གང་ལ་བྱ་བ་རྟེན་ལ་ཕབ། །དབང་ཆེན་དབང་གི་འོད་ཀྱིས་བཀུག །ཁབ་ལེན་རྡོ་ལ་ལྕགས་འདུ་ལྟར། །ཐམས་ཅད་དབང་དུ་འདུས་པར་བསམ། །ཤིང་ཐོག་གོ་ལ་སྟར་བུ་དང་། །རྒུན་འབྲུམ་མེ་ཏོག་དམར་པོ་དང་། །ཤ་ཁྲག་གསར་བའི་གཏོར་མ་འབུལ། །ཚིལ་ཆེན་མངལ་ཁྲག་རྒྱ་སྐྱེགས་དང་། །ཙནྡན་དཀར་དམར་གྷི་ཝང་དང་། །བསེ་ཞོ་བག་ཙམ་ལིངྒར་བྱུག །སེང་ལྡེང་མེ་ལ་བསྲོ་ཞིང་བཟླས། །ཐོན་ནས་ཐོད་པ་དར་ནག་གྲིལ། །རང་གི་མལ་འོག་དག་ཏུ་སྦ། །སྔགས་ཀྱི་ཚད་མ་འབུམ་ཚོ་དྲུག །དབང་དུ་འདུས་པའི་རྟགས་རྣམས་འབྱུང་། །རྒྱལ་བློན་སྟོབས་ཅན་གདུག་པ་ཡང་། །ཇི་ལྟར་བསྒོ་བའི་བཀའ་རྣམས་ཉན། །ཁམས་གསུམ་མཛེས་ལྡན་ཕྱག་རྒྱ་མ། །ཆགས་སྐྱེས་མདངས་ཀྱིས་པདྨ་འབུལ། །རྦོད་གཏོང་སྤེ་བགེགས་གདོན་ཆེན་ཀུན། །ཇི་ལྟར་བསྒོ་བ་བྲན་བཞིན་བྱེད། །མཆེ་སྡེར་རྭ་ཅན་ལྕེ་དུག་སྤོས། །ཁྱི་བཞིན་ཕྱི་ནས་འབྲང་བར་འགྱུར། །འབྲུ་དང་རིན་ཆེན་ཟས་བཅུད་ལ། །གོང་བཞིན་སྦྱར་ཀྱིན་བསྒྲུབ་བྱས་ན། །


DNG024_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ཟས་ནོར་བདག་ལ་འདུ། །ཀུན་སྡུད་དབང་གི་སྦྱོར་བ་བཤད། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དབང་སྡུད་ཐབས་ཀྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་དབབ་བསད་ཀྱི་ལས་འདི་གསུངས་སོ། །དྲག་པོའི་གསང་སྔགས་སྦྱོར་བ་ཡང་། །གོང་གི་འབྲུབ་ཁུང་ནང་དུ་ཤིས། །ཀན་དྷའི་ཤིང་ལ་འཁོར་ལོ་བྲི། །དབུས་སུ་ཡུལ་ཞིང་སེར་སྲུང་ལྷ། །མུ་ཁྱུད་འཁོར་ལོ་དང་པོར་བྲི། །རྩིབས་བཞི་དྲེགས་པའི་སྙིང་པོ་བྲི། །ཐ་མ་ཆུ་རིས་ཟླུམ་པོ་ལ། །སྲིན་པོ་མིང་སྲིང་དབབ་སྔགས་དགོད། །ཡུལ་གྱི་རྫས་དང་གཉན་རའི་ཆུ། །བྱུགས་ལ་ཐོད་པའི་ནང་དུ་གཞུག །དུག་ཁྲག་འབྲུ་ཟླུམ་སྦྱར་བའི་ཁྲག །གོང་གི་རྫས་དང་སྦྱར་ལ་བྱ། །ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ། །དྲག་པོའི་སྔགས་དྲིལ་ཏིང་འཛིན་གསལ། །བཅུ་གཅིག་རྫོགས་ནས་ཐུན་བྲབས་ལ། །ཀླུ་ལ་རྟ་གཞུག་ཟོར་འཕང་བསྐུལ། །དེ་ཡི་གསང་སྔགས་འདི་དག་ཡིན། །ཨོཾ་བྷུ་རུ་ཀུ་རུ་ཨི་ཕྱི་ཨུཙྪུས་མ་ཀྲོ་དྷ་ཧཱུཾ་ཕཊ། ཀྲོ་དྷ་ཛྭ་ལ་ས་མ་ཡ་ཕྲོམ་ཕོབ། ཡག་ཤ་ཛྭ་ལ་ས་མ་ཡ་ཕྲོམ་ཕོབ། རཀ་ཤ་ཛྭ་ལ་ས་མ་ཡ་ཕྲོམ་ཕོབ། ཙིད་ཏྲ་ཛྭ་ལ་ས་མ་ཡ་ཕྲོམ་ཕོབ། ཨོ་བཛྲ་རག་ཤ་ས་མ་ཡ་སྙིང་ཡ་མ་ཁྲག་རཱ་ཧུ་ལ་པྲོཾ་པྲོཾ་ཧྲིལ་ཧྲིལ་ཤར་ཤར། མཱ་ར་ལ་རྩ་ཤ་ཐིབས་རུ་སིང་ཏྲཾ་ཧྲིལ། སོག་སེ་ཏྲཾ་ཐིབས་བྷྱོ། ཡུལ་ཁམས་བརླག་པར་ཐེ་ཚོམ་མེད། །གཞན་ཡང་ཁྲམ་ཐོད་གསར་པ་ལ། །མོན་ཚིལ་རྟ་དང་ཟངས་ལྕགས་རྒོད། །གྲི་ལྕགས་ཐོག་ལྕགས་གསེར་དངུལ་དང་། །ཆང་གིས་སྦྱར་ལ་སྔགས་འདི་བཟླས། །ཞུ་འཕེལ་ཆད་འཕྲོ་ཆགས་པ་ན། །མེ་དང་ལྕགས་ཀྱི་གཟའ་སྐར་ལ། །དྲི་དང་ཆུ་བླུགས་དགྲ་ལ་འཕང་། །དེ་ཡི་གསང་སྔགས་འདི་དག་ཡིན། །ཛྭ་ལ་རཾ་རཱ་ཧུ་ལ་སི་སི་བཛྲ་རག་ཤ་ས་མ་ཡ་རཾ་རཾ་མཱ་ར་ཙ་ཤ་ཁྲག་ལ་མུ་ཤཾ་མ་བྷྱོ། མཱ་ར་ཡ་རྦད། བཛྲ་ཤད་ཤད། དགྲ་


DNG024_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་སྲོག་ལ་མཱ་ར་ཡ་རཾ་རྦད། དེས་ནི་ལས་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དྲག་པོ་དབབ་བསད་ཀྱི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་གཉེན་པོ་ལྷའི་ཐུགས་དམ་བསྐུལ་བ་འདི་གསུངས་སོ། །ཧཱུཾ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧཱུཾ་སྒྲ་ཅན། །ཡན་ལག་དྲུག་ལྡན་ཁྲོ་བོ་གཤིན་རྗེ་གཤེད། །ཡེ་ཤེས་རྒྱན་གྱིས་མ་རིག་མུན་པ་སེལ། །གཏུམ་ཆེན་གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ། །ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། །དྲེགས་ཅན་སྟོབས་གཞོམ་ཟིལ་གྱིས་མནན་པ་དང་། །མ་མོ་མཁའ་འགྲོ་རྣམས་ལ་དབང་བསྒྱུར་ནས། །ནད་གཏོང་སྲིན་པོའི་ཚོགས་རྣམས་ཐལ་བར་རློག །ཁྱོད་ཀྱིས་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །ཧྲཱྀཿ། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེའི་ཐུགས། །སྤྱན་རས་གཟིགས་དབང་ཧྲཱྀཿལས་རྔམ་ཆེན་སྐུ། །ངག་གི་དབང་ཕྱུག་རྟ་གདོང་ཞབས་ཀྱིས་གནོན། །རྡོ་རྗེ་རྟ་ཡི་རྟ་སྟབས་དབུ་ཡང་དབུ་ཡིས། །འཇིག་རྟེན་ཀློང་དགུའི་འདོད་པ་སྟོན། །འཇིག་རྟེན་དྲེགས་པ་གཏུམ་པོའི་ཚོགས། །རྡོ་རྗེ་རྟོག་པ་བྱ་སྒྲོན་གྱིས། །སྣང་མཛད་ངག་གི་དབང་ཕྱུག་སྐུ། །བྱང་ཆུབ་ཆེན་པོ་ཅང་ཤེས་གཙོ། །ལྷ་ཆེན་དགུ་ཡི་ཆོ་འཕྲུལ་གྱིས། །རྡོ་རྗེ་རྟ་གདོང་སྤྲུལ་པའི་ཚོགས། །ནམ་མཁའི་ཁམས་རྣམས་གང་བར་མཛོད། །འཁོར་བ་མ་སྒྲོལ་བར་དུ་ནི། །སྙིང་རྗེའི་གོ་ཆ་མ་བསྙེལ་བར། །འཁོར་བའི་སོ་མཐའ་ཆོད་པར་མཛོད། །ཧཱུཾ། རྒྱལ་བ་ཀུན་གྱི་གསང་འཛིན་པ། །ཐུགས་རྗེ་ཀུན་གྱི་བདག་པོ་རྡོ་རྗེ་འཛིན། །དྲག་པོ་བརྟུལ་ཞུགས་ཆེན་པོ་ཅན། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །སྔོན་གྱི་གོ་ཆ་ཆེན་པོ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །


DNG024_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་དཀའ་མ་ལུས་འདུལ་མཛད་པ། །བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས། །སེམས་དཔའ་ཆེན་པོ་འབར་བའི་སྐུ། །འཇིགས་སུ་རུང་བའི་དཔའ་བྱད་ཅན། །ཧཱུཾ་རྔམ་འཁྲུག་པའི་ང་རོ་ཡིས། །དུར་ཁྲོད་བདག་པོ་རབ་ཏུ་བཅོམ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གཉེན་པོ་ལྷའི་ཐུགས་རྗེ་བསྐུལ་བའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཆོས་སྐྱོང་བསྐུལ་བ་འདི་གསུངས་སོ། །བྷྱོ། ཉི་མ་ལྷོ་ནུབ་ཕ་གི་ན། །སྲིན་ཡུལ་པུ་རངས་ནག་པོའི་དཀྱིལ། །ལང་ཀ་ཡུལ་གྱི་གྲོང་རྡལ་ན། །ཀོ་ཀ་ཐང་དམར་རྒྱ་མཚོ་ཡི། །དབུས་ན་རི་བོ་མ་ལ་ཡ། །དྲག་ཤུལ་བྱན་ལག་འཕྱོངས་ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ན། །ཆོས་འཛིན་རིགས་ཀྱི་སྒྲུབ་གནས་ཏེ། །རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ། །གསུར་ཆེན་དུད་པ་སྤྲིན་དུ་གཏིབས། །གནམ་ལྕགས་ཆུ་སེར་མཚོ་རུ་འཁྱིལ། །ཤ་རུས་ཕུང་པོ་རི་ལྟར་སྤུངས། །ཅེ་སྤྱང་ལིངས་སུ་རྒྱུག་ཅིང་འདྲལ། །བྱ་གཅན་མང་པོ་འཕུར་ཞིང་ལྡིང་། །དུར་ཁྲོད་མཁའ་འགྲོ་འདུ་བའི་གནས། །རབ་ཏུ་འཇིགས་པའི་ཡུལ་མཁར་ན། །འཇིགས་པའི་ཐོད་མཁར་ལྡེམས་སེ་ལྡེམ། །ཤར་ཕྱོགས་བམ་རིལ་སྟག་ཐོད་མཁར། །སྟག་ཐོད་འཛུམ་མདངས་མུ་ལུ་ལུ། །ལྷོ་ཕྱོགས་བམ་རིལ་མི་ཐོད་བརྩིགས། །མི་ཐོད་སྤྱུགས་པ་ཙེ་རེ་རེ། །ནུབ་ཕྱོགས་བམ་རིལ་རྟ་ཐོད་བརྩིགས། །རྟ་ཐོད་མཚེར་དང་ལྷངས་སེ་ལྷང་། །བྱང་ཕྱོགས་བམ་རིལ་ཐོད་མཁར་བརྩིགས། །བྱ་ཐོད་ཚེག་སྒྲ་དི་རི་རི། །སྲིན་པོ་ཐོད་པའི་ཁ་བད་ཅན། །ལས་ཀྱི་འོད་ཟེར་དབལ་དུ་འཕྲོ། །ངོས་ལ་ང་རྒྱལ་གློག་དམར་འཁྱུག །རྩེ་ལ་བདུད་བྱ་ནག་པོ་ལྡིང་། །རུ་མཚོན་ནག་པོ་པུ་རུ་རུ། །གནམ་ལྕགས་འབར་བའི་སྒོ་མོ་གསལ། །འཇིགས་པའི་སྐུ་མཁར་ནང་ཤེད་ན། །རྟ་རོ་མང་པོ་གཅལ་


DNG024_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཀྲམ། །མི་རོ་མང་པོ་ཁྲི་རུ་བརྩིགས། །མི་རོ་རྟ་རོའི་གདན་སྟེང་ན། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞུགས། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཕྲིན་ལས་དྲག་པོར་དབང་བསྐུར་བས། །སྐུ་མདོག་དབུས་ཞལ་ལྗང་ནག་བརྗིད། །ཞལ་གསུམ་འཇིགས་པའི་ཆ་ལུགས་ཅན། །གཡས་སེར་ཐུགས་རྗེས་འགྲོ་བ་སྐྱོབས། །གཡོན་དམར་ཆགས་པས་དབང་སྡུད་འགུགས། །དམར་ནག་རལ་པ་སྲིད་རྩེར་འབར། །རལ་པ་འཁྲུགས་པའི་སྐྲ་གསེབ་ན། །གནམ་ལྕགས་ཐོག་སེར་སྐར་མདའ་འཕྲོ། །སྤྱན་དགུ་མེ་འོད་སྐར་ལྟར་འཁྱུག །ནད་ཀྱི་རྐྱལ་པ་ཚུབ་མར་འཚུབ། །ཞལ་གདངས་དབང་གི་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་ལྟར་སྒྲོགས། །དྲག་པོའི་རྐན་སྒྲ་བདུད་ལྟར་རྡེབ། །གསང་བའི་སྤྱུགས་པ་འཁོར་ལ་འབོད། །གདུག་པའི་མཚོན་ཆ་ལུས་ལ་འཕྲོ། །དྲག་པོའི་ཕྱག་དྲུག་གདེངས་པ་ལ། །གཡས་ཀྱི་དང་པོ་གསལ་ཤིང་གིས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །བར་པ་རྡོ་རྗེ་གསོར་ཞིང་འཕྱར། །དགྲ་བགེགས་མགོ་ལུས་ཚལ་པར་གཤོག །ཐ་མ་གནམ་ལྕགས་དབལ་ཕུར་འདེབས། །དམིགས་པའི་སྙིང་ལ་གཟེར་ཆེན་འབེབས། །གཡོན་གྱི་དང་པོ་དུང་ཆེན་དུ། །སྲིད་གསུམ་སྙིང་ཁྲག་བླུག་ཅིང་འཐུང་། །བར་པ་རྣོ་དབལ་ཤུན་གྱི་མདུང་། །ཞིང་བཅུའི་སྙིང་ལ་གཟེར་ཆེན་འདེབས། །ཐ་མ་སྦྲུལ་ནག་ཞགས་པ་ཡིས། །བླ་སྲོག་འགུགས་ཤིང་ཡན་ལག་འཆིང་། །ཞབས་བཞི་བརྐྱང་བསྐུམ་འབྱུང་པོ་གནོན། །ཞིང་གི་གཡང་གཞིའི་སྟོད་གཡོགས་ལ། །གཏི་མུག་གླང་ཆེན་པགས་པ་གྱོན། །ཞེ་སྡང་སྟག་གི་ཤམ་ཐབས་ལ། །གདུག་པ་སྦྲུལ་གྱི་སྐ་རགས་བཅིངས། །ཐོད་སྦྲུལ་ཐལ་ཞག་ཐལ་བས་བརྒྱན། །གདུག་རྩུབ་མེ་ཡི་ཀློང་ན་བཞུགས། །དཔལ་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྔོན་གྱི་དམ་བཅའ་མ་བསྙེལ་བར། །བཅོལ་བའི་ལས་རྣམས་


DNG024_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཛོད། །གཡོན་གྱི་ཕྱོགས་ནས་སྐུ་བྱུང་བ། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །གཏུམ་པའི་སྲིན་མོ་འཇིགས་ཚུལ་ཅན། །ཞལ་གཅིག་ཕྱག་གཉིས་ཐལ་བའི་མདོག །ཁྲག་རལ་དམར་པོ་མུན་ལྟར་གཏིབས། །སྐུ་སྟོད་ཞིང་ཆེན་གཡང་གཞི་ལ། །ཉི་ཟླ་གཟའ་སྐར་གཞའ་ཚོན་འཁྲུག །སྐུ་སྨད་སྟག་དང་རེ་ལྡེ་ལ། །སྦྲུལ་ནག་ཆུ་སྲིན་ཐོད་པས་བརྒྱན། །གཡས་པ་སྦྲུལ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང་། །རུས་བཅུད་རྐང་མར་ཀླད་པ་ལ། །འབྲུ་མར་ཆང་གིས་སྦྱར་བ་དག །རྟག་པར་རང་གི་ལོངས་སྤྱོད་བྱེད། །ཡབ་ལ་སྟོབ་ཅིང་དགྲ་ལ་འཕེན། །སྔོན་གྱི་དམ་བཅས་མ་བསྙེལ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཆེ་མཆོག་ཐུགས་ཀྱི་སྤྲུལ་པ་ནི། །ལས་ཀྱི་མོན་པ་ནག་པོ་བཞེངས། །ཞལ་གཅིག་ཕྱག་གཉིས་གཅེར་བུའི་ཚུལ། །གཡས་པ་གྲི་གུག་སྔོན་པོ་བརྡར། །གཡོན་པ་བྷན་དྷ་སྙིང་ཁྲག་འཐུང་། །ཞབས་ནི་དམ་ཉམས་སྟེང་ན་བགྲད། །ཤོ་ར་རེ་སྟེ་མ་གཏོང་ཞིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །རབ་ཏུ་བྱུང་བའི་ཆ་བྱད་ཅན། །གཡས་པ་གསེག་ཤང་པར་བུ་བསྣམས། །གཡོན་པ་བདུད་ཀྱི་པར་བུ་ནག་པོའོ། །ཆོས་གོས་ནག་པོ་ཕྱིན་ལོག་གྱོན། །ཆོས་ཀྱི་གླེགས་བམ་ཁུར་དུ་ཁུར། །དྲག་པོའི་སྔགས་ཟློས་དི་རི་རི། །ལོངས་སྤྱོད་མི་སྙིང་དམར་ལ་བྱེད། །ཤོ་ར་རེ་སྟེ་མ་གཏོང་ཞིག །དེ་ཡི་ཐུགས་ཀྱི་དགྱེས་སྡེ་མོ། །བྱང་ཤར་མཚམས་སུ་གནས་བཅས་ནས། །དཀར་མོ་ཀང་ཀ་མཆུ་རིངས་ཁྲོས་པའི་ཚེམས། །རྣམ་པར་སྣང་མཛད་མི་གཡོ་གཙུག་ཏོར་ཅན། །ཕྱག་ན་རྡོ་རྗེ་བཀའ་སྡོད་ཕོ་ཉ་མོ། །འཁོར་གྱི་མ་ཚོགས་ཐམས་ཅད་ལས་ལ་འགྱེད། །ཤོ་ར་རེ་སྟེ་མ་གཏོང་ཅིག །མཐིང་ནག་དར་གྱི་འཇོལ་བེར་ཅན། །ཆུ་དར་ལྗང་གུ་ཐོད་དུ་བཅིངས། །ཙནྡན་སྨུག་པོའི་གྱིང་བེང་ཅན། །ཁྲོས་པའི་ཆ་བྱད་ཆེན་པོ་ཡིས། །ཤོ་ར་རེ་སྟེ་མ་གཏོང་ཅིག །ཆེད་འགའ་དྲག་ཏུ་བསྐུལ་བའི་


DNG024_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །གཅེར་བུ་ཁམ་ནག་གྱེན་དུ་བརྫེས། །ཁ་ནས་ཁྲག་འཛག་ཐོད་ཕྲེང་ཅན། །མིག་ནས་མེ་ཡི་ཕུང་པོ་འབར། །གཡས་པ་གསལ་ཤིང་དགྲ་ལ་བརྡེག །གཡོན་པ་ལྕགས་ཀྱུས་དོན་སྙིང་འབྱིན། །མི་རོ་རློན་པའི་གདན་ལ་བཞུགས། །ཤོ་ར་རེ་སྟེ་མ་གཏོང་ཞིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །གདོང་བཞི་ཐོད་ནག་ཕྲེང་བ་ཅན། །ནག་པོ་རོལ་ཅན་འཚིག་ཅིང་ཁྲོ། །ཕྱག་བཞི་གདེངས་པ་མཚོན་འབྲུའི་ལག །ཞབས་གཉིས་ཞབས་བཞི་ཆོ་འཕྲུལ་རྐང་། །གཡས་ཀྱི་དང་པོ་གྲི་གུག་འདེབས། །འོག་མ་བསེ་མདུང་བ་དན་འཕྱར། །གཡོན་གྱི་དང་པོ་རྒྱུ་ཞགས་ཐོགས། །འོག་མ་ཟངས་གྲི་རྣོ་དབལ་འཕྱར། །མི་སྙིང་ཟ་ཞིང་ཐོད་རློན་འཕེན། །ཁྱོད་ཀྱི་ཞབས་ཀྱི་ལོང་བུ་ནས། །སྟག་སྨད་རྒྱལ་མོ་སྐྱུགས་སེ་སྐྱུག །གནོད་སྦྱིན་འཁོར་རྣམས་ལས་ལ་འགྱེད། །ཁྱོད་ཀྱི་སྟ་ཟུར་གཡས་གཡོན་ནས། །ཕོ་སེང་གཡས་ལ་མོ་སེང་གཡོན། །རལ་པ་སྔོན་པོ་ཉིགས་སེ་ཉིག །མཆེ་བ་གངས་རི་གཏམས་པ་འདྲ། །ཁྲོ་བོ་ཚོགས་ཀྱི་སྤྲུལ་པ་འགྱེད། །ཁྱོད་ཀྱི་རྩིབ་ལོགས་གཡོན་པ་ནས། །འཕར་བ་རྐན་ལྡག་ཁྱུགས་སེ་ཁྱུག །དྲེད་མོ་ལག་རྡེབས་ཆེམས་སེ་ཆེམ། །ཟ་བྱེད་ཚོགས་ཀྱི་སྤྲུལ་པ་འགྱེད། །ཁྱོད་ཀྱི་སྨིན་ཁྱུག་གཡས་གཡོན་ནས། །བྱ་ཁྱུང་རྒྱལ་པོ་ག་རུ་ཊ། །ཕྱག་ན་རྡོ་རྗེའི་བཀའ་སྡོད་ཅིང་། །སྲིན་མོའི་ཚོགས་ཀྱི་སྤྲུལ་པ་འགྱེད། །ཤོ་ར་རེ་སྟེ་མ་གཏོང་ཞིག །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །སྲིན་མོ་ཉེ་གནས་ཆེན་མོ་བརྒྱད། །ཀཽ་རཱི་ཙཽ་རཱི་པྲ་མོ་ཧ། །བེ་ཏ་ལཱི་དང་པུཀྐ་སཱི། །གྷསྨ་རཱི་དང་སྨ་ཤ་ནཱི། །ཙཎྜ་ལཱི་སྟེ་སྲིན་མོ་ཀུན། །རྔམ་ཞིང་གཏུམ་པའི་མ་ཚོགས་ལ། །འཇིགས་པའི་གཟུགས་ཅན་མཚོན་ཆ་ཐོགས། །སྲོག་ལ་ཧུར་ཐུམ་དུས་ལ་བབ། །སྲིན་པོའི་བུ་མོ་དྲི་ཟ་བརྒྱད། །སེང་སྟག་ཝ་སྤྱང་བཞད་ཀྱི་མགོ། །ཀང་ཀ་བྱ་


DNG024_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རོག་འུག་པའི་ཚོགས། །ཞིང་ལ་རྔམ་ཞིང་སྟོད་པའི་ཚོགས། །ཉམས་པ་ལོང་ལ་གློ་སྙིང་ཟོ། །ཆོ་འཕྲུལ་སྣ་ཚོགས་དགྲ་ལ་ཐོང་། །དུར་ཁྲོད་མ་ཡི་སྒོ་སྲུང་བཞི། །གདོང་མོ་བཙོན་མོ་གར་ལོག་མོ། །འཇུག་པར་བྱེད་པའི་མ་མོ་བཞི། །རྣལ་འབྱོར་འཁོར་བཅས་བར་ཆད་སྲུངས། །ཉམས་པ་དགྲ་ཡི་ཡན་ལག་ཆིངས། །དུར་ཁྲོད་བདག་མོ་གྲུ་འདེགས་བཞི། །བསྐམ་མོ་ཤིན་ཏུ་བསྐམ་པ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པའི་ཚུལ་ལ་བླ་སྲོག་ལེན། །དམ་ཉམས་དགྲ་བོའི་དབུགས་ལོང་ལ། །སྨྱོ་འབོག་གཏོང་བའི་དུས་ལ་བབ། །ལྷ་ཡི་དེད་དཔོན་ཀ་རུ་ན། །ཆུང་མ་བུ་མོ་སྲིན་མོ་རྣམས། །ཕྲོགས་ནས་དབང་དུ་བྱས་པ་ཡི། །བཅུ་གཉིས་དང་ནི་བཅོ་བརྒྱད་སྩོགས། །མ་མོ་ཕྲ་མེན་གནོད་སྦྱིན་མོ། །སྲིན་མོ་ཤ་ཟ་ཁྲག་འཐུང་མ། །དམ་ཉམས་དགྲ་བོའི་བཀྲག་མདངས་ཕྲོགས། །བདུད་ཀྱི་མིང་འཛིན་བླ་རྐུན་མོ། །དམ་ཉམས་འདི་ཡི་བླ་ལོང་ལ། །བློན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉ་མངག་པར་བྱས། །ཅི་བགྱིས་བཀའ་ཉན་ཕོ་ཉའི་འཁོར། །སྲིན་པོའི་དམག་ཚོགས་དགྲ་ལ་ཐོང་། །རྦོད་གཏོང་རྔམ་པས་དགྲ་སྙིང་ཁོས། །བམ་རིལ་ཐོད་མཁར་ཕྱི་རོལ་ནས། །ཁྲག་དང་ཤ་ཆེན་བཤང་གཅི་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་འོབས་དང་ནི། །འབུ་དང་ཤིན་ཏུ་འབུ་ཆེན་དང་། །སྦྲང་མ་སྦྲང་རྒོད་བུང་བ་དང་། །དུག་སྦྲུལ་སྡིག་པ་སྡོམ་ལ་སྩོགས། །དགྲ་བོའི་ཁང་ཁྱིམ་རྨང་ནས་ཤིག །དགྲ་བོའི་ལུས་ལ་བལ་ལྟར་གཡེངས། །ཀང་ཀ་རུ་རྩེ་རྐང་ལྡག་དང་། །ཁྲག་འཐུང་མཆུ་དམར་ཁྭ་སྐྱེགས་དང་། །བྱ་རོག་འུག་པ་ཁྭ་རྒོད་རྣམས། །བྱ་གཅན་མང་པོ་འཕུར་ཞིང་ལྡིང་། །དགྲ་བོའི་བླ་ཡི་སྟེང་དུ་ལྡིངས། །ཤ་ལ་ཟ་ཞིང་རྒྱུ་མ་དྲོངས། །དབང་པོའི་དྭངས་མ་མིག་འབྲས་ཕྱུང་། །ཅེ་སྤྱང་སྟག་སེང་དོམ་དང་དྲེད། །འཕར་བ་རྐང་ལྡག་ལ་སོགས་པའི། །གཅན་གཟན་གདུག་པའི་ཚོགས་


DNG024_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན། །དམ་ཉམས་ཤ་རུས་བཅུད་ལ་རོལ། །མྱུར་དུ་སོད་ལ་ཁྲག་ལ་འཐུང་། །དུར་ཁྲོད་མཁའ་འགྲོ་མ་མོ་ཀུན། །སྤྱུགས་གླུ་ལེན་ཅིང་དམག་ཚོགས་ཁྱེ། །དམ་ཉམས་སྲོག་དབུགས་མདངས་ལ་ཡ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དབུས་ཀྱི་གཙོ་བོ་བསྐུལ་བའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་འཁོར་བསྐུལ་བ་འདི་གསུངས་སོ། །བྷྱོ། ཤར་ཕྱོགས་ཐོད་མཁར་འཇིགས་པ་ནས། །ཁྲོ་བོའི་ཚོགས་དང་སྤྲུལ་པའི་འཁོར། །ཁྲོ་ཆེན་བཛྲ་གིང་ཀ་ར། །སྐུ་མདོག་མཐིང་ནག་འཇིགས་པའི་སྐུ། །ཕྱག་གཡས་མཚོན་ཆའི་འཁོར་ལོ་སྒྱུར། །དམིགས་པའི་མགོ་ལུས་དུམ་བུར་གཏུབས། །གཡོན་པ་ཐོད་པ་རློན་པ་རུ། །སྙིང་ཁྲག་འཐུངས་ཤིང་དམིགས་པ་གནོན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་བཀའ་འཁོར་ལས་བྱེད་ནི། །གྲི་ཐོགས་གིང་ཆེན་བཅོ་བརྒྱད་འགྱེད། །གསང་བའི་བདག་པོས་དབང་བསྐུར་ནས། །རྡོ་རྗེ་ཆོས་ཀྱི་མིང་བཏགས་པས། །ཞེ་སྡང་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་ཁྲོས་པའི་ཆ་བྱད་ཅན། །ལྟས་ངན་སྣ་ཚོགས་སྤྲུལ་པ་འགྱེད། །རྡོ་རྗེ་མྱུ་གུ་ཞེས་བྱ་བ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །རྒྱལ་བའི་དགོངས་པ་ཀུན་འདུས་པས། །འོད་ཕུང་ཁྲོས་པའི་ཁྲོ་བོ་བཞི། །མི་བཟད་འབར་བ་དྲག་པོའི་གཟུགས། །ཁྲག་མིག་དམར་པོ་ལྡོག་ཅིང་ཁྲོ། །རྡོ་རྗེ་དྲག་པོ་འཁོར་ལོ་རྩལ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །དམ་ཅན་ཁྲག་གི་རལ་པ་ཅན། །པདྨའི་མེ་ཏོག་འབུམ་གྱིས་བརྒྱན། །དུར་ཁྲོད་མཁའ་འགྲོ་ཚོགས་ཀྱི་བདག །རྡོ་རྗེ་ཆོས་ཀྱི་ལས་མཁན་པོ། །གྲི་ཐོགས་ཆེན་པོའི་དུས་ལ་ལ་བབ། །སེར་ནག་འཇིགས་པའི་སྦྲུལ་གྱིས་བརྒྱན། །ཁ་ནས་མེ་འབར་སྟོང་གསུམ་བསྲེག །རིན་ཆེན་བདུད་དཔུང་ཚོགས་ཀྱི་བདག །རིན་ཆེན་མྱུ་གུ་ཞེས་བྱ་བ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །


DNG024_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཟང་ལྷ་ཡི་འདུན་ས་རུ། །ལྷ་ཡི་དམག་དཔོན་ཆེན་པོ་ནི། །ལྗང་ནག་ལུས་ལ་ཆོ་འཕྲུལ་ཅན། །རྡོ་རྗེ་ལས་རབ་དྲག་པོ་རྩལ། །གྲི་ཐོགས་གིང་ཆེན་བཅོ་བརྒྱད་འགྱེད། །ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། །སྐྱེས་པ་དར་མའི་སྲོག་གཅོད་ཅིང་། །བུད་མེད་མངལ་ཕུག་སྲིད་ཁ་སྡོམས། །སྤྱུགས་གླུ་ལེན་ཅིང་འཁོར་ལོས་གཅོད། །རྡོ་རྗེ་ཟླ་རྩལ་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །སྐུ་མདོག་དམར་གསལ་ཁྲག་གི་མདོག །ཅེ་སྤྱང་མང་པོའི་སྤྲུལ་པ་འགྱེད། །མི་བཟད་ལག་རིངས་ཆེན་པོ་སྟེ། །རྡོ་རྗེ་ཉི་མ་མདངས་ཆེན་པོ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །རྔམ་པའི་ང་རོ་དྲག་པོ་ནི། །ནམ་མཁའི་ཁམས་ནས་འབྲུག་ལྟར་སྒྲོགས། །མཆེ་བ་རྔམ་པས་དགྲ་སྙིང་འབྱིན། །རྡོ་རྗེ་སེང་ཆེན་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །ནག་པོ་མི་བཟད་སྤྱན་གསུམ་པོ། །ཤྭ་ན་ཁྱི་གདོང་འཇིགས་པའི་གཟུགས། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ཞོན། །རྡོ་རྗེ་སྤྱང་ཀི་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །མི་རྟོག་པ་ལ་གནས་པའི་སྐུ། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །མཚོན་ཆ་སྣ་ཚོགས་ཆར་དུ་འབེབས། །རྡོ་རྗེ་ནམ་མཁའ་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །ཕྱོགས་བཞི་དག་ཏུ་རྒྱུག་བྱེད་ཅིང་། །ཕྱོགས་མཚམས་སྟེང་འོག་རྣམ་པར་འཇོམས། །རྡོ་རྗེ་ཕྱོགས་འདུལ་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །མཐིང་ནག་ཁྲོ་བོའི་ཆ་བྱད་ཅན། །མི་མགོ་སྟོང་གི་ཕྲེང་བས་བརྒྱན། །མི་རོ་བམ་པའི་གདན་ལ་བཞུགས། །དུར་ཁྲོད་བདག་པོ་ཆེན་པོ་བྱ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །གྲི་ཐོགས་གིང་ཆེན་བཅུ་གཉིས་པོ། །ལ་ལ་ཁྲག་གི་ཐིག་ལེ་ཅན། །ལ་ལ་ཞག་གི་ཟོ་རིས་ཅན། །ལ་ལ་ཐལ་ཆེན་ཚོམ་བུ་ཅན། །ཕྱག་ན་ལྕགས་གྲི་རྣོན་པོ་བརྡར། །གློ་སྙིང་འབྱིན་ཅིང་ནང་ཁྲོལ་ཟ། །དམིགས་པའི་དགྲ་ལ་ཁྲོ་ཚོགས་ཆོས། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་


DNG024_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ཁྲོ་བོའི་ཚོགས་བསྐུལ་བའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་གནོད་སྦྱིན་གྱི་ཚོགས་བསྐུལ་བ་འདི་གསུངས་སོ། །བྷྱོ། ཉི་མ་ནུབ་ཕྱོགས་ཕ་གི་ན། །བསེ་གདོང་ཁྲ་བོའི་ནང་ཤེད་ན། །ལྕགས་མཁར་སྔོན་པོ་གནམ་དུ་ལྡེམས་སེ་ལྡེམ། །གཡས་ན་ཕོ་སེང་བརྒྱ་ནི་ཁ་ཡང་འཐབ། །གཡོན་ན་མོ་སེང་བརྒྱ་ནི་མཆེ་བ་བདར། །འོག་ན་ཞེ་སྡང་དུག་མཚོའི་རྦ་རླབས་མེ་རེ་རེ། །སྟེང་ན་བསེ་ཡི་བྱ་གླག་བརྒྱད་ཁྲི་བཞི་སྟོང་ལྡིང་། །སྐེད་ནས་ཉི་མ་ཟླ་བའི་འོད་ཟེར་འཆར། །རྩེ་ལ་ང་རྒྱལ་གློག་དམར་ཁྱུགས་སེ་ཁྱུག །བསེ་འབྲུག་ལྡིར་བ་གནམ་ནས་འཁྱུག་ཅིང་ལྡིར། །བསེ་སེར་ལུག་ཙམ་རྟག་ཏུ་ཆར་དུ་འབེབས། །དེ་འདྲའི་མཁར་གྱི་ནང་ཤེད་ན། །མ་རུངས་གདུག་པ་ཀུན་གྱི་གཙོ་གྱུར་པ། །ཡབ་གཅིག་གནོད་སྦྱིན་རྒྱལ་པོ་ཟངས་ཐོགས་བཞེངས། །སྐུ་མདོག་དམར་ནག་བརྗིད་པ་ལ། །དབུ་ལ་རྒྱ་མདུད་འཁོར་ལོ་བརྩེགས། །རལ་པ་དམར་པོ་སྤྲིན་ལྟར་གཏིབས། །སྤྱན་མིག་དམར་པོ་དམ་ཉམས་དགྲ་ལ་ཟློག །འཇིགས་པའི་ཞལ་ནི་བགྲད་པ་ལ། །མཆེ་བ་གནམ་ལྕགས་དགུ་བརྒྱས་གཏམས། །སྐུ་ལ་ཤུན་གྱི་གཡང་གཞི་གསོལ། །ཕྱག་ན་གསེར་གྱི་རལ་གྲི་བསྣམས། །གཡོན་པ་བསེ་ཡི་མདུང་དམར་བསྣམས། །བ་དན་དམར་པོ་གློག་ལྟར་འཁྱུག །འཇིགས་སུ་རུང་བའི་དཔའ་བྱད་ཅན། །སྔོན་དུ་ཞེ་སྡང་ལས་ལ་གྲུབ། །དོ་ནུབ་དྲག་པོའི་དུས་ལ་བབ། །དེ་ཡི་ཡུམ་ཆེན་དྲན་མོ་ནི། །བསེ་གདོང་ཟངས་མགྲིན་རྫུ་འཕྲུལ་ཅན། །སྔོན་དམར་ལུས་ལ་འཇའ་ཡིས་བརྒྱན། །རལ་པ་སྔོན་པོ་བུ་ཡུག་འཚུབ། །གཡས་པ་བྱད་ཐག་དགྲ་ལ་འཕེན། །གཡོན་པ་སྔོན་དམར་བགེགས་ལ་འདེབས། །ཁ་རླངས་སྔོན་པོ་དུ་བར་འཐུལ། །འཇིགས་པའི་སྦྱུགས་གླུ་ཚེ་རེ་རེ། །སྲིན་པོ་འབུམ་ཚོགས་དམག་ཏུ་བསྐུལ། །སྔོན་ཀྱང་འདོད་ཆགས་ལས་ལས་གྲུབ། །དོ་ནུབ་དྲག་


DNG024_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྲིན་ལས་མཛོད། །ཁྱོད་ཀྱི་བཀའ་ཉན་ལས་བྱེད་པ། །བསེ་ཡི་གྱད་ཆེན་དམག་དཔོན་བཞི། །ལྷ་སྲིན་སྡེ་བརྒྱད་ལས་ལ་བསྐུལ། །ཉམས་པ་དགྲ་ཡི་གཤེད་མ་གྱིས། །ས་བདག་བསེ་ཡི་ལྷ་མོ་བཞི། །བུད་མེད་སྡེ་བཞིས་དམག་སྣ་དྲོངས། །འདུ་བ་རྣམ་བཞི་ནད་མཚོན་རྒྱོབ། །སྙིང་ཟན་སྲོག་འདྲིལ་སྲོག་ལེན་སོགས། །འཁོར་གྱི་གིང་ཆེན་བཞི་བཅུ་གཉིས། །བསེ་ཁྲབ་བསེ་རྨོག་འོད་དུ་འབར། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཕྱག་ན་རལ་གྲི་རྣོ་འཇོམས་ཐོགས། །སྲོག་རྩ་བཅད་ནས་སྙིང་ཁྲག་འཐུང་། །བསེ་ཕུབ་དམར་པོ་མེ་འོད་སྣང་སྲིད་འགེངས། །སྲིད་གསུམ་ལྷ་འདྲེ་འཁྲུག་ཅིང་བསྐུལ། །ཧཱུཾ་ཆེན་དྲག་པོ་གིང་གི་ཚོགས། །ཤ་ཁྲག་སྣ་ཚོགས་གིང་ལ་མཆོད། །བཅོལ་བའི་ལས་ རྣམས་གྲུབ་པར་གྱིས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གནོད་སྦྱིན་གྱི་ཚོགས་བསྐུལ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་རག་ཤ་སྲིན་པོའི་ཚོགས་བསྐུལ་བ་འདི་གསུངས་སོ། །བྷྱོ། དྲག་པོ་ལྕགས་མཁར་ནང་ཤེད་ན། །རཀྴ་ཛྭ་ལ་གློག་ཕྲེང་ཅན། །ཧམ་ཤམ་བསེ་གདོང་གདུག་པའི་བུ། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་ཆེན་པོ་ཀུན་ཏུ་རྒྱུ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་ཁེངས། །རོ་སྟོད་སྲིན་ལ་རོ་སྨད་སྦྲུལ། །སྐུ་མདོག་བརྗིད་པའི་དུད་ཁ་བ། །གཡས་པ་རྡོ་རྗེ་གྲི་གུག་གིས། །ཉམས་པའི་ཁོག་གཤོག་སྙིང་ནས་ཕྱུང་། །གཡོན་པ་ཆུ་སྲིན་ཞགས་པ་ཡིས། །བླ་སྲོག་ཟུང་ཞིག་དམ་དུ་ཆིངས། །ཉི་མ་ཟླ་བ་ལྟོ་རུ་ཟ། །ཉི་མའི་རྗེས་གཅོད་ཤར་དུ་རྒྱུག །ཟླ་བའི་རྗེས་གཅོད་ནུབ་ཏུ་རྒྱུག །ཉིན་མོ་རྒྱུག་ཅིང་བླ་སྲོག་སྡུད། །མཚན་མོ་རྒྱུ་ཞིང་སྲོག་དབུགས་གཅོད། །དམག་དཔོན་ཆེན་པོའི་དུས་ལ་བབ། །གཟའ་མཆོག་ཆེན་པོའི་དུས་ལ་བབ། །དབང་ཕྱུག་ཆེན་པོའི་དུས་ལ་བབ། །ནམ་མཁའི་དཀྱིལ་ནས་འབྲུག་བསྒྲགས་ཤིང་། །བར་སྣང་ཁམས་ནས་གློག་ཆེན་འཁྱུག །ས་ཡི་


DNG024_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་དུ་ཐོག་ཆེན་འབེབས། །རྒྱ་མཚོའི་གཏིང་དུ་སེར་ཆེན་སྒྲིལ། །དམ་ཉམས་དགྲ་ཡི་ཡུལ་འཁོར་ཆོམས། །ལོ་ལ་ཁྲག་གི་སེར་བ་ཕོབ། །སྲོག་ལ་གློ་བུར་ཡེ་འདྲོག་ཐོང་། །ཕྱོགས་བཞི་ནམ་མཁའི་དཀྱིལ་ཡངས་ནས། །ངན་སྔགས་བདག་མོ་གདོང་མོ་བཞི། །ཆོ་འཕྲུལ་སྤྲུལ་པ་དགྲ་ལ་འགྱེད། །ཕོ་ལྷོག་ནད་སྩོགས་ནད་མཚོན་རྒྱོབ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་ནས། །སྲིད་པའི་རྒྱལ་པོ་ཆེན་པོ་བཅུ། །མདོག་ནི་མ་ངེས་ཁྲོས་པ་བཞིན། །མཚོན་ཆ་སྣ་ཚོགས་འཁོར་ལོ་སྒྱུར། །བསྟན་པ་བསྲུང་བར་དམ་བཅས་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །དམ་ཉམས་སྲོག་རྩ་དམར་པོ་ཆོད། །རི་རབ་གཡོ་བསྙིལ་འུ་རུ་རུ། །རྒྱ་མཚོ་ཞོ་འཆོལ་ཆི་ལི་ལི། །གནམ་ས་དཀྲུག་པའི་དུས་ལ་བབ། །སྲོག་རྩ་ཆོད་ཅིང་སྙིང་མགོ་ཆོད། །མཛེ་འབྲས་སྨྱོ་འབོག་ལ་སོགས་ཀྱིས། །དགྲ་བོའི་རྩ་ལག་རླུང་ལ་སྐུར། །ཞེས་གསུངས་སོ། །དཔལ་ མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། སྲིན་པོའི་ཚོགས་ལས་ལ་མངག་པའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཟ་བྱེད་མ་མོའི་ཚོགས་བསྐུལ་བ་འདི་གསུངས་སོ། །བྷྱོ། ཉི་མ་བྱང་ཤར་ཕ་གི་ན། །བྲག་དམར་མཚོ་ཁོལ་མེ་རེ་རེ། །དུག་རླངས་ན་བུན་ཕྱུ་རུ་རུ། །མཚོ་ཆེན་སྔོན་དམར་རྦ་རླབས་ཆི་ལི་ལི། །བསེ་མཁར་སྨུག་པོ་གནམ་དུ་ཟངས་སེ་ཟང་། །དུར་བྱ་ཀང་ཀ་སྣ་ཚོགས་ལྡིང་ཞིང་འཇུམ། །ཅེ་སྤྱང་ལི་དུའི་ཚོགས་རྣམས་དི་རི་རི། །ནད་ཀྱི་མཚོན་སྤྲིན་སྔོན་དམར་ཐིབས་སེ་ཐིབ། །མ་གཅིག་དཔལ་ལྡན་རེ་མ་ཏི། །ཡ་མཚན་བུད་མེད་རྔམ་པའི་མདོག །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཁྲག་གི་རལ་པ་མུན་ལྟར་གཏིབས། །སྤྱི་བོའི་གཙུག་ན་ཟླ་གམ་གསལ། །ལྟེ་བའི་དབུས་ནས་ཉི་མ་འཆར། །སྲིད་གསུམ་ཀུན་གསལ་བླ་ཚེ་རྐུ། །སྙན་ཆ་སེང་སྦྲུལ་དྲིལ་བུས་བརྒྱན། །ཐམས་ཅད་ཟིལ་གནོན་གདུག་པ་


DNG024_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ། །སྐུ་སྟོད་ཞིང་ཆེན་གཡང་གཞི་ལ། །རུས་ཕྲེང་ཁྲག་དང་ཞག་གིས་བརྒྱན། །སྐུ་སྨད་རེ་ལྡེའི་ཤམ་ཐབས་ལ། །སྦྲུལ་དང་ཐོད་ཕྲེང་དྲིལ་བུས་བརྒྱན། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །དྲག་མོ་མཚོན་ཆའི་ལྟེ་ལེ་ཅན། །གཡས་ན་གཤིན་རྗེའི་ཁྲམ་བམ་བསྣམས། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །བཙན་གྱི་ཤྭ་རྡེལ་ཕྱོགས་བཅུར་འཐོར། །ཚུབ་ནག་སྟོང་དཀྱིལ་ནང་ན་བཞུགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཤར་ཕྱོགས་ཁམས་ཀྱི་ཟ་བྱེད་མ། །སངས་རྒྱས་རིགས་ཀྱི་རྣལ་འབྱོར་མ། །དཀར་མོ་རལ་ཅན་འབུམ་སྡེ་རྣམས། །ཁྱོད་ཀྱིས་ཤར་ཕྱོགས་དགྲ་བགེགས་ཐུལ། །ལྷོ་ཕྱོགས་རིགས་ཀྱི་ཟ་བྱེད་མ། །སེར་མོ་རལ་ཅན་ཁྲོས་པའི་གདོང་། །རིན་ཆེན་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱིས་ལྷོ་ཡི་དགྲ་བགེགས་ཐུལ། །ནུབ་ཕྱོགས་ཁམས་ཀྱི་ཟ་བྱེད་མ། །དམར་མོ་རལ་ཅན་ཕོ་ཉར་བཅས། །པདྨ་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱིས་ནུབ་ཀྱི་དགྲ་བགེགས་ཐུལ། །བྱང་གི་ཕྱོགས་ཀྱི་ཟ་བྱེད་མ། །ལྗང་ནག་རལ་ཅན་རྔམ་པའི་ཚོགས། །ལས་ཀྱི་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱིས་བྱང་གི་དགྲ་བགེགས་ཐུལ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། མ་མོའི་ཚོགས་བསྐུལ་བའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་དྲག་པོ་གཤིན་རྗེ་ལྟར་བསྐུལ་བ་འདི་གསུངས་སོ། །བྷྱོ། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །རཀྟའི་རྒྱ་མཚོའི་རྦ་ཀློང་འཁྲུག །ཐོད་མཁར་སྒོ་མེད་ནང་ཤེད་ན། །མི་རོ་རྟ་རོ་གཅལ་དུ་བཀྲམ། །གཟས་པའི་གདན་ལ་སྟག་ཆེན་ཁྲི། །མེ་དཔུང་ཀློང་ནས་སྐུ་བྱུང་བ། །མ་ཧཱ་ཀཱ་ལ་མགོན་པོ་ཆེ། །བདུད་འདུལ་དབང་ཕྱུག་འདུལ་བའི་གིང་། །སྐུ་མདོག་དུག་ཆེན་འཁྱིལ་པ་འདྲ། །སྤྱན་གསུམ་སྡང་མིག་མེ་ལྟར་འབར། །དགྲ་བོའི་ལུས་སྲོག་དབང་པོ་འབྱིན། །ཤར་ནས་རིམས་དལ་རླུང་དམར་གཡོག །སྟོང་ཁམས་ཐམས་ཅད་ནད་ཀྱིས་ཁེངས། །ཞལ་གདངས་རྣོ་དབལ་མཆེ་བ་གཙིགས། །དམིགས་


DNG024_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགྲ་བོ་རིལ་མིད་བྱེད། །རྔམ་པའི་ང་རོ་འབྲུག་སྟོང་སྒྲོགས། །བདུད་དང་མུ་སྟེགས་བརྒྱལ་བར་བྱེད། །སྐུ་ལ་བེར་ནག་བརྩེགས་པ་གསོལ། །དཔའ་བརྟུལ་སྟག་གི་སླག་པ་ལ། །དར་ལྕེ་མེ་ཏོག་འཇའ་ཚོན་འཁྱུག །དཔའ་བརྟུལ་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡས་པ་ཙནྡན་བིང་ཆེན་གྱིས། །དམ་ཉམས་དགྲ་བོ་རྡུལ་དུ་རློགས། །ཕྱག་གཡོན་ཐོད་ཁྲག་དམར་ཆེན་འཐུང་། །དྲག་པོའི་རྫུ་འཕྲུལ་བསམ་མི་ཁྱབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །དེ་ཡི་ཡུམ་ཆེན་སྲིན་མོའི་སྐུ། །མཐིང་ནག་བརྗིད་པའི་ཚུལ་གྱིས་འཁྲིལ། །སྦྲུལ་ནག་རལ་པ་མུན་ལྟར་གཏིབས། །དུར་ཁྲོད་ན་བཟའ་སྐུ་ལ་གསོལ། །གཡས་པ་རྒྱུ་ཞགས་བླ་སྲོག་འགུགས། །གཡོན་པ་ཐོད་ཁྲག་དལ་ཡམས་འབེབས། །མོན་པ་ནག་པོའི་ཚོགས་ཀྱིས་བསྐོར། །འོད་ཟེར་གློག་སྟོང་སྐར་མདའ་འཁྲུག །ཁྱོད་ཀྱིས་དགྲ་བགེགས་མྱུར་དུ་སྒྲོལ། །བདུད་ཡུལ་ཁ་རག་མགོ་དགུ་ནས། །བདུད་ནག་རི་ནག་སྤུངས་པ་ཡང་། །བདུད་མཁར་ནང་ནས་འདིར་བྱོན་ལ། །དགྲ་ལ་ཐིབས་ནད་ཐོང་ལ་སྒྲོལ། །རྒྱ་ཡུལ་ནམ་མཁའི་ཕྱད་ཕྱོད་ནས། །སྲོག་བདག་འོད་ལྷ་དཀར་པོ་ཡང་། །ཤེལ་མཁར་ནང་ནས་འདིར་བྱོན་ལ། །དགྲ་ལ་སྨྱོ་འབོག་ཐོང་ལ་སྒྲོལ། །མང་ཡུལ་བྱང་ཤར་མཚོ་གླིང་ནས། །མ་མོ་རྡོ་རྗེ་སྡེར་མོ་ཡང་། །མཐིང་ནག་གུར་ནས་ལས་ལ་ཆོས། །དགྲ་ལ་དལ་ཡམས་ཐོང་ལ་སྒྲོལ། །ཀླུ་ཡུལ་ན་ར་སིང་ཆེན་ནས། །ཀླུ་གཉན་ནག་པོ་སྲོག་ལེན་ཡང་། །རིན་ཆེན་མཁར་ནས་སྐུ་བསྐྱོད་ལ། །དགྲ་ལ་མཛེ་ཤུ་ཕོལ་འབྲས་ཐོང་། །བཙན་ཡུལ་ཟངས་ཐང་དམར་པོ་ནས། །བཙན་རྗེ་ཤུ་པོ་ལག་རིངས་ཀྱང་། །བསེ་མཁར་ནང་ནས་སྐུ་བསྐྱོད་ལ། །དགྲ་ལ་གྲི་ཐབས་ཐོང་ལ་སྒྲོལ། །ཤར་ཕྱོགས་རིན་ཆེན་གླིང་ཐང་ནས། །གིང་ཆེན་རྡོ་རྗེ་ལེགས་པ་ཡང་། །ལུང་ཐང་མཁར་ནས་འདིར་བྱོན་ལ། །དགྲ་ལ་ཕོ་ལྷོག་ཧུར་ཐུམ་ཐོང་། །ཞེས་གསུངས་སོ། །དཔལ་


DNG024_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། སྒྲོལ་གིང་ཆེན་པོ་ལས་ལ་བསྐུལ་བའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་དཔའ་བོ་གིང་ཆེན་གྱི་བསྐུལ་བ་འདི་གསུངས་སོ། །བྷྱོ། དུར་ཁྲོད་ཐོད་པའི་སྐུ་མཁར་ནས། །གསང་བདག་ཐུགས་ཀྱི་སྤྲུལ་པ་ནི། །གསོད་བྱེད་གིང་ཆེན་ལས་ལ་བསྐུལ། །སྐུ་མདོག་དམར་པོ་ཁྲོས་པ་ལ། །གདུག་པའི་མེ་འོད་ལམས་སེ་ལམ། །དབུ་ལ་བསེ་རྨོག་དམར་པོ་གསོལ། །ཉི་མ་འབུམ་གྱི་འོད་ཟེར་འཕྲོ། །ལེ་བརྒན་དར་གྱི་ཅོད་པན་ལ། །སྤྲུལ་པའི་འོད་ཟེར་མང་པོ་འཁྱུག །སྤྱན་མིག་དམར་པོ་བཟློག་པ་ཡིས། །བདུད་དང་མུ་སྟེགས་ཟིལ་གྱིས་གནོན། །ཁྲོས་པའི་གད་མོ་རྐན་བརྡབས་པས། །མ་ཚོགས་སྲིན་པོ་འདར་སྤྱུག་སྤྱུག །གསང་བའི་སྤྱུགས་པ་ཚེ་རེ་རེ། །སྒྲོལ་གིང་དམར་པོ་ལས་ལ་འགྱེད། །ཕྱག་གཡས་ཟངས་གྲི་རྣོ་དབལ་གྱིས། །ཉམས་པ་དགྲ་བོའི་སྲོག་ལུས་འབྲོལ། །གཡོན་པས་ཙིཏྟ་ཕྱུང་ནས་གསོལ། །ཡེ་ཤེས་གིང་གི་འཁོར་གྱིས་བསྐོར། །སྤྲུལ་པའི་གིང་ཚོགས་སྟོང་གསུམ་སྲེག །ལས་ཀྱི་གིང་ཕྲན་ལས་ལ་འགྱེད། །དཔའ་བོ་གིང་ཆེན་ལས་ལ་ཆོས། །ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །པྲ་མ་རཱ་ཛ་སྲིན་པོའི་གཙོ། །སྐུ་མདོག་དཀར་པོ་ཤེལ་འོད་འཕྲོ། །ཤེལ་གྱི་ཟངས་གྲིས་དགྲ་ལ་འདེབས། །ཙིཏྟ་ཕྱུང་ནས་ཞལ་དུ་གསོལ། །སྲིན་པོའི་འཁོར་ཚོགས་ལས་ལ་ཆོས། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །ཡ་མ་རཱ་ཛ་གཤིན་རྗེའི་གཙོ། །སྐུ་མདོག་ནག་པོ་མུན་རུབ་འདྲ། །ལྕགས་ཀྱི་ཟངས་གྲི་དགྲ་ལ་འདེབས། །ཙིཏྟ་ཕྱུང་ནས་ཞལ་དུ་གསོལ། །གཤིན་རྗེའི་དམག་ཚོགས་དགྲ་ལ་ཆོས། །ནུབ་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །ཧ་ནུ་དཔག་ཤུ་བདུད་ཀྱི་གཙོ། །སྐུ་མདོག་དམར་པོ་མེ་འོད་འདྲ། །ཟངས་ཀྱི་རལ་གྲི་དགྲ་ལ་འདེབས། །ཙིཏྟ་ཕྱུང་ནས་ཞལ་དུ་གསོལ། །བདུད་ཀྱི་འཁོར་ཚོགས་དགྲ་ལ་ཡ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །ཡག་ཤ་གར་བ་གནོད་སྦྱིན་གཙོ། །སྐུ་མདོག་ལྗང་ནག་མཐིང་འོད་འབར། །གསེར་གྱི་རལ་གྲི་དགྲ་ལ་འདེབས། །ཙིཏྟ་ཕྱུང་ནས་ཞལ་དུ་གསོལ། །


DNG024_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་འཁོར་ཚོགས་ལས་ལ་ཆོས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གིང་ཆེན་ལས་ལ་བསྐུལ་བའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་རབས་བརྒྱུད་གཏན་ཚིགས་ཀྱི་ལེའུ་འདི་བཤད་དོ། །འདས་པའི་དུས་ན་སྔོན་བྱུང་བའི། །བསྐལ་པ་རྫོགས་ལྡན་བྱ་བ་ལ། །མི་བསྐྱོད་ཞིང་ཁམས་མངོན་དགའ་བའི། །ལྷོ་ཕྱོགས་འཛམ་བུའི་གླིང་དེ་རུ། །ཁྱིམ་བདག་ཀོའུ་ཀ་ཡ་ཞེས། །བྱ་བ་དེ་ལ་བུ་གཅིག་ཡོད། །དེ་མིང་ཐར་པ་ནག་པོ་བྱ། །ཁོ་བོ་དད་པའི་སེམས་གཡོས་ཏེ། །ཡུལ་ཕྱོགས་དེ་ཡི་དགོན་པ་ན། །དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས། །བྱ་བ་གསང་སྔགས་དོན་རྟོགས་པ། །ཡོན་ཏན་ཁོ་ན་དེས་ཐོས་ཏེ། །དན་ཕག་གཡོག་དང་བཅས་པ་ཡིས། །དེ་དྲུང་ཕྱིན་ཏེ་གདམས་པ་ཞུས། །དེ་ཉིད་ཀྱིས་ཀྱང་གདམས་པ་གནང་། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་སྤྱད་བྱས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །དེ་སྐད་གདམས་པ་ཕོག་པ་ལས། །ཁོ་བདག་དགའ་མགུ་གནས་སུ་དེངས། །དོན་གྱི་བདེན་ཐོབ་མ་རྙེད་པར། །སྒྲ་བཞིན་འདོད་ཡོན་ལྔ་ལ་ཞེན། །ནམ་ཞིག་དཔོན་གཡོག་མ་མཐུན་ཏེ། །རྩོད་གྱུར་དགེ་སློང་དཔོན་ལ་དྲིས། །ཐུབ་དཀས་རང་བཞིན་སོ་སོ་ནས། །དན་ཕག་བདེན་ནོ་ཞེས་གསུངས་པས། །ཐར་པ་ནག་པོ་ཁམས་འཁྲུགས་ཏེ། །གཉིས་ཀའི་དཔོན་དུ་འདྲ་བ་ལ། །མཉམ་མོ་ཞེས་ཀྱང་མི་བརྗོད་པར། །ངེས་པ་རང་ཉིད་སུན་ཕྱུང་བས། །ཁམས་འདིར་མ་ཆགས་བྱ་སྙམ་སྟེ། །དེ་ནས་དཔོན་གཡོག་གཉིས་སྤྱུག་བཏང་། །གསང་སྔགས་རྡོ་རྗེའི་བཀའ་བསྒོ་ལོག །སྒྲ་བཞིན་སྤྱད་ཅིང་འདོད་དགུར་འཇོམས། །ལྟ་བ་ཐམས་ཅད་ལོག་པར་འགྱུར། །ཐམས་ཅད་ལོག་པའི་རྒྱ་མཚོར་ཞུགས། །ལོག་པའི་དཀའ་ཐུབ་དྲག་པོ་དང་། །ལོག་པའི་བརྟུལ་ཞུགས་ཆེན་པོ་ཡིས། །ཤ་རློན་ཟ་ཞིང་ལྤགས་རློན་གྱོན། །ཤ་ཟའི་ཇག་པ་མང་བསོགས་ཏེ། །ཐམས་ཅད་བསད་ཅིང་ཤ་རློན་ཟོས། །རིག་བྱེད་སྔགས་ཀྱི་བརྡའ་སྤྲོས་ཏེ། །མོ་རིགས་ཕྲད་པ་ཐམས་ཅད་སྤྱད། །དངོས་པོ་གཤིས་ལས་འདས་ཤིང་


DNG024_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ། །གནས་པའི་དུས་མེད་ཚེ་ཟད་ནས། །སྐྱེ་བ་ལྔ་བརྒྱར་ཅེ་སྤྱང་ལུས་སུ་སྐྱེས། །གཉེན་པོས་བསད་ཅིང་ཚེ་འཕོས་གྱུར། །ངན་སྐྱུགས་ཕྱི་ཡི་སྲིན་བུ་དང་། །མི་གཙང་ནང་གི་སྲིན་བུར་སྐྱེས། །གཉེན་པོས་བསད་ཅིང་ཚེ་འཕོས་འགྱུར། །རོ་དང་སྟོང་ཕྲག་རེ་ལྡེ་ཡི། །ནང་ན་གནས་པའི་སྲོག་ཆགས་གྱུར། །དེ་མཐར་མངལ་གྱི་སྲིན་བུར་སྐྱེས། །ན་རག་རྡོ་རྗེ་དམྱལ་བར་གྱུར། །ཚེ་ཚད་ཚེ་ལོ་བརྒྱད་ཁྲིར་གནས། །ཐུབ་པ་ཆོས་ཀྱི་རྒྱལ་པོ་ཡིས། །ལས་སུ་བསྟན་པས་དེར་ཤེས་ཏེ། །འགྱོད་པས་རིམ་བཞིན་ཚ་དམྱལ་བརྒྱད། །རིམ་བཞིན་གོང་ནས་གོང་དུ་འཕོས། །བདེ་བ་བྲལ་ཞིང་ཡུན་རིང་འཁོར། །དེ་ནས་བསད་ཅིང་ཐོན་ཐར་ནས། །ནད་མཚོན་མུ་གེའི་བསྐལ་པ་བརྒྱུད། །གཞན་གྱི་ལོངས་སྤྱོད་ཕྱིར་བསད་དེ། །གཤིན་རྗེའི་འཇིག་རྟེན་འཇུངས་པ་དང་། །ཤ་ཟ་མ་དང་སྲུལ་པོར་སྐྱེས། །དེ་ལྟར་སྐྱེ་བ་བརྒྱུད་པའི་མཐར། །ལྷོ་ནུབ་ལང་ཀ་པུ་རི་ཡི། །སྨད་འཚོང་མ་ཡི་མངལ་དུ་ཆགས། །བུ་དེ་ཐོན་པས་མ་དེ་འཆི། །ཡུལ་ཕྱོགས་དེ་ཡི་མི་དག་གིས། །ཕ་མེད་དོ་བུ་ཀོ་ནུ་འདི། །བཞག་ན་ཡུལ་ཕྱོགས་སྨེ་བས་ན། །མ་ཡི་རོ་མཆན་གཞུག་པར་བསྒོས། །དུག་ཤིང་ནལ་བྱའི་རྩ་རུ་བསྐྱལ། །བུ་དེས་མ་ཡི་ནུ་མ་དྲངས། །དེ་ནས་ཁྲག་དང་ཆུ་སེར་དྲངས། །དེ་ནས་མ་རོ་ཟད་པར་ཟོས། །རང་རྒྱུད་ཁྲོ་བོ་འཇིགས་པར་བསྒོམ། །མ་ཡི་པགས་པ་གོས་སུ་གྱོན། །དེ་ནས་པ་ཏྲ་ལུས་ཆེན་བརྟས། །དུར་ཁྲོད་རོ་ཡི་ཤ་ཁྲག་ཟོས། །ཐོད་ཕྲེང་སོར་ཕྲེང་རྒྱན་དུ་བྱས། །རོ་ཡི་པགས་པ་གོས་སུ་གྱོན། །དུར་ཁྲོད་གནས་པའི་མཁའ་འགྲོ་རྣམས། །ཆུང་མ་སླས་དང་བྲན་དུ་བྱས། །མ་ཟན་རཱུ་ཏྲ་དེ་ཡི་ནི། །ཁ་ནས་ཚ་བའི་དབུགས་བྱུང་བས། །ནད་དང་རིམས་ཀྱིས་ཐམས་ཅད་གསོད། །སྣ་ནས་གྲང་བའི་དབུགས་བྱུང་བས། །ཕྱོགས་བཅུ་ཀུན་ཏུ་མས་འཁྲུག་བྱེད། །མིག་གི་དུག་གིས་ཐམས་ཅད་གསོད། །སྔགས་ཀྱི་ཟེར་མས་ཐམས་ཅད་སྒྲོལ། །རང་ལུས་ཐལ་ཁ་འཇིགས་པ་ལ། །མགོ་གསུམ་ལག་དྲུག་གཤོག་པ་ཅན། །མིག་གསུམ་སྐྲ་ནི་མེ་ལྟར་འབར། །གནམ་ལ་བྱ་བཞིན་ས་ལ་བྱི། །ཆུ་ལ་ཉ་བཞིན་འཕྱོ་བར་བྱེད། །སེན་མོ་ཀང་ཀའི་


DNG024_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་སྡེར་གྱིས། །གང་ཟིན་ཤ་རུས་མྱགས་པར་བྱེད། །རང་གི་ང་རྒྱལ་གཏུམ་སྐད་སྒྲོགས། །དེ་ཚེ་འགྲོ་བ་ཐམས་ཅད་ཀྱང་། །ལོག་ལྟ་སྣ་དགུའི་ལམ་ལ་བཙུད། །ང་རྒྱལ་ཆེ་བའི་མཐུས་སྙེམས་པས། །ལང་ཀའི་ཡུལ་གྱི་གྲོང་རྡལ་བཅོམ། །ཀོ་ཀ་ཐང་དམར་མཚོ་ཡི་དོ། །བྱན་ལག་མཆོང་རི་མ་ལ་ཡ། །གནམ་ལྕགས་ཡོད་པའི་རྩེ་མོ་རུ། །སྲིན་པོའི་རྒྱལ་པོ་དབང་དུ་བསྡུས། །རུ་ཏྲ་མ་ཏྲ་མཱ་ར་ཏྲ། །རང་གི་གཏུམ་སྐད་དྲག་ཏུ་བསྒྲགས། །སྲིན་པོའི་རྒྱལ་པོ་ཆེན་པོ་དེས། །མངོན་ཤེས་གསང་སྔགས་འབྱུང་བར་མཐོང་། །ཀུན་ཀྱང་འཁོར་དང་གཡོག་རྗེ་བྱས། །དེད་དཔོན་མ་ཏཾ་ཀ་རུ་ཏྲ། །རང་གི་ང་རྒྱལ་ཆེ་བ་རྩོམ། །ལྷ་ཡི་དེད་དཔོན་ཀ་རུ་ཎ། །ངན་ཐབས་ཚ་བའི་དབུགས་ཀྱིས་བསད། །རོ་དེ་འཛམ་བུའི་གླིང་དུ་བོར། །དགེ་གནས་མཆོད་རྟེན་བརྒྱད་དུ་སྣང་། །འཁོར་རྣམས་གཡོག་བཞི་གཙོ་མོ་དང་། །བྱི་དང་བྲན་སླས་ཕོ་ཉ་འཁོར། །གཡོ་འགུལ་ཐམས་ཅད་དབང་དུ་བྱས། །བམ་རིལ་ཐོད་པའི་མཁར་བརྩིགས་ནས། །བདུད་ཀྱི་རྒྱལ་མཚན་ཕྱོགས་སུ་བཙུགས། །བདུད་ཀྱི་རུ་མཚོན་རྩེ་ལ་ཕྱར། །འདམ་གྱི་ཕྲུ་བས་ཡོངས་སུ་བསྐོར། །རྫུ་འཕྲུལ་སྟོན་ཅིང་ཧཱུཾ་སྐད་སྒྲོགས། །ཨེ་མ་ཧོ། སྔོན་གྱི་གཙང་མ་འཕགས་པས་ཀྱང་། །བདག་ལ་བཀའ་ཉོན་ཟེར་བ་ལ། །མི་ཉན་སླར་ལ་གནས་སུ་ལོག །ངག་གི་དབང་ཕྱུག་དེ་བཞིན་བྱས། །འགྲན་ཟླ་མེད་ཅེས་དེ་བཞིན་སྒྲོགས། །རཱུ་ཏྲ་ནག་པོ་སྨིན་པར་གྱུར། །དེ་ནས་དེ་ཡི་དུས་ཉིད་ན། །ཐུབ་དཀའ་རྡོ་རྗེ་སྙིང་པོར་སྨིན། །དན་ཕག་རྩལ་ཆེན་རྫོགས་པར་གྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀུན། །སྙིང་པོ་བྱང་ཆུབ་ཉིད་དུ་འདུས། །སྟོང་ཉིད་ངང་དུ་སྟོང་པའི་སྒྲ། །སངས་རྒྱས་མཛད་པ་མ་རྫོགས་པར། །མངོན་པར་སངས་རྒྱས་ཅི་ཕྱིར་ཡིན། །དེ་བཞིན་ཉིད་དང་ཀུན་སྣང་དང་། །ཡི་གེའི་རང་བཞིན་སྐུལ་བར་མཛད། །སྟོང་ཉིད་མེ་ལོང་མི་རྟོགས་ལས། །མ་སྐྱེས་མི་སྣང་འགག་གཟུགས་སྣང་། །མཁའ་ལ་སྣང་མཛད་ཇི་བཞིན་དུ། །དབྱིངས་ལས་ཕྱག་རྒྱའི་


DNG024_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་སྣང་བཞེངས། །གོ་འབྱེད་ཕྱག་རྒྱས་ཀུན་བསྡུས་ནས། །བདེ་གཤེགས་དགོངས་པ་མཐུན་པར་བགྲོས། །རྣམ་བཞི་ལས་ཀྱིས་བསྐོས་བཏབ་ནས། །བཅོམ་ལྡན་ཤཱཀ་ཐུབ་ཅན་དུ་གཤེགས། །རྒྱུ་འབྲས་ལས་ཀྱི་དགེ་སྡིག་བརྗོད། །བརྟུལ་བས་མ་ཐུལ་ཁོ་ན་རེ། །མི་ཐུབ་པ་ཡི་ངག་སྨྲས་ཏེ། །བུ་ཆུང་རང་གི་གནས་སུ་དེངས། །སྔོན་ཁྱོད་ལྟ་བུས་ང་མ་ཐུལ། །དེ་བས་རང་གི་དཀའ་ཐུབ་ཀྱིས། །ཟེར་བས་གཙང་རིགས་སླར་ལོག་གོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །རྟ་མགྲིན་དབང་བསྐུར་ཐད་དུ་གཤེགས། །རྡོ་རྗེ་རྟ་ཐབས་ཁོ་ན་ཡིས། །ཁོ་རང་ཉིད་ཀྱི་གཏམ་སྒྲ་བསྒྲགས། །མགྲིན་བུ་རང་གི་ཟས་ཟོ་དང་། །དེས་ནི་རྟ་མཆོག་སླར་ལ་གཤེགས། །ཁ་ནས་ཁོང་དུ་རྟ་མཆོག་མིད། །དཔལ་གྱིས་བཞེངས་ཏེ་ཧཱུཾ་སྒྲ་བསྒྲགས། །ཁོ་ཡིས་སྐད་ངན་གདུང་བ་བཏོན། །གཉེན་པོ་རྡོ་རྗེ་ཧཱུཾ་བསྒོམས་པས། །དེ་ལ་སྐྱབས་ཉིད་ཚོལ་ཅིག་གསུངས། །རྟ་མཆོག་སྤྱི་གཙུག་འཐོན་ཏེ་གཤེགས། །དེ་ནས་འདུས་པ་ཆེན་པོ་ཀུན། །དབང་དྲག་གཉིས་ཀྱིས་འདུལ་བར་དགོངས། །དེ་དག་ཐམས་ཅད་ཀུན་འདུས་ནས། །དུར་ཁྲོད་གར་གྱི་ཕྱག་རྒྱར་བཞེངས། །ཁྱོད་ཀྱི་རྒྱུ་རྐྱེན་འབྲས་བུ་དང་། །སྐྱོན་དང་ཡོན་ཏན་ཀུན་དྲིས་པས། །སངས་རྒྱས་ཀུན་གྱིས་འདི་སྐད་གསུངས། །རྒྱུ་ནི་སྨུག་པོའི་རོ་ལས་བྱུང་། །རྐྱེན་ནི་ལོག་པའི་དཀའ་ཐུབ་ཀྱིས། །འབྲས་བུ་སྡུག་བསྔལ་ངོ་བོར་སྨིན། །རིགས་ནི་དམན་རིགས་འཁོར་བའི་རིགས། །ངོ་བོ་ཡི་དྭགས་སྲིན་པོ་དེ། །མ་བཏུལ་འཁོར་བའི་མཐའ་འཕེལ་བས། །བདུད་རྣམས་བཏུལ་ན་བསྟན་པ་དང་། །ལས་ངན་འཕྲོ་བཅད་དམྱལ་ཡུན་ཐུང་། །ཐུགས་རྗེས་བཟུང་ན་བསོད་ནམས་ཚང་། །སྟོང་གསུམ་མ་ལུས་བཏོན་པ་བས། །འབུམ་གྱི་ཆར་ཡང་མི་ཕོད་གསུངས། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །ང་ལ་ཐུལ་ཅིག་པ་རུ་བསྐུལ། །ཁམས་གསུམ་རྡོ་རྗེ་བྱ་སྒྲོན་མངག །དབང་གི་ཁྲོ་བོས་བར་སྣང་དགང་། །བམ་རིལ་ཐོད་པ་མཁར་གྱི་ཕྱི། །བཤུལ་བཤད་ཀྱང་བའི་འོབས་ཆེན་བརྒྱད་ཀྱིས་བསྐོར། །སྔོན་དུ་བཤད་པའི་འཁོར་ཚོགས་དང་། །


DNG024_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བདག་ལིངས་ལ་ཡོངས་ནས་ནི། །འཁོར་ནི་ཕལ་ཆེར་ལས་ལ་གྲམ། །སྐབས་སུ་དངོས་མིན་སྤྲུལ་པའི་སྲས། །རྡོ་རྗེ་གཞོན་ནུ་སྨེ་བ་བརྩེགས། །མཐིང་ནག་འཇིགས་པའི་ཁྲོ་བོ་དེ། །བླང་དོར་མེད་པའི་མཛད་སྤྱོད་ཀྱིས། །བཤང་བ་ཐམས་ཅད་བདུད་རྩིར་བསྒྱུར། །ཐམས་ཅད་སྟོང་ཉིད་བདུད་རྩི་སྦྱངས། །ཉེ་གནས་བུ་མོ་ལ་སོགས་པ། །མ་ཆགས་ཐབས་ཀྱི་སྦྱོར་བ་ཡིས། །རིགས་དང་མཐུན་པའི་སྲས་དེ་མཐོང་། །དེ་བཞག་གཞན་རྣམས་རིང་དུ་སྤྲད། །ཡེ་ཤེས་སྤྲུལ་པའི་འཁོར་དུ་ལྡན། །འདོད་པའི་དབང་མོ་བསྐམས་མ་ལ། །འདོད་པས་ཞེ་སྡང་ཐེ་ཚོམ་སྐྱེས། །དཔལ་གྱིས་སྲིན་སྐད་གསུངས་བསྒྲགས་པས། །ཐེ་ཚོམ་ཆོད་དེ་སྐུ་ལ་འཁྲིལ། །འཇིག་རྟེན་དྲེགས་པའི་སྲོག་སྔགས་དེ། །ཡེ་ཤེས་ལྷ་ཡི་སྙིང་པོར་བརླབས། །ལྷུམས་སུ་རྡོ་རྗེ་སྲིན་པོ་བཞག །དཔལ་ཆེན་གཤེགས་ནས་ཁོ་འོངས་པས། །གནས་དང་འཁོར་ཀུན་མེད་བཞིན་འཇིགས། །བདག་གི་དབང་མོ་འཁོར་རྣམས་ཀུན། །སྔོན་དང་མི་འདྲ་ངེས་སྙམ་པས། །ཆགས་པའི་དབང་མོས་འདི་སྐད་བརྗོད། །ཨེ་མ་དཔའ་བོ་སྒེག་པོ་ཁྱོད། །བདག་གི་མངལ་ནི་མི་བདེ་བས། །ཁྱོད་ཀྱི་དངོས་པོ་ཕྱིན་པ་ལས། །འཁོར་གྱི་ནང་དུ་འདི་གསུང་ངམ། །བརྗོད་པས་མདངས་ལ་ཆགས་གྱུར་ཏེ། །དགའ་བའི་ཐབས་ཀྱིས་གཉིས་མེད་འཁྲིལ། །དེ་ནས་པུ་ཏྲ་འཐོན་བྱུང་ནས། །ཁོ་རང་ལྟ་བུའི་རིགས་སུ་བྱུང་། །ནག་པོ་དཔོན་གཡོག་ཡི་རང་དགའ། །མྱུར་བར་པུ་ཏྲ་ལུས་བལྟམ་སྟེ། །སྲིན་སྐད་ཐང་གསུམ་བསྒྲགས་པ་ལས། །དཔལ་གྱི་རྔམ་སྒྲ་དྲག་པོ་དེས། །དྲག་པོ་དྲག་མོ་འཁོར་ཚོགས་བརྒྱལ། །སངས་ནས་བལྟས་པས་ཆ་ལུགས་འགྱུར། །སྔོ་ནག་དབུ་དགུ་བཅོ་བརྒྱད་ཕྱག །སྔོན་དུ་བརྗོད་པ་ཉིད་དུ་གྱུར། །ནག་པོའི་སྟོབས་དང་དབང་ཐང་ཕྲོགས། །དེ་ནས་རཱུ་ཏྲ་ནག་པོ་དེས། །རང་གི་ང་རྒྱལ་ཧཱུཾ་སྐད་ཀྱིས། །རང་གི་བདུད་ཀྱི་དམག་ཚོགས་བསྡུས། །འདུ་འདུ་གྲམ་གྲམ་འདི་ལ་ཐུང་། །མཛའ་བཤེས་རྟག་པར་མ་བྱུང་ན། །སྐྱིད་པའི་གྲོགས་ཀྱིས་མི་ཕན་པས། །


DNG024_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གང་འདིར་ལས་རྣམས་དུས་ལ་བབ། །བརྗོད་པས་བདུད་དམག་བྱེ་བ་འདུས། །མཚོན་ཆའི་དབལ་ནི་སྤྲིན་ལྟར་གཏིབས། །བསོ་དང་ཆོ་ཡི་སྒྲ་བསྒྲགས་ཏེ། །མ་ལ་ཡ་ཡི་རྩེ་ལ་ཆས། །དེ་ནས་རྡོ་རྗེ་རྟ་གདོང་གིས། །རྡོ་རྗེ་འགྲོས་བུའི་སྟངས་སྟབས་མཛད། །གར་དགུའི་འབར་བའི་གླུ་བླངས་པས། །ཁྱོ་ཕོ་སྒྲོལ་ལ་ཆུང་མ་དྲོངས། །ཕྱོགས་རིས་མེད་པའི་སྙིང་རྗེས་བསྐུལ། །རྡོ་རྗེ་རྟ་གདོང་གཟི་བརྗིད་ཀྱིས། །བདུད་དམག་ཐམས་ཅད་ཟིལ་གྱིས་མནན། །རུ་མཚོན་སྤྲིན་ཕུང་སྟོང་ཉིད་སངས། །མི་སྙན་སྒྲ་རྣམས་སྔགས་སྒྲར་བསྒྱུར། །བདུད་ཀྱི་འཁོར་ཚོགས་ཐམས་ཅད་ཀུན། །རྟ་མགྲིན་དམ་ལ་སྐྱབས་སུ་དོང་། །དེ་ནས་རཱུ་ཏྲ་ཐབས་ཟད་དེ། །རང་གི་རྫུ་འཕྲུལ་སྔགས་ལྔ་ཡིས། །རཱུ་ཏྲ་ལྔ་ཡི་མཐུ་བསྐྱེད་ཀྱང་། །དཔལ་གྱི་དེ་བས་མཐུ་ཆེ་བས། །མཐུ་སྟོབས་མེད་པར་བརྒྱལ་བར་གྱུར། །དཔལ་གྱི་ཐུགས་རྗེའི་གསུང་དུ་བརྗོད། །སྲོག་གི་དབང་པོ་མི་བཟོད་ཀྱང་། །སྔོན་འབྱུང་དུས་ནས་འདྲེལ་བ་ཡིས། །གང་དེར་མདུན་གྱི་ཕྱོགས་ནས་བསྒྲལ། །རྩེ་གསུམ་འབར་བའི་ཕྱག་རྒྱ་བཅས། །རཱུ་ཏྲའི་རི་བོ་བཅོམ་དབང་གིས། །ཕྱག་རྒྱས་རོལ་ཏེ་ཕྱལ་དུ་སྦྱངས། །ཐུགས་དམ་དབང་གིས་མཚམས་སྦྱར་ཏེ། །རང་གི་དམ་པ་རྣམ་གཉིས་དང་། །མཐར་ཐུག་མེད་པའི་སངས་རྒྱས་དང་། །དཔག་ཏུ་མེད་པའི་བྱང་ཆུབ་སེམས། །སྡུག་པོ་བཀོད་པ་མཐོང་བའི་ས། །ཐོག་མ་མེད་པའི་དུས་མཐའ་ཡི། །ཞེན་པའི་མུན་པ་སངས་གྱུར་ཏེ། །སྐྱེ་བ་དུས་མཐའ་མེད་སྙེད་ནས། །ལུས་བླངས་ནས་ནི་ཅི་སྤྱད་དྲན། །སྣམ་དུ་བཏོན་ནས་ཞབས་དྲུང་འཁོད། །རབ་ཏུ་དགའ་ཡང་ནོངས་ཚུལ་དུ། །གང་དེར་ཤིན་ཏུ་གདུང་ཞིང་རྨོས། །ཐུགས་རྗེས་བསྐུལ་ཞིང་འཁོར་འབངས་ཕུལ། །ཀུན་ལ་རང་ཚིག་གསང་དུ་བྱིན། །མནས་ཕོར་ནས་ནི་སྐབས་སུ་ཡང་། །གསང་བའི་སྲོག་སྙིང་བྱིན་གྱིས་བརླབས། །རང་སྟོབས་འགྱོད་པ་དྲག་པོ་དང་། །གཞན་གྱི་སྟོན་པས་སྤྱོ་བས་སྦྱངས། །རྡོ་རྗེ་ཐེག་པའི་གསང་སྒོར་བཞག །འཁོར་རྣམས་ཀུན་ལའང་དེ་བཞིན་ཏེ། །


DNG024_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་གསང་བའི་མིང་རྣམས་བཏགས། །བསྐལ་བཟང་བསྟན་པ་རྫོགས་པ་རུ། །དགོངས་པ་མྱ་ངན་འདས་ཀྱི་བར། །འཇིག་རྟེན་ཚུལ་གྱིས་བསྟན་པ་སྲུང་། །འདི་ཉིད་འདས་པའི་འོག་ཏུ་ནི། །ཞིང་ཁམས་ཐལ་བས་ཁེངས་པ་རུ། །ཐལ་བའི་དབང་པོ་དབྱངས་ཞེས་བྱར། །ལུང་བསྟན་ཐོབ་སྟེ་འཚང་རྒྱའོ། །དེ་ཕྱིར་དཔལ་མགོན་ནག་པོ་ཡི། །རབས་རྒྱུད་གཏན་ཚིགས་རྒྱས་པར་བཤད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། རབས་རྒྱུད་གཏན་ཚིགས་ཀྱི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་འཁོར་ལ་རྒྱུད་གཏད་པ་འདི་གསུངས་སོ། །ཨེ་མ་ཧོ་འཁོར་དུ་འདུས་པའི་ཚོགས། །ཆོས་སྐུ་རྣམ་དག་བརྗོད་མེད་པས། །གདུལ་དཀའ་དྲག་པོ་འདུལ་བའི་ཕྱིར། །བདེར་གཤེགས་ལོངས་སྤྱོད་རྫོགས་སྐུར་བཞེངས། །སྤྲུལ་པ་གང་ལ་གང་འདུལ་སྟོན། །གསང་སྔགས་ཐུགས་རྗེ་རོལ་པར་ཤར། །རྟགས་དང་ཐུགས་རྗེ་སྦྱིན་བདག་དཔལ། །དེ་ཡི་ཕྲིན་ལས་འགྲོ་བའི་མགོན། །གནས་ལུགས་རྟོགས་པས་འགྱུར་བ་མེད། །ཆོས་ཉིད་ངང་དུ་མཚན་མ་ཡི། །རྣམ་རྟོག་བསྡུས་བཅོམ་དུར་ཁྲོད་ཡིན། །གནས་ལུགས་མངོན་པར་རྫོགས་སངས་རྒྱས། །ཡེ་ཤེས་རོལ་པ་ཅིར་ཡང་འཆར། །ཞེན་སྣང་རྟོག་པའི་བག་ཆགས་དང་། །ཞིང་བཅུ་གཅོད་པའི་མཚོན་ཆ་ཡིན། །འཁོར་ལོ་རྣམ་པ་གསུམ་ཡིན་ཏེ། །གནས་པ་རྩ་ཡི་ཙཀྲ་དང་། །རྟེན་འདྲེལ་སྲིད་པའི་འཁོར་ལོ་དང་། །ལས་གྲུབ་སྔགས་ཀྱི་འཁོར་ལོའོ། །དང་པོ་བདེ་ཆེན་ལོངས་སྤྱོད་དང་། །ཆོས་དང་སྤྲུལ་པ་སྐྱེ་གནས་ལྔ། །གནས་ལུགས་ཆོས་སྐུའི་འཁོར་ལོའོ། །སེམས་ཀྱིས་དེ་རྟོག་དེ་ཉིད་གྲོལ། །རྟེན་འདྲེལ་སྲིད་པའི་འཁོར་ལོ་ནི། །ནམ་ཟླ་དུས་བཞི་ལོ་ཟླ་ཞག །འཇིག་དང་སྟོང་དང་ཆགས་པ་རྣམས། །སྐྱེ་རྒ་ན་འཆི་བཞི་ལྡན་པས། །མགལ་མེ་ལྟ་བུར་འཁོར་ཞིང་གནས། །ཤིང་རྟའམ་ཟོ་ཆུ་ལྟ་བུའོ། །ལས་གྲུབ་འཁོར་ལོ་གསུམ་ཡིན་ཏེ། །བསྙེན་པ་གནས་འགྱུར་ལྷ་ཡི་འཁོར་ལོ་དང་། །སྒྲུབ་པ་


DNG024_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུར་སྔགས་ཀྱི་འཁོར་ལོ་དང་། །སྦྱོར་བ་རྟེན་འདྲེལ་རྫས་ཀྱི་འཁོར་ལོའོ། །དང་པོ་ལྷར་གསལ་རྩ་བའི་དྲོད་ཐོབ་ཅིང་། །དེ་བཞིན་ཉིད་དང་ཕྱག་རྒྱ་དང་། །བྱང་ཆུབ་སེམས་དང་ཚོགས་རྣམས་སོ། །སྔགས་ཀྱི་རྩ་བ་ཡན་ལག་ནི། །བསྙེན་སྒྲུབ་རྩ་བའི་ལས་སྔགས་སོ། །བཀའ་སྡོད་ལས་དང་གནན་པ་ཡི། །བསྙེན་མཆོད་བསྐང་དང་དམུ་ཐུན་དང་། །དམིགས་པ་རྟེན་གྱི་རྫས་རྣམས་ཏེ། །རང་རང་རྟེན་འདྲེལ་མཐུ་ཡིས་གྲུབ། །དེ་ལྟར་རྣམ་པ་ཀུན་ཚོགས་པས། །ལས་རྣམས་ཐམས་ཅད་གྲུབ་པ་ནི། །ཤ་མ་ཏ་ཡི་འཇིག་རྟེན་ན། །མཚོན་ཆའི་འཁོར་ལོ་ལྟ་བུ་སྟེ། །རྒྱུ་དང་རྐྱེན་གྱིས་འཁོར་བར་འགྱུར། །རྒྱུད་ཅེས་བྱ་བར་གང་གསུངས་པ། །རྒྱུ་དང་ཐབས་དང་འབྲས་བུ་དང་། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །སྒྲུབ་དང་ཕྱག་རྒྱ་ཕྲིན་ལས་སྔགས། །དེ་མཚན་པས་ན་རྒྱུན་མི་འཆད། །བདེ་བར་གཤེགས་པའི་དགོངས་པ་དང་། །རྣལ་འབྱོར་ཤེས་རྒྱུད་འདྲེལ་བས་རྒྱུད། །ཡིད་བཞིན་ནོར་བུ་ལྟ་བུ་འདི། །སྦྱོར་བ་དུ་མ་རྩ་བའི་གནད། །བྱང་ཆུབ་སེམས་དང་ཁྲོ་ཚོགས་དང་། །རིག་འཛིན་ལྔ་དང་མཁའ་འགྲོའི་འཁོར། །གཤིན་རྗེ་བདུད་དང་དམུ་བཙན་རྒྱལ་པོ་དང་། །སྲིན་པོ་དང་ནི་ལྷ་མོ་དང་། །ལྟོ་འཕྱེ་དང་ནི་མི་འམ་ཅི། །གཉན་དང་ས་བདག་འཁོར་སྲུན་གཟའ། །གིང་དང་བྱད་སྟེམས་དྲེགས་པའི་འཁོར། །གསང་བའི་བཀའ་རྒྱུད་རོལ་པ་ལས། །སྒྲུབ་དང་འཆང་དང་གཉེར་བ་དང་། །ཁྲག་གི་གསུམ་པ་གཟུང་བར་བཤད། །རྣལ་འབྱོར་སྒྲུབ་པའི་གྲོས་གྱིས་ཤིག །ང་ཡང་དམ་ལས་མི་གཡེལ་སྲུང་། །དེ་ཕྱིར་གསང་བའི་རྒྱུད་དོན་གཏད། །ཅེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །འཁོར་འདུས་པ་ཐམས་ཅད་རྗེས་སུ་ཡི་རངས་ཤིང་མངོན་པར་བསྟོད་དོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ལས་གདམས་ཤིང་གཏད་པའི་ལེའུ་སྟེ་སོ་དྲུག་པའོ།། །།དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བྲམ་ཟེ་གསལ་བའི་རྒྱན་དང་། བལ་པོའི་རྒྱལ་པོ་བ་སུ་དྷ་རས་བསྒྱུར་བའོ།། །།

དཔལ་ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་རྒྱུད་ཅེས་བྱ་བ།


DNG024_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་རཱུ་ཏྲ་མ་ཧཱ་ས་ན་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ནམ་མཁའ་དང་མཉམ་འཁོར་ལོའི་བདག །ཐུགས་ཀྱི་རྡོ་རྗེ་བརྒྱད་ཀྱིས་བསྐོར། །དེ་སྤྲུལ་ནག་པོ་ཆར་སྤྲིན་མདོག །ལག་ན་གྲི་གུག་ཐོད་པ་འཛིན། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེ་ནག་པོར་སྤྲུལ་ནས། འཇིགས་བྱེད་ཆེན་པོའི་སྐུར་མཛད་དེ། ནག་པོ་དྲག་པོ་ཤིན་ཏུ་ཡང་མི་བཟད་པར་མཛད་དེ། དུར་ཁྲོད་ཆེན་པོའི་གནས་མཆོག་ན་བཞུགས་སོ། །དེའི་ཚེ་ཐུགས་རྡོ་རྗེའི་མཁའ་འགྲོ་མ་དང་། དམ་ཚིག་ལས་སྤྲུལ་པའི་མཁའ་འགྲོ་མ་དང་། ལས་ལས་ཡོངས་སུ་གྲུབ་པའི་མཁའ་འགྲོ་མ་དང་། འཇིགས་བྱེད་དང་འཇིགས་བྱེད་ཆེན་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། དེའི་ཚེ་བཅོམ་ལྡན་འདས་གཉིས་སུ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་ནག་པོ་ཆེན་པོར་སྤྲུལ་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་དང་མཚམས་ཐམས་ཅད་དུ་ཁྱབ་ནས། གནོད་སྦྱིན་གྱི་གདུག་པ་བསལ་ནས། འོད་ཀྱི་ར་བ་དང་གུར་དང་དྲ་བར་གྱུར་ཏེ་གནས་པའི་ཚེ། མཁའ་འགྲོ་མ་དང་། ནག་པོ་ཆེན་པོའི་ཚོགས་ཀྱིས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ནག་པོ་དྲག་པོར་ཅི་ཞིག་བཤད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་ནག་པོ་དྲག་པོའི་རྒྱུད། །དུར་ཁྲོད་ཆེན་པོ་ཞེས་བྱ་བའི། །གང་ན་རྣལ་འབྱོར་རབ་ཏུ་གནས། །རི་རབ་གྲོང་ཁྱེར་སུམ་བརྩེགས་ན། །གནོད་སྦྱིན་ནག་པོ་དྲག་པོ་ཡིས། །རྣལ་འབྱོར་རྒྱུད་ལ་གཟི་བྱིན་བསྐྱེད། །ནག་པོའི་གཟུགས་འཆང་གདུག་པ་ཅན། །ཉ་པའི་གྲི་དང་ཐོད་པ་འཛིན། །དུག་གི་ལ་དུ་རྟག་ཏུ་ཟ། །དུས་གསུམ་གྲོང་ཁྱེར་སུམ་བརྩེགས་དཀྲུག །ཤ་ཆེན་ཁྲག་དང་ཉ་ཤ་ཆང་། །ཉ་པའི་གྲི་ཡིས་ཐོད་པ་རུ། །གཏུབས་ནས་ཤ་ཟ་ཁྲག་འཐུང་བའི། །ཁ་ནས་ཁྲག་འཛག་རྒྱུན་མི་འཆད། །རོ་སྲེག་སྨན་


DNG024_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསུར་དང་ནི། །དུར་ཁྲོད་ལ་གནས་དྲི་ཡི་མཆོག །དུས་གསུམ་དུ་ནི་སྣོམ་བྱེད་ཅིང་། །གདུག་པའི་སྤྲུལ་པ་སྣ་ཚོགས་འགྱེད། །དེ་ནི་ནག་པོ་དྲག་པོར་བཤད། །ནག་པོ་ཆེན་པོས་ཡང་གསོལ་པ། བཅོམ་ལྡན་འདས། ནག་པོ་དྲག་པོ་ཞེས་བྱ་བ། །འཇིགས་བྱེད་ཆེན་པོའི་སྐུར་སྤྲུལ་ནས། །ཞེས་བྱ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ལྷ་ཡི་སྐུ་ནི་རྣམ་པར་དག །གཉིས་སུ་མེད་པར་སྣང་བ་ཡི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །དེ་ལས་ནག་པོ་ཆེན་པོ་ཡི། །ཆ་བྱད་མཐུན་པར་སྤྲུལ་མཛད་ནས། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །གནོད་སྦྱིན་ནག་པོ་དྲག་པོ་ཡི། །གདུག་པ་རྣམས་ནི་འཇོམས་མཛད་དེ། །འོད་ནི་གྲི་གུག་དྲ་གུར་གྱུར། །ནགས་ཚལ་བསྡུས་པ་གཉིས་མེད་གྱུར། །བདག་གི་ཐུགས་ཀ་ནས་སྤྲོས་པའི། །གསང་བ་གསུམ་ལས་བྱུང་བ་ཡི། །ཁྱོད་ནི་ནག་པོ་ཆེན་པོ་ཡིན། །རྡོ་རྗེ་གསུམ་གྱི་བདག་ཉིད་ཁྱོད། །དེ་ནི་འཇིགས་བྱེད་ཆེན་པོར་བཤད། །ཁྱོད་ཀྱི་རྒྱུད་ནི་རབ་བཤད་བྱ། །དེ་ནས་དཔལ་ནག་པོ་ཆེན་པོ་འོད་ཀྱི་གོང་བུའི་ནང་དུ་སྐུ་མཐོ་གང་གི་ཚད་དུ་གྱུར་ཏེ། རྡོ་རྗེ་འཛིན་པའི་འོད་ཟེར་གྱིས་བརྒྱལ་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོས་གྲི་གུག་ལྕགས་ཀྱུའི་ཚུལ་དུ་བཟུང་ནས། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ལྕགས་ཀྱུའི་འོད་ཟེར་དང་བཅས་ནས་བརྗོད་པས། མདུན་གྱི་ནག་པོ་ཆེན་པོ་ཏིང་ངེ་འཛིན་ལས་སད་པར་གྱུར་ཏོ། །དེ་ནས་ནག་པོ་ཆེན་པོ་དགའ་བར་གྱུར་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་གཙོ་བོའི་འོད་ཟེར་གྱིས། །ཕོག་ནས་ཤིན་ཏུ་བདེ་བར་གྱུར། །གཙོ་བོ་བཅོམ་ལྡན་ནག་པོ་ཆེ། །བདག་ནི་བདེ་བ་ཆེན་པོར་གནས། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ནི་གསང་བ་གསུམ་གྱི་བདག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་བྱིན་གྱིས་བརླབས། །ཁྱོད་ནི་དཔལ་ལྡན་ནག་པོ་ཆེ། །བསྟན་པ་བསྲུང་


DNG024_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁས་བླངས་པ། །ཤཱཀྱ་སེང་གེའི་བསྟན་པ་ལ། །དམ་ཚིག་ཆེན་པོར་གནས་པར་གྱིས། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས། དཔལ་ནག་པོ་ཆེན་པོ་དང་། ཐུགས་རྡོ་རྗེ་ལས་སྤྲུལ་པའི་མཁའ་འགྲོ་མ་དང་། དམ་ཚིག་སྤྲུལ་པའི་མཁའ་འགྲོ་མ་དང་། ལས་ལས་ཡོངས་སུ་གྲུབ་པའི་མཁའ་འགྲོ་མ་དང་། འཇིགས་བྱེད་དང་འཇིགས་བྱེད་མ་ལ་སོགས་པ་རྣམས། ཤིན་ཏུ་འདར་བ་དང་། སྐྲག་པ་དང་། ཤིན་ཏུ་མི་ཟད་པར་དྲན་པ་ཉམས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཨོཾ་མ་ཧཱ་ཀཱ་ལ་སུམ་མྲ་ཏི་སྭཱ་ཧཱ། ཧཱུཾ་ཞེས་བརྗོད་པས། དེ་ནས་ནག་པོ་ཆེན་པོ་དང་འཁོར་གྱི་ཚོགས་རྣམས་ཀྱིས་དྲན་པ་རྙེད་པར་གྱུར་ཏོ། །བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོ་ལ། དཔལ་ནག་པོ་ཆེན་པོ་དང་མཁའ་འགྲོ་མ་རྣམས་ཀྱིས་རང་གི་སྲོག་གི་སྙིང་པོ་ཕུལ་བ། ཨོཾ་མ་ཧཱ་ཀཱ་ལ་ཡ་མུག་ཤཾ་རག་ཏུ་མ་ཧཱ་ཀཱ་ལ་རག་ཏུ་ཨ་པར་བྱི་ཤ་ཧཱུཾ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་གྱི་དབང་ཕྱུག་ལེགས་སོ་ལེགས། ནག་པོ་ཆེན་པོ་ལེགས་སོ་ལེགས། ཁྱོད་ལ་ནག་པོ་ཆེན་པོའི་རྒྱུད། དུར་ཁྲོད་ཆེན་པོ་ཞེས་བྱ་བ་བཤད་པར་བྱ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོ་དང་། འཁོར་གྱི་ཚོགས་ཀྱིས་གསོལ་པ། བཅོམ་ལྡན་འདས། ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་གསུམ་ལོག་པའི་ཕྱོགས་འཛིན་པ། །བདུད་དང་མུ་སྟེགས་སྲིན་པོ་དང་། །ལྷ་མ་ཡིན་དང་གནོད་སྦྱིན་ཚོགས། །ཤཱཀྱ་སེང་གེའི་བསྟན་པ་ལ། །གནོད་ཅིང་འཇིག་པར་བྱེད་པ་རྣམས། །གང་ཞིག་བསྟན་པ་འཇིག་བྱེད་པ། །དེ་དག་འཇོམས་པར་བྱེད་པ་ཡི། །རྒྱུད་ཀྱི་ཆོ་ག་འདི་དག་བཤད། །དང་པོ་རྒྱུད་ཀྱི་གླེང་གཞི་དང་། །གཉིས་པ་སྔགས་ཀྱི་སྦྱོར་བ་དང་། །གསུམ་པ་ལྷ་ཡི་ཆོ་ག་དང་། །བཞི་པའི་དཀྱིལ་འཁོར་རབ་གནས་དང་། །ལྔ་པ་པར་བུའི་ཆོ་ག་དང་། །དྲུག་པ་ལྷ་ཡི་འཁོར་


DNG024_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དང་། །བདུན་པ་མནན་པའི་ཆོ་ག་དང་། །བརྒྱད་པ་སྦྱིན་བསྲེག་ཆོ་གར་བཤད། །དགུ་པ་ཡི་གེ་བཏུ་བ་དང་། །བཅུ་པ་དམ་ཚིག་ཆོ་ག་སྟེ། །བཅུ་ཡིས་བདག་ཉིད་ཤེས་པར་གྱིས། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དཔལ་ནག་པོ་ཆེན་པོས། བཅོམ་ལྡན་འདས་ལ་གསོལ་པ། དང་པོའི་རྒྱུད་དོན་ངེས་སྒྲུབ་པ། །ལས་ཀྱི་ཆོ་ག་སྣ་ཚོགས་དང་། །དེས་སྒྲུབ་ཐབས་དང་ལྡན་པར་ནི། །སྒྲུབ་པའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོར་མཛད་ནས་བཀའ་སྩལ་པ། རྒྱུད་འདི་སྒྲུབ་པར་འདོད་པས་ནི། །སྔགས་དང་ཆོ་གར་གཅེས་པ་ནི། །རྒྱུད་ཀྱི་ཆོ་གར་ངེས་བཤད་པ། །བསམ་ལྡན་དད་ལྡན་དོན་གྱི་མཆོག །སྔགས་ཀྱིས་དངོས་གྲུབ་འགྲུབ་པར་འགྱུར། །དཔལ་ལྡན་ནག་པོ་རྒྱུད་ཀྱི་མཆོག །སྔགས་ཀྱི་རྩ་བ་འདི་དག་བཤད། །ཏདྱ་ཐཱ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན། ཨུ་བ་ཧ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཡ་དི་པྲ་ཏཱིཛྙཱ་སྨ་ར་སི་ཏ་དཱ། འདི་ནི་རྩ་བའི་དོན་དང་ལྡན། །ལས་རྣམས་ངེས་པར་འགྲུབ་པ་ནི། །སྔགས་ཀྱི་ཆོ་ག་འདི་དག་བཤད། །ཨི་དཾ་དུཥྚཱན། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ་སྭཱ་ཧཱ། འདི་ནི་ནག་པོ་རྩ་བའི་སྔགས། །ཆོ་གའི་སྔགས་དང་བཅས་པར་བཤད། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོ་མཁའ་འགྲོ་མའི་འཁོར་དང་བཅས་པ་གཟི་བརྗིད་དང་ལྡན་པར་གྱུར་ནས། བཅོམ་ལྡན་འདས་ལ་གསོལ་པ། སྔགས་ཀྱི་ཆོ་གའི་རིམ་པ་རྣམས། །སྒྲུབ་པའི་དོན་དང་ལྡན་པར་ནི། །དེ་བཞིན་བདག་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ནག་པོ་ཆེན་པོ་དང་། མཁའ་འགྲོའི་ཚོགས་ལ་གཟིགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཞིག་དཔལ་ལྡན་ནག་པོ་ཆེན་པོ་སྒྲུབ་པར་འདོད་ན། དུར་


DNG024_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཆེན་པོའི་གནས་འབྱུང་པོ་དང་རོ་ལངས་འདུ་བའི་གནས་སུ་སོང་ལ། བདུད་རྩི་རྣམ་པ་ལྔས་ལུས་བྱུགས་ཏེ། ཨུ་པ་ཀྵའི་མེ་ཏོག་དང་། དུར་ཁྲོད་སྦྱར་བའི་སྤོས་དང་། མར་ནག་ཆེན་པོའི་མར་མེ་དང་། ཤ་ཆེན་གྱི་ལྷ་བཤོས་དང་། ཁྲག་གི་ཨརྒྷཾ་དང་། དེ་དག་བསམ་གཏན་དང་ལྡན་པའི་སྔགས་ཀྱིས་མཆོད་པར་བྱ་སྟེ། གཙོ་བོ་དང་མཁའ་འགྲོ་མའི་སྔགས་བཟླས་ན་དེ་མ་ཐག་ཏུ་བསྙེན་པར་འགྱུར་རོ། །དེ་ནས་ཐོད་པ་དུམ་བུ་དྲུག་པའི་ནང་དུ། ནིམ་པའི་འོ་མ་དང་སྤྲེའུ་ཤིང་གི་ཁུ་བ་དང་། རྒྱ་སྐྱེགས་ཀྱི་ཁུ་བ་དང་། དུར་ཁྲོད་ཀྱི་སྣག་ཚ་དང་སྦྱར་ལ་བདག་ཁ་ལྷོ་ཕྱོགས་སུ་བལྟས་ལ། འུག་པའི་སྒྲོའི་རྨྱུག་གུས་བསྒྲུབ་བྱའི་གཟུགས་བྲིས་ནས། དུར་ཁྲོད་ཀྱི་ཐལ་བ་དང་། ཆུ་འགྲམ་གྱི་སས་ཐོད་པ་བཀང་ལ། སྔགས་འདི་བཟླས་ནས་ཤིང་གཅིག་གི་རྩར་སྦས་ན་དེ་མ་ཐག་ཏུ་ཁྲག་སྐྱུགས་པར་འགྱུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦ་ཌཱ་ཀི་ནཱི། པུ་ཀ་ལག །དུ་དྷི་རུ་སི་བ་ཧ་ན་ཧ་ཧཱུཾ་ཕཊ་སྭཱ་ཧཱ། གང་ཞིག་ཕྱ་ཚང་ཀུ་བའམ། མ་ཧེའི་རྭ་ལ་བྱས་ཏེ། བདག་ལུས་གུར་གུམ་གྱིས་བྱུག་ལ་ཁ་ནུབ་ཏུ་བལྟས་ཏེ། ར་དཀར་མོ་དང་བ་དམར་མོའི་འོ་མ་བདུད་རྩི་དང་སྦྱར་ནས། དུར་ཁྲོད་ཀྱི་རས་ལ་འུག་པའི་སྒྲོའི་རྨྱུག་གུས་སྦྲུལ་མགོ་གསུམ་པ་བྲིས་ལ། སྙིང་གར་ཕུ་བྲི། དཔྲལ་བར་ཁཾ་བྲི་ལག་པ་གཉིས་ཀྱི་མཐིལ་དུ་ཧཱུཾ་ཕྱིན་ཕྱོགས་སུ་བྲི། བྱི་ལ་ནག་པོའི་པགས་པ་ལ་བསྒྲུབ་བྱའི་གཟུགས་དུག་དང་སྐེ་ཚེ་དང་བྱ་རོག་གི་ཁྲག་དང་དུར་ཁྲོད་སྣག་ཚས་བདག་ཁ་ཤར་ཕྱོགས་སུ་བལྟས་ལ་བྱ་རོག་གི་སྒྲོས་རྨྱུག་གུ་བྱས་ལ་བྲི། བསྒྲུབ་བྱའི་དཔྲལ་བར་རུས། སྙིང་གར་མིང་། རྐང་ཞབས་སུ་ཡཾ་བྲི། ལྟེ་བར་ཛ། ཡན་ལག་བཞི་ལ་ཀླུ་རིགས་བཞི་བྲི། སྙིང་གར་ཀླུ་ནག་པོ་མགོ་བོ་གསུམ་པ་མགོ་བོ་ཕྱེད་ལུས་ལ་ནུབ་པ་བྲི། དེ་ནས་ཟངས་དང་ལྕགས་དང་གསེར་དང་དངུལ་དང་། མཚལ་ལ་སོགས་པ་བར་དུ་བཞག་ལ་ཁ་སྦྱར་དུ་བྱའོ། །དེའི་ཕྱི་རོལ་དུ་དུར་ཁྲོད་ཀྱི་རས་ཀྱི་སྐུད་པས་བཙེམ་པར་བྱས་ཏེ། མདུན་དུ་བཞག་


DNG024_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ནི་རང་ཤུའི་ཕུར་བུ་ལ་བསྔགས་ཏེ་གདབ་པར་བྱའོ། །དེ་ནས་ཕྱ་ཚང་ཀུ་བའམ་མ་ཧེའི་རྭར་བཅུག་ལ། ཀླུ་གནས་པའི་སར་བཞག་ན་ལུས་པོ་ཨརྫ་ཀའི་འབྲས་བུ་ལྟར་འགས་པར་འགྱུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། བྷ་བི་ནི་ནཱ་ག་རཱ་ཛ་བཱི་ཤམ་ན་ཨ་མུ་ག་དུཥྚཱ་ན་ཙ། མཱ་ར་མཱ་ར། ནི་རི་ནི་རི། བཾ་གུ་ཡ་བཾ་གུ་ཡ། ཛེ་ད་ཡ་ཛེ་ད་ཡ། མ་ཐ་མ་ཐ། དུ་ན་དུ་ན། ནཱ་ག་རཱ་ཛ། བ་ཤ་ཏ་ཡ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཡ་བྷ་བི་སྟུ་ཏི་མ་མན་ག་ཀོ་ཏ་སད་ན་ཡ་ཧཱུཾ། མ་མ་རཀྵ་རཀྵ། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གུར་གུམ་ལ་བཟླས་ཏེ། དཔྲལ་བར་ཐིག་ལེ་བྱས་ན་ཐམས་ཅད་དུ་བསྲུང་བར་འགྱུར་རོ། །དེ་ནས་གཞན་ཡང་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། གང་ཞིག་ཕྱི་རོལ་པ་རྣམས་ཀྱི། །སྟོབས་ནི་འཇིག་རྟེན་ལྷ་ལས་བྱུང་། །དེའི་སྟོབས་ལོག་པར་ཕྱོགས་པའི་ཕྱིར། །རྒྱལ་བའི་བསྟན་པ་འཇིག་པར་འགྱུར། །ཕྱི་རོལ་སྟོབས་དང་དབྱེ་བ་ཡི། །ཆོ་ག་ཅི་ལགས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ནག་པོ་ཆེན་པོ་ཁྱོད། །ཕྱི་རོལ་སྟོབས་དང་ལྡན་པ་ཡི། །མྱུར་དུ་དབྱེ་བའི་ཆོ་ག་བཤད། །དབྱེ་དང་བསྐྲད་དང་རྨོངས་བྱེད་དང་། །འགུགས་དང་དབང་དུ་བྱེད་པ་དང་། །ཕྱི་རོལ་དམག་གི་དཔུང་རྣམས་དང་། །གཅན་གཟན་ལ་སོགས་འཇིགས་པའི་ཚོགས། །དེ་དག་རེངས་པར་བྱེད་པ་ཡི། །ཆོ་ག་བདག་གིས་བཤད་པར་བྱ། །དང་པོ་དབྱེ་བའི་ཆོ་ག་བཤད། །བསྒྲུབ་བྱའི་རྐང་པ་གཡོན་པའི་ས་དང་། སྐེ་ཚེ་དང་བཙན་དུག་དང་བག་ཟན་དང་། ཡུགས་ས་མོའི་སྐྲ་ཤད་རྣམས་ལ་བསྒྲུབ་བྱའི་གཟུགས་སོར་བརྒྱད་པ་བྱས་ལ། །སྐེ་ལ་མིའི་ལྟག་རྩ་བསྐོར་བ་བསྐོན་ལ། དེ་ལ་དེ་ཉིད་ཀྱི་འདོད་པའི་ལྷའི་གཟུགས་རྡོ་དཀར་དང་མཆད་པའི་ས་དང་སྤྲ་ཚིལ་ལས་སོར་བརྒྱད་པའི་ཚད་བྱས་ཏེ། སྙིང་གར་ལྷ་གང་དང་གང་གི་སྙིང་པོའམ། མིང་གི་ཡི་གེ་གཞུག་པར་བྱས་ཏེ། བསྒྲུབ་བྱའི་གཟུགས་དང་རྒྱབ་སྤྲོད་དུ་བྱས་ལ་བར་དུ། ཨོཾ་མ་ཧཱ་ཀཱ་ལ། ཨུཥྚ་དེ་བ་ཏ། བྷིན་དྷི་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བར་སྣང་གི་ཤིང་ལོ་ལ་བྲིས་ལ་གཞུག །དེ་ནས་མིའི་རྒྱུ་མས་དཀྲིས་ཏེ། རྐང་


DNG024_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བཏགས་ནས་མཆོག་ཕུར་བཞི་ལ་བཏགས་ཏེ་བར་སྣང་ལ་གཞག་པར་བྱའོ། །བསྒྲུབ་བྱ་སྟེང་དུ་གནས་པར་བྱའོ། །འདོད་པའི་ལྷ་ནི་འོག་ཏུ་གནས་པར་བྱའོ། །དེའི་འོག་ཏུ་དུག་དང་སྐྱེ་ཚེ་དང་ལྡོང་རོས་དང་གུ་གུལ་ནག་པོ་དང་། དེ་རྣམས་བསྲེགས་ལ་ཆོ་གར་བྱའོ། །དེ་ནས་དེའི་སྟེང་དུ་སྐེ་ཚེ་དང་ཡུངས་དཀར་དང་བཙན་དུག་དང་རྡོ་ནག་པོའི་ཕྱེ་མའམ་ཟངས་དང་ལྕགས་ལ་སོགས་པའི་རིན་པོ་ཆེའི་ཕྱེ་མ་བསྲེས་ལ། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ལ། ཤིན་ཏུ་དྲག་པོའི་སྟོབས་ཀྱིས་སྔགས་བཟླས་ལ་ཕྱེ་མས་བརྡེག་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦ་དུཥྚཱན་ཙ། དྷ་ཧ་དྷ་ཧ། ཧཱུཾ་ཨ་མུ་ཀ་བི་དྷི་ཤ་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཞག་གསུམ་དུ་བསྙེན་པ་བྱ་སྟེ། དེ་ནས་ནག་པོ་ཆེན་པོས་གྲི་གུག་གིས་སོ་སོར་ཕྱེ་ལ། འདོད་པའི་ལྷ་ནི་གནན་པར་བྱ། །བསྒྲུབ་བྱ་ལ་སྦྱིན་བསྲེག་ཏུ་བྱའོ། །དེས་དབྱེ་བའི་སྟོབས་དང་ལྡན་པར་འགྱུར་རོ། །དེ་ནས་གཞན་ཡང་ཐོད་པ་དུམ་བུ་གསུམ་པར་རྟ་ནག་པོའི་ཁྲག་དང་དུ་རའི་ཁུ་བ་དང་། མ་ཏ་ནའི་ལོ་མ་རྣམས་ཟླ་བ་གཟས་ཟིན་པའི་དུས་སུ། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པས་སྣག་ཚ་བྱས་ཏེ། བུས་པ་ལོ་བཅུ་གཉིས་པའི་རྐང་གི་རྨྱུག་གུས་ཐོད་པ་ལ་འཁོར་ལོ་བྲི་བར་བྱའོ། །རྩིབས་དྲུག་པ་ལ་འཕར་མ་གཉིས་པར་བྱས་ནས་ཤར་ལ་སོགས་པའི་རིམ་པར་ཨོཾ་མ་ཧཱ་ཀཱ་ལ་ཡ། ནང་གི་རིམ་པ་ལའོ། །ཕྱི་རོལ་གྱི་རིམ་པ་ལ་གཡོན་སྐོར་དུ། ཨོཾ་ཨུ་ཙ་ཏ་ན་ཡ། དེ་ནས་ཕྱི་རོལ་གྱི་མུ་ཁྱུད་གཡོན་འཁོར་དུ། ཨོཾ་མ་ཧཱ་ཀཱ་ལ་ཡ། བ་ཏ་ན་ཡ། ཨ་མུ་ཀ་ཨུ་ཙ་ཏ་ན་ཡ། མ་ཧཱ་ཀཱ་ལ་ཡ། ཏ་པའི་ཁ་ན་ལ་ག་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ཡི་ཆོ་ག །བདག་ཉིད་ཀྱི་ལུས་བདུད་རྩིས་བྱུག་ལ། བསྒྲུབ་བྱའི་ཕྱོགས་སུ་ཁ་བལྟས་ཏེ། འཁོར་ལོ་མཎྜལ་གྱི་སྟེང་དུ་ཁ་སྦུབ་ཏུ་བཞག་ལ་མི་ནག་པོ་སྨེ་བ་ཡོད་པའི་སྲེ་ལོང་གི་ཐོ་བ་དང་རྗེ་ངར་གྱི་ཕུར་པས་གདབ་ཅིང་བརྡུང་བར་བྱའོ། །དེ་བཞིན་དུ་དཔལ་ནག་པོ་ཆེན་པོའི་སྦྱོར་བས། དུས་གསུམ་


DNG024_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒྲུབ་པར་བྱ་བ་ལ། བསྒྲུབ་བྱའི་ས་ཕྱོགས་སམ་ཁྱིམ་གྱི་སྨད་དུ་སྦ་བར་བྱས་ན་གང་ཞིག་བསྒྲུབ་བྱ་དེ་ཁྱབ་འཇུག་ཡིན་ཡང་སྐྲོད་པར་འགྱུར་རོ། །ཙུ་ཚུན་ད་རའི་པགས་པ་ལ་དུར་ཁྲོད་ཀྱི་སྣག་ཚས་འཁོར་ལོ་བྲིས་ལ། བསྒྲུབ་བྱའི་དྲི་མའི་ས་རིགས་ཤོ་མང་གི་ཁུ་བས་སྦྲུས་ལ་བསྒྲུབ་བྱའི་གཟུགས་བྱས་ནས། སྙིང་གར་མིང་གི་ཡི་གེ་དང་ལྡན་པར་བྱས་ལ། འཁོར་ལོའི་ནང་དུ་གཞུག་པར་བྱ་སྟེ། སྤྲེའུའི་རྒྱུས་པས་དཀྲི་བར་བྱའོ། །དེ་ནས་རང་གི་མདུན་དུ་ཁམ་ཕོར་གྱི་ནང་དུ་བཞག་ལ། སྔགས་ཐལ་ཆེན་དང་ཡུངས་ཀར་ལ་བཟླས་ལ་གདབ་པར་བྱ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། སུ་པྲ་ཏི། ཨ་མུ་ཀ་མོ་ཧ་ཡ་མོ་ཧ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཆོ་ག་འདི་དུས་གསུམ་བྱས་ལ། བསྒྲུབ་བྱའི་ཉལ་སར་སྦས་ན་རྨོངས་པར་འགྱུར་བའམ། གཞོགས་ཕྱེད་སྐམ་ནས་འཆི་བར་འགྱུར་རོ། །དེ་ནས་ཡང་ཨུཏྤ་ལའི་མེ་ཏོག་དང་ཙནྡན་དམར་པོ་དང་ཨ་པ་ར་ཛི་ཏའི་ཁུ་བས་སྣག་ཚ་བྱས་ལ་མེ་ཏོག་དམར་པོ་ལ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཥྛི་ད་ན་ཨ་མུ་ཀ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྲིས། ཁ་ལྷོ་ནུབ་ཏུ་བལྟས་ལ་དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ལ་མེ་ཏོག་ལ་མངོན་པར་བསྔགས་ཏེ། སྐྱེས་པའམ་མོ་བཙུན་གྱི་ལུས་སམ་གྲིབ་མ་ཕོག་པ་ཙམ་གྱིས་དེ་མ་ཐག་ཏུ་འགུགས་པར་འགྱུར་རོ། །དེ་ནས་གཞན་ཡང་ལོ་བཅུ་གཉིས་མའི་ཐོད་པ་ཚེས་བཅོ་ལྔའི་ཉིན་པར་བདུད་རྩི་ལྔས་བྱུགས་ལ། མེ་ཏོག་དམར་པོའི་ཡུ་བ་ལ་རྨྱུག་གུ་བྱས་ཏེ། རྒྱལ་པོའམ་བློན་པོའི་གྲོང་ཁྱེར་དུ་ཁ་བལྟས་ཏེ། ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ཏེ། འཁོར་ལོ་རྩིབས་བརྒྱད་པ་བྲི་བར་བྱའོ། །འཁོར་ལོའི་རྩིབས་ལ་ཡི་གེ་ཧྲི་བཀོད་པར་བྱ། དབུས་སུ། ཨོཾ་མ་ཧཱ་ཀཱ་ལ་ཡ། སུ་པྲ་སུ་ཏཥྨ་ད་ནད་ད་རེ། ཨ་མུ་ཀ་བ་ཤི་ཀ་ར་ན། བཱ་ཤི་ཀ་ར་ཧཱུཾ་ཧྲི་ཧྲི་ཧྲི་སྭཱ་ཧཱ། ཞེས་བྲི་བར་བྱའོ། །དེ་ནས་མེ་ཏོག་དམར་པོས་ཐོད་པ་བཀང་ལ་དཔལ་ནག་པོ་ཆེན་པོའི་བསམ་གཏན་གྱིས་མངོན་པར་བསྔགས་ན། ཐོད་པའི་མེ་ཏོག་དྲི་དང་ལྡན་ཏེ་གཡོ་བར་


DNG024_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེའི་ཚེ་ཐོད་པའི་མེ་ཏོག་དེ་དཔལ་ནག་པོ་ཆེན་པོའི་བསམ་གཏན་གྱིས། རྒྱལ་པོའམ་བློན་པོའི་ལག་ཏུ་བྱིན་པ་ཙམ་གྱིས་དབང་དུ་འགྱུར་རོ། །དེ་ནས་གཞན་ཡང་ལས་ཐམས་ཅད་སྒྲུབ་པའི་ཡུངས་ཀར་གྱི་ཆོ་ག་ལ་བརྩོན་པར་བྱ་སྟེ། དེ་ལ་ཐོད་པ་དུམ་བུ་གསུམ་པར་དུར་ཁྲོད་ནས་ས་བླངས་ལ། དཔལ་ནག་པོ་ཆེན་པོའི་བསམ་གཏན་གྱིས་བགེགས་བསྐྲད་དེ། ལྷོ་ནུབ་མཚམས་སུ་ཁ་བལྟས་ཏེ་ཐོད་པ་ལ་འདི་བྲིས་ལ། ཨོཾ་མ་ཧཱ་ཀཱ་ལ་ཡ། པ་ར་ས་བ་མཱི་བྷ་བཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ས་གཏིང་ཁྲུ་གང་ཚད་དུ་སྦ། དེའི་སྟེང་དུ་ཁྲུ་གང་ཆོས་འབྱུང་གཟུགས་སུ་འདུག་པར་བྱ། དེ་ནས་ནག་པོ་ཆེན་པོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཡུངས་ཀར་ལ་ཐིམ་པར་བསམ་ལ་སྔགས་འདི་ཡུངས་ཀར་ལ་ལན་བདུན་ནམ་བཅུ་བཞིའམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ལ། ཉི་མའི་ཟེར་ལ་གཟུག་པར་བྱའོ། །དེ་ནས་བསྐོར་བ་ལན་ཉི་ཤུ་རྩ་གཅིག་བྱ་ཞིང་སྔགས་བཟླའོ། །གཏོར་མ་དང་མཆོད་པ་ཡང་བྱ། ཞག་བདུན་བདུན་ཞིང་དེ་ལྟར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཨུད་ག་ཏེ་ཧཱུཾ་ཕཊ། ཅེས་བཟླས་ཤིང་ཡུངས་ཀར་སྨིན་པའི་དུས་སུ། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པས་ཡུངས་ཀར་བླང་བར་བྱའོ། །དེ་ནས་དུར་ཁྲོད་ཀྱི་གནས་སུ་མཎྜལ་གྲུ་གསུམ་ཁྲུ་གང་གི་ཚད་དུ་སྦ་བྱས་ཏེ། བདུད་རྩི་རྣམ་པ་ལྔས་བྱུགས་ཏེ། དེའི་སྟེང་དུ་ཐོད་པར་ཡུངས་ཀར་བླུགས་ལ་གཞག་པར་བྱ་སྟེ། དེ་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ནས་ཞག་གསུམ་དུ་སྔགས་ཀྱིས་བསྙེན་པ་བྱས་ན། དེས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ནག་པོ་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚོགས་རྣམས་ལ་གཟིགས་ནས་བཀའ་སྩལ་པ། ཕ་རོལ་དམག་ཚོགས་གཡུལ་རྣམས་དང་། །གཅན་གཟན་ལ་སོགས་འཇིགས་པའི་ཚོགས། །གང་ཞིག་འབྱུང་པོ་སྟོབས་ཆེན་དང་། །


DNG024_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་མཐུ་དང་ལྡན་པ་རྣམས། །དེ་དག་འཇིགས་པར་འགྱུར་བ་ནི། །ཡུངས་ཀར་ཆོ་ག་འདི་ཡིས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། པ་ར་ས་བ་བ་ར་ག་ན། བྷ་དྷ་བྷ་དྷ། ཧ་ཏྲ་ཙ་ཀྲ། ཨ་མུ་ཀ་ན། བྷ་དྷ་བྷ་དྷ། སྟྭམ་བྷ་ནི་སྟྭམ་བྷ་ནི་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ཡི་ཆོ་ག་ཡུངས་ཀར་ལ་བྱས་ན་དམག་དཔུང་རེངས་པར་འགྱུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། སཾ་ག་ན་དྷ། ཧ་ན་ཧ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་ཆོ་གས་སེང་གེ་ལ་སོགས་པའི་གཅན་གཟན་གྱི་ཚོགས་འཇིགས་པར་འགྱུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦ་བུ་དྷ་བི་ཤིམ། པྲེ་ཏ་ཨ་ཏི་ག་ན། སྟྭམ་བྷ་ཡ་སྟྭམ་བྷ་ཡ། ཏྲ་ས་ཏྲ་ས། མཱ་ར་ཡ་མཱ་ར་ཡ། བི་དྷྭྨ་ས་ཡ་བི་དྷྭྨ་ས་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་ཆོ་གས་བགེགས་ཀྱི་ཚོགས་འཇིགས་པར་འགྱུར་རོ། །དེ་ནས་གཞན་ཡང་བྱི་ལ་ནག་མོའི་རིལ་མ་དང་། མིའི་ལྟག་རྩ་བསྐོར་དང་རྡོ་ཕ་བོང་ལོང་བུ་དང་། གུ་གུལ་ནག་པོ་དང་། འཆད་པའི་ས་དང་དེ་རྣམས་བསྲེས་ལ་ནད་པའམ། གདོན་གྱིས་ཟིན་པའི་མདུན་དུ་བསྲེག་ལ་བདག་ལག་ཏུ་གྲི་གུག་ཐོགས་ཏེ་བདག་ཉིད་དཔལ་ནག་པོ་ཆེན་པོའི་ང་རྒྱལ་དུ་བྱས་ལ་ཐུགས་ཀའི་འོད་ཟེར་གྱིས་མདུན་གྱི་དཔལ་ནག་པོ་ཆེན་པོ་བཀུག་ལ། དེ་ཡར་སྤྲོས་པས་བགེགས་བཀུག་ལ་ནད་པ་ལ་བསྡིམས་ལ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་པ་ཏ་ཡཱ་པ་ཏ་ཡཱ། སྟྭམ་བྷ་ཡ་སྟྭམ་བྷ་ཡ། སརྦ་བུ་དྷ་མ་ཧཱ་ཀཱ་ལ་ཡ། ཨ་རན་ཛ་ཡ་ཧཱུཾ། དེས་གྲི་གུག་ལ་བཏབ་ལ་ནད་པའི་ཐོག་ཏུ་བཞག་ལ། ཡུངས་ཀར་དང་ལྕགས་ཀྱི་ཕྱེ་མས་ཡང་དང་ཡང་མི་སྨྲ་བའི་བར་དུ་གདབ་བོ། །དེ་ནས་སྨྲ་བར་འགྱུར་ཏེ་རང་གི་འདོད་པ་དྲི་བར་བྱའོ། །དེ་ཡང་དམ་ལ་གདགས་པ་དང་མནའ་བསྒག་པ་དང་གནད་ལ་དབབ་པའི་ཆོ་ག་བྱས་ལ་བསྐྲད་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། བུས་པ་མི་ཏི་མི་ཏི་ཧཱུཾ། མེ་ཏོག་འགུགས་པའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ར་པི་ར་བ་ཡཾ་ཀ །ཨ་མྲྀ་ཏི་ཀུ་རུ་ཀུ་རུ་སྭཱ་ཧཱ། བཅུད་ལེན་བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། དྷུ་བ་པྲ་ཏི་གྲྀཧྞ། ཨུ་པཱ་ཡ་པ་རི་ཀྲ་མ། པ་རི་པུ་ར་ར་ནི་དྷུ་པ་ཨ་


DNG024_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དྷིཥྛ་ན་ཨ་དྷིཥྛི་ཏེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དཔལ་ནག་པོ་ཆེན་པོའི་སྤོས་སྦྱོར་གྱི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། སུ་ར་རི་རི། མ་ཡཾ་གུ། མི་ལི་མི་ལི་སུ་ར་ཨཱ་ཀར་ཥ་ཡ་ན། ནི་ཏུན་དྷ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གྲོང་ཁྱེར་གྱི་ཆང་འགུགས་པའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། བྷི་ཤ་ཕ་རང་བྷི་ཤ །ཧ་ར་ནི། ཨུ་པ་པྲ་ཏེ་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྦྲུལ་གྱི་དུག་བསལ་བའི་སྔགས་སོ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དཔལ་ནག་པོ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་ཞིག་སྔགས་ཀྱི་སྦྱོར་བ་རྣམས། །སྟོབས་དང་ལྡན་པའི་སྦྱོར་བ་ཡི། །དེ་ཡི་ཆོ་ག་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་ལྷ་ཡི་རྣལ་འབྱོར་གྱིས། །སྔགས་ཀྱི་སྟོབས་ནི་སྐྱེད་པར་བྱེད། །རྟག་ཏུ་ལྷ་ཡི་རྣལ་འབྱོར་དང་། །ལྡན་པས་སྔགས་ཀྱི་ཆོ་ག་རྣམས། །བརྩམས་པ་ཙམ་གྱིས་འགྲུབ་པར་འགྱུར། །དེ་ཕྱིར་ལྷ་ཡི་རྣལ་འབྱོར་ནི། །རྒྱུད་ཀྱི་དོན་ལྡན་ཡིན་པར་བཤད། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རྒྱུད་ཀྱི་དོན་དང་ལྡན་པ་ཡི། །ལྷ་ཡི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་ས་གཞི་བསྲུང་བ་དང་། །བདག་དང་རྣལ་འབྱོར་བསྲུང་བར་བྱ། །དེ་ནས་ལྷ་ཡི་ཆོ་ག་ནི། །རིམ་པ་བཞིན་དུ་རྫོགས་པར་བསྐྱེད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་དུར་ཁྲོད་ལ་སོགས་པ་འབྱུང་པོ་འདུ་བའི་གནས་སུ་སོང་ལ། ལུས་བདུད་རྩི་ལྔས་བྱུགས་ལ་བདེ་བའི་སྟན་ལ་འདུག་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཀ་པ་ཙ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་དུ་བསྲུང་བར་བྱའོ། །དེ་ནས་དེ་མ་ཐག་ཏུ་དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱ་སྟེ། དེའི་སྙིང་གར་


DNG024_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ནག་པོ་བསམ་པར་བྱའོ། །ཧཱུཾ་གི་འོད་ཟེར་གྱིས་སྲིད་པ་གསུམ་གྱི་གདུག་པ་བསལ་བར་བྱས་ནས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དཔལ་ནག་པོ་ཆེན་པོའི་རང་བཞིན་དུ་དམིགས་ལ་རང་གི་མདུན་དུ་བཀུག་སྟེ། མེ་ཏོག་དང་སྤོས་ལ་སོགས་པ་མཆོད་པའི་ཁྱད་པར་གྱིས་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་དཔལ་ནག་པོ་ཆེན་པོའི་སྟོབས་ཀྱིས་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ལ་དམིགས་པར་བྱ་སྟེ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྗེས་སུ་བལྟ་བར་བྱས་ལ་ཇི་ལྟར་བཞིན་གསལ་བའི་ངང་ལ་བཞག་གོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཇི་ལྟར་ལགས། རང་བཞིན་གསལ་བས་ཅི་ཞིག་བཤད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་མར་མ་སྐྱེས་སྐྱེ་བ་མེད། །དངོས་དང་དངོས་མེད་གཉིས་སྤང་ཞིང་། །མཐའ་ལ་མི་གནས་རྣམ་པར་གྲོལ། །སྟོང་དང་མི་སྟོང་རང་བཞིན་གྱིས། །ངོ་བོ་ཉིད་ཀྱིས་རྣམ་པར་དག །དངོས་པོའི་སྙིང་པོ་བསྡུས་པ་ནི། །སྟོང་པ་ཉིད་དོན་གསལ་བར་བྱེད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། གཉིས་སུ་སྣང་བའི་དངོས་པོ་རྣམས། །གཉིས་མེད་ཡེ་ཤེས་ཆེན་པོ་ཡི། །སྟོང་པ་ཉིད་དུ་བསྒོམ་པར་བྱ། །དེ་ནས་དཔལ་ལྡན་ནག་པོ་བསྐྱེད། །སྟོང་པ་ཉིད་ལས་ཡི་གེ་བཾ། །སྣ་ཚོགས་པདྨ་ཉི་མར་བཅས། །དེ་ཡི་སྟེང་དུ་ཧཱུཾ་གནས་པ། །འོད་དུ་ཞུ་ནས་གྲི་གུག་གྱུར། །ཡུ་བ་ཉི་མ་ཧཱུཾ་གིས་མཚན། །ཧཱུཾ་གི་འོད་ཟེར་ཕྱོགས་རྣམས་སུ། །གྲི་གུག་འོད་དང་བཅས་པར་སྤྲོ། །འོད་ཀྱིས་གདུག་པ་བསལ་བྱས་ནས། །གྲི་གུག་གུར་དང་དྲ་བར་གྱུར། །དེ་ཡི་དབུས་སུ་ཆོས་འབྱུང་བསམ། །ནང་དུ་སྣ་ཚོགས་པད་ཉི་མ། །དེ་སྟེང་རོ་ཡི་གདན་ཉིད་དོ། །སྙིང་གར་ཟླ་བ་ཉི་མ་ནི། །ཨཱ་ལི་ཀཱ་ལིས་རྣམ་པར་བརྒྱན། །ཁ་སྦྱོར་དབུས་སུ་ཧཱུཾ་གནས་པ། །འོད་དུ་ཞུ་ནས་གྲི་གུག་གྱུར། །གྲི་གུག་ཡུ་བ་ཧཱུཾ་གིས་མཚན། །སྤྲོ་དང་བསྡུ་བའི་ཆོ་ག་ཡིས། །དཔལ་ལྡན་ནག་པོ་ཆེན་པོར་བཞེངས། །ཞལ་གཅིག་པ་ལ་


DNG024_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ། །གྲི་གུག་ཐོད་པ་ལག་ན་འཛིན། །སྤྱན་གསུམ་མེ་མདག་ཕུང་པོ་འདྲ། །དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ། །རྔམ་པའི་མཆེ་བ་ཤིན་ཏུ་གཙིགས། །ཁ་ནས་ཁྲག་འཛག་རྒྱུན་མི་འཆད། །སྟག་གི་ཤམ་ཐབས་རབ་ཏུ་མཛེས། །ཀླུ་ཆེན་བརྒྱད་ཀྱིས་ཡན་ལག་བརྒྱན། །བརྒྱ་ཕྱེད་ཐོད་པའི་ཕྲེང་བས་མཛེས། །དེ་ལྟར་རྫོགས་པར་བསྐྱེད་ནས་ནི། །རང་སྙིང་པད་ཉིར་ཧཱུཾ་གནས་པ། །ཧཱུཾ་ལས་གྲི་གུག་ཧཱུཾ་ཉིད་མཚན། །དེ་ཡི་འོད་ཟེར་རབ་སྤྲོས་པས། །བླ་མ་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ལ་སོགས་པ། །དཔལ་ལྡན་ནག་པོའི་རང་བཞིན་དུ། །བཀུག་ནས་གཉིས་སུ་མེད་པར་བྱ། །ཛཿཧཱུཾ་བཾ་ཧོཿ། འདི་ཡིས་གཅིག་ཏུ་བྱས་ནས་ནི། །ཐུགས་ཀའི་འོད་ཟེར་ལས་བྱུང་བའི། །ཡེ་ཤེས་ཆུ་ཡི་དབང་བསྐུར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། ལྷ་ཡི་ཆོ་ག་ལྡན་གྱུར་ནས། །ལས་ཀྱི་སྦྱོར་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདི་ཡི་ལས་ཀྱི་ཆོ་ག་རྣམས། །ལྷ་ཡི་སྦྱོར་བ་རྫོགས་བྱེད་ཀྱིས། །སྔགས་ཀྱི་མཐུ་དང་ལྡན་གྱུར་ན། །ལས་ཀྱི་ཆོ་ག་ཐམས་ཅད་འགྲུབ། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། ལྷ་ཡི་ཆོ་ག་ལྡན་གྱུར་ནས། །ལས་ཀྱི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱད་པར་ལས་ཀྱི་ཆོ་ག་ནི། །རྣམ་པ་བཞི་རུ་ཤེས་པར་གྱིས། །གནས་དང་ལིངྒ་བཅའ་བ་དང་། །དུས་དང་གསང་བའི་སྦྱོར་བའོ། །བསམ་གཏན་སྔགས་ཀྱིས་ཤེས་པར་གྱིས། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་བྱང་ཕྱོགས་ཀྱི་ཆུ་འགྲམ་གྱི་དུར་ཁྲོད་དམ། ཤར་ཕྱོགས་ཀྱི་ཤིང་རྐང་གཅིག་གམ། ལྷོ་ཕྱོགས་སུ་རོ་བསྲེགས་པའི་དུར་ཁྲོད་དམ། ནུབ་ཕྱོགས་སུ་མཁའ་འགྲོ་མའི་ཁང་སྟོང་ངམ། ནུབ་བྱང་


DNG024_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་རྒྱ་མཚོའི་གླིང་ངམ། བྱང་ཤར་མཚམས་རིའི་རྩེ་མོའམ། ཤར་ལྷོ་མཚམས་མ་ཧཱ་དེ་བ་གནས་པའི་སའམ། ལྷོ་ནུབ་མཚམས་གསལ་ཤིང་ཡོད་པའི་ནགས་ཚལ་ལམ། གནས་དེ་དག་ཏུ་ནག་པོ་ཆེན་པོ་བསྒྲུབ་པར་བྱའོ། །དེ་ནས་རྣལ་འབྱོར་པ་བསྒྲུབ་བྱའི་ཕྱོགས་སུ་ཁ་བལྟས་ལ་ཚ་བ་གསུམ་དང་བསྒྲུབ་བྱའི་རྐང་པ་གཡོན་པའི་ས་དང་། སྤྲ་ཚིལ་དང་བག་ཟན་ལ་སོགས་པ་རྣམས་ལ། བསྒྲུབ་བྱའི་གཟུགས་སོར་བརྒྱད་པའི་ཚད་དུ་བྱས་ལ། དེ་ནས་དུར་ཁྲོད་ཀྱི་སྣག་ཚ་དང་བྱ་རོག་གི་ཁྲག་གིས་མིང་རུས་ཀྱི་ཡི་གེ་དང་ལྡན་པར་བྱའོ། །དེའི་ཚེ་ལུས་ཀྱི་ཐིག་ལེའི་གནས་སུམ་ཅུ་རྩ་གཉིས་སུ་གསལ་ཤིང་གི་ཚེར་མས་དགང་བར་བྱས་ནས། དེའི་སར་སྐེ་ཚེ་དང་ཉུང་དཀར་དང་བཙན་དུག་གིས་ཀྱང་བསྣུན་པར་བྱ་སྟེ། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་སྔགས་ཀྱིས་གསད་པར་བྱའོ། །དུས་ནི་ཞག་བདུན་ནམ་སུམ་ཅུ་རྩ་གཉིས་ཀྱིས་བསྙེན་པ་དང་ལས་སྦྱོར་ཐུན་མོང་དུ་འགྱུར་རོ། །དེ་ནས་གཞན་ཡང་དཔལ་ནག་པོ་ཆེན་པོའི་སྐད་ཅིག་མའི་བསམ་གཏན་དུ་བྱ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨུ་དུ་ས་རི་ཀྲ་མ། པཱ་བཱ་དྷི་སིདྡྷི་མ་ཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་དུག་གི་ལ་དུ་ལ་གཏོར་མ་བྱ་སྟེ། ཞག་གསུམ་དུ་བསྒྲུབ་ན་དཔལ་ནག་པོ་ཆེན་པོའི་སྟོབས་དང་ལྡན་པར་འགྱུར་རོ། །དེ་ནས་གཞན་ཡང་ཁྲག་དང་། དུག་དང་སྒོག་པ་དང་ཡུངས་ཀར་དང་། ཤ་ཆེན་དང་། གུ་གུལ་ཆེན་པོ་དང་ཆ་བསྙམས་ལ་འོད་ཟེར་ཅན་དང་། ལུ་ཏི་དང་དེ་རྣམས་མར་ནག་ཆེན་པོས་བསྲེག་ལ། དཔལ་ནག་པོ་ཆེན་པོའི་མདུན་དུ་བསྲེག་ལ་ཞག་ལྔར་བསྒྲུབ་པ་བྱས་ན་དཔལ་ནག་པོ་ཆེན་པོ་མངོན་སུམ་དུ་འགྲུབ་པར་འགྱུར་རོ། །དེ་ནས་གཞན་ཡང་དུར་ཁྲོད་ཀྱི་མགལ་པ་དང་། དཔལ་ནག་པོ་ཆེན་པོའི་གཟུགས་མཐོ་གང་བའི་ཚད་དུ་བྱས་ཏེ། དུར་ཁྲོད་ཀྱི་ས་ལ་མཎྜལ་གྲུ་གསུམ་པ་བྱས་པའི་སྟེང་དུ་བཞག་གོ། །དེ་ནས་རྣལ་འབྱོར་པའི་ཐུགས་ཀའི་འོད་ཟེར་གྱིས་དཔལ་ནག་པོ་ཆེན་པོ་སྤྱན་དྲངས་ཏེ་བསྡིམ་པར་བྱའོ། །


DNG024_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་ལ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། མདུན་གྱི་ནག་པོ་ཆེན་པོ་དང་བསམ་གཏན་རྩེ་གཅིག་པར་བྱས་ལ། ཚངས་པའི་གནས་བཞི་བསྒོམ་པར་བྱ་སྟེ། དེ་མ་ཐག་ཏུ་སྟོང་པ་ཉིད་དུ་བསམ་པར་བྱའོ། །སྟོང་པ་ཉིད་ལས་ཆོ་ག་གསུམ་གྱིས་དཔལ་ནག་པོ་ཆེན་པོ་རྫོགས་པར་བསྐྱེད་ལ། དེའི་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་དཔལ་ནག་པོ་ཆེན་པོ་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བསྡིམ་པར་བྱའོ། །དེ་ནས་དུར་ཁྲོད་ཀྱི་བིང་གི་ནག་པོ་ཆེན་པོ་དང་། དཔལ་ནག་པོ་ཆེན་པོ་གཉིས་སུ་མེད་པར་དམིགས་ལ། མཆོད་པ་དང་གཏོར་མ་ལ་སོགས་པ་ཡང་བྱ་སྟེ། བསྲེག་པར་བྱ་བའི་རྫས་ཀྱང་བསྲེག་ལ་དབུལ་བར་བྱའོ། །མདུན་གྱི་ནག་པོ་ཆེན་པོ་ནི་བཀའ་སྡོད་ཀྱི་ནག་པོ་ཆེན་པོར་ཤེས་པར་བྱ་སྟེ། ཐུགས་ཀ་ནས་ཐུགས་ཀྱི་སྔགས་ཀྱི་བཟླས་པ་བྱས་ན། དུས་གསུམ་དུ་མཆོད་པ་དང་གཏོར་མ་ལ་སོགས་པ་རྒྱུན་མི་འཆད་པར་བྱས་ལ། ཞག་ཉི་ཤུ་རྩ་གཅིག་ཏུ་བསྒྲུབ་པ་བྱས་ན་དཔལ་ནག་པོ་ཆེན་པོ་མངོན་སུམ་དུ་འགྱུར་ཏེ། སྦྱོར་བ་དེ་དོན་ཐམས་ཅད་དང་ལྡན་པར་འགྱུར་རོ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། ལྷའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཔལ་ནག་པོ་ཆེན་པོས། བཅོམ་ལྡན་འདས་ལ་གསོལ་པ། རྒྱུད་དོན་སྒྲུབ་པར་བྱེད་པ་ཡི། །ཁྱད་པར་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒྱུད་དོན་ངེས་པར་སྒྲུབ་འདོད་པས། །ནག་པོ་ཆེན་པོའི་དཀྱིལ་འཁོར་བྲི་བ་དང་། །རབ་ཏུ་གནས་པས་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དཀྱིལ་འཁོར་བྲི་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གནས་དང་དཀྱིལ་འཁོར་བྲི་བ་དང་། །སྒྲུབ་པར་བྱེད་དང་དོན་གསུམ་དང་། །ཞེས་བཅོམ་ལྡན་འདས་ཀྱིས་


DNG024_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་ཏོ། །དེ་ནས་གཞན་ཡང་བཤད་བྱ་བ། །དུར་ཁྲོད་ཁ་དོག་ནག་པོ་ཡི། །ཁང་སྟོང་ཟུར་གསུམ་དབྱིབས་གནས་པའི། །ནང་དུ་དཀྱིལ་འཁོར་བྲི་བར་བྱ། །དེ་ལ་བུ་མོ་ལོ་བཅུ་གཉིས་མ་རྣལ་འབྱོར་མའི་གཟུགས་སུ་འདུག་པ་ཁྲུས་བྱས་ལ། ལུས་ལ་བདུད་རྩི་ལྔ་ཡི་ཐིག་ལེ་བྱས་ནས། རྣལ་འབྱོར་མ་ཐམས་ཅད་ཀྱིས་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦ་ཡོ་གི་ནཱི། ཀཱ་ཡ་བཱ་ག་ཙིཏྟ། ཏིཥྛ་བཛྲ་པྲ་བེ་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ལྷོ་ནུབ་མཚམས་ནས་ཆུ་འགྲམ་མམ་མཆད་པ་ཡང་འཆད་པའི་ས་བླངས་ནས། ཨོཾ་མ་ཧཱ་ཀཱ་ལ་ཡ། ཧཱུཾ་བི་བི་ཤོ་དྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྔགས་དང་བདུད་རྩིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དུར་ཁྲོད་ཀྱི་ཕ་གུ་ལ་སོགས་པ་དུར་ཁྲོད་ཀྱི་ཚོན་གྱིས་དཀྱིལ་འཁོར་བྲི་བར་བྱ་སྟེ། མི་སྐྲའི་སྐུད་པས་ཐིག་གདབ་པར་བྱའོ། །ཐོད་པ་དཀར་པོ་དང་གྲི་གུག་ནག་པོ་དགོད་པར་བྱ་སྟེ། དེ་ནས་གཞན་ཡང་རྣལ་འབྱོར་པ་དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ནས་ཆོ་ག་གསུམ་གྱིས་ནག་པོ་ཆེན་པོ་དང་མཁའ་འགྲོ་མའི་ཚོགས་དང་བཅས་པའི་དཀྱིལ་འཁོར་བསྐྱེད་ལ་ནམ་མཁའ་ལས་བྱུང་བའི་དཀྱིལ་འཁོར་བསྡིམ་པར་བྱའོ། །དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་ཡང་བྱ་སྟེ། དམ་ཚིག་ལ་སོགས་རྫས་ཀྱིས་ཁྱད་པར་གྱི་མཆོད་པ་ཡང་བྱ་སྟེ། དེ་བཞིན་དུ་དུས་གསུམ་དུ་བསམ་གཏན་དང་ལྡན་པར་བྱས་ནས། ཞག་ཉི་ཤུ་རྩ་གཅིག་གིས་དཔལ་ནག་པོ་ཆེན་པོ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རྒྱུད་ཀྱི་ཆོ་གའི་རིམ་པ་རྣམས། །ཁྱད་པར་སྒྲུབ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །ས་ལ་དཀྱིལ་འཁོར་བྲི་བ་དང་། །དེ་བཞིན་དུར་ཁྲོད་ཆེན་པོའི་རས། །རོ་བསྲེགས་ཤིང་དང་མཆོད་པའི་ས། །དཔའ་བོ་ཀེང་རུས་ལ་སོགས་པ། །དུར་ཁྲོད་གནས་སམ་


DNG024_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་གི་སྟེང་། །བསམ་གཏན་སྔགས་ཀྱིས་མཚམས་བཅད་ནས། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྐུ་ཡི་རི་མོ་བྱས་ནས་སུ། །ཆོ་ག་རབ་ཏུ་གནས་པར་བྱ། །དེ་ལྟར་བྱས་ན་དངོས་གྲུབ་ནི། །དེ་དང་དུས་མཚུངས་ལྡན་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རབ་ཏུ་གནས་པར་འགྱུར་བ་ནི། །ཆོ་གའི་རིམ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་རྣལ་འབྱོར་དབང་ཕྱུག་གིས། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །རབ་ཏུ་གནས་པར་བྱ་བ་ཡིན། །ཆོ་ག་འདི་དང་ལྡན་གྱུར་ན། །དཔལ་ལྡན་ནག་པོ་ཆེན་པོ་དང་། །གཉིས་མེད་སྟོབས་དང་ལྡན་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རབ་ཏུ་གནས་པར་འགྱུར་བ་ཡི། །རིམ་པའི་ཆོ་ག་ཅི་ཞིག་བཤད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོ་གའི་རིམ་པ་རྣམ་པ་བཞི། །རྣལ་འབྱོར་པ་ཡིས་ཤེས་པར་བྱ། །དང་པོ་སྐུ་ཡི་རབ་ཏུ་གནས། །གཉིས་པ་གྲི་གུག་རབ་གནས་དང་། །གསུམ་པ་ཐོད་པའི་རབ་གནས་དང་། །བཞི་པ་ཕུར་བུའི་རབ་ཏུ་གནས། །འདི་ཡི་ཆོ་གའི་རིམ་པ་རྣམས། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །རབ་གནས་ཆོ་ག་ཤེས་པར་གྱིས། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་རྣལ་འབྱོར་པས་དུར་ཁྲོད་དུ་སོང་ལ་དཔལ་ནག་པོ་ཆེན་པོའི་ང་རྒྱལ་དང་ལྡན་པས་ལུས་ལ་བདུད་རྩི་ལྔས་བྱུགས་ནས། གྲི་གུག་དང་ཐོད་པ་ལག་ཏུ་ཐོགས་ལ། དཔའ་བོ་ཁ་དོག་ནག་པོ་ལུས་ལ་ཐིག་ལེ་ནག་པོ་ཡོད་པའི་རས། བསམ་གཏན་དང་སྔགས་ཀྱིས་བླང་བར་བྱ་སྟེ། ཐོད་པའི་ནང་དུ་བཞག་ལ་ཡི་གེ་མུཾ་དང་ཧཱུཾ་གིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། དེ་ལྟར་བསྐྱེད་པའི་རིམ་པ་དང་ལྡན་པས། དཔལ་ནག་


DNG024_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེན་པོ་བྲི་བར་བྱའོ། །དེ་ནས་དཔལ་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་སྔོན་དུ་བསྙེན་པ་བྱ་སྟེ། མཚན་མ་ཐོབ་པའི་རྣལ་འབྱོར་པས། དཔལ་ནག་པོ་ཆེན་པོ་རབ་ཏུ་གནས་པར་བྱའོ། །དང་པོར་གནས་དེ་ཉིད་དུ་བདུད་རྩི་རྣམ་ལྔའི་མཎྜལ་བྱས་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། དེ་ནས་བསྐྱེད་པའི་རིམ་པ་དང་ལྡན་པར་བྱས་ལ། རང་གི་མདུན་གྱི་ཐད་ལ་བཾ་འོད་དུ་ཞུ་བ་ལས་སྣ་ཚོགས་པདྨ་དེ་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་དེ་ལ་ཧཱུཾ་འོད་དུ་ཞུ་གྲི་གུག་གི་ཡུ་བའི་ཉི་མ་ལ་ཧཱུཾ་བསམ་པར་བྱའོ། །དེ་ནས་དེའི་འོད་ཟེར་སྤྲོ་བ་དང་བསྡུ་བས་རྗེ་བཙུན་ནག་པོ་ཆེན་པོར་བཞེངས་ཏེ། ཞལ་གཅིག་པ་ཕྱག་གཉིས་པ། སྐུ་མདོག་ཆར་སྤྲིན་གྱི་མདོག་འདྲ་བ། ཡན་ལག་ཐུང་བ་གཟི་བརྗིད་ཀྱི་གཟུགས་ཤིན་ཏུ་ཐུང་བ། ཡན་ལག་ཐམས་ཅད་གདུག་པ་སྦྲུལ་གྱིས་བརྒྱན་པ། མཆེ་བ་རབ་ཏུ་གཙིགས་ཤིང་ཁ་ནས་ཁྲག་འཛག་པ་རྒྱུན་མི་ཆད་པར་གནས་པ། མིག་མེ་མདག་གི་ཕུང་པོ་འདྲ་བ། ཡེ་ཤེས་ཀྱི་མེ་ཆེན་པོ་རབ་ཏུ་འབར་བ། དེ་ལྟར་ཕྱུང་བར་བསྒོམ་པར་བྱའོ། །དེ་ནས་རང་གི་ཐུགས་ཀའི་ས་བོན་གྱིས་དེ་བཞིན་གཤེགས་པ་བཀུག་ནས་དབང་བསྐུར་བར་དམིགས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་ནས་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དཔལ་ནག་པོ་ཆེན་པོ་སྤྱན་དྲངས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། སརྦ་བུཌྜྷ་ཨ་དྷིཥྛ་ན་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། དེ་ནས་བསྐྱེད་པའི་ནག་པོ་ཆེན་པོར་བསྡིམ་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། པ་རཱུ་བཾ་ཏིཥྛ་ན་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། ཐུགས་ཀའི་འོད་ཟེར་གྱིས་བཟླས་པ་ཡང་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཡང་བསྐོར་བར་བྱ་སྟེ། སྲིད་པ་རང་བཞིན་རྣམ་དག་པས། །སངས་རྒྱས་བསྟན་པ་ལ་གནས་ཕྱིར། །སྟོབས་ཆེན་ནག་པོ་ཆེན་པོ་ཡིས། །རབ་ཏུ་གནས་པ་མཛད་དུ་གསོལ། །དེ་ནས་ནག་པོ་ཆེན་པོའི་ཐུགས་ཀའི་གྲི་གུག་གི་ཡུ་བ་


DNG024_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔགས་འདིས་བསྐོར་བར་བསམ་ལ། རྣལ་འབྱོར་པའི་ཐུགས་ཀའི་འོད་ཟེར་གྱིས་ནག་པོ་ཆེན་པོ་སྤྱན་དབྱེ་བར་བྱ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ནེ་ཏྲ་པྲ་ཏིཥྛ་ན། བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། སྔགས་འདི་ཡོངས་སུ་བཟླས་པ་བྱའོ། །དེ་ནས་དཔལ་ནག་པོ་ཆེན་པོའི་མདུན་དུ་སྤོས་བསྲེག་པར་བྱ་སྟེ། མཆོད་པ་དང་གཏོར་མ་ཡང་བྱའོ། །དེ་ནས་ཐུགས་ཀ་ནས་ཐུགས་ཀའི་བཟླས་པ་སྟོང་ཕྲག་གཅིག་བྱས་ན་ནམ་མཁའ་ལས་སྒྲ་འབྱུང་བ་དང་། སྐུ་ལས་འོད་འབྱུང་བ་ལ་སོགས་པ་དཔལ་ནག་པོ་ཆེན་པོའི་སྟོབས་རྙེད་པར་འགྱུར་རོ། །དེ་ནས་སྔགས་འདིས་བརྟན་པར་འགྱུར་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨུ་ཏི་པྲ་གྲ་མམ། ཀཱ་ཡ་བཱ་ག་ཙིཏྟ། ཏིཥྛ་བཛྲ་མ་ཧཱ་ཀཱ་ཡ། ཏིཥྛ་ན་ས་མ་ཡ་ཧཱུཾ། བརྒྱ་རྩ་བརྒྱད་ཀྱི་བར་དུ་བརྟན་པར་བྱའོ། །དེ་བཞིན་དུ་དུས་གསུམ་བསམ་གཏན་དང་ལྡན་པར་བྱས་ན་རབ་ཏུ་གནས་པར་ཐོབ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་དཔལ་ནག་པོ་ཆེན་པོས་གསོལ་པ། གྲི་གུག་རབ་ཏུ་གནས་པ་ཡི། །ཆོ་གའི་རིམ་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འགུགས་དང་གཅོད་པར་བྱེད་པའི་གྲི། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །ཕྱག་རྒྱའི་རབ་གནས་བཤད་པར་བྱ། །དཔའ་བོ་སྟོབས་དང་ལྡན་པའི་ལྕགས་ལ་གྲི་གུག་སོར་བཅུ་གཉིས་པའམ་སོར་བཞི་པའི་ཡུ་བ་ལ་ཧཱུཾ་གིས་མཚན་པའོ། །དེ་ནས་བདུད་རྩི་ལྔ་ཡིས་མཎྜལ་བྱས་ལ་གྲི་གུག་བདུད་རྩི་ལྔས་བྱུགས་ཏེ། མཎྜལ་པདྨ་དང་ཉི་མའི་ཐོག་ཏུ་གྲི་གུག་བཞག་ལ། ཐུགས་ཀའི་འོད་ཟེར་གྱིས་དག་པར་བྱས་ཏེ། ནག་པོ་ཆེན་པོའི་གྲི་གུག་གི་རང་བཞིན་དུ་བྱས་ལ། ཡུ་བའི་ཧཱུཾ་ལ་སྔགས་འདི་བཟླས་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཀརྟ་པྲ་ཏིཥྛ་ན། བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། དེ་ནས་མཆོད་པ་དང་གཏོར་མ་ལ་སྤོས་བསྲེག་ཅིང་བཟླས་པ་བྱའོ། །དེ་ལྟར་དུས་གསུམ་དུ་རབ་ཏུ་གནས་པར་བྱའོ། །དེ་ནས་གཞན་ཡང་ཨ་ལི་དང་ཀ་ལི་དང་ཉི་མ་དང་ཟླ་བའི་དབུས་སུ་ཨ་ལས་


DNG024_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་དུམ་བུ་གཅིག་པ་ཨ་ལི་དང་ཀ་ལིས་བརྒྱན་པར་བསམ་ལ། བདག་ཉིད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་ནག་པོ་ཆེན་པོ་སྤྱན་དྲངས་ཏེ། མཆོད་པ་དང་གཏོར་མ་བྱས་ལ་ཐོད་པ་ལ་བསྡིམ་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཀ་པཱ་ལ་པྲ་ཏིཥྛ་ན། བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་རུ་ཏ་ཨ་བྷི་ཥིཉྩ་ཧཱུཾ། བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླས་པ་བྱའོ། །དེ་ནས་གཞན་ཡང་ནིར་དཱུ་ཊྟ ་ཡི་ཕུར་བུ་ལ་སྔགས་བྲིས་ལ་ཐོད་པའི་ནང་དུ་བཞག་སྟེ། བདག་ཉིད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་དཔལ་ནག་པོ་ཆེན་པོ་སྤྱན་དྲངས་ལ། མཆོད་པ་དང་། གཏོར་མ་ལ་སོགས་པ་བྱས་ཏེ། ཕུར་བུ་ལ་བསྡིམ་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཀཱི་ལ་ཡ་པྲ་ཏིཥྛ་ན། བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་བཞིན་དུ་དཔལ་ནག་པོ་ཆེན་པོ་དང་། གྲི་གུག་དང་ཐོད་པ་དང་ཕུར་བུ་རྣམས་ལ་རབ་ཏུ་གནས་པར་བྱ་ཞེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རབ་ཏུ་གནས་པར་བྱེད་པ་ཡི། །དུས་ཀྱི་ཁྱད་པར་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུས་ནི་རྣམ་པ་གཉིས་ཡིན་ཏེ། །ཞིང་དང་དུར་ཁྲོད་ཆེན་པོ་ཡི། །གནས་ན་དཔའ་བོ་མཁའ་འགྲོ་མས། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས། །དེར་ནི་རབ་ཏུ་གནས་བྱས་ན། །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས། །རྟག་ཏུ་བྱིན་གྱིས་བརླབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། ཐུན་མོང་གི་དུས་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྒྱད་དང་བཅུ་བཞི་གནམ་སྟོང་དང་། །ཚེས་གཅིག་བཅུ་བདུན་ཉི་ཤུ་གཉིས། །དུས་དེར་རབ་ཏུ་གནས་བྱས་ན། །ནག་པོའི་སྟོབས་དང་ལྡན་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོ། གྲུབ་


DNG024_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བླ་མ་ལ་ནི་གུས་པ་དང་། །དཔལ་ལྡན་ནག་པོའི་རྣལ་འབྱོར་བརྩོན། །ཆོ་གའི་ཡན་ལག་ཐམས་ཅད་ལ། །ཐེ་ཚོམ་མེད་པར་སྒྲུབ་པར་བྱེད། །རྟག་ཏུ་དམ་ཚིག་སྲུང་བྱེད་ན། །དངོས་གྲུབ་གཉིས་ཐོབ་ཐེ་ཚོམ་མེད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས། བཅོམ་ལྡན་འདས་ལ་གསོལ་པ། དཔལ་ལྡན་ནག་པོ་ཆེན་པོ་ནི། །སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །ཆོ་གའི་ཁང་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཔལ་ལྡན་ནག་པོ་ཆེན་པོ་ལ། །ཆོ་གར་འདོད་པའི་རྣལ་འབྱོར་ལ། །སྔོན་དུ་གཏོར་མའི་ཆོ་ག་ཡིས། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དངོས་གྲུབ་ཉེ་བའི་རྒྱུར་གསུངས་པ། །གཏོར་མའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདི་ནི་གཏོར་མའི་ཆོ་ག་ཡི། །ཁྱད་པར་རྣམ་པ་གསུམ་དུ་བཤད། །རླུང་མར་སྟེང་དུ་ཐོད་པ་ལ། །ཉ་ཤ་དུག་གི་ལ་དུ་དང་། །ཤ་དང་ཁྲག་དང་ལ་ཕུག་དང་། །ཆང་དང་ཆན་དང་འབྲུ་སྣ་ཚོགས། །ཤ་ལྔ་དང་ནི་བདུད་རྩི་ལྔ། །མིང་གི་ཡི་གེ་ལྡན་བར་བསམ། །དེ་ཡི་སྟེང་དུ་ཉི་མ་ལ། །གྲི་གུག་ཡུ་བར་ཧཱུཾ་གནས་པ། །འོད་ཟེར་རྣམ་པ་གཉིས་སུ་འཕྲོས། །སྟེང་དང་འོག་གི་ཕྱོགས་དག་ཏུ། །རླུང་གིས་མེ་སྦར་ཐོད་པ་དྲོས། །གྲི་གུག་གིས་ནི་དཀྲུག་པར་བསམ། །དྲོས་པས་དམ་ཚིག་བདུད་རྩིར་གྱུར། །སྟེང་གི་འོད་ཀྱིས་ཡེ་ཤེས་ཀྱི། །བདུད་རྩི་བཀུག་ནས་བསྡིམ་པར་བྱ། །འདི་ཡིས་བྱིན་གྱིས་བརླབ་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཛྙཱ་ན་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུཾ། མདུན་གྱི་ནག་པོ་ཆེན་པོ་ཡི། །ལྕེ་ལ་ཧཱུཾ་གཏོར་ནས་འབྲས་ཙམ། །རྩ་བའི་སྔགས་ཀྱིས་དབུལ་བར་བྱ། །སྟོབས་ཀྱིས་དུས་མཚུངས་བདུད་རྩི་མྱང་། །དེ་ནས་གཞན་ཡང་


DNG024_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བཤད་པ། །ལས་ལ་སྦྱོར་བ་བསྒྲུབ་བྱ་ཡི། །སྙིང་ནང་ས་བོན་ལྕགས་ཀྱུ་བསམ། །ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན། །དེ་ཡི་སྟོབས་ཀྱིས་ཁྲག་འཕེལ་གྱུར། །ཞུ་ནས་ནག་པོའི་ཐོད་པར་སོང་། །སྔགས་ཀྱི་འོད་ཀྱི་གྲི་གུག་གིས། །ཏིལ་ཙམ་གཏུབས་ནས་འཐུང་བར་བསམ། །སྔགས་བཟླས་དུས་སུ་མིང་ཡིག་གཞུག །མདུན་གྱི་གཏོར་མ་དབུལ་བར་བྱ། །ཡང་ན་ནག་པོའི་ཐོད་པར་ནི། །བསྒྲུབ་བྱ་བཀུག་ནས་ཁྲག་བསྐྱེད་ལ། །ཁྲག་འཐུང་ཁ་ནས་ཁྲག་འཛག་པ། །རྒྱུན་མི་འཆད་པར་བསྒོམ་ པར་བྱ། །འདི་ཡིས་ནག་པོ་ཆེན་པོ་ཡི། །དངོས་གྲུབ་ཉེ་བར་བདག་གིས་བཤད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ལས། དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་དཔལ་ནག་པོ་ཆེན་པོ་དང་། མཁའ་འགྲོ་མའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྟོབས་ཀྱིས་གདུག་པ་འདུལ་བྱེད་ཅིང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་སྲུང་བར་བྱེད་པ་ཡི། །ཆོ་གའི་ཁྱད་པར་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདུད་ཀྱི་ཚོགས་རྣམས་སེལ་བྱེད་ཅིང་། །སངས་རྒྱས་བསྟན་པ་སྲུང་བྱེད་པ། །ཁྱད་པར་མ་འོངས་འཇིག་པའི་དུས། །དཔལ་ལྡན་མགོན་པོ་ཆེན་པོ་ཡིས། །བསྟན་པ་བསྲུང་བར་ཁས་བླངས་པས། །གསང་བའི་པར་བུ་ཆེན་པོ་ཡི། །ཆོ་ག་བདག་གིས་བཤད་པར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་དཔལ་ལྡན་ནག་པོ་ཡི། །གསང་བའི་པར་བུ་ཞེས་བྱ་བའི། །དེ་ཡི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བའི་པར་བུ་ཆེན་པོ་ཡི། །ཆོ་ག་རྣམ་པ་བཞི་ཡིན་ཏེ། །གནས་དང་པར་བུ་བཅའ་བ་དང་། །ཁྱད་པར་སྒྲུབ་པའི་ཆོ་ག་དང་། །དུས་ཀྱི་


DNG024_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་འགྲུབ་པར་བཤད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། སྒྲུབ་པའི་གནས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷོ་ནུབ་མཚམས་ཀྱི་རྡོ་རྗེ་བྲག །སྲིན་པོའི་གདོང་འདྲ་འཇིགས་པ་ཡི། །སྟེང་དུ་པར་བུ་སྒྲུབ་པའི་གནས། །བསམ་གཏན་སྔགས་ཀྱིས་བརྩམ་པར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ལྡན་ནག་པོ་ཆེ། །རྔམ་པའི་ཞལ་གདངས་འཇིགས་པའི་སྐུ། །དྲག་པོའི་སྟོབས་ཀྱིས་འདི་སྐད་གསོལ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྒྲུབ་པའི་གནས་ནི་ཅི་ཞིག་བཤད། །བསམ་གཏན་སྔགས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུར་ཁྲོད་ཀྱི་ནི་ཕ་གུ་དང་། །དཔའ་བོ་གྲིར་ཤིའི་ཀེང་རུས་ལ། །སྒྲུབ་པའི་ཁང་པ་ཟུར་གསུམ་བྱ། །ཐོད་པའི་ནང་དུ་འཁོར་ལོ་བྲི། །ཆོ་གས་ཁང་པའི་ཟུར་དུ་གཞུག །སྟེང་དུ་དུར་ཁྲོད་ཤིང་དང་ནི། །མཆོད་པའི་ས་ཡིས་བླ་གབ་བྱ། །སྒོ་ནི་བསྒྲུབ་བྱའི་ཕྱོགས་སུ་བསྟན། །བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས། །དུས་གསུམ་མཆོད་དང་གཏོར་མ་བྱས། །འདི་ཡི་སྔགས་ཀྱི་སྦྱོར་བ་ཡིས། །སྒྲུབ་པའི་གནས་ནི་བྱིན་གྱིས་བརླབ། །ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཥི་ཁ་རཥྚ་ན་ཨ་དྷིཥྛ་ན། གི་རི་གི་རི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དཔལ་ལྡན་ནག་པོ་ཆེན་པོ་ཡི། །ཆོ་གའི་གནས་དང་ལྡན་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྒྲུབ་པའི་གནས་ནི་དེ་ལྟར་བཤད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། གསང་བའི་པར་བུ་ཆེན་པོ་ཡི། །བཅའ་བའི་རིམ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །པར་བུ་བཅའ་བའི་རིམ་པ་ནི། །རྣམ་པ་གསུམ་དུ་ཤེས་པར་གྱིས། །དཀྱིལ་འཁོར་དང་ནི་


DNG024_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པར་བུའི་རྒྱུ། །དཔལ་ལྡན་ནག་པོ་ཆེན་པོའི་སྐུ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། དཀྱིལ་འཁོར་དང་ནི་པར་བུའི་རྒྱུ། །ནག་པོའི་སྐུ་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཆུ་འགྲམ་ས་དང་དུར་ཁྲོད་ས། །རི་ཡི་རྩེ་མོ་གསུམ་གྱི་ས། །བདུད་རྩི་ལྔ་ཡིས་བསྲེས་ནས་སུ། །དཀྱིལ་འཁོར་ཟུར་གསུམ་ཁྲུ་དོའི་ཚད། །དབུས་སུ་ཁྲུ་གང་བརྐོ་བར་བྱ། །སྐེ་ཚེ་ཡུངས་ཀར་བཙན་དུག་དང་། །ཁྱི་ཡི་ཁྲག་དང་དུར་ཁྲོད་ཀྱི། །སོལ་བ་ལ་སོགས་སྣག་ཚ་བྱ། །དཀྱིལ་འཁོར་སྣག་ཚས་ནག་པོར་བྱ། །དེ་ཡི་དབུས་སུ་གྲི་གུག་དང་། །ཐོད་པ་འབུར་དུ་བཏོད་པར་བྱ། །སྟེང་དུ་ཞིང་གི་བླ་རེ་དགོད། །ཁང་པའི་ཕྱི་ནང་བདུད་རྩིས་བྱུགས། །དཀྱིལ་འཁོར་ཟུར་ལ་མཆོག་ཕུར་གསུམ། །བཙུགས་ལ་མི་སྐྲའི་སྐུད་པས་བསྐོར། །ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་ཟུར། །དཔལ་ལྡན་ནག་པོ་ཆེན་པོའི་སྐུ། །ཞིང་གི་གདན་ལ་བཞུགས་པར་བྱ། །ཤར་གྱི་དཀྱིལ་འཁོར་ཟུར་ལ་ནི། །ཐོད་པ་དུམ་བུ་གཅིག་པ་རུ། །ཤ་ཆེན་ཁྲག་དང་ཉ་ཤ་ཆང་། །དུག་གི་ལ་དུ་ལ་སོགས་པ། །མཐུན་པའི་དམ་རྫས་གཞག་པར་བྱ། །ནུབ་བྱང་དཀྱིལ་འཁོར་ཟུར་ལ་ནི། །གྲི་དང་ཐོད་པ་སྲེག་རྫས་དང་། །ནི་རང་སུ་ཡི་ཕུར་བུ་བཞག །དཀྱིལ་འཁོར་ཟུར་གསུམ་འགྲམ་ལོགས་སུ། །ཐོད་པ་ཁྲག་གིས་བཀང་བ་བཞག །དཔལ་ལྡན་ནག་པོ་ཆེན་པོ་ཡི། །པར་བུའི་དཀྱིལ་འཁོར་དེ་ལྟར་བཤད། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་། མཆད་པའི་ས་དང་དུར་ཁྲོད་ས། །རོ་བསྲེགས་ཐལ་བ་འགགས་པའི་སྐྲ། །དུག་ཆུས་བསྲེས་ལ་པར་བུ་བྱ། །ཚ་ཤིང་ཁང་པའི་མེ་ཡིས་བསྲེགས། །མི་ཡི་ཁྲག་དང་དྷ་དུ་ར། །ཚ་བ་གསུམ་ལ་སོགས་པ་ཡིས། །ཕྱི་རོལ་བྱུགས་ལ་པར་བུའི་ནང་། །འཁོར་ལོ་བྲིས་ལ་ཡི་གེ་དགོད། །ཐོད་པ་དུམ་བུ་བཞི་པ་གཉིས། །བདུད་རྩི་ལྔས་བྱུག་འཁོར་ལོ་བྲི། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྟོབས་ཀྱི་པར་བུ་རབ་བཤད་པ། །ལྕགས་ཀྱི་གྲུ་གསུམ་ཁ་སྦྱོར་བྱ། །དེ་ཡི་


DNG024_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་བསྒྲུབ་བྱ་ཡི། །ལིངྒ་ཆོ་གས་གཞག་པར་བྱ། །ཚ་བ་གསུམ་དང་བསྒྲུབ་བྱ་ཡི། །རྫས་ཀྱི་ས་དང་ཕྱེ་མ་གསུམ། །བག་ཕྱེ་དུག་གི་ཕྱེ་མར་བསྲེ། །ལིངྒ་སོར་བཞིའི་ཚད་དུ་བྱ། །བདག་ཉིད་ལྷོ་ནུབ་ཁ་བལྟས་ལ། །ལིངྒ་མིང་གི་ཡི་གེ་རྣམས། །དཔལ་ལྡན་ནག་པོའི་བསམ་གཏན་གྱིས། །མི་སྨྲ་བར་ནི་བྲི་བར་བྱ། །ལྷོ་ནུབ་ཚུགས་མའི་ཤིང་ལོ་ལ། །ཉི་ཤུ་རྩ་གཅིག་གྲངས་ཀྱི་ཚད། །འཁོར་ལོའི་རྫས་ཀྱི་མིང་ཡིག་གཞུག །ལིངྒ་ཡི་གེ་གཅིག་ཏུ་བྱ། །དེ་ཉིད་མི་ཡི་རྒྱུས་པས་དཀྲིས། །དཔལ་ལྡན་སྟོབས་ཀྱི་པར་བུར་གཞུག །མི་སྐྲའི་སྐུད་པས་བཅིང་བར་བྱ། །དེ་ནས་ཐོད་པའི་པར་བུར་གཞུག །ཐོད་པ་ཁ་སྦྱོར་བྱས་ནས་སུ། །དུག་དང་ཏིལ་ཕྱེ་ཚ་བ་གསུམ། །བསྲེགས་ལ་མཚམས་རྣམས་དགག་པར་བྱ། །ཐོད་པ་པར་བུའི་ནང་དུ་གཞུག །པར་བུ་དཀྱིལ་འཁོར་དབུས་སུ་བཞག །དཔལ་ལྡན་ནག་པོའི་བསམ་གཏན་གྱིས། །མཆོད་རྟེན་ནག་པོ་ཟུར་གསུམ་བརྩེགས། །བུམ་པ་འཁོར་ལོ་གཞུག་པར་བྱ། །དུར་ཁྲོད་སོལ་བ་སྐེ་ཚེ་དུག །མཆོད་རྟེན་ཕྱི་རོལ་བྱུག་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། ། པར་བུ་བཅའ་བ་དེ་ལྟར་བཤད། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་རབ་བཤད་པ། །ལྷོ་ནུབ་དུར་ཁྲོད་རོ་བསྲེག་ཤིང་། །ཁ་དོག་ནག་པོའི་ཚོགས་སྤྲོ་བ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །ཁྲུ་གང་ཚད་དམ་ཁྱད་པར་དུ། །མཐོ་གང་ནག་པོའི་སྐུ་གཟུགས་བྱ། །རྣལ་འབྱོར་སྟོབས་དང་ལྡན་པ་ཡིས། །སྔོན་དུ་བསྙེན་པ་བྱས་ནས་ནི། །དེ་ལ་རབ་ཏུ་གནས་པར་བྱ། །མཆོད་པ་གཏོར་མ་ལ་སོགས་བྱ། །ཁྱད་པར་ཆོ་ག་ཀུན་ཀྱང་བྱ། །དཀྱིལ་འཁོར་ལྷོ་ནུབ་ཟུར་ལ་ནི། །ཞིང་གི་སྟེང་དུ་བཞུགས་སུ་གསོལ། །མཐུན་པའི་དམ་རྫས་ལ་སོགས་པ། །མཆོད་པའི་ཁྱད་པར་ཀུན་གྱིས་མཆོད། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྐུ་ཡི་ཆོ་ག་ཤེས་པར་གྱིས། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་


DNG024_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འདས། དཔལ་ལྡན་ནག་པོ་ཆེན་པོ་ཡི། །གསང་བའི་པར་བུའི་ཆོ་ག་མཆོག །སྒྲུབ་པའི་རིམ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །པར་བུ་སྒྲུབ་པའི་རྣལ་འབྱོར་པས། །ཡན་ལག་བདུད་རྩི་ལྔས་བྱུག་ལ། །སྐྲ་བརྫེས་གྲི་གུག་ཐོད་པ་འཛིན། །ཁ་དོག་ནག་པོ་དུར་ཁྲོད་གོས། །རྣལ་འབྱོར་པ་ཡིས་གོན་པར་བྱ། །དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །ལྷོ་ནུབ་མཚམས་སམ་བསྒྲུབ་བྱའི་ཕྱོགས། །ཁ་བལྟས་ཞིང་གི་གདན་ལ་འདུག །དེ་ནས་དཔལ་ལྡན་ནག་པོ་ཡི། །བསམ་གཏན་སྔགས་ཀྱིས་མཚམས་བཅད་ལ། །མཆོད་པ་གཏོར་མ་ལ་སོགས་པ། །མཆོད་པའི་ཁྱད་པར་ཀུན་ཀྱང་བཤད། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །ཏིང་ངེ་འཛིན་གྱི་རིམ་པ་རྣམས། །ཐོག་མར་བདག་ཉིད་ལྡན་པར་བྱ། །མདུན་གྱི་དཀྱིལ་འཁོར་ལྷོ་ནུབ་ཀྱི། །ཟུར་ལ་དཔལ་ལྡན་ནག་པོའི་སྐུ། །གང་དུ་གནས་པར་བྱ་བ་ལ། །རྣལ་འབྱོར་སྟོབས་དང་ལྡན་པ་ཡིས། །ནག་པོ་ཆེན་པོ་བསྐྱེད་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བླ་མ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་ནག་པོ་ཆེན་པོ་དགུག །ཆོ་ག་བཞི་ཡིས་གཉིས་མེད་བྱ། །མཆོད་པ་གཏོར་མ་ལ་སོགས་པ། །རྣལ་འབྱོར་པ་ཡིས་བརྩོན་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་དང་། །རྣལ་འབྱོར་པ་ཡི་ཐུགས་ཀ་ནས། །སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ། །ཤིན་ཏུ་དྲག་པོའི་སྟོབས་ཀྱིས་ནི། །བསམ་གཏན་སྔགས་ཀྱི་བཟླས་པ་བྱ། །དེ་ནས་ཉིན་མཚན་དུས་གསུམ་དུ། །དཔལ་ལྡན་ནག་པོ་ཆེན་པོ་ལ། །མཐུན་པའི་དམ་རྫས་དབུལ་བྱས་ན། །དེས་ནི་ནག་པོ་ཆེན་པོ་ཡི། །མཚན་མ་རྙེད་པར་རབ་ཏུ་བཤད། །རྣལ་འབྱོར་མཚན་མ་ཐོབ་པ་ཡིས། །པར་བུའི་ཆོ་ག་བརྩམ་པར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། པར་བུའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །པར་བུ་ནག་པོ་ཆེན་པོར་བསྐྱེད། །དེ་ཡི་ལྟོ་བར་


DNG024_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ནི། །པར་བུ་ཁ་སྦྱོར་རིམ་པ་གསུམ། །དེ་ཡི་དབུས་སུ་བསམ་པ་ནི། །པདྨའི་སྟེང་དུ་ཉི་མ་ཧཱུཾ། །ཧཱུཾ་ལས་གྲི་གུག་ཐོད་པར་གྱུར། །ཆོ་ག་གསུམ་གྱིས་ནག་པོར་བསྐྱེད། །དེ་ཡི་ཐུགས་ཀའི་གྲི་གུག་གི། །ཡུ་བའི་ཧཱུཾ་ལས་གྲི་གུག་སྤྲོས། །ཕྱི་རོལ་བསྒྲུབ་བྱ་འགུགས་པར་བསམ། །དབུས་ཀྱི་ནག་པོ་ཆེན་པོ་ཡིས། །ལྟོ་བར་བསྒྲུབ་བྱ་གནས་པར་བྱ། །དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །པར་བུ་ནག་པོ་ཆེན་པོ་ལ། །མཆོད་པ་གཏོར་མ་ལ་སོགས་པ། །མཐུན་པའི་དམ་རྫས་དབུལ་བར་བྱ། །རྣལ་འབྱོར་ནག་པོའི་བསམ་གཏན་ལ། །ཞུགས་ནས་དྲག་པོའི་བསམ་གཏན་གྱིས། །སྔགས་ཀྱི་འོད་ཟེར་སྤྲོ་བར་བྱ། །ཞགས་པ་ལྕགས་ཀྱུའི་གཟུགས་ཀྱིས་ནི། །བཀུག་ལ་པར་བུའི་ནང་དུ་བསྡིམ། །དེ་ནས་འདི་དག་བརྗོད་པར་བྱ། །བླ་མ་རྡོ་རྗེ་འཛིན་པ་དང་། །འཁོར་ལོའི་བདག་པོ་ལ་སོགས་པ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །འཁོར་གྱི་ཚོགས་དང་བཅས་པ་རྣམས། །དེ་བཞིན་བདག་ལ་དགོངས་སུ་གསོལ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་འཇིག་པར་བྱེད་པ་རྣམས། །དུས་གསུམ་རྣལ་འབྱོར་པ་རྣམས་ཀྱི། །སྐུ་ལ་བསྡོ་བར་བྱེད་པ་ཡིན། །དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །དེ་ཡི་དབུ་འཕང་སྨོད་བྱེད་པ། །བསྒྲུབ་བྱ་འདི་ཞེས་བྱ་བ་ནི། །དཔལ་ལྡན་ནག་པོ་ཆེན་པོ་དང་། །ཆོས་སྐྱོང་མཁའ་འགྲོ་མ་ཡི་ཚོགས། །པར་བུའི་བསྲུངས་མར་བཞུགས་པ་རྣམས། །འདི་ལ་བསད་པའི་ལས་མཛོད་ཅིག །ཅེས་བརྗོད། ཉེས་པ་བརྗོད་ཅིང་དཔང་གཟུ་དང་། །དེ་ནས་དཔལ་ལྡན་ནག་པོ་ཡི། །དྲག་པོའི་བསམ་གཏན་ལྡན་གྱུར་ནས། །གྲི་གུག་ཐོད་པ་ཐོགས་ནས་ནི། །ཕྱིན་ཕྱོགས་འཁོར་ཞིང་བསད་པ་ཡི། །བསམ་གཏན་སྔགས་ཀྱི་སྦྱོར་བ་དང་། །དུས་གསུམ་མཐུན་པའི་དམ་རྫས་ནི། །མཆོད་པ་རྒྱུན་མི་འཆད་པར་བྱ། །དེ་ལྟར་ཞག་གསུམ་བྱས་གྱུར་ན། །


DNG024_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། མཆོད་པའི་ཁྱད་པར་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཆོད་པའི་ཁྱད་པར་རྫས་རྣམས་ནི། །མཐུན་པའི་དམ་རྫས་ཐམས་ཅད་ལ། །བསྒྲུབ་བྱ་ཉིད་དུ་དམིགས་ལ་དབུལ། །དེ་ཡི་སྔགས་ནི་རབ་བཤད་པ། །ཨོཾ་མ་ཧཱ་ཀཱ་ལ་ཡ། གུ་ཎ་ཧྲྀ་ད་ཡ་ཧཱུཾ། ཨི་དཾ་དྷཱུ་པ་པུཥ྇་དཱི་པ་གྷན་དྷ། བྷ་ག་དྷ་དྷི། ཨི་དཾ་བ་ལིཾ། གྲྀཧྞ་ཧཱུཾ་ས་མ་ཡ། ཨ་ཏི་ཀྲ་མ་ཡ། མ་ཧཱ་ཀཱ་ལཱ་ཡ། པཱུ་ཛ་ས་མ་ཡ། སྭ་ཧཱུཾ་ཧཱུཾ། མཚན་མོའི་དུས་སུ་བརྗོད་པར་ནི། །མཐུན་པའི་དམ་རྫས་གཏོར་མ་བཅའ། །དེ་ཡི་སྔགས་ནི་རབ་བཤད་པ། །ཨོཾ་མ་ཧཱ་ཀཱ་ལ་ཡ། མ་མ་སརྦ་ཤ་ཏྲུཾ་མཱཾ་ས་རཀྟ་ཀེཾ་ནི་རུ་མེ་དཱ་མེ་ཛྫ། བ་སུ་ཏ། ཨ་མུ་ཀ་ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་མཱ་ར་ཡ་ཕཊ། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། གསང་བའི་པར་བུ་ཆེན་པོ་ཡི། །དེ་ཡི་སྔགས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨོཾ་མ་ཧཱ་ཀཱ་ལ་ཡ། སྨྲི་ཏུ་ཀཱ་ལ་ཡ། མ་ཧཱ་ཡཀྵ་ཤཱ་ས་ན་ཀཱ་ལོ་ཨ་ཡཾ། ཨ་མུ་ཀ་བྷ་ཤི་ར། མཱ་ར་ཡ་མཱ་ར་ཡ་ཨ་མ་ཀ་ཙྪེ་ཙིཏྟ་ཡ། ཙྪ་ཏ་ཀ་ཙྪ་ཏ་ཀ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་པར་བུ་ཆེན་པོ་ལ། །འཁོར་ལོ་ཡི་གེ་དགོད་པར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། །གསང་བའི་པར་བུ་ཆེན་པོ་ཡི། །ཁྱད་པར་སྔགས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྲོག་གི་སྙིང་པོ་བསད་པ་དང་། །རྩ་བའི་སྔགས་ལ་སོགས་པ་ཡི། །ཤམ་བུ་འདི་ནི་གདགས་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་བྷ་ཙིཏྟ་ཡ། ཨ་མུ་ཀ་ཧསྟ་ཙ་ར་ཡ། མ་མ་ཤ་ཏྲུཾ་རཀྟ་ཙ་ར་ཡ་ཙིཏྟ། ཙྪིནྡ་ཙྪིནྡ། བྷིན་དྷ་བྷིན་དྷ། པ་ཙ་པ་ཙ། ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་


DNG024_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། གསང་བའི་པར་བུ་ཆེན་པོ་ཡི། །སྒྲུབ་པའི་གནས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མར་ངོའི་ཚེས་གཅིག་ནག་པོའི་དུས། །དང་པོ་པར་བུ་བཅའ་བར་བྱ། །གཉིས་པ་ལྷ་ལ་བསྙེན་པར་འགྱུར། །གསུམ་པ་བསྒྲུབ་བྱ་དགུག་པར་བྱ། །བཞི་པ་བསྒྲུབ་བྱ་མྱོས་པར་བྱེད། །ལྔ་པ་བསྒྲུབ་བྱ་གསོད་པར་བྱེད། །དྲུག་པ་ལྡོག་པ་མེད་པར་བྱེད། །བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས། །ཕུང་པོ་རྣམ་ཤེས་ཕྲལ་བྱས་ཏེ། །བདུན་པས་དགའ་ལྡན་གནས་སུ་བསྐྱལ། །དེ་རྗེས་ཚོགས་ཀྱི་འཁོར་ལོ་དང་། །འབྲས་བུ་ ཆེན་པོ་ཉིད་ལ་སྦྱར། །དེ་ལྟར་ཞག་བདུན་བྱས་གྱུར་ན། །དབང་ཕྱུག་ཆེན་པོ་ལ་སོགས་པའི། །ལྷ་ཆེན་ཀུན་ཀྱང་བསད་པར་ནུས། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། གསང་བའི་པར་བུ་ཆེན་པོའི་ལེའུ་ཞེས་བྱ་བ་སྟེ་ལྔ་པའོ།། །།དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དཔལ་ལྡན་ནག་པོ་ཆེན་པོ་ཡི། །གསང་བའི་པར་བུ་ཞེས་བྱ་བ། །འཁོར་ལོ་ཉིད་དུ་ཅིས་མི་སྨོས། །དེ་ཕྱིར་འཁོར་ལོས་བསད་པ་ཡི། །ཆོ་ག་བདག་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་བསྟན་པ་འཇིག་བྱེད་པ། །གང་ཞིག་འབྱུང་པོ་མཐུ་ཆེན་དང་། །ལོག་པའི་སྟོབས་དང་ལྡན་པ་རྣམས། །དེ་དག་གསད་པར་བྱ་བ་ཡི། །འཁོར་ལོའི་ཆོ་ག་འདི་དག་བཤད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། འཁོར་ལོས་བསད་པའི་རིམ་པ་ཡི། །དེ་ཡི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་འཁོར་ལོ་བཅའ་བ་དང་། །གཉིས་པ་ལིངྒ་བཅའ་བ་དང་། །གསུམ་པ་གསང་


DNG024_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། འཁོར་ལོ་ལིངྒ་བཅའ་བ་དང་། །བསད་པའི་རིམ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་རྣལ་འབྱོར་དབང་ཕྱུག་གིས། །ནག་པོའི་བསམ་གཏན་ལྡན་བྱས་ནས། །དུར་ཁྲོད་གནས་སུ་མཚམས་བཅད་ལ། །དེར་ནི་འཁོར་ལོ་བྲི་བར་བྱ། །དུར་ཁྲོད་རས་ལ་བྱ་རོག་གི། །ཁྲག་དང་དུར་ཁྲོད་སོལ་བ་དང་། །ཚ་བ་གསུམ་དང་བསྲེས་ལ་ནི། །ཆོ་གས་ནག་པོའི་སྣག་ཚ་བྱ། །ལྷོ་ནུབ་མཚམས་སུ་ཁ་བལྟས་ལ། །མི་མཐུན་སྒྲོ་ཡི་རྨྱུག་གུས་ནི། །འཁོར་ལོ་བཞི་རིམ་བསྐོར་བར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །འཁོར་ལོ་སྐུ་དང་བཅས་པ་བྲི། །འཁོར་ལོའི་དབུས་སུ་སྙིང་པོ་ནི། །ཕྱོགས་གཉིས་སུ་ནི་རྣམ་པར་དགོད། །དབུས་སུ་བསྒྲུབ་བྱའི་མིང་ཡིག་གཞུག །དེ་ཡི་ཕྱི་རོལ་ལེའུ་ཚེ་བརྒྱད། །དཔལ་ལྡན་ནག་པོའི་སྙིང་པོ་དགོད། །དེ་ཡི་ཕྱི་རོལ་ལེའུ་ཚེ་བརྒྱད། །རྩ་བའི་སྔགས་ནི་དགོད་པར་བྱ། །དེ་ནས་དེ་ཡི་ཕྱི་རོལ་དུ། །ལས་ཀྱི་སྔགས་ནི་དགོད་པར་བྱ། །བར་དུ་བསྒྲུབ་བྱའི་མིང་ཡིག་གཞུག །དབུས་སུ་མཉམ་པའི་རྨྱུག་གུ་གཞུག །འོག་མ་གཡས་སུ་འཁོར་བར་བྱ། །སྟེང་གི་འཁོར་ལོ་གཡོན་དུ་བསྐོར། །བཅའ་སྟེ་རིམ་པས་དགོད་པར་བྱ། །འཁོར་ལོ་ནག་པོ་ཆེན་པོ་ནི། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །གྲི་གུག་ཐོད་པ་ལག་ན་འཛིན། །ཞལ་གདངས་མཆེ་བ་གཙིགས་པར་བྲི། །ཞག་བདུན་བསྒྲུབ་བྱའི་མིང་ཡིག་དགོད། །དེ་ལྟར་འཁོར་ལོའི་རིམ་པ་བཤད། །དེ་ནས་གཞན་ཡང་རབ་བཤད་པ། །ཚ་བ་གསུམ་དང་བསྒྲུབ་བྱ་ཡི། །རྐང་གཡོན་ས་དང་བག་ཟན་ལ། །བསྒྲུབ་བྱའི་གཟུགས་ནི་སོར་གསུམ་པ། །བྱས་ལ་སྙིང་གར་སྔགས་འདི་གཞུག །ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་པ་ར་བྷི་ཤ་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། གྲོ་ག་ལ་ནི་བྲིས་ལ་གཞུག །ལིངྒ་འཁོར་ལོའི་བར་དུ་གཞུག །དེ་ནས་མཉམ་པར་དྲིལ་བར་བྱ། །མི་སྐྲའི་སྐུད་པས་འཁོར་ལོ་


DNG024_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས། །དོམ་མམ་ཁྱི་ནི་ནག་པོ་ཡི། །ཐོད་པར་འཁོར་ལོ་གཞུག་པར་བྱ། །དམར་ནག་སྐུད་པས་ཕྱི་རོལ་བཅིང་། །ཁ་དོག་ནག་གམ་སྨེ་བ་ཡོད། །དེ་ལྟའི་ཐོད་པ་གཉིས་ལ་ནི། །དུར་ཁྲོད་སོལ་བ་ཁྱི་ནག་པོའི། །སྙིང་ཁྲག་དུར་ཁྲོད་སོལ་བ་གསུམ། །བསྲེས་ལ་ཐོད་པའི་འཁོར་ལོ་ཡི། །ཕྱི་རོལ་ཚ་བ་གསུམ་གྱིས་བྱུགས། །ཐོད་པའི་ནང་དུ་འཁོར་ལོ་ནི། །ཁྱི་འམ་དོམ་གྱི་ཐོད་པར་གཞུག །ནི་ར ཊྟ ་ཡི་ཕུར་བུ་བརྒྱད། །སོར་ནི་བཞི་ཚད་རབ་གནས་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་ར་བི་ཤ་བཛྲ་ཀཱི་ལ་ཡ། ཨ་མུ་ཀ་ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ། ཕུར་བུ་བརྒྱད་ལ་བྲི་བར་བྱ། །འཁོར་ལོ་མཎྜལ་སྟེང་བཞག་ནས། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ། །མཆོད་དང་གཏོར་མ་ལ་སོགས་པ། །བསམ་གཏན་སྔགས་ཀྱིས་བརྩོན་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་ནི། །ལྕགས་ཀྱུའི་ཚུལ་དུ་རབ་སྤྲོས་པའི། །བསྒྲུབ་བྱ་གསལ་བར་འདུག་ནས་ནི། །འོད་ཀྱི་ཞགས་པས་བཅིང་བར་བྱ། །དེ་ནས་རྣལ་འབྱོར་པའི་མདུན་དུ་ནི། །བསྒྲུབ་བྱ་གཅེར་བུ་མགོ་མཇུག་བཟློག །དཔལ་ལྡན་ནག་པོའི་ཁ་སྦྱོར་གྱི། །བར་དུ་བསྒྲུབ་བྱ་གཞུག་པར་བྱ། །བསྒྲུབ་བྱ་གསལ་བའི་སྙིང་གི་དཀྱིལ། །གྲི་གུག་འོད་དང་བཅས་པར་བསྒོམ། །སྲོག་བཅད་ནང་ཁྲོལ་གཉོགས་ནས་ནི། །བསྒྲུབ་བྱའི་ན་ས་གཡས་གཡོན་ནས། །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །སྙིང་གི་ཁྲག་ནི་འཐུང་བར་བསམ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བསྒྲུབ་བྱ་ལན་བདུན་དགུག་པར་བྱ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ནི། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་ཨཱ་ཀར་ཤ་ཡ་ཛ་ཛ་ཧཱུཾ་ཧཱུཾ་ཕཊ། བསམ་གཏན་སྔགས་དང་ལྡན་གྱུར་ནས། །བསྒྲུབ་བྱ་རྟག་ཏུ་དགུག་བྱ་སྟེ། །སྔོན་དུ་རབ་གནས་བྱས་པ་ཡི། །ཕུར་བུ་དང་ནི་ཡུངས་ཀར་གྱིས། །གསད་པའི་སྔགས་ཀྱིས་བརྡེག་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཛ་ཡི་ཛ་ལན་ཏ་ཧ། ཨཥྚ་ག་ཏྲ། དྷ་ཧན་དྷ་ཧན། ཕོ་ཨོཾ་ཡང་རན་མ་ཧཱ་


DNG024_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ལ་ཡ། བྷ་ར་བྷ་ག་ར། ཕུ་ཏ་ན་པ། ཨ་མུ་ཀ་པ་ཧ་ར་ན། པ་ཧ་རི་པཾ། ག་ར་བ་ཕཊ། ཧཱུཾ་སུ་དྷ། ཨ་ན་ལ་ཨ་ན་ལ། བཱ་རི་ཡ་བཱ་རི་ཡ། འབྲས་སྨ་མ་རི། བྷི་སྣུ་ནི་ཝ་རཾ། ཨ་མུ་ཀ་ནི་ཡཾ། བཛྲ་མུ་ཧ་བི་རཾ། དྷ་ལ་འུ་དྷ་ལ་འུ། ཨ་མུ་ཀ་ཙྪཏ་ཀ་ནི། མཱ་ར་ཡ། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ལས་ཀྱི་ཐིག་ལེའི་གནས། །སུམ་ཅུ་རྩ་གཉིས་དམིགས་ནས་སུ། །ཕུར་བུ་ཡུངས་ཀར་གདབ་པར་བྱ། །ཐོད་པའི་འཁོར་ལོ་ཁ་སྦྱར་ལ། །དཔའ་བོ་སྐྲ་ཡི་སྐུད་པ་ཡིས། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །ཐོད་པ་རྒྱ་གྲམ་བཅིང་བར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ །བྷན་དྷ་བྷན་དྷ། ཧཱུཾ་ཧཱུཾ་ཕཊ། དེ་དག་བཟླས་ལ་འཁོར་ལོ་བཅིང་། །འཁོར་ལོ་མཆོད་རྟེན་ནག་པོ་ཡི། །ནང་དུ་བཅུག་ནས་དུར་ཁྲོད་ཀྱི། །མེ་ཐབ་ཏུ་ནི་གནན་བྱས་ན། །ཚ་བའི་ནད་ཀྱིས་འཆི་བར་འགྱུར། །ཡང་ན་ཆུ་དོང་རྙིང་པ་ཡི། །ནང་དུ་གནན་པར་བྱས་གྱུར་ན། །བསྒྲུབ་བྱ་རྒྱུན་ནི་འགག་ནས་འཆི། །ཡང་ན་དུར་ཁྲོད་ཁང་སྟོང་དུ། །སྦས་ན་མཁའ་འགྲོ་མ་རྣམས་ཀྱིས། །ཚོགས་ཀྱི་འཁོར་ལོ་བསྐོར་བྱས་ཏེ། །བསྒྲུབ་བྱ་ཁྲག་ནི་སྐྱུག་པར་འགྱུར། །ཡང་ན་མཆོད་རྟེན་ལྷ་ཁང་གི། །ཐེམ་པའི་འོག་ཏུ་གནན་བྱས་ནས། །ཁ་ལྐུགས་མིག་ནི་ལོང་བ་དང་། །གཞོགས་ཕྱེད་སྐམ་ནས་འཆི་བར་འགྱུར། །ཡང་ན་འཁོར་ལོ་བསྒྲུབ་པར་བྱ། །རང་གི་ལུས་ལ་བརྟེན་བྱས་ལ། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །གང་ཞིག་བསྒྲུབ་བྱ་དམིགས་ལ་དེ། །ཞག་བདུན་གྱིས་ནི་གསོད་པར་བྱེད། །འདིས་ནི་ལས་རྣམས་ཐམས་ཅད་ཀྱི། །བསད་པའི་སྦྱོར་བ་ཤེས་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡ། རབ་ཏུ་རྨྱུག་ཤ་མ་རག་ཏུ། མ་ཧཱ་ཀཱ་ལ་ཡ་ཨ་མུ་ཀ་མཱ་ར་ཡ་ཨ་པ་རི་བྷི་ཤ་ཧཱུཾ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། གཞན་ཡང་འཁོར་ལོ་ཅི་ཞིག་བཤད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །


DNG024_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཀྱི་ནི་གཡམ་པ་ལ། །གུར་གུམ་གོ་རོ་ཙ་ན་དང་། །བནྡྷུའི་མེ་ཏོག་ལ་སོགས་པས། །པདྨ་འདབ་བརྒྱད་བྲི་བར་བྱ། །དེ་ལ་སྦྲུལ་བརྒྱད་དགོད་པར་བྱ། །མེ་ཏོག་ལུ་དའི་ཁུ་བ་དང་། །དུར་ཁྲོད་སྣག་ཚས་སྦྱར་ནས་སུ། །དབུས་སུ་གྲི་གུག་ཐོད་པ་བྲི། །རྣལ་འབྱོར་ནུབ་ཏུ་ཁ་བལྟས་ལ། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །ནག་པོ་སྦྲུལ་དང་བཅས་པར་བསྐྱེད། །དེ་ལ་མཆོད་པར་བྱས་ནས་ནི། །བསམ་གཏན་སྔགས་ཀྱི་བཟླས་པ་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་ར་ནཱ་ག་གུ་རུ་ནི་ཤིག་ནི་རི་ནི་རི། མ་ཐ་ནི་ཤིག །མཥྚི་དྷ་རི་ནཱ་ག་རཱ་ཛ། དེ་བ་བྷ་རི་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དུས་གསུམ་དུ་ནི་བསྙེན་པ་བྱ། །འཁོར་ལོ་འདི་ཡི་ཆོ་ག་ནི། །ཆུ་མིག་ཤིང་ངམ་རི་ཡི་རྩེ། །གང་ཞིག་ཀླུ་ནི་གནས་པའི་ས། །དེར་ནི་ཆོ་ག་འདི་བརྩམས་ན། །ཀླུ་ཡི་རྒྱལ་པོ་ནོར་བུ་ཅན། །ཆོ་ག་འདི་དང་དུས་མཚུངས་སུ། །ཆར་གྱི་རྒྱུན་ནི་འབེབས་པར་བྱེད། །གལ་ཏེ་དེས་ཀྱང་མ་ཕེབས་ན། །ནག་པོའི་སྤོས་དང་གུ་གུལ་གྱིས། །འཁོར་ལོ་བདུག་པར་བྱས་གྱུར་ན། །ཆར་ནི་ཤིན་ཏུ་འབབ་པར་འགྱུར། །འཁོར་ལོ་བཟློག་པ་བྲིས་ནས་ནི། །དེ་ཡི་སྟེང་དུ་སྦྱིན་བསྲེག་བྱ། །སྔགས་ནི་བཟློག་ནས་རབ་བཟླས་ན། །བསྒྲུབ་བྱ་ཤིན་ཏུ་མི་བསྲུན་པས། །རྡོ་ཡི་སེར་བ་འབེབས་པར་འགྱུར། །ཡང་ན་ཀླུ་རྣམས་ཐམས་ཅད་ནི། །ཨརྫ་ཀ་ཡི་འབྲས་བུ་ལྟར། །མགོ་བོ་ལུས་པོ་འགས་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་རབ་བཤད་པ། །ཐོད་པ་དུམ་བུ་གཅིག་པ་ལ། །ཁ་ཏི་ཁ་ཡི་འཁོར་ལོ་བྲི། །དེ་ཡི་ཕྱི་ནི་བདུད་རྩིས་བྱུགས། །ཐོད་པའི་ནང་དུ་ཡུངས་ཀར་དང་། །སྦྱིན་བསྲེགས་ཐལ་བ་བསྔགས་ནས་ནི། །ཐོད་པ་རབ་ཏུ་གནས་པར་བྱ། །རྩ་བའི་སྔགས་ནི་བཟླས་པ་ཡི། །འདི་ནི་ཤམ་བུར་གདགས་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཤ་ར་ཛ་རཾ་པད་ཐ་ར། བྷི་དྷ་ར་ཚིནྡྷ་ཚིནྡྷ་ཚིནྡྷ་ཧཱུཾ་ཧཱུཾ་ཕཊ། འདི་ཡི་བསྙེན་པ་བྱས་


DNG024_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །གང་ཞིག་ཡུལ་སྲུང་བྱེད་པ་ཡི། །དེ་ཡི་ཕྱོགས་བཞིར་གཞག་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །མཆོད་དང་གཏོར་མ་ལ་སོགས་བྱ། །ཀླུ་དང་གནོད་སྦྱིན་ལ་སོགས་པ། །གདུག་པའི་སེར་བ་སྲུང་བར་འགྱུར། །དེ་ནས་གཞན་ཡང་རབ་བཤད་པ། །བདུད་རྩི་བ་ཡི་རྣམ་ལྔ་ལ། །ཆོ་གས་མཎྜལ་བྱས་ནས་ནི། །པདྨ་འདབ་མ་བརྒྱད་པ་བྲི། །དེར་ནི་དཔལ་ལྡན་ནག་པོ་དང་། །ཛམ་བྷ་ལ་ནི་གསལ་བསྐྱེད་དེ། །རྒྱུ་སྐར་རྒྱལ་ནས་དབུ་བཙུགས་ལ། །ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ། །མེ་ཏོག་ཆུ་དང་དྲི་ཞིམ་སྤོས། །གཡོན་པའི་ཁྱོར་བས་དབུལ་བར་བྱ། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །ཉིན་རེ་ཞིང་ནི་དུས་གསུམ་དུ། །གཙང་མའི་ཆུ་ཡིས་མཆོད་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡ། སིདྡྷི་དྷ་ན་མེ་དྷི། ཧཱུཾ་ཛམ་བྷ་ལ་ཛ་ལན་དྲཱ་ཡ་སྭཱ་ཧཱ། ཆོ་ག་འདི་ཡི་སྟོབས་ཀྱིས་ནི། །འཇིག་རྟེན་གནོད་སྦྱིན་ཐམས་ཅད་ཀྱིས། །ནོར་དང་རིན་པོ་ཆེ་ཡི་གཏེར། །རྟག་ཏུ་དེ་ལ་སྦྱིན་པར་བྱེད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་ཏོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། འཁོར་ལོའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དཔལ་ལྡན་ནག་པོ་ཆེན་པོ་ཡི། །འཁོར་ལོའི་ཆོ་ག་རབ་བཤད་པ། །གནན་པས་གསད་པར་གསུངས་པ་ཡི། །དེ་ཡི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གནོད་སྦྱིན་སྟོབས་དང་ལྡན་པ་དང་། །གང་ཞིག་འབྱུང་པོ་མཐུ་ཆེན་དང་། །འཇིག་རྟེན་ལྷ་ཆེན་ལ་སོགས་པའི། །ལོག་པའི་མཐུ་དང་ལྡན་པ་རྣམས། །གནན་པར་བྱ་བའི་ཆོ་ག་འདིས། །ཁྱད་པར་དུ་ཡང་གསད་པ་ཡི། །ཆོ་གའི་རིམ་པ་འདི་དག་བཤད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་བསྟན་པ་འཇིག་པ་དང་། །ནག་པོའི་ཕྱོགས་ནི་འཛིན་


DNG024_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས། །གནན་པས་གསད་པའི་སྦྱོར་བ་ཡི། །དེ་ཡི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུར་ཁྲོད་དབེན་པའི་ས་ཕྱོགས་སུ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །ཏིང་ངེ་འཛིན་དང་ལྡན་གྱུར་ནས། །བསམ་གཏན་སྔགས་ཀྱིས་མཚམས་བཅད་ལ། །ཐོད་པ་དུམ་བུ་དྲུག་པ་གཉིས། །བདུད་རྩིས་ཕྱི་ནང་བཀྲུ་བར་བྱ། །སྐེ་ཚེ་ཉུང་དཀར་བཙན་དུག་དང་། །ནིམ་པའི་ཁུ་བ་ཁྭ་ཡི་ཁྲག །དུར་ཁྲོད་སྣག་ཚས་སྦྱར་ནས་སུ། །ཐོད་པའི་ནང་དུ་འཁོར་ལོ་བྲི། །དཔའ་བོ་གྲིར་ཤིའི་རོ་རས་ལ། །དུར་ཁྲོད་སྣག་ཚས་བསྒྲུབ་བྱ་ཡི། །མིང་དང་ཡི་གེ་ལྡན་པར་བྲི། །བྲི་དུས་གནམ་སྟོང་ཉིན་ནམ་ཕྱེད། །འཁོར་ལོའི་ནང་དུ་གཞུག་པར་བྱ། །ཕྱི་རོལ་དུར་ཁྲོད་རས་ཀྱིས་གཏུམ། །མཆད་པའི་ས་དང་མཚོ་འགྲམ་ས། །རི་ཡི་རྩེ་མོ་གསུམ་གྱི་ས། །བསྲེས་ལ་ནག་པོའི་སྐུ་གཟུགས་བྱ། །མི་ཡི་རུས་པ་སྐྲ་ཤད་ཀྱིས། །ནག་པོའི་གཟུགས་སྐུའི་རུ་ཤིང་བྱ། །ཞལ་གཅིག་ཕྱག་གཉིས་ཁྲུ་གང་ཚད། །ལྟོ་བར་འཁོར་ལོ་གཞུག་པར་བྱ། །ལུས་ནི་དུར་ཁྲོད་སྣག་ཚ་ཡིས། །ཁ་དོག་ཤིན་ཏུ་གནག་པར་བྱ། །མདུན་གྱི་ནག་པོའི་གཟུགས་སྐུ་ལ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ། །བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས། །བླ་མ་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ལ་སོགས་པ། །ནག་པོ་ཆེན་པོའི་རང་བཞིན་དུ། །བཀུག་ལ་ནག་པོའི་གཟུགས་ལ་བསྡིམ། །ནག་པོ་ཉིད་ཀྱང་བཀུག་ལ་བསྡིམ། །དེ་ནས་བདག་ཉིད་རྣལ་འབྱོར་པ། །ནག་པོའི་བསམ་གཏན་ལྡན་གྱུར་ནས། །མཐུན་པའི་དམ་རྫས་ལ་སོགས་པའི། །མཆོད་པའི་གཏོར་མ་དབུལ་བར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །བསམ་གཏན་སྔགས་ཀྱི་བཟླས་པ་བྱ། །བཟླས་པ་རྫོགས་དང་ཐུགས་ཀ་ཡི། །འོད་ཟེར་ལྕགས་ཀྱུའི་ཚུལ་དུ་སྤྲོ། །བསྒྲུབ་བྱ་གསལ་བར་བཀུག་ནས་ནི། །ནག་པོའི་ལྟོ་བར་གཞུག་པར་བྱ། །ལྕགས་


DNG024_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུའི་ཕྱག་རྒྱ་སྔགས་དང་བཅས། །ཐུན་རེར་བརྒྱ་ནི་རྩ་བརྒྱད་དུ། །བཀུག་ལ་ནག་པོའི་ལྟོ་བར་གཞུག །གྲི་གུག་ཐོད་པ་ཐོགས་ནས་ནི། །ཐུན་མཚམས་ཕྱིན་ཕྱོགས་བསྐོར་བར་བྱ། །ཉིན་མོ་མཚན་མོ་དུས་དྲུག་ཏུ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །རྣལ་འབྱོར་ཉིད་ལ་བརྩོན་པར་བྱ། །དེ་ནས་དུར་ཁྲོད་དབུས་སུ་ནི། །ཁྲུ་དོ་ཚད་དུ་བརྐོ་བར་བྱ། །ནང་དུ་ནག་པོའི་སྐུ་གཟུགས་བཞག །དེ་ཡི་སྟེང་དུ་འཁོར་ལོ་ནི། །དུར་ཁྲོད་ཀྱི་ནི་ཕ་གུ་ལ། །ཨུ་ཙིན་ཏི་ཡི་ཁུ་བས་བྲིས། །སྔགས་ནི་དུར་ཁྲོད་སྣག་ཚས་དགོད། །ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཙཀྲ་བར་ར་ཏི། ཨ་མུ་ཀ་སྟཾ་བྷ་ནི་སྟཾ་བྷ་ནི། མོ་ཧ་ནི་མོ་ཧ་ནི། ཁེ་ཙ་རཱི་བྷན་དྷཾ། བྷཱུ་ཙ་རཱི་བྷན་དྷཾ། པཱ་ཏཱ་ལ་བྷ་ས་ནི་བྷན་དྷཾ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་འཁོར་ལོར་དགོད་པར་བྱ། །དེ་སྟེང་སྦྱིན་སྲེག་ཐལ་བས་དགང་། །དེ་ལྟར་ཞག་བདུན་བྱས་གྱུར་ན། །གནན་པས་གསད་པའི་སྦྱོར་བ་རྫོགས། །ཁྱབ་འཇུག་མ་ཧཱ་དེ་བ་དང་། །ཚོགས་ཀྱི་བདག་པོ་ལ་སོགས་པའི། །འདོད་པའི་ལྷ་རྣམས་མནན་ནུས་ན། །གཞན་དག་སྨོས་ཀྱང་ཅི་ཞིག་དགོས། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། མནན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། མཚམས་མེད་ལ་སོགས་བྱེད་པ་དང་། །གདུག་པ་ཐམས་ཅད་བསྒྲལ་བ་ཡི། །ཆོ་གའི་ཁྱད་པར་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྦྱིན་སྲེག་ལས་རྣམས་ཀུན་གྱི་མཆོག །ཁྱད་པར་དུ་ནི་གསད་པ་ཡི། །སྦྱིན་སྲེག་འདི་ནི་ཤེས་པར་གྱིས། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། གསད་པར་བྱ་བའི་སྦྱོར་བ་ཡི། །སྦྱིན་སྲེག་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྦྱིན་སྲེག་ཆོ་གའི་རིམ་པ་ནི། །ཁྱད་པར་བདུན་དུ་ཤེས་པར་གྱིས། །བདག་དང་གནས་དང་མཆོད་གཏོར་དང་། །


DNG024_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་དང་ལྷ་དང་རྫས་དང་དུས། །རྣམ་པ་བདུན་དུ་རབ་ཏུ་བཤད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། ཆོ་ག་འདི་ཡི་རིམ་པ་ཡིས། །བསྒྲུབ་པར་བྱ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་བདག་ཉིད་རྣལ་འབྱོར་ནི། །བསྲུང་བའི་འཁོར་ལོ་བསྒོམ་པར་བྱ། །ཆོས་འབྱུང་ནང་དུ་རྡོ་རྗེ་བྲག །པད་ཉིའི་སྟེང་ན་རོ་ཡི་གདན། །དེ་སྟེང་ཧཱུཾ་ལས་གྲི་གུག་གྱུར། །དེ་ལས་ནག་པོ་ཆེན་པོ་བསྐྱེད། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས། །སྤྱན་གསུམ་སྡང་མིག་མེ་ཡི་འོད། །གཡས་ན་གྲི་གུག་གཡོན་ཐོད་པ། །དོ་ཤལ་ཐོད་པའི་ཕྲེང་བས་བརྒྱན། །བརྐྱང་བསྐུམ་རོ་ཡི་གདན་ལ་འགྱིང་། །མེ་དཔུང་དབུས་ན་དམ་ཚིག་བསྐྱེད། །ཡེ་ཤེས་སྤྱན་དྲང་གཉིས་མེད་བྱ། །དབང་བསྐུར་མི་བསྐྱོད་དབུ་ལ་བརྒྱན། །མདུན་གྱི་ནག་པོ་ཆེན་པོ་ཡང་། །དེ་ལྟར་དུས་མཚུངས་རྫོགས་པར་བསྐྱེད། །མཆོད་དང་གཏོར་མ་བྱས་ནས་སུ། །གཉིས་མེད་ཐུགས་ཀའི་བཟླས་པ་བྱ། །དེས་ནི་ནག་པོའི་མཚན་མ་རྙེད། །དེ་ནས་སྦྱིན་བསྲེག་བརྩམ་བྱ་ཞེས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་རབ་བཤད་པ། །གནས་ནི་དུར་ཁྲོད་ཆེན་པོ་ཡི། །རོ་སྲེག་མེ་ཐབ་ཁང་སྟོང་ངམ། །རྡོ་རྗེའི་བྲག་ལ་སོགས་པ་ཡི། །འཇིགས་པའི་གནས་སུ་སྦྱིན་བསྲེག་བྱ། །མཆོད་པ་གཏོར་མ་སྲེག་པའི་རྫས། །དེ་དག་ཚོགས་པར་བྱས་ནས་ནི། །མེ་ཏོག་སྤོས་དང་མར་མེ་དྲི། །ཤ་ཆེན་ལྷ་བཤོས་སྲེག་པའི་རྫས། །ཁྱད་པར་གྱི་ནི་མཆོད་པར་བྱ། །ཆན་དང་དུག་གི་ལ་དུ་དང་། །སྦྲང་རྩི་རྒུན་འབྲུམ་སེ་འབྲུའི་ཆང་། །ཤ་ཆེན་ཉ་ཤ་བདུད་རྩི་ཁྲག །འདི་ནི་དཔལ་ལྡན་ནག་པོ་ཡི། །ཁྱད་པར་གཏོར་མ་ཡིན་པར་བཤད། །དེ་ནས་གཞན་ཡང་རབ་བཤད་པ། །དུར་ཁྲོད་ས་དང་ཆུ་འགྲམ་ས། །མེ་ཐབ་ས་ལ་ཐབ་


DNG024_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་བྱ། །ཐབ་ནི་མཐིང་ནག་ཨེ་ཡི་དབྱིབས། །རྒྱ་ལ་ཁྲུ་གང་ཟབས་སུ་ཕྱེད། །སུམ་རིམ་དཔངས་ལ་སོར་གསུམ་སྟེ། །མེ་འོད་གྲི་གུག་ཐོད་པས་བརྒྱན། །དབུས་སུ་གྲི་གུག་ནག་པོ་བྲི། །ཐབ་ཀྱི་རིམ་པས་དེ་ལྟར་བཤད། །དེ་ནས་གཞན་ཡང་རབ་བཤད་པ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །ཐབ་ཀྱི་ནང་དུ་པད་ཉི་ཧཱུཾ། །རཾ་ལས་མེ་ལྷ་བསྐྱེད་པར་བྱ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །ཕྱག་གཉིས་མེ་ཏོག་བགྲང་ཕྲེང་འཛིན། །མདོག་དམར་སྤྱན་བགྲད་ཞལ་གདངས་པ། །ཁྲོ་གཉེར་མཆེ་བ་གཙིགས་པའོ། །རང་བཞིན་མེ་དང་ཡེ་ཤེས་མེ། །ཕྱག་རྒྱ་བཞི་ཡི་སྦྱོར་བས་བསྡིམ། །གཉིས་མེད་གྱུར་པའི་ལྕེ་ལ་ཧཱུཾ། །བསམ་ནས་ལིངྒ་བསྲེག་རྫས་རྣམས། །ལན་བདུན་རབ་ཏུ་ཁྲོས་པས་དབུལ། །ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཀྲོ་དྷ་ཨ་ག་ན་ཡེ། ཧཱུཾ་མ་མ་སརྦ་ཤ་ཏྲུཾ་ཨ་མུ་ཀཾ། ད་ཧ་ད་ཧ། པ་ཙ་པ་ཙ། ཨ་མུ་ཀ་མཱ་ར་ཡ་ཕཊ། དེ་ནས་འབར་བའི་ངོ་བོར་བརྟག །མེ་ཡི་གཞལ་ཡས་ཁང་དུ་བསམ། །དེ་ནས་དཔལ་ལྡན་ནག་པོ་ནི། །ཆོ་ག་ལྔ་འམ་གསུམ་གྱིས་བསྐྱེད། །བདག་དང་དམ་ཚིག་ཐུགས་ཀ་ཡི། །འོད་ཟེར་ཕྱག་རྒྱ་བཞི་དང་ལྡན། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དེ་ཡི་ཆོ་གས་བཀུག་ལ་བསྡིམ། །ཛཿཧཱུཾ་བཾ་ཧོཿ། ཧཱུཾ་སྲིད་གསུམ་འཇིགས་པར་བྱེད་པ་ཡི། །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་ཁས་བླངས་པའི། །དམ་ཚིག་ཆེན་པོའི་སྟོབས་ཀྱིས་ནི། །འབར་བ་ཆེན་པོའི་དཀྱིལ་འཁོར་དུ། །དྲག་པོའི་སྟོབས་ཀྱིས་གཤེགས་སུ་གསོལ། །མེ་ཡི་དཀྱིལ་འཁོར་འདིར་བཞུགས་ལ། །གདུག་པའི་དགྲ་བགེགས་བསྒྲལ་དུ་གསོལ། །དེ་ནས་བདུད་རྩི་རཀྟ་ཡིས། །དཔལ་ལྡན་ནག་པོའི་ཞལ་དུ་དབུལ། །མཆོད་དང་གཏོར་མའི་རིམ་པ་རྣམས། །དབུལ་བའི་དམ་རྫས་ལ་སོགས་པའི། །མཆོད་པའི་ཁྱད་པར་ཀུན་ཀྱང་དབུལ། །དེ་ནས་ལིངྒ་བསྲེག་རྫས་རྣམས། །རྩ་བའི་


DNG024_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་སྔགས་ལ་ནི། །བསད་པའི་ཡི་གེ་གཞུག་པར་བྱ། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །སྦྱིན་སྲེག་ནག་པོའི་ཞལ་དུ་དབུལ། །ལྷ་ཡི་ཆོ་ག་དེ་ལྟར་བཤད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་རབ་བཤད་པ། །ལིངྒ་རྫས་ཀྱི་རིམ་པ་ནི། །རྐང་རྗེས་ས་དང་སྐྲ་ཤད་དང་། །རོ་བསྲེགས་ཐལ་བ་དྲི་ཆེན་ཁྲག །བདུད་རྩི་ལྔ་དང་ཆུས་སྦྲུས་ལ། །བསྒྲུབ་བྱའི་གཟུགས་ནི་སོར་བརྒྱད་ལ། །སྙིང་གར་མིང་ཡིག་གཞུག་པར་བྱ། །མགོ་ལུས་ཚ་བའི་རྫས་ཀྱིས་བྱུགས། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །བསྒྲུབ་བྱ་བཀུག་ནས་དེ་ལ་བསྡིམ། །སྔགས་ཀྱིས་དབྱེ་བའི་ཆོ་ག་བྱ། །མགོ་ནས་རྐང་པའི་མཐིལ་གྱི་བར། །བསད་སྔགས་ཚེར་མས་འབུམ་ཕྲག་བརྡེག །དེ་ནས་ནག་པོ་ཆེན་པོ་ཡི། །གྲི་གུག་རབ་གནས་བྱས་པ་ཡི། །མགོ་ནས་ཞབས་སུ་ཏིལ་གྱི་ཚད། །གཏུབ་ནས་ནག་པོའི་སྦྱིན་བསྲེག་བྱ། །རྫས་ནི་མི་རྐང་ལས་བྱུང་བའི། །ཆོ་གས་དགང་གཟར་བླུག་གཟར་བྱ། །དུར་ཁྲོད་ལས་བྱུང་ཚ་ཤིང་ཁ། །ཚེར་མ་སྣ་ཚོགས་དྲི་ང་བའི། །ཡམ་ཤིང་སོར་ནི་བཅུ་གཉིས་ཚད། །ཡང་ན་སོར་དྲུག་ཤེས་པར་བྱ། །ཡུངས་ཀར་ལ་དུ་ནག་པོ་དང་། །ཤ་ལྔ་ཉ་ཤ་ཆང་དང་ནི། །ཡུངས་ནག་ལ་ཕུག་ལྕགས་ཕྱེ་དང་། །ཁྲག་དང་བདུད་རྩི་དབུལ་བར་བྱ། །རིགས་ངན་ཤན་པ་ལས་བྱུང་བ། །སྦྱིན་སྲེག་མེ་ནི་ཡིན་པར་བཤད། །རྫས་ནི་འདི་དག་ལྡན་གྱུར་ན། །སྦྱིན་སྲེག་ཆོ་ག་ཉེས་པ་མེད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་གཞན་ཡང་རབ་བཤད་པ། །དུས་ཀྱི་ཆོ་གས་འགྲུབ་པར་འགྱུར། །མར་ངོའི་ཚེས་གཅིག་ལ་སོགས་པ། །ནག་པོའི་ཕྱོགས་ནི་ཐམས་ཅད་ལ། །སྦྱིན་སྲེག་ཆོ་ག་བརྩམ་པར་བྱ། །ཉི་མ་ཕྱེད་དང་ནམ་གྱི་གུང་། །བསད་པའི་དུས་ནི་ཡིན་པར་བཤད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། མྱུར་བར་བསད་པའི་རིམ་པ་ཡི། །ཆོ་གའི་ཁྱད་པར་ཇི་


DNG024_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མྱུར་བར་བསད་པའི་རིམ་པ་ནི། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །གསང་བའི་སྦྱིན་སྲེག་ཡིན་པར་བཤད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། གསང་བའི་སྦྱིན་སྲེག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་མེ་ཐབ་ས་བླངས་ལ། །ཐབ་ནི་མཐོ་གང་ཚད་དུ་བྱ། །ཏིལ་མར་གྱི་ནི་མེ་ཡིས་བསྲེག །ཟུར་གསུམ་སེང་ལྡེང་གསལ་ཤིང་ལ། །སོར་ནི་བཅུ་གཉིས་བརྒྱ་རྩ་བརྒྱད། །དཔལ་ལྡན་ནག་པོའི་ཡམ་ཤིང་བཤད། །དེ་ནས་ཐོད་པ་དུམ་བུ་དྲུག །ནང་དུ་དུག་གི་ལ་དུ་བྱ། །ལིངྒ་ཚེར་མའི་མེ་ཡིས་བསྲོས། །རྣལ་འབྱོར་ཐུགས་ཀའི་འོད་ཟེར་གྱིས། །བསྒྲུབ་བྱ་བཀུག་ལ་ལིངྒར་བསྡིམ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་ཏ་བ་ཏ་བ་ཧཱུཾ། དཔལ་ལྡན་ནག་པོ་ཆེན་པོ་ཡི། །གྲི་གུག་རབ་གནས་ལྡན་པ་ཡི། །བསྒྲུབ་བྱའི་མགོ་ནས་རྐང་མཐིལ་བར། །ཏིལ་གྱི་ཚད་དུ་གཏུབ་པར་བྱ། །དེར་ནི་རཾ་ལས་མེ་ཐབ་བམ། །དཔལ་ལྡན་ནག་པོ་ཆེན་པོ་ནི། །མེ་ཐབ་ནང་དུ་བསྐྱེད་པར་བྱ། །སྣ་ཚོགས་པདྨ་ཉི་མར་བཅས། །རོ་ཡི་གདན་ལ་གནས་པ་ནི། །དཔལ་ལྡན་ནག་པོ་ཆེན་པོར་བསམ། །ཞལ་ནས་སྣ་ཚོགས་མེ་ཡི་འོད། །དྲག་པོའི་དབྱིབས་སུ་འབར་བར་བསམ། །བདག་གི་ཐུགས་ཀའི་ས་བོན་ལས། །འོད་ཟེར་ནག་པོའི་གཟུགས་སུ་སྤྲོ། །དེ་ཡིས་བསྒྲུབ་བྱ་དགུག་བྱས་ནས། །རྐང་པ་གཉིས་ནས་བཟུང་ནས་ནི། །དུག་གཏོར་དུ་ནི་སྤྲུགས་བྱས་ཏེ། །གཞན་ཡང་ནག་པོའི་ཞལ་དུ་སྤྲུགས། །དེ་ལ་བདག་ཉིད་རྣལ་འབྱོར་པས། །རོ་ཡི་གདན་ལ་འདུག་ནས་ནི། །མིག་ནི་ཟུར་གསུམ་མི་བཟད་པར། །བྱས་ནས་སོས་ནི་སོ་འཆང་ཞིང་། །བདག་ཉིད་ཐུགས་ཀའི་འོད་ཟེར་གྱི། །རྣོ་བའི་གཟུགས་ཀྱིས་བསྒྲུབ་བྱ་བཀུག །མེ་ཐབ་ནང་དུ་གནས་པ་ཡི། །དཔལ་ལྡན་ནག་པོ་ཆེན་པོ་ལ། །སྙིང་པོའི་


DNG024_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་དབུལ་བར་བྱ། །དེ་ལྟར་བརྒྱ་ནི་རྩ་བརྒྱད་བར། །མདུན་དུ་བྱས་ན་བསྒྲུབ་བྱ་ནི། །དེ་མ་ཐག་ཏུ་གསོད་པར་ནུས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། སྦྱིན་སྲེག་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རྒྱུད་འདི་ངེས་པར་གསལ་བའི་ཕྱིར། །སྔགས་ཀྱི་དོན་དང་ལྡན་པ་ཡི། །ཡི་གེའི་དབྱེ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཡི་གེ་རྣམས་ཀྱི་མཆོག་ཏུ་འགྱུར། །རྩ་བ་སྙིང་པོར་ངེས་བཤད་པ། །སྔགས་དང་རྒྱུད་ཀྱི་དོན་གྱི་ཕྱིར། །ཡི་གེ་བཏུ་བ་བཤད་པར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། ཡི་གེ་བཏུ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་རིག་བྱེད་རྒྱལ་པོ་ལ། །དང་པོར་ལྔ་པ་ཡན་ལག་རིང་། །གཉིས་པའི་ལྔ་པས་སྣ་ལྡན་མཆོད། །དང་པོ་ཐིག་ལེ་བཅས་པ་བཞག །གཉིས་པའི་ལྔ་པའི་ལྔ་པ་ནི། །སྣ་ལྡན་རིང་དང་བཅས་པར་གནས། །དེར་ནི་བརྒྱད་མཐར་གཞག་པར་བྱ། །གཉིས་པའི་དང་པོ་མིང་དང་ལྡན། །གཉིས་པའི་དྲུག་པའི་གསུམ་པ་ལ། །གཉིས་པའི་དྲུག་པའི་དང་པོ་བཞག །བརྒྱད་མཐའ་གཉིས་ནི་སྒྲ་ལྡན་མཆོག །དང་པོའི་གསུམ་པ་གདགས་པར་བྱ། །གཉིས་པའི་དང་པོའི་མཐའ་ཅན་ནི། །དང་པོ་གཉིས་དང་བཅས་པར་བཞག །གཉིས་ནི་རིང་ཐུང་སྒྲ་ཡིས་བརྗོད། །བསད་ན་ཚེག་དྲག་ལྡན་པར་བྱ། །གཉིས་པའི་ལྔ་པའི་གཉིས་པ་ལ། །གཉིས་པའི་གསུམ་པའི་དང་པོར་བཅས། །དྲག་པོའི་སྒྲ་དང་བཅས་པར་བཤད། །བརྒྱད་པ་ཡི་ནི་གསུམ་པ་ལ། །གཉིས་པའི་ལྔ་པའི་གསུམ་པ་གདགས། །དེར་ནི་བརྒྱད་པའི་མཐའ་ཅན་ནི། །རིང་བའི་སྒྲ་དང་


DNG024_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བཞག །ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དཔལ་ནག་པོ་ཆེན་པོ་དང་། མཁའ་འགྲོ་མ་དང་བཅས་པ་ཡི། །རང་གི་དོན་དང་ལྡན་པའི་སྔགས། །དེ་ཡི་ཡི་གེ་རྣམས་ཀྱི་མཆོག །བཏུ་བའི་རིམ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་དོན་གྱི་ཡི་གེ་ལ། །དང་པོ་ལྔ་པས་ཡན་ལག་བརྒྱན། །གཉིས་པའི་ལྔ་པའི་ཐིག་ལེ་དང་། །དང་པོ་ཐུང་ངུ་གཞག་པར་བྱ། །གཉིས་པའི་ལྔ་པ་མཐར་ལྡན་པ། །རིང་བའི་སྒྲ་དང་བཅས་པར་གནས། །བརྒྱད་པའི་མཐའ་ཅན་ཡི་གེ་ནི། །ཅུང་ཟད་རིང་དང་བཅས་པར་བརྗོད། །གཉིས་པའི་དང་པོ་མིང་དང་ལྡན། །གཉིས་པའི་དྲུག་པའི་གསུམ་པ་ལ། །གཉིས་པའི་དྲུག་པའི་དང་པོ་གདགས། །རིག་བྱེད་སྒྲ་དང་ལྡན་པར་ནི། །ཅུང་ཟད་འཐུག་དང་བཅས་པར་བརྗོད། །ལྔ་པའི་ལྔ་པ་སྣ་ལྡན་མཆོག །བརྒྱད་པའི་མཐའ་ཅན་གདགས་པར་བྱ། །དང་པོ་གསུམ་པས་རབ་ཏུ་བརྒྱན། །ཚེག་དྲག་འཐུག་དང་བཅས་པར་བརྗོད། །གཉིས་པའི་བདུན་པའི་གཉིས་པ་ནི། །རིག་བྱེད་མདའ་དང་ལྡན་པར་བརྗོད། །གཉིས་པའི་ལྔ་པའི་མཐར་ལྡན་པ། །ཟླ་བ་མིག་དང་བཅས་པར་བཞག །གཉིས་ཀའི་འདྲེལ་བར་གནས་པ་ཡི། །ཆགས་པའི་ཡི་གེ་བདག་ཉིད་ཅན། །གཉིས་པའི་གསུམ་པ་གཞག་པར་བྱ། །གཉིས་པའི་བཞི་པ་དང་པོ་ལ། །དང་པོ་གསུམ་པ་གདགས་པར་བྱ། །གཉིས་པའི་ལྔ་པའི་མཐར་ལྡན་པ། །རིང་བའི་སྒྲ་དང་བཅས་པར་གནས། །སྡེ་ཚན་བརྒྱད་པའི་མཐར་གནས་པ། །ཅུང་ཟད་རིང་བའི་སྒྲ་དང་ལྡན། །གཉིས་པའི་དང་པོ་མིང་དང་ལྡན། །གཉིས་པའི་དྲུག་པའི་གསུམ་པ་ལ། །འཐུག་པའི་སྒྲ་དང་ལྡན་པར་བྱ། །གཉིས་པའི་དྲུག་པའི་དང་པོ་ནི། །གཡོ་བྱེད་སྒྲ་དང་བཅས་པར་གནས། །སྡེ་ཚན་གཉིས་པའི་དབུ་མ་ནི། །ཆགས་པའི་ཡི་གེ་རབ་ལྡན་པ། །གཉིས་པའི་གསུམ་པ་འཐུག་པོར་ལྡན། །གཉིས་པའི་བཞི་པའི་དང་པོ་ནི། །དང་པོའི་


DNG024_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པས་ཡན་ལག་བརྒྱན། །དང་པོའི་དང་པོ་ཡན་ལག་རིང་། །གཉིས་པའི་ལྔ་ཡི་དང་པོ་ནི། །ཅུང་ཟད་འཐུག་པ་དག་དང་ལྡན། །གཉིས་ཀའི་འདྲེལ་བ་ཆགས་པར་གནས། །གཉིས་པའི་ལྔ་པའི་གསུམ་པ་ལྔ། །དང་པོ་གཉིས་པས་གནན་པར་བྱ། །ཅུང་ཟད་རིང་དང་བཅས་པར་གནས། །མཐའ་ཡི་བརྒྱད་པའི་གཉིས་པ་ནི། །ཅུང་ཟད་ལོག་པའི་ཤུགས་དང་ལྡན། །སྡེ་ཚན་བརྒྱད་པའི་མཐར་ལྡན་པ། །ཐིག་ལེ་ཟླ་བ་མིག་དང་བཅས། །དང་པོ་ཡི་ནི་གསུམ་པ་ནི། །རིང་བའི་སྒྲ་ཡི་སྟོབས་དང་ལྡན། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། རྒྱུད་ཀྱི་རྩི་བར་བཀོད་པ་ཡི། །དེ་ཡི་སྔགས་ཀྱི་ཁྱད་པར་ནི། །ཡི་གེ་བཏུ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་ཀྱི་དོན་རྣམས་གསལ་བྱེད་པ། །དེ་ཡི་མཚན་ཉིད་དང་པོར་བཤད། །གཉིས་པའི་བཞི་པ་དང་པོ་ལ། །གཉིས་པའི་བཞི་པའི་གསུམ་པ་བཞག །གཉིས་པའི་དྲུག་པའི་དང་པོར་གནས། །གཉིས་པའི་བཞི་པའི་གཉིས་པ་ནི། །དེ་ཉིད་དྲག་པོའི་ཚིག་དང་ལྡན། །དང་པོ་ཡིག་འབྲུ་རྣམས་ཀྱི་མཆོག །དང་པོ་ལྔ་པས་ཡན་ལག་དགོད། །གཉིས་པའི་ལྔ་པས་སྣ་ལྡན་མཆོག །རིག་བྱེད་ཐུང་ངུ་ཐིག་ལེར་བཅས། །གཉིས་པའི་ལྔ་པ་ལྔ་པར་ནི། །སྣ་དང་རིང་དང་བཅས་པར་གནས། །དེར་ནི་བརྒྱད་མཐའ་གཞག་པར་བྱ། །གཉིས་པའི་དང་པོ་མིང་དང་ལྡན། །གཉིས་པའི་དྲུག་པའི་གསུམ་པ་བརྗོད། །གཉིས་པའི་དྲུག་པའི་དང་པོ་ནི། །ཤིན་ཏུ་རིང་བའི་སྒྲ་དང་ལྡན། །བརྒྱད་མཐའི་གཉིས་པའི་གཉིས་ཀྱི་སྒྲ། །ཅུང་ཟད་འཐུག་དང་རིང་པོར་བརྗོད། །གཉིས་པའི་བཞི་པའི་མཐར་གནས་དང་། །གཉིས་པའི་དྲུག་པའི་དང་པོར་བཤད། །དང་པོའི་དང་པོ་ཐུང་ངུའི་སྒྲ། །གཉིས་པའི་ལྔ་པའི་དང་པོར་གནས། །གཉིས་པའི་དང་པོ་གཞག་པར་བྱ། །གཉིས་ཀ་འདྲེལ་བ་མ་ནི་ཞེས། །ཆགས་པའི་སྒྲ་ཡི་ཡི་གེར་བརྗོད། །དང་པོ་གཉིས་པས་གནན་པར་བྱ། །


DNG024_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་གསུམ་པའི་ལྔ་པ་ཐིག་ལེར་བཅས། །ཅུང་ཟད་རིང་བའི་སྒྲ་དང་ལྡན། །དང་པོ་བཞི་པ་རིང་པོར་གནས། །བརྒྱད་པའི་མཐའ་ཅན་དང་པོ་ལ། །གཉིས་པའི་ལྔ་པ་ཐིག་ལེར་བཞག །ཚེག་དྲག་དྲག་པོའི་སྒྲ་དང་ལྡན། །དང་པོའི་དང་པོ་གཞག་པར་བྱ། །གཉིས་པའི་ལྔ་པའི་དང་པོ་ནི། །བརྒྱད་པའི་གསུམ་པའི་འདྲེལ་པར་བཞག །ཅུང་ཟད་འཐུག་པའི་སྒྲ་དང་ལྡན། །གཉིས་པའི་གཉིས་པ་དང་པོ་ལ། །དང་པོར་རིག་བྱེད་གཉིས་པར་མནན། །གཉིས་པའི་ལྔ་པའི་ལྔ་པ་ལ། །དང་པོ་ལྔ་པས་ཡན་ལག་བརྒྱན། །གཉིས་པའི་དང་པོ་རབ་ཏུ་བཞག །གཉིས་པའི་དྲུག་པའི་གསུམ་པ་ནི། །དང་པོའི་ལྔ་པས་ཡན་ལག་བཀོད། །གཉིས་པའི་དྲུག་པའི་དང་པོ་ལ། །གཉིས་པའི་ལྔ་པ་ཐིག་ལེར་བཞག །གཉིས་པའི་གསུམ་པའི་དང་པོ་ལ། །ཆགས་པའི་ཡི་གེ་ཡན་ལག་ལྡན། །དང་པོའི་གཉིས་པས་གནན་པར་བྱ། །མ་ནིང་ཆགས་པའི་སྒྲ་ལ་ནི། །གཉིས་པའི་བཞི་པའི་གསུམ་པ་བཞག །གཉིས་པའི་བཞི་པའི་མཐར་ལྡན་དགོད། །གཉིས་པའི་བཞི་པའི་དང་པོ་ལ། །ཡན་ལག་ཆགས་པའི་སྒྲ་དང་ལྡན། །ཅུང་ཟད་རིང་བའི་ཡི་གེ་བརྗོད། །གཉིས་པའི་དྲུག་པའི་དང་པོར་ནི། །བྱེ་བྲག་གཉིས་ཀྱི་སྒྲ་དང་ལྡན། །ཐུང་དང་རིང་དུ་རྣམ་པར་བཤད། །གཉིས་པའི་དྲུག་པའི་དང་པོ་ལ། །ཚེག་དྲག་གིས་ནི་བཀོད་པར་བྱ། །གཉིས་པའི་བཞི་པའི་དང་པོ་ལ། །དང་པོ་གཉིས་པས་གནན་པར་བྱ། །གཉིས་པའི་ལྔ་པའི་དང་པོ་ལ། །ཆགས་པའི་ཡི་གེ་གདགས་པར་བྱ། །གཉིས་པའི་བཞི་པའི་དང་པོ་ལ། །དང་པོའི་གཉིས་པས་གནན་པར་བྱ། །གཉིས་པའི་གཉིས་པའི་བཞི་པ་ལ། །གཉིས་པའི་ལྔ་པ་ཐིག་ལེར་བཞག །ཤུགས་ཀྱི་རིང་བའི་སྒྲ་དང་ལྡན། །བརྒྱད་པའི་མཐར་ལྡན་གསུམ་པ་བཞག །གཉིས་པ་ཡི་ནི་ལྔ་པ་ནི། །ཅུང་ཟད་རིང་བ་ཤེས་པར་བྱ། །དེར་ནི་ཆགས་པའི་ཡི་གེ་དགོད། །བརྒྱད་པའི་མཐའ་ཅན་གསུམ་པ་ལ། །དང་པོ་གཉིས་པས་གནན་པར་བྱ། །གཉིས་པའི་བཞི་པའི་གསུམ་པའི་གཉིས། །མཐུག་དང་ཤིན་


DNG024_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མཐུག་པར་བརྗོད། །འདིར་ནི་དང་པོའི་བཞི་པ་བཞག །གཉིས་པའི་བཞི་པའི་གསུམ་པ་ལ། །གཉིས་པའི་ལྔ་པ་ཐིག་ལེར་བཞག །གཉིས་པའི་བཞི་པའི་གསུམ་པ་ལ། །དང་པོ་གསུམ་པའི་ཡན་ལག་གདགས། །བརྒྱད་པའི་མཐའ་ཅན་གཉིས་པ་ལ། །གཉིས་པའི་གསུམ་པའི་དང་པོ་གདགས། །གཉིས་པའི་གཉིས་པ་དྲག་པོའི་སྒྲ། །ཚེག་དྲག་གིས་ནི་ཤེས་པར་བྱ། །སྡེ་ཚན་བརྒྱད་པོ་མཐའ་ལྡན་པ། །དང་པོའི་གཉིས་པས་གནན་པར་བྱ། །སྟོབས་པར་བྱེད་པའི་སྒྲ་གཉིས་ལྡན། །རིང་དང་ཤིན་ཏུ་རིང་བར་བརྗོད། །གཉིས་པའི་ལྔ་པའི་ལྔ་པ་གཉིས། །བར་དུ་ཆགས་པའི་ཡི་གེ་ནི། །ཤིན་ཏུ་དྲག་པ་གཉིས་སུ་བཤད། །གཉིས་པ་ཡི་ནི་བཞི་པ་ལ། །ཆགས་པའི་ཡི་གེས་ཡན་ལག་དགོད། །དང་པོ་གཉིས་པས་གནན་པར་བྱ། །ཤིན་ཏུ་དྲག་པོ་སྒྲ་གཉིས་ལྡན། །བརྒྱད་མཐའ་ཡི་ནི་གཉིས་པ་ལ། །གཉིས་པའི་གསུམ་པའི་ལྔ་པ་གདགས། །ཚེག་དྲག་བཀོད་པའི་སྒྲ་གཉིས་ནི། །ཤིན་ཏུ་དྲག་པོ་གཉིས་སུ་བཤད། །གཉིས་པའི་ལྔ་པའི་བཞི་པ་ལ། །གཉིས་པའི་བཞི་པའི་ལྔ་པ་བཞག །གཉིས་པའི་སྒྲ་དང་ལྡན་པར་བརྗོད། །གཉིས་པའི་བཞི་པའི་བཞི་པ་ནི། །ཤིན་ཏུ་རིང་བ་གཉིས་སུ་བཤད། །བརྒྱད་པའི་མཐའ་ཅན་གཉིས་པོ་ནི། །ཚེག་དྲག་ལྡན་པ་གཉིས་སུ་བཤད། །གཉིས་པའི་གསུམ་པའི་ལྔ་པ་ནི། །འཐུག་པའི་སྒྲ་ལྡན་གཉིས་སུ་བཤད། །གཉིས་པའི་བཞི་པའི་གསུམ་པ་གཉིས། །ཤིན་ཏུ་རིང་བའི་སྒྲ་ལྡན་གཉིས། །བརྒྱད་པའི་མཐའ་ལྡན་སྒྲ་གཉིས་ནི། །ཤིན་ཏུ་དྲག་པའི་སྒྲ་དང་ལྡན། །གཉིས་པའི་ལྔ་པའི་དང་པོ་གཉིས། །ཐུང་བའི་སྒྲ་དང་ལྡན་པར་བཤད། །གཉིས་པའི་དང་པོ་དང་པོ་གཉིས། །ཅུང་ཟད་དྲག་པོའི་སྒྲ་དང་ལྡན། །འདི་ནི་འཁོར་ལོར་རབ་བཤད་པ། །དེ་ཡི་ཡི་གེ་བཏུ་བར་བྱ། །གཉིས་པ་བཞི་པའི་གསུམ་པ་ལ། །དང་པོ་གཉིས་པ་གནན་པར་བྱ། །གཉིས་པའི་བཞི་པའི་ལྔ་པ་བཞག །གཉིས་པའི་ལྔ་པའི་ལྔ་པ་ལ། །དང་


DNG024_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཞི་པས་ཡན་ལག་དགོད། །གཉིས་པ་ཡི་ནི་གསུམ་པ་ལ། །དང་པོའི་བཞི་པ་དགོད་པར་བྱ། །གཉིས་པའི་བཞི་པའི་ལྔ་པ་བཞག །བརྒྱད་པ་ཡི་ནི་མཐར་ལྡན་པ། །དང་པོའི་གསུམ་པས་ཡན་ལག་བརྒྱན། །དང་པོ་ཐུང་ངུ་ཟླ་བའི་མིག །གཉིས་པའི་ལྔ་པས་ཐིག་ལེར་བཞག །ཅུང་ཟད་རིང་བའི་སྒྲ་དང་ལྡན། །གཉིས་པའི་ལྔ་པའི་གཉིས་པ་ལ། །གཉིས་པའི་གསུམ་པའི་དང་པོ་བཞག །ཤིན་ཏུ་དྲག་པོའི་སྒྲ་དང་ལྡན། །བརྒྱད་པའི་མཐའ་ཅན་གསུམ་པ་ལ། །གཉིས་པའི་ལྔ་པའི་གསུམ་པ་གདང་། །སྡེ་ཚན་བརྒྱད་པའི་མཐའ་ལྡན་པ། །ཅུང་ཟད་རིང་བའི་སྒྲ་དང་ལྡན། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། ཡི་གེ་བཏུ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དངོས་གྲུབ་ངེས་པར་འགྲུབ་པ་དང་། །ཆོ་གའི་ལས་རྣམས་རྫོགས་པ་ཡི། །འགྲུབ་པའི་རྒྱུ་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དངོས་གྲུབ་ཉེ་བར་འགྲུབ་པའི་རྒྱུ། །དམ་ཚིག་ཆོ་ག་འདི་དག་ལ། །གནས་པར་བྱེད་པའི་རྣལ་འབྱོར་པས། །དང་པོ་བསམ་གཏན་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས། དམ་ཚིག་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བླ་མ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་ནག་པོ་ཆེན་པོ་ནི། །རྟག་ཏུ་ཡིད་ལ་གནག་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྔགས་དང་ཕྱག་རྒྱ་བསམ་གཏན་ལ། །ཡིད་ཀྱིས་སོམ་ཉི་མེད་པར་བྱ། །ཡོངས་སུ་མ་སྨིན་སེམས་ཅན་དང་། །བླ་མ་རྡོ་རྗེ་འཛིན་སྤོང་བ། །དམ་ཚིག་འདྲལ་བར་བྱེད་པ་དང་། །རྒྱལ་བའི་བསྟན་པ་འཇིག་བྱེད་
པ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །བསམ་གཏན་སྔགས་དང་ལྡན་གྱུར་ནས། །སྙིང་རྗེས་བསྒྲལ་བར་མ་བྱས་ན། །རྣལ་འབྱོར་ངེས་པར་ལྟུང་བར་བཤད། །དཔལ་ལྡན་ནག་པོ་སྒྲུབ་པ་དེས། །སྐུ་དང་གྲི་གུག་ཐོད་པ་དང་། །མཐུན་པའི་དམ་རྫས་ལ་སོགས་པ། །དེ་དག་རྟག་ཏུ་སྦ་བར་བྱ། །སྔགས་དང་རྒྱུད་ཀྱི་དོན་རྣམས་དང་། །ནག་པོའི་བསམ་གཏན་ཆོ་གར་བཅས། །ཀུན་ལ་བསྟན་པར་མི་བྱ་སྟེ། །བདུད་རྩི་ལྔ་དང་བསྲེག་རྫས་དང་། །ཤ་ཆེན་ཉ་ཤ་ཆང་དང་ནི། །དུག་གི་ལ་དུ་ལ་སོགས་པ། །མཐུན་པའི་དམ་རྫས་ཐམས་ཅད་ནི། །རྟག་ཏུ་རྣལ་འབྱོར་པ་ཡིས་བསྟེན། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྐུ་དང་གྲི་གུག་ཐོད་པ་དང་། །ནི་རང་སུ་ལ་སོགས་པ་ནི། །བླ་མས་རབ་ཏུ་གནས་བྱས་ཏེ། །དུས་གསུམ་མཐུན་པའི་རྫས་ཀྱིས་མཆོད། །རྟག་ཏུ་ཚོགས་ཀྱི་འཁོར་ལོས་མཆོད། །དཔལ་ལྡན་ནག་པོ་སྒྲུབ་འདོད་པས། །བླ་མས་རྗེས་སུ་གནང་བར་བྱ། །དེས་ནི་དཔལ་ལྡན་ནག་པོ་འགྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་གནས་པར་བྱེད་པ་ནི། །དམ་ཚིག་ཆེན་པོར་རབ་ཏུ་བཤད། །ཀུན་ལ་བསྟན་པར་མི་བྱ་སྟེ། །གལ་ཏེ་རྨོངས་པར་བསྟན་གྱུར་ན། །ཨརྫ་ཀ་ཡི་འབྲས་བུ་ལྟར། །མགོ་དང་ལུས་པོ་འགས་འགྱུར་ཏེ། །དམྱལ་བར་ངེས་པར་ལྟུང་བར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། དམ་ཚིག་གི་ལེའུ་སྟེ་བཅུ་པའོ།། །།དཔལ་ནག་པོ་ཆེན་པོའི་རྒྱུད་དྲག་པོ་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བ་རྫོགས་སོ། །སྣ་ནམ་རྡོ་རྗེ་བླ་མས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ནག་པོ་ཆེན་པོ་གཟུགས་ཅན་གཅེར་བུའི་རྒྱུད་ཅེས་བྱ་བ།


DNG024_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་རཱུ་པ་བི་ཀྲན་ཏ་ཏན་ཏྲ་ནཱ་མ།བོད་སྐད་དུ། ནག་པོ་ཆེན་པོ་གཟུགས་ཅན་གཅེར་བུའི་རྒྱུད་ཅེས་བྱ་བ། རྡོ་རྗེ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རི་


DNG024_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཆེན་པོའི་སྟེང་། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། དེའི་ཚེ་རི་རབ་ཀྱི་བྱང་ཤར་ལྷ་མ་ཡིན་གྱི་གྲོང་ཁྱེར་སུམ་བརྩེགས་ཞེས་བྱ་བ་ན། ལྷ་མ་ཡིན་གྱི་རྒྱལ་པོ་ཧེ་རན་པག་ཤུ་ཞེས་བྱ་བ་གནས་ཏེ། ལྷ་རྣམས་ལ་འགྲན་ཏོ། །འགྲན་པས་ལྷ་རྣམས་ཕམ་པར་གྱུར་ཏོ། །ལྷ་ཕལ་ཆེར་ལྷའི་ཡུལ་ལས་འཕོས་པར་གྱུར་ཏོ། །དེ་རྣམས་ཀྱིས་བསམས་པས་ལྷའི་བདག་པོ་ཆེན་པོ་དབང་ཕྱུག་ཆེན་པོའི་བུ་ལེགས་ལྡན་ནག་པོ་ཞེས་བྱ་བ། ལྷ་མ་ཡིན་གྱི་རྒྱལ་པོ་འདུལ་བར་འདྲ་སྟེ། ལེགས་ལྡན་ནག་པོ་ག་ལ་དེར་ལྷ་རྣམས་འདུས་ནས་སྨྲས་པ། ལྷ་ཆེན་པོ་ལེགས་ལྡན་ལྷའི་གནས་འདིར། ལྷ་མ་ཡིན་གྱི་རྒྱལ་པོ་འཁོར་དང་བཅས་པ་འོངས་པ་མི་ཤེས་སམ། འདི་དག་གིས་ནི་ལྷའི་རྒྱལ་སྲིད་ཀྱང་ཕམ་ལ་ཉེའོ། །དེའི་ཕྱིར་ཁྱེད་ཀྱི་མཐུས་སོམས་ཤིག་ཅེས་སྨྲས་སོ། །ལྷ་ཆེན་པོ་དེས་བསམས་པ། ལྷ་མ་ཡིན་གྱི་རྒྱལ་པོ་འདི་ནི་མཚོན་ཆས་མི་ཤིགས་པ་ཡིན་ཏེ། དུག་དང་འབྱུང་བ་ཆེན་པོས་ཀྱང་མི་ལྕིབ། དྲང་སྲོང་གིས་དམོད་ཀྱང་བསྡིག་པར་མི་འགྱུར་བ་སྟེ། འདི་ཐབས་ཇི་ལྟ་བུས་རླག་པར་འགྱུར་ཞེས་བསམས་པ། རིགས་སྔགས་ཀྱི་མཐུ་འབའ་ཞིག་གིས་མཆོག་ཏུ་འགྱུར་བར་ཤེས་ནས། ལྷའི་བུ་ཆེན་པོ་དེ་རང་གི་གནས་ག་ལ་བ་དེར་དོང་སྟེ། ལྕང་ལོ་ཅན་གྱི་ཕོ་བྲང་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱན་སྔར་འདུག་ནས་ལན་གསུམ་དུ་གསོལ་པ། ཀྱེ། ནག་པོའི་ཚོགས་ཅན་ལྷ་མིན་འདིས། །ལྷ་ཡི་བུ་རྣམས་ཕམ་པར་བྱས། །དཀར་པོའི་ཕྱོགས་ཀྱང་ནག་པོར་གྱུར། །འདི་དོན་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་པས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས། ལྷ་ཆེན་པོ་ནག་པོ་དེ་ལ་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་། ཕྲིན་ལས་ཀྱི་དབང་བསྐུར། དྲག་སྔགས་འབྲུ་བདུན་གྱིས་ཀྱང་དབང་བསྐུར། སྲིད་པ་གསུམ་འདུལ་བའི་དབང་ཐོབ་པའི་རྟགས་སུ་ལག་པ་གཡས་པས་ཁ་ཊྭཱཾ་རྩེ་


DNG024_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱིན། སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་དང་ལོངས་སྤྱོད་ལ་དབང་ཐོབ་པའི་རྟགས་སུ་ལག་པ་གཡོན་པར་གློ་སྙིང་བྱིན་ནོ། །དབང་བསྐུར་ཆེན་པོས་གསང་བའི་དབང་བསྐུར་བའི་ཆ། ལྷ་མ་ཡིན་གྱི་རྒྱལ་པོ་ཧེར་ན་ཧེར་དུ་པག་ཤུ་དང་། ཨཱརྱ་ཀྲ་མ་དང་གསུམ་རྡུལ་དུ་བརླག་པར་བྱའོ། །ལྷ་མ་ཡིན་གྱི་གྲོང་ཁྱེར་སུམ་བརྩེགས་ཀྱང་བརླག་པར་བྱས་སོ། །གཞན་ཡང་གསང་བ་སྔགས་ཀྱི་མཐུ་ཆེན་པོས་ནག་པོའི་ཕྱོགས་ཐམས་ཅད་བཏུལ་ཏེ། དཀར་པོའི་ཕྱོགས་ཀྱི་བསྟན་པ་སྐྱོང་བར་གཏད་དོ། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། བྱུང་ཚུལ་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་འཁོར་དེ་ནས་ལྷའི་བུ་གྲགས་ལྡན་ཕྱོགས་ཞེས་བྱ་བ་གནས་པ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་གསོལ་པ། ཀྱེ། གསང་བའི་བདག་པོ་ཆེན་པོ་ལགས། །ལྷ་ཆེན་འདི་རུ་དབང་བསྐུར་བ། །ཅི་དོན་ལྷ་མིན་གཅིག་པུ་འམ། །གཞན་དོན་དགོངས་པ་ཡོད་དམ་ཅི། །གསང་བའི་བདག་པོས་བཀའ་སྩལ་པ། །འདི་རུ་ལྷ་མིན་འདུལ་བ་དང་། །མ་འོངས་བསྟན་པ་གཏད་པའི་ཕྱིར། །ང་ཡི་སྔགས་ཀྱིས་དབང་བསྐུར་ཏེ། །ང་ཡི་བསྟན་པར་གནས་པ་རྣམས། །རྡོ་རྗེ་མགོན་པོ་ལ་མཆོད་ན། །མོས་པ་དེ་ཡི་བསོད་ནམས་ཀྱང་། །རྒྱལ་པོ་བཞིན་དུ་འཕེལ་བ་དང་། །བསྟན་པ་ཡུན་དུ་གནས་པར་འགྱུར། །ང་ཡི་ལྷ་དང་མི་ཡི་མགོན། །ང་ཡི་ལྷ་རུ་མངའ་གསོལ་བས། །མ་འོངས་པ་ན་མཆོད་པ་ཡི། །དགེ་སློང་དེ་ནི་ཕམ་མི་འགྱུར། །ང་ཡི་དྲག་པོ་གསང་སྔགས་ཀྱིས། །དབང་ཆེན་བསྐུར་བའི་སྔགས་བདག་འདི། །མཆོད་པ་བྱེད་པའི་སྔགས་པ་འདི། །གཞན་གྱི་སྲོག་ལ་དབང་ཐོབ་འགྱུར། །ལྷ་རྣམས་ཀུན་གྱི་དེད་དཔོན་པས། །ལྷ་ཡི་རྒྱལ་པོ་ཞེས་ཀྱང་བྱ། །བསྟན་པ་འཇིག་པའི་སྲོག་གཅོད་པས། །བདུད་ཀྱི་རྒྱལ་པོ་ཞེས་ཀྱང་བྱ། །སེམས་ཅན་ཀུན་གྱི་དོན་བྱེད་པས། །རྡོ་རྗེ་མགོན་པོ་ཞེས་ཀྱང་བྱ། །སངས་རྒྱས་བསྟན་པ་འཛིན་པས་ན། །བྱང་


DNG024_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ཞེས་བཀའ་སྩལ་ཏོ། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། ནག་པོ་ཆེན་པོའི་མཚན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལྷའི་བུས་གསོལ་པ། བཅོམ་ལྡན་འདས་གསང་བའི་བདག་པོ་ལགས། ལྷའི་རྒྱལ་པོ་ཆེན་པོ་ནི་མི་རྣམས་ཀྱི་མགོན་པོ་ཆེན་པོ་དེ་ལྟ་བུ་དེ་ལ། མཆོད་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་ན། མཆོད་པའི་ཐབས་ནི་ཇི་ལྟར་བགྱི། བསྒྲུབ་པའི་ཐབས་ནི་གང་། བསྙེན་པའི་ཐབས་ནི་དུ། གསང་བའི་བདག་པོས་བཀའ་སྩལ་པ། ལྷའི་བུ་ཉོན་ཅིག །སེམས་ཅན་ཀུན་གྱི་མགོན་བྱེད་པས། །རྡོ་རྗེ་མགོན་པོ་ནག་པོ་འདི། །མཆོད་པའི་ཐབས་ནི་གསུམ་དུ་ཤེས། །སྒྲུབ་པའི་ཐབས་ཀྱང་གསུམ་དུ་བསྟན། །བསྟན་པའི་ཐབས་ཀྱང་གསུམ་དུ་བསྟན། །ལྷའི་བུས་གསོལ་པ། གསང་བའི་བདག་པོ་མཆོད་པའི་ཐབས་གསུམ་གང་ཞེས་བགྱི། གསང་བའི་བདག་པོས་བཀའ་སྩལ་པ། །ཕྱི་རུ་མཆོད་དང་ནང་དུ་མཆོད། །གསང་བ་ཆེན་པོའི་མཆོད་ཐབས་སོ། །ལྷའི་བུས་གསོལ་པ། གསང་བའི་བདག་པོ་མཆོད་པའི་ཐབས་གསུམ་པོ་གང་། གསང་བའི་བདག་པོས་བཀའ་སྩལ་པ། །ཕྱི་རུ་མཆོད་པའི་མཆོད་རྫས་ནི། །མཆོད་པ་ལྔ་དང་གཏོར་མའི་རྫས། །སྤོས་དཀར་མེ་ཏོག་དཀར་པོ་དང་། །ཙན་དན་ཁུ་བ་མར་མེ་བཤོས། །མངར་གསུམ་རུ་ལུ་དམར་གཏོར་འབྲས། །ཤ་དང་ཆང་སོགས་མགོན་པོ་མཆོད། །ནང་ལྟར་མཆོད་པ་བཀའ་སྩོལ་ཅིག །གསང་བའི་བདག་པོས་བཀའ་སྩལ་པ། །སྤོས་ནག་མེ་ཏོག་ནག་པོ་དང་། །ནིམ་པའི་ཁུ་བ་མར་མེ་བཤོས། །ཚ་བ་གསུམ་གྱི་རི་ལུ་དང་། །ཤ་ཆེན་ཉ་ཤ་བ་ལང་ཤ །གཏོར་མ་ཁྲག་ཏུ་སྦགས་པ་དང་། །ཆང་དང་ལ་ཕུག་སྒོག་བཙོང་དང་། །རྟག་ཏུ་མགོན་པོ་ནག་པོ་མཆོད། །ལྷའི་བུས་གསོལ་པ། གསང་ལྟར་མཆོད་པ་བཀའ་སྩོལ་ཅིག །གསང་བདག་ཆེན་པོས་བཀའ་སྩལ་པ། །གསང་བའི་མཆོད་པ་བསྟན་པ་ནི། །བདུད་རྩི་ལྔ་ཡི་མཆོད་པ་དང་། །མི་ནག་རྟ་ནག་ཁྱི་ནག་སྙིང་། །སྙིང་སྣ་ཕྱེ་མ་ཁྲག་ལས་ནི། །སྦྱར་བའི་རི་ལུ་གཏོར་མ་ཆེ། །


DNG024_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་པཱ་ལ་ནི་བཀང་བྱས་ནས། །རྟག་ཏུ་མགོན་པོ་ནག་པོ་མཆོད། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། མཆོད་པའི་ལེའུ་སྟེ་གསུམ་པའོ།། །།ལྷའི་བུས་གསོལ་པ། སྒྲུབ་པའི་ཐབས་གསུམ་གསུངས་པ་ཡི། །དེ་དོན་བསྒྲུབ་ཕྱིར་བཀའ་སྩོལ་ཅིག །གསང་བའི་བདག་པོས་བཀའ་སྩལ་པ། །ཕྱི་ཡི་སྒྲུབ་ལུགས་དམ་པ་ནི། །གཞལ་ཡས་ཁང་པ་ཤར་བལྟས་ན། །ནང་དུ་དཀྱིལ་འཁོར་བརྩམ་པར་བྱ། །པདྨ་རིན་ཆེན་འབར་བ་བྲི། །ཕྱི་རུ་བདེན་པ་ལ་སོགས་བདར། །གཏོར་མ་དཀར་པོ་དེ་བཞིན་ནོ། །ཕྱི་རྒྱུད་མཐུན་ཏེ་ལེགས་པར་བྱ། །བདག་ཉིད་ཡེ་ཤེས་རྡོ་རྗེ་ཅན། །ཞི་བའི་ཚུལ་ཅན་ཅུང་ཞིག་ཁྲོ། །མཚམས་དང་བྱ་བའི་རིམ་པ་ཡང་། །དཀར་སེར་རཾ་གྱི་ཡི་གེ་ལས། །རིན་པོ་ཆེ་ཡི་དབུ་རྒྱན་ཅན། །ཉི་མ་ཟླ་བས་བརྒྱན་པ་ཡི། །ལྷ་མིན་རྒྱལ་པོའི་གདན་ལ་ནི། །ཁ་ཊྭཱཾ་རྩེ་གསུམ་རིན་ཆེན་འབར། །དགོངས་པ་ཐམས་ཅད་འགྲུབ་པར་བྱེད། །སྤྱན་དྲང་བཞུགས་དང་མཆོད་པ་ནི། །ཏིང་ངེ་འཛིན་གྱིས་གསལ་བར་བྱ། །ཨེ་ཧྱ་ཧི། བཛྲ་མ་ཧཱ་ཀཱ་ལ་ཨ་གད་ཛ་ཡ་ས་མ་ཡ་སྟྭཾ། ཨ་ཧ་ར། དུ་པ་པུཥྤ། དི་པ། གྷན་དྷི། བྷ་ལིནྟ་པྲ་ཏཱི་ཛ་ཧོ་ཁཱ་ཧི། ཧོ་ཧེ་ཧཱུཾ་ཕཊ། དེ་ནས་སྲོག་གི་སྙིང་པོ་འབུམ་ཕྲག་གཅིག་གིས་ལས་རྣམས་འགྲུབ། །ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་དེ་བ་སིད་དྷི་ཡཾ་དུཛྫ། ལྷ་ཡི་རྒྱལ་པོའི་གསང་སྔགས་འདི། །གང་གིས་བཟླས་པས་དངོས་གྲུབ་ནི། །ལྷ་དང་མི་ཡི་དབང་པོ་ནི། །འཁོར་ལོས་སྒྱུར་བའི་དབང་པོ་རུ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། ཕྱི་ཡི་ཚུལ་དུ་མགོན་པོ་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་མགོན་པོ་ནི། །ནང་ཚུལ་བསྒྲུབ་པ་གསུངས་པ་ནི། །གཞལ་ཡས་ཁང་པ་ནུབ་བྱང་བསྟན། །ནང་དུ་དཀྱིལ་འཁོར་བརྩེག་པར་བྱ། །རྒྱས་པ་ཞི་བ་དབང་དྲག་པོ། །ཁྱམས་དང་སྒོ་བཞི་སྒོ་ཁྱུད་ལྡན། །མཚམས་


DNG024_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱ་བའི་རིམ་པ་ཡང་། །མ་ཧཱ་ཡོ་ག་དང་ནང་རྒྱུད་མཐུན་ཏེ་ལེགས་པར་བྱའོ། །བདག་ཉིད་ཡེ་ཤེས་རྡོ་རྗེ་ཅན། །དྲག་པོའི་ཚུལ་ཅན་སྐུ་མདོག་སྔོ། །འབར་བའི་ཧཱུཾ་ལས་བསྐྱེད་པར་བྱ། །རྡོ་རྗེ་མགོན་པོ་ནག་པོ་ཡང་། །དམར་ནག་རཾ་གྱི་ཡི་གེ་ལས། །དར་ནག་བཀླུབས་པའི་བེར་ནག་ཅན། །ཉི་མ་ཟླ་བས་དེ་བཞིན་བརྒྱན། །ཨརྱ་ཀྲ་མའི་གདན་ལ་ནི། །ཁ་ཊྭཱཾ་ག་དང་ཐོད་པ་འཆང་། །མགོན་བྱེད་པ་ཡི་མཆོག་ཏུ་བསྒོམ། །སྤྱན་དྲང་བཞུགས་དང་མཆོད་པ་ནི། །འོད་ཟེར་ཚུལ་གྱི་གསལ་བར་བྱ། །ཨོཾ་མ་ཧཱ་ཀཱ་ལ་བེ་བེ་ཧྲིཾ་ཧྲིཾ་ཨ་གད་ཛ་ཡ་ས་མ་ཡ། ཨརྒྷཾ། དུཾ། དུསྥཾ། གན་དྷཾ། བི་བཾ། བྷ་ལིཾ་ཧཾ། མཱ་མ་སརྦ་ཤ་ལ་མུ་ཀཾ། བེ་ལེ་བ་ས་ལ་ས་རུ་ཏི་ཙི་བཾ་པྲི་ཡཾ། ཀ་ཀྵ་ནི་ཨི་དཾ་དྷ་བ་ལིཾ་གྷྲྀཧྞ་གྷྲྀཧྞ། ཁཱ་ཧི་ཁཱ་ཧི། བུན་ཛ་ཧོ་བི་པ་ཧོ། ས་མ་ཡ། ཨ་ཏི་ཀྲ་མ་ཡ་ཧཱུཾ་ཕཊ། དེ་ནས་སྲོག་གི་སྙིང་པོ་ནི། །ཁྲི་ཕྲག་ལྔ་ཡིས་ལས་རྣམས་འགྲུབ། །ཨོཾ་མ་ཧཱ་ཀཱ་ལ་ཏྲག་ཤད་མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛ། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། ནང་གི་ཚུལ་དུ་མགོན་པོ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་མགོན་པོ་ཆེ། །གསང་བའི་སྒྲུབ་པའི་ཐབས་མཆོག་ནི། །གཞལ་ཡས་ཁང་པ་ལྷོ་ཕྱོགས་བལྟས། །ནང་དུ་དཀྱིལ་འཁོར་བཅའ་བ་ནི། །ཐོད་པ་འབར་བའི་དཀྱིལ་འཁོར་བརྩིག །ས་འཇམ་ཁྲག་གིས་བསྒྲུབ་པ་ལ། །རྟ་ལུག་མི་རུས་ཕྱེར་བཏགས་ནས། །ཟངས་དང་ལྕགས་ཕྱེ་བཏགས་ནས་ཀྱང་། །གསང་བ་དམ་པའི་དཀྱིལ་འཁོར་བརྩིག །ལོག་པའི་ལུག་དང་རྟ་དང་ནི། །མི་དང་སྤྲེའུ་ཡི་ཐོད་པ་བརྩིག །ཟུར་བཞི་རིན་ཆེན་ཟངས་ལས་བྱས། །རྨང་དང་ཁ་ཁྱེར་ལྕགས་ལས་བྱས། །ཟུར་བཞི་རྒྱལ་མཚན་ཆེན་པོ་བཞི། །སྟག་གཟིག་དོམ་གསུམ་ཁྱི་བརྒྱད་ནི། །ཕྱོགས་བཞི་མཚམས་བཞིར་ཁ་ཕྱིར་བསྟན། །བྱ་ནག་བརྒྱད་ནི་རྩེ་ལ་དགོད། །གཞལ་ཡས་དེ་ནི་ཁྲུ་བཞི་འམ། །ཁྲུ་གང་ལ་སོགས་ཅི་འབྱོར་ཚད། །དེ་ཡི་ནང་དུ་གཞུག་པ་ནི། །མཆོད་


DNG024_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་ཚོགས་བཅས་པ་ཡི། །བདུད་ཀྱི་རྒྱལ་པོའི་སྐུ་ཡང་གཞག །མཚམས་དང་བྱ་བའི་རིམ་པ་ཡང་། །ནང་རྒྱུད་མཐུན་ཏེ་ལེགས་པར་བྱ། །བདག་ཉིད་ཡེ་ཤེས་རྡོ་རྗེ་ཅན། །ཁྲོ་བོའི་ཚུལ་ཅན་ལེགས་པར་བསྐྱེད། །ཧཱུཾ་གི་ཡི་གེ་ལ་སོགས་པར། །དུར་ཁྲོད་དཔལ་གྱི་རྒྱན་ཆར་ལྡན། །འབར་བའི་གར་དགུས་བརྗིད་པའོ། །རྡོ་རྗེ་མགོན་པོ་ནག་པོ་ཡང་། །ནག་པོ་རཾ་གྱི་ངོ་བོ་ལས། །ནག་པོ་གཅེར་བུ་འཇིགས་པའི་སྐུ། །སྦྲུལ་དང་ཐོད་རློན་ཕྲེང་བས་བརྒྱན། །ཁ་གདངས་མཆེ་བ་དམར་པོ་གཙིགས། །ལྕེ་འདྲིལ་དུག་གི་ཁ་རླངས་འཐུལ། །མེ་དང་དུག་གི་སྐྱུག་པ་སྐྱུགས། །སྤྱན་གསུམ་མེ་འབར་ཚ་ཚ་འཕྲོ། །གཡས་ན་ཁ་ཊྭཱཾ་བདུད་རིགས་འཛིན། །གཡོན་ན་གློ་སྙིང་དགྲ་བོ་གསོད། །གསོད་པར་བྱེད་པའི་མཆོག་ཏུ་བསྒོམ། །སྤྱན་དྲང་བཞུགས་དང་མཆོད་པ་ནི། །སྔགས་པའི་ཏིང་འཛིན་གསལ་བར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་རུ་ཏྲ་རུ་ཏྲ་ཧྲིཾ། ཨ་གད་ཛ་ས་མ་ཡ་སྟྭཾ། སརྦ་པཉྩ་ཨ་མྲྀ་ཏ། ཨོཾ་མ་ཧཱ་ཀཱ་ལ་མཱཾ་ས་ལ་ཁཱ་ཧི། རཀྟ་ཙིཏྟ་བ་སུ་ཏ། བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཙཎྜ་མ་ཧཱ་ཀཱ་ལ་དི་ལིན་དྷ་བྷ་ལིཾ་ཁཱ་ཧི་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་སྲོག་གི་སྙིང་པོ་ནི། །ཁྲི་ཕྲག་གསུམ་གྱིས་ལས་རྣམས་འགྲུབ། །རྡོ་རྗེ་མགོན་པོ་ནག་པོ་ཉིད། །འགྲོ་བའི་གདུག་པ་འདུལ་བའི་ཕྱིར། །བདུད་ཀྱི་རྒྱལ་པོ་ཆེན་པོ་ཉིད། །ཐོད་པའི་ཕྲེང་བ་ཅན་དུ་མཛད། །ཨོཾ་མ་ཧཱ་ཀཱ་ལ་རུ་ཏྲ་སིད་དྷི་ཡཾ་དུ་ཛ། གོང་གི་སྔགས་འདི་བཟླས་པ་དེ། །སྡང་བ་ཐམས་ཅད་གསད་པ་ཡི། །དངོས་གྲུབ་ཆེན་པོ་སྣང་བར་མཛད། །གསང་བའི་བདག་པོའི་མཐུ་དང་མཚུངས། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། གསང་བའི་ཚུལ་དུ་མགོན་པོ་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ལྷའི་བུས་ཞུས་པ་བསྟེན་པའི་ཐབས་ནི་གང་ལ་བགྱི། གསང་བའི་བདག་པོ་ཆེན་པོ་ཡིས། །མགོན་པོ་བསྟེན་པ་བཀའ་སྩལ་པ། །ཕྱི་རྟེན་ནང་རྟེན་གསང་བའི་རྟེན། །གཡག་དཀར་ལུག་ནག་རྒྱན་བྱས་


DNG024_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཕྱི་ཡི་རྟེན་དུ་གཟུང་བར་བྱ། །མཁའ་ནག་གོས་ནག་བརྒྱན་པ་ནི། །ནང་གི་རྟེན་དུ་གཟུང་བར་བྱ། །སེང་ལྡེང་འམ་ནི་ཚེར་མ་ཅན། །བེ་ཤིང་ནག་པོ་འདོམ་གང་ལ། །རྩེ་མོར་གནམ་ལྕགས་མདེའུ་གཟུགས་ལ། །རྩ་བ་བྱ་རྒོད་སྒྲོ་ཡི་རྒྱན། །དྲི་རྒོད་སྙིང་ལ་དར་ནག་བརྒྱན། །དྲི་ཞིམ་སྤོས་དང་སྨན་སྣ་ཚོགས། །གཞན་ཡང་སྙིང་གི་ཕྲེང་བ་དང་། །བསད་པའི་སྲོག་གི་སྙིང་པོ་དང་། །བདག་ཉིད་གསང་མཚན་ཨ་མྲྀ་ཏ། །གཞུའམ་གབ་ཙེར་སྩལ་ཏེ་གདགས། །གསང་བའི་དཀྱིལ་འཁོར་གནས་གཟུགས་ཏེ། །གཞན་ལ་བསྟན་པ་མ་ཡིན་ནོ། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། རྟེན་ཐམས་ཅད་བསྟེན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྷའི་བུས་གསོལ་པ། དེ་ལྟར་བསྙེན་ཅིང་བསྒྲུབ་པ་ཡི། །རྡོ་རྗེ་མགོན་པོ་ནག་པོ་དེ། །བྱ་བའི་ལས་ལ་ཇི་ལྟར་སྦྱར། །འདོད་པའི་དངོས་གྲུབ་ཅི་ལྟར་བླང་། །རྡོ་རྗེ་ཅན་གྱིས་བཀའ་སྩལ་པ། །འདི་ལ་ཕྱི་ནང་རྣམ་པ་གསུམ། །ཕྱི་ལྟར་དངོས་གྲུབ་སྒྲུབ་པ་ནི། །པདྨ་ཆེན་པོ་དེ་དབུས་སུ། །རྡོ་རྗེ་མགོན་པོ་སྤྱན་དྲངས་ཏེ། །ཞལ་ཟས་སྣ་ཚོགས་མདུན་བསགས་ཏེ། །གསང་སྔགས་རྒྱལ་པོ་རྫོགས་པ་དེ། །དངོས་གྲུབ་སྔགས་ནི་ཁྲི་ཕྲག་གཅིག །དེ་རུ་བཟླས་པ་བྱས་པ་ཡིས། །ཡིད་ལ་ཅི་བསམ་འགྲུབ་པར་འགྱུར། །ཨོཾ་མ་ཧཱ་ཀཱ་ལ་དེ་བ་སིད་དྷ་ཡན་ཛ། མ་མ་སིདྡྷི་གུ་རུ། ཞེས་བཟླས་སོ། །འདི་བཟླས་པས་ཁམས་གསུམ་གྱི་རྒྱལ་པོར་འགྱུར། བུ་དང་བུ་མོའི་རིགས་རྒྱུད་འཕེལ་བར་འགྱུར། ནད་དང་སྡུག་བསྔལ་ཞི་བར་འགྱུར་རོ། །ཡིད་ལ་བསམས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། དངོས་གྲུབ་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ནང་གི་དངོས་གྲུབ་དམ་པ་ནི། །བསྟན་པ་འཇིག་པའི་རཱུ་ཏྲ་ལ། །ལས་ཀྱི་མགོན་པོ་རྦད་པ་ནི། །རབས་ཆད་ཐོད་པ་མཚན་ངན་ལ། །གཤེགས་ཏེ་ལེགས་པར་ལྟག་པ་དང་། །ཨག་ཙེ་སྲོག་བདུད་ཆེན་པོ་ཡབ། །ཁྲག་དང་


DNG024_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གིས་བྲི་བར་བྱ། །ལྟེ་བ་སྲོག་གི་འཁོར་ལོར་བཅས། །སྣ་ཚོགས་རྡོ་རྗེ་ཐོད་པས་བརྒྱན། །སྲོག་གི་སྔགས་དང་སྦྲེལ་བར་བྱ། །སྟེང་གི་ལྡིང་ཁང་བདུད་མོ་ཡུམ། །སྣ་ཚོགས་པདྨ་ཐོད་རློན་དང་། །སྲོག་གི་སྔགས་དང་བཅས་པ་བྲི། །ཡབ་ཀྱི་འཁོར་ལོའི་རྩིབས་ལ་ནི། །ལས་ཀྱི་མགོན་པོ་དྲེགས་པ་ཕོ་བརྒྱད་དྲག་ཚིག་བྲི། །ཡུམ་གྱི་འཁོར་ལོའི་རྩིབས་ལ་ནི། །དུར་ཁྲོད་མ་དྲུག་བདུད་མོ་དང་། །བདུད་མོ་བདུན་གྱི་སྔགས་ཀྱིས་བརྒྱན། །ཡབ་ཡུམ་ཞལ་སྦྱར་འཁོར་ལོའི་བར། །བསྟན་པ་འཇིག་པའི་གཟུགས་བཅུག་ལ། །དེ་ནས་བྱང་ཐག་ནག་པོས་བཏགས། །སྔགས་པ་བདག་གིས་གཟུང་བར་བྱ། །ཉུང་དཀར་རྒྱལ་པོ་ལག་ཏུ་ཐོགས། །བདག་ཉིད་ཡེ་ཤེས་རྡོ་རྗེ་ཅན་དུ་བསྒོམ། །མདུན་དུ་མགོན་པོ་འཁོར་དང་བཅས་པ་སྐྱེད་པ་ནི། མགོན་པོ་ནག་པོ་ཆེན་པོ་ནི། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་བདུད་དང་གིང་དུ་བཅས། །ལག་ན་གྲི་རེ་ཐོགས་པ་རེ། །ཀུན་ཀྱང་བོས་ན་འོང་བར་བསམ། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །སྲིན་པོ་བདུད་མོ་སྒྲོལ་གིང་མོ། །དཔལ་ལྡན་ལྷ་མོ་ཉིད་དང་ནི། །ཀུན་ཀྱང་ཞགས་པ་ཐོགས་པ་རེ། །ཀུན་ཀྱང་བོས་ན་འོང་བར་བསམ། །གཏོར་མ་བྱིན་ཏེ་ཐོད་པར་བསྡིམ། །བདག་ཉིད་ཡེ་ཤེས་མགོན་པོ་ཡིས། །ལས་ཀྱི་མགོན་པོ་ཐམས་ཅད་གཟིར། །ཨོཾ་མ་ཧཱ་ཀཱ་ལ་སླི་བན་བྱིན་ནོ་སྙིང་ལ་ཡ། སུ་ཏྲི་ཙི་ཏ་རྦད་ཧཱུཾ་ཧཱུཾ་ཕཊ་ཕཊ། མ་ཧཱ་ཀཱ་ལ་ཏྲི་ཡང་བྷྱོ། བྷྱོ་ནོ་ཚལ་པ་ཏྲི་ཡང་ཛ། ལས་ཀྱི་མགོན་པོ་རྦད་པའོ། །ཨོཾ་ཨུ་དུམ་ཏི་ཧཱུཾ་ཕཊ། ཨོཾ་ཨ་ཤ་མ་ཧཱུཾ་ཕཊ། ཨོཾ་ཨ་ཀེ་དུ་ན་ཧཱུཾ་ཕཊ། ཨོཾ་ར་ཏྲི་ཤ་མ་ཧཱུཾ་ཕཊ། ཨོཾ་ཤེ་ན་ཤ་ནི་ཧཱུཾ་ཕཊ། ཨོཾ་ཨ་ཤེ་མུ་ཏྲ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། མངའ་བདག་མགོན་པོ་ཉིད་དང་ནི། །ལྷ་དང་ཀླུ་ཡི་དྲག་ཚིག་འདི། །ཕོ་ཡི་དྲག་སྔགས་བདུན་པའོ། །ཨོཾ་ཤྲཱི་ཧེ་གོ་ཛ་ནི་ཤ །ཨོཾ་མུ་རི་ཙི་ཏ་ནི་ཤག །ཨོཾ་རེ་གྲེ་ཤོ་ན་ནི་ཤག །ཨོཾ་ཤ་ཏྲི་ཤ་ནི་ཤག །


DNG024_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མུ་རི་ཙི་ཙི་ནི་ཤག །ཨོཾ་མ་ཧཱ་མུ་ཏྲ་ནི་ཤག །ཨོཾ་མ་ཧཱ་ར་ཏྲི་ནི་ཤག །དུར་ཁྲོད་མ་དྲུག་ལྷ་མོ་བདུན་གྱི་དྲག་སྔགས་བདུན་པའོ། །གལ་ཏེ་ལས་ཀྱི་མགོན་པོ་ནི། །དམ་ཚིག་དག་ལས་འདའ་བྱེད་ན། །དུག་ཆུས་གཏོར་ཞིང་སྔགས་འདི་བཟླས། །ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་ལོ་ཀི་ནུ་ས་བྷྱོ། ས་མ་ཡ་སྟྭཾ། ཞེས་བྱའོ། །དེ་ལྟར་དྲག་སྔགས་རྦད་བྱས་ལ། །ད་ནི་བསད་པའི་ལས་སྦྱོར་ནི། །འཁོར་ལོའི་བར་གྱི་དགྲ་བོ་དེ། །ཁྱི་ཡི་ཐོད་པར་བཅུག་བྱས་ལ། །དཀྱིལ་འཁོར་ཟླ་བར་འབྲུབ་ཁུང་བྱ། །དེ་རུ་ཁྱི་ཐོད་དང་བཅས་བཅུག །བསད་པའི་སྔགས་འདི་རེ་རེ་ཞིང་། །ཚ་བའི་རིམས་ཀྱིས་འདེབས་པའི་རྫས། །ཤ་ཁྲག་དང་ནི་བོང་བུའི་གཅིན། །དུག་ཆུ་ཡུངས་ཀར་རྒྱལ་པོར་སྦྱར། །ཚ་བའི་རིམས་ཀྱིས་འདེབས་པའི་སྔགས། །ཕོ་དང་མོ་དང་ཐམས་ཅད་དྲིལ། །དྲག་སྔགས་བདུན་པ་རེ་རེ་ལ། །བསད་པའི་སྔགས་འདི་རེ་རེ་ཞིང་། །བཏགས་ཏེ་ཐུན་གྱིས་བརྡེག་པར་བྱ། །ཆེ་གེ་མོ་ཛ་མཱ་ར་ཡ་ཧཱུཾ་ཕཊ། བསད་པའི་དྲག་སྔགས་འབྲུ་བདུན་པོ། །སྟོང་ཕྲག་གཅིག་ཏུ་རྫོགས་པ་དང་། །དེ་ནས་ཁྱི་ཐོད་གནན་པར་བྱ། །སྲོག་གི་འཁོར་ལོ་རྟེན་བཅས་ཏེ། །དེ་ཉིད་རབ་ཏུ་མཆོད་པར་བྱ། །ལས་རྣམས་མ་གྲུབ་བར་དུ་ བཅང་། །དེ་ནས་ཕྱིས་ཀྱང་སྤེལ་མི་བྱ། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། ནང་གི་ཚུལ་དུ་ཐུན་གྱིས་བསད་པའི་ལེའུ་སྟེ་དགུ་པའོ།། །།བསད་པའི་དྲག་སྔགས་བདུན་པོ་དེ། །དབང་མ་ཐོབ་པར་བཟླས་ན་ནི། །སྔགས་ཀྱི་ནུས་པ་མི་ཐུབ་པས། །བྱད་ཀྱི་ཤིང་ནི་མི་ཐུབ་བཞིན། །ཆུ་ཡང་འབོ་ཞིང་སྣོད་ཀྱང་འཆག །དེ་བཞིན་དབང་བསྐུར་ཐོབ་པས་བཟླས། །རི་རབ་ཆེན་པོའི་སྟེང་ཉིད་དུ། །བཅོམ་ལྡན་རྡོ་རྗེ་ཅན་དེ་ཡིས། །ལྷ་ཡི་དབང་པོ་བརྒྱ་བྱིན་ལ། །གཏད་པས་དྲག་སྔགས་མ་ཐུབ་པས། །ལྷ་ཡི་སྲིན་པོའི་ལུས་སུ་གྱུར། །ཉི་ཟླ་གཟའ་སྐར་ས་ལ་ལྷུང་། །རྡོ་རྗེ་ཅན་དག་ཉིད་ལ་ཕུལ། །དེ་ནས་བདུད་ཀྱི་རྒྱལ་པོ་ནི། །གཞན་འཕྲུལ་དབང་བྱེད་རྒྱལ་པོ་སྟེ། །དགའ་རབ་དབང་


DNG024_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ལ་གཏད་པས། །བདུད་ཀྱི་དྲག་སྔགས་མཐུ་བོ་སྟེ། །བདུད་ཀྱི་ཡུལ་ཡང་སར་འཇིག་སྙམ། །ལུས་ཀྱང་རུལ་པ་ཉིད་དུ་དོགས། །རྡོ་རྗེ་ཅན་དག་ཉིད་ལ་ཕུལ། །དེ་ནས་ཀླུ་ཡི་རྒྱལ་པོ་ནི། །རྒྱལ་རིགས་ཆེན་པོ་ལ་གཏད་པས། །ཀླུ་ཡིས་དྲག་སྔགས་མ་ཐུབ་སྟེ། །རྒྱ་མཚོ་ཆེན་པོ་སྐམས་པར་འགྱུར། །ཀླུ་ཡི་ལུས་ཀྱང་རུལ་པར་དོགས། །རྡོ་རྗེ་ཅན་དག་ཉིད་ལ་ཕུལ། །དེ་ནས་རྡོ་རྗེ་འཆང་ཆེན་དེས། །ལྷ་ཡི་མགོན་པོ་ནག་པོ་ལ། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་ནས། །དྲག་སྔགས་བདུན་པ་དེ་ལ་གཏད། །སངས་རྒྱས་བསྟན་པ་བསྲུང་དུ་བཅུག །དེ་ནས་འཛམ་གླིང་བྱང་ཕྱོགས་ཀྱི། །རང་བྱུང་ལྷུན་གྱིས་གྲུབ་པ་ཡི། །མ་ཧཱ་བོ་དྷིའི་བསྟན་སྲུང་མཛད། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ནག་པོ་ཤིན་ཏུ་གསང་བའི་དྲག་སྔགས་འདི། རྡོ་རྗེ་ཡེ་ཤེས་མགོན་པོ་ཡི། །སྐུ་གསུང་ཐུགས་ལ་ཕྱུང་མཛད་དེ། །ལས་ཀྱི་མགོན་པོ་ཉིད་ལ་གཏད། །ཨོཾ་མ་ཧཱ་ཙཎྜ། ཨོཾ་མ་ཧཱ་ཀཱ་ལ་ཏྲག་ཤད། ཨོཾ་མ་ཧཱ་ཀཱ་ལ་ཡག་ཤ །ཨོཾ་མ་ཧཱ་ཀཱ་ལ་རུ་ཏྲ། ཨོཾ་མ་ཧཱ་ཀཱ་ལ་སིད་དྷི། ཨོཾ་མ་ཧཱ་ཀཱ་ལ་ཡཾ་དུ་ཛ། ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཛ། ཞེས་ནི་རྦད་པའི་དྲག་སྔགས་བདུན། །གསད་པའི་དྲག་སྔགས་བདུན་པོ་ནི། །ཆེ་གེ་མོ་ནྲྀ་ཛྭ་ལ་མཱ་ར་ཡ་ཕཊ། ཚ་བའི་ནད་ཀྱིས་བསད་པའི་མཆོག །གང་ལ་དམིགས་པའི་གཟུགས་བྱས་ཏེ། །བསད་པའི་ཐབས་ཀྱང་རྫས་སྣ་གསུམ། །མཚོན་ཆ་དག་ནི་རྣམ་པ་ལྔ། །ཟངས་ཕྱེ་རྡོ་ཕྱེ་ལྕགས་ཕྱེ་དང་། །ཟི་ར་ཡུངས་ཀར་མཚོན་དུག་གསུམ། །དུག་ཀྱང་ཐང་ཕྲོམ་བསྲུབ་པའི་འབྲས། །ཚ་བ་གསུམ་གྱི་ཐུན་གྱིས་བརྡེག །ཉིན་གུང་མཚན་གུང་ལན་གསུམ་དུ། །བདག་ཉིད་གཅེར་བུར་བྱུང་ནས་ནི། །ནག་པོ་ཆེན་པོའི་ཏིང་འཛིན་ནི། །ཞིང་གི་དཀྱིལ་ནས་གཡོན་བརྐྱང་འདུག །གྲི་གུག་རྣོན་པོ་ཤན་པའི་གྲིས། །དགྲ་གཟུགས་གཏུབས་ཏེ་མེ་ལ་བསྲེག །ཡང་ནི་ལིངྒ་བཅའ་བྱས་ཏེ། །དེ་བཞིན་
ཞག་ནི་བདུན་བདུན་ལ། །གསང་སྔགས་བརྒྱ་ཕྲག་རེ་རེ་བཟླས། །བསད་པའི་སྔགས་དང་སྤེལ་བྱས་ན། །མྱུར་དུ་འཕོ་བར་ཐེ་ཚོམ་མེད། །བསད་པའི་མཆོག་ཏུ་བྱ་བ་ནི། །ཤ་དང་རུས་པ་ཁྲག་ལས་སུ། །བྱས་པའི་དཀྱིལ་འཁོར་ཆེན་པོ་ཡང་། །ནག་པོ་བདུན་རྩེགས་དག་ཏུ་བྱ། །དྲག་སྔགས་བདུན་གྱིས་ཞག་བདུན་དུ། །ཤིན་ཏུ་བཏུད་དེ་ལས་བྱའོ། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། དྲག་སྔགས་བདུན་གྱིས་གསད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ལྷའི་བུས་གསོལ་པ། ལེགས་སོ་ལེགས་སོ་ལེགས་པར་གསུངས། །བསྟན་པ་བསྲུང་བའི་དོན་དུ་གསུངས། །གཟུང་ངོ་གཟུང་ངོ་དམ་དུ་གཟུང་། །བསྟན་པ་གནས་པར་བྱ་ཕྱིར་གཟུང་། །དེ་ནས་གསང་བདག་དཀའ་སྩལ་པ། །ནག་པོ་ཆེན་པོ་དྲག་པོ་འདི། །གསང་སྔགས་དམ་པ་གནས་པ་དང་། །བསྟན་པ་ཡུན་དུ་བསྐྱང་བའི་ཕྱིར། །ལྷ་ཡི་བུ་ཉིད་ཁྱོད་ཀྱིས་གཟུང་། །དཀོན་མཆོག་གསུམ་པོ་འཇིག་རྟེན་དུ། །ནུབ་པར་མི་འགྱུར་བྱ་བའི་ཕྱིར། །བསྟན་པ་བསྲུང་བའི་རྒྱུད་མཆོག་འདི། །སྐུ་གསུང་ཐུགས་ལ་ཕྱག་མཛད་དེ། །ལས་ཀྱི་མགོན་པོ་ཁྱོད་ལ་གཏད། །ལས་ཀྱི་མགོན་པོ་ཐམས་ཅད་ཀྱང་། །མཐུན་པར་རྗེས་སུ་ཡི་རངས་ཏེ། །བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ནག་པོ་ཆེན་པོ་གཅེར་བུའི་རྒྱུད་རྫོགས་སོ།། །།

རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད།


DNG024_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨེ་ཀ་ཛ་ཏི་མ་ཧཱ་ཡོ་གཱི་ཤྭ་རཱི་ཏནྟྲ། བོད་སྐད་དུ། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རང་བཞིན་གྱི་གནས། ཡུམ་གྱི་བྷ་ག་རྣམ་པར་དག་པའི་དབྱིངས་ན་བཞུགས་སོ། །ཉིད་ལས་མི་གཞན་པའི་དེ་བཞིན་གཤེགས་པ་དང་།


DNG024_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པའི་མ་མོ་ཆེན་མོ་ཀཽ་རཱི་དང་། ཙཽ་རཱི་དང་། པྲ་མོ་དང་། བེ་ཏ་ལཱི་དང་། པུཀྐ་སཱི་དང་། གྷསྨ་རཱི་དང་། སྨ་ཤ་ནཱི་དང་། ཙཎྜ་ལཱི་ལ་སོགས་པ་དང་། གཞན་ཡང་སེང་གེའི་མགོ་ཅན་དང་། དེ་བཞིན་དུ་སྟག་དང་། ཝ་དང་། སྤྱང་ཀི་དང་། བྱ་རྒོད་དང་། ཀང་ཀའི་མགོ་དང་། བྱ་རོག་གི་མགོ་དང་། འུག་པའི་མགོ་ཅན་ལ་སོགས་པའོ། །གཞན་ཡང་ལྕགས་ཀྱུ་ཅན་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་ཅན་ལ་སོགས་པ་དང་ལྡན་པར་གྱུར་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་འདི་ཉིད་ལྟར་རང་བཞིན་གྱི་དཀྱིལ་འཁོར་གྱི་ཡུམ་གྱི་བྷ་ག་རྣམ་པར་དག་པ་མ་མཐོང་བ་རྣམས་ནི། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། སྲིན་པོ་དང་། སྲིན་མོ་དང་། མ་མོ་དང་། མཁའ་འགྲོ་མ་ལ་སོགས་པ་ནི། ཁྲག་འཐུང་བ་དང་རུས་པ་ལ་སོགས་པ་འཆའ་ཞིང་། སྲོག་འཕྲོག་པར་བྱེད་པ་དང་། རྣམ་པར་འཚེ་སྟེ། གཞན་གྱིས་ནི་འདུལ་བའི་དུས་ལ་བབ་པར་མ་གྱུར་པ་དང་། དེའི་ཚེ་དེའི་དུས་ན་གསང་བའི་བདག་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་གྱི་དོན་དུ་དབང་བསྐུར་བ་དང་། དཀྱིལ་འཁོར་བསྟན་པ་དང་། སྦྱིན་བསྲེག་དང་། དམ་ཚིག་འབོག་པ་དང་། མཆོད་པ་བྱ་བ་དང་། མངོན་པར་བྱང་ཆུབ་བསྟན་པ་དང་། སེམས་དཔའ་གསུམ་གྱི་ཁྱད་པར་བསྟན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པ་དང་། ལྟ་བ་བསྟན་པ་དང་། སྤྱོད་པ་བསྟན་པ་དང་། གསང་སྔགས་བསྟན་པ་དང་། དངོས་གྲུབ་ཐོབ་པའི་ཚུལ་བསྟན་པ་དང་། ལས་ཕྲ་མོ་རྣམས་བསྒྲུབ་པ་ཐོབ་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཕྱག་ན་རྡོ་རྗེ་དུས་ལ་བབ་


DNG024_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་ན། ཁྱོད་སྦྱོར་བ་གཉིས་དང་ལྡན་པ་རུ། རྒྱུད་ཡོངས་སུ་གཟུང་བའི་སྦྱོར་བ་དང་། དཀྱིལ་འཁོར་རྣམ་པར་འཛིན་པའི་བདག་པོ་བྱོས་ཤིག །དེ་ནས་གསང་བའི་བདག་པོས་ཚུལ་གཉིས་ལ་སྙོམས་པར་ཞུགས་ཏེ། གཅིག་ལ་ནི་དེ་བཞིན་གཤེགས་པའི་ཐད་དུ་ཐལ་མོ་སྦྱར་སྲིན་མོའི་ཚུལ་དུ་སྦྱོར་དབང་ནོད་པར་གྱུར་ཏོ། །གཉིས་པས་ནི་སྟོན་པ་ལ་རྒྱུད་ཀྱི་དོན་ཡང་དག་པར་དྲི་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པས་ཉི་ཟླའི་སྟེང་ལྷ་མོ་བཅུ་དྲུག་བཞུགས་ནས་ཧ་དང་ཧེར་གྱུར་པ་རྣམས་ཡིག་འབྲུ་རྣམ་བཟུང་སྟེ་སྤྱི་བོར་བཞག་པ་དང་། སྐུ་དང་དབུ་དང་ཕྱག་མཚན་རྣམས་རིམ་པར་རྫོགས་ཏེ། འུག་པའི་མགོ་ལ་ཐུག་པ་རྣམས་གསང་སྔགས་འདིས་བྱིན་གྱིས་བརླབས་སོ། །བཛྲ་ཀཽ་རཱི་ཙཽ་རཱི་པྲ་མོ་ཧ་བེ་ཏ་ལཱི་པུཀྐ་སཱི་གྷ་སྨ་རཱི་སྨ་ཤ་ནཱི་ཙཎྜ་ལཱི། སིངྷ་མུ་ཁཱི། བྱཱ་གྷྲ་མུ་ཁཱི། སྲྀ་ལ། མུ་ཁཱི། ཤྭ་ན་མུ་ཁཱི། གྲྀ་ཌྷ་མུ་ཁཱི། ཀངྈ་མུ་ཁཱི། ཀཱ་ཀ་མུ་ཁཱི། ཨུ་ལཱུ་ཀ་མུ་ཁཱི། ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་པ་དང་། དམ་ཚིག་གི་ལྷ་མོ་དབུ་བཅུ་བདུན་ཕྱག་སུམ་ཅུ་རྩ་གཉིས་དང་ལྡན་པར་གྱུར་ཏོ། །གསང་བ་ལས་གྱུར་འདི་ཉིད་ལ། །ཡེ་ཤེས་རྣམས་ཀྱིས་དབང་བསྐུར་བ། །རྫོགས་པའི་ཚུལ་གྱིས་ཕྱག་རྒྱ་ཆེ། །བྱིན་རླབ་གཉིས་མེད་ཐོབ་པར་ཤོག །དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་དེའི་དཀྱིལ་འཁོར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། ལྟེ་བ་མུ་ཁྱུད་དང་བཅས་པ། །རྣམ་པར་དག་པ་དག་ཉིད་ཀྱིས། །དཀྱིལ་འཁོར་ལྷ་ཡང་བྱིན་གྱིས་བརླབ། །ཡེ་ཤེས་འབར་བའི་འཁོར་ལོ་བཞི། །དཀྱིལ་འཁོར་རྣམ་པར་དག་པའི་གནས། །གཞལ་ཡས་ཁང་གི་བར་ཁྱམས་ནི། །གྲུ་ཆད་རྩིབས་མཚམས་བཅས་པ་ལ། །ཡུལ་དང་ཤེས་པ་རྣམ་པར་དག །དཀྱིལ་འཁོར་ལྷ་ནི་སྒོ་བཞིའོ། །འདི་ལྟ་སྟེ། དཀྱིལ་འཁོར་གྱི་ལྟེ་བ་དང་། འཁོར་ལོ་དང་། བར་ཁྱམས་དང་། སྒོ་ཁྱུད་དང་། ལྕགས་རི་དང་། རྡོ་རྗེའི་ཕྲེང་བ་དང་། མེའི་ཕྲེང་བ་དང་། དྲ་བ་


DNG024_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དྲ་བ་ཕྱེད་པ་དང་། མཚོ་དང་། བྱ་དང་། ཤིང་དང་། གཅན་གཟན་དང་། དུར་ཁྲོད་ལ་སོགས་པས་ཕྱི་རོལ་བརྒྱན་པའི་ནང་ན། མ་མོ་དང་། མཁའ་འགྲོ་དང་། སྲིན་པོ་དང་། སྲིན་མོ་ལ་སོགས་པ་རྣམ་པར་དག་པ་ཅན་མ་ཡིན་པ། དཀྱིལ་འཁོར་གྱི་ལྷར་མི་གཏོགས་པ་རྣམས་ཀྱིས་བསྐོར་བའོ། །དེའི་དབུས་ན་དཔལ་རལ་པ་གཅིག་མ་དབུས་ཀྱི་ལྷགས་རླུང་འཚུབ་མའི་ནང་ན། དྲེའུ་རྐང་གསུམ་ཞོན་པ། མཆེ་བ་རྣམ་པར་གཙིགས་པར་གྱུར། ཁམ་ནག་རལ་པ་གཅིག་ཏུ་དྲིལ་བ་རེ་ལྡེ་དང་གླང་གི་ཀོ་བའི་ཤམ་ཐབས་བྱས་པ། སྦྲུལ་གྱི་རྣ་ཆ་དང་། སེང་གེས་བརྒྱན་པ། ལྟེ་བའི་སྟེང་དུ་ཉི་མ་དང་། སྤྱི་བོའི་གཙུག་ནས་ཟླ་བ་འཆར་ལ། སྤྱན་གསུམ་དང་ལྡན་པ། ལག་པ་གཡས་པ་རླུང་ནག་གི་ནང་ནས་རལ་གྲི་འབྱིན་པ། ལག་པ་གཡོན་པ་རིན་པོ་ཆེའི་ནེའུ་ལེ་འཛིན་པ། གཞན་ཡང་དུར་ཁྲོད་ཀྱི་ཚངས་པ། མིའི་རྒྱུ་མ་ལུགས་ཀྱིས་བཀང་བ་ཞལ་དུ་གསོལ་པ། གཞན་ཡང་སྒེག་པ་དང་། དཔའ་བ་དང་། སྨྱོ་བ་དང་། རྒོད་པ་དང་། ཁྲོ་བ་དང་། འཇིགས་སུ་རུང་བ་དང་། རྨད་དུ་བྱུང་བ་དང་། སྙིང་རྗེ་ཆེ་བ་དང་། ཞི་བ་ལ་སོགས་པ་དང་ལྡན་པར་གྱུར་ཏོ། །དེ་ནི་འདི་ལྟ་སྟེ། མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །རལ་གྲི་ནེ་ལེ་ཡང་དག་འཛིན། །མཐིང་ནག་ཀཽ་རཱི་དབྱུག་པ་ཁྲག །ཙཽ་རཱི་འདྲེལ་བ་མདའ་གཞུ་འགེངས། །པྲ་མོ་གཡས་ན་ཆུ་སྲིན་འཕྱར། །བེ་ཏ་ནག་མོ་རྡོ་རྗེ་འཕྱར། །པུཀྐ་ལག་ན་རྒྱུ་ཞགས་འདྲེན། །གྷསྨ་ཁྲག་ཆེན་འཐུང་ཞིང་དཀྲུག །སྨ་ཤ་ལོག་རྟོག་བྱི་སྙིང་ཟ། །ཙཎྜ་འཁོར་བའི་མགོ་ལུས་འབྲལ། །སེང་གེ་སྟག་གིས་ཕྱག་བསྣོལ་ཏེ། །ཁྭ་ཡི་ཕྱག་གིས་དགྲ་སྙིང་ལྡག །སྤྱང་ཀིའི་མགོ་ཡིས་སྙིང་ལ་འབྲད། །བྱ་རྒོད་སྤུ་གྲི་བྷནྡྷ་འཛིན། །ཀདྐ་མགོ་ཡིས་ཞིང་ཕྲག་གཟར། །བྱ་རོག་མགོ་ཡིས་གྲི་ཐོད་འཛིན། །འུག་པའི་མགོ་ཡིས་ལྕགས་ཀྱུ་ཁྲག །སྨོས་པའི་ཕྱག་ན་ཕྱག་མཚན་ཅན། །གཞན་ནི་བཏང་སྙོམས་མཛད་པ་དང་། །


DNG024_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་གང་སྨོས་རྫོགས་པའི་ཕྱག །སྐུ་ནི་ཐམས་ཅད་དབྱིངས་སུ་གཅིག །དཀྱིལ་འཁོར་འདི་ཡིས་ལས་རྣམས་བྱེད། །རྣལ་འབྱོར་དབང་ཕྱུག་ཆེན་པོ་རལ་གཅིག་མའི་རྒྱུད་ལས། དབང་བསྐུར་བ་དང་། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བའི་བདག་པོས་གསོལ་པ། བཅོམ་ལྡན་འདས་སྦྱིན་སྲེག་གི་ལས་ཀྱི་སྦྱོར་བ་ཇི་ལྟ་བུ་གྲུབ་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་ལྟ་སྟེ། དཀྱིལ་འཁོར་ཆེན་པོའི་ཤར་ལྷོ་འམ། །ཡང་ན་བྱང་ཤར་ཉིད་ཀྱང་རུང་། །དེ་བཞིན་ལྷོ་དང་ནུབ་ཏུ་ཡང་། །གཟུང་འཛིན་བདག་པོ་ཞལ་བྲི་སྟེ། །མདོག་ངན་ཁམ་ནག་རལ་པ་ཅན། །ཤེལ་མིག་ཁྲོ་གཉེར་ཁ་ཟུར་གསུམ། །ཚེར་མ་ཅན་གྱི་ཤིང་དག་ལ། །དུག་ཤིང་བརྩེགས་པས་ཡམ་ཤིང་བྱས། །གནོད་པའི་མིང་རུས་དུ་མ་རྣམས། །རེ་རེའི་སྔོན་དུ་གསང་སྔགས་ལྡན། །བདག་ཉིད་འདོད་ལྷའི་ང་རྒྱལ་གྱིས། །རང་བཞིན་གནས་ནས་དགུག་དང་གཞུག །གཞན་ཡང་བྱས་ཏེ་རྟེན་འདྲེལ་ནི། །གླང་ཆེན་ཀླད་པ་མི་དབང་ཤ །བྱ་རོག་འུག་པ་ཤ་ཚིལ་དང་། །ཤ་ཁྲག་རོ་ཡི་དུར་ཁྲག་སོགས། །སྦྱར་ནས་བཏབ་པའི་སྔགས་འདི་ཡིན། །ཨོཾ་ཙ་བ་ལ་ཨ་ཤུག་མེ། སརྦ་ཤ་ཏྲུཾ་ཨ་མུ་ཀཾ་ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨིཾ་ཀུ་རུ་ཀུ་ཙུ་ཧཱུཾ་ཕཊ། མེ་ནི་སྔོ་ནག་དམར་བ་ཡིན། །ལྗང་ནག་དུད་ཁ་གཙུག་ཏུ་འཁྱིལ། །ཁམ་པའི་ཚུབ་མ་ལུ་བྱེད་འདྲ། །ཚུབ་མ་ཚ་ཞིང་ཚ་ཚ་འཕྲོ། །བབ་པའི་མེ་ལྕེ་ལྟ་བུ་ནི། །དྲག་པོའི་སྦྱིན་བསྲེག་ལྟ་བུ་ཡིན། །དྲག་པོ་ཕྱི་ཡི་ཞི་གནས་ལ། །བརྟེན་ན་གང་གི་ སྦྱིན་བསྲེག་འགྲུབ། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་པ་གཅིག་མའི་རྒྱུད་ལས། སྦྱིན་བསྲེག་གི་ལེའུ་སྟེ་གཉིས་པའོ།། །།ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་ཆེན་མོ་རལ་གཅིག་མའི་དམ་ཚིག་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་རལ་པ་གཅིག་པའི་དམ་ཚིག་ནི་འདི་ལྟ་སྟེ།


DNG024_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་ལ་ཐེ་ཚོམ་མི་ཟ་བ་དང་། ཆོས་ཉིད་ལ་ཐེ་ཚོམ་མི་ཟ་བ་དང་། མངོན་པར་དགའ་བ་དང་། སྲིད་པ་ལ་མངོན་པར་ཆགས་པ་དང་། བླ་ན་མེད་པའི་དཀོན་མཆོག་གསུམ་ལ་བླང་དོར་མི་བྱེད་པ་དང་། གསང་སྔགས་ཀྱི་སྒྲ་མི་གཅོད་པ་དང་། གསང་སྔགས་ཀྱི་ལྟ་སྤྱོད་དམན་པ་ལ་མི་བརྗོད་པ་དང་། དཀོན་མཆོག་གི་སྐྱབས་ན་འདུག་པ་ལ་བྱམས་པ་དང་། གསང་བའི་དམ་ཆོས་དང་མ་བྲལ་བ་དང་། བླ་མ་སློབ་དཔོན་གྱི་ཐུགས་འཛིན་པ་ལ་གུས་པ་དང་། དམ་ཚིག་གིས་འདྲེས་པ་རྣམས་ལ་གསང་བའི་མཚངས་མི་འབྲུ་བ་དང་། ཐུན་མོང་གི་དངོས་གྲུབ་ཀྱིས་མི་གདུང་བ་དང་། གཞན་དད་པའི་ཚོགས་མི་གཅོག་པ་དང་། སྡིག་པ་ཅན་དང་མཛའ་བར་མི་བྱེད་པ་དང་། བུད་མེད་ཐམས་ཅད་དང་། སེམས་ཅན་ལ་ལྷག་པར་འཛིན་པ་དང་། ཕྱག་ན་རྡོ་རྗེ་ལ་ཁྱད་པར་ཅན་གྱི་ལྷར་མི་བྱེད་པ་དང་། ཕྱག་ན་རྡོ་རྗེའི་མེའི་མཚན་འཛིན་མི་བྱེད་པ་དང་། ཕྱག་ན་རྡོ་རྗེའི་ཙ་ཀ་ལི་ཁམས་ལ་འདེབས་པ་དང་། ས་མ་ནོན་པར་ལུས་ངག་གི་དགེ་བ་མི་སྤང་བ་དང་། དམ་ཆོས་ཚོགས་པར་མཁའ་འགྲོ་འབོད་པ་དང་། ལྷ་དང་དེ་བཞིན་གཤེགས་པ་ལ་བཟང་ངན་དུ་འདུ་ཤེས་མེད་པ་དང་། སྙིང་རྗེའི་སེམས་ཡོད་པ་དང་། དམ་བཅས་པའི་དགེ་བ་ཡོད་པ་དང་། འདི་ལྟར་དམ་ཚིག་ཉི་ཤུ་རྩ་དྲུག་མ་ཡིན་པ་དོར་ཏེ། ཡང་དག་པར་བླང་བ་དག་བླངས་ན། དཀོན་མཆོག་གསུམ་གྱི་ཕྱག་རྒྱ་དཔལ་རལ་པ་གཅིག་མ་མཉེས་ནས་དངོས་གྲུབ་ཐམས་ཅད་དུས་འདིར་འགྲུབ་པར་འགྱུར་རོ། །ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་དམ་ཚིག་ཉི་ཤུ་རྩ་དྲུག་མ་ཉམས་པར་བྱེད་པའི་གང་ཟག་དེའི་ཕོ་ཉ་བདག་གིས་བགྱིས་ཏེ། ཇི་སྟེ་བདག་གིས་མ་བགྱིས་ན། བདག་ཀྱང་མགོ་ཨརྫ་ཀ་ཡི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་པ་དང་། མནར་མེད་པའི་དམྱལ་བ་ཆེན་པོར་རྟག་ཏུ་འགྱུར་ཏེ། སངས་རྒྱས་ཐམས་ཅད་བདག་གིས་བསླུས་པ་ལགས་སོ། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་པ་གཅིག་མའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་གསུམ་པའོ།། །།


DNG024_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་ཆེན་མོ་རལ་པ་གཅིག་མ་ལ། མཆོད་པ་དབུལ་བའི་ཐབས་དག་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་དག་ནི་ཕྱག་ན་རྡོ་རྗེ་ཉིད་ཀྱི་ཁྱད་པར་ཏེ། བྱང་ཤར་གྱི་རི་རབ་ཀྱི་སྟེང་ཡོངས་འདུའི་ཤིང་ལ་གནས་པ། གནོད་སྦྱིན་མོ་དམ་ཅན་གྱི་ཚུལ་དུ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འཁོར་མང་པོ་མཐུ་ཆེ་བ། དེ་རང་བཞིན་གྱི་གནས་ནས་བཀུག་ལ་བསྡིམ་པ་དང་། གཉིས་སུ་མེད་པར་བྱ་སྟེ་མཆོད་པ་ནི། སྤྱན་དྲངས་ཏེ་མཆོད་པ་དང་། འདིར་གཤེགས་མཆོད་པ་དམ་པ་བཞེས། །སྐུ་མདོག་སྔོ་ནག་རལ་པ་ཅན། །རལ་པ་བསིགས་པས་སྟོང་ཁམས་གཡོ། །སྐུ་ཡི་བརྒྱན་ཏེ་གནས་ཀྱི་མཆོག །ཐུགས་དྲག་ཁྱབ་འགྲོ་གློག་གི་བང་། །ཡུད་ཙམ་བསམ་པས་གནས་སུ་ཕྱིན། །དབུ་ཡི་གཙུག་ནས་ཟླ་གསལ་རྒྱས། །མ་རིག་མུན་པ་སེལ་བའི་རྟགས། །ལྟེ་བའི་དཀྱིལ་ནས་ཉི་ཤར་བས། །ཤེས་རབ་ཉི་མས་སྡུག་བསྔལ་རྒྱ་མཚོ་སྐེམས། །སྤྱན་ནི་སྐར་ཆེན་ཤར་བ་འདྲ། །སྤྱན་རྩ་དམར་ལ་སྡང་མིག་ཅན། །ཕྱག་གཡས་ཚུབ་མ་བསྣམས་པ་ནི། །རླུང་དམར་ནང་ནས་རལ་གྲི་འབྱིན། །མྱུར་མགྱོགས་རྫུ་འཕྲུལ་འགྲོ་བའི་རྟགས། །གཡོན་པའི་ནེའུ་ལེ་བསྣམས་པ་ནི། །མི་མགོ་བཅད་ནས་སྦེད་པའི་སྣོད། །ཡན་ལག་བཞི་ནི་བསྒུམ་པའི་ཚུལ། །མ་གཅིག་ཐུགས་དམ་ཞལ་ཟས་སྣོད། །མ་ལ་བྷནྡྷ་བཅུད་ཡངས་པའི། །འཁོར་ཡུག་བཅས་པའི་འཇིག་རྟེན་ནི། །གསོལ་ལོ་རོལ་ཅིག་དགྱེས་པར་མཛོད། །མ་གཅིག་ཐུགས་དམ་ཞལ་ཟས་འདི། །བསད་པའི་ཤ་དང་མྱོས་པའི་ཆང་། །བཙོས་པའི་ཤ་དང་ཁུ་བ་ཁྲག །བསྲེགས་པའི་གསུར་དང་རློན་པའི་ཤ །གློ་སྙིང་ནང་རོལ་མཁལ་མར་བཅས། །རྒྱུ་མ་རྐང་དང་རུས་པ་དང་། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །གསོལ་ལོ་རོལ་ལོ་དགྱེས་པར་མཛོད། །རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ། སརྦ་ཤ་ཏྲུཾ་མཱཾ་ས་ཙིཏྟ་གོ་རོ་ཙ་ན་ཁ་རི་ཁཱ་ཧི། མི་དབང་འབྲས་བུ་སྨིན་པའི་ཤ་ཆེན་དང་། །ཤི་ཀའི་མཚལ་ཏིག་དམར་པོ་དང་། །ཤིང་ལོ་རླུང་ཁྱེར་ས་ལ་མ་རེག་དང་། །


DNG024_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཆུང་གཞོན་པའི་བྱུང་ཚད་ཁྲག །མཐུན་པའི་མཆོད་པ་བཞེས་པར་མཛོད། །དེ་ནས་གཏོར་མ་གཏང་བར་འདོད་ན། རྩ་བའི་ཡི་གེ་ལས་སྐུར་བསྐྱེད་ནས། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས། ཡཾ་ལས་རླུང་དང་། རཾ་ལས་མེ་དང་། ཨ་ལས་ཐོད་པའི་ནང་དུ། དམ་ཚིག་གི་རྫས་ཀྱིས་བཀང་ནས། དེ་ཉིད་ཀྱིས་སྦྱངས་ཏེ། གཉིས་སུ་མེད་པའི་མཆོད་པ་རོལ་པ་ཆེན་པོའི་ཚུལ་གྱིས་དབུལ་བར་བྱའོ། །མེ་ཏོག་གི་རྣམ་པ་དང་། ཤིང་ཐོག་གི་རྣམ་པ་དང་། ཁུར་བའི་རྣམ་པ་དང་། ལ་དུའི་རྣམ་པ་དང་། བདུག་པའི་རྣམ་པ་དང་། ཤ་ཡི་རྣམ་གྲངས་དང་། ཤ་ཆེན་པོའི་རྣམ་གྲངས་དང་། ཁྲག་ཆེན་པོའི་རྣམ་པ་དང་། འོ་མ་དང་ཞོ་ཡི་རྣམ་གྲངས་དང་། དེ་ལ་སོགས་པ་དག་དུས་བཞིའི་རྒྱུན་དུ་བརྩོན་པར་བྱའོ། །གདུལ་བར་བྱ་བ་གནོད་སྦྱིན་མོ་དམ་ཅན་མཐུ་མོ་ཡང་དགའ་བར་བྱེད་ཅིང་། དེའི་འཁོར་ཡང་ཤིན་ཏུ་འདུལ་བའི་ལས་བྱེད་པ་དང་། རྣལ་འབྱོར་མ་གཅིག་པུར་གྲུབ་པ་ཡང་མཉེས་པར་འགྱུར་རོ། །དེ་ནས་བསྒྲུབ་པའོ། །མཆོད་པ་དང་གཏོར་མས་དངོས་གྲུབ་སྟེར་བར་བྱེད་དོ། །རྣལ་འབྱོར་མ་གཅིག་པུ་གྲུབ་པའི་རྒྱུད་ལས། མཆོད་པ་དང་གཏོར་མ་བཏང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་ཚུལ་གྱིས་ལྷའི་དཀྱིལ་འཁོར་བསྐྱེད་པར་བགྱི་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ། ཐམས་ཅད་ཆོས་ཉིད་གཉིས་མེད་སྟོང་། །དེ་བས་སྟོང་པའི་བྱང་ཆུབ་ནི། །ཀུན་རྫོབ་རྣམས་ཀྱི་སྔོན་དུ་འགྲོ། །གཟུགས་སྐུས་འགྲོ་དོན་བྱ་བའི་ཕྱིར། །སེམས་ཉིད་ཟླ་བ་ལྟར་བསྐྱེད་པ། །གདན་དེ་གཞི་ལས་བྱང་ཆུབ་ཡིན། །གང་དག་གསུང་གི་གདུལ་བྱའི་ཕྱིར། །ས་བོན་རྒྱུ་ལྟར་བརྟག་པ་ནི། །མངོན་པར་བྱང་ཆུབ་ཡི་གེ་ཡིན། །དབང་པོ་རྣོན་པོས་གདུག་པ་ཡི། །ཐུགས་ཀྱི་ཡང་དག་དེ་སྦྱོར་བས། །སོ་སོའི་ཕྱག་མཚན་དེ་ལས་འབྱུང་། །ལུས་ངག་ཡིད་གསུམ་གདུལ་ཕྱིར་ན། །སྐུ་གསུང་ཐུགས་སུ་རྫོགས་པའི་ཕྱག་རྒྱ་ནི། །ཞི་


DNG024_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྒྲུབ་ཕྱིར་བསྟན་པ་ཡིན། །དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་སེམས་དཔའ་གསུམ་གྱི་ཚུལ་དུ་བསྒྲུབ་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ། མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །གང་གིས་སྐུ་གཅིག་རྫོགས་པ་ནི། །དམ་ཚིག་ཉིད་ལ་སེམས་དཔའ་ཡིན། །དེ་གྲུབ་གནས་ནས་དེ་འདྲ་བ། །སྤྱན་དྲངས་ཐུགས་ཀར་ཞུགས་པ་ནི། །ཡེ་ཤེས་དེ་ལ་སེམས་དཔའ་ཡིན། །དེ་ཡི་ཐུགས་ཀར་ཏིང་འཛིན་ནི། །སྐུ་གསུང་ཐུགས་ཀྱི་གདན་སྟེངས་སུ། །སྐུ་གསུང་ཐུགས་ཀྱི་རྒྱལ་བ་ནི། །གསུང་གི་འཁོར་ལོ་ཏིང་འཛིན་སེམས། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། བརྟག་པའི་བསྐྱེད་རིམ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བསོད་ནམས་མེད་པས། དེ་ལྟ་བུའི་དཀྱིལ་འཁོར་མཐོང་བར་དཀའ་བ་ལགས་ན། དེ་དག་གི་དོན་དུ་བསོད་ནམས་ཀྱི་ཚོགས་བསག་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་ལྟ་སྟེ། །ཏིང་ངེ་འཛིན་གྱི་འོད་ཟེར་ལས། །འཕྲོས་ནས་དག་པ་གཉིས་བྱས་བཀུག །བསོད་ནམས་ཀུན་གྱི་སྣ་ལ་འགྲོ། །ཏིང་ངེ་འཛིན་ལ་ཕྱག་འཚལ་བ། །འདི་ནི་བསོད་ནམས་དང་པོ་ཡིན། །ཡེ་ཤེས་འཁོར་ལོ་དེ་ཉིད་ལ། །ཏིང་འཛིན་མཆོད་པ་ཡན་ལག་གཉིས། །བདག་གཞན་སྡིག་དེར་བཤགས་པ་ནི། །བསོད་ནམས་དེ་ནི་གསུམ་པ་ཡིན། །གཞན་གྱི་དགེ་ལ་ཕྲག་དོག་མེད། །རྗེས་སུ་ཡི་རང་དགེ་བའོ། །དམ་ཚིག་དེ་རྣམས་ཡང་དག་ལ། །དགེ་བ་བསྐུལ་བ་བསོད་ནམས་ཡིན། །མྱ་ངན་མི་འདའ་གསོལ་བ་ནི། །བསྐལ་པ་བཟང་པོའི་སྨོན་ལམ་ཡིན། །དེ་དག་དགེ་བ་གང་བྱུང་ཡང་། །མ་རིག་པ་ལ་བསྔོས་པ་ནི། །ཡན་ལག་བདུན་པ་རྫོགས་པ་ཡིན། །བསོད་ནམས་ཚོགས་ཀྱི་ཡན་ལག་ནི། །སློབ་དཔོན་བླ་མ་དག་ལ་བསླབ། །


DNG024_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ཐེག་པ་ཆེན་པོར་འགྱུར། །ཆོས་རྣམས་ཐམས་ཅད་སེམས་པ་ཡིན། །སེམས་ཀྱི་བྱེད་པ་མེད་ཕྱིར་ཐབས་ཀྱི་རྒྱ། །ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས། བསོད་ནམས་དེ་བསགས་པས། ཡེ་ཤེས་ཐོབ་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་ལྟ་སྟེ། ཕྱག་འཚལ་བས་ཡེ་ཤེས་ནི། །མེ་ལོང་ལྟ་བུ་ཐོབ་པར་འགྱུར། །མཆོད་པའི་བསོད་ནམས་རྒྱུ་ལས་ནི། །འབྲས་བུ་མཉམ་ཉིད་ཡེ་ཤེས་སྐྱེད། །བཤགས་པས་སྟོང་ཉིད་སྟོང་པ་ཡི། །སྟོང་ཉིད་ཡེ་ཤེས་ཐོབ་པར་འགྱུར། །རྗེས་སུ་ཡི་རང་བསྐུལ་དང་གསོལ། །བྱ་བ་ལ་ཡང་ནན་ཏན་གྱི། །ཡེ་ཤེས་ཐོབ་པར་འགྱུར་བ་ཡིན། །གསོལ་བ་བཏབ་པའི་ཁྱད་པར་གྱིས། །ཆོས་ཀྱི་རྒྱལ་པོར་བདག་འགྱུར་ནས། །འཇིག་རྟེན་འགྲོ་བ་འདུལ་བའི་ཞིང་། །རྣལ་འབྱོར་དབང་ཕྱུག་ཆེན་པོ་རལ་པ་གཅིག་མའི་རྒྱུད་ལས། བསོད་ནམས་དང་ཡེ་ཤེས་ཀྱི་བསྒྲུབ་པ། རྒྱུ་དང་འབྲས་བུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་རྒྱུད་འདིའི་ཐེག་པ་ལ་བརྟེན་ནས། ལྟ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་ལྟ་སྟེ། ཕྱི་རོལ་གྱི་ཡུལ་ནི་འབྱུང་བ་དང་། འབྱུང་བ་ལས་གྱུར་པར་མི་བལྟ་བ་དང་། དབྱིངས་རྣམ་པར་དག་པར་བལྟ་བ་དང་། རང་བཞིན་སྐྱེ་བ་མེད་པ་ལ་བརྟེན་ནས་སྒྱུ་མ་ཙམ་དུ་ཡང་སྐྱེ་བ་མེད་པར་མི་བལྟ་བ་དང་། ཚིག་ཙམ་དུ་ཡོད་ཀྱང་རྟག་པ་མ་ཡིན་པར་ཤེས་པ་དང་། བདག་ཉིད་ཀྱི་ཕུང་པོ་མི་གཙང་བ་དང་། དམན་པར་མི་བལྟ་བ་དང་། བུད་མེད་ཤེས་རབ་ཀྱི་རང་བཞིན་དུ་བལྟ་བ་དང་། སེམས་ཅན་རྣམས་སེམས་ཅན་དུ་མི་བལྟ་བ་དང་། སེམས་ཅན་རྣམས་མ་འོངས་པའི་སངས་རྒྱས་སུ་བལྟ་བ་དང་། ཐེག་པ་འོག་མ་དང་། དམན་པ་རྣམས་ལ་མི་གཤེ་བ་དང་། ཐེག་པ་འོག་མ་དང་། དམན་པ་རྣམས་ལ་སྙིང་རྗེ་བར་བལྟ་བ་དང་། སངས་རྒྱས་རྣམས་གཟུགས་ཅན་དུ་


DNG024_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མི་བལྟ་བ་དང་། སྒྱུ་མ་ཙམ་དུ་རང་གི་སེམས་རྟགས་ཀྱི་ཕྱག་རྒྱར་བལྟ་བ་དང་། གཉིས་སུ་བརྟགས་པ་རྣམས་སེམས་ཅན་མ་ཟད་ཀྱི་བར་དུ། སྒྱུ་མ་ཙམ་དུ་ཡོད་པར་བལྟ་བ་དང་། སེམས་ཅན་གྱི་དུག་རྣམ་པར་དག་ཙམ་ནས། ཐ་སྙད་ཀྱང་མི་གནས་པར་བལྟ་བ་ནི། ཐུན་མོང་གི་ལྟ་བའོ། །གསང་བའི་བདག་པོ་འདིའི་ཁྱད་པར་གྱི་བལྟ་བ་ནི། དཔལ་རལ་པ་གཅིག་མ་རྣམས་གནོད་སྦྱིན་མོར་མི་བལྟ་བ་དང་། དཔལ་རལ་པ་གཅིག་མ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་བལྟ་བ་དང་། གསང་བའི་བདག་པོ་ལས་དཔལ་རལ་པ་གཅིག་མ་གུད་ན་ཡོད་པར་མི་བལྟ་བ་དང་། དཔལ་རལ་པ་གཅིག་མ་རང་གི་སེམས་དེ་ལྟར་བྱིན་གྱིས་བརླབ་པར་བལྟ་བ་དང་། དཔལ་རལ་པ་གཅིག་མའི་གདུལ་བྱ་དཔལ་ལྡན་བོང་ཞོན་མ་གནོད་སྦྱིན་མོར་མི་བལྟ་བ་དང་། དཔལ་ལྡན་བོང་ཞོན་མ་ས་བརྒྱད་པའི་བྱང་ཆུབ་སེམས་དཔར་བལྟ་བ་དང་། དཔལ་ལྡན་བོང་ཞོན་མའི་འཁོར་ནི་བྱང་ཆུབ་སེམས་དཔར་མི་བལྟ་བ་དང་། དཔལ་ལྡན་བོང་ཞོན་མའི་འཁོར་དྲེགས་པ་བསོད་ནམས་ཅན་དུ་བལྟ་བ་དང་། དཔལ་ལྡན་རལ་པ་གཅིག་མ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པར་མི་བལྟ་བ་མིན་པ་དང་། དཔལ་རལ་པ་གཅིག་མ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་གོ་འཕང་དུ་བལྟ་བ་དང་། དམ་རྫས་མེད་ཀྱང་དམ་ཚིག་མ་ཉམས་ལ། སྔགས་དང་ཏིང་འཛིན་ཡོད་པས་བདག་གིས་གྲུབ་པ་ཐོབ་པར་འགྱུར་བར་མི་བལྟ་བ་དང་། ཏིང་ངེ་འཛིན་དང་། སྔགས་དང་དམ་ཚིག་མ་ཉམས་ཀྱང་དམ་རྫས་མེད་ན་དཔལ་རལ་གཅིག་མའི་གདུལ་བྱ། བྱང་ཤར་གྱི་འཕགས་མ་བོང་ཞོན་གྱི་འཁོར་གདུག་པ་ཅན་བསོད་ནམས་ལས་གྲུབ་པ་རྣམས་བདག་ལ་མི་དགའ་བས་ཐུན་མོང་གི་དངོས་གྲུབ་མྱུར་དུ་མི་འོང་བར་བལྟ་བ་དང་། ཆོས་འདི་ལྟ་བུ་སྣོད་རིགས་ཀྱི་མཆོག །བྲམ་ཟེའི་རིགས་ཡིན་པར་མི་བལྟ་བ་དང་། གསང་བའི་བདག་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་མཐུ་ཕུན་སུམ་ཚོགས་པ་བལྟ་བ་དང་། མཐུས་ནི་ཉོན་མོངས་པ་གསོད་པར་བལྟ་བ་དང་།


DNG024_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ཆུང་ན་ནི་ཐུན་མོང་གི་མཐུས་ནམ་མཁའ་ལ་འགྲོ་བ་དང་། ཆུ་ལ་མི་བྱིང་བ་དང་། གཞན་གྱི་སེམས་ཤེས་པ་དང་། རྒན་པོ་ལས་གཞོན་པར་ནུས་པ་དང་། གཞོན་པ་ཉིད་མི་འགྱུར་བ་དང་། ཚེ་རིང་བ་དང་། མི་ལ་སོགས་པའི་སེམས་ཅན་གསོད་པར་འགྱུར་བ་དང་། མི་ལ་སོགས་པའི་སེམས་ཅན་སོས་པར་འགྱུར་བ་དང་། ཆར་པ་དབབ་པར་ནུས་པ་དང་། ཆར་ལ་སོགས་པ་གཅད་པར་ནུས་པ་དང་། གཞན་ཡང་སྐྲ་དཀར་མེད་པ་དང་། གཉེར་མ་ཡང་ནུབ་སྟེ་སྣུམ་པ་དང་། ཤེས་པ་རྣོ་བ་དང་། གཞན་གྱིས་དབང་བྱས་པའི་རྫས་མཐོང་བ་དང་། སེམས་ཅན་མཐུ་བོ་ཆེ་རྣམས་དང་འདྲིལ་ཡང་མཉམ་པ་ལས་ལྷག་པའི་ཚུལ་སྟོན་པར་ནུས་པ་ལ་སོགས་པ་ཡང་གང་ཟག་ཅིག་ཉོན་མོངས་པ་ཆུང་བའི་མཐུའི་ཤུགས་ཀྱིས་སོད་པར་གྱུར་ཏེ། འདི་ལྟར་བལྟ་བར་བྱའོ། །རྣལ་འབྱོར་ཆེན་མོ་རལ་པ་གཅིག་མའི་རྒྱུད་ལས། ཐུན་མོང་དང་ཁྱད་པར་གྱི་ལྟ་བ་བསྟན་པ་སྟེ་ལེའུ་བདུན་པའོ།། །།དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ཐེག་པ་འདིའི་རྣལ་འབྱོར་གྱི་སྤྱོད་པ་ནི། ཇི་ལྟར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་སྤྱོད་པ་ནི་འདི་ལྟ་སྟེ། དམ་ཆོས་ལྔ་རྫས་ལྔ་ལ་ཐོགས་པ་ཡིན་ནན་མེད་པར་སྤྱོད་པ་དང་། འཇིགས་པ་མེད་པ་དང་། དགའ་བ་དང་།རྒོད་པ་དང་། རྒོད་པ་ཆེན་པོ་དང་། ཤ་ལྔ་ལ་ལོངས་སྤྱོད་པ་དང་། ཕྱག་ལ་མཁས་པ་དང་། འཇིགས་པའི་སྟབས་ཀྱིས་སྟབས་ལ་མཁས་པ་དང་། དཀྱིལ་འཁོར་གྱི་ལས་ལ་མཁས་པ་དང་། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་ལ་མཁས་པ་དང་། བྲོ་གར་ལ་མཁས་པ་དང་། འདུ་འཕྲོ་ལ་མཁས་པ་དང་། གླུ་ལ་མཁས་པ་དང་། གར་ལ་མཁས་པ་དང་། མཆོད་པ་ལ་གོམས་པ་ནི་ཐུན་མོང་གི་སྤྱོད་ལམ་མོ། །ཁྱད་པར་གྱི་སྤྱོད་ལམ་ནི། དུར་ཁྲོད་ན་འདུག་པ་དང་། ཤ་ཆེན་ཟ་བ་དང་། བོང་བུ་ལ་ཕྱིན་ཕྱོགས་ཞོན་ནུས་པ་དང་། རེ་བ་གྱོན་པ་དང་། གཅེར་བུར་བྱུང་བ་དང་། ས་མ་ཡ་ཡི་སྒྲ་ལ་མཁས་


DNG024_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། མི་དབང་མེ་མར་དུ་བལྟམ་སྟེ་འགྲོ་བ་དང་། འདུག་པ་དང་། བསྐོར་བ་དང་། ཞིང་གི་པགས་པ་གྱོན་པ་དང་། རྨ་བྱའི་རྒྱལ་མཚན་དང་ལྡན་པ་དང་། དུང་ཆེན་འབུད་པ་དང་། རུས་པའི་ཕྲེང་བ་འདྲེན་པ་དང་། དཔལ་རལ་པ་གཅིག་མ་དང་། འཕགས་མ་བོང་ཞོན་མ་གཉིས་སུ་མེད་པར་མཆོད་པ་ལ་བརྩོན་པ་དང་། ཁྲོ་བོའི་ཏིང་ངེ་འཛིན་ལ་མཁས་པས་འཁོར་འདུལ་ལ་མཁས་པ་དང་། ཚིལ་ཆེན་གྱི་མེ་མར་འབུལ་བ་དང་། ཤ་ཆེན་གྱི་ལྷ་བཤོས་འབུལ་བ་དང་། ཁྲག་ཆེན་པོའི་ཨརྒྷ་འབུལ་བ་དང་། བདུད་རྩིའི་དྲི་ཆབ་འབུལ་བ་དང་། ཤ་ཆེན་པོའི་བདུག་པ་འབུལ་བ་དང་། དབང་པོ་རྣམས་ཀྱི་མེ་ཏོག་འབུལ་བ་དང་། ཞི་བ་ལ་ཞི་བའི་སྤྱོད་ལམ་ཤེས་པ་དང་། རྒྱས་པ་ལ་རྒྱས་པའི་སྤྱོད་ལམ་ཤེས་པ་དང་། དབང་ལ་དབང་གི་སྤྱོད་ལམ་ཤེས་པ་དང་། འདུག་པའི་སྤྱོད་ལམ་ཤེས་པ་དང་། ཉལ་བའི་སྤྱོད་ལམ་ཤེས་པ་དང་། འགྲོ་བའི་སྤྱོད་ལམ་ཤེས་པ་དང་། ངལ་གསོ་བའི་སྤྱོད་ལམ་ཤེས་པ་དང་། བཟའ་བའི་སྤྱོད་ལམ་ཤེས་པ་དང་། གཤང་གཅི་བའི་སྤྱོད་ལམ་ཤེས་པ་དང་། བཏང་བའི་སྤྱོད་ལམ་ལ་སོགས་པ་ནི། ཁྱད་པར་གྱི་སྤྱོད་ལམ་དེ་ཐམས་ཅད་ལྷའི་རང་བཞིན་དུ་གྱུར་པ་དང་། སེམས་དཔའ་གསུམ་གྱི་ཚུལ་གྱིས་བསྒྲུབ་པར་བྱའོ། །རྣལ་འབྱོར་མ་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། སྤྱོད་ལམ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།བཅོམ་ལྡན་འདས་དངོས་གྲུབ་ཐམས་ཅད་འབྱུང་བ་མང་པོ་དང་ལྡན་པའི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པས། སྔགས་འཆང་དང་རིག་འཛིན་རྣམས་ཀྱི་སྐྱབས་དང་རྟེན་དུ་གྱུར་ལ། བྱང་ཆུབ་སེམས་དཔའ་འདས་པའི་ལམ་དུ་བསྒྲུབ། བདུད་དང་སྲིན་པོ་ལ་སོགས་པ་སྲེག་པར་བྱེད་པ། རང་གི་སེམས་ཞི་བར་ནུས་པ་དང་ལྡན་པར་འགྱུར་ལ། མཐུ་ཐམས་ཅད་འབྱུང་བའི་གསང་སྔགས་ཀྱི་ཚིག་རྣམས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་ནི་ཟབ་པ། རྒྱ་ཆེ་བ། འཇིགས་པ། སྐྲག་པ། མི་སྡུག་པར་བལྟ་བའི་མིག་


DNG024_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུལ་བར་བྱེད་པ། མི་གདུང་བར་ཉན་པར་བྱེད་པའི་རྣ་བ་གཅོད་པར་བྱེད་པ། མི་དགའ་བར་བྱེད་པའི་སྣ་སུབས་པར་བྱེད་པ། མི་སྡུག་པར་བྱེད་པའི་ལུས་རེངས་པར་བྱེད་པ། མི་འོས་པ་བརྗོད་པའི་ལྕེ་ཆད་པར་བྱེད་པ། ལོག་པར་སེམས་པའི་སྙིང་འགས་པར་བྱེད་པ། བར་དུ་གཅོད་པ་ཐམས་ཅད་ཐག་རིང་དུ་བསྐྱོད་པ། བསོད་ནམས་གསོ་བར་བྱེད་པ། སྨྱོན་པ་རྣམས་དྲན་པ་རྙེད་པར་བྱེད་པའི་མཐུ་ཆེན་པོ། ཉོན་ཅིག་རབ་ཏུ་ཉོན་ཅིག་ཡང་དག་པར་ཉོན་ཅིག །ཤིན་ཏུ་ཡང་དག་པར་ཉོན་ཅིག །ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ་བྷྱོ་ཛ་ཛཿ། ཡེ་ཤེས་ལྔ་དང་ཡང་དག་ལྡན། །ཀཽ་རཱི་ལ་སོགས་བརྒྱད་དང་ལྡན། །དེ་ཡི་སྟོབས་ནི། ས་བརྒྱད་ཕྱག་རྒྱ་དཔལ་ལྡན་ཡིན། །མ་བདུན་ཨ་ཤུག་མེ་དང་ལྡན། །དཀྱིལ་འཁོར་སྒོ་ལ་ཡང་དག་ཚང་། །དབང་ཕྱུག་ཉི་ཤུ་བརྒྱད་དང་ལྡན། །དང་པོས་ལྷ་རྣམས་སྤྱན་དྲངས་ཏེ། །གཉིས་པས་བསྒྲུབ་བྱ་དགུག་པ་ཡིན། །བཅོ་ལྔ་སྔགས་ཀྱི་ཕྲེང་བ་ཡིན། །མིང་ཆེན་དང་པོ་ཡེ་ཤེས་དག །མགོ་ལ་ཡོད་པས་མགོ་ཅན་ཡིན། །རྣམ་པར་སྣང་མཛད་ཧཱུཾ་དང་ལྡན། །རུ་རུ་སྲིན་མོའི་ཚུལ་གྱིས་འཇོམས། །རུ་རུ་སྲིན་མོ་ཁྱད་པར་ནི། །ཙ་པ་ལ་ཞེས་བསྒྲུབ་བྱའི་མིང་། །ཨ་ཤུག་མེ་ནི་མ་བདུན་དང་། །ཧཱུཾ་ནི་དཀྱིལ་འཁོར་བསྡུ་ཕྱིར་བསྒོ། །བྷྱོ་ཞེས་དབང་མོ་ལས་ལ་བསྐུལ། །དེ་ནས་ཛ་ཡིས་ཡང་དག་འགུགས། །དེ་ནས་ཛཿཡིས་བསྒྲུབ་བྱ་དགུག །བཅོ་ལྔ་སྔགས་ཀྱི་ཕྲེང་བ་ནི། །རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས། །འདིས་ནི་ཞི་གནས་ཐོབ་པར་བྱེད། །དེ་བཞིན་ལྷག་མཐོང་སྐྱེ་བར་ནུས། །འདིས་ནི་བསོད་ནམས་འཕེལ་བར་བྱེད། །དེ་ལ་ཡེ་ཤེས་རྣམས་ཀྱང་ཚང་། །འདི་ནི་དེ་བཞིན་རྒྱུ་ཞེས་བྱ། །གང་ཞིག་འདི་ལ་འབྲས་བུ་འདོད། །དེ་ཕྱིར་དེ་ནི་འབྲས་བུའོ། །མེ་ལ་བརྟེན་ན་ལས་ཀྱང་འགྲུབ། །ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་གསང་སྔགས་འདི་བཟླས་པའི་ཐབས་ཀྱི་སེམས་དཔའ་གང་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ། བདག་ཉིད་དམ་ཚིག་རྫོགས་པའི་སྐུ། །ཐབས་དང་ཤེས་རབ་ལྡན་


DNG024_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། །དབུ་ཡི་གྲངས་ནི་བཅུ་བདུན་ནས། །ཡང་ན་དབུ་གསུམ་ཕྱག་དྲུག་གམ། །ཞལ་གཅིག་ཕྱག་གཉིས་རབ་ཏུ་ཤིས། །རང་བཞིན་གནས་ནས་དགུག་དང་གཞུག །གཉིས་མེད་འདྲ་ཡ་སྤངས་ནས་ཀྱང་། །ཟླ་དཀྱིལ་སྟེང་ན་ཀཽ་རཱི་མ། །ཉི་མའི་སྟེང་ན་རལ་གྲི་འབར། །མཐའ་མ་སྔགས་ཀྱིས་བསྐོར་བའོ། །བཞི་འབུམ་བཏོན་ན་ལས་རྣམས་བྱེད། །ཁྲི་ཕྲག་ལས་ནི་དངོས་གྲུབ་འབྱུང་། །བྱེ་བ་དག་གིས་ཚད་དང་ལྡན། །མན་ངག་ཅན་གྱི་ས་ཡང་སྟོན། ། མངོན་ཀྱང་སྔོན་དུ་སྟོན་དང་ལུས་སྟོན་འགྱུར། །གང་ཞིག་དུང་ཕྱུར་རྫོགས་པ་ནི། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟེ། །ཟབ་མོ་སྦྱོར་བ་རྫོགས་ནས་ཀྱང་། །རིན་ཆེན་ཞིང་དེར་སོང་བ་ཡིན། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། གསང་སྔགས་དངོས་གྲུབ་ཀུན་གྱི་འཁོར་ལོ་བསྟན་པ་སྟེ་ལེའུ་དགུ་པའོ།། །།བཅོམ་ལྡན་འདས་ཇི་ལྟར་ན་སྔགས་ཀྱི་ཚུལ་གྱིས་དངོས་གྲུབ་ཐོབ་པ་དང་མི་ཐོབ་པ་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་དངོས་གྲུབ་ཐོབ་པའི་ཚུལ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བཀའི་ཁུངས་བྱུང་བ་དང་། སློབ་དཔོན་མན་ངག་ཅན་གྱི་གདམས་ངག་ནོད་པ་དང་། དམ་ཚིག་བསྲུང་མཚམས་ཡལ་བར་མི་དོར་བ་དང་། ཡིད་ཆེས་པའི་དད་པ་ཡོད་པ་དང་། བརྩོན་འགྲུབ་ཆེ་བ་དང་། གཏོང་ཕོད་པ་དང་། ཟབ་མོའི་ལྟ་བ་ཤེས་པ་དང་། རྒྱ་ཆེ་བའི་སྤྱོད་པ་ཤེས་པ་དང་། མཐུན་པའི་དམ་རྫས་སམ་ཆོས་དང་མི་འབྲལ་བ་དང་། སྔོན་དུ་འགྲོ་བའི་ཆོ་ག་རྫོགས་པ་དང་། ཡི་དམ་གྱི་ལྷ་མི་སྤོང་བ་དང་། སྙིང་རྗེའི་སེམས་ཡོད་པ་དང་། སྤྱོད་ལམ་གྱི་ཏིང་ངེ་འཛིན་མི་བརྗེད་པ་དང་། དགོན་པ་ལ་བརྟེན་པ་དང་། སེམས་པ་དང་། གསང་ཐུབ་པ་དང་། ཆོ་ག་ཤེས་པ་དང་། སེམས་ཅན་གྱི་སྲོག་མི་གཅོད་པ་དང་། འདུག་པ་ལ་དགའ་བ་དང་། འཇིགས་པ་མེད་པ་དང་། སངས་རྒྱས་ལ་ཆེ་ཆུང་མི་འཛིན་པ་ལ་སོགས་པ་དང་ལྡན་ན། ནམ་ཡང་དངོས་གྲུབ་ཐོབ་ཟིན་པ་ཡིན་ནོ། །དེ་དག་དང་མི་ལྡན་ན་ནམས་ཀྱང་དངོས་གྲུབ་ཐམས་ཅད་མི་ཐོབ་བོ། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་


DNG024_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མའི་རྒྱུད་ལས། དངོས་གྲུབ་ཐོབ་པའི་ཚུལ་བསྟན་པ་སྟེ་ལེའུ་བཅུ་པའོ།། །།དེ་ནས་ཕྱག་ན་རྡོ་རྗེས། དཔལ་རལ་གཅིག་མའི་ཕྱག་རྒྱ་ནམ་གྲུ་མ་ལ་མངོན་པར་བསྟན་པ། ནམ་གྲུ་ཁྱོད་ཀྱི་མཚན་ཉིད་ནི། །ཆོ་འབྲང་བདག་གིས་བཤད་པར་བྱ། །ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས། །རྒྱབ་ནི་འཛམ་བུའི་ཆུ་བོའི་གསེར། །ཁྱོད་ཀྱི་གདོང་ནི་དངུལ་ཡིན་ཏེ། །ལྟོ་བའི་ཕྱོགས་ནི་རྡོ་རྗེར་མཁྲེགས། །མིང་པོ་མཛད་དང་མཛོད་གསུངས་གཉིས། །ཁྱོད་ཀྱི་ཕ་ནི་རླུང་ཞེས་བྱ། །ཁྱོད་ཀྱི་མ་ནི་ཀུན་སྒྲོལ་མ། །སྐལ་ལྡན་ཤིང་རྟ་ཁྱོད་ཀྱི་ལུས། །བ་ར་ཧི་སྡི་ཁྱོད་ཀྱི་ལུས། །ལྷ་ཡུལ་དག་ཏུ་གྲགས་པ་ཡིན། །ན་མོཿ། བཛྲ་ནི་བྲཾ ། ཛི་ལི་ཛི་ལི། བིནྡྷ་བིནྡྷ། མུཉྫ་མུཉྫ། ཧི་བྷ་ལ། ཤ་ན་སྭཱ་ཧཱ། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། གསང་བའི་སྔགས་འདི་ལ་བརྟེན་ནས་ལས་ཕྲ་མོའི་དངོས་གྲུབ་ཐོབ་པའི་ཐབས་ཅི་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ། ཕྱག་ན་རྡོ་རྗེ་འདི་ལྟ་སྟེ། གསང་སྔགས་འདིས་ཞི་བའི་ལས་འགྲུབ་པར་འདོད་ན། མཎྜལ་དཀར་ལ་ཟླུམ་པར་བྱ་སྟེ། མེ་ཏོག་དཀར་པོ་ལ་སོགས་པས་མཆོད་ཅིང་། ལྷ་ཡང་དཀར་མོ་སྤྲུལ་པའི་ཕོ་ཉ། ཞི་བའི་རྒྱན་གྱིས་བརྒྱན་པར་བསྒོམ་ན། ལས་ཐམས་ཅད་ཞི་བར་འགྱུར་ཞིང་། ཞི་བའི་ལས་ཕྲ་མོ་འགྲུབ་པར་འགྱུར་རོ། །རྒྱས་པའི་ལས་འགྲུབ་པར་འདོད་ན། མཎྜལ་སེར་པོ་གྲུ་བཞི་པ་བྱ་སྟེ། མེ་ཏོག་སེར་པོ་ལ་སོགས་པས་མཆོད་ཅིང་། ལྷ་ཡང་སེར་མོ་ཆེན་མོ་མཁའ་ལ་བཞད་པ། རྒྱས་པའི་རྒྱན་གྱིས་བརྒྱན་པར་བསྒོམ་ན། ལས་ཐམས་ཅད་རྒྱས་པར་འགྱུར་ཞིང་། རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དབང་གི་ལས་ཐམས་ཅད་འགྲུབ་པར་འདོད་ན། མཎྜལ་ཟླ་གམ་དམར་པོར་བྱ་སྟེ། མེ་ཏོག་དམར་པོ་ལ་སོགས་པས་མཆོད་ཅིང་། ལྷ་ཡང་དམར་མོ་ཆེན་མོ་དབང་ཆེན་གཏུམ་པ་མོ། དབང་གི་རྒྱན་གྱིས་བརྒྱན་པར་བསྒོམ་ན། ལས་ཐམས་ཅད་དབང་དུ་


DNG024_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་། དབང་གི་ལས་ཕྲ་མོ་འགྲུབ་པར་འགྱུར་རོ། །དྲག་པོའི་ལས་ཕྲ་མོ་གྲུབ་པར་འདོད་ན། མཎྜལ་ནག་པོ་ཟུར་གསུམ་པའི་འོག་ཏུ་ཐོད་པ་གསུམ་དང་ལྡན་པར་འགྱུར་ཏེ། མེ་ཏོག་ནག་པོ་ལ་སོགས་པས་མཆོད་ཅིང་། ལྷ་ཡང་ནག་མོ་ཆེན་མོ་རལ་གཅིག་མ་དྲག་པོའི་རྒྱན་གྱིས་བརྒྱན་པར་བསྒོམ་ན། ལས་ཐམས་ཅད་དྲག་པོར་འགྱུར་ཞིང་། དྲག་པོའི་ལས་ཕྲ་མོ་འགྲུབ་པར་འགྱུར་རོ། །དེ་དག་གི་སྔགས་ཀྱི་ཤམ་བུ་ནི། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། པ་ཤཾ་ཀུ་རུ། མཱ་ར་ཡ། ཞེས་བརྗོད་པས། གཞན་གྱི་ཐུན་མོང་གི་ལས་སུ་བྱའོ། །གཞན་ཡང་དགུག་པར་འདོད་པས། ཆེ་གེ་མོ་ཨཱ་ཀཪྴ་ཡ་ཧཱུཾ། ཞེས་བར་དུ་བཅུག་སྟེ། དབང་དུ་འགྱུར་བའི་ཡན་ལག་གོ། །བསྐྲད་པར་འདོད་ན་རླུང་གི་རྔ་མོ་དུད་ཁའི་སྟེང་དུ་བསྒྲུབ་བྱ་བསྐྱོན་ནས། ཆེ་གེ་མོ་ཛ་ཛ་ཞེས་བརྗོད་པར་བྱའོ། །གནན་པ་བྱ་བར་འདོད་ན། རྡོ་ལེབ་ལ་རི་རབ་ཀྱི་གཟུགས་བྲིས་ཏེ། འོག་ཏུ་བསྒྲུབ་བྱའི་མིང་རུས་གཟུགས་དང་ལྡན་པ། གསེར་གྱི་ས་གཞི་སྟེང་ན་བཞག་ནས། ཆེ་གེ་མོ་ལི་ནན། ཞེས་བསྒྲུབ་པར་བྱའོ། །སྦྱིན་བསྲེག་བྱ་བར་འདོད་ན། དྲག་པོའི་རྫས་ལ་སྔགས་དང་མིང་བྱང་རེ་རེ་ལྡན་པར་བྱ་སྟེ། མེར་བོར་བ་དང་། ཆེ་གེ་མོ་མཱ་ར་ཡ་ཁཱ་ཧི། ཞེས་བརྗོད་པར་བྱའོ། །དབྱེ་བར་འདོད་ན། འུག་པ་དང་བྱ་རོག་གི་ཁྲག་གིས་བསྒྲུབ་བྱའི་གཟུགས་བྱས་ལ། སྒྲོ་གཉིས་ལ་སྔགས་བཟླས་ལ། མཱ་ར་ཡ་མཱ་ར་ཡ་ཕཊ། ཅེས་བྱ་བའི་སྔགས་ཀྱི་ཤམ་བུ་དང་ལྡན་པར་བྱས་ཏེ། སྒྲོ་བརྡབ་པས་ཉེ་བ་མཁོན་ཅིང་མྱུར་དུ་དབྱེ་བར་འགྱུར་ཏེ། ཡུལ་གཞན་དུ་ཡང་འཁྱམ་པར་འགྱུར་རོ། །སྨྱོ་འདུལ་བར་འདོད་ན། གང་གདོན་གྱིས་ཟིན་པའི་སྐེ་ལ། སྔགས་ཀྱི་མདུད་པས་བཏགས་ཏེ་བཟུང་ལ་སྔགས་བར་མི་གཅོད་པར་སྦྱོར་བ་འདི་ལྟ་བུ་དང་ལྡན་པར་གཏོར་ན་ཆེན་པོ་ཡང་དང་ཡང་དུ་བརྟན་པར་བྱའོ། །ཐོག་གཅད་པར་འདོད་ན། ཡུལ་གང་ཙམ་བསྲུང་བར་འདོད་པའི་ཐད་ནས། ཤིང་དང་མེ་ཏོག་


DNG024_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཏེ། ཡང་དང་ཡང་དུ་སྦྱིན་བསྲེག་བྱས་ན། སྦྱིན་བསྲེག་གི་རྫས་གང་ནས་འདུས་པ་རྣམས་སུ་ཇི་སྲིད་དུ་ཐོག་འབྱུང་བར་མི་འགྱུར་རོ། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། ལས་ཕྲ་མོ་འགྲུབ་པར་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ལུས་ངག་སེམས་བདེན་པའི་ཐབས་དང་། རླུང་ནི་གང་ལགས། གསང་བའི་བདག་པོ་འདི་ལྟ་སྟེ། ཨོཾ་ཞེས་བྱ་བ་འཇུག་པའི་རླུང་། །ཨཱཿཞེས་བྱ་བ་གནས་པའི་རླུང་། །ཧཱུཾ་ཞེས་བྱ་བ་འབྱུང་བའི་རླུང་། །འཇུག་པ་དེ་ནི་གང་དུའོ། །དེ་ནས་གནས་པ་ནང་དུ་གནས། །དེ་ནས་འབྱུང་བ་ཕྱིར་ཡང་འབྱུང་། །ནང་གི་སྙིང་གའི་དཀྱིལ་ན་ཡོད། །གནས་པ་དེ་ཉིད་ནམ་མཁའ་རྒྱང་། །ཡུལ་འཕྲོ་བ་ནི་ཕྱི་རོལ་ཡིན། །ཨོཾ་ཞེས་བྱ་བ་སེར་པོ་སྟེ། །ཨཱཿནི་དམར་པོར་བཤད་པ་ཡིན། །ཧཱུཾ་ནི་དཀར་པོར་གྱུར་པའོ། །ཨཱཿནི་ཉོན་མོངས་གྱུར་པ་ཡིན། །དེ་ནི་ཧཱུཾ་གི་མཚན་མར་གནས། །ཨོཾ་ནི་དེ་ལ་ཚང་བ་ཡིན། །སེར་པོ་རྣམ་པར་སྣང་མཛད་དང་། །དམར་པོ་སྣང་བ་མཐའ་ ཡས་ལྡན། །དཀར་པོ་མི་བསྐྱོད་ཡང་དག་ཡིན། །དམར་པོ་དེ་འདྲ་ཤེས་རབ་སྟེ། །དཀར་པོ་ཡང་ནི་ཐབས་ཀྱི་རྒྱ། །གཡས་ཀྱི་རྩ་ནི་ལ་ལ་ནཱ། །གཡོན་གྱི་གནས་པ་ར་ས་ནཱ། །ཨ་ཝ་དྷུ་ཏི་དབུས་ན་ཡོད། །སྣང་མཛད་བདག་གི་ལུས་ཀྱི་རྒྱ། །སྣང་བ་མཐའ་ཡས་དག་གི་རྒྱ། །མི་བསྐྱོད་དེ་ནི་སེམས་ཀྱི་རྒྱ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིན། །སྒྱུ་མ་ཙམ་དུ་ཅིར་ཡང་སྣང་། །གདོད་བྱས་རྣམ་རྟོག་མ་ཡིན་ཏེ། །ཡེ་ནས་གནས་པ་ཤེས་བྱ་ཡི། །དབུགས་དང་རྩ་ཡི་སྦྱོར་བ་ལས། །ཕྲ་ལ་ཞི་བར་རྣམ་སྦྱངས་ནས། །རྫོགས་པ་འདོད་ཕྱིར་བསྐྱེད་པ་སྟེ། །རྣལ་འབྱོར་ཆོ་ག་གསུམ་པ་ཡིན། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། རྫོགས་པའི་རིམ་པ་བསྐྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།


DNG024_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་དབང་པོ་རྣོན་པོ་རྣམས་ཀྱི་དོན་དུ་རྫོགས་པའི་རིམ་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་ལྟ་སྟེ། །གང་ཞིག་ཆོས་ནི་གང་ནས་བཙལ། །དེ་ལ་བཙལ་བ་རྡུལ་ཙམ་མེད། །ཅི་ཕྱིར་འཁྲུལ་པས་གཉིས་སུ་སྣང་། །དོན་དམ་ཅན་ལ་སྣང་བ་མེད། །གང་དུ་རྫོགས་པ་བསྐྱེད་པ་དང་། །བསྐྱེད་པ་ལ་སོགས་བསྟན་པ་ནི། །དབང་པོ་རྟུལ་བ་གདུལ་ཕྱིར་དུ། །དྲང་བའི་དོན་གྱི་ཞི་གནས་ཡིན། །འོད་གསལ་སྙིང་གའི་དཀྱིལ་འཁོར་ནི། །འགྱུར་བ་མེད་ཅིང་ཉེས་པ་སྤངས། །དྷར་མོ་ད་ཡ་ཞེས་གྲགས་པ། །ནམ་མཁའི་དེ་ཉིད་རང་ལ་ཡོད། །འདི་ལྟར་ཁྱབ་བྱེད་ཨཿཞེས་བྱ། །ཡི་གེ་ཁ་དོག་གཟུགས་ཅན་མིན། །ཡེ་ཤེས་ཡང་དག་བཞི་ལ་ཕྲ། །ཟབ་མོ་གཅིག་མིན་དུ་མ་མིན། །སྟོང་ཉིད་མཚན་མེད་སྨོན་པ་མིན། །ཆོས་རྣམས་ཙམ་དུ་སྣང་བ་ཡིན། །འདིར་བསམ་འདི་ཡིན་འདི་ལ་གནས། །འོད་གསལ་འདིར་དེ་ཉིད་ཁོ་ནའོ། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། རྫོགས་པའི་རིམ་པའི་རྣལ་འབྱོར་དབང་ཕྱུག་ཆེན་མོའི་རྗེས་སུ་རྣལ་འབྱོར་གྱི་སྤྱོད་ཡུལ་དུ་མ་གྱུར་པ། རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་ཚད་བསྟན་པ་སྟེ་ལེའུ་བཅུ་གསུམ་པའོ།། །།ཨེ་ཀ་ཙ་ཏི་རལ་གཅིག་མའི་རྒྱུད་ལས་རྩ་བའི་རྒྱུད་ཆེན་མོ་རྫོགས་སོ།། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་འོད་གསལ་ཉིད་ཇི་ལྟར་ལགས། སྙིང་རྗེ་ཞེས་བྱ་བ་ཇི་ལྟར་ལགས། དེ་ཡི་དཀྱིལ་འཁོར་ཇི་ལྟར་ལགས། །མི་འགྱུར་བ་ཉིད་ཇི་ལྟར་ལགས། །ཉེས་པ་མེད་པ་ཅི་ཡི་ཕྱིར། །དྷར་མོ་ད་ཡ་ཇི་ལྟར་ལགས། །ནམ་མཁའ་ཞེས་བགྱི་ཇི་ལྟར་ལགས། །ཁྱབ་མེད་ཨ་ཡང་ཇི་ལྟར་ལགས། །ཡི་གེ་མེད་པ་ཅི་ཡི་དོན། །ཡེ་ཤེས་བགྱི་བ་ཅི་ཡི་དོན་ལགས། །ཡང་དག་ཉིད་ཀྱང་ཇི་ལྟར་ལགས། །ཞི་བར་མ་གྱུར་ཇི་ལྟར་ལགས། །


DNG024_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་ཡང་ནི་ཇི་ལྟར་ལགས། །ཇི་ལྟར་ཟབ་མོར་གསུངས་པ་ལགས། །གཅིག་དང་དུ་མ་ཇི་ལྟར་ལགས། །སྟོང་པ་ཉིད་ནི་ཇི་ལྟར་ལགས། །མཚན་མ་མེད་པ་ཇི་ལྟར་ལགས། །སྨོན་པ་མེད་པ་ཇི་ལྟར་ལགས། །ཆོས་རྟག་བགྱི་བ་ཇི་ལྟར་ལགས། །འདིར་བསམ་འདི་ཉིད་གང་གི་ལགས། །འདི་ཡིན་གསུངས་པ་ཇི་ལྟར་ལགས། །འདི་ན་གནས་པ་གང་དང་གང་། །འོད་གསལ་བ་ནི་ཇི་ལྟར་ལགས། །དེ་ཉིད་གསུངས་པ་ཇི་ལྟར་ལགས། །དེ་ཁོ་ན་ཡང་ཇི་ལྟར་ལགས། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཧེ་རུ་ཀས་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསུངས་སོ། །རྩོལ་བ་མེད་པའི་ཡེ་ཤེས་ནི། །རང་ལ་སྣང་བས་འོད་གསལ་ཡིན། །ཆོས་རྣམས་བརྟེན་པའི་དྲན་པ་ནི། །སྙིང་རྗེ་ཞེས་བྱ་ཡིན་པར་བཤད། །དེ་ཡི་དབུས་ན་རང་བཞིན་སྟོང་པ་ནི། །འགྲོ་བ་རྣམས་ཀྱིས་མི་ཤེས་པ། །ཅི་ཡང་མེད་པའི་དཀྱིལ་འཁོར་ཡིན། །དེ་ནི་ཐོག་མ་ཐ་མའི་བར། །མི་འགྱུར་གནས་པས་འགྱུར་བ་མེད། །དེ་ལ་ཆོས་ཅན་རྣམ་རྟོག་གིས། །བསླད་ནས་ཉེས་པ་མེད་པ་ནི། །དེ་ཉིད་ཉེས་པ་མེད་པ་ཡིན། །ཆོས་ཅན་འབྱུང་བའི་གནས་ཡིན་པས། །དྷརྨོ་ད་ཡ་དབྱིངས་ཀྱི་དོན། །དེ་ཉིད་ངོ་བོ་ནམ་མཁའ་ཡིན། །བརྗོད་པ་རྣམས་ལ་གནས་པ་ཡིན། །བརྗོད་མེད་ཁྱབ་བྱེད་ཨ་ནི་གཟུགས་དང་མདོག །ཡི་གེ་རྣམས་དང་བྲལ་བ་ནི། །དོན་ནི་སྐྱེ་མེད་སྟོང་པ་ཡིན། །དེ་ནི་ཡེ་ནས་གནས་པ་ཡི། །དོན་དེ་ཤེས་པས་ཡེ་ཤེས་ཡིན། །དེ་ཕྱིར་དེ་ཤེས་ཤེས་པ་ལ། །ཡང་དག་པ་ཞེས་བཏགས་པ་ཡིན། །ཡང་དག་དེ་ཡི་ངོ་བོ་ནི། །ཀུན་ཏུ་ཞི་བར་གྱུར་པ་ཡིན་། །དོན་དེ་བརྟག་པར་དཀའ་ཕྱིར་དང་། །ཕྲ་མོར་གྱུར་པས་ཕྲ་བ་ཡིན། །དེ་ཕྱིར་དེ་ལ་ཟབ་ཅེས་བྱ། །སེམས་ཀྱི་སྤྱོད་ཡུལ་ཡིན་ཕྱིར་རོ། །སེམས་ལ་གཅིག་དང་དུ་མ་མེད། །དེ་ཡི་ཕྱིར་ན་གྲངས་ལས་འདས། །གཅིག་དང་དུ་མ་སྤངས་པ་ཡིས། །གཅིག་དང་དུ་མ་རྣམས་སྤངས་


DNG024_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྟོང་པ་ཉིད་ཅེས་དེ་ལ་བྱ། །དེ་ལ་དངོས་པོའི་ཆོས་མེད་པ། །དེ་ཕྱིར་མཚན་མ་མེད་པ་ཡིན། །མཚན་མ་མེད་པ་དེ་ཉིད་ལ། །སྨོན་པ་མི་དགོས་རང་ལ་ཡོད། །དེ་ཕྱིར་སྨོན་པ་མེད་པ་ཡིན། །དེ་ནི་གྲུ་གསུམ་རང་བཞིན་ཏེ། །རྣམ་པར་ཐར་པ་གསུམ་པ་ཡིན། །ཆོས་དེ་མཚོན་པའི་རྟགས་ལ་ནི། །དེ་ཕྱིར་ཆོས་རྟག་ཕྱག་རྒྱ་ཡིན། །དུས་གསུམ་དྷརྨ་དེ་དབུས་ལ། །འདིར་བསམ་པས་ན་བསམ་པ་ཆེ། །བསམ་པ་མེད་པའི་ཕྱག་རྒྱ་ཡིན། །དེ་ལྟར་བསམ་པ་དེ་ཉིད་ནི། །སྤྲོས་དང་བྲལ་བས་དེ་ཉིད་ཡིན། །སྤྲོས་དང་བྲལ་བ་དེ་ལ་ནི། །གནས་པ་ནམ་མཁའི་མཚན་ཉིད་དེ། །དེ་བས་འོད་གསལ་ཞེས་བརྗོད་དེ། །འགྲོ་བ་ཀུན་གྱི་རང་བཞིན་གནས། །ཕྱིན་ཅི་ལོག་ཏུ་རྣམ་བརྟག་ཀྱང་། །འགྲོ་བའི་རང་བཞིན་དེ་ལས་ཡིན། །དེ་ཡི་ཕྱིར་ན་རྒྱལ་བ་དང་། །འཁྲུལ་པ་མཉམ་པར་དེ་ཉིད་གཅིག །དེ་ལ་གང་ཞིག་མཁས་ལྡན་པའི། །སོ་སོ་རང་རིག་ཏིང་འཛིན་གྱིས། །ནམ་མཁའི་དཀྱིལ་ལྟར་ཆོས་མཐོང་སྟེ། །གཉིས་སུ་མེད་པ་དེ་ཁོ་ན། །རྫོགས་པའི་རྫོགས་པ་མཁས་པའི་རྒྱ། །རྫོགས་པ་ཆེན་པོ་དཔལ་དང་ལྡན། །སྙིང་གི་ནམ་མཁའ་རང་ལ་ཡོད། །དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ཆོས་ཟབ་མོ་ཡང་དག་པའི་དོན། ཐུན་མོང་མ་ཡིན་པ་བདག་ལ་བསྟན་པ་ངོ་མཚར་ཏོ། །བདག་གིས་ཀྱང་མ་འོངས་པ་ན། ཐུན་མོང་མ་ཡིན་པ་རྣམས་ལ་བསྟན་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ། ཆོས་ཆེན་པོ་འདི་འཛམ་བུ་གླིང་དུ་སྐྱེས་པ། མཁའ་འགྲོ་མའི་ཕྱག་རྒྱ་ཡོད་པ། ཚེ་ལ་དབང་བའི་རིག་འཛིན་ཐོབ་སྟེ། བྲམ་ཟེ་མཆོག་སྲེད་ཅེས་བྱ་བ། ལྷུན་གྱིས་གྲུབ་པའི་ས་ལ་འགྲོ་བ། དེའི་ལག་ཏུ་ འབྱུང་བར་འགྱུར་ཏེ། ཁྱོད་ཀྱིས་ཟུང་ལ་ཆོངས་ཤིག །སྣོད་མ་དག་པ་རྣམས་ཀྱི་རྒྱུད་བྱང་བར་གྱིས་ཤིག །རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། རྫོགས་པའི་རིམ་པ་ཕྱི་མ་སྟེ་ལེའུ་བཅུ་བཞི་པའོ།། །།རྫོགས་སོ།། །།

སྲིད་པའི་བེམ་ཞེས་བྱ་བ།


DNG024_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ལོ་ཀ་དུ་ཏ་ཏནྟྲ་པྲ་བ་སད་ནཱ་མ། བོད་སྐད་དུ། སྲིད་པའི་བེམ་ཞེས་བྱ་བ། རྒྱ་ནག་སྐད་དུ། བདེ་རོད་དར་མུད་ཁ་ཕྱད། བོད་སྐད་དུ། སྲིད་པའི་སྐོས་ཆེན་པོ་ཞེས་བྱ། ཞང་ཞུང་སྐད་དུ། མུ་ཡེ་སངས་འདུ་བེ་ཏ་ཧ་འཕྱོ་ཡ་སངས། བོད་སྐད་དུ། སྲིད་པའི་ཧས་ཞེས་བྱ། བཅོམ་ལྡན་འདས་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྔོན་འདི་སྐད་ཐོས་པའི་དུས་གཅིག་ན། རང་སྣང་གི་དངོས་པོ་ནི་རིགས་ལྔ། འབྱུང་བ་ལྔ་ནི་ཡུལ་ལྔ་རུ་སྣང་བ་ལས། སྲིད་པའི་ཆམ་ལ་དབབ་པའི་སྐོས་བདག །སྲིད་པའི་རྒྱལ་མོ་འཁོར་ལོ་རྟེན་ཅིང་འདྲེལ་པར་འབྱུང་བས་ཐམས་ཅད་སྡུད་པ་ལས། དེའི་ཐུགས་ཀ་ནས་སྐོས་བདག་ཆེན་པོ་བརྒྱད་སྤྲུལ་ནས་འཇིག་རྟེན་ཆམ་ལ་ཕབ་སྟེ་གནས་པ་ནི། ནག་པོ་འཛུམ་མེད་དང་། ཐོམ་པོ་ཡོར་པོ་གཉིས་སྲིད་པ་བྱང་དུ་བསྐོས། སྐོས་རྗེ་དྲང་དཀར་དང་། ཐོད་པའི་ཕྲེང་བ་གཉིས་ཤར་གྱི་སྐོས་བདག་ཏུ་བསྐོས། ཡགྴ་དེ་ཝ་དང་། ཡགྴ་ཀྲོ་ཏ་གཉིས་ནུབ་ཀྱི་སྐོས་བདག་ཏུ་བསྐོས། འཁོར་ལོ་བཅུ་གཉིས་པ་དང་། ཡབ་རྗེ་ནག་པོ་གཉིས་བྱང་གི་སྐོས་བདག་ཏུ་བསྐོས། དེ་ཐམས་ཅད་ཀྱང་བཛྲ་ཧེ་རུ་ཀའི་སྐུ་ལ་འཁྲིལ་བའོ། །བདུད་དེ་རྣམས་ཀྱིས་སྐོས་བཏབ་པས། ནམ་མཁའ་དང་གླིང་བཞི་རི་རབ་ཏུ་བཅས་པས་ཀུན་ཏུ་གང་བས་ཁྱབ་པ་ནི། རི་རབ་ཁྲི་འཕང་བཞི་པ། བང་རིམ་དང་བཅས་པ་ནི། དཔག་བསམ་གྱི་ཤིང་ལ་བརྟེན་པས་ཡར་དཔག་ཚད་བཞི་ཁྲི་མར་དཔག་ཚད་བཞི་ཁྲི་སྟེ། བརྒྱད་ཁྲི་ནི་ཐམས་ཅད་འགྲོ་བ་རིགས་དྲུག་གི་བརྟེན་པ་སྟེ། འོག་གི་བཞི་ཁྲི་ནི་ངན་སོང་གི་གནས་གསུམ་མོ། །སྟེང་གི་བཞི་ཁྲི་ནི་མཐོ་རིས་ཀྱི་གནས་སོ། །གསེར་གྱི་རི་བདུན་ནི་རོལ་པའི་མཚོ་དང་འདྲེལ་བས་ནམ་མཁའ་ལ་ཡང་མུན་སེལ་གྱི་གློག་འགྱུ་བའོ། །དེ་ལ་འཛམ་བུ་གླིང་བཞི་མི་བཞི་བརྟེན་ཏེ། གླིང་བཞིའི་བྱ་བས་མི་མཐུན་པ་དང་། སྤྱོད་པ་དང་བསྐྱེད་པ་དང་། ཁ་དོག་ཀྱང་མི་མཐུན་པ་ཡིན་ནོ། །དེར་ནི་རི་རབ་ནི་སྲིད་པའི་རྒྱལ་མོའི་ལྟོ་བ་སྟེ། དེ་ལ་ནི་རྟེན་འདྲེལ་བཅུ་གཉིས་དང་། དུས་གསུམ་དང་། ལྷ་མ་ཡིན་གྱི་གཡུལ་


DNG024_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་འགྱེད་པ་དང་། འགྲོ་བ་རིགས་དྲུག་གི་མི་དང་བྱོལ་སོང་ཡི་དྭགས་དམྱལ་བའི་གནས་ནི་སྐུ་ལ་འཆར་རོ། །ཕྱག་གཉིས་ནི་རི་རབ་ཀྱི་ཕྲག་པ་གཡས་གཡོན་གཉིས་ནས་འཇུས། ཞབས་གཉིས་ནི་རྒྱ་མཚོའི་གཏིང་དུ་བརྐྱངས་ནས་གནས་པ་ལ། རི་རབ་ཀྱང་འགུལ། གླིང་བཞི་ཡང་ལྡེག་རྒྱ་མཚོ་ཡང་འཁྲུགས་པ་ལས། འཇིག་རྟེན་སྟོངས་ལ་ཁད་ནས། བཛྲ་ཧེ་རུ་ཀའི་དགོངས་པ་ལ་འདི་ལ་ཏིང་ངེ་འཛིན་གྱི་གཟེར་གཅིག་མ་བཏབ་ན་འཇིག་རྟེན་སྟོངས་པར་དགོངས་པས་ཟིལ་གནོན་གྱི་ཕྱག་རྒྱ་བཅས་ནས་སྐུ་ལྟེ་བ་མན་ཆད་བསྣུབས་ཏེ། མོའི་བྷ་ག་ལ་སླེབ་པར་བྱས་སོ། །དེར་རི་རབ་ཀྱི་ཟུར་བཞིའི་ལྕོགས་ཆེན་པོ་གནས་པ་ལ། ཁང་པ་བརྩེགས་པ་བཞི་ན་དེད་དཔོན་ཆེན་པོ་བཞི་གནས་སོ། །ལྷའི་དེད་དཔོན་ནི་འཁོར་ལོ་བཅུ་གཉིས་པ་བ་དན་དཀར་པོ་བསྣམས་པ། ཤེལ་ཁྲབ་དང་། ཤེལ་རྨོག་གསོལ་བ། ཆིབས་སུ་བན་གླང་དཀར་པོ་གསེར་གྱི་སྣ་ཆུ་ལ། དར་གྱི་སྣ་ཐག་ཅན་བཅིངས་པའོ། །ལྷ་བྲན་དང་བཅས་བདུན་བདུན་གྱིས་གཡོག་བྱས་པའོ། །ལྷ་མ་ཡིན་གྱི་དེད་དཔོན་ནི། བསེ་ཁྲབ་དང་བསེ་རྨོག་གསོལ་བ། ལྷ་མ་ཡིན་གྱི་གཡོག་བདུན་གྱིས་བསྐོར་ཏེ་བེར་ནག་ཅན་བདུན་ནོ། །བདུད་དང་གནོད་སྦྱིན་གྱི་དེད་དཔོན་ནི་ཟངས་ཀྱི་འཕར་བ་ལ་ཞོན་པ། སྟོད་ཟངས་ལ་སྨད་ལྕགས་ཀྱི་ཁྲབ་དང་། ལྕགས་རྨོག་གསོལ་བ། འཁོར་མང་པོས་བསྐོར་བ་འཁོར་རྣམས་དམར་ནག་ཏུ་འདུག་པས་བསྐོར་བ། མ་མོའི་དེད་དཔོན་ནི་སྐུ་ལ་གཡུ་ཁྲབ་དང་གཡུ་རྨོག་གསོལ་བ། དར་ནག་ལྕེ་ལྔ་པའི་པ་དན་བསྣམས་པ། ཟངས་མ་མོ་སྐེ་རིང་ལ་ཞོན་པ་བྱང་ཤར་ལ་གནས་པས་སོ་སོ་ནས་འདུལ་ལོ། །ལྷ་མ་ཡིན་ནི་བ་དན་དཀར་པོ་ལྕེ་དམར་བའོ། །བདུད་དང་གནོད་སྦྱིན་ནི་དར་སྣ་ལྔའི་བ་དན་ནོ། །ལྕོགས་ཀྱི་རྩེ་ལ་རྒྱལ་མཚན་བཞི་རེ་གནས་ཏེ། སྟག་དང་གཟིག་དང་བྱ་རྒོད་དང་། རྨ་བྱའི་རྒྱལ་མཚན་གནས་སོ། །དེ་ན་དགའ་བའི་ཚལ་ལ་སོགས་པ་བཞི་ནི་འདྲེས་པའི་ཚལ་དུ་འཐབ་པའོ། །དེ་ན་ནི་ཤིང་ཡོངས་འདུ་ས་བརྟོལ་གནས་ཏེ། ཡོན་ཏན་སྣ་ཚོགས་དང་ལྡན་པའོ། །དེ་ནས་སྲིད་པའི་རྒྱལ་མོ་ལ། བཛྲ་ཧེ་རུ་ཀས་བརྒྱན་ལ་གཞལ་


DNG024_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་གསེར་གྱི་འཁོར་ལོ་འོད་འབར་བ་ལྟེ་བ་ཁ་དོག་སྣ་ཚོགས་པ་མཛེས་པས་བརྒྱན་ལ་མུ་ཁྱུད་དཀར་པོ་དང་གྲུ་ཆད་ལྗང་གུ། བར་ཁྱམས་ནི་ཤར་དཀར་པོ། ལྷོ་བཻ་ཌཱུར་ཡ་སྔོན་པོ། ནུབ་རཱ་ག་དམར་པོ། བྱང་ཨིནྟྲ་ནཱི་ལ་ལྗང་གུ་དེའི་ཕྱི་རིམ་ན་སྒོ་སྣམ་དང་། སྒོ་ཁྱུད་དྲག་པོ་ལྕགས་ཀྱིས་བྱས་པ། གྲུ་གསུམ་སུམ་བརྩེགས་ནི་ནག་པོ་དམར་པོ་སེར་པོའོ། །ཡོན་ཏན་སྣ་ཚོགས་དང་ལྡན་པ་གསེར་གྱི་འཁོར་ལོས་བྱས་སོ། །དེ་རྒྱ་མ་ཆད་པ་ནམ་མཁའ་དང་མཉམ་པའོ། །ཐོད་པ་སྐམ་རློན་གྱི་རྩིགས་པས་བརྟན་པར་བྱས་པ། དེ་ཐམས་ཅད་ཁྲག་གི་ཞམ་ཆུ་འབབ་པ། དུར་ཁྲོད་ཀྱི་ཅེ་སྤྱང་མང་པོ་ཁྲག་ལ་སྟོད་ཅིང་འཐུང་བ། ཀེང་རུས་དང་ཤ་ཁྲག་མང་པོ་རི་རབ་ཙམ་སྤུངས་པ། ཞིང་ཆེན་གྱི་རྒྱལ་མཚན་དང་འཕན་གདུགས་དང་བླ་རེས་དྲེས་པ། ཀང་ཀ་ལ་སོགས་ཏེ། དུར་བྱའི་ཚོགས་མང་པོ་ཡང་ལྡིང་བ། གནོད་སྦྱིན་ཕོ་མོ་མང་པོ་འདུ་བ། ཉི་ཟླའི་མཐོངས་ཁུང་དང་། གཟའ་ཆེན་པོ་བརྒྱད་ཀྱི་ཀ་ཞུ་དང་། ཞིང་སྨུག་པོའི་ཀ་བ་དང་། དར་ནག་གི་ལྡ་ལྡི་དང་། ཕེལ་ཀ་ཆེ་ཆུང་དང་། མཆོག་ཕྲན་གྱི་གྲལ་ཕྱམ་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་གནས་ན་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་དང་ཡུམ་སྲིད་པའི་རྒྱལ་མོ་ལ། གནོད་སྦྱིན་ཕོ་མོ་མང་པོས་བསྐོར་བ་ནི་འདི་ལྟ་སྟེ། དབྱིངས་ཀྱི་ཡུམ་དྲུག་ལ། བདེ་བ་ཆ་སྙོམས་མ་ཡིད་ཀྱི་རྩ་ལས་བསྐྱེད་པ་དང་། ཡིད་འོང་རྒྱལ་མོ་བྷ་ག་སེམས་ཀྱི་རྩ་ལས་བསྐྱེད་པ་དང་། འཁོར་ལོ་ཚིམས་བྱེད་མ་ཉོན་མོངས་པའི་རྩ་ལས་བསྐྱེད་པ་དང་། འགྲོ་བ་སྒྲོལ་བྱེད་མ་མཁའ་ལྡིང་གི་རྩ་ལས་བསྐྱེད་པ་དང་། ཐོས་བྱེད་ཀྱི་རྩ་ལས་ཡིད་འཕྲོག་མ་བསྐྱེད་པ་དང་། སྣོམ་བྱེད་ཀྱི་རྩ་ལས་ཆགས་བྱེད་རྒྱལ་མོ་བསྐྱེད་པ་དང་། དྲུག་ནི་དབྱིངས་ཀྱི་ཡུམ་དྲུག་ཅེས་བྱའོ། །ཡུམ་དྲུག་ཅེས་པ་ནི། མ་མོ་ཐམས་ཅད་དེ་དྲུག་ལས་བསྐྱེད་པས་ཡུམ་དྲུག་ཅེས་བྱའོ། །སྲིད་པ་བདེ་འགྲོ་མ་བདེ་བ་ཆ་སྙོམས་མའི་ཡིད་ལས་བསྐྱེད་པས་རྟགས་སུ་འཁོར་ལོ་དང་བྷནྡྷ་བསྣམས་པའོ། །ཡིད་འོང་རྒྱལ་མོའི་སེམས་ལས་རྣམ་སྣང་གསལ་བསྐྱེད་པས། འབྱུང་བ་ནམ་


DNG024_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་དབང་བྱེད་པའོ། །འཁོར་ལོ་ཚིམས་བྱེད་མའི་ཉོན་མོངས་པའི་རྩ་ལས་བཀྲག་གསལ་འབར་བསྐྱེད་པས། འབྱུང་བ་ས་ལ་དབང་བསྒྱུར་བ་དང་། འགྲོ་བ་སྒྲོལ་བྱེད་མའི་མིག་གི་རྣམ་ཤེས་ལས་འོད་གསལ་འབར་བསྐྱེད་པས། འབྱུང་བ་མེ་ལ་དབང་བསྒྱུར་བའོ། །ཡིད་འཕྲོག་མའི་རྣ་བའི་རྣམ་ཤེས་ལས་གཉེན་གསལ་འབར་བསྐྱེད་པ་ལས། འབྱུང་བ་ཆུ་ལ་དབང་བསྒྱུར་བ་དང་། ཆགས་བྱེད་རྒྱལ་མོའི་སྣའི་རྣམ་ཤེས་ལས་ཡང་གསལ་གཡོས་བསྐྱེད་པས། འབྱུང་བ་རླུང་ལ་དབང་བསྒྱུར་བའོ། །དེ་ཡང་དབྱིངས་ཀྱི་ཡུམ་དྲུག་ལ་དཔལ་ཆེན་པོས་མིང་གི་དབང་བསྐུར་བ་ནི། དགའ་བའི་མེ་ཏོག་མདངས་ལྡན་མ་ཞེས་བདེ་བ་ཆ་སྙོམས་མ་ལ་དབང་བའོ། །ཡིད་འོང་མ་ལ་རིན་ཆེན་ལྕུག་མ་ཞེས་བྱའོ། །འཁོར་ལོ་ཚིམས་བྱེད་མ་ལ་འབར་མ་འོད་ཆགས་མ་ཞེས་དབང་བསྐུར་རོ། །འགྲོ་བ་སྒྲོལ་བྱེད་མ་ལ་རི་རབ་བརྗིད་ལྡན་མ་ཞེས་དབང་བསྐུར་རོ། །ཡིད་འཕྲོག་མ་ལ་འཁོར་བ་ཆགས་པས་ཚིམ་མཛད་མ་ཞེས་བཏགས། ཆགས་བྱེད་མ་ལ་རྒྱལ་མོ་ཀུན་བསྐྱེད་མ་ཞེས་མིང་གི་དབང་བསྐུར་རོ། །དབྱིངས་ཀྱི་ཡུམ་དྲུག་པོ་དེ་ནི་དབུ་གསུམ་གསུམ་སྟེ། དགའ་བའི་མེ་ཏོག་མ་ཞལ་དབུས་སེར་གཡས་དཀར་གཡོན་ལྗང་ནག་གོ། །རིན་ཆེན་ལྕུག་མའི་དབུས་སྔོ་གཡས་སེར་གཡོན་དམར། འབར་བའི་འོད་ཆགས་མའི་ཞལ་དབུས་རཱ་ག་གཡས་མཐིང་ག་གཡོན་དམར། རི་རབ་བརྗིད་ལྡན་མ་ནི་དབུས་དཀར་གཡས་སེར་གཡོན་དམར། འཁོར་བ་ཆགས་པས་ཚིམ་མཛད་མ་ནི། ཞལ་དབུས་ལྗང་གཡས་དམར་གཡོན་དཀར། ཆགས་བྱེད་རྒྱལ་མོ་ནི་ཞལ་དབུས་སེར་གཡས་ནག་གཡོན་མཐིང་བའི་ཞལ། དེ་དྲུག་ཀའི་གཡས་དང་པོ་དྲུག་ན་བྷནྡྷ་ཁྲག་གིས་བཀང་བ་བསྣམས་པའོ། །གཡོན་གྱི་དང་པོ་ཀུན་ན་དར་ནག་གི་རུ་མཚོན་ཕྱར་བའོ། །བར་མ་ཐ་མ་ན་སྣ་ཚོགས་ཀྱི་མཚོན་ཆ་ཕྱར་བའོ། །རྟག་པའི་རྒྱལ་མོ་དྲུག་ཀྱང་དབུ་གསུམ་གསུམ་མོ། །ཕྱག་མཚན་སྐུ་མདོག་ཀུན་གཞུང་དང་མཐུན། རྟག་པའི་རྒྱལ་མོ་དྲུག་ནི་རྣམ་སྣང་གསལ་ནི་འགྲོ་བའི་སེམས་ལ་དབང་སྒྱུར། བཀྲག་གསལ་འབར་ནི་ཤ་ལ་དབང་སྒྱུར། གཉེན་གསལ་འབར་


DNG024_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགྲོ་བའི་ཁྲག་ལ་དབང་སྒྱུར། འོད་གསལ་འབར་ནི་འགྲོ་བའི་དྲོད་ལ་དབང་སྒྱུར། ཡང་གསལ་གཡོས་ནི་འགྲོ་བའི་དབུགས་ལ་དབང་སྒྱུར། སྲིད་པ་བདེ་འགྲོ་ནི་འགྲོ་བའི་མདངས་ལ་དབང་སྒྱུར། བསྐྱེད་པའི་ཁྲོ་མོ་བཅུ་གསུམ་མོ། །ཅིར་མི་འོང་བའི་སྤུན་དྲུག་ཡིན། ཞེས་གཙོ་མོ་དང་བཅུ་གསུམ་པོ་ལ་བྱའོ། །དེ་རྣམས་ནི་གཙོ་མོའི་འཁོར་རོ། །དེ་ནས་བང་རིམ་དང་པོ་ལ་ནི་རྣལ་འབྱོར་མ་བཞི་ཁྲོས་པའི་མ་བཞི་ཕུང་བྱེད་སྦས་པའི་མ་བཞི་དང་། ཉི་ཟླ་ཐོད་ཕྲེང་དང་། ཕྲ་མེན་རྒྱ་མཚོ་རྣམས་ནི་དབུ་གསུམ་མོ། །གཞན་ཞལ་གཅིག་ཕྱག་གཉིས་སོ། །ཉི་ཟླ་སྟོང་གི་ཐོད་ཕྲེང་ནི་ཞལ་དབུས་དཀར་གཡོན་སྔོ་གཡས་སེར། ཕྱག་དྲུག་གི་དང་པོ་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ། བར་མ་ན་གསེར་གྱི་འཁོར་ལོ། ཐ་མ་ན་གཡུའི་གའུ། ཕྱག་གཡོན་དང་པོ་ན་ཉི་ཟླ། བར་མ་ན་གཡུ་ཁྲ། ཐ་མ་ན་རྒྱུ་མའི་ཞགས་པ་བསྣམས་པའོ། །ཕྲ་མེན་རྒྱ་མཚོ་དབུས་སྣ་ཚོགས་ཀྱི་ཞལ་གཡས་དཀར་གཡོན་དམར། གཡས་དང་པོ་ན་པུཥ྇་དཀར་པོ་ཁྲག་གིས་བཀང་བ། བར་མ་ཞིང་གི་རུ་མཚོན། ཐ་མ་ནེའུ་ལེའི་རྐྱལ་པ། གཡོན་དང་པོ་ན་ཏི་རའི་དབྱུག་པ། བར་མ་ན་སྦྲུལ་ནག་གི་རུ་མཚོན། ཐ་མ་ན་ལྕགས་ཀྱུ་བསྣམས་པའོ། །དེ་ནི་རྣལ་འབྱོར་མ་བཅུ་བཞིའི་འཁོར་རོ། །སྲིད་པའི་སྨན་མོའི་འཁོར་ནི། མ་མོ་བདུན་དང་། སྲིང་མོ་བཞི་དང་། རྒྱས་འདེབས་བཞི་དང་། དམག་གི་རྒྱལ་མོ་བཞི་དང་། ཨེ་ཀ་ཛ་ཊི་སྤུན་དྲུག་དང་། གྲུ་འདེགས་བཞི་དང་། བྱ་བ་མོ་དང་བྱེད་པ་མོ་གཉིས་དང་། དབང་མོ་ཉི་ཤུ་རྩ་བརྒྱད་དང་། དེ་ལྟར་ཤར་གྱི་དཀར་མོ་ཤེལ་གྱི་བུམ་ཐོགས་མ་ཤེལ་གྱི་ཁང་པ་ན་གནས་པ། དེ་ནི་ཁྲི་འཕང་ཡར་འཕགས་མར་ནུབ་ཀྱི་རྩ་ལ་གནས་པའོ། །ལྷོ་ན་སྔོན་མོ་བཻ་ཌཱུརྱའི་བུམ་ཐོགས་མ་བཞི་བཻ་ཌཱུརྱའི་ཁང་པ་ན་གནས་པའོ། །ནུབ་ན་དམར་མོ་བྱེ་རུའི་བུམ་པ་ཐོགས་པ་བཞི་གནས་སོ། །བྱང་ན་སེར་མོ་གསེར་གྱི་བུམ་པ་ཐོགས་པ་བཞི་གནས་ཏེ། ཕྱོགས་བཞིའི་སྲིང་མོ་བཞི་བཞི་ཡིན། ཚེའི་ལྷ་མོ་བཅུ་དྲུག་ཅེས་བྱའོ། །ལྕགས་རི་མུ་


DNG024_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུད་འདས་པའི་ཕ་རོལ་ན། མུན་པའི་གཡུང་དྲུང་གླིང་བར་གྱི་མུན་པའི་ནང་ན་ཟོར་བདག་ཆེན་མོ་བཞི་ནི། དགའ་མོ་གཉན་གྱི་ཟོར་འཕེན་མ། །ཨརྒྷ་གཉན་གྱི་སྨན་གཅིག་མ། །རཀྟ་གཉན་གྱི་ཙ་མུན་ཏྲི། །དྲེའུ་གདོང་ཅན་མགོ་གཅོད་མ། །ཞེས་ཐམས་ཅད་ཀྱི་ལས་ལ་ཤིས་པའི་མ་མོ་བཞིའོ། །ནམ་མཁའ་སྟོང་ལ་དབང་བསྒྱུར་བའི་མ་མོ་ནི། བདུད་ཀྱི་བུ་མོ་ནག་མོ་དུང་མགྲིན་མ་དང་། ས་བདག་དང་ཀླུ་ལ་དབང་བསྒྱུར་བ་དག་གཡུ་བྱེའུ་ཅན་གྱི་འཁོར་གྱིས་བསྐོར་བ་ནི་མ་མོ་བརྒྱ་རྩ་བརྒྱད་ཀྱི་ཁུངས་ནས་བརྒྱུད་པའོ། །དེ་ལས་སྤྲོས་ན་སྟོང་རྩ་བརྒྱད་དུ་འགྱུར་རོ། །དེ་ཡང་མ་མོ་རིགས་བཞིར་བསྡུས་པ་ལས། དབྱིངས་ཀྱི་མ་མོ་གཙོ་མོ་སྲིད་པའི་རྒྱལ་མོ་དང་། ཕུང་བྱེད་སྦས་པའི་མ་བཞི་དང་། བསྐྱེད་པའི་ཁྲོ་མོ་བཅུ་གསུམ་ལ་སོགས་པ་ནི་དབྱིངས་ཀྱི་མ་མོའོ། །བདུད་མོ་ཀུན་གྱི་གཙོ་མོ་ནི་ཨེ་ཀ་ཙ་ཏི་དང་། རྣལ་འབྱོར་ཉིད་དབྱིངས་བཅུ་བཞི་དང་། ནག་མོ་དུང་མགྲིན་ལ་སོགས་པ་ནི་བདུད་མོའི་རིགས་སོ། །ཡང་གབ་མ་བཞི་དང་། གཡུའི་བྱེའུ་ཅན་དང་། ཚ་བ་མགོ་ཏིའི་བདག་མོ་མགོ་དགུ་རལ་གཅིག་དང་། རོ་བཤལ་མ་དང་། དྲ་མི་དྲ་དང་། རྨ་རི་ཆེན་མོ་ལ་སོགས་པ་ནི་སྤྲུལ་པའི་མ་མོའི་རིགས་སོ། །གཙོ་མོ་གདུག་བྱེད་ནག་མོ་དང་། བསེ་བཏིའི་བདག་མོ་དང་། གདོང་མོ་བཞི་དང་། དུར་ཁྲོད་ཀྱི་བདག་མོ་ཤྲཱི་ཙ་མུན་ཏྲི་དང་། རྒྱ་རི་སྐྱེ་སེར་ཁ་འབར་རྐན་སྒྲ་ཅན་ལ་སོགས་པ་ནི་ལས་བྱེད་མའི་རིགས་སོ། །འདྲེན་ཅིང་འགུགས་པའི་ལས་བྱེད་པ། །ཉུལ་ལེ་ཉིས་བརྒྱ་ལྔ་བཅུ་གཉིས། །མངག་ཅིང་གཞུག་པའི་ལས་བྱེད་པ། །ཕོ་ཉ་ཉིས་བརྒྱ་ལྔ་བཅུ་གཉིས། །གསོད་ཅིང་གཅོད་པའི་ལས་བྱེད་པ། །བདུད་མོ་ཉིས་བརྒྱ་ལྔ་བཅུ་གཉིས། །འགུགས་ཤིང་འདྲེན་པའི་ལས་བྱེད་པ། །སྨན་ཕྲན་ཉིས་བརྒྱ་ལྔ་བཅུ་གཉིས། །མོ་མོ་སྟོང་དང་བརྒྱད་དུ་གྲགས། །བསྡུས་ན་དབྱིངས་ཀྱི་མ་མོར་འདུས། །ཀུན་ཀྱང་གཙོ་མོ་ཡུམ་དུ་འདུས། །གཙོ་མོ་ཡུམ་ཡང་དཀྱིལ་འཁོར་ཆེན་པོར་འདུས། །དང་པོ་བསྐྱེད་པའི་ཧཱུཾ་དུ་འདུས། །ཧཱུཾ་ཡང་ཐིག་ལེ་ཆོས་སྐུར་འདུས། །


DNG024_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །མོ་ནི་རིག་པའི་ཡེ་ཤེས་ཡིན། །ཆོས་ཀྱི་སྐུ་རུ་ཐམས་ཅད་རྫོགས། །ཞེས་གསུངས་སོ། །མ་མོ་སྲིད་པའི་བེམ་ལས། གླེང་གཞིའི་སྐབས་ཏེ་དང་པོའོ།། །།དེ་ནས་ཡང་ལྷ་གཡུང་དྲུང་གིས་འདི་སྐད་གསོལ་ཏོ། །ཡབ་གཅིག་འཇིག་རྟེན་འཇོམས་པའི་ལྷ། །སྐོས་བདག་བརྒྱད་པོ་ཇི་ལྟར་ལགས། །སྲིད་པ་ཆམ་ལ་ཇི་ལྟར་དབབ། །ཡབ་གཅིག་བདག་ལ་བཀའ་སྩོལ་ཅིག །ཅེས་གསོལ་པས་བཀའ་སྩལ་པ། སྐོས་རྗེ་དྲང་དཀར་ལ་སོགས་བརྒྱད། །སྲིད་པ་བྷྱོ་བཟློག་མདོས་ཀྱི་སྐོས། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། །འདོད་པའི་རྫས་རྣམས་སྐོས་ཀྱིས་འགྲེམས། །བཀའ་བློན་སྒོ་མ་ཐམས་ཅད་བྱེད། །མ་མོ་རྣམས་ཀྱི་མངག་གཞུག་ཡིན། །སྲིད་པ་ཆམ་ལ་དབབ་པ་ཡིས། །ལྷ་མིན་གཡུལ་ངོ་བཟློག་པ་སྟེ། །སྲིད་པའི་རི་རབ་བཅས་ནས་ནི། །སྟེང་དུ་སྲིད་པའི་རྒྱལ་མོའི་ཞལ། །གཞུང་དང་མཐུན་པར་བྱུང་བར་བྱ། །དབྱིངས་ཀྱི་ཡུམ་དྲུག་གཞུང་བཞིན་བྲི། །ཡང་ན་གསང་ཕྱེ་དག་ལ་བྱ། །སྨུག་ནག་སྔོ་ནག་ལྗང་ནག་དྲུག །གཞུང་དང་མཐུན་པར་བྲི་བར་བྱ། །དེ་ནས་བསྐང་རྫས་བསག་པ་ནི། །གཟུགས་མཛེས་བྲི་འམ་འབུར་དུ་བཏོད། །མཁའ་ལྡིང་རྒྱལ་པོ་ཤང་ཤང་དྲུག །རིགས་དང་ཁ་དོག་མཚུངས་པར་བྱ། །ཁྱུང་ཆེན་དྲུག་དང་མདངས་ལྡན་རྨ་བྱ་དྲུག །དེ་བཞིན་མཛེས་པའི་བཙུན་མོ་དྲུག །གྭ་དོར་དྲུག་དང་སྐྱེས་པ་དྲུག །རིགས་དང་མཐུན་པར་བྲིས་པ་དྲུག །སྣ་ཚོགས་དར་གྱིས་བརྒྱན་ནས་ཀྱང་། །གཙོ་མོ་དྲུག་ནི་ཁྱུང་ལ་བསྐྱོན། །སྐྱེས་པ་དྲུག་ནི་གྭ་དོར་ལ། །སྟག་གཟིག་ཆས་སུ་བཅུག་ལ་བསྐྱོན། །རྒྱལ་པོ་དྲུག་ནི་འཁོར་དང་བཅས། །འགྱིང་བག་བཅས་ཏེ་གླང་ཆེན་དྲུག་ལ་བསྐྱོན། །དབྱིངས་ཀྱི་ཡུམ་ལ་དབུལ་བར་བྱ། །ཤིང་རིས་དྲུག་ནི་སྣ་ཚོགས་མཛེས་པར་ཚོན་གྱིས་བྱུག །རིགས་དང་བསྟུན་ཏེ་མཛེས་པར་ཚོན་གྱིས་བྱུག །གཉིས་པ་རི་དྭགས་རྒྱལ་པོ་ཤ་བ་དྲུག །བུད་མེད་དྲུག་ཀྱང་བྲི་བར་བྱ། །བྱ་དང་


DNG024_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཆེ་བའི་ཉི་ཟླ་བྲིས། །མཁར་ཐབས་སྒོ་དྲུང་བློན་པོ་དྲུག་ཀྱང་བྲི། །ཁུ་བྱུག་གསུང་སྙན་དྲུག་དང་དཔག་བསམ་ཤིང་ལོར་ལྡན། །མཛེས་པའི་རྟ་ཕོ་ཡ་ཐ་ཡིན། །སྣ་ཚོགས་དར་ལས་ཚོམ་བུ་དྲུག་པའི་ལྗང་བུ་དྲུག །རིང་ཐུང་ལུས་ཀྱི་ཚད་དུ་བྱ། །རྨ་བྱའི་སྒྲོ་ཡི་མདོངས་ཀྱིས་བརྒྱན། །མེ་འཕང་རིགས་དང་མཐུན་པ་དྲུག །སྣ་ཚོགས་དར་གྱིས་བརྒྱན་པར་བྱ། །གཙོ་མོའི་ནམ་མཁའ་ཀུན་ཏུ་ཞལ། །དྲུག་ལ་ཁོང་པ་ནག་པོ་སྟེ། །སེར་པོ་སྔོན་པོ་དཀར་པོ་དམར། །སྣ་ཚོགས་དར་གྱིས་བརྒྱན་ནས་ཀྱང་། །རྨ་བྱའི་སྒྲོ་ཡིས་བརྒྱན་པར་བྱ། །མཛེས་པའི་ཡུམ་ལ་དབུལ་བར་བྱ། །འདི་ལ་མདའ་རྣམས་མ་གསུངས་ཏེ། །འཁོར་ལ་གནས་པའི་མ་མོ་གསུམ་གསུམ་པོ་ལ་ནམ་མཁའ་ནག་པོ་གསེར་གྱི་ཁ་ཅག་ཅན་བཅོ་བརྒྱད་ལ་རས་མ་སྔོན་དམར་དང་། རྒོད་ཀྱི་ཕོད་ཀྱིས་བརྒྱན་པ་བཏང་ངོ་། །མ་མོ་ཁ་བློན་རེ་གུང་བློན་རེ་ནང་བློན་རེའོ། །ནམ་མཁའི་དབྱིངས་ཕྱུག་མ་དང་། འབྱུང་བའི་བཅུད་འབྱིན་མ་དང་། མཁའ་ལ་གར་ཏིང་ཤགས་དང་། དུས་གསུམ་དུ་རྒྱུ་བའི་གློག་ཕྲེང་ཅན་དང་། ཧར་ཏིང་ནག་མོ་དང་། དུན་ཏིང་སྔོན་མོ་དང་། མེ་ཟ་བྲག་གྱོན་མ་དང་། མེ་ཏོག་མདོངས་ཀྱི་རྒྱལ་མོ་དང་། སྲིད་པའི་གཡུལ་ངོ་བཟློག་མ་དང་། འོད་ལྡན་རྒྱལ་མོ་དང་། ཉི་མའི་ཟེར་ཅན་དང་། འོད་ཆགས་གཡུའི་རལ་གཅིག་མ་དང་། དུང་ཐོད་ཐིག་ལེ་ཅན་དང་། རྡོ་རྗེ་བྱ་མགོ་མ་དང་། ཁ་ན་མེ་འབར་མ་དང་། རི་རབ་རྡོར་རྒྱུ་མ་དང་། འཁོར་ལོ་འདྲེ་ཞོན་མ་དང་། ཨེ་མ་འུར་སྒྲ་ཅན་དང་། བཅོ་བརྒྱད་པོ་དེ་ནི་ཁ་བློན་དང་། གུང་བློན་དང་། ནང་བློན་དང་། དེ་རྣམས་ལ་ངར་གླུད་མཛུབ་གང་པ་རེ་ཆས་སུ་བཅུག་ལ་དབུལ་བར་བྱའོ། །འཕང་སྣ་ཚོགས་པ་རེ་ནམ་མཁའ་བཞིན་བརྒྱན་པ་དབུལ་བར་བྱའོ། །དེ་ནི་དབྱིངས་ཀྱི་ཡུམ་དྲུག་གི་འཁོར་དང་བཅས་པའི་ཆས་སུ་འདེབས་པའོ། །དེ་ནི་རྟག་པའི་རྒྱལ་མོ་དྲུག་ལ་བསྔོ་བ་ནི། སེང་གེ་གཡུའི་རལ་པ་ཅན་དྲུག །བན་གླང་དཀར་མོ་གསེར་གྱི་སྣ་ཆུ་ཅན་དྲུག་ལ།


DNG024_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཆས་སུ་བཅུག་པ་དྲུག་བསྐྱོན་པ་དང་། ཁྱུང་དྲུག་ལ་དར་སྣས་བརྒྱན་པ་དང་། རྟ་དྲུག་ལ་བཙུན་མོ་གོ་ཟུ་ཅན་ཆས་སུ་བཅུག་པ་དྲུག་དང་། མི་མོ་མཛེས་མ་དྲུག་ལ་གསེར་གཡུས་བརྒྱན་པ་དྲུག་པོ་ནི་ཁ་ཕྱིར་བལྟས་པར་བང་རིམ་དང་པོ་ལ་དགོད། འབྲུ་སྣ་ལྔ་ལ་རིན་པོ་ཆེ་སྣ་ལྔ་བཏང་། སྤོས་དང་ཤ་བལ་བཏང་། བསེ་མགྲོན་བུ་ལོང་ཏང་དུང་། ཟངས་མ་ལྕགས་དེ་རྣམས་ལ། ངར་གླུད་ཁྲུ་གང་པ་གཅིག་བྱས་ལ། བཟའ་མི་དུ་ཡོད་པའི་མིང་འོ་མ་དང་མཚལ་སྦྱར་ལ་བྲིས་ལ། རུས་ཀྱང་གཞུག་མགོ་ལག་ཡུ་གདགས་ལ་ལག་ཏུ་ནོར་ཕྱུགས་དང་། ཟངས་ལྕགས་དང་འབྲུའི་བང་དང་ཤོག་བུ་ལ་བྲིས་ལ་ཅི་ཡོད་པའི་རྫས་བསྐུར། གོས་དང་རྒྱན་སྣ་ཚོགས་གདགས་སོ། །དེ་ནས་ཤིང་རིས་འཕན་བཟང་དྲུག་ལ། རྡོ་རྗེ་དང་པདྨ་རིན་པོ་ཆེ་འཁོར་ལོ་རྒྱ་གྲམ་རལ་གྲི་བྲི། ཁྱུང་རེ་རེ། རྨ་བྱ་རེ་རེ། ནེ་ཚོ་གསུང་སྙན་རེ་རེ། ཤིང་ལོའི་ཁ་ནས་སྐད་སྙན་པ་སྒྲོགས་པ་རེ་བྲི། བ་དན་ལྕེ་ལྔ་པ་རེ་རེ་བྲི། རི་དྭགས་རྒྱལ་པོ་དྲུག་བྲི། ཉི་ཟླ་འོག་ནས་འཆར་བ་བྲི། མདའ་རིགས་དང་བསྟུན་པ་དྲུག་བྲི། ནམ་མཁའ་ཁ་དོག་རིགས་དང་བསྟུན་ལ། མཛེས་ཚོན་དུ་བྱས་པ་དྲུག་བྲི། འཕང་དྲུག་གི་ཁ་དོག་མཐུན། རྨ་བྱས་ཀུན་བརྒྱན་དར་སྣ་ཚོགས་དང་བཟང་སྒྲོས་བརྒྱན། ཁམས་གསུམ་ཡུམ་མཆོག་ལ་རྒོད་ཀྱི་ལྡེམ་དུ་གཟུག །ལྗང་བུ་དྲུག་ལུས་ཚད་དུ་བྱ། དར་གྱི་ཚོམ་བུ་གསུམ་གསུམ་གདགས་སོ། །འབྲུ་བྱ་ཚང་བ་ནི་གཡོག་མོ་རྣམས་ལ་བསྔོ། ཏིང་ལོ་མར་གྱིས་བཀང་བ་བཅོ་བརྒྱད་སྡོང་བུ་དང་བཅས་པ་བྱའོ། །ངར་གླུད་ཆག་གང་པ་དྲུག་བྱ། གོས་ཟུ་བསྐོན་ནོ། །མ་ཆོས་ཀྱི་རྒྱན་གཅིག་མ་དང་། ཐོར་ཚུགས་གཅིག་མ་དང་། ཀེང་རུས་ཐོད་ཕྲེང་ཅན་དང་། དབུགས་བདག་རལ་གཅིག་མ་དང་། ནག་མོ་མཆུ་འཕྱང་མ་དང་། སྨུག་ནག་མིག་གསུམ་མ་དང་། དཀར་མོ་ཞི་བའི་འོད་འཕྲོ་མ་དང་། ནག་མོ་ཆེན་མོ་མགྱོགས་མ་རླུང་ཞོན་མ་དང་། སྨུག་ནག་ཆེན་མོ་རོ་རྐུན་མ་དང་། དམར་མོ་འོད་


DNG024_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རལ་གཅིག་མ་དང་། སེར་མོ་སྦྲུལ་གྱི་གཤོག་པ་ཅན་དང་། ས་བདག་ཆེན་མོ་བསེའི་རལ་པ་ཅན་དང་། བདུད་རྩི་དམར་མོ་དང་། སྨུག་ནག་ཆེན་མོ་མགོ་དགུ་དང་། གཏུམ་པ་ཆེན་པོ་མགོ་དགུ་མ་དང་། ཁྲག་འཐུང་སྤྱན་གཅིག་མ་དང་། རེ་མཁན་ནག་མོ་དང་། རྒྱ་ནད་གཏོང་བའི་མ་མོ་དྲེད་གདོང་མ་དང་། བཅོ་བརྒྱད་པོ་དེ་ནི་འཁོར་འདུལ་གྱི་མ་མོ་ཞེས་བྱའོ། །ད་ནི་རྣལ་འབྱོར་མ་བཅུ་བཞིའི་བསྐང་རྫས་བསྟན་ཏེ། གཙོ་མོ་གཉིས་ལ་སྒོས་ཀྱི་བསྐང་བའི་རྫས་རྣམས་ནི། ཁྲུང་ཁྲུང་དཀར་མོ་ལ་དར་ཟ་འོག་གི་གོ་ཟུ་ཅན་བཙུན་མོའི་ཆས་སུ་བཅུག་པ་དང་། ཕྲ་མེན་རྒྱ་མཚོ་ལ་གཟིག་ལ་སྐྱེས་པ་སྟག་ཆས་བསྐྱོན་པར་བྱ། གཞན་ནི་སྤྱིའི་བསྐང་རྫས་ཏེ། སྟག་བཅུ་བཞི། གཟིག་བཅུ་བཞི། ཁྱི་དཀར་པོ་གསེར་གྱི་ཡང་ཆུང་ཅན་བཞི། ཁྱུང་བཅུ་བཞི། རྨ་བྱ་བཅུ་བཞི། ཤང་ཤང་བཅུ་བཞི། གཞན་ཡང་སའི་འབྲས་བུ་ཀུ་ལན་ཏ། ཤ་སྣ་ཚང་བའི་གཏོར་མ་བཞི། སྟག་ཆས་གཟིག་ཆས་དར་ཟབ་ཁང་བཟང་གསེར་གཡུ་གོ་མཚོན་དང་། མི་ལ་ཡོད་པའི་རྫས་ཀུན་ཚོགས་ཚད་དུ་བསོག །དེ་ནས་མདའ་གཞུང་དང་མཐུན་པ་བཅུ་བཞི། ཤིང་རིས་ལྔ། དེ་ཡང་གཙོ་མོ་གཉིས་ལ་རེ་རེ། ཁྲོས་པའི་དབང་ཆེན་བཞི་ལ་གཅིག །ཐུགས་ཀྱི་དགྱེས་སྡེ་མོ་བཞི་ལ་གཅིག །ཕུང་བྱེད་སྦས་པའི་མ་བཞི་ལ་གཅིག །མདའ་ཡང་རྒྱས་པར་བྱེད་ན་བཅུ་བཞི། བསྡུ་ན་ལྔ། གཞུང་དང་མཐུན་པར་བཅུ་བཞི་བྲི། འཕང་ནི་ལྔ་རུ་བསྡུ་བར་བྱ། ནམ་མཁའ་ལྡང་བུ་བཅུ་བཞིའོ། །ཉི་ཟླ་ཐོད་ཕྲེང་ལ་ནམ་མཁའ་ཁོང་པ་དཀར་པོ་ལ་མཛེས་པའི་ཚོན་དུ་དྲེས་པའོ། །ཕྲ་མེན་གྱི་རྨ་ཟངས་མ་ལ་དར་གྱི་དཔྱང་ལག་རྩེ་མོ་གཉིས་ལ་དགོད། རྨ་བྱའི་མདོངས་ཀྱིས་བརྒྱན་པར་བྱ། ཁྲོས་པའི་དབང་ཆེན་བཞི་ལ་ཁོང་པ་ནག་མོ་ལ་གསེར་གྱི་ཁ་ཆག་ཅན་བཞི། དགྱེས་སྡེ་བཞི་ལ་གཡུའི་ཁོང་པ་ལ་ཕྱི་རིམ་གསེར་ལ་ཁ་ཆག་དུང་། མ་མོ་བཞི་ལ་གཅིག་ཁོང་པ་གསེར་ལ་ཕྱི་རིམ་གཡུ། གཅིག་ཁོང་པ་གནག་ལ་ཕྱི་རིམ་སེར། གཅིག་ཁོང་པ་གཡུ་ལ་ཕྱི་རིམ་དུང་། གཅིག་


DNG024_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་པ་གཡུ་ལ་ཕྱི་རིམ་གནག །ཁ་ཆག་བྱི་རུས་བྱས་པ་ཡིན། །འཕང་ལྔ་རྒྱན་དང་ཆས་པ་ཡིན། །དེ་ཡི་འཁོར་ན་གནས་པ་ལ། །བལ་ཚོན་ལྗང་བུ་གསུམ་པ་སྦྱིན། །ཀུན་ཀྱང་རིང་ཐུང་ལུས་ཀྱི་ཚད། །ནམ་མཁའ་ལྗང་བུ་སྣ་ཚོགས་རེ་རེ་སྦྱིན། །སྣ་ཚོས་རས་ལ་སྒྲོ་ཡིས་བརྒྱན། །འཁོར་ན་གནས་པའི་མ་མོ་བཞི་བཅུ་རྩ་གཉིས་འདི་ལྟ་སྟེ། སྔོན་མོ་ཁྲོ་གཉེར་སྦྲུལ་ཞགས་ཅན། །མ་བཙུན་མཐིང་གི་ལྷ་མོ་དང་། །སྒྲོལ་བྱེད་ལྕགས་ཀྱུ་ཅན་དང་། དྲེའུ་གདོང་འཁོར་ལོ་ཅན་དང་། བཙན་གྱི་བུ་མོ་དུན་ཏིང་ཤགས་དང་། གཟའི་བུ་མོ་ཐོག་འཕེན་མ་དང་། བདུད་ཀྱི་བུ་མོ་མིག་གཅིག་མ་དང་། ཁ་ལ་མེ་འབར་རི་རབ་འཕེན་དང་། ཚངས་པ་གཟི་ཅན་གྱི་བུ་མོ་གཟི་བརྗིད་འོད་ལྡན་མ་དང་། མུན་པའི་བུ་མོ་རྐང་གཅིག་མ་དང་། གནོད་སྦྱིན་བུ་མོ་རབ་འབར་སྒྲ་མོ་ཆེ་དང་། ཀླུའི་བུ་མོ་འོད་དེ་རིང་མོ་དང་། རབ་འབར་སྒྲ་བོ་ཆེ་དང་། ནག་མོ་བྱ་རོག་གི་གདོང་པ་ཅན་དང་། ཐལ་མདོག་ཁྲོ་གཉེར་ཅན་དང་རེ་མ་ཏི་དང་། གསེར་གྱི་འབྲུ་གཅིག་མ་དང་། ཨཱརྱ་གཉན་གྱི་རེ་མ་ཏི་དང་། ཀེང་རུས་ཆེན་མོ་གཡག་མགོ་ཅན་དང་། ནག་མོ་སྦྲུལ་མགོ་ཅན་དང་། ནག་མོ་བསེ་གདོང་མིག་གཅིག་མ་དང་། ཀླུའི་བུ་མོ་གཡུའི་ལན་ཚར་ཅན་དང་། ཡིད་འོང་དགེ་བ་དང་། མཚོ་སྨན་གྱི་རྒྱལ་མོ་སྦྲུལ་ནག་གི་གོ་ཟུ་ཅན་དང་། རལ་གཅིག་རྒྱ་མཚོ་དང་། དཔག་བསམ་ནམ་གྲུ་མ་དང་། བདུད་འདུལ་དབང་གི་ལྷ་མོ་དང་། དཔལ་ལྷ་མོ་ནག་མོ་དང་། བྱ་ཐུལ་ཅན་དང་། ཐུགས་ཀྱི་གཟེར་ཆེན་དང་། ནམ་མཁའི་ཁམས་ཀྱི་དཔལ་མོ་བཙན་དང་། སའི་མ་མོ་ཁྲག་ནད་གཏོང་བ་དང་། བར་སྣང་ཁམས་ལ་སྨྱོ་འབོག་བརྒྱལ་ནད་གཏོང་མ་དང་། ནམ་མཁའི་མཐོངས་ནས་མཁྲིས་པ་ཤ་ཡ་དང་། བལ་ནད་འདར་བུ་གཏོང་བའོ། །མཚོ་སྨན་ཆེན་མོ་དཀར་མོ་དབུ་དགུ་མ་དང་། སྨུག་མོ་དབུ་ལྔ་མ་དང་། རཀྟ་ཙ་མུན་ཏི་དང་། ནམ་མཁའི་ཁམས་ཀྱི་དཀར་མོ་གཡུའི་


DNG024_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་གདེངས་ཅན་དང་། གནམ་སྨན་དཀར་མོ་ཉི་འོད་འབར་བའི་སྨན་གཅིག་མ་དང་སྲིད་པ་གསུམ་གྱི་ཐོད་གདེངས་ཅན་དང་། རྨ་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ་ལོ། །དེ་ལྟར་མ་མོ་བཞི་བཅུ་རྩ་གཉིས་ནི། རྣལ་འབྱོར་མ་བཅུ་བཞིའི་འཁོར་ན་གནས་པས། དེ་རྣམས་ལ་མཆོད་པར་བྱའོ། །དེ་མན་ཆད་ན་སྲིད་པའི་སྨན་མོ་ལྔ་བཅུ་རྩ་དགུ་གནས་ཏེ། མ་མོ་བདུན་ལ་ནི། ནམ་མཁའ་ནག་མོ་དུང་གི་ཁ་ཅག་ཅན་བདུན། བྱ་སྤུ་དང་རས་མ་སྣ་ཚོགས་ཀྱིས་བརྒྱན་ཏེ། འཕང་ནག་མོ་བདུན་ལ་གསེར་གྱི་མེ་ལོང་སྩལ་བ་དང་ལྗང་བུ་བདུན་ནོ། །མདའ་ནག་པོ་བདུན་ལ་གཟིག་རིས་གཉིས། སྟག་སོ་རིས་གཉིས་ཆུ་མིག་རིས་གཉིས། མཁར་ཐབས་ཟོ་བ་རིས་ནི་གཙོ་མོ་ལྔ་ལ་ལྔའོ། །སྲིང་མོ་བཞི་ལ་ཕྱོགས་དང་བསྟུན་པའི་ནམ་མཁའ་བཞི་མཛེས་པའི་ཁ་དོག་གདབ་པར་བྱའོ། །མདའ་ནི་དཀར་དམར་སེར་དང་སྔོ། །ཐིག་ལེ་སྟག་སོ་ལྡན་པར་བྲི། །ཉི་ཟླ་སྨན་མོ་ཀུན་གྱི་གོང་ནས་འཆར། །མ་མོའི་གྲངས་ཇི་བཞིན་ལྗང་བུ་བྱ། ཤིང་རིས་མ་མོ་བདུན་ལ་གཅིག །སྲིན་མོ་བཞི་ལ་གཅིག །འཕང་ཡང་དེ་བཞིན་གྲུབ་ཚད་བྱ། །གྲུ་འདེགས་བཞི་ལ་ཤིང་རིས་གཅིག །དམག་གི་རྒྱལ་མོ་བཞི་ལ་ཤིང་རིས་གཅིག །གསང་བའི་ཡུམ་ཆེན་བཞི་ལ་ཤིང་རིས་གཅིག །ལྗང་བུ་རེ་རེ་བཅད་པ་མིན། གསང་བའི་ཡུམ་བཞི་ལ། ནམ་མཁའ་ཁོང་པ་དཀར་པོ་འཇའ་རིས་བཞི་ཀ་ལས་མཛེས་པའི་ཚོན་གྱིས་བྲི་བར་བྱ། མདའ་ཡང་ཕྱོགས་ཀྱིས་བསྒྱུར་བ་ལས། །ཤར་དུ་དཀར་པོ་སྟག་སོ་རིས། །ལྷོ་རུ་སྔོན་མོ་གཟི་རིས་བྲི། །ནུབ་ཏུ་དམར་མོ་ཟོ་བ་ཁ་སྤྲོད་བྲི། །བྱང་དུ་སེར་མོ་ཉ་མིག་བྲི། །དམག་གི་རྒྱལ་མོ་བཞི་ལ་ཡང་། །ཁ་དོག་ནག་པོར་བསྒྱུར་བ་ལ། །དཀར་པོ་རི་མོ་གསུམ་གསུམ་དང་། །སེར་པོ་དམར་པོ་གསུམ་པ་བྲི། །ཨེ་ཀ་ཛ་ཏི་སྤུན་དྲུག་ལ། །ནམ་མཁའ་སྨུག་པོ་དྲུག་ལ་གཡུའི་ཁ་ཆག་བཏང་། །མདའ་ནི་གཞུང་དང་མཐུན་པར་བྲི། །ཤིང་རིས་གཅིག་ལ་སྣ་ཚོགས་ལྡན་པར་བྱ། །སྟག་སོ་ཉི་ཟླ་གོང་དུ་བྱ། །ལྗང་བུ་ཤིང་རིས་ལུས་ཀྱི་ཚད། །གྲུ་འདེགས་


DNG024_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བཞི་པོ་ལ། །རིའུ་དང་འབྲིའུ་ཀྱི་ནམ་མཁའ་དང་། །ཟངས་མ་དམར་མོ་སེར་མོ་བྱ། །སྟག་གཟིག་བྲིས་པའི་ཤིང་རིས་བྱ། །བྱ་བ་མོ་དང་བྱེད་པ་གཉིས། །ཐམས་ཅད་ཀྱི་ནི་བདག་ཉིད་ཡིན་པས། །ཤིང་རིས་ལུས་ཚད་གཉིས་བྱ་སྟེ། །གཅིག་ལ་དཔག་བསམ་ཤིང་བུ་བྲི། །ཡལ་ག་རེ་ལ་བཀྲ་ཤིས་པའི་བྱ་མཛེས་སྐད་སྙན་སྣ་ཚོགས་བྲི། ཉི་ཟླ་གཉིས་ནི་འོག་ནས་འཆར། གང་ན་ཁ་ཡལ་ཡོལ་དང་གསང་ཕྱ་ཕྱོ་བྱ་བ་དང་། ལོགས་ལ་ནི་རི་དྭགས་རྨིག་བཞི་རྒྱུ་བ། ཚོན་སྣ་ཚོགས་ཀྱིས་མཛེས་པར་བྲིས་ལ་དར་སྣ་མང་པོའི་སྤྱང་ལག་གདགས། གཅིག་ལ་ཁ་ཡལ་ཡོལ་དང་གསང་ཕྱ་ཕྱོའི་འོག་ཏུ་ཁྱུང་ཁ་སྤྲོད་གཉིས། དེའི་འོག་ཏུ་བཙུན་མོ་ཆས་བཟང་གཉིས་བྲི། དེའི་འོག་ཏུ་རི་དྭགས་གྲུབ་ཚད་བྲི། དེ་གཉིས་རི་རབ་ཀྱི་སྟེང་དུ་སྲིད་པའི་རྒྱལ་མོའི་མདུན་རྒྱབ་ཏུ་གཟུག་གོ། །སྨན་མོ་ཐམས་ཅད་ལ་སྲོག་ཆགས་ནི་གནམ་ལ་ལྡིང་དགུ་དང་། ས་ལ་འཛུལ་བཅུའི་གཟུགས་གྲུབ་ཚད་དུ་བྱའོ། །སྤྱན་གཟིགས་ཀྱི་གཏོར་མ་བཞི་ཕྱོགས་བཞིར་གཞག་གོ། །སྲིད་པའི་བེམ་ལས་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ལྷ་གཡུང་དྲུང་གིས་འདི་སྐད་གསོལ་ཏོ། །ཀྱེ་མ་ཧོ། ཡབ་གཅིག་འཇིག་རྟེན་འཇོམས་མཛད་ལྷ། །སྲིད་པ་བྷྱོ་བཟློག་མདོས་འདི་ལ། །རི་རབ་གླིང་བཞི་ཇི་ལྟར་བཅས། །སྐོས་བདག་བརྒྱད་ཀྱི་གླུད་ནི་གང་། །ཡབ་ཀྱིས་བདག་ལ་བཀའ་སྩོལ་ཅིག །ཅེས་དེ་ཉིད་ན་འཁོད་དོ། །བཀའ་སྩལ་པ། རྒྱུ་ནི་གཙང་ཕྱེ་སྲང་ཕྱེད་པ། །ཆ་གཅིག་རི་རབ་གླིང་བཞི་བཅའ། །རིན་ཆེན་སྣ་ལྔ་གཏང་བར་བྱ། །འོ་མ་སྤོས་དང་ཆུ་གཙང་གིས། །ལེགས་པར་བརྫིས་ཏེ་ཁྲི་འཕང་བཞི་རུ་བརྩིགས། །སྟེང་དུ་ཟུར་བཞི་ལ་ལྕོགས་བཞིའི་སྟེང་དུ། དེད་དཔོན་བཞི་གཞུང་དང་མཐུན་པར་གཟུགས་སུ་དགོད། སྟེང་དུ་སྲིད་པའི་རྒྱལ་མོའི་ཞལ། །མངོན་དུ་གཞུང་དང་མཐུན་པར་དབྱུང་། །གླིང་ཕྲན་རྣམས་ནི་ལེགས་པར་བཅའ། །འཛམ་བུའི་གླིང་ནི་སྔོན་པོ་ལ། །མི་རྣམས་འདྲ་བའི་གཟུགས་


DNG024_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱ། །གོས་དང་ཁ་དོག་འདི་འདྲའི་ཆས་སུ་བྱ། །ཤར་ནི་དཀར་པོ་ཡིན་པ་སྟེ། །མི་ཡི་དབྱིབས་ཀྱང་ཟླ་གམ་ཚུལ། །བོངས་ཆེ་ཁ་དོག་དཀར་པོར་བྱ། །བྱང་དང་ལྷོ་ཡང་དེ་བཞིན་ཏེ། །མི་ནི་གསུམ་གསུམ་ཀུན་ནས་ཆས་ཀྱིས་མཛེས་པར་བརྒྱན། །ཤར་གྱི་གསུམ་པོ་ཤར་གྱི་སྐོས་བདག་ལ། །དམར་གཏོར་རེ་དང་ཆས་ཏེ་འབུལ་ལོ། །ལྷོ་དང་ནུབ་དང་བྱང་ཀྱང་དེ་བཞིན་ནོ། །དང་པོ་དབྱིངས་ཀྱི་ཡུམ་དྲུག་དགོད། །དེ་ཡང་གསང་ཕྱེ་ཕུལ་བཞི་ལ། །ཡུམ་དྲུག་སྐུ་ནི་ཆེ་བར་བྱ། །ཡང་ན་ཤོག་ཤོག་ལ་ཚོན་གྱིས་ལེགས་པར་བྲི། །ཐམས་ཅད་བང་རིམ་དང་པོ་ལ། །འཁོར་དང་བཅས་པ་དགོད་པར་བྱ། །དེ་ནས་རྟག་པའི་རྒྱལ་མོ་དྲུག །དེ་ནས་གསང་ཕྱེ་དྲེ་ཕྱེད་ལ། །སྐུ་གཟུགས་ཡང་ནི་ཤོག་བུ་ལས། །མཛེས་པའི་གཟུགས་ལྡན་དབུལ་བར་བྱ། །བཙུན་མོ་མཛེས་པ་དྲུག་དང་མཛེས་པའི་རྫས་རྣམས་དགོད། །གཙོ་མོ་ཡུམ་ལ་དར་སྣ་ལྔ་ཡི་གུར་ཡང་དབུབ། །རྒྱལ་མོ་དྲུག་ལ་མཐིང་ནག་གུར། །ཡུམ་ཆེན་དྲུག་ལ་འཇའ་ཚོན་ཁང་པ་དབུབ། །དེ་ནས་ཕྲ་མེན་རྒྱ་མཚོ་དང་། །ཉི་ཟླ་ཐོད་ཕྲེང་གཉིས་ལ་ཆེ་བར་བྱ། །རྣལ་འབྱོར་བཅུ་བཞི་ཆུང་བར་བྱ། །གསང་ཕྱེ་དྲེ་གང་དག་ལ་བྱ། །ཡང་ན་ཤོག་བུ་དག་ལ་བྲི། །མཐུན་པའི་རྫས་ཀུན་བསོག་པར་བྱ། །བང་རིམ་གསུམ་པ་དག་ལ་དགོད། །བཞི་པ་སྲིད་པའི་སྨན་མོའི་ཚོགས། །སྣ་ཚོགས་མཐུན་རྫས་བསོག་པར་བྱ། །གཞན་ཡང་སྤྱི་ཡི་བསྐང་རྫས་ནི། །ཤ་ཆེན་གཏོར་མ་ཆ་བཞི་བཤམ། །ཕྱོགས་བཞིར་ཁྲག་གིས་བཀང་ལ་བཞག །རི་རབ་སྟེང་གི་རྒྱལ་མོ་བདུན་ལ། །སྣ་ཚོགས་ཤ་སྣའི་གཏོར་མ་ལ། །ཕུད་དང་བདུད་རྩི་སྨན་གྱིས་དགང་། །སྣང་བའི་མར་མེ་བལྟམ་པར་བྱ། །རྒྱལ་མོ་ཉིད་ཀྱི་མཐུན་རྫས་ཡིན། །རྟག་པའི་རྒྱལ་མོ་དྲུག་ལ་ཡང་། །སྤྱན་གཟིགས་གཏོར་མ་ཆ་གཅིག་དང་། །ཕུད་དང་སྨན་གྱིས་མཆོད་པར་བྱ། །ཡུམ་ཆེན་དྲུག་ལ་བསྐང་བ་ནི། །ཤ་ཆེན་གཏོར་མ་ཆ་གཅིག་དང་། །སྣ་ཚོགས་སྙིང་སྣའི་ཕྲེང་བ་གདགས། །འཇའ་ཚོན་ཁང་པར་ཕུད་


DNG024_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དང་མར་མེར་བཅས། །མཐུན་པའི་རྫས་སུ་དབུལ་བར་བྱ། །རྣལ་འབྱོར་ཆེན་མོ་བཅུ་བཞི་ལ། །རཀྟ་གཏོར་མ་སྨན་དང་ཕུད། །ཤ་ཆེན་གཏོར་མ་ཚིལ་ཆེན་དང་། །སྥ་ར་མ་ཏིའི་མཆོད་པ་དབུལ། །སྨན་མོ་རྣམས་ལ་དབུལ་བ་ནི། །ཚོགས་དང་མར་མེ་ཞལ་ཟས་དང་། །ནག་སྨུག་རྫས་ཀྱིས་ཐུགས་དམ་བསྐང་། །སྤྱི་ཡི་རྫས་རྣམས་བསྟན་པ་ནི། །རྫ་རྔ་ཅང་ཏེའུ་གླིང་བུ་དང་། །རྔ་དང་སིལ་སྙན་སྣ་ཚོགས་དང་། །འཕན་དང་གདུགས་ཀྱང་དབུལ་བར་བྱ། །སྐམ་ཆས་ཐམས་ཅད་གདགས་ལ་གཡོགས། །མདའ་དང་འཕང་དང་ནམ་མཁའ་ཡང་། །དབྱར་དགུན་ཆ་ཡིས་རབ་ཏུ་བརྒྱན། །ཤིང་རིས་ཀུན་ཀྱང་དར་གྱི་ཆས། །ཚེ་ཡི་ལྷ་མོ་བཅུ་དྲུག་ལ། །ཚེ་ཡི་བུམ་པ་བུག་རྡོལ་མེད་པ་རུ། །བདུད་རྩི་འཛའ་གད་བླུག་ནས་ནི། །བེ་རྒྱལ་དཀར་ཕྲོམ་གཞག་པར་བྱ། །སྙིང་པོ་ལྔ་ཡང་ནང་དུ་བླུགས། །དེ་ནས་ཕྱོགས་བཞིར་གདན་གྱི་སྟེང་དུ་བཞག །བུ་མོ་གཙང་མ་ཆས་སུ་བཅུག་པ་བཞིས། །མདའ་དར་མེ་ལོང་བཞི་ཐོགས་ལ། །ཚེ་ཡི་སྙིང་པོ་འབོད་དུ་གཞུག །ཕྱོགས་བཞིར་ནམ་མཁའ་བཞི་བཞི་དབུལ། །ཕུད་གཙང་གཏོར་ཞིང་སྤོས་མེ་བཏང་། །ཟོར་བདག་ཆེན་མོ་བཞི་ཡི་རྫས། །ནམ་མཁའ་ནག་མོ་གསེར་གྱི་ཁ་ཆག་ཅན་ལྷོ། ནམ་མཁའ་སེར་མོ་དུང་གི་ཁ་ཆག་ཅན་ཤར། དམར་མོ་གཡུའི་ཁ་ཆག་ཅན་ནུབ། སྔོན་མོ་བྱི་རུའི་ཁ་ཆག་ཅན་བྱང་། སེང་ལྡིང་ཕུར་བུ་ཤར། མཆོག་ཕུར་བྱང་། སྐྱེར་ཕུར་ལྷོ། ཟངས་ཕུར་ནུབ། ཁོ་རང་གི་གཟུགས་ཅི་འདྲ་བ་དགོད་དོ། །ལྕགས་རི་འདས་པའི་ཕ་རོལ་དུ། གྲུ་གསུམ་བཞི་ལ་དགོད་དོ། །དེ་ནས་སྐྱེས་པ་ཆས་སུ་བཅུག་པ་བཞི་འཕར་བའམ་སྤྱང་ཀི་ལ་བསྐྱོན་ལ་གླུད་དུ་འབུལ་ལོ། །ཤོག་བུ་ལ་བྲིས་ན་རབ། དེད་དཔོན་བཞི་ལ་ཁོང་རང་ཇི་བཞིན་དབུལ། བྱ་ཁྲ་ཁ་དོག་སོ་སོ་དང་མཐུན་པ་བཞི་དང་། དམག་མི་བདུན་བདུན་མཛེས་པར་བྲིས་ལ་དབུལ་བར་བྱ། དེ་ནས་སློབ་དཔོན་ཆས་གོས་དང་ལྡན་པར་བྱ་བ་ནི། དར་ནག་གི་བེར་གྱོན། རེ་བ་ནག་པོའི་མ་གྱོན་ཐོད་ནག་པོ་བཅིངས། དཔྲལ་བར་རྒྱ་ལོང་


DNG024_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཐེབ་གང་བ་གདགས། མདུན་དང་རྒྱབ་ཏུ་དར་དཀར་གྱི་སྙིང་ནོན་དང་། མེ་ལོང་སྙིང་གར་གདགས་སོ། །རྟ་མགྲིན་ནམ་དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་ཞུགས་ལ་གྱེར་གཟུག་གོ། །རྟག་པའི་རྒྱལ་མོ་མན་ཆད་གྱེར་ཀུན་མཐུན་ནོ། །སྐོས་བདག་བརྒྱད་དང་། དབྱིངས་ཀྱི་ཡུམ་དྲུག་དང་། སྲིད་པའི་གཡུལ་ངོ་བཟློག་པའི་དེད་དཔོན་བཞི། སྐོས་བདག་མོ་བརྒྱད། ཟོར་བདག་མོ་བཞི་བསྐང་ལུགས་མི་གཅིག་པས། ནན་ཏན་རྒྱལ་མོ་ཉིད་ལ་བྱའོ། །གཙོ་མོ་བཅོས་ན་ཀུན་ཀྱང་བདེ་ཞེས་གསུངས་སོ། །དེ་བས་ན་གཙོ་མོའི་རྫས་དང་བསྐྱེད་པའི་མ་མོ་བཅུ་གཉིས་པོའི་རྫས་མ་ཚོགས་ན་མི་རུང་ངོ་། །མ་མོ་སྲིད་པའི་བེམ་པོ་ལས། སྲིད་པ་བྷྱོ་བཟློག་གི་མདོས་ཆེན་པོ་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ལྷ་གཡུང་དྲུང་གིས་འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་འཇིག་རྟེན་འཇོམས་པའི་ལྷ། །རྣལ་འབྱོར་ནད་ཀྱིས་ཐེབས་གྱུར་ན། །མ་མོ་གང་དང་གང་གི་བཀའ་ཆད་ལགས། །འཇིག་རྟེན་འཇོམས་མཛད་བཀའ་སྩོལ་ཅིག །ཅེས་དེ་ཉིད་ན་འཁོད་དོ། །འཇིག་རྟེན་འཇོམས་པས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ལྷ་ཡི་གཙོ། །ང་ཡིས་འདི་ལྟར་བསྟན་པ་ཡིན། །ལྕི་ཞིང་འཐིབས་ནས་ཡི་ག་འགགས། །གཙོ་མོ་ཡུམ་གྱི་བཀའ་ཆད་ལགས། །བརྒྱལ་ཞིང་སོ་ཚིག་ལྕེ་རིལ་བྱེད། །དབྱིངས་ཀྱི་ཡུམ་དྲུག་བཀའ་ཆད་ལགས། །རོ་སྟོད་བྲང་དུ་གཟེར་བས་སྙིང་མི་དགའ། །སྨུག་མོ་ལྕམ་དྲལ་བཀའ་ཆད་ཡིན། །མིག་སེར་ཟ་འཕྲུག་བཞིན་ནི་སྔོ། །ཡང་གབ་མ་བཞིའི་བཀའ་ཆད་ཡིན། །སྨད་མི་བདེ་ཞིང་རྐང་པ་བྲི་སྦྲིད ། །ཟ་ལྟོ་ཆེ་ཞིང་སྐོམ་དད་ཆེ། །རྒྱལ་མོ་ལྔ་ཡི་བཀའ་ཆད་ཡིན། །གཞོགས་ཕྱེད་ན་ཞིང་བཞིན་ལྡོག་པ། །ཁ་ཟས་ཡི་གར་མི་འོང་ན། །ཕུང་བྱེད་མ་བཞིའི་བཀའ་ཆད་ཡིན། །མགོ་གཟེར་དྲག་ལ་རྨལ་ཞིང་ན། །ཉི་ཟླ་ཐོད་ཕྲེང་བཅོས་པར་བྱ། །འདར་ཞིང་རྔམ་པ་དྲག་པོ་འོང་། །མ་མོ་བདུན་ལ་མཆོད་པར་བྱ། །བྲང་རྒྱབ་སྦྱར་ན་དྲེག་པ་ཆགས། །ཡི་ག་མི་བདེ་སྟོང་སྒྲོགས་བྱེད། །ཨེ་ཀ་སྤུན་


DNG024_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་བཅོས་པར་བྱ། །ཚིག་ཅིང་སྨྲ་ཞིང་ངུ་ཞིང་འབྲོས། །སྨུག་མོ་ལྕམ་དྲལ་བཅོས་པར་བྱ། །ཕོ་སྟོད་ལྕི་ཡང་མེ་བཅོས་ལ་ཤ་མ་སྐྱེ། །སྒྱི་བ་ངན་ལ་ཉལ་སྙིང་འདོད། །ཟས་ཀྱང་མི་ཞུ་མདོག་ཀྱང་གནག །འདི་རྣམས་བཅོས་པའི་མ་མོ་ནི། །ཤྲཱི་ཙ་མུན་ཆེད་དུ་བཅོས། །སྤྱིར་ནི་བདུད་མོའི་རིགས་ཀ་བཅོས། །ལུས་པོ་ལྗི་ལ་རྐང་ལག་འདར། །ཁོང་པ་སྦོ་འཁྲོག་བྱེད་པ་ན། །ལྷ་མོ་ནག་མོ་བཅོས་པར་བྱ། །སྤྱི་ཡང་བདུད་མོའི་རིགས་ཀ་བཅོས། །ཡར་ལ་སྐྱུག་ཅིང་མར་ལ་སྦྱོང་། །སོ་དྲེག་ཆགས་ཞིང་དོང་ཀ་བདེ། །རྒྱ་རེ་སྐྱེ་སེར་བཅོས་པར་བྱ། །ཁོང་པ་ན་ཞིང་གསུས་པ་རྫིངས། །མཚོ་སྨན་མཆེད་ལྔ་བཅོས་པར་བྱ། །སྨད་ཚིགས་ན་ཞིང་སྐེད་པ་འཕྱེས། །བླ་རྐུན་ནག་མོ་བཅོས་པར་བྱ། །འབྲས་བུ་སྐྲངས་ཤིང་རྐང་པ་ན། །ཤིན་ཏུ་སྐེད་པ་ན་གྱུར་ན། །རལ་གཅིག་རྒྱ་མཚོ་བཅོས་པར་བྱ། །གཙོར་ནི་སྨུག་ནག་རྒྱ་སྲོལ་པོ་ལ། ། བཙོར་ན་སྨུགས་ན་རྒྱལ་པོ་ལ། །བྱུང་དར་སྨུག་པོའི་ཐོད་བཅིངས་པ་ལ་གྲིབ་སེལ་མ་གཟུག །གསང་བའི་མདོས་དང་བཅས་ལ་དབུལ། །རྐང་ལག་སྐྲངས་ཤིང་ལུས་མི་བདེ། །གཡལ་ཞིང་སྦྲིད་ལ་ཁ་ཟས་ལྟོ་རུ་ཟོས་པ་སྐྱུག །དབྱིངས་ཀྱི་མ་མོའི་བཀའ་ཆད་ཡིན། །སྐོམ་དད་ཆེ་ལ་སྙིང་མི་དགའ། །འགྲོ་སྙིང་འདོད་ལ་གཞན་ལ་ཁྲོ། །དམ་ཚིག་ཉམས་པའི་ཆད་པ་ཡིན། །རང་གི་དམ་ཚིག་གཞུང་བཞིན་བསྐང་། །འབྲས་བུ་སྐྲངས་ཤིང་རྒྱུན་ཆུ་འགགས། །མ་མོ་བཞི་བཅུ་རྩ་གཉིས་བགེགས། །རྣལ་འབྱོར་མ་ནི་བཅུ་བཞི་བཅོས། །ཀླད་པ་རྡོལ་ཐབས་གསེར་ཁུང་འགགས། །གཉིད་མི་འོང་ཞིང་གཞན་གྱིས་སྨྲས་པ་གནོད། །སྤྲུལ་པའི་མ་མོ་བཅོས་པར་བྱ། །རྐང་པ་དྲག་པོས་འཕྲལ་དུ་ཐེབས། །ལུས་དང་གདོང་པ་སྐྲངས་ནས་ནི། །སྐྲ་དང་ཁ་སྤུ་ན་བ་ན། །ལྷ་མོ་གཡུ་ཡི་བྱིའུ་ཅན་བཅོས། །ལྐོག་ནད་འབྲས་དང་ཕོལ་བྱུང་ན། །ལྷ་མོ་ནག་མོ་ཆེད་དུ་བཅོས། །གག་པ་དྲག་པོ་བྱུང་གྱུར་ན། །གཙོ་མོ་ཨེ་ཀ་ཙ་ཏི་བཅོས། །ཁྲག་ནད་རྒྱུ་གཟེར་བྱུང་གྱུར་ན། །ནག་མོ་སྤུན་


DNG024_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཅོས་པར་བྱ། །འབྲུམ་ནག་དྲག་པོ་བྱུང་གྱུར་ན། །རྒྱལ་མོ་འཁོར་བཅས་ཉི་ཤུ་རྩ་བཞི་བཅོས། །བལ་ནད་འདར་བུ་བྱུང་གྱུར་ན། །སྲིང་མོ་བཞི་ནི་བཅོས་པར་བྱ། །སྲིད་པའི་སྨན་མོ་རྣམས་ལ་མཆོད། །སྐྲངས་ནད་བེམ་བུ་བྱུང་གྱུར་ན། །རིག་མ་འོད་ལྡན་བཀའ་བཀྱོན་ཡིན། །རྒྱས་འདེབས་བཞི་བདེ་ཡང་ལ་མཉེས་པར་མཆོད། །བས་ལྡག་ཤུ་བའི་ནད་བྱུང་ནས། །ཤིན་ཏུ་ཚ་འབྲབ་ཆེ་གྱུར་ན། །རྨ་རི་རབ་འབྱམས་བཀའ་བཀྱོན་ཡིན། །མ་མོ་འདུས་པའི་གུར་མདོས་བྱ། །རུས་ནད་གཟེར་བུ་བྱུང་གྱུར་ན། །རྒྱལ་མོ་བཅུ་གསུམ་བཀའ་བཀྱོན་ཡིན། །སྨྲེ་སྔགས་དྲག་པོས་བསྐང་གསོ་བྱ། །གཟེར་བ་དྲག་པོས་ཐེབས་གྱུར་ནས། །བརྒྱལ་ཞིང་འབོག་པའི་ཚུལ་སྟོན་ན། །སྐོས་རྗེ་དྲང་དཀར་གསང་མདོས་བྱ། །སྐྱ་རེངས་དང་པོ་ཤར་ཙམ་ན། །འབོག་ཅིང་འཕྲིག་འཁྱིལ་པ་ཡང་པ་བྱུང་གྱུར་ན། །སྲོག་བདག་མཆེད་ལྔའི་བཀའ་བཀྱོན་ཡིན། །དཀར་པོ་བཅུ་གསུམ་མདོས་ཀྱིས་བསྐང་། །དེ་ནས་རྒྱལ་པོའི་གསང་བསྒྲུབ་བཤམ། །གཞུང་དང་མཐུན་པར་བསྒྲུབ་པར་བྱ། །དེ་ནས་ལྕམ་མོ་ཨེ་ཀ་ཙ་ཏི་དང་། །ལྷ་མོ་ནག་མོའི་ལྕགས་ཀ་མདོས། །མཇུག་ལ་བཏགས་ན་བྱས་གྱུར་ན། །ནད་རྣམས་ཞི་བར་གདོན་མི་ཟ། །དེས་ཀྱང་ཞི་བར་མ་གྱུར་ན། །ནག་སྨུག་གཉིས་ཀྱི་བསྒྲུབ་པ་བྱ། །ང་ཡིས་ངེས་པར་བཤད་པ་ཡིན། །ཤིན་ཏུ་ཁ་སྨྲ་སྨྱོ་གྱུར་ན། །གནམ་སྨན་བཅོས་པར་ཤིན་ཏུ་བཤད། །གནམ་སྨན་དཀར་མོ་ཡང་དག་དཔལ། །བུ་མོ་དམ་ཚིག་གཡུ་སྒྲོན་མ། །གཅུང་མོ་འོད་ཆགས་གཡུ་ཡི་རལ་གཅིག་མ། །དེ་ཡི་གཅུང་མོ་པརྣ་ཤ་བ་རི། །དེ་ཡི་གཅུང་མོ་གཡུ་ཡི་ཐོད་གདེངས་ཅན། །དེ་ཡི་གཅུང་མོ་ནམ་མཁའི་ཁམས་ཀྱི་བོ་དྷི་མ། །དེ་ཡི་གཅུང་མོ་ནམ་མཁའི་དཔལ་མོ་བཙན། །གནམ་སྨན་མཆེད་བདུན་གཞུང་བཞིན་བསྐང་། །དཀར་མོ་ཉི་ཁྲི་བདུན་འབུམ་གྱི། །མཆེད་བདུན་ཀུན་གྱི་གཙོ་མོ་ཡིན། །བྱ་ཐུལ་ཅན་ཞེས་བྱ་བ་ནི། །ཅི་བྱས་ཅི་རུ་མ་བཏུབ་པས། །ལོག་ཏུ་ཐུགས་དམ་གཞུང་


DNG024_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསྐང་། །མཆེད་བདུན་འཁོར་ན་ཡེ་ནས་གནས། །སྲོག་བདག་བུ་མོ་ཡིན་པས་བཅོས། །ནད་པའི་སྲིའུ་གསོ་བ་ལ། །ཤིན་ཏུ་གདུག་པས་བཅོས་པར་བྱ། །ལྷ་མོ་སྨུག་ནག་གཉིས་ཀྱི་སྨྱོ་འབོག་ནི། །ཤན་པ་བྱོལ་སོང་སྲོག་པ་བཞིན། །ཕྲ་ཞིང་ཁ་ཆུ་འོང་བར་འགྱུར། །དེ་ཡི་བཅོས་ཐབས་བསྟན་པ་ནི། །ནག་སྨུག་གཉིས་ཀྱི་མདོས་དང་ནི། །ཕོ་མདོས་མོ་མདོས་སྤེལ་ལ་རྒྱས་པར་བྱ། །སྒྲུབ་པ་མ་མོའི་གཞུང་བཞིན་བྱ། །དེ་ནས་ནག་སྨུག་སྦྱིན་བསྲེག་བྱ། །དེ་ཡིས་ནད་རྣམས་ཞི་བར་འགྱུར། །དེ་ཡང་གདུག་པའི་ཀླུ་ཡི་ནད་རྣམས་ནི། །གླང་ཐབས་སྤོས་གྲི་བྱུང་གྱུར་ན། །རིགས་ངན་གདོལ་པའི་ནད་རྣམས་ཡིན། །དྲི་དང་སྣ་ཚོགས་ནད་རྣམས་འབྱུང་། །ས་བདག་ཀླུ་ཡི་ནད་རྣམས་ཀྱང་། །ཞ་གྲུམ་འཕྱེའོ་བཞིན་ལྡོག་ན། །སྤྱི་རུ་བཅོས་པ་ཡོ་བཅོས་ཡིན། །དེ་ལྟར་ང་ཡིས་བཅོས་པར་བྱ། །ཞེས་གསུངས་སོ། །མ་མོ་སྲིད་པའི་བེམ་ཆེན་པོ་ལས། གདོན་གྱི་ནད་རིགས་ངོས་གཟུང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ལྷ་གཡུང་དྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་འཇོམས་པའི་ལྷ། །མ་མོ་གུར་མདོས་ཆེན་པོ་ལ། །བསྐང་བའི་རྫས་རྣམས་ཇི་ལྟར་ལགས། །ཞེས་གསོལ་ཏེ་དེ་ཉིད་ན་འཁོད་དོ། །ཉོན་ཅིག་ང་ཡིས་བསྟན་པར་བྱ། །བསྐྱེད་པའི་ཁྲོ་མོ་བཅུ་གསུམ་ཀུན་ཀྱང་གཅིག །རྫས་ཀྱང་གཙོ་མོ་མི་དགོས་ཀུན་ཀྱང་གཅིག །བྷྱོ་བཟློག་བཞིན་དུ་བསག་པར་བྱ། །རྣལ་འབྱོར་མ་མོ་བཅུ་བཞི་ལ། །ནམ་མཁའ་སྔ་མ་བཞིན་དུ་བྱ། །མདའ་རིས་ལྔ་ཡང་བྱ་བ་སྟེ། །དཀར་མོ་གཟི་རིས་མཁར་ཐབས་བྲི། །ཉི་ཟླ་གོང་ནས་འཆར་བ་བྱ། །ཉི་ཟླའི་ཐོད་ཕྲེང་ཅན་ལ་དབུལ། །སྟག་སོ་ཆུ་མིག་བསྒྲིལ་མ་རིས། །མཁར་ཐབས་ཉི་ཟླ་སྟོང་ལ་གུར། །ཤིན་ཏུ་མཛེས་པ་བྲི་བར་བྱ། །ཕྲ་མེན་རྒྱ་མཚོའི་ཕྱག་ཏུ་དབུལ། །དབང་ཆེན་བཞི་ལ་ཟ་འོག་རིས། །མཁར་ཐབས་ཉི་ཟླ་གོང་ནས་འཆར། །དེ་བཞིན་དབང་ཆེན་བཞི་ལ་


DNG024_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ། །དགྱེས་སྡེ་བཞི་ཡི་མདའ་རིས་ནི། །སྔོན་མོ་བཞི་ལ་ཉ་མིག་རིས། །ཤིན་ཏུ་མཛེས་པ་བྲི་བར་བྱ། །མཁར་ཐབས་ཉི་ཟླ་རྩེ་ནས་འཆར། །དགྱེས་སྡེ་བཞི་ལ་དབུལ་བར་བྱ། །ཕུང་བྱེད་བཞི་ལ་ཆུ་མིག་རིས། །གདན་ནི་ཕྱོགས་དང་བསྟན་པ་དང་། །མཁར་ཐབ་ཉི་ཟླ་འཆར་བར་བྱ། །འཁོར་ན་གནས་པའི་མ་མོ་སྟོང་རྩ་བརྒྱད། །གྲངས་ཀྱི་གནས་པ་མ་བསྡུས་ཏེ། །བཞི་བཅུ་རྩ་གཉིས་ལ་གོང་མ་བཞིན་དུ་མཆོད་པར་བྱ། །གཏོར་མ་བཞི་ཡང་ཕྱོགས་བཞིར་བཞག །ཤིང་རིས་བསྡུས་པ་སྔ་མ་བཞིན། །ལྗང་བུ་དར་གྱིས་མཚན་པ་གསུམ། །གཙོ་མོ་ཉིད་ལ་དབུལ་བར་བྱ། །ལྔ་བཅུ་རྩ་བཞི་བལ་ཚོན་ལ། །ཚོམ་བུ་གསུམ་པ་བྱ་བར་བཤད། །རིང་ཐུང་ཀུན་ཀྱང་ལུས་ཀྱི་ཚད། །དེ་ཡང་མ་མོ་འཁོར་བཅས་གླུད། །སྟག་གཟིག་ལ་སོགས་བཅུ་བཞི་དང་། །སྲོག་ཆགས་ཚན་པ་བཅུ་བཞི་ཚང་། །འབྲུ་བྱ་འབྲུ་ལུག་གྲུབ་ཚད་རྣམས། །ལྔ་བཅུ་རྩ་དྲུག་གླུད་དུ་དབུལ། །དེ་ཡང་སྣ་ཚོགས་དར་གྱིས་བརྒྱན། །དེ་ཡང་སྲིད་པའི་སྨན་མོ་ལ། །འབྲུ་ལས་བྱས་པའི་སེམས་ཅན་སྣ་ཚོགས་དང་། །ལྗང་བུ་ལྔ་བཅུ་རྩ་དགུ་དང་། །ནམ་མཁའ་ལྔ་བཅུ་རྩ་དགུ་དང་། །མ་མོ་བདུན་གྱི་ནམ་མཁའ་ནི། །ཁོང་པ་གནག་ལ་ཁ་ཆག་སེར། །རྨ་བྱ་སྒྲོ་ཡི་ཟེར་གྱིས་བརྒྱན། །སྲིང་མོ་བཞི་ཡི་ནམ་མཁའ་ནི། །ཕྱོགས་དང་བསྟུན་པའི་ཁོང་པ་ལ། །ཁ་ཆག་མཛེས་ཚོན་གཏང་བར་བྱ། །མདའ་ནི་ཟང་ཡག་ལྕམ་མཁྲིས་བཏང་། །ཕྱོགས་དང་མཐུན་པ་སོ་སོའི་མདའ། །སྲིང་མོ་བཞི་ལ་དབུལ་བར་བྱ། །ཨེ་ཀ་ཙ་ཏི་སྤུན་དྲུག་ལ། །གཞུང་དང་མཐུན་པར་དབུལ་བར་བྱ། །གསང་བའི་ཡུམ་བཞིའི་ནམ་མཁའ་དང་། །སྣ་ཚོགས་རྫས་རྣམས་བསག་པ་ཀུན་ཀྱང་མཐུན། །དེ་ནས་རི་རབ་བཅའ་བ་ནི། །སྣ་ཚོགས་འབྲུ་སྣའི་གསང་ཕྱེ་ལ། །རི་རབ་བང་རིམ་བཞི་པ་བྱ། །ལྗང་བུ་ཁྲུ་རེ་འཕང་ཀྱང་དེ་བཞིན་ནོ། །རི་རབ་ཐོག་ཏུ་ནས་དང་འབྲུ་ཡི་བང་བ་བྱ། །དེ་ནས་ལྷ་རྫས་སྣ་ཚོགས་བང་བ་བྱ། །ཤ་མར་གསུར་དང་ཤ་སྣ་སྣ་ཚོགས་བཤམ། །རི་རབ་སྟེང་དུ་གཞག་


DNG024_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །གསེར་དངུལ་ཟངས་ལྕགས་རིན་ཆེན་དབྱིག །རི་རབ་སྟེང་དུ་གཞག་པར་བྱ། །དེ་ནས་མངར་སྣ་ཚང་བར་བཞག །དེ་ཡི་སྟེང་དུ་ཟ་འོག་གུར་ཆེན་དབུབ་པར་བྱ། །གྲྭ་བཞི་དབུས་སུ་རྨ་བྱ་ལྔ། །གཞུང་དང་མཐུན་པར་གཟུག་པར་བྱ། །དེ་ནས་བང་རིམ་དང་པོ་ལ། །མཐིང་ནག་གུར་ཆེན་དབུབ་པར་བྱ། །དེ་ནས་བང་རིམ་གཉིས་པ་ལ། །ལྗང་སྔོན་གུར་ཆེན་དབུབ་པར་བྱ། །དེ་ནས་བང་རིམ་གསུམ་པ་ལ། །ལེ་བརྒན་གུར་ཆེན་དབུབ་པར་བྱ། །དེ་ནས་བང་རིམ་བཞི་པ་ལ། །སྣ་ཚོགས་དར་གྱི་འཇའ་ རིས་བྱ། །དར་དང་རས་མ་ལྤགས་བུ་རྣམས། །ཁྲི་རྐང་བཞི་ལ་རིམ་པ་བསྐོར། །དེ་ནས་གཞུང་བཞིན་བསྐང་བར་བྱ། །མ་མོ་སྲིད་པའི་བེམ་ཆེན་པོ་ལས། གུར་མདོས་ཆེན་པོ་བསྐང་བའི་རྫས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ལྷ་གཡུང་དྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མའོ། ཡབ་གཅིག་འཇིག་རྟེན་འཇོམས་མཛད་ལྷ། །སརྦ་རཱུ་པ་ཞེས་བྱ་བ། །ཐམས་ཅད་བསྐང་བཟློག་ཆེན་མོའི་མདོས། །འདི་ཡི་བསྐང་རྫས་ཇི་ལྟར་ལགས། །ཞེས་གསོལ་ཏེ་དེ་ཉིད་ན་འཁོད་དོ། །དེ་ནས་ཡང་ཉོན་ཅིག་འཇིག་རྟེན་སྐོས་ཀྱི་གཡུང་དྲུང་ལྷ། །དབྱིངས་ཀྱི་ཡུམ་དྲུག་རྫས་རྣམས་མཐུན། །རྒྱལ་མོ་དྲུག་ཀྱང་དེ་བཞིན་ནོ། །ཡེ་ཤེས་རྗེ་མོ་བཅུ་བཞི་མཐུན། །འཁོར་རྣམས་འདི་རུ་མ་གསུངས་པ། །སྲིད་པའི་རྒྱལ་མོའི་ཞལ་མང་ཕྱུང་། །ལྗང་བུ་ཤིང་རིས་ཀུན་དང་མཐུན། །སྲིད་པའི་སྨན་མོ་རྣམས་ལ་ནི། །ཤིང་བུ་མ་གསུངས་ལྗང་བུ་བྱ། །བསྐྱེད་པའི་ཁྲོ་མོ་རྣམས་ལ་ནི། །ལྗང་བུ་ནམ་མཁའ་ཤིང་རིས་རྣམས། །དར་གྱིས་སྣ་ཚོགས་བརྒྱན་པར་བྱ། །ནམ་མཁའ་རྨ་བྱའི་སྒྲོ་ཡིས་བརྒྱན། །རྣལ་འབྱོར་མ་མོ་བཅུ་བཞི་ཡི། །གཙོ་མོ་གཉིས་ལ་དར་གྱིས་བརྒྱན་པར་བྱ། །ཁྱུང་ནི་སྣ་ཚོགས་དར་གྱིས་བརྒྱན་པར་བྱ། །སྲིད་པའི་སྨན་མོའི་ཚོགས་ལ་ནི། །ནམ་མཁའ་བསགས་པ་ཀུན་ཀྱང་མཐུན། །སྣང་ཞིང་སྲིད་པའི་སེམས་ཅན་གཟུགས། །སྣ་ཚོགས་དར་སྒྲོས་བརྒྱན་པར་


DNG024_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །གཙོ་བོར་མི་གཟུགས་ཕོ་མོ་སྤེལ་མ་ཡི། །ཕྱོགས་བཞིར་བདུན་བདུན་གཞག་པར་བྱ། །ཕོ་ཆས་མོ་ཆས་མཛེས་པར་བརྒྱན། །ཁྲག་སྣ་མང་པོས་བརྒྱན་པའི་ཕོར་བུ་བརྒྱད། །ཕྱོགས་བཞི་མཚམས་བཞིར་གཞག་པར་བྱ། །རིན་ཆེན་སྣོད་མཆོག་དུམ་པ་བཞི། །བདུད་རྩི་འཛའ་གད་སྨན་གྱིས་དགང་། །ཚེ་ཡི་འབྲང་རྒྱས་བཞི་ཡིས་ཁ་བཅད་དེ། །གཙང་མའི་སྟན་བཏིང་ཕྱོགས་བཞིར་བཞག །གཙང་མའི་མདའ་བཞི་ཕྱོགས་བཞིར་བཞག །བཙུན་མོ་ཆས་བཟང་བཞི་ཡང་ཕྱག་གིས་འདེགས་པའི་ཚུལ། །དེ་ནས་དང་པོར་སྣ་ཚོགས་དར་གྱི་ཕྲེང་བས་བསྐོར། །དེ་ནས་རས་མ་དཀར་པོའི་ཕྲེང་བས་བསྐོར། །དམར་པོ་སེར་པོ་སྔོན་པོ་དང་། །པགས་པའི་ཕྲེང་བས་བརྒྱུན་ཞིང་བསྐོར། །སྤྱིར་ཡང་དབྱར་ཆས་དགུན་ཆས་དབྱེ། །སྐད་སྙན་བྱ་དང་ནོར་བཟང་ལུག །གསེར་གཡུ་ཁྲབ་དང་ཟངས་དང་ལྕགས། །དར་དང་ཟ་འོག་གོས་དང་རྒྱན། །སྣ་ཚོགས་ཚང་བར་བསགས་ནས་ནི། །གཙང་མའི་གནས་སུ་དཀར་ནག་སྦྲ་ཕུབ་སྟེ། །ཞག་གསུམ་བསྙེན་པ་ཕུལ་ནས་ནི། །སློབ་དཔོན་གསུམ་གྱིས་སོ་སོའི་ལས། །ཏིང་འཛིན་གསལ་ཏེ་གཞུང་བཞིན་བྱ། །སློབ་དཔོན་ཆོས་གོས་རབ་ལྡན་པས། །མདོས་ལ་དང་པོར་སྤྱན་དྲངས་ཤིང་། །བར་དུ་བྱུང་ཁུངས་གདོན་པར་བྱ། །ཐ་མར་སྐོས་ཀྱང་གདབ་པར་བྱ། །དེ་ནས་བསྐང་གསོ་དྲག་ཏུ་བྱ། །དེ་ནས་ཆད་ལྷག་ནོར་བ་བཤགས། །དེ་ནས་གཙོ་མོ་ཡུམ་ལ་གྱེར། །དེ་ནས་ཡུམ་དྲུག་རྟག་པའི་རྒྱལ་མོ་ལ། །རིམ་གྱི་ཐ་ལེ་གཅད་པར་བྱ། །དབྱིངས་ཀྱི་ཡུམ་དང་རྟག་པའི་རྒྱལ་མོ་དྲུག །རྗེ་མོ་བཅུ་བཞི་སྨན་མོའི་ཚོགས། །ཀུན་ཀྱང་མདོས་ཆེན་གསུམ་ལ་གཅིག །དབྱིངས་ཀྱི་མ་མོའི་འཁོར་བཅས་དང་། །རྒྱལ་མོ་དྲུག་གི་འཁོར་ བཅས་དང་། །སྨན་མོའི་འཁོར་དང་བཅས་པ་རྣམས། །བྷྱོ་བཟློག་མདོས་ལས་གཞན་ན་མེད། །སྐོས་བདག་བརྒྱད་དང་ཚེའི་ལྷ་མོ་བཅུ་དྲུག་ནི། བར་སྣང་ས་དང་བཅོ་བརྒྱད་པའོ། །གཞུང་ནི་གཞན་ལས་གྲགས་པ་མེད། །ཟོར་བདག་བཞི་ནི་ཀུན་ལ་གཅེས། །ཚེ་ཡི་ལྷ་མོ་བཞི་ཡང་


DNG024_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །དེད་དཔོན་བཞི་པོ་གཞན་ན་མེད། །ཅེས་གསུངས་སོ། །མ་མོ་སྲིད་པའི་བེམ་ཆེན་པོ་ལས། སྐོས་ཀྱི་གཡུང་དྲུང་ལྔ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་ལྷ་གཡུང་དྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་འཇིག་རྟེན་འཇོམས་མཛད་ལྷ། །སྲིད་པའི་གཏོ་ནི་ཀུན་ལ་ཤིས། །དེ་ནས་རྒྱལ་མོ་བཅུ་གསུམ་མདོས། །དེ་ཡི་རྫས་རྣམས་ཇི་ལྟར་བསག །ཅེས་གསོལ་ཏེ་དེ་ཉིད་ན་འཁོད་དོ། །དེ་ནས་བཀའ་སྩལ་པ། རྒྱལ་མོ་བཅུ་གསུམ་བསྐང་རྫས་ནི། མདའ་ཆེན་བྱ་རྒོད་མ་བཅུ་གསུམ་ལ། མེ་ལོང་བཅུ་གསུམ་གྱིས་བརྒྱན་པ་དང་། ནམ་མཁའ་བཅུ་གསུམ་ལ། རྨ་བྱའི་མདོངས་བཅུ་གསུམ་གྱིས་བརྒྱན་པའོ། །ནམ་མཁའ་སྔོན་པོ་གསེར་གྱི་ཁ་ཆག་ཅན་གསུམ། ནག་མོ་དུང་གི་ཁ་ཆག་ཅན་གསུམ། སེར་མོ་གཡུའི་ཁ་ཆག་ཅན་གསུམ། དམར་མོ་ལ་ནག་མོའི་ཁ་ཆག་ཅན་གསུམ། ཁོང་ནག་མོ་ལ་ཚོན་སོགས་ཀྱི་ནམ་མཁའ་གཅིག །འཕང་བཅུ་གསུམ་ལ་མེ་ལོང་སོ་སོར་མཛེས་ཚོན་བཏང་། དེའི་ཚེ་རྒྱན་ནི་སྣ་ཚོགས་དར་སྣས་བརྒྱན་པའོ། །ངར་གླུད་བཅུ་གསུམ་ནི་དར་ཆས་སུ་བཅུག་ལ་ཁ་དོག་ནི་ནམ་མཁའ་དང་མཐུན་པ་ལ་གསེར་གཡུས་བརྒྱན་པའོ། །གཅིག་ནི་ཆེ་བ་ལ་དར་མཐིང་ནག་གི་གོ་ཟུ་གསེར་གྱི་རྡོ་རྗེས་ཁ་ཆག་བྱས་པ་ལ་ཉི་ཟླའི་ཕུར་སྒྲོགས་བྱས་པ་བསྐོན་པ་ལ། མཐིང་གི་གོ་ལྕོག་ལ་གསེར་གཡུའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་མགོ་ལ་བསྐོན་པ་ནི་རྒྱལ་མོ་ལ་དབུལ་ལོ། །སྙིང་གར་མེ་ལོང་མཐེབ་གང་བ་ཡང་གདགས་སོ། །དེ་ཡང་རྒྱལ་མོ་ཞེས་བྱ་བ་ནི། དཔེར་ན་ས་བདག་རྒྱལ་པོས་འབངས་མངའ་འོག་བསྡུས་ནས་བཀའ་བསྒོ་བ་ཉན་པ་བཞིན། སྲིད་པ་ཆམ་ལ་འབེབས་པའི་གཙོ་མོ་སྲིད་པའི་རྒྱལ་མོས་དབྱིངས་ཀྱི་ཡུམ་དྲུག་ཆམ་ལ་ཕབ་ནས་འཁོལ་ཏེ། དེ་ཡི་ནང་ནས་ཆགས་བྱེད་རྒྱལ་མོ་དང་། རིན་ཆེན་འབར་མ་འོད་ཀྱི་རྒྱལ་མོ་དང་། དགའ་བ་ཏིང་འཛིན་ཉུལ་བྱེད་ཀྱི་རྒྱལ་མོ་དང་གསུམ་གྱིས་རྟག་པའི་རྒྱལ་མོ་འཁོལ། སྲིད་པའི་བདེ་འགྲོ་རྟག་པའི་རྒྱལ་མོ་དང་།


DNG024_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་རྒྱལ་མོ་ནམ་མཁའི་དབྱིངས་ཕྱུག་མ་དང་། མཁའ་འགྲོ་བཀྲག་གསལ་འོད་འབར་རྒྱལ་མོ་དང་། དེ་ཚོས་རྣལ་འབྱོར་མ་མོ་བཅུ་བཞི་འཁོལ། འདོད་པའི་རྒྱལ་མོ་ཕྲ་མེན་ཐུགས་ཀྱི་གཟེར་ཆེན་མ་དང་། འདོད་པའི་རྒྱལ་མོ་བདུད་ཀྱི་གཙོ་མོ་ཁམ་ཐོགས་མ་དང་། འདོད་པའི་རྒྱལ་མོ་རྡོ་རྗེ་ཁྲོས་མས་ནི་སྲིད་པའི་སྨན་མོ་རྣམས་འཁོལ་ཏེ། དེ་ཡི་ནང་ནས་འདོད་པའི་རྒྱལ་མོ་ནག་མོ་ཁ་རླན་མཆེ་བ་ཅན་དང་། འདོད་པའི་རྒྱལ་མོ་བདུད་འདུལ་རལ་གཅིག་མ་དང་། འདོད་པའི་རྒྱལ་མོ་དཀར་མོ་གཡག་ཐོད་མ་སྟེ། དེ་ལྟར་རྒྱལ་མོ་བཅུ་གསུམ་པོ་དེས་ནི་མ་མོའི་རིགས་སྟོང་རྩ་བརྒྱད་འཁོལ་ལོ། །སྲིད་པའི་རྒྱལ་མོས་མི་འཁོལ་བ་ནི་མེད་དོ། །དེ་ནས་སྔགས་པ་དམ་ཚིག་ཉམས་ན། སྙིང་མུན་རུམ་དུ་སྲོས་ནས་ཉམས་ལྕི་བ་ལ་ལུས་བེར་བ་ལངས་ནས་དྲན་པ་མ་གསལ་ན་བྱ། ཁྲག་གི་ཕོར་བུ་བཅུ་གསུམ་ནི། ཐམས་ཅད་འདུས་པའི་ཟོར་ཁ་བཟློག་པའོ། །ཐ་མ་མདོས་བྱང་ཤར་མཚམས་སུ་ཆུ་ལ་བསྐྱལ་ལོ། །གཏང་བ་ནི་སྲིད་པའི་རྒྱལ་ཉིད་ལ་གཏོང་ངོ་། །ཁྲག་གི་ཕོར་བུ་རུ་ཁྲག་སྣ་ཡོད་ཚད་ལས་ཤེས་རབ་མའི་མཚལ་མེད་དུ་མི་རུང་བས་བསྐང་ལ་བལ་ཚོན་སྣ་ལྔས་ཁ་བཅད་ལ་ཤ་ཆེན་གྱི་གཏོར་མ་ཆ་གཅིག་དང་། དཔལ་གྱི་གཏོར་མ་དང་། ཕུད་དང་ཞལ་ཟས་ཀྱི་ཚོགས་དང་རྔ་གླིང་དང་། སྤ་སྨ་ར་མ་ཏི་དང་། མར་མེ་དང་། མཆོད་རྫས་རྣམས་དབུལ་བར་བྱའོ། །དེ་ནས་རྔ་ཆེན་བརྡུང་ཞིང་འདི་སྐད་གྱེར་རོ། །ཞེས་གསུངས་སོ། །ཀྱེ་འདོད་ཁམས་རྒྱལ་མོ་ཚུར་གསོན་ཅིག །ཁྱོད་ཀྱི་མིང་དང་མཚན་གསོལ་བ། །རྡོ་རྗེ་གར་གྱི་དབང་ཕྱུག་མ། །པདྨ་གར་གྱི་ལེགས་ལྡན་གཉིས། །དཔྱིད་ཟླ་ར་བའི་ཉ་ཤེད་ལ། །གཉིས་མེད་སྦྱོར་བ་བྱས་པ་ལས། །ཟླ་དགུ་དང་ནི་ངོ་བཅུ་ལ། །བུ་ཚ་མིང་སྲིང་དགུ་ཞིག་བཙས། །སྲིང་མོ་ཆེན་མོ་མཐུ་ཆེ་རྩལ་དྲག་ནས། །ས་རིམ་པ་དགུའི་འོག་ཏུ་སྦས། །མིང་པོ་སྐོས་ཀྱི་བདག་པོ་བརྒྱད། །གླིང་བཞི་ཡི་ནི་བདག་མོར་བསྐོས། །མིང་སྲིང་དེ་ནི་དགུ་རུ་སྲིད། །ས་དགུའི་སྟེང་དུ་སྦས་པ་དེ། །རོ་ལངས་སྐུ་གཅིག་འགུལ་འགུལ་བྱུང་། །འཛམ་བུའི་གླིང་ཡང་འགུལ་འགུལ་


DNG024_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འགུལ། །ད་ནི་སྐུ་གཅིག་ཀྱང་འགུལ་ནི་མ་མཛད་ཅིག །འཛམ་བུའི་གླིང་ཡང་ནི་འགུལ་ཞིང་ལྡེག །ས་གཡོས་འོང་བར་ནུས་པའོ། །ཞབས་གཅིག་འགུལ་འགུལ་ནི་མ་མཛད་ཅིག །ཞབས་གཅིག་འགུལ་འགུལ་ནི་མཛད་པ་ན། །ས་བདག་ཀླུ་ཡང་བརྒྱལ་བར་ནུས། །ཞབས་གཉིས་ཐུར་དུ་བརྐྱང་ཙམ་ན། །གཅིག་ནི་ཀླུ་ཡི་ཡུལ་དུ་བརྐྱང་། །གཅིག་ནི་ས་བདག་མགོ་དགུ་འདུལ། །ཀླུ་ཡི་ཡུལ་དུ་བརྐྱང་བ་ཡི། །བདེ་བྱེད་ཀླུ་རྒྱལ་གྱི་ཐུགས་ཀྱང་དཀྲུགས། །འབྱུང་བ་ཀླུ་ཡི་ཚ་བ་སྙོམས། །དབུ་གཅིག་བཏེག་བཏེག་མ་མཛད་ཅིག །དབུ་ནི་བར་སྣང་ཁམས་སུ་འཕྱོ། །ལྷ་བྲན་ཀུན་ཀྱང་འདར་ཞིང་བརྒྱལ། །སྤྱན་གཉིས་དམར་བའི་རྩ་བཟློག་པས། །བར་སྣང་ལྷ་བྲན་ཀུན་ཀྱང་འཁོལ། །སྲིད་གསུམ་ལ་ནི་མངའ་མཛད་མ། །ལོ་གསར་གཉན་པོའི་ཚེས་གཅིག་ལ། །རྒྱལ་མོ་ནི་སྐུ་བཞེངས་ལ། །མདོས་ཀྱི་ནི་ཕུད་ལ་སྤྱོན། །སྤ་རམ་ཏིའི་མཆོད་པ་བཞེས། །ཤ་ཆེན་གཏོར་མ་ནི་འདི་བཞེས་ཤིག །མཛེས་པའི་སྒྲ་སྙན་འདི་ལ་སྤྱོན། །འོད་ལྡན་གསལ་བའི་མེ་ལོང་དང་། །མདའ་བཟང་དང་ནི་བྱ་རྒོད་མ། །དཔལ་དར་ནི་རུ་མཚོན་དང་། །ཟ་འོག་ནི་ལྡིང་ཁང་ན། །གསལ་བའི་མར་མེ་བལྟམ། ། བདུག་སྤོས་ཀྱང་མདུད་སྤོས་མཆོག་ནི་ན་བུན་དུ་འཐུལ། །སེམས་ལུས་ནམ་མཁའ་བཀྲག་གསལ་འབར། །ཁྲག་སྣའི་རྦ་རླབ་ནི་ཆི་ལི་ལི། །མོ་འཕང་མོད་ལང་ཡང་སི་ལི་ལི། །ཆས་སུ་གསལ་ནས་རྒྱལ་མོ་སྤྱན་འདྲེན་ནོ། །ཛཿཧཱུཾ་བཾ་ཧོཿ། ར་ཙམ་སྙིང་ཁ་རག་རཀྟ་ཏི་བཛྲ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་སྤྱན་དྲངས་ལ་དཀྱིལ་འཁོར་གྱི་དབུས་སུ་དཔལ་ཆེན་པོའི་མདུན་དུ་བཞུགས་ཏེ་མདོས་ལ་བྱིན་གྱིས་རློབས་པར་བསམ་མོ། །དེ་ནས་རིམ་གྱིས་སྤྱན་དྲང་བ་ནི། འདི་སྐད་ཅེས་བརྗོད་དོ། །ཀྱེ་འདོད་པའི་མ་མོ་ཚུར་གསོན་ཅིག །ཆགས་བྱེད་རྒྱལ་མོ་རིན་ཆེན་འོད་འབར་རྒྱལ་མོ་དང་། །ཏིང་འཛིན་ཉུལ་མཛད་རྒྱལ་མོའི་ཚོགས། །སྔོན་གྱི་བསྐལ་པ་དང་པོ་ལ། །སངས་རྒྱས་མ་བྱུང་སྔོན་རོལ་དུ། །མངའ་མཛད་རྒྱལ་མོ་བཅུ་གསུམ་བྱུང་། །ཆགས་བྱེད་མ་དང་རིན་ཆེན་འོད་འབར་


DNG024_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མ། །དགའ་མ་ཏིང་འཛིན་ཉུལ་བྱེད་མ། །སྲིད་པའི་བདེ་འགྲོ་ནམ་མཁའི་དབྱིངས་ཕྱུག་མ། །བཀྲག་གསལ་འོད་ཟེར་འབར་གསུམ། །ཕྲ་མེན་ཐུགས་ཀྱི་གཟེར་ཅན་དང་། །བདུད་ཀྱི་གཙོ་མོ་ཁྲམ་ཐོགས་རྒྱལ་མོ་དང་། །འདོད་པའི་རྒྱལ་མོ་རྡོ་རྗེ་ཁྲོས་མ་དང་། །གཙོ་མོ་ལ་སོགས་བཅུ་གསུམ་མོ། །འཛམ་བུ་གླིང་ལ་དབང་སྒྱུར་མ། །འཇིག་རྟེན་མཐུ་དང་དཔལ་མཛད་མ། །དོ་ནུབ་མདོས་ལ་སྤྱན་འདྲེན་ནོ། །མངའ་བདག་རྒྱལ་མོ་གཤེགས་སུ་གསོལ། །རི་རབ་ཁྲི་འཕང་དང་པོ་ལས། །ཆགས་བྱེད་རྒྱལ་པོ་རིན་ཆེན་འབར་བའི་འོད་ཀྱི་རྒྱལ་མོ་དང་། །དགའ་བས་ཏིང་འཛིན་དྲོད་ཉུལ་རྒྱལ་མོ་གསུམ། །འོད་ཆེན་འབར་བའི་དཀྱིལ་འཁོར་ནས། །ཀུན་ཀྱང་མི་བཟད་འབར་བའི་སྐུ། །གསང་བ་མདོས་ཀྱི་དཀྱིལ་འཁོར་དུ། །སྣ་ཚོགས་རྫས་རྣམས་བསོག་ནས་ནི། །དབྱིངས་ཀྱི་རྒྱལ་མོ་སྤྱན་འདྲེན་ནོ། །མདོས་ལ་བྱིན་གྱིས་རློབ་ཅིང་སྤྱོན། །བསྐང་བའི་རྫས་ཆེན་མཆོད་པ་འདི། །གཙང་ཞིང་དག་པར་སྦྱར་བ་ལ། །བདུད་རྩི་མཆོག་དང་ནོར་གྱི་དབྱིག །གོས་དང་རྒྱན་དང་མཛེས་པའི་ནོར། །སྙན་པའི་སྒྲ་མཆོག་འདི་འབུལ་གྱི། །རྣལ་འབྱོར་མཐུ་དང་དཔལ་སྐྱེད་ལ། །མི་མཐུན་རྐྱེན་ཆེན་སླར་ལ་བཟློག །སྲིད་པའི་བདེ་འགྲོ་རྟག་པའི་རྒྱལ་མོ་དང་། །ནམ་མཁའི་རྒྱལ་མོ་མཁའ་འགྲོའི་དབྱིངས་ཕྱུག་མ། །མཁའ་འགྲོ་བཀྲག་གསལ་རྒྱལ་མོ་གསུམ། །བང་རིམ་གཉིས་ལ་སྐུ་བཞུགས་ཏེ། །འོད་ཆགས་མཐིང་གའི་དཀྱིལ་འཁོར་ནས། །གསང་བ་མདོས་ཀྱི་དཀྱིལ་འཁོར་འདིར། །མཐུན་པའི་རྫས་ཆེན་བསོག་པ་ལས། །སྤྱན་འདྲེན་མཆོད་ཀྱི་གཤེགས་སུ་གསོལ། །ཀུན་ཀྱང་མཐིང་ནག་འབར་བའི་སྐུ། །མདོས་ལ་བྱིན་གྱིས་རློབ་ཅིང་སྤྱོན། །བསྐང་བའི་རྫས་ཆེན་མཆོད་པ་འདི། །གཙང་ཞིང་དག་པར་བཤམས་པ་ལ། །བདུད་རྩི་མཆོག་དང་ནོར་གྱི་དབྱིག །གོས་དང་རྒྱན་དང་མཛེས་པའི་ནོར། །སྙན་པའི་སྒྲ་མཆོག་འདི་འབུལ་གྱི། །རྣལ་འབྱོར་མཐུ་དང་དཔལ་སྐྱེད་ཅིག །མི་མཐུན་རྐྱེན་ཆེན་སླར་ལ་བཟློག །མངའ་ཐང་རྐྱེན་དུ་བཞེས་སུ་གསོལ། །ཀྱེ་འདོད་པའི་མ་མོ་ཚུར་གསོན་ཅིག །ཐུགས་


DNG024_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཟེར་ཆེན་འདོད་པའི་རྒྱལ་མོ་དང་། །བདུད་མོ་ཀུན་གྱི་གཙོ་མོ་ཁྲམ་ཐོགས་རྒྱལ་མོ་དང་། །རྡོ་རྗེ་ཁྲོས་མ་འདོད་མའི་རྒྱལ་མོ་རྣམས། །མ་མོ་ཀུན་གྱི་རྒྱལ་མོས་བྱ། །རི་རབ་བང་རིམ་གསུམ་པ་ལ་བཞུགས་པ། །ཀུན་ཀྱང་ཁྲོ་མོ་ལྗང་ནག་སྐུ། །གསང་བ་མདོས་ཀྱི་དཀྱིལ་འཁོར་དུ། །སྣ་ཚོགས་མཐུན་པའི་རྫས་བསོག་ནས། །རྣལ་འབྱོར་རྒྱལ་མོ་སྤྱན་འདྲེན་ནོ། །མདོས་ལ་བྱིན་གྱིས་རློབ་ཅིང་སྤྱོན། །གཙང་ཞིང་དག་པར་བཤམས་པ་ལ། །བདུད་རྩི་མཆོག་དང་ནོར་གྱི་དབྱིག །གོས་དང་རྒྱན་དང་མཛེས་པའི་ནོར། །སྙན་པའི་སྒྲ་མཆོག་འདི་འབུལ་གྱི། །རྣལ་འབྱོར་མཐུ་དང་དཔལ་སྐྱེད་ཅིག །མི་མཐུན་རྐྱེན་ཆེན་སླར་ལ་བཟློག །ཀྱེ་འདོད་པའི་མ་མོ་ཚུར་གསོན་ཅིག །ནག་མོ་ཁ་རློན་མཆེ་བ་ཅན། །འདོད་པའི་མ་མོ་བདུད་འདུལ་རལ་གཅིག་མ། །འདོད་པའི་མ་མོ་དཀར་མོ་གཡག་ཐོད་ཅན། །རི་རབ་བང་རིམ་ཐ་མ་ལས། །ཁྲག་མཚོ་དམར་པོའི་དཀྱིལ་འཁོར་ནས། །ཀུན་ཀྱང་དམར་ནག་འབར་བའི་སྐུ། །གསང་བ་མདོས་ཀྱི་དཀྱིལ་འཁོར་དུ། །སྣ་ཚོགས་མཐུན་པའི་རྫས་བསོག་སྟེ། །སྨན་མོའི་རྒྱལ་མོ་སྤྱན་འདྲེན་ན། །མདོས་ལ་བྱིན་གྱིས་རློབ་ཅིང་སྤྱོན། །བསྐང་བའི་རྫས་ཆེན་མཆོད་པ་འདི། །གཙང་ཞིང་དག་པར་སྦྱར་བ་ལ། །བདུད་རྩི་མཆོག་དང་ནོར་གྱི་དབྱིག །གོས་དང་རྒྱན་དང་མཛེས་པའི་ནོར། །སྙན་པའི་སྒྲ་མཆོག་འདི་འབུལ་གྱི། །རྣལ་འབྱོར་ཚེ་དང་དཔལ་སྐྱེད་ལ། །མི་མཐུན་གདུག་པའི་རྐྱེན་ཆེན་བཟློག །མངའ་བདག་རྒྱལ་མོ་བཅུ་གསུམ་ཡང་། །གསང་བའི་དམ་རྫས་འདི་ན་མཐུན་པར་བསོགས། །བཟང་དགུ་བསྡེབ་ནས་སྐུ་གླུད་འབུལ། །རྒྱལ་མོ་བཅུ་གསུམ་ཐུགས་དམ་བསྐང་། །མ་མོ་བྱེ་བ་འབུམ་ཕྲག་འཁོར་དུ་སྐྱོང་། །འདིར་གཤེགས་མཆོད་པ་དམ་པ་བཞེས། །ཞེས་སྤྱན་དྲངས་ལ། དེ་ནས་ཁུངས་བྱུང་ཚུལ་ནས་འདི་སྐད་ཅེས་བརྗོད་དོ། །སྔོན་གྱི་བསྐལ་པ་དང་པོ་ལ། །མདོས་བྱུང་དེ་ནི་ཇི་ལྟར་བྱུང་། །གླུད་བྱུང་དེ་ནི་གང་ནས་བྱུང་། །རྒྱ་གར་གྱི་ཡུལ་ཤེད་དུ། །མི་ནད་ནི་ཆུ་ལྟར་འཁྲུགས། །ཕྱུགས་ནད་ནི་རླུང་ལྟར་འཚུབས། །ཅི་བགྱིས་ལ་ཅི་


DNG024_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕན། །པཎྜི་ཏ་མཆེད་གསུམ་གྱིས། །ཐུགས་ཀྱིས་ནི་སྨོན་ལམ་བཏབ། །སེ་ནའི་ཕྲ་སྐོར་ནས། །གསང་བ་འབུམ་སྡེའི་ནད་ཤེད་ནས། །སྲིད་པའི་མདོས་ལེའུ་ཆེན་པོ་བཏུས། །ཕོ་དང་ནི་མོའི་མདོས་ལ། །ཉིན་གསུམ་ནི་ཚོགས་སུ་བསགས། །མཚན་གསུམ་ནི་གྱེར་དུ་བགྱེར། །ཆ་གཅིག་ནི་རི་རབ་རྩེ་རུ་བསྐྱལ། །ཆ་གཅིག་ནི་ལུང་གསུམ་མདོ་རུ་བསྐྱལ། །ཆ་གཅིག་ནི་ཆབ་ཀྱི་གཞུང་ལ་བསྐྱལ། །དེ་ནས་མདོས་བྱུང་ནི་གང་ནས་བྱུང་། །གླུད་བྱུང་ནི་གང་ནས་བྱུང་། །བལ་པོའི་ཡུལ་དུ་བྱུང་། །བལ་པོ་ནི་ཧཱུཾ་མཛད་ཀྱིས། །བལ་པོ་རྒྱལ་པོའི་དོན་དུ་མཛད། །རྒྱལ་པོ་བཅུ་གསུམ་གྱི་གླུད་དུ་ཕུལ། །རྒྱལ་པོའི་སྙུན་ནད་ཀྱང་དེར་སངས་སོ། །དེ་ནས་མདོས་བྱུང་གང་ནས་བྱུང་། །ཞང་ཞུང་ཡུལ་ཤེད་དུ། ཞང་ཞུང་གི་རྒྱལ་པོ་ལ། །མཁྲིས་པ་ནི་ཤ་ཡས་ཟིན། །ཅི་བགྱིད་ནི་ཅིས་མ་སྨན། །མུན་དུན་ཤགས་ཀྱིས་པྲ་ཕབ་པས། །ཧོར་ཏ་ལྕམ་མོ་བཅུ་གསུམ་ལ། །གླུད་དང་ནི་ཐབས་ཅིག་ཕུལ། །རྒྱལ་པོའི་སྙུན་ནད་དེར་སངས་སོ། །ཞང་ཞུང་བོན་པོ་ཁྲི་མུན་སྟོང་གིས་ནི། །དཀའ་དགུ་ནི་བསོགས་བསོགས་ནས། །མཐུན་དགུ་ནི་སྡེབས་ནས་སུ། །རྒྱལ་པོ་བཅུ་གསུམ་ལ་གླུད་དུ་ཕུལ། །སྙུན་ནད་ཀྱང་དེར་སངས་སོ། །དེ་ནས་མདོས་བྱུང་ནི་གང་ནས་བྱུང་། །གླུད་བྱུང་ནི་གང་ནས་བྱུང་། །བོད་ཡུལ་གྱི་དབུས་སུ་བྱུང་། །སྤུ་རྒྱལ་བཙན་པོ་ནི་སྙུན་གྱིས་ཟིན། །ཅི་བགྱིས་ནི་ཅིས་མ་སྨན། །རྒྱ་གར་གྱི་ཡུལ་ནས་སུ། །གྲོང་ཁྱེར་ནི་གསལ་ལྡན་ནས། །ཛ་ཡ་སེ་ན་སྤྱན་དྲངས་ནས། །པྲ་ཕབ་ནི་ཕྱ་བསྐོར་བས། །མ་བདུད་རྒྱལ་མོས་བཀྱོན་ནོ་སྐད། །རྒྱ་བོད་མཁས་པ་ནི་མང་པོས་བསྐོར། །ཉིན་གསུམ་ནི་བསོགས་སུ་བསག །མཚན་གསུམ་ནི་གྱེར་དུ་བགྱེར། །ཆ་གཅིག་རི་གསུམ་རྩེ་ལ་བསྐྱལ། །ཆ་གཅིག་ལུང་གསུམ་གྱི་མདོ་རུ་བསྐྱལ། །ཆ་གཅིག་གཙང་ཆབ་ཀྱི་གཞུང་ལ་བསྐྱལ། །རྒྱལ་པོ་སྙུན་ལས་དེར་ཐར་རོ། །དོ་ནུབ་ཙམ་སུ་ཡི་གླུད། །ཡོན་བདག་རྒྱུ་སྦྱོར་གླུད། །རྡོ་རྗེ་སློབ་དཔོན་གླུད། །མཆེད་དང་ནི་ལྕམ་དྲལ་གླུད། །རྒྱལ་མོ་བཅུ་གསུམ་ལ་གླུད་དུ་འབུལ། །མདོས་བདག་ནི་མདོས་བཞེས་ཤིག །གླུད་བདག་ནི་གླུད་བཞེས་ཤིག །


DNG024_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱུང་ས་གདབ་པ་ནི། །མ་མཆིས་ནི་དགུ་ཞིག་མཆིས། །དཀའ་དགུ་ནི་བསོགས་ནས་མཆིས། །མཐུན་དགུ་ནི་སྡེབས་ནས་མཆིས། །ཆོ་མ་ནི་ཆོ་དགུ་མཆིས། །མདའ་ལ་བྱ་རྒོད་མ་བཅུ་གཉིས་ནི། །ཕོད་སྒྲོ་ལྡེམ་རུ་དང་བཅུ་གསུམ་མཆིས། །དར་སྣ་བཅུ་གཉིས་ནི། །དཔལ་དར་ཡུག་ཆེན་དང་བཅུ་གསུམ་མཆིས། །ནམ་མཁའ་བཅུ་གཉིས་ནི། །འདའ་རིས་འོད་སྔོན་དང་བཅུ་གསུམ་མཆིས། །ལྗང་བུ་ནི་བཅུ་གཉིས་ན། །ཁུགས་རང་བྱུང་དང་བཅུ་གསུམ་མཆིས། །རྨ་བྱ་ནི་བཅུ་གཉིས་ན། །འདབ་ལྡན་སེར་པོ་དང་བཅུ་གསུམ་མཆིས། །མོ་འཕང་ལྡེང་མོ་ནི་བཅུ་གཉིས་ན། །གསེར་རིས་འཁོར་ལོ་དང་བཅུ་གསུམ་མཆིས། །མཛེས་པའི་མེ་ལོང་ནི་བཅུ་གཉིས་ན། །གཟི་ལྡན་འོད་ཆགས་དང་བཅུ་གསུམ་མཆིས། །ཁྲག་སྣའི་ཕོར་བུ་ནི་བཅུ་གཉིས་ན། །མཚལ་ཁྲག་ཟག་དགུ་དང་བཅུ་གསུམ་མཆིས། །གསང་བའི་དཀྱིལ་འཁོར་གཉེན་པོ་ནི། །རྒྱལ་པོ་བཅུ་གསུམ་སྤྱན་སྔ་ན། །འཛའ་གད་བདུད་རྩིའི་བཅུད་བལྟམ་ནས། །རཀྟ་རྒྱ་མཚོ་རྦ་རླབ་ཅི་ལི་ལི། །གསལ་བའི་མར་མེ་འོད་བལྟམ་ནས། །མ་བདུད་སྤོས་ཆེན་དུ་ཐུ་ལུ་ལུ། །མཐིང་ནག་གུར་ཆེན་ནི་ལྡི་རི་རི། །ཤ་ཆེན་གཏོར་མ་ནི་ཅི་ལི་ལི། །ཆུ་ལུག་རྒྱལ་མོ་ནི་འབའ་དང་དི་རི་རི། །འབྲས་བུ་མེ་ཏོག་སྣ་ཚོགས་ནི་བཅལ་དུ་བཀྲམ། །ཞལ་ཟས་སྣ་ཚོགས་མཆོད་པ་ནི་རི་ལྟར་སྤུངས། །མ་མོ་མཁའ་འགྲོ་དང་རེ་སྤྲོ། །རྫ་རྔ་སིལ་སྙན་སྐད་རེ་སྙན། །མ་ཚོགས་མཁའ་འགྲོ་དམ་ལ་འདུ། །དོ་ནུབ་ནི་མདོས་གྱེར་རོ། །ལྷ་ཡང་ནི་སྐྱེང་མ་སྣོལ། །མི་ཡང་ནི་མ་གཟིམས་ཤིག །ནམ་མཁའ་ནི་ཡ་གི་ལ། །རྒོད་པོ་ནི་ཁྱུང་ལྡིང་ཡང་། །འགྲེང་མི་ཡི་ནི་གླུད་མ་ལགས། །དུད་ཕྱུགས་ཀྱི་ནི་སྐྱིན་མ་ལགས། །མ་བདུད་ནི་རྒྱལ་མོའི་བྱ། །རི་ལོགས་ནི་ཡ་གི་ན། །ཤ་རྒོད་ནི་རྨིགས་རྒྱུ་ཡང་། །འགྲེང་མི་ཡི་གླུད་མ་ལགས། །དུད་ཕྱུགས་ཀྱི་ནི་སྐྱིན་མ་


DNG024_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །མ་བདུད་ཀྱི་རྒྱལ་མོའི་དཀོར། །མཚོ་མོ་ནི་མ་གི་ལ། །འགྱུར་སྲམ་མ་བུ་ནི་སྐྱེ་གཞུངས་ཡང་། །འགྲེང་མི་ཡི་ནི་གླུད་མ་ལགས། །དུད་ཕྱུགས་ཀྱི་ཡང་སྐྱིན་མ་ལགས། །མ་བདུད་རྒྱལ་མོའི་དཀོར། །དོ་ནུབ་འགྲེང་མི་ཡི་ནི་གླུད་དུ་འབུལ། །དུད་ཕྱུགས་ཀྱི་ཡང་སྐྱིན་གཅིག་གསོབ། །ཀྱེ་འདོད་པའི་རྒྱལ་མོ་ཚུར་གསོན་ཅིག །ཆགས་བྱེད་རྒྱལ་མོ་ཚུར་གསོན་ཅིག །སྐུ་ནི་མཐིང་ནག་འབར་བ་ལ། །མཐིང་གི་གོ་ལྕོག་དབུ་ལ་གསོལ། །མཐིང་ནག་རལ་པ་འོད་དུ་འབར། །སྐུ་ལ་དར་ནག་གོ་ཟུ་གསོལ། །མི་མགོ་རློན་པའི་ཕྲེང་བས་བརྒྱན། །དར་ནག་རུ་མཚོན་གཡས་ན་བསྣམས། །གཡོན་ན་འཕྲུལ་གྱི་མེ་ལོང་བསྣམས། །སྔོ་བསངས་མ་ནི་བཀའ་བློན་མཛད། །ཁྲོ་གཉེར་ཅན་ནི་གུང་བློན་མཛད། །ནང་བློན་མོན་མོ་སྤྱི་རིངས་མ། །རྒྱལ་མོ་ཁྱོད་ཀྱི་འཁོར་བཅས་ལ། །གསང་བ་མདོས་ཀྱི་དཀྱིལ་འཁོར་འདི་འབུལ་གྱིས། །རྒྱལ་མོའི་བཀའ་ཆད་ད་བཟློག་ལ། །གསང་བ་མདོས་འདི་ཕར་ལ་སོང་། །ལྗང་བུ་འཕན་རིང་སྐུ་ཡི་གླུད། །རྒྱལ་མོ་སྐུ་ལུས་འོད་ལྡན་པས། །དམ་ཚིག་ཉམས་པའི་བཀའ་ཆད་ཞི། །རྨ་བྱའི་མདོངས་ཆེན་འདི་ཕུལ་བས། །བཀྲག་དང་གཟི་བྱིན་ལྡན་པར་དབུལ། །སེམས་ཀྱི་གླུད་དུ་ནམ་མཁའ་དབུལ། །ཚེ་ཡི་གླུད་དུ་མོ་འཕང་ལྗང་མོ་དབུལ། །སྲོག་གི་གླུད་དུ་མདའ་བཟང་བྱ་རྒོད་དབུལ། །གོས་ཀྱི་གླུད་དུ་དར་ནག་སླེ་ཆེན་དབུལ། །རྣམ་ཤེས་གླུད་དུ་ཁྲོ་ལྕགས་མདེའུ་རྩེ་དབུལ། །རྒྱལ་མོ་རྣམས་ནི་མ་རིག་འཁྲུལ་པས་བཅིངས། །མ་རིགས་བག་ཆགས་སེལ་མཛད་པས། །སྣང་སྲིད་གསལ་བའི་མེ་ལོང་དབུལ། །རྒྱལ་མོ་རྣམས་ཀྱི་བཀའ་ཆད་བཟློག་པའི་ཕྱིར། །སྣ་ཚོགས་ཁྲག་སྣ་མཚལ་ཆེན་ཟག་དགུ་དབུལ། །རྒྱལ་མོའི་ཐུགས་ནད་སངས་གྱུར་ལ། །བདག་ཅག་གཡར་དམ་གསོ་རུ་གསོལ། །མ་དུད་སྤོས་ཆེན་འབྲང་རྒྱས་དང་། །འཛའ་གད་བདུད་རྩི་འདི་འབུལ་ལོ། །རྒྱལ་མོ་ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་གཡར་དམ་གསོ་རུ་གསོལ། །པྲེ་ཏ་གླིང་གི་རྒྱལ་མོ་ཁྱོད། །མདོས་བདག་ལགས་ཀྱི་མདོས་ལོང་ལ། །གླུད་བདག་ལགས་ཀྱི་གླུད་བཞེས་ཤིག །མངའ་བདག་རྐྱེན་དུ་བཞེས་ནས་ཀྱང་། །ཚེ་སྲིངས་དཔལ་སྐྱེད་དངོས་གྲུབ་སྩོལ། །མདོས་བདག་ཆེན་མོ་གླུད་བཞེས་ཤིག །


DNG024_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་མཆོད་དོ། །དེ་ནས་འཛའ་གད་གཏོང་ལ་འདི་སྐད་དོ། །ཀྱེ་འདོད་པའི་རྒྱལ་མོ་ཚུར་གསོན་ཅིག །རིན་ཆེན་འོད་འབར་རྒྱལ་མོ་ནི། །སྐུ་ནི་ལྗང་ནག་འབར་བ་ལ། །ཐུགས་ནི་མ་གཡོས་དཀྱིལ་མོ་ཆེ། །གཡས་པ་ཐོད་པ་ཁྲག་གིས་བཀང་བ་བསྣམས། །གཡོན་ན་སྡིག་པའི་གཡང་གཞི་འཕྱར། །སྲིད་པ་གསུམ་ལ་མངའ་མཛད་མ། །འདོད་ཁམས་རྒྱལ་མོ་ཆེན་མོ་ཁྱོད། །ཁམས་གསུམ་ཞལ་དུ་རབ་གདངས་ནས། །སྟོང་གསུམ་ཞལ་དུ་རབ་ཏུ་གསོལ། །བཟོད་པར་དཀའ་བའི་དུར་ཁྲོད་ཆེན་པོ་ན། །མི་ཁྲག་རྟ་ཁྲག་མཚོ་རུ་བསྐྱིལ། །འགྲོ་བའི་མདངས་ལ་མངའ་མཛད་མ། །ཁྱོད་ཀྱི་སྔོན་དམར་ཁ་རླངས་ནས། །སྣ་ཚོགས་མི་ནད་ཕྱུགས་ནད་གཏོང་། །མདོས་བདག་ནི་མདོས་བཞེས་ལ། །གླུད་བདག་ནི་གླུད་བཞེས་ཤིག །ཅེས་ཕུད་གཏོང་། དེ་ནས་ཏིང་ངེ་འཛིན་གྱི་རྒྱལ་མོ་ལ་འདི་སྐད་དོ། །ཀྱེ་འདོད་པའི་མ་མོ་ཚུར་གསོན་ཅིག །དགའ་མ་ཏིང་འཛིན་དྲོད་ཉུལ་རྒྱལ་མོ་ནི། །སྐུ་མདོག་སྔོ་བསངས་ཁྲོ་མོའི་སྐུ། །དབུ་ལ་མུ་ཏིག་ལྗོན་ཚར་གསོལ། །སྐུ་ལ་ལྗང་ནག་གོ་ཟུ་ལ། །མུ་ཏིག་ཕྲེང་བས་ཁ་ཆག་གསལ། །ཕྱག་གཡས་ཞིང་ཆེན་རྒྱལ་མཚན་བསྣམས། །གཡོན་ན་མཚོན་ཆའི་འཁོར་ལོ་བསྣམས། །འདུལ་བ་ཁ་ཆེན་དྲུག་པོ་འདུལ། །འཁོར་བ་མ་མོ་བརྒྱད་ཅུས་བསྐོར། །གསོལ་ནི་ཤ་ཁྲག་དམར་ཆེན་གསོལ། །ཟས་སུ་ཅང་ཁ་བུ་རི་གསོལ། །ནོར་བུ་འབར་བའི་ཁ་བད་ཐགས་བཟང་བསྲེལ། །གྲོགས་སུ་གནོད་སྦྱིན་སྟོབས་ལྡན་ནག་པོ་བརྟེན། །འབར་བ་མེ་ཡི་འོད་དང་བཅས། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །ཅེས་ཕུད་གཏོང་ངོ་། །ཀྱེ་འདོད་པའི་མ་མོ་ཚུར་གསོན་ཅིག །སྲིད་པའི་བདེ་འགྲོ་རྟག་པའི་རྒྱལ་མོ་ནི། །སྐུ་ནི་ཅི་ཡང་མ་ངེས་ཏེ། །སྐུ་ལ་མཐིང་གི་གོ་ལྕོག་གསོལ། །རྨ་ལོ་མཛེས་པའི་ལན་ཚར་ཅན། །ཕྱག་ན་བན་ན་བྷན་དྷ་འཁོར་ལོ་བསྣམས། །འཁོར་ནི་རྣལ་འབྱོར་མ་མོ་འཁོལ། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །ཀྱེ་འདོད་པའི་མ་མོ་ཚུར་གསོན་ཅིག །མཁའ་


DNG024_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྒྱལ་མོ་ནམ་མཁའི་དབྱིངས་ཕྱུག་མ། །སྣ་ཚོགས་འགྱུར་བའི་གཟུགས་འཆང་ཞིང་། །འཁོར་ལོ་རལ་གྲི་ཕྱག་ན་བསྣམས། །མཐིང་ནག་མཛེས་པའི་གོ་ཟུ་ལ། །ཨུཏྤལ་སྔོན་པོའི་ཁ་ཆག་ཅན། །དབུ་སྐྲ་མཐིང་ནག་ཐོར་ཚུགས་ཅན། །ཁ་བློན་གུང་བློན་ནང་བློན་ཚོགས་དང་བཅས། །འབྱུང་བ་ནམ་མཁའི་མངའ་བདག་མོ། །འདུལ་བའི་རྣལ་འབྱོར་མ་མོ་འདུལ། །མདོས་ལེན་མ་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །ཀྱེ་འདོད་པའི་མ་མོ་ཚུར་གསོན་ཅིག །མཁའ་འགྲོའི་རྒྱལ་མོ་བཀྲག་གསལ་འོད། །སྐུ་ནི་སེར་ནག་འབར་བ་ལ། །སེར་ནག་རལ་པ་ཐོར་ཚུགས་ཅན། །ལག་ན་རིན་ཆེན་བྷནྡྷ་བསྣམས། །ཞལ་གདངས་མཆེ་བ་གཙིགས་པ་ན། །ཉིད་ཀྱི་འཁོར་རྣམས་མ་ལུས་འདུལ། །ཁྲོ་གཉེར་བཞད་པས་རྣལ་འབྱོར་མ་མོ་འདུལ། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཅེས་ཕུད་གཏོང་ངོ་། །ཀྱེ་འདོད་པའི་མ་མོ་ཚུར་གསོན་ཅིག །ཕྲ་མེན་ཐུགས་ཀྱི་གཟེར་ཅན་རྒྱལ་མོ་ནི། །སྐུ་ནི་སྨུག་མཐིང་ཆེན་མོ་ལ། །དབུ་སྐྲ་རྨ་ལོ་མཛེས་པས་བརྒྱན། །མེ་དཔུང་དམར་པོའི་དཀྱིལ་ན་བཞུགས། །སྐུ་ལ་ཕྲ་མེན་གོ་ཟུ་གསོལ། །གཟའ་ཆེན་བརྒྱད་ཀྱི་ཁ་ཆག་ཅན། །ཉི་ཟླ་ཤར་བའི་གོ་མཚོན་ཅན། །ཕྱག་གཡས་རིན་ཆེན་གའུ་མཛེས་པའི་ཆུན་འཕྱང་བསྣམས། །མ་མོ་བདུན་ལ་མངའ་མཛད་མ། །འདུལ་ནི་སྲིད་པའི་ཚོགས་རྣམས་འདུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཀྱེ་འདོད་པའི་མ་མོ་ཚུར་གསོན་ཅིག །ཁྲམ་ཐོགས་བདུད་མོ་གཙོ་མོའི་རྒྱལ་མོ་ནི། །ཁྲམ་ཁ་སྟོང་ལ་དབང་སྒྱུར་བ། །དམག་གི་རྒྱལ་མོ་བཞི་ལ་མངའ་མཛད་མ། །འདུལ་ནི་སྲིད་པའི་མ་ཚོགས་འདུལ། །སྐུ་ནི་མཐིང་ནག་འབར་བ་ལ། །ན་བཟའ་དར་ནག་གོ་ཟུ་གསོལ། །གཡས་པ་ཁ་ཊྭཱཾ་རྩེ་གསུམ་བསྣམས། །གཡོན་ན་སྤྱང་མོ་མགོ་དགུ་བསྣམས། །ཞལ་དུ་མི་སྙིང་འབུམ་འབུམ་གསོལ། །བདུད་ཀྱི་དམག་དཔུང་འཇོམས་མཛད་མ། །མདོས་བདག་ལགས་ཀྱི་མདོས་བཞེས་ཤིག །གླུད་བདག་ནི་གླུད་བཞེས་ཤིག །ཀྱེ་འདོད་པའི་མ་མོ་


DNG024_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་གསོན་ཅིག །རྒྱལ་མོ་ཆེན་མོ་ཁ་རླན་མཆེ་བ་ཅན། །སྨན་མོ་ལྔ་བཅུ་རྩ་དྲུག་ལ། །མངའ་བདག་རྒྱལ་མོ་མངའ་མཛད་དྲུག །སྲིད་པའི་བྱོལ་ཁ་བཟློག་མཛད་མ། །སྐུ་མདོག་ནག་མོ་ཙེ་རེ་རེ། །ཐོད་པ་ཁྲག་གིས་བཀང་བ་བསྣམས། །གཡོན་ན་མི་སྙིང་ཐུ་ལུ་ལུ། །སྡང་བའི་ལས་ངན་དགྲ་བོ་ལ། །ལས་ཀྱི་ཐུན་གཅིག་དབབ་ཏུ་གསོལ། །འཁོར་འདུལ་རྒྱལ་མོ་གོ་ཏིང་ཤགས། །མ་མོ་བདུན་གྱི་རྒྱལ་མོ་ཁྱོད། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །འདོད་པའི་མ་མོ་ཚུར་གསོན་ཅིག །བདུད་འདུལ་རྒྱལ་མོ་རལ་གཅིག་མ། །སྐུ་མདོག་བྱེ་རུ་དམར་པོ་ལ། །མུ་མེན་ཟངས་ཀྱི་གོ་ཟུ་ཅན། །ཕྱག་གཡས་འོད་མའི་རྒྱུད་བསྐུལ་ཞིང་། །གཡོན་པས་ཞགས་པ་དམར་པོ་སྡོག །ཉམས་པ་རྣམས་ཀྱི་སྙིང་ཁྲག་འཐུང་། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །འདོད་པའི་མ་མོ་ཚུར་གསོན་ཅིག །འདོད་པའི་མ་མོ་དཀར་མོ་གཡག་ཐོད་མ། །སྐུ་མདོག་ཤེལ་དཀར་ལྡེམ་པ་ལ། །རྨ་ལོ་གཡུ་ཡི་ཐིག་ལེ་ཅན། །དབུ་ལ་དུང་གི་གོ་ལྕོག་གསོལ། །སྐུ་ལ་དར་དཀར་གོ་ཟུ་ལ། །མི་མགོ་ཐོད་པའི་ཕྲེང་བས་བརྒྱན། །སྲིང་མོ་བཞི་ལ་དབང་བསྒྱུར་ཞིང་། །གསང་བའི་མ་མོ་བཞི་ལ་མངའ་མཛད་མ། །གྲུ་འདེགས་བཞི་ནི་ཁྱོད་ཀྱིས་འཁོལ། །མདོས་བདག་ཆེན་མོ་མདོས་ལོང་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །གསང་བ་མདོས་ཀྱི་དཀྱིལ་འཁོར་འདི་འབུལ་གྱི། །རྒྱལ་མོ་རྣམས་ཀྱི་བཀའ་ཆད་འདིས་བཟློག་ལ། །གསང་བའི་མདོས་འདི་ཕར་ལ་ལོང་། །ལྗང་བུ་འཕན་རིངས་སྐུ་ཡི་གླུད། །རྒྱལ་མོའི་སྐུ་ལུས་འོད་ལྡན་པས། །དམ་ཚིག་ཉམས་པའི་བཀའ་ཆད་ཞི། །རྨ་བྱ་མདོངས་ཆེན་འདི་འབུལ་བས། །བཀྲག་དང་གཟི་མདངས་ལྡན་པ་དབུལ། །སེམས་ཀྱི་གླུད་དུ་ནམ་མཁའ་དབུལ། །ཚེ་ཡི་གླུད་དུ་མོ་འཕང་ལྡོང་མོ་དབུལ། །སྲོག་གི་གླུད་དུ་མདའ་བཟང་བྱ་རྒོད་དབུལ། །གོས་ཀྱི་གླུད་དུ་དར་ནག་སླེའུ་ཆེན་དབུལ། །རྣམ་ཤེས་གླུད་དུ་ཁྲོ་ལྕགས་མདེའུ་རྩེ་དབུལ། །རྒྱལ་མོ་རྣམས་ནི་མ་རིག་འཁྲུལ་པས་བཅིངས། །མ་རིག་བག་ཆགས་


DNG024_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་མཛད་པ། །སྣང་སྲིད་གསལ་བའི་མེ་ལོང་དབུལ། །རྒྱལ་མོ་རྣམས་ཀྱི་བཀའ་ཆད་བཟློག་པའི་ཕྱིར། །སྣ་ཚོགས་ཁྲག་སྣ་མཚལ་ཆེན་ཟག་དགུ་དབུལ། །རྒྱལ་མོའི་ཐུགས་ནད་སངས་གྱུར་ནས། །བདག་ཅག་གཡར་དམ་གསོ་རུ་གསོལ། །མ་བདུད་སྤོས་ཆེན་འབྲང་རྒྱས་དང་། །འཛའ་གད་བདུད་རྩི་འདི་དབུལ་ལོ། །རྒྱལ་མོ་ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་གཡར་དམ་གསོ་རུ་གསོལ། །བེ་ཏ་གླིང་གི་རྒྱལ་མོ་ཁྱོད། །མདོས་བདག་ལགས་ཀྱི་མདོས་ལོང་ལ། །གླུད་བདག་ལགས་ཀྱི་གླུད་བཞེས་ཤིག །མངའ་ཐང་རྐྱེན་དུ་བཞེས་ནས་ཀྱང་། །ཚེ་སྲིངས་དཔལ་བསྐྱེད་དངོས་གྲུབ་སྩོལ། །མདོས་བདག་ཆེན་མོ་གླུད་འདི་བཞེས། །གླུད་བདག་ལགས་ཀྱི་གླུད་ལོངས་ཤིག །གླུད་ཐམས་ཅད་ནི་ཕོ་གླུད་མོ་གླུད་དེ། ཀུན་ཀྱང་མཐུན་ནོ། །དེ་ནས་རྨ་བྱའི་མདོངས་ཀྱིས་བྱད་སྒྲིབ་ཏུ་བཅུག་ལ། ཕོ་གླུད་མོ་གླུད་ལ་འདི་སྐད་བརྗོད་དོ། །ཀྱེ་རིན་ཆེན་སྤོས་ཀྱི་མི་བོ་ཆེ། །ཡོན་བདག་ནི་ཕོ་མོའི་གླུད། །རིན་ཆེན་ནི་སྣ་ལྔའི་གཟུགས། །ལུང་ཐང་མིག་ལ་མགྲོན་བུའི་སོ། །རུས་པ་དཀར་པོ་ནི་མི་ལ་མཆིས། །རུས་པའི་གླུད་དུ་ནི། །དུད་ཁང་ནི་བྱ་རུས་དབུལ། །མི་ལ་ནི་ཤ་མཆིས་ཏེ། །ཤ་ཡི་གླུད་དབུལ་ལོ། །ཤ་བལ་ནི་སྤང་སྐྱེ་མཆིས། །མི་ལ་ནི་ཁྲག་མཆིས་སོ། །རྒྱ་མཚལ་ནི་ལྕོགས་ལ་མ། །ཁྲག་གི་གླུད་དབུལ་ལོ། །མི་ལ་ནི་སྙིང་མཆིས་སོ། །སྙིང་གི་གླུད་དབུལ་ལོ། །ཞོ་ཤ་རྩ་བཞི་དབུལ། །མི་ལ་ནི་མཁལ་མཆིས་སོ། །མཁལ་མའི་གླུད་དབུལ་ལོ། །བ་མཁལ་ནི་སྨུག་པོ་དབུལ། །མི་ལ་ནི་སོ་མཆིས་ཏེ། །སོ་ཡི་ནི་གླུད་དབུལ་ལོ། །མགྲོན་བུ་ནི་སུལ་མདས་དབུལ། །མི་ལ་མིག་མཆིས་ཏེ། །མིག་གི་གླུད་དབུལ་ལོ། །ལུང་ཐང་ནི་ནག་པོ་དབུལ། །མི་ལ་ནི་སྐྲ་མཆིས་ཏེ། །སྐྲ་ཡི་ནི་གླུད་དབུལ་ལོ། །གཟི་མོ་ནི་བྱི་ཐུར་དབུལ། །མི་ལ་ནི་ཀླད་མཆིས་ཏེ། །སྲམ་གྱི་ཀླད་དབུལ་ལོ། །མི་ལ་ནི་བཀྲག་མཆིས་ཏེ། བཀྲག་གི་གླུད་དུ་བསེ་ཡི་ལོ་གྲོམ་དབུལ། མི་ལ་ནི་ཚེ་མཆིས་ཏེ། ཚེ་ཡི་གླུད་དབུལ་ལོ། །ཟངས་མ་ནི་གཉན་གྱི་ཚེ། །སྲོག་གི་ནི་གླུད་དབུལ་ལོ། །གནམ་ལྕགས་ནི་དུར་མོ་དབུལ། །


DNG024_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལ་ནི་མདངས་མཆིས་ཏེ། །རྨ་བྱའི་མདོངས་ཆེན་དབུལ། །རྣམ་ཤེས་ཚོགས་བརྒྱད་ཀྱི་གླུད་དུ་དབུལ། །རིན་ཆེན་སྣ་ལྔ་དང་། །རྒྱ་ལོང་དང་མེ་ལོང་དབུལ། །ལུས་ལ་དར་ཟབ་ནི་བསྐོན་ཏེ་དབུལ། །མགོ་ལ་སིལ་སིལ་བརྒྱན་ཏེ་དབུལ། །གཡས་ན་དར་ཐོགས་ནི་བུ་རུ་རུ། །གཡོན་ན་མེ་ཁྱེར་ནི་ལམས་སེ་ལམ། །མ་བདུད་རྒྱལ་མོའི་སྤྱན་སྔར་མཆིས། །བལ་མཁལ་ཐགས་འཐག་ཙམ་རྔོ་རེ་ཐོག །ཕྱེ་འཐག་འགྲམ་སྐྱ་ཙམ་རྔོ་རེ་ཐོག །ཆུ་འཆུ་འགབ་གཤེར་ཙམ་རྔོ་རེ་ཐོག །བང་ཆེན་རིང་རྒྱུག་ཙམ་རྔོ་རེ་ཐོག །རིན་ཆེན་ནི་དར་གྱིས་འདི་སྐད་ཞུས། །མ་བདུད་རྒྱལ་མོ་ནི་ཚུར་གསོན་དང་། །རྗེ་དང་འབངས་སུ་ནི་བརྗེ་བར་ཞུ། །ཚེ་དང་གླུད་དུ་ནི་བརྗེ་བར་ཞུ། །ལྟས་ངན་སྣ་དགུ་ནི་བཟློག་པར་ཞུ། །ཡས་ཀྱི་བདུད་གཡོས་ཀྱང་སླར་ལ་བཟློག །མས་ཀྱི་སྲི་ལངས་ནི་སླར་ལ་བཟློག །དེ་སྐད་ཅེས་ཞུས་པ་ལས། མ་བདུད་རྒྱལ་མོའི་ཞལ་ན་རེ། །སྨྲ་བ་ངག་སྙན་ནི་ཏོངས་སེ་ཏོང་། །འགྲོ་ན་སྟབས་སྡུག་ནི་ལག་མ་ལེགས། །ཁྱོད་རྗེ་ཡི་གླུད་དུ་མཆིས་པ་ན། །སྨྲ་བ་ཚིག་གསུམ་ནི་ཉན་མི་ཉན། །འགྲོ་བ་གོམ་གསུམ་ནི་མགྱོགས་མི་མགྱོགས། །གསེར་དང་དོ་གཅིག་བདོ་མི་བདོ། །བཙན་དང་ཁ་ལྟ་ནི་ཕོད་མི་ཕོད། །མི་དང་གླུད་དུ་རྗེ་མི་རྗེ། །མི་དང་གླུད་དུ་ནི་དོ་བདོ་ན། །ཁ་གསེར་ཁ་གཡུ་ཡོད་དམ་མེད། །དེ་ཙུག་ནི་ཡོད་པ་ན། །རྗེ་དང་ནི་འབངས་སུ་བརྗེ། །དེ་སྐད་ཅེས་གསོལ་པ་དང་། རིན་ཆེན་དར་གྱིས་མཆིང་ན་རེ། མ་བདུན་རྒྱལ་མོ་ནི་ཚུར་གསོན་ཅིག །གསེར་དང་ནི་དོ་བདོ་བས། །མི་ལུས་ནི་གསེར་བས་བྲིན། །བཙན་དང་ནི་ཁ་ཡང་ལྟ། །བཙན་ཡང་མི་ཡིས་འཁོལ། །མི་དང་གླུད་དུ་མི་བརྗེ་རུ། །མི་བས་གླུད་དུ་བཟང་། །དེ་སྐད་ཅེས་གསོལ་པ་དང་། །མི་དང་གླུད་དུ་དོ་གཅིག་བདོ། །ཁ་གསེར་དང་ཁ་གཡུ་བདོག །རྗེ་དང་འབངས་སུ་མི་བརྗེ་རུ། །རྗེ་ཡི་གླུད་དུ་འབངས་རེ་བཟང་། །ཀྱེ་མ་བདུད་རྒྱལ་མོ་ནི་ཚུར་གསོན་ཅིག །ཀྱེ་མདོས་འདི་མ་བདུད་རྒྱལ་མོའི་ཕྱག་ཏུ་དབུལ། །དང་པོ་ནི་མ་བདུད་རྒྱལ་མོ་ལ། །བཅའ་བཅའ་ནི་བསྔོ་བསྔོ་ནས། །ད་ཡང་ཡ་བདུད་རྒྱལ་མོ་ལ་དབུལ། །སྨྲ་ཚིག་གསུམ་མཁས་ཏེ་བསྒོ་བ་


DNG024_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཉན། །འགྲོ་གོམ་གསུམ་མགྱོགས་ཏེ་བང་ཆེན་ཕེར། །མ་བདུད་རྒྱལ་མོའི་བཀའ་སྩལ་ཉན། །ཅེས་དར་གྱིས་སྨྲས་པས། རྒྱལ་མོ་ཐུགས་དགྱེས་ནས་གླུད་བཞེས་པའོ། །དེ་ནས་རྒྱལ་མོ་ལ་མདོས་གཏོང་བ་འདི་སྐད་དོ། །ཀྱེ་རྒྱལ་མོ་བརྒྱད་ཅུ་རྩ་ལྔར་གླུད་དུ་འབུལ། །རྒྱལ་མོ་བཅུ་གསུམ་གྱི་གཙོ་མོ་ནི། །མ་སྲིད་པའི་རྒྱལ་མོས་བྱ། །རྒྱལ་མོ་ཁྱོད་ཀྱི་ཆོ་དང་ནི་འབྲངས་སྨོས་པ། །ས་གཞི་ནི་སྐུ་ཡིས་བརྡལ། །དོག་མོ་ནི་ཆུ་ལས་ཆགས། །མཚོ་མ་པང་གི་སྟེང་ཤེད་ན། །སྐུ་མ་ཉག་གཅིག་ལྡེམ་པའི་ཚེ། །དབུ་ནི་བར་སྣང་ཁམས་སུ་འཕྱོ། །ཞབས་ནི་རྒྱ་མཚོའི་གཏིང་དུ་འཁྲུགས། །ཕྱག་ནི་སྲིན་པོའི་ཡུལ་དུ་བརྐྱངས། །ཞལ་ནི་མི་ཡི་ཡུལ་དུ་གདེངས། །སྐུ་ནི་རི་རབ་ཀྱི་ཟོམ་ལ་བཞུགས། །མཆེ་བ་རོལ་མཚོའི་གཏིང་དུ་གཙིགས། །སྤྱན་ནི་སྟོང་གསུམ་ཀུན་ཏུ་གཟིགས། །དབུ་སྐྲ་སུམ་ཅུ་རྩ་གསུམ་གནས་སུ་སླེབས། །རྒྱལ་མོ་ཁྱོད་ཀྱི་ལྟོ་བ་ནས། །ལྷ་དང་ལྷ་མིན་གྱིས་གཡུལ་ངོ་འགྱེད། །རྒྱལ་མོ་ཁྱོད་ཀྱི་ལྟོ་བ་ནས། །རྟེན་འདྲེལ་ནི་བཅུ་གཉིས་འཆར། །རྒྱལ་མོ་ཁྱོད་ཀྱི་ལྟོ་བ་ནས། །ཉོན་མོངས་ནི་དུག་གསུམ་འཆར། །ཡི་དྭགས་དམྱལ་བ་ནི་འགྲོ་དྲུག་ཀྱང་། །རྒྱལ་མོ་ཁྱོད་ཀྱི་ནི་སྐུ་ལས་འཆར། །དགའ་བའི་ཚལ་དང་ནི་འདྲེས་པའི་ཚལ། །རི་རབ་རྩེ་ཡི་ཚལ་བཞི་ཡང་། །རྒྱལ་མོ་ཁྱོད་ཉིད་ལས་ཀྱང་བྱུང་བ་སྟེ། །འབྱུང་བ་ཀུན་གྱི་ནི་བཅུད་བདག་མོ། །སྲིད་པ་ཆམ་ལ་ནི་འབེབས་མཛད་མ། །མ་མོ་ཁ་རླངས་ནི་འོད་དུ་འཁྱུག །འཇིག་རྟེན་རིམས་ནད་གཏོང་མཛད་མ། །རྒྱ་མཚོའི་སྟེང་དུ་ཞབས་བརྐྱང་པས། །ཀླུ་བྲན་འབུམ་སྡེ་ནི་དབང་དུ་སྡུད། །བར་སྣང་ཁམས་སུ་ནི་འཕྱོས་པས་ནི། །ལྷ་བྲན་མང་པོ་དབང་དུ་སྡུད། །སྲིན་པོའི་ཡུལ་དུ་ནི་ཕྱག་བརྐྱང་པས། །སྲིན་པོ་རྣམས་ནི་གྲོགས་སུ་བྱས། །མི་ཡི་ཡུལ་དུ་ཞལ་གཟིགས་པས། །སྔོན་དམར་མི་ཡི་ཡུལ་དུ་ཁྲག་ནད་གཏོང་། །རི་རབ་ངོས་ལ་སྐུ་བཞུགས་པས། །ཐམས་ཅད་འབྱུང་བ་མ་མོས་བྱས། །མཆེ་བ་རོལ་མཚོའི་ནང་གཙིགས་པས། །སྲིད་པའི་མ་བདུན་ལས་ལ་འཁོལ། །སྟོང་གསུམ་ཀུན་ཏུ་སྤྱན་གཟིགས་པས། །འགྲོ་བའི་སྲོག་ལ་མངའ་མཛད་མ། །དབུ་སྐྲ་སུམ་ཅུ་རྩ་གསུམ་གནས་སུ་སླེབ། །


DNG024_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ཀུན་ཡང་ཆམ་ལ་འབེབས། །མ་མོ་མ་མོ་མི་བགྱི་རུ། །ཐམས་ཅད་འབྱུང་བ་མ་མོས་བྱས། །ཆོས་ཀྱི་དབྱིངས་དང་དབྱེར་མེད་ཅིང་། །སྐུ་ནི་མཐིང་ནག་ཆེན་མོ་ལ། །ཐུགས་ནི་མ་གཡོས་དཀྱིལ་མོ་ཆེ། །སྣ་ཚོགས་འཇའ་གུར་ལྡི་རི་རི། །བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །འཇིག་རྟེན་རྔམ་པའི་སྒྲ་བྱུང་བས། །སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན། །ལོ་གསར་གཉན་པོའི་ཚེས་གཅིག་ལ། །རྒྱལ་མོ་སྐུ་བཞེངས་ཤིག །ཕྱག་ན་མི་དྲེ་མི་སྲང་ཆེན་པོ་བསྣམས། །མི་བརྒྱ་ཁྲམ་ལ་ཐོབ་ལ་རྟ་བརྒྱ་སྲང་ལ་འཇལ། །མདོས་བདག་ཆེན་མོ་མདོས་ལོང་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །དབྱིངས་ཀྱི་རྒྱལ་མོར་གཤེགས་སུ་གསོལ། །དབྱར་གྱི་རྒྱལ་མོ་མཛད་པའི་ཚེ། །མེ་ཏོག་ཀུན་གྱི་མདངས་འཕྲོག་མ། །སྟོན་གྱི་རྒྱལ་མོ་མཛད་པའི་ཚེ། །ལོ་ཏོག་སྣར་མོའི་བཅུད་འབྱིན་མ། །དགུན་གྱི་རྒྱལ་མོ་མཛད་པའི་ཚེ། །སྒྲུབ་པ་པོ་ཡི་གྲོགས་མཛད་མ། །རྒྱལ་མོ་ལྔ་བཅུ་རྩ་ལྔའི་གཙོ་མོ་ཁྱོད། །མདོས་བདག་ལགས་ཀྱི་མདོས་ལོང་ལ། །གླུད་བདག་ལགས་ཀྱི་གླུད་བཞེས་ཤིག །རྒྱལ་མོ་བཅུ་གསུམ་ཁྱེད་རྣམས་ཀྱིས། །མདོས་འདི་ཕར་སོང་སླར་མ་བཟློག །འདི་ལ་ཕྱ་དང་གཡང་མ་འབྲོས། །ཞེས་སྲིང་མོ་བཞི་ནི་སྒོ་བ་སྟེ། །ཤར་གྱི་དཀར་མོ་སྤྱན་གསུམ་མཆེ་བ་ཅན། །སྲིང་མོ་རྡོ་རྗེ་མདོས་ལོང་ལ། །མིང་པོ་རྣལ་འབྱོར་མདོས་གཏོང་ངོ་། །ལྷོ་ཡི་ནག་མོ་སྤྱན་གསུམ་མཆེ་བ་ཅན། །མིང་པོ་རྣལ་འབྱོར་མདོས་གཏོང་གིས། །སྲིང་མོ་རྡོ་རྗེ་མདོས་ལོངས་ཤིག །ནུབ་ཀྱི་དམར་མོ་སྤྱན་གསུམ་མཆེ་བ་ཅན། །མིང་པོ་རྡོ་རྗེའི་མདོས་གཏོང་གིས། །སྲིང་མོ་རྡོ་རྗེའི་མདོས་ལོངས་ཤིག །བྱང་གི་སྔོན་མོ་སྤྱན་གསུམ་རྣལ་འབྱོར་མིང་པོས་མདོས་གཏོང་ངོ་། །སྲིང་མོ་རྡོ་རྗེ་མདོས་ལོངས་ཤིག །སྒོ་བའི་ལས་སུ་སྒོ་ཕྱེ་ལ། །འཕྲང་བའི་ལས་སུ་འཕྲང་སོལ་ཅིག །མདོས་ཆ་གཅིག་རི་གསུམ་རྩེ་ལ་བསྐྱལ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རི་བོ་བས་ཀྱང་ལྷུན་སྡུག་པ། །བཀྲ་ཤིས་དམ་པའི་མཆོག་


DNG024_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །མདོས་ཆ་གཅིག་གཙང་ཆབ་གཞུང་ལ་བསྐྱལ། །མི་མཐའ་ཆུ་ཡི་རྒྱུན་བཞིན་འགྱུར། །ཆ་གཅིག་ལུང་གསུམ་གྱི་མདོ་རུ་བསྐྱལ། །ལོངས་སྤྱོད་ཚོགས་རྣམས་འདུ་གྱུར་ཅིག །ཅེས་མདོས་བདག་བསྐྱལ་ཚེ་འགུགས་ཁྲག་གི་ཕོར་བུ་ཟོར་བདག་བཞི་ལ་བསྐུལ་ལ་ཟོར་དུ་འཕང་ངོ་། །མ་མོ་སྲིད་པའི་བེམ་ལས། རྒྱལ་མོ་བཅུ་གསུམ་གྱི་མདོས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མའོ་འཇིག་རྟེན་སྟོབས་ཀྱི་ལྷ། །སྣ་ཚོགས་སྡིགས་པའི་ལྟས་ངན་ཇི་ལྟར་བཟློག །སྡིགས་པའི་ལྟས་ངན་གང་ལ་བགྱི། །ཞེས་གསོལ་པས། འདི་སྐད་ཅེས་བཀའ་སྩལ་པ། ཉོན་ཅིག་ཁྱོད་ཀྱིས་དྲི་བ་ལེགས། །འཁོར་བ་དུས་ཀྱི་ཆ་འདི་ལ། །དུས་ཀྱི་ལྟས་ངན་མི་ལ་བབ། །འུག་པ་མཁར་ལ་ཚང་བཅས་དང་། །སྲོད་ལ་བྱ་སྐད་སྒྲོགས་པ་ནི། །མ་བདུད་བྱ་སྨན་ལས་ངན་ཡིན། །སྲིན་བྱ་རོ་བྱུང་ཟེར་བ་དང་། །ལྷ་བྱ་གོང་མོ་ཁྱིམ་དུ་ཞུགས་པ་ནི། །སྨན་དང་འགོང་པོའི་ལྟས་ངན་ཡིན། །བྱ་རྒོད་མཁའ་ལ་སྡེར་འཛིངས་པ། །ཡ་བདུད་རྒྱལ་པོའི་ལྟས་ངན་ཡིན། །ཡུགས་ས་ཕོ་མོའི་སྡེར་འཛིངས་པ། །འབྲོག་སྲིན་སྤུན་བདུན་ལྟས་ངན་ཡིན། །རྟ་གཡག་མཚེ་མ་བྱུང་བ་ནི། །བྱི་བ་འགོང་པོའི་ལྟས་ངན་ཡིན། །མགོ་རྐུབ་ལོག་པའི་སེམས་ཅན་ཡང་། །དེ་ཡང་བྱི་བ་འགོང་པོའི་ལྟས་ངན་ཡིན། །མིང་སྲིང་བསྣོལ་དང་བག་ཤོར་བ། །དམ་སྲི་ནག་མོའི་ལྟས་ངན་ཡིན། །གླང་པོ་ཆེ་ཡི་མཆེ་འཛིངས་པ། །བྲག་བཙན་རྒྱལ་པོའི་ལྟས་ངན་ཡིན། །ཤ་ཕོ་རྭ་འཛིངས་བདུད་ཀྱི་ལྟས་ངན་ཡིན། །མི་དང་བྱོལ་སོང་བསླད་པ་ནི། །གནམ་སྨན་མཆེད་བདུན་ལྟས་ངན་ཡིན། །སྦལ་པ་ཁྱིམ་དུ་ཚང་བཅས་སྐྲོག་སྒྲ་འདོན་པ་ནི། །ས་བདག་བཞི་ཡི་ལྟས་ངན་ཡིན། །སྦྲུལ་གྱི་གཤོག་སྒྲ་འཕུར་བ་མཐོང་། །བྱོལ་སོང་ཀླུ་ཡི་ལྟས་ངན་ཡིན། །སྲེ་མོང་བྱི་རོ་སྔོན་དུ་བསྐྱུར། །མ་བདུད་རྒྱལ་མོའི་ལྟས་ངན་ཡིན། །བྱ་རོག་འུག་པ་དེད་ནས་ཁྱིམ་དུ་བབ། །ལི་བྱིན་ཧར་གྱི་ལྟས་ངན་ཡིན། །བུད་མེད་ལུས་མི་བདེ་གྱུར་ལ། །ལུས་ལས་བུ་ནི་མི་བཙའ་བར། །སྦུབས་དང་ཆུ་རུ་བྱུང་བ་ནི། །ལི་བྱིན་ཧར་གྱི་ལྟས་ངན་ཡིན། །དེ་ལ་ཟློག་


DNG024_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཇི་ལྟར་བགྱི། །འཇིག་རྟེན་སྟོབས་ལྡན་བཀའ་སྩོལ་ཅིག །ཉོན་ཅིག་འཇིག་རྟེན་སྟོབས་ཀྱི་ལྷ། །མི་དང་བྱོལ་སོང་བསླད་པ་ནི། །འབྲུ་བྱ་དཀར་མོ་མཆེ་དམར་བདུན། །ལུག་དཀར་མོ་བདུན། ཁྱི་དཀར་མོ་བདུན། དངོས་སུ་མེད་ཀྱང་ཤེལ་མིག་གཅིག་ལ་དར་སྣ་ཚོགས་བརྒྱན་ནས། དར་སེར་པོས་མགུལ་ནས་བཏགས་ལ། དེ་མན་ཆད་དུ་ལུག་མིག་དམར་གྱིས་སྣ་དྲངས་ལ་བཤིབ། དར་དཀར་གྱི་ཉག་སྟེང་ན་མར་བརྐྱང་ལ་བཞག་གོ། །ངོས་གཅིག་ན་མར་བྱ་བཤིབས་ལ་དེ་ཡང་དར་དཀར་གྱི་ཉག་བརྐྱང་ལ་གཞག་གོ། །གླིང་བཞི་བཅའ་ནས་དེ་རུ་སྨན་བཤོས་བཞི་ཡང་བདུན་བྱས་ལ་རི་རབ་ཀྱི་སྟེང་དུ་བཞག །དེའི་སྟེང་དུ་བཙུན་མོ་གོ་ཟུ་ཅན་བདུན་བྱས་ལ་བཞག་གོ། །ངར་ཕྱེ་ལ་ཤ་བ་ཡུ་མོ་བདུན་བྱས་ལ་དར་དམར་པོས་བརྒྱན། ནམ་མཁའ་དཀར་མོ་གཡུའི་གོང་ཆུང་ཅན་བདུན་ལ་རས་མ་དཀར་མོ་དང་། གོང་མོའི་སྒྲོ་དང་སྣ་ཚོགས་ཀྱིས་བརྒྱན་ནོ། །འབྲང་བདུན་ལ་གསེར་གཡུའི་མོང་ལོ་ཅན་སྣ་ཚོགས་ཀྱིས་བརྒྱན་པ་གཟུག་གོ། །དེ་ནས་ཡས་སྟགས་རུ་ལ་སྟོན་ལ། སྤོས་དང་མེ་དང་འབྲང་རྒྱས་བདུན་དང་། ཕུད་གཙང་མས་རིན་པོ་ཆེའི་སྣོད་བལྟམས་ལ་བཞག །མངའ་བྱ་རྒོད་མ་ལ་དར་དཀར་གྱི་སྒྲེའུ་བཏགས་ལ་བུ་མོ་གཙང་མས་གཡོབ་ཏུ་གཞུག་གོ། །ལག་པ་གཡོན་དུ་མེ་ལོང་བསྐུར། སྤོས་ཆུས་བུ་མོའི་ལུས་བཀྲུ། རས་གཙང་མའམ་ཕྱིང་བ་གཙང་མ་ལ་གསེར་གཡུས་ཕྲག་པ་གཡས་གཡོན་བརྒྱན་ལ་བཀོན་ནོ། །དེ་ན་གྱེར་གཟུགས་ཟིན་ཙམ་ན་ཕུད་གཏོར། བྱ་ལུག་དང་ཡས་སྟགས་གཡའ་རི་དང་གངས་རི་ལ་བསྐྱལ་ལོ། །ཧཱུཾ་ནམ་མཁའ་ཁམས་ཀྱི་དཀྱིལ་འཁོར་ནས། །གནམ་སྨན་དཀར་མོ་རྡོ་རྗེ་ཡང་དག་གསལ། །གནམ་སྨན་མཆེད་བདུན་སྤྱན་འདྲེན་ནོ། །དར་དཀར་སླེའུས་གཡབ་འདོར་རོ། །དྲི་ཞིམ་སྤོས་ཀྱི་ན་བུན་གཏིབས། །གསལ་བའི་མེ་ལོང་མདའ་བཟང་བྱ་རྒོད་རྟེན། །རིན་ཆེན་མདོས་མཆོག་འདི་ལ་སྤྱན་འདྲེན་ན། །གནམ་སྨན་མཆེད་བདུན་གཤེགས་སུ་གསོལ། །གནམ་སྨན་དཀར་མོ་རྡོ་རྗེ་ཡང་དག་དཔལ། །སྐུ་ནི་འོད་ཆགས་ལྡེམ་པ་ལ། །ན་བཟའ་


DNG024_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་དཀར་གོ་ཟུ་གསོལ། །མཐའ་མ་གསེར་གྱི་ཁ་ཆག་ཅན། །ཉི་ཟླ་མཛེས་པའི་གོ་མཚོན་ཅན། །དབུ་ལ་གཡུ་ཡི་གོ་ལྕོག་གསོལ། །ཆིབས་སུ་སྨན་ཤ་ཡུ་ཆུང་ཆིབས། །གསེར་གྱི་སྒ་སྲབ་སི་ལི་ལི། །གཡུ་མཐུར་སྔོན་མོ་དྲེངས་སེ་དྲེང་། །རོལ་དུ་ཁྲུང་ཁྲུང་དཀར་མོ་ཁྲིད། །མདོས་བདག་ལགས་ཀྱི་མདོས་ལོང་ལ། །ཐུགས་ནད་སངས་ལ་བཀའ་ཆད་བྲི། །བྱ་སྐད་སྙན་ཏེ་ཏོངས་སོ་ཏོང་། །ལུག་དཀར་མིག་དམར་འབའ་དང་དི་རི་རི། །ཁྱི་དཀར་ཤེལ་མིག་འདུར་དང་ཞུངས་སེ་ཞུང་། །སྨན་ཤ་ཡུ་ཆུང་ཡང་དཀྱུས་དང་དྲེངས་སེ་དྲེང་། །དར་དཀར་ཉག་ཐག་ཀྱང་སྐུ་ལ་རིང་གིས་འཆར། །རྣལ་འབྱོར་བདག་གིས་བརྟེན་ཅིང་ཁྱོད་མཆོད་དོ། །སྲིང་མོ་དམ་ལས་ནི་མ་འདའ་ཞིག །དེའི་ནི་གཅུང་མོ་བ། །དམ་ཚིག་ནི་གཡུ་སྒྲོན་མ། །ཕྲ་མེན་ནི་མཛེས་པའི་སྐུ། །དབུ་ལ་དར་དཀར་གྱི་ལྡིང་ཞུ་གསོལ། མུ་ཏིག་མཛེས་པའི་ལྗང་ཚར་ཅན། །སྐུ་ལ་ཕྲ་མེན་གྱི་གོ་ཟུ་གསོལ། །སྐུ་སྟོད་གཡུའི་ན་བུན་ནི་ཐུ་ལུ་ལུ། །ཕྲ་མེན་མཛེས་པའི་གོང་ལག་ཅན། །ཆིབས་སུ་ཁྲུང་ཁྲུང་དཀར་མོ་བཅིབས། །རོལ་དུ་སྨན་ཤ་ཡུ་ཆུང་ཁྲིད། །གཡས་ན་ཕྲ་མེན་འཕྲུལ་གྱི་གའུ་བསྣམས། །གཡོན་ན་དངུལ་དཀར་གྱི་མེ་ལོང་བསྣམས། །མུ་ཏིག་ཁུ་འཕང་ཡང་ཤ་ར་ར། །ནོར་བུ་གོང་སྲེག་ནི་མང་པོ་བསྲེལ། །སྨན་མཁར་རྩེ་ལ་ན་བུན་འཐུལ། །གཟེད་མོ་གྲོང་བདུན་ནི་འཁོར་དུ་འཁོལ། །མི་མཐུན་ལྟས་ངན་ཡང་སླར་ལ་ཟློག །མདོས་བདག་ནི་མདོས་ལོང་ལ། །སྨྱོ་འབོག་ནང་ཁ་ཡང་སླར་ལ་ཟློག །བྱ་སྐད་གསུང་སྙན་ཡང་དི་རི་རི། །ཤ་དགོ་དཀྱུས་དང་ནི་དྲེངས་སེ་དྲེང་། །སྨན་ལུག་དཀར་མོ་ཡང་འབའ་དང་དི་རི་རི། །ནམ་མཁའ་མཐོ་ལྡིང་ཡང་། །བཀྲག་མདངས་སིགས་སེ་སིག །དུང་འཕང་མེ་ལོང་ཡང་། །མཛེས་པའི་ཆས་སུ་བསྩལ། །རྨ་བཟང་ཕོད་སྒྲོ་ཡང་ཟེར་དང་ཕྱུ་རུ་རུ། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །ཅེས་ཕུད་གཙང་གཏོང་ངོ་། །དེའི་གཅུང་མོ་ལ། །འོད་ཆགས་གཡུའི་རལ་གཅིག་མ། །སྐུ་ནི་རིན་ཆེན་ལྡེམ་པ་ལ། །རྨ་ལོ་མཛེས་པའི་ན་བཟའ་གསོལ། །


DNG024_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མུ་མེན་མཛེས་པའི་ཁ་ཆག་ཅན། །སྨན་ཤ་ཡུ་ཆུང་ནི་ཆིབས་སུ་བཅིབས། །རོལ་དུ་དགོ་བ་རུ་སྔོན་ཁྲིད། །གཡས་ན་ཤ་ཞགས་ཁྲ་བོ་བསྣམས། །གཡོན་ན་གཡུ་ཡི་ཁུ་བྱུག་བསྣམས། །གསུང་སྙན་ནི་ཏོངས་སེ་ཏོང་། །མདོས་བདག་ནི་མདོས་ལོངས་ལ། །གླུད་བདག་ནི་གླུད་བཞེས་ཤིག །མི་ལ་ནི་ཐན་མ་ཐོ། །བྱ་ལ་ནི་སྙི་མ་འདོགས། །སྣ་ཚོགས་ནི་སྡིག་ལ་ཟློག །དེའི་ནི་གཅུང་མོ་བ། །པརྞ་ཤ་བ་རི། །སྐུ་ལ་ནི་ཅི་གསོལ་ན། །བཙོ་མ་གསེར་གྱི་ནི་གོ་ཟུ་ལ། །ཕྲ་མེན་མཛེས་པའི་ཁ་ཆག་ཅན། །ཆིབས་སུ་སྨན་ཤ་ནི་ཡུ་ཆུང་བཅིབས། །རོལ་དུ་སྙན་པོ་ནི་རུ་སྒོར་ཁྲིད། །ཕྱག་ན་ཕྲ་མེན་ནི་བུམ་པ་བསྣམས། །གཡོན་ན་གསེར་གྱི་ནི་ཟོར་ཟོ་བ་ཡང་བ་བསྣམས། །ནད་དུ་སྨྱོ་ནད་ནི་གཟེར་བ་གཏོང་། །གསུང་སྙན་བྱ་སྐད་ཀྱང་ཏོངས་སེ་ཏོང་། །དམུ་ལུག་འབའ་སྐད་ནི་དི་རི་རི། །ལོགས་ལ་ཤ་དགོ་དག་ཀྱང་དྲེངས་སེ་དྲེང་། །དྲི་ཞིམ་སྤོས་ཀྱི་ན་བུན་ཀྱང་ཐུ་ལུ་ཐུ། །ནམ་མཁའ་མཐོ་ལྡིང་ཡང་བཀྲ་དང་སིགས་སེ་སིག །མོ་འཕང་དུང་དཀར་ཡང་ནི་སི་ལི་ལི། །མདའ་བཟང་བུ་རྒོད་ཀྱང་མཁའ་ལ་ལྡེམས་སེ་ལྡེམ། །སྨན་མཁར་སྟོད་ན་གཡུ་ཡི་ན་བུན་འཐུལ། །མདོས་བདག་ནི་མདོས་བཞེས་ལ། །གླུད་བདག་ནི་གླུད་བཞེས་ཤིག །ཅེས་ཕུད་གཏོང་ངོ་། །དེ་ཡི་གཅུང་མོ་བ། །གཡུའི་ཐོད་གདེངས་ཅན། །སྐུ་ནི་རིན་ཆེན་འབར་བ་ལ། །སྐུ་ལ་མེན་དཀར་གྱི་གོ་ཟུ་གསོལ། །རྨ་ཚོ་གཡུའི་ནི་གོང་ལག་ཅན། །དབུ་ལ་གཡུ་ཡི་གོ་ལྕོག་གསོལ། །ཆིབས་སུ་ཁྱུང་ཆེན་དར་མ་བཅིབས། །སྐུ་ལ་རང་ལ་ལྕགས་ཀྱིས་བསྐྱོད། །རྒྱ་ལོང་མཛེས་པའི་མུ་མེན་ཅན། །གཡས་ན་ཤེལ་གྱི་བྱ་ཁྲ་བསྣམས། །གཡོན་ན་གཡུའི་སེང་གེ་བསྣམས། །འོད་དང་ནི་འཇའ་ཚོན་རིས། །ལྷ་བྱ་ནི་གོང་མོ་ཡང་། །སྐད་གདངས་ནི་ཏོངས་སེ་ཏོང་། །བྱ་བཟང་ནི་གར་བྱུང་ཡང་། །མཁར་གྱི་ནི་རྩེ་ལ་ལྡིང་། །རྨུ་སྨན་ནི་མཆེད་ཀྱིས་བསྐོར། །ཐགས་བཟང་ལུག་དཀར་ལ། །མང་ཁྱུ་དང་མེ་རེ་རེ། །དྲི་བསུང་སྤོས་ཀྱི་ན་བུན་ཐུ་ལུ་ལུ། །དར་དཀར་ཉག་བརྐྱང་ཡང་། །འོད་དང་དྲེངས་སེ་དྲེང་། །སྨན་


DNG024_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་གཤེགས་ཀྱི་ཤུལ། །དར་དཀར་གྱི་སླེའུ་ཆེན་ཡང་། །སྨན་ཕྲན་བཞུགས་ཀྱི་གུར། །མདོས་བདག་ནི་མདོས་བཞེས་ཤིག །གླུད་བདག་ནི་གླུད་བཞེས་ཤིག །ཅེས་ཕུད་གཏོང་ངོ་། །དེའི་གཅུང་མོ་བ། །ནམ་མཁའི་ཁམས་ཀྱི་བོ་དེ་མ། །སྐུ་ལ་ནི་ཅི་གསོལ་ན། །བྱ་རྒོད་པོའི་ཐུལ་པ་གསོལ། །ཆིབས་སུ་ནི་ཅི་བཅིབས་ན། །སེང་གེ་ནི་དཀར་མོ་བཅིབས། །རོལ་དུ་ནི་གཡུ་ཡི་བྱ་ཁྲ་ཁྲིད། །ཕྱག་ན་བྱ་རྒོད་ལྡེམ་བུ་བསྣམས། །སྨན་ཕྲན་ནི་འབུམ་དང་བཅས། །མདོས་བདག་ནི་མདོས་བཞེས་ཤིག །གླུད་བདག་ནི་གླུད་བཞེས་ཤིག །དེའི་ནི་གཅུང་མོ་བ། །ནམ་མཁའ་ཁམས་ཀྱི་དཔལ་མོ་བཙན། །སྐུ་ལ་དར་དཀར་སླག་པ་གསོལ། །བ་ཏི་སྨུག་པོའི་ཤམ་བུ་གདགས། །ཕྱག་ན་གསེར་གྱི་ཟངས་གྲི་བསྣམས། །གཡོན་ན་བ་དན་དཀར་པོ་བསྣམས། །ཆིབས་སུ་དགུ་ཚིགས་སྐྱ་མོ་བཅིབས། །སྐར་མ་མདའ་རུ་འཕེན་པའི་རྩལ་མོ་ཆེ། །འཁོར་དུ་སྨན་ཕྲན་འབུམ་གྱིས་བསྐོར། །མདོས་བདག་ནི་མདོས་བཞེས་ཤིག །གླུད་བདག་ནི་གླུད་བཞེས་ཤིག །ཅེས་རི་གསུམ་རྩེ་ལ་བསྐྱལ་ལོ། །བྱོལ་བཟློག་པ་དང་། ཉམས་ལྕི་བ་དང་། སྨྱོ་འབོག་དང་། བརྒྱལ་བུ་དང་། དམུ་རྡོས་ཕོག་པ་དང་། གླུ་བྲོ་རྩེ་ཞིང་སྨྱོ་བ་དང་། སྙིང་མི་དགའ་ཞིང་མི་གསེབ་ཏུ་འགྲོ་སྙིང་མི་འདོད་པ་དག་ལ་འདིའི་ཕན་པ་དང་བདེ་བར་འགྱུར་རོ། །སྦལ་པ་ཚང་འཆས་ནས་བདག་གི་ཡོ་བཅོས་བྱ། ཀླུ་ལ་ཀླུའི་མདོས་ཀྱིས་བཅོས་བྱ། རྒྱལ་པོ་འགོང་པོ་སྤུན་དགུ་བཟློག །དཀར་པོ་བཅུ་གསུམ་རབ། ཤིན་ཏུ་སྨྱོ་འབོག་ལ་ཕན་ནོ། །མ་བདུད་ཀྱི་ལྟས་ངན་རྒྱལ་མོ་བཅུ་གསུམ་མདོས་ཀྱིས་བཟློག །སྨན་དང་འགོང་པོའི་མཚན་ངན་ལ་ཕོ་མདོས་མོ་མདོས་རྒྱས་པར་བྱ། ཡ་བདུད་ཀྱི་བདུད་ཞལ་བསྒྱུར་བྱ། ཡུགས་ས་ཕོ་མོའི་མཚན་ངན་ལ་གླིང་བཞི་ཁ་ལྔའི་མདོས་ཀྱིས་བཟློག །ཕྱུགས་ནད་ཐམས་ཅད་དེ་ཡིས་བཟློག །བྱིང་བ་འགོང་པོའི་མཚན་ངན་ལ། །སྲིད་པའི་རྒྱལ་མོའི་སྒོས་མདོས་བྱ། །དམ་སྲི་ནག་མོའི་མཚན་ངན་ལ། །ལྷ་མོ་ལྕགས་ཁང་མདོས་ཀྱིས་བཟློག །བྲག་བཙན་དམར་པོའི་མཚན་ངན་ལ། །རྒྱལ་པོ་འགོང་པོ་སྤུན་དགུའི་མདོས་ཀྱིས་བཟློག །ཤིན་ཏུ་ཡམ་ཤུད་དམར་པོ་བཅོས། །


DNG024_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་པོ་བདུད་ཀྱི་མཚན་ངན་ལ། །ལྕགས་མདའ་བཅུ་གསུམ་མདོས་ཀྱིས་བཟློག །སྲེ་མོ་མ་བདུད་རྒྱལ་མོའི་མཚན་ངན་ལ། །མདའ་བཞི་སྒྱོགས་བཞིའི་མདོས་ཀྱིས་བཟློག །བྱ་རོག་ལི་བྱིན་ཧར་གྱི་མཚན་ངན་ལ། །དེ་ཡང་ཡུལ་མཁར་མདོས་ཀྱིས་བཟློག །དེ་ཡང་བྷྱོ་བཟློག་མདོས་ཀྱིས་ཀུན་ཀྱང་བཟློག །ཅེས་གསུངས་སོ། །མ་མོ་སྲིད་ པའི་བེམ་ལས། ལྟས་ངན་བཟློག་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །མདའ་བཞི་སྒྱོགས་བཞི་ཇི་ལྟར་བཅའ། །ཟོར་ཁ་ཆེན་པོ་ཇི་ལྟར་བཟློག །ཅེས་གསོལ་ཏོ། །ཡང་བཀའ་སྩལ་པ། ཉོན་ཅིག་གནོད་འདུལ་གཡུང་དྲུང་ལྷ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་ལ། །སྒོ་བཞི་སྒོ་རྣམས་ལྡན་པར་བྲི། །དེ་ནས་མདའ་བཞི་མེ་ལོང་བཞི། །དར་སྣ་ལྡན་པར་འཁོར་ལོ་བཞི་ལ་གཟུག །འུག་པ་ཕོ་རོག་ཁྲ་དང་སྲིན་བྱ་བཞི། །མཁས་པས་སྒྲོ་ནི་བསྐྱོན་པར་བྱ། །མདེའུ་སྐྱེར་པའི་ཟུར་གསུམ་གཞུག །དེ་ཡང་ཕོ་རོག་བྱང་ལ་འུག་པ་ཤར། །ཁྲ་ནི་ལྷོ་ལ་སྲིན་བྱ་ནུབ། །ཁྲག་སྣའི་ཕོར་བུ་ཕྱོགས་བཞིར་བཞག །ཁྱི་རྒྱ་བོའི་སྙིང་ཁྲག །གླང་རོག་པོའི་སྙིང་ཁྲག །ས་བདག་རྒྱལ་པོའི་སྙིང་ཁྲག །བུད་མེད་ཀྱི་དུས་ཁྲག་དེ་རྣམས་མེད་དུ་མི་རུང་ངོ་། །གཞན་ཡང་ཁྲག་སྣ་ཡོད་ཚད་བླུགས་སོ། །གླང་གི་ཁྲག་བྱང་། ཤར་དུ་ས་བདག་རྒྱལ་པོའི་ཁྲག །ལྷོ་རུ་ཁྱི་ཁྲག །ནུབ་ཏུ་དུས་ཁྲག །དེ་བཞིན་ལྕང་ལོ་མཚན་ལྡན་དུ། །ཕུད་གཙང་སྨན་དང་སྦྱར་ལ་བཞག །ངར་གླུད་འཛུབ་གང་ཚད་དུ་བྱ། །བཙུན་མོ་བཞི་ཡི་ཆས་སུ་གཞུག །ནམ་མཁའ་ཁོང་ཁྲ་འཇའ་རིས་ནི། །ཁོང་གིས་བསྒྱུར་ལ་རྨ་བྱའི་སྒྲོ་ཡིས་བརྒྱན། །དེ་བཞིན་ཕུང་བྱེད་བཞི་ལ་དབུལ། །ལྷ་ཡི་ཆོ་ག་གཞུང་ཡང་བསྲང་། །ནམ་སྟོད་ལྷ་འཛབ་དབུལ་བར་བྱ། །ནམ་སྨད་མ་མོའི་བསྙེན་པ་དབུལ། །ཞག་གསུམ་བར་དུ་བསྙེན་པ་དབུལ། །སྔགས་འདི་ནི་བཞི་སྙིང་གཅིག་ཏུ་དྲིལ་བའོ། །ཏྲག་རཀྴ་མུ་ཏྲ་མ་མ་སྙིང་ཁ་རག་མ་མ་ཏྲག་རཀྴ་


DNG024_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་རཀྴ། རག་མོ་སྙིང་ཁྲག་ལ་མ་དུན་དུན། ཏྲག་རཀྴ་སྙིང་མ་སྙིང་ཧེ་ཀེཾ་མ་མ་རུ་ལུ་རུ་ལུ་བྷྱོ། དེ་ནས་མ་བཞི་བུ་མོ་བཞི་ལ་བསྟོད་ནས་ཚེ་འགུགས། དེ་ནས་ཕྱོགས་བཞིར་མཚན་ངན་དང་ཟོར་ཁ་ཟློག །ཁྲག་གི་ཕོར་བུ་རེ་རེ་དང་མདའ་རེ་རེ་བསྒྲགས་ལ། མདེའུ་དམར་ཁམ་མེ་བྱས་ལ་ཟོར་བདག་བཞི་ལ་བསྐུར་བཏང་ངོ་། །མ་བཞི་བུ་མོ་བཞི་གཞན་དང་མཐུན། མདའ་དང་མེ་ལོང་དང་དར་སྣ་དང་ཆས་པ་ན་ཚེ་གཡང་དགུག་པའོ། །དང་པོ་འཁོར་ལོ་ལ་འཇུག་ཙམ་ན་མ་བཞིར་བསྐྱེད་པས། སྔགས་བཟླས་ཤིང་མཆོད་ལ་དབང་བསྐུར་རོ། །ཚེ་བླན། མཎྜལ་བསྡུ། ཟོར་བདག་མོའི་བསྐུལ་ཐུན། ད་ནི་མདའ་འཕེན་སུ་ལ་འཕེན། །ད་ནི་སྒྱོགས་འཕེན་སུ་ལ་འཕེན། །ཉི་མ་ཤར་ཕྱོགས་ཕ་ཀི་ནས། །མཚན་ངན་འུག་པ་གད་མོ་དགོད། །དུར་བྱ་སྲིན་བྱས་རོ་བྱུང་ཟེར། །ཐོ་རངས་སྒོ་ཁྱི་ངུ་ཞིང་ཟུག །སྲེ་མོས་བྱི་རོ་འཕང་དུ་སྐྱུར། །ད་ནི་མདའ་འཕེན་དེ་རུ་འཕེན། །ད་ནི་སྒྱོགས་བརྡེག་དེ་རུ་བརྡེག །སྟེང་གི་ལྷ་ལ་མི་བརྡེག་གོ། །འོག་གི་ཀླུ་ལ་མི་བརྡེག་གོ། །བར་སྣང་ལྷ་ལ་མི་བརྡེག་གོ། །བར་སྣང་ལྷ་ཡིས་ཤུལ་མཚོན་ཅིག །བླ་ཡི་བུ་ལ་མི་འཕེན་ནོ། །འོག་གི་ནུ་ལ་མི་འཕེན་ནོ། །བུ་དང་ཆུང་མ་ནོར་གྱི་དབྱིག་ལ་མི་འཕེན་ནོ། །འུག་པ་གད་མོ་དགོད་ཅིང་སྲིན་བྱས་རོ་བྱུང་ཟེར། །སྒོ་ནས་ཁྱི་ངུ་སྲེ་མོང་བྱི་རོ་བསྐྱུར། །ཉི་མ་ཤར་ཕྱོགས་ཕ་ཀིར་འཕེན། །ཤར་ཕྱོགས་རྒྱལ་ཆེན་བཀའ་བསྒྱུར་ལ། །རྨིས་ལྟས་མཚན་ངན་སླར་ལ་ཟློག །ཟོར་ཁ་ཟློག་ལ་སྒྱོགས་ཁ་སྒྱུར། །ཤར་ནས་གཟའ་ཡི་བུ་མོ་དན་ཏིང་ཤགས། །སྒྱོགས་ཁ་སྒྱུར་ལ་ཟོར་ཁ་ཟློག །བསྟན་པ་འཇིག་པ་དེ་ལ་ཟློག །ཟོར་ཁ་མདའ་ཡི་རྩེ་ལ་ལོངས། །ཁྲག་ཟོར་དམར་པོ་དགྲ་ལ་སྒྱུར། །ཁྲག་ནད་རྒྱུ་གཟེར་དགྲ་ལ་ཐོང་། །ད་ནི་མདའ་འཕེན་གང་དུ་འཕེན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ནས། །འུག་པ་གད་མོ་དགོད་ཅིང་སྲིན་བྱས་རོ་བྱུང་ཟེར། །སྲེ་མོང་བྱི་རོ་འཕང་དུ་བསྐྱུར། །ཐོ་རངས་ཁྱི་ངུ་དེ་ན་ངུ་། །ཤེས་རབ་ཐབས་ཀྱི་གཞུ་བདུངས་ནས། །ཡེ་ཤེས་ཐབས་ཀྱི་མདའ་འཕེན་གྱིས། །ཟོར་ཁ་ཟློག་ལ་སྒྱོགས་ཁ་སྒྱུར། །


DNG024_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཟོར་དམར་པོ་དགྲ་ལ་རྒྱོབ། །ལྷོ་ཕྱོགས་རྒྱལ་ཆེན་བཀའ་སྒྱུར་ལ། །མདའ་ནི་ཟོར་ཁ་དགྲ་ལ་ཟློག །སྒྱོགས་ཀྱི་ཁ་ལ་དལ་ཁ་བྷྱོ། །ཉི་མ་ལྷོ་ཕྱོགས་ཕ་ཀི་ནས། །བཙན་གྱི་བུ་མོ་ཁ་ལ་མེ་འབར་ལྕེ་དགུ་མ། །སྒྱོགས་ཁ་བསྒྱུར་ལ་ཟོར་ཁ་ཟློག །བསྟན་པ་འཇིག་པ་དེ་ལ་ཟློག །དམ་ཉམས་དགྲ་བོའི་སྙིང་ལ་རྒྱོབ། །ཁྲག་ཟོར་དམར་པོ་དགྲ་ལ་རྒྱོབ། །ལས་ཀྱི་ཐུན་གཅིག་དབབ་ཏུ་གསོལ། །ད་ནི་མདའ་འཕེན་གང་དུ་འཕེན། །ད་ནི་སྒྱོགས་འཕེན་གང་དུ་འཕེན། །ཉི་མ་ནུབ་ཕྱོགས་ཕ་ཀི་ནས། །འུག་པ་གད་མོ་དགོད་ཅིང་སྲིན་བྱས་རོ་བྱུང་ཟེར། །ཐོ་རངས་སྒོ་ཁྱི་ངུ་ཞིང་སྲེ་མོང་བྱི་རོ་འཕང་དུ་བསྐྱུར། །ད་ནི་མདའ་འཕེན་དེ་རུ་འཕེན། །ད་ནི་སྒྱོགས་ཁ་དེ་རུ་སྒྱུར། །མདའ་ཡི་རྩེ་ལ་ཟོར་ཁ་སྒྱུར། །སྒྱོགས་ཀྱི་ཁ་ལ་དལ་ཁ་ཟློག །ཉི་མ་ནུབ་ཕྱོགས་ཕ་ཀི་ནས། །ཀླུ་ཡི་བུ་མོ་ཡིད་འོང་དགེ། །ཟོར་ཁ་བཟློག་ལ་སྒྱོགས་ཁ་སྒྱུར། །བསྟན་པ་འཇིག་པ་དེ་ལ་ཟློག །ཁྲག་ཟོར་དམར་པོ་དགྲ་ལ་རྒྱོབ། །ད་ནི་མདའ་འཕེན་གང་དུ་འཕེན། །ད་ནི་སྒྱོགས་འཕེན་དེ་རུ་འཕེན། །ཉི་མ་བྱང་ཕྱོགས་ཕ་ཀི་ནས། །འུག་པ་གད་མོ་དགོད་ཅིང་སྲིན་བྱས་རོ་བྱུང་ཟེར། །ཐོ་རངས་སྒོ་ཁྱི་ངུ་ཞིང་སྲེ་མོང་བྱི་རོ་འཕང་དུ་བསྐྱུར། །ད་ནི་མདའ་འཕེན་དེ་རུ་འཕེན། །ད་ནི་སྒྱོགས་འཕེན་དེ་རུ་འཕེན། །བྱང་ཕྱོགས་རྒྱལ་ཆེན་བཀའ་བསྒྱུར་མ། །ཟོར་ཁ་ཟློག་ལ་སྒྱོགས་ཁ་སྒྱུར། །ཉི་མ་བྱང་ཕྱོགས་ཕ་ཀི་ནས། །བདུད་ཀྱི་བུ་མོ་མིག་གཅིག་རྐང་འདེགས་མ། །ཟོར་ཁ་ཟློག་ལ་སྒྱོགས་ཁ་སྒྱུར། །བསྟན་པ་འཇིག་པ་དེ་ལ་ཟློག །ཁྲག་ཟོར་དམར་པོ་དགྲ་ལ་སྒྱུར། །མདེའུའི་ཁ་ལ་ཟོར་ཁ་ལོང་། །ཞེས་ཚེ་བླན་ནོ། །མ་མོ་སྲིད་པའི་བེམ་ལས། མདའ་བཞི་སྒྱོགས་བཞིའི་མདོས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །མཚོ་སྨན་མཆེད་ཀྱི་བསྐང་མདོས་ལ། །དེ་ཡི་མཐུན་རྫས་ཇི་ལྟར་བསོག །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །ཡང་བཀའ་སྩལ་པ། མཚོ་སྨན་མཆེད་ཀྱི་


DNG024_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་རྫས་ནི། །མངའ་རིས་ཤིང་རིས་མ་གསུངས་ཏེ། །དང་པོར་ནམ་མཁའ་བསོག་པར་བྱ། །གསེར་གྱི་ཁོང་ཆུང་བཏང་བ་ལ། །རག་མོ་གཡུ་ཡི་ཁ་ཆག་ཅན། །སྣ་ཚོགས་དར་དང་རྨ་བྱའི་སྒྲོ་ཡིས་བརྒྱན། །སྨུག་མོ་དབུ་ལྔའི་ཕྱག་ཏུ་དབུལ། །ནམ་མཁའ་སྔོན་པོ་གསེར་གྱི་ཁ་ཆག་ཅན། །མཐིང་ནག་དར་དང་རྨ་བྱའི་སྒྲོ་ཡིས་བརྒྱན། །མ་བཙུན་མཐིང་གི་ལྷ་མོའི་ཕྱག་ཏུ་དབུལ། །ནམ་མཁའ་དུང་གི་ཁོང་ཆུང་ལ། །གསེར་ལ་གཡུ་ཡི་ཁ་ཆག་ཅན། །དཀར་མོ་དབུ་དགུའི་ཕྱག་ཏུ་དབུལ། །ཁོང་པ་སྨུག་ལ་ཕྱི་རིམ་སེར། །གཡུ་ཡི་ཁ་ཆག་མཛེས་པར་བཏང་། །ཙ་མུན་ཏྲི་ཡི་ཕྱག་ཏུ་དབུལ། །ཁོང་པ་གཡུ་ལ་ཕྱི་རིམ་དམར། །གཡུ་ཡི་བྱེའུ་ཅན་ཕྱག་ཏུ་དབུལ། །ནམ་མཁའ་སྔོན་པོ་ཟང་ཡག་ལ། །དུང་གི་ཁ་ཆག་གཏམས་པ་ནི། །རྒྱ་མཚོ་གླིང་གི་དབང་མོ་ཆེ་ལ་དབུལ། །ཁོང་པ་དུང་ལ་ཕྱི་རིམ་དམར། །ཁ་ཆག་གཡུ་ལ་བྱས་པ་དེ། །རྨ་རི་རབ་འབྱམས་ཕྱག་ཏུ་དབུལ། །ཁོང་པ་གནག་ལ་ཕྱི་རིམ་དཀར། །ཁ་ཆག་གཡུ་ཡིས་བྱས་པ་ནི། །འོ་དེ་རིང་མོའི་ཕྱག་ཏུ་དབུལ། །ནམ་མཁའ་འཇའ་རིས་འོད་པོ་ཆེ། །སྲིད་པའི་རྒྱལ་མོའི་ཕྱག་ཏུ་དབུལ། །ཀུན་ཀྱང་དར་དང་རྨ་བྱའི་སྒྲོ་ཡིས་བརྒྱན། །མཚོ་སྨན་མཆེད་དགུའི་བསྐང་རྫས་ནི། །འཕང་སྔོན་དགུ་ལ་མཛེས་པའི་མེ་ལོང་སྩལ། །དར་གྱི་གོས་སྔོན་ཆས་སུ་གཞུག །བུ་རམ་མཚོ་དང་སྦྲང་གི་མཚོ། །མར་ནག་མཚོ་དང་རྩི་མར་མཚོ། །འོ་མའི་མཚོ་དང་ཁྲག་གི་མཚོ། །རྩི་སྨན་མཚོ་དང་ཆུ་མིག་མཚོ། །ལྟེང་ཀ་མཚོ་དང་འབབ་ཆུ་མཚོ། །བྱ་དགུའི་ཁ་དོག་འབང་དང་བསྟུན། །བུད་མེད་མཛེས་མ་དགུ་ཡི་གཟུགས། །མགོ་ལ་གསེར་གཡུ་མཛེས་པས་བརྒྱན། །མཐིང་ནག་དར་གྱི་གོ་ཟུ་བསྐོན། །གསལ་བའི་མར་མེ་དགུ་ཡང་བལྟམས། །གཏོར་མ་དགུ་ཡང་བཤམས་ནས་ནི། །སློབ་དཔོན་ཆས་སུ་ཞུགས་ནས་ཀྱང་། །རྟ་མགྲིན་རྒྱལ་པོར་བསྐྱེད་ནས་ཀྱང་། །མཚོ་སྨན་རྒྱལ་མོ་དགུ་ལ་གྱེར། །དེ་ནས་ཚེ་དགུག་གཡང་བླན་ལ། །བྱ་ཆུ་ཁའམ། ལུག་ཆུ་ཁ་མགོ་དར་གྱིས་གཏུམས་ལ། ཆུ་དབྱིངས་སུ་ཐ་མ་མཐིང་གི་


DNG024_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ལ་གཏད་དོ། །དེ་ཡང་འདི་སྐད་ཅེས་དབུལ་ལོ། །ཀྱེ་དོ་ནུབ་མདོས་གྱེར་རོ། །དོ་ནུབ་ནི་གླུད་འབུལ་ལོ། །གནམ་ཡང་ནི་མ་མནལ་ལ། །ས་ཡང་ནི་མ་གཟིམས་ཤིག །ལྷ་ཡང་མ་མནལ་ལ། །མི་ཡང་མ་གཟིམས་ཤིག །ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན། །མཚོ་མ་པང་དེ་ནི་མེ་རེ་རེ། །གསེར་གྱི་ཉ་སྦྲུལ་ཡང་ཤིགས་སེ་ཤིག །ཀླུ་བྱ་ཕོ་ཡང་དི་རི་རི། །གཉན་བྱ་མཆུ་སྔོན་སྐད་སྙན་ཏོངས་སེ་ཏོང་། །ངར་ངུར་ལྕམ་དྲལ་ཡང་དར་མ་དིར། །གནམ་སྔོ་ས་སྔོ་ཡང་སངས་སེ་སང་། །རྨ་བྱ་གར་བྱེད་ཀྱང་སྒ་ར་ར། །དེའི་ནི་གཉན་མོ་བ། །མ་བཙུན་མཐིང་གི་ལྷ་མོས་བྱས། །རྒྱ་མཚོ་ཆེན་པོའི་ནང་ཤེད་ན། །གཡུ་ཡི་སྦྲང་མ་བཀྲ་ལ་ལ། །དེའི་ནང་ཤེད་ན། གཡུ་མཁར་སྔོན་པོ་ཡང་ལྡེམས་སེ་ལྡེམ། །མཁར་སྟོད་གཡུ་ཡི་ན་བུན་འཐུལ། །མཁར་སྨད་གཡུའི་བུ་ཡུག་འཚུབ། །དེའི་ནང་ཤེད་ན། གསེར་གྱི་ཁྲི་ལ་གཡུའི་གདན་སྟེང་ན། །མ་བཙུན་མཐིང་གི་ལྷ་མོ་བཞུགས། །སྐུ་ལ་མཐིང་གི་བེར་ཆེན་གསོལ། །དབུ་ལ་དར་ཞུ་ནག་པོ་གསོལ། །ཆིབས་སུ་ཆུ་གླང་སྔོན་པོ་བཅིབས། །ཕྱག་ན་རྨ་བྱའི་རྒྱལ་མཚན་བསྣམས། །མཁྲིས་པ་ཤ་ཡའི་མངའ་བདག་མོ། །འཁོར་དུ་ཀླུ་སྨན་འབུམ་གྱིས་བསྐོར། །ཕོ་ཉར་ཆུ་ཚན་ཡང་བཅུ་བཙན་སྔོན་མོ་འགྱེད། །མདོས་བདག་ནི་མདོས་བཞེས་ལ། །གླུད་བདག་ནི་གླུད་ལོངས་ཤིག །གཡུ་མཚོ་སྔོན་མོ་ནི་མེ་རེ་རེ། དེའི་ནང་ཤེད་ན། གཡུ་མཁར་སྔོན་པོ་ནི་ལྡེམས་སེ་ལྡེམ། །དེའི་ནང་ཤེད་ན། མཁར་གྱི་བདག་མོ་ལ། ཀླུ་ཡི་ཕོ་མོ་འོད་དེ་རིང་མོས་བྱས། །སྐུ་ལ་སྦྲུལ་སྔོན་གྱི་སླག་པ་གསོལ། །དབུ་ལ་མཐིང་གི་གོ་ལྕོག་གསོལ། །ཕྱག་ན་རུས་སྦལ་ནག་པོའི་པར་བུ་བསྣམས། །གཡོན་ན་སྦྲུལ་ཞགས་ནི་ཁྲ་བོ་བསྣམས། །ཆིབས་སུ་རུས་སྦལ་ནག་པོ་བཅིབས། །མདོས་བདག་ནི་མདོས་བཞེས་ལ། །གླུད་བདག་ནི་གླུད་ལོངས་ཤིག །ས་བདག་ཀླུ་དང་ནི་མ་སྡོང་པར། །མིང་པོ་རྣལ་འབྱོར་གྱི་མངའ་བདག་རིང་འཁོར་དུ། །སྲིང་མོ་རྣལ་འབྱོར་དམ་མ་འདའ། །ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན། །ཡུལ་བས་ཀྱི་མ་མཐའ་ན། །ཆབ་བས་ཀྱི་མ་གཞུག་ན། །མཚོ་


DNG024_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དིང་དིང་གི་ནང་ཤེད་ན། །མཐིང་གུར་སྔོན་མོ་ནི་ལྡི་རི་རི། །གསེར་གྱི་རེ་ཐག་ནི་རྒྱངས་སེ་རྒྱང་། །གཡུ་ཡི་ཆོན་ཕུར་ནི་སི་ལི་ལི། །དེའི་ནི་ནང་ཤེད་ན། །ཁ་བདག་ཆེན་མོས་བྱ། །ཀླུ་ཡི་བུ་མོ་ཡིད་འོང་དག །སྐུ་ལ་ཉ་ལྕིབས་སྔོན་མོ་གསོལ། །སྦལ་ལྕོང་འབུམ་གྱི་ནི་ཁ་ཆག་ཅན། །ཆིབས་སུ་ཆུ་སྲིན་དར་མ་བཅིབས། །རོལ་དུ་སྦལ་པ་ནག་པོ་ཁྲིད། །མཛེ་ནད་ཤུ་བའི་མངའ་བདག་མོ། །ཕྱག་ན་སྦྲུལ་གྱི་རྒྱལ་མཚན་བསྣམས། །ཕོ་ཉ་ཆུ་བཙན་སྔོན་པོ་འགྱེད། །མདོས་བདག་ནི་མདོས་བཞེས་ལ། །གླུད་བདག་ནི་གླུད་བཞེས་ཤིག །མངའ་བདག་དེང་འཁོར་དུ། །མཚོ་སྨན་ནི་མཆེད་དགུ་ལ། །གླུད་འབུལ་ཁབ་འཇལ་ལོ། །མི་བས་གླུད་རེ་དགའ། །རྫས་བས་ཁབ་རེ་དྲོ། །རྒྱ་གར་ཡུལ་གྱི་ཚུ་རོལ་ན། །ཁ་ཆེ་ཡུལ་གྱི་ནི་ཕ་རོལ་ན། །གཟེ་བ་བེ་ཏའི་གླིང་ཤེད་ན། །མཛེ་ནད་བཅོ་བརྒྱད་གཏོང་བའི་མངའ་བདག་མོ། །ལྷ་མོ་གཡུ་ཡི་བྱེའུ་ཆུང་ཅན། །སྦྲུལ་མགོ་དགུ་ཡི་གོ་ཟུ་ཅན། །སྦལ་ལྕོང་འབུམ་གྱི་ཁ་ཆག་ཅན། །རྨ་བྱའི་ལ་ཚོམ་པུ་རུ་རུ། །ཀླུ་རྒྱལ་འབུམ་གྱི་ལྕམ་གཅིག་མ། །ཕྱག་ན་སྦྲུལ་གྱི་རྒྱལ་མཚན་བསྣམས། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །དུང་མཚོ་དཀར་མོའི་ནང་ཤེད་ན། །ཀླུ་འོད་ཟངས་ཀྱི་ལྕམ་གཅིག་མ། །སྐུ་ལ་དར་དཀར་གྱི་གོ་ཟུ་གསོལ། །དབུ་དགུའི་ཐོར་ཚུགས་ནི་གཅིག་ཏུ་བཅིངས། །ཆིབས་སུ་གསེར་སྦྲུལ་ནི་གཡུ་གཤོག་བཅིབས། །ཕྱག་ན་དུང་གི་རྒོད་ནི་ལེགས་པ་བསྣམས། །ཁ་རླངས་སྔོན་དམར་འཇའ་ཚོན་འཁྱུག །ལྗང་སྔོན་དྲག་པོའི་སྲིན་མོ་སྟེ། །ཡཀྴ་ནག་པོའི་བཙུན་མོ་ཡིན། །ཕོ་ཉ་མ་བདུད་རྒྱལ་མོ་འགྱེད། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །མངའ་བདག་ནི་དིང་འཁོར་དུ། །མཚོ་སྨན་མཆེད་དགུ་ལ་གླུད་འབུལ་ལོ། །དོག་ནེམས་ནེམས་ཀྱི་ནི་འོག །མཚོ་མེར་གྱི་ནང་ཤེད་ན། །གསེར་མཁར་སེར་པོ་ལ། །གཡུ་ཡི་བད་བཏགས་པས། །གཉན་བྱ་ནི་དིང་པོ་ལྡིང་། །རིན་ཆེན་ནི་སྒོ་བཞི་བསྩལ། །གཡུའི་རྒྱལ་མཚན་ནི་བཀྲ་ལ་ལ། །དེའི་ནང་ཤེད་ན། ཨ་


DNG024_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ལ་ཁ་བདག་མོ། །མཚོ་སྨན་རྒྱལ་མོ་ཉུལ་ལེ་མ། །སྐུ་ལ་མཐིང་ནག་བེར་ཆེན་གསོལ། །དབུ་ལ་རྨ་བྱའི་མཐིང་ཞུ་གསོལ། །རྒྱ་ལོང་མེ་ལོང་ཏ་ལ་ལ། །ཆིབས་སུ་ཆུ་སྲིན་མགོ་དགུ་བཅིབས། །རོལ་དུ་ཆུ་རྟ་སྔོན་པོ་ཁྲིད། །ཁྱི་སྔོན་མོ་ཤེལ་མིག་གི་མངའ་བདག་མོ། །ནད་དུ་ཞ་གྲུམ་ལ་ཟ་འཕྲུག་གཏོང་། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །མངའ་བདག་ནི་དིང་འཁོར་དུ། །མཚོ་སྨན་མཆེད་ལ་གླུད་འབུལ་ལོ། །ཁྲག་མཚོ་དམར་པོ་འཁོལ་བའི་ནང་ཤེད་ན། །དམར་མོ་གཡུ་ཡི་རལ་པ་ཅན། །ཁྱོད་ཀྱི་སྐུ་ལུས་མཐིང་བས་སྔོ། །གཡུ་ཡི་རལ་པ་འོད་དུ་འབར། །རལ་པའི་ཟར་བུ་ཉག་མ་རེ་རེ་ལ། །གསེར་གྱི་ཉ་སྦྲུལ་ཤིགས་སེ་ཤིག །ཁྱི་དམར་པོ་ཤེལ་མིག་གི་མངའ་བདག་མོ། །འཁོར་དུ་དུང་འཕེན་རེ་མཁར་ནག་མོ་འཁོལ། །ཟ་འཕྲུག་གཏོང་བའི་མངའ་བདག་མོ། །འཁོར་དུ་དམར་མོ་འབུམ་གྱིས་བསྐོར། །མདོས་བདག་ནི་མདོས་བཞེས་ཤིག །གླུད་བདག་ནི་གླུད་བཞེས་ཤིག །མངའ་བདག་ནི་དིང་འཁོར་དུ། །མཚོ་སྨན་མཆེད་ལ་གླུད་འབུལ་ལོ། །མཆོང་མཁར་སྨུག་པོའི་ནང་ཤེད་ན། །དུང་གི་རྒྱན་ནི་ཁྲ་ལ་ལ། །གཡུ་ཡི་ཁྲི་ལ་གསེར་གྱི་གདན་སྟེངས་ན། །སྨུག་ནག་ཆེན་མོ་དབུ་ལྔ་མོ། །སྐུ་ལ་ལེ་བརྒན་བེར་ཆེན་གསོལ། །རོལ་མཚོ་གཡུ་ཡི་ཁ་ཆག་ཅན། །དུང་གི་སྡོམ་སྡིག་ཉི་ལི་ལི། །བུད་མེད་དམར་ནག་འབུམ་གྱིས་བསྐོར། །ཆིབས་སུ་ཆུ་གླང་སྔོན་པོ་བཅིབས། །གཡས་ན་དཔལ་དར་སྨུག་པོ་བསྣམས། །གཡོན་ན་མཆོང་གི་གའུ་བསྣམས། །སྐུ་ལ་ཉག་གཅིག་བསྐྱོད་ཙམ་ན། །སྐུ་མ་རིང་ལ་ཐམས་ཅད་འདུ། །ཁྱི་སྨུག་མོ་ཤེལ་མིག་གི་མངའ་བདག་མོ། །མདོས་བདག་ནི་མདོས་བཞེས་ལ། །གླུད་བདག་ནི་གླུད་བཞེས་ཤིག །མངའ་བདག་ནི་དིང་འཁོར་དུ། །མཚོ་སྨན་མཆེད་ལ་གླུད་འབུལ་ལོ། །རི་རབ་ཆེན་པོའི་རྨང་ཤེད་ན། །རྒྱ་མཚོ་ཆེན་པོའི་ནང་ཤེད་ན། །རྨ་རི་རབ་འབྱམས་ལྷ་མོ་གྲགས་མོ་རྒྱལ། །སྲིད་པ་གསུམ་གྱི་ཐོད་གདེངས་ཅན། །གསེར་དང་ཤེལ་གྱི་རྔ་མོ་ལ། །གཡུ་ཡི་སྒ་བསྟད་ཟངས་སེ་ཟང་། །


DNG024_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མུ་མེན་གུར་ཆེན་ཁྱི་ལི་ལི། །མུ་ཏིག་ཁུ་འཕང་ཤ་ར་ར། །སྐུ་ལ་རྨ་བཟངས་བེར་ཆེན་གསོལ། །ཕྱག་ན་ཀླུ་འབྲུག་ད་ར་འཛིན། །སུས་ཀྱང་མི་བསྐྱོད་མི་ཤིགས་ཡང་། །རྣལ་འབྱོར་དམ་ཚིག་ཅན་ལ་དགོངས། །བྲན་གླུ་སྤྱུགས་པ་ཙེ་རེ་རེ། །ཞབས་གཅིག་རྒྱ་མཚོའི་གཏིང་དུ་བརྐྱང་། །ཀླུ་བྲན་མང་པོ་བྲན་དུ་འཁོལ། །ཞབས་གཅིག་སྲིན་པོའི་ཡུལ་དུ་བརྐྱང་། །སྲིན་པོ་ཕོ་མོ་བྲན་དུ་འཁོལ། །ཕྱག་གཅིག་རི་རབ་རྩེ་ལ་བཏོན། །ལྷ་མ་ཡིན་གྱི་གཡུལ་ངོ་ཟློག །ཕྱག་གཅིག་ལྷ་ཡི་ཡུལ་དུ་བརྐྱང་། །ལྷ་བྲན་མང་པོ་བྲན་དུ་འཁོལ། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །མངའ་བདག་ནི་དིང་འཁོར་དུ། །མཚོ་སྨན་ནི་མཆེད་དགུ་ལ། །རྒྱལ་དུ་གླུད་འབུལ་ལོ། །མི་མོ་ནི་རིན་ཆེན་བདུན། ། དགུ་ཡང་མཛེས་པའི་རྒྱན་གྱིས་བརྒྱན། །རྣམ་ཤེས་ནི་དབང་པོར་ལྡན། །མི་ཡི་ནི་གླུད་ལགས་ཏེ། །མཚོ་སྨན་ནི་མཆེད་དགུ་ལ་འབུལ། །ནམ་མཁའ་ནི་སེམས་ཀྱི་གླུད། །མི་ཡི་གླུད་དུ་དབུལ་ལོ། །མོ་འཕང་ཐང་བཟངས་ནི་གཟུག །གཟུགས་ཀྱི་ནི་གླུད་ལགས་ཏེ། །གསལ་བའི་མར་མེ་དགུ། །རང་རིག་ནི་གསལ་བའི་གླུད། །སེམས་ཉིད་སྣང་བའི་གླུད་དུ་འབུལ། །རྨ་བྱ་ནི་མདོངས་ཆེན་དགུ། །མདངས་དང་བཀྲག་གི་གླུད། །བཀྲག་དང་མདངས་ཀྱི་གླུད་དུ་འབུལ། །མཚོ་ཆེན་དྭངས་མ་དགུ། །ཡུལ་དང་ནི་མཁར་གྱི་གླུད་དུ་འབུལ། །དངུལ་དཀར་མེ་ལོང་འོད་པོ་ཆེ། །དབང་པོ་སྒོ་ལྔའི་གླུད་དུ་འབུལ། །དར་སྣ་མང་པོ་ཡང་། །ན་བཟའ་མཛེས་པའི་གླུད། །གོས་ཀྱི་གླུད་དུ་འབུལ། །ཟངས་ལྕགས་གསེར་གཡུ་དང་། །བྱ་ཁྱི་མཛེས་པར་ཁ་དོག་བསྒྱུར། །ནོར་གྱི་ནི་གླུད་དུ་འབུལ། སྤྱན་གཟིགས་ནི་ཞལ་ཟས་ཡང་། །ཟས་ཀྱི་གླུད་དུ་འབུལ། །རིན་ཆེན་སྤོས་ཀྱི་མི་བོ་ཆེ། །མཆེད་ལྕམ་སྐུ་ཡི་གླུད་དུ་འབུལ། །ཤ་ཆེན་གཏོར་མ་རཀྟ་རྣམས། །གསང་བའི་དམ་རྫས་མཆོད་པར་འབུལ། །མཚོ་སྨན་མཆེད་དགུ་མདོས་ལོང་ལ། །ཚེ་དང་གླུད་དུ་བརྗེ་བར་ཞུ། །རྫས་དང་ཞབས་སུ་བརྗེ་བར་ཞུ། །མ་མོའི་བཀའ་ཆད་སླར་ལ་ཟློག །མི་བས་གླུད་བཟང་འབུལ། །ཞེས་མདོས་འདི་སྐད་ཅེས་བཏང་ངོ་། །མ་ཚོགས་ནི་


DNG024_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་མཆོད་དོ། །མཚོ་སྨན་ནི་མཆེད་དགུ་མཆོད། །མདོས་ནི་གང་དུ་གཏོང་། །ཕྱོགས་ཕྱོགས་ནི་ཕ་གི་ན། །མཚོ་མ་པང་ནི་མེ་རེ་རེ། །བསྐྱོད་པའི་རྦ་རླབས་ཀྱང་ཅི་ལི་ལི། །དེའི་ནང་ཤེད་ན། །མདོས་ཀྱི་བདག་མོ་བ། །མ་བཙུན་གྱི་རྒྱལ་མོ་ལགས། །མ་སོལ་ཡང་བཙུན་མ་བཙུན་མི་བགྱི་རུ། །རྨ་བཟངས་ཐ་མོའི་ལྕམ་མོ་ལགས། །ཀླུ་འོད་ལྡན་གྱི་བཙུན་མོ་ལགས། །རྒྱལ་མོ་རྒྱལ་མོ་མི་བགྱི་རུ། །ཀླུ་རྒྱལ་འབུམ་གྱི་ལྕམ་མོ་སྟེ། །མཚོ་སྨན་མཆེད་དགུའི་རྒྱལ་མོ་ལགས། །དོ་ནུབ་ནི་གླུད་འབུལ་ལོ། །དོ་ནུབ་ནི་མདོས་བཏང་ངོ་། །ཆུ་རྒྱ་དྲོལ་པོ་དར་གྱིས་བརྒྱན། །མདོས་ཀྱི་སྣ་དྲོངས་ལ། །མ་བཙུན་གྱི་སྤྱན་སྔ་རུ། །མུ་ཏིག་གི་རྩར་བས་མཛེས། །མ་བཙུན་གྱི་སྤྱན་སྔ་རུ། །སྲིན་མི་བབས་ཀྱི་བུ་བས་མཛེས། །དེའི་མདོས་ལ་ནི་ཚེ་གཅིག་འདོན། །མདོས་ཀྱི་རི་རབ་ཀྱང་། །རིན་པོ་ཆེའི་རྩིགས་པ་ལ། །མུ་ཏིག་ཕྲེང་བ་ནི་རྩར་དུ་བརྒྱུས། །སྐུ་འཕང་ནི་རི་རབ་ཙམ། །དམའ་ཡུལ་གྱི་ནི་གླུད་ལགས་སོ། །མཐོ་མཁར་གྱི་གླུད་ལགས་སོ། །མཚོ་སྨན་མཆེད་དགུ་དང་མི་རུ་བརྗེ་བའི་མདོས། །དེའི་སྐུ་རྒྱལ་དུ་སྣ་ཚོགས་བསགས། །མཐུན་དགུ་ནི་མཚར་དུ་སྡེབས། །མ་བཙུན་རྒྱལ་མོའི་སྤྱན་སྔར་དབུལ། །ཀྱེ་མ་བཙུན་རྒྱལ་མེ་ནི་ཚུར་གསོན་ཅིག །ཡུལ་ནི་ཀླུ་ཡུལ་དིང་བ་ན། །མཁར་ཀླུ་མཁར་ནི་ཉ་ཡི་མཁར། །སྟོད་སྡིག་པ་ལ་ཆུ་སྲིན་གྱི་གཏམས། །དེའི་ལ་ནང་ཤེད་ན། །ཀླུ་ཡི་བུ་མོ་མ་དེ་ལྕམ་གཅིག་མ། །སྐུ་ལ་སྦལ་པའི་ཚེམ་ཚེམ་གསོལ། །ཞལ་ལ་གཡུ་བག་སྔོན་པོ་གྱོན། །ཕྱག་ན་སྦལ་ལྕོང་གི་དོང་བུ་ཐོགས། །ནད་དུ་མཛེ་དང་ནི་ཕོལ་འབྲས་ཀྱང་གཏོང་། །མ་བཙུན་མཚོ་ནི་མ་འཁྲུགས་པར། །མདོས་ནི་ཕར་ལོངས་ནི་འགབ་མ་ངན། །ཚེ་ནི་ཚུར་ལོག་ནི་མནའ་མ་ཟ། །ཚེ་དང་ནི་གཡང་མ་འབྲོས། །མདོས་ཀྱིས་ཁྱེད་བསྐང་བས། །མཚོ་སྨན་མཆེད་དགུའི་ཐུགས་ནད་སངས། །ཕོ་གླུད་གཡས་ན་སྒ་ར་ར། །མོ་གླུད་གཡོན་ན་སི་ལི་ལི། །མདོས་འདི་ཕར་འབུལ་གྱི། །ཚེ་དང་གཡང་འདི་ཚུལ་སྩོལ་ཅིག །ཕྱྭ་དང་ནི་དམུ་ཡང་མདོས། །ལྷ་དང་ལྷ་མིན་མདོས། །བཙན་དང་བདུད་ཀྱང་


DNG024_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མདོས། །དོ་ནུབ་སུ་དང་སུ་ཡི་མདོས། །མཚོ་སྨན་མཆེད་དགུ་དང་། །ཡོན་བདག་ནི་རྒྱུ་སྦྱོར་མདོས། །བཟློག་པ་ནི་མདོས་ཀྱིས་བསྡུ། །དཀའ་དགུ་ནི་བསོག་ནས་དབུལ། །མཐུན་དགུ་སྡེབས་ནས་དབུལ། །སྐུ་གླུད་ནི་རིང་ཚད་འཇལ། །སྒོ་བ་ལ་སྒོ་ཕྱེས་ཤིག །འཕྲང་བ་ལ་འཕྲང་སོལ་ཅིག །སྒོ་བ་ལ་བཙས་སུ་འབུལ། །འཕྲང་བ་ལ་བཙས་འབུལ་ལོ། །ཞེས་ཕུད་བར་མ་བཏང་། །ལུག་སྣ་ལ་ཁྲིད་དུ་བཅུག །ཡས་དང་ནི་འགྲོགས་ལ། །ད་ནི་གཤེགས་སོ་ཤ་ར་ར། །ཉི་མ་བྱང་ཕྱོགས་ཕ་གི་ན། །བྱང་གི་སྔོན་མོ་ཁྲོ་གཉེར་ལས་མཁན་མ། །མིང་པོ་རྡོ་རྗེ་མདོས་བཏང་གིས། །སྲིང་མོ་རྡོ་རྗེ་མདོས་ལོང་ལ། །ཚེ་དང་གཡང་གཅིག་ཚུར་ལ་གསོལ། །ད་ནི་མདོས་གཏོང་གང་དུ་གཏོང་། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །ཤར་གྱི་སྤྱན་གསུམ་མཆེ་བ་ཅན། །མིང་པོ་རྡོ་རྗེ་མདོས་གཏང་གིས། །སྲིང་མོ་རྡོ་རྗེ་མདོས་ལོང་ལ། །ཚེ་དང་གཡང་གཅིག་ཚུར་ལ་གསོལ། །ད་ནི་མདོས་གཏོང་གང་དུ་གཏོང་། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །ལྷོ་ཡི་སེར་མོ་སྤྱན་གཅིག་མཆེ་བ་ཅན། །མིང་པོ་རྡོ་རྗེ་མདོས་གཏོང་གིས། །རྡོ་རྗེ་སྲིང་མོ་མདོས་ལོངས་ཤིག །ཚེ་དང་གཡང་གཅིག་ཚུར་ལ་གསོལ། །ད་ནི་མདོས་གཏོང་གང་དུ་གཏོང་། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ནུབ་ཀྱི་དམར་མོ་བྱེ་རུའི་ལན་ཚར་ཅན། །མིང་པོ་རྡོ་རྗེ་མདོས་གཏོང་གིས། །སྲིང་མོ་རྡོ་རྗེ་མདོས་ལོངས་ཤིག །ཚེ་དང་གཡང་གཅིག་ཚུར་ལ་གསོལ། །མདོས་འདི་ཕར་སོང་འགབ་མ་ངན། །ཚེ་འདི་ཚུར་ཤོག་མནའ་མ་ཟ། །མདོས་ལ་ཕྱ་དང་གཡང་མ་ འབྲོས། །ཞེས་ཕྱོགས་བཞིར་ཕུད་གཏང་། མདོས་བྱང་ཕྱོགས་སུ་བསྐྱལ་ལོ། །དེ་ནས་ཚེ་བླན་བཤགས་པ་བྱའོ། །མ་མོ་སྲིད་པའི་བེམ་ལས། མཚོ་སྨན་མདོས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །དབང་ཕྱུག་མ་ཡི་ཟོར་མདོས་ལ། །རྫས་རྣམས་མཐུན་པ་ཇི་ལྟར་བསོག །ཅེས་གསོལ་ཏོ། །ཡང་བཀའ་སྩལ་པ། རྫས་རྣམས་མཐུན་པར་བསོག་པ་ནི། མདའ་མཐོ་གང་བ་ཉི་ཤུ་རྩ་བརྒྱད། འཕང་བུ་ཉི་ཤུ་རྩ་བརྒྱད། ནམ་མཁའ་ཉི་ཤུ་རྩ་བརྒྱད། ཕྱོགས་དང་བསྟུན་ལ་


DNG024_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གཟུག །ཏིང་ལོ་ཉི་ཤུ་རྩ་བརྒྱད། ཟན་ཆང་ཉི་ཤུ་རྩ་བརྒྱད། ངར་གླུད་ཉི་ཤུ་རྩ་བརྒྱད། ཁྲག་གི་ཕོར་བུ་ཉི་ཤུ་རྩ་བརྒྱད། ཁ་དོག་ཕྱོགས་དང་མཐུན། ཕྱོགས་བཞིར་གཏོར་མ་བཞི། ལྗང་བུ་ཉི་ཤུ་རྩ་བརྒྱད། སྟག་པ་དང་གླང་མའི་ཕོ་དང་མོ་དང་ཉི་ཤུ་རྩ་བརྒྱད། གཙང་གཤོས་གྲུ་གསུམ་ཉི་ཤུ་རྩ་བརྒྱད། བྱ་ཉི་ཤུ་རྩ་བརྒྱད། རྩང་ཉི་ཤུ་རྩ་བརྒྱད། ཕྱི་རིམ་དུ་གཟུག་གོ། །དེ་ནས་མཎྜལ་གྲུ་བཞི་ལྷམ་པ་ལ། ཟུར་བཞི་ཆ་ཡིས་བགོས་ནས་ནི། བྷྱོ་ཉི་ཤུ་རྩ་བརྒྱད། རྩེ་མོ་བཞི་ལ་ཧཱུཾ་བཞི། དེ་ལྟར་བཤམས་ལ། དེ་ནས་གཏོར་མ་བཤམས་ལ། ལས་ཀྱི་ཆོ་ག་གཞུང་བསྲང་། རཀྟ་སྦྲེངས་ཤིང་སྲིན་མོ་སྨུག་ནག་ཅེས་དྲག་ཏུ་བསྐུལ། དེ་ནས་ཚོགས་ཀྱིས་མཆོད། ལྷག་མ་ཡེ་ཤེས་ཀྱི་དབང་ཕྱུག་མ་ལ་བྱིན། དེ་ནས་གླིང་བཞིའི་རྫས་དང་ཡས་བགོས་ལ། བྷྱོ་ཤར་གྱི་མ་བདུན་ཤར་དུ་བྷྱོ། །ལྷོ་ཡི་མ་བདུན་ལྷོ་རུ་བྷྱོ། །ནུབ་ཀྱི་མ་བདུན་ནུབ་ཏུ་བྷྱོ། །བྱང་གི་མ་བདུན་བྱང་དུ་བྷྱོ། །ཞེས་བྱང་ཕྱོགས་སུ་ཡས་སྟགས་བསྐྱལ་ལོ། །མ་མོ་སྲིད་པའི་བེམ་ལས། དབང་ཕྱུག་མའི་སྒོས་མདོས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །སྲིད་པའི་རྒྱལ་མོའི་སྒོས་མདོས་དང་། །མཐུན་པའི་རྫས་རྣམས་ཇི་ལྟར་བསོག །འཇིག་རྟེན་སྟོབས་ཀྱིས་བཀའ་སྩོལ་ཅིག །ཅེས་དེ་ཉིད་ན་འཁོད་དོ། །ཡང་བཀའ་སྩལ་པ། རྫས་རྣམས་མཐུན་པར་བསོག་པ་ནི། །མ་ཏྲང་ནག་པོ་གྲུ་གང་ལ། །ཁ་མིག་དབང་པོ་ཚང་བར་དགོད། །ལུས་པོ་ནག་པོ་གདོང་པ་དམར། །དེ་ཡི་སྙིང་གར་མོ་ཉིད་བསྐྱོན། །དར་གྱི་ཕྱེ་ལ་ཁྲུ་གང་བ། །ཁ་མིག་ལེགས་པར་དོད་པར་བྱ། །ལུས་ལ་དར་ནག་གོ་ཟུ་བསྐོན། །མགོ་བོར་མཐིང་གི་གོ་ལྕོག་བསྐོན། །མཐིང་ནག་རལ་པ་ཕྲག་སོར་སླེབ་པར་བྱ། །མདུན་དུ་རྨ་བྱའི་སྒྲོ་ལྔ་སྦམ་ལ་གཟུག །ནམ་མཁའ་ཁོང་ནག་པོ་ལ་འཇའ་རིས་བྱས་ལ། དར་ནག་དང་རྨ་བྱའི་སྒྲོས་བརྒྱན་ལ་མོའི་རྒྱབ་ཏུ་གཟུག །དེ་བཞིན་ཁོང་སེར་མོ་ལ་ཁ་ཆག་ནག་གུས་བྱས་པ་གཅིག་གཡོན་དུ་གཟུག །


DNG024_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་སྔོན་མོ་ལ་དམར་མོས་ཕྱི་རིམ་བྱས་པ་གཅིག་གཡས་སུ་འཛུག །ནམ་མཁའ་ཁོང་དཀར་པོ་ལ་ཕྱི་རིམ་སྔོན་པོ་གཅིག་ལོགས་གཡོན་པར་གཟུག །ཁོང་དམར་པོ་ལ་ཕྱི་རིམ་དཀར་པོས་བྱས་པ་གཅིག་ལོགས་གཡས་པར་གཟུག །ཁོང་སྔོན་མོ་ལ་དར་གྱིས་ཚོམ་བུ་ལྔར་བརྒྱན་པའི་ལྗང་བུ་ལྔ་ནམ་མཁའི་འགྲམ་དུ་གཟུག །དར་ནག་གི་གུར་དབུབ། འཇའ་ཚོན་སྣ་ལྔའི་བླ་རེ་དྲེ། ཤ་ཆེན་གྱི་གཏོར་མ་ཆ་གཅིག་བཤམ། བྱ་ཁ་དོག་ལྔར་བྱས་ལ་གཟུག་གོ། །དེ་ནས་རིམ་གྱིས་ཐུགས་དམ་བསྐང་བ་དབྱིངས་ཀྱི་ཡུམ་དྲུག་ནས། སྨན་མོ་ཡན་ཆད་བསྐང་། ལྷུར་མ་མོ་རིགས་བཞི་བསྐང་། སྒོས་དབྱིངས་ཀྱི་མ་མོ་ལ་བསྐང་། བསྐང་བའི་རྫས་ནི་མདོས་དང་། ལུག་ནག་མོ་ཐིག་ལེ་ཅན་དང་། ཕུག་རོན་ནམ་ཀྱུང་ཀས་བསྐང་། རྔ་གླིང་དང་གཏོར་མ་འཛའ་གད་དང་། ཞལ་ཟས་ཚོགས་དང་། མདའ་བྱ་རྒོད་མ་སྒྲོ་དང་མདེའུ་མ་ཉམས་པ་དང་། མེ་ལོང་དང་དར་ཡོད་ཚད་ཀྱིས་བསྐང་ངོ་། །དེ་ནས་མདོས་བསྐྱལ་བ་དགྲ་ཕྱོགས་སུ་བསྐྱལ། མ་མོའི་ཞལ་ཁ་དགྲ་ལ་བསྒྱུར། །ཐུགས་ཀྱི་གནག་པ་དགྲ་ལ་མཛོད། །ཞབས་ཀྱི་རྟེན་མ་དགྲ་ལ་མཛོད། །ཕྱག་གི་སོར་གདུབ་དགྲ་ལ་འཕངས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །དམ་ཚིག་ཉམས་ན་གསོ་རུ་གསོལ། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །ཞེས་དང་པོ་ས་དགུའི་གཏིང་ན་བཞུགས་ཞེས་བསྟོད་དོ། །མ་མོ་སྲིད་པའི་བེམ་ཆེན་པོ་ལས། སྲིད་པའི་རྒྱལ་མོའི་མདོས་སྒོས་བསྐང་ཆེན་པོའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་གཡུང་དྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །ལྷ་མོ་ནག་མོ་ཐུགས་དམ་བསྐང་བ་ལ། །ལྕགས་ཁང་ནག་མོའི་མདོས་ལ། མཐུན་རྫས་ནི་ཇི་ལྟར་བསོག །ཅེས་གསོལ་ཏོ། །ཡང་བཀའ་སྩལ་པ། ལྷ་མོ་ནག་མོའི་ཐུགས་དམ་བསྐང་བ་ལ། མཐུན་རྫས་ནི་ལྕགས་ལས་ཁང་པ་གཞུང་བཞིན་རྩིག །ཟུར་བཞི་སྨུག་ལ་ལོགས་བཞི་དམར། །འགྲམ་བཞི་རང་ཁར་གཞག་པར་བྱ། །བང་བཞི་གསེར་ལ་ཁ་བད་གཡུ། །ཚོན་སྣ་ལྔ་ལས་


DNG024_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་མིག་དགུ་རུ་དབུབ། །དེ་ནས་གསང་ཕྱེ་ཕུལ་གང་ལ། བོང་ནག་གཟུགས་བྱས་གཞུང་བཞིན་སྒ་ཡང་བསྟད། སྲབ་དང་མཐུར་ཡང་གཞུང་བཞིན་གཞུག །ལྷ་མོའི་སྐུ་གཟུགས་བསྟོད་པ་དང་མཐུན་པར་བྱ། བོང་བུ་ལ་བསྐྱོན་མིང་པོས་ཁྲིད་ནང་དུ་ལྷ་མོ་བཞུགས་པ་ལ། བོང་བུ་སྒོ་དྲུང་གདགས་པར་བྱ། ནམ་མཁའ་ཁོང་ནག་པོ་ལ་གསེར་གྱི་ཕྱི་རིམ་བྱ། ཁ་ཆག་ནི་གཡུ། སྣ་ཚོགས་དར་དང་རྨ་བྱས་བརྒྱན་པ་དང་། འཕང་ནག་ལ་གསེར་གྱི་མེ་ལོང་བྱས་ལ་མཁར་གྱི་གདོང་དུ་གླིང་ཕྲན་གཅིག་ལ་གཟུག་གོ། །སིང་ལྡིང་གི་ཕུར་པ་གཅིག་ལ། དར་སྣ་ལྔ་བཏགས་ལ་དེ་ཡང་གཟུག །དེ་ནས་ཕུད་ལྟིར་བུ་གང་གི་ཁ་རུ་འབྲང་རྒྱས་གཅིག་གཞག །བྱ་ནག་མོ་གསེར་གྱི་མགྲིན་པ་ཅན་ནམ། ལུག་ནག་མོ་མི་གསེར་མ་ལ་རྟེན་བཅའ། དར་ནག་པོ་ལྕེ་ལྔ་པའི་འཕན་གཟུག །མེ་དུང་སྤོས་ཆེན་གཏང་། རྐང་གི་གླིང་བུ་འབུད། རྔ་ཆེན་བརྡུང་ཞིང་སྤྱན་དྲངས། ཁོང་པའི་ནང་ནས་བྱོན་ནས། གླིང་ཕྲན་སྟེང་ན་བཞུགས་པ་ལ། མ་མོ་ས་མ་ཡ་ཏིཥྛ་ལྷན། ཞེས་བརྗོད་པས། ཕུར་པ་དང་གཉིས་སུ་མེད་པར་བསྡིམ་པས་ཚུལ་དང་ཆ་བྱད་ཇི་བཞིན་གྱུར་པ་ལ། བདག་བཛྲ་ཧེ་རུ་ཀ་རུ་བསྒོམ་པའི་ཐུགས་ཀ་ནས་ཏྲག་ནག་པོ་གཅིག་མ་མོའི་ཐུགས་ཀར་འཕངས་པས། ཤིན་ཏུ་གཟི་བྱིན་དང་ལྡན་པར་གྱུར་ཏེ། དེ་ལ་སྲོག་གི་སྙིང་པོ་བརྒྱའམ་སྟོང་རྩ་བརྒྱད་དབུལ་བར་བྱའོ། །ཨཱོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་བ་ཧཱུཾ་མ་བྷོ་ཛ་ཛ། ཞེས་པའི་ཡི་གེ་བཅུ་བདུན་པ། དེས་སྲོག་བསྡུས་ནས་གཞུང་དང་མཐུན་པར་མཆོད་པ་རིམ་གྱིས་དབུལ། མེ་ཏོག་མང་པོ་བཅལ་དུ་ཡང་དགྲམ་མོ། །དེ་ནས་བསྟོད་པ་ཀུན་ཡང་གཏང་། དམ་བདར་ཕུད་གཏང་བསྐང་བ་དྲག་ཏུ་བྱ། བཤགས་པ་འབུལ་བ་དང་། དེ་ཀུན་ཐུན་རེ་རེ་ལྟར་བྱ་ཞིང་། ཧཱུཾ་བདག་ནི་ཡེ་ནས་མ་ཆགས་བྱང་ཆུབ་སེམས། །དུས་གསུམ་རྒྱལ་བའི་ཐུགས་དང་ཡེ་ནས་མཉམ། །གསང་བའི་དཀྱིལ་འཁོར་གཉན་པོ་འདིར་ཞུགས་ནས། །མི་ཕམ་ལྷ་མོ་ཁྱོད་དང་མཐུན་སྡེབས་ན། །དུས་འདིར་མི་འདོད་དགྲ་ལངས་པས། །ལྷ་མོ་ཁྱོད་ཀྱི་མཐུ་དང་བྱིན་རླབ་ད་མ་ཆུང་། །གངས་ཀྱི་སེང་གེ་བཞིན་དུ་ཚང་


DNG024_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མར་དག་གིས་བསྒྲུབས། །ནགས་ཀྱི་སྟག་གུ་བཞིན་དུ་གཅིག་པུར་བདག་གིས་བསྒྲུབས། །བྲག་བར་རུས་སྦལ་བཞིན་དུ་བྱང་ཆུབ་སེམས་དང་ལྡན་པར་བསྒྲུབས། །བྱ་རྒྱལ་ཁུ་བྱུག་བཞིན་དུ་དམ་ཚིག་བདག་བསྲུང་ན། །དོན་མེད་གཡེལ་བར་མ་གཏོང་མ་མོ་ཁྱོད། །བྱམས་མགོན་ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །འདི་འདྲ་དུས་ངན་བསྐལ་པའི་ཐ་མ་ལ། །བདེ་གཤེགས་བཀའ་ཡི་བསྟན་པ་བསྲུང་དགོངས་ཀྱིས། །ཁྱེད་རྣམས་མ་གཡེལ་ཐུགས་དམ་སྲུངས། །གྲོགས་སོ་ཅོག་ཀྱང་གྲོགས་མིན་གྱི། །རྣལ་འབྱོར་གྲོགས་མཆོག་བདག་མ་སྤངས། །སྒྲུབ་པོ་ཅོག་ཀྱང་དམ་མི་བསྲུང་། །རི་ཁ་མ་རྒྱུད་དམ་ཚིག་སྲུངས། །ཁམས་གསུམ་འཁོར་བའི་གནས་འདི་རུ། །མ་མོ་མཁའ་ལ་མ་འཕྱོ་བར། །ནམ་མཁའ་སྟོང་པ་ཡ་གི་ནི། །མ་མོ་རྟེན་དུ་མ་འཆའ་དང་། །དེ་ནི་མ་མོའི་ཆགས་ས་མིན། །དེ་བས་གཞལ་ཡས་འདི་མ་སྤངས། །ཆུ་བོ་འཁྱིལ་པའི་རྦ་ཀློང་ལ། །དོན་མ་མཆིས་བར་མ་མཆོད་ཞིག །མ་མོ་རྟེན་དང་མཚོ་མི་འགྱུར། །རཀྟའི་རྦ་ཀློང་འདི་མ་སྤངས། །དུར་ཁྲོད་གནས་སུ་མ་གཤེགས་ཤིག །མ་བསྔོས་འཚོ་བའི་ཟས་མ་ཡིན། །དེ་བས་དུར་ཁྲོད་རྫས་ཆེན་འདི་མ་སྤངས། །ནགས་ཚལ་ཡ་གིར་མ་གཤེགས་ཤིག །གཤེགས་ཀྱང་མ་མོའི་བཞུགས་ས་མིན། །དེ་བས་བྷནྡྷ་ལྕང་ལོ་འདི་མ་སྤངས། །རི་བོ་ཡ་གི་ལྷུན་སྡུག་ཀྱང་། །མ་མོ་འཆགས་ཀྱི་རྟེན་མ་མཆིས། །དེ་བས་བདག་གི་སྲིད་པའི་རི་བོ་འདི་མ་སྤངས། །མ་མོ་ཁྱོད་ཀྱི་དམ་འཁོར་ཡང་། །དགེ་བའི་དོན་ལ་མི་དགོངས་ཀྱི། །སྡང་བའི་དགྲ་བོ་སྲོག་དང་ཕྲོལ། །འཆི་མེད་དོན་གྱི་ལམ་བསྟན་གྱི། །སྐྱེ་མེད་བྱང་ཆུབ་མ་སྤངས་ཤིག །སྲིད་པ་གསུམ་པོ་ལམ་མིན་ནོ། །དོན་དམ་སེམས་ཉིད་མ་སྤངས་ཤིག །དེ་བས་རང་དམ་རང་གིས་སྲུངས། །མ་མོ་ཁྱོད་ལ་སྨྲེང་གསོལ་པ། །སྐྱེ་བ་འདི་དང་སྔོན་ཚེ་གོང་མ་ནས། །མ་མོ་ཁྱོད་དང་མཐུན་སྡེབས་ནས། །བདག་གིས་བླ་མེད་བྱང་ཆུབ་སྒྲུབ་དགོངས་པས། །ལས་ངན་དགྲ་བོས་མ་སྟེར་རོ། །བདག་དུང་དུང་ནི་མཆི་མ་བྲོ། །ཀཾ་ཀཾ་བྲང་ལག་འཐབ་སྙིང་འཚལ། །འདི་ལྟར་བོས་ཤིང་གདུང་ཙམ་ན། །གའུ་ཤོད་ཀྱི་སྲིན་མོ་ཡང་། །ཕ་


DNG024_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བས་བྱམས་ཤིང་ཁུ་བས་དུངས། །ལང་ཀ་ཡུལ་གྱི་སྲིན་མོ་ཡང་། །མ་བས་བྱམས་ཤིང་སྲིང་བས་དུངས། །པུ་རི་ཡུལ་གྱི་སྲིན་མོ་ཡང་། །ཕུ་བས་བྱམས་ལ་ནུ་བས་དུངས། །ཤ་ཤའི་སྲིན་པོ་ཕོ་མོ་དེ་འདྲ་ན། །མ་སྲིད་རྒྱ་མཚོ་ཐུགས་རེ་སྲ། །བདག་གི་གཟུགས་ཀྱི་ཕུང་པོ་ནི། །སྡོང་པོ་རུལ་པའི་རྩ་བ་འདྲ། །བདག་གི་སྲོག་གི་སྦུ་གུ་ནི། །སྟོན་ཁའི་སོག་སྦུབས་ཤར་ཞིར་ཡང་བ་འདྲ། །བདག་གི་རྣམ་པར་ཤེས་པ་ནི། །མེ་སྟག་རླན་སར་བབ་པ་འདྲ། །འདི་འདྲའི་སྡུག་བསྔལ་ཐུགས་ཀྱིས་བཟོད་ལགས་སམ། །བདག་སེང་གེ་བརྗིད་དང་མ་བྲལ་ཅིག །སྟག་གུ་རིས་དང་མ་བྲལ་ཅིག །རུ་སྦལ་ཁོག་པ་སྟོངས་ས་རེ། །བདུད་རྩི་རྒྱུན་ལམ་ཆད་ད་རེ། །རྡོ་རྗེའི་གཟོང་ཁ་སྙིལ་ལ་རེ། །ཁྱུང་ཆེན་གཤོག་པ་ཆག་ག་རེ། །པ་ཏ་རི་ལེའི་ཤ་མ་ཟ། །ལང་པ་དབྱེ་དང་ཁུར་མ་ཁུར། །དབྱེ་བ་རྦབ་ཀྱིས་ཕོག་ག་རེ། །ཡ་ག་ཆེན་པོ་ད་ར་རེ། །ཞེས་སྨྲེང་གསོལ་ལ་བསྐང་གསོ་བྱ་ཚོགས་རོལ། དེ་ནས་ལིངྒ་སྐུད་པ་སྔོན་དམར་གྱིས་མིའི་ལ་ཡང་སྙིང་གར་བཅིངས་ལ། ཁ་བྱང་ཕྱོགས་སུ་བསྟན་ཏེ། ལྕགས་ཁང་གི་ནང་དུ་གཞུག་ལམ་རྒྱ་གྲམ་དུ་མནན་ནོ། །མ་མོ་སྲིད་པའི་བེམ་ལས། ལྷ་མོ་ནག་མོའི་གསང་མདོས་དམ་སྲི་དང་དགྲ་མ་རུངས་པ་མནན་ཅིང་བཟློག་པ་དང་བསྐང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །ལྷ་མོའི་མ་ཏྲང་མདོས་འདི་ལ། །མཐུན་པའི་རྫས་རྣམས་ཇི་ལྟར་བསོག །ཅེས་གསོལ་ཏོ། །དེ་ནས་ཡང་བཀའ་སྩལ་པ། མ་ཏྲཾ་ནག་མོ་བརྐྱང་ཁྲུ་གང་། །ཁ་མིག་ལེགས་པར་བཏོད་པ་ལ། །ལྷ་མོའི་ཆ་བྱད་ཞལ་བསྐྱོན་ཏེ། །མདངས་ལྡན་ལྔ་ཡིས་བརྒྱན་པར་བྱ། །དྲེའུ་ནག་མཐུར་དང་སྒ་བསྟད་ལ། །ཕྱག་ཏུ་གཡས་ནས་མཐུར་མདའ་གཏད། །ནམ་མཁའ་འཇའ་རིས་མདངས་ཀྱིས་བརྒྱན། །སྣ་ཚོགས་དར་གྱི་དཔྱང་ལག་བཏགས། །ནམ་མཁའ་དཀར་མོ་གཡུ་ཡི་ཁ་ཆག་ཅན། །རས་མ་སྒྲོ་ཡི་འཕན་ལག་གཏང་། །ནག་མོ་དུང་གི་ཁ་ཆག་ཅན། །རྨ་བྱ་ཟེར་དང་དཔྱང་སྤྱང་ཡང་ལག་གདགས། །རེ་མ་ཛ་ཡི་ཕྱག་ཏུ་དབུལ། །སྨུག་


DNG024_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གསེར་གྱི་ཁ་ཆག་ཅན། །རེ་མ་ཛུ་ཡི་ཕྱག་ཏུ་དབུལ། །འཕང་ཡང་དེ་བཞིན་ཁ་དོག་མཐུན། །གཙོ་མོ་དར་གྱི་ལྗང་བུ་ལ། །གསུམ་ལ་བལ་ཚོན་ལྡང་བུ་བྱ། །ཤིང་རིས་མ་མོ་བདུན་དང་མཐུན། །འབྲུ་བྱ་བཞི་ཡང་ཁ་དོག་སྔ་མ་བཞིན། །ལུག་ནག་ཁ་རྒྱ་སྨུག་གུ་སྤྱི་ཐིག་ཅན། །དེ་རྣམས་དངོས་སུ་མདངས་ཀྱིས་བསྐང་། །གཙོ་མོའི་ལག་པ་གཡས་རལ་གྲི། །གཡོན་དུ་འཕྲུལ་གྱི་མེ་ལོང་བསྣམས། །དར་ནག་གོ་ཟུ་མཐིང་ནག་རལ་པ་བྱ། །སྤྱི་གཙུག་གཡུ་ཁྲབ་གཡས་ན་ཁྱུང་། །གཡོན་ན་སེང་གེ་དེ་བཞིན་བསྐུར། །ངར་གླུད་བཞི་ཡང་གཏང་བར་བྱ། །མེ་མར་ཁ་ལྔ་བཏང་ནས་ཀྱང་། །དེ་བཞིན་སྤོས་ཆེན་དུད་པ་དང་། །མེ་ཏོག་སྣ་ཚོགས་ཤ་ཆེན་གཏོར་མ་མི་དབང་འབྲས་བུ་དང་། །གོ་རོ་ཙ་ན་སྙིང་སྣའི་ཕྱེ་མ་རྣམས། །དབང་པོ་ལྔ་ལ་མཆོད་པར་དབུལ། །བསྟོད་པ་ཚུལ་བཞིན་ཀུན་ཀྱང་མཐུན། །བསྐང་བའི་མདོས་རྣམས་འདི་ཡིས་ནི། །ཐ་མར་དགྲ་བོའི་ཕྱོགས་སུ་བསྐྱལ། །སྔགས་པའི་དམ་ཚིག་ཉམས་པའི་ཚེ། །མདོས་རྣམས་ཀྱིས་ནི་བསྐང་བར་བྱ། །སྨྱོ་དང་འབོག་དང་རིམས་དང་ཤི་བ་ཡང་། །དམ་ཚིག་ཉམས་པའི་ཆད་པ་ཡིན། །མདོས་རྣམས་འདི་ཡིས་བསྐང་བར་བྱ། །ཀྱུང་ཀ་གསོན་མ་ཤིན་ཏུ་གཅེས། །དེ་ཡིས་ཐུགས་དམ་བསྐང་བར་གྱུར། །མ་མོ་སྲིད་པའི་བེམ་ལས། ལྷ་མོ་ནག་མོའི་མ་ཏྲང་གི་གཟུགས་མདོས་ཐུགས་དམ་བསྐང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །མ་མོའི་ཁྲག་མདོས་ཆེན་མོ་ལ། །བསྐང་བའི་མ་མོ་གང་གང་ལགས། །དེ་ཡི་རྫས་རྣམས་ཇི་ལྟར་བསོག །ཅེས་གསོལ་ཏོ། །ཡང་བཀའ་སྩལ་པ། བསྐང་བའི་མ་མོ་བསྟན་པ་ནི། །རྣལ་འབྱོར་མ་མོ་བཅུ་བཞི་དང་། །མ་མོ་བདུན་དང་སྲིང་མོ་བཞི། །ཨེ་ཀ་ཛ་ཊི་སྤུན་དྲུག་དང་། །གསང་བའི་ཡུལ་བཞི་སྲིད་པའི་གྲུ་འདེགས་བཞི། །དམག་གི་རྒྱལ་མོ་བཞི་དང་ནི། །མ་མོ་ལས་ལ་གྲུབ་པ་ཉི་ཤུ་བརྒྱད། །བྱ་བ་མོ་དང་བྱེད་པ་མོ། །བསྐང་བའི་མ་མོ་ཡིན་པར་བཤད། །བསྐང་བའི་རྫས་རྣམས་བསྟན་པ་ནི། །མེད་དུ་མི་རུང་ཁྲག་སྣ་གསུམ་ཡོད། །གཞན་ཡང་སྣ་ཚོགས་ཁྲག་སྣ་བསོག །


DNG024_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་བདུན་ཅུ་དོན་གསུམ་ལ། །རྣལ་འབྱོར་མ་མོ་བཅུ་བཞི་ལ། །ཤིང་རིས་གཞུང་བཞིན་ཀུན་ཀྱང་བྱ། །ལྗང་བུ་བཅུ་བཞི་དར་ལས་བྱ། །གཞན་ནི་བལ་ཚོན་སྣ་ལྔ་པོ། །ནམ་མཁའ་ཀུན་ཀྱང་གཅིག་པ་ཡིན། །ཕོ་གླུད་མོ་གླུད་དར་ཟབ་མཛེས་པར་བྱ། །སྟག་དང་སེང་གེ་དཀར་པོའི་ཁྲག །ཕྱི་བ་མའི་ཟིལ་པ་སྐྱེས་པ་དར་མའི་ཁྲག །རྣལ་འབྱོར་མ་མོ་བཅུ་བཞིའི་རྫས། །བ་གླང་ཁྱི་དང་རྟ་ཁྲག་མི་ཁྲག་རྣམས། །མ་མོ་བདུན་གྱི་དམ་རྫས་ཡིན། །རི་བོང་ཉ་ཁྲག་སྲིང་མོ་བཞི་ཡི་དམ་རྫས་ཡིན། །དམག་གི་རྒྱལ་མོ་གསང་བའི་ཡུམ་བཞི་དང་། །གྲུ་འདེགས་བཞི་ལ་ཁྲག་སྣ་ཚང་བར་བསོག །མ་མོ་བཅུ་གཉིས་དམ་རྫས་ཡིན། །ཨེ་ཀ་ཛ་ཊི་སྤུན་དྲུག་དང་། །དབང་གི་ལྷ་མོ་ཉི་ཤུ་བརྒྱད། །བྱ་བྱེད་མ་མོའི་དམ་རྫས་རྣམས། །ཁྲ་དང་འུག་པ་ཕོ་རོག་རྣམས། །གཅིག་ཏུ་དྲིལ་བས་ཁྲག་སྣ་བཅུ་གསུམ་ཡིན། །མ་མོ་བདུན་ཅུ་རྩ་གསུམ་ལ། །མཉེས་པའི་མཆོད་པ་དབུལ་བར་བྱ། །གཞན་ཡང་མ་མོ་བཅུ་གསུམ་ཚན་པ་ལ། །རྣལ་འབྱོར་མ་མོ་བཅུ་བཞི་ལ། །གཙོ་མོ་གཉིས་ལ་རེ་རེ་ཚན་པ་གསུམ་རེ་རེ་ལ་ལྔ། མ་མོ་བདུན་དང་སྲིང་མོ་བཞི་ལ་རེ་རེ་གཉིས། བཞི་ཚན་ངར་གླུད་བཅུ་གསུམ་བྱ། དེ་ཡང་གཙོ་མོ་གཉིས་ལ་དར་གྱི་གོ་ཟུ་བསྐོན། །བཅུ་གཅིག་གང་མཛེས་ཆས་སུ་གཞུག །ཁྲག་སྣའི་ཕོར་བུ་བཅུ་གསུམ་བྱ། །སོ་སོའི་ཚན་དང་རིས་སུ་དབྱེ། །ཆོ་ག་མདོས་ཚན་གསུམ་དང་མཐུན། །དེ་ནས་མདོས་གཏོང་ཙམ་ན་ངར་གླུད་གསུམ་ཁྲག་གི་ཕོར་བུ་བཅུ་གསུམ་དུ་བཅུག་ལ་གཏང་ངོ་། །དེ་ནས་གླིང་བཞི་བཅའ་བ་ནི། གླིང་བཅུ་གསུམ་བྱ་བའམ། ཡང་ན་དགུ་རུ་བྱ་བར་གསུངས། རྣལ་འབྱོར་མ་མོ་བཅུ་བཞི་ལ་གཅིག །དེ་ལྟར་བྱ་བར་མདོས་བསྡུས་ཆེན་པོའི་ནང་ནས་གསུངས། མདོས་གཏང་བའི་ཆོ་ག་ཀུན་མཐུན། གཏང་བ་ནི་བྱ་བ་མོ་དང་བྱེད་པ་པོ་གཉིས་ལ་གཏང་། ཚེ་བླན་ཐུགས་དམ་བསྐང་། སྔགས་པ་དམ་ཚིག་ཉམས་ནས་ཁྲག་ནད་ཀྱིས་ཐེབས་ན་བྱ། བསྟན་པ་བསྲུང་བ་ལ་བྱེད་ལ་རང་གང་བསྒྲུབ་ལ། མཚན་དང་ལྡན་པའི་ཡས་ལུག་གིས་ཐུགས་དམ་བསྐང་།


DNG024_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་སྐོང་ལ་མཁའ་ལ་ལྡིང་དགུ་དང་། ས་ལ་འཛུལ་དགུའི་མདངས་ཀྱིས་བསྐང་། །མེད་ན་འབྲུ་ལས་གྲུབ་ཚད་བྱ། །རྣལ་འབྱོར་མ་མོ་བཅུ་བཞི་ལ། །གཞུང་དང་ མཐུན་པར་བསག་པར་བྱ། །ཞེས་གསུངས་སོ། །མ་མོ་སྲིད་པའི་བེམ་ལས། མ་མོ་ཁྲག་མདོས་ཐུགས་དམ་བསྐང་བ་དང་ལས་དང་ཟོར་དུ་འཕང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །ཕྱུགས་ནད་དལ་ཡམས་བབས་པ་ལ། །དེ་ལ་ཟློག་ཐབས་ཇི་ལྟར་བགྱི། །འཇིག་རྟེན་སྟོབས་ཀྱིས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་ཡང་བཀའ་སྩལ་པ། དལ་ཡམས་ཕྱུགས་ལ་བབས་པའི་ཚེ། །དེ་ཡི་ཆོ་ག་འདི་ལྟར་བྱ། །གླིང་བཞི་རྫས་དང་ལྡན་པ་ལ། །མདོངས་ལྡན་རྨ་བྱའི་སྒྲོ་ཡིས་བརྒྱན། །སྣ་ཚོགས་ལྷ་རྫས་ཚང་བར་དབུལ། །རས་མ་སྣ་ཚོགས་དཀོར་ཆས་བརྒྱན། །དེ་ནས་ཡང་ཕུད་གཙང་མ་དབུལ། །སྲིད་པའི་རྒྱལ་མོ་དང་། སྨུག་མོ་རལ་པ་གཅིག་མ་དང་། རཀྟ་ཙ་མུན་ཏི་དང་མ་མོ་བདུན་ལ་དྲག་ཏུ་ཆོ་ག་བྱས་ལ། ཕྱོགས་བཞི་དབུས་དང་ལྔ་ལ་སྩལ། དེ་བཞིན་དུ་ཕུད་གཙང་མས་མཆོད་ནས་ཞག་གཅིག་གི་ནང་པར་གཞན་དུ་འཕོས་ལ། ས་ཚོན་སྣ་ལྔ་ལ་སྦྲེང་། སྔགས་འདི་བགྲང་ནས་དལ་མི་ཆོད་མི་སྲིད་དོ། །ཨེ་འབུར་འབུར་མ་ཧཱ་ས་མ་ཙི་འབུར་བྱ་མ་ནས་ཨོ་ཏོ་ཤི་མོ་ཀྲོཏ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ན་ཕྱུགས་ནད་གདོན་མི་ཟ་སྟེ། མདོས་དེ་ནི་དབྱིངས་ཕྱུག་ལྷ་མོ་ལྔའི་མདོས་ཞེས་བྱའོ། །མ་མོ་སྲིད་པའི་བེམ་ལས། དབྱིངས་ཕྱུག་མ་ལྔའི་མདོས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །ལོ་ཏོག་བསྲུང་བའི་ཆོ་ག་ཇི་ལྟར་བགྱི། །འཇིག་རྟེན་འཇོམས་པས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །ཡང་བཀའ་སྩལ་པ། ཞིང་ལ་རི་བོང་ཟ་བ་དང་འབུ་སྲིན་ཟ་བ་དང་། གདོན་རྣམས་བསྲུང་དང་སོ་སྲིན་བསྲུང་བ་དང་། མཛེར་པ་བསྲུང་བ་རབ་ཏུ་གཅེས། །སྲིའུ་གསོ་དང་ལྷོག་པ་དང་། །གག་པ་བསྲུང་བ་ཇི་ལྟར་ལགས། །སེར་བ་བསྲུང་བ་དང་། ཤྭ་ཁ་བཟློག་པ་དང་། ལིང་ཏོག་


DNG024_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ནད་ཇི་ལྟར་བསྲུང་བར་བགྱི། ཞེས་གསོལ་ཏོ། །ཡང་བཀའ་སྩལ་པ། ཞིང་ལ་རི་བོང་བསྲུང་བ་ནི། དཀར་རྩིས་ཞིང་གི་མཐའ་མ་བསྐོར། ཞིང་དཀྱིལ་དུ་རི་བོང་གི་རིལ་མའི་མེ་བཏང་ལ། ཅོག་ཏྲང་བུད་དུ་ཡེན་སྭཱ་ཧཱ། ཅོམ་བུ་གོལ་བུ་ཡེན་སྭཱ་ཧཱ། ཐུཾ་ཐུཾ་ཡེ་ལེ་སྭཱ་ཧཱ། ཐཾ་ཐཾ་སྭཱ་ཧཱ། དེས་ནི་རི་བོང་ཁ་ཆིངས་པར་འགྱུར་རོ། །ཞིང་ལ་འབུ་སྲིན་ཟ་ན། ར་རོག་པོའི་རྭ་གཡས་པར་རམ་བུ་དང་ཞིང་གི་ལྗང་རྩའི་ནས་ཁུ་བུན་དང་། འབུ་མགོ་དམར་པོའི་རིགས་དང་། མགོ་ནག་པོའི་རིགས་དང་། མིའི་བྲུན་སྐམས་སོ། །ར་རུ་རུ་བཙལ་ཏེ། ཞིང་དཀྱིལ་དུ་སྦས་ལ་སྔགས་འདིས་ཁ་བཅིང་ངོ་། །ཨོཾ་བྲ་བྲ་དུཾ་བུཾ་ཁ་ཡེལ་ཡེལ་བེ་ར་བེ་ར། མན་འདར་ཁ་ཐུཾ་རུ་ཐུཾ་རྦད། ཅེས་ཁ་ལ་ཆས་བཅད་ནས་སྦས་ན་གདོན་མི་སྡུག་གོ། །གདོན་ཡོ་བྱད་ལ་གདོན་ན། སྣོད་གང་ཡིན་པ་ལ། ཉུང་དཀར་ལ་སྔགས་འདིས་བྲབ་ལ་ནང་དུ་བླུགས་ན་མྱུར་དུ་ཞི་བར་འགྱུར་རོ། །སོ་ན་བ་ལ་རིགས་གསུམ་སྟེ། ཁྲག་སྲིན་དང་རླུང་སྲིན་དང་། སྲིན་བུ་རང་དང་གསུམ་ལས་རླུང་སྲིན་ནི་མི་ཐུབ་སྟེ་རྟགས་མེད་ན་རླུང་སྲིན་ཡིན་པས་མི་ཐུབ་སྟེ། ཁྲག་སྲིན་དང་སྲིན་བུ་ལ་སྔགས་འདིས་གདབ་བོ། །ཨོཾ་གྷུ་གྷུ་ལྷང་ལྷང་སྲིན་བུ་མ་རུ་བ་ཏི་མ་ཙ། བྲ་བོ་བྲ་བོ་ཤིག་ཙིཏྟ་ཀུ་ལ་ནན་ལོག་ལོག་ཀས་ཀས་སྭཱ་ཧཱ། དེས་ནི་མྱུར་དུ་ཞི་བར་འགྱུར་རོ། །གང་ན་བའི་ཐད་དཀར་གདབ་བོ། །དེ་ཡང་ཁྱིའི་རྩིབ་མས་དང་པོ་མཛེར་པ་གང་བྱུང་བ་ལ་བྱུག་ཅིང་སྔགས་འདིས་གདབ་པར་བྱའོ། །ཨོཾ་བྷ་ག་ལ་བྷ་ག་ལ་ཙི་འདར་ནན་སྭཱ་ཧཱ། ཟླ་བ་མར་ངོ་ལ་བཏབ་ན། ཕྱི་མའི་ཡར་ངོ་ལ་སངས་ཙེར་འགྲོ་བར་འགྱུར་རོ། །སྲིའུ་གསོ་ན་རུས་བུ་གོག་མོ་རྫ་གསར་པར་བཅུག་ལ། འབྲུ་ངན་དང་སྦང་མ་དེ་རུ་བླུགས། དེ་ནས་ཐལ་བས་ཁ་བཅད་དོ། །ཕུར་བུ་གཅིག་དཔྲལ་བའི་དབྱེས་སུ་གདབ། གཅིག་སྙིང་ལ་གདབ། གཅིག་གསང་སྒོར་གདབ། ཁ་རུ་སྦང་མ་དང་སོལ་བ་ཐལ་བ་བླུགས། དེ་ནས་སྔགས་འདིས་བརྡེག་གོ། །ཏྲི་ཁ་ཤ་མར་ཡང་། བུར་ཛ་ནི་སྲ་སྲ་གང་ཤི་བེར། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཅེས་ཐེམ་པའི་འོག་གམ། མལ་འཕངས་སུ་མནན། རབ་ཏུ་ཐབ་


DNG024_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབུས་སུ་གཏིང་བསྲིང་ལ་མནན་ནོ། །ལྷོག་པ་དང་གག་པ་ལ་གོང་དུ་བསྲུང་བ་དང་འཕྲལ་དུ་གདབ་པ་གཉིས་ཏེ། གོང་དུ་བསྲུང་ན། སྐུད་པ་སྣ་ལྔ་བསྒྲིལ་ལ། སྔགས་འདིས་གདབ། མདུད་པ་ཉི་ཤུ་རྩ་གཅིག་གདབ། དེ་ནས་དཔུང་པ་ལ་བཅིངས། འཕྲལ་དུ་འདེབས་ན་གང་བྱུང་སར་གདབ་བོ། །ཨོཾ་གྲང་ཏི་ཏྲིག་ཏིག་གྲ་དང་། གྲ་ཤིག་ཏ་ར་ཡ་ཏ་ཙ་ལེ་ཧཱུཾ་ཀ་ཧཱུཾ་ཕཊ། དེ་ནས་འདིས་ཀྱང་གདབ་པ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཙ་མ་མ་ཨེ་ཀ་ཛཱ་ཊི་ནི་ཛ་ཛ། ཞེས་ཀྱང་གདབ། བྱ་ཁྱུང་གི་སྙིང་པོས་ཀྱང་གདབ་བོ། །དེ་ངོས་འཛིན་ན། བྱོལ་སོང་ལ་ནང་ཁྲོལ་སྨད་ལྔ་ལ་ན་འོང་། དེ་གང་བྱུང་སར་བ་སྤུ་ལྡོག །མཁལ་མ་ལ་བྱུང་ན་རྐུབ་འཕྲིག་རྐང་པ་འཚབ། མཆེར་པ་ལ་བྱུང་ན་གུང་རུ་ཞག་བཞི་ཡང་གསུམ་གྱི་སྟེང་གཡོན་དུ་འོང་། གློ་བ་ལ་བྱུང་ན་གཞུ་མཆོག་གི་སྣ་རུ་སྤུ་ལྡོག །མཆིན་པ་ལ་བྱུང་ན་ནི་གུང་རུ་ཐ་མ་ལའོ། །གློ་བ་ལ་བྱུང་ན་སྣ་སྒོ་གཡས་གཡོན་གྱི་སྟེང་དུའོ། །སྙིང་ལ་བྱུང་ན་མིག་རྩ་རྒོད། བྲང་གི་ཟེ་མ་གཡས་གཡོན་དང་བཞག་ཤ་འདར་སྤུ་ལྡོག་པས་སྔགས་དྲག་ཏུ་གདབ། མི་ལ་ངོས་མ་ཟིན་ན། དྲི་མ་གང་དུ་ལོག་བརྟག །གང་དུ་བཟློག་པར་གདབ། ལྷོག་པ་དཀར་པོ་རྐང་ལག་དང་། རྩེའུ་ཆུང་གཡས་གཡོན་ལ་འོང་། དང་པོ་ལུས་གྲང་ཤུམ་ཁྱེར་ནས་འོང་། སྙིང་མི་དགའ་བར་འོང་། དེ་གང་དུ་བྱུང་ཡང་སྣ་ལ་སྤྱི་གཙུག་སྙིང་ག །ལྟེ་བ་རྐང་མཐིལ་ལག་མཐིལ་རྩེའུ་ཆུང་གཡས་གཡོན་དེ་རྣམས་ལ་གདབ། དེ་ནས་གང་བྱུང་སར་མཐའ་མ་བསྐོར། དེ་ཞི་ནས་ཟས་མི་ཞིམ་པ་དང་བཏུང་དུ་མ་འདོད་ན། བྲོས་པ་ཡིན་པས་གང་དུ་སོང་བ་ལྟའོ། །དང་ལ་དྲི་མ་བསྣམས་དེས་མ་ཚོར་ན། མེ་ལོང་རྡུལ་ཆེ་བ་གསལ་པོ་ཕྱིས་ལ་བལྟའོ། །ནད་བྱུང་བའི་སྐོར་གྱིས་ཟན་དྲོན་མོ་འོ་མ་དང་བརྫིས་པས་ཕྱི། དེར་མེ་ལོང་གི་ནང་དུ་དམར་དྲེང་བ་ཡང་འོང་། དེར་གདུལ་དཀའ་བས་བརྩོན་འགྲུས་བསྐྱེད་མདོས་བྱ། སྔགས་དྲག་ཏུ་གདབ་བོ། །དཀར་པོ་བྱུང་ན་ཆུ་གཏོར་འདོན། རྡོ་རྗེ་རྣམ་འཇོམས་འདོན་ནོ། །སྔགས་གདབ་དམར་པོ་བྱུང་དུ་མི་རུང་ངོ་། །ངོ་གང་དུ་བྲོས་པའི་བ་སྤུ་ལྡོག །དེ་བརྟག་པ་ནམ་བྱུང་བ་གཅིག་གིས་ཕྱིས་ལ་མཐུན་མི་མཐུན་


DNG024_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བལྟའོ། །སེར་བ་སྲུང་བར་འདོད་ན། སེང་ལྡེང་གི་ཕུར་བུ་སོར་བཞི་པ་ལ་སྙིང་པོ་ཤོ་ཆུང་ལ་བྲིས་པ་ལྔ་ལ་གང་དུ་ཁྲི་ཚོ་གཅིག་བཟླས་ལ། ཕྱོགས་བཞི་དབུས་དང་ལྔ་རུ་གཟུག །ཐོ་བརྩིག་ཉུང་དཀར་ལ་སྔགས་མང་པོ་བཟླས་ལ། ཕྱིང་ཁུག་ཆུང་ངུ་ལྔ་རུ་བླུགས་ཐོ་གསེབ་ཏུ་གཞུག་གོ། །དེའི་སྙིང་པོ་ནི། ཨོཾ་འབུར་འབུར་མ་ཧཱ་པདྨ་རྡེའུ་འབུར་རྩི་འབུར་ཕྱི་གེ་བི་མ་ན་སེ། ཨོཾ་ཧོ་ཤི་མོན་ཀྲོ་ཏ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེས་ནི་སེར་བ་ཟློག་པར་འགྱུར་རོ། །ཤྭ་བཟློག་ན་རབས་ཆད་ཀྱི་ཐོད་པར་སྔགས་བྲིས་ལ་སིང་ལྡེང་གི་ཕུར་པ་ལ་བཏགས་ལ་ཐོད་པའི་ནང་དུ་བཅུག་ལ་སྔགས་བཟླས་ལ། ཤྭ་སྒོར་སྦས་ན་ཤྭ་བཟློག་པར་འགྱུར་རོ། །ལིང་ཐོག་ལ་ནི་བྱ་ཕུག་རོན་གྱི་དོང་རུ་གཡས་པ་ལ་སྔགས་འདི་བཟླས་ནས་བཏགས་ན་གདོན་མི་ཟའོ། །བྲ་བྲ་ཐུཾ་པ་ཡེར་ཡེར་ཏོག་མར་བུན་ཁ་སོང་དམར་བྱུང་ཕུར་ན་ཡེར་སེར་སྭཱ་ཧཱ། རིམས་ནད་བསྲུང་ན་གང་དུ་བསྲུང་བར་འདོད་ན་མདོ་གདོན་ཚ་ཚ་དང་ཆུ་གཏོར་བཏང་། གླིང་བཞི་ཁ་ལྔའི་མདོས་བཏང་། གནོད་སྦྱིན་གྱི་སྔགས་བཟླས། དེ་ཡིས་རིམས་ནད་ཐུབ་པར་འགྱུར། །ཞེས་གསུངས་སོ། །མ་མོ་སྲིད་པའི་བེམ་ལས། འཇིག་རྟེན་ཕན་གདགས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་མ་མོ་རྣམས་ནི་ལས་ལ་གྲུབ་པས། དེ་འདུལ་བའི་ཐབས་ནི་ཇི་ལྟར་བགྱི། ཞེས་དགོངས་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་འཇོམས་པའི་ལྷ། །འདི་ལ་ནན་ཏན་ཇི་ལྟར་བགྱི། །འཇིག་རྟེན་འཇོམས་མཛད་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །ཡང་བཀའ་སྩལ་པ། མ་མོ་ནག་མོ་བྱ་བ་ལ། །རྣམ་པ་གཉིས་སུ་ཤེས་པར་བྱ། །ཡེ་ཤེས་ཆ་ལས་སྐྱེས་པ་དང་། །འཇིག་རྟེན་ལས་ལ་གྲུབ་པའོ། །ཡེ་ཤེས་ཆ་ལས་སྐྱེས་པ་ནི། །དབྱིངས་ཀྱི་ཡུམ་དྲུག་སྦས་ནས་བྱུང་། །རྟག་ན་རྟག་པའི་རྒྱལ་མོ་དྲུག །རིགས་ལྔ་ཀུན་བཟང་ཕྱག་མཚན་དང་། །དབུ་གསུམ་ཕྱག་དྲུག་རྔམ་པར་བྱུང་། །དབྱིངས་ཀྱི་ཡེ་ཤེས་མ་མོ་དང་། །ལས་ཀྱི་མ་མོའི་ཆ་འཛིན་པ། །དཀར་མོ་དབུ་གསུམ་དབྱིངས་ཀྱི་ཆ། །ཕྲ་མེན་རྒྱ་མཚོ་ལས་ཀྱི་ཆ། །ཕྲ་མེན་ཞེས་སུ་བྱ་བ་དེ། །བདུད་པོ་ཐོད་པའི་ཕྲེང་བ་དང་། །སྲིད་པའི་


DNG024_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་འགྲོ་འཆོས་པ་ལས། །ཕྲ་མེན་རྒྱ་མཚོ་མཁའ་ལ་ཐོན། །དེས་ན་དབྱིངས་ཀྱི་མ་མོ་དང་། །བདུད་ཆོས་པས་ཡེ་ཤེས་ལས་སུ་བྱུང་། །ཕྲ་མེན་ཞེས་སུ་དེ་ལ་བྱ། །དཀར་མོ་ཞེས་སུ་བྱ་བ་ན། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །སྲིད་པའི་རྒྱལ་མོ་ཉིད་ལ་ཐུགས་ཡེ་ཤེས་ཀྱི་མདའ་གཅིག་འཕངས་པས། མོ་ལས་སྲས་གཅིག་བལྟམས་པ་ལས། སྐྱོན་གྱིས་མ་གོས་པའི་རྟགས་སུ་དབུ་གསུམ་སྐུ་ནི་དཀར་མོ་ལྡེམ་བག་ཏུ་བྱུང་ངོ་། །ཕྱག་ན་རྡོ་རྗེས་ཉི་ཟླ་གཉིས་ཐོད་དུ་བཅིངས་ནས། ཁྲོས་པའི་དབང་ཆེན་བཞི་ཁྱོད་ཀྱིས་ཐུལ་ཅིག་ཅེས་བསྒོས་སོ། །དེ་བཞིས་ཕུང་བྱེད་མ་བཞི་བཏུལ་ལོ། །དེས་ནི་དགྱེས་སྡེ་མོ་བཞི་བཏུལ་ལོ། །དེས་ནམ་བདུན་མན་ཆད་ནི་ལས་ལ་གྲུབ་པ་སྟེ། འཇིག་རྟེན་ཕོ་མོའི་མཛའ་ན་ལས་བྱུང་བའི་མ་མོ་མང་པོའོ། །མ་མོ་བདུན་ཅུ་རྩ་བརྒྱད་ནི་སྤྲུལ་པའི་མ་མོའོ། །བྱ་བ་མོ་དང་བྱེད་པ་མོ་ནི་དབྱིངས་ཀྱི་མ་མོའོ། །གནམ་ས་གཉིས་ཀྱི་མ་མོ་དང་། ཚེའི་ལྷ་མོ་བཅུ་དྲུག་ཟོར་བདག་མོ་བཞི་ནི་ཉི་ཤུ་གཉིས་ཏེ་བདུད་མོའི་རིགས་སོ། །ལས་ལ་གྲུབ་པ་རྣམས་ནི། གོང་མ་རྣམས་ནི་རྗེ་བོ་ལྟ་བུར་བལྟའོ། །ཆོས་འདི་ལ་ནི་གཞན་མེད་དེ་གོང་མ་རྣམས་ཡོད་པར་བལྟའོ། །དེ་ཡིས་བསྒོ་བ་རྣམས་ཀྱང་ཉོན། དེ་བཞིན་དུ་རྗེ་བོ་ལྟར་བལྟ་བའི་རྣལ་འབྱོར་པས་ཀྱང་ཤེས་པར་བྱའོ། །སྤྲུལ་པའི་མ་མོ་དང་དབྱིངས་ཀྱི་མ་མོ་དང་། ལས་བྱེད་མ་མོ་དང་བདུད་མོའི་རིགས་སོ། །མ་མོ་བཞི་པོ་དེ་ནི་ཡེ་ཤེས་ཀྱི་ཆ་དང་ལས་ཀྱི་ཆ་ལས་བསྐྱེད་པ་སྟེ། མ་ནི་ཐབས་མཆོག་འདོད་མེད་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །མ་ནི་ནམ་མཁའ་དབྱིངས་ཀྱི་མཁའ། །མོ་ནི་སེམས་ཀྱི་སེམས་ཉིད་ཀློང་། །མ་ནི་ཆོས་ཉིད་ཟབ་མོའི་ཀློང་། །མོ་ནི་རྣམ་ཤེས་ཧཱུཾ་དུ་འབར། །སེམས་ཉིད་ཐིག་ལེ་ཧཱུཾ་དུ་འདུས། །དེ་ལས་མ་མོ་ཐམས་ཅད་འདུས། །དེ་ལས་དབྱིངས་ཀྱི་མ་མོ་ནི། །སེམས་ཉིད་མཁའ་ལ་དབྱིངས་ཉིད་ཀློང་། །ཐམས་ཅད་སེམས་སུ་དག་པར་བལྟ། །བདུད་མོའི་རིགས་ཀྱིས་འདི་ལྟར་བལྟ། །གང་ཟག་རྣམས་ཀྱི་བདག་མེད་ཅིང་། །ཆོས་ལ་ཕྱོགས་གཅིག་ཡོད་པར་བལྟ། །སྤྲུལ་པའི་མ་མོ་རྣམས་ཀྱིས་ནི། །བདག་དང་བདག་གི་བྱེད་པ་པོ་རུ་བལྟ། །


DNG024_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དེ་རྒྱུ་ངོ་བོར་བལྟའོ། །གཞན་ནི་ཡོད་པར་མི་རྟག་གོ། །ལས་བྱེད་མ་མོ་རྣམས་ནི་འདི་ལྟར་བལྟ། །དང་པོར་བག་ཆགས་བརྟས་པའི་མཐུས། །དཔལ་ཆེན་སྐུ་རུ་གང་བསྒོམས་པས། །དེ་ཉིད་རྗེ་བོ་ལྟ་བུར་བལྟ། །ཆོས་ཡོད་བྱ་བ་ལྟ་བུར་བལྟ། །དེ་ནི་མ་མོ་ཁོག་ནོན་མདོར་བསྟན་ཡིན། །ཞེས་གསུངས་སོ། །མ་མོ་སྲིད་པའི་བེམ་ལས། མ་མོའི་ལས་ཀྱི་རིམ་པ་སོ་སོར་བསྟན་པ་དང་ལྟ་བ་མདོར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །མ་མོ་རིམ་གྱིས་ཇི་ལྟར་གང་ཞིག་གང་གིས་བཏུལ། །ཇི་ལྟར་འདུལ་བར་བཤད་དུ་གསོལ། །ཅེས་གསོལ་ཏོ། །ཡང་བཀའ་སྩལ་པ་དང་། ཡེ་ཤེས་ཐིག་ལེ་ཆེན་པོ་དང་། །གསང་ཆེན་བདེ་བའི་ལམ་མཆོག་དང་། །མན་ངག་རྫོགས་པའི་ཀློང་ཆེན་ལས། །ཡང་གསང་མ་མོ་དྲུག་པོ་སྟེ། །འོད་ཆེན་ཁ་དོག་སྣ་ཚོགས་ཀྱིས། །སྲིད་པའི་རྒྱལ་མོ་ཆེན་མོ་ཡིས། །དབྱིངས་ཀྱི་ཡུམ་དྲུག་བསྐྱེད་པ་ལས། །རྟག་པའི་རྒྱལ་མོ་དྲུག་ཏུ་སྣང་། །དེ་ནས་སྲིད་པའི་བདེ་འགྲོ་གཙོ་མོ་ཡིས། །ཉི་ཟླ་ཐོད་ཕྲེང་གདན་དུ་བཏིང་། །ཐིག་ལེ་ཆེན་པོ་བརྒྱན་བརྒྱད་པོ་ཡང་པ་ཡིས། །ཁྲོས་པའི་དབང་ཆེན་བཞི་པོ་དང་། །བཅས་པ་བཞི་པོ་གདིང་བར་བྱ། །སྲིད་པའི་རྒྱལ་མོ་བསྐྱོད་པ་ཡིས། །སྦས་པའི་མ་མོ་བཞི་པོ་དང་། །ཐུགས་ཀྱི་དགྱེས་སྡེ་བཞི་པོ་ཡང་། །མངོན་སུམ་གདན་དུ་གདིང་བར་བྱ། །བདེ་ཆེན་གསང་བའི་དཀྱིལ་འཁོར་འདིར། །སྲིད་པའི་ཆགས་བྱེད་སྤུན་གཉིས་མནན། །སྲིད་པ་རང་ལུགས་སྨུག་པོ་ཡིས། །ཨེ་ཀ་ཛཱ་ཊི་སྤུན་དྲུག་མནན། །ཐབས་དང་ཤེས་རབ་རང་བཞིན་གྱིས། །ཆགས་པའི་དབང་བྱེད་དམར་མོ་ཡིས། །འདོད་ཁམས་དབང་ཆེན་སྤུན་གཉིས་མནན། །སྲིད་པ་སྤྱི་ཡི་མདོ་བསྡུས་ཀྱིས། །ནམ་མཁའི་རྒྱལ་མོ་སྤུན་གཉིས་མནན། །དབང་མོ་སྤྱི་ཡི་མདོག་གསལ་གྱིས། །སྲིན་མོ་བདུན་པོ་གདན་དུ་མནན། །གཡས་གཡོན་ཐབས་དང་ཤེས་རབ་ཀྱིས། །དམག་གི་རྒྱལ་མོ་བཞི་པོ་མནན། །སྲིད་པ་འཇིགས་བྱེད་ཕོ་མོ་ཡིས། །


DNG024_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་རྩ་བརྒྱད་གན་རྐྱལ་མནན། །དེ་ལྟར་གདན་དུ་བཏིང་ནས་ཀྱང་། །སྙིང་འདྲེན་ཕྱག་རྒྱ་བཅིངས་ནས་ཀྱང་། །དྲག་པོ་སྔགས་ཀྱིས་བཅིང་བར་བྱ། །ཧཱུཾ་མུ་ཁ་ཧ་ལེ་ད་ཧ་ཤ་ཧ་ཤ་ཕཊ། ཀྲི་ཡ་ཤནྟེ་ནན། སུརྱ་པ་ཏ་ཀ་རག་སྲིད་འགྲོ་ནན། སུ་ཏི་ཤིན་དུན་ཏི་ནན། ཀེ་མ་ཏ་ཀེ་མ་ཏ་ནི་ལ་ཏ་ནན། མ་མ་ཧཱུཾ་བྷྱོ་ནན། མ་མ་དུཥྚཱཾ་ནན། མ་མ་དུཥྚཱཾ་ཕཊ། མེ་ར་ག་ཏ་པི་ཐ་ཤ་ནན། ཞེས་བརྗོད་པས། གདན་གྱི་རྒྱུ་རྣམས་བསྒྱེལ་ནས། དེ་ནས་བདུད་རྩི་དམར་ཆེན་ཁ་རུ་བླུགས། ཨོཾ་བཛྲ་ཨ་མྲྀ་ཏ་ཨ་དྷིཥྛ། ཙིཏྟ་ནན། ཏཊ་ཕཊ་ནན། ནན་ཏི་ནི་ནན། སྲོག་འཕྲོག་པ་ཡིན་ཏེ། བདག་གིས་སྙིང་ཁྲག་ཞལ་དུ་རྔུབས། །ལྕེ་ཡི་སྟེང་དུ་གསལ་བར་བཞག །ཧཱུཾ་ང་ནི་ཁྲག་འཐུང་ཀུན་གྱི་རྗེ། །ང་ནི་ཁྲག་འཐུང་ཀུན་གྱི་ཡབ། །ང་ནི་སྲིད་གསུམ་སྙིང་རྗེའི་བདག །ང་ནི་མ་མོ་ཀུན་གྱི་རྗེ། །ཐམས་ཅད་ཀྱི་ནི་སྙིང་ཁྲག་བདག །ཁྱོད་རྣམས་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱེད་ཀྱིས་སྒྲུབས། །ཙ་དུན་ཏྲི་མ་མོ་བྷྱོ། རུ་ལུ་རུ་ལུ་རག་མོ་བྷྱོ། ཡེ་ཤེས་རྩལ་འཕང་ཐིག་ལེ་ཡིས། །བསྒོམ་བྱ་མ་མོ་བཅུ་གསུམ་ལ། །དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་རྫོགས། །བདག་ཉིད་བླ་ན་མེད་པ་ཡི། །ཏིང་ངེ་འཛིན་དུ་གསལ་བྱས་ལ། །སེམས་པ་དབང་པོ་ལས་བསྐྱེད་པའི། །མ་མོ་ཆེན་མོ་བཅུ་གསུམ་ལ། །མ་མོ་དྲུག་ཅུ་རྩ་བརྒྱད་སྲོག་གི་སྙིང་པོ་བསྡུས། །འཁོར་དུ་མ་མོ་གཞན་ཡང་བཞག །དེ་ནས་འབྱོར་ཚོགས་མཆོད་པ་བཤམ། །ཁྲོ་བའི་དཀྱིལ་འཁོར་རྣམས་ལ་མཆོད། །ཧཱུཾ་ཐིག་ལེའི་དབྱིངས་ལས་བསྐྱེད་པའི་ཁྲོ་རྒྱལ་ཡུམ། །གཉིས་མེད་ཧ་ཧ་བཞད་ཅིང་རྔམ་པའི་ཧཱུཾ་སྒྲ་འབྱིན། །མཆེ་བ་དཀར་པོ་གཙིགས་ཤིང་སྙིང་འདྲེན་རྐན་སྒྲ་རྡེབ། །མ་མོའི་ཚོགས་རྣམས་འདུལ་མཛད་དཀྱིལ་འཁོར་མཆོག །མ་མོ་རྣམས་ཀྱི་ཕྱག་རྒྱ་བསྟན་པ་ནི། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལས། །ཨཱོཾ་དང་སྭཱ་གཉིས་རྒྱབ་བསྣོལ་འཁྱུད། །འབྲུ་གསུམ་རྩེ་སྤྲད་སྐུ་གསུང་ཐུགས། །མ་མོ་རྡོ་རྗེ་ཁྲག་གི་རྒྱ། །རྡོ་རྗེ་ཁུ་ཚུར་དམ་དུ་བཅིངས། །ཧཱ་གཉིས་རྩེ་སྤྲད་གྱེན་དུ་བསྒྲེང་། །ཨོཾ་གཉིས་རྩེ་སྤྲད་ཐད་ཀར་བསྒྲེང་། །སྭཱ་གཉིས་རྩེ་སྤྲད་ཐུགས་ཀར་བཀན། །འབྲུ་གསུམ་ཐུགས་ཀར་དམ་དུ་བསྣོལ། །གུ་


DNG024_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཐུགས་ཀར་བཟུང་བ་ནི། །མ་མོ་རྡོ་རྗེ་མེ་ཡི་རྒྱ། །ཨོཾ་གཉིས་རྒྱབ་བསྣོལ་ལུ་གུ་རྒྱུད། །འབྲུ་གསུམ་སོར་མོ་རྩེ་བསྣོལ་ཏེ། །ཧྲཱྀ་གཉིས་དྲག་ཏུ་གཡབ་པ་ནི། །མ་མོ་རྡོ་རྗེ་ཁྲག་གི་རྒྱ། །རྡོ་རྗེ་ཐལ་མོ་བརྐྱང་བ་ལས། །ཐབས་ཀྱི་ཨ་དང་ཧཾ་གཉིས་ལས། །ཤེས་རབ་སྭཱ་ཡིས་མཚོན་པར་བྱ། །ཤེས་རབ་ཨོཾ་དང་ཧ་གཉིས་ལ། །ཐབས་ཀྱི་ཧཱུཾ་གིས་བསྟན་པར་བྱ། །ཤེས་རབ་ཧཱུཾ་དང་ཨ་བརྐྱང་སྟེ། །ཐབས་ཀྱི་ཨ་དང་སྭཱ་བཀན་ནས། །སེམས་ཀྱི་དཀྱིལ་དུ་བརྐྱང་བཀན་པ། །མ་མོ་ཡེ་ཤེས་མཁའ་འགྲོའི་རྒྱ། །རྡོ་རྗེ་རིན་ཆེན་རྫོགས་པ་ ཡི། །ཕྱག་རྒྱ་བཞི་ཞེས་དཔའ་བོས་བཤད། །མ་མོ་སྲིད་པའི་བེམ་ལས། ཕྱག་རྒྱ་བསྟན་པ་དང་ལྟ་བ་བསྟན་པ་དང་མ་མོ་འདུལ་བ་བསྟན་པའི་སྐབས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་འཇོམས་མཛད་སྟོབས་ཀྱི་ལྷ། །ཕྱག་རྒྱ་ཆེན་པོ་ཇི་ལྟར་ལགས། །ཞེས་གསོལ་ཏོ། །ཡང་བཀའ་སྩལ་པ། ཐིག་ལེ་ཆེན་པོའི་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་ཁ་སྤྲད་ནས། །ཤེས་རབ་མཆོག་གི་ཕྱོགས་ནས་སུ། །ཨོཾ་ཨཱཿཧཱུཾ་གསུམ་རྩེ་སྤྲད་དེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྒྱ། །ཐབས་ཀྱི་ཧཱུཾ་དང་སྒོ་གསུམ་རྒྱ། །རང་རྟགས་ཡེ་ཤེས་ཕྱག་རྒྱ་ཡིན། །ཤེས་རབ་སྭཱ་ཡིས་སྐུ་གསུམ་འཁྲིལ། །ཐིག་ལེ་བྱང་ཆུབ་སེམས་ཀྱི་རྒྱ། །ཤེས་རབ་ཧཱུཾ་གི་རྩེ་མོ་རུ། །ཐབས་ཀྱི་སྭཱ་ཡིས་སྦྱར་མནན་པས། །ཐབས་དང་ཤེས་རབ་ཕྱག་རྒྱ་ཡིན། །ཐིག་ལེ་ཆེན་པོའི་ཕྱག་རྒྱ་བཅིངས་ནས་སུ། །མ་ཧཱ་སུ་ཁར་བསྡམས་གྱུར་ན། །བླ་ན་མེད་པར་གསལ་འགྱུར་བས། །དུས་གསུམ་ཉེས་དམིགས་སེལ་བར་བྱེད། །དུས་གསུམ་མགོན་པོས་དེ་སྐད་བཤད། །དཀྱིལ་འཁོར་བསྒོམ་དང་སྐུ་མདོག་དང་། །ཕྱག་མཚན་བསྟན་པ་དང་། སྐྱེ་ཤི་རྩ་བ་གཅོད་ཅིང་བདེ་ཀློང་དབྱིངས་སུ་སྡུད། །ཀུན་ཀྱང་སྐུ་མདོག་ཁྲོ་མོར་བཞུགས་ཤིང་དབང་ཆེན་དཀྱིལ་འཁོར་རྫོགས། །ཕྱག་ནས་སྤྲུལ་པ་འགྱེད་ཅིང་དུག་གསུམ་དབྱིངས་སུ་སྦྱོར། །མ་མོའི་འཁོར་དུ་འདུས་ཤིང་བྷ་གའི་མངའ་མཛད་


DNG024_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མ། །དྲུག་ཅུ་རྩ་བརྒྱད་དུ་ནི་མཁྱེན་པར་མཛད། །རྒྱུ་ལས་བསྐྱེད་པའི་བདུད་རྩི་ཆེན་པོ་འདི། །རྣམ་རྟོག་གཞོལ་ཕྱིར་སྐུ་ལ་ཐིམ་པར་མཛོད། །ཧཱུཾ་ཧ་ཧེ་མ་མ་བྷྱོ་རུ་ལུ་རུ་ལུ་བྷྱོ། ཨ་ལ་ལ་ཧོ། དབྱིངས་ཀྱི་ཡུམ་དྲུག་བསྐྱེད་ནས་སུ། །དཀྱིལ་འཁོར་དྲུག་པོ་སྤྱན་དྲངས་སོ། །ཧཱུཾ་མ་མོ་ཆེན་མོའི་དཀྱིལ་འཁོར་ནས། །ཀུན་འབྱུང་དཀྱིལ་འཁོར་མངའ་བདག་མོ། །བཞི་ཟུར་ཞབས་བརྒྱད་ཞལ་ལྔར་འབར། །མཁའ་ལ་བདེ་ཀློང་དབྱིངས་ན་གསལ། །མཁའ་འགྲོ་སྲོག་གི་མངའ་མཛད་མ། །དཀྱིལ་འཁོར་གཙོ་མོར་གཤེགས་སུ་གསོལ། །ཧཱུཾ་མ་མོ་ཆེན་མོ་རྒྱུད་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ཤར་གྱི་མཁའ་འགྲོ་མ། །ཧཱུཾ་མ་མོ་ཆེན་མོ་དབུགས་ཀྱི་བདག །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ནམ་མཁའི་མཁའ་འགྲོ་མ། །ཡང་སྦས་དྲུག་གི་དཀྱིལ་འཁོར་ནས། །ཐུགས་དམ་ཆེན་པོ་དགྱེས་དགོངས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །རྣལ་འབྱོར་མ་བཅུ་བཞི་བསྐུལ། དང་པོར་མ་མོ་བསྐུལ་བའི་ཐབས་དང་། དབང་དུ་སྡུད་པ་དང་གསང་བའི་གནས་བསྟན་པ་ནི་སྔོན་དུ་བཤད་ཟིན་ཏོ། །མ་མོ་སྲིད་པའི་བེམ་ལས། ཐིག་ལེ་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་འབྲུ་ལྔའི་དོན་ལག་གི་འདུ་བྱེད་བསྒོམ་པ་ནི། གཡས་གཡོན་ཐབས་དང་ཤེས་རབ་ལས། །རྡོ་རྗེ་གར་དུ་བསྐོར་བ་ནི། །ཤེས་རབ་མཆོག་གི་སྙིང་གར་བསྟན། །སྦོམ་པོ་དབང་མོ་རྩེ་སྤྲད་དེ། །ཐབས་ཀྱི་ཕྱོགས་མཚམས་བསྐོར་བ་ནི། །མ་མོ་ཚོགས་ཀྱི་རྒྱལ་མོའི་རྒྱ། །རྡོ་རྗེ་སྡེར་མོ་དམ་བསྣོལ་ཏེ། །ཨོཾ་བསྒྲེང་རྩེ་མོ་རྒྱ་བཅིངས་པས། །མ་མོ་རྡོ་རྗེ་རུས་པའི་རྒྱ། །རྡོ་རྗེ་ཁུ་ཚུར་བཅིང་བ་ལས། །ཧཱུཾ་དང་ཧ་གཉིས་རྩེ་བསྡུས་ནས། །འབྲུ་གསུམ་བརྒྱད་ནས་གཤོག་པའི་ཚུལ། །ན་ར་ཧ་ཟེར་བཟུང་བ་ནི། །ཕྱག་རྒྱ་གྲུབ་པར་བསྟན་པ་ཡིན། །མ་མོ་སྲིད་པའི་བེམ་ལས། རིན་པོ་ཆེ་གཏེར་གྱི་ལེའུ་སྟེ་ཉེར་གཅིག་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་འཇོམས་པ་སྟོབས་ཀྱི་ལྷ། །འཇིག་རྟེན་འདི་ལྟར་དབང་བྱེད་


DNG024_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རིམ་པ་གང་ཞིག་གང་གསལ་བ། །ཡང་དག་དཔའ་བོས་བཀའ་སྩོལ་ཅིག །བཀའ་སྩལ་པ། འཇིག་རྟེན་འདི་ལྟར་དབང་བྱེད་པ། སྲིད་པའི་མཁའ་ལས་བསྐྱེད་པའི་དབྱིངས་ཀྱི་ཡུམ་དྲུག་དང་། སྲིད་པའི་བདེ་འགྲོ་ལ་སོགས་འབྱུང་བ་ལྔ་ལས་བསྐྱེད་པའི་བུ་མོ་སྤུན་དྲུག་དང་། འབྱུང་བ་ལྔའི་ཆགས་འཛིན་སྤུན་གཉིས་དང་། དུས་བཞི་རྫོགས་པའི་གཙོ་མོ་ཡུམ་གྱི་མཁའ་ལ་གནས། དུས་བཞི་དབང་བྱེད་མ་ནི་བུ་མོ་སྤུན་དྲུག་དང་། ཉི་ཟླ་ཐོད་ཕྲེང་ངོ་། །ཆ་སྙོམས་མ་ནི་ཁྲོས་པའི་དབང་མོ་ཆེ་བཞི་དང་། དགྱེས་སྡེ་བཞིའོ། །དུས་ཀྱི་ཉུལ་ལེ་མ་བཞི་ནི་སྲིང་མོ་བཞིའོ། །མ་མོ་རང་རང་གི་བཀོལ་ཐབས་ནི། ཡུལ་ཆེན་མོའི་མཁའ་ལ་རྒྱུ་བའི་མ་མོ་གསུམ་དང་། དབྱིངས་ལས་ཤར་བའི་མ་མོ་གསུམ་དང་། ཡིད་ལ་བསྒོམ་ལེགས་མ་དང་བདུན་འཁོལ་ལོ། །མ་མོ་བདུན་ནི་རྣལ་འབྱོར་གྱི་དྲོད་ཉུལ་བས་ནམ་གྱི་གུང་ལ་རྒྱུའོ། །ཡུམ་ཆེན་མོས་ཉིན་མཚན་ཕྱེད་མར་ཉུལ་ཞིང་གཟིགས་ཏེ། ཕྱོགས་བཞི་མཚམས་བརྒྱད་ལ་མངའ་མཛད་དོ། །དེ་ནས་ཁྲོས་པའི་དབང་མོ་ཆེ་བཞི། ཡུམ་ཆེན་མོས་གཙོ་བྱས། རྟག་པའི་རྒྱལ་མོ་ལ་སོགས་ཏེ། མ་མོར་གྲགས་པ་དང་སྲིད་པ་ཀུན་ལ་དབང་མཛད། རྒྱལ་མོ་ཆེན་མོའི་ལྟོ་ནས་སྲིད་པ་ཐམས་ཅད་འཆར། བཅུ་བཞི་ཞེས་བགྱི་བ་རྗེ་དང་འབངས་ལྔ་བཅུ་རྩ་དྲུག་ཡོད། དེ་ལ་ནི་ནང་བློན་དང་གུང་བློན་དང་ཁ་བློན་དང་བར་མཚམས་བློན་མོ་ཞེས་ཀྱང་བྱའོ། །ཉི་མ་དགུ་བརྒྱ་རྩ་གཅིག །ཟླ་བ་དགུ་བརྒྱ་རྩ་གཉིས་ཀྱིས། རི་རབ་ཀྱི་ཕྱི་རོལ་ན་ཡོད་པའི་སྣང་སྲིད་ཐམས་ཅད་ཚིག་ནས་ཅི་ཡང་མི་སྲིད་པ་ལས། རི་རབ་ཀྱི་རིང་ཐུང་ནས་ཡར་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་བྱ་བ་ནི། ཤིང་གི་རྩེ་མོ་རི་རབ་ཀྱི་བུམ་པའི་ནང་ན། ཡུམ་ཆེན་མོ་སྲིད་པའི་རྒྱལ་མོ་དེ། སྐུ་མདོག་མཐིང་ནག་འབར་བ་ལས། དབུ་དང་ཕྱག་ཅིར་ཡང་སྟོན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རལ་པ་ཅན། སྤྱན་གཉིས་གཡས་ནས་ཁྲག་གི་མཆི་མ་འཛག །གཡོན་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་མཆི་མ་འཛག་པ། ཡང་ན་བདུད་རྩིའི་མཆི་མ་ཞལ་ནས་འབྲས་བུ་རྣམ་པ་ལྔའི་བཅུད་འཛག་པ། སྦས་


DNG024_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་གཉིས་ན། གཡས་སྲིད་པ་ཐམས་ཅད་ཀྱི་སྙིང་བཟུང་ནས་རི་རབ་ལ་འཇུས་པ། གཡོན་ན་རྡོ་རྗེ་དང་བྷནྡྷ་བཟུང་ནས་རི་རབ་ལ་འཇུས་པ། སྦས་པའི་ཞབས་གཉིས་ཀྱིས་ནི། གཡས་པས་འཇིག་རྟེན་ན་དབང་ཆེ་བ་རྣམས་ཀྱི་སྙིང་རྩེ་བརྫིས་པ། གཡོན་པས་འཇིག་རྟེན་ན་དབང་ཆེ་བ་ཐམས་ཅད་ཀྱི་སྙིང་རྩ་མནན་པ། གསང་བའི་མཁའ་གེ་སར་གྱི་དབུས་ནས་སྣང་སྲིད་ཐམས་ཅད་འཕེལ་འགྲིབ་མཛད་པས། ཡེ་ཤེས་རང་རིག་ལས་མ་གཏོགས་པ་ཀུན་ཀྱང་མཁའ་སྟེང་དུ་སྡུད་པ། སྤྱི་བོའི་གཙུག་ནས་ཁྲག་གི་རལ་པ་གཅིག་གིས་སྲིད་པའི་མ་མོ་ཐམས་ཅད་དབང་དུ་སྡུད་པའོ། །དེ་ཉིད་ཀྱང་བཛྲ་ཧེ་རུ་ཀས་སྤྱི་གཙུག་ཏུ་ནུབ་པར་བྱིན་གྱིས་བརླབས་པའོ། །དེ་ནི་རི་རབ་ཀྱི་རྩེ་བུམ་པའི་ནང་ན་བཞུགས་པའོ། །དེའི་མདུན་རྒྱབ་ན་སྲིད་པ་ཆགས་བྱེད་མ་དང་ཆ་སྙོམས་མ་གཉིས་གནས་སོ། །ཡུམ་ཆེན་མོའི་ཁོལ་མོ་སྲིད་པ་ཞིག་འཛིན་མ་དང་། སྲིད་པའི་བྱན་བྱེད་གཉིས་ཤིང་གི་རྩ་བ་ན་གནས་ཏེ། རི་རབ་ཀྱི་ཕྱི་རོལ་ན་སྣང་ཞིང་སྲིད་པ་སྐྱེ་འགྲོ་ཐམས་ཅད་གཅིག་ཀྱང་མི་སྣང་བ་ལས། ཡུམ་ཆེན་མོའི་སྐུའི་སྤྲུལ་པ་སྲིད་པའི་བདེ་འགྲོ་མས་སྣང་སྲིད་བསྡུ་བའི་ཕྱིར། འབྱུང་བ་ལྔའི་དྲོད་ལས་སྤྲུལ་པའི་བུ་མོ་དཀར་མོ་ལ་གཡུའི་རལ་པ་ཅན། དཔྲལ་བའི་དབྱེས་ན་མིག་ཟུར་གསུམ་པ་ཡོད་པ་གཅིག །ལྕགས་དང་ཟངས་ཀྱི་མཁར་ནག་ལ། སྙིང་བརྒྱུས་པའི་ཕྲེང་ཞགས་ཅན་གཅིག་སྐྱེས་པ་དེས། ཉི་ཟླ་སྟོང་ཐོད་དུ་བཅིངས་ནས་ཉི་ཟླ་ཟུང་གཅིག་བཏང་བས། གདོང་སྲིད་པ་ཆ་སྙོམས་མོ། །དེ་ནི་ནང་བར་ཉི་མའི་ཟེར་ལ་ཞོན་ནས་མ་མོ་ལྔ་བཅུ་རྩ་དྲུག་དང་བཅས་ནས། དགྲ་སྲོག་ཆམ་ལ་འབེབས་པས། དེའི་དུས་སུ་གཏོར་མ་གཏང་ངོ་། །དེ་ནས་ཉི་ཟླ་སྟོང་གི་ཐོད་ཕྲེང་མ་མོ་ཉིད་གསང་གནས། རི་རབ་ཀྱི་རྨང་དུ་སྦས་པས། ཀཱ་ལ་ཡཀྴ་བྱའི་གདོང་པ་ཅན་གྱིས་ཚོར་ནས། བྱི་བའི་ལོར་ཡིད་ཀྱིས་སྦྱོར་བ་གཅིག་བྱས་པས། གླང་གི་ལོ་ལ་བུ་མོ་སྤུན་བཞི་སྐྱེས་པ་དང་། ཁོལ་མོ་སྲིད་པ་ཆ་སྙོམས་མས་ལྟེ་བ་བཅད་པ་དང་། བུ་མོ་དེ་བཞི་ལ་སོ་སོར་མིང་བཏགས་ཏེ།


DNG024_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཕྱུག་མ་དང་། རྒྱན་གྱི་རྒྱལ་མོ་དང་། བདག་ཉིད་མ་དང་། གཅིག་པུ་མ་དང་བཞིར་བཏགས་སོ། །དེ་བཞིས་སྲིད་པ་ཕུང་བ་གཅིག་བྱས་ཏེ་བསྐལ་པ་ཕྲ་མོ་གཅིག་ཏུ་དབང་བྱས་སོ། །དེ་ནས་ཉི་ཟླ་ཉིད་ཡེ་ཤེས་པ་སྤྲུལ་པ་དང་། སྲིད་པ་བདེ་འགྲོ་མ་དང་གཉིས་ཀྱིས་སྤྲུལ་པ་བཀྱེ་ནས། ཕུང་བྱེད་དེ་བཞིས་ས་མ་སྲོས་ཉི་མ་མ་རྒས་བར་དུ་དགྲ་བོའི་མངལ་ཐམས་ཅད་དབང་དུ་བསྡུས་སོ། །ཧཱུཾ་ལས་སྤྲུལ་པའི་མ་མོ་བཞི། དེའི་དུས་སུ་གཏོར་མ་གཏང་ངོ་། །དེའི་མ་སྲིད་པ་ཆགས་བྱེད་མས་བྱས་སོ། །མིང་པོ་དང་བྱི་པོས་མིང་བཏགས་པ་ནི་རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་སྲིད་པ་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་ཁམས་གསུམ་ཚོགས་པའི་དབང་མོ་ཆེར་མིང་བཏགས་སོ། །བུ་མོ་དེ་བཞིས་མིང་གི་དབང་ཐོབ་ནས་མ་བཞིས་དབང་དུ་བསྡུས་སོ། །སྤྲུལ་པའི་བུ་མོ་དེ་བཞི་དང་། རིགས་ཀྱི་འབྱུང་བ་དེ་བཞིས་ཤིང་གི་ཡལ་ག་ལ་འབྲུག་གི་ལོ་ལ་རྩེ་ཞིང་མཛའ་བ་དང་། མུ་སྟེགས་ཀཱ་ལས་ཚོར་ནས་དམོད་མོ་བོར་བ། མཛའ་ན་རྒྱུག་པ་ཁྱེད་ཅག་རྣམས་ནལ་བུའི་ལྟོ་རུ་ཞུགས་པས་ངོ་ཚ་བའི་བུ་སྐྱེ་བར་ཤོག །ཅེས་དམོས་པ་དང་དམོད་མོ་སྡིགས་ཏེ་སྦྲུལ་གྱི་ལོ་ལ་བུ་མོ་སྤུན་བཞི་སྐྱེས་ཏེ། ཡང་སྲིད་པ་ཆགས་བྱེད་མས་ལྟེ་བ་བཅད་དོ། །དེ་ནས་མ་བཞི་ངོ་ཚ་ནས། རི་རབ་ཀྱི་གྲྭ་བཞིར་སྦས་པ་རྟའི་ལོ་ལ་བལྟ་ཡིས་མི་བྲ་བའི་བུད་མེད་རྫུ་འཕྲུལ་ཆེ་ཞིང་མཚན་དང་ལྡན་པ་བཞིར་དཔལ་ཆེན་པོས་གཟིགས་ནས་ཐུགས་ཀྱི་དགྱེས་སྡེ་གསང་བའི་བྱི་མོར་བཟུང་ངོ་། །དཀར་མོ་མིག་གཅིག་རྒྱས་འདེབས་མ་དང་། ནག་མོ་རལ་ཅན་རྨོངས་བྱེད་མ་དང་། དམར་མོ་དབང་སྒྱུར་ཟ་བྱེད་མ་དང་། སེར་མོ་ལས་མཁན་ཚེ་འཕེལ་མ་དང་བཞིར་མིང་བཏགས་སོ། །དེ་བཞི་ནི་ས་སྲོས་ནས་ཉི་མ་ཤར་གྱི་བར་དུ་རྒྱུ་སྟེ་ཐུན་བཞི་རུ་རྒྱུའོ། །ནག་མོ་རལ་ཅན་ནམ་གྱི་གུང་ལ་དགུ་ཚིགས་ཞོན་ནས་རྒྱུ་བས་དེ་ལ་གཏོར་མ་བཏང་། དམར་མོ་དབང་བྱེད་སྲོད་ལ་གནོད་སྦྱིན་བུ་འཕྲོག་ལ་ཞོན་ནས་རྒྱུ་བས་དེ་ལ་གཏོར་མ་བཏང་། སེར་མོ་ལས་མཁན་བདུད་མི་ཀུན་ལ་ཞོན་ནས་ནམ་གྱི་ཆ་སྨད་ལ་རྒྱུ་བས་དེ་ལ་གཏོར་མ་བཏང་། དཀར་མོ་མིག་གཅིག་སྐྱ་རེངས་ཀྱི་ཟེར་ལ་ཞོན་ནས་རྒྱུ་བས་དེ་ལ་གཏོར་མ་བཏང་། དེ་རྣམས་ཀྱི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་སྲིད་པ་གཞི་འཛིན་གཉིས། ཁྱི་ལོ་དཔྱིད་ཟླ་ར་བའི་ངོ་ལ་ཁྱོ་ཤུག་ཏུ་འདུས་པ་དང་།


DNG024_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་གི་དཔྱིད་ཟླ་ར་བའི་ཟླ་བ་ཉ་ལ་བུ་ཁྱེའུ་གཅིག་སྐྱེས་པ་དང་། ཇོ་མོ་ཉི་མའི་ཐོད་ཕྲེང་ཅན་གྱིས་སྐོས་རྗེ་དྲང་དཀར་དུ་མིང་བཏགས་ཏེ་སྐོས་བདག་ཏུ་དབང་བསྐུར་རོ། །དེ་ནས་སྐོས་རྗེ་དྲང་དཀར་དང་སྲིད་པ་ཆ་སྙོམས་གཉིས་ཁྱོ་ཤུག་ཏུ་འདུས་ཏེ་སྲིད་པའི་སྐོས་བཏབ་བོ། །དེ་གཉིས་ལས་བུ་མོ་སྤུན་དྲུག་སྐྱེས་ཏེ་ཨེ་ཀ་ཛཱ་ཊི་སྤུན་དྲུག་ཡིན་ནོ། །ཁོ་རང་ཡང་བདུད། ཨེ་ཀ་ཛཱ་ཊི་ཡང་བདུད་མོ་ལས་བུ་མོར་མ་བྱས། མིང་སྲིང་དུ་བྱས་ཏེ། ཇོ་མོ་ཉི་མའི་ཐོད་ཕྲེང་གིས་བསྟན་པ་བསྲུང་དུ་བཅུག་སྟེ་སྔགས་སྲུང་ལྕམ་དྲལ་དུ་མིང་བཏགས་སོ། །དེ་ནས་ཡང་རྟའི་ལོ་ལ་བྱི་བྱས་པས་ལུག་གི་ལོ་ལ་བུ་མོ་སྤུན་དྲུག་སྐྱེས་ཏེ། བཞི་ནི་ཁྲོས་པའི་དབང་མོ་ཆེ་བཞིའོ། །སྐོས་བདག་དྲུག་གིས་ཆུང་མར་བླངས་སོ། །ཤར་གྱི་སྐོས་བདག་གཅིག་ནི་བར་སྣང་གི་མ་མོ་དང་འདུས་སོ། །སྲིད་པ་གྲུ་འདེགས་མར་མིང་བཏགས་སོ། །གཅིག་ནི་ཨེ་ཀ་ཙ་ར་མར་མིང་བཏགས་སོ། །ཐུགས་ཀྱི་དགྱེས་སྡེ་མོ་བཞིའི་ཁོལ་མོར་ཡང་ཐོབ་བོ། །ཡང་ལུག་གི་ལོ་ཚེས་བརྒྱད་ཀྱི་ནུབ་མོ་བྱི་བྱས་པས། སྤྲེའུ་ལོ་ཁྱི་ཟླ་བའི་ཚེས་བཅུ་གསུམ་དཔྱིད་ཟླ་ར་བ་བདུད་ཀྱི་ཉི་མ་ལ་བཙས་པས་ཅི་བྱེད་ཅི་རུ་མ་བཏུབ་བོ། །དགྱེས་སྡེའི་ཁོལ་མོ་བཞིའི་མིང་ནི། དཀར་མོ་ཆེན་མོ་མཆེ་བ་ཅན་དང་། སེར་མོ་རྐང་ལྡག་མ་དང་། ནག་མོ་ཁ་གླལ་མ་དང་། དམར་མོ་མཆུ་འཇིབ་མ་དང་བཞིའོ། །དེ་བཞིའི་རིང་ལ་ནི། ཕ་སྐོས་རྗེ་དྲང་དཀར་གནོད་སྦྱིན་གྱིས་ལྕགས་ཐག་ལ་བརྒྱུས། མ་ཡུགས་ཀྱི་གསོན་མོར་ལས་ནས་དེར་སྐྱེ་བའི་རྒྱུད་ཆད། གནོད་སྦྱིན་གྱིས་ཁོའི་མགོ་ཡང་བསྒྱུར་ནས་སེང་གེའི་མགོ་བྱིན་པས་ལུས་ནག་པོར་བསྒྱུར་ནས་བསྟན་པ་སྲུང་དུ་བཅུག །འཁོར་དུ་འགོང་པོ་སྤུན་བདུན་བཏང་ངོ་། །དེ་ན་ལུག་དང་སྤྲེའུ་གཉིས་གཉེན་བྱ་རུ་མི་རུང་ངོ་། །ལུག་དང་སྤྲེའུ་གཉེན་བྱས་ན་རབས་ཆད་ཀྱི་ལོ་བྱ་བ་ཡིན་ནོ། །ཕག་དང་བྱི་བ་གཉེན་བྱས་ན་ཕོའི་ས་རུ་རབས་ཆད་ཀྱི་རོ་དུར་འདེབས། གླང་དང་འབྲུག་གཉིས་གཉེན་བྱ་མི་རུང་ངོ་། །ཁ་སྨྲས་དང་སྒོ་ཁྱི་ཡང་མི་ཆགས། བར་དུ་ལྷ་མི་འཆགས་ཏེ། རི་བསྙིལ་ས་ལྟུང་གི་ལོ་བྱ་བ་ཡིན། སྟག་དང་སྦྲུལ་གཉེན་མི་བྱ། ཁང་རྡིབས་དགྲ་ཁང་ཁྱིམ་ལ་ཞུགས་པའི་ལོ་ཡིན། སྟག་དང་ཕག་གཉེན་མི་བྱ། སྲོག་ཤི་ལུས་གཏོར་གྱི་ལོ་བྱ་བ་ཡིན། བྱ་དང་སྦྲུལ་དུ་འདུས་ལ་ཁ་ཡན་གྱི་ལོ་བྱ་བ་ཡིན་ཏེ་བྱ་ཡུགས་ས་བྱེད་པ་བྱ་བ་ཡིན། བྱ་དང་སྤྲེའུ་གཉེན་བྱས་ན། ཕོ་གཡས་སྟོངས། མོ་གཡོན་སྟོངས་བྱ་བ་ཡིན། ཁྱི་དང་


DNG024_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡོས་བུ་གཉེན་བྱས་ནས་རམ་ཤིང་ཆད་ཀྱི་ལོ་བྱ་བ་ཡིན་ཏེ། སྟག་དང་ལུག་ཏུ་བྱས་ནས་ཤི་ཤིང་ཟད་བྱ་བ་ཡིན། དེ་ནི་རང་ཁ་ཟུག་བྱ་བ་ཡིན་ནོ། །མ་མོ་སྲིད་པའི་བེམ་ལས། སྐྱེ་རྒྱུད་མ་སྲིང་གི་ ལོའི་མཚན་ཉིད་མདོ་ཙམ་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་ལྷ་གཡུང་དྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ་ཆེན་པོ་བདུན་གྱི་ཆུང་མ་སྲིན་མོ་ཆེན་མོ་བདུན་འཇིག་རྟེན་དུ་རབ་ཏུ་གནོད་པ་ལས། ཡུམ་ཆེན་མོའི་ཐུགས་ཀྱི་སྤྲུལ་པ་དབྱིངས་ཀྱི་ཡུམ་དྲུག་གི་སྤྲུལ་པ་ནང་བློན་དྲུག །གསང་བ་བསྡུས་པའི་མ་མོ། དེ་ལྟར་བཏུལ་ནས་ནང་གི་བློན་མོར་བྱས་སོ། །གསང་བ་བསྡུས་པས་ནི་ཉི་ཟླ་ཐོད་ཕྲེང་ཅན་ནོ། །དེ་ནས་རྒྱན་གྱི་རྒྱལ་མོ་དང་ཡ་བདུད་རྒྱལ་མོ་གཉིས་བྱི་བའི་ལོ་ལ་ནལ་བྱས་པ་ལས། ཕག་གི་ལོ་བུ་བཙས་པ་ལས། ལོ་ཡར་ནུར་བ་ལས། ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་དང་། འདོད་ཁམས་ལྷའི་གཙོ་མོ་གཉིས་མཚེ་མར་སྐྱེས་པ་ལས། དེ་ནས་ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་ཞེས་པ་དང་། བདག་ཉིད་མ་གཉིས་ཤིང་ནལ་བྱི་ས་ལའི་རྩེ་མོར་ལུག་གི་ལོ་ལ་མཛའ་ན་བརྒྱུགས་པས། བདག་ཉིད་མའི་རྟིང་པ་ལ་ཁྲག་ཙ་རེ་འདུག་པ་མཐོང་སྟེ། སྐྱུག་བྲོ་ནས་མཆིལ་མ་གཅིག་ཁྲག་ལ་བོར་བས། ཁྲག་དང་མཆིལ་མ་འདྲེས་པའི་བུ་མིང་སྲིང་གཉིས་སྐྱེས་པས་སྤྲེའུའི་ལོ་ལ་གནམ་ཁྱི་དཀར་པོ་སྐྱེས་སོ། །སྲིང་མོ་ས་བདག་པདྨའི་ཕྲེང་ཡིན་ཏེ། མ་སྤྱུགས། ཕ་རི་མ་ལ་ཡར་བྲོས་པས། བུ་མིང་སྲིང་ནི་དམ་སྲི་དང་རྒྱལ་པོར་གྱུར་ཏོ། །ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་སྙིང་ན་གནས་ལོ་ངན་པ་ལུག་དང་སྤྲེའུའི་ལོ་བྱི་བྱས་པས། ལུག་གི་ལོ་ལ་མིང་པོ་ཤེལ་གིང་དཀར་པོ་སྐྱེས་སོ། །སྲིང་མོ་ནི་པདྨ་གར་གྱི་དབྱིངས་ཕྱུག་མ། དེ་ནས་ཤེལ་གིང་དང་པདྨ་གར་གྱི་དབང་ཕྱུག་མ་གཉིས་མིང་སྲིང་ནལ་བྱས་པས། བུ་འགོང་པོ་སྤུན་དགུ་སྐྱེས་སོ། །དེས་ན་མི་རུང་བ་ཡིན་ནོ། །དེ་ནས་ཨེ་ཀ་ཛཱ་ཊིའི་མིང་ནི་མ་མོ་ཡོངས་ཀྱི་ཚོགས་བདག་མོ་ཞེས་བྱའོ། །གྲུ་འདེགས་མ་བཞི་ནི་ཧར་ཏིང་དཀར་མོ་དང་། དུན་ཏིང་ནག་མོ་དང་། ཤནྟིཾ་དམར་མོ་དང་། གྲུབ་ཏིང་སེར་མོ་དང་བཞི་ནི་ཉི་མ་ཕྱེད་ན་རྒྱུ་སྟེ། དེའི་དུས་སུ་གཏོར་མ་གཏང་ངོ་། །སྤྱིར་མ་མོའི་དཀྱིལ་འཁོར་བརྒྱད་ཡོད་དེ། ཡུམ་ཆེན་མོའི་དཀྱིལ་འཁོར་ནི་སྣང་སྲིད་རྫོགས་ལྡན་མཆོག་གི་དཀྱིལ་འཁོར་ཞེས་བྱའོ། །དཀར་མོ་མིག་གཅིག་མ་ནི་ཉི་ཟླ་འོད་ལྡན་གྱི་དཀྱིལ་འཁོར་ཞེས་བྱའོ། །ཁྲོས་པའི་དབང་ཆེན་བཞི་ནི་སྙིང་རྗེ་བྱམས་ལྡན་གྱི་དཀྱིལ་འཁོར་རོ། །


DNG024_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་མིག་གཅིག་ལ་སོགས་བཞི་ནི་གསང་བ་དགྱེས་པའི་དཀྱིལ་འཁོར་རོ། །དབྱིངས་ཕྱུག་མ་ནི་ཕུང་བྱེད་སྦས་པའི་དཀྱིལ་འཁོར་རོ། །ཁྲོས་པའི་དབང་མོ་ཆེ་བཞི་ནི་སྐྱེ་འགྲོ་ཡོངས་སུ་སྐྱོང་བའི་དཀྱིལ་འཁོར་རོ། །དེ་ནི་བདུད་རྩི་བུམ་པ་དང་འདྲའོ། །ཐུགས་ཀྱི་དགྱེས་སྡེ་མ་བཞི་ནི་གེ་སར་ཡོངས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །སྲིད་པ་ཆ་སྙོམས་ནི་མཉམ་བྱེད་ཆེན་མོའི་ཚོགས་སོ། །སྲིད་པའི་གྲུ་འདེགས་ནི་གླིང་བཞི་སྤྱིའི་ཚོགས་སོ། །ཨེ་ཀ་ཛཱ་ཊི་ནི་ཕོ་ཉ་ཀུན་གྱི་ཚོགས་སོ། །དམག་གི་རྒྱལ་མོ་བཞི་ནི་དྲི་ཟ་ལ་སོགས་པའི་རིགས་སོ་སོའི་ཚོགས་སོ། །འདོད་ཁམས་ལྷའི་གཙོ་མོ་ནི་བུད་མེད་ནག་མོའི་ཚོགས་སོ། །རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་པདྨ་གར་གྱི་དབང་ཕྱུག་མ་གཉིས་ཉུལ་བྱེད་ཆེན་མོའི་ཚོགས་སོ། །རིན་ཆེན་སྲིད་འདེགས་མ་དང་གླིང་བཞི་སྤྱི་ཕུད་མ་ནི་སྨན་ཕྲན་གཙོ་མོའི་ཚོགས་སོ། །ཨེ་ཀ་ཛཱ་ཊིའི་བུ་མོ། ཨེ་ཀ་ཛཱ་ར་བསམ་ནས། ཇོ་མོ་ཀུན་གྱི་ནང་ན་བདག་གི་ཇོ་མོ་བཞི་ཁུད་པར་དབང་ཆུང་བས། ཁོལ་མོའི་ནང་ན་བདག་ཅག་དབང་ཆུང་བས་ནང་འཐབ་ཅིག་བྱ་སྙམ་པ་ལས་བུ་མོ་གཅིག་པུ་མས་བྱི་སྣ་བྱས་ཏེ་རྒྱ་མཚོ་གཏིང་ནས་ཆུ་སྲིན་གྱི་རྒྱལ་པོ་ཀུ་བེ་ར་མ་ཀ་རབ་བཀུག་སྟེ། དུག་ཤིང་གདུག་པ་ཅན་གཅིག་གི་གམ་དུ་ཉལ་པོ་བྱེད་དུ་བཅུག་པའི་བུ། འབྲུག་གི་ལོ་ལ་བུ་དཀར་པོ་མིག་གཅིག་པ་བྱ་བ་སྐྱེས་ཏེ། སྲིན་མོ་ནག་མོ་ཁྲག་འཛག་མ་བྱ་བ་སྐྱེས། ནད་གཏོང་བས་མིང་ནི་ལྷ་མོ་ནག་མོ་ཞེས་བྱའོ། །དེ་ནས་མིང་པོས་མའི་མཐུ་དང་གཟི་བྱིན་ཕྲོགས་ཏེ་འཇིག་རྟེན་ཡོངས་ཀྱི་མཐུ་ཡང་རྐུ་བར་བགྱིས་པས་སྲུ་མོ་ཨེ་ཀ་ཛཱ་ཊིས་ཚོར་ཏེ་ཇོ་མོ་ཁྲོས་པའི་དབང་མོ་ཆེ་ལ་ཞུས་ནས། རྗེས་འབངས་ལ་བསྒྲལ་བའི་ལས་བྱས་པས་མི་གཅིག་གི་ཁོང་ནས་ཙིཏྟ་བཅུ་བྱུང་བ་ལས། གཅིག་སྙིང་གི་བདག་པོ་ལ་སྦྱིན། དགུ་ལ་གསུམ་རྒྱལ་ཐེའུ་ཁྲ་བོ་དང་། ཏྲི་ཤང་ཀ་ར་དང་། གནོད་གཏོར་དང་གསུམ་སྟེ་རྒྱལ་པོའི་རིགས་ལ་གནོད་དེ། གསུམ་ལ་བར་ཐེའུ་སྨུག་པོ་དང་། ལེགས་ཐེའུ་ཁྲ་བོ་དང་། ས་ཐེའུ་ནག་པོ་གསུམ་སྟེ་ཡོངས་ཀྱི་མི་ལ་གནོད་དོ། །གསུམ་ནི་ཕྱོགས་བཅུར་གྱུར་ཏེ་བྲག་སྲིན་དང་ཤིང་སྲིན་དང་ཆུ་སྲིན་གསུམ་དུ་གྱུར་ཏོ། །དགུ་ཅར་རྐང་པ་ཡ་རེ་བཅག་ནས། གནམ་ཁྱི་དཀར་པོ་འཁོལ་དུ་བཅུག་གོ། །དེ་ནས་ཨེ་ཀ་ཛཱ་ཊི་འབྲུག་གི་ལོ་ལ་ལུས་མ་བདེ་ནས་མཉེས་བཙིར་བ་ལས། བུ་གདོང་སོག་པོ་མིག་ལོང་བ་ལ། ལུས་སྤྱང་ཀི་ལ་ཁོག་པ་ན་སྙིང་གསུམ་ཡོད་པ་གཅིག་སྐྱེས་པ་ལས། དེ་


DNG024_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སུ་ལ་ཡང་ཆ་མེད་པ་ལས། དགྲ་བོའི་སྙིང་འབྱིན་པ། བྱམས་པ་ལ་ལན་ལྡོན་པ་ཞིག་འོང་སྙམ་ནས། སུ་ལ་ཡང་མེད་པ་རུང་སྙམ་ནས་དགའ་ཞིང་འདུག་པ་ལས། ཇོ་མོ་ཉི་མའི་ཐོད་ཕྲེང་གིས་ཚོར་ནས་ཤེལ་གེལ་ཁོལ་པོར་བྱིན་ནས་གཏང་ངོ་། །མ་མོ་སྲིད་པའི་བེམ་ལས། སྲིད་པ་པོ་དང་མོ་རྒྱུད་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།། །།གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་འཇོམས་པའི་ལྷ། །འདྲེན་ཅིང་འགུགས་པའི་སྔགས་རྣམས་ཇི་ལྟར་ལགས། །ཞེས་གསོལ་ཏོ། །ཡང་བཀའ་སྩལ་པ། ཧཱུཾ་ཧཱུཾ་བཛྲ་ནན་ཏི་ཕཊ། མ་ཀ་དུན་ཏིང་བྷྱོ། ཨོཾ་མུ་ཏིང་བྷྱོ། བ་ཤན་ཏྲི་ནི་ག་མུ་དུན་ཏི་ནི། ཨོཾ་ཨ་སཱུརྱ་བི་ཏོ་ཨ་ཏོ་ཡེ་པདྨ་བྱི་ཏོ་ཨ་ཏོ་ཡེ། ཁ་རག་བྱི་ཏོ་ཨ་ཏོ་ཡེ། སྲིད་འགྲོ་བྱི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་ཀེ་མ་ཀེ་མ། ཨོཾ་བཛྲ་ཏ་ཀེ་མ་ཏ་ཀེ་མ། བཛྲ་ནཱི་ལ། བཛྲ་ན་ལ། བཛྲ་ད་ལ། བཛྲ་མནྡ། ཨོཾ་བཛྲ་གྲམ་བུ་ལ། མུར་ཤིང་། ཨོཾ་བཛྲ་སྙིང་ཁ་རག་ཁ་རན་སྙིང་། ཏྲག་རཀྴ་མུར་ཙག་ཤ །ཏྲག་རཀྴ་མུ་ཏྲ་བཾ། ཁུང་མུ་ཏམ། ཏྲག་རཀྴ། བྲ་བན་ཀར། ཀ་ཏིཥྛ་བྷྱོ། ཕྲ་ཤ་བྷྱོ། ཕྲ་ཤི་ཤང་གྱི་ཤ་བྷྱོ། ཧཱུཾ་ཀ་རི་ཀ་མ་རོ། ནམ་ལ་ཚུར་མི་ཏ་ཁ་ཏོང་ཏ། ད་ལ་ཙ་ད་ལ་ཙ་ལ། པདྨ་ཙནྜ་བྷྱོ། གུ་མུ་རཀྟོ། ཏིང་སཾ་དང་སཾ། ཨེ་ཨར་ལི་བུ་བྱི་རུ་རུ་ལུ་རུ་ལུ། བྷྱོ་བྷྱོ་བྷྱོ་རུ་རཀྴ། ཨོཾ་ཨ་མྲྀ་ཏ་བྷྱོ། ཏིང་བྷྱོ་ཏིང་བྷྱོ། པྲ་ཏིང་བྷྱོ། མུ་ཏིང་བྷྱོ། ཤན་ཏིང་བྷྱོ། དུན་ཏིང་བྷྱོ། རཀྟིང་བྷྱོ། ཧར་ཏིང་བྷྱོ། གྲུབ་ཏིང་བྷྱོ། ཏེ་ཨེ་ཏིང་ཏ་བྷྱོ། ཨ་བར་བྷྱོ། ད་ལ་དུན་བྷྱོ། ནི་ལ་མ་མ་ཀ་སང་མ་བྷྱོ། དབང་ཕྱུག་མ་བསྐྱེད་པ་ནི་བྷྱོ་ཉི་ཤུ་རྩ་བརྒྱད་དོ། །དེ་ནི་མ་མོའི་འགུགས་འདྲེན་ཡིན། །ཞེས་གསུངས་སོ། །མ་མོ་སྲིད་པའི་བེམ་ལས། འགུགས་འདྲེན་སྔགས་ཀྱི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་འཇོམས་པའི་སྟོབས་ཀྱི་ལྷ། །སྲིད་པའི་དབང་ཆེན་འདི་དག་ཀུན། །བསྙེན་བསྒྲུབ་བཅོལ་ན་ཇི་ལྟར་བགྱི། །ཞེས་གསོལ་ཏོ། །ཡང་བཀའ་སྩལ་པ། བསྙེན་བསྒྲུབ་བསྐུལ་བའི་ཚིགས་རྣམས་ཀུན། །ངས་གསུངས་ཀུན་གྲགས་ཐེ་ཚོམ་མེད། །ཧཱུཾ་སྲིད་པའི་རྒྱལ་མོ་སྐུ་བཞེངས་ཤིང་། །དབུ་ནི་དཔག་བསམ་ཤིང་གི་བུམ་པ་ལ། །སྐུ་ནི་རི་རབ་གཏོས་ཡིན་ཏེ། །མ་མོ་ཁྱོད་ཀྱི་མཚན་ཉིད་ནི། །འབྱུང་བ་ལྔ་ལས་གྲུབ་པ་མོ། །ཁྱོད་ཀྱི་སྐུ་ཡི་དཀྱིལ་འཁོར་ནས། །འགྲོ་བ་རིགས་དྲུག་ཁྱོད་ལས་འཆར། །ཁྱོད་ཀྱི་སྐུ་སྟོད་གཡས་གཡོན་ནས། །ལྷ་དང་ལྷ་མིན་གཡུལ་ངོ་


DNG024_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད། །མཚོན་ཆ་གོ་ཆའི་ན་བུན་ལ། །ལྷ་དང་ལྷ་མིན་འཐབ་མོ་འགྱེད། །ལྷ་རྣམས་རྒྱལ་ཏེ་ལྷ་མིན་ཕམ། །དོ་ནུབ་མི་དང་འདྲེ་རུ་འཐབ། །ལྷ་ཡི་མཐུ་དཔུང་མ་ཆུང་ཞིག །མ་མོ་ཁྱོད་ཀྱི་ལྟེ་བ་ནས། །དུག་གསུམ་འཁོར་བ་གཏི་མུག་ཕག །མུན་ལྟར་གཏིབས་པའི་ན་བུན་ལས། །འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་། །དེ་ཡང་མ་མོ་ཁྱོད་ཀྱི་ལྟོ། །གཏི་མུག་ལས་ཀྱིས་མ་རྟོགས་ནས། །འདོད་པའི་མ་མོ་ཐུགས་དང་འགལ། །སྲིད་གསུམ་ནད་རྣམས་བྷྱོ་ཞིང་ཟློག །བྷྱོ་བཟློག་ཆེན་པོས་ཁ་སྒྱུར་ལ། །རྡེའུ་ཐབས་ཅིག་ཀྱང་དེར་བཟློག་ཅིག །མ་མོ་ཁྱོད་ཀྱི་ལྟེ་བ་ནས། །ཞེ་སྡང་ཆེན་པོ་མེ་ལྟར་འབར། །མེ་ལྟར་འབར་བས་སྙིང་པོ་ཚིགས། །མ་རྟོགས་འཁྲུལ་པའི་ཞེ་སྡང་མེས། །འདོད་པའི་མ་མོས་བཀའ་བཀྱོན་སྐད། །སྲིད་གསུམ་ནད་ཀྱིས་སྡུག་བསྔལ་འབར། །ནད་རྣམས་བཟློག་ལ་ཟོར་ཁ་བྱོལ། །མ་མོ་ཁྱོད་ཀྱི་སྐུ་ཡི་ལྟེ་བ་ནས། །འདོད་ཆགས་འཁོར་བ་ཆུ་ལྟར་འཁྲུགས། །འདོད་ཆགས་གཟུགས་སུ་བྱ་བྱུང་སྟེ། །མ་རྟོགས་འཁྲུལ་པས་རྩ་བའི་དམ་ཚིག་ཉམས། །འདོད་པའི་མ་མོ་ཐུགས་དང་འགལ། །སྲིད་གསུམ་ནད་རྣམས་ད་བཟློག་ཅིག །ཟོར་ཁ་བཟློག་ལ་བྱོལ་ཁ་སྒྱུར། །དམྱལ་བ་རྣམས་ཀྱང་སྲོག་ལ་ཆགས། །མ་མོ་དམ་ལ་མི་ཆགས་སམ། །ཡི་དྭགས་རྣམས་ཀྱང་བཟའ་བཏུང་གོས་ལ་ཆགས། །མ་མོ་རྫས་ལ་མི་དགོངས་སམ། །སྐོ་ལེ་མི་ཡང་འདོད་པའི་རྫས་ལ་ཆགས། །མ་མོ་མདོས་དང་ཡས་ལ་མི་དགོངས་སམ། །ལྷ་མ་ཡིན་ཡང་གོ་མཚོན་དྲུག་ལ་ཆགས། །མ་མོ་མདོས་དང་ཡས་ལ་མི་ཆགས་སམ། །ལྷ་ཡང་ལོངས་སྤྱོད་རྫས་ལ་ཆགས། །མ་མོ་མདོས་ལ་མི་དགོངས་སམ། །འདོད་པའི་མ་མོ་ཚུར་གསོན་ཅིག །བདེ་བ་ཆ་སྙོམས་ཚུར་གསོན་ཅིག །དབུ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །གཡས་ན་བྷནྡྷ་ལྕང་ལོ་བསྣམས། །གཡོན་ན་རུ་དར་རྩེ་ལ་འཕྱར། །སྐུ་ལ་མུ་མེན་ཤེལ་གྱི་གོ་ཟུ་གསོལ། །ཡིད་ལས་སྤྲུལ་པའི་མ་མོའི་ཚོགས། །དབྱིངས་ཀྱི་ཡུམ་ཆེན་མདངས་ལྡན་མ། །ཁམས་གསུམ་འཁོར་བའི་ཞེན་ཆགས་ཐོང་། །མདོས་བདག་ཆེན་མོ་བདེ་བའི་ཆ་སྙོམས་མ། །དེ་ཡང་རྒྱལ་མོ་ཁྱོད་ལགས་མོད། །མདོས་བདག་ནི་མདོས་ལོང་ལ། །


DNG024_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་བདག་ནི་གླུད་བཞེས་ཤིག །འདོད་པའི་མ་མོ་ཚུར་གསོན་ཅིག །ཡིད་འོང་རྒྱལ་མོ་སྲིད་པ་སྐྱེ་འགྲོའི་བདག །སྐུ་མདོག་གཡས་སེར་གཡོན་དམར་དབུས་སྔོ་ཞིང་། །ན་བཟའ་རྨ་ལོ་མཛེས་པ་གསོལ། །གཡས་ན་བྷནྡྷ་ལྕང་ལོ་བསྣམས། །གཡོན་ན་བྷནྡྷ་སྨུག་པོ་བསྣམས། །དེ་ཡང་རྒྱལ་མོ་ཁྱོད་ལགས་མོད། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །འདོད་པའི་མ་མོ་ཚུར་གསོན་ཅིག །འཁོར་ལོ་ཚིམས་བྱེད་འདོད་ཆགས་མ། །སྐུ་ནི་རིན་ཆེན་ཨིནྡྲ་ནཱི། །གཡས་སྔོ་གཡོན་དམར་དབུས་དཀར་ཞལ། །ཕྱག་ན་བྷནྡྷ་ལྕང་ལོ་བསྣམས། །གཡོན་ན་བ་དན་དམར་པོ་འཕྱར། །རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། །དེ་ཡང་རྒྱལ་མོ་ཁྱོད་ལགས་མོད། །མདོས་བདག་ཆེན་མོ་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །མདོས་བདག་ཆེན་མོ་ཚུར་གསོན་ཅིག །འགྲོ་བ་སྒྲོལ་བྱེད་མཁའ་འགྲོ་མ། །གཡས་སེར་གཡོན་དམར་དབུས་དཀར་ཞལ། །ན་བཟའ་ཆུ་སྲིན་གཡང་གཞི་གསོལ། །གཡས་པ་བྷནྡྷ་ལྕང་ལོ་བསྣམས། །གཡོན་ན་དར་ནག་རུ་མཚོན་འཕྱར། །འདི་ཡང་རྒྱལ་མོ་ཉིད་ལགས་མོད། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །འདོད་པའི་མ་མོ་ཚུར་གསོན་ཅིག །འཁོར་བ་ཆགས་པས་ཚིམ་མཛད་མ། །སྐུ་ལ་ཞིང་ཆེན་གཡང་གཞི་གསོལ། །ཀུན་ཀྱང་མི་བཟད་འབར་བའི་སྐུ། །གཡས་དམར་གཡོན་དཀར་དབུས་ལྗང་ཞལ། །ཁྲག་ཆེན་འབར་བའི་རལ་པ་ཅན། །གཡས་ན་བྷནྡྷ་ལྕང་ལོ་བསྣམས། །གཡོན་པ་བ་དན་ལྗང་ནག་འཕྱར། །དེ་ཡང་རྒྱལ་མོ་ཁྱོད་ལགས་མོད། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །འདོད་པའི་མ་མོ་ཚུར་གསོན་ཅིག །སྐུ་ནི་མི་བཟད་མཐིང་ནག་སྐུ། །ན་བཟའ་ཞིང་ཆེན་གཡང་གཞི་གསོལ། །གཡས་ནག་གཡོན་མཐིང་དབུས་


DNG024_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ཞལ། །གཡས་ན་བྷནྡྷ་ལྕང་ལོ་བསྣམས། །གཡོན་ན་བ་དན་ཁྲ་བོ་བསྣམས། །མ་མོ་ཆེན་མོ་དྲུག་པོ་ཡང་། །གདན་དུ་ཞིང་ཆེན་བསྣོལ་མ་བཏིང་། །ཀུན་ཀྱང་མེ་རི་སྨུག་ནག་ནང་ན་བཞུགས། །རྒྱལ་མོའི་ཐུགས་ལས་སྤྲུལ་པ་མོ། །ཀུན་ཀྱང་རྒྱལ་མོ་ཉིད་ལགས་ཏེ། །འཁོར་བ་རྔམ་པའི་མདངས་ཀྱིས་འཁོད། །དབྱིངས་ཀྱི་རྒྱལ་མོ་དྲུག་པོ་ལ། །འདབ་ཆགས་རྒྱལ་མོ་མཁའ་ལྡིང་དྲུག །གར་དང་བཅས་ཏེ་རྒྱལ་མོ་དྲུག་ལ་འབུལ། །གཤོག་ཆགས་རྒྱལ་མོ་ཁྱུང་ཆེན་དྲུག་པོ་ལ། །མཛེས་པའི་བཙུན་མོ་དྲུག་ཞོན་པ། །རྒྱལ་མོ་དྲུག་ལ་གླུད་དུ་འབུལ། །གཅན་གཟན་རྒྱལ་པོ་གྭ་དོར་དྲུག་པོ་ལ། །སྐྱེས་པ་ཆས་བཟང་དྲུག་ཞོན་ལ། །རྒྱལ་མོ་དྲུག་ལ་གླུད་དུ་འབུལ། །ལྷ་ཡི་སྤྲུལ་པ་རྒྱལ་པོ་དྲུག །འཁོར་དང་གཡོག་བཅས་གླང་ཆེན་དྲུག་ཞོན་པ། །རྒྱལ་མོ་དྲུག་ལ་གླུད་དུ་འབུལ། །ཤིང་རིས་ཀྱི་འཕན་བཟངས་ལ། །མཛེས་པའི་རི་དྭགས་རྒྱལ་པོ་དྲུག །སྣ་ཚོགས་དར་སྣས་མཛེས་པར་བརྒྱན། །བློན་པོ་དྲུག་དང་བཅས་པ་ལས། །ཉི་ཟླ་མཛེས་པ་བཀྲ་ཡལ་ཡལ། །བྱ་ལྡིང་ནི་ནམ་མཁའ་ལ་འཕྱོ། །ཤང་ཤང་ནི་གར་བསྒྱུར་བ། །བྱ་སྐད་ནི་དི་རི་རི། །ལོགས་ལ་ཤ་དགོ་རྨིག་བཞི་རྒྱུ། །ཡ་མཚན་རྨད་ཀྱི་དཀོར་ཆ་འདི། །རྒྱལ་མོ་དྲུག་ལ་གླུད་དུ་འབུལ། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །རྒྱལ་མོ་ཆེན་མོ་ཁྱེད་དྲུག་ཀྱང་། །མངའ་བདག་ཇོ་མོའི་སྤྱན་སྔར་དམ་བཅས་ནས། །འདོད་པའི་གཏེར་ལ་སྤྱོད་དོ་སྐད། །སྲིད་པའི་བྱོལ་བཟློག་མདོས་འདི་བཞེས། །དང་པོ་དམུ་དང་ཕྱ་རུ་འཐབས། །དེར་ཡང་རྒྱལ་པོ་འོད་ལྷ་ཡིས། །དམུ་ཡི་གཡུལ་ངོ་དེར་བཟློག་གོ། །དེ་ནས་ལྷ་དང་ལྷ་མིན་འཐབས། །ལྷ་མ་ཡིན་གྱི་གཡུལ་ངོ་དེར་བཟློག་གོ། །དེ་ནས་མི་དང་འདྲེ་རུ་འཐབས་པ་ལས། །མི་ཁ་ལྷས་བཟུང་འདྲེ་སྲིན་ཕམ། །དོ་ནུབ་འདྲེ་ཡི་གཡུལ་ངོ་བཟློག །ཞེ་སྡང་རྩད་ནས་གཅད་པའི་ཕྱིར། །ཞེ་སྡང་སྦྲུལ་གྱིས་ཐུགས་དམ་བསྐང་། །འདོད་ཆགས་རྩད་ནས་བཅད་པའི་ཕྱིར། །འདོད་ཆགས་


DNG024_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡིས་ཐུགས་དམ་བསྐང་། །གཏི་མུག་རྩད་ནས་བཅད་པའི་ཕྱིར། །གཏི་མུག་ཕག་གིས་ཐུགས་དམ་བསྐང་། །ང་རྒྱལ་རྩད་ནས་བཅད་པའི་ཕྱིར། །རྒྱལ་མོ་དྲུག་གིས་ཐུགས་དམ་བསྐང་། །ཕྲག་དོག་རྩད་ནས་བཅད་པའི་ཕྱིར། །འགྲོ་དྲུག་གཟུགས་ཀྱིས་ཐུགས་དམ་བསྐང་། །ཉོན་མོངས་དུག་ལྔ་མེ་རུ་འབར། །འདི་ཡང་རྒྱལ་མོ་ཁྱོད་ཀྱི་དུག །རྒྱལ་མོ་རྣམས་ཀྱི་དུག་ནད་འདི། །གསངས་སོ་དུག་ལྔའི་ནད་སོས་ནས། །རྒྱལ་མོ་ཡང་དག་དོན་དང་ལྡན་པར་བསྐང་། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །སྐུའི་གླུད་འབུལ་ལོ། །རང་གི་ཚད་འཇལ་ལོ། །མ་མོ་སྲིད་པའི་བེམ་ལས། རྒྱལ་མོ་དྲུག་གི་བསྐང་བའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་མོའི་འཁོར་གྱི་བློན་མོ་རྣམས། །དེ་ལ་ནན་ཏན་ཇི་ལྟར་བགྱི། །ཞེས་གསོལ་ཏོ། །ཡང་བཀའ་སྩལ་པ། མི་སྲུན་མ་མོ་ཆེན་མོ་རྣམས་ལ་ནི་དྲག་ཏུ་ནན་ཏན་བསྐྱེད་ཅིང་། དེ་རྣམས་ནི་ཤིན་ཏུ་གདུག་པའི་མ་མོ་ཡིན་ནོ། །ཞེས་གསུངས་སོ། །ཧཱུཾ་འདོད་པའི་མ་མོ་ཚུར་གསོན་ཅིག །དབང་བསྒྱུར་ནང་བློན་ཆེན་མོ་དྲུག །དེ་རིང་མིང་པོས་མདོས་གཏོང་གིས། །སྲིན་མོ་ནང་བློན་མདོས་ལོངས་ཤིག །ནམ་མཁའི་ཁམས་ཀྱི་དབྱིངས་ཕྱུག་མ། །སྔོན་མོ་ཁྲོ་གཉེར་རལ་པ་ཅན། །མི་མགོ་ཐོད་པའི་ཕྲེང་བས་བརྒྱན། །ན་བཟའ་སྡིག་པའི་གཡང་གཞི་གསོལ། །དར་ནག་རུ་མཚོན་ཕྱག་ན་བསྣམས། །བདུད་ཀྱི་ཡུལ་ནས་ཕྱག་བརྙན་གཏོང་། །ནང་བློན་ཆེན་མོ་དབྱིངས་ཕྱུག་མ། །ཆིབས་སུ་གློག་མོ་གྱ་གྱུ་བཅིབས། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །འདོད་པའི་མ་མོ་ཚུར་གསོན་ཅིག །འབྱུང་བ་ལྔ་ཡི་ནི་བཅུད་འབྱིན་མ། །ན་བཟའ་མཐིང་བེར་ནི་མཛེས་པ་ལ། །མུ་མེན་ཤེལ་གྱི་ནི་ཁ་ཆག་ཅན། །ཕྱག་ན་ཞིང་ཆེན་རྒྱལ་མཚན་འཕྱར། །ཆིབས་སུ་རྩངས་པ་མགོ་དགུ་


DNG024_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བཅིབས། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །འདོད་པའི་མ་མོ་ཚུར་གསོན་ཅིག །མ་མོ་ཆེན་མོ་ཀར་ཏིང་ཤགས། །སྐུ་དཀར་མོ་ནི་ཙེ་རེ་རེ། །གཡུ་ཡི་ལན་ཚར་ནི་སྐེ་སོར་སླེབས། །ན་བཟའ་དར་དཀར་གྱི་གོ་ཟུ་ལ། །གསེར་གྱི་རྡོ་རྗེའི་ཁ་ཆག་ཅན། །མེ་ཏོག་མཛེས་པའི་ག་ཤ་ཅན། །ཆིབས་སུ་བྱ་རྒྱལ་ཁྱུང་ལ་བཅིབས། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །འདོད་པའི་མ་མོ་ཚུར་གསོན་ཅིག །དུས་གསུམ་མི་འགྱུར་གློག་ཕྲེང་ཅན། །སྐུ་མདོག་ཅིར་ཡང་མ་ངེས་ཏེ། །ན་བཟའ་ཆུ་སྲིན་གཡང་གཞི་གསོལ། །ཕྱག་ན་མགོ་བོའི་རྒྱུད་མངས་བསྣམས། །གསང་བའི་སྤྱུགས་གླུ་ཙེ་རེ་རེ། །ལས་སུ་སེམས་ཅན་སྲོག་ལ་རྒོལ། །བདུད་དང་སྲིན་པོ་མུ་སྟེགས་འདུལ། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །འདོད་པའི་མ་མོ་ཚུར་གསོན་ཅིག །ཉུལ་ལེ་ཆེན་མོ་ཧར་ཏིང་ཤགས། །ཤ་ཁྲག་དམར་ལ་མངའ་མཛད་མ། །ན་བཟའ་མི་ལྤགས་གཡང་གཞི་གསོལ། །ཕྱག་ན་བེ་ཅོན་དགྲ་སྟྭ་བསྣམས། །ཆིབས་སུ་མ་ཀེང་ཅང་ཤེས་བཅིབས། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །དིང་ཏིང་སྔོན་མོ་གཟི་བརྗིད་འོད་གསལ་བ། །སྐུ་མདོག་དམར་ནག་འབར་བ་ལ། །ན་བཟའ་མཆོག་གི་གཡང་གཞི་གསོལ། །ཆིབས་སུ་ཟངས་ཀྱི་ཀེའུ་ལེ་བཅིབས། །ལས་སུ་བདུད་ཀྱི་ཁ་དཔོན་མཛད། །ཁོལ་དུ་སྲིན་མོ་མགོ་དགུ་འགྱེད། །ཕྱག་ན་གསོད་བྱེད་འཁོར་ལོ་བསྣམས། །སྡིག་པ་ནག་པོའི་ལྟས་ངན་གཏོང་། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །ལྷ་མོ་མི་ཟ་བྲག་གྱོན་མ། །གུང་བློན་ཆེན་མོ་མདོས་ལོངས་ཤིག །མེ་ཏོག་མདངས་ཀྱི་རྒྱལ་མོ་ནི། །སྲིན་མོ་ཡི་ནི་སྲོག་རྐུན་མོ། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །སྲིད་པའི་གཡུལ་ཟློག་མ་མོ་གུང་བློན་མ། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་


DNG024_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་བཞེས་ཤིག །འོད་ལྡན་རྒྱལ་མོ་སྲིད་པའི་མངའ་བདག་མོ། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །ནང་བློན་གུང་བློན་མ་མོ་བདུན་ཅུ་རྩ་བརྒྱད་པོ། །ཀུན་གྱི་མིང་ནས་ཕྱུང་ཞིང་མདོས་བདག་ཅེས་ཀུན་ལ་འགྲེས་སོ། །མ་མོ་སྤྱི་ཀུན་ཀྱང་མ་མོ་བརྒྱ་རྩ་བརྒྱད་དུ་མ་གཏོགས་མེད་དོ། །མ་མོ་སྲིད་པའི་བེམ་ལས། མདོས་བསྔོ་བའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་འཇོམས་པའི་ལྷ། །རྟག་པའི་རྒྱལ་མོ་དྲུག་པོ་ལ། །མདོས་ཀྱི་བསྐང་བ་ཇི་ལྟར་བརྗོད། །ཅེས་གསོལ་ཏོ། །ཡང་བཀའ་སྩལ་པ། རྟག་པའི་རྒྱལ་མོ་དྲུག་པོ་ལ། །ཚེ་དང་དབང་ཐང་སྐྱེད་པའི་ཕྱིར། །ཚིག་གིས་བསྐུལ་བ་འདི་སྐད་བརྗོད། །ཅེས་གསུངས་སོ། །ཧཱུཾ་སྲིད་པའི་བདེ་འགྲོ་ཁམས་གསུམ་ཡུམ་མཆོག་མ། །ཕྲ་མེན་རྒྱ་མཚོ་སྐུ་བསྐྱོད་ཅིག །ཡུམ་ཆེན་ཉིད་ལས་སྐུ་སྤྲུལ་མ། །དབུ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །སྤྱན་ནི་ཁྲོས་པའི་ཚུལ་མངའ་ཞིང་། །ཞི་བའི་སྐུ་ལ་སྣང་སྲིད་འཆར། །སྤྲུལ་པའི་སྐུ་ལས་ཞབས་བརྒྱད་འཆར། །དྲུག་གིས་རྒྱུད་དྲུག་སྒོ་ཡང་གཅོད། །གཅིག་ནི་ཀླུ་ཡི་ཁམས་སུ་འཆར། །གཅིག་ནི་བདུད་དང་མུ་སྟེགས་འཇོམས། །རྣལ་འབྱོར་ཤེས་པའི་ཡུལ་དྲུག་ལས། །སྤྱན་དྲུག་མངོན་པར་ཤར་བ་ནི། །སྤྱན་གསུམ་གྱེན་དུ་གཟིགས་པ་ཡིས། །རྣམ་པར་ཐར་པའི་སྒོ་ཡང་འབྱེད། །སེམས་ཅན་སྐྱེ་ཤིའི་ལམ་ཡང་སྟོན། །སྤྱན་གསུམ་ཐུར་དུ་ཤར་བ་ཡིས། །སྲིད་པ་གསུམ་ཡང་ཐལ་བར་རློག །གཡས་ཀྱི་ཞལ་བཞད་ཐུགས་རྗེ་སྟོན། །གཡོན་གྱི་ཞལ་བཞད་ཁམས་གསུམ་དབང་དུ་སྡུད། །དབུས་ཀྱི་ཞལ་བཞད་དྲག་ཤུལ་ཆེ། །རྡོ་རྗེ་མཆེ་བ་གཙིགས་པ་ཡིས། །སྲིད་པའི་འགྲན་ཟླ་ཆེམ་ཆེམ་གསོལ། །མ་མོ་གསང་བའི་བྷ་ག་ལས། །སྲིད་པ་གསུམ་ཀ་ཤར་བར་མཛད། །ལྷ་དང་བདུད་དང་གནོད་སྦྱིན་དང་། །གཤིན་རྗེ་སྲིན་པོ་ཀུན་ཀྱང་འདར། །མ་མོ་སྐུ་ཡི་


DNG024_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཕྱོགས་ནས། །ལས་བྱེད་མ་མོ་བཅུ་གསུམ་འཆར། །ཕོ་ཉ་ཕྱག་བརྙན་ཐམས་ཅད་འགྱེད། །གཡོན་གྱི་ཕྱོགས་ནས་ཤར་བ་ནི། །མ་མོ་སྐུ་ཡི་སུམ་ཆ་ལས། །ངེས་པའི་མ་མོ་དགུ་སྦས་ཤིང་། །ཐམས་ཅད་ཀུན་ལ་ཁྱད་པར་བརྩོན། །ཡུམ་གྱི་ཞབས་ཀྱི་གཡས་ཕྱོགས་ནས། །བཀའ་སྡོད་ཉི་ཤུ་རྩ་བརྒྱད་འཆར། །རྣལ་འབྱོར་ཀུན་གྱི་ལས་རྣམས་སྒྲུབ། །སྲིད་པའི་མ་མོ་ཐམས་ཅད་ཀུན། །མ་མོ་སྐུ་ཡི་རྒྱན་དུ་རྫོགས། །མ་མོ་ཐུགས་ཀྱི་ཐིག་ལེ་ལས། །རྡོ་རྗེ་ཁ་ཊྭཱཾ་གཞུ་བདུངས་ནས། །ཤེས་རབ་ཡེ་ཤེས་མདེའུ་རྩེ་ལས། །སྤྲོས་པའི་མ་མོ་དགུ་འཕེན་མ། །ངེས་པའི་བདེ་ཀློང་གཅིག་ཏུ་འཁྱིལ། །ཤྲཱི་ཧཱུཾ་སྲས་འཁོར་དུ་བརྟག །མཐིང་ནག་འབར་བའི་འཕྲོ་འདུ་ཡིས། །ཐམས་ཅད་སྒྲོལ་ཞིང་དབང་དུ་སྡུད། །ཞི་བའི་སྐུ་ལ་ཐུགས་རྗེ་ཆེ། །ཡེ་ཤེས་སྤྲུལ་པའི་ཕྱག་དྲུག་ལས། །གཡས་ཀྱི་དང་པོ་འཁོར་ལོ་བསྒྱུར། །གསང་སྔགས་བཀའ་རྣམས་སྒྲོགས་པའི་དོན། །གཡོན་ན་རིན་ཆེན་དབང་བསྒྱུར་ཞིང་། །སྲིད་པའི་འཇིག་རྟེན་གནད་ལ་འཕེན། །གཡས་ཀྱི་བར་མ་གཡང་གཞི་རྡེབས། །བདུད་དང་སྲིན་པོ་དབང་དུ་སྡུད། །གཡོན་ན་བྷནྡྷ་དམར་བསྐྱིལ་ཞིང་། །བུད་མེད་མ་མོ་དབང་དུ་སྡུད། །གཡས་ཀྱི་ཐ་མ་ཚེ་སྲོག་འཛིན། །རྣལ་འབྱོར་ཀུན་ལ་དངོས་གྲུབ་སྟེར། །གཡོན་གྱི་ཐ་མ་ལྕགས་ཀྱུ་དགུ་བསྣམས་ཤིང་། །དམ་ཚིག་ཉམས་པ་རྣམས་དང་ནི། །བཀའ་ལས་འདས་པའི་སྙིང་ནས་འདྲེན། །སྤྱི་གཙུག་སྤྲུལ་པའི་འཕྲོ་འདུ་ཡིས། །སྟོང་གསུམ་འཇིག་རྟེན་བྷྱོ་བཟློག་མཛད། །བདག་ཉིད་ཡེ་ཤེས་རྩལ་འཆང་ཞིང་། །ངེས་པའི་དབང་དང་རྟོགས་པའི་མཐུ། །མན་ངག་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། །སྐད་ཅིག་ཡུད་ཙམ་དབྱིངས་ནས་བཞེངས། །སྲིད་པ་གསུམ་དང་གླིང་བཞི་ཡང་། །ཐང་གཅིག་ཡུད་ཀྱིས་འཇིག་པར་མཛད། །ཁྱད་པར་ཡེ་ཤེས་ཉི་ཟླའི་སྤྱན། །གཡས་ཀྱི་སྤྱན་གྱིས་སྲིད་གསུམ་གསལ། །གཡོན་གྱི་སྤྱན་གྱིས་སྦྱོར་བ་མཛད། །རྡོ་རྗེ་སྨིན་མ་གདེངས་པ་ཡིས། །མུ་སྟེགས་ཡཀྴའི་སྙིང་ཡང་འགེམས། །མ་


DNG024_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཁྱོད་ཀྱི་མཚན་ཉིད་ནི། །བྱང་ཆུབ་སེམས་མ་ཞེས་ཀྱང་གྲགས། །ཡང་དག་གསང་བའི་མཚན་ཉིད་ནི། །སངས་རྒྱས་ཁྲོས་པའི་རྒྱལ་མོ་ལ། །བདེ་ཀློང་ཀུན་གྱི་གཙོ་མོར་གྲགས། །རྣལ་འབྱོར་གསང་བའི་དཀྱིལ་འཁོར་དུ། །གསང་བ་ཐབས་ཀྱི་འཕྲོ་འདུ་ཡིས། །ཡུམ་གྱི་ཐུགས་དམ་འདིས་སྐོངས་ལ། །སྐུ་ནི་མི་བསྐྱོད་འདིར་བཞུགས་ཤིག །འཁོར་གྱི་བློན་མོ་ཀུན་བསྐྱོད་དོ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧཱུཾ་ལྷ་མོ་ཆེན་མོ་རྣལ་འབྱོར་མ། །ཀུན་གཞི་ཡོངས་ཀྱི་དབང་ཕྱུག་མ། །སྣང་སྲིད་ཀུན་ལ་དབང་བསྒྱུར་ཞིང་། །སྐྱེ་འགྲོ་ཀུན་གྱི་དབུགས་འཕྲོག་མ། །དུང་ཆེན་ཕྱག་ན་བསྣམས་ཤིང་འོ་དོད་ཆེན་མོ་སྒྲོགས། །གཤིན་རྗེ་བྲན་དུ་འཁོལ་ཞིང་འཇིག་རྟེན་མེ་ཡིས་བསྲེག །འགྲོ་བའི་ཚེ་དཔལ་འཕྲོག་ཅིང་བྱང་ཆུབ་སེམས་ཀྱི་བདག །སྒྲོལ་བ་དོན་དུ་གཉེར་ཞིང་དབང་ཕྱུག་ཀུན་དང་སྦྱོར། །སྲིད་གསུམ་སྤྲུལ་པས་འགེངས་ཤིང་ཡ་བདུད་དབང་དུ་སྡུད། །གཡང་གཞི་གོས་སུ་གོན་ཞིང་ཁ་ཊྭཱཾ་གཡབ་མོས་འདེབས། །སྐུ་མདོག་ཁྲོ་མོར་བཞུགས་ཤིང་རྣལ་འབྱོར་གྲོགས་མཛད་མ། །ཁྲག་དང་ཞག་གིས་བརྒྱན་ཅིང་སྤུ་གྲི་ཕྱག་ན་བསྣམས། །དམ་ཉམས་དགྲ་བོའི་དོན་སྙིང་འབྱིན་ཅིང་སྙིང་ཁྲག་འཐུང་། །མཱང་ས་ཟས་སུ་ཟ་ཞིང་ཙིཏྟའི་ཞགས་པ་འཕེན། །ཉི་ཟླ་ཐོད་དུ་བཅིངས་ནས་སྟོང་གསུམ་བདེ་ལ་འགོད། །དུང་ཆེན་སྣོད་དུ་དམར་ཆེན་ཁྲག་དང་སྙིང་སྣ་སྦྱར་བ་འདི། །མ་མོ་ཁྱེད་རྣམས་ཀུན་གྱི་ཐུགས་དམ་བསྐང་། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །མ་མོ་སྲིད་པའི་བེམ་ལས། དབྱིངས་ཀྱི་ཡུམ་དྲུག་བསྐང་བའི་ལེའུ་སྟེ་ཉེར་བདུན་པའོ།། །།ཧཱུཾ་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །ཉི་མ་སྟོང་གི་གཟི་མདངས་ཅན། །སྟོང་གསུམ་འཇིག་རྟེན་འོད་འཕྲོ་མ། །སྲིད་པ་སྒྲོལ་བྱེད་གཤེགས་སུ་གསོལ། །


DNG024_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །པདྨ་སྟོང་གི་དབུ་རྒྱན་ཅན། །གེ་སར་འབུམ་དང་བཅས་ནས་སུ། །འཇིག་རྟེན་མྱོས་པའི་ཁྲག་འཐུང་མ། །དབང་ཕྱུག་རྒྱལ་མོ་གཤེགས་སུ་གསོལ། །ཧཱུཾ་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །ཁམས་གསུམ་གསོད་བྱེད་བདུད་རྩི་སྦྱོར། །བདུད་རྩི་སྨན་མཆོག་ཀུན་གྱི་གསོས། །བདུད་རྩི་རྒྱལ་མོ་གཤེགས་སུ་གསོལ། །ཧཱུཾ་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །བྷ་ག་ཡོངས་ལ་མངའ་མཛད་མ། །གནས་ལམ་ཐམས་ཅད་སྟོན་མཛད་མ། །ཐར་པའི་ལམ་ཚོལ་གཤེགས་སུ་གསོལ། །ཁྲོས་པའི་དབང་ཆེན་བཞི་རྣམས་ཀྱང་། །མདོས་བདག་ཆེན་མོ་མདོས་ལོང་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །མ་མོ་སྲིད་པའི་བེམ་ལས། ཁྲོས་པའི་དབང་མོ་ཆེ་བཞིའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།ཧཱུཾ་བྷ་ག་འབུམ་ལ་མངའ་མཛད་མ། །དབྱིངས་ཀྱི་རྒྱལ་མོ་གཤེགས་སུ་གསོལ། །འཇིག་རྟེན་ཡོངས་ཀྱི་བྱན་མཛད་མ། །རྒྱན་གྱི་རྒྱལ་མོ་གཤེགས་སུ་གསོལ། །བདག་ཉིད་ལྷག་ལྷག་བཞད་མཛད་མ། །བདག་ཉིད་ཆེན་མོ་གཤེགས་སུ་གསོལ། །སྟོང་གསུམ་ཐམས་ཅད་རྒྱུག་མཛད་མ། །གཅིག་པུ་ཡུམ་མཆོག་གཤེགས་སུ་གསོལ། །སྦས་པའི་མ་མོ་བཞི་རྣམས་ཀྱང་། །མདོས་བདག་ལགས་ཀྱི་མདོས་ལོང་ལ། །གླུད་བདག་ལགས་ཀྱི་གླུད་བཞེས་ཤིག །མ་མོ་སྲིད་པའི་བེམ་ལས། སྦས་པའི་མ་བཞིའི་ལེའུ་སྟེ་ཉེར་དགུ་པའོ།། །།ཧཱུཾ་རི་རབ་གླིང་བཞིའི་ཤར་ཕྱོགས་ན། །ཤར་གྱི་དཀར་མོ་མིག་གཅིག་མ། །ན་བཟའ་བྱ་རྒོད་ཐུལ་པ་ལ། །གཡུ་ཡི་དྲིལ་བུ་འབུམ་གྱིས་བརྒྱན། །དུང་གི་ལན་ཚར་མཆེ་བ་ཅན། །རིན་ཆེན་ཤེལ་གྱི་ཐོད་གདེངས་ཅན། །དཀར་མོ་སྒེག་མོ་འབུམ་གྱིས་བསྐོར། །སྲིད་གསུམ་ཤར་ལ་མངའ་མཛད་མ། །འདིར་བྱོན་མདོས་བདག་མདོས་ལོང་ལ། །བདག་གིས་ལས་བཅོལ་འགྲུབ་པར་མཛོད། །ཧཱུཾ་རི་རབ་གླིང་བཞིའི་ལྷོ་ཕྱོགས་ན། །ལྷ་མོ་ནག་མོ་མཆེ་བ་ཅན། །


DNG024_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གཡུ་བརྩེགས་པའི་ཐོད་གདེངས་ཅན། །ནག་མོ་སྒེག་མོ་འབུམ་གྱིས་བསྐོར། །སྲིད་གསུམ་ལྷོ་ལ་མངའ་མཛད་མ། །འདིར་སྤྱོན་མདོས་བདག་མདོས་ལོངས་ཤིག །ཧཱུཾ་རི་རབ་གླིང་བཞིའི་ནུབ་ཕྱོགས་ན། །ནུབ་ཀྱི་དམར་མོ་དབང་བསྒྱུར་མ། །ན་བཟའ་ཆུ་སྲིན་གཡང་གཞི་ལ། །སྦྲུལ་ནག་བདུན་གྱི་གདེངས་ཀ་ཅན། །གཡུ་ཡི་ལན་ཚར་མཆེ་བ་ཅན། །བྱི་རུ་འབར་བའི་ཐོད་གདེངས་ཅན། །དམར་མོ་སྒེག་མོ་འབུམ་གྱིས་བསྐོར། །སྲིད་གསུམ་ནུབ་ལ་མངའ་མཛད་མ། །འདིར་གཤེགས་མདོས་བདག་མདོས་ལོང་ལ། །རྣལ་འབྱོར་ཕྲིན་ལས་འགྲུབ་པར་མཛོད། །ཧཱུཾ་རི་རབ་གླིང་བཞིའི་བྱང་ཕྱོགས་ན། །བྱང་གི་སེར་མོ་ལས་མཁན་མ། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །མཐིང་གི་གོ་ལྕོག་ཡ་བས་བསྐོར། །གསེར་གྱི་ལན་ཚར་མཆེ་བ་ཅན། །ཐོད་སྐམ་འབར་བའི་ཐོད་གདེངས་ཅན། །ལྗང་ནག་སྒེག་མོ་འབུམ་གྱིས་བསྐོར། །སྲིད་གསུམ་བྱང་ལ་མངའ་མཛད་མ། །འདིར་གཤེགས་མདོས་བདག་མདོས་ལོངས་ཤིག །ཧཱུཾ་གླིང་བཞི་རྒྱལ་མོ་གསང་བའི་གཟུངས། །ཐུ་བ་གཡས་ལ་དམག་གིས་བཀང་། །རྣལ་འབྱོར་ཀུན་གྱི་དགྲ་འདུལ་མ། །ཐུ་བ་གཡོན་པ་རིན་པོ་ཆེ། །རྣལ་འབྱོར་ཚེ་དང་དབང་ཐང་སྐྱེད། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབས། །ཁམས་གསུམ་རྡུལ་དུ་བརླགས་ནས་ཀྱང་། །བདུད་དང་སྲིན་པོ་དབང་དུ་སྡུད། །ཕྱག་མཚན་གཡོན་ན་བྷནྡྷ་བསྐོར། །མ་མོ་ཐམས་ཅད་དབང་དུ་སྡུད། །རལ་པ་ཅན་གྱི་འཁོར་སྐྱོད་ལ། །འདིར་སྤྱོན་མདོས་བདག་མདོས་ལོངས་ཤིག ། མ་མོ་སྲིད་པའི་བེམ་ལས། ཐུགས་ཀྱི་དགྱེས་སྡེ་མོ་བཞིའི་ལེའུ་སྟེ་སུམ་ཅུ་པའོ།། །།ཧཱུཾ་སྲིན་མོ་ཆེན་མོ་ཤམ་ཤམ་མོ། །ཨ་ཕྱི་ཆེན་མོ་མི་བཟད་མ། །ན་བཟའ་ཞིང་ཆེན་ལྤགས་རློན་ལ། །མཐའ་མ་བྷནྡྷ་རློན་པས་བསྐོར། །ལག་པ་གཡས་ན་ཞིང་གི་སོར་ཕྲེང་བགྲང་། །གཡོན་ན་མི་མགོ་ཕོར་བ་ཐོགས། །རང་གིས་རང་ལ་ཚིམ་པར་སྟོབ། །གཡང་གཞི་རུ་མཚོན་ཕྱར་ནས་སུ། །བདུད་དང་སྲིན་པོ་ཐལ་


DNG024_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བར་རློགས། །འཇིག་རྟེན་ཐམས་ཅད་སྒྲོལ་བར་བྱེད། །འདིར་གཤེགས་མདོས་བདག་མདོས་ལོང་ལ། །བདག་གི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུཾ་ཁྱབ་བདག་ཆེན་མོ་རྣལ་འབྱོར་མ། །ཁྱབ་བདག་ཆེན་མོ་ཐིག་ལེ་དགུ། །ཡེ་ཤེས་ངང་གི་རོལ་པ་ལས། །ཕྱག་ན་རྩེ་གསུམ་འབར་བ་བསྣམས། །ཁྲག་འཐུང་ཆེན་མོ་ཀུན་ལ་དབང་བསྒྱུར་མ། །མཆོད་པ་དམ་པ་བསྔོས་པ་དང་། །མདོས་བདག་ཆེན་མོ་མདོས་ལོང་ལ། །ཁྱེད་ཀྱི་འཁོར་རྣམས་རབ་ཏུ་མི་བསྒྲུབས་ཏེ། །སྒྲ་སྐད་ཡིད་འཕྲོག་བྱེད་པ་མ་མོ་ཁྱོད་ཀྱི་འཁོར། །འདོད་པ་ལྔ་ལ་རབ་དད་པས། །མེ་ཡི་བསྐལ་པ་གཏོང་ཞིང་སྙིང་རྗེ་ལམ་དུ་གཏོང་། །གསོད་པ་དོན་དུ་གཉེར་ཞིང་ཁྲོ་བོ་ཀུན་དང་སྦྱོར། །བདུད་ཀྱི་བུ་མོ་འཁོལ་ཞིང་ང་རྒྱལ་དྲག་ཤུལ་ཆེ། །འོ་དོད་ཆེན་པོ་འབོད་ཅིང་ཞལ་གདངས་མཆེ་བ་གཙིགས། །དགྲ་སྙིང་ཚལ་པར་འགེམས་པ་མ་མོ་ཁྱོད་ཀྱི་འཁོར། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཧཱུཾ་མ་མོ་ཆེན་མོ་སྲིད་པའི་བདག །ཨེ་ཀ་ཛཱ་ཊི་རལ་གཅིག་མ། །མིག་གཅིག་མ་ལ་དཀར་ཤམ་མདོག །རང་ཆས་སྤྲིན་དཀར་གོ་ཟུ་ལ། །འཇའ་ཚོན་འབར་བའི་ཁ་ཆག་ཅན། །ལག་ན་ཁ་ཊྭཱཾ་མཚོན་ཆ་ཐོགས། །ཟ་འོག་ཞབས་མའི་དབུ་རྒྱན་ཅན། །བསམ་པས་ཁམས་གསུམ་མྱོས་བྱེད་མ། །མདོས་བདག་ཆེན་མོ་མདོས་ལོང་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧཱུཾ་མ་མོ་ཆེན་མོ་ཚུར་གསོན་ཅིག །རིན་ཆེན་སྲིད་འདེགས་ཆེན་མོ་ཁྱོད། །མདོག་བཟངས་སྔོན་མོ་རལ་པ་ཅན། །རང་ཆས་མུ་ཏིག་གོ་ཟུ་ལ། །གསེར་དང་གཡུ་ཡི་ཁ་ཆག་ཅན། །མཐའ་མ་རིན་ཆེན་འབར་བས་བསྐོར། །གཡས་ན་རིན་ཆེན་ཟ་མ་ཏོག །གཡོན་ན་གཡུ་ཡི་ཟོ་བ་ཐོགས། །ཁྱོད་ནི་སྲིད་པའི་མ་མོ་སྟེ། །ཚེ་བདུད་དབང་ཆེན་མ་མོ་ཁྱོད། །མདོས་བདག་ཆེན་མོ་མདོས་ལོང་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧཱུཾ་འདོད་པའི་མ་མོ་ཆེན་མོ་ནི། །བདུད་ཀྱི་སྲིན་མོ་གཤིན་རྗེའི་ལྕམ། །མདོག་བཟངས་མ་མོ་རལ་པ་ཅན། །རལ་པའི་ཟར་བུ་མུན་ནག་གཏིབས། །ལྕགས་ཀྱི་ལུས་ལ་ཟངས་ཀྱི་ཞབས་མ་ཅན། །ལག་


DNG024_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཡས་ན་གཤིན་རྗེའི་ཁྲམ་བམ་ཅན། །གཡོན་ན་ཤོ་རྡེའུ་དཀར་ནག་འགྲེམ། །མཆན་ན་ནད་ཀྱི་རྐྱལ་པ་སྦེད། །ཁྱོད་ནི་འཇིག་རྟེན་བྷྱོ་བཟློག་མཁན། །ཁྲམ་བམ་ཕྱིས་ལ་ཤོ་རྡེའུ་གཏོར། །ནད་ཁ་ཕྱིས་ལ་དལ་ཁ་སྒྱུར། །མདོས་བདག་ཆེན་མོ་མདོས་ལོང་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །རིམས་ནད་ཕྱིས་ལ་དལ་ཁ་ཟློག །རྣལ་འབྱོར་མ་མོ་དབང་བསྒྱུར་མ། །མདོག་བཟང་དཀར་མོ་རལ་པ་ཅན། །ཁྱོད་ནི་གླིང་བཞི་སྤྱིར་འགྲོ་སྟེ། །རང་ཆས་དར་དཀར་གོ་ཟུ་ལ། །གཡུ་བྲན་འབར་བའི་ཁ་ཆག་ཅན། །གསེར་གྱི་གང་ལེབ་འབར་བ་ལ། །གཡུ་ཡི་ཅོད་པན་འོད་འཕྲོ་མ། །རྫུ་འཕྲུལ་རྐང་པས་ཕྱོགས་བཅུར་འགྲོ། །གཡས་ཀྱི་ཕྱག་ན་ཐོགས་པ་ནི། །གསེར་གྱི་ལྕམ་བུ་འབར་བ་ལ། །གཡུ་ཡི་ལྕག་འབྲས་འབར་བ་བཏགས། །ཀླད་ལ་བསྐོར་བས་བདུད་དཔུང་འཇོམས། །ས་ལ་བརྡབས་པས་དགྲ་བགེགས་སྒྲོལ། །གཞན་གྱིས་རྦད་ཀྱང་མི་ཉན་པར། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །རྡོ་རྗེ་གར་གྱི་དབང་ཕྱུག་མ། །དབུ་བརྒྱ་མ་ལ་སྤྱན་སྟོང་མ། །འཇིགས་ཚུལ་རྔམ་པའི་ཆ་བྱད་ཅན། །ཕྲིན་ལས་དགྲ་བགེགས་ཀུན་འདུལ་ལ། །རྡོ་རྗེ་སྒེག་མོ་མདོས་ལོངས་ཤིག །ཧཱུཾ་པདྨ་ལས་ཀྱི་དབང་ཕྱུག་མ། །ས་བདག་ཆེན་མོ་པདྨ་ཕྲེང་། །ལག་ན་ཐོད་པ་ཁྲག་གིས་ བཀང་བ་ཐོགས། །གྲོང་ཁྱེར་ཀུན་ཏུ་འཐོར་བྱེད་མ། །མདོས་བདག་ནི་མདོས་ལོང་ལ། །གླུད་བདག་ནི་གླུད་བཞེས་ཤིག །མ་མོ་སྲིད་པའི་བེམ་ལས། མ་མོ་བསྐུལ་བ་དང་བསྐང་བའི་ལེའུ་སྟེ་སོ་གཅིག་པའོ།། །།ཧཱུཾ་རི་རབ་གླིང་བཞི་གྲུ་འདེགས་མ། །ཧར་ཏིང་དཀར་མོ་ཆེན་མོ་སྟེ། །བྱང་ཤར་མཚམས་ཀྱི་གྲུ་འདེགས་མ། །ཧཱུཾ་དུན་ཏིང་ནག་མོ་ཆེན་མོ་སྟེ། །ཤར་ལྷོ་མཚམས་ཀྱི་གྲུ་འདེགས་མ། །ཧཱུཾ་ཤན་ཏིང་དམར་མོ་ཆེན་མོ་སྟེ། །ལྷོ་ནུབ་མཚམས་ཀྱི་གྲུ་འདེགས་མ། །ཧཱུཾ་གྲུབ་ཏིང་


DNG024_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་སེར་ཆེན་མོ་སྟེ། །ནུབ་བྱང་མཚམས་ཀྱི་གྲུ་འདེགས་མ། །མཚན་ནི་གྲུ་འདེགས་ཆེན་མོ་སྟེ། །རྒྱལ་ཆེན་གཟུངས་མ་མདོས་ལོངས་ཤིག །ཧཱུཾ་དམག་གི་རྒྱལ་མོ་ཆེན་མོ་བཞི། །ཤར་གྱི་དཀར་མོ་མཆེ་བ་ཅན། །ལྷོ་ཡི་ནག་མོ་ཁ་རླངས་མ། །ནུབ་ཀྱི་དམར་མོ་མཆུ་འཇིབ་མ། །བྱང་གི་སེར་མོ་རྐང་ལྡག་མ། །རིགས་བཞིའི་དམག་དཔུང་འཁོར་གྱིས་བསྐོར། །འདིར་སྤྱོན་མདོས་བདག་མདོས་ལོང་ལ། །བདག་གི་བསམ་པ་འགྲུབ་པར་མཛོད། །ཧཱུཾ་གླིང་བཞིའི་མགྱོགས་མ་ལྷ་ཡི་སྲིང་། །ཤར་གྱི་མགྱོགས་མ་གཤེགས་སུ་གསོལ། །ཧཱུཾ་མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །ལྷོ་ཡི་མགྱོགས་མ་གཤེགས་སུ་གསོལ། །ཧཱུཾ་དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ནུབ་ཀྱི་མགྱོགས་མ་གཤེགས་སུ་གསོལ། །ཧཱུཾ་ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །བྱང་གི་མགྱོགས་མ་གཤེགས་སུ་གསོལ། །སྲིང་མོ་ཆེན་མོ་ཁྱོད་བཞི་ཡང་། །མདོས་ བདག་ནི་མདོས་ལོངས་ཤིག །ཅེས་བསྟོད་ལ་མདོས་དབུལ་ལོ། །མ་མོ་སྲིད་པའི་བེམ་ལས། བསྐང་བ་དང་མ་མོ་མིང་གྲངས་ཀྱི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་འཇོམས་པའི་ལྷ། །མི་སྲིན་འཇིགས་པའི་མགོ་ཅན་རྣམས། །བསྒྲུབ་ཅིང་ཕྲིན་ལས་བཅོལ་བ་ལ། །རྫས་རྣམས་མཐུན་པར་ཇི་ལྟར་བསོག །རྟགས་དང་དུས་ཚིགས་གཏོར་མ་ཇི་ལྟར་གཏང་། །གཏོར་མའི་མཎྜལ་ཇི་ལྟར་བརྩིག །འཇིག་རྟེན་འཇོམས་པས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །བཀའ་སྩལ་པ། ཉམས་དགའ་བཀྲ་ཤིས་བཞུགས་གནས་སུ། །གཞུང་དང་མཐུན་པར་དཀྱིལ་འཁོར་བྲི། །པདྨའི་རིགས་ལ་མཚན་དང་ལྡན། །ཤིན་ཏུ་སྒེག་མ་གཞག་པར་བྱ། །ཙིཏྟ་རཀྟ་ཞིང་ཆེན་ལྕང་ལོ་ཡང་། །རྫས་སུ་དུར་ཁྲོད་རོ་རྫས་བཞག །མི་ཡི་ཟིལ་པ་ཆེད་དུ་བླང་། །རཀྟ་ཙིཏྟ་ཚོགས་ཚད་བསོག །ཚིལ་ཆེན་མེ་མར་ཁ་ལྔ་གཏང་། །གསུར་ཆེན་དུད་པ་རྒྱུན་མི་འཆད། །


DNG024_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འབྱོར་ཞལ་ཟས་ཚོགས་ཀྱིས་བསྐང་། །རྣལ་འབྱོར་ཤུན་ཆེན་གོན་ལ་ཕྲེང་བ་ཆེན་པོ་བགྲང་། །སྲིད་པ་སྤྱི་བླུགས་ཞ་གྱོན་ལ། །རྩེ་གསུམ་འབར་བའི་གཡབ་མོ་ཐོགས། །དངོས་གྲུབ་བླང་བའི་ཞལ་བུ་ཡང་། །བཀྲ་ཤིས་རྫས་སུ་བླང་བར་བྱ། །དེ་ནས་དང་པོར་ལྷ་ཡི་བསྙེན་པ་བྱ། །ཡུམ་དང་གཉིས་མེད་སྦྱོར་བ་ཡིས། །ཀ་ནི་ཀ་ཡི་མཆོད་པ་དབུལ། །བདག་ཉིད་བཛྲ་ཧེ་རུ་ཀ །ཡུམ་སྲིད་པའི་རྒྱལ་མོ་ཉིད་དུ་བྱིན་གྱིས་བརླབ། །གཉིས་སུ་མེད་པར་དེ་བཞིན་བསྒོམ། །དེ་ནས་སྙིང་པོ་དབུལ་བར་བྱ། །ཉིང་བཞི་མུ་ཁ་ལེ་ཀྲོ་དྷཱི་ཤྭ་རཱི་མ་ཧཱ། པདྨ་བྷ་ག་བདེ་ཀློང་འདུས་འདུས། སྙིང་ཛ་ད་ཤ་ཡུ་ཏི་ཧཱུཾ་བྷྱོ། དེ་ནས་ཞག་ཉི་ཤུ་རྩ་གཅིག་ན། ཧ་ཞེས་སྤྱུགས་པ་ཕྱུང་ཟེར་ནས་གམ་དུ་འོང་ངོ་། །དེ་ནས་དང་པོ་སྦྱོར་བ་བྱས་པ་ལ། །ཀར་ནི་ཀས་མཆོད་པ་དབུལ་ལོ། །དེ་ནས་ཡུམ་སྟོན་ལ་རྣལ་འབྱོར་མ་གསུམ་མམ་ལྔ་ཚུན་ཆོད་གང་བྱེད་ཀྱང་ཆེད་དུ་གང་བྱེད་པའི་སྙིང་པོ་ལ་དྲིལ་ལ་སོ་སོར་རང་རེ་བཟླས་སོ། །དེ་ནས་ཡུམ་ཆེན་མོ་མཆོད་པའི་སྦྱོར་བ་ལ་འོང་སྟེ། དེ་ནི་དངོས་གྲུབ་ཚུར་སྟེར་བ་ཡིན་པས་རབ་ཏུ་བཟང་ངོ་། །སྔར་ཡུམ་དང་ལྷན་ཅིག་སྦྱོར་བའི་མཆོད་པ་དབུལ་བས། ཡུམ་ལ་འགྲན་མི་རྒྱུ། ཕྱིས་མ་སྟོན་ན་དངོས་གྲུབ་མི་སྟེར་རོ། །གསང་བའི་གཟུངས་མ་ནི། ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན་ནོ། །སྦྱོར་བ་ལ་བྱུང་ནས་བསྟོད་པ་ནི། ཧཱུཾ་ཆེ་ཞེས་མོན་མོ་གསང་བའི་ཡུམ། །ཐིག་ལེ་སྦྱོར་བའི་ཡུམ་གཅིག་མ། །དཀར་མོ་ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །གྲུ་གསུམ་འབར་བའི་སྤྱན་གཅིག་མ། །གཡུ་ཡི་རལ་པས་སྲིད་པ་སྒྲོལ། །ཆགས་པའི་སྤྱན་གྱིས་པདྨ་འཛིན། །རིན་ཆེན་མཆི་མ་སྐྱེ་འགྲོའི་གསོ། །ཙིཏྟའི་ཞགས་པས་དགྲ་བོ་སྒྲོལ། །སྔོན་གྱི་སྦྱོར་མཆོད་ཇི་བཞིན་དུ། །བདག་དང་གཉིས་སུ་མེད་པར་སྦྱོར། །ཞེས་བསྟོད་དོ། །སྒྲུབ་པ་དེ་ཐོན་ནས། གང་སྒྲུབ་པ་ལ་འཇུག་གོ། །གཏོར་མའི་མཎྜལ་བརྩིག་པ་ནི། དབྱིངས་ཀྱི་མ་མོ་ནི་རྒྱར་ཁྲུ་ཕྱེད་དང་དོ། དཔངས་སུ་འདོམ་གང་ཁྲུ་གང་བར་བརྩིག །


DNG024_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྨུག་ནག་ཏུ་བྱ་ཁྲུ་གང་གི་འོག་ཏུ་མཎྜལ་ཞིང་རས་ལ་བྲིས་ལ་བཞག །འཁོར་ལོ་རྩིབས་བཞི་པར་བྱ། དབུས་སུ་གྲུ་གསུམ་ལ་གཙོ་མོ་སྤྱིའི་སྙིང་པོ་བྲི། འཁོར་ལོ་བཞི་ལ་ཕུང་བྱེད་མ་ལ་སོགས་པ་གང་བྱེད་པའི་སྙིང་པོ་བྲི། གཏོར་མ་བཏང་། དུན་ཏིང་ནག་མོ་ནང་པར་ཉི་མའི་ཟེར་ལ་ཞོན་ནས་རྒྱུ་བ་དེའི་གཏོར་མ་བཏང་ངོ་། །མིས་མི་མཐོང་བར་མིང་རུས་འཁོར་ལོའི་འོག་ཏུ་བཞག་གོ། །བདུད་མོ་རིགས་ཀྱི་གྲུ་གསུམ་དུ་བརྩིག །དཔངས་དང་རྒྱ་ཀུན་གཅིག །མཎྜལ་དུར་ཁྲོད་ཀྱི་རས་ལ་གྲུ་གསུམ་བསྣོལ་མར་བྲི། ཚངས་པ་གཟི་ཅན་གྱི་བུ་མོ་ནམ་མཁའི་མཐའ་ལ་རྒྱུ་བས། ནམ་ལང་བ་ལ་བཏང་། ལས་བྱེད་མ་མོ་རྣམས་ཀྱིས་གྲུ་གསུམ་ལ་ཁ་ཁྱེར་བར་གསུམ་བརྩིག་ལ་ཁང་སེང་དུ་རྩིག །འགྲམ་དུ་ལིངྒ་བསྐུར། བདུད་ཡཀྴ་མེ་སྲེག་གི་བུ་མོ་ནག་མོ་རྐང་གཅིག་སྐར་མདའ་ལ་ཞོན་ནས་རྒྱུ་བས། ནམ་གྱི་ཆ་སྨད་ལ་བཏང་ངོ་། །སྤྲུལ་པའི་མ་མོའི་གཏོར་མ་ནི། ཉི་མ་གུང་ལ་ཟླ་བའི་སྲས་མོ་རྟ་ལ་ཞོན་ནས་རྒྱུ་བས་དེའི་དུས་སུ་བཏང་ངོ་། །བདུད་ཁྱབ་པ་ལག་རིངས་ཀྱི་བུ་མོ་ནམ་གུང་ལ་རྒྱུ་སྟེ། འདོད་པ་རོ་ཟན་ཁྲག་འཐུང་སྤྱན་གཅིག་ཡིན་པས། དེར་ཡང་བཏང་ངོ་། །སྟེགས་ནི་གྲུ་བཞི་ལ་མདོག་སེར་ནག་ཏུ་བྱ། འཁོར་ལོ་རོ་རས་ལ་མ་མོའི་སྙིང་པོ་གང་བྱེད་ཀྱིས་མཐའ་མ་བསྐོར་ལ། དབུས་སུ་མིང་རུས་བྲིས་རྟགས་མ་ཐོན་པར་གཞུག་གཏོར་མ་དེའི་སྟེང་དུ་སྤུངས། དེ་ནི་གཏོར་མའི་ལས་སོ། །མ་མོ་སྲིད་པའི་བེམ་ལས། གཏོར་མ་བཏང་བ་དང་སྤྱི་ཡི་བསྒྲུབ་པའི་ལེའུ་སྟེ་སོ་གསུམ་པའོ།། །།ད་ནི་བུ་མོ་བཞི་ལ་ལས་དག་པོ་བཀོལ་བ་ལ། ཚེས་བཅུ་བཞི་ལ་གནས་དབེན་པར་བཤམ། དེ་ནས་ཡོ་བྱད་བརྩམ། དཀར་མོ་མིག་གཅིག་མ་ལ་བྷནྡྷ་ཟླུམ་ལ་པདྨ་ཆགས་པ་དང་། འཇམ་ལ་རི་མོ་ཉུང་བ་བཙལ། །དཀར་མོ་མཆེ་བའི་ཕྱག་ན་བསྣམས། །འཆོང་རིས་སྨུག་པོས་རབ་ཏུ་བརྒྱན། །ལྗོན་ཤིང་རི་མོ་ཡོད་པ་ནི། །ནག་མོ་ཆེན་མོའི་ཕྱག་ན་བསྣམས། །པདྨ་འདབ་བརྒྱད་ཡོད་པ་ལ། །དཀར་ལ་འཚེར་བར་གྱུར་པ་ནི། །


DNG024_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོ་དབང་བསྒྱུར་ཕྱག་ན་བསྣམས། །དུམ་བུ་གཉིས་པ་ཡོད་པ་འམ། །རྡོ་རྗེ་རྒྱ་གྲམ་རྩེར་འདུག་པ། །སེར་མོ་ལས་མཁན་ཕྱག་ན་བསྣམས། །དེ་རྣམས་རྟེན་དུ་བཅས་པ་ལ། །རི་མོ་མེད་ན་ཚོན་གྱིས་བྲི། །རིགས་ནི་མཚན་ངན་འདིར་མི་གཏོགས། །བྷནྡྷ་དེ་བཞིན་ལྡན་པ་ལ། །ཤེལ་གྱི་རྒྱུ་བཞི་ཡང་དག་རྫོགས། །གཞན་ཡང་དམ་རྫས་མ་བཞི་བསོག །དེ་ནས་མ་བཞིའི་དབང་བསྐུར་བའི་ངན་སྔགས་བོད་པ། འབོད་རྦད་གསོད་པ་གསུམ་དུ་དྲིལ་ལ་བཟླས། དང་པོར་བཟླས་པ་མ་མ་སྙིང་ཁ་རཀ །མ་མ་རཀྴ་མ་མ་རཀྴ། རཀྨོ་སྙིང་ཁྲག་ལ་མ་མ་དུན་དུན། ཏྲག་རཀྴ་མ་སྙིང་ཧེ་ཀེམ་མ་མ་རུ་ལུ་རུ་ལུ་བྷྱོ། རྦད་པ་དྲིལ་བ། ཁོག་སྦུབ་རོལ་གཅིག་མ་མ་སྙིང་ཁྲག་ལ་ས་ལ་ཡ་སྟྭཾ། ཛ་ཛ་སྙིང་རྩ་ཕྱུང་ཞིག །མ་མ་སྙིང་ཙིཏྟ་ལ་ཐུན། སྙིང་ཁྲག་མ་མ་དུན་དུན། ཤི་ཏིཥྛ་མ་སྙིང་ལ་ཡ་མ་མ་བྷྱོ། བསད་པ་དྲིལ་བ་ལ། མཱ་མཱ་ཤ་ཤ་མ་མ་ཧྲིང་ཧྲིང་། དགྲ་བོ་མ་མ་ས་མ་ཡ། དགྲ་བོའི་ཙིཏྟ་མ་ཛྭ་ལ་མཱ་ར་ཡ་ཛྭ། ཙིཏྟ་ཙ་ལ་རོལ་སྡྱ ་ཐུཾ་རི་ལི་ལི། མ་ལས་མྱུར་དུ་མཛོད་ཅིག །ཅེས་དྲག་ཏུ་བསྐུལ་ལོ། །ཧཱུཾ་ཤར་གྱི་དཀར་མོ་མིག་གཅིག་མ། །ན་བཟའ་ཤུན་ཆེན་རློན་པ་གསོལ། །བྷནྡྷ་རློན་པའི་དྲིལ་བུས་བརྒྱན། །རལ་ཕྲན་ཞག་གི་ཐིགས་པ་ལ། །དུང་ཆེན་མཆེ་བ་གཙིགས་པ་ཡིས། །ཤར་ཕྱོགས་སྲིད་གསུམ་ཕུར་པས་འདེབས། །རིན་ཆེན་ཤེལ་གྱི་ཐོད་གདེངས་ཅན། །ཞག་གི་ལན་ཕྲན་བསིགས་པ་ཡིས། །སྟེང་དུ་ཡ་བདུད་རྡུངས་ཤིག་ཆེམ། །བར་དུ་དགྲ་བགེགས་ཐལ་བར་རློགས། །ཧཱུཾ་རི་རབ་གླིང་བཞིའི་ལྷོ་ཕྱོགས་ན། །ནག་མོ་ཆེན་མོ་མཆེ་བ་ཅན། །མི་ལྤགས་རློན་པའི་གོ་ཟུ་ཅན། །བྷནྡྷ་སྐམ་པོའི་དྲིལ་བུས་བརྒྱན། །རྡོ་རྗེ་ལན་ཕྲན་དྲིལ་ཆེན་འཁྲོལ། །ལྕགས་ཀྱི་མཆེ་བ་གཙིགས་པ་ཡིས། །ལྷོ་ཕྱོགས་དགྲ་བགེགས་ཕུར་པས་འདེབས། །གསེར་གཡུ་སྤེལ་བའི་ཐོད་གདེངས་ཅན། །དྲིལ་ཆེན་རལ་པ་གསིགས་པ་ཡིས། །སྟེང་དུ་ལྷ་ཆེན་འཆིང་བར་བྱེད། །བར་དུ་དགྲ་


DNG024_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཕུང་བར་བྱེད། །འོག་ཏུ་བྱོལ་སོང་སྟོངས་པར་བྱེད། །མ་གཡེལ་ཐིག་ལེ་གསང་བའི་གཟུངས། །ཧཱུཾ་རི་རབ་གླིང་བཞིའི་ནུབ་ཕྱོགས་ན། །དམར་མོ་ཆེན་མོ་དབང་སྒྱུར་མ། །ན་བཟའ་ཁྲག་གི་གོ་ཟུ་ལ། །སྦྲུལ་ནག་འཁྲིལ་བའི་ཆུན་འཁོར་ཅན། །པདྨ་རཀྟའི་ཐིག་ཕྲན་ཅན། །མཆེ་བ་དམར་པོ་གཙིགས་པ་ཡིས། །ནུབ་ཕྱོགས་དགྲ་བགེགས་ཕུང་བར་བྱེད། །མི་ཁྲག་རློན་པའི་ཐོད་གདེངས་ཅན། །ཁྲག་གི་ལན་ཕྲན་བསིགས་པ་ཡིས། །སྟེང་དུ་ཚངས་ཆེན་འཇིགས་པར་བྱེད། །བར་དུ་དགྲ་བགེགས་ཕུང་བར་བྱེད། །འོག་ཏུ་བྱོལ་སོང་གནས་རིས་འཇོམས། །མ་གཡེལ་ཐིག་ལེ་གསང་བའི་གཟུངས། །ཧཱུཾ་རི་རབ་གླིང་བཞིའི་བྱང་ཕྱོགས་ན། །སེར་མོ་ལས་མཁན་ཆེན་མོ་ལ། །མཛེས་པའི་ན་བཟའ་སྐུ་ལ་གསོལ། །མཱཾ་ས་རློན་པའི་ཐུལ་པ་ལ། །དྲི་ཆུ་ཁོལ་མའི་ཡ་བ་བསྐོར། །ལན་ཕྲན་དྲིལ་བུ་འབར་བ་འབྱུང་། །གསེར་གྱི་མཆེ་བ་གཙིགས་པ་ཡིས། །བྱང་ཕྱོགས་སྲིད་གསུམ་རླག་པར་བྱེད། །མཱཾ་ས་རློན་པའི་ཐོད་གདེངས་ཅན། །དྲི་ཆུའི་ལན་ཕྲན་བསིགས་པ་ཡིས། །སྟེང་དུ་ཚོགས་ཀྱི་བདག་པོ་འཆིང་། །བར་དུ་དགྲ་བགེགས་ཐལ་བར་རློག །འོག་ཏུ་བགེགས་རིགས་སྟོངས་པར་བྱེད། །མ་གཡེལ་ཐིག་ལེ་གསང་བའི་གཟུངས། །ཐིག་ལེ་གསང་བའི་གཟུངས་གཅིག་མ། །བདུད་རྩི་རྣམ་ལྔ་དབུ་ལ་རྫོགས། །གཡས་ན་གཡང་གཞིའི་ཐོར་ཚུགས་ཀྱིས། །མུ་སྟེགས་ནག་མོའི་སྙིང་འབྱིན་མ། །གཡོན་ན་ཐོད་པ་ཁྲག་འཛག་བསྣམས། །བུད་མེད་ཐམས་ཅད་དབང་དུ་སྡུད། །རལ་པ་ཅན་གྱི་འཁོར་སྐྱོང་མ། །སྒྲུབ་པ་པོ་ལ་བརྩེ་དགོངས་ཏེ། །འདིར་སྤྱོན་བདག་གི་ལས་མཛོད་ཅིག །ཅེས་བསྐུལ་ལོ། །མཆོད་རྟེན་རྙིང་པའི་ཕྱོགས་བཞིར་ཐོད་པར་སྩལ་ལ་བཞག །ཞག་ཉི་ཤུ་རྩ་གཅིག་ཏུ་བསྒྲུབ་ནས་མནན་ན་གདོན་མི་ ཟའོ། །མ་མོ་སྲིད་པའི་བེམ་ལས། སྲིན་མོ་བུ་མོ་བཞི་བསྒྲུབ་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་མ་མོ་ཨེ་ཀ་ཛཱ་ཊི་བསྒྲུབ་པ་འདི་ལྟར་བྱས་ན་གང་


DNG024_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཀྱི་གཏམ་སྨྲ་རུ་འོང་ངོ་། །སྟེགས་བུ་གྲུ་བཞི་པ་གཅིག་གི་སྟེང་དུ། གྲྭ་ཕྱིང་གཙང་མ་གཅིག་བཏིང་ལ། དམ་རྫས་སྣ་ལྔ་སྩལ་བའི་དམར་གཏོར་གྱི་ནང་དུ་སྨན་དང་། ཕུད་གཙང་མ་སྩལ་ཏེ། དར་དམར་ཁ་ཚོན་གང་གིས་ཁ་བཅད་ལ། ཁ་ནུབ་ཏུ་བལྟས་ལ་ཞག་བདུན་དུ་བསྒྲུབ་པ་བྱས་ཏེ། བུད་མེད་མཚན་དང་ལྡན་པ་ལ་པྲ་བབ་སྟེ། ཧཱུཾ་སྲིད་པའི་བྱན་མོ་ཡལ་གམ་ཅན། །སྐྱེ་འགྲོ་རལ་གཅིག་འཇིག་རྟེན་སྒྲོལ། །མིག་ནས་ཁྲག་འཛག་སྙིང་ཁྲག་བསྲེག །ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །མ་བྱུང་བ་ཡི་དུས་མཐའ་ནས། །འཇིག་རྟེན་ལས་ཀྱི་དབང་བསྒྱུར་མ། །སེམས་ཅན་དོན་ལ་རབ་བརྩོན་ཏེ། །སྙིང་རྗེ་བྱམས་པའི་དཀྱིལ་འཁོར་དུ། །བརྩེ་བའི་ཐུགས་ཀྱིས་གཤེགས་སུ་གསོལ། །ཡུམ་ལས་བབ་ནས་སྣང་སྲིད་སྟོན། །དེ་ལ་མེད་དུ་མི་རུང་བ་ནི་སྣེལ་གྲི་མོའི་སྙིང་དང་ཐོད་པ་ཡིན་ནོ། །མ་མོ་སྲིད་པའི་བེམ་ལས། ཨེ་ཀ་ཛཱ་ཊི་པྲ་ཕབ་པའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་འཇོམས་པ་སྟོབས་ཀྱི་ལྷ། །མདོས་ལ་མ་ཚོགས་ཇི་ལྟར་བསྐུལ། །ཅེས་གསོལ་ཏོ། །དེ་ནས་ཡང་བཀའ་སྩལ་པ། དང་པོར་ཧཱུཾ་གིས་ལྷ་མཆོག་གཙོ་བོ་བསྟོད། །དེ་ནས་རིགས་ཀྱིས་མ་ཚོགས་མཆོད། །ཧཱུཾ་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་པའི་ཆ་བྱད་ཅན། །དཀར་ནག་འབར་བའི་ཞལ་མངའ་བ། །ཕྱག་དྲུག་ཕྱག་མཚན་སྐྱེ་འགྲོ་སྒྲོལ། །སྦྲུལ་ཆེན་ཞགས་པས་མ་ཚོགས་འགུགས། །གཡང་གཞི་གཡབས་པས་ཐམས་ཅད་འདུལ། །ཡུམ་དང་གཉིས་སུ་མེད་པ་སྟེ། །སྦྱོར་བ་ཚོགས་ཀྱི་མཆོད་པ་འདིས། །ཐུགས་རྗེ་དབྱིངས་ནས་རོལ་པར་མཛོད། །བསྟོད་པ་ཀུན་མཐུན། དེ་ནས་མ་མོའི་སྙིང་པོ་ཀུན་ཐུན་གཅིག་བཟླས། ཨ་མྲྀ་ཏའི་དམ་ཆུ་ལ། ཧེ་རུ་ཀའི་ང་རྒྱལ་བསྐྱེད་ལ། ཧཱུཾ་ང་ནི་ཁམས་གསུམ་སྙིང་ཁྲག་བདག །ང་ནི་ཤ་རུས་འཆའ་བ་སྟེ། །ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་


DNG024_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཱཾ་ས་ཟ་བའི་བདག །མ་མོ་ཀུན་གྱི་རེ་གནས་ཀྱིས། །མ་མོ་བསྐང་ཟློག་གཏོར་མ་ལོངས། །ཞེས་དམ་བསྲེས་ལ། དེ་ནས་ཡང་། ཧཱུཾ་འདོད་པའི་མ་མོ་ཚུར་གསོན་ཅིག །དོ་ནུབ་མ་ཚོགས་གཉན་མཆོད་དོ། །འབྲུ་སྣ་ནི་མང་པོ་དང་། །རིན་ཆེན་ནི་སྣ་ཚོགས་དང་། །གླིང་བཞིའི་གཏོར་མ་དང་། །སྣ་ཚོགས་ནི་རྫས་བསགས་ནས། །སྲོག་ཆགས་ནི་མང་པོས་བསྐོར། །ཀུན་ཀྱང་རིན་ཆེན་བརྒྱན། །འཇིག་རྟེན་ནི་ནོར་གྱིས་བསྐོར། །དཀོན་པའི་ནི་ཟས་བསོགས་ནས། །མུ་མེན་ནི་སྟེགས་བུ་ལ། །རིན་ཆེན་ནི་བཅལ་བཀྲམ་ནས། །སྤོས་ཀྱི་ནི་ས་གཞི་བཏིང་། །དབང་གི་ནི་དཀྱིལ་འཁོར་ལྡན། །དར་དཀར་གྱིས་ཡོལ་བ་དྲེས། །གསལ་བའི་མར་མེ་བཏང་། །རྒྱལ་མཚན་ནི་སྣ་ཚོགས་བཙུགས། །ལེ་བརྒན་ནི་གདུགས་ཀྱིས་བཀབ། །མ་བདུད་ནི་གཉན་ཕྱུང་ནས། །གསེར་གྱི་ནི་སྐྱེམས་འཕང་བལྟམ། །སྲོག་ཆགས་ཀྱི་སྐྱིན་དུ་འབུལ། །ཆུས་སྲིད་ཀྱི་མངའ་ཐང་བཞེས། །ལོངས་སྤྱོད་ནི་རྐྱེན་དུ་བཞེས། །ཧཱུཾ་རི་རབ་གླིང་བཞིའི་དཀྱིལ་འཁོར་ནས། །འཇིག་རྟེན་ཡོངས་ཀྱི་མངའ་མཛད་མོ། །མ་མོ་ཚོགས་ཀྱི་བདག་མོ་སྟེ། །སྲིད་གསུམ་ཡོངས་ལ་མངའ་བདག་མོ། །སྐྱེ་འགྲོ་ཡོངས་ཀྱི་ཟ་བྱེད་མ། །ན་བཟའ་ཞིང་གི་གཡང་གཞི་ལ། །ཐོད་པ་རློན་པའི་ཕྲེང་བ་ཅན། །ལག་ན་སྙིང་གི་ལོངས་སྤྱོད་མ། །འདིར་གཤེགས་མདོས་བདག་མདོས་ལོངས་ཤིག །རྡོ་རྗེ་རིགས་ཀྱི་རྒྱལ་མོ་སྟེ། །ཤར་ཕྱོགས་རིགས་ཀྱི་མངའ་བདག་མོ། །དཀར་མོ་སྤྲིན་ཆེན་གོ་ཟུ་ལ། །ལག་ན་གསེར་གྱི་སྤུ་གྲི་ཐོགས། །སྲིད་པ་ཀུན་གྱི་རུས་འཆའ་མ། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །ཧཱུཾ་རིན་ཆེན་རིགས་ཀྱི་རྒྱལ་མོ་སྟེ། །ལྷོ་ཕྱོགས་ཁམས་ཀྱི་མངའ་བདག་མོ། །ནག་མོ་གཡུ་ཡི་གོ་ཟུ་ལ། །བསྐལ་པའི་མེ་དཔུང་འོད་འབར་ཞིང་། །སྲིད་པ་གསུམ་གྱི་དྲོད་འབེབས་མ། །སྐྱེ་འགྲོ་ཀུན་གྱི་ཚེ་འཕྲོག་མ། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །པདྨའི་རིགས་ཀྱི་རྒྱལ་མོ་སྟེ། །ནུབ་ཕྱོགས་ཁམས་ཀྱི་རྒྱལ་མོ་སྟེ། །


DNG024_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོ་ཁྲག་གི་གོ་ཟུ་ལ། །ལག་ན་ཐོད་པ་ཁྲག་གིས་བཀང་། །སྐྱེ་འགྲོ་ཀུན་གྱི་ཁྲག་འཐུང་མ། །འདིར་སྤྱོན་མདོས་བདག་མདོས་ལོངས་ཤིག །ལས་ཀྱི་རིགས་ཀྱི་རྒྱལ་མོ་སྟེ། །བྱང་ཕྱོགས་ཁམས་ཀྱི་མངའ་བདག་མོ། །སེར་མོ་གསེར་གྱི་གོ་ཟུ་ལ། །སྐྱེ་འགྲོ་ཀུན་གྱི་དབུགས་བདག་མོ། །མདོས་བདག་མདོས་ལོངས་ཤིག །ནམ་མཁའི་རིགས་ཀྱི་རྒྱལ་མོ་སྟེ། །འཇིག་རྟེན་རིགས་ཀྱི་མདོས་ཀྱི་བདག །མཐིང་ནག་ནམ་མཁའི་གོ་ཟུ་ལ། །གསེར་གྱི་ཞགས་པ་བསྡོགས་པ་འཕེན། །སྐྱེ་འགྲོ་ཀུན་གྱི་བཀྲག་བདག་མོ། །འདིར་སྤྱོན་མདོས་བདག་མདོས་ལོངས་ཤིག །ཧཱུཾ་འདོད་པའི་མ་མོ་ཚུར་གསོན་ཅིག །རི་རབ་གླིང་བཞིའི་རྩེ་མོ་ལ། །སྣང་སྲིད་ཀུན་གྱི་ཕུག་སྲོག་མོ། །སྐུ་མདོག་མཐིང་ནག་ཆེན་མོ་ལ། །དབུ་དང་ཞལ་ནི་ཅིར་ཡང་སྟོན། །རིན་ཆེན་རལ་པ་སྣ་ཚོགས་ཀྱིས། །སྣང་སྲིད་ཁ་དོག་གསལ་མཛད་མ། །སྤྱན་གཉིས་མཛེས་པའི་མཆི་མ་ཡིས། །གཡས་པ་སྣང་སྲིད་དབང་དུ་སྡུད། །གཡོན་པ་སྐྱེ་འགྲོ་གསོས་མཛད་མ། །ལྔ་བཅུ་རྩ་བདུན་ཇོ་མོ་སྟེ། །སྐྱེ་འགྲོ་ཀུན་གྱི་མངའ་བདག་མོ། །མ་མོ་ཆེན་མོ་གཤེགས་སུ་གསོལ། །མདོས་བདག་ཆེན་མོ་མདོས་ ལོངས་ཤིག །མ་མོ་སྲིད་པའི་བེམ་ལས། རྟག་པའི་རྒྱལ་མོ་དྲུག་ལ་མདོས་བསྔོ་བའི་ལེའུ་སྟེ་སོ་དྲུག་པའོ།། །།ཧཱུཾ་ཆེ་ཞེས་ཆེན་པོ་དཀར་མོ་སྟེ། །ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །ལྕགས་དང་ཟངས་ཀྱི་དྲིལ་ཞགས་ཅན། །སྙིང་གི་ཞགས་པ་བསྡོགས་ཤིང་འཕེན། །དཀར་མོ་ཆེན་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཆེ་ཞེས་དཀར་མོ་ཉི་མའི་མདངས་ལྡན་མ། །སྲིད་པ་གསུམ་ཆར་སྒྲོལ་མཛད་མ། །ལག་ན་ཤེལ་གྱི་སྤུ་གྲི་ཐོགས། །ཁྲོས་པའི་རྒྱལ་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཧཱུཾ་ཆེ་ཞེས་ཆེན་མོ་ཁྲག་འཐུང་མ། །སྲིད་པ་གསུམ་ཆར་དབང་དུ་སྡུད། །ལག་ན་ཐོད་པ་ཁྲག་གིས་


DNG024_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་བསྣམས། །ཁྲོས་པའི་རྒྱལ་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཆེ་ཞེས་དམར་མོ་བདུད་རྩི་བདག །སྲིད་པ་གསུམ་ཀ་གསོས་མཛད་མ། །ལག་ན་བདུད་རྩི་བུམ་པ་ཐོགས། །སྲིད་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཆེ་ཞེས་ལྗང་ནག་གནས་འདུལ་མ། །སྲིད་པ་གསུམ་ཆར་ཟད་པར་འགྱུར། །ལག་ན་ཞིང་ལྤགས་རྒྱལ་མཚན་བསྣམས། །ཁྲོས་པའི་རྒྱལ་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཆེ་ཞེས་ཆེན་མོ་ད་པའི་རྒྱན་བྱེད་མ། །ལག་ན་སྐྲ་ཡི་ཞགས་པ་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །མཚན་ནི་གཅིག་པུ་ཆེན་མོ་ལ། །ལག་ན་མི་ཡི་གཡང་གཞི་རྡེབས། །བྷ་ག་ཆེན་མོ་ཕུང་བྱེད་མ། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །མཚན་ནི་རྒྱུག་བྱེད་ཆེན་མོ་སྟེ། །ལག་ན་མི་མགོའི་རྒྱུག་པ་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །མཚན་ནི་བདག་ཉིད་ཆེན་མོ་སྟེ། །ལག་ན་ཞིང་གི་རྒྱུག་པ་འཕེན། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཧཱུཾ་རི་རབ་ལྷུན་པོའི་དཀྱིལ་འཁོར་ནས། །སྲིད་པ་ཤར་གྱི་བདག་མོ་སྟེ། །དཀར་མོ་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །སྲིད་པ་ལྷོ་ཡི་བདག་མོ་སྟེ། །ནག་མོ་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ལག་ན་བྷནྡྷ་ལྕང་ལོ་ཐོགས། །འཆིང་བར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །སྲིད་པ་ནུབ་ཀྱི་མངའ་བདག་མ། །དམར་མོ་དབང་གི་རྒྱལ་མོ་སྟེ། །ལག་ན་བྷནྡྷ་ལྕང་ལོ་བསྣམས། །འཆིང་བར་བྱེད་པའི་མིང་ནས་ཕྱུང་། །སྲིད་པ་བྱང་གི་བདག་མོ་སྟེ། །སེར་མོ་ཆེན་མོ་ལས་ཀྱི་གཙོ། །ལག་ན་ཐོད་པ་རྒྱ་གྲམ་ཐོགས། །ལེན་པར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །མ་མོ་སྲིད་པའི་བེམ་ལས། བསྐང་བའི་ལེའུ་སྟེ་སོ་


DNG024_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པའོ།། །།ཁོལ་མོ་རྣམས་ལ་བསྔོ་བར་བྱ་སྟེ། སྲིད་པ་ཡོངས་ཀྱི་ཤ་ཟ་མོ། །ཤང་ཤང་དེའུ་ལ་སོགས་པ་བཞི། །རི་རབ་གླིང་བཞི་བཅས་པ་ལ། །མ་ཚོགས་འབུམ་གྱིས་བསྐོར་བ་ལ། །རྗེ་དང་འབངས་དང་ཁོལ་མོ་དང་། །གཡོག་དང་བྲན་ལ་སོགས་པ་དང་། །ནང་བློན་ཁ་བློན་གུང་བློན་དང་། །མ་ཚོགས་འཁོར་དང་བཅས་པ་ནི། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །རི་རབ་བང་རིམ་བཞི་པ་ལ། །ཤར་ཕྱོགས་དུང་མཁར་དཀར་པོ་ལ། །གཡུ་ཡི་སྒོ་མོ་སྩལ། །གསེར་གྱི་སྒོ་ལྕགས་ཀྲལ་ལ། །དེའི་ཁབ་བདག་པོ། །དབང་ཕྱུག་ནི་སྒྲོལ་བྱེད་ལགས། །སྒོ་བ་ནི་སྒོ་ཕྱེ་ཞིག །མདོས་བདག་ནི་མདོས་ལོངས་ཤིག །གླུད་བདག་ནི་གླུད་ལོངས་ཤིག །རི་རབ་ལྷོ་ཕྱོགས་ན། །ལྕགས་མཁར་སྔོན་པོའི་ནང་ཤེད་ན། །གསེར་གྱི་བད་བཏགས་པ། །དུང་གི་སྒོ་མོ་གསལ། །བསེའི་རྒྱན་ལྡན་ཀྲལ་ལ། །དེའི་བདག་པོ་དབང་ཕྱུག་ཆེན་པོ་ལགས། །མ་ཧེ་ནི་ཤྭ་ར་ཧཱ། །ཡ་བདུད་ནི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལོངས་ཤིག །གླུད་བདག་ནི་གླུད་བཞེས་ཤིག །འཛམ་གླིང་ནི་ནུབ་ཕྱོགས་ན། །ནོར་གྱི་ནི་བདག་པོ་ལ། །ཟངས་མཁར་དམར་པོ་ལ། །གཡུ་ཡི་བད་བཏགས་ནས། །གསེར་གྱི་སྒོ་གསལ་བས། །གཡུ་ཡི་རྒྱན་ལྡན་ཀྲལ་ལ། །མ་ཧཱ་དེ་བ་ལྷ་ཆེན་པོ། །བཙུན་མོ་ཨུ་མ་དེ་བཱི་ལགས། །ནོར་ལྷ་ཆེན་པོའི་མིང་ནས་ཕྱུང་། །མདོས་བདག་མདོས་ལོངས་ཤིག །བྱང་ཕྱོགས་ཕ་ཀི་ན། །གསེར་མཁར་གྲུ་བཞི་ལ། །ཁ་བད་གཡུ་ཡིས་བགྱིས། །དུང་གི་རྒྱན་ལྡན་ཀྲལ་ལ། །དེའི་བདག་པོ་བ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །མདོས་བདག་ནི་མདོས་ལོངས་ཤིག །གུང་གི་ཡང་སྟེང་ན། །དུང་མཁར་དཀར་པོ་ལ། །གསེར་གྱི་ཁ་བད་ཅན། །གཡུའི་རྒྱན་ལྡན་ཀྲལ་ལ། །དེའི་བདག་པོ་བ། །ཁྱབ་འཇུག་ཆེན་པོ་ཡིན། །གནམ་ལྷ་དཀར་པོའི་མིང་ཕྱུང་ནས། །མདོས་བདག་ནི་མདོས་བཞེས་ཤིག །འཛམ་གླིང་ནི་བྱང་ཕྱོགས་ནས། །མདོས་ཀྱི་ནི་བདག་པོ་བ། །མ་ཧཱ་དེ་བ་ལྷ་ཆེན་པོ། །བཙུན་མོ་ཨུ་མ་དེ་བ་འཁོར་དང་བཅས། །


DNG024_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལྷ་ཆེན་པོའི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལོངས་ཤིག །བྱང་ཤར་མཚམས་ཤེད་ན། །བསེ་མཁར་ནི་ཁྲ་བོ་ལ། །དངུལ་གྱི་ནི་བད་ཀྱིས་བསྐོར། །ལྕགས་ཀྱི་ནི་སྒོ་སྩལ་བས། བཙན་ནི་ཡམ་ཤུད་དམར་པོའི་མཁར། །བཙན་གྱི་རྒྱལ་པོའི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལོངས་ཤིག །མདོས་འདི་ཕར་སོང་འགབ་མང་ན། །ཚེ་འདི་ཚུར་མཆིས་མནའ་མ་ཟ། །ཕྱྭ་དང་གཡང་མ་འབྲོས། །ཞེས་བསྐང་ངོ་། །མ་མོ་སྲིད་པའི་བེམ་ལས། མདོས་བསྐྱལ་བའི་ལེའུ་སྟེ་སོ་ བརྒྱད་པའོ།། །།དེ་ནས་རྟག་པའི་རྒྱལ་མོ་ལ་བསྟོད་པ། ཧཱུཾ་སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་། །དུས་གསུམ་བདེ་གཤེགས་འབྱུང་བ་ལྔ་ཡི་ཡུམ། །སྐྱེ་འགྲོ་མ་ལུས་འབྱུང་བ་ལྔ་ལ་རྫོགས། །འདས་དང་མ་བྱོན་འབྱུང་བ་ལྔ་ཡི་དབྱིངས། །འབྱུང་བ་ལྔ་ཉིད་བྷ་ག་ཡུམ་གྱི་ཀློང་། །བདེ་ཆེན་ཡུམ་གྱི་ཀློང་ལ་ཕྱག་འཚལ་ལོ། །ཧཱུཾ་ཁམས་གསུམ་ཐམས་ཅད་ཡུམ་གྱི་བྷ་གའི་རྒྱན། །སྣང་སྲིད་ཐམས་ཅད་འཁོར་ལོ་རྩིབས་བཞི་ལ། །གྲུ་ཆད་བཞི་ཡིས་བྷ་གའི་ཚུལ་གྱིས་བརྒྱན། །འབྱུང་བ་ལྔ་ཡི་རྒྱལ་མོ་སྐུ་བསྐྱོད་ཅིག །ཧཱུཾ་འཁོར་ལོ་འབར་བའི་ལྟེ་དབུས་སུ། །མ་བདུད་བསྒྱེལ་བའི་གདན་སྟེང་དུ། །ཡུམ་གྱི་རྒྱལ་མོ་སྐུ་བཞེངས་ཏེ། །བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན། །མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྱིལ། །མཁའ་ལ་དུས་བཞི་ཆ་སྙོམས་མ། །དབུ་གཅིག་ཞལ་ལྔ་སྲིད་པ་གསལ། །ཞབས་ལས་འབྱུང་བ་ལྔ་འཆར་མ། །ཕྱག་དྲུག་ཕྱག་ན་སྣ་ཚོགས་བསྣམས། །དང་པོ་རྡོ་རྗེ་དྲིལ་བུ་དང་། །བྷནྡྷ་ལྕང་ལོ་ཁ་བད་འཕྱར། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སྣ་ཚོགས་ཤིན་ཏུ་འབར། །འཁོར་ལོ་འབར་བའི་རྩེ་མོ་ཅན། །ཚོགས་ཀྱི་བདག་མོ་གཤེགས་སུ་གསོལ། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །དྲི་ཟ་བསྒྱེལ་བའི་གདན་སྟེང་དུ། །ཤར་གྱི་མཁའ་འགྲོ་སེང་གེའི་གདོང་། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་དཀར་མོ་ཤེལ་ལྟར་དག །དབུ་གསུམ་


DNG024_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་རྡོ་རྗེ་བྷནྡྷ་འབར། །བར་མ་དགྲ་སྟྭ་གཏུན་ཤིང་འབར། །ཐ་མ་སེང་གེའི་མཆོག་ཆེན་སྟོབས། །འབྱུང་བ་ས་ཡི་མངའ་བདག་མོ། །འགྲོ་བའི་ཤ་ལ་མངའ་མཛད་མ། །རུས་པའི་བདག་མོར་གཤེགས་སུ་གསོལ། །ཧཱུཾ་བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །གནོད་སྦྱིན་བསྒྱེལ་བའི་གདན་སྟེང་དུ། །བྱང་གི་མཁའ་འགྲོ་ཁྱུང་ཆེན་གདོང་། །རྟག་པའི་རྒྱལ་མོ་ཡང་གསལ་གཡོས། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་ལྗང་ནག་ཤིན་ཏུ་འབར། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་རྡོ་རྗེ་རྒྱ་གྲམ་འབར། །བར་མ་ཁྱུང་ཆེན་རྒྱུ་ཞགས་འདྲེན། །ཐ་མ་སྤྱང་མོ་ཞིང་ཆུང་སྙོད། །འབྱུང་བ་རླུང་ལ་དབང་བསྒྱུར་ཞིང་། །འགྲོ་བའི་དབུགས་ལ་མངའ་མཛད་མ། །དབུགས་ཀྱི་བདག་མོར་གཤེགས་སུ་གསོལ། །ཧཱུཾ་ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ཆུ་བདག་བསྒྱེལ་བའི་གདན་སྟེང་དུ། །ནུབ་ཕྱོགས་མཁའ་འགྲོ་དུར་བྱའི་གདོང་། །རྟག་པའི་རྒྱལ་མོ་གཉན་གསལ་མ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །སྤྱན་ནི་དམར་པོའི་མདངས་ཀྱིས་མཛེས། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་དུང་ཁྲག་བྷནྡྷ་དམར། །བར་མ་ཞགས་པ་དྲིལ་བུ་ལ། །ཐ་མ་ཅེ་སྤྱང་ཞིང་ཆུང་སྙོད། །འབྱུང་བ་ཆུ་ལ་དབང་བསྒྱུར་མ། །འགྲོ་བའི་ཁྲག་ལ་མངའ་མཛད་ཅིང་། །ཁྲག་གི་བདག་མོར་གཤེགས་སུ་གསོལ། །ཧཱུཾ་ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གཤིན་རྗེ་བསྒྱེལ་བའི་གདན་སྟེང་དུ། །ལྷོ་ཡི་མཁའ་འགྲོ་བན་གླང་གདོང་། །རྟག་པའི་རྒྱལ་མོ་འོད་གསལ་འབར། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སྔོན་པོ་བཻ་ཌཱུརྱ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་རིན་ཆེན་བྷནྡྷ་འབར། །བར་མ་མེ་འབར་ཆུ་སྤྱང་བསྣམས། །ཐ་མ་སྟག་མོ་ཞིང་ཆུང་ཟ། །འབྱུང་བ་མེ་ལ་དབང་བསྒྱུར་མ། །འགྲོ་བའི་དྲོད་ལ་མངའ་མཛད་ཅིང་། །དྲོད་ཀྱི་བདག་མོ་གཤེགས་སུ་གསོལ། །དཀྱིལ་འཁོར་མཚམས་ཀྱི་


DNG024_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་སྟེང་། །ལྷ་ཆེན་བསྒྱེལ་བའི་གདན་སྟེང་དུ། །ནམ་མཁའི་མཁའ་འགྲོ་རྡོ་རྗེའི་མཆུ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སེར་པོ་བཙོ་མ་གསེར། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་རིན་ཆེན་བྷནྡྷ་འབར། །བར་མ་རྒྱལ་མཚན་སྤུ་གྲི་བསྣམས། །ཐ་མ་འུག་པའི་ཞིང་ཆུང་སྙོད། །ནམ་མཁའི་སྟོང་ལ་དབང་སྒྱུར་ཞིང་། །འགྲོ་བའི་བཀྲག་ལ་མངའ་མཛད་མ། །བཀྲག་གི་བདག་མོ་གཤེགས་སུ་གསོལ། །ཀུན་ཀྱང་ཡེ་ཤེས་མཁའ་འགྲོ་མ། །སེམས་ཅན་དོན་ལ་བརྩེ་ཞིང་དུང་། །འཇིགས་ཚུལ་ཆེ་ཞིང་སྙིང་རྗེར་ལྡན། །ཡེ་ཤེས་དྲུག་ལྡན་རྒྱལ་མོ་དྲུག །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ནི་གླུད་ལོངས་ཤིག །མ་མོ་སྲིད་པའི་བེམ་ལས། རྒྱལ་མོ་དྲུག་གི་བསྐང་བའི་ལེའུ་སྟེ་སོ་དགུ་པའོ།། །།གཡུང་དྲུང་ལྷ་ཡིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་འཇིག་རྟེན་སྟོབས་ཀྱི་ལྷ། །ཕོ་རྣམས་ཐུགས་དམ་ཇི་ལྟར་བསྐང་། །མཐུན་པའི་རྫས་རྣམས་ཇི་ལྟར་བསོག །ཅེས་གསོལ་ཏོ། །དེ་ནས་བཀའ་སྩལ་པ། མོ་ཁ་བས་ནི་ཕོ་ཁ་དྲག །སྣ་ལ་སྔོན་དུ་ཕ་རྣམས་མཆོད། །མོ་ཁ་ཕོ་ནི་སླ་བ་ཡིན། །དེ་ཡི་མཐུན་རྫས་བསོག་པ་ནི། །དཀར་པོ་བཅུ་གསུམ་རྫས་བསྟན་པ། །ལུག་དང་བྱ་དང་སྤྲེལ་དང་ཁྱི། །བཅུ་གསུམ་ཚོ་བཞིར་བསག་པར་བྱ། །བཤོས་བུ་ལྷ་བཤོས་མར་མེ་དང་། །མཁར་ཐབས་བཅུ་གསུམ་ཚོ་བཞིའོ། །མདའ་དང་ནམ་མཁའ་ངར་གླུད་དང་། །སྤྱན་གཟིགས་གཏོར་མ་བཅུ་གསུམ་ཚོ་བཞིའོ། །ཞལ་ཟས་བཟང་པོས་སྣ་དྲངས་བཅུ་གསུམ་མོ། །ཚོགས་ཚད་ཞལ་རྣམས་བྲིས་ན་རབ། །ཤིང་རིས་ལྗང་བུ་གཞུང་བཞིན་བྱ། །མཆོད་དང་བསྟོད་པ་ཀུན་ཀྱང་གཅིག །འགོང་པོ་སྤུན་དགུའི་བསག་ཐབས་ལ། །དང་པོ་འགོང་པོ་སྤུན་བརྒྱད་ལ། །གཟུགས་དང་མཐུན་པར་འདྲ་འབག་བརྒྱད། །མགོ་ལ་བྱ་དཀར་སྒྲོ་བཙུགས་ལ། །ཕྱོགས་བཞི་མཚམས་བརྒྱད་ཕྱི་བསྟན་ཁ། །ནམ་མཁའ་མཐེབ་གང་མཁར་ཐབས་བརྒྱད་


DNG024_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤམ། །མདའ་བརྒྱད་མཐོ་རེ་དཀར་པོ་ལ། །མཛེས་པའི་ཚོན་གྱིས་བསྐོར་བའི་རི་མོ་གསུམ། །བློན་པོ་གདན་བག་དབུས་སུ་ནི། །མདའ་རིས་མཁར་ཐབས་ཟ་འོག་གོ་ཟུ་རིས། །ནམ་མཁའ་གཡུ་རིས་དར་དཀར་མཚན་པའི་ལྗང་བུ་བྱ། །ཞལ་ཟས་སྣ་ཚོགས་མཛེས་པར་བསག །ཤིང་རིས་མཐུན་པར་བསག་པར་བྱ། །དེ་ནས་ཕྱོགས་བཞི་མཚམས་བརྒྱད་དུ། ཡས་སྟགས་བསྐྱལ་ལ་གཏང་། རྒྱལ་པོའི་གསང་མདོས་དབུལ་བ་ནི། །ཁོ་རང་སྐུ་གཟུགས་མཛེས་པར་བྱ། །ཤོག་བུའི་ལག་འཕན་བདུན་གྱིས་བརྒྱན། །སྤྱི་བོར་གདུགས་ཀྱིས་དགབ་པར་བྱ། །ཡི་གེ་བཅུ་པའི་འཁོར་ལོ་སྙིང་གར་བཞག །དེ་ནས་རྨྱུག་མ་ཁྲུ་གང་ལ། །ཁྲམ་གྱི་བུ་ག་བསྣོལ་མར་ནམ་མཁའ་གཟུག་པར་བྱ། །ལྷ་ལ་གཙོ་བོའི་ནམ་མཁའ་གཟུག །གཡུ་ཡི་ཁོང་པ་ཕྱི་རིམ་དཀར། །གསེར་གྱི་ཁ་ཆག་གཏང་བར་བྱ། །དེ་ནས་ཁོང་པ་གསེར་ལ་ཁ་ཆག་གཡུ་ཡི་ཕྱི་རིམ་དཀར། །གཅིག་ནི་དཀར་པོ་ཆེ་བའི་གཡུ་དང་བྱེ་རུ་གསེར། །གཉིས་ནི་དཀར་ལ་གཡུ་དང་གསེར་གྱི་ཁ་ཆག་ཡིན། །བཞི་ནི་དཀར་པོ་ཟངས་མ་ལ། །མཐོའ་གང་ཚད་དུ་གཟུག་པར་བྱ། །སྣ་ཚོགས་དཀར་པོའི་རྒྱན་གྱིས་མཚན། །གཞའ་རིས་བཏོད་ལ་རིམ་གྱིས་གཟུག །དེ་ནས་མཁར་ཐབས་དཀྱིལ་དུ་གཟུག །སྤྱན་གཟིགས་གཏོར་མ་ཕུད་གཙང་དབུལ། །རྐང་འདོམ་ཉི་ཤུ་རྩ་གཅིག་ཏུ། །གཏིང་རིང་ཡས་སྟགས་གནན་པར་བྱ། །ཞེས་གསུངས་སོ། །དེ་ནས་ཡང་སྲིད་པའི་རྒྱལ་མོ་སྒོས་མདོས་བཤམ། མཁར་ཐབས་གཞུང་བཞིན་བཤམས་ནས་ཀྱང་། །ནམ་མཁའ་དགུ་པོ་གསང་བའི་མདོས་དང་གཅིག །ལྷ་བཤོས་དྲེ་ཆའི་སྟེང་དུ་ཏིང་ལོ་ལྔའི་མར་མེ་བཏང་། །རྨྱུག་རིང་སྣ་ཚོགས་རྒྱན་གྱིས་བརྒྱན། །མདའ་རིས་གཞུང་དང་མཐུན་པར་བྱ། །སྤྱན་གཟིགས་ཕུད་གཙང་དབུལ་བར་བྱ། །ཞེས་གསུངས་སོ། །དེ་ནས་ཡང་རྒྱལ་པོ་མཆེད་ལྔ་ལ། ལྷ་བཤོས་དྲེ་ཆ་ལྔ་བྱས་ཏེ། དབུས་སུ་ཏིང་ལོ་རི་མོ་མར་


DNG024_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བལྟམས་ལ། རྨྱུག་རིང་མདའ་རིས་ནམ་མཁའ་ཀུན་མཐུན། སྤྱན་གཟིགས་ཆ་ལྔ། གསེར་དངུལ་གྱི་སྣོད་དུ་ཕུད་གཙང་མས་བཀང་ལ་དབུལ་ལོ། །དེ་ནི་ཕོའི་བསྐང་བ་ཡིན་ནོ། །མ་མོའི་མདོས་ཀུན་གྱི་སྣལ་བསྐང་ངོ་། །མ་མོ་སྲིད་པའི་ བེམ་ལས། ཕོ་བསྐང་བའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་ས་བདག་ཡོ་བཅོས་ཀྱི་མདོས་འདི་གསུངས་སོ། །དང་པོ་གཙང་མའི་གནས་ཉིད་དུ། །ཀླུ་ཡི་དཀྱིལ་འཁོར་བཤམ་པར་བྱ། །དེ་ནས་གཙང་ཕྱེ་དྲེ་གང་ལ། །ས་བདག་བཅུ་དྲུག་གཟུགས་བྱས་ཏེ། །དང་པོ་གཙོ་བོ་བཞི་ཡི་གཟུགས། །ཤར་དུ་ས་བདག་ཧལ་ཁྱི་ལ། །ལྷོ་རུ་ཧང་འཕེན་དགོད་པར་བྱ། །ནུབ་ཏུ་ས་བདག་ཐེ་སེ་ལ། །བྱང་དུ་ཙང་ཀུན་དགོད་པར་བྱ། །ཤར་དུ་མི་ཡི་ལུས་པོ་ལ། །སྟག་དང་ཡོས་བུའི་མགོ་ཅན་ཡིན། །ལྷོ་རུ་མི་ཡི་ལུས་པོ་ལ། །སྦྲུལ་དང་རྟ་ཡི་མགོ་ཅན་ཡིན། །ནུབ་ཏུ་མི་ཡི་ལུས་པོ་ལ། །བྱ་དང་སྤྲེའུའི་མགོ་ཅན་ཡིན། །བྱང་དུ་མི་ཡི་ལུས་པོ་ལ། །ཕག་དང་བྱི་བའི་མགོ་ཅན་ཡིན། །ནུབ་བྱང་མི་ཡི་ལུས་པོ་ཁྱིའི་མགོ་ཅན་ཡིན། །བྱང་ཤར་གླང་གི་མགོ་ཅན་ཡིན། །ཤར་ལྷོ་འབྲུག་གི་མགོ་ཅན་ཡིན། །ལྷོ་ནུབ་ལུག་གི་མགོ་ཅན་ཡིན། །གཞུང་དང་མཐུན་པར་རྫས་རྣམས་བསག་པ་ནི། །སྣ་ཚོགས་ཤིང་སྣ་ཚང་བ་དང་། །ལྗང་བུ་བཅུ་གཉིས་ཤིང་རིས་བཞི། །སྣ་ཚོགས་འབྲུ་དང་མར་དང་འོ་མ་དང་། །ཁུར་བ་དཀར་གསུམ་གཏོར་མ་བཞི། །གཙོ་བོ་བཞི་ལ་དབུལ་བར་བྱ། །འཁོར་གྱི་ས་བདག་བཅུ་གཉིས་ལ། །གཏོར་མ་ཆ་གསུམ་བཤམ་པ་ནི། །ནས་དང་གྲོ་དང་འབྲས་ཆན་གསུམ་གྱི་གཏོར་མ་གསུམ། །དང་པོ་གཅིག་ནི་མར་དང་འོ་མས་དགང་། །གཅིག་ནི་སྣ་ཚོགས་རྩི་སྨན་བླུགས། །གཅིག་ནི་སྲན་ཆང་བྲ་ཕྱེ་ནས་དང་སྦལ་གཅོང་གཏོར་མས་དགང་། །ནམ་མཁའ་ཁྲ་བོ་ཆེན་པོ་བཞི། །གཙོ་བོ་བཞི་ལ་དབུལ་བར་བྱ། །ཤར་དུ་དཀར་པོ་གསེར་གྱི་ཁ་ཆག་ཅན་དང་གཉིས། །ལྷོ་རུ་སེར་པོ་གཡུ་ཡི་ཁ་ཆག་ཅན་དང་


DNG024_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །ནུབ་ཏུ་དམར་པོ་དུང་གི་ཁ་ཆག་ཅན་དང་གཉིས། །བྱང་དུ་སྔོན་པོ་བྱུ་རུའི་ཁ་ཅག་ཅན་དང་གཉིས། །མཚམས་བཞིར་གསེར་གཡུའི་ཁ་ཅག་ཅན་ནི་བཞི། །མདའ་རིས་བཞི་ནི་གཞུང་དང་མཐུན་པ་ལ། །བཅུ་གཉིས་ནམ་མཁའི་ཁ་དོག་བཞིན། །ཕྱོགས་མཚམས་གཞུང་དང་མཐུན་པར་བྲིས། །དེ་བཞིན་ས་བདག་ཕག་མོ་ལ། །དམར་གཏོར་ཆ་གཅིག་བཤམས་ནས་ནི། །བལ་ཚོན་སྣ་ལྔས་ཁ་བཅད་ལ། །དེ་བཞིན་སྣ་ལ་མཆོད་པར་བྱ། །དེ་བཞིན་མ་མོ་སྲིན་མོའི་རྫས། །བལ་ནག་ཚལ་པོ་བྱས་ནས་ནི། །འབྲུ་མར་ཆང་གི་སྦང་མ་བླུགས། །གཟུགས་ནི་མཐོ་གང་ཚད་ཡིན་ཏེ། །མདོས་བདག་ཀུན་གྱི་ནང་དུ་ཡང་། །མོ་ཡི་རྫས་ནི་བསག་པར་ཤིས། །ཞེས་གསུངས་ སོ། །མ་མོ་སྲིད་པའི་བེམ་ལས། ས་བདག་ཡོ་བཅོས་ཀྱི་སྐབས་སོ།། །།དེ་ནས་ཡང་ཀླུའི་མདོས་ཀྱི་སྐབས་འདི་གསུངས་སོ། །རིགས་བཞི་ཀླུའི་གཟུགས་བརྙན་ངར་ཕྱེ་ལ་དགོད་པར་བྱའོ། །ནག་པོ་མགོ་དགུ་ལ་བྱ་སྤུ་སྣ་ཚོགས་ཀྱིས་བརྒྱན་པ་བཞག །རྩི་སྨན་སྣ་ཚོགས་དང་། མཚལ་ལི་ཁྲི་དུང་དར་དམར་པོའི་གདུགས། ཤིང་རྩི་ཚང་བ་འོ་མ་དང་འབྲས་ལ་སོགས་པའི་འབྲུ་ཆན་སྣ་ཚོགས་དང་། མངར་སྣ་ཚང་བ་བསག་པར་བྱའོ། །རྒྱལ་རིགས་ལ་ནམ་མཁའ་སྔོན་པོ་ལ་སྣ་ཚོགས་ཚོན་གྱིས་བྲིས་པ་ལ། དར་སྣ་ཚང་བས་བརྒྱན་པའོ། །བྲམ་ཟེའི་རིགས་ལ་ཁོང་དམར་པོའོ། །སྣ་ཚོགས་ཚོན་གྱིས་བྲིས་པ་གཅིག་དབུལ་ལོ། །རྗེའུ་རིགས་ལ་ཁོང་ནག་པོ་ལ། སྣ་ཚོགས་ཚོན་གྱིས་བྲིས་པ་གཅིག་དབུལ་ལོ། །དམངས་རིགས་ལ་ཁོང་ནག་པོ་ལ། སྣ་ཚོགས་ཚོན་གྱིས་བྲིས་པ་ལ། སྣ་ཚོགས་ཆུ་བྱའི་སྒྲོ་དང་རས་མ་སྣ་ཚོགས་པས་བརྒྱན་པ་དབུལ་ལོ། །གཏོར་མ་ཆ་གཅིག་ལ་འབྲས་ཆན་དང་ནས་ཀྱི་རུས་ཆན་དང་། ཞོ་དང་ཁུར་བ་བཏབ་པ་ནི། རྒྱལ་རིགས་ལ་དབུལ་ལོ། །བྲམ་ཟེའི་རིགས་ལ་ནས་ཀྱི་རུས་ཆན་དང་། ཁུར་བ་མར་དང་ཞོ་དང་བཅས་པ་དབུལ་ལོ། །རྗེའུ་རིགས་ལ་ནས་ཆན་དང་། སྣ་ཚོགས་ལྷ་རྫས་ཀྱི་འབྲུ་སྣའི་གཏོར་མ་གཏང་ངོ་། །དམངས་རིགས་ལ་སྣ་ཚོགས་པའི་གཏོར་མ་སྦྱིན་ནོ། །འོ་མ་ལ་སྨན་སྣ་ཚོགས་


DNG024_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མངར་སྣ་ཚོགས་པས་བྲན་པ་ནི། རིགས་བཞི་ཀུན་ལ་གཏོར་མ་དབུལ། ཤིང་རིས་དང་མདའ་དར་གཞུང་བཞིན་བྱས་ལ། སྣ་ཚོགས་ཤིང་སྣ་ལ་ནམ་མཁའ་དང་བཅས་ལ་གཟུག་གོ། །ནམ་མཁའ་ནི་འདྲ་བ་གཉིས་རྒྱལ་རིགས་ལ། བྲམ་ཟེའི་རིགས་ལ་འདྲ་བ་བཞི། རྗེའུ་རིགས་ལ་འདྲ་བ་གཉིས་དང་དམངས་རིགས་འདྲ་བ་བདུན་ནོ། །མཎྜལ་ལ་བ་ཡི་རྣམ་ལྔ་དང་། སྤོས་ཆུས་བྱི་དོར་ལེགས་པར་བྱས་ལ། གཟུགས་ལྔ་དགོད་དོ། །གཏོར་མ་ཆ་བཞི་དགོད་ལ་བཞག་གོ། །འོ་མའི་ཕོར་བུ་བཞི་ཡང་བཞག་གོ། །སྣ་ཚོགས་སྤོས་ཆུས་ནད་པ་བཀྲུས་ལ། ཁ་ཤར་དུ་བསྟན་ལ་གཡས་ཕྱོགས་སུ། ནས་དཀར་མོ་གསོག་མེད་པ་དྲེ་གང་བཞག་དེ་ནི་གླུད་དེ་ཚེའི་སྐྱིན་པའོ། །གཡོན་དུ་སྲན་མ་ནག་པོ་གསོག་མེད་པ་དྲེ་གང་བཞག །དེ་ནི་གླུད་དང་འཁྲུན་བཅད་པའོ། །མདུན་དུ་ཞལ་ཟས་སྣ་ཚོགས་དང་། འབྲང་རྒྱས་དང་ཕུད་བལྟམས་ལ་བཞག །དེ་ནི་བཀྲ་ཤིས་གསོལ་བའོ། །ལག་པ་གཡས་པར་མཚལ་ལི་ཁྲི་བསྐུར། དེ་ནི་བཀྲག་དང་གཟི་མདངས་སྐྱེད་པའོ། །གཡོན་དུ་དུང་བསྐུར། དེ་ནི་རུས་ནད་གསོ་ཞིང་ཚེ་བརྟན་པར་བྱས་པའོ། །དེ་གཉིས་ནས་གཏོར་དུམ་རེ་བླུགས། ལྷག་མའི་སྙིང་གར་གདགས་སོ། །དེ་ནས་ཀླུ་མཆོད་ལ་ཆུ་སྔོ་བཟང་པོ་ཅན་དུ་ཡས་སྟགས་བསྐྱལ་ལོ། །ནག་པོ་རྐང་གཅིག་ནི་བྱ་ཁྱུང་དང་། ཕྱག་ན་རྡོ་རྗེའི་སྔགས་ཀྱིས་རྨ་བྱའི་སྒྲོས་བྲབ་ཅིང་གཏུབས་ལ། ནད་པའི་མལ་འོག་ཏུ་མནན། སྒྲོ་ནད་པའི་ལག་ཏུ་ཐོགས། བྱ་ཁྱུང་སྙིང་པོ་ཟློས་སུ་གཞུག་གོ། །མ་མོ་སྲིད་པའི་བེམ་ ལས། ཀླུ་མདོས་ཀྱི་སྐབས་སོ།། །།དེ་ནས་ཡང་རྣལ་འབྱོར་ལས་སུ་རུང་ཞིང་། བཀྲ་ཤིས་པར་བྱ་བའི་ཕྱིར་མ་མོ་རིགས་བཞིའི་དབང་བསྐུར་བ་འདི་གསུངས་སོ། །དེ་ཡང་དང་པོར་གནས་བཀྲ་ཤིས་པའི་སར་མཎྜལ་གཞུང་དང་མཐུན་པར་བརྩིག །སྤྱི་སྒྲུབ་དཔེ་ཆུང་དང་མཐུན་པར་བྲིས། ཞིང་ཆེན་གྱི་འཕན་གདུགས་དང་། རྒྱན་སྣ་ཚོགས་དང་དུར་ཁྲོད་ཀྱི་རྫས་རྣམ་པ་སྣ་ཚོགས་དགྲམ། དེ་ནས་མཆོད་


DNG024_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་བཤམས་ལ། སློབ་དཔོན་ལ་དར་མཐིང་ནག་གམ། ལྕགས་ཁའི་ཐོད་བཅིངས་ལ། གཉེན་པོ་སྟོབས་ཀྱི་ལྷའི་ཏིང་ངེ་འཛིན་དུ་ཞུགས་ཏེ། མ་མོ་རིགས་བཞི་ལ་མཆོད་བསྟོད་བྱ། ཞག་ལྔའམ་བདུན་དུ། ཡང་ན་གསུམ་ཡང་རུང་བས། སྤྱིར་བསྙེན་པ་དབུལ། དེ་ནས་དབང་བསྐུར་བ་ནི། དབང་གི་ལྷ་མོ་སྤྱན་དྲངས་ཏེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། བཛྲ་རེའུ་ཏྲི་ས་མ་ཡ་ཛ་ཞེས་སྤྱན་དྲངས་ཏེ། འདི་སྐད་ཅེས་བསྟོད་དོ། །ཧཱུཾ་དཀར་མོ་ཁྱུང་ཐོགས་རྡོ་རྗེའི་གཤོག་པ་ཅན། །མཁའ་ལ་ཡིད་བཞིན་སྤྲུལ་པའི་ཆར་འབེབས་མ། །ཨ་ལ་ལ་ཡི་དངོས་གྲུབ་གསོལ་མཛད་མ། །མ་གཅིག་གཙུག་གི་རྒྱན་འབྱམས་མ། །ཡིད་བཞིན་སྤྲུལ་པས་མཁའ་ལ་བདུད་རྩིའི་ཆར་འབེབས་མ། །དོ་ནུབ་དབང་དང་དངོས་གྲུབ་སྩོལ། །ཞེས་བྱོན་པར་བསམས་ལ་སློབ་མ་ནུབ་སྒོར་བཞག་གོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །ཁྱོད་ནི་སྐལ་མཆོག་རབ་ཏུ་ལྡན། །ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་དུ། །འཇུག་པའི་སྐལ་བར་ལྡན་པ་ནི། །དེ་ནི་སྐལ་ལྡན་རྣལ་འབྱོར་ཏེ། །ལུས་ངག་ཡིད་གསུམ་དང་བས་འདུད་པར་གྱིས། །ལངས་སྟབས་ཐལ་མོ་སྤྱི་བོར་རྡེབས། །འདི་ནས་བཟུང་སྟེ་དམ་པར་གྱིས། །ཞེས་བརྗོད་པས། རིག་པའི་མེ་ཏོག་ཐོགས་ནས། རིགས་ཀྱི་བུ་དེས་འདི་སྐད་ཅེས་ཞུའོ། །བླ་མ་ཡེ་ཤེས་དམ་པ་ཀུན་གྱི་བདག །སྐུ་གསུམ་བདེར་གནས་དངོས་གྲུབ་དག །མ་ནོར་མཚན་མའི་ལམ་སྟོན་པ། །བདག་ནི་དཀྱིལ་འཁོར་འདིར་འཇུག་གྱི། །བདག་ལ་དངོས་གྲུབ་བསྟན་དུ་གསོལ། །ཞེས་རིན་པོ་ཆེའི་མེ་ཏོག་གཏོར་ནས་དེ་ཉིད་ན་འཁོད་དོ། །དེ་ནས་ཡང་གུ་རུས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །དད་པའི་མཆོག་ནི་ཉེར་བཞག་ནས། །བླ་མ་ལ་མོས་དད་པ་སྐྱེད། །དབུལ་བའི་མཆོག་ཏུ་དེ་འགྲོ་ཡིས། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཞེས་གསུངས་སོ། །དེ་ནས་ཡང་འདི་སྐད་ཅེས་ཞུའོ། །རིན་པོ་ཆེའི་མེ་ཏོག་ཐོགས་ལ།


DNG024_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ་དགོངས་སུ་གསོལ། ལན་གསུམ་བརྗོད་ནས། བདག་ནི་དད་པའི་ཤུགས་བསྐྱེད་ནས། །བླ་མ་རྡོ་རྗེའི་སློབ་དཔོན་ལ། །ལུས་ངག་ཡིད་གསུམ་དད་པ་ཡིས། །བདག་ནི་སྐྱབས་སུ་གསོལ་ལགས་ཀྱི། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །མ་མོ་རིགས་བཞིའི་དཀྱིལ་འཁོར་དུ། །བདག་ནི་འཇུག་པར་འཚལ་ལགས་ཀྱི། །བདག་ལགས་ན་ཅིང་དཀྱིལ་འཁོར་སྟོན། །ཞེས་མེ་ཏོག་དོར་ནས། དེ་ཉིད་དུ་ལོང་བུ་དང་ཐལ་མོ་སྦྱར་ནས་འཁོད་དོ། །དེ་ནས་ཡང་གུ་རུས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །རིགས་བཞི་མ་མོའི་དཀྱིལ་འཁོར་འདིར། །དད་པའི་ཡིད་ཀྱིས་ཁྱོད་འཇུག་ན། །སློབ་དཔོན་ང་ལ་དད་པ་སྐྱེད། །འཁོར་དང་ཡུལ་དང་བུ་སྨད་ཚོགས། །དད་པའི་མཆོག་ཏུ་དབུལ་བར་གྱིས། །གུས་པས་ཐོང་ན་དབུལ་བར་བྱ། །གལ་ཏེ་དད་པའི་སྟོབས་མེད་ན། །དམ་ཚིག་ཉམས་པའི་རྒྱུ་ཡིན་པས། །བསྟན་པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་ཡང་རིགས་ཀྱི་བུ་དེས། བདག་ནི་དད་པའི་ཤུགས་དང་ལྡན། །བླ་མ་སྙིང་རྗེ་རབ་ལྡན་ན། །བདག་ཀྱང་དམ་ཚིག་གཙོ་ལགས་ཀྱི། །རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་བདག་ལ་སྩོལ། །བདག་ལ་དབང་མཆོག་དམ་པ་གསོལ། །དེ་ནས་ཡང་གུ་རུས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་གཙོ། །ཁྱོད་ནི་དམ་པའི་ཚུལ་འཛིན་ན། །རིགས་བཞི་མ་མོའི་དཀྱིལ་འཁོར་དུ། །ཁྱོད་ནི་ང་ཡིས་གཞུག་པར་བྱ། །སྡོམ་པ་གསུམ་ལ་གནས་པར་གྱིས། །ཉམས་པ་གཉིས་ལ་འཛེམ་པར་གྱིས། །བླ་མ་ལ་ནི་གུས་པར་གྱིས། །གང་ལྟར་དམ་བཅའ་བྱས་པ་ལ། །དོར་བར་བྱ་བ་མ་ཡིན་ནོ། །སྒྲུབ་པའི་དམ་རྫས་དང་དུ་བླང་བར་གྱིས། །དེས་ནི་ཐུན་མོང་དངོས་གྲུབ་ཐོབ། །དེ་ནས་ཡང་ནི་རིགས་ཀྱི་བུ་དེས་འདི་སྐད་ཅེས་ཞུའོ། །སྡོམ་པ་གསུམ་ལ་གནས་པར་བགྱིད། །བླ་མ་ལ་ཡང་གུས་པར་བགྱིད། །ཡི་དམ་ལྷ་ལ་མཐུན་རྫས་དབུལ། །ཡང་བླ་མས། གསང་བར་འོས་དང་འདའ་དཀའ་བསྲུང་། །སྲོག་ལས་ཉམས་པ་མི་བསྒོ་ཞིང་། །ཆོས་


DNG024_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམ་ཚིག་ཉམས་པ་དང་། །བླ་མ་མཆེད་ལྕམ་ལ་འཁུས་པ། །འདི་ནི་ཉམས་པ་ཆེན་པོ་ཡིན། །དེ་ཡང་ཡི་གེ་ཕྱེད་མི་འདྲི། །ཆོས་དམ་འདྲེས་པ་དམ་ཚིག་ཉམས། །ཆོས་སྐད་གཅིག་འདྲེས་བུ་འཁོར་སྲོག་དང་བྲལ། །དམ་ཅན་ཆགས་ན་དེ་ལྟར་ཡིན། །གལ་ཏེ་ཆོས་ཉིད་དོན་འཆོལ་ན། །རྡོ་རྗེ་དམྱལ་བར་གདོན་མི་ཟ། །བུ་ཁྱོད་དམ་ཚིག་བསྲུང་བར་གྱིས། །དེ་ནས་ཡང་འདི་སྐད་ཅེས་གདམས་སོ། །མ་མོ་སྲོག་གི་འཁོར་ལོ་ནི། །ཐམས་ཅད་སྲོག་གི་རྒྱུན་འཆང་བས། །བདེན་པ་དོར་བར་མ་བྱེད་པར། །རྟག་ཏུ་སྲོག་གི་སྙིང་པོ་ཐོན། །འོན་ཏང་བུ་གཅིག་མ་བྱམས་འདྲ། །ཞེས་པས་རོ་རྫས་བསྐམས་ལ་ཁྲོམ། །དབང་མཆོག་འདི་ལ་དད་པ་སྐྱེད། །དེ་ནས་རིགས་ཀྱི་བུས་འདི་སྐད་ཅེས་ཞུས་སོ། །ཁྱོད་ནི་དམ་པ་ཀུན་གྱི་གཙོ། །བདག་ནི་རིག་པ་མཆོག་ལགས་ཀྱི། །དང་དུ་བླངས་པའི་དམ་རྫས་རྣམས། །དང་དུ་དེ་རིང་བདག་ལེན་གྱི། །གིང་ཆེན་རྣམས་ཀྱི་དབང་མཆོག་སྩོལ། །བྷནྡྷ་ལྕང་ལོ་ཁ་བད་ཅན། །འཛའ་གད་བདུད་རྩི་སྨན་གྱིས་བཀང་། །དངོས་གྲུབ་འཕེལ་བའི་རྫས་མཆོག་འདིའི། །དེ་རིང་བདག་ལ་དབང་མཆོག་སྩོལ། །མཆོག་ཆེན་གཡང་གཞི་རུ་མཚོན་འདི། །མ་མོ་མཁའ་འགྲོ་གཡབ་མོ་བས། །ཐམས་ཅད་འདུ་བའི་རྫས་མཆོག་འདིས། །དེ་རིང་བདག་ལ་དབང་མཆོག་སྩོལ། །ཙིཏྟ་རིན་ཆེན་འབར་བ་འདི། །མ་མོ་རྣམས་ཀྱི་རྟེན་ཡིན་ཏེ། །མ་མོ་མཁའ་འགྲོ་འདུ་བའི་དབང་མཆོག་སྩོལ། །རྩིས་མཆོག་ཁྲམ་བམ་བདུད་ལས་རྒྱལ། །ལྷ་སྲིན་སྡེ་བརྒྱད་བདུད་ལས་རྒྱལ། །དགྲ་དཔུང་འཇོམས་པའི་དབང་མཆོག་སྩོལ། །ཁ་ཊྭཱཾ་རྩེ་གསུམ་འབར་བ་འདི། །དྲག་པོ་མཚོན་ཆ་རྣོ་དབལ་ཏེ། །ཡེ་ཤེས་མཚོན་ཆས་ཀུན་འདུལ་བས། །དགྲ་བགེགས་འཇོམས་པའི་རྫས་མཆོག་འདིས། །དགྲ་བགེགས་འཇོམས་པའི་དབང་མཆོག་སྩོལ། །དམ་རྫས་བདུད་རྩི་རྣམ་ལྔ་འདི། །ཀུན་གྱི་ཟས་མཆོག་དམ་པ་སྟེ། །དངོས་གྲུབ་འཕེལ་བའི་དམ་རྫས་འདིས། །དེ་རིང་བདག་ལ་དབང་མཆོག་སྩོལ། །མཐིང་ནག་དར་གྱི་ཅོད་པན་འདིས། །ཐམས་


DNG024_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐྱོབ་པའི་མཐུ་དཔལ་ཏེ། །མི་ནུབ་རྒྱལ་མཚན་ཆེན་པོ་པ། །ཀུན་གྱི་དཔལ་དུ་གྱུར་པ་བས། །དེ་རིང་བདག་ལ་དབང་མཆོག་སྩོལ། །ལྷ་མིར་བཅས་པའི་འཇིག་རྟེན་ན། །ཕྲེང་བ་རིན་ཆེན་མེ་ཏོག་ལྡན། །ཚངས་པ་གཙུག་ཕུད་ཆེན་པོ་བས། །དེ་རིང་བཀྲ་ཤིས་མེ་ཏོག་ཕྲེང་བ་འདིས། །དེ་རིང་བདག་ལ་དབང་མཆོག་སྩོལ། །ལྷ་མིར་བཅས་པའི་འཇིག་རྟེན་ན། །ཀུན་ཀྱང་འཚོ་བའི་རྫས་ལ་བརྟེན། །ཞལ་ཟས་རོ་མཆོག་སྣ་ཚོགས་འདིས། །དངོས་གྲུབ་འཕེལ་བའི་རྫས་མཆོག་སྟེ། །དེ་རིང་དངོས་གྲུབ་སྤེལ་བའི་དབང་མཆོག་སྩོལ། །མིང་ནས་བཏགས་ནས་ཆགས་པ་སྟེ། །འཇིག་རྟེན་འདིར་ནི་མི་ནུབ་ཕྱིར། །མིང་གི་གྲགས་པའི་རྒྱུ་ཡིན་པས། །ལྷ་མིར་བཅས་པའི་དབང་མཆོག་སྩོལ། །དེ་ཡང་དང་པོ་དཀྱིལ་འཁོར་འཇུག་པའི་དུས་ན། གདོང་གཡོགས་ལ་སོགས་པས་དཀྲིས་ལ། མེ་ཏོག་དོར་བ་ནི་ཀུན་དང་མཐུན། དེ་ནས་སློབ་དཔོན་ལ་ཡོན་ཕུལ་ལ། གདམས་ངག་ནོད་དོ། །དེ་ཡང་རྫས་ཆད་ཅིང་དད་པ་སྙིང་ནས་མ་རྫོགས་ན། དབང་མི་ཐོབ་སྟེ། ཤིན་ཏུ་བརྩོན་འགྲུས་བསྐྱེད་པར་བྱ་སྟེ། དེ་ཡང་སློབ་དཔོན་མན་ངག་དང་ལྡན་ཞིང་དད་པ་ཆེ་ལ་སྙིང་རྗེ་ཆེ་བ་ནི་སློབ་དཔོན་དམ་པ་སྟེ། དེ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། །དེ་ལ་ནི་དབང་འདི་ནོད་པར་བྱ་ལ། སློབ་མ་ཡང་སྨྲས་པ་བཙན་ཏེ་ཆད་པ་ལྟར་བྱེད་ཅིང་གསང་བའི་གཏམ་ཐུབ་ན་དབང་བསྐུར་བྱའོ། །མ་མོ་སྲིད་པའི་བེམ་ལས། དབང་སྦྱིན་པའི་སྐབས་སོ།། །།དེ་ནས་ཡང་དམ་ཚིག་གི་སྐབས་འདི་གསུངས་སོ། །སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །མ་མོ་རྣམས་ཀྱི་དམ་ཚིག་བསྲུང་བར་བྱ། །སྔགས་དང་འཁོར་དང་ཉམས་དང་འདྲེས། །འདི་དག་དམ་ཚིག་བསྲུང་བ་གཅེས། །སྔགས་ཀྱི་དམ་ཚིག་བསྲུང་བ་ནི། །དང་པོ་སྲོག་གི་སྙིང་པོ་མ་ནོར་བར། །བོད་ཡིག་དྲུག་གི་སེལ་ཞུགས་ནས། །ཡིན་པ་མིན་པར་གསོ་བ་ན། །དེ་ནི་དམ་ཚིག་ཆེན་པོའི་འཁོན་ཡིན་ནོ། །ཆད་དང་ནོར་དང་ལྷག་པར་ཡང་། །དེ་ཡང་དམ་ཚིག་སྔགས་ཀྱི་འཁོན། །དེ་ནི་སྔགས་ཀྱི་འཁོན་ནག་སྟེ། །


DNG024_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོའི་འཁོན་ནག་བསྲུང་བ་ནི། །དམ་ཚིག་གཅིག་པ་འཁོན་པ་དང་། །སྲོག་ལས་ཉམས་པ་དང་པོའི་འཁོན། །ཉམས་པ་ཆེན་པོ་ཆོས་ལས་དམ་ཉམས་ཏེ། །ཁྲིམས་མེད་དམ་ཚིག་ཉམས་པ་དང་། །དམ་པ་ཆོས་ཀྱིས་སྐད་མི་འདྲེས། །འདི་དག་མ་མོའི་དམ་ཚིག་སྟེ། །བསྲུང་ན་ཤིན་ཏུ་དམ་ཅན་ཏེ། །རང་གི་དམ་ཚིག་ཐུབ་པར་བསྲུང་། །འདི་ནི་ཆོས་ཁྲིམས་དམ་ཚིག་སྟེ། །མཁས་པ་རྣམས་ཀྱིས་བསྲུང་བར་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཁ་ལ་མི་བསྲུང་སེམས་ལ་བསྲུང། །སྐུ་ཡི་དམ་ཚིག་བསྲུང་བ་ནི། །བླ་མ་རྣམས་ཀྱི་སྐུ་མི་སྨད། །གྲིབ་མ་འགོང་བ་མ་ཡིན་ཏེ། །རྐང་བརྐྱང་ཕྱོགས་ཆར་གོམ་པ་དོར་བ་མིན། །སྟེང་ཕྱོགས་ཡོངས་སུ་འགྲོ་མི་བྱ། །མིང་ནས་འབོད་པ་མ་ཡིན་ཏེ། །ཡུལ་གྱི་ཕྱོགས་ནས་འབོད་པར་བྱ། །བཀའ་རྣམས་བཅག་པ་མ་ཡིན་ཏེ། །ར་རོ་བ་སྙིང་མྱོས་པ་འམ། །སྨན་རྣམས་མི་གསོལ་བཀའ་བཅག་མིན། །གཞན་ནི་ནམས་ཀྱང་བཅག་པ་མིན། །དེ་ནི་སྐུ་ཡི་དམ་ཚིག་གོ། །ཐུགས་ཀྱི་དམ་ཚིག་བསྲུང་བ་ནི། །གང་ཡིན་བསྟན་པའི་ཡི་དམ་ལྷ། །གསལ་བར་བསྒོམ་ཞིང་དམ་པར་བཟུང་། །གསུང་གི་དམ་ཚིག་བསྲུང་བ་ནི། །གང་ལ་བྱེད་པ་བཟླས་པའི་སྔགས། །མི་ཚིག་བར་མ་ཆོད་པར་བཟླས། །སེལ་རྣམས་མ་ཤོར་ཤིན་ཏུ་གཅེས། །དམ་ཚིག་རྩ་བ་གསུམ་པོ་ནི། །གང་བསྒྲུབ་པ་ཡི་སྲོག་ཡིན་ནོ། །དེ་ནས་ཡན་ལག་དམ་ཚིག་ནི། །དམ་ཅན་སྒྲུབ་པར་འདོད་པ་རྣམས། །དམ་ཅན་བརྟེན་པའི་དམ་རྫས་རྣམས། །ཤིན་ཏུ་དཀའ་ཡང་བཙལ་བར་བྱ། །སྒྲུབ་པའི་དམ་རྫས་མ་ཚོགས་ན། །ཉེ་བར་བྱེད་ཀྱང་དམ་མི་སྐོང་། །དྲག་པོའི་རྫས་རྣམས་མ་ཚོགས་ན། །ལས་རྣམས་མྱུར་དུ་འགྲུབ་པ་མིན། །ཤིན་ཏུ་ཉམས་པ་རྣམས་ལ་འཇོམ། །དེ་ནི་མ་མོའི་དམ་ཚིག་སྟེ། །སྲོག་ལས་གཅེས་པར་དམ་ཚིག་གཟུང་། །མ་མོ་སྲིད་པའི་བེམ་ལས། དབང་དང་དམ་ཚིག་གི་སྐབས་སོ།། །།དེ་ནས་ས་བདག་གི་བསྟོད་པ་འདི་གསུངས་སོ། །ཤར་གྱི་ས་བདག་ཧལ་ཁྱི་ནི། །སྐུ་


DNG024_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར་པོ་གངས་རི་འདྲ། །སྐུ་ནི་རིན་ཆེན་འབར་བ་ལ། །འོད་ཟེར་དམར་པོ་སྟོང་གསུམ་འཕྲོ། །ཕྱག་ན་གསེར་གྱི་མདའ་གཞུ་བསྣམས། །ཤར་གྱི་ས་བདག་དམ་ཤིང་ལ། །གཙང་མ་མདོས་ཀྱི་མཆོད་པ་འབུལ། །ལྷོ་ཡི་ས་བདག་ཧང་པན་ནི། །སྐུ་ནི་རིན་ཆེན་འབར་བ་ལ། །སྐུ་མདོག་མཐིང་ག་འོད་ཟེར་འབར། །ཕྱག་ན་སྦུད་པ་ནག་པོ་བསྣམས། །དམ་ཤིང་སྤྲུལ་པའི་འཁོར་གྱིས་བསྐོར། །ལྷོ་ཡི་ས་བདག་དམ་ཤིང་ལ། །གཙང་མ་མདོས་ཀྱི་མཆོད་པ་འབུལ། །ནུབ་ཀྱི་ས་བདག་དམ་ཤིང་ནི། །སྐུ་ནི་རིན་ཆེན་འབར་བ་ལ། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས། །ནུབ་ཀྱི་ས་བདག་འཁོར་བཅས་ལ། །གཙང་མ་མདོས་ཀྱི་མཆོད་པ་འབུལ། །བྱང་གི་ས་བདག་གཏམ་ཤིང་ནི། །སྐུ་མདོག་རིན་ཆེན་འབར་བ་ལ། །རིན་ཆེན་ཐོར་ཚུགས་མཛེས་པས་བརྒྱན། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །ཕྱག་ན་རྩང་དང་ཕུར་བུ་འདྲིལ། །བྱང་གི་ས་བདག་འཁོར་བཅས་ལ། །གཙང་མ་མདོས་ཀྱི་མཆོད་པ་འབུལ། །ས་བདག་ཆེན་པོ་ཁྱེད་བཞི་ཡང་། །ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། །བཅོལ་བའི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །རྗེ་རིགས་བཅོ་བརྒྱད་སླར་ལ་བཟློག །ས་བདག་ཁྱེད་ཀྱི་ཐུགས་དང་འགལ་བ་བསྐང་བར་བྱ། །ཁྱོད་ཀྱིས་བཀའ་ཆད་བྲལ་བར་མཛོད། །ཤར་གྱི་ས་བདག་འཁོར་སྐྱོང་བ། །སྟག་མགོ་ཅན་དང་ཡོས་མགོ་ཅན། །ཤར་ཕྱོགས་ཤིང་ལ་མངའ་མཛད་ཅིང་། །སྐུ་མདོག་དཀར་པོ་འོད་ཟེར་འབར། །ཕྱག་ན་ཁྲམ་དང་རིན་ཆེན་བར་བུ་བསྣམས། །དེ་ལ་གཙང་མ་མདོས་ཀྱིས་བསྐང་། །ལྷོ་ཡི་ས་བདག་འཁོར་སྐྱོང་བ། །མི་ལུས་རྟ་དང་སྦྲུལ་གྱི་མགོ། །ལྷོ་ཡི་ཕྱོགས་ན་མངའ་མཛད་མ། །སྐུ་མདོག་སྔོ་སངས་འབར་མ་ལ། །ཕྱག་ན་ཟོར་བ་དགུ་ཁྲམ་བསྣམས། །མེ་རི་འབར་བའི་ཕུང་པོ་འཕྲོ། །གཙང་མ་མདོས་ཀྱིས་ཐུགས་དམ་བསྐང་། །ལྷོ་ཕྱོགས་ས་བདག་མ་བཀྱོན་ཅིག །ནུབ་ཕྱོགས་ས་བདག་


DNG024_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྐྱོང་བ། །མི་ཡི་ལུས་ལ་བྱ་དང་སྤྲེའུའི་མགོ། །ནུབ་ཀྱི་ཕྱོགས་ལ་མངའ་མཛད་ཅིང་། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་སྡིག་པ་ནག་པོ་དང་། །ཟངས་ཀྱི་སོག་ལེ་ཁ་བརྒྱ་བསྣམས། །གཙང་མ་མདོས་ཀྱིས་ཐུགས་དམ་བསྐང་། །ནུབ་ཕྱོགས་ས་བདག་མ་བཀྱོན་ཅིག །བྱང་གི་ས་བདག་འཁོར་སྐྱོང་བ། །མི་ལུས་ཕག་དང་བྱི་བའི་མགོ། །བྱང་ཕྱོགས་ཆུ་ལ་མངའ་མཛད་ཅིང་། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །ཕྱག་ན་རལ་གྲི་སོ་མངས་བསྣམས། །རིན་ཆེན་འབར་བའི་དབྱུག་ཏོ་བསྣམས། །གཙང་མའི་མདོས་ཀྱིས་ཐུགས་དམ་བསྐང་། །བྱང་གི་ས་བདག་མ་བཀྱོན་ཅིག །ཤར་ལྷོའི་མཚམས་ཀྱི་ས་བདག་ནི། །མི་ལུས་འབྲུག་གི་མགོ་བོ་ཅན། །སྐུ་མདོག་མཐིང་ག་འོད་ཟེར་འབར། །ཕྱག་ན་རིན་ཆེན་མཆོད་རྟེན་བསྣམས། །གཙང་མ་མདོས་ཀྱིས་ཐུགས་དམ་བསྐང་། །ལྷོ་ནུབ་མཚམས་ཀྱི་ས་བདག་ནི། །མི་ཡི་ལུས་ལ་ལུག་གི་མགོ། །སྐུ་མདོག་སྔོ་བསངས་འོད་ཟེར་འབར། །ཕྱག་ན་རིན་ཆེན་དབྱུག་ཏོ་བསྣམས། །གཙང་མ་མདོས་ཀྱིས་ཐུགས་དམ་བསྐང་། །ནུབ་བྱང་མཚམས་ཀྱི་ས་བདག་ནི། །མི་ཡི་ལུས་ལ་ཁྱི་ཡི་མགོ། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །ཕྱག་ན་གའུ་སེར་པོ་བསྣམས། །གཙང་མ་མདོས་ཀྱིས་ཐུགས་དམ་བསྐང་། །བྱང་ཤར་ས་བདག་ཆེན་པོ་ལ། །མི་ལུས་གླང་གི་མགོ་བོ་ཅན། །སྐུ་མདོག་དུད་ཀ་འོད་ཟེར་འབར། །ཕྱག་ན་དགྲ་སྟྭ་འབར་བ་བསྣམས། །གཙང་མ་མདོས་ཀྱིས་ཐུགས་དམ་བསྐང་། །མཚམས་ན་གནས་པའི་ས་བདག་བཞི། །འབྱུང་བ་ས་ལ་མངའ་མཛད་ཅིང་། །མི་ཡི་གནས་སུ་གནོད་མ་སྦྱོར། །ས་བདག་ཡུལ་ནས་མ་འདེགས་ཤིག །ཡུལ་བདག་མཐའ་ནས་མ་འཁྲུག་ཅིག །ས་ལ་གནས་པའི་ས་སྲིན་ཡང་། །བྲག་ལ་གནས་པའི་བྲག་སྲིན་རྣམས། །ཐད་སྐམ་ཕ་བོང་ལ་བརྟེན་པ། །ས་བདག་འཁོར་བཅས་ཁྱེད་རྣམས་ཀྱང་། །གཙང་མའི་མདོས་འདི་ཕར་ལོང་ལ། །སྔོན་ཆད་གནོད་པ་སླར་ལ་རྟུལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཤིང་ལ་གནས་པའི་ཤིང་སྲིན་དང་། །ས་ལ་གནས་པའི་ས་བདག་གིས། །མཆོད་པ་དམ་པ་


DNG024_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལ། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །ཉོན་ཅིག་སྡིག་ཆེན་ལས་ངན་ཁྱོད། །ང་ཡི་བཀའ་ལས་འདའ་མ་བྱེད། །གལ་ཏེ་བཀའ་ལས་འདས་པ་ན། །ན་རཀ་དམྱལ་བའི་གནས་སུ་སྐྱེ། །ཞེས་གཞུང་བཞིན་བྱའོ། །དེ་ནས་རྫས་རྣམས་བསྐྱལ་བར་བྱའོ། །མ་མོ་སྲིད་པའི་བེམ་ལས། ས་བདག་ཡོ་བཅོས་ཀྱི་སྐབས་ཏེ་དང་པོའོ།། །།དེ་ནས་ཀླུ་རྣམས་ཀྱི་བསྟོད་པ་འདི་གསུངས་སོ། །གཞུང་དང་མཐུན་པར་བསོགས་ནས་ནི། །འདི་སྐད་ཅེས་གསོལ་ཏོ། །ཤར་ཕྱོགས་ཀླུ་རྒྱལ་དུང་སྐྱོང་ནི། །སྐུ་མདོག་དཀར་གསལ་འོད་ཟེར་འཕྲོས། །སྦྲུལ་མགོ་གསུམ་གྱི་གདེངས་ཀ་ཅན། །ཆིབས་སུ་དུང་གི་སྦལ་པ་བཅིབས། །ཕྱག་ན་དུང་སྦལ་ལྕོང་མོ་བསྣམས། །རིགས་ནི་བྲམ་ཟེའི་རིགས་སུ་གཏོགས། །བྲམ་ཟེའི་རིགས་ཀྱི་འཁོར་གྱིས་བསྐོར། །ཀུན་ཀྱང་ནད་ཀྱི་རྐྱལ་པ་ཐོགས། །ཁ་རླངས་སྔོ་དམར་འོད་དུ་འཁྱུག །ཁྲག་ནད་ཆུ་སེར་ཆར་ལྟར་འབེབས། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །ནཱ་ག་ཡུ་ཡུ་ནཱ་བ་བ་དེ་བ་ཨུ་སྭཱ་ཧཱ། མངར་གསུམ་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མས་མཆོད། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་སྣ་ཚོགས་སྤོས་ཀྱི་མཆོད་པ་ཡིས། །ཀླུ་ཆེན་རྣམས་ཀྱི་ཕོ་བྲང་དུ། །སྤོས་ཀྱི་སྤྲིན་ལྡིང་བདུད་རྩིའི་ཆར་བབ་ནས། །ཞ་གྲུམ་ནད་རྣམས་སོས་གྱུར་ཅིག །དེ་བཞིན་ཡོན་བདག་འཁོར་བཅས་ཀྱི། །ཀླུ་ནད་ཐམས་ཅད་བསལ་གྱུར་ཅིག །ཧཱུཾ་ལྷོ་ཕྱོགས་ཀླུ་རྒྱལ་རྒྱ་མཚོ་ནི། །སྐུ་ནི་རིན་ཆེན་འབར་བ་ལ། །སྦྲུལ་མགོ་ལྔ་ཡི་གདེངས་ཀ་ཅན། །སྐུ་མདོག་མཐིང་ནག་འོད་ཟེར་འཕྲོ། །ཕྱག་ན་ལྕགས་སྦལ་ལྕོང་མོའི་རྒྱལ་མཚན་བསྣམས། །ཆིབས་སུ་ཆུ་གླང་སྔོན་པོ་བཅིབས། །རིགས་ནི་རྒྱལ་པོའི་རིགས་སུ་གཏོགས། །རྒྱལ་རིགས་གཙང་མའི་འཁོར་གྱིས་བསྐོར། །ཀུན་ཀྱང་ལག་ཆ་སྦལ་པའི་རྐྱལ་པ་ཐོགས། །གདུག་པའི་ལས་


DNG024_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཛེ་ནད་བཅོ་བརྒྱད་གཏོང་། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །ཧཱུཾ་ནཱ་ག་རཱ་ཛ་དེ་བ་ཡུ་ཡུ་སྤུར་ལྕེ་སྭཱ་ཧཱ། མངར་གསུམ་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མས་མཆོད། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་སྣ་ཚོགས་སྤོས་ཀྱི་མཆོད་པ་ཡིས། །ཀླུ་ཆེན་རྣམས་ཀྱི་ཕོ་བྲང་དུ། །སྤོས་ཀྱི་སྤྲིན་ལྡིང་བདུད་རྩིའི་ཆར་བབ་ནས། །ཞ་གྲུམ་ནད་རྣམས་སོས་གྱུར་ཅིག །དེ་བཞིན་ཡོན་བདག་འཁོར་བཅས་ཀྱི། །ཀླུ་ནད་ཐམས་ཅད་བསལ་གྱུར་ཅིག །ཧཱུཾ་ནུབ་ཀྱི་ཀླུ་རྒྱལ་གཟི་བརྗིད་ནི། །སྐུ་ནི་རཱ་ག་འབར་བ་ལ། །སྦྲུལ་ནག་བདུན་གྱི་གདེངས་ཀ་ཅན། །སྐུ་མདོག་དམར་སེར་འོད་ཟེར་འབར། །ཕྱག་ན་དུང་གི་སྡིག་པ་བསྣམས། །ཆིབས་སུ་ཟངས་ཀྱི་ཆུ་སྲིན་བཅིབས། །རིགས་ནི་རྗེའུ་རིགས་སུ་གཏོགས། །རྗེ་རིགས་གཏུམ་པའི་འཁོར་གྱིས་བསྐོར། །ཀུན་ཀྱང་ཟངས་ཀྱི་སྡོམ་སྡིག་ཉི་ལི་ལི། །མཛེ་ནད་བཅོ་བརྒྱད་ཆར་པ་འབེབས། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །ཧཱུཾ་ནཱ་ག་ར་བྷ་ལི་ན་ཁ་ཧཱུ་ཡ་ཧཱུ་ཡ་སྭཱ་ཧཱ། མངར་གསུམ་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མས་མཆོད། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་སྣ་ཚོགས་སྤོས་ཀྱི་མཆོད་པ་ཡིས། །ཀླུ་ཆེན་རྣམས་ཀྱི་ཕོ་བྲང་དུ། །སྤོས་ཀྱི་སྤྲིན་ལྡིང་བདུད་རྩིའི་ཆར་བབ་ནས། །ཞ་གྲུམ་ནད་རྣམས་སོས་གྱུར་ཅིག །དེ་བཞིན་ཡོན་བདག་འཁོར་བཅས་ཀྱི། །ཀླུ་ནད་ཐམས་ཅད་བསལ་གྱུར་ཅིག །ཧཱུཾ་བྱང་གི་ཀླུ་རྒྱལ་མཐའ་ཡས་ནི། །སྐུ་ནི་རིན་ཆེན་ལྗང་གུ་ལ། །སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །རིགས་ནི་དམངས་ཀྱི་རིགས་སུ་གཏོགས། །ཕྱག་ན་གཡུ་ཡི་སྡོམ་སྡིག་


DNG024_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །གཡུ་སྦལ་ལྕམ་མོ་ཐ་ར་ར། །ཆིབས་སུ་གླང་བུ་དམར་པོ་བཅིབས། །འཁོར་དུ་དམངས་རིགས་ཀླུ་ཡིས་བསྐོར། །ཀུན་ཀྱང་སྦལ་ནག་ཐོད་པ་ཕོར་བ་ཡང་བསྣམས། །ཕོ་ལྷོག་གླང་ཐབས་ཆར་དུ་འབེབས། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །ཧཱུཾ་ནཱ་ག་ནཱ་ག་འབེ་རི་འབེ་ར་གབ་ལིང་དུང་སྭཱ་ཧཱ། མངར་གསུམ་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མས་མཆོད། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་སྣ་ཚོགས་སྤོས་ཀྱི་མཆོད་པ་ཡིས། །ཀླུ་ཆེན་རྣམས་ཀྱི་ཕོ་བྲང་དུ། །སྤོས་ཀྱི་སྤྲིན་ལྡིང་བདུད་རྩིའི་ཆར་བབ་ནས། །ཞ་གྲུམ་ནད་རྣམས་སོས་གྱུར་ཅིག །དེ་བཞིན་ཡོན་བདག་འཁོར་བཅས་ཀྱི། །ཀླུ་ནད་ཐམས་ཅད་བསལ་གྱུར་ཅིག །བྱང་ཤར་ཀླུ་རྒྱལ་འཇོག་པོ་ནི། །སྐུ་ནི་མི་བཟད་འབར་བ་ལ། །སྦྲུལ་མགོ་གཉིས་ཀྱི་གདེངས་ཀ་ཅན། །སྐུ་མདོག་དཀར་སེར་འོད་ཟེར་འབར། །ཕྱག་ན་ཡིད་བཞིན་བུམ་པ་བསྣམས། །རིགས་ནི་བྲམ་ཟེའི་རིགས་སུ་གཏོགས། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །ནཱ་ག་བ་རུ་ཎ་ན་བེ་སྭཱ་ཧཱ། མངར་གསུམ་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མས་མཆོད། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་སྣ་ཚོགས་སྤོས་ཀྱི་མཆོད་པ་ཡིས། །ཀླུ་ཆེན་རྣམས་ཀྱི་ཕོ་བྲང་དུ། །སྤོས་ཀྱི་སྤྲིན་ལྡིང་བདུད་རྩིའི་ཆར་བབ་ནས། །ཞ་གྲུམ་ནད་རྣམས་སོས་གྱུར་ཅིག །དེ་བཞིན་ཡོན་བདག་འཁོར་བཅས་ཀྱི། །ཀླུ་ནད་ཐམས་ཅད་བསལ་གྱུར་ཅིག །ཤར་ལྷོ་ཀླུ་རྒྱལ་དགའ་བོ་ནི། །སྐུ་ནི་བཻ་ཌཱུརྱ་སྔོན་པོ་ལ། །སྦྲུལ་མགོ་གཉིས་ཀྱི་གདེངས་ཀ་ཅན། །གཙུག་ན་ཡིད་བཞིན་ནོར་བུས་བརྒྱན། །སྐུ་མདོག་མཐིང་ནག་འོད་ཟེར་འབར། །ཕྱག་ན་གཡུ་ཡི་བུམ་པ་བསྣམས། །རིགས་ནི་རྒྱལ་རིགས་དྲ་མར་གཏོགས། །མདོས་བདག་མདོས་ལོང་ལ། །


DNG024_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་བདག་གླུད་བཞེས་ཤིག །ནཱ་ག་ཡུ་ཡུ་ནཱ་ག་རཱ་ཛ་བྷ་ལི་སྭཱ་ཧཱ། མངར་གསུམ་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མས་མཆོད། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་སྣ་ཚོགས་སྤོས་ཀྱི་མཆོད་པ་ཡིས། །ཀླུ་ཆེན་རྣམས་ཀྱི་ཕོ་བྲང་དུ། །སྤོས་ཀྱི་སྤྲིན་ལྡིང་བདུད་རྩིའི་ཆར་བབ་ནས། །ཞ་གྲུམ་ནད་རྣམས་སོས་གྱུར་ཅིག །དེ་བཞིན་ཡོན་བདག་འཁོར་བཅས་ཀྱི། །ཀླུ་ནད་ཐམས་ཅད་བསལ་གྱུར་ཅིག །ལྷོ་ནུབ་ཀླུ་རྒྱལ་རིགས་ལྡན་ནི། །སྐུ་ནི་པད་མ་རཱ་གའི་དབྱིབས། །སྐུ་མདོག་དམར་སེར་འོད་ཟེར་འབར། །ཕྱག་ན་སྦལ་ནག་རྒྱལ་མཚན་བསྣམས། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །རིགས་ནི་རྗེའུའི་རིགས་སུ་གཏོགས། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །ནཱ་ག་བེ་ནཱ་ག་བྷ་ལི་ནཱ་ག་ཧཱུཾ་ཡ་ཧཱུཾ་ཡ་སྭཱ་ཧཱ། མངར་གསུམ་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མས་མཆོད། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་སྣ་ཚོགས་སྤོས་ཀྱི་མཆོད་པ་ཡིས། །ཀླུ་ཆེན་རྣམས་ཀྱི་ཕོ་བྲང་དུ། །སྤོས་ཀྱི་སྤྲིན་ལྡིང་བདུད་རྩིའི་ཆར་བབ་ནས། །ཞ་གྲུམ་ནད་རྣམས་སོས་གྱུར་ཅིག །དེ་བཞིན་ཡོན་བདག་འཁོར་བཅས་ཀྱི། །ཀླུ་ནད་ཐམས་ཅད་བསལ་གྱུར་ཅིག །ནུབ་བྱང་ཀླུ་རྒྱལ་ནོར་རྒྱས་ནི། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན། །ཕྱག་ན་སྦྲུལ་ཞགས་ཁྲ་བོ་བསྣམས། །རིགས་ནི་དམངས་ཀྱི་རིགས་སུ་གཏོགས། །ནག་ཐལ་ཅན་གྱི་འཁོར་གྱིས་བསྐོར། །ཕོ་ལོག་གླང་ཐབས་ཁྲོས་ནད་གཏོང་། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །ནཱ་ག་བེ་ནཱ་ག་བེ་ར་ནཱ་ག་སུ་པྲ་སྟེ་སྭཱ་ཧཱ། མངར་གསུམ་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མས་


DNG024_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་སྣ་ཚོགས་སྤོས་ཀྱི་མཆོད་པ་ཡིས། །ཀླུ་ཆེན་རྣམས་ཀྱི་ཕོ་བྲང་དུ། །སྤོས་ཀྱི་སྤྲིན་ལྡིང་བདུད་རྩིའི་ཆར་བབ་ནས། །ཞ་གྲུམ་ནད་རྣམས་སོས་གྱུར་ཅིག །དེ་བཞིན་ཡོན་བདག་འཁོར་བཅས་ཀྱི། །ཀླུ་ནད་ཐམས་ཅད་བསལ་གྱུར་ཅིག །དེ་ནས་ཀླུ་མོ་བཞི་ལ་མཆོད་ཅིང་བསྟོད་ལ། ཧཱུཾ་ནུབ་ཕྱོགས་རྒྱ་མཚོའི་ཕོ་བྲང་ནས། །ངོ་མཚར་ཆུ་བོ་བཞི་འབབ་པ། །འདམ་བུ་མེ་ཏོག་ཚལ་གྱི་གླིང་། །པདྨ་རཱ་གའི་དཀྱིལ་འཁོར་ནས། །རྗེ་རིགས་བུ་མོ་པདྨ་ཅན། །སྐུ་མདོག་དམར་མོ་པདྨ་མཛེས། །ཟངས་སྦྲུལ་འཁྱིལ་པའི་ནང་ན་བཞུགས། །ཕྱག་ན་དར་དཔྱང་དམར་པོ་བསྣམས། །རིན་ཆེན་གསེར་གྱི་ཅོད་པན་ཅན། །མངར་གྱི་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མ་བཞེས། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་དང་ནི་སྣ་ཚོགས་སྤོས་ཀྱིས་མཆོད། །ཤ་བཀྲ་ཕོལ་མིག་འབྲས་དང་རྐོང་པ་རྣམས། །འཇིག་རྟེན་གནས་ན་ཞི་བར་མཛོད། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །ལྷོ་ཕྱོགས་རྒྱ་མཚོའི་ཕོ་བྲང་ནི། །ངོ་མཚར་ཆུ་བོ་བཞི་འབབས་པ། །པདྨ་བརྩེགས་པའི་དཀྱིལ་འཁོར་ནས། །རྒྱལ་པོའི་རིགས་ཀྱི་བུ་མོ་སྟེ། །སྐུ་མདོག་མཐིང་ནག་འབར་བ་ལ། །བཻ་ཌཱུར་སྔོན་པོ་འོད་དུ་འབར། །སྦྲུལ་མགོ་ལྔ་ཡི་གདེངས་ཀ་ཅན། །རྟག་ཏུ་སྦྲུལ་སྔོན་དཀྱིལ་ན་བཞུགས། །ཕྱག་ན་གསེར་གྱི་ཉ་མོ་བསྣམས། །རིན་ཆེན་གཡུ་ཡི་ཅོད་པན་ཅན། །འཁོར་དུ་སྨན་ཕྲན་འབུམ་གྱིས་བསྐོར། །མངར་གྱི་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མ་བཞེས། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་དང་ནི་སྣ་ཚོགས་སྤོས་ཀྱིས་མཆོད། །ཤ་བཀྲ་ཕོལ་མིག་འབྲས་དང་རྐོང་པ་རྣམས། །འཇིག་རྟེན་གནས་ན་ཞི་བར་མཛོད། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་


DNG024_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ཤིག །ཤར་ཕྱོགས་རྒྱ་མཚོའི་ཕོ་བྲང་དུ། །ངོ་མཚར་ཆུ་བོ་བཞི་འབབས་པ། །འདམ་དུ་མེ་ཏོག་སྐྱེད་མོས་ཚལ། །བྲམ་ཟེའི་རིགས་ཀྱི་བུ་མོ་སྟེ། །ཀླུ་ཡི་བུ་མོ་དུང་སྐྱོང་མ། །སྐུ་མདོག་ཤེལ་དཀར་འོད་ཟེར་འབར། །སྦྲུལ་མགོ་གསུམ་གྱི་ཐོད་གདེངས་ཅན། །ཕྱག་ན་དུང་ཆེན་འཁྱིལ་པ་བསྣམས། །རྟག་ཏུ་སྦྲུལ་འཁྲིལ་ནང་ན་བཞུགས། །དུང་གི་ཅོད་པན་ཐོད་གདེངས་ཅན། །འཁོར་དུ་ཀླུ་སྨན་འབུམ་གྱིས་བསྐོར། །མངར་གྱི་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མ་བཞེས། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་དང་ནི་སྣ་ཚོགས་སྤོས་ཀྱིས་མཆོད། །ཤ་བཀྲ་ཕོལ་མིག་འབྲས་དང་རྐོང་པ་རྣམས། །འཇིག་རྟེན་གནས་ན་ཞི་བར་མཛོད། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །བྱང་ཕྱོགས་རྒྱ་མཚོའི་ཕོ་བྲང་ཆུར། །ངོ་མཚར་ཆུ་བོ་བཞི་འབབས་པ། །མེ་ཏོག་མདངས་ལྡན་དགའ་བའི་ཚལ། །པདྨ་བརྩེགས་པའི་དཀྱིལ་འཁོར་ནས། །ཀླུ་ཡི་བུ་མོ་གཟི་བརྗིད་ཅན། །སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན། །ཕྱག་ན་སྦྲུལ་ནག་རྒྱལ་མཚན་བསྣམས། །སྦྲུལ་ནག་འཁྱིལ་པའི་ནང་ན་བཞུགས། །དམངས་རིགས་ཀྱི་ནི་བུ་མོ་སྟེ། །འཁོར་དུ་ཀླུ་བྲན་འབུམ་གྱིས་བསྐོར། །མངར་གྱི་མཆོད་པ་འོ་མས་མཆོད། །གདུང་བའི་མཆོད་པ་དབྱངས་ཀྱིས་མཆོད། །བླ་མེད་མཆོད་པ་གཏོར་མ་བཞེས། །གུས་པའི་མཆོད་པ་སྣ་ཚོགས་སྨན་གྱིས་མཆོད། །དཀར་གསུམ་དང་ནི་མངར་གསུམ་དང་། །རྩི་སྨན་དང་ནི་སྣ་ཚོགས་སྤོས་ཀྱིས་མཆོད། །ཤ་བཀྲ་ཕོལ་མིག་འབྲས་དང་རྐོང་པ་རྣམས། །འཇིག་རྟེན་གནས་ན་ཞི་བར་མཛོད། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །དེ་ནས་སྲིན་ལ་འདི་སྐད་བརྗོད་དོ། །ཉོན་ཅིག་གདུག་པ་ཀླུ་ཡི་བུ། །ཨ་ཕ་ཀླུ་དང་ཨ་མ་སྟག །སྲིན་མོ་ནི་ཚོགས་པའི་བུ། །ཁྱོད་ནི་བྲག་སྲིན་ཁྲ་བོ་སྟེ། །མགོ་ལ་སྦལ་ནག་རྨོག་ཞུ་གསོལ། །ལུས་ལ་སྦྲུལ་ནག་སློག་པ་གསོལ། །


DNG024_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྒྱ་ཟོར་ཁུག་པ་ཐོགས། །ཁྱོད་ནི་རབ་ཏུ་མི་བསྒྲུངས་ཏེ། །གླང་ཐབས་སྨྱོ་འབོག་ཁྱོད་ཀྱིས་གཏོང་། །རྡོ་རྗེ་འཆང་གི་བཀའ་ཉོན་ལ། །གནོད་པའི་སྦྱོར་བ་རྒྱུན་ཆོད་ཅིག །ཆུ་ལ་གནས་པའི་ཆུ་སྲིན་དང་། །བྲག་ལ་གནས་པའི་བྲག་སྲིན་དང་། །ཤིང་ལ་གནས་པའི་ཤིང་སྲིན་དང་། །ས་ལ་གནས་པའི་ས་སྲིན་དང་། །དེ་རིང་རྔན་དགས་འདི་ལོང་ལ། །སྔར་བྱས་གནོད་པ་སླར་ལ་རྟུལ། །ད་སླན་ཆད་གནོད་པ་མ་བྱེད་ཅིག །ཅེས་ནད་པའི་ལུས་ཟན་གྱིས་དྲིལ་ལ། གཟུགས་མགོ་དགུ་པའི་ཁྲ་བོ་གཅིག་བྱས་ལ། འབྲུ་ཡི་གཏོར་མ་བཏང་། སྲན་མ་ལ་ཕྱོགས་བཞིར་བྱ་ཁྱུང་གི་སྙིང་པོ་བཟླས་ལ་གཏོར་རོ། །དེ་ནི་བྱང་འགྲོལ་བའོ། །ནས་དཀར་མོ་ནི་ནད་པའི་གོས་ལ་དྲིལ་ལ་མཆན་དུ་གཞུག །བསྙེན་པའི་སྙིང་པོ་བྲིས་ལ་མགུལ་དུ་གདགས་སོ། །མདོས་ཆུ་མིག་ཏུ་བསྐྱལ་ལོ། །དེ་ནས་བཀྲ་ཤིས་གསོལ། ནད་པ་རུང་ནས་ཟན་བྱ། མི་ལ་བྱིན་མི་རུང་ངོ་། །མ་མོ་སྲིད་པའི་བེམ་ལས། ཀླུ་མདོས་ཀྱི་སྐབས་སོ།། །།དེ་ནས་སྲིད་པ་ཕོ་རྒྱུད་ལས། མཆོད་པ་འདི་གསུངས་སོ། །ཕུད་མ་ཉམས་པར་རིན་ཆེན་བརྡར་ལ་འདི་སྐད་ཅེས་བརྗོད་དོ། །ཀྱེ་ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །ཤར་གྱི་དཀར་པོ་སྤྱན་གཅིག་པ། །ཁྱོད་ཀྱི་ཕ་དང་མ་སྨོས་པ། །གནམ་ཁྱི་དཀར་པོ་སྤྱན་གཅིག་ལགས། །མ་ནི་སྲིད་པའི་བྱན་མོ་སྟེ། །སྐུ་ནི་དཀར་པོ་མུ་ཏིག་ལ། །བཞུགས་ནི་ཉི་མའི་དཀྱིལ་ན་བཞུགས། །སྤྲུལ་པ་ཟླ་བའི་ཟེར་ལ་འགྱེད། །འགྲོ་བ་མི་ལ་གཉའ་ཟུང་བྱེད། །ཆིབས་སུ་དཀར་པོ་འོད་ལ་ཆིབས། །ཆིབས་ཀྱི་སྔ་ཁོང་ལ། །ཤེལ་གྱི་སྒྲོ་བ་བཏགས། །ཆིབས་ཀྱི་ཕྱི་ལོང་ལ། །རྩིས་ཀྱི་ཁྲམ་བམ་བཀལ། །སྐྱེ་འགྲོ་ཀུན་གྱི་བདག་པོ་སྟེ། །སྲོག་བདག་ཆེན་པོ་ད་ཚུར་བྱོན། །འཁོར་དུ་འགོང་པོ་སྤུན་བརྒྱད་འཁོལ། །མདོས་བདག་མདོས་ལ་བྱོན། །ཁྱོད་ཀྱི་ཐུགས་དམ་དགྱེས་སྡེ་མོ། །ཤར་གྱི་དཀར་མོ་སྤྱན་གཅིག་མ། །ཆིབས་སུ་ཤ་བ་དཀར་མོ་ཆིབས། །སྐུ་ལ་དར་གྱི་ལེའུ་གསོལ། །མུ་ཏིག་མཛེས་པའི་ལན་ཕྲན་ཅན། །གཡུ་ཡི་ལན་ཕྲན་ཙེ་རེ་རེ། །ཉི་ཟླ་བརྩེགས་པའི་ཁྲི་ལ་བཞུགས། །མདོས་ཀྱི་ཕུད་ལ་ད་ཚུར་བྱོན། །གཡོན་ནས་སྦྲུལ་སྨད་འཁྱུག་ཅིང་བྱོན། །སྲོད་ལ་བྱོལ་ཞིང་ཐོ་རངས་ཉུལ། །ཤར་གྱི་དཀར་མོ་སྤྱན་གཅིག་མ། །སྔོན་ནི་བདག་དང་


DNG024_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་གཅིག །ད་ལྟ་ཁྱོད་ལ་མཆོད་པ་འབུལ། །ཁྱོད་ཀྱི་ཐུགས་ཀྱི་སྤྲུལ་པ་ནི། །འགོང་པོ་སྤུན་དགུའི་ཕྱག་བརྙན་འགྱེད། །ཆིབས་སུ་ཉི་ཟེར་ཟླ་ཟེར་བཅིབས། །འོད་ཀྱི་ཞགས་པ་རྐྱོང་ཞིང་སྡུད། །བཙན་བདུད་སྡེ་བཞིའི་ཕྱག་བརྙན་འགྱེད། །དེ་རིང་མདོས་བདག་མདོས་ལ་བྱོན། །རྒྱལ་པོ་དཔོན་གཡོག་འཁོར་དང་བཅས། །མདོས་བདག་མདོས་ལ་བྱོན། །སྤོས་དུད་བཏང་ལ་དར་དཀར་གྱི་གཡབ་མོས་གཡབ་ཅིང་། ཧཱུཾ་གནམ་རིམ་པ་བཅུ་གསུམ་གྱི་ཡང་སྟེང་ན། །གནམ་གྱི་ཡ་ཆོ་དཀར་པོ་ལ། །ཉི་འཕང་སད་ཀྱི་འགྲུལ་པོ་ཆེ། །སྐུ་ལ་ཤེལ་གྱི་སླག་པ་ལ། །མུ་མེན་གསེར་གྱི་ཁ་ཆག་ཅན། །དབུ་ལ་དུང་གི་ཐོར་ཚུགས་བཅིངས། །སྐུ་ནི་ཅིར་ཡང་མ་ངེས་ཏེ། །ཐུགས་ནི་ཅིར་ཡང་སྤྲུལ་པ་འགྱེད། །ཐམས་ཅད་མཁྱེན་པའི་བདག །མི་བརྫུ་ནི་དགུ་རུ་བརྫུ། །ནང་གི་དྲོ་ལ་བབས་ཙ་ན། །བུ་ཆུང་ནི་རོལ་པོར་བརྫུ། །ནུབ་ཀྱི་བཞུག་ལ་བབས་ཙ་ན། །རང་ཐོད་རྒྱལ་པོར་བརྫུ། །སྦྲིད་དང་ཤ་ར་ར། །མི་བརྫུ་དགུ་རུ་བརྫུ། །རྒྱལ་པོའི་རྫུ་འཕྲུལ་དམ་པ་མཛད། །སྨྱོ་འབོག་བརྒྱལ་ནད་ཤོ་ར་རེ། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །དམ་ལས་མ་འདའ་སྡིག་མ་བྱེད། །དུས་ལ་བབ་པོ་ས་མ་ཡ། །ཀྲོ་དྷ་ཀྲོ་དྷ་གིང་ཀ་ར་གིང་ཀ་ར། ཤ་བ་རི་ཤ་བ་རི། གིང་ཀ་ར་བྷྱོ། ཧཱུཾ་སྲོག་བདག་རྒྱལ་པོ་ཉི་འཕང་སད། །རྒྱལ་པོ་ཆེན་པོ་ལི་བྱིན་ཧར། །ཁྱོད་ཀྱི་ཐུགས་དམ་ཉམས་ཤིང་འགལ་ཤོར་རེ། །ཉེས་པར་གྱུར་པ་ཅི་མཆིས་པ། །དཀར་པོ་བཅུ་གསུམ་མདོས་ཀྱིས་བསྐང་། །ཧཱུཾ་ནམ་མཁའི་དཀྱིལ་ཡངས་ནས། །ས་གཞི་རྒྱ་རེ་ཆེ། །རི་རབ་ལྷུན་རེ་སྡུག །རྩི་ཤིང་གྲངས་རེ་མང་། །ཕྱོགས་ཕྱོགས་ནི་ཕ་ཀི་ན། །ཉི་ཟླ་འོད་རེ་གསལ། །དེའི་འོག་ཤེད་ན། །མཁར་གཅིག་གནམ་དུ་ཟིངས་སེ་ཟིང་། །དུང་མཁར་དཀར་པོ་ལ། །ལོགས་བཞི་དུང་ལ་བྱས། །དཀར་མདངས་ཆད་དེ་ཆད། །འགྲམ་བཞི་ལྕགས་ལ་བྱས། །ལྕགས་འགྲམ་ཁྱུགས་སེ་ཁྱུག །ཟུར་བཞི་མཆོང་ལ་བྱས། །མཆོང་མཁར་སྨུག་པོ་


DNG024_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེམས་སེ་ལྡེམ། །ཀ་བ་གཟི་ལ་བྱས། །གདུང་བཞི་གསེར་ལ་བྱས། །ཁ་བད་གཡུ་ལ་བྱས། །རིན་ཆེན་གྲལ་ཕྱམ་བཀྲམ། །ཉི་ཟླ་གཉིས་ཀྱི་མཐོངས་ཁུང་བཏོད། །དེ་འདྲའི་མཁར་གྱི་མཐོངས་ཁུང་ན། །ཤེལ་གྱི་བྱི་ལ་འོད་མདངས་ཡ་ལ་ལ། །དེ་ཡི་ནང་ཤེད་ན། །ཁྲི་གཅིག་གནམ་དུ་ཟེངས་སེ་ཟེང་། །དུང་ཁྲི་དཀར་པོ་བྱ་བ་ལ། །དེའི་སྟེང་ཤེད་ན། །སྟག་གདན་ཁྲ་བོ་ནེམས་སེ་ནེམ། །དེ་ཡི་ཐོག་ཤེད་ནི། །རྟ་དཀར་དཀྱུས་དང་དྲེངས་སེ་དྲེང་། །དེའི་སྟེང་ཤེད་ན། །མི་ཕོ་དཀར་པོ་ལ། །གཡུ་ཡི་སྨིན་མ་ཅན། །བསེ་ཡི་སེན་མོ་ཟེངས་སེ་ཟེང་། །མཚལ་གྱི་ཐིག་ལེ་ཅན། །དུང་གི་སོ་ཐགས་ཅན། །སྐུ་ལ་ཅི་གསོལ་ན། །དར་དཀར་རས་ཀ་གསོལ། །ཕྱེད་ཀ་གསེར་གྱི་སླག་པ་གསོལ། །དབུ་ལ་ཅི་བཅིངས་ན། །དར་དཀར་འགྱིང་ཐོད་བཅིངས། །མཚལ་གྱི་ཐིག་ལེས་བརྒྱན། །སྟག་རལ་གཡས་ན་བཀྲ། །གཟིག་ཤུབས་གཡོན་ན་འཁྱུག །ཕྱག་མཚན་གཡས་པ་ན། །རྦ་ལྕག་དཀར་པོ་ལ། །གཡུ་ཡི་ལྕག་འབྲས་བཏགས། །གནམ་ལ་བསྐོར་ཅིང་ས་ལ་རྡེབ། །ཕྱག་ནི་གཡོན་པ་ན། །ཤེལ་གྱི་ཟངས་གྲི་བསྣམས། །རེས་འགའ་དྲག་ཏུ་ཁྲོས་པའི་ཚེ། །ལྕགས་ཀྱི་མི་ཕོ་ཆེན་པོ་ལ། །སྐུ་ལ་ཅི་གསོལ་ན། །རྒྱ་བྱི་སྟོད་ཀྱི་སླག་པ་ལ། །འབུམ་བྱེ་སྨད་ཀྱི་ཤམ་བུ་བཏགས། །སྐུ་མ་རིང་ལ་བསྣམས། །དབུ་ལ་རྨོག་ཞུ་གངས་རི་གསོལ། །ཕྱག་ནི་གཡས་པ་ཟངས་གྲི་བསྣམས། །གཡོན་པ་ལྕགས་ཀྱི་རྡེའུ་ཆུང་བསྣམས། །བཙན་བདུད་འགོང་པོ་ཕོ་ཉར་འགྱེད། །མཆོད་དོ་གསེར་སྐྱེམས་དྭངས་པ་མཆོད། །རིན་ཆེན་གསེར་གྱིས་མཆོད་བསྐང་ངོ་། །དཀར་པོ་བཅུ་གསུམ་གྱི། །མདོས་ཀྱིས་ཁྱེད་བསྐང་ངོ་། །འཁོར་ན་གནས་པའི་རྒྱལ་པོ་ནི། །ཁུ་ལེ་ཤོད་ཀྱི་ལག་དགུ་དང་། །ཨག་ནི་དང་ནི་ཨུག་གེ་དང་། །དྲང་སེ་དང་ནི་ཤང་སེ་དང་། །དེ་ཁོད་དང་ནི་ནི་ཁོད་དང་། །ཉི་ཟླ་འཁོར་དང་བཅས་པ་ནི། །བརྒྱད་ཀྱི་མདུན་ན་ཞུངས་སེ་ཞུང་། །ལོགས་ལ་ཤ་རྐྱང་དྲེངས་སེ་དྲེང་། །རྒྱབ་ཏུ་སྤྲ་སྤྲེ་འདུ་རུ་རུ། །སྟེང་ན་ཐང་དཀར་འཕྱོ་ཞིང་ལྡིང་། །མཆོད་ནི་འབྲུ་ཆང་རིན་ཆེན་


DNG024_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱིས་མཆོད། །བསྐང་ནི་དཀར་པོ་བཅུ་གསུམ་མདོས་ཀྱིས་བསྐང་། །རྒྱལ་པོ་དཔོན་གཡོག་འཁོར་བཅས་ཀྱིས། །རྨོངས་པོ་བུ་མེད་བུ་གསོལ་ཅིག །དབུལ་པོ་ནོར་མེད་ནོར་གསོལ་ཅིག །ནོར་དང་སྲིད་རྣམས་འཕེལ་བར་མཛོད། །རྒྱལ་པོའི་སྐུ་ནི་རིན་ཆེན་སྐུ། །རིན་ཆེན་སྐུས་ནི་རེ་འདོད་འབྱུང་། །རྒྱལ་པོའི་ཐུགས་ནི་མར་ཁུའི་ཐུགས། །མར་ཁུའི་ཐུགས་ཀྱིས་བསམ་པ་འགྲུབ། །ལྷ་རུ་མཆོད་དོ་དཔལ་མཛོད་ཅིག །གཡུ་རུ་མཆོད་དོ་དུང་དུ་འབུད། །དར་དུ་འཕེལ་ལོ་མགོན་སྐྱབས་མཛོད། །གནོད་པའི་བསམ་སྦྱོར་མ་མཛད་པར། །བདག་ཅག་བསམ་པ་མཐའ་རུ་ཕྱུང་། །དཀའ་བར་བསོགས་པའི་མདོས་ཆེན་དང་། །གསལ་བར་བལྟམས་པའི་མར་མེ་དང་། །གསེར་སྒོང་གཡུ་སྒོང་ཉི་སྒོང་དང་། །རྒྱལ་པོའི་མངའ་ཐང་སྐྱེམས་ཕུད་དང་། །བདའ་བར་བྱ་བའི་ཞལ་ཟས་རྣམས། །ཁྱོད་ལ་འབུལ་ལགས་བཞེས་སུ་གསོལ། །སྲིའུ་གསོས་ལ་རིགས་རྒྱུད་སྤེལ། །ནོར་ཕྱུགས་སྤེལ་ཅིག་ཉི་འཕང་སད། །ཟླ་བ་སད་ཀྱི་དུས་མཛོད་ཅིག །ཤོས་པ་སད་དང་ཉི་འཕང་སད། །མ་ཧཱ་རཱ་ཛ་ལི་བྱིན་ཧར། མ་ཧཱ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། དཀར་པོ་ཤེལ་ལྡན་དཀར་པོ་འདིས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །རྒྱུ་མཆོག་ཤེལ་ལྡན་དཀར་པོ་འདིས། །རྒྱལ་པོ་ཤེལ་ལྡན་རུ་ཚོ་ལ། །མ་ནི་སད་སྟེ་རྒྱུ་རུ་ཡང་དཀར་གཉིས། །བཤོས་ཤིང་ཡིད་ཀྱིས་སྤྲུལ་པའི་སྲས། །དུང་གི་སྒོ་ང་གཅིག་ཏུ་བྱུང་། །ལོ་གཅིག་འབྱུང་སྐོར་ལོན་པ་དང་། །ཁ་རུ་མ་རྡོལ་ཞབས་སུ་ལུག །དེ་ནས་ལུག་ཏུ་བཏགས་པ་ཡིན། །རུ་གཉིས་གྱེན་དུ་འཁྱིལ་པ་ཡིས། །གནམ་ལྷ་དཀར་པོ་གྱེན་དུ་འདེགས། །མིག་གཉིས་འཕྲེད་ལ་ཚིག་ཚིག་བལྟ། །མ་རིག་མུན་པའི་སྐྱོན་ལ་བལྟ། །ཐམས་ཅད་གསལ་བར་གོ་འབྱེད་དོ། །སྒྲ་རྣམས་དག་པར་རབ་ཏུ་ཉན། །རྣ་བའི་དབང་པོ་ཀྲོང་ངེ་ཀྲོང་། །ཁ་མངར་རོ་ལ་ལྕེ་མྱོང་བས། །རོ་མཆོག་བརྒྱ་ལྡན་གསང་བའི་དབྱིངས། །སྣ་ཡི་དབང་པོས་དྲི་མ་སྣོམ། །ལྕགས་ཀྱི་རྨིག་བཞི་ས་ལ་འཁྲབ། །བདུད་བཞི་


DNG024_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ཟིལ་གྱིས་གནོན། །སྤུ་ནི་དུད་ལོ་འཁྱིལ་པ་འདིས། །སེམས་ཅན་ཀུན་གྱི་གསོས་སུ་བྱེད། །དྲོད་དང་དབང་པོ་འཁོར་བཅས་པས། །ལྷ་སྲིན་སྡེ་བརྒྱད་དགྱེས་པར་སྐོངས། །ནང་ཆ་རྒྱུ་མ་གཉེ་མ་ཚིལ། །ཤ་ཁྲག་ཆུ་རྒྱུས་ཕོ་མཚན་བཅས། །མཁྲིས་པ་གློ་བ་མཆིན་པ་སྙིང་། །མཁལ་མ་ཕོ་བ་གྲོད་པ་དང་། །སུལ་མངས་ཤན་ཤན་གློ་ཁྲག་བཅས་པ་རྣམས། །སྲོག་བདག་འཁོར་དང་བཅས་པ་ལ། །ལྷག་མ་མེད་པར་འབུལ་ལགས་ཀྱི། །བཟུང་བ་ཐོང་ལ་བརྩམས་པ་ཤོལ། །དཀར་པོ་བྱ་གག་གསུང་སྙན་འདིས། །བསྐང་ངོ་རྒྱལ་པོ་མཆེད་ལ་བསྐང་། །བྱ་གག་འདི་ཡི་རྗེས་ཤུལ་དང་། །ཚེ་ལུག་ནེ་སེག་འཁོར་བཅས་རྣམས། །འཁོར་གྱི་སྲོག་བདག་བརྒྱད་ལ་འབུལ། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །མཐུ་རྩལ་ལྡན་པའི་སྐྱེས་བུ་ཁྱོད། །ཐུགས་དང་འཐད་པའི་མཁའ་ལྡིང་འདིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བྱ་ཡི་ཕོ་སྨོས་པ། །གསེར་བྱ་ར་བ་ཐ་ལེ་ལགས། །ཨ་མ་གཡུ་ཡི་བྱ་མོ་གུང་མ་རོ་ནེ་ལགས། །དེ་གཉིས་བཤོས་པའི་སྲས། །སྒོ་ང་གསུམ་དུ་བྱུང་བ་སྟེ། །གསེར་སྒོང་ཁྲ་བོ་དེ། །དམའ་ཡང་མི་དམའ་སྟེ། །བར་སྣང་ཁམས་གསུམ་གསོས། །ཤ་ཟན་མཆུ་གུག་བྱུང་། །ཟངས་སྒོང་དམར་པོ་སྟེ། །མཐོ་ཡང་མི་མཐོ་སྟེ། །རྒྱ་མཚོའི་སྟེང་དུ་རྟོལ། །འདམ་ཟན་མཆུ་ལེབ་བྱུང་། །དུང་སྒོང་དཀར་པོ་དེ། །མི་མཐོ་མི་དམའ་སྟེ། །རི་རབ་ཁ་རུ་བརྟོལ། །སྒུམ་ཐུན་མཆུ་ལྷུམ་བྱུང་། །སྒུམ་ཐུན་བརྒྱ་ནི་མི་དང་ཆད་མ་བྱས། །བདུད་དང་བཙན་གྱིས་བསྐོར། །སྨན་དང་གཟེད་ཀྱིས་བསྐོར། །བར་སྣང་ཁམས་ལ་འཕྱོས་ཏེ་སོང་། །མི་བུ་རིགས་ལ་ཕན། །རེས་ཕན་རེས་མི་ཕན། །དེ་ཡི་ནང་ཤེད་ན། །ཟེ་བཟང་བྱ་ཡི་རིགས། །རིག་པ་གསལ་དྭངས་པས། །ཉིན་མཚན་ཤན་ཡང་འབྱེད། །དབྱར་དགུན་དྲོད་ཡང་འཛིན། །དེ་ཡིས་མི་དང་ཆད་བྱས་སོ། །མི་ཡིས་བྱ་གསོས་པས། །བྱ་ཡིས་མི་ཡི་གླུད་དུ་ཆད། །དེ་ཡི་ནང་ཤེད་ནས། །བྱ་དཀར་ཟེ་དམར་


DNG024_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །རིན་ཆེན་དུང་གི་ཁ་དོག་ལྡན། །དང་པོར་རྒྱལ་པོ་ཤེལ་གྱི་བུ། །རྟགས་དང་བཏབ་པ་ཡིན། ཟངས་ཀྱི་གཙུག་ཕུད་དོ་ཤལ་འདིས། །སྲོག་བདག་རྒྱལ་པོ་འཁོར་བཅས་ལ། །བསྐང་ན་དགྱེས་པའི་རྐྱེན་ཆ་ཡིན། །བྱ་མིག་མས་ཡར་བཀབ་པ་འདི། །སྲིད་པ་མས་ཡར་ཆགས་པ་ཡིན། །བྱ་མིག་དམར་ལ་དྭངས་པ་འདི། །སྲིད་པའི་སྐྱེ་འགྲོ་ཁྲག་གིས་བསྐྱེད་པ་ཡིན། །བྱ་ལུས་བུམ་པར་འདུག་པ་འདི། །རི་རབ་ལུས་ལ་རྫོགས་པ་ཡིན། །མཇུག་མ་རྒྱ་སོར་འདུག་པ་འདི། །དཔག་བསམ་ཤིང་གི་ཡལ་ག་ཡིན། །སྤུ་ཉག་དཀར་ལ་འཚེར་བ་འདི། །སྲོག་ཆགས་ཐུགས་ནི་མར་ལྟར་བཞུན། །བྱ་མཆུ་སེར་ལ་གུག་པ་ནི། །བསྐང་ན་གསེར་དུ་འགྱུར་བ་ཡིན། །རྒྱལ་པོ་རྒྱུ་བའི་དུས་ཚོད་དུ། །སྐད་སྙན་ཏང་ཏང་སྒྲོགས་པ་ནི། །ལྷ་དང་སྐད་སྦྱོར་བྱེད་པ་ཡིན། །དེ་ལྟ་བུ་ཡི་མཁའ་ལྡིང་དུ། །མདོས་འདིས་ཐུགས་དམ་བསྐང་ངོ་དགྱེས་པར་མཛོད། །མཚན་ལྡན་ཤེལ་མདོག་ར་དཀར་འདིས། །རྒྱལ་པོ་དཔོན་གཡོག་འཁོར་བཅས་ལ། །ཐུགས་དམ་བསྐང་ངོ་གཤེགས་སུ་གསོལ། །ར་ཡི་ཕ་སྨོས་པ། །ཕ་ནི་གཤན་ར་རུ་རིང་ཡིན། །མ་ནི་སྐྱི་ར་འགྲམ་རིང་ཡིན། བཤོས་དང་གནམ་གྱི་སྲས། །ར་བུ་སྲིན་ར་ཁམ་པ་དང་། །མྱང་ར་ལྡན་དམར་གཉིས་སུ་བྱུང་། །བུ་ནི་དཀར་པོ་གནམ་རུ་སྐྱེས། །མི་ཡི་གླུད་དང་ཁམས་སུ་འབུལ། །ར་རུ་དཀར་ལ་དྭངས་མ་འདིས། །རྒྱལ་པོའི་ཐུགས་ལ་སྐྱེ་ཤི་མེད། །མི་འགྱུར་བརྟན་པས་སྐྱོན་དང་བྲལ། །རུ་གཉིས་དཀར་ལ་ལྡེམ་པ་ལ། །དར་ཚོན་སྣ་ལྔས་བརྒྱན་པ་འདི། །རྒྱལ་པོའི་རུ་མཚོན་ཡིན་པར་བཤད། །ཁ་ནས་བླ་སྒྲ་སྒྲོགས་པ་ནི། །དོན་རྣམས་འགྲུབ་པར་བྱེད་པ་ཡིན། །ལྕགས་ཀྱི་མི་ཕོ་སྔོན་པོ་བཞི། །ཕྱོགས་བཞི་རྒྱལ་པོས་མངགས་པའི་རྟགས། །སྤུ་ཉག་རྩུབ་ལ་རིང་བ་ནི། །རྒྱལ་པོའི་བཀའ་འཁོར་ལས་ལ་འགྱེད་ཕྱིར་ལགས། །ཨག་ཙོམ་བུངས་དང་ལྡན་པ་འདི། །ཐབས་ཀྱིས་འགྲོ་བ་འདུལ་བའི་རྟགས། །ཤ་ཚིལ་བམས་སུ་ཆེ་བ་འདི། །འཁོར་


DNG024_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྲན་དུ་འཁོལ་བའི་རྟགས། །གཡས་དང་གཡོན་དུ་སྣོམ་བྱེད་ཅིང་། །ཕྲི་སྒྲ་དྲག་པོ་སྒྲོགས་པ་ནི། །ཆེ་བའི་མཆིལ་ལ་སྐྱུག་པར་སྐྱུགས། །དྲག་ཏུ་ཁ་ནས་བླ་སྒྲ་སྒྲོགས། །ཤ་ནི་ཁྲག་དང་བསྲེས་ནས་གསོལ། །བསྐང་ངོ་བསྒྲལ་ལོ་སྲོག་བདག་འཁོར་དང་བཅས་པ་མཉེས་པར་མཛོད། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །དེ་ཡང་དང་པོར་མདོས་ལ་སྤྱན་དྲངས་ཤིང་སྙན་གསན་དབབ་པ་འདི་སྐད་དོ། །གཙང་མར་སྦྱར་བའི་བསྐང་རྫས་མང་པོ་ལ། འདིར་སྤྱན་དྲང་བ་ནི། ཕྱོགས་བཞི་མཚམས་བརྒྱད་སོ་སོའི་མངའ་མཛད་པ་ནི། ཤེལ་གིང་ཆེན་པོ་སྲོག་གི་མངའ་མཛད་པ། ཁུ་ལེ་ལག་དགུ་དང་། ཨག་གེ་དང་། ཨུག་གེ་དང་། དྲང་སེ་དང་། ཤང་སེ་དང་། དེ་ཁོད་དང་ནི་ནི་ཁོད་དང་། ཉི་ཟླ་ལ་སོགས་སྲོག་བདག་ཆེན་པོ་བརྒྱད། རང་རང་གི་འཁོར་གཡོག་མང་པོའི་ཚོགས་དང་བཅས་ཏེ། བདག་ཅག་གི་བསམ་པ་འགྲུབ་ཅིང་། ཁྱེད་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །སྤྱན་འདྲེན་མཆོད་པ་འབུལ་གྱི་གཤེགས་སུ་གསོལ། །འཁོར་ན་གནས་པའི་ཚོགས་བཅས་ཀུན། །སྤྱན་འདྲེན་མཆོད་པ་འབུལ་གྱི་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་མ་ཧཱ་རཱ་ཛ་ར་ཏྲི་ཏྲི་ཤ་ས་མ་ཡ་སྟྭཾ། བཛྲ་ས་མཱ་ཛ། བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ། རྒྱལ་པོ་དཔོན་གཡོག་འཁོར་དང་བཅས་པ་རྣམས། མངོན་སུམ་དུ་བྱོན་པར་བསམ་མོ། །དེ་ནས་སློབ་དཔོན་དང་། ཡོན་བདག་འཁོར་བཅས་ཀྱིས་ཕྱག་གུས་པར་བཙལ་བ་ནི། ན་མོ་སྟོང་ཁམས་ཁྱབ་པར་སེམས་ཅན་དོན་ལ་དགོངས། །ང་དང་བདག་མེད་སྲིད་འཕྲོག་སྲོག་ལ་དགའ། །ན་བཟའ་དར་དཀའ་འཇོལ་བེར་གསོལ། །ཁྱོད་ལ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཀུན་ལ་ཁྱབ་པས་ང་དང་བདག་ཏུ་མེད། །ཞེ་སྡང་གདུག་པས་སྲོག་ལ་བར་ཆད་བྱེད། །སེམས་ཅན་ཀུན་ཀྱང་ཁྱོད་ལ་རབ་ཏུ་མཆོད། །སྲོག་བདག་སྲི་རྐུན་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་སྐྱོང་བསྟན་པའི་དོན་ལ་རབ་ཏུ་མོས། །ཁམས་གསུམ་སེམས་ཅན་རྣམས་ལ་སྣ་ཚོགས་གནོད་པ་བྱེད། །སྐྱུར་དང་ཁྲག་གི་དྲི་ཚོར་དཔག་ཚད་བརྒྱད་ཁྲིར་རྒྱུག །


DNG024_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་འཁོར་ན་གནས་པ་རྣམས་ལ་ཕྱག་འཚལ་ལོ། །གདན་ལ་བཞུགས་སུ་གསོལ་བ་ནི། །དར་དཀར་བེག་ཚེ་དགུ་རིམ་ལ། །ཟ་འོག་བླ་བརྙན་ནེམས་སེ་ནེམ། །དེ་འདྲའི་བརྗིད་ཆེན་གདན་སྟེང་དུ། །རྒྱལ་པོ་དགྱེས་པར་བཞུགས་སུ་གསོལ། །དུང་དང་གསེར་སྤྲས་ཁྲི་ཡི་སྟེང་། །རབ་མཛེས་སྲོག་བདག་འཁོར་བཅས་བཞུགས་སུ་གསོལ། །བཛྲ་ཏིཥྛ་ལྷན། དེ་ནས་ཞབས་བསིལ་བ་ནི། གཙང་མས་སྦྱར་བའི་ཆབ་གཙང་འདི། །ཕྱག་དང་ཞབས་གཉིས་བསིལ་བར་མཛོད། །སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། དེ་ནས་ཕུར་གཙང་ཐོགས་ལ་འདི་སྐད་དོ། །ཧཱུཾ་འབྲུ་བཅུད་དམ་པའི་སྐྱེམས་འཕང་འདི། །ཁ་དང་མངར་དང་སྐྱུར་བའི་རོ། །སྐྱེམས་འཕང་དམ་པ་འདི་དྲངས་པས། །ལྗགས་ཀྱི་དབང་པོ་ཚིམ་པར་བྱེད། །འབྱུང་བའི་བཅུད་བསྡུས་རིན་ཆེན་སྣ་ལྔའོ། །ལོངས་སྤྱོད་ལྔ་དང་རྐྱེན་དུ་ཆེ། །འདི་འདྲའི་གསེར་སྐྱེམས་དམ་པ་འདི། །བཞེས་ཤིག་སྲོག་བདག་འཁོར་བཅས་བཞེས། །ཨོཾ་མ་མ་པཱུ་ར་ཁ་ཧཱ་རཱ་ཛ་སྭཱ་ཧཱ། ཁཱ་ཧི་ཁཱ་ཧི། རྒྱལ་པོ་ཆེན་པོ་བདག་དང་ཡོན་བདག་འཁོར་དང་བཅས་པས། མདོས་དང་ཕུད་དུ་བཅས་པའི་ཚོགས་མ་ལུས་པ་ཕུལ་བ་འདི་བཞེས་ལ། བདག་ཅག་ལ་མཐུ་དང་སྐྱབས་དང་རྒྱུན་མི་འཆད་པའི་རྒྱུད་སྤེལ་དུ་གསོལ། དེ་ནས་འདི་བསྟོད་དོ། །གནམ་སྔོན་པོ་ཡ་གི་ཆད་དེ་ཆད། །རིན་ཆེན་གསེར་གྱི་ཉི་ཟླ་ཏ་ལ་ལ། །གཟའ་དང་རྒྱུ་སྐར་མང་པོ་སིགས་སེ་སིག །ལྷ་སྲིན་ན་བུན་ཁུ་རླངས་ཐིབས་སེ་ཐིབ། །ཁ་དོག་སྣ་ལྔའི་གཞའ་ཚོན་ཁྱུགས་སེ་ཁྱུག །དུང་དཀར་གྱི་ཁུ་འཕང་ཤ་ར་ར། །ཐམས་ཅད་སྨིན་པའི་ཆར་པ་སི་ལི་ལི། །གཏུམ་པོ་འབྲུག་གི་སྒྲ་ཆེན་དིར་རི་རི། །འབར་བ་གློག་གི་འོད་ཆེན་ཁྱུགས་སེ་ཁྱུག །རབ་ཏུ་མཛེས་པའི་མེ་ཏོག་སྣ་ཚོགས་སྐྱེས། །དྲི་བསུང་སྤོས་མེ་མང་པོ་རྒྱུན་མི་འཆད། །རོ་མཆོག་ལྡན་པའི་ཞལ་ཟས་སྣ་ཚོགས་བཀྲམ། །རྔ་དང་རྔ་ཆེན་དུང་དང་འཁར་བ་ཡི། །སིལ་སྙན་སྒྲ་དང་པི་ཝང་སྒྲ། །གླུ་གར་རྩེ་འཇོ་རོལ་མོ་རྣམས། །བླ་དྲེ་འཕན་གདུགས་ན་བཟའ་མཛེས་པ་དང་། །ནོར་དང་བང་མཛོད་དཀར་པོ་བཅུ་གསུམ་


DNG024_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ཆེན་དང་། །སྣ་ཚོགས་བསྐང་བའི་རྫས་རྣམས་ཀུན། །དགའ་དང་གུས་པས་འབུལ་ལགས་ཀྱི། །དཔོན་གཡོག་འཁོར་དང་བཅས་པ་བཞེས་སུ་གསོལ། །དྲི་མ་མེད་པས་ཤེལ་ལྟར་དག །ཐུགས་རྗེ་ཆུ་བོ་རྒྱུན་ལྟར་འབབ། །ང་དང་བདག་འདྲའི་གཟུང་འཛིན་སྤངས། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྟེ། །ཐུགས་རྗེ་དབང་གིས་འགྲོ་ཀུན་ཡོངས་ལ་སྐྱོབས། །སྐུ་ལ་དར་དཀར་རལ་ག་གསོལ། །ཕྱག་ན་གདུག་པའི་དབྱུག་པས་འཇོམས། །ཆིབས་སུ་ངང་དཀར་མདོག་སེར་བཅིབས། །རིན་ཆེན་ལྟ་བུར་དགོས་འདོད་སྐོངས། །སྨོད་ཅིང་འཕྱ་བར་གང་བྱེད་པ། །དེ་ལ་ནད་རྣམས་སྐུ་འདྲེན་ཅིང་། །དར་གཅིག་ཙམ་ལ་ཕུང་བར་བྱེད། །དེ་འདྲའི་རྒྱལ་པོ་ཁྱོད་ལ་བསྟོད། །རིན་ཆེན་གཤོག་པ་གདེངས་པ་ཡིས། །ཀླུ་རྣམས་འདུལ་ལ་ཕྱག་འཚལ་བསྟོད། །རྨ་བྱ་རབ་ཏུ་མཛེས་པའི་ཐུལ་བས་བརྒྱན། །འགྲོ་བ་མ་ལུས་ཕུང་པོ་ཉིང་མཚམས་སྦྱོར། །དར་དཀར་རབ་ཏུ་མཛེས་པའི་གོ་ཟུ་ལ། །གཡུ་ཕྲན་མཛེས་པའི་ཤམ་ཐབས་ཅན། །བྱ་ཐུལ་ཅན་ལ་ཕྱག་འཚལ་བསྟོད། །འཁོར་ན་གནས་པ་སྲོག་བདག་བརྒྱད། །ཤེལ་དང་དུང་ལྟར་རབ་ཏུ་དཀར་བའི་སྐུ། །སྲོག་བདག་དཀར་པོ་བརྒྱད་ལ་བསྟོད། །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་མང་པོ་ཡང་། །རང་རང་ནུས་པས་རྒྱལ་པོའི་བྲན་དུ་བྱས། །སྤྲིན་ལྟར་གཏིབས་པ་དེ་རིང་ཡས་དང་སྟགས་ལ་བྱོན། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །ཧཱུཾ་ཉི་མ་ཤར་ཕྱོགས་ཕ་ཀི་ན། །མཁར་གཅིག་རིན་ཆེན་དུང་གི་མཁར། །འགྲམ་ནི་ལྕགས་འགྲམ་སྔོན་པོ་ལེགས། །སྒོ་ནི་རིན་ཆེན་བསེ་ཡི་སྒོ། །བྱེ་རུ་འབར་བའི་གཏན་པ་སྩལ། །བད་ནི་གཡུ་བད་སྔོན་པོ་ལ། །མཐོངས་ནི་ཉི་ཟླ་གཉིས་ཀྱི་མཐོངས། །ཟུར་ནི་མཆོང་ཟུར་སྨུག་པོ་ལ། །བཻ་ཌཱུརྱ་གཡུ་ཡི་ཟིལ་པ་ཆགས། །སྐུ་མཁར་ཕྱོགས་བཞིའི་བླ་འོག་ན། །མཐོ་བར་བྱ་དཀར་རྒོད་མི་ལྡིང་། །དམའ་བར་ས་ཡི་བྱི་མི་འཛུལ། །བར་དུ་མཉེན་པོ་སྦྲུལ་མི་འཁྲིལ། །ལོགས་ལ་གཟར་པོ་སྤྲེལ་མི་འཛེག །དེ་འདྲའི་མཁར་ལ་མཚན་གསོལ་བ། །སྲོག་


DNG024_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཤེ་ལེ་རུ་འཛོད་ལགས། །ནང་ན་ཁྲི་གཅིག་ཁྲི་བཟང་པོ། །དུང་ཁྲི་དཀར་པོ་བྱ་བ་ལགས། །བསེ་ཡི་རྐང་བཞི་པར་ཏེ་པར། །དར་དཀར་ཀླད་བསྟེན་ནེམས་སེ་ནེམ། །གཡས་ན་རྟ་སྐད་ལྷང་ལྷང་བ། །ངང་དཀར་གསེར་མདོག་བྱ་བ་ལགས། །སྲབ་ནི་གསེར་ལ་མཐུར་ནི་གཡུ། །སྟན་ནི་ཟ་འོག་དངུལ་སྟན་ཅན། །ཤ་ཐག་གཡས་ལ་ཚོན་དྲུབ་བཏགས། །ཤ་ཐག་གཡོན་ན་ནད་ཀྱི་རྐྱལ་པ་བཏགས། །གཡོན་ན་ཁྱི་ཟུག་དར་མ་དིར། །ཉི་མིག་སེང་སྤར་བྱ་བ་ལགས། །ཤེལ་གྱི་ཁྱི་ལ་གཡུ་རལ་ཅན། །མཆེ་བ་དུང་གི་ཕུར་པ་བཞིས། །སྐྱེ་འགྲོ་ཐམས་ཅད་རྩད་ནས་གཅོད། །སོ་ནི་ལྕགས་ཀྱི་ཕུར་པ་བཞིན། །ཟངས་ཀྱི་སྦར་ཤད་གདེངས་པ་ཡིས། །སྐད་ཅིག་ཙམ་གྱིས་ཕྱོགས་བཅུར་ཕྱིན། །མཇུག་མ་དུང་གི་ཞགས་པ་ཡིས། །བརྡབས་པས་ལྷ་སྲིན་ཐམས་ཅད་བརྒྱལ། །སྐེ་ལ་གསེར་གྱི་ཨ་ལོང་བཏགས། །གཡུ་ཡི་དྲིལ་བུ་འབུམ་གྱིས་བརྒྱན། །དཀྲོལ་བས་ཕྱོགས་བཅུའི་རྒྱལ་བ་མཉེས། །ཁ་ནས་ངུ་ཟུག་གསུམ་བསྒྲགས་ཏེ། །དང་པོས་ཚངས་པའི་འཇིག་རྟེན་འཇིག །བར་པས་རྒྱལ་ཆེན་རིགས་བཞི་བརླག །ཐ་མས་ས་བདག་གདུང་ཞིང་འབོད། །སྤུ་ནི་ཉག་མ་རེ་རེ་ལ། །སྣ་ཚོགས་འོད་ཆེན་འཕྲོ་བར་བྱེད། །དབུས་ཀྱི་དུང་ཁྲི་དཀར་པོ་ལ། །སྲོག་བདག་ཤེལ་གིང་དཀར་པོ་བཞུགས། །སྐུ་ནི་གངས་རི་ཆགས་པ་འདྲ། །གཡུ་ཡི་སྨིན་མ་ཁྱུགས་སེ་ཁྱུག །བསེ་ཡི་སེན་མོ་ཤད་དེ་ཤད། །དུང་གི་སོ་བདར་ཐེམས་སེ་ཐིམ། །སྐུ་ལ་དར་དཀར་རལ་ག་གསོལ། །དབུ་ལ་བརྗིད་ལྡན་འགྱིང་ཐོད་བཅིངས། །རྩལ་ཆེན་སེང་གེའི་ཁ་ཆག་ཅན། །དཔའ་རྩལ་སྟག་གི་ཐོད་ཁ་ཅན། །རྐང་ལ་གཡུ་རིས་ཆགས་འུ་ལ། །གྱི་མེན་དངུལ་གྱི་སྒྲོག་བུ་ཅན། །གསེར་གྱི་སྒ་ཆེན་མཛེས་པ་ལ། །རིན་ཆེན་གཡུ་ཡི་ཚར་ཚར་ཅན། །སྐུ་ལ་རིང་ལ་ལྕིབས་ཤིང་བཞུགས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །སྦ་ལྕག་དཀར་པོ་གཡུ་འབྲས་ཅན། །གནམ་ལ་བསྐོར་ཞིང་ཆིབས་ལ་བསྐྱོད། །ཐུགས་ནི་མེ་རུ་ལམ་མེར་འབར། །


DNG024_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ནི་ཁྲོ་གཏུམ་དྲག་རྩལ་ཅན། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །ཚངས་པ་དུང་གི་ཐོར་ཚུགས་ཅན། །སྐུ་ལ་སྤྲིན་དཀར་སླག་པ་གསོལ། །ཕྱག་ན་རྡོ་རྗེ་བེ་ཅོན་བསྣམས། །རྒྱ་གར་ཆོས་ཀྱི་མཚན་གསོལ་བ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །ཕྱག་ན་རྡོ་རྗེ་རྩེ་དགུ་བསྣམས། །རྒྱ་ནག་དག་གིས་མཚན་གསོལ་བ། །རྒྱལ་པོ་ཆེན་པོ་ལི་དུན་ཤན་གྱི་བྱ། །ཟ་འོག་འབར་ཆེན་སླག་པ་གསོལ། །བསེ་ཡི་མདུང་ཆེན་དབལ་རིང་བསྣམས། །སུམ་བྷའི་ཡུལ་དུ་མཚན་གསོལ་བ། །སུམ་རུ་འགྲོ་ཐར་བགྱི་བ་ལགས། །པགས་བུ་དཀར་པོའི་སླག་པ་གསོལ། །ཕྱག་ན་དངུལ་གྱི་བྱི་ལ་བསྣམས། །ཞང་ཞུང་ཡུལ་དུ་མཚན་གསོལ་བ། །དེ་ཡང་སྲོག་བདག་ཤེལ་གིང་ལགས། །སྐུ་ལ་མན་ཏྲི་རལ་ག་གསོལ། །ཕྱག་ན་ཙནྡན་བེ་ཅོན་བསྣམས། །གཙུག་ལག་བོན་གྱིས་མཚན་དུ་གསོལ། །ཉི་ཕང་སད་ཀྱི་མཚན་གསོལ་བ། །སྐུ་ལ་དངུལ་དཀར་རས་ཀ་གསོལ། །ཕྱག་ན་ཙནྡན་དབྱུག་པ་བསྣམས། །སྐྱེ་བོ་ཡོངས་ཀྱིས་མཚན་གསོལ་བ། །ཀར་ཏེ་ཡམ་པ་སྤྱན་གཅིག་པ། །སྐུ་ནི་མ་བཅོས་དཀྱུས་མར་བཞུགས། །ཕྱག་ན་རལ་གྲི་སྟོབས་ཆེན་བསྣམས། །ལི་ཡི་ཡུལ་དུ་མཚན་གསོལ་བ། །ཨ་ཀ་དྷ་ར་སྐྱེས་གཅིག་པོ། །སྐུ་ལ་དར་དཀར་ཐུལ་བ་གསོལ། །ཕྱག་ན་གཤོག་པའི་སོག་ལེ་བསྣམས། །ཧོར་གྱི་ཡུལ་དུ་མཚན་གསོལ་བ། །ག་གོན་གསེར་སླག་ཅན་ཞེས་བྱ། །སྐུ་ལ་མ་ཏང་ཤེལ་གྱི་སླག་པ་གསོལ། །ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས། །མོན་གྱི་ཡུལ་དུ་མཚན་གསོལ་བ། །བདུད་ཀྱི་རྒྱལ་པོ་ས་མུན་རྗེ། །དགོང་ཁ་ཉི་མའི་ཟེར་ལ་རྒྱུག །ཕྱག་ན་ཉི་ཟེར་ཞགས་པ་བསྣམས། །མདོས་བདག་མདོས་ལོང་ལ། །གླུད་བདག་གླུད་བཞེས་ཤིག །དེ་ནས་ལྕམ་མོ་བསྐུལ་ཏེ། ཧཱུཾ། རྒྱལ་པོ་ཐུགས་ཀྱི་དགྱེས་སྡེ་མོ། །གསང་བ་ཐུགས་ཀྱི་ཡུམ་གཅིག་མ། །སྐུ་ལུས་ཤེལ་ལ་སྨིན་མ་གཡུ། །སོ་ཐགས་དུང་ལ་ནོར་བུ་མཆོང་། །ངག་གི་གསུང་སྙན་ཏོངས་སེ་ཏོང་། །གསེར་གྱི་རྣ་ཆ་ཝངས་སེ་ཝང་། །མུ་མེན་གུར་ཆེན་ཆི་ལི་ལི། །ཟངས་


DNG024_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲོམ་བུ་ཁྱུགས་སེ་ཁྱུག །བསེ་ཡི་སེན་མོ་ཟངས་སེ་ཟང་། །སྐུ་ལ་བྱ་རྒོད་ཐུལ་པ་ལ། །རྨ་བྱ་འབུམ་གྱི་མདོངས་ཀྱིས་བརྒྱན། །གསེར་གྱི་སྐར་མདའི་མཐའ་བསྐོར་ཅན། །གཞའ་ཚོན་འབར་བའི་ཁ་ཆག་ཅན། །ན་བཟའ་མཛེས་པ་དེ་གསོལ་ནས། །སེམས་ཅན་ཀུན་གྱི་སྲོག་ལ་དགའ། །ཕྱག་གཡས་ཤེལ་གྱི་བུམ་པ་རུ། །བདུད་རྩི་དམ་པའི་བཅུད་བླུགས་ནས། །གཙོ་བོ་མཉེས་བྱེད་རྣལ་འབྱོར་ཚེ་འཕེལ་མ། །ཕྱག་གཡོན་གསེར་གྱི་ཟངས་གྲིར་སྣམས། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། །ཞལ་གྱི་རླངས་པ་དུག་ཏུ་ཐུལ། །མི་ནད་སྣ་ཚོགས་ཆར་དུ་འབེབས། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ཆེན་མོ་གླུད་ལོངས་ཤིག །ཅེས་གསེར་སྐྱེམས་གཏོང་ངོ་། །དེ་ནས་འཁོར་སྲོག་བདག་བརྒྱད་ཀྱང་ཟེར། འགོང་པོ་སྤུན་དགུ་ལ་འདི་སྐད་བསྐུལ་ལོ། །ཤར་གྱི་ཕྱོགས་ནས་གཤེགས་པ་ནི། །རྒྱལ་པོ་ཆེན་པོ་ཁུ་ལེ་ཤོད། །གསེར་གྱི་མི་ཕོ་ཆེན་པོ་ལ། །ལག་དགུས་རྒྱལ་ཁམས་ཡོངས་ལ་ཁྱབ། །ལ་ལས་སྲིད་དང་མངལ་ལ་རྐུ། །ལ་ལས་ཡུལ་མཁར་རྩེ་ནས་འབེབས། །ལ་ལས་སྲོག་གི་ཤན་པ་བྱེད། །ལ་ལས་དབང་གི་ལྷ་དང་འབྲལ། །ལ་ལས་སྒོ་ཡི་ལྷ་དང་འབྲལ། །ལ་ལས་སྒོ་ཡི་ནོར་དང་འབྲལ། །ལ་ལས་ཉིན་གྱི་ཧོར་པ་བྱེད། །ལ་ལས་སྲོག་གི་འཇབ་བུ་བྱེད། །ལ་ལས་ན་ཆུང་སྐྱེ་རྒྱུན་གཅོད། །སྐུ་ལ་ཤ་བའི་སླག་པ་གསོལ། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ཆེན་མོ་གླུད་ལོངས་ཤིག །ལྷོ་ཡི་ཕྱོགས་ནས་གཤེགས་པ་ནི། །རྒྱལ་པོ་ཆེན་པོ་ཨག་གེ་ཡང་། །སྐུ་ནི་གཡུ་ཡི་འཆོར་བག་ཅན། །ཟ་འོག་སྔོ་ཁྲའི་བེར་ཆེན་གསོལ། །སྔོན་པོ་དར་གྱི་འགྱིང་ཐོད་བཅིངས། །ཕྱག་ན་བརྡེག་པའི་མདའ་གཞུ་བསྣམས། །ཤ་ལ་དགའ་ཞིང་ཁྲག་ལ་མོས། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ནུབ་ཀྱི་ཕྱོགས་ནས་གཤེགས་པ་ནི། །རྒྱལ་པོ་ཆེན་པོ་ཨུ་གེ་ནི། །སྐུ་ནི་ཟངས་མདོག་དམར་ཁྲ་ལ། །ཟ་འོག་


DNG024_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཁྲའི་བེར་ཆེན་གསོལ། །དམར་པོ་ལེ་བརྒན་འགྱིང་ཐོད་བཅིངས། །ཕྱག་ན་ལྕགས་ཀྱུ་མདའ་གཞུ་བསྣམས། །ཤ་དང་ཁྲག་ལ་དད་རེ་ཆེ། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །བྱང་གི་ཕྱོགས་ནས་གཤེགས་པ་ནི། །རྒྱལ་པོ་ཆེན་པོ་བྲང་སེ་ནི། །སྐུ་ནི་མཐིང་ནག་ལྗང་གུ་ལ། །ཟབ་སླག་ཁྲ་བོ་སྐུ་ལ་གསོལ། །ལྗང་གུ་དར་གྱི་འགྱིང་ཐོད་བཅིངས། །མདའ་གཞུ་ཞགས་པ་ཕྱག་ན་བསྣམས། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཤར་ལྷོའི་རྒྱལ་པོ་ཤང་སེ་ནི། །སྐུ་ནི་ར་གན་འབར་བ་ལ། །སྐུ་ལ་གུ་ལིང་བེར་ཆེན་གསོལ། །ཐང་དཀར་རྒོད་ཀྱི་བྱ་ཐུལ་བརྩེགས། །དཔྲལ་ན་རྒྱ་ལོང་ཏ་ལ་ལ། །མདའ་གཞུ་དྲིལ་ཆུང་ཕྱག་ན་བསྣམས། །དབུ་ལ་རྒོད་ཀྱི་དཔའ་མཚན་ཅན། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ལྷོ་ནུབ་རྒྱལ་པོ་ད་ཁོད་ནི། །མུ་མེན་འཕྲུལ་གྱི་མི་བོ་ལ། །དཔྲལ་བའི་དབྱེས་ན་སྤྱན་གཅིག་གཟིགས། །སྔོན་པོ་གཡུ་ཡི་བེར་ཆེན་གསོལ། །དབུ་ལ་སྟག་གི་རྨོག་ཞུ་གསོལ། །ཕྱག་ན་མདའ་གཞུ་སྟྭ་གྲི་བསྣམས། །ཤ་དང་ཁྲག་གི་གྲི་ཚོར་ན། །དར་ཅིག་ཙམ་གྱིས་སྟོང་གསུམ་བགྲོད། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ནུབ་བྱང་རྒྱལ་པོ་ནི་ཁོད་ནི། །བྱེ་རུ་དམར་པོའི་མི་ཕོ་ལ། །མེན་གྲི་དམར་པོའི་རལ་ཀ་གསོལ། །ཟངས་ཀྱི་རྨོག་ཞུ་དབུ་ལ་གསོལ། །རྒོད་ཀྱི་ལྡེམ་སྒྲོ་དབུ་ལ་བཙུགས། །ཕྱག་ན་མདའ་གཞུ་འཚག་པའི་ཁོལ་མ་བསྣམས། །ཧབ་ཀྱིས་སྐྱེ་འགྲོའི་ཤ་ལ་ཟ། །ཧུབ་ཀྱིས་སྐྱེ་འགྲོའི་ཁྲག་ལ་འཐུང་། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །བྱང་ཤར་རྒྱལ་པོ་ཉི་ཟླ་ནི། །དུང་ལ་དཀར་པོའི་ཐོད་ནན་ཅན། །ཕྱག་ན་མདའ་གཞུ་ལྕགས་ཀྱུ་བསྣམས། །དར་ཙམ་ཤ་དང་ཁྲག་མེད་ན། །རང་ལ་རང་ཡང་འཚིག་ཅིང་འཁྲོ། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །སྲོག་བདག་


DNG024_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་བཙུན་མོ་ཡང་། །སྐུ་ནི་དར་ཤམ་མཛེས་པ་ལ། །རིན་ཆེན་དུང་གི་ལན་ཕྲན་ཅན། །འཇའ་ཚོན་འབར་བའི་ཐུལ་པ་གསོལ། །ཕྱག་ན་མདའ་གཞུ་བདུད་རྩིའི་བུམ་པ་བསྣམས། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །བཀའ་འཁོར་མངག་པའི་ལས་བྱེད་པ། །ལ་ལ་བློན་པོ་འགྱིང་བག་ཅན། །ལ་ལ་སྐྱེས་པ་མཚོན་གྱིས་འདེབས། །ལ་ལ་བྱིས་པ་ཀྱལ་ཁ་བྱེད། །ལ་ལ་ལོངས་སྤྱོད་ནོར་རྣམས་རྐུ། །ལ་ལ་ཐོབ་ཤོར་མདོས་ལ་བྱེད། །ལ་ལ་བདུད་བཙན་དོ་ཟླ་བྱེད། །ལ་ལ་ཕྱོགས་ལོག་སྲོག་ལ་རྒོལ། །ད་ནི་གདུག་པའི་སྐྱེས་བུ་རྣམས། །ཡ་སངས་སྐྱེས་གཅིག་མན་ཆད་ནས། །ཐེའུ་རང་གྲོང་རྒྱུ་ཡན་ཆད་དུ། །མདོས་བདག་མདོས་ལོང་ལ། །གླུད་བདག་ གླུད་བཞེས་ཤིག །འགྲེང་མིའི་གླུད་དུ་འབུལ། །དུད་ཕྱུགས་ཀྱི་གླུད་འབུལ་ལོ། །ཞེས་ཀུན་གྱི་མགོ་ལ་རྒོད་ཀྱི་ལྡེམ་རུ་འཛུགས་སོ། །མ་མོ་སྲིད་པའི་བེམ་ལས། ཕོ་མདོས་མན་ཆད་ཀྱིས་བསྐང་བའི་སྐབས་ཏེ། དཀར་པོ་བཅུ་གསུམ་གསང་མདོས་ལ་སོགས་པའི་སྐབས་སོ།། །།དེ་ནས་ཡང་སྐོས་བདག་དང་བཅས་ཏེ་གཡུལ་ངོ་བཟློག་པ་འདི་གསུངས་སོ། །ཀྱེ་སྐོས་བདག་ཆེན་པོ་བརྒྱད། །མདོས་ཀྱི་སྐོས་ལ་བྱོན། །ཤར་ཕྱོགས་ལུས་འཕགས་པོ། །དུང་ལྟར་དང་ནི་དཀར་བ་ལ། །ཟླ་གམ་ནི་དབྱིབས་འདྲ་ཞིང་། །ཡུལ་དང་ནི་མི་རུ་འདྲ། །ཆེ་ཡང་ནི་མི་ཆེ་སྟེ། །ཆུང་ཡང་ནི་མི་ཆུང་སྟེ། །གླིང་བཞི་ནི་ཀུན་ལས་འཕགས། །དུང་ལྟར་དང་ནི་དཀར་བ་ལ། །ཤེལ་གྱི་ནི་ཟིལ་པ་ཅན། །རིན་ཆེན་ནི་དུང་ལ་བྱོན། །ཐམས་ཅད་ནི་སྤྱན་གཅིག་པ། །འབྲུ་དང་བང་བ་ནི་རྐང་འགྲོས་རྣམས། །མཛེས་པར་བརྒྱན་པ་ནི་འདི་བཞེས་ལ། །ཤར་གྱི་སྐོས་བདག་ནི་སྐོས་མཛོད་ཅིག །ཤར་ཕྱོགས་རྒྱལ་ཆེན་གྱི་བཀའ་བསྒྱུར་ལ། ཤར་ཕྱོགས་ལྷ་མ་ཡིན་གྱི་གཡུལ་ངོ་བཟློག །ཤར་ཕྱོགས་སྐོས་བདག་གི་མདོས་ལོངས་ཤིག །རྒྱལ་པོའི་བཀའ་ཆད་བཟློག །དེ་ནས་སྲིང་མོ་ཟོར་བདག་མོ་བསྐུལ་ཏེ། ཧཱུཾ་གླིང་བཞི་གླིང་


DNG024_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཤར་གྱི་ལུས་འཕགས་པོ། །ལྕགས་རི་མུ་ཁྱུད་འདས་པའི་ཕ་རོལ་ན། །མུན་པའི་གཡུང་དྲུང་གླིང་བར་ནང་ཤེད་ན། །བྱོལ་སོང་ཉིང་ཤ་ཉིང་གིས་ཟ་བའི་གཙོ་མོ་ནི། །དགའ་མོ་གཉན་གྱི་ཟོར་འཕེན་མ། །སྐུ་ལ་མི་ལྤགས་རློན་པའི་གཡང་གཞི་གསོལ། །མུ་མེན་ལྗོན་ཚར་སི་ལི་ལི། །ལག་པ་གཡས་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས། །གཡོན་ན་མཆོག་གི་ཕུར་བུ་འདྲིལ། །ཁྱོད་ནི་ཟོར་གྱི་བདག་མོ་སྟེ། །ཟོར་དང་ཐུན་གྱི་ལས་ལ་བརྩོན། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཁྱོད་ཀྱིས་ལྷ་མིན་གཡུལ་ངོ་ཟློག །ཕོག་པར་རྒྱོབ་ཅིག་མྱོས་བྱེད་མ། །མདོས་འདི་ཕར་སོང་འགབ་མ་ངན། །ཚེ་འདི་ཚུར་མཆིས་མནའ་མ་ཟ། །ཤར་ཕྱོགས་རྒྱལ་ཆེན་བཀའ་སྒྱུར་ཅིག །ཅེས་ཕུད་གཏོང་ངོ་། །གླིང་བཞི་གླིང་མཆོག་ལྷོ་ཡི་འཛམ་བུ་གླིང་། །ལྕགས་རི་མུ་ཁྱུད་འདས་པའི་ཕ་རོལ་ན། །མུན་པ་གཡུང་དྲུང་གླིང་བར་ནང་ཤེད་ན། །བྱོལ་སོང་ཉིང་ཤ་ཉིང་གིས་ཟ་བའི་གཙོ་མོ་ནི། །ཨརྒ་གཉན་གྱི་སྨན་གཅིག་མ། །སྐུ་ལ་སྦྲུལ་ནག་གོ་ཟུ་གསོལ། །མུ་ཏིག་ཕྲེང་བའི་ལྗོན་ཚར་ཅན། །ཕྱག་གཡས་བྷནྡྷ་ལྕང་ལོ་བསྣམས། །གཡོན་པ་རི་རབ་ཕུར་པ་འདྲིལ། །ལྷོ་ཕྱོགས་ལྷ་མ་ཡིན་གྱི་གཡུལ་ངོ་བཟློག །ཕོག་པར་རྒྱོབ་ཅིག་མྱོས་བྱེད་མ། །མདོས་འདི་ཕར་སོང་འགབ་མ་ངན། །ཚེ་འདི་ཚུར་ལོག་མནའ་མ་ཟ། །ལྷོ་ཕྱོགས་རྒྱལ་ཆེན་བཀའ་སྒྱུར་ཅིག །ལྷོ་ཕྱོགས་འཛམ་གླིང་སོག་ཁ་ན། །བཻ་ཌཱུར་གཡུ་ཡི་ཟིལ་པ་ཆགས། །འཛམ་བུ་གླིང་ན་གནས་པ་ནི། །ཆེ་ཡང་ནི་མི་ཆེ་སྟེ། །ཆུང་ཡང་ནི་མི་ཆུང་སྟེ། །སོག་ཁ་ནི་གྲུ་བཞི་པོ། །མཛེས་པའི་ཆས་ཀྱིས་བརྒྱན། །གླིང་མཆོག་ནི་རྒྱན་དང་བཅས། །ལྷོ་ཡི་སྐོས་བདག་མདོས་ལོངས་ཤིག །ལྷོ་ཕྱོགས་རྒྱལ་ཆེན་བཀའ་སྒྱུར་ཅིག །ཧཱུཾ་གླིང་བཞི་གླིང་མཆོག་ནུབ་ཀྱི་བ་ལང་སྤྱོད། །ལྕགས་རི་མུ་ཁྱུད་འདས་པའི་ཕ་རོལ་ན། །མུན་པ་གཡུང་དྲུང་གླིང་བར་ནང་ཤེད་ན། །བྱོལ་སོང་ཉིང་ཤ་ཉིང་ཟའི་གཙོ་མོ་ནི། །རཀྟ་གཉན་གྱི་ཙ་མུན་ཏྲི། །སྐུ་ལ་གཡག་ལྤགས་རློན་པ་གསོལ། །བ་གླང་དམར་པོའི་ཡ་བས་བསྐོར། །ཕྱག་གཡས་བྷནྡྷ་དམར་པོ་ཁྲག་གིས་


DNG024_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་བསྣམས། །ཁྱོད་ནི་ཟོར་གྱི་བདག་མོ་སྟེ། །ནུབ་ཕྱོགས་རྒྱལ་ཆེན་བཀའ་སྒྱུར་ལ། །ནུབ་ཕྱོགས་ལྷ་མ་ཡིན་གྱི་གཡུལ་ངོ་ཟློག །ཕོག་པར་རྒྱོབ་ཅིག་མྱོས་བྱེད་མ། །མདོས་འདི་ཕར་སོང་འགབ་མ་ངན། །ཚེ་འདི་ཚུར་ལོག་མནའ་མ་ཟ། །ནུབ་ཕྱོགས་རྒྱལ་ཆེན་བཀའ་སྒྱུར་ཅིག །ནུབ་ཕྱོགས་གླིང་ནི་ཟླུམ་པོ་སྟེ། །རཱ་ག་དམར་པོའི་ཟིལ་པ་ཆགས། །བན་གླང་ཞོན་པ་འཁོར་དང་བཅས། །བན་གླང་སྤྱོད་ནི་རྒྱབ་དང་བཅས། །ནུབ་ཀྱི་སྐོས་བདག་གཉིས་ལ་འབུལ། །སྐོས་བདག་ནི་མདོས་ལོང་ལ། །ནུབ་ཕྱོགས་རྒྱལ་ཆེན་བཀའ་སྒྱུར་ཅིག །ཧཱུཾ་གླིང་བཞིའི་གླིང་མཆོག་བྱང་གི་སྒྲ་མི་སྙན། །ལྕགས་རི་མུ་ཁྱུད་འདས་པའི་ཕ་རོལ་ན། །མུན་པའི་གཡུང་དྲུང་གླིང་བར་ནང་ཤེད་ན། །བྱོལ་སོང་ཉིང་ཤ་ཉིང་གིས་ཟ་བའི་གཙོ་མོ་ནི། །དྲེའུ་གདོང་ཆེན་མོ་གཟེར་མགོ་བཅད། །སྐུ་ལ་ཞིང་རས་ཁྲོས་མ་གསོལ། །བྱ་རོག་ལུས་ལ་དྲེད་ཀྱི་མགོ། །བསྐྱོད་ན་ལྷ་མིན་ཀུན་ཀྱང་གཡོ། །རྡོ་རྗེ་སྟངས་སྟབས་བྲོ་བརྡུང་ནས། །ཟོར་དང་ཐུན་གྱི་ལས་ལ་བརྩོན། །ལག་ན་རྩད་དང་ཕུར་བུ་ཐོགས། །ཁྱོད་ནི་ཟོར་གྱི་བདག་མོ་སྟེ། །བྱང་ཕྱོགས་ལྷ་མ་ཡིན་གྱི་གཡུལ་ངོ་བཟློག །བྱང་ཕྱོགས་རྒྱལ་ཆེན་བཀའ་སྒྱུར་ཅིག །ཕོག་པར་རྒྱོབ་ཅིག་མྱོས་བྱེད་མ། །མདོས་འདི་ཕར་སོང་འགབ་མ་ངན། །ཚེ་འདི་ཚུར་ལོག་མནའ་མ་ཟ། །བྱང་ཕྱོགས་རྒྱལ་ཆེན་བཀའ་སྒྱུར་ཅིག །བྱང་ཕྱོགས་གླིང་ནི་གྲུ་བཞི་སྟེ། །བརྫུས་ནས་སྐྱེ་ཞིང་སྒྲ་ཡིས་འཆི། །མཛེས་པའི་ཤིང་ལོ་མང་པོས་བརྒྱན། །བྱང་གི་སྐོས་བདག་གཉིས་ལ་འབུལ། །སྐོས་བདག་ནི་མདོས་ལོང་ལ། །བྱང་ཕྱོགས་རྒྱལ་ཆེན་བཀའ་སྒྱུར་ཅིག །བྱང་ཕྱོགས་ལྷ་མིན་གཡུལ་ངོ་ ཟློག །མ་མོ་སྲིད་པའི་བེམ་ལས། སྐོས་བདག་བརྒྱད་དང་ཟོར་བདག་མ་བཞིའི་སྐབས་སོ།། །།དེ་ནས་ཡང་ཚལ་བཞི་དར་ཆས་ཅན་བདུན་དང་བཅས་པས། གཡུལ་ངོ་བཟློག་པའི་བསྟོད་པ་འདི་གསུངས་སོ། །ཧཱུཾ་རི་རབ་ཆེན་པོ་ལྕོག་བཞི་ལ། །དེད་དཔོན་ཆེན་པོ་བཞི་བཞུགས་པ། །


DNG024_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཚལ་དང་དགའ་བའི་ཚལ། །རྩུབ་འགྱུར་ཚལ་དང་འདྲེས་པའི་ཚལ། །བྱང་ཤར་མཚམས་འདི་ལྷ་ཡི་ཚལ། །འཁོར་ལོ་ཆེན་པོ་བཅུ་གཉིས་སོ། །སྐུ་ལ་དུང་ཁྲབ་དཀར་པོ་གསོལ། །དབུ་ལ་ཤེལ་རྨོག་དཀར་པོ་གསོལ། །ཆིབས་སུ་བ་ལང་དཀར་པོ་བཅིབས། །ཕྱག་ན་བ་དན་དཀར་པོ་རྩེ་ལྔ་བསྣམས། །ལྷ་བྲན་དར་ཆས་ཅན་ནི་བདུན་གྱིས་བསྐོར། །ཕྱག་གཉིས་འཁོར་ལོ་རལ་གྲི་བསྣམས། །ཆོས་ཤིག་ལྷ་ཡི་དེད་དཔོན་ཚོགས། །མདོས་བདག་མདོས་ལོངས་ཤིག །གླུད་བདག་གླུད་བཞེས་ཤིག །ལྷ་མ་ཡིན་གྱི་གཡུལ་ངོ་ཟློག །ལྷ་རྣམས་རྒྱལ་ལ་ལྷ་མིན་ཕམ་གྱུར་ཅིག །དོ་ནུབ་རྣལ་འབྱོར་བདག་རྒྱལ་ལ། །གནོད་སེམས་སྡང་བར་བྱེད་པ་ཕམ་གྱུར་ཅིག །ལྷ་མ་ཡིན་གྱི་དེད་དཔོན་ནི། །སྐུ་ལ་བསེ་ཁྲབ་བསེ་རྨོག་གསོལ། །ཆིབས་སུ་བསེ་རུ་རུ་གཅིག་བཅིབས། །ཕྱག་ན་དར་དམར་བ་དན་བསྣམས། །ལྷ་མིན་མང་པོའི་འཁོར་གྱིས་བསྐོར། །བདུད་དང་གནོད་སྦྱིན་གཡུལ་ངོ་བཟློག །བདུད་དང་གནོད་སྦྱིན་དེར་ཕམ་མོ། །དེ་རིང་རྣལ་འབྱོར་བདག་རྒྱལ་ཏེ། །སྡང་བ་དགྲ་དང་གནོད་པ་བགེགས། །དེ་རྣམས་དེ་རིང་ཕམ་གྱུར་ཅིག །དེ་རིང་རྣལ་འབྱོར་བདག་རྒྱལ་ལོ། །བདུད་དང་གནོད་སྦྱིན་དེད་དཔོན་ནི། །སྐུ་ལ་ཅི་གསོལ་ན། འབུམ་བྱེ་སྟོད་ཀྱི་ཟངས་ཁྲབ་ལ། །གནམ་ལྕགས་སྨད་ཀྱི་ཤམ་ཐབས་ཅན། །དབུ་ལ་ཟངས་རྨོག་དམར་པོ་གསོལ། །ཆིབས་སུ་ཟངས་ཀྱི་འཕར་བ་ཆིབས། །སྣ་ཚོགས་དར་གྱི་བ་དན་བསྣམས། །བདུད་དང་གནོད་སྦྱིན་མང་པོས་བསྐོར། །མ་མོ་རྣམས་དང་བཀའ་ཟླ་གཅིག །མ་མོ་རྣམས་ཀྱི་གཡུལ་ངོ་ཟློག །དེར་ཡང་མ་མོ་ཕམ་གྱུར་ཅིག །དོ་ནུབ་རྣལ་འབྱོར་བདག་རྒྱལ་ལོ། །གནོད་པའི་བགེགས་དང་སྡང་བའི་དགྲ། །འདི་རྣམས་དོ་ནུབ་ཕམ་གྱུར་ཅིག །དེར་ཡང་རྣལ་འབྱོར་བདག་རྒྱལ་ལོ། །མ་མོ་རྣམས་ཀྱི་དེད་དཔོན་ནི། །སྐུ་ལ་གཡུ་ཁྲབ་སྔོན་པོ་གསོལ། །ཆིབས་སུ་ཟངས་ཀྱི་མི་ཕོ་སྐྱ་རིང་ཆིབས། །བ་དན་ནག་པོ་ཕྱག་ན་བསྣམས། །མ་མོ་དམར་ནག་མང་པོས་བསྐོར། །ཡ་གི་བདུད་དང་


DNG024_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་མན་ཆད་ནས། །མ་གི་དམ་སྲི་ཡན་ཆད་ཀྱི། །དེ་རིང་མ་མོའི་ཆད་པ་ཟློག །དེར་ནི་མ་ཚོགས་དབང་ཕྱུག་རྒྱལ། །དོ་ནུབ་རྣལ་འབྱོར་བདག་རྒྱལ་ལོ། །མདོས་བདག་མ་མོ་མདོས་ལོངས་ཤིག །ཅེས་མ་མོ་སྲིད་པའི་བེམ་ལས། དེད་དཔོན་ཆེན་པོ་བཞི་དང་། ཚལ་ཆེན་པོ་བཞི་ནས་གཡུལ་ངོ་འགྱེད་པའི་སྐབས་སོ།། །།དེ་ནས་རྣལ་འབྱོར་པའི་ལས་བྱེད་དུ་མ་བཏུབ་ན། མ་མོ་རྣམས་ལ་ཐུགས་དམ་བསྐང་བ་འདི་གསུངས་སོ། །དེ་ལ་མ་མོ་སྤྱིའི་རྫས་ལ་འདི་རྣམས་སོ། །འཕན་དང་གདུགས་དང་རྒྱལ་མཚན་དང་དུར་ཁྲོད་ཀྱི་ཤ་ཁྲག་དང་། བྷནྡྷ་ལྕང་ལོའི་ཚོགས་དང་། ཞལ་ཟས་དང་ཆང་ཕུད་དང་། རཀྟའི་རྒྱ་མཚོ་དང་། ཞུན་ཆེན་གྱི་མར་མེ་དང་། སྤ་ར་མ་ཏི་དང་། རྫ་རྔ་དང་ཅང་ཏེའུ་དང་། པི་ཝང་དང་གླིང་བུ་སོགས་འབུད་པ་དང་བརྡུང་བར་བྱ། གང་བརྟེན་པའི་སྒོ་རྣམས་གཙོར་བྱ། དེ་ནས་འདི་སྐད་ཅེས་སྤྱན་དྲང་། ཧཱུཾ་སྔོན་གྱི་བསྐལ་པ་དང་པོ་ལ། །རྒྱ་གར་ཡུལ་གྱི་ཨགྷ་མ་གྷན། །དུར་ཁྲོད་ཆེན་པོ་སོ་ས་གླིང་། །བང་སོ་དམར་པོའི་གཞལ་ཡས་སུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དཀར་མོ་ཉི་ཁྲི་བདུན་འབུམ་གཅིག །ཆོས་ཀྱི་སྐུ་དང་རབ་ལྡན་ཅིང་། །འགྲོ་བའི་དོན་ལ་གཤེགས་སུ་གསོལ། །ནག་མོ་ཉི་ཁྲི་བདུན་འབུམ་གཅིག །ཆོས་ཀྱི་སྐུ་དང་རབ་ལྡན་ཅིང་། །འགྲོ་བའི་དོན་ལ་གཤེགས་སུ་གསོལ། །སྨུག་མོ་ཉི་ཁྲི་བདུན་འབུམ་གཅིག །ཆོས་ཀྱི་སྐུ་དང་རབ་ལྡན་ཞིང་། །འགྲོ་བའི་དོན་ལ་གཤེགས་སུ་གསོལ། །དམ་ཅན་དེ་ཡི་བཀའ་འཁོར་ན། །ལས་ལ་འདུ་བའི་མ་མོ་རྣམས། །ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །རྫ་རྔ་ཅང་ཏེའུ་སྐད་སྙན་ཁྲོ་ལོ་ལོ། །མི་རྐང་མཆོག་གི་གླིང་བུ་དི་རི་རི། །མེ་དུད་སྤོས་ཆེན་དུ་བ་རྒྱུན་མི་འཆད། །ཞིང་ཆེན་འཕན་གདུགས་མང་པོ་སྤྲིན་ལྟར་གཏིབས། །དུར་ཁྲོད་ཤ་ཁྲག་མང་པོ་རི་ལྟར་སྤུངས། །བྷནྡྷ་ལྕང་ལོ་མང་པོ་ནགས་ལྟར་གཏིབས། །གསལ་བའི་མར་མེ་མང་པོ་མདངས་ཀྱང་ཕྱུང་། །


DNG024_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་དམར་པོ་རྦ་རླབས་ཆི་ལི་ལི། །ཞལ་ཟས་རོ་མཆོག་མང་པོ་མཆོད་པར་བཏེགས། །མ་མོ་དབང་ཕྱུག་ཚོགས་ཀྱི་ཐུགས་དམ་བསྐང་། །ཧཱུཾ་གཙོ་མོ་སྲིད་པའི་རྒྱལ་མོའི་ཐུགས་དམ་བསྐང་། །དབྱིངས་ཀྱི་ཡུམ་དྲུག་ཐུགས་དམ་བསྐང་། །རྟག་པའི་རྒྱལ་མོ་དྲུག་གི་ཐུགས་དམ་བསྐང་། །ཡེ་ཤེས་རྗེ་མོ་བཅུ་བཞིའི་ཐུགས་དམ་བསྐང་། །སྨན་མོ་ལྔ་བཅུ་རྩ་བརྒྱད་ཐུགས་དམ་བསྐང་། །དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང་། །གཙོ་མོ་སྲིད་པའི་རྒྱལ་མོའི་ཐུགས་དམ་བསྐང་། །ཕུང་བྱེད་སྦས་པའི་མ་བཞིའི་ཐུགས་དམ་བསྐང་། །ཐེག་ཆེན་ས་ཡི་དབང་མོ་ཆེའི་ཐུགས་དམ་བསྐང་། །རི་རབ་གླིང་བཞིའི་དབང་མོ་ཆེ་ཡི་ཐུགས་དམ་བསྐང་། །རྒྱ་མཚོ་གླིང་བཞིའི་དབང་མོ་ཆེ་ཡི་ཐུགས་དམ་བསྐང་། །ཁྲམ་ཁ་སྟོང་གི་དབང་མོ་ཆེ་ཡི་ཐུགས་དམ་བསྐང་། །འཁོར་ན་གནས་པའི་མ་མོའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཉུལ་ལེ་ཉིས་བརྒྱ་ལྔ་བཅུ་གཉིས་ཀྱི་ཐུགས་དམ་བསྐང་། །ཕོ་ཉ་ཉིས་བརྒྱ་ལྔ་བཅུ་གཉིས་ཀྱི་ཐུགས་དམ་བསྐང་། །སྨན་ཕྲན་ཉིས་བརྒྱ་ལྔ་བཅུ་བཞི་ཡི་ཐུགས་དམ་བསྐང་། །བདུད་མོ་ཉིས་བརྒྱ་ལྔ་བཅུ་གཉིས་ཀྱི་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་གཡར་དམ་གསོ་རུ་གསོལ། །དབྱིངས་ཀྱི་མ་ཚོགས་ཐུགས་དམ་བསྐང་གྱུར་ཅིག །བསྐང་ངོ་བདུད་མོ་རིགས་ཀྱི་ཐུགས་དམ་བསྐང་། །གཙོ་མོ་ཨེ་ཀ་ཛ་ཊིའི་ཐུགས་དམ་བསྐང་། །བལ་མོ་ཀུན་གྲགས་ཐུགས་དམ་བསྐང་། །རལ་གཅིག་རྒྱལ་མོའི་ཐུགས་དམ་བསྐང་། །མ་མོ་དུང་མགྲིན་མ་ཡི་ཐུགས་དམ་བསྐང་། །གནམ་གྱི་ཡེ་རྡར་མ་ཡི་ཐུགས་དམ་བསྐང་། །ས་ཡི་ཕུང་བྱེད་མ་ཡི་ཐུགས་དམ་བསྐང་། །བར་གྱི་གློག་མ་སྲིན་གྱི་ཐུགས་དམ་བསྐང་། །བདུད་ཀྱི་བུ་མོ་ནག་མོ་ཕུང་གསུམ་དང་། །ནག་མོ་བཀྲག་མེད་མ་ཡི་ཐུགས་དམ་བསྐང་། །ཀུན་ཁྱབ་ནག་མོའི་ཐུགས་དམ་བསྐང་། །བདུད་མོ་ལྷ་མོའི་ཚོགས་ཀྱི་ཐུགས་དམ་བསྐང་། །བདུད་མོ་མ་ཚོགས་དབང་ཕྱུག་ཚོགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ནག་མོ་འབུམ་གྱི་ཐུགས་དམ་བསྐངས་


DNG024_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་། །བདག་ཅག་གཡར་དམ་གསོ་རུ་གསོལ། །བསྐང་ངོ་སྤྲུལ་པའི་མ་མོའི་ཐུགས་དམ་བསྐང་། །གཙོ་མོ་སྲིན་མོ་མགོ་དགུ་རལ་གཅིག་མ་ཡི་ཐུགས་དམ་བསྐང་། །འདྲ་མི་འདྲ་ཡི་ཐུགས་དམ་བསྐང་། །རོ་ཤལ་ནག་མོའི་ཐུགས་དམ་བསྐང་། །ཡང་གབ་མ་བཞིའི་ཐུགས་དམ་བསྐང་། །དཀར་མོ་དབུ་དགུ་མ་ཡི་ཐུགས་དམ་བསྐང་། །སྨུག་མོ་དབུ་ལྔ་མ་ཡི་ཐུགས་དམ་བསྐང་། །རཀྟ་ཙ་མུན་ཏྲི་ཡི་ཐུགས་དམ་བསྐང་། །མཚོ་སྨན་རྒྱལ་མོའི་ཐུགས་དམ་བསྐང་། །སྤྲུལ་པའི་མ་ཚོགས་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་གཡར་དམ་གསོ་རུ་གསོལ། །བསྐང་ངོ་ལས་བྱེད་མ་ཡི་ཐུགས་དམ་བསྐང་། །གཙོ་མོ་གདུང་བྱེད་ནག་མོའི་ཐུགས་དམ་བསྐང་། །གནམ་གཤགས་ཟོར་བ་གདོང་གི་ཐུགས་དམ་བསྐང་། །གདོང་མོ་བཞི་ཡི་ཐུགས་དམ་བསྐང་། །དམ་ཅན་བསེ་ཡི་ལྷ་མོ་བཞི་ཡི་ཐུགས་དམ་བསྐང་། །ལས་བྱེད་མ་བཞིའི་ཐུགས་དམ་བསྐང་། །མ་མོ་དམར་ནག་མང་པོ་སྤྲིན་ལྟར་གཏིབས། །མ་མོ་གཉན་གྱི་ཐུགས་དམ་བསྐང་། །བསྐང་བའི་གནས་ལྔ་ཡུམ་གྱི་མཁའ་ལ་བསྐང་། །བསྐང་བའི་གནས་ལྔ་བསྐངས་ནས་ཀྱང་། །བཤགས་པའི་གནས་གསུམ་ཚང་གྱུར་ཅིག །བྱ་བའི་ལས་རྣམས་འགྲུབ་གྱུར་ཅིག །སྐོང་ནི་ཉིད་བཞིའི་མཁའ་ལ་སྐོང་། །དངོས་གྲུབ་མ་མོ་རིགས་བཞིས་སྩོལ། །མ་མོ་སྲིད་པའི་བེམ་ཆེན་པོ་ལས། མ་མོ་རིགས་བཞིའི་བསྐང་བའི་སྐབས་སོ།། །།དེ་ནས་ཡང་མ་མོ་རྣམས་ལས་མི་བྱེད་ཅིང་དམ་ལ་འདུ་རུ་མ་བཏུབ་ན། དམ་རྫས་གསར་པ་ཨ་མྲྀ་ཏ་བལྟམས་ལ། སྨྲེང་གསོལ་ཞིང་བཤགས་པ་འདི་གསུངས་སོ། །ཧཱུཾ་ཡེ་ཤེས་ལྷ་ཚོགས་གསན་ཅིང་དགོངས་སུ་གསོལ། །མ་མོ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ། །བདག་གི་སྲིད་པའི་རི་བོ་ནི། །དེ་ནི་ཉིད་བཞི་བདེ་མཆོག་ལགས། །བདག་གི་དཔག་བསམ་ཤིང་བུ་ནི། །དེ་ནི་མ་མོའི་རྒྱུ་གནས་ལགས། །བདག་གི་སྲིད་པའི་མདོ་སྡུད་ནི། །དེ་ནི་མ་མོའི་འཆགས་ས་ལགས། །བདག་གི་དབང་པོའི་མདོ་སྡུད་ནི། །དེ་ནི་མ་མོའི་


DNG024_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་ལགས། །བདག་གི་དྭངས་མ་བཞི་པོ་འདི། །དེ་ནི་མ་མོའི་དམ་རྫས་ལགས། །བདག་གི་དབང་པོ་ལྔ་པོ་ནི། །འབྱུང་བ་ལྔ་དང་གཉིས་མེད་ཡིན། །བསྐང་བའི་གནས་ལྔ་དེ་རུ་བསྐང་། །འཁོར་གྱི་མ་མོ་དམ་ཚིག་ཅན། །སྲིད་པའི་མ་མོ་ལས་མཁན་མ། །འཇིག་རྟེན་མ་མོ་གྲོགས་ཀྱི་མཆོག །སྲིད་པས་བསྡུས་པའི་དམ་ཅན་མ། །གཉིས་སུ་མེད་པའི་ལས་བཅོལ་འཚལ། །དམ་ཚིག་ཚུལ་བཞིན་བསྲུངས་ནས་ཀྱང་། །གཞན་གྱི་དྲིང་ལ་མ་བཞེས་པར། །བདག་གི་ལས་འདི་འགྲུབ་པར་མཛོད། །མ་བཅོས་དབྱིངས་ཀྱི་ཕོ་བྲང་དུ། །མ་མོ་རིགས་བཞིའི་ཐུགས་དམ་བསྐང་དགོངས་པས། །སྡང་བའི་དགྲ་བོས་མ་སྟེར་རོ། །མཉམ་པ་ཉིད་ཀྱི་ཞིང་ཁམས་སུ། །ཁྱོད་ཀྱི་སྤྱོད་ཡུལ་བགྱི་དགོངས་པས། །བར་ཆོད་རྐྱེན་གྱིས་མ་སྟེར་རོ། །འགྱུར་བ་མེད་པའི་ཕོ་བྲང་དུ། །གཉིས་སུ་མེད་པར་བསྐང་དགོངས་ན། །བསྟན་པ་འཇིག་པས་མ་སྟེར་རོ། །བྱང་ཆུབ་ཆེན་པོའི་གཤེགས་ལམ་དུ། །གཡེལ་བ་མེད་པར་གཤེགས་དགོངས་པར། །སྡང་བའི་དགྲ་བོས་མ་སྟེར་རོ། །བཀའ་དང་གཞུང་བཞིན་རྔོ་མ་ཐོགས། །ལྷ་ལ་བར་ཆོད་མ་མཆིས་ལ། །དམ་ལ་འཁུ་ལྡོག་མ་མཆིས་ན། །དམ་ལ་གནས་པའི་དམ་ཅན་མ། །སྔོན་གྱི་མན་ངག་ཕོག་པ་བཞིན། །ལས་ལ་བབ་པོ་མཐུ་མ་ཆུང་། །དུས་ལ་བབ་པོ་གཡེལ་མ་མཛད། །སྲོག་ལ་བབ་པོ་ཐུགས་མ་རིང་། །བཅོལ་བའི་ལས་འདི་མ་མཛད་ན། །དགུང་ལ་ཤར་བའི་ཉི་མ་ལ། །ལྷོ་སྤྲིན་སྨུག་པོས་སྒྲིབ་ལ་ཁད། །ཀླུང་དུ་འདྲིལ་བའི་ཆུ་བོ་ལ། །ཀླུང་འདོར་སྐྱོགས་ཀྱིས་བཅུས་ལ་ཁད། །རྒྱུན་དུ་འོང་བའི་ཆུ་བོ་ལ། །མི་གཙང་དུག་གིས་བསླད་ལ་ཁད། །དུས་སུ་སྐྱེས་པའི་ཧ་ལོ་ལ། །རྐྱེན་གྱི་སད་ཀྱིས་བསད་ལ་ཁད། །རྡོ་རྗེ་བརྟན་པའི་རི་བོ་ལ། །གཏི་མུག་གཟོང་གིས་བཏབ་ལ་ཁད། །ཤེས་རབ་གསལ་བའི་ཉི་མ་ལ། །བག་ཆགས་གྲིབ་མས་སྒྲིབ་ལ་ཁད། །དོན་དང་ལྡན་པའི་སྐྱེས་བུ་ལ། །མ་ནོངས་སྟབས་ལ་བཅད་དེ་མཆི། །ཚེ་རབས་སྔ་མའི་ལས་འཕྲོ་དང་། །འཇིག་རྟེན་འདི་ཡི་དམ་ཚིག་གཉིས། །མཐུན་ན་བདག་གི་ལས་


DNG024_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མཛོད། །མི་མཐུན་ཞེ་སྡང་ཕྱིར་མ་གཡེལ། །བསྟེན་པ་ཐམས་ཅད་བསྒྲུབས་པ་ལགས། །སྨྲེང་བ་ཐམས་ཅད་བོས་པ་ལགས། །མཆོད་པ་ཐམས་ཅད་བཅོལ་བ་ལགས། །སྲིན་པོ་གདུག་ཀྱང་སྨྲེང་ན་གདུང་། །སྲིན་མོ་གདུག་ཀྱང་བོས་ན་འོང་། །སྐྱེ་ཤིའི་ལམ་ཡང་བཟློག་ན་ཟློག །སྲ་བའི་བྲག་ཀྱང་བརྐོས་ན་ཕེད། །རྦ་དྲག་ཀླུང་ཡང་བཅད་ན་ཆོད། །འཁོར་བའི་ལམ་ཡང་བཀག་ན་ཁེགས། །རྡོ་རྗེའི་སྐུ་ཡང་བཤིག་ན་ཤིག །ཚེགས་ལ་མ་གཟིགས་ལས་འདི་མཛོད། །བསྐང་བའི་དམ་ཚིག་བདག་སྐྱོང་གིས། །ཉམས་པའི་ཆད་པ་སྒོས་བསྐོས་ལ་ཡང་ན་ཆོད། །དུས་ལ་མ་གཡེལ་མྱུར་ལ་མཛོད། །བདག་གི་གཟུགས་ཀྱི་ཕུང་པོ་ལ། །སྣང་བ་མེད་པའི་གོས་གྱོན་ཅིང་། །མཐོང་བ་མེད་པའི་རྐྱེན་ཡོད་ན། །སྡང་བའི་དགྲ་བོ་ལས་ངན་པོས། །ཉེས་པ་མེད་པར་སྟབས་ལ་བཅད། །ཆགས་པ་མེད་པར་བུ་ལོན་གཉེར། །བསད་པ་མེད་པར་སྲོག་ལ་རྒོལ། །འཁོར་བའི་ལུགས་ལས་ཁོ་ཡིས་བཟློག །ཕྱག་རྒྱའི་དཀྱིལ་འཁོར་ཁོ་ཡིས་བཤིག །རྒྱལ་བའི་ཕོ་བྲང་ཁོ་ཡིས་བཤིག །བྱང་ཆུབ་རྒྱུན་ལམ་ཁོ་ཡིས་བཅད། །བདག་གི་གཟུགས་ཀྱི་ཕུང་པོ་འདི། །སོལ་བའི་སྡོང་པོ་འགྱེལ་བ་འདྲ། །བདག་གི་རྣམ་པར་རིག་པ་ནི། །མེ་སྟག་བབས་ཏེ་ཤི་ཁ་འདྲ། །བདག་གི་དབང་པོ་ལྔ་པོ་ནི། །སྟོན་ཁའི་མེ་ཏོག་རྙིང་པ་འདྲ། །སྡུག་གི་བུ་གཅིག་འདིར་འབོད་དོ། །འཕོང་གི་བུ་གཅིག་འདིར་སྨྲེང་ངོ་། །ཕམ་འཕང་ཡང་པའི་མིང་པོ་འདིར་སྙེག་གོ། །དམངས་ཀྱི་བུ་གཅིག་འདིར་སྒྲོན་ནོ། །ངས་ནི་མ་ཉེས་ཡོགས་ཀ་མྱུར་དུ་ཆོད། །ཕམ་པའི་སྟང་མ་མྱུར་དུ་ཟུང་། །སེང་གེ་བརྗིད་དང་མ་བྲལ་ཅིག །རྒོད་པོ་གཤོག་པ་མ་བཅག་ཅིག །སྟག་གུ་རིས་དང་མ་བྲལ་ཅིག །བདུད་རྩིའི་རྒྱུན་ལམ་མ་གཅོད་ཅིག །རྡོ་རྗེ་གཟོང་ཁ་མ་སྙིལ་ཅིག །བསྟན་པ་དབུ་འཕང་མ་སྨད་ཅིག །མེ་ཏོག་སད་ཀྱིས་མ་གསོད་ཅིག །གསང་བའི་གནས་ལྔ་མ་སྤངས་ཤིག །རྒྱལ་བའི་བཀའ་རྒྱུད་མ་བཅད་ཅིག །བསྟན་པ་འཛིན་པའི་མ་སྲིང་ཚོ། །


DNG024_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཆེ་བ་མ་སྨད་པར། །བསྟན་པ་གཉན་པོ་མྱུར་དུ་སྲུངས། །དོན་དང་ལྡན་པའི་སྐྱེས་བུ་ནི། །བདག་དང་འགའ་ལས་མ་གཏོགས་པ། །རྣལ་འབྱོར་ཀུན་ཀྱང་དམ་མི་བསྲུང་། །ཕྲེང་ཐོགས་ཡོངས་ཀྱང་སྲོག་མི་འཛིན། །སྔོན་གྱི་ཞལ་བཞེས་གང་ལགས་པ། །རང་སྲོག་བསྲུང་ཕྱིར་རང་དམ་སྲུངས། །རྦ་ཀློང་འཁྱིལ་པའི་ཆུ་བོ་ལ། །དོན་མ་མཆིས་པར་མ་མཆོངས་ཤིག །ནམ་མཁའ་ཡེ་ནས་སྟོང་པ་ལ། །དོན་མ་མཆིས་པར་མ་གཤེགས་ཤིག །ཆེད་ལ་མ་བབ་ལས་འཆོལ་ལ། །སྲོག་ལ་བབས་ཀྱང་མ་གཤེགས་ཤིག །གནད་མ་ཤེས་པར་སྟོང་འབོད་ཀྱང་། །ཆེད་མི་ཆ་བར་མ་བཞུད་ཅིག །ཤིས་ངན་རྒྱུ་མཚན་མི་ཤེས་ཕྱིར། །གཞུང་ཚུགས་གོ་རིམ་མི་ཤེས་པར། །རང་ཉིད་ཏོམ་ཏོམ་དཀྲུག་པ་ལ། །བརྟུལ་ཞུགས་ཕྲིན་ལས་མ་མཛད་པར། །དོན་དང་ལྡན་པའི་སྐྱེས་བུ་ལ། །སྐོང་ནི་མཁའ་བཞིན་དབྱིངས་ལ་སྐོང་། །འགེགས་ནི་ཤེས་ཤི་སའི་འབྲུབ་ཁུང་ཀྱང་པའི་འཁྲུལ་ཁུངས་འགེགས། །གཅོད་ནི་འཁོར་བའི་རྒྱུན་ལམ་གཅོད། །སྙིང་སྲོག་བརྟན་པས་ལས་འདི་མཛོད། །མ་མོ་སྲིད་པའི་བེམ་ལས། སྨྲེ་ངག་མདོངས་གསོལ་གྱི་སྐབས་སོ།། །།ཧཱུཾ་མི་སྐྱེ་མི་འགག་ཆོས་ཀྱི་དབྱིངས། །སྐྱོན་གྱིས་མ་གོས་གཟུགས་ཀྱི་སྐུ། །སྐྱོན་དང་ཉོན་མོངས་མི་མངའ་ཡང་། །རྣལ་འབྱོར་དམ་ཚིག་བསྲུང་བའི་ཕྱིར། །སྐུ་ལ་གཤེགས་བཞུགས་མི་མངའ་ཡང་། །སྤྲུལ་པས་འགྲོ་དོན་མཐར་ཕྱུང་ཞིག །ལུས་ངག་བསྐང་དུ་གྱུར་པ་རྣམས། །ཁྱེད་ཀྱི་འདུལ་སྐལ་དེ་ལགས་ཀྱིས། །ཕྲིན་ལས་མྱུར་དུ་མཛད་དུ་གསོལ། །ཆུ་བོ་ཀློང་ཆེན་འབྱུང་བ་ལ། །ལམ་དུ་རེ་ནས་མ་གཤེགས་ཤིག །གཤེགས་དུས་ལགས་ཀྱང་ཕྱག་ཏུ་གཤེགས་ཏེ་མཆིས། །ནམ་མཁའ་སྟོང་པའི་བར་སྣང་ལ། །ཡུལ་དུ་རེ་ནས་མ་གནས་ཤིག །གནས་ཀྱང་མ་མོའི་གཞལ་ཡས་མིན། །གངས་རི་འགྲིམས་པའི་མ་མོ་ཡང་། །གཡའ་ལོ་སྤང་ལ་མ་གཤེགས་ཤིག །གཤེགས་ཀྱང་རྟེན་དུ་མི་འགྱུར་རོ། །དམ་ལ་གནས་པའི་སྐྱེས་བུ་ཡང་། །དམིགས་པ་མེད་པར་མི་སྒྲུབ་ཀྱི། །འཛམ་བུ་གླིང་བཞི་ཡུལ་མིན་གྱི། །ཀུན་གཞི་གནས་མཆོག་མ་


DNG024_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཤིག །སྲིད་པ་ཐམས་ཅད་རྐྱེན་མིན་གྱི། །དབང་པོ་ལྔ་རྐྱེན་མ་སྤངས་ཤིག །སྲིད་པ་གསུམ་པོ་ལས་མིན་གྱི། །སྐྱེ་མེད་བྱང་ཆུབ་མ་སྤངས་ཤིག །འཁྲུག་གོ་ཅོག་ཀྱང་རྐྱེན་མིན་གྱི། །རཀྟའི་རྦ་ཀློང་མ་སྤངས་ཤིག །འགྲོགས་སོ་ཅོག་ཀྱང་གྲོགས་མིན་གྱི། །མིང་པོ་གྲོགས་མཆོག་མ་སྤངས་ཤིག །འཕྱོ་བའི་ཉ་མོ་མ་བསད་ལ། །ལྡིང་བའི་བྱ་རྒོད་མ་བཟུང་ན། །སྦས་པའི་སེམས་ཉིད་མ་བཙལ་ན། །བརྗིད་པའི་སེང་གེ་མ་བསད་ལ། །མགྱོགས་པའི་ཕོ་ཉ་མ་བཟློག་ན། །རེ་བའི་བུ་གཅིག་སུན་མ་ཕྱུང་། །འཁོར་བའི་མིང་པོ་ཐག་མ་བཅད། །བསྒྲུབ་པའི་མིང་པོ་སྨ་མ་དབབ། །སྟང་མར་འཛིན་ན་བདུད་ཀྱང་རུང་། །བཅོལ་ན་ཉན་ན་དགྲ་ཡང་རུང་། །བསྒྲུབ་པས་འགྲུབ་ན་འདྲེ་ཡང་རུང་། །དམ་ལ་གནས་ན་གཉེན་ཀྱང་རུང་། །དམིགས་ཤིང་བསྔོས་པ་མ་མཆིས་ཀྱི། །སྲིད་པ་གསུམ་ལ་གནས་པ་དང་། །འཇིག་རྟེན་གསུམ་གྱི་སྐོས་བྱེད་རྣམས། །གང་གིས་མཛད་ཀྱང་མ་ཚིག་སྟེ། །འདི་དང་ཕྱི་མ་གཉིས་ཆར་གྱི། །གྲོགས་ཀྱི་མཆོག་ཏུ་ཁྱེད་བསྔོ་ཡིས། །དམིགས་པའི་ལས་འདི་འགྲུབ་པར་མཛོད། །བརྣག་པའི་ལས་འདི་མཐར་ཕྱུང་ཞིག །བདག་གི་གནད་ལ་མ་བབ་ན། །མ་མོ་གནད་ལ་ཅི་སྟེ་བོར། །བདག་གི་སྲོག་ལ་མ་བབ་ན། །སྡིག་པའི་དམོད་མོ་ཅི་སྟེ་བོར། །བདག་གི་ཡིད་ལ་མ་བབ་ན། །ལུས་སེམས་འབེན་དུ་ཅི་ལ་འཛུགས། །བདག་གི་ངག་ལ་མ་བབ་ན། །ཁྲོ་བོའི་ང་རོ་ཅི་སྟེ་སྒྲོགས། །བདག་གི་དམ་ལ་མ་བབ་ན། །ཤི་སྲོག་གནད་ལ་ཅི་སྟེ་བོར། །དེ་ལྟར་ཡིན་ནམ་མིན་པ་ནི། །བདག་གི་ལུས་ལ་ཚུར་ལྟོས་དང་། །ལུས་ནི་ཟྭ་ཞིང་རྙིང་པ་འདྲ། །བདག་གི་བཀྲག་ལ་ཚུར་ལྟོས་དང་། །བཀྲག་ནི་མུན་པའི་གྲིབ་མ་འདྲ། །བདག་གི་མདངས་ལ་ཚུར་ལྟོས་དང་། །མདངས་ནི་མེ་ཏོག་རྙིང་པ་འདྲ། །བདག་གི་སེམས་ནི་མེ་སྟག་ཤི་ཁ་འདྲ། །ཀུན་གཞི་རྒྱ་མཚོ་གཏིང་འཁྲུགས་འདྲ། །དབུགས་ནི་མི་རྒན་ཤི་ཁ་འདྲ། །དེ་ལྟར་ལགས་སམ་མ་ལགས་པ། །བདེན་ཚིགས་ལགས་ཀྱི་སྲོག་ལ་ལྟོས། །ཤར་ན་བཞུགས་པའི་དམ་ཚིག་ཅན། །གཟིགས་


DNG024_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སམ་མ་མོ་བདུད་མོའི་ཚོགས། །མ་ཚོགས་བདུད་མོ་སྤྱན་མ་བརྟུལ། །གསན་ནས་སྙིང་སྲན་མ་ཆེ་ཞིག །དམ་སྲོག་གཟུང་ཕྱིར་རྫས་ལ་བྱོན། །ལྟང་མ་གཟུང་ཕྱིར་ཕྲིན་ལས་མཛོད། །ལྷོ་ནས་བཞུགས་པའི་སྤྲུལ་པའི་མ་མོའི་ཚོགས། །རལ་པ་སྔོན་པོ་གསིགས་ཙམ་ན། །ལྷོ་སྤྲིན་སྨུག་པོ་གཏིབས་པ་བཞིན། །རྩལ་དང་ལྡན་པར་ལས་ལ་བྱོན། །ནུབ་ན་བཞུགས་པའི་ལས་བྱེད་མ་མོ་ཟངས་མདོག་མ། །ཟངས་ཀྱི་རལ་པ་བསིགས་པ་དང་། །ཐམས་ཅད་འདུས་པས་ཁྲག་ནད་དགྲ་ལ་གཏོང་། །རྩལ་དང་ལྡན་པར་ལས་ལ་བྱོན། །བྱང་ན་བཞུགས་པའི་མ་མོ་ནི། །དབྱིངས་ཀྱི་མ་མོ་སྲིད་པའི་བྱོལ་བཟློག་ལས་ལ་བརྩོན། །ཐམས་ཅད་འདུས་པ་སྟོང་དང་རྩ་བརྒྱད་དེ། །ས་དགུའི་གཏིང་ན་འཁོར་འདུལ་ལ། །སྲིད་པ་གཏིང་ནས་ཞིག་ལ་ཁད། །མ་བཙུན་ཐུགས་ཀྱིས་བཟོད་ལགས་སམ། །བདུད་མོ་དང་ནི་ཉུལ་ལེ་མ། །ཕོ་ཉ་དང་ནི་སྨན་ཕྲན་དང་། །ཕུང་བྱེད་ཆེན་མོ་ཁྱེད་རྣམས་ཀྱིས། །བྱང་གི་ལས་མཁན་ལྕགས་སྒྲོག་མ། །རལ་པ་ལྕགས་ལ་ཕུར་བུའི་སོ། །རྩལ་དང་ལྡན་པར་གཤེགས་སུ་གསོལ། །དེ་ལྟར་དམ་ལ་མ་གཤེགས་ན། །གནོད་སྦྱིན་སྟོབས་ལྡན་ནག་པོ་ཡིས། །བསྐལ་པ་གཏིང་ནས་དཀྲུག་པར་མཆི། །རྒྱ་མཚོ་གཏིང་ནས་སྐམ་སྟེ་མཆི། །དེ་ལྟར་མ་མོས་དམ་ཚིག་སྲུངས། །རང་དམ་རང་གིས་མ་བསྲུངས་ན། །ཉི་ཟླ་གཉིས་ཀྱང་ཐང་ལ་ལྷུང་། །སེང་གེ་བརྗིད་དང་མ་བྲལ་ཅིག །དཀོན་མཆོག་དབུ་འཕང་མ་སྨད་ཅིག །སྟག་གུ་རིས་དང་མ་བྲལ་ཅིག །མིང་པོ་བདག་གི་ལྟང་མ་ཟུང་། །བྲག་བར་རུས་སྦལ་བཞིན་དུ་བདག་བསྒྲུབ་ཀྱི། །རྡོ་རྗེ་འདམ་དུ་བྱིང་ང་རེ། །བྱང་ཆུབ་སེམས་དང་བདག་ལྡན་གྱི། །བསྐལ་པ་མགོ་མཇུག་མ་ལྡོག་ཅིག །དགྲ་བོ་དམ་ཉམས་མ་ཐུལ་ན། །བདག་ནི་མཐའ་འཁོབ་ཡུལ་དུ་འཁྱམས། །ཕྲིན་ལས་བཅོལ་བ་ཆུད་མ་གསན། །ཐུགས་དམ་མ་ཚོགས་དབང་ཕྱུག་བསྐང་། །ཏྲག་རཀྴ་མ་བྷྱོ། རུ་ལུ་རུ་ལུ་སྙིང་ཁར་ཀ་མོ་བྷྱོ། ཏྲག་རཀྴ་མུ་ཏྲ་མཱ་ར་ལ། ཕྱེ་ཐུམ་རིལ་ཁ་ཐུཾ། རྨུགས་དགྲ་བོ་ཁམས་རྨུགས། མ་མ་སྙིང་ཁར་ཀ་མ་མ་རཀྴ།


DNG024_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་རཀ་མོ་དུན་བྷྱོ། མ་མོ་སྲིད་པའི་བེམ་ལས། སྨྲེང་གསོལ་བ་དང་སྨྲེང་བཤགས་པ་དང་སྨྲེ་ངག་བཏོན་ཏེ་བསྐང་བའི་ཆོ་གའི་སྐབས་སོ།། །།དེ་ནས་མ་མོ་རྣམས་ལས་ལ་འདུ་རུ་ངེས་ཀྱང་མ་བཏུབ་ན། མ་མོ་སྲིད་པའི་གཏིང་ནས་དཀྲུག་པ་ནི། ཕྲིན་ལས་ཀུན་གྱི་གཉན་ནོན་ནོ། །དེ་ཡང་དུར་ཁྲོད་ནས་ཕོ་མོ་གང་ཡང་རུང་བ་ལ། མཚན་དང་ལྡན་པའི་རོ་བཙལ་ལ། རོ་དེའི་སྙིང་གར། གང་བྱེད་པའི་སྙིང་པོ་ཤིང་ཤུན་ལ་བྲིས་ལ་གདགས། དེ་ལྟར་གནོད་སྦྱིན་གྱི་སྐུ་ཡི་དཀྱིལ་འཁོར་རོ་ལ་བྲིས། མ་མོའི་སྙིང་པོ་ལ་གནོད་སྦྱིན་གྱི་སྙིང་པོ་གཞུག་ཏུ་བཏགས་ལ། སྟོང་རྩ་བརྒྱད་བཟླས་ན་ཐུགས་དམ་ལ་འབྱོན་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་མ་སུབ་པར་རོ་བཤས་ལ། རྫས་རྣམས་མཆོད་པར་དབུལ། སྙིང་གི་ནང་དུ་མ་མོའི་སྲོག་སྙིང་བཅུག་ལ། གནོད་སྦྱིན་གྱི་ཐུགས་ཀར་གདགས། གནོད་སྦྱིན་དང་མ་མོ་གཉིས་ཀ་ལ་མཆོད་པ་དྲག་ཏུ་དབུལ། དེས་བསམ་པ་ཡིད་བཞིན་འགྲུབ་པར་འགྱུར་རོ། །མ་མོ་སྲིད་པའི་བེམ་ལས། གནད་ལ་མ་མོ་གནོད་སྦྱིན་གྱི་སྐུ་ཡི་དཀྱིལ་འཁོར་དུ་དབབ་པའི་སྐབས་སོ།། །།དེ་ནས་མ་མོ་རིགས་བཞི་ལ་བསྟོད་པ་འདི་གསུངས་སོ། །ཧཱུཾ་དབྱིངས་ཀྱི་མ་མོའི་གཙོ་མོ་ནི། །སྲིད་པ་ཡོངས་ཀྱི་མངའ་བདག་མོ། །སྲིད་པ་ཆམ་ལ་འབེབས་མཛད་མ། །བཞུགས་ནི་ས་དགུའི་སྟེང་ན་བཞུགས། །ས་དགུའི་སྟེང་ན་བཞུགས་ཙམ་ན། །ཀླུ་རྒྱལ་འབུམ་ལ་ཞལ་བསྐོས་མཛད། །སྤྱན་ནི་བར་སྣང་མཁའ་ལ་འཕྱོ། །ཞལ་ནི་རྣལ་འབྱོར་ཡོངས་ལ་གཟིགས། །ཐུགས་ནི་དམ་ཚིག་ཅན་ལ་དགོངས། །དུང་དུང་སྦྱུགས་པའི་བརྡ་གླུ་ལེན། །སྲིད་པ་ཆམ་ལ་འབེབས་མཛད་མ། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །ཕྱག་ན་མི་སྲང་ཆེན་པོ་བསྣམས། །གྲོགས་སུ་གནོད་སྦྱིན་མང་པོ་བརྟེན། །ལས་སུ་སྲིད་པ་ཁྲམ་ལ་འདེབས། །སྲོག་ཆགས་མང་པོ་སྲང་ལ་འཇལ། །ཀེང་རུས་ཤ་ཁྲག་མང་པོ་ལྟོ་རུ་གསོལ། །ང་དང་བདག་ཏུ་བལྟ་བས་འཇིག་རྟེན་ལས་ལ་འབུལ། །འཁོར་འདུལ་ཆེན་མོ་


DNG024_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །ཞེས་ཐུགས་དམ་བསྐང་ངོ་། །ཧཱུཾ་ཁྲམ་ཁ་སྟོང་གི་དབང་མོ་ཆེ། །སྐུ་ནི་མི་བཟད་འབར་བ་ལ། །ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །མཐིང་ནག་བེར་ཆེན་སྐུ་ལ་གསོལ། །རཀྟ་ཆགས་བྱེད་ཐིག་ལེ་སྤྱན། །བདུད་མོ་ཉིས་བརྒྱ་ལྔ་བཅུ་གཉིས་ཀྱིས་བསྐོར། །མགྱོགས་བྱེད་བཀའ་ཡི་ཕོ་ཉ་མོ། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རི་རབ་གླིང་བཞིའི་དབང་མོ་ཆེ། །སྐུ་མདོག་མཐིང་ནག་འབར་བ་ལ། །ཞེ་སྡང་རལ་པས་ས་གཞི་ཁེབས། །སེར་ནག་འབར་བའི་ན་བཟའ་ལ། །གཡུ་བྲན་མཛེས་པའི་ཁ་ཆག་ཅན། །ཕྱག་ན་ཞིང་ཆེན་རྒྱལ་མཚན་བསྣམས། །འཁོར་ལོ་མཚོན་ཆས་དགྲ་སྡང་འཇོམས། །བདུད་འདུལ་ཆེན་མོ་འཇིགས་བྱེད་སྐུ། །འཁོར་དུ་ཕོ་ཉ་ཉིས་བརྒྱ་ལྔ་བཅུ་གཉིས་ཀྱིས་བསྐོར། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཐེག་ཆེན་ས་ཡི་དབང་མོ་ཆེ། །སྐུ་མདོག་སེར་ནག་འབར་བ་ལ། །ན་བཟའ་རིན་ཆེན་བཙོ་མ་གསོལ། །མུ་མེན་མཛེས་པའི་ཁ་ཆག་ཅན། །གཡས་ན་དར་ནག་རུ་མཚོན་བསྣམས། །གཡོན་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས། །སྨན་ཕྲན་ཉིས་བརྒྱ་ལྔ་བཅུ་གཉིས་ཀྱིས་བསྐོར། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རྒྱ་མཚོ་གླིང་གི་དབང་མོ་ཆེ། །སྐུ་ནི་ལྗང་ནག་འབར་བ་ལ། །གཡུ་ཡི་ལན་ཕྲན་ཐོར་ཚུགས་ཅན། །གཡས་ན་སྦྲུལ་ནག་རུ་མཚོན་འཕྱར། །གཡོན་ན་སྡིག་པ་མགོ་དགུ་བསྣམས། །ཉུལ་ལེ་ཉིས་བརྒྱ་ལྔ་བཅུ་གཉིས་ཀྱིས་བསྐོར། །མ་མོ་དམར་ནག་མང་པོས་གཏམས། །གདུག་པ་འདུལ་མཛད་མ་མོ་མང་པོས་བསྐོར། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང་། །མ་ཚོགས་དབང་ཕྱུག་ཐུགས་དམ་བསྐང་། །མི་མཐུན་གདུག་པའི་དགྲ་བགེགས་རྡུལ་དུ་རློག །ཧཱུཾ་བདུད་མོ་ཀུན་གྱི་གཙོ་མོ་ནི། །ཨེ་ཀ་ཛ་ཊི་གུ་ཧྱ་གསང་བའི་ཡུམ་གཅིག་མ། །མ་ཚོགས་བདུད་ཀྱི་ལྕམ་མོ་སྟེ། །དབུ་ཡི་རལ་པ་ཐོར་ཚུགས་གཅིག་ཏུ་འཁྱིལ། །མི་བཟད་དུག་གིས་ཀུན་བསྐུལ་ཏེ། །མཐིང་ནག་རལ་པས་ས་གཞི་ཡོངས་སུ་ཁེབས། །བསེ་


DNG024_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སེན་མོ་ཟངས་སེ་ཟང་། །དུང་གི་མཆེ་གཙིགས་ཐམས་སེ་ཐམ། །མཐིང་ནག་གོ་ཟུ་སྐུ་ལ་གསོལ། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །གཡས་ན་ཙིཏྟའི་ཕྲེང་བ་བསྣམས། །གཡོན་ན་ལྟས་ངན་སྤྱང་མོ་བསྣམས། །བདུད་མོ་མང་པོ་འོ་དོད་ཆོ་ངེ་རྡུང་། །བསྐལ་པའི་ཁྲག་མཚོ་ཁོལ་མའི་རྦ་ཀློང་འཁྲུག །དུར་ཁྲོད་གནས་ན་ཤིན་ཏུ་མི་བསྒྲུངས་ཏེ། །མི་ཁྲག་རྟ་ཁྲག་མང་པོའི་མཚོ་རྣམས་ཆི་ལི་ལི། །རྣལ་འབྱོར་དམ་ཚིག་ཅན་གྱིས་གདུང་ནས་བསྐུལ་བའི་ཚེ། །མཆི་མ་ཁྲག་ཏུ་འཛག་ཅིང་སྡང་དགྲ་འདུལ། །མཐུན་པའི་དམ་རྫས་མང་པོས་ཐུགས་དམ་བསྐང་། །སྲིན་པོའི་ཐོད་པ་བམ་རིལ་མཁར་དུ་བརྩིག །ཤ་ཁྲག་དམར་གྱི་ཨརྒྷ་མཚོ་ལྟར་འཁྱིལ། །འཁོར་བ་ཆགས་པ་གནས་ནས་སྟོངས་པར་བྱེད། །མ་མོ་ཀུན་གྱི་གཙོ་མོ་བདུད་མོའི་ཚོགས། །བསྐང་ངོ་མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དཔལ་ལྡན་ནག་མོ་རེ་མ་ཏི། །སྐུ་ནི་སེར་ནག་ཆེན་མོ་ལ། །མཐིང་ནག་རལ་པས་ས་གཞི་ཡོངས་སུ་ཁེབས། །ཆིབས་སུ་ཅང་ཤེས་བོང་བུ་ཆིབས། །སྐུ་ལ་དར་ནག་བེར་ཆེན་གསོལ། །གཡས་ན་བདུད་ཀྱི་ཁྲམ་བམ་བསྣམས། །གཡོན་ན་ཤོ་རྡེའུ་དཀར་ནག་འགྲེམས། །སྔོ་དམར་ནད་ཀྱི་རྐྱལ་པ་གཡོན་ན་བཏགས། །གཡས་ན་སྣ་ཚོགས་ཚོན་གྱི་གྲུ་གུ་བཏགས། །རིས་སུ་བཅད་ཅིང་བདུད་མོ་དམ་ལ་སྡུད། །འཁོར་བའི་རྒྱ་མཚོ་གཏིང་དུ་སྐེམས། །བདུད་འདུལ་ལྷ་མོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཧཱུཾ་མི་བཟད་ལྷ་མོ་ཚོགས་ཀྱི་གཙོ་མོ་སྟེ། །རལ་གཅིག་རྒྱ་མཚོ་བསྐལ་པའི་མེ་འབར་མ། །ལྷ་ཆེན་ཚངས་པ་བརྒྱད་ཀྱི་མགོ་བཅད་ནས། །ཉི་ཟླར་སྤྲུལ་ནས་དབུ་ཡི་རྒྱན་དུ་བཅིངས། །ཤྭ་ཤྲཱི་ཡང་རི་མ་ཚོགས་དབང་ཕྱུག་མ། །རྒྱལ་མོ་བརྒྱད་ཅུ་རྩ་ལྔའི་གཙོ་མོ་སྟེ། །སྲིད་པ་ཡོངས་ཀྱི་མངའ་བདག་མོ། །མི་སྲུན་གདུག་པ་འདུལ་བའི་བུད་མེད་ཁྱོད། །ཁྲག་མཚོ་དམར་པོའི་ནང་ན་བཞུགས། །ཤྭ་ཤྲཱི་ཡང་རི་དཔལ་གྱི་ཡུམ་གཅིག་མ། །ཁ་མིག་དགུ་ནི་རྒྱ་མཚོའི་གཏིང་དུ་བསྟན། །མོན་མོ་གདུག་པའི་ཚོགས་ཀྱི་བཀའ་བློན་མཛད། །སྲིན་པོ་ཕོ་མོ་མང་པོ་གྲོགས་མཛོད་ཅིང་། །བདུད་ཀྱི་


DNG024_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གཅིག་ཁ་འབར་རལ་པ་བསིགས། །ཁྲག་མཚོའི་ཀློང་ནས་མེ་ཟ་བྲག་གྱོན་མ། །རྒྱ་རི་སྐྱེ་སེར་རྡོ་རྗེ་ཁ་འབར་རྐན་སྒྲ་ཅན། །ལེ་བདུད་ཤར་གྱི་མཐུ་མོ་ཆེ། །དཀར་ལེ་ཤགས་ཀྱི་བཤན་པ་མོ། །སྨུག་ནག་ཆེན་མོ་རྡོ་རྗེ་སྨན། །ཚ་བ་ཤོད་ཀྱི་རྒྱལ་ཁམས་རྒྱལ་མོ་སྟེ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན། །རཀྟ་དཀར་གྱི་དྲི་སྣོམ་མ། །དཔག་བསམ་ཤིང་ལ་མངའ་མཛད་ལྷ་མོ་ནམ་གྲུ་མ། །སྨུག་ནག་མ་མོ་མང་པོའི་འཁོར་གྱིས་བསྐོར། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །བལ་མོ་གདུག་པའི་མ་ཚོགས་ནི། །སྐུ་ནི་མཐིང་ནག་ཆེན་མོ་ལ། །ཐོད་པའི་ཕྲེང་བས་དབུ་ལ་བརྒྱན། །མི་ལྤགས་གཡང་གཞི་གོ་ཟུ་ལ། །སྦྲུལ་ནག་སྟོང་གི་ག་ཤ་ལ། །སྟག་གི་ཤམ་ཐབས་དཀྲིས་པ་ལས། །ཐལ་ཆེན་ཁྲག་དང་ཞག་གི་ཟོ་རིས་ཅན། །སེང་ལྡེང་ཕུར་བུས་སྐྱེ་ཤི་རྩད་ནས་གཅོད། །གནམ་ས་བར་སྣང་གསུམ་ནས་ཕྲིན་ལས་མྱུར་མཛད་མ། །གནམ་གྱི་ཡེ་འདར་ཆེན་མོ་སྟེ། །ཆིབས་སུ་སོལ་བའི་བྱ་ཁྱུང་ཆིབས། །རལ་པ་མུན་ནག་སྤྲིན་ལྟར་གཏིབས། །སོལ་བའི་བུད་མེད་འབུམ་གྱིས་བསྐོར། །ཆེ་ཞེ་བར་མའི་གློག་མ་སྲིན། །སེར་ནག་གདུག་བྱེད་ལས་བརྒྱ་མ། །ཆིབས་སུ་ལྕགས་ཀྱི་ཀང་ཀ་མགོ་དགུ་ཆིབས། །རོལ་དུ་དུག་སྦྲུལ་ནག་པོ་ཁྲིད། །ཁ་ནས་དུག་གི་སྐྱོག་མདའ་འཕེན། །སེར་ནག་མ་མོའི་དབུས་ནས་འགྱིང་། །འདིར་བྱོན་རྣལ་འབྱོར་ལས་མཛོད་ཅིག །ཆེ་ཞེ་ས་ཡི་ཕུང་བྱེད་པ། །ཁྲག་གི་བུད་མེད་རལ་པ་ཅན། །མི་མགོ་རློན་པས་སྐུ་ལ་བརྒྱན། །མི་བཟད་དབུགས་ཀྱི་མངའ་མཛད་མ། །ཆིབས་སུ་ཟངས་ཀྱི་སྐེ་ལེ་ཆིབས། །དམར་ནག་མ་མོ་འབུམ་གྱིས་བསྐོར། །བདུད་མོ་ཚོགས་ཀྱི་ཐུགས་དམ་བསྐང་། །བསྐང་བའི་མཐུན་རྫས་མང་པོ་ནི། །བརྗོད་ཀྱིས་མི་ལང་མཐའ་ཡས་མཆོག །མ་ཚོགས་བདུད་མོའི་ཐུགས་དམ་བསྐང་། །ཧཱུཾ་སྤྲུལ་པའི་མ་མོའི་གཙོ་མོ་སྟེ། །སྲིན་མོ་ཆེན་མོ་མགོ་འཕྱངས་མ། །སྐུ་ནི་སེར་ནག་ཆེན་མོ་ལ། །ཁྲག་གི་རལ་པས་སྐེད་སོར་སླེབ། །སྤྱན་གཉིས་ཉི་ཟླ་ཤར་བཞིན་ཏ་ལ་ལ། །ཡས་ཀྱི་མཆེ་གཙིགས་བྲང་གི་སླེ་འུར་ཟུག །མས་ཀྱི་


DNG024_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་གཙིགས་སྨིན་མའི་དཀྱུས་སུ་ཟུག །གཡས་ཀྱི་ནུ་མ་གཡོན་གྱི་འཕྲག་ལ་གཟེད། །ཞིང་ཆེན་ཙིཏྟ་ཞལ་དུ་གསོལ། །དུར་ཁྲོད་རོ་ཤུན་གོས་སུ་གྱོན། །ཆིབས་སུ་དུར་ཁྲོད་ཅེ་སྤྱང་ཆིབས། །རྟག་ཏུ་དུར་ཁྲོད་དཀྱིལ་ན་བཞུགས། །སྲིན་མོ་འབུམ་གྱི་འཁོར་གྱིས་བསྐོར། །ཤ་དང་ཁྲག་ཏུ་བསྲེས་ནས་སྐོམ་དུ་འཐུང་། །སྲིན་མོ་གདུག་པའི་ཚོགས་ཀྱི་ཐུགས་དམ་བསྐང་། །མ་མོ་ཆེན་མོ་དཀར་མོ་དབུ་དགུ་མ། །སྐུ་ལ་དར་དཀར་ལའུ་གསོལ། །གསེར་གྱི་སྦལ་ལྕོང་མཛེས་པའི་ཁ་ཆག་ཅན། །རིན་ཆེན་ཐོད་གདེངས་ཐོར་ཚུགས་ཅན། །ཕྱག་ན་གསེར་སྦྲུལ་གདུག་པ་བསྣམས། །ཀླུ་སྨན་འབུམ་གྱི་ཚོགས་ཀྱིས་བསྐོར། །མ་མོ་ཆེན་མོ་སྨུག་ནག་དབུ་ལྔ་མ། །དབུ་ལྔ་ཕྱོགས་བཞིར་གཟིགས་ཤིང་ཁམས་གསུམ་སྒྲོལ། །ཀླུ་རྒྱལ་ཡུལ་དུ་ནམ་གྱི་གུང་ལ་གཤེགས། །ཀླུ་སྲིན་གདུག་པ་མང་པོ་འཁོར་དུ་འཁོལ། །འདིར་བྱོན་རྣལ་འབྱོར་ལས་མཛོད་ཅིག །མ་མོ་ཆེན་མོ་ཤྲཱི་ཙ་མུན་ཏྲི། །དཔལ་ཆེན་ཧེ་རུས་མངག་པའི་ཕོ་ཉ་མ། །གྲུབ་པའི་མ་མོ་དམར་ནག་སྤྱན་གསུམ་ཁྲོ་གཉེར་ཅན། །བཞུགས་ནི་ཁྲག་མཚོ་མང་པོའི་དཀྱིལ་ན་བཞུགས། །ཤ་ཆེན་ཁྲག་ལ་ལོངས་སྤྱོད་ཅིང་། །སྦལ་པ་ནག་པོའི་སྦ་རུ་བསྣམས། །སྔོན་མོ་གྲུ་གུས་དགྲ་བོའི་ཡན་ལག་འཆིང་། །ཚེ་སྲོག་སྙིང་འབྱིན་མ་མོ་བྱེ་བ་འབུམ། །དུར་ཁྲོད་ཤ་ཁྲག་གསོལ་ཞིང་རྐང་གི་གླིད་བུ་འབུད། །ཁྲག་གི་རལ་པ་བསིག་པས་གླུ་བྲན་མང་པོ་བྲན་དུ་ཁོལ། །དུར་ཁྲོད་མ་མོ་ཤྲཱི་ཙ་མུན་ཏྲི་ལ་བསྐང་། །སྲོག་མེད་མདངས་བཞིས་ཐུགས་དམ་བསྐང་། །མཚོ་སྨན་རྒྱལ་མོ་ཆེན་མོ་ནི། །སྐུ་ནི་མཐིང་ནག་ཆེན་མོ་ལ། །སྐུ་ལ་སྦྲུལ་ནག་ཐུལ་པ་གསོལ། །སྔོན་མོ་ཁྲོ་གཉེར་རལ་པ་ཅན། །ཡང་ན་རྨ་བྱའི་ཐུལ་པ་གསོལ། །གསལ་བྱེད་དངུལ་གྱི་མེ་ལོང་ཧ་ལ་ལ། །གཡས་ན་སྦྲུལ་ཞགས་ཁྲ་བོ་བསྣམས། །གཡོན་ན་གཡུ་ཡི་སྡིག་པ་མགོ་དགུ་བསྣམས། །ཀླུ་རྒྱལ་འབུམ་གྱི་ལྕམ་གཅིག་མ། །བསྐལ་པའི་ཁྲག་མཚོ་ཁོལ་མ་ཡིས། །སྡང་བའི་དམ་ཉམས་དགྲ་བོ་ལ། །ཀླུ་ནད་ཞ་གྲུམ་མཛེ་ནད་ཐོང་། །བསྐང་


DNG024_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་སྲོག་མེད་མདངས་བཞིས་ཐུགས་དམ་བསྐང་། །དེ་ནས་གདོང་མོ་བཞི་དང་། བསེ་བ་ཏིའི་བདག་མོ་བཞི་ལ་སོགས། གསང་བའི་མ་མོ་རྣམས་ལ་བསྐང་ངོ་། །མ་མོ་སྲིད་པའི་བེམ་ལས། མ་མོ་རིགས་བཞི་བསྐང་བའི་སྐབས་སོ།། །།དེ་ནས་ཡང་བཀའ་སྩལ་པ། མ་མོ་རྣམས་ཀྱི་རང་རང་གི་ལས་དང་། གནས་དང་མཐུན་རྫས་དང་། དེ་རྣམས་ཀྱི་སྲོག་གི་སྙིང་པོ་བསྟན་པ་འདི་གསུངས་སོ། །དབྱིངས་ཀྱི་ཡུམ་དྲུག་གི་གནས་ནི་རི་རབ་ཀྱི་རྩེ་ཤིང་ཡོངས་འདུ་ས་བརྟོལ་བྱ་བའི་ནང་ན་བཞུགས་སོ། །སྤྲུལ་པ་བྱེད་པ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའི་སྤྲུལ་པ་བཞིན་ནོ། །མ་མོ་དེ་རྣམས་ཀྱི་བལྟ་བ་ནི། སྣང་བ་རང་བཞིན་གྱིས་སྟོང་པར་བལྟ། ཀུན་རྫོབ་ཏུ་བེམ་པོའི་ཤེས་པར་བལྟ། ཕྲིན་ལས་ནི་སྲིད་པ་མོ་འཁོར་དུ་བསྡུས་ནས་འཁོལ་ཏེ། དེ་བཞིན་མ་མོ་དྲུག་ཀ་སྟེ། དེའི་ཕྱིར་དབུ་གསུམ་གསུམ་དུ་བྱུང་བའོ། །དེའི་མཐུན་རྫས་ནི་དཔེ་ཆུང་དང་མཐུན། དམ་རྫས་ནི་བྷནྡྷ་ལྕང་ལོ་དང་། ཙིཏྟའི་ཕྲེང་བ་དང་། ཞིང་གི་འཕན་གདུགས་དང་། ཤ་ཁྲག་གི་གཏོར་མ་མང་པོ་དང་། དར་སྣ་ཚོགས་པ་བརྩེགས་པའི་གུར་རོ། །དེ་རྣམས་ཀྱི་དམ་ཚིག་ནི། སྔགས་ཀྱི་འཁོན་དང་། དམ་ཚིག་ཉམས་པ་རྣམས་ལ་བཀའ་ཆད་ཀྱིས་གཅོད་ཅིང་། དམ་ཚིག་པ་རྣམས་ལ་སྲུང་སྐྱོབ་བྱེད་པའོ། །ཁོ་རང་གི་ངོ་བོ་ཉིད་ནི་གཞའ་ཚོན་ལྟ་བུའི་སྐུའོ། །རྟག་པའི་རྒྱལ་མོ་རྣམས་ཀྱང་། སངས་རྒྱས་རིགས་ལྔའམ་འབྱུང་བ་ལྔ་ལས་གྲུབ་པ་སྐད་ཟེར་ཀྱང་། དེ་ལྟར་ནི་མ་ཡིན་ཏེ། འབྱུང་བ་ལྔའི་རྟགས་སུ་སྐུ་མདོག་སྔོན་པོ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཕྱི་ནང་སྣོད་བཅུད་འབྱུང་བ་ལྔ་ལས་གྲུབ་པས། དེའི་རྟགས་སུ་བསྟན་པས་ན་རྟག་པའི་རྒྱལ་མོ་ཞེས་བྱའོ། །དེ་རྣམས་ཀྱི་ངོ་བོ་ནི། སྐུ་མེ་ལོང་ནང་དུ་གཟུགས་བརྙན་བཞིན་གནས་སོ། །ཡེ་ཤེས་ཀྱི་རྗེ་མོ་བཅུ་བཞི་ནི། དེ་རྣམས་ཀྱི་བལྟ་བ་ནི་རྗེ་ལྟར་གོང་མ་རྣམས་ལ་བལྟ། རང་གི་རིག་པ་ཡེ་ཤེས་ཀྱི་སེམས་ཀུན་གཞིའི་རྒྱུན་དངོས་པོ་རིག་པ་ཙམ་དུ་བརྟགས་ནས། ཞིང་ནི་འབྱུང་བ་ལྔ་ལས་གྲུབ་པའོ། །དེ་རྣམས་ནི་གོང་མ་ལ་རྗེ་མོ་ལྟར་བལྟའོ། །དེ་ཡང་བཅུ་བཞིའི་ནང་ན། ཉི་ཟླ་སྟོང་གི་ཐོད་ཕྲེང་གིས་སྲིད་


DNG024_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆམ་ལ་འབེབས་པས། འདོད་ཆགས་ཀྱི་རྒྱལ་མོ་དེས་སྲིད་པ་ཕོ་མོ་སྐྱེ་བའི་རྒྱུན་ཆམ་ལ་ཕབ་པོ། །ཕྲ་མེན་རྒྱ་མཚོས་སྐོས་བཏབ་སྟེ། མ་མོ་བཅུ་བཞིའི་གཙོ་མོར་དབང་བསྐུར་བས། དེ་ནི་ཇོ་མོའི་ཡང་ཇོ་མོ། དབྱིངས་ཀྱི་ཡུམ་དྲུག་གིས་ཀྱང་དབང་བསྐུར་བས། རྟག་པའི་རྒྱལ་མོ་དང་ཁྱད་མེད་དེ། དབྱིངས་ཀྱི་ཡུམ་དྲུག་ལ་ཇོ་མོར་བལྟའོ། །ལས་སྐལ་དུ་ནི་མ་མོ་ཀུན་འཁོལ་བའོ། །མཐུན་རྫས་ནི་དཔེ་ཆུང་དང་མཐུན་ནོ། །གསང་བའི་དམ་རྫས་ནི་སྣ་ཚོགས་སྙིང་སྣ་དང་། དུར་ཁྲོད་ཀྱི་རོ་རྫས་ཀུན་མཐུན་ནོ། །བལྟ་བའི་མཚན་མ་འདུལ་བའི་གཉེན་པོ་ཀུན། དབུ་གསུམ་ཕྱག་དྲུག་ཁྲོ་བོ་རྡུལ་སྙེད་ཀྱི་བཀའ་ཉན་པར་བལྟའོ། །སྲིད་པ་ཆམ་ལ་འབེབས་པ་བཀའ་བསྒོ་བ་བཞིན་ཉན་པས། མ་མོ་ཉི་ཤུ་ཡོངས་དུས་མཐའ་ནས་ཀྱང་དུས་མཁའ་ནས་བསྲུང་མཚམས་ཀྱིས་བསྐལ་པ་འདི་འདས་ན། དམྱལ་བ་མི་ཡི་དྭགས་སུ་འགྱུར་ཏེ། དེ་ནི་ཚེ་ཚད་མེད་དོ། །དམ་ཚིག་ནི་བསྟན་པ་བསྲུང་བར་དམ་བཅས་པའོ། །སྨན་མོ་རྣམས་ནི་མིའི་རྒྱུ་མ་དང་ནང་ཁྲོལ་རྣམས་ལ་དགའ་སྟེ་དེ་ནི་དམ་རྫས་སོ། །མཐུན་པའི་བསྐང་རྫས་ནི། གནམ་ལ་ལྡིང་བ་དང་། ས་ལ་འཛུལ་བའོ། །གནས་ནི་རི་རབ་ཀྱི་རྨང་ན་གནས་སོ། །ལྟ་བ་ནི་དཔལ་ཆེན་པོ་ལྟ་བུ་གཅིག་ལ་དབང་བྱེད་ཀྱི་རྗེ་བོ་ལྟ་བུ་གཅིག་ཏུ་བལྟས་ནས། བཀའ་བསྒོ་བ་ཉན་ནོ། །དམ་ཚིག་ནི་མཆོད་ཅིང་བརྟེན་ལ་དམ་ཚིག་ཚུལ་བཞིན་དུ་བསྲུང་བའི་རྣལ་འབྱོར་གྱི་བཀའ་བྱེད་པའོ། །ལས་སྐལ་ནི་ཉིན་མཚན་མེད་པར་ཤ་ཁྲག་ལ་དགའ་བ་དང་། གནོད་པ་སྣ་ཚོགས་བྱེད་པས་གནོད་སྦྱིན་མོ་ཞེས་བྱའོ། །དེ་ཡང་བྱ་བ་མོ་དང་བྱེད་པ་པོ་གཉིས་ཀྱིས། དེ་རྣམས་གདུག་པ་ཅན་འདུལ་དཀའ་བར་གཟིགས་ནས། ཡེ་ཤེས་ལྷའི་ཚོགས་ལ་གསོལ་བ་བཏབ་པ། རྔམ་ཁྲོ་གཏུམ་པ་དྲུག་ཅུ་རྩ་བརྒྱད་འབར་བའི་དཀྱིལ་འཁོར་ཚོགས། །ཧ་ཧ་ཞེས་སྒྲོགས་གདུག་པ་ཐབས་ཀྱིས་འདུལ་མཛད་པ། །དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་ཚོགས་ཀྱི་དུས་ལ་བབ་ཀྱི་རྔམ་པའི་སྒྲ་ཕྱུང་ཞིག །འབར་བའི་འཁོར་ལོ་རྔམ་པའི་མཚོན་ཆ་ཡིས། །བཀའ་


DNG024_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་རྣམས་ཀྱི་སྙིང་བསྲེག་མགོ་ལུས་ཕྲོལ། །ཞེས་གསོལ་བ་བཏབ་པས། དེས་འདུལ་བར་དམ་བཅས་སོ། །མ་མོ་སྲིད་པའི་བེམ་ལས། མ་མོ་རང་རང་གི་དམ་ཚིག་དང་། ལྟ་བ་སོ་སོར་བསྟན་པའི་སྐབས་སོ།། །།དེ་ནས་མ་མོ་རྣམས་ཀྱི་བསྐང་བའི་ལེའུ་ལས། གསང་བ་ཐུགས་ཀྱི་བསྐང་བ་དང་། སྐུ་ཡི་ཐུགས་དམ་བསྐང་བ་ནི། སྤྱིར་བསྐང་བ་དང་སྒེར་སྒོས་བསྐང་བ་འདི་གསུངས་སོ། །སྤྱིར་བསྐང་བ་ལ་ཡང་རྣམ་པ་བདུན་ཏེ། གསང་བ་མདོས་ཀྱིས་ཐུགས་དམ་བསྐང་བ་དང་། མ་མོ་སྤྱི་བསྒྲུབ་ཆེན་པོས་ཐུགས་དམ་བསྐང་བ་དང་། རྟ་ཆེན་པོ་སྒོ་བཞིས་ཐུགས་དམ་བསྐང་བ་དང་། བམ་མཚན་དང་ལྡན་པ་ལ། སྤོས་ཆུ་དང་གུར་གུམ་གྱི་ཆུ་གཙང་མས་བཀྲུས་ཏེ། གོས་དང་རྒྱན་གསེར་གཡུ་ལ་སོགས་པས་བརྒྱན་པས་བསྐང་བ་དང་། མདངས་བཞིས་སྐོང་བ་ནི། མེ་ལོང་གི་མདངས་དང་། རྨ་བྱའི་སྒྲོ་མདོངས་དང་། ཆུ་མིག་དྭངས་མའི་ མདངས་དང་། མེ་དམར་གྱི་མདངས་བཞིས་བསྐང་བ་དང་། རྣལ་འབྱོར་པས་ཡུམ་མཚན་དང་ལྡན་པ་ལ་སྦྱར་བའི་བྱང་ཆུབ་སེམས་ཀྱིས་བསྐང་བ་དང་། དྭངས་མ་ལྔ་ཡིས་བསྐང་བ་ནི། མེ་ཡི་དྭངས་མ་མེ་ཤེལ་དང་། ཆུའི་དྭངས་མ་ཆུ་ཤེལ་དང་། ཁྲག་གི་དྭངས་མ་བུད་མེད་ཀྱི་མཚལ་ཆེན་དང་། སེམས་ཀྱི་དྭངས་མ་ཁུ་བ་དང་། སྦུ་གུ་སྤུ་སྐྲའི་དྭངས་མ་དང་། ཟ་འོག་བེར་གྱིས་བསྐང་བའོ། །དེ་ནི་མ་མོ་སྤྱིར་བསྐང་བའོ། །ཀུན་ཀྱང་དེ་བདུན་གྱིས་མི་བསྐང་བ་ནི་མེད་དོ། །མ་མོ་སྲིད་པའི་བེམ་ལས། མ་མོ་སྤྱིར་བསྐང་བའི་སྐབས་སོ།། །།དེ་ནས་ཡང་མ་མོ་རིགས་བཞིའི་སྒོས་བསྐང་ལ། དེར་མ་འདུས་པ་མེད་པས། དེ་ཡི་བསྐང་བའི་རྫས་མདོས་བསྟན་པ་འདི་གསུངས་སོ། །དང་པོར་དབྱིངས་ཀྱི་མ་མོའི་བསྐང་རྫས་བསྟན་པ་ནི། རྨ་བྱའི་རྒྱལ་མཚན་དང་། དར་མཐིང་ནག་གི་འཕན་རིང་དང་། བསེ་ཕོར་མཚན་ལྡན་དུ་ཁྲག་སྣ་ཚང་བ་དང་། སྣ་ཚོགས་སྙིང་སྣའི་ཕྱེ་མ་དང་། རཱ་གའམ་མཐིང་གའི་ལྕང་ལོང་ཕུད་གཙང་མ་དང་། མ་བདུད་ཤ་ཆེན་གྱི་ལང་ལིང་དང་། ལུག་ནག་རྒྱ་སོལ་པོ་དང་། ལུག་སྨུག་རྒྱ་སྲོས་པོས་ཐུགས་དམ་བསྐང་ངོ་། །


DNG024_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དར་སྣ་ཚོགས་ཀྱིས་བརྒྱན་པའི་ལྗང་བུ། ལུས་ཚད་བརྒྱ་རྩ་བརྒྱད་ཀྱིས་ཐུགས་དམ་བསྐང་ངོ་། །དེ་ནི་དབྱིངས་ཀྱི་མ་མོའི་བསྐང་རྫས་སོ། །བདུད་མོའི་རིགས་ཀྱི་བསྐང་རྫས་ནི། བྷནྡྷ་ལྕང་ལོ་མཚན་ལྡན་དང་། ཙིཏྟ་དང་ནི་རཀྟ་དང་། སྣེལ་གྲིའི་སྙིང་དང་ཐོད་པ་དང་། ཀླད་པ་དང་། ཤུན་ཆེན་གདུགས་དང་། ཤ་ཆེན་གཏོར་མ་དང་། ངང་པའི་ཤ་དང་། དུག་སྣ་ཚང་བ་དང་། འུག་པའི་སྙིང་དང་མིག་འབྲས། ཕག་པའི་སྙིང་། སྐྱེས་པ་དར་མ་གྲིར་ཤི་བའི་ཐོད་པ་དང་། བུད་མེད་མཚལ་ཆེན་གཞག་པར་བྱ། ནལ་བུའི་ཤ་ཁྲག་འབྲས་བུ་དང་། མེ་དུད་སྤོས་ཆེན་དར་ནག་རུ་མཚོན་དང་། ཁྲག་གི་རྒྱ་མཚོ་འཁྲུག་ཅིང་ཀེང་རུས་ཤ་ཁྲག་རི་ལྟར་སྤུངས་ནས་ཟས་སུ་ཟ་བས་བསྐང་ངོ་། །མ་མོ་སྲིད་པའི་བེམ་ལས། བདུད་མོ་རིགས་ཀྱི་བསྐང་རྫས་སོ།། །།སྤྲུལ་པའི་མ་མོའི་བསྐང་རྫས་ནི། ། སྤང་ཡང་ར་ཤ་སྨུག་གུ་ཤེལ་མིག་དང་། །སྔོན་མོ་ལྟོ་སེར་ཤེལ་མིག་དང་། །དཀར་པོ་ཤེལ་མིག་སྨིན་གཡུ་དང་། །ནག་མོ་ལྟོ་དཀར་ཤེལ་མིག་དང་། །ཨུ་པ་ཏ་ཡང་དེ་དང་མཚུངས། །གསལ་བའི་མེ་ལོང་སྨོས་པའི་སྙིང་སྣ་དང་། །རཀྟ་ཕུད་གཙང་ན་ཆུང་དར་མའི་ཞིང་གཡབ་དང་། །བྱི་ཏྲི་པུ་ཏྲ་ལོ་ལྔ་པ་ཡི་སྙིང་། །བསྐང་བའི་རྫས་དེ་བསོག་པར་བྱ། །མ་མོ་སྲིད་པའི་བེམ་ལས། སྤྲུལ་པའི་མ་མོའི་བསྐང་རྫས་སོ།། །།ལས་བྱེད་མ་མོ་རྣམས་ཀྱི་ཀུན་ཀྱང་མཐུན་ཞིང་འདིའི་ཁོངས་སུ་འགྲོ། མ་མོ་སྲིད་པའི་བེམ་ཆེན་པོ་ལས། རིགས་བཞིའི་མ་མོ་བསྐང་རྫས་བསྟན་པའི་སྐབས་སོ།། །།དེ་ནས་མ་མོ་རྣམས་ལ་མཆོད་བསྟོད་བསྐུལ་བ་འདི་གསུངས་སོ། །ཧཱུཾ་མ་བཅོས་དབྱིངས་ནས་ལྷུན་གྱིས་རྫོགས་པའི་སྐུ། །གསལ་བའི་དབྱིངས་ཕྱུག་གསང་བའི་ཡུམ། །མ་བཅོས་ལྷུན་རྫོགས་གསལ་བའི་སྐུ། །རང་བཞིན་འོད་གསལ་ཡེ་མེད་གསལ། །ཁམས་གསུམ་རྫོགས་པའི་མཁའ་དབྱིངས་ནས། །སྐྱེ་བ་མེད་པར་སྐུ་འཁྲུངས་མ། །རང་བཞིན་གསལ་བའི་དབྱིངས་ཕྱུག་མ། །རྡོ་རྗེ་ཐོགས་འཆང་འཕྲུལ་མོ་ཆེ། །རིམས་ནད་ཀུན་གྱི་མངའ་བདག་མོ། །ས་ལྕམ་སྤེལ་དབྱིངས་ཀྱི་རྒྱལ་མོའི་ཐུགས་དམ་བསྐང་། །


DNG024_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་སྐྱུགས་ནད་ཀྱི་མངའ་བདག་མོ། །རིམས་ནད་ཚ་བ་ཁྱོད་ཀྱིས་འཕྲི། །སྐུ་ནི་གཞའ་ཚོན་ལྔ་ཡི་སྐུ། །ཡེ་ཤེས་ལྔ་ལྡན་དབྱིངས་ཕྱུག་མ། །དུར་ཁྲོད་ཚ་ཆེན་སྐར་མའི་ཀློང་ནས་གྲུབ། །གླིང་བཞིའི་རྒྱལ་མོ་རབ་འཕགས་མ། །གཞའ་ཚོན་ལྔ་ཡི་ཁང་པ་ན། །འགྲམ་བཞི་མེ་ལ་ལོགས་བཞི་ཆུ། །ཁང་མིག་གཅིག་ལ་སྐར་ཁུང་བཞི། །ཐབས་ཆེན་ཤེས་རབ་རྫོགས་པའི་རྟགས། །མི་འགྱུར་ས་གཞིའི་སྟེང་དུ་བརྩིགས། །སྤྲིན་གྱི་དྲལ་ལ་ནམ་མཁའི་ཕུབ། །འབྱུང་བ་ལྔ་ཡི་ཁང་ཆེན་ན། །འཇའ་ཚོན་འབར་བའི་སྐུ་ནི་ལྡེམ་བག་འཕྲུལ་གྱི་སྐུ། །ཕྱག་ན་རྡོ་རྗེའི་ཐོག་ཆེན་འབེབས། །ཐོག་ལ་མངའ་མཛད་འཕྲུལ་མོ་ཆེ། །ཡིད་བཞིན་ནོར་བུ་གཙུག་ན་འབར། །གསེར་གྱི་གཙུག་ཕུད་འཕྲག་ལ་བཀལ། །དཔྲལ་བའི་དབྱེས་ན་ཉི་ཟླ་གསལ། །བསྐང་བའི་མཐུན་རྫས་ཁྱོད་ལ་འབུལ། །དཔལ་འབར་ཉི་ཟླ་སྟོང་གིས་གཟིགས་པའི་སྐུ། །མཁའ་ལ་འཕྱོ་ཞིང་དབྱིངས་ན་གསལ། །མཁའ་འཕྱོ་དབྱིངས་གསལ་བདུད་འཇོམས་མ། །ཆིབས་སུ་བདུད་རྟ་ཟངས་ཡག་ཆིབས། །གསེར་གྱི་ཞགས་པ་ཕྱག་ན་བསྣམས། །གསེར་མཁར་ཞགས་པ་འབེབས་འདེབས་ཡང་སུ་བྱོན། །ཛ་པ་པེ་མི་ཏ་མྲི་ཏ་མྲི་ཏ་དྷྲི་ཧཱུཾ་མ་མ་ཛ། ཆེ་ཞེ་ཆེན་མོ་གཡུ་ཡི་ལན་ཕྲན་ཅན། །མཁའ་དབྱིངས་བདེ་ཆེན་ཡངས་པ་ནས། །རང་བཞིན་མེད་པའི་རང་བཞིན་ཅན། །ཡེ་ཤེས་དབྱིངས་ནས་སྐུ་འཁྲུངས་ཏེ། །རྟོག་དང་བྲལ་བའི་དབྱིངས་ཕྱུག་མ། །ལྷུན་གྲུབ་རྒྱལ་མོ་བདེ་བར་གཤེགས་པའི་སྐུ། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །མ་གཡེལ་འོད་ཕུང་འཁྱིལ་པ་ན། །ཤེས་རབ་འབར་བའི་དབྱིངས་ཕྱུག་བཞུགས། །སྣང་བ་ཐམས་ཅད་འཁྲུལ་པ་སྟེ། །འཁྲུལ་པ་མེད་པར་ཡེ་ཤེས་གསལ། །འཁྲུལ་པ་ཉིད་ནི་ཡེ་ཤེས་ཏེ། །མི་དམིགས་འཁྲུལ་པར་མི་རྟོག་ན། །འཁྲུལ་པ་ཡེ་མེད་སངས་རྒྱས་ཏེ། །རྣམ་དག་མཁའ་དབྱིངས་གསལ་དཀྱིལ་ན། །འོད་ཕུང་མི་དམིགས་ཡེ་ཤེས་གསལ། །འཁྲུལ་པ་ཡེ་ནས་མི་དམིགས་པས། །མི་དམིགས་པ་ནི་ཆོས་ཀྱི་དབྱིངས། །ཆོས་ཉིད་མི་འགྱུར་སྐྱེ་བ་མེད། །གཡུ་ཡི་ལན་ཕྲན་སྐྱེ་མེད་འཁྲུངས། །སྐྱེ་བ་མེད་པར་སྐུ་འཁྲུངས་


DNG024_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །སེམས་ཅན་ལས་ཀྱིས་ཐུགས་དམ་བསྐང་། །དམ་ཚིག་མི་འདའ་བརྡ་དང་བཅས། །ཐུགས་དམ་གཉན་པོ་བརྡ་ཡིས་བསྐང་། །རིམས་ནད་གཏོང་བའི་དབང་མོ་ཆེ། །ཟ་བྱེད་གྲི་སྣའི་གླིང་ཤེད་ན། །གློ་བློ་ཡང་སུབ་ནད་ཀྱི་མངའ་བདག་མོ། །ནད་ནི་གློ་བློ་ཡང་སུབ་ཟ་བྱེད་གཏོང་། །སྐུ་མདོག་དཀར་མོ་སྤྱན་མིག་དམར། །དབུ་ལ་ཐོར་ཚུགས་མང་པོས་བརྒྱན། །སྐུ་ལུས་གཅིག་ལ་སྤྱན་མིག་གསུམ། །སྐུ་གསུམ་ལྷུན་རྫོགས་མི་འགྱུར་རྟགས། །གཡུ་ཡི་ལན་ཕྲན་ཟར་བུར་འཛག །ཟར་བུའི་གསེབ་ནས་ཚ་ཚ་འཁྲུག །མཁའ་ལྡིང་དཀར་མོའི་རྫས་ཀྱིས་ཐུགས་དམ་བསྐང་། །དམིགས་ཀྱིས་ཐུགས་དམ་མི་བསྐང་དུ། །མེ་ཏོག་ཀུན་རྒྱས་གླིང་ཤེད་ནས། །རྒྱལ་པོ་རྡོ་རྗེ་སྟོན་པོ་ལ། ། བློ་ཡང་གློ་ སུབ་ཟད་བྱེད་ནད་ཀྱིས་བཏབ། །དགའ་རབ་དཔལ་གྱི་བརྩིག་པ་ཡིས། །དཀར་མོའི་མིག་བརྒྱའི་ཐུགས་དམ་བསྐང་། །ནད་དང་དལ་ཁ་སྒྱུར་ཅིང་དེངས། །མ་མོ་སྲིད་པའི་བེམ་ལས། ཐུགས་དམ་བསྐང་བ་ནི། དཀར་མོ་གཡུ་ཡི་ལན་ཚར་ཅན་ལ་མཉེས་མཆོད་འབུལ་བའི་སྐབས་སོ།། །།དེ་ནས་ལས་བྱེད་ཐིགས་པ་རབ་ཟགས་ལ་བསྐང་བའོ། །མཁའ་ལ་གསལ་བའི་འོད་དཀྱིལ་ནས། །ཉག་གཅིག་མི་ཕམ་སྐུ་བཞུགས་ཏེ། །འོད་ཕུང་དཀྱིལ་ན་ཉག་གཅིག་བཞུགས། །ཕྱག་ལ་ལྕགས་ཀྱི་འཁོར་ལོས་གཏམས། །ཤངས་ལ་ཟླ་བ་བརྒྱ་ཡིས་གཏམས། །སྐུ་ལ་ཁྲག་གི་ན་བུན་འཐུལ། །དཀར་མོ་བརྒྱ་ཡི་ལས་བྱེད་མ། །སྲིད་པ་རྣམས་ཀྱི་ཡོངས་སྟེངས་ན། །ཉི་ཟླ་འབར་བའི་གཞལ་ཡས་ཁང་ན་བཞུགས། །སྐུ་ཡི་བོངས་ལ་དཔག་ཚད་བརྒྱད། །སྤྱན་ནས་ཁྲག་དང་ཞགས་ཆུ་འབབས། །ཞབས་ལ་འཁོར་ལོ་སྟོང་གིས་གཏམས། །འཁོར་ལོའི་སྟེངས་ནས་སྐར་མདའ་གཏང་། །སྤྱན་གྱི་དཀྱིལ་ནས་འབྲུག་ཆེན་འགྱུ། །དར་ནག་གུར་ཆེན་འོག་དཀྱིལ་ན། །དཀར་མོ་བརྒྱ་ཡི་ལས་བྱེད་མཛད། །བདུད་རྩིའི་ཐིགས་པ་ཕྱག་ལས་འཛག །བཞོགས་ཕྱེད་ནད་དང་དྲེག་ནད་གཏོང་། །དྲེག་ནད་གཏོང་བའི་དབང་མོ་


DNG024_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །ཁྲ་ཧོར་རྩལ་པོས་ཐུགས་དམ་བསྐང་། །ཕ་ཡིས་རྩལ་བྱིན་མཆུ་གུག་ཟླུམ། །མ་ཡིས་རྩལ་བྱིན་བྲང་རུས་རྣོ། །ཞང་པོས་རྩལ་བྱིན་གསོད་ལ་དགའ། །སྡེར་མོ་ཟངས་སྡེར་མིག་རྩ་དམར། །མངག་པའི་ལས་ལ་ཐོགས་ཆགས་མེད། །ཐིགས་པ་རབ་ཟགས་ཐུགས་དམ་བསྐང་། །ཐུགས་དམ་སྐུ་ལ་མི་བསྐང་དུ། །རྒྱལ་པོ་འབའ་ལ་བསྙུང་བ་ལ། །འབར་བ་བརྒྱད་ཀྱི་ཐུགས་དམ་བསྐང་། །གཞོགས་ཕྱེད་རིམས་ནད་དལ་ཁ་སྒྱུར། །མུ་ས་ཛ་ཧཱུཾ་སེ་ཤུ་ཛ། མ་མོ་སྲིད་པའི་བེམ་ལས། ལས་བྱེད་མ་མོ་ཐིགས་པ་རབ་ཟགས་མའི་སྐབས་སོ།། །།མུ་མེན་གཡུའི་གོ་ལྕོག་ཅན་ལ་བསྐང་བ་འདི་གསུངས་སོ། །ཁ་ལ་རབ་འབར་མཐུ་མོ་ཆེ། །མུ་མེན་གཡུ་ཡི་གོ་ལྕོག་ཅན། །ཡེ་ནས་ཁ་རྒྱལ་ཁྱབ་པའི་སྐུ། །གསང་བ་གསུམ་གྱི་དབང་ཕྱུག་མ། །གསེར་གྱི་ཐོད་གདེངས་ཐོར་ཚུགས་ཅན། །གཡུ་མཁར་ལྡེམ་པའི་ནང་ཤེད་ན། །རིན་ཆེན་འབར་བའི་སྒོ་མོ་གསལ། །འགྲམ་བཞི་ཆུ་ལས་བགྱིས། །ལོགས་བཞི་རླུང་ལས་བགྱིས། །ཡང་ཐོག་ནི་གཡུ་ཡིས་ཕུབ། །དམར་ནག་མེ་ཡི་གདན་སྟེང་ནས། །རིན་ཆེན་རལ་པ་ཐོར་ཚུགས་བཅིངས། །སྐུ་ནི་འཁྲིལ་ཞིང་ལྡེམ་བག་ཅན། །ཆིབས་སུ་སྦྲུལ་ཆེན་དཀར་ཁྲ་ཆིབས། །ཕྱག་གཉིས་གསེར་གྱི་འཁོར་ལོ་བསྣམས། །ཞབས་གཉིས་རོལ་མཚོའི་གཏིང་དུ་བརྐྱང་། །དབུ་གསུམ་ཞབས་བཞི་གོ་ལྕོག་ཅན། །གཡུ་ཡི་གཙུག་ཕུད་ཕྲག་ལ་བཀལ། །གསེར་གྱི་སྐད་སྒྲོགས་བཟུང་བ་བགྱིས། །བདུད་རྗེ་རྒྱལ་པོའི་མཐའ་མ་ཅན། །མཱཾ་ས་ཟ་ཞིང་རྒྱུད་དྲུག་སྒྲོལ། །མིག་བཟློག་ཁ་ཡལ་སྙིང་འཆུའི་ནད། །གཡུ་ཡི་གོ་ལྕོག་ཅན་གྱིས་གཏོང་། །དཀར་མོ་ལྟོ་རྒྱས་ཐུགས་དམ་བསྐང་། །ཁྱེད་ཉིད་ཐུགས་དམ་མི་བསྐང་དུ། །མཚལ་ཆེན་དཀར་མོའི་གླིང་ཆེན་གྱི། །རྒྱལ་པོ་བྷ་ར་དྷྭ་ཛ་བསྙུན། །སློབ་དཔོན་ཤྲཱི་སེང་ཧ་ཡིས། །སྐུ་ལ་དཀར་མོ་ལྟོ་བརྒྱས་བསྐང་། །མིག་བཟློག་ནད་ཆེན་ཁྱོད་ཀྱིས་བཅད། །ལུས་ནི་རིན་ཆེན་ལྔ་ཡི་ལུས། །རིན་ཆེན་རྐང་བཞི་ནོར་གྱི་མཆོག །དཔག་བསམ་ཤིང་གི་ལུས་པོ་ཅན། །དབང་པོ་བརྒྱད་ནི་རིན་ཆེན་གཏེར། །


DNG024_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྣ་ལྔས་ཐུགས་དམ་བསྐང་། །རིན་ཆེན་གཟུགས་ཀྱིས་ཁྱོད་ཉིད་བསྐང་། །ནད་རྣམས་གདུག་པ་ཁྱོད་ཀྱིས་བཟློག །མུ་ཏྲེ་མུ་ཏྲེ་ཛ། མ་མོ་སྲིད་པའི་བེམ་ལས། དཀར་མོ་རྒྱལ་མོ་ལས་བྱེད་མའི་བསྐང་བ་མདོར་བསྟན་པའི་སྐབས་སོ།། །།སྨུག་རྒྱ་སྲོལ་པོའི་མངའ་བདག་མོ། །རྨིག་པ་ཁྲ་བོས་མཆོད་ཅིང་བསྐང་། །བྷ་ག་སྐྱེ་མེད་མཁའ་ཀློང་དག་པ་ནས། །བདེ་ཆེན་འདུ་འབྲལ་མེད་པའི་སྐུ་འཁྲུངས་ཏེ། །ཡེ་མེད་སྟོང་པ་རབ་ཏུ་གསལ་བ་ནས། །བདེ་ཆེན་འདུ་འབྲལ་མེད་པ་སྤྱན་དྲངས་ནས། །བལ་ནད་འདར་བུའི་དལ་ཀ་བཅད་པའི་ཕྱིར། །ལྷ་མོ་ཁྱོད་ལ་ཐུགས་དམ་བསྐང་། །སྲིད་པ་ཧོར་ལྕམ་རྐང་མགྱོགས་མ། །གནས་ནི་རི་རབ་རྩེ་ལ་བཞུགས། །སྐུ་མདོག་ནག་མོ་ལྕགས་ཀྱི་རལ་པ་ཅན། །དབྱིངས་ཀྱི་མ་མོ་རྒན་བྱེད་མ། །སྟག་མཁར་དགུ་ཁྲི་དགུ་ཐོགས་ན། །མ་མོ་ཆེན་མོ་སྐུ་བཞུགས་ཏེ། །ཁང་མིག་གཅིག་ལ་སྐར་ཁུང་བརྒྱ། །ལོགས་ལ་མདའ་ཁུང་བརྒྱ་བཏོད་དེ། །རྣམ་ཤེས་ཚོགས་བརྒྱད་དུས་གཅིག་གཟིགས། །ལྷ་མོ་ཆེན་མོ་དྲི་ཟ་འདུལ། །ཤར་གྱི་ཕྱོགས་ཀྱི་ཉི་ཟེར་ལ། །དྲི་ཟ་འདུལ་བའི་གཉན་པོ་མཛད། །དྲི་འདུལ་གསང་བའི་ཡུམ་གཅིག་མ། །ཧོར་ལྕམ་རྐང་མགྱོགས་གསང་བའི་ཡུམ་གཅིག་མ། །ཕུང་བྱེད་སྦས་པའི་མ་བཞི་མ། །ཧོར་ལྕམ་རྐང་མགྱོགས་བྲན་དུ་འཁོལ། །སྐུ་ལུས་གཅིག་ལ་སྤྱན་མིག་བརྒྱ། །ཁང་མིག་གཅིག་ལ་སྒོ་མོ་བརྒྱ། །སྟེང་དུ་སྤྱན་མིག་གཟིགས་པ་ཡིས། །སྟེང་གི་ལྷ་བྲན་དུས་གཅིག་འདར། །སྨན་མོའི་ཚོགས་ནི་སྐྲག་པར་བྱེད། །ལྷ་མོ་ཁྱོད་ཀྱི་སྐུ་ཉིད་ནི། །མ་མོ་སྟོང་གི་ཕོ་ཉ་བྱེད། །ཕྱོགས་བཞིར་གོམ་པས་ཕྱིན་པའི་རྐང་མགྱོགས་མ། །ཞང་པོ་ཡ་བདུད་ཧོར་ལྷ་བག་པས་གདུག་པའི་ལྕམ། །སྐྱེ་ཤི་མེད་པར་རྐང་མགྱོགས་མ། །མ་ནི་སྲིད་པའི་བདེ་འགྲོ་མ། །སྐུ་ནི་ནག་མོ་ལྕགས་ཀྱི་རལ་པ་ཅན། །རལ་པའི་གསེབ་ནས་ཚ་ཚ་འཁྲུགས། །དུང་གི་ཁྲི་ལ་གཡུ་ཡི་གདན་སྟེང་ནས། །ཕྱག་ན་སྐྱེ་འགྲོ་ཁྲམ་ལ་འདེབས་པའི་མེ་ལོང་གཟིགས། །གསེར་གྱི་ཙོང་ཙོང་བྲག་ལ་འཕྱོང་། །ཉི་མ་


DNG024_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་ཕ་ཀི་ན། །གནོད་སྦྱིན་གདུག་པ་འདུལ་མཛད་མ། །སྦྱུགས་པའི་བརྡ་ལ་བཅིངས་མཛད་མ། །དགྲ་ལ་ཕུར་པ་འདེབས་པ་མོ། །སྲིད་པའི་ཧོར་ལྕམ་རྐང་མགྱོགས་མ། །ཕྱག་ན་གསེར་གྱི་འཁོར་ལོ་འདྲིལ། །ལྕགས་ཀྱུ་རྩེ་དགུ་ཕྱག་ན་བསྣམས། །གདུག་བྱེད་རྣམས་ཀྱི་སྙིང་ནས་འདྲེན། །སྐུ་ལས་མེ་ལྕེ་དཔག་ཚད་སྟོང་། །དུས་ཚོད་འཛིན་པའི་དབང་མོ་ཆེ། །མིག་ནས་ཉི་མའི་འོད་ཟེར་འཆར། །ཞལ་ནས་བདུད་རྩིའི་ཐིགས་པ་འཛག །ཕྲ་མེན་གསང་བའི་དབང་ཕྱུག་མ། །དར་དཀར་གུར་ཆེན་ཡོལ་འོག་ནས། །ཉིད་ཀྱི་སྐུ་ནི་འཁྲིལ་ཞིང་ལྡེམ། །མཱཾ་ས་ཟ་ཞིང་རྒྱུད་དྲུག་སྒྲོལ། །སྟོང་གསུམ་བྱོལ་བཟློག་མཛད་པའོ། །ཆིབས་སུ་སྟོང་པ་སྤྲིན་གྱི་རྟ། །དབུ་ལ་ཐོར་ཚུགས་བཅུ་དྲུག་བཅིངས། །བལ་ཡུལ་ཚ་བ་རོང་དུ་ཧོར་ལྕམ་སྐུ་སྤྲུལ་ཏེ། །བལ་ནད་གཏོང་བའི་དབང་མོ་ཆེ། །ཨུ་རྒྱན་སློབ་དཔོན་འབབ་ལེགས་ཀྱིས། །གསང་བའི་མཚན་བཏགས་ཧོར་ལྕམ་རྐང་མགྱོགས་མ། །བསྐང་ངོ་གྲུབ་པའི་ལྕམ་གཅིག་མ། །བསྐང་ངོ་སྨུག་རྒྱ་སྲོལ་པོས་བསྐང་། །ཡེ་མེད་སྟོང་པའི་རྒྱལ་པོ་ནི། །མི་སྐྱེ་དབྱིངས་ནས་སྐུ་འཁྲུངས་ཏེ། །སྐྱེ་མེད་སྟོང་པས་ཐུགས་དམ་བསྐང་། །དབང་ཕྱུག་གསང་བའི་ཡུམ་གཅིག་མ། །བསྐང་རྫས་སྨུག་རྒྱ་སྲོལ་པོས་བསྐང་། །སྟོང་པས་སྟོང་པ་བསྒྲལ་བ་ལ། །བསྒྲལ་ཞེས་བྱ་བའི་ཐ་སྙད་མེད། །བྷོ་ན་ལ་པ་ཧཱུཾ་ལེ་ཏྲེ་ཏྲེ་ཤག་ཏྲེ་ཤ་ཧཱུཾ་བྷྱོ། མ་མོ་སྲིད་པའི་བེམ་ལས། མ་མོ་སྨུག་མོའི་བློན་མོ་བསྐང་བའི་སྐབས་སོ།། །།མངའ་བདག་ཆེན་མོ་གཙུག་ཕུད་ཅན། །གག་པ་དང་ལྷོག་པའི་མངའ་བདག་དེ་བསྐང་བ་ནི། སྔོ་རྒྱ་སྲོལ་པོ་གླ་བ་དང་བྱ་ནག་མོ་ཞོ་ཐིག་ཅན་དེས་བསྐང་ངོ་། །ཧཱུཾ་མཁའ་དབྱིངས་བདེ་ཆེན་འདུ་འབྲལ་མེད་པ་ན། །ཕ་མེད་མ་མེད་བློན་མོ་སྐྱེ་ཤི་མེད། །ལས་ཀྱི་རྒྱལ་མོ་ཆེན་མོ་ལས་མཁན་མོ། །དབང་ཕྱུག་གསང་བའི་ཡུམ་གཅིག་བདེ་སྤྱོད་མ། །སྐྱེ་མེད་བྷ་གའི་དབྱིངས་ནས་སྐུ་འཁྲུངས་ནས། །སྐྱེ་ཤི་ཟློག་པར་བྱེད་པའི་མངའ་བདག་མོ། །སྐྱེ་ཤི་ལས་ལ་མངའ་མཛད་མངའ་བདག་མོ། །


DNG024_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཤི་ལས་ལ་མངའ་མཛད་མངའ་བདག་གཙུག་ཕུད་ཅན། །བསྐང་བའི་མཐུན་རྫས་འདི་ཡིས་ཐུགས་དམ་བསྐང་། །དབང་ཕྱུག་གསང་བའི་ཡུམ་གཅིག་ལས་མཛད་མ། །གནམ་སའི་བར་ལ་མངའ་མཛད་དབང་མོ་ཆེ། །ཏིར་ཡ་རྒྱ་ཡི་ཡུལ་དུ་གྲུབ། །རྒྱ་ནག་ནང་དུ་སྐུ་བཞུགས་ཚེ། །ལྷོག་པ་སྐྲངས་པའི་མངའ་བདག་མོ། །བར་སྣང་ནམ་མཁའི་ཕྱི་མཐོངས་ནས། །སྲིད་པ་གནམ་གྱི་ཡ་བ་བསྐོར། །སྨུག་ནག་ཆེན་མོ་རབ་གསལ་འཕགས། །ཁྱོད་ནི་སྐྱེ་མེད་དབྱིངས་ནས་འཁྲུངས། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། །སེམས་ལ་སྐྱེ་བ་མེད་ལ་འགག་པ་མེད། །མངའ་བདག་ཆེན་མོ་གཙུག་ཕུད་ཅན། །རྒྱ་གར་ཉ་མིག་ཁང་པ་ན། །གསེར་མཁར་གྲུ་གསུམ་གཡུ་བད་ཅན། །ཆོས་ཉིད་སྐྱེ་མེད་དབྱིངས་ཕྱུག་མ། །ཡེ་ཤེས་ཞི་བའི་ངང་ཉིད་ཅན། །རབ་འབར་རྒྱ་མཚོ་ཡེ་ཤེས་གསལ། །མཁའ་དབྱིངས་བདེ་ཆེན་གསལ་བ་ནས། །ཕོ་བྲང་མཚན་མོ་རྒྱུ་བའི་མིག་སྟོང་མ། །དུར་ཁྲོད་བསིལ་བའི་ཚལ་གྱི་མངའ་བདག་མོ། །ལས་སུ་རྣལ་འབྱོར་གྲོགས་མཛད་མ། །འབར་མ་ཉི་མའི་བང་བས་མགྱོགས། །བདག་ཉིད་ཟངས་མའི་སྦུ་གུ་ལས། །ས་བོན་ལས་ནི་སྐུར་གྱུར་ནས། །འབྱུང་བ་ལྔ་དང་དབྱེར་མེད་པའི། །མངའ་བདག་ཆེན་མོ་སེམས་ལས་བྱུང་། །སེམས་ཉིད་སྐྱེ་མེད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་མ་ཉིད་བྱུང་། །མ་ཞེས་བྱ་བ་དངོས་པོ་མེད། །ཕ་མས་བསྐྱེད་ཀྱང་བདག་ལ་བྱུང་། །བདག་གི་ཀུན་བཟང་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་མ་མོ་བྱུང་། །མ་ནི་ཆོས་ཉིད་དབྱིངས་ཡིན་ཏེ། །མོ་ནི་རིག་པའི་ཡེ་ཤེས་ཡིན། །ཡེ་ཤེས་རང་རིག་དབང་སྒྱུར་མ། །ལྟ་བ་མྱ་ངན་ཡེ་ནས་འདས། །སྤྱོད་པ་མྱ་ངན་ཡོངས་མ་འདས། །ལས་ལ་དབང་སྒྱུར་སྤྲུལ་པའི་སྐུ། །བདག་ནི་ཡེ་ནས་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་སྤྲོས་དང་བྲལ། །སྤྲོས་བྲལ་སྐྱེ་མེད་བྷ་ག་ནས། །དབང་ཕྱུག་ལས་མཁན་མངའ་བདག་སྐྱེད། །རིག་པའི་སྤྱོད་ཡུལ་ལས་ཀྱིས་འཁོལ། །དེ་ནས་


DNG024_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་ཤི་ས་བསྟན། །དེ་ལྟར་སེམས་ལས་ཁྱོད་བསྐྱེད་ཀྱང་། །སེམས་ཅན་ལས་ཀྱིས་མཚོན་དུ་ཡང་། །ཁྱོད་ཀྱི་མཚོན་པའི་ཕ་མ་ནི། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །དྲི་འདུལ་དྲི་ཟའི་རྒྱལ་མོ་སྟེ། །དུང་གི་ཁོང་སེང་བཅུ་དྲུག་ལ། །མ་ཡི་རུམ་དུ་ཡང་དུམ་བུ་བུ་ལ་བརྒྱན། །གནམ་གྱི་རྒྱལ་པོ་གཙུག་ཕུད་ཅན། །མ་ནི་ལྟེ་མཚོན་རྗེ་སྟེང་སྟེ། །རྡོ་རྗེ་ཁྲོས་པའི་དབང་མོ་ཆེ། །དཔག་བསམ་བུམ་པར་མཚོན་པའི་སྲས། །བཅུད་ཀྱི་རྒྱལ་མོ་ལྟང་འཛིན་མ། །རྒྱ་གར་ནང་ན་སྐུ་བཞུགས་ནས། །ལས་སུ་ལྷོག་པ་དཀར་ནག་གཏོང་། །རྒྱ་ཡི་རྒྱལ་མོ་ཤ་ས་ལེ། །བྷ་ག་ཧྲི་ཏི་རྒན་བྱེད་མ། །གནོད་སྦྱིན་འདུལ་བའི་དབང་མོ་ཆེ། །སྔོ་སྐྱ་སྲོལ་པོས་ཐུགས་དམ་བསྐང་། །བསྐང་ངོ་དམ་ཅན་རྒྱལ་མོ་བསྐང་། །སྲོག་མེད་མདངས་ཀྱིས་ཐུགས་དམ་བསྐང་། །ལྷ་མེད་གཟུགས་ཀྱིས་ཐུགས་དམ་བསྐང་། །བྱོན་པ་ན་ལེ་ཤ་མི་སང་སང་ཧེ་ཧེ་ཀེ་མུ་ཁུ་ལོ་བྷོ། མ་མོ་སྲིད་པའི་བེམ་ལས། མངའ་བདག་ཆེན་མོ་གཙུག་ཕུད་ཅན་བསྐང་བའི་ལེའུའི་སྐབས་སོ།། །།དེ་ནས་མཚོ་སྨན་ཆེན་མོ་སྒྲུབ་པ་ལ། བསྐང་བའི་སྐབས་འདི་གསུངས་སོ། །ལུག་ཆུ་ཁ་དང་ཁྱི་སྔོན་མོ་ཤེལ་མིག་སྦྲུལ་དེ་རྣམས་ཀྱིས་བསྐང་བའོ། །ཧཱུཾ་སྐྱེ་མེད་བྷ་ག་ཀློང་ཆེན་ནས། །སྐྱེད་པ་མེད་པར་སྐུ་འཁྲུངས་ཏེ། །རིགས་པའི་ལྷ་མོ་དཔལ་གྱི་ལྕམ། །མཚོ་སྨན་ཆེན་མོ་ལྟང་འཛིན་མ། །གསེར་གྱི་ཁྲི་ལ་གཡུ་ཡི་གདན་སྟེང་ནས། །ཕྱག་ན་འཕྲུལ་གྱི་མེ་ལོང་བསྣམས། །སྐུ་ནི་མ་བསྐྱེད་བརྟན་པར་བཞུགས། །ཤེལ་མིག་མདངས་ལ་ཐུགས་རེ་འཐད། །སྐུ་མདོག་སྔོན་མོ་ཞགས་པ་ཅན། །སྐུ་ལ་ཉ་ལྕིབས་གོ་ཟུ་གསོལ། །བཞུགས་ནི་རྒྱ་མཚོའི་གཏིང་ན་བཞུགས། །ཆིབས་སུ་སྦྲུལ་ཆེན་ཁྲ་བོ་ཆིབས། །མཛེ་འབྲས་གཏོང་བའི་དབང་མོ་ཆེ། །སྐུ་ཡི་གོ་ཟུ་ཉ་ལྕིབས་འབར། །གསེར་གྱི་སྒྲོག་ཟུངས་མིག་མང་རིས། །མཚོ་ཡི་གཏིང་ནས་མེ་འབར་ཏེ། །ཁ་འབར་མས་ནི་འབུད་པར་བྱེད། །བྱང་ཤར་མཚམས་ན་སྐུ་བཞུགས་ནས། །གསེར་གྱི་ཉག་ཐག་སྐྱོང་མཛད་མ། །


DNG024_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱིས་ཁམས་གསུམ་གསལ་བར་གཟིགས། །འབར་མ་མེ་ཡི་ཞགས་པ་ཅན། །འབར་མ་ཉི་མའི་མིག་གཅིག་མ། །འབར་མ་གློག་གི་ལྕེ་འབྱིན་མ། །མཚོ་སྨན་ཆེན་མོ་ཁྱོད་ཀྱི་མ། །མ་དྲོས་ཀླུ་ནི་ཁྱོད་ཀྱི་ཕ། །མཚོ་སྨན་ཆེན་མོ་ལྟང་འཛིན་མ། །གསེར་གྱི་སྐུ་མཁར་ལྡེམ་པ་ན། །ཟ་འོག་ཉ་མིག་གུར་ཕུབ་ནས། །ཀླུ་མོ་ཀུན་གྱི་འཁོར་གྱིས་བསྐོར། །དམ་ཉམས་དགྲ་བོ་ཕུང་བར་བྱེད། །སྦས་པའི་མ་མོ་སྲུ་མོར་བཟུང་། །ཤེལ་གྱི་ཐོད་གདེངས་དབུ་ལ་བཅིངས། །གཡུ་ཡི་ཆགས་བུ་ཞབས་ལ་གསོལ། །གསེར་གྱི་ལན་ཕྲན་དབུ་ལ་ཚར། །མཚོ་སྨན་ཆེན་མོ་མི་བཟད་མ། །ཁྱོད་ཀྱི་སྐུ་ནི་འཇིགས་པའི་གཟུགས། །སྦྲུལ་ཕྲན་བརྒྱ་ཡི་ཕྱག་གདུབ་ཅན། །ཆུ་སྲིན་སྟོང་གིས་སྙན་ཆ་བྱས། །སྐུ་ལུས་གཅིག་ལ་ལག་པ་སྟོང་། །མཚོ་ལ་རློབ་ཅིང་རྦ་ལ་འཁྲུག །སྲིན་མོ་ཟ་བྱེད་ཁོལ་མོར་འཁོལ། །འབར་མ་གཉིས་དང་སྤུན་དྲུང་གཉིས། །ཅིར་མི་འོངས་པའི་སྤུན་དྲུང་བཞི། །ཕ་མེད་མ་མེད་ཡིད་ཀྱི་བུ། །ཁྱོད་ཉིད་བྱང་ཆུབ་སེམས་ལས་བྱུང་། །ནུ་མའི་དཀྱིལ་ནས་ཉི་མ་འཆར། །སྨུག་མོ་སྟོང་གི་ཁ་བློན་མཛད། །བསྐང་ངོ་མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །མ་མོ་སྲིད་པའི་བེམ་ལས། མཚོ་སྨན་བསྐང་བའི་སྐབས་སོ།། །།ཁ་རྒྱ་སྲོལ་པོ་དང་། ཁྱི་རྒྱ་བོ་དང་། བྱ་ནག་མོ་དང་། དར་མཐིང་ནག་ཡུག་གཅིག་གིས་ཐུགས་དམ་བསྐང་བ་ནི། རྫོང་མོ་དཀའ་བཟློག་མ་སྟེ། ཧཱུཾ་མཁའ་དབྱིངས་རྣམ་པར་དག་པ་ནས། །དཔལ་གྱི་དབང་ཕྱུག་དཀའ་བཟློག་མ། །འཇིག་རྟེན་ཁམས་ཀྱི་མཐུ་མོ་ཆེ། །ལས་ལ་དབང་བསྒྱུར་གསང་བའི་ཡུམ། །ཐུགས་རྗེ་རྒྱུད་བསྐུལ་ཁྲོ་མོ་འབར་མའི་མངག་གཞུག་མཛད། །ལྟེ་བའི་ཕྱོགས་ནས་དྲང་སྲོང་ཆེན་པོ་གཟའ་བརྒྱད་འཆར། །ཁྱོད་ཀྱི་ཐུགས་ལས་ཉི་ཟླ་འཆར། །ཁྱོད་ཀྱི་ཞབས་ཀྱི་མཐེ་བོང་ནས། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འཆར། །ཁྲུ་གང་ཙམ་གྱིས་གནམ་མ་སླེབ། །ཆག་གང་ཙམ་


DNG024_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ས་མ་སླེབ། །བདག་ཉིད་གཟུགས་ཀྱི་ཕུང་པོ་ལས། །རྫོང་མོ་དཔལ་གྱི་དབང་ཕྱུག་བསྐྱེད། །སེམས་ལས་གཟུགས་ཀྱི་ཕུང་པོ་བྱུང་། །སེམས་ཉིད་སྐྱེ་མེད་བྱང་ཆུབ་སེམས། །འདུ་འབྲལ་མེད་པའི་སྐུ་འཁྲུངས་ཏེ། །དཔལ་གྱི་དབང་ཕྱུག་དཀའ་བཟློག་མ། །སྐྱེ་རགས་བཅིངས་ཤིང་ལག་ན་མདུང་ཞགས་ཐོགས། །རལ་གྲི་ཐོགས་ནས་ཁྲག་གིས་མྱོས། །རིན་ཆེན་རལ་པ་གྱེན་ལ་བསྒྲེང་། །སྲིད་པ་གསུམ་ལ་མངའ་མཛད་མ། །ཁྱོད་ཀྱི་སྐུ་ནི་གཉའ་ཤིང་འཛིན་གྱི་ཁ་ན་བཞུགས། །སྐུ་ལ་མེ་རི་ཕུང་པོ་འབར། །ཞལ་ནས་བདུད་རྩིའི་ཆུ་རྒྱུན་འབེབས། །ཁྱོད་ཀྱི་སྐུ་ལ་སྤྱན་མིག་བཞི། །གཡས་ཀྱི་སྤྱན་གྱིས་དྲི་ཟ་འདུལ། །གཡོན་གྱི་སྤྱན་གྱིས་གཤིན་རྗེ་འཚོ། །གཤིན་རྗེ་འདུལ་ཞིང་མི་སྙིང་ཟ། །གཡས་ཀྱི་སྤྱན་གྱིས་གནོད་སྦྱིན་འདུལ། །གཡོན་གྱི་སྤྱན་གྱིས་དགྲ་བགེགས་འདུལ། །བསྐང་ངོ་དམ་ཅན་རྒྱལ་མོ་བསྐང་། །མ་མོ་སྲིད་པའི་བེམ་ ལས། རྫོང་མོ་བསྐང་བའི་ལེའུའི་སྐབས་སོ།། །།མ་མོ་ཁ་འབར་ཀོང་སྒྲ་ཅན་བསྐང་བ་སྟེ། བཙུན་མོ་བཞི་བཅས་ཏེ། ཧཱུཾ་མཁའ་དབྱིངས་ཀློང་ནས་སྐུར་བཞེངས་པའི། །སྲིད་པ་གསུམ་ལ་དབང་བྱེད་པའི། །མངའ་བདག་ཆོས་ཀྱི་དབྱིངས་ནས་བཞེངས། །སྲིད་གསུམ་བྷྱོ་བཟློག་མཛད་པའི་དབང་མོ་ཆེ། །རྟོག་པ་མེད་པའི་ཁང་པ་ནས། །རྟོག་པ་མེད་པའི་ཉག་གཅིག་བཞུགས། །ཅིར་མི་འོངས་པའི་སྤུན་དྲུང་བཞི། །གསང་བའི་དབྱིངས་ནས་སྐུ་བསྐྱོད་ནས། །ལྕགས་མཁར་གྲུ་བཞི་ཁྱམས་བརྒྱད་ན། །གཡུ་ཡི་བད་ལ་གསེར་སྒོ་བཙལ། །བློན་མོ་ཆེན་མོ་ཁྱོད་བཞུགས་ཏེ། །འགྲན་ཟླ་མེད་པའི་ཁ་བློན་མཛད། །སྐྱེ་བ་མེད་པའི་བྷ་ག་ནས། །སྐྱེ་བ་མེད་པའི་སྐུ་འཁྲུངས་ཏེ། །ལས་ནི་སྣ་ཚོགས་རྣམ་བཞི་མཛད། །བལྟར་མེད་སྐུ་ནི་རི་རབ་ཙམ། །འབྱུང་བ་ལྔ་ནི་སྐུ་བསྐྱེད་དེ། །འབྱུང་བ་ནམ་མཁའ་སྟོང་པ་སྟེ། །ལྕགས་མཁར་གྲུ་བཞི་སྟོང་པའི་ངང་། །སྟོང་པའི་ངང་ལས་སྐུ་འཁྲུངས་པས། །སྟོང་པ་སྟོང་པའི་ཐུགས་དམ་བསྐང་། །ཡེ་མེད་སྟོང་པ་


DNG024_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཕྱུག་མ། །དུས་བཞི་ཆ་སྙོམས་རྒྱལ་མོ་བཞི། །སྒྲ་ལིང་བེ་སྣའི་ཀློང་ཆེན་ནས། །བསྐྱེད་པ་མེད་པར་སྐུ་འཁྲུངས་ནས། །ཁ་བློན་ཆེན་མོ་ཁ་འབར་མ། །སྐྲངས་དང་སྐྱུག་པའི་ནད་རྣམས་གཏོང་། །བསྐང་ངོ་བལྟར་མེད་མདངས་ཀྱིས་བསྐང་། །བསྐང་ངོ་བལྟར་མེད་གཟུགས་ཀྱིས་བསྐང་། །སྐྲངས་པ་བྱེ་ཏའི་གླིང་ཆེན་ནས། །ཁ་འབར་ཆེན་མོ་ཀོང་སྒྲ་ཅན། །ལྕགས་མཁར་གྲུ་བཞི་ཁྱམས་བརྒྱད་ནས། །གསེར་སྟན་དར་དཀར་ཡོལ་འོག་ན། །བློན་མོ་ཆེན་མོ་ཀོང་སྒྲ་ཅན། །སྨན་མོ་སྟོང་གི་ཞུས་ཐག་གཅོད། །ཁ་བློན་བརྒྱ་ཡི་དབུས་ན་འགྱིང་། །ཞལ་ནས་ཐོག་དང་སེར་བ་འབེབས། །རླུང་རྟ་སེར་བུ་ཆིབས་མཛད་མ། །རླུང་ཞགས་ཁྲ་བོ་ཕྱག་ན་བསྣམས། །དགྲ་སྡང་རླུང་ལ་སྐུར་དུ་བྱོན། །ཞབས་ཀྱིས་བར་སྣང་ལྷ་ཆེན་གནོན། །སྲིད་གསུམ་སྒྲ་སྒྲོགས་མཐུ་མོ་ཆེ། །སྤྱན་ནས་བདུད་རྩིའི་ཞམ་ཆུ་འབབ། །བདུད་ཀྱི་ཁམས་ཀུན་ཕུང་བར་མཛད། །ཞལ་གྱི་ཚེམས་བར་སོ་གཉིས་ནས། །ཐུ་ལུམ་ཆེན་མོ་རབ་འབར་འདོན། །བདུད་ཀྱི་བྱ་རྒོད་ཆེན་མོ་བརྒྱད། །ལྟག་པའི་དབྱེས་ནས་འཕུར་ཞིང་ལྷབ། །ཟངས་ཀྱི་ཁྱི་མོ་ཆེན་མོ་བཞི། །དཔྲལ་བའི་དབྱེས་ནས་འཁང་ཞིང་ཟུག །སྐྲངས་པ་བྱེ་ཏའི་གླིང་ཤེད་ནས། །སྐྱེ་མེད་རྒྱལ་མོ་ཁྱོད་བཞུགས་ཏེ། །ལེ་བརྒན་རལ་པ་གནམ་ལ་བསྒྲེངས། །དབུ་གསུམ་ཡེ་ཤེས་འབར་བའི་ཀློང་། །ལྕགས་ལས་བྱས་པའི་འཁོར་ལོ་ཡིས། །བདུད་ཀྱི་ཁམས་ཀུན་སྲེག་པར་མཛད། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་ཀྱིས། །སྲིད་པའི་གཙོ་མོ་རྡུལ་དུ་རློག །བར་སྣང་ཁམས་ཀྱི་ལྷ་བྲན་བརྒྱལ། །ལྷ་མོ་རྡོ་རྗེ་རྩལ་རབ་རྩལ། །སྐྲངས་ལྐུགས་གཏོང་བའི་དབང་མོ་ཆེ། །ཆིབས་སུ་ལྐུགས་རྟ་སྔ་སྣ་ཆིབས། །རོལ་དུ་བར་སྣང་གློག་ཆེན་ཁྲིད། །འགྲན་ཟླ་མེད་པར་ཤུལ་ཐག་གཅོད། །ངག་ལྐུགས་གཏོང་བའི་དབང་མོ་ཆེ། །ཀྲྀཥྞ་སཱ་རས་ཐུགས་དམ་བསྐང་། །བློན་མོ་ཆེན་མོ་འབར་བ་མ། །བཙུན་མོ་བ་ལེས་ཐུགས་


DNG024_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །བསྒྲལ་བ་མེད་པར་ཚིམ་གྱུར་ཅིག །ཏ་ཤ་ན་ཡིས་ཐུགས་དམ་བསྐང་། །ཁྱོད་ནི་བཙུན་མོ་གཉིས་ལ་དགྱེས། །བཙུན་མོ་གཉིས་ཀྱིས་ཐུགས་དམ་བསྐང་། །ཐུ་ལུམ་རབ་འབར་གསལ་བ་མོ། །གསང་བའི་ཡུམ་གཅིག་སྒྲ་མོ་ཆེ། །བསྐང་ངོ་དམ་ཅན་རྒྱལ་མོ་བསྐང་། །སེམས་ཅན་འདི་ནི་འབྱུང་བས་སྐྱེད། །འབྱུང་བ་ཡེ་མེད་སྟོང་པ་སྟེ། །འབྱུང་བ་ལྔ་ལ་སྐྱེ་ཤི་མེད། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། །སྐྱེ་ཤི་མེད་པའི་དབྱིངས་ཕྱུག་མ། །བསྐང་རྫས་ཆེན་པོ་འདིས་བསྐང་གིས། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ལྷ་མོ་རྡོ་རྗེ་རྩལ་རབ་འབར་གྱི་ཐུགས་དམ་བསྐང་། །རྒྱལ་མོ་ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཤེས་རབ་གསལ་བའི་དབྱིངས་ཆེན་ནས། །རྒན་བྱེད་ཆེན་མོ་རྡོ་རྗེ་ཁ་འབར་ཀོང་སྒྲ་ཅན། །དུས་བཞི་སྙོམས་པའི་རྒྱལ་མོ་ལ། །བསྐང་ངོ་ཤེས་རབ་དབྱིངས་ཀྱིས་བསྐང་། །བྷྱོ་བ་ཙ་དུ་ལ་བ་ཏེ་ཤ་ན་མུ་ས་རུ་ཙ་ཧཱུཾ་བྷྱོ། མ་མོ་སྲིད་པའི་བེམ་ལས། མ་མོ་ཁ་འབར་ཀོང་སྒྲ་ཅན་གྱི་ཐུགས་དམ་བསྐང་བའི་སྐབས་སོ།། །།ཧཱུཾ་གསང་བའི་དབང་ཕྱུག་ལས་ཀྱི་ཕྲ་མེན་མ། །མཁའ་ཀློང་རྣམ་པར་དག་པའི་དཀྱིལ་འཁོར་ནས། །འབར་བ་མི་བཟད་ཁྲག་ཆེན་འཁྲུགས་པ་མོ། །རྣམ་དག་ཞིང་ལ་བསྟོད་པའི་ཚུལ་སྟོན་པས། །བསྐྱེད་པ་མེད་པར་སྐུ་འཁྲུངས་བྷ་ག་གསལ། །ཤེས་རབ་དབྱིངས་ཆེན་ཡུམ་ཆེན་གསང་བ་མོ། །རབ་འབར་སྒྲ་ཆེན་མ་མོ་མི་བཟད་མ། །སྲིད་གསུམ་འགྲན་ཟླ་མེད་པའི་རྒྱལ་མོ་ཁྱོད། །ཞབས་གཉིས་འཁོར་ལོས་རབ་བརྒྱན་ཏེ། །གླིང་བཞི་ཀུན་ཏུ་ཁྱབ་པར་ཉུལ། །ཁྱོད་ནི་སྟོང་པའི་ངང་ལས་འཁྲུངས། །སྟོང་པ་བལྟར་མེད་ཡེ་ནས་མཚོན་དུ་མེད། །ཡེ་ནས་མཚོན་དུ་མེད་པའི་རྒྱལ་མོ་ཁྱོད། །འཇིག་རྟེན་ཁྱབ་པར་འགྲོ་བའི་དབང་ཕྱུག་མ། །རབ་འབར་སྒྲ་ཅན་དུང་གི་ཐོར་ཚུགས་ཅན། །དོན་དུ་དབྱིངས་ཀྱི་ཡུམ་དྲུག་ཁ་བློན་མཛད། །གསེར་མཁར་ཟོ་བ་རྫོང་གི་ནང་ཤེད་ན། །ཞལ་བསྒོས་རྟག་པའི་རྒྱལ་མོ་ལྔ་ལ་མཛད། །ཉིན་མཚན་མེད་པར་མཁར་གྱི་རྩེ་ལ་བཞུགས། །


DNG024_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་ཆེན་མོ་རབ་འབར་མ། །ནག་མོ་ཚོགས་ཀྱི་ཁ་བློན་མཛད། །ཡེ་ཤེས་འབྱུང་བའི་ངང་ལས་བྱུང་། །སེམས་ཉིད་ཡེ་མེད་མཚོན་དུ་མེད། །མཚོན་དུ་མེད་པའི་ངང་ལས་སྐུ་འཁྲུངས་ཏེ། །སེམས་ཅན་ལས་ཀྱིས་ཁྱོད་ཀྱི་སྐུ་ལ་མཚོན། །སྟོང་གསུམ་དབང་བསྒྱུར་རབ་འབར་མཐུ་མོ་ཆེ། །སེམས་ཅན་ལས་ཀྱིས་ཁྱེད་ཀྱི་སྐུ་མཚོན་ཏེ། །རྟོག་མེད་ཁང་པར་རྟོག་མེད་ཁྱོད་བཞུགས་པ། །སྨྱོ་བ་བེ་ཧའི་གླིང་ཡང་བེ་ཏའི་ཀློང་ཆེན་ཡེ་ལུང་ནས། །སྐུ་མདོག་སྨུག་གུ་གཡུ་ཡི་ལན་ཕྲན་ཅན། །ཞབས་ལ་གསེར་གྱི་འཁོར་ལོས་བཏེགས། །འཛམ་བུའི་གླིང་བཞི་ཁྱབ་པར་ཉུལ། །ལས་སུ་སྨྱོ་འབོག་ནད་ཆེན་བཏང་། །སྔགས་པ་དམ་ཉམས་འཁོར་དུ་ནད་ཆེན་གཏོང་བའི་དབང་མོ་ཆེ། །སྔོན་ཚེ་དུར་ཁྲོད་བསིལ་ཚལ་དུ། །གསང་བའི་མཚན་བཏགས་རྡོ་རྗེ་ཁ་རལ་ཅན། །གསེར་མཁར་ཟོར་བ་གདོང་གི་ནང་ཤེད་ན། །ལས་ཀྱི་རྒྱལ་མོ་སྐུ་བཞུགས་ཏེ། །གསེར་གྱི་ཉག་ཐག་བརྩེགས་པ་ལ། །གཡུ་ཡི་བད་བཏགས་ཡ་ལ་ལ། །མ་མོའི་ནང་ན་འཁུ་ལྡོག་ཆེ། །གཉན་མོ་མི་ཕམ་ཁྱོད་ཀྱིས་ཀྱང་། །སྨྱོ་བ་བེ་ཏའི་གླིང་ཆེན་ནས། །སྔགས་པའི་འཁོར་དུ་སྨྱོ་འབོག་གཏོང་། །ཉམས་པ་རྣམས་ལ་ཆད་པ་ཆོད། །དམ་ཚིག་ཉམས་པའི་གཉེན་དུ་ཆེ། །སྤྱན་རྫི་བ་སྤུ་ཉག་རེ་ལ། །གཟའ་སྐར་རྒྱུག་ཅིང་རྒྱུ་སྐར་འགྱེད། །སྨྱོ་འབོག་གཏོང་བའི་དབང་མོ་ཆེ། །བསྐང་རྫས་ས་པ་ཤ་ནས་བསྐང་། །བསྒྲལ་བ་མེད་པར་ཚིམ་གྱུར་ཅིག །སེམས་ཅན་འདི་ཡི་མདངས་ཆེན་འདིས། །ནམ་མཁའ་སྟོང་པའི་ངང་དང་མཉམ། །བྱ་ཡི་དགེ་བསྙེན་འདི་ཡིས་ཐུགས་དམ་བསྐང་། །སེམས་ཅན་འདི་ལ་དབུགས་ཡོད་དེ། །གཟུང་དུ་མེད་པས་རླུང་དང་མཉམ། །གཟུགས་མེད་དབུགས་ཀྱིས་ཐུགས་དམ་བསྐང་། །སེམས་ཅན་འདི་ལ་གཟུགས་ཡོད་པས། །ཁ་རལ་རྡོ་རྗེ་རྩལ་གྱི་ཐུགས་དམ་བསྐང་། །སྨྱོ་འབོག་གཏོང་བའི་རྒྱལ་མོ་ལ། །མཚོན་དུ་མེད་པའི་གཟུགས་ཀྱིས་བསྐང་། །སྨྱོ་བ་བེ་ཧའི་གླིང་ཆེན་དུ། །དམ་ཚིག་ཉམས་པའི་སྔགས་པ་ལ། །སྨྱོ་འབོག་གཏོང་བ་རྒྱལ་མོ་ཁྱོད་ཀྱིས་གཏོང་། །ཁྱོད་ཀྱི་ཐུགས་དམ་གཡུ་སྐེ་མ་ཡིས་བསྐང་། །བསྐང་བས་ཚིམ་སྟེ་བསྒྲལ་བ་མེད། །སྟོང་པས་སྟོང་པ་བསྒྲལ་བ་ལ། །


DNG024_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་ཞེས་བྱ་བའི་གདགས་གཞི་མེད། །བསྒྲལ་བ་མེད་པར་ཚིམ་གྱུར་ཅིག །བྷྱོ་བ་ན་ཤེ་ཏྲེམ་ཏྲེ་ཏེ་མགུ་སེ་ཧཱུཾ་ཧ་ཧེ་བྷྱོ། མ་མོ་དེ་ནི་ཕུ་རོན་གྱིས་བསྐང་བ་སྟེ། ནག་མོ་ནན་ལྟར་ཁྲོས་ན། བྱ་ཕུ་རོན་གཙོར་བྱས་ལ་དབྱིངས་ཀྱི་ཡུམ་དྲུག་ནས་མར་རྫས་ཚོགས་ཚད་ཀྱིས་བསྐང་བའོ། །འདི་མ་མོ་བསྐང་བའི་ལེའུ་ཆེན་མོ་སྟེ། སྒོ་ནས་གནས་ཀྱི་ཆོ་ག་ཉི་ཤུ་རྩ་གཉིས་པོ་དང་། ཡང་སྒོས་སྐོང་ཡོད་དོ། །དེ་ཡང་སྒོས་སྐོང་ནི། དཀར་མོ་ནག་མོ་སྨུག་མོ་གསུམ་དུ་ཕྱེ་ན། ཟེ་ཚེ་ཀོལ་ནི་སྒོས་སྐོངས་སོ། །སྲིད་པའི་བྷྱོ་བཟློག་གིས་བསྐང་བ་ནི། མ་མོ་སྤྱིའི་སྐོངས་སོ། །གླིང་བཞི་དང་གུར་ཡང་སྤྱིར་བསྐང་བའོ། །རིགས་བཞི་བསྡུས་ཏེ་བསྐང་ན། སྤྱི་བསྒྲུབ་ཆེན་པོས་བསྐང་སྟེ། སྔགས་པ་དམ་ཚིག་ཉམས་ནས་འཁོར་དུ་མ་བཏུབ་པ་དང་། རང་ནད་ཀྱིས་གདུང་བ་ལ། སྤྱི་སྒྲུབ་ལ་སྤྱི་བསྐང་གང་འགྲུབ་པ་བཏགས་ནས་དྲག་ཏུ་བསྐང་ཞིང་། སློབ་དཔོན་ལ་དབང་ནོས་ནས་འགྱོད་པ་སྐྱེས་ནས་བཤགས་ན་འདི་དང་ཕྱི་མ་གཉིས་ཀར་མི་སྒྲིབ་པར་འགྱུར་རོ། །མ་མོ་སྲིད་པའི་བེམ་ལས། མ་མོ་བསྡུས་པ་བརྒྱ་རྩ་བརྒྱད་དང་སྟོང་རྩ་བརྒྱད་ཀྱིས་བསྐང་བ་དང་། ཕོ་འདུས་པ་དང་ས་བདག་དང་། ཀླུའི་བསྐང་བ་ལེའུ་ཆེན་པོའི་སྐབས་སོ།། །།མ་མོ་སྲིད་པའི་བེམ་ལས། གུ་རུ་དཔལ་བཞད་པ་རྩལ་གྱིས་མཛད་པ་རྫོགས་སོ།། །།སླད་ཀྱི་གུ་རུ་འཕྲུལ་བག་གི་ཐུགས་ཀྱི་དགོངས་པའི་བེམ་ཞེས་བྱ་བ་འདི། གུ་རུ་འཕྲུལ་གྱི་གཤོག་རྒོད་རྩལ་དང་བན་ཆུང་ཡང་དབང་གཏེར་གྱིས་བསྒྱུར་བའོ།། །།བདག་འདྲ་བན་ཆུང་སངས་རྒྱས་ཀྱིས། །འཛམ་གླིང་སེམས་ཅན་རྟོག་ཅན་ལ། །ལུང་ཆེན་བསྐང་བ་ལེའུ་ཆེན་པོ་འདི། །ཤོག་རིལ་དཔེ་ཆུང་ཉི་ཤུ་རྩ་བཞིར་སྤེལ། །ཤོག་བུ་ལྔ་ནི་ལོ་ཡི་བཅོས་ཐབས་ཡིན། །དགོས་པ་དེ་ཡིས་ཚང་བར་འགྱུར། །འཛམ་གླིང་སེམས་ཅན་གྲོལ་གྱུར་ཅིག །ཕ་ཚོགས་མ་ཚོགས་མཁའ་འགྲོ་མ། །ཐུགས་དམ་བསྐང་བ་འདི་བསྒྱུར་བས། །བདག་ལ་རྟག་ཏུ་སྐྱོབ་གྱུར་ཅིག །མ་མོ་སྲིད་པའི་བེམ་ཆེན་འདི། །མཐུ་ཆེན་བྱིན་རླབས་བཀྲ་ཤིས་ཤོག །མ་མོ་རྣམས་ཀྱང་འདུ་བར་ཤོག །དབྱིངས་ཀྱི་མ་མོ་འདི་མཆོད་པས། །ཚོགས་གཉིས་རྫོགས་ཏེ་སྒྲིབ་གཉིས་བྱང་། །ཚེ་འདིར་བར་ཆད་ཐམས་ཅད་བཟློག། །།

ནག་པོ་ཆེན་པོ་ལས་མགོན་བྱ་རོག་གདོང་གི་རྒྱུད།


DNG024_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀརྨ་མ་ཧཱ་ཀཱ་ལ་ཁྲ་དྲ་ཏནྟྲ། བོད་སྐད་དུ། ནག་པོ་ཆེན་པོ་ལས་མགོན་བྱ་རོག་གདོང་གི་རྒྱུད། དཔལ་ཁྲག་འཐུང་ནག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན། བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་ལ་ཆོས་སྟོན་པའི་ཚེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཉིད་མ་ཧཱ་ཀཱ་ལ་བྱ་རོག་གདོང་ཅན་དུ་སྤྲུལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དུས་ངན་བསྟན་པ་འབྱུང་བའི་ཚེ། །སངས་རྒྱས་བསྟན་པ་འཇིག་པར་འགྱུར། །མ་ཧཱ་ཀཱ་ལ་ནག་པོ་ཆེ། །དེ་ཡིས་བསྟན་པ་སྲུང་བར་བྱེད། །ལྷ་ཆེན་དཔལ་འབར་ཁྲོས་པ་ཡི། །ཐུགས་མགོན་ནག་པོ་ཆེན་པོ་སྟེ། །དེ་ཡི་ལས་མགོན་བྱ་རོག་གདོང་། །ང་ཡིས་སངས་རྒྱས་བསྟན་པ་བསྲུང་། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་བཞིའི་འཁོར་རྣམས་བསྲུང་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པར་གྱིས། །སྔགས་འཆང་བསྟན་པ་ཁྱོད་ཀྱིས་སྲུངས། །ལས་ཀྱི་མགོན་པོ་བྱ་རོག་གདོང་། །དུས་ངན་རྩོད་པ་དར་བའི་ཚེ། །སངས་རྒྱས་བསྟན་པ་རང་གིས་འཇིག །དེ་དུས་ཁྱོད་ཀྱིས་ལས་སྒྲུབས་ཤིག །ཅེས་བཀའ་སྩལ་ཏོ། །བྱ་རོག་གདོང་གིས་སླར་ཞུས་པ། ང་ཡི་ལས་མཁན་དམར་མོ་རྩ་འཇིབ་ཁྲག་འཇིབ་མ། །འདི་ཡིས་ང་ཡི་ལས་རྣམས་སྒྲུབ། །འཇིགས་བྱེད་དཔའ་བོའི་བཀའ་ལས་ཉན། །ཅེས་གསོལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གིས་སླར་བཅོམ་ལྡན་འདས་ལ་ཞུས་པ། ང་ཡི་ལས་རྣམས་མཚོན་ཆ་འདྲ། །ཞེས་གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་གླེང་གཞིའི་ལེའུ་དང་པོའོ།། །།དེ་ནས་བསྒྲུབ་བསྙེན་ལས་ཀྱི་རིམ་པ་ཡང་། །གསད་དང་བཟློག་དང་གནན་པ་དང་། །བསྲེག་དང་གཏོར་མ་ཏིང་ངེ་འཛིན། །གནད་ལ་དབབ་དང་གཟིར་བ་དང་། །ལྟས་ངན་ཆོ་འཕྲུལ་ཚ་བའི་རིམས། །ཡུམ་གྱིས་གསད་དང་བ་ལིཾ་བཞིས་གསད་དང་། །ཕྱི་ནང་གསང་བའི་རྟེན་བཅའོ། །གའུ་ཐོད་པའི་གཞལ་ཡས་


DNG024_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་། །དེ་ལྟར་རྡོ་རྗེ་འཆང་ལ་སྨྲས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་གཉིས་པའོ།། །།དེ་ནས་བསྙེན་པའི་རིམ་པ་ཡང་། །དུར་ཁྲོད་ས་ནག་བླངས་ནས་ནི། །རོལ་ཆ་སྣ་ཚོགས་དཀྲོལ་ནས་ནི། །དེ་ལ་མཎྜལ་བྱ་བར་གསུངས། །གྲུ་གསུམ་ནག་པོ་ཁ་ཁྱེར་ཅན། །ཁྱི་མོ་ནག་མོའི་གཡང་གཞི་དགྲམ་པར་བྱ། །དེ་སྟེང་བུ་མོ་གཙང་མའི་ཀ་པཱ་ལ། །དེ་སྟེང་གའུ་ཁ་སྦྱོར་ནང་། །གྲི་རྒོད་སྙིང་ལ་འབེན་བྱ་ལ། །དེ་སྟེང་གྲི་གུག་གཞག་པར་བྱ། །སྟེང་ནས་དར་ནག་གུར་ཡང་ཕུབ། །ཕྱི་ནང་གསང་བའི་རྟེན་གཟུག་ལ། །ཤ་ཁྲག་སྣ་ཚོགས་གཏོར་མ་བཤམ། །ཧཱུཾ། ལས་ཀྱི་མགོན་པོ་ནག་པོ་ནི། །ཡན་ལག་ཐུང་ཞིང་གེལ་པ་ཡི། །ཁྲོས་པའི་མདོག་ཅན་བྱ་རོག་གདོང་། །གཡས་ཀྱིས་གྲི་གུག་ནག་པོ་ཐོགས། །གཡོན་པ་བྷན་དམར་ཁྲག་གིས་བཀང་། ། ་མ་ཧཱ་ཀཱ་ལ་གྷུ་ན་ཧྲྀ་ད་ཧཱུཾ་ཕཊ། བསྙེན་པ་གྲངས་ལ་ཐེམ་པར་བསྐྱལ། །བསྟོད་པ་གཏང་ཞིང་མཆོད་པར་བྱ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་གསུམ་པའོ།། །།དེ་ནས་གཏོར་མ་བྱ་བ་ནི། ཤ་སྣ་ཚོགས་པའི་གཏོར་མ་ཤར་དུ་དགོད། །ཁྲག་སྣ་ཚོགས་པའི་གཏོར་མ་ལྷོ་རུ་དགོད། །སྙིང་སྣ་ཚོགས་པའི་གཏོར་མ་ནུབ་ཏུ་གཞག །རུས་སྣ་ཚོགས་པའི་གཏོར་མ་བྱང་དུ་གཞག །དེ་ལ་དམིགས་ལ་བྱིན་གྱིས་བརླབ། །ཨོཾ་ཨཱཿཧཱུཾ། སྦྱང་དང་སྤེལ་དང་བདུད་རྩིར་བསྒྱུར། །ཨཱོཾ་མ་ཧཱ་ཀཱ་ལ་བཛྲ། གྷུ་ན་ཧྲྀ་ད། གྲྀཧྞ་གྲྀཧྞ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། ཆེ་གེ་མོའི་མཱང་ས། རཀྟ་ཙིཏྟ་གོ་རོ་ཙ་ན། བ་སུ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དབུལ་བར་བྱའོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཞི་པའོ།། །།ཕྱི་ནང་གསང་བའི་རྟེན་རྣམས་ནི། །ཕྱི་སྲོག་ལུག་ནག་གཡག་ནག་ལ། །སྙིང་པོ་བྲིས་ལ་རྟེན་དུ་གཟུང་། །ནང་གི་རྟེན་ནི་མདའ་དང་དར་ནག་གསོབ། །སྙིང་པོ་སྔགས་དང་བཅས་པར་བཅིངས། །གསང་བའི་རྟེན་ནི་གྲི་རྒོད་དུ། །གཡུལ་དུ་ཤི་བའི་སྙིང་ནང་དུ། །སྲོག་གི་འཁོར་ལོ་བྲིས་བྱས་ལ། །དར་ནག་གྲིལ་ལ་ལུས་


DNG024_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅིངས། །དེ་ཡིས་ལུས་དང་གྲིབ་མར་འགྱུར། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་ལྔ་པའོ།། །།དེ་ནས་གསད་པར་བྱ་བ་ནི། །ཚ་བ་གསུམ་དང་ནིམ་པ་ཁྲག །ཡུངས་ཀར་ཡུངས་ནག་དུག་དང་ཁྲག །སྐེ་ཚེ་བ་ཡི་རྫས་དང་ཕུབ་རྒོད་རྣམས། །སྐྱེར་པའི་ཤིང་ལ་མེ་སྦར་ནས། །ལས་ཀྱི་མགོན་པོའི་གསད་པ་བྱ། །ཏིང་ངེ་འཛིན་དང་གཏོར་མ་ཡང་། །རྣལ་འབྱོར་པ་ཡིས་རབ་ཏུ་འབད། །ཡུགས་སའི་ཁྱིམ་ནས་མེ་བླངས་ལ། །སྔགས་འདི་བཟླས་པས་བསྲེག་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་གྷུ་ན་ཧྲི་ད་ཧཱུཾ་ཕཊ། གྲྀཧྞ་གྲྀཧྞ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། ཆེ་གེ་མོ་དོམ་དྲ་རྨི་དང་ཀུ་རུ་ཧཱུཾ་ཕཊ། ཅེས་པས་བསྲེག་པར་བྱའོ། །ལས་ཀྱི་མགོན་པོ་བྱ་རོག་གི་རྒྱུད་ལས་ལེའུ་དྲུག་པའོ།། །།ཧཱུཾ་ལས་ཀྱི་མགོན་པོ་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་ལག་ཏུ་ཐོགས། །དམིགས་པའི་ནང་གྲོལ་འདྲད་ཅིང་ཟ། །དེ་ཡི་རྒྱུ་མ་འདྲེན་པར་བྱེད། །རྐང་དང་རུས་པ་སྟོབ་ཅིང་འཆའ། །ཡུམ་ནི་གསོད་བྱེད་ཁྲག་འཇིབ་མ། །ཕྱག་བཞིས་རྐང་དང་སྙིང་དང་ཁྲག །མ་མོ་རྣམས་ཀྱིས་ཤ་ལ་རོལ། །དུར་ཁྲོད་ཆེ་སྤྱད་ལེན་འདུ་རྣམས། །དབང་པོ་རྣམས་དང་ནང་ཁྲོལ་འདྲེན། །འབྱུང་པོ་རྣམས་ཀྱིས་ཤ་ལ་སྤྱོད། །མཆོད་པ་བསྟོད་པ་སྔགས་རྣམས་དྲང་། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བདུན་པའོ།། །།དེ་ནས་ངག་ནི་མནན་པ་ནི། །ས་ནག་དུར་ཁྲོད་སོལ་བ་ལ། །དུག་དང་ཁྲག་གིས་བྱུག་པར་བྱ། །མར་ནག་བྱུག་ལ་འབི་འབི་བྱ། །སྐོལ་ཕོར་ནང་དུ་བཅུག་ནས་ནི། །མ་ཕྱུང་སྐྱེར་པའི་ཕུར་པས་ནི། །བུམ་པ་སླེབས་པར་ཕུག་བྱས་ན། །དེ་ཁུང་ལིངྒ་གཞུག་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་དོམ་དྲ་དྲག་ཤ །ཀིང་ཀ་ར། སྟམ་བྷ་ལཾ་ཀུ་རུ་ལཾ། རྒྱུག་རྒྱུག །དྲེང་དྲེང་། ཐུམ་ཐུམ། བྷྱོ་བྷྱོ། ཁྲག་ལ་ལྕིབ་ལྕིབ། ཆོད་ཆོད། ཐུམ་ཐུམ་སྟྭམྦྷ་ནན། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བརྒྱད་པའོ།། །།ཨོཾ་མ་ཧཱ་ཀཱ་ལ་གྲྀཧྞ་གྲྀཧྞ་ཆེ་གེ་མོའི་མཱང་ས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་


DNG024_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཀཱ་ལ་ཧ་ན་ཧ་ན་ཆེ་གེ་མོའི་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ད་ཧ་ད་ཧ་ཆེ་གེ་མོའི་ཙིཏྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་པ་ཙ་པ་ཙ་ཆེ་གེ་མོའི་ཀོ་རོ་ཙ་ན་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་མཱ་ར་ཡ་ཆེ་གེ་མོའི་བ་སུ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་དགུ་པའོ།། །།དེ་ནས་ཟློག་པར་འདོད་གྱུར་ན། །དུག་དང་ཁྲག་དང་སྐེ་ཚེ་དང་། །ཡུངས་ཀར་ཉུང་ནག་བྲ་བོ་དང་། །སྲན་མ་ཤ་ནི་གཏོར་ཆེན་བྱ། །ལས་མཁན་ཡབ་ཡུམ་ཁ་སྦྱར་ནས། །དམ་ཚིག་མགོན་པོ་བསྐྱེད་ནས་ནི། །ཡེ་ཤེས་མགོན་པོ་བསྡིམ་པར་བྱ། །འཇིག་རྟེན་མགོན་པོ་མཆོད་པར་བྱ། །ལས་ཀྱི་མགོན་པོ་རྦད་པར་བྱ། །མ་ཧཱ་ཀཱ་ལ་དྲག་ཤ །དོམ་ཏྲ་ཏྲག་ལིང་། མ་མ་ལིང་ལིང་། ལྕིབ་ལྕིབ། ཆོད་ཆོད། ཐུམ་ཐུམ་མཱ་ར་ཡ་བཟློག །གཙུར་ཏོར་འོག་ཏུ་སྦ། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་པའོ།། །།དེ་ནས་ལས་བྱེད་མ་འདོད་ན། །རང་ཉིད་དམ་ཚིག་མགོན་པོར་བསྒོམ། །ཡེ་ཤེས་མགོན་པོ་སྤྱན་དྲངས་ལ། །འཇིག་རྟེན་མགོན་ལ་བ་ལིཾ་འབུལ། །ལས་ཀྱི་མགོན་པོ་དཀྲུག་པར་བྱ། །ཕཊ་ཧཱུཾ་ཏ་ཧྲི་ན་གྷུ་ལ་ཀཱ་ཧཱ་མ་ཨོཾ། དྲག་ཤད་མ་མ་ལྕིབ་ལྕིབ་ཆོད་ཆོད་ཐུམ་ཐུམ་གིང་ཀ་ར། ཐུན་རྫས་མགོན་པོའི་གཟུགས་ལ་བརྡེག་ཅིང་ལིངྒ་ལ་བྲབ་པོ། །ཡུལ་ལ་རྦད་དོ། །དེས་རང་དབང་མེད་པར་ལས་བྱེད་དོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་གཅིག་པའོ།། །།དེ་ནས་ཐུན་གྱི་བསྒྲུབ་པ་ཡང་། །ཡུངས་ཀར་ཉུང་ནག་དུག་དང་ཁྲག །ལུག་ནག་སྙིང་དང་གཡག་ནག་སྙིང་། །ཕོ་རོག་མི་ཕོའི་སྙིང་དག་དང་། །ཁྲག་སྐམ་དྲེ་གང་གཡག་རུར་བླུག །ཡང་ན་སུ་བྷི་ནང་དག་ཏུ། །རབས་ཆད་ཕོ་མོའི་ཐོད་ནང་དུ། །སེར་བའི་ཐུན་རྣམས་སྦྲེང་བར་བྱ། །ཡུལ་མི་སྲོག་དང་ཡུལ་སྲུང་མི། །ཐུན་གྱི་ནང་དུ་བཅུག་པར་བྱ། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །འཇིག་རྟེན་མགོན་པོ་རྣམས། །ལྷ་མ་སྲིན་སྡེ་བརྒྱད་སྟེ། །གསེར་གྱི་རི་བདུན་ནས། །གསེར་གྱི་ཟོར་བ་ཐོགས། །མེ་ཏོག་འཇོམས་


DNG024_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །ཨོཾ་མ་ཧཱ་ཀཱ་ལ་དོམ་ཏྲ་ཏྲག་ཤད། བདུད་ཁྲོམ། མ་ཧཱ་ལ་སེར་ཕྲོམ། ཤུན་ཏིང་སྨིན་ཕྲོམ། ཤར་ཤར་དྲག་ཏུ་ཕོབ། ནལ་ནལ་ཆེམ་ཆེམ། ཕྲོམ་ཕྲོམ། ཤར་ཤར་ནག་ནག་བདུད་ཕྲོམ་གྷུན་ཧྲཱྀ་ད་ཏྲག་ཤད། ལིང་ལིང་འུར་འུར། ལྷོགས་ལྷོགས། འཁྲུག་མ་ལམ། ཕུ་ཕུ་ནཱ་ག་ཧུར་ཐུམས། ཆེམ་ཆེམ་ཕྲོམ་ནལ་ཕྲོམ་ནལ། སརྦ་ཤ་ཏྲཱུ་ཨ་མུ་ཀའི་ལོ་ཏོག་སྣ་ཚོགས་མ་ཧཱ་ཀཱ་ལ་དུ་པེ་ཤ་ཤ་ཤུ་ཤུ་གིང་ཀ་ར། མ་རུ་ཙེ་མར་གུ་ལམ། ཕྲོམ་ཕྲོམ། ན་ག་ཤུ་བོ་ཧོ་ལ་མ། མ་མ་རག་མོ་ཛ་ཛ་ཕོབ། ཅེས་རྟགས་ལ་ཐུག་གི་བར་དུ་བཟླས་སོ། །གཟའ་བདུད་རཱ་ཧུ་ལ་དང་སྦྱར་རོ། །ཐུན་འོད་འབྱུང་གློག་གིས་བར་སྣང་ཁེངས། འབྲུག་གིས་ས་གཞི་གཡོས། ཐུན་ལ་སེར་བ་དངོས་སུ་འོང་། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་གཉིས་པའོ།། །།ཡེ་ཤེས་མགོན་པོ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་འོ། །འཇིག་རྟེན་མགོན་པོ་ནི་ལྷ་མ་སྲིན་སྡེ་བརྒྱད་དོ། །ལས་ཀྱི་མགོན་པོ་ནི་བྱ་རོག་གདོང་ཅན་ཡིན། མ་མོ་རྩ་སྲོག་ཁྲག་འཇིབ་མས་ལས་བྱེད་དོ། །ཆོས་འཁོར་བསྲུང་ན་ཁོ་ལ་གཉེར་གཏད་དོ། །ནོར་བསྲུང་ན་རྟེན་གསུམ་རྟག་ཏུ་བཅད། །གང་འདོད་རྦོད་ན་གསང་རྟེན་ལུས་ལ་འཆང་། །མི་སྙིང་བསྒུལ་ན་གཏོར་མ་དུས་གསུམ་གཏང་། །དངོས་གྲུབ་འདོད་ན་མཆོད་པ་རྟག་ཏུ་འབར་རོ། །དང་པོ་བསྙེན་པའི་ལས་ནི་ཤིན་ཏུ་གཅེས། །བྱ་ནག་མི་ནག་གཡག་ནག་དང་། །མ་མོ་གླུ་ལེན་གར་བྱེད་དང་། །རྩམ་ཙམ་རང་ཡང་ལྔ་དང་ཤྭ་འུད་དང་། །གྲངས་དང་སེར་བ་དངོས་སུ་འབྱུང་། །ཐོག་དང་འུར་སྒྲ་ཆེན་པོ་དང་། །དར་ནག་ཐོགས་དང་དུང་དཀར་འབུད། །ལྕེ་ལ་མེ་ཏོག་སྐྱེས་པ་དང་། །རྒྱལ་པོའི་ཚུལ་དུ་དབང་བསྐུར་བའོ། །ལུང་བསྟན་འབྱུང་དང་སྐད་སྙན་འབོད། །རྨི་ལྟས་གསལ་པོར་སྟོན་པ་ནི། །ལས་མགོན་བྱ་རོག་གདོང་གི་ལྟས། །དངོས་སུ་བྱུང་ན་མ་མོའི་རྟགས། །དེས་ལས་གང་ཡང་ཐོགས་པ་མེད་དོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་གསུམ་


DNG024_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།མཛེ་ཐོད་སྐྱ་བོ་ཤ་མེད་ལ། །ལས་ཀྱི་མགོན་པོ་ཡབ་ཡུམ་སྦྱར། །དུག་དང་ཚ་བ་སྐེ་ཚེ་དང་། །ཉ་སྦྲུལ་སྦལ་བ་ལྕོང་མོའི་ཤ །ལིངྒ་གཏུབ་ནས་སྦལ་པའི་གཟུགས། །འོ་མ་མར་དང་སྦྲང་རྩིས་མཆོད། །ཨོཾ་མ་ཧཱ་ཀཱ་ལ་ཡ། ནཱ་ག་མཱ་ར་ན་ཏྲག་ཤད། ཐུམ་ཐུམ་ཆོད་ཆོད། རྩ་ཁྲོལ་ནཱ་ག་གུང་ལིང་ལིང་། འཇིབ་འཇིབ། ཏྲག་རག་ཤ་མཱ་ར་ཡ་ནཱ་ག་རྩད་ནས་ཆོད། ཏྲག་ཤད་ཆེ་གེ་མོའི་ཙིཏྟ་ ཧུར་ཐུམ་རྦད་སོད། ཅེས་ཐུན་དུ་བྲབ་པོ། །བསྐྱེད་ཅིང་བསྡིམ་པ་དང་། མཆོད་ཅིང་བཅིང་བའོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་བཞི་པའོ།། །།འབྲས་དང་ཞོ་དང་འོ་མ་དང་། །ཏིལ་དང་ཁྲེ་དང་སྲན་མའི་ཆན། །དེ་ལ་གཏོར་ཆེན་རབ་ཏུ་བྱ། །ཆང་གིས་བཀང་ལ་མར་མེ་བལྟམ། །རོལ་ཆ་དཀྲོལ་ཞིང་དུང་ཡང་འབུད། །དགེ་འདུན་རྣམས་ཀྱིས་སྣ་དྲངས་ལ། །དམོད་དང་བཅོལ་བའི་ལས་རྣམས་ལ། །བསྐོར་བ་བྱ་ཞིང་ལས་མགོན་རྦད། །ཡུལ་ཁམས་བསྐོར་ཞིང་གཙང་སར་སྐྱོལ། །རིམས་དང་འཁྲུག་པ་ཞི་བར་འགྱུར། །ལས་ཀྱི་མགོན་པོ་བྱ་རོག་གདོང་དེ། རྒྱལ་པོ་རྣམ་ཐོས་ཀྱི་ཐུགས་ཀར་ཐིམ་མོ། །རྣམ་ཐོས་སྲས་ཀྱིས་སླར་བཅོམ་ལྡན་འདས་ལ་གསོལ་པ། ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །དགེ་འདུན་མི་བཙུན་ཆོས་མི་དར། །དུས་ངན་སྡེ་འཁྲུགས་མཚོན་གྱིས་གསོད། །སེར་ཆགས་རྣམས་ནི་མཚོན་གྱིས་གསོད། །སྐྱེ་བོ་རྣམས་ནི་དུག་གིས་གསོད། །གསང་སྔགས་རྒྱུད་སྡེ་ནུབ་ནས་ནི། །མུ་སྟེགས་ལོག་ཆོས་དར་བའི་དུས། །དེ་དུས་བསྟན་པ་འདི་ཡིས་སྲུང་། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་ཐོས་ཀྱི་བུ་གནོད་སྦྱིན་གདུག་པ་ཅན། ངའི་འཁོར་རྣམ་བཞི་ཁྱོད་ཀྱིས་སྐྱོངས་ཤིག །དགེ་འདུན་གྱི་བསྟན་པ་ཁྱོད་ལ་གཏད་དོ། །བྱ་རོག་གདོང་ཅན་ཁྱོད་ཀྱིས་ཟུང་། །སྦས་པ་ཡུམ་གྱིས་རྒྱུན་དུ་ཟུང་། །གསང་བར་སྦས་སོ་རྒྱུན་དུ་ཟུང་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་རྒྱལ་པོ་རྣམ་ཐོས་རྗེས་སུ་ཡི་རང་ངོ་། །ལས་ཀྱི་མགོན་པོ་བྱ་རོག་
གདོང་གི་རྒྱུད་ལས། ཡོངས་སུ་བཟུང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་རྫོགས་སོ། །སྣ་ནམ་གྱི་འགྱུར།། །།

བདུད་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་མདོ་སྙིང་གཟེར་ནག་པོའི་རྒྱུད་ཆེན་པོ།


DNG024_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀི་ཀང་ཀྲག་ཙ་ནེ་ནལ་ཚབ་དུ་སེབ་ལིང་། ཤན་པ་པྲ་ལིང་སད་རག་ཤ་སེན་སེན་ས་རི་ལིང་གུ་ཧྱ་ཏ་ན་རཱ་ཛ་ཙིཏྟ་ཧ་ལ་མ་ཧཱ་ཏནྟྲ། བོད་སྐད་དུ། བདུད་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་མདོ་སྙིང་གཟེར་ནག་པོའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག །བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གཞོན་ནུ་འོག་མིན་གྱི་མཐའ་དང་དབུས་མེད་པ། སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འདོད་པའི་ཡོན་ཏན་ལྔ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་སྤྲས་པའི་གཞལ་ཡས་ཁང་ན། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་དང་། ཐབས་ཅིག་ཏུ་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་པ་ལས། ཐུགས་ཞི་བས་མི་ཐུལ་བའི་གདུག་པ་ཅན་དང་། ཡ་མ་དམ་སྲི་ལ་སོགས་པ་ལོག་འདྲེན་ཅན་རྣམས་དང་། འགལ་བྱེད་ཆམ་ལ་དབབ་པའི་ཆེད་དུ། བཅོམ་ལྡན་འདས་ཉིད་གདུག་པ་སྤ་བཀོང་མི་བསྒྲུངས་ཀུན་འདུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞུགས་མ་ཐག་ཏུ་འཇིགས་བྱེད་ཁྲག་འཐུང་གི་སྐུ། རྡོ་སྟང་ཟིལ་བཅག་པའི་འཕྲོ་ལྟར་ནག་ལ་འཚེར་ཞིང་རྔོམ་བརྗིད་ལྡན་པ། དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་ཀྱིས་བཀླུབས་ཤིང་། གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས་པ། ཞབས་གཉིས་ན་རག་དམྱལ་བའི་བསྟན་པ་གཟིར་ཞིང་། སྣང་སྲིད་ཁོང་སྟོང་ན་འཕྱོ་བ་ཞིག་དབྱིངས་ལས་མངོན་དུ་ཤར་ཏེ། གནས་ཚད་དང་དཔག་པ་ལས་འདས་ཤིང་། རྩེ་མོ་ཀུན་ཏུ་མ་ཆད་པ། དུར་ཁྲོད་ཀྱི་ལོང་ལོང་འཕྱོ་བ་ན། འཁོར་གྱི་གཙོ་བོར་གྱུར་པ། རྡོ་རྗེ་འཛིན་པ་ཆེན་པོ་དང་། རྒྱལ་པོ་དང་། རྒྱལ་ཐེབས་དང་། རྒྱལ་ཕྲན་དང་།


DNG024_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བློན་དང་། ཕྱི་བློན་ལ་སོགས་པ་རེ་རེའི་འཁོར་ན་ཡང་། ནད་གཏོང་བ་དང་ཁྲམ་འདེབས་མི་བསྒྲུངས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དག་དང་། གཞན་ཡང་འདོད་པའི་གཙོ་མོའི་ཚོགས། རྒྱལ་མོ་དང་། རྒྱལ་མོའི་རྒྱལ་མོ་དང་། རྒྱལ་ཐེབས་མོ་དང་། བློན་མོ་དང་། བྲན་མོ་དང་། གཡོག་མོའི་ཚོགས་རེ་རེའི་འཁོར་ན་ཡང་། འདུ་བ་རྣམས་བཞི་ནད་ཀྱི་བདག་མོ་དང་། བཞི་བརྒྱ་རྩ་བཞིའི་ནད་གཏོང་བའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཐབས་ཅིག་ཏུ་བཞུགས་སོ། །ཡུམ་བཻ་ཏཱ་ལི་དང་། ཨེ་ཀ་ཛ་ཊིས་ཀྱང་མདུན་གྱིས་བལྟས་ནས། སྐུ་ལ་རྣམ་པར་འཁྲིལ་ཏེ་གནས་སོ། །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། འོད་ཟེར་སྣ་ལྔ་དུག་ལྔ་ཀུན་སྡུད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞུགས་མ་ཐག་ཏུ་ཡུམ་བཻ་ཏཱ་ལིས་ཨ་ཧོ་ཞེས་སྨིན་མཚམས་གློག་འགྱུ་བའི་བརྡ་གཅིག་མཛད་པས། འཇིགས་བྱེད་ཆེན་པོས་ཀྱང་བསྐུལ་བ་དེ་ཐུགས་སུ་ཆུད་ནས། ཨ་ཧོ་སུ་ཁ་ཞེས་བྱ་བ་བྱང་ཆུབ་སེམས་ཀྱི་ཆར་ཡུམ་གྱི་མཁའ་ལ་མངོན་པར་བབ་ནས་རོལ་པ་མཛད་པས་འཁོར་རྣམས་དང་དགྱེས་པའི་རོ་དུས་གཅིག་ཏུ་བསྟར་ཏེ། འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སྤྲོས་པས། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་ནས་བདེ་བ་ལ་བཀོད་དེ། འོད་ཟེར་དེ་དག་གིས་ཁམས་གསུམ་གྱི་གདུག་པ་ཅན་དང་། ཕྱིན་ཅི་ལོག་གི་དུག་ལྔ་དང་། མི་དགེ་བ་བཅུ་ལ་སོགས་པའི་བཅུད་ཐམས་ཅད་བསྡུས་ནས་ཉིད་ཀྱི་སྐུ་ལ་ཐིམ་པར་མཛད་དོ། །དེ་ནས་གཉིས་སུ་མེད་པའི་རོལ་པ་ལས་ཞེ་སྡང་གི་འོད་ཟེར་ནག་པོ་དང་། ང་རྒྱལ་གྱི་འོད་ཟེར་སེར་པོ་དང་། ཕྲག་དོག་གི་འོད་ཟེར་ལྗང་གུ་ལ་སོགས་པ། རི་རབ་ཀྱི་རྩེ་ལ་གཡུང་དྲུང་གི་གནས་སུ་འཕྲོ་བ་ལས་སྲིན་པོ་ཡག་ཤ་ཛྭ་ལ་འབར་བར་གྱུར་ཏེ། རི་རབ་ཀྱི་རྩེ་ན་ཞེ་སྡང་གི་མེ་འབར་ཞིང་གནས་སོ། །འདོད་ཆགས་ཀྱི་འོད་ཟེར་དམར་པོ་དང་། གཏི་མུག་གི་འོད་ཟེར་དུད་ཀ་རྒྱ་མཚོའི་གཏིང་དུ་འཕྲོས་པ་ལས། འབྲས་བུ་ཀླུ་མོ་ཡག་ཤ་མོར་གྱུར་ཏེ། རྒྱ་མཚོའི་གཏིང་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་


DNG024_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གནས་པ་ལས། ཡུམ་བཻ་ཏ་ལཱིས་འཛུམ་པའི་མདངས་ཀྱིས། ཀླུ་མོ་རྡོ་རྗེ་ཡག་ཤ་མོ་ལ་གཟིགས་ནས། འདོད་ཆགས་ཀྱི་ཟིལ་པ་དང་བཅས་པའི་ལྗགས་ཀྱིས་བརྡའ་ཞིག་མཛད་པས། ཀླུ་མོ་རྡོ་རྗེ་ཡག་ཤ་མོ་ཡང་ཡིད་གཡོ་བའི་འདོད་ཆགས་དྲག་པོ་སྐྱེས་ཏེ། ཀྷི་ཀྷི་ཞེས་བྱ་བའི་འདོད་ཆགས་ཀྱི་སྐད་དྲག་པོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ཙམ་བྱུང་ངོ་། །བྱུང་མ་ཐག་ཏུ་རི་རབ་ཀྱི་རྩེ་ལ་གནས་པའི་སྲིན་པོ་ཡག་ཤ་འབར་བ་ཡང་། ཡིད་གཡོ་བའི་འདོད་ཆགས་དྲག་པོ་རབ་ཏུ་སྐྱེས་ནས། ཀྷ་ཀྷ་ཞེས་བྱ་བའི་སྒྲ་སྐད་ཆེན་པོ་འབྲུག་སྟོང་དུས་གཅིག་ལྡིར་བ་ཙམ་བྱུང་ངོ་། །བྱུང་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་སྟོང་གསུམ་དུས་གཅིག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ཆེམ་རབ་ཏུ་ཆེམ། ཀུན་ཏུ་རབ་ཏུ་ཆེམ། འུར་རབ་ཏུ་འུར། ཀུན་དུ་རབ་ཏུ་འུར། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག །ཤིག་རབ་ཏུ་ཤིག །ཀུན་དུ་རབ་ཏུ་ཤིག །མཐའ་མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་ན་གནས་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། འབྱུང་པོ་དང་། གྲུལ་བུམ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྐེམ་བྱེད་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། གྲིབ་གནོན་དང་། གནོན་པོ་དང་། ནམ་གྲུ་ལ་སོགས་པའི་མི་བསྒྲུངས་པའི་ཚོགས་ཐམས་ཅད་སྔངས་ཤིང་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། འཕགས་པའི་ནང་ནས་འཕགས་པ་གཤིན་རྗེའི་གཤེད། །དབྱིངས་དང་ཡེ་ཤེས་གཉིས་མེད་འོད་ཟེར་གྱིས། །སྣང་སྲིད་དུག་ལྔ་བསྡུས་པའི་བྱིན་རླབས་ནི། །ཀི་ཀང་སྒྲ་སྐད་འབྲུག་སྟོང་ལྡིར་ཙམ་ན། །སྟོང་གསུམ་དུས་གཅིག་གཡོས་པ་ངོ་མཚར་ཆེ། །བདག་ཅག་རྣམས་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་གླེངས་ནས། རང་རང་


DNG024_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནས་སུ་དེངས་སོ། །དེ་ནས་སྲིན་པོ་ཡག་ཤ་ཛྭ་ལ་རི་རབ་ཀྱི་རྩེ་ལ་ཞེ་སྡང་གི་མེ་འབར་བ་དང་། ཀླུ་མོ་རྡོ་རྗེ་ཡག་ཤ་མོ་རྒྱ་མཚོའི་གཏིང་ནས་འདོད་ཆགས་ཁྲག་མཚོར་འཁྱིལ་པ་གཉིས་ལུས་མ་ཕྲད་པར་ཀིང་ཀང་གི་སྒྲས་བསྐུལ་ཏེ་ཡིད་ཀྱིས་བཤོས་པ་ལས། བུ་མིང་སྲིང་ལྔ་མཚེ་མར་སྐྱེས་སོ། །བུ་མོ་སྤུན་བཞི་མིང་པོ་དང་ལྔའོ། །མིང་པོ་ཀི་ཀང་ཕུང་བྱེད་ཆེན་པོ་དང་། སྲིན་མོ་ཀི་ཀང་མགོ་བརྙན་མ་བཞིར་གྱུར་ནས། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཟ་ཞིང་འཆའ་སྟེ། འཇིག་རྟེན་ཕུང་བ་ལ་ཐུག་པར་གྱུར་པ་ལས། བཅོམ་ལྡན་འདས་འཇིགས་བྱེད་གཤིན་རྗེའི་གཤེད་པོས་འཁོར་ལོ་གཅིག་མིང་པོ་ལ་བརྒྱབ་པས་ལུས་དུམ་བུ་བརྒྱད་དུ་གཏུབས་ཏེ། བཅོམ་ལྡན་འདས་ཀྱི་སྐུ་དཔག་པ་ལས་འདས་པའི་ཁོང་སྟོང་དུ་སྣང་སྲིད་བཅུག་ནས་ཐུགས་རིན་པོ་ཆེའི་ཡང་རང་བཞིན་གྱི་ཁོང་སེང་། ཀུན་རིག་གི་གའུ་ནས་རིན་པོ་ཆེ་གསེར་གྱི་འཁོར་ལོ་རྩིབས་བཞི་པ་གཅིག་བཏོན་པའི་མཐའ་རྒྱ་མཚོ་ཆེན་པོ་བཞི་དང་། རོལ་མཚོ་བདུན་གྱིས་ནི་བསྐོར། གསེར་གྱི་རི་བདུན་གྱིས་འཁོར་བར་བཅད། དེ་ལྟར་བྱས་པའི་ཕྱོགས་བཞི་མཚམས་བརྒྱད་དུ། ཀི་ཀང་ཆེན་པོ་གཟིར་ཏེ། མགོ་ལྷོ་ནུབ་བྱུང་སྟེ་དགོད། ཤར་ལྷོ་ལག་པ་གཡས་པ་དགོད། བྱང་ནུབ་ཏུ་ལག་པ་གཡོན་པ་དགོད། བྱང་ཤར་དུ་རྐང་པ་གཉིས་དགོད། ཤར་དུ་མཇུག་མ་དགོད། ལྷོ་རུ་དཔུང་པ་གཡས་དགོད། ནུབ་ཏུ་དཔུང་པ་གཡོན་དགོད། བྱང་དུ་ཆུ་སོ་དགོད། རྐང་པ་གཉིས་ཀྱི་བར་དུ་མིག་དང་མཆེ་བ་སྙིང་གསུམ་དགོད། རི་རབ་ཀྱི་གྲྭ་མཚམས་སུ་སྲིང་མོ་བཞི་དགོད་དོ། །དེ་ལྟར་བཀྲམ་ཞིང་སྦས་པ་ལས་སྦ་རུ་མ་བཏུབ་སྟེ། ལུས་དེ་དུམ་བུ་རེ་རེ་ལས། ཀི་ཀང་རེ་རེ་བྱུང་སྟེ། ཤིན་ཏུ་ཡང་འཇིག་རྟེན་གཡོས་སོ། །སྲིང་མོ་ཡང་སྦ་རུ་མ་བཏུབ་སྟེ། གྲྭ་བཞི་ནས་ལངས་ནས། སྲིད་པ་གསུམ་གྱི་སེམས་ཅན་ལ་ཤིན་ཏུ་ཡང་དུས་དང་རྣམ་པ་མེད་པར་ཟ་ཞིང་འཆའ་བ་དང་། སྦྱོར་བ་ངན་པ་གཏོང་བ་ལས། ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས་ཁམས་གསུམ་དབང་དུ་བསྡུས། སྲིད་གསུམ་ཟིལ་གྱིས་མནན། སྟོང་


DNG024_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་ནག་བཞིན་དུ་གཏིབས་ཏེ། ཐུགས་ཡེ་ཤེས་ཀྱི་ཉི་ཟེར་གྱི་རྩེ་ལ། ལྕགས་ཀྱུའི་ཚོགས་དང་། ཞགས་པའི་ཚོགས་དང་། ལྕགས་སྒྲོག་གི་ཚོགས་དང་། དྲིལ་བུའི་ཚོགས་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ། ཧཱུཾ་ཧཱུཾ་ཕཊ། ཧ་ལ་ཧ་ལ་ཛཿཧཱུཾ་བཾ་ཧོཿ། ཨེ་ཨ་རལླི་ཧྲིང་ཛ་ཛ། ཞེས་འབྲུག་སྟོང་དུས་གཅིག་ལྡིར་བ་ཙམ་གྱི་སྒྲ་བསྒྲགས་ནས་དབང་དུ་བསྡུས་པས། ཀི་ཀང་མིང་པོ་དང་། སྲིང་མོར་བཅས་པ། དྲེད་རབ་ཏུ་དྲེད། ཀུན་ཏུ་རབ་ཏུ་དྲེད། འདར་རབ་ཏུ་འདར། ཀུན་ཏུ་རབ་ཏུ་འདར། སྔངས་རབ་ཏུ་སྔངས། ཀུན་ཏུ་རབ་ཏུ་སྔངས་ནས། བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། །བདག་ཅག་ཀི་ཀང་མིང་སྲིང་རྣམས། །ཕ་ལ་གདུག་པའི་བུ་ལགས་པས། །སྣང་སྲིད་སྲོག་ཆགས་མ་ལུས་ཀུན། །སུ་འཕྲད་ཁྱུར་མིད་འཆའ་བ་དང་། །སྦྱོར་བ་ངན་པ་གཏོང་བ་དང་། །ལོ་ཏོག་འཇོམས་པའི་ལས་འདི་དག །བདག་ཅག་རྣམས་ཀྱི་རང་ལས་ན། །དཔའ་བོ་ཆེན་པོ་ཅི་ལ་བཀྱོན། །སྔར་ཡང་དཔའ་བོ་ཆེན་པོ་ཡིས། །བདག་གི་ལུས་གཏུབས་ཕྱོགས་བཅུར་སྦས། །འདི་ཡང་ཤིན་ཏུ་མ་ལེགས་སོ། །ཐུགས་རྗེ་འདྲེང་ཡང་མི་མངའ་འམ། །གཙོ་བོ་ཆེན་པོ་ཁྱོད་ཉིད་ནི། །ཐུགས་རྗེ་བྱམས་པའི་མངའ་བདག་ན། །འདི་ལྟའི་ཆོ་འཕྲུལ་ཅི་ལ་སྟོན། །གདུག་པའི་གསུང་སྒྲ་ཅི་ལ་སྒྲོགས། །ཐུགས་ཀྱི་སྤྲུལ་པ་ཅི་ལ་འགྱེད། །དཔའ་བོ་ཆེན་པོ་བདག་ཅག་ལ། །བཀའ་བབ་མི་འཚལ་འབངས་སུ་མཆི། །འབངས་ལ་ནན་ཏན་མ་ཆུང་ཞིག །ཅེས་གསོལ་ཏོ། །སྤྱི་སྡོམ་སྲོག་སྙིང་འདི་མདོངས་གསོལ་དུ་ཕུལ་ལོ། །ཨ་ཡ་མ་དུ་རུ་ཙ་ཤན་ལ་བཛྲ་མ་མ་ཏིང་ལ་བོ་ཨ་ཏྲ་བཛྲ་ལི་ཕི་མ་རོ་ཏྲི་ཛྭ། བདག་ཅག་རྣམས་ཀྱི་སྲོག་ཏིག་སྟེ། །དཔའ་བོ་ལྷ་རྗེས་བཞེས་སུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ཀི་ཀང་ཆེན་པོ་དག །


DNG024_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དུས་དུས་ཐམས་ཅད་དུ། །སེམས་ཅན་རྣམས་ལ་སྦྱོར་ངན་མ་གཏོང་བར། །ཀོང་ཙེར་འཇུག་པའི་ཚེས་གྲངས་དང་། །ཀི་ཀང་རྒྱུ་བའི་ཚེས་གྲངས་དང་། །དུས་དང་དུས་ཚོད་རྒྱུ་ཕྱོགས་དང་། །སོ་སོའི་མིང་རེ་དཔོན་སྣ་རེ་བསྐོ་ཡིས། །ང་ཡི་དམ་ལས་མ་འདའ་ཞིག །འོན་ཀྱང་སེམས་ཅན་བདེ་བ་ལས། །ཁྱོད་ཀྱང་ཡིད་བདེ་བར་ནི་འགྱུར། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཀི་ཀང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། འཇིགས་བྱེད་ཆེན་པོ་བཀའ་སྩོལ་ཅིག །བྱམས་མགོན་ཆེན་པོ་བཀའ་སྩོལ་ཅིག །ཀོང་ཙེར་འཇུག་པའི་ཚེས་གྲངས་གང་། །ཀི་ཀང་རྒྱུ་བའི་ཚེས་གྲངས་གང་། །རྒྱུ་བའི་དུས་ནི་གང་ལ་བགྱི། །དུས་ཀྱི་ཚོད་ནི་གང་ལ་བགྱི། །ཕྱོགས་ནི་གང་ནས་གང་ལ་རྒྱུ། །བདག་ཅག་མིང་སྲིང་འདི་རྣམས་ཀྱི། །མིང་གི་མཚན་ཉིད་ཇི་ལྟར་ལགས། །དཔོན་སྣ་བགྱི་ན་ཇི་ལྟར་བགྱི། །བདག་ཅག་དམ་ལས་མི་འདའ་ཡིས། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དགྱེས་ཏེ། ཞལ་འཛུམ་པ་མཛད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྭ་ཡེ་ཀི་ཀང་མིང་སྲིང་རྣམས། །ཉོན་ཅིག་ཁྱོད་རྣམས་གུས་པས་ཉོན། །ངས་གསུང་བ་ལ་སེམས་ཐུད་ཅིག །ཀོང་ཙེར་འཇུག་པའི་ཚེས་གྲངས་ནི། །བཞི་དང་བརྒྱད་དང་བཅུ་གཅིག་དང་། །བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས། །ཉི་ཤུ་ལྔ་དང་ཉི་ཤུ་དགུ། །དེ་ལ་ཀོང་ཙེར་འདུག་པར་བྱེད། །ཀི་ཀང་རྒྱུ་བའི་ཚེས་གྲངས་ནི། །ལྔ་དང་དགུ་དང་བཅུ་གཉིས་དང་། །བཅུ་དྲུག་བཅུ་དགུ་ཉི་ཤུ་གསུམ། །ཉི་ཤུ་དྲུག་དང་གནམ་སྟོང་ལ། །ཀི་ཀང་རྒྱུ་བ་ཤེས་པར་བྱོས། །རྒྱུ་བའི་དུས་རྣམས་སྟོན་པ་ནི། །ཕྱོགས་བཞི་མཚན་མོ་རྒྱུ་བ་དང་། །མཚམས་བཞི་ཉིན་མོ་རྒྱུ་བ་ནི། །རྒྱུ་བའི་དུས་སུ་ཤེས་པར་བྱ། །དུས་ཀྱི་ཚོད་རྣམས་བསྟན་པ་ནི། །སྲོད་དང་སྔ་དྲོ་དང་པོ་དང་། །ནམ་གྱི་ཕྱི་དབྱིངས་ཀྱང་དང་ཉི་མ་ཕྱེད། །ནམ་ཕྱེད་ཉི་མ་མྱུར་ཆེན་དང་། །སྐྱ་རེངས་ཤར་དང་མྱུར་ཆུང་རྣམས། །དུས་ཀྱི་ཚོད་དུ་ཤེས་པར་བྱ། །དེ་ནས་རྒྱུ་བའི་ཕྱོགས་བསྟན་ཏེ། །ནུབ་ནས་ཤར་དུ་རྒྱུ་བ་དང་། །ཤར་ལྷོ་མཚམས་ནས་ནུབ་བྱང་དུའོ། །


DNG024_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ནས་ལྷོ་རུ་རྒྱུ་བ་དང་། །ལྷོ་ནུབ་མཚམས་ནས་བྱང་ཤར་དུའོ། །ཤར་ནས་ནུབ་དུ་རྒྱུ་བ་དང་། །ནུབ་བྱང་མཚམས་ནས་ལྷོ་ཤར་དུའོ། །ལྷོ་ནས་བྱང་དུ་རྒྱུ་བ་དང་། །བྱང་ཤར་མཚམས་ནས་ལྷོ་ནུབ་ཏུའོ། །རྒྱུ་བའི་ཕྱོགས་ནི་དེ་ལྟར་བྱོས། །དེ་ནས་མིང་ཡང་ངས་གདགས་ཀྱི། །མགོ་ལས་སྤྲུལ་པ་ཆེན་པོ་ནི། །བི་ཏྲ་བི་ཏྲ་བྱ་བ་སྟེ། །བྱ་རོག་མགོ་ཅན་བྱ་བར་གདགས། །ལག་པ་གཡས་ལས་སྤྲུལ་པ་ནི། །དྲང་སྲོང་རཱ་ཧུ་ལ་ཞེས་གདགས། །མིག་དང་མཆེ་བ་སྙིང་གསུམ་ལས། །སྤྲུལ་པ་སྒྲ་གཅན་འཛིན་དུ་གདགས། །ལག་པ་གཡོན་ལས་སྤྲུལ་པ་ནི། །དུ་བ་མཇུག་རིངས་བྱ་བར་གདགས། །དཔུང་པ་གཡས་ལས་སྤྲུལ་པ་ནི། །ཁྱབ་འཇུག་ཆེན་པོ་བྱ་བར་གདགས། །མཇུག་མ་ལས་སྤྲུལ་ཆེན་པོ་ནི། །བིཥྞ་ར་ཙ་བྱ་བར་གདགས། །ཆུ་སོ་ལས་སྤྲུལ་ཆེན་པོ་ནི། །ཙ་ར་ཀ་ཞེས་བྱ་བར་གདགས། །དཔུང་པ་གཡོན་ལས་སྤྲུལ་པ་ནི། །ལྗང་སྔོན་དྲག་པོ་བྱ་བར་གདགས། །ཤར་ལྷོ་མཚམས་ཀྱི་སྲིན་མོ་ལ། །སྟག་སྲིན་ཟོར་གདོང་བྱ་བར་གདགས། །ལྷོ་ནུབ་མཚམས་ཀྱི་སྲིན་མོ་ལ། །བམ་སྲིན་དྲེད་གདོང་བྱ་བར་གདགས། །ནུབ་བྱང་མཚམས་ཀྱི་སྲིན་མོ་ལ། །ཀོང་སྲིན་བན་གདོང་བྱ་བར་གདགས། །བྱང་ཤར་མཚམས་ཀྱི་སྲིན་མོ་ལ། །འབྲོག་སྲིན་ཆུ་སྲིན་གདོང་དུ་གདགས། །དེ་ནས་དཔོན་སྣ་བསྐོ་བྱ་བ། །ནུབ་ཀྱི་ཕྱོགས་ནས་བསྐྱོད་པའི་ཚེ། །སྲིད་པའི་མ་མོའི་དཔོན་སྣར་བསྐོ། །ཤར་ལྷོ་མཚམས་ནས་བསྐྱོད་པའི་ཚེ། །དགྲ་བླའི་རྒྱལ་མོའི་དཔོན་སྣར་བསྐོ། །བྱང་གི་ཕྱོགས་ནས་བསྐྱོད་པའི་ཚེ། །བདུད་ཀྱི་དམག་ཚོགས་དཔོན་སྣར་བསྐོ། །ལྷོ་ནུབ་མཚམས་ནས་བསྐྱོད་པའི་ཚེ། །སྲིན་པོ་འབུམ་གྱི་དཔོན་སྣར་བསྐོ། །ཤར་གྱི་ཕྱོགས་ནས་བསྐྱོད་པའི་ཚེ། །དམུ་བདུད་ཡོངས་ཀྱི་དཔོན་སྣར་བསྐོ། །ནུབ་བྱང་མཚམས་ནས་བསྐྱོད་པའི་ཚེ། །གཤིན་རྗེ་ཡོངས་ཀྱི་དཔོན་སྣར་བསྐོ། །ལྷོ་ཡི་ཕྱོགས་ནས་བསྐྱོད་པའི་ཚེ། །ཀླུ་བཙན་དགྲ་བླའི་དཔོན་སྣར་བསྐོ། །བྱང་ཤར་མཚམས་ནས་བསྐྱོད་པའི་ཚེ། །བི་ནཱ་ཡ་ཀ་དཔོན་སྣར་བསྐོ། །དེ་ལྟར་ང་ཡི་བཀའ་ཕབ་པ། །རྟག་ཏུ་ཡིད་ལ་


DNG024_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པར་བྱོས། །ཞེས་བཀའ་སྩལ་པ་དང་། ཀི་ཀང་མིང་སྲིང་རྣམས་དགའ་མགུ་ཡི་རངས་ཏེ། ཧ་ཧ་ཧི་ཧི་ཞེས་པའི་སྒྲ་དུས་གཅིག་ཏུ་ཕྱུང་ནས། ཡང་དཔའ་བོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དཔའ་བོ་ཆེན་པོ་ལགས། །འཇུག་དང་རྒྱུ་བའི་ཚེས་གྲངས་དང་། །དུས་དང་དུས་ཀྱི་ཚོད་རྣམས་དང་། །རྒྱུ་བའི་ཕྱོགས་དང་མིང་རྣམས་དང་། །དཔོན་སྣ་བསྐོ་བའི་སྡུག་ལས་རྣམས། །བཀའ་སྩལ་བཞིན་དུ་གཉེར་ལེན་ན། །བདག་ཅག་རྣམས་ཀྱི་མཐུན་རྫས་དང་། །འཚལ་བའི་ཟས་སྐལ་གང་གིས་བགྱི། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །ཅེས་གསོལ་པ་དང་། ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་དགྱེས་པ་ཆེན་པོའི་གསུང་ཕྱུང་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཀི་ཀང་དྲང་སྲོང་ཆེན་པོ་རྣམས། །དེ་སྐད་གསུངས་པ་ཤིན་ཏུ་ལེགས། །ངས་གསུང་བ་ལ་སེམས་ཐུད་ཅིག །ཁྱོད་ཀྱི་ཕ་ནི་སྲིན་ཡིན་པས། །ཤ་རུལ་ཁྲག་རུལ་ཉ་རུལ་དང་། །བཙོས་དང་རྗེན་ཤ་སྣ་ཚོགས་དང་། །ར་མཆིན་ལ་སོགས་མར་ཆེན་རྣམས། །ཕ་ཟས་བུ་ལ་དབོག་པར་བྱ། །ཁྱོད་ཀྱི་མ་ནི་ཀླུ་ཡིན་པས། །དཀར་གསུམ་མངར་གསུམ་ཀླུ་སྨན་དང་། །ལ་སྨན་རྩི་སྨན་སྣ་ཚོགས་དང་། །དྲི་ཡི་རྒྱལ་པོ་ག་པུར་རྣམས། །མ་ཟས་བུ་ལ་དབོག་པར་བྱ། །དེ་ལྟར་མཐུན་པའི་རྫས་བསྟན་ནས། །ཁྱོད་ཀྱི་ཟས་སྐལ་བསྟན་པ་ནི། །གསང་སྔགས་གཉན་གྱི་བསྟན་པ་ལ། །འབྱོལ་ཅིང་སྡང་སེམས་ལྡན་པ་དང་། །དམ་ལ་གནས་པའི་རྣལ་འབྱོར་ལ། །གདུག་ཅིང་རྒྱབ་ཀྱིས་ཕྱོགས་པ་དང་། །དམ་ཚིག་ཉམས་དང་དམ་ལས་ལྡོག །འདི་དག་ཁྱོད་ཀྱི་ཟས་སྐལ་ལོ། །ཞུ་བླག་མེད་པར་མྱུར་དུ་སྒྲོལ། །སྒྲོལ་བའི་བདག་པོར་ངས་དབང་བསྐུར། །སྲོག་དང་དབུགས་ལ་དབང་བསྐུར་རོ། །གསོད་ཅིང་གསོ་བར་དབང་བསྐུར་རོ། །རྣལ་འབྱོར་དམ་ལ་གནས་པ་དང་། །བསྟན་པ་གཉན་པོ་འཛིན་པ་དང་། །བཀའ་བཞིན་སྤྱོད་པའི་རྣལ་འབྱོར་པའི། །བཀའ་ལས་མི་འདའ་དམ་ལས་མི་འདའ་བར། །དེ་ཡི་དགོངས་པ་མྱུར་དུ་སྒྲུབས། །ཉོན་ཅིག་ཀི་ཀང་ཆེན་པོ་རྣམས། །ང་ཡི་བཀའ་ལས་ཁྱོད་མ་འདའ། །


DNG024_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་བཀའ་ལས་འདས་གྱུར་ན། །མགོ་ལུས་དུམ་བུ་སྟོང་དུ་འགྱུར། །རུལ་མྱགས་ཚིགས་ནས་དམྱལ་བར་འགྲོ། །ས་མ་ཡ་ཙིཏྟ་ན་ར་ཀན། ཞེས་པའི་སྒྲ་བསྒྲགས་ནས། མི་གཡོ་ཞིང་མི་འཁུ་བར་བྱས་ཏེ། དམ་བསྩལ་ཞིང་དབང་བསྐུར་ནས། འཇིག་རྟེན་བདེ་བ་ལ་བཀོད་དེ། ཟས་སུ་ནི་སངས་རྒྱས་ཀྱི་བསྟན་པ་འཇིག་པ་དང་། དམྱལ་བའི་གྲོང་རྟེན་བྱེད་པ་དང་། དམ་ལས་ཟློག་པའི་སྲོག་དང་དབུགས་ལ་དབང་བསྐུར་ཏེ། དབང་ལྷ་མ་སྲིན་སྡེ་བརྒྱད་དམ་ལ་བཏགས་ནས་དབང་བསྐུར་རོ། །རོག་ཏི་ནག་པོ་དེ་ཡང་ལུས་སྲིན་པོ་ལ། མགོ་བྱ་རོག་གིས་བརྩེགས་པ་དེ། ལྷ་མ་སྲིན་སྡེ་བརྒྱད་དུ་གྱུར་ནས་དུས་ཚོད་དང་ཚེས་གྲངས་ལ་འཇུག་ཅིང་རྒྱུ་བ་དང་། ཀི་ཀང་དང་གཤེད་བཞིས་བསྐྱོད་འགུལ་གྱིས། སྲོག་དང་དབུགས་ལ་དབང་བྱེད་པར་གྱུར་པས། ཀི་ཀང་མིང་སྲིང་རྣམས་རྗེས་སུ་ཡི་རངས་ཏེ། འཇིགས་བྱེད་ཆེན་པོ་ལ་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ནས། པུས་བཙུགས་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །ཨ་ལ་ལ་ཧོ། འཇིགས་བྱེད་ཆེན་པོས་བདག་ཅག་རྣམས་ལ་ཐུགས་བརྩེ་བར་དགོངས་ནས། བདག་ཅག་རང་རང་གི་སྤྱོད་པ་ལས་དང་མཐུན་པར་བཀའ་སྩལ་པ་ངོ་མཚར་ཆེའོ། །བདག་ཅག་མིང་སྲིང་ཇི་ལྟར་བཀའ་སྩལ་པ་ལས་མི་འདའ་ཞིང་། གཉེར་དུ་གཏད་པའི་ལས་རྣམས་གདོན་མི་ཟ་བར་བགྱིད་དོ་ཞེས་གསོལ་ཞིང་དམ་བཅས་ནས། རང་རང་གི་གནས་ག་ལ་བ་དེར་དོང་ངོ་། །བཅོམ་ལྡན་འདས་དཔལ་ཆེན་པོ་ཉིད་ཀྱང་། སྐུ་རྟག་པ་ཆེན་པོའི་ཀློང་ན་དུས་གསུམ་དུ་འདུ་འབྲལ་མེད་པར་བཞུགས་སོ། །བདུད་བྱ་རོག་མགོ་བརྩེགས་རོག་ཏི་ནག་པོ་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རགྴ་སྙིང་གཟེར་དྲག་པོའི་རྒྱུད་ལས། བཅས་ཀ་གླེང་གཞིའི་ལེའུ་དང་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོ་གཤིན་རྗེའི་གཤེད་པོ་ལ། འཁོར་གྱི་གཙོ་བོར་གྱུར་པ་རྡོ་རྗེ་འཛིན་པ་ཆེན་པོ་དང་། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་བསམ་གྱིས་མི་ཁྱབ་པ་དག་གིས་གཡས་ཕྱོགས་ནས་ལན་བརྒྱ་སྟོང་བསྐོར་


DNG024_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱས་ཏེ། ཕྱི་ནང་གསང་བའི་མཆོད་པ་ཆེན་པོ་དག་གིས་རྣམ་པར་མཆོད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་མགོན་པོ་བདག་ཅག་རྣམས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཁམས་གསུམ་སྒྲོལ་བྱེད་ཁྱོད་ཉིད་ལ། །སྐྱབས་སུ་མཆིས་ཀྱི་བཀའ་སྩོལ་ཅིག །རབ་ཏུ་མི་བཟད་འཇིགས་པའི་སྐུ། །གཟི་བརྗིད་འབར་བས་ཕྱོགས་ཁྱབ་ནས། །ཁམས་གསུམ་མ་ལུས་འཁྲུག་མཛད་པ། །ཁྱོད་ཀྱི་གཟི་བརྗིད་མཆོག་འཚལ་གྱིས། །ལོག་སྲེད་གདུལ་བའི་སྟོབས་འཚལ་བས། །ཇི་ལྟ་བུས་ནི་འགྲུབ་པར་འགྱུར། །ཇི་ལྟ་བུས་ནི་མཉེས་པར་བགྱི། །ཇི་ལྟ་བུས་ནི་གྲུབ་པར་བགྱི། །ཇི་ལྟ་བུས་ནི་དང་བར་འགྱུར། །བདག་ཅག་ཐེ་ཚོམ་ཆེན་པོ་སྐྱེས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འབྱོལ་ཅིང་སྡང་སེམས་ལྡན་པ་དང་། །དམ་ལ་གནས་པའི་རྣལ་འབྱོར་ལ། །གདུག་ཅིང་རྒྱབ་ཀྱིས་ཕྱོགས་པ་དང་། །དམ་ཚིག་ཉམས་དང་ལྡོག་པ་དང་། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །དྲེགས་པ་མི་བསྒྲུངས་ཕོ་མོ་ཡི། །ཀི་ཀང་དབབ་དང་གཤེད་བཞི་ཡིས། །གསོ་བསད་ལས་རྣམས་རྟོག་པའི་མཆོག །དཔའ་བོས་རྒྱས་པར་བཀའ་སྩོལ་ཅིག །བསྟན་པ་བསྲུང་ཕྱིར་བཤད་དུ་གསོལ། །ཞེས་གསོལ་པ་དང་། འཇིགས་བྱེད་གཤིན་རྗེའི་གཤེད་པོས་དགྱེས་པའི་གསུང་ཕྱུང་ནས། རྡོ་རྗེ་འཛིན་པ་ལ་སོགས་པ་ལམ་བར་གྱུར་པའི་འཁོར་རྣམས་ལ། ཞུ་དོན་རྟོགས་པའི་འཁོར་ལོ་འདི་རྒྱས་པར་བཀའ་སྩལ་པ། ང་ནི་དུས་གསུམ་སྔོན་དུ་བྱུང་། །སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་། །ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང་། །ང་ནི་ལྔ་བརྒྱ་ཐ་མའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ལས་ངན་མཚམས་མེད་བྱེད་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ཟས་ངན་ལྕི་བ་ཟ་བའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །གོས་ངན་དུག་རུལ་གྱོན་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །གནས་ངན་མཁར་སྤེའུ་བརྩིག་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །གཉེན་ངན་ཉེ་བ་


DNG024_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །དམ་ཚིག་ཉམས་པ་མང་པོའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ང་ནི་དུས་གསུམ་འབྱུང་བའི་སྐུ། །རཱུ་ཏྲ་དར་བའི་དུས་ངན་ལ། །རོག་ཏི་ནག་པོའི་རྒྱུད་བྱུང་སྟེ། །རྣལ་འབྱོར་གང་གིས་བསླབ་པ་ལས། །དེ་ལ་རྟག་ཏུ་ཐུགས་བརྩེའོ། །དམ་ཚིག་ཉམས་པ་མང་པོ་ལ། །ང་ཡི་ཀི་ཀང་འབེབས་བྱེད་པའོ། །འཕགས་པའི་ནང་ནས་འཇམ་དཔལ་ཉིད། །ལྷ་མོའི་ནང་ནས་འོད་ཟེར་ཅན། །འདི་གཉིས་མ་གཏོགས་དངོས་གྲུབ་གཞན། །རིག་འཛིན་ཀུན་ཀྱང་དངོས་གྲུབ་ཡལ། །ང་ཡི་ལྟོ་ནས་སྲིད་གསུམ་འབྱིན། །ཇི་ལྟ་བུས་ནི་ཞི་གྱུར་ཡང་། །ཐམས་ཅད་ཞི་བ་ང་ཡི་སྐུ། །ཇི་ལྟ་བུས་ནི་ཁྲོས་གྱུར་ཡང་། །ཐམས་ཅད་ཁྲོས་པ་ང་ཡི་སྐུ། །རྡོ་རྗེ་འཛིན་སོགས་ཁྱོད་ཉོན་ཅིག །ང་ལ་གུས་གྱུར་ཁྱོད་རྣམས་ཀུན། །ང་ཡི་གཟི་བརྗིད་མཆོག་འདོད་ན། །མི་ཟད་ང་ཡི་སྐུ་གསུང་ཐུགས། །རྟག་ཏུ་ཡིད་ལ་གནས་པར་གྱིས། །ང་ཡི་དངོས་གྲུབ་མཆོག་ཐོབ་འགྱུར། །རྣལ་འབྱོར་ཆེན་པོ་ས་མ་ཡའོ། །དཀོན་མཆོག་གསུམ་ནི་གནས་པ་དང་། །དེ་ཡི་བཀའ་ཡང་བསྐྱང་བ་དང་། །སེམས་ཅན་ཀུན་ལ་སྙིང་བརྩེ་དང་། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །རཱ་ཧུ་ལ་ཡི་ལུང་ལས་འདི། །གཟའ་བདུད་གདུག་པའི་དྲག་སྔགས་འདི། །ཀི་ཀང་དབབ་དང་གཤེད་བཞི་ཡིས། །འཇིག་རྟེན་ཁམས་ཀུན་ཁྱབ་གྱུར་ཏེ། །གསད་དང་གསོ་བའི་ལས་བྱེད་པ། །ཁྱབ་བྱེད་ཆེན་པོ་རཱ་ཧུ་ལའི། །དྲག་པོ་སྒྲོལ་བའི་དཀྱིལ་འཁོར་དུ། །ཕུང་བྱེད་ཆེན་པོའི་དམ་ཚིག་ནི། །སློབ་དཔོན་གཉན་པར་མི་འགྱུར་ཞིང་། །སེམས་ཅན་ཐམས་ཅད་སྲོག་ལ་འབེབས། །མ་འདས་མི་འདའ་འདའ་མི་འགྱུར། །ཕུང་བྱེད་ཆེན་པོ་ས་མ་ཡ། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འབྱོལ་ཞིང་སྡང་སེམས་ལྡན་པ་དང་། །དམ་ལ་གནས་པའི་རྣལ་འབྱོར་ལ། །གདུག་ཅིང་རྒྱབ་ཀྱིས་ཕྱོགས་པ་དང་། །དམ་ཚིག་ཉམས་དང་དམ་ལོག་པའི། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །སྔགས་པས་ཐོག་མ་ཉིད་དུ་ནི། །ས་ནི་ཡང་དག་བརྟག་བྱ་སྟེ། །


DNG024_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རི་མཐོ་རྩེ་དང་གཡང་ས་དང་། །དུར་ཁྲོད་རོ་ཁང་ཡ་ག་ཅན། །འཐབས་པ་སྟོང་པ་ལ་སོགས་པར། །བླང་སྦྱང་གཟུང་དང་བསྲུང་བ་དང་། །བྱིན་བརླབས་མཚམས་བཅད་རྫོགས་བྱས་ནས། །བསྒྲུབ་པའི་དམ་རྫས་བཤམ་པ་ནི། །བསེ་གབ་ཁ་སྦྱར་གྱི་ནང་དུ། །དཀར་གསུམ་མངར་གསུམ་ཀླུ་སྨན་དང་། །ལ་སྨན་རྩི་སྨན་ལ་སོགས་པ། །དྲི་ཡི་རྒྱལ་པོ་ག་པུར་དང་། །འདི་རྣམས་བསེ་གབ་ནང་དུ་བསྩལ། །དེ་ནས་བྷནྡྷའི་ཀླད་ཕོར་དུ། །ཤ་སྣ་སྣ་ཚོགས་དག་དང་ནི། །སྐེ་ཚེ་ཤང་ཚེ་ཉུང་ནག་ཏིལ། །ཐལ་ཆེན་གསུར་ཆེན་ཁྲག་ཆེན་རྣམས། །བ་ཡི་འོ་མ་དང་སྦྱར་བསྩལ། །གཞན་ཡང་གུ་གུལ་ནག་པོ་དང་། །འབྲས་དང་ཆན་དང་སྒྲུབ་སྨན་རྣམས། །ཆང་དང་སྦྱར་ལ་བསྩལ་བར་བྱའོ། །དེ་ནས་འགལ་བྱེད་དམ་སྲིའི་གཟུགས། །སྦྲུལ་སྔོན་དག་གི་ཤུན་པ་ལ། །མིང་རུས་བླ་དྭགས་གཟུགས་བྲིས་ཏེ། །བྷནྡྷ་ཁ་སྦྱར་ནང་དུའོ། །ཙ་ར་རོག་པོ་འགལ་ཁ་ལ། །རྭ་ལ་རོག་ཏིའི་སྙིང་པོ་བྲིའོ། །སྐེ་རུ་གང་དམིགས་བྲིས་ལ་གདགས། །དམིགས་པ་དེ་ལ་བཅས་པ་དང་། །དེ་ཡི་དྲུང་དུ་བཞག་པ་ནི། །གདོང་ཁ་བཞི་རུ་སྡོམ་ནས་སུ། །ཡུགས་ས་མོ་ཡི་ཀླད་ཕོར་དུ། །སྟག་དོམ་བན་གླང་ཉ་ཡི་སྙིང་། །ཤ་རུལ་ཁྲག་རུལ་ར་མཆིན་ བཞག །མཛོ་མོའི་འོ་མ་ལ་སོགས་དང་། །སེམས་ཅན་སྣ་ཚོགས་ཤ་རྣམས་དག །ཀླད་ཕོར་ནང་དུ་བསྩལ་བར་བྱ། །ཁྲག་སྣ་དག་དང་སྦྱར་བར་བྱ། །བདུད་བྱ་རོག་ནག་པོ་མགོ་བརྩེགས་པའི་རོག་ཏི་ནག་པོ་གསང་བ་སྒྲོལ་བྱེད་ཀྱི་ཀི་ཀང་རཀྴའི་མདོ་སྙིང་གཟེར་དྲག་པོ་ཆེན་པོའི་རྒྱུད་ལས། མཐུན་རྫས་ལིངྒ་བཅའ་ཐབས་གལ་ཆེན་གནད་ཀྱི་ལེའུ་གཉིས་པའོ།། །།དེ་ནས་དཔའ་བོ་གཤེད་ཆེན་གྱིས། །སྙིགས་མ་དུས་ཀྱི་ཐ་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །གསོ་གསང་མཆོད་ཚུལ་བསྟན་པ་ལ། །དང་ལ་རྒྱུ་འཇུག་བཤད་བྱ་སྟེ། །བཞི་ལ་ཀོང་ཚེར་འཇུག་བྱེད་ཅིང་། །ལྔ་ཡི་སྲོད་ལ་ཀི་ཀང་རྒྱུ། །བརྒྱད་ལ་ཀོང་ཙེར་འཇུག་བྱེད་ཅིང་། །དགུ་ཡི་སྔ་དྲོ་ཀི་ཀང་རྒྱུ། །བཅུ་གཅིག་ཀོང་ཙེར་འཇུག་བྱེད་ཅིང་། །བཅུ་གཉིས་བྱང་ལ་ཀི་ཀང་རྒྱུ། །


DNG024_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔ་ཀོང་ཙེར་འཇུག་བྱེད་ཅིང་། །བཅུ་དྲུག་ཉིན་གུང་ཀི་ཀང་རྒྱུ། །བཅོ་བརྒྱད་ཀོང་ཙེར་འཇུག་བྱེད་ཅིང་། །བཅུ་དགུའི་ནམ་ཕྱེད་ཀི་ཀང་རྒྱུ། །ཉི་ཤུ་གཉིས་ལ་ཀོང་ཙེར་འཇུག །རྩ་གསུམ་མྱུར་ཆེན་ཀི་ཀང་རྒྱུ། །ཉི་ཤུ་ལྔ་ལ་ཀོང་ཙེར་འཇུག །རྩ་དྲུག་ཐོ་རངས་ཀི་ཀང་རྒྱུ། །ཉི་ཤུ་དགུ་ལ་ཀོང་ཙེར་འཇུག །གནམ་སྟོང་མྱུར་ཆུང་ཀི་ཀང་རྒྱུ། །ཀོང་ཙེར་འཇུག་པ་གསོ་བྱ་བ། །ཀི་ཀང་རྒྱུ་བ་བསད་པའི་ལས། །ལས་ཀྱི་བྱེ་བྲག་དེ་དག་ཀྱང་། །གསོ་བའི་ལས་ནི་འདི་ལྟ་སྟེ། །མ་ནོར་ཚེས་གྲངས་ཤིན་ཏུ་གཅེས། །ཚེས་གྲངས་བཞི་ཡི་མཚན་མོ་དག །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ། །མངར་གསུམ་ཀླུ་སྨན་སྣ་ཚོགས་ཀྱིས། །མཆོད་ཅིང་ཀོང་ཙེ་ཞི་བར་བསམ། །བསད་ན་ཤ་ཁྲག་དམར་གྱིས་མཆོད། །ཀི་ཀང་གཏུམ་ཁྲོ་དྲག་པོར་དམིགས། །ཚེས་གྲངས་བརྒྱད་ཀྱི་ཉིན་པར་དག །ཤར་ལྷོ་མཚམས་སུ་ཁ་བལྟས་ལ། །མངར་གསུམ་ཀླུ་སྨན་སྣ་ཚོགས་ཀྱིས། །གསེར་ཕྱེ་དག་ནི་མཆོད་བྱ་ཞིང་། །དྲང་སྲོང་ཀོང་ཙེ་ཞི་བར་བསམ། །ཤ་ཁྲག་དམར་གྱི་དམ་རྫས་དང་། །བྱ་རྒོད་དག་གི་ཤས་མཆོད་ཅིང་། །དྲང་སྲོང་ཀི་ཀང་གཏུམ་རྔམ་བསྐུལ། །ཚེས་གྲངས་བཅུ་གཅིག་མཚན་མོ་དག །བྱང་གི་ཕྱོགས་སུ་ཁ་བལྟས་ལ། །དཀར་གསུམ་མངར་གསུམ་ཀླུ་སྨན་གྱིས། །མཆོད་ཅིང་ཀོང་ཙེ་ཞི་བར་བསམ། །ཤ་ཁྲག་དམར་དང་ཉུང་ནག་དང་། །ནས་དང་ཏིལ་གྱིས་མཆོད་བྱ་ཞིང་། །ཀི་ཀང་གཏུམ་ཁྲོ་དྲག་པོར་བསྐུལ། །ཚེས་གྲངས་བཅོ་ལྔའི་ཉིན་པར་དག །ལྷོ་ནུབ་མཚམས་སུ་ཁ་བལྟས་ལ། །དཀར་གསུམ་མངར་གསུམ་ཀླུ་སྨན་གྱིས། །མཆོད་ཅིང་ཀོང་ཙེ་ཞི་བར་བསམ། །ཤ་རུལ་ཁྲག་རུལ་ཉ་རུལ་དང་། །བཙོས་དང་རྗེན་ཤ་སྣ་ཚོགས་ཀྱིས། །མཆོད་ཅིང་ཀི་ཀང་གཏུམ་ཁྲོར་བསྐུལ། །ཚེས་གྲངས་བཅོ་བརྒྱད་མཚན་མོ་ལ། །ཤར་གྱི་ཕྱོགས་སུ་ཁ་བལྟས་ལ། །དཀར་གསུམ་སྨན་གྱིས་མཆོད་བྱ་ཞིང་། །ཀོང་ཙེ་ཞི་བ་ཆེན་པོར་བསམ། །ཤ་ཁྲག་དམར་གྱི་དམ་རྫས་དང་། །ནས་གྲོ་ཏིལ་གྱིས་མཆོད་བྱ་ཞིང་། །ཀི་ཀང་གཏུམ་ཁྲོ་དྲག་པོར་བསྐུལ། །ཉི་ཤུ་གཉིས་ཀྱི་ཉིན་པར་ནི། །ནུབ་བྱང་མཚམས་


DNG024_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཁ་བལྟས་ནས། །དཀར་གསུམ་ཀླུ་སྨན་སྣ་ཚོགས་ཀྱིས། །མཆོད་ཅིང་ཀོང་ཙེ་ཞི་བར་བསམ། །ཤ་རུལ་ཁྲག་རུལ་དམ་རྫས་ཀྱིས། །མཆོད་ཅིང་ཀི་ཀང་གཏུམ་ཁྲོར་བསྐུལ། །ཉི་ཤུ་ལྔ་ཡི་ཐོ་རངས་དག །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ། །དཀར་གསུམ་ཀླུ་སྨན་སྣ་ཚོགས་ཀྱིས། །མཆོད་ཅིང་ཀི་ཀང་ཞི་བར་བསམ། །ཤ་ཁྲག་བཙོས་རྗེན་སྣ་ཚོགས་ཀྱིས། །མཆོད་ཅིང་ཀི་ཀང་གཏུམ་ཁྲོར་བསྐུལ། །ཉི་ཤུ་དགུ་ཡི་ཉིན་པར་དག །བྱང་ཤར་མཚམས་སུ་ཁ་བལྟས་ལ། །དཀར་གསུམ་ཀླུ་སྨན་མཆོད་བྱ་ཞིང་། །ཀོང་ཙེ་ཞི་བ་ཆེན་པོར་བསམ། །ཤ་རུལ་ཁྲག་རུལ་སྙིང་ཁྲག་དང་། །ར་མཆིན་དམར་གྱིས་མཆོད་བྱ་ཞིང་། །ཀི་ཀང་གཏུམ་ཁྲོ་དྲག་པོར་བསྐུལ། །ལས་ཀྱི་བྱེ་བྲག་དེ་དག་ཀྱང་། །བསད་པའི་ལས་དག་མི་བརྩོན་ན། །དཀར་གསུམ་མངར་གྱིས་མཆོད་བྱ་ཞིང་། །བདེན་བདར་ཞི་བ་ཆེན་པོར་བསམ། །ཤཱནྟིང་ཀུ་རུའི་སྒྲ་ཡང་བརྗོད། །གསོ་བའི་ལས་ནི་དེ་ལྟར་རོ། །ཕུང་བྱེད་གསོད་པའི་ལས་རྩོམ་ན། །ཤ་ཁྲག་དམར་གྱིས་གོང་བཞིན་མཆོད། །ཀི་ཀང་གཏུམ་ཁྲོ་དྲག་པོར་བསྐུལ། །ཁམས་གསུམ་ཕུང་བྱེད་སྒྲོལ་བདག་སྟེ། །སྲོག་སེར་ལས་ཀྱི་བདག་པོ་ཡིན། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །རྟག་ཏུ་མཆོད་བསྐུལ་སུས་བྱེད་པ། །སྲོག་སེར་ལས་རྣམས་གདོན་མི་ཟའོ། །བདུད་བྱ་རོག་མགོ་བརྩེགས་རོག་ཏི་ནག་པོ་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རཀྴའི་མདོ། སྙིང་གཟེར་དྲག་པོའི་རྒྱུད་ཆེན་པོ་ལས། གསོ་གསད་མཆོད་ཚུལ་རྟོག་པ་གནད་ཀྱི་ལེའུ་གསུམ་པའོ།། །།དེ་ནས་དཔའ་བོ་གཙོ་ཆེན་གྱིས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འཚེ་བྱེད་ཆམ་ལ་དབབ་པའི་ཕྱིར། །ཕུང་བྱེད་མདོ་བསྐུལ་ཆེན་པོ་ནི། །གཟའ་བདུད་འཇུག་ཅིང་ཀི་ཀང་འབེབས་བྱེད་པའི། །གཟའ་བདུད་ཆེན་པོ་མི་སྲུན་པ། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་རོག་ཏི་སྤྲུལ་པའི་སྐུ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་གང་། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །ལུས་ནི་བརྗིད་པ་དུད་ཀའོ། །ལག་ན་ཆུ་སྲིན་ཞགས་པ་ཐོགས། །ཕ་ནི་སྲིན་ལ་མ་ནི་ཀླུ། །ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ། །ལྷོ་ནུབ་


DNG024_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་སྐུ་བཞེངས་ཏེ། །ཟླ་བའི་རྗེས་གཅོད་ཤར་དུ་རྒྱུ། །ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུ། །ཉིན་མོ་རྒྱུ་བས་མཚམས་བཞི་འཇོམས། །མཚན་མོ་རྒྱུ་ཞིང་ཕྱོགས་བཞི་འཇོམས། །བར་སྣང་ཁམས་ལ་རྒྱུ་ཙམ་ན། །འཇིག་རྟེན་ཁམས་ཀུན་སྲེག་པར་བྱེད། །ལོ་ཉེས་འཁྲུག་པ་རིམས་ནད་གཏོང་། །ཉི་མ་ཟླ་བ་ལྟོ་རུ་ཟ། །རྒྱ་མཚོའི་གཏིང་ན་གནས་པའི་ཚེ། །ཀླུ་རྣམས་ཀུན་ཀྱང་དཀྲུག་ཅིང་སློང་། །ཐོག་དང་སེར་བ་ས་གཡོས་གཏོང་། །འཇིགས་བྱེད་ཆེན་པོ་མི་བསྒྲུངས་པ། །མིག་བརྒྱ་པོ་ལ་ཁ་སྟོང་པོ། ། མིང་བརྒྱ་པོ་ལ་མཁན་སྟོང་པོ། །ཡང་དུས་ཚོད་ཚེས་གྲངས་ཀུན་གྱི་བདག །ལྷ་འདྲེ་ཀུན་གྱི་ནང་བྱན་མཁན། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད། །འབྱུང་བ་ལྔ་ཡི་བདུད་ཆེན་པོ། །མཚན་ནི་རྣམ་པ་དགུ་རུ་གྲགས། །སྟེང་འོག་ཕྱོགས་མཚམས་ཀུན་དུ་ཡང་། །རྒྱུ་ཞིང་ཀི་ཀང་འབེབས་པར་བྱེད། །ལྷོ་ནུབ་མཚམས་ནས་བསྐྱོད་ཙམ་ན། །སྲིན་པོ་རག་ཤ་པ་ཏི་བྱ། །ཀི་ཀང་བ་ཏ་ཆེན་པོ་བྱ། །སྲིན་པོའི་ཀི་ཀང་ཆེན་པོ་འབེབས། །ཤར་ལྷོ་མཚམས་ནས་བསྐྱོད་ཙམ་ན། །དྲང་སྲོང་ཆེན་པོ་རཱ་ཧུ་ལ། །དྲང་སྲོང་གི་ནི་ཀི་ཀང་མཆོག །ཀི་ཀང་བདག་ཉིད་ཅན་ཞེས་བྱ། །བྱང་ཤར་མཚམས་ནས་བསྐྱོད་ཙམ་ན། །འཇིགས་བྱེད་རཱ་ཙ་སྒྲ་གཅན་འཛིན། །བི་ནཱ་ཡ་ག་ཕོ་ཉར་འགྱེད། །ཀི་ཀང་དབབ་པའི་ལས་ལ་བརྩོན། །ནུབ་བྱང་མཚམས་ནས་བསྐྱོད་ཙམ་ན། །དུ་བ་མཇུག་རིངས་ཆེན་པོ་སྟེ། །འཇིག་རྟེན་སྒྲོལ་བའི་མཐུ་བོ་ཆེ། །འཇིག་རྟེན་གཡོ་འགུལ་བྱེད་པའི་བདག །ལྷོ་ཡི་ཕྱོགས་ནས་བསྐྱོད་པའི་ཚེ། །ཁྱབ་འཇུག་ཆེན་པོ་བྱ་བ་སྟེ། །དུས་ཚོད་ཚེས་གྲངས་ཀུན་དུ་རྒྱུ། །སྤྲུལ་པའི་སྐུ་ནི་ཀི་ཀང་འབེབས། །ཤར་གྱི་ཕྱོགས་ནས་བསྐྱོད་པའི་ཚེ། །དམུ་བདག་ཆེན་པོ་ཧ་ལི་ཀ །བི་ནུ་རཱ་ཙའི་ཀི་ཀང་བདག །དམུ་ཡི་ཀི་ཀང་འབེབས་པར་བྱེད། །བྱང་གི་ཕྱོགས་ནས་བསྐྱོད་ཙམ་ན། །བདུད་པོ་རོག་ཏི་འབར་བའི་གཟུགས། །བདུད་ཀྱི་ཀི་ཀང་འབར་བ་འབེབས། །ཀི་ཀང་འབར་བ་ཙ་ར་ཀ །ནུབ་ཀྱི་ཕྱོགས་ནས་བསྐྱོད་ཙམ་ན། །སྲིད་པའི་མ་མོ་རྣམས་དང་རོལ། །མ་མོའི་ཀི་ཀང་ཀུན་གྱི་བདག །ལྗང་སྔོན་ཆེན་པོའི་ཀི་ཀང་འབེབས། །ལྷོ་ནུབ་མཚམས་ནས་


DNG024_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་ཙམ་ན། །རོག་ཏི་བྱ་རོག་མགོ་བརྩེགས་ཏེ། །སྐར་ཆེན་འབར་བའི་ཕོད་ཆེན་པོ། །སྔོན་དུ་སུ་འཕྲད་ཁྱུར་མིད་ཟ། །ཁྱོད་ནི་ཁྲོ་ཆེན་མའི་ཡང་སྤྲུལ་པ་སྟེ། །ལྷོ་ནུབ་མཚམས་ནས་སྐུ་བཞེངས་ནས། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད། །ནུབ་ནས་ཤར་དུ་བསྐྱོད་ཙམ་ན། །སྲིད་པའི་མ་མོའི་དམག་དཔོན་བྱེད། །ནད་ངན་སྣ་ཚོགས་ཀི་ཀང་འབེབས། །ལྷོ་ཤར་མཚམས་ནས་བསྐྱོད་པའི་ཚེ། །དགྲ་བླ་རྒྱལ་པོས་དམག་དཔོན་བྱེད། །ཐོག་དང་བུ་ཡུག་ཀི་ཀང་ནི། །དམ་སྲི་གདུག་པའི་སྙིང་ལ་འབེབས། །བྱང་ནས་ལྷོ་རུ་བསྐྱོད་པའི་ཚེ། །བདུད་དམག་ཀུན་གྱི་དམག་དཔོན་བྱེད། །བདུད་ཀྱི་ཀི་ཀང་དགྲ་ལ་ཡ། །ལྷོ་ནུབ་མཚམས་ནས་བསྐྱོད་པའི་ཚེ། །སྲིན་པོ་འབུམ་གྱི་དམག་དཔོན་བྱེད། །སྲིན་པོའི་ཀི་ཀང་དགྲ་ལ་འབེབས། །གྲི་ཐབས་སྣ་ཚོགས་ཀི་ཀང་ཡ། །ཤར་ནས་ནུབ་ཏུ་བསྐྱོད་ཙམ་ན། །དམུ་བདུད་ཡོངས་ཀྱི་དམག་དཔོན་བྱེད། །དམུ་རྡོ་འབེབས་པའི་ལས་བྱེད་ཅིང་། །གར་རྦད་དམུ་ཡི་ཀི་ཀང་གཏོང་། །ནུབ་བྱང་མཚམས་ནས་སྐུ་བསྐྱོད་ནས། །གཤིན་རྗེ་ཡོངས་ཀྱི་དམག་དཔོན་བྱེད། །སྐྱེ་འགྲོ་ཡོངས་ཀྱི་བླ་ཚེ་སྡུད། །གཤིན་རྗེའི་ཀི་ཀང་དབང་མེད་འབེབས། །ལྷོ་ནས་བྱང་དུ་བསྐྱོད་ཙམ་ན། །ཀླུ་བཙན་དགྲ་བླའི་དམག་དཔོན་བྱེད། །ཐོག་དང་སེར་བའི་སྣ་འདྲེན་ཅིང་། །ཐོག་སེར་མཛེ་ནད་ཀི་ཀང་འབེབས། །བྱང་ཤར་མཚམས་ནས་བསྐྱོད་པའི་ཚེ། །འཐིབས་གྲིར་གསོད་པའི་ཀི་ཀང་འབེབས། །མདུན་དུ་གང་བྱུང་ཁྱུར་མིད་བྱེད། །གཟའ་བདུད་ཆེན་པོ་ཁྱོད་བསྐུལ་གྱིས། །དམ་ཚིག་བདག་པོ་ས་མ་ཡ། །བི་ཏྲི་པ་ཏྲའི་དུས་ལ་བབ། །སྒྲ་གཅན་འཛིན་གྱི་དུས་ལ་བབ། །དུ་བ་མཇུག་རིངས་དུས་ལ་བབ། །ཁྱབ་འཇུག་ཆེན་པོའི་དུས་ལ་བབ། །བི་ནུ་རཱ་ཙའི་དུས་ལ་བབ། །ཙ་ར་ཀ་ཡི་དུས་ལ་བབ། །ལྗང་སྔོན་དྲག་པོའི་དུས་ལ་བབ། །བྱ་རོག་མགོ་བརྩེགས་དུས་ལ་བབ། །བདུད་བྱ་རོག་མགོ་བརྩེགས་རོག་ཏི་ནག་པོ་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རགྴའི་མདོ་སྙིང་གཟེར་དྲག་པོའི་རྒྱུད་ལས། ཕུང་བྱེད་མདོ་བསྐུལ་དྲག་པོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་


DNG024_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ཆེན་པོས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །ཚེས་གྲངས་དུས་ལ་བབ་པའི་ཚེ། །དྲག་སྔགས་ཐུན་གཟེར་དབབ་བྱ་བ། །འཇུག་དང་རྒྱུ་བའི་དུས་ཤེས་ནས། །མཆོད་དང་དྲག་པོའི་ཐུན་གཟེར་དབབ། །དེ་ལ་འཇུག་པའི་ཚེས་གྲངས་ནི། །བཞི་དང་བརྒྱད་དང་བཅུ་གཅིག་དང་། །བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས། །ཉི་ཤུ་ལྔ་དང་ཉི་ཤུ་དགུ། །དེ་རྣམས་དག་ལ་འཇུག་བྱེད་ཅིང་། །རྒྱུ་བའི་དུས་ནི་འདི་ལྟ་སྟེ། །ལྔ་དང་དགུ་དང་བཅུ་གཉིས་དང་། །བཅུ་དྲུག་བཅུ་དགུ་ཉི་ཤུ་གསུམ། །ཉི་ཤུ་དྲུག་དང་གནམ་སྟོང་ལ། །ཀི་ཀང་དྲག་པོ་རྒྱུ་བར་བྱེད། །བཞི་ལ་ཞུགས་ནས་ལྔ་ལ་གདོན། །བརྒྱད་ལ་ཞུགས་ནས་དགུ་ལ་གདོན། །བཅུ་གཅིག་ཞུགས་ནས་བཅུ་གཉིས་གདོན། །བཅོ་ལྔ་ཞུགས་ནས་བཅུ་དྲུག་གདོན། །བཅོ་བརྒྱད་ཞུགས་ནས་བཅུ་དགུ་གདོན། །ཉི་ཤུ་གཉིས་འཇུག་གསུམ་ལ་གདོན། །ཉི་ཤུ་ལྔ་འཇུག་རྩ་དྲུག་གདོན། །ཉི་ཤུ་དགུ་ལ་ཞུགས་བྱས་ལ། །གནམ་སྟོང་དྲག་པོའི་ཐུན་ཟར་དབབ། །བཞི་ལ་ཀོང་ཙེ་མཆོད་བྱས་ལ། །ལྔ་ལ་ཀི་ཀང་དབབ་པར་བྱ། །ཚེས་གྲངས་ལྔ་ཡི་སྲོད་དག་ལ། །དཔུང་པ་གཡོན་པ་མ་མོར་སྤྲུལ། །ནུབ་ནས་ཤར་དུ་རྒྱུ་བར་བྱེད། །ལིངྒ་ཤར་དུ་བཞག་ནས་ཀྱང་། །ནུབ་ནས་མ་མོའི་དྲག་སྔགས་བརྡེག །མ་མོ་འཕེལ་བ་བཞི་གཏོང་སྟེ། །གདོན་མི་ཟ་བར་ལས་འགྲུབ་པོ། །མ་མོའི་ལས་རྣམས་གྲུབ་པའི་རྟགས། །སྤྲིན་ཡང་ཁམ་ནག་འཕང་བསྟོད་ནས། །འཁྲུག་ཅིང་སེར་བ་དུམ་བུར་འོང་། །འཚུབ་ནག་ཆེན་པོ་གཡོ་བར་བྱེད། །གར་དམིགས་རྟེན་ལ་བརྡེག་པའི་སྔགས། །ཨཱོཾ་ཏྲག་རགྴ་སྙིང་ཁ་རག །ཏྲག་མ་མ་རག་མོ་ཧྲིལ། ཡམ་ཤག་རྦད། ཧྲིལ་ཤར་བྷྱོ། ནྲྀ་མཱ་ར་ཡ་ཧཱུཾ། ཕུང་བྱེད་ལས་འདི་གསང་བའི་མཆོག །སྲིད་པ་སྦུབ་པར་ཐེ་ཚོམ་མེད། །དམར་ཟོར་མཚོན་ཆ་སྣ་ལྔ་དང་། །ཉི་ཤུ་རྩ་ལྔས་ལིངྒ་བྲབ། །ལོག་སྲེད་གནས་པའི་ཕྱོགས་དག་ཏུ། །སྡང་མིག་བལྟ་ཞིང་སྡིགས་མཛུབ་བསྒྲེང་། །བྱས་པ་


DNG024_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་ཕུང་བར་བྱེད། །བརྒྱད་ལ་ཀོང་ཙེ་མཆོད་བྱས་ལ། །དགུ་ལ་ཀི་ཀང་དབབ་པར་བྱ། །ཚེས་གྲངས་དགུ་ཡི་སྔ་དྲོ་ལ། །ལག་གཡས་དགྲ་བླའི་རྒྱལ་མོར་སྤྲུལ། །ཤར་ལྷོ་མཚམས་ནས་ནུབ་བྱང་དུ། །དྲང་སྲོང་ཀི་ཀང་རྒྱུ་བྱེད་པས། །ལིངྒ་མིང་རུས་བླ་དྭགས་ལ། །བྱ་རྒོད་ཤ་དང་དམར་ཆེན་དུ། །སྦྱར་ལ་ནུབ་བྱང་མཚམས་སུ་བཞག །ཉུང་དཀར་བྱ་རོག་གཤོག་ཕུར་དང་། །གསེར་ཕྱེ་དག་ལ་དྲག་སྔགས་བཟླས། །ཤར་ལྷོ་མཚམས་ནས་བརྡེག་པར་བྱ། །ཨཱོཾ་ཏྲག་རག་ཤ་ཨ་ས་མ་རུ་རུ་མ་མ་རུ་ལུ་རུ་ལུ་ཧུར་ཐུམ། མ་མ་ཏྲག་རག་ཤ་ཧྲིལ་ཤར་ཕྲོམ་ནི། མཱ་ར་ཡ་བྷྱོ་རྦད། འདི་བསད་ལས་གྲུབ་རྟགས་རྣམས་ཀྱང་། །ནམ་མཁའ་དབལ་སྐྱ་ཐབས་མཐའ་ཡང་སངས་ནས། །སྤྲིན་ཡང་ལུག་གི་ལྟོ་ཚིལ་འདྲ། །སེར་བ་ཉ་མིག་ཏུ་འོང་ཞིང་། །ཐོག་སེར་བུ་ཡུག་མྱུར་དུ་འབབ། །བརྩམ་པ་ཙམ་གྱིས་ལས་གྲུབ་པས། །སུམ་ཅུ་རྩ་གཅིག་སྔགས་རྒོད་ལ། །ནམ་ཡང་ཐེ་ཚོམ་མི་བྱའོ། །བཅུ་གཅིག་ཀོང་ཙེ་མཆོད་བྱས་ནས། །བཅུ་གཉིས་ཀི་ཀང་དབབ་པར་བྱ། །ཚེས་གྲངས་བཅུ་གཉིས་ནམ་འཇིང་ལ། །ཆུ་སོ་བདུད་དུ་སྤྲུལ་ནས་ཀྱང་། །བྱང་ནས་ལྷོ་རུ་རྒྱུ་བྱེད་པས། །ལིངྒ་ལྷོར་བཞག་དམར་དང་སྦྲག །བྱང་ནས་ལྕགས་ཕུར་བླང་དྲག་དང་། །ཉུང་ནག་སྐེ་ཙེ་ཤང་ཚེ་དང་། །ཕུང་བྱེད་བདུད་ཀྱི་དྲག་སྔགས་བཟླས། །ཨོཾ་པ་ཤ་མི་ཀི་ཡག་ཤ་ཕོར་བ་དུ་ཀ་ལ། རཱ་ཧུ་ལ་ཧུར་ཐུམ་ཤར་ཧྲིལ་རྦད་སུ། རུ་རུ་པྲ་པྲ་ཐུམས་ཐུམས། ནྲྀ་མཱ་ར་ཡ་རྦད་ཡ། ཕུང་བྱེད་དམོད་མོ་འདི་གྲུབ་རྟགས། །སྤྲིན་ཡང་ཤིང་ལོ་གཤིབ་འདྲ་དང་། །མཐིང་ནག་སེམས་ཅན་གཟུགས་རྦད་དང་། །སེར་བ་ཁམ་ནག་ཟུར་གསུམ་དབྱིབས། །དྲག་ཏུ་དབབ་ཅིང་རླུང་ཚུབས་ལྡང་། །ལྕགས་ཐོག་འབར་བས་མྱུར་དུ་འཇོམས། །ཕུང་བྱེད་དྲག་སྔགས་འདི་བཏབ་ནས། །རི་རབ་ཆེན་པོ་འཇིག་འགྱུར་ན། །ཐོག་སེར་ལས་ལ་སྨོས་ཅི་དགོས། །བཅོ་ལྔ་ཀོང་ཙེ་མཆོད་བྱས་ནས། །བཅུ་དྲུག་ཀི་ཀང་དབབ་པར་བྱ། །ཚེས་གྲངས་བཅུ་དྲུག་ཉིན་ཕྱེད་ན། །མགོ་བོ་སྲིན་པོར་སྤྲུལ་བྱས་ནས། །ལྷོ་ནུབ་མཚམས་ནས་བྱང་ཤར་དུ། །སྲིན་པོའི་ཀི་ཀང་རྒྱུ་བྱེད་པས། །ལིངྒ་བྱང་ཤར་མཚམས་དག་ཏུ། །བཅོས་


DNG024_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེན་ཤ་སྦྱར་ལ་བཞག །ལྷོ་ནུབ་སྲིན་པོའི་ཕྱོགས་དག་ན། །ཤ་རུལ་ཁྲག་རུལ་ཉ་རུལ་དང་། །གཟེ་མ་རག་ཤའི་ཐུན་དག་གིས། །ཤུལ་རིངས་དག་ཏུ་བརྡེག་པར་བྱ། །ཨཱོཾ་སེན་སེན་རགྴ་ཡགྴ་ཁྲག་ལ་ཧུར་ཐུམས། མུ་ཤ་ཙ་ཐུན། དུམ་རྡུབ་ནྲྀ་མཱ་ར་ཡ་རྦད་ཨ། རགྴའི་སྔགས་རྒོད་འདི་འགྲུབ་རྟགས། །སྤྲིན་པ་ཁམ་ནག་ཀུན་ཏུ་འཁྲིགས། །གཡག་དང་མདུང་ཤིང་ཤར་བ་འདྲ། །རླུང་དམར་ཐོག་དང་སེར་བ་ཡང་། །བཙན་དམར་རྦད་ཁམ་མཆོངས་ཤིང་འོང་། །ཉི་ཤུ་རྩ་གསུམ་དྲག་སྔགས་འདི། །བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར། །བརྒྱ་བྱིན་ཉིད་ཀྱང་རླག་པར་བྱེད། །བཅོ་བརྒྱད་ཀོང་ཙེ་མཆོད་བྱས་ནས། །བཅུ་དགུ་ཀི་ཀང་དབབ་པར་བྱ། །ཚེས་གྲངས་བཅུ་དགུའི་ནམ་ཕྱེད་ན། །མཇུག་མ་དམུ་བདུད་ཆེན་པོར་སྤྲུལ། །ཤར་ནས་ནུབ་ཏུ་རྒྱུ་བྱེད་པས། །ལིངྒ་དམར་བཅས་ནུབ་ཏུ་བཞག །ཤར་ནས་གྲོ་དང་ཏིལ་དཀར་དང་། །ནས་སྔོན་རྨ་བྱའི་སྙིང་ཁྲག་དང་། །དམུ་བདུད་རོལ་པའི་དྲག་སྔགས་བཟླས། །ཨཱོཾ་ཏྲཾ་ཏྲཾ་ཤི་གྲིན་རཱ་ཙ་དུན་ཏེ། རཱ་ཙ་དུན་ཏེ་བ་ཤག་དྲིལ་ཧྲཱྀལ། རྦད་སུ་རི་ཤར་ཧ་ལི་ནན་བྷྱོ། ནྲྀ་མཱ་ར་ཡ་རྦད། དམུ་བདུད་སྔགས་བཟླས་གྲུབ་རྟགས་ནི། །སྤྲིན་ཡང་ཕྱིང་བ་བརྐྱང་འདྲ་ལ། །ཁམ་ནག་ལན་འགའ་འཁྲུག་ཅིང་འོང་། །སེར་བ་གོང་གསུམ་གཅོད་བྱེད་ཅིང་། །བྱ་འཕུར་འདྲ་ཞིང་གོང་གསུམ་གཅོད། །ལྕེ་འབེབས་རྒྱ་མཚོ་འཁྲུག་པར་བྱེད། །ཚངས་པའི་གནས་ཀྱང་འཇིག་པར་འགྱུར། །ས་གཡོས་དམུ་རྡོ་ཀུན་ཏུ་འབེབས། །ཉི་ཤུ་གཉིས་ལ་ཀོང་ཙེ་མཆོད། །ཉི་ཤུ་གསུམ་ལ་ཀི་ཀང་དབབ། །ཉི་ཤུ་གསུམ་གྱི་སྣུར་ཆེན་ལ། །ལག་པ་གཤིན་རྗེར་སྤྲུལ་པ་ཡིས། །ནུབ་བྱང་མཚམས་ནས་ལྷོ་ཤར་རྒྱུ། །ལིངྒ་དམར་བཅས་ཤར་ལྷོར་བཞག །ཤ་ཁྲག་ཙིཏྟར་བཅས་པ་ལ། །ཕུང་བྱེད་མ་མོའི་དྲག་སྔགས་བཟླས། །ནུབ་བྱང་མཚམས་ནས་བརྡེག་པར་བྱ། །ཨཱོཾ་ཡ་མ་རཱ་ཙ་ས་དོ་མེ་ཡཾ་བྱ་ཙ་ཡེ། སིང་ག་ཡེ་རུ་ཙ་དུ་ཙ་རམ་ཧྲིལ་ཤར་ཡ་མ་རི་བྷྱོ། ནྲྀ་མཱ་ར་ཡ་རྦད་ཡ། བཟླས་པ་ཙམ་གྱིས་འགྲུབ་འགྱུར་བས། །ཕུང་བྱེད་སྔགས་རྒོད་གྲུབ་པའི་རྟགས། །སྲིན་པོ་དམར་ནག་ཧྲལ་ཧྲལ་པོ། །སེམས་ཅན་སྣ་


DNG024_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཟུགས་སུ་སྣང་། །ཚུབ་ནག་དྲག་པོར་བཅས་པ་དང་། །སེར་བ་ཐུ་ལུམ་རྩེ་མེད་ཀྱང་། །སྔོན་དུ་འབབ་པ་ཐེ་ཚོམ་མེད། །ལོག་སྲེད་ཡུལ་དུ་ཐུན་འཕང་ཞིང་། །སྡིགས་མཛུབ་བསྒྲེངས་ནས་ཁ་བསྟན་པས། །ཐོག་སེར་ཇི་ཙམ་འདོད་པར་འགྲོ། །ཉི་ཤུ་ལྔ་ལ་ཀོང་ཙེ་མཆོད། །ཉི་ཤུ་དྲུག་ལ་ཀི་ཀང་དབབ། །ཉི་ཤུ་དྲུག་གི་ཐོ་རངས་ཁ། །སྐྱ་རེངས་དང་པོ་ཤར་ཙམ་ན། །དཔུང་གཡོན་ཀླུ་བཙན་དགྲ་ལྷར་སྤྲུལ། །ལྷོ་ནས་བྱང་དུ་རྒྱུ་བྱེད་པས། །ལིངྒ་དཀར་དམར་བཅས་པ་དག །བྱང་ཕྱོགས་དག་ཏུ་གཞག་པར་བྱ། །དཀར་དམར་རྫས་དང་ཏིལ་དཀར་ལ། །ཀླུ་བཙན་དགྲ་ལྷའི་དྲག་སྔགས་བཟླས། །ལྷོ་ནས་ཕུང་བྱེད་ཆེན་པོ་བསྐུལ། །ཨཱོཾ་ནཱ་ག་སེན་སེན་དུམ་པ་ལེ། ཤག་པ་ཀུ་པ་ཙ་བཛྲ་སཱ་དྷུ་ས་མ་ཡ། ཧྲིལ་ཤར་བྷྱོ། ནྲྀ་མཱ་ར་ཡ་དུ་རྦད་དུ་ཡ། འདི་གསང་ལས་གྲུབ་རྟགས་རྣམས་ཀྱང་། །སྤྲིན་པ་ཕྱར་སྒྱེ་དྲིལ་འདྲ་དམར། །རླུང་དང་འདྲེས་པའི་སེར་བ་ཡང་། །སྤྲ་ཚུགས་དྲིལ་བ་བཞིན་དུའོ། །ཐོག་དང་བུ་ཡུག་རླུང་ནག་ཀྱང་། །སུམ་ཅུ་རྩ་གསུམ་སྔགས་ཀྱིས་འགྲུབ། །ལོག་སྲེད་གཏན་ཕུང་སྔགས་འདི་ལ། །རྟོག་དཔྱོད་ཡིད་གཉིས་གང་ཟ་བས། །ང་ཡི་དངོས་གྲུབ་ཐོབ་མི་སྲིད། །སྔགས་པས་ཐེ་ཚོམ་མེད་ན་འགྲུབ། །ཉི་ཤུ་དགུ་ལ་ཀོང་ཙེ་མཆོད། །གནམ་སྟོང་ཀི་ཀང་དབབ་པར་བྱ། །གནམ་སྟོང་ཉི་མ་སྣུར་ཆུང་ལ། །སྙིང་དང་མཆེ་བ་མིག་དང་གསུམ། །བྱང་ཤར་མཚམས་ནས་ལྷོ་ནུབ་ཏུ། །བི་ནཱ་ཡ་ཀར་སྤྲུལ་ཏེ་རྒྱུ། །ལིངྒ་ཤ་རུལ་ཁྲག་རུལ་དང་། །ར་མཆིན་བཅས་པ་ལྷོ་ནུབ་བཞག །ཐལ་ཆེན་ཁྲག་དང་ཉུང་དཀར་ལ། །སྒྲ་གཅན་འཛིན་གྱི་སྔགས་བཟླས་ནས། །སྔགས་པས་བྱང་ཤར་མཚམས་ནས་བྲབ། །ཨཱོཾ་ཡ་སྙིང་། ཡ་མ་ཁྲག །ཡ་མ་དུ། རཱ་ཧུ་ལ། ཧུར་ཧུར། པྲ་ཙར་མུད་ནན། དགྲ་སྲི་ཛ་ར་སང་ནི། དེ་པེ་ཡེ་ནན། ཧྲིལ་ཤག་སེ་ན་ཡ་བྷྱོ། ནྲྀ་མཱ་ར་ཡ་བྷྱོ། བཟླས་པ་ཙམ་གྱིས་གྲུབ་པའི་རྟགས། །སྤྲིན་པ་དུད་ཀ་མགོ་བོ་ཆེ། །ལྷུག་པས་བར་སྣང་ཀུན་ཁེབས་ནས། །འཁྲུག་ཅིང་ཐོག་སེར་མྱུར་དུ་འབབ། །འབྲུག་སྒྲ་དྲག་པོས་སྟོང་གསུམ་ཁེངས། །དེ་ལྟར་གྲུབ་པའི་རྟགས་བྱུང་ན། །ཐོག་དང་སེར་བ་གང་ཡང་རུང་། །དམིགས་


DNG024_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་ལ་མྱུར་བར་བྱ། །གྲུབ་རྫས་དངོས་གྲུབ་དང་བླང་ལ། །བདག་དང་གཉིས་སུ་མེད་པར་བྱའོ། །ཐོག་སེར་གཏོང་བའི་དུས་སུ་ཡང་། །ཀོང་ཙེ་ཀི་ཀང་ཡང་ཀང་ནི། །བརྩོན་ལྡན་སྔགས་པས་ཤེས་བྱས་ལ། །རྫས་ལ་སྔགས་བཟླས་ཟོར་དུ་འཕང་། །ཟོར་འཕང་མཛུབ་རིས་གར་བྱས་པ། །ཉི་མ་རེ་རེས་འཇོམས་པར་བྱེད། །སེར་བ་རྦད་ཁམ་དུ་འོང་བས། །སྔགས་པས་དྲག་སྔགས་གྲུབ་པར་བཟླས། །རོག་ཏི་ནག་པོ་འདི་གྲུབ་ན། །རི་རབ་ཆེན་པོའང་འཇིག་པ་དང་། །རྒྱ་མཚོ་ཆེན་པོ་སྐེམ་པ་དང་། །ཡམས་ནད་མཛེ་ཤུ་ལྟས་ངན་དང་། །ཐོག་སེར་ལས་རྣམས་ཅི་འདོད་པ། །དུས་མེད་པར་ཡང་འབེབས་པར་ངེས། །སྲོག་སེར་ལས་རྣམས་གང་རྩོམ་ཡང་། །སོ་དགུ་པ་ཡི་སྔགས་ལ་སོགས། །སྡེ་ཚན་བརྒྱད་པོའི་ཐུན་གྱིས་དབབ། །སྡེ་ཚན་བརྒྱད་པོའི་སྒྲུབ་ཐུན་ལ། །དྲག་པོར་ཉམས་སུ་གང་ལེན་པ། །ད་ནི་ང་ཡི་གདུང་བརྒྱུད་འཛིན། །བདུད་བྱ་རོག་མགོ་བརྩེགས་རོག་ཏི་ནག་པོའི་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རགྴའི་མདོ། སྙིང་གཟེར་དྲག་པོའི་སྔགས་རྒྱུད་ཆེན་པོ་ལས། བཤད་པ་སྲོག་ཐུན་ཐོག་སེར་གྱི་རྟོག་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་གཤེད་ཆེན་གྱིས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །ཕུང་བྱེད་དྲག་པོའི་དཀྱིལ་འཁོར་མཆོག །དཔའ་བོ་ཆེན་པོས་རབ་བཤད་པ། །སྟོང་གསུམ་མི་མཇེད་འཇིག་རྟེན་འདི། །མིང་གཅིག་སྲིང་བཞི་སྒྲུབ་པ་ནི། །གདེང་ཆེན་དྲོད་ལྡན་རྣལ་འབྱོར་གྱིས། །ཐོག་མར་གནས་རབ་བརྟག་བྱ་བ། །རི་བྲག་གཉན་ཞིང་དགོན་པ་འམ། །རི་མཐོ་ཐིབས་པ་བཀྲ་མི་ཤིས། །གཅན་གཟན་གདུག་པའི་ཁ་བར་ཡིན་ནམ་ཡལ་དང་། །ཨེ་དབྱིབས་འདྲ་བར་མཁས་པས་བརྟག །དེ་ནས་བསླང་བའི་ལས་ཆེན་ནི། །སྣང་དང་མི་སྣང་ལ་སོགས་པའི། །གང་དག་བདག་པོར་གྱུར་པ་ལས། །མཆོད་སྦྱིན་གཏོར་སྩལ་འདི་སྐད་བརྗོད། །དགོངས་ཤིག་ས་བདག་སྡེ་དཔུང་བཅས། །དོན་ལྡན་རྣལ་འབྱོར་བདག་ཉིད་ཀྱིས། །འཇིག་རྟེན་ལོག་སྲེད་འདུལ་བའི་ཕྱིར། །


DNG024_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་གནས་ཀྱི་ས་སློང་ན། །རྟེན་གནས་བདག་པོར་གྱུར་པ་ཁྱེད། །མ་སྐྲག་ཕྲག་དོག་མ་སྐྱེ་བར། །གདུག་འདུལ་ལས་ཀྱི་གྲོགས་བྱོས་ཤིག །དེ་ནས་ལྷ་མོ་དྲན་བྱ་བ། །སྔོན་ཚེ་བཅོམ་ལྡན་གཤེད་ཆེན་གྱིས། །ཐུགས་རྗེས་ས་ལ་གཤེགས་ནས་ནི། །རཱུ་ཏྲ་གཤིན་རྗེ་ཀུན་བསྒྲལ་ནས། །བསྟན་རྒྱས་འགྲོ་དྲུག་སྨིན་པ་ལྟར། །རྣལ་འབྱོར་དབང་ཕྱུག་བདག་ཉིད་ཀྱང་། །འདིར་གནས་ལོག་སྲེད་ཀུན་འདུལ་བས། །ས་བདག་འཁོར་བཅས་དཔང་མཛོད་ཅིག །དེ་ནས་ས་ནི་སྦྱང་བྱ་བ། །ཁྲུ་གང་བརྐོས་ཏེ་གཏེར་སྩལ་ལ། །ས་ཡི་རོ་ལྔ་གང་བྱུང་ཡང་། །མི་སྤོ་དྲག་པོའི་དཀྱིལ་འཁོར་ནི། །ཁྲུ་ལྔ་པ་ཡི་ཚད་དུ་བྱ། །དྲི་དང་ལྡན་པའི་རྣམ་ལྔས་བྱུག །སྟེང་དུ་བདག་ཉིད་རབ་གནས་ལ། །གཟུང་ཞིང་གྱད་ཚུལ་རྔམ་སྟབས་ཀྱིས། །རྡོ་རྗེ་ཀེང་རུས་གཏམས་པ་དང་། །གྲུ་གསུམ་དྲག་པོའི་གནས་སུ་བརླབ། །དེ་ནས་དཀོན་མཆོག་འཁོར་བཅས་ལ། །མཆོད་སྦྱིན་རྒྱ་ཆེན་བསྔོ་བྱ་སྟེ། །ཕྱི་ནས་བསྐང་བཤགས་དྲག་ཏུ་བྱ། །དེ་ནས་གདུག་བྱེད་རབ་བཅིང་བ། །རྣལ་འབྱོར་གཤེད་ཆེན་ཐུགས་ཀ་ནས། །མཐིང་ནག་ཧཱུཾ་གི་ཁྱད་པར་ལས། །སྟོང་གསུམ་ཁྲོ་བོར་རབ་གསལ་ཏེ། །རྔམ་སྒྲས་འཇིག་རྟེན་ཀུན་བཀང་ནས། །གདུག་པ་གཡོ་འགུལ་མིང་ཡང་མེད། །གནོད་མཛེས་གསང་སྔགས་དྲག་པོ་ཡིས། །གང་དམིགས་ལོག་སྲེད་མ་གཏོགས་པ། །གདུག་པ་མ་ལུས་མཚམས་བཅད་དོ། །ཨཱོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། དེ་ནས་དྲག་པོའི་དཀྱིལ་འཁོར་དུ། །བརྟུལ་ཞུགས་ལྡན་པས་འདི་སྐད་བརྗོད། །གདུག་འདུལ་དྲག་པོའི་དཀྱིལ་འཁོར་དུ། །འགལ་བྱེད་མ་ལུས་བསྒྲལ་སླད་དུ། །དཀར་གསུམ་དམེ་ཁྲག་དམ་རྫས་འདིས། །ཕུང་བྱེད་དཀྱིལ་འཁོར་ཆག་ཆག་འདེབས། །ཨོཾ་མ་ཧཱ་ཛྭ་ལ་མཎྜལ་ཧཱུཾ། དེ་ནས་ཚོན་དང་ཀུ་ཀུ་ར། །ཕག་ཆེན་རྒྱུ་མ་གསུམ་སྒྲིལ་ལ། །ཐལ་ཆེན་བྱུགས་ལ་འདི་སྐད་བརྗོད། །དུར་ཁྲོད་དྲག་པོའི་དཀྱིལ་འཁོར་འདིར། །འགལ་བྱེད་གདུག་པ་བསྒྲལ་སླད་དུ། །སྲིན་པོ་རོལ་པའི་ཐིག་བཏབ་པས། །སྲིད་གསུམ་དཀྱིལ་འཁོར་ཉིད་


DNG024_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསལ། །ཨཱོཾ་མ་ཧཱ་ཛྙཱ་ན་མཎྜལ་ཧཱུཾ། བསྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་གྲུ་གསུམ་ཨེ་བསྐྱེད་ལ། །འཁོར་ལོ་རྩིབས་བཞི་མཐའ་བསྐོར་དུ། །གདུག་པ་སྦྲུལ་གྱིས་བསྐོར་བར་བྱ། །བར་ཁྱམས་སྒོ་བཞི་བཅས་པ་དག །གཤེད་པོ་ཉིད་ཀྱི་ཁོང་པར་བྲི། །ཨེ་ཟུར་གསུམ་གྱི་རྩེ་རྣམས་ལ། །སྒྱེད་རྡོ་དཀར་དམར་ནག་པོ་ལ། །གསུམ་བཙུགས་གཤིན་རྗེར་དབང་བསྐུར་རོ། །རྩིབས་ལ་སྲིན་མོའི་མཚན་མ་དགོད། །བར་ཁྱམས་དག་ལ་དགོད་བྱ་བ། །དྲང་སྲོང་རྣམས་ཀྱི་མཚན་མའོ། །དེ་ལྟར་བྲི་བའི་ལས་བསྟན་ནས། །དེ་ཡི་སྟེང་དུ་བསྒྲུབ་བྱའི་རྫས། །ཟངས་སམ་ཐོད་པ་མཚན་ངན་དུ། །ཁྲག་སྣ་སྙིང་སྣ་སྣ་ཚོགས་དང་། །དཀར་ཐ་བར་ཡི་མཆིན་པ་དང་། །བ་ཡི་འོ་མ་དམེ་ཁྲག་གསུམ། །ཆུ་བདུད་ཚང་བ་དག་དང་ནི། །ས་རྡོ་དྲུབས་དང་གོང་བུ་དང་། །སྔོ་སྣ་ཕལ་དག་ཅི་འབྱོར་སྩལ། །མཱ་ར་ཡ་ཡི་ལིངྒ་དང་། །ཡུལ་གྱི་ཕོ་ཆུ་རྫི་རྫིངས་ཡང་བ་དང་། །ཡུལ་གྱི་མིང་ཡང་བྲིས་ལ་སྩལ། །ཙ་ར་རོག་པོ་འགལ་ཁ་བ། །ཆས་སུ་གོང་བཞིན་གསལ་བྱས་ལ། །སྟེགས་བུའི་རྩར་གདགས་གནས་སྤོ་བྱ། །ཀླད་ཕོར་བཞི་ནི་ཁྲག་བཀང་ནས། །གདོང་མོ་བཞི་ཡི་མདུན་དུ་བཞག །ཀླད་ཕོར་དེ་དག་རྣམས་སུ་ནི། །ཡ་མ་དམ་སྲིའི་ལིངྒ་དང་། །ཡུལ་གྱི་མིང་དང་སྲུབ་སྔོ་ཀུན། །སྔགས་ཀྱིས་བཏབ་པ་ཕོར་བར་སྩལ། །དེ་ལ་སྲིན་མོ་བཞིས་བརྟེན་བསྒྲུབ། །ཐོད་པ་མཱ་ར་ཡ་ཡི་ཐོད་པར་བྱ། །ཟང་བུ་མ་རའི་བུ་སྲིང་དག །གཟེད་མོར་ཤི་བའི་ཐོད་པར་བྱ། །དྲེའུ་དང་མཛོ་ཡི་ཐོད་པ་དང་། །སྤྲད་ལ་བསྒྲུབ་ནས་མནན་པས་འགྲུབ། །ལིངྒ་དང་བཅས་ཐོད་པ་དག །དེ་རྣམས་དགུག་ཅིང་དྲང་བར་བྱའོ། །ཧཱུཾ་གཤེད་ཆེན་ཡ་མ་རཱ་ཙ་ནི། །ཡ་མ་དམ་སྲི་ཉམས་པའི་གཤེད། །བསྟན་པ་རྒྱ་མཚོ་བསྲུང་མཛད་ལྷ། །གྲུ་གསུམ་རྩེ་ལ་གཤེགས་སུ་གསོལ། །སྲོག་བདུད་དམར་པོ་བདུད་ཀྱི་བུ། །གཤིན་རྗེ་རྒྱལ་པོ་མེ་རུ་ཙེ། །བསྟན་པ་གཉན་པོ་བསྲུང་མཛད་ལྷ། །གྲུ་གསུམ་རྩེ་ལ་གཤེགས་


DNG024_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། །གཤིན་རྗེ་ནག་པོ་དགྲ་ཡི་གཤེད། །ནག་པོ་རགྴ་གློག་ཕྲེང་ཅན། །བསྟན་པ་རྒྱ་མཚོ་བསྲུང་མཛད་ལྷ། །གྲུ་གསུམ་རྩེ་ལ་གཤེགས་སུ་གསོལ། །ཨཱོཾ་ཀྲོ་ཏ་བི་ཙ་རཱ་ཙ་ཧཱུཾ། ཨོཾ་ཧེ་རེ་ཏེ་བ་ག་ཙ་ཧཱུཾ། ཨཱོཾ་ཡ་མ་རཱ་ཙ་ས་ཏོ་མེ་ཡ་ཧཱུཾ། ཐོད་པ་ལིངྒ་དྲང་བྱ་བ། །དང་ལ་མ་ཉེས་དཔང་བཙུགས་ལ། །དེ་ནས་དྲག་པོའི་ལས་ལ་གཟུད། །བསྟན་པ་འཇིག་པ་འགུགས་མཛད་པ། །ཉམས་པའི་སྲོག་གཤེད་སྲོག་གི་གཤེད། །ཡ་མ་རཱ་ཙའི་དུས་ལ་བབ། །ཐུགས་ལས་གཤིན་རྗེ་འབུམ་འགྱེད་ཅིང་། །རོལ་པའི་སྟབས་ཀྱིས་མ་མོ་འདུལ། །ཕྲིན་ལས་དམ་ཉམས་བླ་ཚེ་འགུགས། །དགྲ་བོའི་བླ་ཚེ་ཁྱེར་ལ་ཤོག །གང་དམིགས་རྟེན་ལ་མྱུར་དུ་སྡིམས། །ཉམས་པའི་སྲོག་གཤེད་སྲོག་གི་བདུད། །མ་རུ་ཙེ་ཡི་དུས་ལ་བབ། །ཐུགས་ལས་གཤིན་རྗེ་འབུམ་འགྱེད་ཅིང་། །རོལ་པའི་སྟབས་ཀྱིས་མ་མོ་འདུལ། །ཕྲིན་ལས་ཉམས་པའི་བླ་ཚེ་འགུགས། །ཕྲིན་ལས་ཕྱོགས་བཞི་མཚམས་བརྒྱད་ནས། །དགྲ་བོའི་བླ་ཚེ་ཁྱེར་ལ་ཤོག །གང་དམིགས་རྟེན་ལ་མྱུར་དུ་སྡིམས། །དགྲ་བོའི་སྲོག་ལེན་སྲོག་གི་བདག །གཤིན་རྗེ་ནག་པོའི་དུས་ལ་བབ། །ཐུགས་ལས་གཤིན་རྗེ་འབུམ་འགྱེད་ཅིང་། །ཕྲིན་ལས་ཕྱོགས་བཞི་མཚམས་བརྒྱད་ཁྱབ། །རོལ་པའི་སྟབས་ཀྱིས་མ་མོ་འདུལ། །ཕྲིན་ལས་དམ་ཉམས་བླ་ཚེ་འགུགས། །དགྲ་བོའི་བླ་ཚེ་ཁྱེར་ལ་ཤོག །གང་དམིགས་རྟེན་ལ་མྱུར་དུ་སྡིམས། །སྤྲུལ་པའི་གཤིན་རྗེ་ཐོད་པ་འདྲེན། །དྲོངས་ཤིག་སྡིམས་ཤིག་མྱུར་དུ་སྡིམས། །ཨཱ་ཀར་ཤ་ཡ་ནྲྀ་ཧཱུཾ་ཛ་ཛ། བསྟན་པ་འཇིག་པ་དྲང་བཀུག་ནས། །དམིགས་པའི་རྟེན་ལ་བསྡིམ་བྱས་ལ། །གཏད་དོ་གཏད་དོའི་ཚིག་སྒྲ་དང་། །ཤོར་ར་རེ་ཡི་ངག་ཕྱུང་སྟེ། །རྣམ་གསུམ་ཕྱག་ཏུ་གཏད་བྱས་ལ། །རི་བོ་གསུམ་གྱི་རྩེ་ལ་བསྐྱལ། །བསྐལ་པར་ཐར་པའི་དུས་མེད་པའི། །གཤིན་རྗེ་ཡུལ་དུ་བསྐྱལ་བ་ལས། །སྡུག་བསྔལ་མང་པོ་ཡ་རེ་ང་། །ཀི་ཀང་མང་པོས་སྲོག་བཅད་ནས། །གཤིན་རྗེ་རྣམས་ཀྱི་ལྟོ་རུ་སྦྱིན། །རཱ་ཧུ་ལ་ཡིས་ཁྱུར་མིད་བྱ། །བདུད་མོ་བཞི་ཡིས་རྔམ་ཟས་བྱ། །ལྷག་མ་ལུས་པ་མེད་པ་རུ། །གཤིན་རྗེ་རྣམས་ཀྱིས་བཞེས་སུ་གསོལ། །ཐོད་པ་ལིངྒ་ལ་སོགས་པ། །དམིགས་པའི་རྟེན་ཀུན་དྲངས་བྱས་ལ། །སྒྱེད་པོ་


DNG024_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་བསྐུར་བར་བྱའོ། །བདུད་རོག་ཏི་ནག་པོ་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རཀྴའི་མདོ་སྙིང་གཟེར་དྲག་པོའི་རྒྱུད་ཆེན་པོ་ལས། དཀྱིལ་འཁོར་བཅའ་གཞིའི་གསང་ཆེན་གནད་ཀྱི་ལེའུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་གཤེད་ཆེན་གྱིས། །ལྔ་བརྒྱ་དུས་ཀྱི་ཐ་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འགལ་བྱེད་ཆམ་ལ་དབབ་བའི་ཕྱིར། །ཕུང་བྱེད་དཀྱིལ་འཁོར་སྤྱན་དྲངས་ཏེ། །ཆོས་དབྱིངས་མི་མངོན་རྣམ་དག་དབྱིངས་ཀྱི་ལྷ། །བསྟན་པ་རྒྱ་མཚོ་མ་ལུས་བསྲུང་བའི་ཕྱིར། །སྟོང་ཉིད་ངང་ལས་ཁྲོ་གཏུམ་སྐུར་བཞེངས་ཤིག །འཁོར་དང་བཅས་པས་སྤྱན་འདྲེན་གྱི། །གྲུ་གསུམ་མཐིང་ནག་རི་བོ་གསུམ་འདུས་པའི། །གནས་འདིར་སྤྱན་འདྲེན་ཚུལ་བཞིན་གཤེགས་སུ་གསོལ། །ཨཱོཾ་བུཌྜྷ་དྷརྨ་སང་གེ་བྷྱཿ། ཀྲོ་ཏེ་བྷྱཿཨཱ་རལླ། བི་བ་སརྦ་བིས་ར་ཧཱུཾ་ཛ། དབྱིངས་དང་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས། །གྲུ་གསུམ་མཐིང་ནག་ཨེ་ཡི་གནས་མཆོག་འདིར། །ཡ་མཱནྟ་ཀ་ཡབ་ཡུམ་གཤེགས་སུ་གསོལ། །ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ཡཀྴ་ཛྭ་ལ་འབར་བ་གཤེགས་སུ་གསོལ། །འདོད་ཆགས་ཁྲག་མཚོ་ཁོལ་མའི་དཀྱིལ་འཁོར་ནས། །ཀླུ་མོ་རྡོ་རྗེ་གློག་འགྱུ་གཤེགས་སུ་གསོལ། །ཚང་སྐོང་རྒྱ་མཚོ་ཀློང་དཀྱིལ་གཏིང་རུམ་ན། །མ་མོ་ལས་ལ་འཁྲུག་པའི་དཀྱིལ་འཁོར་ནས། །ཕུང་བྱེད་ལྗང་སྔོན་དྲག་པོ་གཤེགས་སུ་གསོལ། །ཤར་ལྷ་དྲང་སྲོང་རོལ་པའི་དཀྱིལ་འཁོར་ནས། །དྲང་སྲོང་མཐུ་ཆེན་སྒྲོལ་བདག་གཤེགས་སུ་གསོལ། །བྱང་ཕྱོགས་བདུད་དཔུང་འཁྲུག་པའི་དཀྱིལ་འཁོར་ནས། །བདུད་དཔོན་རེག་ཏི་འབར་བ་གཤེགས་སུ་གསོལ། །ལྷོ་ནུབ་སྲིན་པོ་རོལ་པའི་དཀྱིལ་འཁོར་ནས། །སྲིན་པོ་བྱི་ཏྲི་པ་ཏྲ་གཤེགས་སུ་གསོལ། །ཤར་ཕྱོགས་དམུ་བདུད་ཚོགས་ཀྱི་དཀྱིལ་འཁོར་ནས། །ཕུང་བྱེད་བྷི་ནུ་རཱ་ཙ་གཤེགས་སུ་གསོལ། །ནུབ་བྱང་གཤིན་རྗེ་རོལ་པའི་དཀྱིལ་འཁོར་ནས། །དུ་བ་མཇུག་རིང་ཆེན་པོ་གཤེགས་སུ་གསོལ། །ལྷོ་ཕྱོགས་


DNG024_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་བཙན་འཁྲུག་པའི་དཀྱིལ་འཁོར་ནས། །མི་བསྒྲུངས་ཁྱབ་མཇུག་ཆེན་པོ་གཤེགས་སུ་གསོལ། །བྱང་ཤར་བགེགས་ཆེན་གཏུམ་ཁྲོའི་དཀྱིལ་འཁོར་ནས། །བགེགས་དཔོན་གཟའ་བདུད་སྒྲ་གཅན་གཤེགས་སུ་གསོལ། །མགོ་དཔུང་ཡན་ལག་དུར་ཁྲོད་དཀྱིལ་འཁོར་ནས། །སྡེ་བརྒྱད་རོལ་པའི་མཐུ་ཆེན་གཤེགས་སུ་གསོལ། །སྟོང་གསུམ་ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྲིང་གཅིག་སྟག་སྲིན་ཟོར་གདོང་གཤེགས་སུ་གསོལ། །གླིང་བཞི་ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྲིང་གཅིག་བམ་སྲིན་དྲེད་གདོང་གཤེགས་སུ་གསོལ། །གླིང་བཞི་ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྲིན་གཅིག་ཀོང་སྲིན་བམ་གདོང་གཤེགས་སུ་གསོལ། །འཇིག་རྟེན་བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྲིང་གཅིག་འབྲོག་སྲིན་ཆུ་སྲིན་གཤེགས་སུ་གསོལ། །དྲེགས་པ་མི་བསྒྲུངས་ཕོ་མོ་འཁོར་དང་བཅས། །མཐུན་པའི་དམ་རྫས་གཉན་ལ་སྤྱན་འདྲེན་གྱི། །བསྟན་པ་བསྲུང་ཕྱིར་མ་ཐོགས་མྱུར་དུ་གཤེགས། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ། ཨེ་ཧྱེ་ཧི། པྲ་བྷ་བ། ཨ་ར་ལི། ཧེ་ཏྲི་སརྦ་པྲ་བུཌྜྷ། ཛཿཧཱུཾ་བཾ་ཧོཿ། བི་ས་ར་ཧེ་ཧི་ཛ་ཛ། ཐུགས་རྗེས་ལོག་འདྲེན་འདུལ་མཛད་དཀྱིལ་འཁོར་ཚོགས། །གཤེད་པོ་ཡབ་ཡུམ་ལྕམ་དྲལ་སྲས་དང་བཅས། །དྲེགས་པ་མི་བསྒྲུངས་ཕོ་མོ་ལ་སོགས་པ། །བསྟན་པ་བསྲུང་ཕྱིར་གཉིས་མེད་བཞུགས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ། ཡ་མཱནྟ་ཀ །ཛཿཧཱུཾ་བཾ་ཧོཿ། ཀཱ་ཡ་བཱག་ཙིཏྟ། ས་མ་ཡ་ཏིཥྛ་ལྷན། ཨོཾ་ཨཱ་ཧཱུཾ། ཐུགས་རྗེས་གདུག་པ་མ་ལུས་འདུལ་མཛད་པ། །དྲེགས་པ་འདུལ་མཛད་འབར་བའི་དཀྱིལ་འཁོར་མཆོག །ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་གཤིན་རྗེའི་གཤེད། །བརྗིད་པའི་འོད་ཕུང་ལྡན་ལ་ཕྱག་འཚལ་ལོ། །མཉམ་ཉིད་ཐུགས་མངའ་གདུག་འདུལ་ཡུམ་ཆེན་མོ། །ཆགས་པའི་རོལ་པས་ཐུགས་རྗེའི་འོད་ཟེར་འཕྲོ། །གཡས་གཡོན་འཁྲིལ་སྦྱོར་བརྗིད་པས་འཁོར་འཁོར་བ་ཡང་རྣམས་འདུལ། །དབྱིངས་ནས་ཁྲོ་མཆོག་སྐུ་ལ་ཕྱག་འཚལ་ལོ། །དུག་ལྔ་ཀུན་འདུལ་ཐུགས་རྗེའི་བྱིན་རླབ་ཀྱིས། །ལྕམ་དྲལ་སྐུ་འཁྲུངས་འཇིག་རྟེན་ཀུན་གྱི་མེས། །ཀི་ཀང་སྒྲ་སྒྲོགས་


DNG024_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་སྤ་བཀོང་བའི། །ཐུགས་རྗེ་རོལ་པའི་སྲས་ལ་ཕྱག་འཚལ་ལོ། །རྔམ་ཆེན་སྲིད་གསུམ་སྒྲོལ་བའི་སྟོབས་མངའ་བའི། །སྲོག་སེར་ལས་ཀྱི་མངའ་བདག་ཕུང་བྱེད་ཚོགས། །ལྕམ་དྲལ་འགལ་བྱེད་འདུལ་བའི་འཁོར་དང་བཅས། །རྣལ་འབྱོར་གདུང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། མ་ཧཱ་གུ་ཧྱ་ས་མ་ཡ། པུ་རུ་ཤ་ཡ་ཧོ། གདུག་པ་མ་ལུས་འཇོམས་ཤིང་སྒྲོལ། །གཤིན་རྗེ་རཱུ་ཏྲ་ཀུན་འདུལ་བ། །བཅོམ་ལྡན་མགོན་པོ་ཡབ་ཡུམ་ལ། །དམེ་གཏོར་ཁྲག་དང་རབ་སྦྱར་བའི། །དུར་ཁྲོད་རྫས་ཀྱི་མཆོད་པ་འབུལ། །འཇིག་རྟེན་མི་འགྱུར་ཞེ་སྡང་སྐུ། །གདུག་བྱེད་སྲིན་པོའི་ཚུལ་ཅན་ལ། །ཤ་ཁྲག་གསུར་བཅས་འདི་འབུལ་གྱི། །རྔམ་པའི་ཞལ་དུ་ཐིམ་པར་བཞེས། །བ་སུ་རིགས་བརྒྱད་ཀུན་འདུལ་བའི། །ཐོག་སྨན་རཀྟའི་ལྕམ་གཅིག་མ། །དཀར་གསུམ་དྲི་དང་བདུག་པ་འདི། །དམིགས་ཤིང་དབུལ་ལོ་བཞེས་སུ་གསོལ། །དུག་ལྔ་འཆོལ་བའི་དབོན་སྲས་མཆེད། །སྡེ་འཇིགས་བྱེད་ཀྱང་བརྒྱད་རོལ་པའི་ལྕམ་དྲལ་ལ། །དཀར་གསུམ་རྫས་ཀྱི་མཆོད་པ་འབུལ། །གཙང་སྨེ་མེད་པར་རོལ་དུ་གསོལ། །ཨཱོཾ་སརྦ་ཨ་མྲྀ་ཏ་བབ་ཧ་རེ་ནི་སྭཱ་ཧཱ། ཨཱོཾ་ཨཱཿཧཱུཾ། ས་མ་ཡ་སྟྭམ། ཧ་ཧ་ཧེ་ཧེ་མ་ཏྲང་ཁ། ཀ་རུག་ཤ །སརྦ་ཀྵེ་བཾ་ཏི་ཁ་ཁ་ཤ་ཏ་པ་ལ་ཁར་མ་ཁཱ་ཧི་ཁ་ལེ་བྷྱོ་བྷྱོ། ཧ་ཧེ་རཀྴ་ཁཱ་ཧི། རཀྟ་རུ་ཏི་རུ་བ་ལིང་ཏ་ཁར་མ། པི་བ་ཨར་ལི། པི་བ་སརྦྦ་བི་སར། ཏྲ་ཏྲད་ས་སྙད་གནྡྷ་སྭཱ་ཧཱ། སྔགས་པ་རྣལ་འབྱོར་ལྡན་པ་ཡིས། །ཛཿཧཱུཾ་བཾ་ཧོཿའི་ཕྱག་རྒྱ་དང་། །བེ་ཅོན་སྡིགས་མཛུབ་རབ་བསྒྲེངས་ནས། །དབྱིངས་ནས་བསྐུལ་ཞིང་སྤྱན་དྲངས་ལ། །གཉིས་མེད་བསྡིམ་རྫོགས་མཆོད་པར་དབུལ། །ང་ཡིས་བསྟེན་པའི་གསང་སྒྲུབ་འདིས། །ལྔ་བརྒྱ་ཐ་མའི་དུས་སུ་འབྱུང་། །དེ་དུས་དད་མོས་གང་བསྒྲུབ་པ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །ངེས་པར་ཐོབ་ཅིང་གཟི་བརྗིད་ཆེ། །འཇིག་རྟེན་འདིར་ཡང་གསད་གསོ་དང་། །སྲིད་པ་སྦུབ་པར་ཐེ་ཚོམ་མེད། །བདུད་རོག་ཏི་ནག་པོ་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རཀྴའི་མདོ་སྙིང་གཟེར་དྲག་པོའི་རྒྱུད་ལས། ཕུང་བྱེད་ཕྲིན་ལས་


DNG024_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་ཆེན་པོའི་ལེའུ་བདུན་པའོ།། །།དེ་ནས་བཅོམ་ལྡན་གཤེད་ཆེན་གྱིས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །དམྱལ་བ་རྡོ་རྗེ་བྱེད་པ་དང་། །སྡང་སེམས་ངན་པས་མནར་བ་ཀུན། །གོས་སུ་རེ་བ་གྱོན་ནས་ནི། །ཟས་སུ་ལྕི་བའི་ཟས་ལ་ཟ། །སྲོག་གཅོད་སྡིག་ལ་དགའ་བ་དང་། །དེ་འདྲའི་ལས་ཀྱིས་མཚམས་སྦྱར་ནས། །རཱུ་ཏྲའི་གནས་ཀུན་རྒྱུད་མར་ལེན། །དེ་འདུལ་གཉེན་པོར་བཀའ་འདི་སྲུངས། །བདུད་པོ་རོག་ཏི་ནག་པོ་སྟེ། །བྱ་རོག་མགོ་བརྩེགས་ཀི་ཀང་འདི། །གཤིན་རྗེ་གཤེད་པོ་ང་ཉིད་ཀྱིས། །དམ་བཏགས་དམ་བསྩལ་ཟས་སུ་ནི། །བསྟན་པ་འཇིག་པ་རྣམས་བྱིན་པས། །འདི་ཉིད་བསྒྲུབ་པའི་དུས་སུ་ནི། །དང་ལ་གཙོ་བོ་ཡབ་ཡུམ་བསྐྱེད། །དེ་ནས་འཁོར་རྣམས་རིམ་གྱིས་སོ། །དེ་ལ་ཐོག་མར་སྔགས་པ་ཡིས། །ཀུ་ཤའི་སྟན་ལ་མཉམ་གནས་ལ། །འཁོར་འདས་ཆོས་རྣམས་དམིགས་མེད་ཅིང་། །ཡེ་མེད་བདལ་བའི་ངང་ཉིད་ལས། །ཁྱབ་གདལ་སྙིང་རྗེའི་ངོ་བོ་ནི། །བདེ་གཤེགས་ཀུན་གྱི་ཐུགས་ཉིད་དེ། །མཐིང་ནག་ཡ་ཡི་འཕྲོ་འདུ་ལས། །བདེ་གཤེགས་སྐུ་གསུང་ཐུགས་བསྐུལ་ཞིང་། །མཐིང་ནག་བེ་ཅོན་ཉིད་དུ་གསལ། །འོད་ཟེར་སྣ་ལྔའི་འཕྲོ་འདུ་ལས། །འབྱུང་བའི་དཀྱིལ་འཁོར་རིམ་གྱིས་ཆགས། །ཨེ་ཡཾ་ཁཾ་སུཾ་རཾ་ཀེ་བྷྲཱུཾ། །དུར་ཁྲོད་རོལ་པའི་དཀྱིལ་འཁོར་ནི། །ཡི་དྭགས་ཀིཾ་ཐོད་ལང་ལོང་འཕྱོ། །རྩིབས་བཞི་ལྟེ་དབུས་ཨེ་ཡི་གནས། །བར་ཁྱམས་སྒོ་བཞི་རབ་ཏུ་གསལ། །ཨེ་ཙཀྲ་མཎྜལ། མཐིང་ནག་ཨེ་ཡི་ཕོ་བྲང་དུ། །མི་རོ་རྟ་རོའི་གདན་སྟེངས་སུ། །བཅུ་པ་སྐུ་ཡི་བསྐྱེད་སྔགས་ཀྱིས། །གཤིན་རྗེ་གཤེད་ཉིད་འབར་བའི་སྐུ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུཾ། སྟང་ཟིལ་ཆུ་ནག་རླབ་འདྲ་བའི། །མཐིང་ནག་གྲུ་གསུམ་སྲིད་རྩེར་འབར། །ཐོད་སྐམ་ཉི་ཟླ་རབ་གསལ་བའི། །སྦྲུལ་ནག་ཐོད་ཀྱིས་རྣམ་པར་བརྒྱན། །སྤྱན་དཀྱུས་ཤིན་ཏུ་རིང་བ་ནི། །གཡོན་གསུམ་ཐུགས་རྗེས་ཐུར་དུ་གཟིགས། །ངན་སོང་སྡུག་བསྔལ་ཕྱགས་མས་འདེབས། །གཡས་གསུམ་སྡང་མིག་ཞེ་ལ་གནོན། །འཇིག་རྟེན་དྲེགས་པའི་ཚོགས་


DNG024_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འདར། །དབུས་གསུམ་མཐའ་འདས་མི་གཡོའི་སྤྱན། །གཟིགས་པ་མེད་པའི་ཚུལ་གྱིས་གཟིགས། །སྤྱན་མིག་དམར་སེར་ཤིན་ཏུ་ལྕི། །འབྲས་བུ་མཐིང་ནག་འདྲིལ་ལ་འཚེར། །སྨིན་མ་གློག་འགྱུས་སྟོང་ཁམས་གསལ། །རྫི་མ་ལྕགས་ཀྱུ་ཤིན་ཏུ་འཁྲུགས། །སྙན་ནས་འབྲུག་སྒྲོགས་སྟོང་གསུམ་འགེངས། །ཤངས་ནས་རླུང་འཚུབས་རྡོ་རྗེར་འཕྲོ། །ཞལ་གདངས་གྲུ་གསུམ་ཧོམ་ཁུང་དབྱིབས། །ཚེམས་ཀྱིས་སྐྱེ་ཤི་རྩད་གཅོད་པ། །མཆེ་བ་བཅུ་གཉིས་དཀར་ལ་འཚེར། །ཟུར་གསུམ་རི་རབ་ཕུར་བུར་བསྣོལ། །ལྗགས་ཀྱིས་དུག་གསུམ་རིལ་མིད་མཛད། །ཨག་ཚོམ་མེ་སྟག་དམར་པོས་མཛེས། །བཅུ་བདུན་གདུག་པའི་གསུང་སྒྲ་ཡིས། །སྟོང་གསུམ་སྤྲུལ་པས་འགེངས་པའོ། །ཕྱག་དྲུག་འབར་བའི་གཡས་དང་པོ། །བེ་ཅོན་འཕྱར་ཞིང་ནམ་མཁར་གདེངས། །གཡས་བར་གཡས་ཀྱི་ཐ་མ་ན། །རལ་གྲི་ལྕགས་ཀྱུ་རབ་བསྣམས་པ། །གཡོན་གྱི་དང་པོ་བྷན་དམར་རྡུབ། །བར་མ་དེ་བཞིན་སྡིགས་མཛུབ་བསྒྲེང་། །ཐ་མས་ས་གཞི་རབ་མནན་ནས། །རཀྟའི་རྒྱ་མཚོ་འཁྲུགས་པའོ། །བ་སྤུ་རྩང་ཕུར་གཤིབས་པ་ལས། །མེ་སྟག་ཐུ་ལུམ་རབ་ཏུ་འཁྲུགས། །སྟོབས་དང་བྱཱ་གྷྲ་ཅར་མ་དང་། །ཚངས་པའི་གཡང་གཞིན་ན་བཟར་བཀླུབས། །རུ་དྷི་རཀྟ་ཐལ་བས་མཚན། །གདུག་སྦྲུལ་རིགས་བཞིས་ཡན་ལག་དཀྲིས། །རྣམ་དྲང་ཐོད་རློན་འབར་བས་ཀྱང་། །སེ་རལ་ཁ་རུ་བརྒྱན་པའོ། །ཞབས་ནི་ན་རག་དམྱལ་ཁམས་གཟིར། །མེ་དཔུང་གདུག་པའི་ཀློང་དཀྱིལ་ན། །རྔོམ་བརྗིད་སྟོབས་ཀྱིས་གནས་པར་བསམ། །སྦྱོར་སྒྲོལ་ཡུམ་གྱི་སྐུ་བསྐྱེད་པ། །ཀུན་གཞི་དབྱིངས་ཀྱི་ངོ་བོ་ནི། །ཁྲོ་མཆོག་ཉིད་ཀྱི་གཡས་གཡོན་དུ། །དམར་སྨུག་མ་གཉིས་སྤྲོ་བསྡུས་པས། །སྦྱོར་སྒྲོལ་ཡུམ་མཆོག་ཁྲོས་པའི་སྐུ། །རོ་ལངས་གཡོན་ནས་འཁྲིལ་ཤིང་སྦྱོར། །དམར་ཆེན་གཙོ་བོའི་ཞལ་དུ་སྟོབ། །སྒྲོལ་བྱེད་མཐིང་ནག་གཡས་ཕྱོགས་ནས། །ཙིཏྟ་ཁ་ཊྭཱཾ་ཕྱག་ན་བསྣམས། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །མེ་དཔུང་ཀློང་ན་དེ་བཞིན་གཤེགས། །མ་བཻ་ཏཱ་ལི་


DNG024_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རཀྴ་མན་ཧཱུཾ་བྷྱོ། མ་ཨེ་ཀ་ཛ་ཊི་ཏྲག་ཤ་བྷྱོ། དེ་ནས་གཙོ་བོའི་ཐུགས་ཀ་ནས། །འོད་ཟེར་སྣ་ལྔའི་སྤྲོ་བསྡུ་ཡིས། །མཐིང་དམར་གཉིས་ཀ་འོད་དུ་འབར། །སྤྲོ་བསྡུས་དབྱུག་ཏོ་ཐོད་རློན་གསལ། །དབྱུག་ཏོ་འོད་ཀྱི་ཁྱད་པར་ལས། །བདུན་པ་སྐུ་ཡི་བསྐྱེད་སྔགས་ཀྱིས། །གཡས་ཕྱོགས་ཟླ་གམ་རཀྟའི་དཀྱིལ། །ཀེང་རུས་གྲམ་བུའི་གདན་སྟེངས་སུ། །ཡཀྴ་ཛྭ་ལ་ཞེ་སྡང་སྐུ། །སྔོ་ནག་སྐུ་གཅིག་དབུ་གསུམ་བརྗིད། །དབུ་གཡས་སེང་ཆེན་ཁ་གསལ་དང་། །དབུ་གཡོན་ཕག་རྒོད་རྔམ་ཚུལ་ཅན། །དབུས་མ་སྲིན་པོའི་མཆེ་གཙིགས་ཅན། །དབུ་སྐྲ་རལ་པ་དམར་ནག་ལ། །རྒྱུ་སྐར་ཚོགས་ཀྱི་ཐོད་གདེངས་ཅན། །སྤྱན་གསུམ་སྨིན་མ་མེ་འབར་ཞིང་། །སྙན་ནས་འབྲུག་སྒྲ་དྲག་པོ་འབྱིན། །ཤངས་ནས་ནད་འཐུལ་སྤྲིན་དུ་འཁྲུགས། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཤིང་། །བ་སྤུ་ཁ་ཊྭཱཾ་རྩེ་མོ་ལས། །ཐོག་སེར་ཐུ་ལུམ་འཁྲུགས་པའོ། །ཕྱག་གཡས་དབྱུག་ཏོ་ཕྱར་ཞིང་བརྡེག །ཕྱག་གཡོན་ཁྲག་མཚོ་འཁྲུག་ཅིང་རྡུབ། །བརྒྱང་བསྐུམ་ཞབས་བགྲད་འཆི་བདག་གཟུགས། །སྦྲུལ་གདུག་ཀོ་རློན་ཚོགས་རྣམས་དང་། །ཐལ་བའི་རྒྱན་གྱིས་མཚན་པའོ། །ཨཱོཾ་ཡཀྴ་ཛྭ་ལ་ནི་ཧཱུཾ། ཐོད་རློན་འོད་ཀྱི་ཁྱད་པར་ལས། །བདུན་པའི་སྐུ་ཡི་བསྐྱེད་སྔགས་ཀྱིས། །གཡོན་ཕྱོགས་ཟླ་གམ་རཀྟའི་དཀྱིལ། །ཀེང་ཐོད་ཡི་དྭགས་གདན་སྟེངས་སུ། །ཀླུ་མོ་རྡོ་རྗེ་གློག་འགྱུ་མ། །དམར་ནག་སྐུ་གཅིག་དབུ་གཉིས་བརྗིད། །དབུ་གཅིག་བན་གླང་འབྲུག་སྒྲ་འདོན། །དབུ་གཅིག་ཆུ་སྲིན་སྒྲ་ཡང་འབྱིན། །རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །སྡོམ་སྡིག་ཆུ་སྲིན་ཆར་དུ་འབེབས། །བ་སྤུ་ཐོག་འབེབས་མེ་འབར་ཞིང། །ཁ་རླངས་ཡམས་ནད་སྤྲིན་དུ་འཁྲིགས། །ཕྱག་གཡས་སྦྲུལ་ཞགས་ནག་པོ་བསྣམ། །ཕྱག་གཡོན་ཁྲག་ཟོར་མདའ་འཕེན་ཞིང་། །མཛེ་ཤུ་གཡན་པའི་སྟོང་སླག་ལ། །སྦྲུལ་ནག་བརྗིད་པའི་གོ་ཟུ་ཅན། །ཐ་མ་ཉ་ཕྲན་ཆགས་མཛེས། །བ་སུ་རིགས་བརྒྱད་འཁོར་དུ་སྡུད། །ཀླུ་ཕྲན་ཚོགས་དང་བཅས་པ་བསྐྱེད། །ཨཱོཾ་ནཱ་ག་སེ་རཀྨོ་ཧཱུཾ། དེ་ནས་གཙོ་བོའི་གཡས་ཕྱོགས་ནས། །ཀླུ་སྲིན་གདུག་


DNG024_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྕམ་དྲལ་གྱིས། །འདོད་ཆགས་སྐད་ངན་ཀི་ཀང་སྒྲུབ། །ཡིད་གཡོས་ཆགས་པའི་གཟེར་མདའ་ཡིས། །སྣང་སྲིད་སྲོག་མདངས་ཀུན་ཕྲོགས་ནས། །སླར་འདུས་འབྲུ་བརྒྱད་འོད་དུ་འབར། །མ་ཙ་དུ་ར་ཨ་ཡ་ན་ཤ །ནུབ་ཕྱོགས་བར་ཁྱམས་ཁྲག་མཚོ་ལ། །དམར་ལྗང་མ་ཡི་འཕྲོ་འདུ་ལས། །འབྲུ་ལྔ་ཕུང་བྱེད་བསྐྱེད་སྔགས་ཀྱིས། །ལྗང་སྔོན་དྲག་པོ་ཁྲོས་པའི་སྐུ། །ཁ་གདངས་མཆེ་གཙིགས་མིག་བགྲད་ཅིང་། །སྣ་འབུད་རྣ་ཀྲོངས་རལ་པ་གཟིངས། །གཡས་ན་ཆུ་སྲིན་ཞགས་པ་ཐོགས། །གཡོན་ན་ལྕགས་སྒྲོག་དམར་པོ་ཅན། །ཐོག་སེར་གྲི་ཐབས་གཏོང་བའི་བདག །མ་ར་བཾ་ཧཱུཾ། ཤར་ལྷོར་བར་ཁྱམས་ཁྲག་མཚོ་ལ། །དཀར་སེར་ཙ་ཡི་ཕྲོ་འདུ་ལས། །དྲང་སྲོང་དཀར་སེར་ཁྲོས་པའི་སྐུ། །ཁ་གདངས་མཆེ་གཙིགས་མིག་བགྲད་ཅིང་། །སྣ་འབུད་རྣ་ཀྲོངས་རལ་ཆེན་གཟིངས། །གཡས་ན་ཆུ་སྲིན་ཞགས་པ་ཐོགས། །གཡོན་ན་ཏྲི་ཤཱུལ་གཡབ་ནག་འདོར། །ཐོག་སེར་ཡམས་ནད་གཏོང་བའི་བདག །ཙ་བ་དེ་པེ་ལེ་ཧཱུཾ། བར་ཁྱམས་བྱང་ཕྱོགས་ཁྲག་མཚོ་ལ། །མཐིང་ནག་དུ་ཡི་འཕྲོ་འདུ་ལས། །བདུད་པོ་རོག་ཏི་མཐིང་ནག་སྐུ། །ཁ་བགྲད་མཆེ་གཙིགས་དེ་བཞིན་ཏེ། །གཡས་ན་ཆུ་སྲིན་ཞགས་པ་ཐོགས། །གཡོན་ན་བདུད་ཞགས་ནག་པོ་ཐོགས། །ཐོག་སེར་ཡམས་ནད་གཏོང་བའི་བདག །གྱད་ཚུལ་སྟབས་ཀྱིས་གནས་པའོ། །དུ་རམ་མི་ཀི་ཧཱུཾ། བར་ཁྱམས་ལྷོ་ནུབ་ཁྲག་མཚོ་ལ། །དམར་ནག་ར་ཡི་འཕྲོ་འདུ་ལས། །སྲིན་པོ་བྱི་ཏྲི་ཁྲོས་པའི་སྐུ། །ཁ་བགྲད་མཆེ་གཙིགས་དེ་བཞིན་ཏེ། །གཡས་ན་ཆུ་སྲིན་ཞགས་པ་ཐོགས། །གཡོན་ན་ཨུར་མོ་གྲི་ཆེན་གདེངས། །ནད་དང་འཁྲུག་པ་ཐོག་སེར་བདག །ཕྱ་རང་གཟུགས་ཆེན་འགྱིངས་ཤིང་གནས། །རགྴ་ཏྲི་ཨ་ཧཱུཾ། བར་ཁྱམས་ཤར་ཕྱོགས་ཁྲག་མཚོ་ལ། །དུད་ཀ་ཨ་ཡི་འཕྲོ་འདུ་ལས། །ཕུང་བྱེད་དམུ་བདུད་བརྗིད་པའི་སྐུ། །ཁ་བགྲད་མཆེ་གཙིགས་དེ་བཞིན་ཏེ། །གཡས་ན་ཆུ་སྲིན་ཞགས་པ་ཐོགས། །གཡོན་ན་སྟག་ཆེན་མི་མགོ་ཐོགས། །དམུ་རྡོ་ཐོག་སེར་ཡམས་ཀྱི་བདག །


DNG024_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལས་བཙན་ཐབས་བྱེད་པའོ། །ཨ་ཏྲི་རམ་ཏྲམ་ཧཱུཾ། བར་ཁྱམས་ནུབ་བྱང་ཁྲག་མཚོ་ལ། །སྔོ་ནག་ཡ་ཡི་འཕྲོ་འདུ་ལས། །གསོད་བྱེད་མཇུག་རིངས་ཁྲོས་པའི་སྐུ། །ཁ་བགྲད་མཆེ་གཙིགས་དེ་བཞིན་ཏེ། །གཡས་ན་ཆུ་སྲིན་ཞགས་པ་ཐོགས། །གཡོན་ན་ཐོད་དབྱུག་འཕྱར་ཞིང་བརྡེག །སྐྱེ་འགྲོའི་ཚེ་སྲོག་ཐོག་སེར་བདག །བརྡའ་མི་འཕྲོད་པའི་བཙན་ཐབས་ཅན། །རོལ་པའི་སྟོབ་ཀྱིས་གནས་པའོ། །ཡ་མས་ན་ཡམ་ཧཱུཾ། བར་ཁྱམས་ལྷོ་ཕྱོགས་ཁྲག་མཚོ་ལ། །སེར་ནག་ན་ཡི་འཕྲོ་འདུ་ལས། །ཁྱབ་འཇུག་སེར་ནག་བརྗིད་པའི་སྐུ། །དེ་བཞིན་ཁ་བགྲད་མཆེ་གཙིགས་ནས། །གཡས་ན་ཆུ་སྲིན་གདུག་པ་ཕྱར། །གཡོན་ན་སྦྲུལ་ནག་སུམ་སྒྲིལ་སྡོག །ཐོག་དང་སེར་བ་ས་གཡོས་དང་། །དྲག་ཤུལ་སྟོབས་ཀྱིས་གནས་པའོ། །ནག་རི་ཧཱུཾ། བར་ཁྱམས་བྱང་ཤར་ཁྲག་མཚོ་ལ། །དཀར་དམར་ཤ་ཡི་འཕྲོ་འདུ་ལས། །མི་བསྒྲུངས་སྒྲ་གཅན་ཁྲོས་པའི་སྐུ། །ཁ་གདངས་མཆེ་གཙིགས་མིག་བགྲད་ཅིང་། །སྣ་འབུད་རྣ་ཀྲོངས་རལ་པ་གཟིངས། །གཡས་ན་ཆུ་སྲིན་གདུག་པ་ཕྱར། །གཡོན་ན་ཁྲམ་ཤིང་རྡོ་རྗེ་ཅན། །ཐོག་སེར་འཐིབ་གྲིའི་ལས་མཁན་པ། །རོལ་པའི་སྟབས་ཀྱིས་གནས་པའོ། །ཤ་ཨི་སན་ཏྲི་ཧཱུཾ། ཕུང་བྱེད་ཆེན་པོ་འདི་རྣམས་ནི། །རེ་རེ་བསྐུལ་ཀྱང་དགུ་དཔུང་ཆེ། །ཕུང་ལས་སྣ་ཚོགས་བསམ་མི་ཁྱབ། །གཟའ་བདུད་རྒྱུ་སྐར་ཐབས་ཀྱིས་རོལ། །ཕན་གནོད་ལས་ལ་བརྩོན་པའོ། །ཀི་ཀང་རོལ་པ་སྡེ་བརྒྱད་དཔོན། །ཐོག་སེར་ཡམས་ནད་སྣ་ཚོགས་དང་། །ས་གཡོས་འཁྲུག་པ་འབྱུང་ལྔའི་བདུད། །ཀུན་ཏུ་ཁྱབ་ཅིང་ཀུན་ལ་འཇུག །སྲིད་གསུམ་སྒྲོལ་བའི་ལས་མཁན་དེ། །སྔགས་པས་གསལ་བསྒོམ་དྲག་བསྐུལ་ནས། །རྩིབས་བཞི་འཁོར་ལོའི་གདན་སྟེངས་སུ། །མ་ཙ་ཤ་ཡི་འོད་འཕྲོས་པས། །འབྱུང་བཞི་སྐྱེ་དགུའི་སྲོག་བསྡུས་ནས། །སེར་ནག་མ་ཡི་ངོ་བོ་ལས། །བདུན་པ་སྐུ་ཡི་བསྐྱེད་སྔགས་ཀྱིས། །སྟག་སྲིན་སེར་ནག་སྟག་གི་མགོ། །རལ་དམར་གསེར་གྱི་ཟོར་བས་བརྒྱན། །སྟག་ལྤགས་རློན་པའི་ཡ་བས་


DNG024_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །སྙན་ནས་འབྲུག་སྒྲ་དྲག་པོ་སྒྲོགས། །སྤྱན་ནས་ཁྲག་གི་མཆི་མ་འཛག །ཤངས་ནས་རྫི་འབུད་ལོ་ཉེས་གཏོང་། །ཞལ་གདངས་གློག་འགྱུ་ལྗགས་ལས་ཀྱང་། །ཁྲག་ཆེན་སེར་བ་དྲག་ཏུ་འབེབས། །ངན་སྐྱུགས་ཕོ་ལོག་སྦོས་ནད་གཏོང་། །ཁ་རླངས་སྤྲིན་ལས་ཐོག་སེར་འབེབས། །ཐུགས་ལས་ལྟས་ངན་སྤྲུལ་པ་འགྱེད། །གཡས་ན་བསེ་ཕུར་འདྲིལ་ཞིང་འདེབས། །གཡོན་ན་ཁྲག་ཟོར་དལ་ཁ་འབེབས། །ཆིབས་སུ་སྲེག་བྱེད་ཉི་མ་ཆིབས། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནའོ། །རག་མོ་ཙིཏྟ་ཤལ་མ་བྷྱོ། སྨུག་ནག་ར་ཡི་ངོ་བོ་ལས། །བདུན་པ་རྒྱུ་ཡི་བསྐྱེད་སྔགས་ཀྱིས། །བམ་སྲིན་སྨུག་ནག་དྲེད་མགོ་མ། །རལ་ནག་ལྕགས་ཀྱི་ཁྲོ་ཆུ་འཛག །དྲེད་ཀྱི་གཡང་གཞི་ཡ་བས་བསྐོར། །སྙན་ནས་འབྲུག་སྒྲ་དྲག་པོ་འབྱིན། །སྤྱན་ནས་ཁྲག་གི་མཆི་མ་འཛག །ཤངས་ནས་རྫི་འབུད་ལོ་ཉེས་གཏོང་། །ཞལ་གདངས་གློག་འགྱུ་ལྗགས་ལས་ཀྱང་། །གནམ་ལྕགས་སེར་བ་དྲག་ཏུ་འབེབས། །ངན་སྐྱུགས་གླང་སྣའི་ནད་གཏོང་ཞིང་། །ཁ་རླངས་སྤྲིན་ལས་ལྕགས་ཐོག་འབེབས། །ཐུགས་ལས་ལྟས་ངན་སྤྲུལ་པ་འགྱེད། །གཡས་ན་གནམ་ལྕགས་སྟྭ་ཆེན་འཕྱར། །གཡོན་ན་གདུག་པའི་སྦྲུལ་ཞགས་ཐོགས། །རོལ་པའི་སྟབས་ཀྱིས་ཟླ་བ་ཆིབས། །ལྷོ་ཕྱོགས་འཁོར་ལོའི་སྟེང་ནའོ། །རམ་མོ་རུ་རུ་ཁ་རག་བྷྱོ། དམར་ནག་ཙ་ཡི་འཕྲོ་འདུ་ལས། །བདུན་པ་སྐུ་ཡི་བསྐྱེད་སྔགས་ཀྱི། །ཀོང་སྲིན་དམར་ནག་གླང་མགོ་མ། །རལ་དམར་ཁྲག་གི་གྲུ་ཆར་འབེབས། །བན་གླང་གཡང་གཞི་ཡ་བས་བསྐོར། །སྙན་ནས་འབྲུག་སྒྲ་དྲག་པོ་འབྱིན། །སྤྱན་ནས་ཁྲག་གི་མཆི་མ་འཛག །ཤངས་ནས་རྫི་འབུད་ལོ་ཉེས་གཏོང་། །ཞལ་གདངས་གློག་འགྱུ་ལྗགས་ལས་ཀྱང་། །འཁར་ཐོག་ཐུ་ལུམ་དྲག་ཏུ་འཁྲུག །ངན་སྐྱུགས་ཁྲག་ནད་གཟེར་བ་གཏོང་། །ཁ་རླངས་སྤྲིན་ལས་བཙའ་མུག་གཏོང་། །ཐུགས་ལས་ལྟས་ངན་སྤྲུལ་པ་འགྱེད། །གཡས་ན་ཟངས་གྲི་དམར་པོ་ཐོགས། །གཡོན་ན་གློག་ཞགས་བསྡོག་ཅིང་འཕེན། །ཀླུ་རྒྱལ་སྡིག་པ་ཆིབས་སུ་ཆིབས། །ནུབ་ཕྱོགས་འཁོར་ལོའི་


DNG024_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནའོ། །ར་ཙ་མུ་ཤམ་བྷྱོ། ལྗང་ནག་ཤ་ཡི་ངོ་བོ་ལས། །བདུན་པ་སྐུ་ཡི་བསྐྱེད་སྔགས་ཀྱིས། །འབྲོག་སྲིན་ལྗང་ནག་ཆུ་སྲིན་མགོ། །རལ་ནག་ལྕགས་ཀྱི་ཆར་འབེབས་ཤིང་། །ཆུ་སྲིན་གཡང་གཞི་ཡ་བས་བསྐོར། །སྙན་ནས་འབྲུག་སྒྲ་དྲག་པོ་འབྱིན། །སྤྱན་ནས་ཁྲག་གི་མཆི་མ་འཛག །ཤངས་ནས་རྫི་འབུད་ལོ་ཉེས་གཏོང་། །ཞལ་གདངས་གློག་འགྱུ་ལྗགས་ལས་ཀྱང་། །ལྕགས་ཐོག་ཐུ་ལུམ་དྲག་ཏུ་འབེབས། །ངན་སྐྱུགས་ལྷོག་རྒལ་གག་པ་གཏོང་། །ཁ་རླངས་སྤྲིན་ལས་ཡམས་ནད་གཏོང་། །ཐུགས་ལས་ལྟས་ངན་སྤྲུལ་པ་འགྱེད། །གཡས་ན་རྡོ་རྗེ་བེ་ཅོན་ཕྱར། །གཡོན་ན་འཇའ་ཞགས་བསྡོག་ཅིང་འཕེན། །ཕྱག་རྒྱལ་རྨིག་པ་ཆིབས་སུ་བཅིབས། །བྱང་ཕྱོགས་འཁོར་ལོའི་སྟེང་ནའོ། །ར་ཤིག་ཁ་རག་ལམ་བྷྱོ། ཀུན་ཀྱང་སྲིན་མོའི་ཆ་ལུགས་ཅན། །སྲིད་གསུམ་སེམས་ཅན་སྲོག་ལ་ཟ། །འཇིག་རྟེན་ཕུང་བའི་ཀི་ཀང་འབེབས། །སྲིད་པ་དཀྲུགས་པའི་ལས་མཁན་མ། །རྣལ་འབྱོར་སེམས་དཔའི་སྟོབས་ཀྱིས་བསྐུལ། །སེམས་ ཅན་ཕལ་གྱིས་མ་ཡིན་ནོ། །བདུད་རོག་ཏི་ནག་པོ་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་རྒྱལ་པོ་ཀི་ཀང་རགྴའི་མདོ། སྙིང་གཟེར་དྲག་པོའི་རྒྱུད་ཆེན་པོ་ལས། བཤན་པ་རགྴ་སྒོམ་ཁོག་རྩ་བའི་ལེའུ་བརྒྱད་པའོ།། །།དེ་ནས་དཔའ་བོ་གཤེད་ཆེན་གྱིས། །ལྔ་བརྒྱ་ཐ་མ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་དཀོན་མཆོག་གཉན་གྱི་བསྟན་པ་ལ། །འགལ་བྱེད་ལོག་སྲེད་ཆམ་ལ་དབབ་པའི་ཕྱིར། །ཤན་པ་གཙོ་འཁོར་བསྐུལ་བའི་ལས་བཤད་པ། །ཧཱུཾ། འཇམ་དཔལ་ལྷ་མཆོག་ཡ་མནྟ་ཀ་ནི། །གྲུ་གསུམ་མཐིང་ནག་ཨེ་ཡི་ཕོ་བྲང་དུ། །རྟ་རོ་གཅལ་བཀྲམ་མི་རོའི་ཁྲི་སྟེང་ན། །རི་རབ་བརྗིད་པའི་སྐུ་མཆོག་རབ་བཞེངས་པ། །འཕགས་པ་ཡ་མཱན་གཤེད་པོ་འབར་བའི་སྐུ། །སྟང་ཟིལ་ཆུ་ནག་རླབས་ལྟར་གནག་ལ་འཚེར། །རལ་པ་མཐིང་ནག་དབུས་སུ་ཐོར་ཚུགས་བཅིངས། །ཐོད་སྐམ་སྦྲུལ་གདུག་ཉི་ཟླའི་ཐོད་ཀྱིས་བརྒྱན། །མི་བཟད་སྤྱན་དགུ་ཤིན་ཏུ་འབར་བ་ནི། །གཡོན་གསུམ་ཐུགས་རྗེས་ཐུར་དུ་གཟིགས་པ་ཡིས། །ངན་སོང་སྡུག་བསྔལ་ཐར་ལམ་


DNG024_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་འདྲེན། །གཡས་གསུམ་སྡང་མིག་དམར་པོ་བཟློག་པ་ཡིས། །ཁྲོ་གཏུམ་བཙན་དྲག་ཕྱོགས་མེད་ཟིལ་གྱིས་གནོན། །དབུས་གསུམ་མཐའ་བྲལ་མི་གཟིགས་གཟིགས་ཚུལ་གྱིས། །རྟག་ཆད་མཐའ་འདས་ཆོས་སྐུ་ས་ལེ་བ། །སྤྱན་སྤྲིན་དམའ་སེར་འབྲས་བུ་མཐིང་ནག་འདྲིལ། །སྨིན་མཚམས་གློག་འགྱུ་སྟོང་ཁམས་འོད་གསལ་བྱེད། །རྫི་མ་ལྕགས་ཀྱུ་ཤིན་ཏུ་འཁྲུགས་ཤིང་འབར། །གསན་པ་མ་འགགས་སྙན་འབྲུག་སྒྲ་འབྱིན་ཅིང་། །ཤངས་ནས་རྡོ་རྗེའི་རླུང་ཚུབས་མཐིང་ནག་འབྱིན། །ཞལ་གསུམ་ཧོམ་ཁུང་གདངས་པའི་ཞལ་ནས་ནི། །མཆེ་བ་ཕུར་བུ་བསྣོལ་བའི་ཚེམས་གཙིགས་པས། །རཱུ་ཏྲ་ལ་སོགས་ལོག་ལྟ་ཟད་པར་སྒྲོལ། །ལྗགས་ནི་ཧོམ་གཟར་དུག་གསུམ་རིལ་མིད་མཛད། །བཅུ་བདུན་ཧཱུཾ་སྒྲས་སྟོང་ཁམས་དྲེགས་པ་འདུལ། །ཨག་ཚོམ་མེ་འབར་གདུག་པའི་མེ་སྟག་འཕྲོ། །འཇིགས་བྱེད་དྲུག་གི་གཡས་ཀྱི་དང་པོ་ན། །བེ་ཅོན་ཕྱར་ཞིང་ནམ་མཁར་རབ་ཏུ་གདེངས། །གཡས་པ་རལ་གྲིས་སྐྱེ་ཤི་རྩད་ནས་གཅོད། །ཐ་མ་ལྕགས་ཀྱུས་ལོག་སྲེད་ཙིཏྟ་འདྲེན། །གཡོན་གྱི་དང་པོ་བྷནྡྷ་རཀྟ་རྔུབ། །བར་པས་སྡིགས་མཛུབ་རྩེ་ལ་མེ་ཆེན་འཁྲུག །གཡོན་གྱི་ཐ་མས་འཇིག་རྟེན་ས་གཞི་གནོན། །བ་སྤུ་རྩང་ཕུར་གཤིབས་པའི་རྩེ་མོ་ལས། །མེ་སྟག་ཐུ་ལུམ་ཐོག་སེར་རབ་ཏུ་འཁྲུག །ཀོ་རློན་ཚོགས་དང་ཁྲག་ཞགས་ཐལ་བས་མཚན། །བ་སུ་རིགས་བཞི་ཐོད་རློན་རྒྱན་གྱིས་བརྒྱན། །ཞབས་བགྲད་གྱད་ཚུལ་ན་རག་དམྱལ་ཁམས་གཟིར། །མེ་དཔུང་ཀློང་ན་རྔོམ་བརྗིད་སྟབས་ཀྱིས་བཞུགས། །ཐམས་ཅད་མ་ལུས་ཁྲོ་རྒྱལ་ཁྱོད་ཀྱི་སྐུ། །དེ་འདྲར་བདག་བསྒོམ་བདག་གིས་རང་བོར་ནས། །ཁྱེད་ཀྱི་སྐུ་རུ་འགྱུར་བར་བྱིན་གྱིས་རློབས། །བདག་ལ་གནོད་བྱེད་དགྲ་དང་བགེགས་ཀྱི་ཚོགས། །ཐུལ་ཅིག་ཆོམས་ཤིག་ལྔ་ཕུང་རྡུལ་དུ་རློག །ཧཱུཾ། ཀུན་གཞི་རྣམ་དག་དབྱིངས་ཀྱི་ངོ་བོ་ནི། །གཡོན་ནས་ཁྲོ་མཆོག་སྦྱོར་བའི་ཡུམ་ཆེན་མོ། །བཻ་ཏཱ་རཀྴ་མི་བཟད་ཁྲོས་པའི་སྐུ། །རྒྱན་དང་ཆ་ལུགས་གཙོ་བོ་ཡབ་དང་མཐུན། །རི་རབ་ཆེན་པོ་ཁོང་པའི་ཁོང་བདག་མོ། །ཁམ་


DNG024_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ནག་རལ་པ་ནམ་མཁའི་ཐོར་ཚུགས་ཏེ། །རི་རབ་མཆོག་གི་ཐོད་གདེངས་བརྗིད་བག་ཅན། །སྤྱི་བོའི་གཙུག་ནས་སྣ་ལྔའི་འོད་ཟེར་འཕྲོ། །སྐྲ་མཚམས་སྤྲུལ་པས་སྟོང་ཁམས་ཁྱབ་པར་བྱེད། །དཔྲལ་བའི་དབྱིངས་སུ་འབྲུག་སྒྲ་དྲག་པོ་སྒྲོགས། །སྨིན་མཚམས་གློག་འགྱུས་སྟོང་ཁམས་གདུག་པ་བསྲེག །སྤྱན་ནས་མཆི་མ་རཀྟའི་གྲུ་ཆར་འབེབས། །ཤངས་ནས་བུ་ཡུག་རྫི་འབུད་ཐོག་སེར་འབེབས། །ཞལ་ནས་ནད་རླངས་ལོག་སྲེད་ཚོགས་ལ་འབུད། །ཐུགས་ཀྱི་དཀྱིལ་ནས་ཐོག་མདའི་ཆར་ཆེན་འབེབས། །གཡས་པའི་ཕྱག་གིས་གཙོར་འཁྱུད་འཁྲིལ་ཞིང་སྦྱོར། །གཡོན་པས་ཐོད་ཁྲག་འཇིགས་བྱེད་ཞལ་དུ་སྟོབ། །གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས། །གཙོ་ལ་འཁྲིལ་སྦྱོར་བཻ་ཏཱ་རོ་ལངས་མ། །མཉམ་ཉིད་སུན་འབྱིན་དཀོན་མཆོག་སྨད་པ་དང་། །བསྟན་པ་འཇིག་བྱེད་ལོག་སྲེད་དམ་ཉམས་འདི། །ཆོམས་ཤིག་རྡུངས་ཤིག་མ་ཐོགས་མྱུར་དུ་སྒྲོལ། །ཧཱུཾ། གཡས་ནས་ཡུམ་བསྐྱེད་ཛ་ཏི་རལ་གཅིག་མ། །སྐུ་མདོག་མཐིང་ནག་གཡུ་ཡི་རལ་པ་ཅན། །བདུད་ཀྱི་བུ་མོ་ང་རྒྱལ་དྲག་ཤུལ་ཆེ། །འཇིག་རྟེན་ཁྱབ་གནས་མཚན་མོ་མུན་ལ་རྒྱུ། །མེ་ཡི་བསྐལ་པས་གཤིན་རྗེ་ལས་ལ་འཁོལ། །ཁྲག་གི་སྐྱུགས་འཐོར་མྱོས་མཛད་དབང་དུ་སྡུད། །སྐྱེ་འགྲོའི་ཚེ་སྲོག་དབང་བྱེད་དབུགས་ལ་མོས། །ཀུན་གྱི་དབང་པོ་སྡུད་ཅིང་ཉམས་པ་ལེན། །འདོམ་གང་ཙམ་ནས་སྙིང་འབྱིན་ལས་མཁན་མ། །གཡས་ཀྱི་ཕྱག་ན་ཞིང་ཆེན་ཙིཏྟ་འབྱིན། །གཡོན་པས་སྤུ་གྲིས་དམ་ཉམས་སྲོག་གཅོད་མ། །རོལ་པའི་སྟབས་ཀྱིས་དྲག་ཤུལ་བཙན་ཐབས་ཅན། །སྲོག་གཅོད་བརྩོན་པའི་ལས་མཁན་འཁོར་དང་བཅས། །ལོག་སྲེད་ཙིཏྟ་ཕྱུང་ཞིག་སྲོག་རྩ་དམར་ནས་དྲོངས། །ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །སྲིན་པོ་ཡཀྴ་ཛྭ་ལ་འབར་བ་ནི། །ང་རྒྱལ་ཕྲག་དོག་ཞེ་སྡང་ཚུལ་འཆང་བའི། །སྲོག་བདག་སྐུ་གཅིག་དབུ་གསུམ་རྣམ་པར་རོལ། །དབུ་གཅིག་མཆེ་གཙིགས་སྲིན་པོ་ང་ཆོ་ཅན། །དབུ་གཅིག་སེང་ཆེན་གཏུམ་པའི་འབྲུག་སྒྲ་སྒྲོགས། །དབུ་གཅིག་གཡག་རྒོད་ཧ་ལ་རྔམ་ཚུལ་ཅན། །གདུག་བྱེད་རལ་པ་སྤྲུགས་


DNG024_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྲ་གསེབ་ནས། །རྒྱུ་སྐར་འབུམ་གྱི་ཚོམས་བུ་འཁྲུག་ཅིང་འབར། །སྡང་མིག་ཟློག་ཅིང་སྨིན་མ་མེ་ལྟར་འབར། །སྙན་ནས་འབྲུག་སྒྲོགས་ཁམས་གསུམ་འཐིབས་ཀྱིས་མནན། །ཤངས་ནས་དུད་འཐུལ་གྲུ་གསུམ་ཞལ་གདངས་ཤིང་། །ལྗགས་འདྲིལ་ཚེམས་གཅིག་རྒྱུ་དྲུག་རིལ་མིད་མཛད། །བ་སྤུ་ཁ་ཊྭཱཾ་འཁྲུག་པའི་རྩེ་མོ་ལས། །ཐོག་སེར་བུ་ཡུག་ཏྲི་ཤཱུལ་ཆར་དུ་འབེབས། །ཕྱག་གཡས་ཏིར་དབྱུག་ནམ་མཁར་གདེངས་པ་ཡིས། །ཞེ་སྡང་སྲིན་པོ་འཇིག་རྟེན་ལམ་ལས་སྒྲོལ། །ཕྱག་གཡོན་ཁྲག་མཚོ་འཁྲུག་ཅིང་ཞལ་དུ་གསོལ། །འདོད་ཆགས་ཁྲག་མཚོ་འཁྲུག་པའི་དཀྱིལ་འཁོར་ནས། །ཡུམ་ཆེན་ཀླུ་མོ་རྡོ་རྗེ་ཡཀྴ་མོ། །འདོད་ཆགས་གཏི་མུག་འདུལ་བའི་ཁྱད་པར་ནི། །སྐུ་མདོག་དམར་ནག་དབུ་གཉིས་བརྗིད་པ་སྟེ། །དབུ་གཅིག་བན་གླང་འཇིགས་བྱེད་ཕཊ་སྒྲ་ཅན། །དབུ་གཅིག་ཆུ་སྲིན་དམར་འཚེར་ལྷང་ལྷང་འདོན། །རྒྱན་དང་ཆ་ལུགས་མི་བསྒྲུངས་ཡབ་དང་མཐུན། །ཕུང་བྱེད་ཀླུ་རྒྱལ་ཀུན་གྱི་ཡང་ཕྱི་མོ། །ཙི་ཙི་ཛྭ་ལའི་ནད་ཀྱི་བདག་མོ་སྟེ། །འཇིགས་བྱེད་རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །སྡོམ་དང་སྡིག་པ་མི་བསྒྲུངས་ཆར་ཆེན་འབེབས། །རྡོ་རྗེ་ལྕེ་འབེབས་ཐོག་གི་བུ་ཡུག་ཅན། །ཁ་རླངས་སྤྲིན་ཕུང་འཁྲིགས་པའི་བྱིན་བརླབས་ལས། །ཀླུ་ནད་བསམ་ཡས་གཏོང་ཞིང་ཕུང་བྱེད་མ། །གཡས་པས་སྦྲུལ་ཞགས་དམ་ཉམས་ཀུན་འཆིང་ཞིང་། །ཕྱག་གཡོན་རྒྱ་མཚོ་འཁྲུག་ཅིང་ནད་གཏོང་མ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཀླུ་ཐུན་སྣ་ཚོགས་དམ་ཉམས་དགྲ་ལ་ཡ། །འདོད་ཆགས་ཞེ་སྡང་རོལ་པའི་དཀྱིལ་འཁོར་ནས། །མི་དགེ་བཅུ་འདུས་དུག་ལྔའི་དོན་སྲས་པོ། །ལུས་པོ་གཅིག་ལ་མི་མཐུན་མགོ་དགུ་སྐྱེས། །མི་མཐུན་མགོ་དགུ་རྩ་གཅིག་དུ་མ་འཁྲིལ། །མི་མཐུན་མགོ་དགུས་སྦྱོར་བ་ཀུན་གཏོང་བ། །སྲོག་དང་སེར་བ་མི་མཐུན་ལས་དགུར་སྟོན། །མགོ་གཅིག་སྲིན་པོ་པི་ཏྲི་པ་ཏྲའི་མགོ། །སྲིན་པོའི་ཀི་ཀང་དྲག་པོའི་སེར་ཆེན་འབེབས། །མགོ་གཅིག་ཕུང་བྱེད་སྲིན་པོ་རཱ་ཧུ་ལ། །སྐྱིན་འདང་ཐང་ཀྱང་


DNG024_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་ཀང་ཐོག་སེར་དྲག་ཏུ་འབེབས། །མགོ་གཅིག་འཇིགས་བྱེད་གཟའ་བདུད་སྒྲ་གཅན་འཛིན། །སྲོག་གཅོད་གཏིབས་གྲི་ཀི་ཀང་དྲག་ཏུ་འབེབས། །མགོ་གཅིག་དུ་བ་མཇུག་རིངས་ཆེན་པོ་སྟེ། །འཇིགས་བྱེད་ཀུན་སྒྲོལ་གཏན་ཕུང་ཀི་ཀང་འབེབས། །མགོ་གཅིག་ཁྱབ་འཇུག་ཆེན་པོ་སྤྲུལ་པའི་སྐུ། །ལྷ་སྲིན་གདུག་པ་ཀུན་གྱི་ཀི་ཀང་འབེབས། །མགོ་གཅིག་དམུ་བདུད་བྱི ཡྨུ ་རཱ་ཛ་སྟེ། །གློ་བུར་འཁྲུག་པའི་ཀི་ཀང་ཆེན་པོ་འབེབས། །མགོ་གཅིག་བདུད་པོ་ཙ་ར་ཀ་ཡི་མགོ། །དྲག་པོ་ལས་ཀྱི་ཀི་ཀང་ཧུར་ཐུཾ་འབེབས། །མགོ་གཅིག་འཇིགས་བྱེད་ལྗང་སྔོན་དམག་དཔོན་ཏེ། །ཐོག་སེར་གྲི་ཐབས་སྣ་ཚོགས་ཀི་ཀང་འབེབས། །རོག་ཏི་ནག་པོ་བྱ་རོག་མགོ་བརྩེགས་ཏེ། །ས་གཡོས་སད་སེར་བཙའ་དང་མུ་གེ་དང་། །ཕུང་བྱེད་ནད་ངན་སྣ་ཚོགས་ཀི་ཀང་འབེབས། །བཀའ་ལས་འདས་པའི་ལོག་ལྟ་དམ་སྲི་ལ། །ཀི་ཀང་སྣ་ཚོགས་དབབ་པའི་དུས་ལ་བབ། །རལ་པ་དམར་པོ་སྤྲུགས་པའི་སྐྲ་གསེབ་ནས། །འཇིགས་བྱེད་ཕུང་བྱེད་གཟའ་བདུད་ཆར་དུ་འབེབས། །སྐུ་མདོག་དུད་ཀ་བ་སྤུའི་དཀྱིལ་འཁོར་ནས། །རྡོ་རྗེའི་ལྕེ་འབེབས་སེར་ཆེན་འོད་ཀྱི་བདག །མགོ་ལུས་མིག་མངས་ཁམས་གསུམ་བྱ་ར་མཁན། །སྨིན་མ་གློག་འགྱུ་བར་སྣང་འོད་ཀྱིས་འགེངས། །སྣ་ནས་བཞི་བརྒྱ་རྩ་བཞིའི་ནད་རླངས་འཐུལ། །གདུག་པའི་ཁ་རླངས་བར་སྣང་སྤྲིན་དུ་འཁྲིགས། །སེན་མོ་ལྕགས་ཀྱུ་གཡས་ན་ཆུ་སྲིན་ཕྱར། །འཛིན་ཤེས་གཏོང་མི་ཤེས་པའི་ཞགས་ཆེན་གྱིས། །ལོག་སྲེད་ཀུན་འདུལ་དམ་ཉམས་འཛིན་པར་བྱེད། །བཀའ་ལས་འདའ་བྱེད་དམ་ཉམས་སྨོད་པ་ལ། །སྲོག་ལ་ཆན་ཐོབ་ལོ་ལ་སེར་བ་ཕོབ། །གློ་བུར་ཡེ་འདྲོག་དམ་སྲིའི་སྙིང་ལ་ཡ། །ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེངས་སུ། །སྲིང་གཅིག་ཆེན་མོ་སྟག་སྲིན་ཟོར་བ་གདོང་། །བཀའ་ལས་མི་འདའ་འབར་བ་བཞད་མོ་ཆེ། །རལ་དམར་སྤྱི་བཅིངས་གསེར་གྱི་ཟོར་བས་བརྒྱན། །སྐུ་ལ་སྟག་ལྤགས་གཡང་གཞི་གོ་ཟུ་གསོལ། །སྙན་ནས་འབྲུག་སྒྲ་སྤྱན་ནས་ཁྲག་འཛག་ཅིང་། །ཤངས་ནས་རྫི་འབུད་བཙའ་འཐིབས་ལོ་


DNG024_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་གཏོང་། །ལྗགས་ནས་གློག་འགྱུ་མུན་པའི་གོ་སྐབས་འབྱེད། །ཞལ་གདངས་ཁྲག་ཆེན་སེར་བ་དྲག་ཏུ་འབེབས། །ཁྲག་ཞག་ངན་སྐྱུགས་ཕོ་ལོག་སྦོས་ནད་གཏོང་། །ཁ་རླངས་སྤྲིན་འཁྲུག་གསེར་གྱི་ཐོག་འབེབས་མ། །ཐུགས་ལས་ལྟས་ངན་སྣ་ཚོགས་སྤྲུལ་པ་འགྱེད། །གཡས་ན་ཟོར་ཕུར་འདྲིལ་ཞིང་སྙིང་ལ་འདེབས། །གཡོན་ན་ཁྲག་ཟོར་དམར་པོ་དགྲ་ལ་འཕེན། །ཁྱེད་ཀྱི་ཆིབས་སུ་སྲེག་བྱེད་ཉི་མ་ཆིབས། །བསྟན་པ་འཇིག་བྱེད་དམ་ཉམས་དགྲ་བོ་ལ། །ཕོ་ལོག་ཀི་ཀང་དུས་འདིར་མྱུར་དུ་ཕོབ། །ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེངས་སུ། །སྲིང་གཅིག་ཆེན་མོ་བམ་སྲིན་དྲེད་མོ་གདོང་། །སྐུ་མདོག་སྨུག་ནག་འབར་བ་བཞད་མོ་ཆེ། །ལྕགས་ཀྱི་རལ་ནག་ཁྲོ་ཆུའི་ཐོ་ལུམ་འཕྲོ། །སྐུ་ལ་དྲེད་ལྤགས་གཡང་གཞི་ཡ་བས་བསྐོར། །སྙན་ནས་འབྲུག་སྒྲོགས་སྤྱན་ནས་ཁྲག་འཛག་ཅིང་། །ཤངས་ནས་རྫི་འབུད་བཙའ་ཐིབས་ལོ་ཉེས་གཏོང་། །ཁ་རླངས་སྤྲིན་ལས་ལྕགས་ཀྱི་ཐོག་འབེབས་མ། །ལྗགས་ལས་གློག་འགྱུ་མུན་པའི་གོ་སྐབས་མེད། །ཞལ་གདངས་ཁྲག་ཆེན་སེར་བ་དྲག་ཏུ་འབེབས། །ཁྲག་ཞག་ངན་སྐྱུགས་གླང་སྣའི་ནད་གཏོང་མ། །ཐུགས་ལས་ལྟས་ངན་སྣ་ཚོགས་སྤྲུལ་པ་འགྱེད། །གཡས་ནས་གནམ་ལྕགས་དགྲ་སྟྭ་འཕྱར་ཞིང་བརྡེག །གཡོན་ན་སྦྲུལ་ཞགས་གདུག་པས་དམ་ཉམས་འཆིང་། །ཁྱེད་ཀྱི་ཆིབས་སུ་བསིལ་བྱེད་ཟླ་བ་ཆིབས། །ལྕེ་རིངས་ནད་གཏོང་སྤྱུགས་པའི་གླུ་དབྱངས་མཁན། །བསྟན་པ་འཇིག་པའི་ལོག་སྲེད་འབྱུང་པོ་ལ། །གླང་སྣའི་ཀི་ཀང་དུས་འདིར་མྱུར་དུ་ཕོབ། །ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །སྲིང་གཅིག་ཆེན་མོ་ཀོང་སྲིན་བན་གླང་གདོང་། །སྐུ་མདོག་དམར་ནག་འོད་འབར་བཞད་མོ་ཆེ། །ཟངས་ཀྱི་རལ་ཆེན་ཐུ་ལུམ་རབ་ཏུ་འཕྲོ། །སྐུ་ལ་བན་གླང་གཡང་གཞི་ན་བཟར་མནབས། །སྙན་ནས་འབྲུག་སྒྲོགས་སྤྱན་ནས་རཀྟ་འཛག །ཤངས་ནས་རྫི་འབུད་བཙའ་འཐིབས་ལོ་ཉེས་གཏོང་། །ལྗགས་ནས་གློག་འགྱུ་བར་སྣང་འོད་ཀྱིས་འགེངས། །ཞལ་གདངས་ཁྲག་གི་བུ་ཡུག་རབ་ཏུ་འཐོར། །ཁྲག་


DNG024_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་ངན་སྐྱུགས་ཁྲག་ནད་སྣ་ཚོགས་ཟེར། །ཁ་རླངས་སྤྲིན་ཕུང་ཟངས་ཀྱི་ཐོག་འབེབས་མ། །ཐུགས་ལས་སྤྲུལ་པའི་ལྟས་ངན་དགྲ་ལ་གཏོང་། །གཡས་ན་ཟངས་གྲི་དམར་པོས་སྲོག་རྩ་གཅོད། །གཡོན་པས་གློག་ཞགས་དམ་ཉམས་ཀུན་འཆིང་མ། །ཁྱེད་ཀྱི་ཆིབས་སུ་ཀླུ་རྒྱལ་སྡིག་པ་བཅིབས། །བསྟན་པ་འཇིག་པའི་དམ་ཉམས་ལོག་སྲེད་ལ། །ཁྲག་ནད་གཟེར་བ་དུས་འདིར་མྱུར་དུ་ཕོབ། །བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེངས་སུ། །སྲིང་གཅིག་ཆེན་མོ་འབྲོག་སྲིན་ཆུ་སྲིན་གདོང་། །སྐུ་མདོག་ལྗང་ནག་འོད་འབར་བཞད་མོ་ཆེ། །ལྕགས་ཀྱི་རལ་ཆེན་ཚ་ཚ་རབ་ཏུ་འཁྲུག །ཆུ་སྲིན་གཡང་གཞིའི་སྟོད་གཡོགས་ཡ་བས་བསྐོར། །སྙན་ནས་འབྲུག་སྒྲོགས་སྤྱན་ནས་ཁྲག་ཆེན་འཐོར། །ཤངས་ནས་རྫི་འབུད་ལོ་ཉེས་འཁྲུག་པ་གཏོང་། །ལྗགས་ནས་གློག་འགྱུ་སྟོང་ཁམས་འོད་ཀྱིས་སྲེག །ཞལ་གདངས་ཁྲག་གི་ཆར་ཆེན་རབ་ཏུ་འབེབས། །ཁྲག་ཞག་དུག་སྐྱུགས་ལྷོག་རྒལ་གག་པ་གཏོང་། །ཁ་རླངས་སྤྲིན་ལས་རྡོ་རྗེ་ཐོག་འབེབས་མ། །ཐུགས་ལས་ལྟས་ངན་སྣ་ཚོགས་སྤྲུལ་པ་འགྱེད། །གཡས་ན་རྡོ་རྗེ་བེ་ཅོན་འཕྱར་ཞིང་བརྡེག །གཡོན་ན་འཇའ་ཞགས་སྐྱེ་འགྲོ་ཀུན་འཆིང་མ། །ཁྱེད་ཀྱི་ཆིབས་སུ་ཁྲོ་རྒྱལ་རྨིག་པ་བཅིབས། །བསྟན་པ་འཇིག་པའི་དམ་ཉམས་འབྱུང་པོ་ལ། །ལྷོག་རྒལ་གག་པ་མ་ཐོགས་མྱུར་དུ་ཕོབ། །ཀུན་ཀྱང་སྲིན་མོ་མི་སྲུན་འཇིག་བྱེད་མ། །ནམ་མཁའི་དཀྱིལ་ནས་འབྲུག་གི་སྒྲ་སྒྲོགས་ཤིང་། །བར་སྣང་ཁམས་ནས་གློག་འགྱུ་མཐུ་མོ་ཆེ། །རི་རབ་རྩེ་ནས་ཐོག་འབེབས་དྲག་ཤུལ་ཅན། །འཛམ་བུའི་གླིང་བཞི་ཕུང་བྱེད་ཁ་མཁའ་འགྲོ་ཡང་འཁོར་མ། །འཇིག་རྟེན་ཁམས་སུ་ཀི་ཀང་སྣ་ཚོགས་འབེབས། །དམིགས་ཀྱི་གཉེར་གཏད་ལོག་སྲེད་འབྱུང་པོ་འདི། །བཏང་སྙོམས་ཡལ་བ་མེད་པའི་རྩེ་གཅིག་མཐུས། །ཐུལ་ཅིག་ཆོམས་ཤིག་ནད་ངན་སྣ་ཚོགས་ཕོབ། །བདུད་རོག་ཏི་ནག་པོ་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་མདོ། སྙིང་གཟེར་དྲག་པོའི་རྒྱུད་ཆེན་པོ་ལས། བཤན་པ་ཕོ་མོ་སྲོག་བསྐུལ་གྱི་ལེའུ་


DNG024_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པའོ།། །།དེ་ནས་བཅོམ་ལྡན་གཤེད་ཆེན་གྱིས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །དྲག་པོ་གསང་སྔགས་རབ་བཤད་པ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཁྲོ་མཆོག་ཉིད་ཀྱི་གསང་སྔགས་སོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀྲོ་ཏ་ཡ་བི་ཛ་ཡ། ཛྭ་ལི་ཨིར་ནི་ཛྭཱི་ཧྭ་པྲ་ཏ་ཤྲཱི་རཾ་སྡི་ཧཱུཾ་ཕཊ། ལུས་བསྲུང་གོ་བགོ་བའི་གསང་སྔགས་ཡིན་ནོ། །ཨཱོཾ་བཛྲ་བེ་ཏཱ་ལཾ་རགྴ་རགྴ་མ་སྭཱ་ཧཱ། རོ་ལངས་ཁྲོ་མོའི་གསང་སྔགས་སོ། །ཨོཾ་ཨེ་ཀ་ཛཱ་ཊི་ཛ། ཏྲག་རགྴ། མུ་ཏྲ་མུ་ཏྲ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་བྷྱོ། ཨེ་ཀ་ཛ་ཊིའི་གསང་སྔགས་སོ། །ཨོཾ་པ་ཤ་མི་ཀི་ཕོར་པ། དུ་དུན་མ་ག་ཤི་ཀྲི་ཧན་ཛྭ་ལ་ཏ་མུར་ཛི་ཙི་ཙྭི་ཡང་ཏི་ཀྲ་ཏི་དུར་ཡཾ་སྭཱ་ཧཱ། མགོ་དགུ་སྤྱིའི་གསང་སྔགས་སོ། །ཨཱོཾ་ཙ་ཏི་པྲ་ཏི་ཀར་ནི་རཱ་ཧུ་ལ། བི་ཀྲནྟ་ཧཱུཾ་ཏ་ཀ་རཾ་ཤར་མ་ཏ་མཱ་ར་ཕཊ། ལས་ཀྱི་བསྐུལ་བའི་གསང་སྔགས་སོ། །ཨཱོཾ་བཛྲ་ཡཀྴ་ཛྭ་ལ་ནི། ཀ་ལ་པྲ་ཙར། ཙིཏྟ་རཀྟ་མུར་ནན་སྭཱ་ཧཱ། སྲིན་པོ་གདུག་པའི་གསང་སྔགས་སོ། །ཨཱོཾ་ཡཀྴ་ར་ཨུ་ཙྩཥྨ། ནཱ་ག་ལེ་དུམ་པ་ལེ་ཙིཏྟ་ཀུ་ལུ་རུ་ལུ་བྷྱོ། གློག་འགྱུ་མའི་གསང་སྔགས་སོ། །མ་རག་མོ། པན་ཡཾ་ཤིག །མཱ་ར་ཡ་ནྲྀ་ཛ་ཛ། ཙ་བད་ས་ལེ། པྲ་བེ་ཤ །མར་ཧྲི་ཛ་ཛ། དུར་མེ་མི་ཀི་རཱ་ཧུ་ལ། ཧུར་ཐུམ་མ་ར་ཛ་ཛ། རགྴ་ཏྲི་ཨ་ཙིཏྟ་རྦད། མཱ་ར་ཡ་ནྲྀ་ཛ་ཛ། ཨ་ཏྲི་རཾ་རཾ་དུན་ཤག་མཱ་ར་ཡ་ཨ་ནྲྀ་ཛ་ཛ། མ་མ་ས་ན་ཡཾ། ར་ཙ་རམ་ཤར། མཱ་ར་ཡ་ནྲྀ་ཛ་ཛ། ནཱ་ག་རི་ཤི་ཧྲིལ་ཤག །བཛྲ་སད་དུན། རམ་ཧྲཱྀལ་མཱ་ར་ཡ་ནྲྀ་ཛ་ཛ། ཤི་ཨི་སན་ཏྲི་ཡཾ་དུ། རཱ་ཧུལ་ཧྲིལ། ཤག་ར་མ་ཤར། ནྲྀ་མཱ་ར་ཡ་ཛ་ཛ། སྡེ་བརྒྱད་རོལ་པའི་དགུག་སྔགས་སོ། །ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ །བེ་ཏཱ་ལི་རགྴ་ཨེ་ཀ་ཛ་ཊི། སྙིང་ཁ་རག །སུ་བཛྲ་ཡགྴ་མན་རག་མོ། ནཱག་དུམ་པ་ལེ། ཤ་ཤུ་མ་རགྟོ། ཙ་བད་ས་ལེ། དུ་རམ་མི་ཀ་རགྴ་ནྲྀ་རཾ་ཏྲཾ། ཡམ་པན་ཡཾ། ནཱ་ག་རི་ཤི་ཤ་ཨིནྟྲ། ར་ཙིཏྟ་དུ་དུ་ཙ་ས་མུ་ཤ་ཁ། རག་ལམ་


DNG024_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ། མ་མ་རཾ། ཧྲིལ་ཧྲིལ། ཤར་ཤར། རུ་ཙ་དུ་ཙ་ཤུ་ཏྲི་ཕྲོམ་དུད་ཀར་ཕྲོམ། ས་མནྟ་ཀ་ཨ་ཀར། དུ་རུ་དུ་རུ་ཕྲོམ། ཡ་མ་སྙིང་། ཡ་མ་ཁྲག །ཡ་མ་དུ། ཡུག་ཏི་སྨིན་ཁྲག་དུ་ཙར། ཤར་ཤར། ཧྲིལ་ཧྲིལ། ཡ་རམ་ཧྲིལ་བྷྱོ། རཀྴ་བྷྱོ། ནཱ་ག་བྷྱོ། གདུག་པའི་དྲིལ་སྔགས་དྲག་པོ་ཡིན། །བདུད་རོག་ཏི་ནག་པོ་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་ མདོ། སྙིང་གཟེར་དྲག་པོའི་རྒྱུད་ཆེན་པོ་ལས། ཤན་པ་སྲེག་སྔགས་ཀྱི་ལེའུ་བཅུ་པའོ།། །།དེ་ནས་བཅོམ་ལྡན་གཤེད་ཆེན་གྱིས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །ཕུང་བྱེད་རོལ་པའི་ལས་བཤད་དེ། །སྡེ་བརྒྱད་དྲེགས་པའི་དཀྱིལ་འཁོར་འདི། །བཀའ་ཐོབ་བསྙེན་པ་རྫོགས་པ་ཡིས། །དུར་ཁྲོད་རོ་ཡི་རས་བླངས་ལ། །མཛེ་ཅན་བསྲེགས་པའི་རུས་སོལ་དང་། །བི་ཥའི་ཐལ་བ་མཛོ་རྟོལ་དང་། །སྦྲུལ་དང་སྦལ་པའི་སྙིང་ཁྲག་དང་། །བི་ཥའི་འདབ་མའི་སྔོ་ཁུ་དང་། །སྐྱེར་པའི་རྩ་ཤུན་བཀུས་པ་ལ། །ཕོ་རོག་སྒྲོ་མར་སྒྲོ་རྨྱུག་གིས། །མགོ་དགུ་རོལ་པའི་གཟུགས་བྲིས་ལ། །ཁ་བགྲད་གཟུགས་ཆེན་དུད་ཀ་ཆུ་སྲིན་ཅན། །མགོ་ལུས་མིག་གང་མཇུག་མ་སྦྲུལ། །སྡེ་བརྒྱད་དཔོན་སྣར་མཁས་པས་བྲི། །བསྟོད་དང་མཆོད་པ་ཀུན་རྫོགས་ནས། །ཀོང་ཚེར་འཇུག་པའི་ཚེས་གྲངས་ལ། །ནུབ་ནས་མཁས་པས་དགྲམ་ནས་ཀྱང་། །གྲོ་གའམ་དུར་ཁྲོད་རས་ཆེན་ལ། །ཁྲག་ཆེན་དག་གིས་གང་དམིགས་བྲི། །དེ་ནས་རྣལ་འབྱོར་བདག་ཉིད་ཀྱིས། །གཤེད་པོ་ཁྲོས་པའི་སྐུར་བསྐྱེད་དེ། །སྲིད་པའི་མ་མོ་ཀུན་མངག་སྟེ། །གང་དམིགས་རྣམ་ཤེས་རླུང་འདྲ་བ། །རྟེན་ལ་ཐབ་སྟེ་རབ་བཅིངས་ནས། །དཀར་དང་དམར་ཆེན་རྫས་སྦྱར་ལ། །ལྗང་སྔོན་ཞལ་དུ་འདི་སྐད་བསྟབ། །མ་མོ་རོལ་པའི་དཀྱིལ་འཁོར་ནས། །དམག་དཔོན་ཆེན་པོ་སྐུ་བཞེངས་ཤིག །ཆུ་སྲིན་གདུག་པ་ཞལ་གདངས་ཤིག །བསྟན་པ་འཇིག་བྱེད་དགྲ་བོ་འདི། །སྒྲོལ་གིང་དམག་དཔོན་ཆེམས་ཀྱིས་ཆེམས། །མ་མོའི་ཚོགས་ཀྱི་ཞལ་དུ་བསྟབ། །


DNG024_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་དོ་གཏད་དོ་སླར་མ་བཏང་། །མ་རག་མོ་ཧབ་ཧུབ་ཁྲམ་ཁ་མཱ་ར་ཡ། ཁྲི་བཟླས་ལྗང་སྔོན་ལག་ཏུ་གཏད། །བསྐལ་པར་ཐར་དུས་མེད་པའོ། །དེ་བཞིན་ཀོང་ཙེའི་ཚེས་གྲངས་ལ། །མགོ་དགུ་རོལ་པ་ཤར་ལྷོར་དགྲམ། །ནུབ་བྱང་མཚམས་ནས་འདི་སྐད་བསྟབ། །ཤར་ལྷོ་མཚམས་ནས་སྐུ་བཞེངས་པ། །དྲང་སྲོང་ཆེན་པོ་ཞལ་གདངས་ཤིག །བསྟན་པའི་འཇིག་བྱེད་དམ་ཉམས་འདི། །རཱ་ཧུ་ལ་ཡི་ཞལ་དུ་བསྟབ། །དགྲ་ལྷའི་རྒྱལ་པོའི་ལག་ཏུ་གཏད། །གཏད་དོ་གཏད་དོ་སླར་མ་བཏང་། །ཙ་སད་ས་ལི་རཱ་ཧུ་ལ་ཧབ་ཧུབ་ཁྲམ་ཁ་མཱ་ར་ཡ། ཁྲི་བཟླས་དྲང་སྲོང་ལག་ཏུ་གཏད། །ཕུང་བྱེད་འཁོར་བཅས་རོལ་པར་དམིགས། །བསྐལ་པར་ཐར་དུས་མེད་པའོ། །དེ་བཞིན་ཀོང་ཙེའི་ཚེས་གྲངས་ལ། །བདུད་པོ་མགོ་དགུ་བྱང་དུ་དགྲམ། །གང་དམིགས་ལྷོ་ནས་འདི་སྐད་བསྟབ། །བྱང་ནས་ཕུང་བྱེད་སྐུ་བཞེངས་པ། །བདུད་དཔོན་ཁྲོས་པ་ཞལ་གདངས་ཤིག །བསྟན་པ་འཇིག་བྱེད་འབྱུང་པོ་འདི། །ཙ་ར་ཀ་ཡི་ཞལ་དུ་བསྟབ། །བདུད་པོ་རོལ་པའི་ཕྱག་ཏུ་གཏད། །གཏད་དོ་གཏད་དོ་སླར་མ་བཏང་། །དུ་རྃ་མི་ཀི་ཙར་ཧབ་ཧུབ་ཁྲམ་ཁ་མཱ་ར་ཡ། ཁྲི་བཟླས་ཕུང་བྱེད་ལག་ཏུ་གཏད། །བདུད་དཔུང་འཁོར་བཅས་རོལ་པར་བསམ། །བསྐལ་པར་ཐར་དུས་མེད་པའོ། །དེ་བཞིན་ཀོང་ཙེའི་ཚེས་གྲངས་ལ། །སྲིན་པོ་མགོ་དགུའི་ལྷོ་ནུབ་དགྲམ། །བྱང་ཤར་མཚམས་ནས་འདི་སྐད་བསྟབ། །ལྷོ་ནུབ་མཚམས་ནས་སྐུ་བཞེངས་པ། །སྲིན་པོ་མགོ་དགུ་ཞལ་གདངས་ཤིག །བསྟན་པ་འཇིག་པའི་འབྱུང་པོ་འདི། །བི་ཏྲི་པ་ཏྲའི་ཞལ་དུ་བསྟབ། །སྲིན་པོའི་ཚོགས་ཀྱི་ལག་ཏུ་གཏད། །གཏད་དོ་གཏད་དོ་སླར་མ་བཏང་། །རཀྴ་ཏྲི་ཨ་རྦད་ཧབ་ཧུབ་ཁྲམ་ཁ་མཱ་ར་ཡ། ཁྲི་བཟླས་སྲིན་པོའི་ལག་ཏུ་གཏད། །རཀྴ་ཚོགས་ཀྱིས་རོལ་པར་བསམ། །བསྐལ་པར་ཐར་དུས་མེད་པའོ། །དེ་བཞིན་ཀོང་ཙེའི་ཚེས་གྲངས་ལ། །དམུ་བདུད་མགོ་དགུ་ཤར་དུ་དགྲམ། །ནུབ་ནས་ལོག་སྲེད་འདི་སྐད་བསྟབ། །ཤར་གྱི་ཕྱོགས་ནས་སྐུ་བཞེངས་པ། །དམུ་བདུད་མགོ་དགུ་ཞལ་གདངས་ཤིག །བསྟན་པ་འཇིག་པའི་


DNG024_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་འདི། །ཧ་ལི་ཀ་ལིའི་ཞལ་དུ་བསྟབ། །དམུ་བདུད་ཚོགས་ཀྱི་ཕྱག་ཏུ་གཏད། །གཏད་དོ་གཏད་དོ་སླར་མ་བཏང་། །ཨ་ཏྲི་དམ་ཏྲཾ་དུན་ཤན་ཧབ་ཧུབ་ཁྲམ་ཁ་མཱ་ར་ཡ། ཁྲི་བཟླས་དམུ་བདུད་ལག་ཏུ་གཏད། །ཧ་ལི་ཚོགས་ཀྱིས་རོལ་པར་བསམ། །བསྐལ་པར་ཐར་དུས་མེད་པའོ། །དེ་བཞིན་ཀོང་ཙེའི་ཚེས་གྲངས་ལ། །ཡ་མཱན་མགོ་དགུ་ནུབ་བྱང་དགྲམ། །ཤར་ལྷོ་མཚམས་ནས་འདི་སྐད་བསྟབ། །ནུབ་བྱང་མཚམས་ནས་སྐུ་བཞེངས་པ། །ཕུང་བྱེད་མགོ་དགུ་ཞལ་གདངས་ཤིག །བསྟན་པ་འཇིག་པའི་དམ་ཉམས་འདི། །དུ་བ་མཇུག་རིངས་ཞལ་དུ་བསྟབ། །གཤིན་རྗེའི་ཚོགས་ཀྱི་ཕྱག་ཏུ་གཏད། །གཏད་དོ་གཏད་དོ་སླར་མ་བཏང་། །ཡམས་ན་ཡ་མར་ཙ་ཁྲི་ཤི་དུན་ཁྲམ་ཁ་མཱ་ར་ཡ། ཁྲི་བཟླས་གཤིན་རྗེའི་ལག་ཏུ་གཏད། །མཇུག་རིངས་ཁྲོས་པས་རོལ་པར་བསམ། །བསྐལ་པར་ཐར་དུས་མེད་པའོ། །དེ་བཞིན་ཀོང་ཙེའི་ཚེས་གྲངས་ལ། །ཀླུ་བཙན་མགོ་དགུ་ལྷོ་རུ་དགྲམ། །བྱང་ནས་ལོག་སྲེད་འདི་སྐད་བསྟབ། །ལྷོ་ཡི་ཕྱོགས་ནས་སྐུ་བཞེངས་པ། །ཀླུ་བཙན་མགོ་དགུ་ཞལ་གདངས་ཤིག །བསྟན་པ་འཇིག་པའི་ལོག་སྲེད་འདི། །ཁྱབ་འཇུག་ཆེན་པོའི་ཞལ་དུ་བསྟབ། །ཀླུ་བཙན་དགྲ་ལྷའི་ཕྱག་ཏུ་གཏད། །གཏད་དོ་གཏད་དོ་སླར་མ་བཏང་། །ནཱ་ག་རི་ཤི་ས་དུན་ཧབ་ཧུབ་ཁྲམ་ཁ་མཱ་ར་ཡ། ཁྲི་བཟླས་ཀླུ་བཙན་ལག་ཏུ་གཏད། །ཁྱབ་འཇུག་ཆེན་པོས་རོལ་པར་བསམ། །བསྐལ་པར་ཐར་དུས་མེད་པའོ། །དེ་བཞིན་ཀོང་ཙེའི་ཚེས་གྲངས་ལ། །བགེགས་དཔོན་མགོ་དགུ་བྱང་ཤར་དགྲམ། །སྔགས་པས་གཤེད་པོའི་ཚུལ་འཆང་བ། །དམ་རྫས་ལིངྒ་བཅས་པ་དག །ལྷོ་ནུབ་མཚམས་ནས་འདི་སྐད་བསྟབ། །བྱང་ཤར་མཚམས་ནས་སྐུ་བཞེངས་པ། །བགེགས་དཔོན་མགོ་དགུ་ཞལ་གདངས་ཤིག །བསྟན་པ་འཇིག་པའི་ལོག་སྲེད་འདི། །སྒྲ་གཅན་འཛིན་གྱི་ཞལ་དུ་བསྟབ། །བི་ནཱ་ཡ་ཀའི་ཕྱག་ཏུ་གཏད། །གཏད་དོ་གཏད་དོ་སླར་མ་བཏང་ཞིག །ཤ་ཨི་སན་ཏྲི་ཡམ་དུ་བྱ། རཱ་ཧུ་ལ་ཧབ་ཧུབ་ཁྲམ་ཁ་མཱ་ར་ཡ། ཁྲི་བཟླས་བགེགས་ཆེན་ལག་ཏུ་གཏད། །སྒྲ་


DNG024_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་འཛིན་གྱིས་རོལ་པར་བསམ། །བསྐལ་པར་ཐར་དུས་མེད་པའོ། །དེ་ནས་དཀར་དམར་རྫས་ཆེན་དང་། །གང་དམིགས་རྟེན་དུ་བཅས་པ་དེ། །ཕུང་བྱེད་སྐུ་ལ་དྲིལ་ནས་ཀྱང་། །ཀི་ཀང་དྲག་པོའི་ཕྱོགས་དག་གམ། །ཁམས་ལ་དགྲ་དར་ཕྱོགས་སུ་སྦ། །དེ་ནས་ཐུན་ཟོར་དྲག་བསྐུལ་ན། །ཚངས་པའི་ཚེ་དང་ལྡན་གྱུར་ཡང་། །མྱུར་དུ་འཆི་བར་ཐེ་ཚོམ་མེད། །ཕུང་བྱེད་རྒྱལ་པོ་འདིས་རོལ་ནས། །གཟའ་བདུན་རྒྱུ་སྐར་འདིས་རོལ་ན། །རྟག་ཏུ་གདུག་པའི་སྦྱོར་ངན་གྱིས། །གང་དམིགས་གཙོ་འཁོར་རིགས་རྒྱུད་བཅས། །ཐང་གཅིག་ཡིད་ཀྱིས་རླག་པར་བྱེད། །བདུད་རོག་ཏི་ནག་པོ་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་མདོ། སྙིང་གཟེར་དྲག་པོའི་རྒྱུད་ཆེན་པོ་ལས། གཟའ་གཏད་དྲག་པོའི་ལེའུ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་གཤེད་ཆེན་གྱིས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །གཏན་འཕོ་ལས་ཀྱི་འཁོར་ལོ་འདི། །ཐོག་མར་བརྟག་པའི་གནས་ཆེན་དུ། །ཆོ་གར་ལྡན་པའི་སྔགས་པ་ཡིས། །སྡེ་བརྒྱད་རོལ་པའི་དཀྱིལ་འཁོར་ནི། །དུར་ཁྲོད་ཐལ་བས་ཚུལ་བཞིན་བྲི། །རྫས་ཚོགས་དྲུག་འབུམ་བཟླས་བྱས་ཏེ། །མཚན་མ་བཟང་པོ་མཐོང་བ་ན། །ལོག་སྲེད་ཕ་མེས་ཐོད་པ་འམ། །རབས་ཆད་མཛེ་ཅན་ཐོད་པ་དང་། །གཟེད་དང་ཡུགས་མོའི་ཐོད་པ་ལ། །མཁས་པས་འཁོར་ལོ་བྲི་བྱ་ལ། །ལྕེས་བསད་བསྲེགས་པའི་རུས་སོལ་དང་། །གསེར་དང་གནམ་ལྕགས་ལ་སོགས་པ། །བདར་ཁུ་བི་ཥར་བཅས་པ་ལ། །འབུམ་བདུན་པདྨ་རཀྟར་སྦྱར། །ཁཱ་ཁ་རིག་བྱེད་སྒྲོ་རྩ་ཡིས། །ཕོ་ཐོད་གོང་མ་དག་ལ་ནི། །རིམ་བཞིན་ཟླུམ་པོར་ཀུན་ཏུ་བསྐོར། །གཉིས་པ་རྩིབས་བརྒྱད་དག་ཏུ་བཀོད། །གསུམ་པ་བཅུ་གཉིས་འཁོར་བར་བྱ། །དེ་ནས་དྲག་པོའི་སྔགས་གཞན་ལ། །ཕུང་བྱེད་ཕོ་ཡི་སྔགས་དགོད་དེ། །ལྟེ་དབུས་ཡ་དཀྱིལ་བསྒྲུབ་བྱ་ཞིང་། །དེ་མཐའ་ཡཀྴའི་སྔགས་ཀྱིས་བསྐོར། །གཉིས་པ་རྩིབས་བརྒྱད་སྟེང་དུ་


DNG024_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཕྱོགས་བཞི་མཚམས་བརྒྱད་ཇི་ལྟ་བར། །གདུག་པའི་ཡི་གེ་འབྲུ་བརྒྱད་དགོད། །རྩིབས་མཆན་བསྒྲུབ་བྱའི་མིང་རུས་ཡུལ། །ཚང་བར་སྔགས་པར་བྲི་བར་བྱ། །གསུམ་པ་བཅུ་གཉིས་དག་ལ་ཡང་། །ཕྱོགས་བཞི་གདུག་པའི་གསང་སྔགས་དེ། །ཁྱིམ་གསུམ་བཞི་པོ་ཚང་བར་དགོད། །རྩིབས་མཆན་བཅུ་གཉིས་དག་ལ་ཡང་། །མཚམས་བཞི་གདུག་པའི་གསང་སྔགས་ཏེ། །གོང་གསུམ་མཚན་གྲོང་གསུམ་ཀྱང་བཞི་ཚང་བར་དགོད། །འབྲུ་ཐད་རིམ་པས་ལེགས་པར་བྲི། །ཐ་མ་བཅུ་བདུན་སྔགས་ཀྱིས་བསྐོར། །དེ་མཐར་ཕྱག་ཞབས་ཡང་དག་བྲི། །སྐྱེ་ཤི་བཞི་ཡང་སྲོག་ལ་གཏན་འཕོ་བའི། །ཁྲུས་མཁན་ཕོ་ཡི་འཁོར་ལོ་ཡིན། །མོ་ཐོད་དག་ལ་འདི་ལྟ་སྟེ། །རིམ་པ་གོང་དང་འདྲ་བ་ལ། །གཉིས་པ་རྩིབས་བཞི་ལེགས་པར་བྲི། །དེ་ནས་བདུན་པའི་མོ་སྔགས་ནི། །ལྟེ་དབུས་ཡ་དཀྱིལ་བསྒྲུབ་བྱ་བྲི། །དེ་མཐའ་གློག་འགྱུའི་སྔགས་ཀྱིས་བསྐོར། །གཉིས་པའི་རྩིབས་སྟེངས་འབྲུ་བཞི་བཞག །རྩིབས་མཆན་བསྒྲུབ་བྱའི་མིང་རུས་ཡུལ། །ལེགས་པར་བྷྱོ་ཡི་བར་དུ་བྲིས། །གསུམ་པར་ཕུང་བྱེད་མ་བཞིའི་སྔགས། །ཚུལ་བཞིན་འཁོར་བར་དགོད་པར་བྱ། །བཞི་པ་རོལ་པའི་གསང་སྔགས་དང་། །རལ་གཅིག་མ་ཡི་སྔགས་ཀྱིས་བསྐོར། །ཞལ་དང་ཕྱག་ཞབས་དེ་བཞིན་བྲི། །ཕུང་བྱེད་མ་ཡི་འཁོར་ལོ་ཡིན། །རྣམ་གཉིས་འཁོར་ལོ་དེ་བཞིན་དང་། །འུག་པའི་སྒོ་ངའི་མར་གྱིས་བྱུག །དེ་ལྟར་བྲི་བའི་འཁོར་ལོ་དེ། །མོ་ཐོད་གན་རྐྱལ་རི་གསུམ་རྩེ། །ཕོ་ཐོད་ཁ་སྦུབ་ཁ་སྦྱར་ལ། །ནང་དུ་དཀར་དམར་རྫས་ལ་སོགས། །གསེར་རྒོད་རྣམས་ཀྱིས་རབ་ཏུ་དགང་། །དེ་ནས་ཕུང་བྱེད་སྔགས་ཀྱིས་བྲབ། །དུས་ལ་བབ་ན་དམིགས་རྟེན་སྒྲོལ། །ཐུན་དབབ་མཚོན་གདབ་མཚོན་གྱིས་བཤིག །ཁ་བརྒྱད་སྦྱིན་སྲེག་ལས་ལ་བྱ། །སོལ་ཐལ་རྟེན་དུ་བྱས་པ་དག །སྙིང་ཤུན་བྲུབ་ལ་ཁར་བཅུག་ནས། །སྦྲུལ་གྱིས་ཁ་བཅིང་འཁོར་ལོར་གཞུག །དེ་ཉིད་ཤུན་ལ་གྲིལ་ནས་ཀྱང་། །དུས་ཚོད་གནད་ལ་བབ་པའི་ཚེ། །སྔགས་པས་ཡུལ་གྱི་དབྱིངས་སུ་སྦ། །ཐབ་ཟོར་སྔགས་ཀྱིས་


DNG024_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བསྐུལ་ནས། །སྲིད་པ་ལྟོ་ཟློག་ཁྲུས་ཀྱིས་དབྱུང་། །གྲོང་ཁྱེར་པུ་ཤུའི་རྩར་སྦས་ནས། །སྔགས་ཟེར་ཐུན་གྱིས་རབ་བསྐུལ་ན། །ལྕེ་འབབ་གྲོང་ཁྱེར་ར་བཅུ་འཇིག །དེ་བཞིན་རི་མཐོ་རྩེར་སྦས་ནས། །སྟེང་དུ་ཐོབ་རྩིག་ཐུན་བསྐུལ་ན། །དམིགས་རྟེན་ཡུལ་ཁྱུང་འཁྲུག་པས་ཕུང་། །དུར་ཁྲོད་དཀྱིལ་དུ་སྦས་བྱས་ནས། །བི་ཥའི་ཐུན་གྱིས་རབ་བསྐུལ་ན། །མཛེ་སྐྲན་དམུ་ཆ་ཡམས་སུ་འབྱུང་། །ལྕེ་དབབ་སད་སེར་སྨོས་ཅི་དགོས། །དྲེའུ་དང་མཛོ་ཡི་ཐོད་པ་ཡི། །བར་དུ་འཁོར་ལོ་དེ་བཅུག་ནས། །ལོ་གཤེད་ཟླ་དང་ཚེས་གྲངས་དང་། །དུས་ཚོད་གནད་ལ་ བབ་པའི་ཚེ། །ལོག་སྲེད་དུར་གྱི་ཕྱིངས་སུ་སྦ། །དེ་ནས་སྔགས་ཐུན་ཟོར་བསྐུལ་ན། །འགལ་བྱེད་གཙོ་བོར་བཅས་པ་སྟེ། །ཚངས་པའི་ཚེ་དང་ལྡན་གྱུར་ཡང་། །འདི་ཙམ་ཐང་གཅིག་ཡུད་ཀྱིས་རླག །གཙོ་འཁོར་བཅས་པ་རྩད་ཆོད་དེ། །གཏན་འཕོ་རྨིག་མེད་ཐེ་ཚོམ་མེད། །བདུད་རོག་ཏི་ནག་པོ་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་མདོ། སྙིང་གཟེར་དྲག་པོའི་རྒྱུད་ཆེན་པོ་ལས། བཤན་པ་འཁོར་ལོ་ནག་པོའི་ལེའུ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་གཤེད་ཆེན་གྱིས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །ཀི་ཀང་ཕུར་པའི་ལས་བཤད་པ། །རྣལ་འབྱོར་བརྟུལ་ཞུགས་ཆེན་པོ་ཡིས། །ཕུན་སུམ་ཚོགས་པ་ཀུན་ལྡན་ནས། །སྡེ་བརྒྱད་རོལ་པའི་དཀྱིལ་འཁོར་ནི། །ཐིག་གིས་ཡུལ་བཅད་ཇི་བཞིན་དུ། །རོ་བསྲེགས་ཐལ་ཆེན་སོལ་ཕྱེ་དང་། །རཀྟ་སྐྱེར་ཤུན་སྐམ་ཕྱེ་དང་། །བི་ཥའི་འདབ་སྐམས་ཕྱེ་མ་ཡིས། །ཨེ་དང་འཁོར་ལོ་མགོ་དཔུང་བཅས། །སྒོ་བཞི་མཛེས་པའི་དཀྱིལ་འཁོར་ནི། །མཁས་པས་ཁ་དོག་གསལ་བར་བྲི། །ཕྱི་རོལ་ཨེ་རྒྱར་མདའ་ཚད་པའོ། །ནང་དུ་དམིགས་རྟེན་ཙ་ར་གདགས། །དེ་ནས་དྲག་པོའི་ཕུར་པ་ཡི། །རྒྱུ་དང་དབྱིབས་ཚད་བྱིན་རླབ་དང་། །དགོད་དང་སྒྲུབ་པའི་ཁྱད་པར་བསྟན། །དེ་ལ་རྒྱུ་ཡི་བྱེ་བྲག་ནི། །ལྕགས་སྣ་ལྔ་དང་མཆོག་ཆེན་རྐང་། །མཛོ་


DNG024_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཤིང་དང་ཤྭ་ནའི་རྐང་། །ཤིར་ཤིང་ཕག་རྒོད་མཆེ་བ་དང་། །གླང་ཤིང་གླང་ཆེན་མཆེ་བ་དང་། །སྐྱེར་ཤིང་མ་ཧེའི་རྭ་རྩེ་དང་། །སེང་ལྡེང་སྨུག་པོ་ལ་སོགས་ཡང་། །ཕུར་པའི་དབྱིབས་ནི་རི་རབ་རྩེ། །རྩ་བ་མགོ་ལ་ཅོ་ཏོ་རྩེ། །རྒྱ་མདུད་གཉིས་པ་ལོགས་བརྒྱད་མཛེས། །རྩེ་མོ་ཟུར་གསུམ་དཔལ་དང་ལྡན། །ལྕགས་སྣའི་ཕུར་པ་དག་ལ་ནི། །མཁས་པས་སོར་ཚད་བཅུ་དྲུག་པའོ། །མཆོག་ཆེན་རྐང་ལ་བཅུ་གཉིས་ཚད། །མཛོ་མོ་ལ་སོགས་བརྒྱད་པོ་ནི། །སོར་བརྒྱད་ཚད་དུ་ཤེས་པར་བྱ། །སེང་ལྡེང་ལས་བྱས་སོར་བཞིའི་ཚད། །དེ་ལྟར་ཚད་ལྡན་རྫས་མཆོག་དེ། །མཁས་པས་བྱིན་གྱིས་བརླབ་བྱ་བ། །སྟོང་ཉིད་ངང་ལས་སྐུར་བཞེངས་པ། །རྣལ་འབྱོར་གཤེད་པོའི་ཐུགས་ཀ་ནས། །ཡ་བཞི་འོད་འཕྲོས་སླར་འདུས་པས། །ལག་མཐིལ་གཡས་གཡོན་མཐེ་བོང་གཉིས། །ཡ་མ་རཱ་ཙ་ཡབ་ཡུམ་དང་། །སྐུ་སྲིན་ཕོ་མོའི་སྐུར་གསལ་བའོ། །ཡ་མ་ར་ཙ་ས་དོ་མེ་ཡ། མ་མ་ཨེ་ཀ་ཛ་ཊི་ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཡཀྴ་ཛྭ་ལ་ནི། སྙིང་ཁྲག་ཡག་མོ་ནཱ་ག་ལེ། ས་མ་ཡ་ཧ། ས་མ་ཡ་སྟྭཾ། ཐལ་མོ་ལན་གསུམ་དྲག་བརྡབས་པས། །འོད་ཟེར་སྤྲོ་བསྡུས་འབྲུ་བརྒྱད་ལས། །གཡས་མཛུབ་གུང་མོ་སྲིན་ལག་དང་། །མཐེའུ་ཆུང་དེ་བཞིན་མཛུབ་མོ་དང་། །གུང་མོ་སྲིན་ལག་མཐེའུ་ཆུང་རྣམས། །བི་ཏྲི་པ་ཏྲ་རཱ་ཧུ་ལ། སྒྲ་གཅན་མཇུག་རིངས་ཁྱབ་འཇུག་དང་། །བི་ར་ཙ་ཙ་ར་ཀ །ལྗང་སྔོན་ལ་སོགས་རིམ་བཞིན་ཏེ། །དེ་ནས་འབྲུ་བཞི་འོད་འཕྲོས་པས། །མཐེབ་སྙིང་གཡས་གཡོན་དག་དང་ནི། །དེ་བཞིན་མཛུབ་སྙིང་གཡས་གཡོན་ལ། །སྟག་སྲིན་བམ་སྲིན་ཀོང་སྲིན་དང་། །འབྲོག་སྲིན་ལ་སོགས་རིམ་བཞིན་བསྒོམ། །དེ་ནས་ཕན་ཚུན་དམ་བསྣོལ་བའི། །བར་དུ་ཕུར་པ་དེ་བཅུག་ནས། །རྟིང་པས་དྲིལ་ཤིང་སྔགས་འདི་བཟླས། །ཨཱོཾ་ཀཱ་ཡ་ཤྲཱི་མ་ཧཱ་བཛྲ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཨཱོཾ། དེ་ནས་ཐལ་སྦྱར་རྩེ་སྤྲད་པའི། །བར་དུ་ཕུར་ཚོགས་དེ་བཅུག་ནས། །དྲིལ་ཚུལ་བསྟན་ཅིང་སྔགས་འདི་བཟླས། །ཧྲིཿབཱག་བུ་མུར་བ་ཨཱ། དེ་ནས་ཐལ་སྦྱར་དམ་བསྣོལ་ནས། །གུང་མོ་


DNG024_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲེངས་ཏེ་རྩེ་སྤྲད་པའི། །བར་དུ་ཕུར་བཅུག་སྔགས་འདི་བཟླས། །ཧཱུཾ་ཙིཏྟ་བཛྲ་སཏྭ་ཧཱུཾ། གྲུ་གསུམ་འོད་ཀྱི་སྤྲོ་བསྡུ་དང་། །དྲེགས་པ་ཕོ་མོའི་འོད་ཟེར་གྱིས། །བདེ་གཤེགས་སྐུ་གསུང་ཐུགས་བསྡུས་ནས། །འཁྲུལ་རྟོག་ལོག་ལྟ་ཀུན་བསྲེགས་ནས། །ཕུར་པ་གཙོ་འཁོར་སྐུར་གསལ་བྱེད། །སྐུ་གསུང་ཐུགས་དང་ལྡན་པར་བརླབ། །དེ་ནས་བྱུག་བདུག་དྲག་ཏུ་དྲིལ། །སྔགས་འདིས་སྲིད་གསུམ་སྒྲོལ་བར་བསྐུལ། །ཨོཾ་བཛྲ་ཀྲོ་ཏ་རོག་ཏི་ཡཀྴ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་མཱ་ར་ཡ་ཧཱུཾ་ཕཊ། ཕུང་བྱེད་སྒྲོལ་བདག་ཕོ་མོ་དེ། །སྔགས་པས་འདི་སྐད་དགོད་པར་བྱ། །ཧཱུཾ། སྲིད་གསུམ་སྒྲོལ་བའི་དཀྱིལ་འཁོར་ནི། །ཡུམ་མཆོག་མཁའ་དཀྱིལ་ཨེ་ཀློང་དུ། །འཇིགས་བྱེད་སྐུ་མཆོག་དྲེགས་པ་འདུལ། །གྱད་ཚུལ་སྟབས་ཀྱིས་བཞུགས་སུ་གསོལ། །ཕུང་བྱེད་ཡབ་སྲས་ལྕམ་དང་དྲལ། །རྩིབས་བརྒྱད་མགོ་དཔུང་ཡན་ལག་དང་། །སྒོ་བཞི་ཀེང་རག་གདན་སྟེངས་སུ། །རྔམས་ཤིང་ཚུབ་པས་བཞུགས་སུ་གསོལ། །བསྐྱེད་པ་རྩ་བའི་སྔགས་མཇུག་ལ། །ས་མ་ཡ་ཏིཥྛ་ལྷན། ཞེས་བརྗོད། ཨེ་དང་དེ་བདུན་རྩིབས་བརྒྱད་དང་། །སྒོ་བཞི་ཀེང་རག་གདན་སྟེངས་སུ། །མི་མཐུན་རྫས་ཕུར་བཅུ་བཞི་དགོད། །དུས་གསུམ་དཀར་ནག་དུད་པས་བདུག །ཐུན་རྫས་མཆོད་པ་རིམ་པས་བཞག །སྒྲུབ་དང་ཁྱད་པར་དྲག་པོའི་ལས། །བསྒྲུབ་པ་སྐྱེད་ཆོག་བཟླས་པ་ནི། །སྔགས་བསྙེན་འོག་ཏུ་འབུམ་བཟླས་ནས། །སྡེ་བརྒྱད་ཀུན་ལ་དཔང་བཙུགས་ཤིང་། །ཐ་ཚིག་ཅན་རྣམས་དྲག་མངགས་ནས། །གྲུབ་པའི་རྟགས་རྣམས་ཡིད་བརྟན་འབྱུང་། །དེ་ནས་ཁྱད་པར་དྲག་པོའི་ལས། །ཀི་ཀང་རྒྱུ་བའི་དུས་དག་ལ། །མདའ་ཚད་ཨེ་བརྒྱད་གང་ཡིན་པར། །ལོག་པར་བལྟ་བའི་འབྱུང་པོ་དེ། །ཁ་སྦུབ་གན་རྐྱལ་གང་ཡང་རུང་། །སྙིང་གི་ཐད་ཀར་མིང་རུས་བརྒྱད། །མགོ་དཔུང་ཡན་ལག་གནས་བརྒྱད་དུ། །སྡེ་བརྒྱད་རོལ་པའི་ཐུན་བརྒྱད་དབབ། །དེ་ནས་དྲག་པོའི་ཕུར་པས་བརྡེག །ལྕགས་ཕུར་རླངས་ལ་འདི་སྐད་


DNG024_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གདང་། །ཧཱུཾ་མཁའ་ཀློང་ཨེ་ཡི་ཕོ་བྲང་ནས། །ཁྲོ་མཆོག་རྒྱལ་པོ་སྐུ་བཞེངས་ཏེ། །སྐུ་སྟོད་གཤེད་པོ་འབར་བའི་སྐུ། །སྐུ་སྨད་ཟུར་གསུམ་ཀཱི་ལ་ཡ། །སྲོག་གཤེད་ཁྲོས་པའི་དཔལ་དང་ལྡན། །ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ། །ཨཱོཾ་མཉྫུ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་མུ་ཀཾ་ཛ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷ་ནཱན་ཆེ་གེ་མོ་མཱ་ར་ཡ། ཨོཾ་བེ་ཏཱ་ལི་རགྴ་ཀྲོ་དྷཱི་ཤྭ་རཱི་ཨུ་ཙུཥྨ། སྙིང་ཁ་རག་ཨེ་ཀ་ཛ་ཊི་མ་མ་ཏྲག་ཤ་བྷྱ།ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཧཱུཾ། ཁྲག་མཚོ་རུས་ཁྲིའི་གདན་སྟེངས་ནས། །སྲིན་པོ་མེ་འབར་ཁྲོས་པའི་སྐུ། །སྐུ་སྨད་ཟུར་གསུམ་དབལ་དང་ལྡན། །སྲོག་རྩ་བཅད་པའི་དུས་ལ་བབ། །ཨཱོཾ་ཡཀྴ་ཛྭ་ལ་ནི་སྙིང་ཁྲག་ཙ་ཙ་ར་ཙ་རྦད། རགྴ་ཡགྴ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཡག་མོ་ནཱ་ག་ལེ་སྙིང་དུན་ཏི་ཙ་ཙ་ར་ཙ་རྦད། ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ། ནུབ་ཀྱི་ཕྱོགས་ནས་སྐུ་བཞེངས་པ། །སྐུ་སྟོད་ལྗང་སྔོན་དབུ་དཔུང་ཆེ། །སྐུ་སྨད་ཟུར་གསུམ་དབལ་དང་ལྡན། །དཔུང་པ་གཡོན་ལ་ཀཱི་ལ་ཡ། །དགུག་སྔགས་དང་པོའི་མཇུག་ཏུ་ཡང་། །གདབ་སྔགས་འདི་བཟླས་གསལ་བསྒོམ་བརྡེག །ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ། ཤར་ལྷོ་མཚམས་ནས་སྐུ་བཞེངས་པ། །སྐུ་སྟོད་དྲང་སྲོང་དབུ་དཔུང་ཆེ། །སྐུ་སྨད་ཟུར་གསུམ་དབལ་དང་ལྡན། །ལག་པ་གཡས་ལ་ཀཱི་ལ་ཡ། །དགུག་སྔགས་གཉིས་པའི་མཇུག་ཏུ་ཡང་། །གདབ་སྔགས་འདི་བཟླས་མྱུར་དུ་བརྡེག །ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཆེ་གེ་མོ་ཨཱ་བེ་པོ་ཤན་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ། བྱང་གི་ཕྱོགས་ནས་སྐུ་བཞེངས་པ། །སྐུ་སྟོད་བདུད་པོ་དབུ་དཔུང་ཆེ། །སྐུ་སྨད་ཟུར་གསུམ་དབལ་དང་ལྡན། །གསང་བའི་གནས་སུ་ཀཱི་ལ་ཡ། །གསུམ་པ་སྔགས་མཇུག་འདི་བཟླས་བརྡེག །ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཆེ་གེ་མོ་ཀུ་རུ་ཤེ་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ། ལྷོ་ནུབ་མཚམས་ནས་སྐུ་བཞེངས་པ། །སྐུ་སྟོད་བི་ཏྲི་དབུ་དཔུང་ཆེ། །སྐུ་སྨད་ཟུར་གསུམ་དཔལ་དང་ལྡན། །ཀླད་པའི་དཀྱིལ་དུ་ཀཱི་ལ་ཡ། །བཞི་པའི་སྔགས་མཇུག་འདི་བཟླས་བརྡེག །ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཆེ་གེ་མོ་ས་བྷན་


DNG024_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ཤ་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ། ཤར་གྱི་ཕྱོགས་ནས་སྐུ་བཞེངས་པ། །སྐུ་སྟོད་ཧ་ལི་དབུ་དཔུང་ཆེ། །སྐུ་སྨད་ཟུར་གསུམ་དབལ་དང་ལྡན། །གཞང་དང་རྐུབ་ཏུ་ཀཱི་ལ་ཡ། །དགུག་སྔགས་ལྔ་མཇུག་འདི་བཟླས་བརྡེག །ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱན་ཆེ་གེ་མོ་ཧབ་ཧུབ་ཁ་རག་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ། ནུབ་བྱང་མཚམས་ནས་སྐུ་བཞེངས་པ། །སྐུ་སྟོད་ཡ་མ་དབུ་དཔུང་ཆེ། །སྐུ་སྨད་ཟུར་གསུམ་དབལ་དང་ལྡན། །ལག་པ་གཡོན་ལ་ཀཱི་ལ་ཡ། །དྲུག་པའི་སྔགས་མཇུག་འདི་བཟླས་བརྡེག །ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱན་ཆེ་གེ་མོ་ཁུ་རུ་རུ་པེ་ཤ་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ། ལྷོ་ཡི་ཕྱོགས་ནས་སྐུ་བཞེངས་པ། །སྐུ་སྟོད་ཁྱབ་འཇུག་དབུ་དཔུང་ཆེ། །སྐུ་སྨད་ཟུར་གསུམ་དབལ་དང་ལྡན། །དཔུང་པ་གཡས་ལ་ཀཱི་ལ་ཡ། །བདུན་པའི་སྔགས་མཇུག་འདི་བཟླས་བརྡེག །ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱན་ཆེ་གེ་མོ་ཁ་ལོ་ཤན་རཀྟ་མཱ་ར་ཡ་ཧཱུཾ། ཧཱུཾ། བྱང་ཤར་མཚམས་ནས་སྐུ་བཞེངས་པ། །སྐུ་སྟོད་སྒྲ་གཅན་དབུ་དཔུང་ཆེ། །སྐུ་སྨད་ཟུར་གསུམ་དབལ་དང་ལྡན། །སྙིང་གི་དཀྱིལ་དུ་ཀཱི་ལ་ཡ། །དགུག་སྔགས་མཐའ་མའི་མཇུག་དག་ལ། །གདབ་སྔགས་འདི་བཟླས་གསལ་བསྒོམ་བརྡེག །ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱན་ཆེ་གེ་མོ་བི་ཏ་བལ་སུ་མཱ་ར་ཡ་ཧཱུཾ་ཕཊ། ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྲིང་གཅིག་སྟག་སྲིན་ཕུང་བྱེད་མ། །ལོ་ཏོག་ནད་ཀྱི་མངའ་བདག་མོ། །ལོང་རྩ་གཡས་ལ་ཀཱི་ལ་ཡ། །མ་ར་ཙིཏྟ་ཤ་ལ་ཐིབ། ཙ་དུན་ཧ་ར་ལ་བྷྱོ། ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱ་ནཱན་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྲིང་གཅིག་བམ་སྲིན་དྲེད་མོའི་གདོང་། །གླང་སྣ་ནད་ཀྱི་མངའ་བདག་མོ། །ཨ་སོ་ལི་ཀ་གཡས་ལ་ཡ། །ར་རུ་རུ་ཁ་རག་ཧེད་ཙིཏྟ་མ་མ་བྷྱོ། ཀཱི་ལ་ཀཱི་ལ་ཡ་སརྦ་བིགྷ་ནཱན་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྲིང་གཅིག་ཀོང་སྲིན་བན་གླང་གདོང་། །ཁྲག་ནད་གཟེར་བའི་མངའ་བདག་མོ། །ཨ་སོ་ལི་ཀ་གཡོན་ལ་ཡ། །རག་མོ་ཙབ་ཤམ་ཁ་ཐུམས་ཙ་ར་ན་བྷྱོ། ཀཱི་ལ་ཀཱི་ལ་ཡ་སརྦ་བིགྷ་ནཱན་ཆེ་གེ་མོ་མཱ་ར་


DNG024_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཧཱུཾ་ཕཊ། བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྲིང་གཅིག་འབྲོག་སྲིན་ཆུ་སྲིན་གདོང་། །ལྷོག་རྒལ་གག་པའི་མངའ་བདག་མོ། །ལོང་རྩ་གཡོན་ལ་ཀཱི་ལ་ཡ། །རག་མོ་ཤིག་ཤིག་ཁ་རག་ལམ། བལ་ཕྱུར་དུ་ཡ་མ་བྷྱོ། ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱ་ནཱན་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། གདབ་ཚུལ་བསྟན་པ་ཙམ་གྱིས་ཀྱང་། །སྲིད་པ་གསུམ་ཡང་སྐད་ངན་འདོན། །དམིགས་རྟེན་གང་བཅས་སྨྲེ་སྔགས་འདོན། །སྡུག་བསྔལ་མི་བཟོད་ཡ་རེ་ཆ། །བུབ་འགྱེལ་བརྒྱལ་ཏེ་འདུག་པ་ལ། །ཕུར་པས་གནས་རྣམས་ཐལ་ཕྱུང་ལ། །དབང་པོ་བླ་རྟེན་བག་བཞི་ཉམས། །བཀྲག་དང་གཟི་མདངས་ཕུར་པས་བསྡུས། །རོག་ཏི་ནག་པོ་འཁོར་བཅས་ཀྱིས། །དབང་པོ་གནས་ཡུལ་བཅས་པ་དང་། །ཤ་དང་རུས་པ་པགས་པ་སོགས། །རྔམས་ཤིང་བཅད་དེ་བཏོག་ཅིང་ཟ། །སྲོག་གཤེད་ཕོ་མོས་སྲོག་གཅོད་ཅིང་། །སྲིན་པོ་ཕོ་མོའི་སྤྲུལ་པ་རྣམས། །ལ་ལ་ཡིས་ནི་དབུགས་ལ་རྔུབ། །ལ་ལ་ཡིས་ནི་ཁྲག་ལ་འཇབ། །ལ་ལས་སྲོག་པ་རྩ་ནས་འདྲེན། །ལ་ལས་ཀླད་ཁྲག་དཀྲུག་ཅིང་འཐུང་། །ཀི་ཀང་ཕབ་ནས་བསད་པ་ལ། །རྗེས་ཤུལ་མེད་པར་ཟ་བྱེད་ཅིང་། །མཱ་ར་ཡ་ཡི་ཡུལ་དག་ཏུ། །སེར་བ་སྣ་ཚོགས་སྒོང་ལྟར་འདྲིལ། །ཀི་ཀང་སྣ་ཚོགས་དུས་མེད་ཕོབ། །དེ་ནས་མཚོན་ཆ་རྣོན་པོས་ཤིགས། །ལྷ་ཚོགས་ཀུན་ལ་ཐིམ་པར་ཕུལ། །སྦྱིན་བསྲེག་གནན་པའི་ལས་རྫོགས་བྱ། །རྔམ་སྟབས་དྲག་པོས་རྣམ་པར་གཟིར། །དྲག་པོའི་ལས་འདི་ཀུན་རྫོགས་ན། །རྡོ་རྗེ་འཛིན་པ་ཉིད་ཀྱང་འཇིག །བདུད་རོག་ཏི་ནག་པོ་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་མདོ། སྙིང་གཟེར་དྲག་པོའི་རྒྱུད་ཆེན་པོ་ལས། མངགས་པ་སྲོག་ཕུར་གྱི་ལེའུ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་གཤེད་ཆེན་གྱིས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །སངས་རྒྱས་གཉན་གྱི་བསྟན་པ་ལ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །ཕུང་བྱེད་སྲོག་ཟོར་ལས་བཤད་པ། །སྔགས་པ་རྣལ་འབྱོར་ལྡན་པ་ཡིས། །དྲག་


DNG024_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བརྟག་པའི་གནས་ཆེན་དུ། །གཤེད་ཀྱི་ཟླ་བ་ཚེས་གཅིག་ལ། །འཇིག་རྟེན་གདུག་པའི་ལྷ་སྲིན་ལ། །མཆོད་སྦྱིན་བསྔོས་ཏེ་བཀའ་བསྒོ་ལ། །དེ་ནས་དྲག་པོའི་ལས་འདི་བརྩམས། །དཀྱིལ་འཁོར་འདོམ་གང་ཚད་ལྡན་པའི། །དེ་དབུས་གྲུ་གསུམ་ཁྲུ་དོའི་ཚད། །སོར་ཚད་དྲུག་པ་རིམ་གསུམ་སྟེ། །དཔངས་ཀྱང་སོར་ཚད་དྲུག་དྲུག་པ། །ཐ་མ་ཀུན་ཏུ་ཟླུམ་པོར་བསྐོར། །དུར་ཁྲོད་སོལ་ཕྱེ་ཁྲག་ཆེན་གྱིས། །གྲུ་གསུམ་ཀུན་ཏུ་སྨུག་ནག་ཏུའོ། །ཟླ་གམ་བམ་ཆེན་ཁྲག་གིས་བྱུག །ཐ་མ་རཀྟ་ཐལ་ཆེན་དང་། །དུག་དང་དཀར་དམར་རྫས་སྦྱར་བྱུག །དཀྱིལ་དུ་བེ་ཅོན་ཕྱག་རྒྱ་བཞག །དང་པོ་རྡོ་རྗེ་མདའ་གཞུས་མཚན། །གཉིས་པ་ཐོད་པ་དགུས་མཚན་པའོ། །གསུམ་པ་མེ་རིས་མཚན་པ་བྲི། །དུར་ཁྲོད་རོ་ཡི་ཐལ་བས་བྱུག །དེ་ནས་གདུག་པའི་ཤིང་རྫས་ནི། །དུར་ཁྲོད་ཤིང་དང་སྐྱེར་བ་དང་། །ནིམ་པའི་ཤིང་དང་ཡུངས་ཀར་ཤིང་། །གདུག་པའི་བསེ་ཤིང་སེང་ལྡེང་དང་། །བྲ་མའི་ཤིང་དང་དུག་ཤིང་སྟེ། །དང་ལ་དུར་ཁྲོད་ཤིང་དག་ལ། །རོ་རས་ཤུན་གྱིས་བྱུག་པ་ཡིས། །ཚད་མེད་ཅི་རིགས་སྦམས་ནས་དྲིལ། །གྲུ་གསུམ་དབུས་སུ་དེ་རྫས་བསྒྲེང་། །གྲུ་གསུམ་ཕྱི་སྣམ་མེ་རི་ལ། །གདུག་པའི་རྣོ་རྩང་ཉི་ཤུ་གཅིག །སོར་ཚད་བཅུ་དྲུག་ལྡན་པ་ལ། །རྩེ་ལ་དུག་བྱུག་མཁས་པས་དགྲམ། །ཡུགས་ས་མོ་ཡི་སྐྲ་དག་ལ། །བཤན་པས་ཕྱིར་ཕྱོགས་བཀལ་བ་ཡི། །ཕུང་བྱེད་ཁྲམ་ཐག་ནག་པོ་ཡིས། །རྩང་སྡོམ་འགག་མིག་བཅུ་གཉིས་བྱ། །ཟླ་གམ་གྲུ་བཞིའི་སྟེང་དུ་ཡང་། །དཀར་དམར་ལ་སོགས་རྫས་རྣམས་བཞག །བསྐྱེད་མཆོད་བཟླས་དང་བསྟོད་པ་བྱ། །དེ་ནས་ལོག་སྲེད་འབྱུང་པོའི་གཟུགས། །ཕྱི་ས་གོས་ཀྱི་དུམ་བུའམ། །རྐང་རྗེས་མཆིལ་སྣབས་གང་རྙེད་དང་། །ལན་ཚྭ་ལྡོང་རོས་ས་ཞག་དང་། །བག་ཕྱེ་དག་ལ་ཁག་གིས་སྦྲུས། །གཅིག་ལ་མཐོ་གང་ཚད་ལྡན་ཏེ། །སོར་བརྒྱད་ལྡན་པ་བཅུ་གཉིས་བྱ། །དཔྲལ་བ་སྙིང་ག་ཡན་ལག་ལ། །མིང་རུས་བླ་དྭགས་གསལ་བར་བྲི། །དེ་ནས་གཡེལ་མེད་ཏིང་འཛིན་དང་། །སྙིང་རྗེ་


DNG024_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་ངན་སེམས་ཀྱིས། །ཕུང་བྱེད་གཙོ་འཁོར་ཀུན་མངགས་ཏེ། །གང་དམིགས་རྟེན་ལ་བཀུག་བསྡིམ་ནས། །ཁྲམ་ཐག་འགག་མིག་བཅུ་གཉིས་ལ། །དམིགས་རྟེན་བཅུ་གཉིས་སྐེ་ནས་གདགས། །གཅིག་ནི་ནུབ་ཏུ་ཁ་བལྟས་ཏེ། །དམར་དང་སྦྲག་ལ་ཤར་དུ་བཞག །དེ་ནས་གནད་ལ་དབབ་པའི་ཚེ། །ཡུགས་སའམ་བཤན་པས་མེ་སྦར་ནས། །བདུད་རྩི་སྣ་ལྔ་ལ་སོགས་ཏེ། །དཀར་དམར་རྫས་དང་སྔོ་ཁུ་དང་། །རིན་ཆེན་སྣ་ལྔ་དུག་ལ་སོགས། །མིང་རུས་རྟེན་དུ་བཅས་པ་ལ། །རྩ་བའི་སྔགས་བཟླས་མཇུག་ཏུ་ཡང་། །མ་མ་སརྦ་ཤ་ཏྲུཾ་ཆེ་གེ་མོ་ཨགྣེ་ཡེ་ཛྭ་ལ་མཱ་ར་ཡ་ཧཱུཾ་ཕཊ། འདི་བཟླས་སྔགས་པས་སེང་ལྡེང་ལ། །བརྒྱ་བརྒྱར་བསྲེག་ན་ལས་ཀུན་འགྲུབ། །དེ་ནས་རྫས་དང་ཐལ་འཇིམ་དེ། །མི་སོག་མེ་སོགས་ཀྱང་ཁེམ་གྱིས་བླང་བྱས་ནས། །དྲག་སྔགས་བཟླས་ཤིང་ལིངྒ་ལིངྒར་བྲབ་བཤམ་ཤར་ཡང་། །ལྗང་སྔོན་དྲག་པོའི་སྲེག་ཟོར་ཡིན། །དེ་ནས་ཆོ་ག་ཇི་བཞིན་དུ། །དུས་ཚོད་གནད་ལ་བབ་པའི་ཚེ། །ལིངྒ་ནུབ་བྱང་མཚམས་སུ་བཞག །སྔགས་པ་ཤར་ལྷོ་མཚམས་སུ་གནས། །སྐྱེར་པའི་ཤིང་ལ་མེ་སྦར་ཏེ། །རྫས་དང་ལིངྒ་ལ་སོགས་ལ། །སྔགས་བཟླས་བརྒྱ་བརྒྱར་བསྲེག་བྱས་ནས། །ཐལ་འཇིམ་མི་སོག་ཁེམ་གྱིས་བྲབ། །དྲང་སྲོང་ཆེན་པོའི་སྲེག་ཟོར་ཡིན། །དེ་ནས་ཆོ་ག་ཇི་བཞིན་དུ། །དུས་ཚོད་གནད་ལ་བབ་པའི་ཚེ། །ལིངྒ་དམར་སྦྲག་ལྷོ་རུ་གཞག །སྔགས་པས་བྱང་གི་ཕྱོགས་གནས་ལ། །ནིམ་པའི་ཤིང་ལ་མེ་སྦར་ཏེ། །རྫས་དང་ལིངྒ་ལ་སོགས་ལ། །སྔགས་བཟླས་བརྒྱ་བརྒྱར་བསྲེག་བྱས་ལ། །ཐལ་འཇིམ་སྔགས་ཀྱིས་དེ་བཞིན་བྲབ། །ཐལ་འཇིམ་མི་སོག་གཡས་པས་བྲབ། །ཙ་ར་ཀ་ཡི་སྲེག་ཟོར་ཡིན། །དེ་ནས་ཆོ་ག་ཇི་བཞིན་དུ། །དུས་ཚོད་གནད་ལ་བབ་པའི་ཚེ། །ལིངྒ་བྱང་ཤར་མཚམས་སུ་བཞག །སྔགས་པས་ལྷོ་ནུབ་མཚམས་སུ་གནས། །ཉུང་དཀར་ཉུང་ནག་ཤིང་དག་ལ། །ཡུགས་སའམ་བཤན་པས་མེ་སྦར་ཏེ། །རྫས་དང་ལིངྒ་ལ་སོགས་ལ། །སྔགས་བཟླས་བརྒྱ་བརྒྱར་བསྲེག་བྱས་ནས། །ཐལ་འཇིམ་དེ་བཞིན་སྔགས་ཀྱིས་བྲབ། །བི་ཏྲི་པ་


DNG024_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲའི་སྲེག་ཟོར་ཡིན། །དེ་ནས་ཆོ་ག་ཇི་བཞིན་དུ། །དུས་ཚོད་གནད་ལ་བབ་པའི་ཚེ། །ལིངྒ་དམར་བཅས་ནུབ་ཏུ་བཞག །སྔགས་པ་ཤར་གྱི་ཕྱོགས་གནས་ལ། །གདུག་པ་བསེ་ཡི་ཤིང་དག་ལ། །ཡུགས་སའམ་བཤན་པས་མེ་སྦར་ཏེ། །རྫས་དང་ལིངྒ་ལ་སོགས་པ། །སྔགས་བཟླས་བརྒྱ་བརྒྱར་བསྲེག་བྱས་ནས། །ཐལ་འཇིམ་སྔགས་ཀྱིས་དེ་བཞིན་བྲབ། །བི ཡྨུ ་རཱ་ཙའི་སྲེག་ཟོར་ཡིན། །དེ་ནས་ཆོ་ག་ཇི་བཞིན་དུ། །དུས་ཚོད་གནད་ལ་བབ་པའི་ཚེ། །ལིངྒ་ཤར་ལྷོ་མཚམས་སུ་བཞག །སྔགས་པ་ནུབ་བྱང་མཚམས་སུ་གནས། །སེང་ལྡེང་ཤིང་ལ་མེ་སྦར་ཏེ། །རྫས་དང་ལིངྒ་ལ་སོགས་ལ། །སྔགས་བཟླས་བརྒྱ་བརྒྱར་བསྲེག་བྱས་ནས། །ཐལ་འཇིམ་སྔགས་ཀྱིས་ལིངྒ་བྲབ། །མཇུག་རིངས་དྲག་པོའི་སྲེག་ཟོར་ཡིན། །དེ་ནས་ཆོ་ག་ཇི་བཞིན་དུ། །དུས་ཚོད་གནད་ལ་བབ་པའི་ཚེ། །ལིངྒ་དམ་རྫས་བྱང་དུ་བཞག །སྔགས་པ་ལྷོ་ཡི་ཕྱོགས་གནས་ལ། །བྲ་མེའི་ཤིང་ལ་མེ་སྦར་ཏེ། །རྫས་དང་ལིངྒ་ལ་སོགས་ལ། །སྔགས་བཟླས་བརྒྱ་བརྒྱར་བསྲེག་བྱས་ནས། །ཐལ་འཇིམ་སྔགས་ཀྱིས་ལིངྒ་བྲབ། །ཁྱབ་འཇུག་ཆེན་པོའི་སྲེག་ཟོར་ཡིན། །དེ་ནས་ཆོ་ག་ཇི་བཞིན་དུ། །དུས་ཚོད་གནད་ལ་བབ་པའི་ཚེ། །ལིངྒ་དམ་རྫས་ཆ་གཅིག་དང་། །སྦྱར་ལ་ལྷོ་ནུབ་མཚམས་སུ་བཞག །སྔགས་པ་བྱང་ཤར་མཚམས་གནས་ལ། །བི་ཥ་སྣ་ཚོགས་ཤིང་དག་ལ། །ཡུགས་སའམ་བཤན་པས་མེ་སྦར་ཏེ། །བདུད་རྩི་སྣ་ལྔ་ལ་སོགས་ལ། །དཀར་དམར་རྫས་དང་སྔོ་ཁུ་དང་། །རིན་ཆེན་སྣ་ལྔ་དུག་ལ་སོགས། །དུར་ཁྲོད་རས་དང་གྲོ་ག་དང་། །ཁྲག་གིས་བྲིས་པའི་མིང་རྟེན་ལ། །རྩ་བའི་སྔགས་ཀྱི་མཇུག་ཏུ་ཡང་། །མ་མ་སརྦ་ཤ་ཏྲཱུ་ཆེ་གེ་མོ་ཨགྣེ་ཛྭ་ལ་མཱ་ར་ཡ་ཧཱུཾ་ཕཊ། དེ་བཟླས་སྔགས་པས་སེང་ལྡེང་ལ། །བརྒྱ་བརྒྱར་བསྲེག་ན་སྲིད་གསུམ་ཕུང་། །ཚངས་དང་བརྒྱ་བྱིན་ལ་སོགས་ཀྱང་། །ངེས་པར་སྲོག་ལས་གཏན་འཕོའོ། །དེ་ནས་རྫས་དང་ཐལ་འཇིམ་དེ། །མི་སོག་གཡས་པའི་ཁེམ་


DNG024_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས། །དྲག་སྔགས་བཟླས་ཤིང་ལིངྒ་བྲབ། །སྒྲ་གཅན་འཛིན་གྱི་སྲེག་ཟོར་ཡིན། །དེ་ནས་དམིགས་རྟེན་ལིངྒ་ལ། །རྩང་གིས་གཏུབ་ཅིང་ཐག་པས་སྦྲེལ། །དེ་ནས་རྫས་དང་བཅས་པ་དག །རེ་དུལ་ནག་པོས་གྲིལ་ནས་ཀྱང་། །ཕྱོགས་ངན་གཤེད་ཀྱི་ལག་ཏུ་གཏད། །ཡང་ན་ནཱ་ག་གནས་སར་སྦ། །སྲེག་ཟོར་ཧོམ་བརྒྱད་འདི་རྫོགས་ན། །འཇིག་རྟེན་ཕུང་ལས་ཀུན་གྲུབ་སྟེ། །ཐོག་སེར་ཡམས་ནད་སྣ་ཚོགས་དང་། །བཙའ་མུག་ལོ་ཉེས་འཁྲུག་པའི་ས། །ལོག་སྲེད་ཉིད་ཕུང་ཡུལ་ཁམས་ཕུང་། །བཤན་པ་ནག་པོའི་སྲོག་ལས་འདི། །ལྔ་བརྒྱ་དུས་ཀྱི་མཐའ་མའི་ཚེ། །གབ་གསང་དོན་གྱི་བློ་ཅན་དང་། །སྔགས་བསྙེན་རྫོགས་དང་ཕྱག་རྒྱ་གསལ། །དམ་ཚིག་བརྩེར་ལྡན་མཁས་པས་བྱ། །དམ་མེད་རས་ཆོད་གཟུ་ལུམས་ཅན། །བཀའ་ཐོབ་མེད་པའི་རང་བྱན་མཁན། །གང་དེས་འདི་རྩོམ་རང་ཉིད་རླག །བདུད་རོག་ཏི་ནག་པོ་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་མདོ། སྙིང་གཟེར་དྲག་པོའི་རྒྱུད་ཆེན་པོ་ལས། བཤན་པ་ཧོམ་ནག་གི་ལེའུ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་གཤེད་ཆེན་གྱིས། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །ཁུས་འདེབས་དྲག་པོའི་ལས་བཤད་པ། །ཆོ་ག་ཀུན་ལྡན་སྔགས་པ་ཡིས། །ཁྲུ་དོའི་ཚད་མཛེས་དཀྱིལ་འཁོར་ལ། །འདི་ལ་ཐིག་དག་བྲི་མི་དགོས། །དམེ་ཁྲག་དག་གིས་དམར་པོར་བྱུག །སྟེང་དུ་ཙ་རའི་ཤུན་གདིང་ཞིང་། །དེ་སྟེང་ལོག་སྲེད་འབྱུང་པོའི་གཟུགས། །སྨོས་པའི་རྒྱུ་ཡི་བྱེ་བྲག་ལ། །འདྲ་འབག་ཁྲུ་གང་ཚད་དུ་བྱ། །དཔྲལ་བ་སྙིང་ག་ཡན་ལག་ལ། །མིང་རུས་བླ་དྭགས་རྫོགས་པར་བྲི། །ཁོང་པར་ཙ་རའི་སྙིང་ཡང་གཞུག །དེ་ནས་ཞིང་ཆེན་གཡང་གཞི་ལ། །དུག་དང་པདྨ་རཀྟ་ཡིས། །དཔྲལ་བ་འགྲམ་པ་གཡས་གཡོན་དང་། །སྙིང་ག་ལྟེ་བ་རྣམས་སུ་ཡང་། །གཤེད་པོ་བེ་ཏཱ་ཙ་ཏི་དང་། །ཀླུ་སྲིན་གདུག་པའི་གསང་སྔགས་བྲི། །སྐེ་དང་བླ་དཔུང་གཡས་གཡོན་དང་། །གསང་གནས་མཁལ་ཁུང་གཡས་གཡོན་དུ། །སྡེ་


DNG024_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གསང་སྔགས་འཁོར་བར་བྲི། །ཡན་ལག་བཞི་ཡི་མཐིལ་དག་ལ། །གདོང་མོ་བཞི་ཡི་གསང་སྔགས་བྲི། །དེ་ལྟར་བྲིས་པའི་རྒྱལ་མཚན་དེ། །ནུབ་ཕྱོགས་ངོས་སུ་མཁས་པས་བསྒྲེང་། །མཐུན་པའི་དམ་རྫས་རྫོགས་པར་བཤམ། །དེ་ནས་ཆོ་ག་རྫོགས་བྱས་ཏེ། །རླག་བྱེད་རོལ་པའི་ཚོགས་མངགས་ནས། །གང་ལ་བྱ་བའི་དངོས་པོ་དེ། །དབང་མེད་སྔགས་ཀྱིས་དགུག་ནས་ཀྱང་། །དམིགས་པའི་རྟེན་ལ་ངེས་པར་དབབ། །དེ་ནས་དུས་ལ་བབ་པའི་ཚེ། །འདོམས་དང་སྙིང་ག་མགོ་རྣམས་ལ། །ཚིལ་ཆེན་གུ་གུལ་རྒྱ་ཚིལ་གྱིས། །མེ་བཏང་དུད་པ་ཆེར་བྱུང་ལ། །རྒྱལ་མཚན་བརྡབ་ཅིང་འདི་སྐད་བརྗོད། །ཧཱུཾ་ང་ནི་རྡོ་རྗེ་འཛིན་པ་སྟེ། །སངས་རྒྱས་སྲས་ཀྱི་ཐུ་བོ་ཡིན། །རྒྱལ་བ་རྣམས་ཀྱི་གདུང་བརྒྱུད་འཛིན། །སེམས་ཅན་དོན་ལ་གཅིག་ཏུ་བརྩོན། །ལྷ་སྲིན་གདུག་པ་འཁོར་བཅས་ཀྱིས། །དམ་ཉམས་ལོག་སྲེད་འབྱུང་པོ་འདི། །བསྒྲལ་བའི་ཞིང་ལ་འདི་གཏོགས་ཀྱི། །གཏན་ཕུང་གཤེད་མ་ཁྱེད་ཀྱིས་མཛོད། །ལྷ་སྲིན་གདུག་པ་མི་དཀྲུག་ཏུ། །ལོག་སྲེད་འབྱུང་པོས་མ་ལངས་སུ། །དེ་སྐད་བརྗོད་ཅིང་གཡབ་ནག་དོར། །ཁུས་འདེབས་ངོ་ཡི་ཉེ་དམིགས་བགྲངས། །དྲག་སྔགས་བཟླས་ཤིང་རྒྱལ་མཚན་བརྡབ། །ཁྲག་དང་དུག་མཚོན་ཆར་དུ་དབབ། །དེ་ནས་དུས་ཚིག་བརྒྱད་འབྱོར་ནས། །དམིགས་རྟེན་ཁོང་གཤག་ཙིཏྟ་ཕྱུང་། །གཏུབ་ཅིང་ལྷ་ཚོགས་ཞལ་དུ་བསྟབ། །གཟུགས་ཕུང་ཐུན་རྫས་བཅས་པ་དག །ཙ་རའི་པགས་པས་གྲིལ་ནས་ཀྱང་། །ཕྱོགས་ངན་གཤེད་ཀྱི་ལག་ཏུ་གཏད། །ཡང་ན་བུ་ཤུ་མར་པ་འམ། །སྨོས་པའི་གནས་སུ་སྦས་བྱས་ནས། །དུས་དུས་ཟོར་གྱིས་དྲག་བསྐུལ་བྱ། །བཙན་ཐབས་མྱུར་བའི་ལས་ཡིན་ནོ། །ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ། །དད་མོས་ཉམས་སུ་འདི་ལེན་ན། །ལྟས་དང་ཆོ་འཕྲུལ་འདི་འདྲ་འབྱུང་། །བུད་མེད་མི་རེངས་བཙུན་ཆེན་དང་། །དགེ་བཤེས་རྟ་པ་མིན་པ་དང་། །མཛེ་ཅན་མི་རེངས་ནག་པོ་འབྱུང་། །དེ་དག་གུས་ཤིང་འདུད་པ་དང་། །ཕྱག་བྱེད་གདུག་པའི་མཚོན་ཐོགས་ན། །སྔགས་རྫོགས་ལས་རྣམས་གྲུབ་པའི་ལྟས། །
མཚོན་མེད་ཕར་ལ་ཕྱིན་པ་དང་། །མི་གུས་ལོག་པར་བལྟ་བ་ན། །ལས་རྣམས་གང་ཡང་མི་འགྲུབ་པོ། །ཉི་ཟླ་ཀླད་ལ་འཁོར་བ་ན། །གང་ཡང་ཐེ་ཚོམ་མེད་པར་འགྲུབ། །མངོན་སུམ་པ་ཡི་ཆོ་འཕྲུལ་ཡང་། །འབྲུག་སྒྲ་ཐོག་དང་སེར་བ་དང་། །ནམ་མཁའ་འཁྲུག་ཅིང་འཁྱིལ་པ་དང་། །ཉི་ཟླ་འོད་དང་བྲལ་བ་དང་། །འཚུབ་ནག་བུ་ཡུག་ས་གཡོས་དང་། །གཅན་གཟན་གདུག་པའི་སྒྲ་འབྱིན་ན། །རྣལ་འབྱོར་ལས་རྣམས་འགྲུབ་པ་སྟེ། །ཕན་གནོད་བྱེ་བྲག་ཤེས་པར་བྱའོ། །བདུད་རོག་ཏི་ནག་པོ་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་མདོ། སྙིང་གཟེར་དྲག་པོའི་རྒྱུད་ཆེན་པོ་ལས། ཕུང་བྱེད་ཁུས་འདེབས་ཀྱི་ལེའུ་བཅོ་ལྔ་པའོ།། །།གཟའ་བདུད་ཆེན་པོ་ཁྱབ་འཇུག་གི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།འདི་ནི་ཤིན་ཏུ་གཉན་ཅིང་རྩུབ་སྟེ་ཁྲོ་ཆུ་ཁོལ་མ་དང་འདྲ་བས་གསང་རྒྱའོ།། །།

ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ།


DNG024_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དེ་བ་ཡ་ཏྲི་ས་ན་ཏྲི་ཤུ་པ་ཏི་བ་ཡ་དུ་ཡ་མ་ཧཱ་ཏནྟྲ། བོད་སྐད་དུ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་གསང་བའི་བདག་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། འོག་མིན་གྱི་གནས་ན། བཅོམ་ལྡན་འདས་གསང་བའི་བདག་པོ་དེ་ལ། འཁོར་དཔག་ཏུ་མེད་པས་སྐོར་བའི་ཚུལ་གྱིས་བསྐོར་ཏེ་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་ད་ར་བ་ལ་སོགས་པ་དུ་མས་མཆོད་ཅིང་། བསྐོར་བ་ལན་གསུམ་བྱས་ནས། ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་མངའ་བདག །འཇིག་རྟེན་གྱི་ཁམས་འདི་ནི། རབ་ཏུ་སྙིང་རྗེ་སྟེ། ལྷ་མ་སྲིན་ནི་འཁྲུགས། ནད་དང་མུ་གེའི་བསྐལ་པ་མང་པོ་ནི་བཏང་། མཚོན་གྱི་ཆར་པ་ནི་ཕབ། འཇིག་རྟེན་གྱི་མི་རྣམས་ནི་ཤིན་ཏུ་ཉེན། ཤིན་ཏུ་སྡུག་བསྔལ་ཏེ། འདི་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་གཟུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྒྱ་བྱིན་ཉོན་ཅིག །ཡིད་ལ་ཟུང་ཞིག །ཁྱེད་ཀྱིས་ཞུ་བར་སྤོབས་པ་འདི་ལེགས་སོ། །ངས་གནང་བའི་སྐབས་དབྱེའོ། །ཞེས་གསུངས་སོ། །ལྷ་


DNG024_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཞུ་བ་སྤོབས་པ་དང་། གླེང་གཞིའི་ལེའུ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དབང་དུ་བསྡུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་དྲེགས་པ་ཅན་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འུབ་ཀྱིས་འདུས་ནས། ལ་ལ་ནི་བརྒྱལ། ལ་ལ་ནི་རང་སྐྲ་རང་འབལ། ལ་ལ་ནི་ཁྲག་ཏུ་སྐྱུགས། ལ་ལ་ནི་ཁ་བུབ། ལ་ལ་ནི་གན་རྐྱལ་དུ་འགྱེལ་ནས་འདུག་པ་ལས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་གསོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། ཞུགས་མ་ཐག་ཏུ་དྲེགས་པ་ཅན་ཐམས་ཅད་བརྒྱལ་བ་སངས་ནས། བཅོམ་ལྡན་འདས་ལ་བསྐོར་ཞིང་ཕྱག་བཙལ་ནས་རང་རང་གི་སྙིང་པོ་སྲོག་པ་རྩ་དང་བཅས་པ་ཕུལ་ནས། བདག་ཅག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བར་བགྱིའོ། །ཇི་ལྟར་བསྒོ་བ་བཞིན་དུ་ལས་བགྱིའོ། །ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་རྣམས་ཀྱིས་ང་ཡི་བསྟན་པ་སྲུངས་ཤིག །དཀོན་མཆོག་གསུམ་དང་ཕྱི་རབས་པ་རྣམས་ཀྱི་འཁོར་ཡང་སྲུངས་ཤིག་ཅེས་བསྒོའོ། །དེ་ནས་དྲེགས་པ་ཅན་རྣམས་ཀྱིས་རང་རང་གི་སྲོག་སྙིང་སྤྱིར་དྲིལ་བ། ཡ་དུ་ཏྲི་གམ་བ་ནི་བ་ར་ཏི་བ་དགེ་ཙ་ཙ་བམ་ས་པ་རི་རག་ཤ་ཡག་ཤ་ཀྲོ་དྷི་རམ་པ་གྲམ་པི་དུ་ས་ད། ཅེས་པ་དེ་དག་ཕུལ་ལོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་དབང་དུ་བསྡུ་བ་དང་། དྲེགས་པ་རྣམས་ཀྱིས་དམ་བཅས་ཤིང་སྙིང་པོ་ཕུལ་བའི་ལེའུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དྲེགས་པ་རྣམས་ཀྱི་གཙོ་བོ་བདུད་མེས་རྒྱལ་བ་རཱ་ཙ་དང་། སྐོས་ཀྱི་བདག་པོ་དང་། མང་གེ་ཆེད་པོ་དང་། གར་གྱི་བདག་པོ་དང་། བཙན་པ་ཏིང་རྗེ་དང་། སྲིད་པ་སྐོས་ཀྱི་ཨང་མི་སྟེར་དང་། ཁ་བཞི་མིག་བརྒྱད་དང་། འབྱུང་པོའི་བདག་པོ་དང་། དུ་ར་ཙེ་ཀུན་དང་། རྒྱལ་རྗེ་འོད་དཀར་དང་། སྐྱ་འདྲམ་ཆེན་པོ་དང་། རཱ་ཙ་ཨག་ཤ་དང་། སྲིད་པའི་བདག་པོ་སྲོག་


DNG024_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དཀར་པོ་དང་། དབང་ཕྱུག་ཆེན་པོ་དང་། མགོན་པོ་ཆེན་པོ་དང་། བདུད་མོ་རྒྱལ་བྱིན་དང་། ནག་པོ་ཁྲམ་ཐོགས་དང་། ཐེ་བྲང་ཧ་སྟང་དང་། ཀླུ་རྒྱལ་ཆེན་པོ་དང་། ས་བདག་བསེ་དང་། ཁྱབ་འཇུག་ཆེན་པོ་དང་། ཕུང་བྱེད་དབྱུག་བྱེད་ཇ་ལ་མའི་སྡེ་དང་། དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྐོར་ཞིང་ཕྱག་བཙལ་ནས་རང་རང་གི་གདུག་པའི་མཚོན་ཡོ་ཕུལ་ཏེ། རང་རང་གི་ལས་བསྟན་པ་གཉན་པོ་བསྲུང་བ་འདི་དག་སྨྲས་ཏེ། སྲོག་འདི་དག་ཕུལ་ལོ། །གསད་པ་དང་ནི་གསོ་བ་དང་། །འབོད་པ་དང་ནི་རྦད་པ་དང་། །དབབ་པ་དང་ནི་གཅད་པ་དང་། །གནན་པ་དང་ནི་གཟིར་བ་དང་། །དབུག་དང་ལྟས་ངན་གཏང་བ་དང་། །བསྐྲད་པ་དང་ནི་ཞི་བ་དང་། །ལས་ཀྱི་རིམ་པ་གསང་བའི་སྔགས་འདི་དག་སྨྲས་སོ། །ཨཱོཾ་ཡ་ཏྲི་ཀྲམ་ཡེར་ཡ་ཡག་ཤ་ཏྲེག་ཀ་ལ་རག་ཤ་དུན་ཡ་རག་ཤ་ས་མ་ཡ་ཏྲི་ཀྲོག་ཡ། ཡ་ཏྲི་སེན་ཡ་མ་འོག་ན་རག་ཤ་རྦད་ཤམ་ཡེར་ཡ། ཀྲི་རི་ཏི་སང་ཏེ་ཡཾ་རྗེ་ཡཾ་པ་རྦད། ཏྲིང་ཏྲིང་ལ་མ་ནི་བྱོ། ཏྲི་ཡེར་ཡ། ཡ་ཏྲི་ཀྲ་མ་ཏྲག་ཏུ་ཡེར་ཡ་ཁ་ལ་རུ་ཏྲི་ཐུཾ་པ་ནི་རྦད་ཡཾ། ཏྲི་ཁཾ་རུ་པ་ན་རྦད་བུ་འདར་ལིཾ་ཡ། ཀར་པ་འདྲི་ནེ་ཡཾ་ཏྲི་ཀུ་རུ་ཡཾ། ནག་པོ་ཁ་ལ་ཧར་ཧུར་ཤཾ་ཡ། ཏེ་ལེ་ཡཾ་ཏྲི་ག་རེ་དུ་ན་ཡཾ། ཨུ་པ་རིས་ད་ཡཾ། ནག་པོ་ཀཱ་ལ་འུར་ཆོམ་ལེ་རུང་ཡ་ཏྲི་ཡ། མ་མུ་ས་མ་ཡོ་ཏེ་བུ་རུ་ཏི་ཡ། མ་རེ་དུ་ཙེ་ཁྲཾ་ཡ་ཏིང་པི་ལི། མུ་ཏི་མ། ཀུན་ཏི་ཐུན། པྲི་ཏེ་མ། དྲིམ་ཀུ་རུ་ཡ། མ་ལ་ས་མ་བདེ་སད། བ་ལི་སི་ད་མ། ཀར་ནེ་ཡ། བྱ་ལེ་ཏུ་ལེ། ཧི་ལི་མི་ལི། མུ་ཧབ་ཧབ། ཧེབ་དུ་མ་ཡ། ས་དོ་ཡ། བེ་དོ་ཐུན་ཏི་མ་ཀུ་ལུ་མ། རུ་ཏྲི་མ། བ་ལེ་སཾ་པ་རི་ཡཾ། མུཾ་ཏི་ཡཾ་བ། དེར་ཤ་ཙིཏྟ་མ་ལ་ཏེ་ཀུན། ཕེ་ཕུ་སེ་ལ་ནཱ་ཀ་ཧུ་བི་ཡ། གཾ་པ་ན་གེ་དུང་སར་ཡ། དུང་ཕྱུར་ཡ་དུང་ཕྱུར་ཡ། ནཱ་ག་ཀེ་ནཱ་ག་ལེ། ཀ་ཏྲ་མ་མ་ནི་ཡ། རྒོ་ད་བ་ནི། ན་ར་ཏེ། སཾ་པ་རེ་ཡ། ནཱ་ག་རཱ་ཛ་པ་ལི་སམ་ཡ། ཕུ་ལིང་ཕུ་ཏི་ཡ། སི་པི་ས་པ་ལ་གུ་རུ་ཡ། ན་ག་ར་ནི་བ་རི་ཏེ་ལ་མམ། ནཱ་ག་ག་ཙེ་པ་ར་ཀུ་ར་ཏེ། ཀར་ཤ་ཡ་ཨ་ཏི་བུ་ལི་ཡ་ཡ། སིམ་པ་ཏོ་ཡ། སྀ་ཏ། ཨོཾ་ཀུ་ཏ་


DNG024_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤ་ཡ། པྲི་ཏྲི་ནི་ཡ། ཧོ་ན་བེ་ཏ་ལི། ཧུར་སིང་ཡ་བ་ཙ་བེ་ཏ་ཡ། ཏང་སཾ་བ་ཏང་ཡེར་ཡེར། རུ་ནེ་ཐུཾ་བ་རེ་བེ་ཡ། ཧོ་ནི་ས་ཏོ་ཡ། བེ་ཏ་སྣེ་ལ་ཡཾ། ཀིར་ཏ་པ་ལ་ཡ། ཧོར་མ་མེ་ཏ་ཤ །ར་ཤ་ནི་ར་ཤ་ནི། རྩེན་ཡཾ་ཏེ་ཡཾ། བི་ཀུ་ལས་མ་ཡ། སི་ལྀ་རུ་ཏྲི་ཡཾ་ཡཾ། མ་ཏེ་ཡེ་ཏ་ཏང་ལཾ་ཏེ་ཡཾ། མ་ལེ་སད་ཀུ་ནི་ཡ། གུར་ཏི་བལ་ཡག་ཤ་སི་དམ། བི་པ་ར་ཤ་ཡ། ཡག་ཤ་ཀཱ་ལ་རུམ་པ་ཡ་ཡ། མ་ར་ཙེ་མ་ར་དུ་ནེ་ཡ། གཾ་ཤཾ་པ་ནི། ར་ཡཾ་ཀ་དེར་རྗེ་རྦད་ཡཾ། སི་ལི་ཀཾ་ཏཾ་མེ་ལེ་ནི། ཡག་ཤ་སེ་ཏ་ཀ་ན་དེ་ཡང་། སི་བི་བ་རུ་ཙུ་རུ་ཧཱུཾ་ཕཊ། ཤོ་རེ་ཤ་ར་པ་ར་ཡ། ཤོ་བ་ཏི་ཀར་ཤ་ཡ་སི་བར་རྦད། ཤག་ཐུཾ་རི་ལི་ལི་ཡ། རཱ་ཧུ་ལ་ཡ་མ་ཏི་སྲོག་ལ་རྦད། བ་ཏོ་སོ་ཏྲག་རག་ཤ་ཁ་ལ་ཧུར་ཧུར། ས་མ་ཡ་བ་ར་བི་ཏ་ཡ། ཤཾ་པ་རི། ད་མ་བ་ནི་ཡ། ནམ་ཏིང་ཡ། ཀུར་ཏྲི་ཏྲཾ་བྷྱོ། ནིར་ཏི་ར་ཡ། བ་རུ་སི་ཡ། ས་མ་ཏྲཾ་ཡ། ཛཾ་བ་ལ་སི་བི་ར་ར་ཡ། ཨཱརྱ་ཛཾ་བྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ། ཨཱརྱ་ཛཾ་བྷ་ལ་སིདྡྷི་ཀུ་ནི་ཛ། ཨཱརྱ་ཛཾ་བྷ་ལ་ནི་ཛ་བ་ཏེ་སཾ་ཡ། དེ་མོ་ཀ་ལི་རད་ན་ཛཾ་བ་ནི་ཛ། ནཱ་ག་ཏེ་ར་ཡ། ར་ཙ་བ་ལི་ཏྲཾ་ཡ་ཡ། ས་མ་ཏི་ཡེར་ཡ་གཾ་ཤཾ་ཏཾ་སཾ་ཡ། ཁུ་འཛེ་ཏ་ཡ། བྲ་ཏེ་མ་ཡཾ། སྲོག་བི་ནི་ཡཾ། ས་མ་ནི་ཡ། ཨེ་ཀ་ནི་ཛྭ་ཏི་རག་ཤ་ཡག་ཤ་མ་མ་རུ་རུ་རྦད་ཤག་ཡ། དིང་པི་ས་ར་བཤ་ཤ་ཡ། བི་བིར་ཏཾ་ཡཾ་ཤཾ་བ་རི། མུ་ནེ་ཀར་བེ་ཡག་ཤ་རྦད་ཡ། ཏི་རི་ཡཾ་ཏེ་ཤར། ས་མ་ཏི་ལཾ་པ་ནི་ཡ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་ཐམས་ཅད་ཀྱིས་རང་རང་གི་སྲོག་གི་སྙིང་པོ་ཕུལ་བའི་ལེའུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་འཁོར་དང་བཅས་པས་རང་རང་གི་བཅོས་ཀ་འདི་དག་སྨྲས་སོ། །བདག་ཅག་རྣམས་ནི་འཆོས་པ་ནི། །ལ་ལ་དེ་བ་ལྷ་ཡི་རིགས་ཏེ་སྲིད་པའི་ནོར་འཛིན་བྱེད། །ལ་ལ་ཞེ་སྡང་བདུད་ཀྱི་རིགས་ཏེ་གསོད་དང་གཅོད་ལ་དགའ། །ལ་ལ་ཕྲག་དོག་བཙན་གྱི་རིགས་ཏེ་སྲོག་གཅོད་ལས་ལ་དགའ། །ལ་ལ་རྒྱལ་པོ་ཆེན་པོའི་བུ་སྟེ་སྲོག་དང་དབུགས་ལ་


DNG024_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །ལ་ལ་མ་ཡམས་བདུད་མོའི་བུ་སྟེ་ནད་དང་འཁྲུག་རིམས་གཏོང་། །ལ་ལ་ས་བདག་ཀླུ་ཡི་རིགས་ཏེ་གདུག་པ་ཆེ་ལ་ནད་རྣམས་གཏོང་། །ལ་ལ་ཐེའུ་བྲང་ཇ་ལ་མ་ཡི་རིགས་ཏེ་འཇིག་རྟེན་ཕུང་ཁྲོལ་བྱེད། །ལ་ལ་གནོད་སྦྱིན་བདུད་སྡེའི་རིགས་ཏེ་ཤ་དང་ཁྲག་ལ་དད། །དེ་ཕྱིར་སྤྱི་དང་བྱེ་བྲག་བཅོས། །སྔགས་བདག་ཏིང་འཛིན་ལྡན་པ་དེས། །འབྲུ་སྣ་བཅུ་གསུམ་དར་ཕྱེ་ལ། །རིན་ཆེན་ཕྱེ་མར་བྱིན་གྱིས་བརླབས། །དེ་ལ་རི་རབ་ཆེན་པོ་སྟེ། །ཁ་དོག་འདྲ་འབག་རིགས་དང་བསྟུན། །རྨྱུག་མ་ཚིགས་དགུ་བྱུང་རྒྱས་ལ། །ཁ་དོག་ཚང་བ་ནམ་མཁའི་གུར། །དར་གྱི་རྣམ་པས་བརྒྱན་པར་བྱ། །གནམ་ལ་འཕུར་དང་ས་ལ་འཛུལ། །གཟུགས་ནི་རིམ་པ་དེ་ཡིས་བསྐོར། །བཤོས་བུ་བཅུ་གསུམ་བྱང་ཤར་བཅས། །མདའ་བཀྲ་བཅུ་གསུམ་བཤོས་བུ་ལ། །ནམ་མཁའ་བཅུ་གསུམ་རི་རབ་ལ། །མོ་འཕང་བཅུ་གསུམ་འབྲང་རྒྱས་ལ། །གསོབ་དང་རྒྱལ་མཚན་དེ་བཞིན་བསག །ཕུད་དང་གསེར་ཁ་སྤྱན་གཟིགས་བཅས། །དེ་ལྟར་ཚོགས་ནས་བསྔོ་བར་བྱ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་སྤྱི་བཅོས་ཀྱི་ལེའུ་བཞི་པའོ།། །།བདུད་ཤམ་པ་ལི་ཁལ་སེད་རྦད་ཡཾ། ཀཾ་ཏཾ་ནི་ཡག་ཤ་སེན་ཏྲེ་དྲོ་ནི་ཡཾ་ཡུ་དྲིལ་ཁ་ལ་དྷཾ་ཆུམ་སེ་དེ་ཡཾ། གི་པི་དར་ཡ་ཡ་ཏྲེང་ཏྲེང་ཡ། བདུད་ཁ་ལ་དུན་ཙ་པྲ་མ་ནེ་ཡཾ། ཡ་མ་རག་ཤ་ཙིཏྟ་རྦུད་ལིང་ཡ། ཀྱི་མ་ནག་པོ་ཧུར་མ་དྷྲིམ་དུན་ཡ། ཁ་རུ་དྲི་ཏྲག་ཡེར་ཡ། ནག་པོ་སྙིང་རྩ་ཤལ་དུན་ཀར་ཡེར་ཡ། གཾ་པ་ནི་རུ་ཏྲི་ཏྲ་ཏྲེ་ཡ། ཉུང་མོ་ཕོར་སྙིང་མགོ་ཆོད་ཏྲ་ཡ་ས་མ་ཏྲི་ཤར། སེན་དུར་ཏུ་ཏྲིང་ཡ་མ་ཡ། མ་ཏྲ་དུན་ཙེ་ཏྲ་མ་ཡ། མུག་མུ་ཁ་ལ་རྦད་ཏོག་ཤ །ཏྲིང་མ་དྲེ་ཡཾ། ཡུ་ཏིང་ཡུ་ཏིང་དུན་དུན་བྷྱོ། ས་མ་ཡ་ཕྲིང་ལི་དཀར་རྩེ་ག་མ་རྦད་བྷྱོ། བདུད་རྗེ་ནག་པོ་དུན་ཡག་ཤ་རྦུ་ན་ཡ། ཏིང་གེ་མ་ཏྲཾ་ཡ། ཀར་ཤཾ་རྦད་དུན་ཡ། ཨཱོཾ་བཛྲ་ཀི་ལི་སང་། དུན་ན་བ་ར་ཐིམ་ན་ཧཱུཾ། སེ་ན་ཏ་པ་ར་ཙ་ཙ་ཡ། ཀི་ལ་སརྦ་ཡཾ་པ་ནི། བདུད་རག་ཤ་ས་མ་ཡཾ། ཨེ་ཏ་ར་ས་མ་ཐིམས་ཡ། མ་དུ་ཀེ་ལེ་ཐང་མུ་ལེ་རྦད་ཡ། ཡ་མ་རླག་ཤ་རུ་ལུ་ཡཾ།


DNG024_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་སྙིང་ལ་ཐུན་ཅིག །ཡ་མ་ཏྲིག་སྣ་ཡ། ཤམ་རུ་སུ་ཏྲི་ཡ། གཾ་ཤཾ་ཡ་ཡེར་ཡར། ཏྲག་ལིངས་མ་ཡ། བེ་ཏེང་ཀུ་ལུ་ཡ། ཡ་མ་རཱ་ཛ་ནི་ཚ་འདུས། ཏིང་སྣ་མར་དུ་འདུས། ཚལ་པ་ཚལ་པ་པུ་ཏིང་ཡ། ས་མ་ཏི་ཡི་སད་ནི་ཡཾ། གརྦ་སད་ནི་ཡཾ། རྐུར་ཏི་རི་ཏི་རི་ཡཾ། རཀྵ་སྲོག་རྩ་ཏི་རུང་ཡ། ས་མ་ཡ་བཛྲ་གཾ་ལ་སྲེད་ཡ་བཙན། སྟཾ་པ་ཡ། དུ་ར་དུ་ར་ཙེ་བང་ཡཾ། ཟ་འགྲམ་ནི་མུ་འགྲམ་ཏྲི་ཡཾ། མེ་ལེས་མ་ཙ་ཙ་ཡཾ་ཡཾ། གཾ་པ་རི་གཾ་པ་རི་རྦད་ཏུབས་ཡ། མེ་ཙེན་ཏེ་ཡ་གྲ་ནི་སུཾ་བཾ་ཡཾ། མ་ར་ཏེ་ར་ཡ་སརྦ་ནི་ཀུཾ་ཀུཾ་ཡ། མར་ཡང་ཏི་སད་ཀ་དེ་ཡ། སེ་ཏིང་ཡེ་ནི་ར་ན་ཡ། བ་དེ་ཙ་ཙ་དེ་ཤད་ཤད། ཚུགས་ཏིང་ཀུ་རུ་ཡ། རག་ཤ་དུ་ནེ་རྦད་ཡ། མ་ར་ཙེ་ཙེ་ཡ། མ་རུ་དུ་མ་ར་ཙེ་ཙེ་ཡ་ས་འབུར་ཏི་གྲཾ་ཡེར་ཡེར་ཡ། སརྦ་ཏིང་ལང་བེ་ཏ་ཙ་ཤ་མ་ར་དུ། གི་བ་ར་སད་ནམ། ཡེར་ཡེར་ཡཾ་རྦད། མུ་ཀེ་ཀ་ནེ་སུམ་རྦད་ཡ། བཛྲ་བོང་ནི་བོང་ནི་ཡ། བཛྲ་ཞུང་ཏྲི་ས་མ་ཏེ་ཤང་རྦད། རག་ཤ་ཡག་དུན་དུན་རྩལ་དྲེང་། ཁྲོ་ནི་ཁྲོ་ནི་མ་ལཾ་བ་ནི། སུཾ་བ་ནི་རྦད། མ་ར་ཙེ་མ་ར་ཡཾ་ཏཾ་ཡ། གུར་ནི་ཚུ་ཡ། ཧར་ཧུར་མ་ཧཱ་ལི་རྦད་ཡ། བཛྲ་ཏི་རི་ཏི་རི་ཡ། བཙན་བསྟབ་པ་ཡ་ནི། གྲང་ཙེ་གྲང་ཙེ་ཏེ་སྟཾ་སྟ། ས་མ་ཡ་ཀར་ཤཾ་རྦད་ཡ། དུག་ནེ་ཚེ་སད་རྦད་ཡ། མ་བེ་དུ་ན་ཆུམ་སྐོར་སོད། ཆུམ་འདྲིལ་རྒྱུག་རྩལ་དྲེང་རྦད་ནི་ར་ཡཾ། ཆུབ་ནི་སད་ན་ཡཾ། མ་ཏིང་སཾ་བ་ཏེ་ན་ཡཾ་ཡཾ། ཀི་མ་ཙ་ཡ་མར་ཏིག་ཡ། ཙ་ཙ་ཤོ་ལེ་བཾ་པ་ནི་ས་མ་ཡ་རྦད་ཤར་ཤཾ། བཾ་རིལ་མུ་ས་ལ་ཐིབས་ཐིབས། ཀར་ནེ་སད་མུ་བུཾ་རུ་ལུ་ཡང་། ཏེ་ནི་ཡཾ་ཡཾ་རྦད་དུན་ལིང་། ས་ཏེར་ཀེར་ན་ཡ། ཡག་ཤ་འདེ་ཤཾ་རྦད་ཡ། ཁལ་མུ་ཧེལ་ཡཾ་ཡཾ། བྲི་གུ་ལུ་ས་མ་ཏིང་མེར་ཡ། རྒྱུག་ཙ་ལ་གྲེང་ཡང་། མ་ཏི་རི་ཡ། གཾ་པ་ནི། ཙ་ར་ཡ། སེ་ད་ཀུ་རུ་ཡང་། བེ་ཏེ་ས་ར་ཙ། ཨ་ཏི་ཡ། མར་ཏིང་ལིང་ཡ་ཡ་མ་རུ་མ། ས་མ་ཨ་ཏང་ཏི་རྦད་ཡ། བེ་བ་ཏི་ནི་གྲང་དུ་ན་ཐིམ། མ་ར་དུ་སེ་ཡ། ཨོཾ་པུ་རུ་ལུ་ས་མ་ཐིབས། མར་ཏིང་ཡ་ནི་སད་ཏུ། ཀྲི་ཡེར་ཡེར། ཨོཾ་ཏྲོ་ཏ་ནི་ཏྲོ་ཏ་ནི། བ་ཏྲ་བ་ཏྲ། ཤུ་


DNG024_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤུ་ལ། དྷ་ཤ་གྲི་བ། གིང་ཀ་རཱ་ཛ་ཨ་ཏི་ཨཾ་ཡང་། སེན་ཏེ་སེ་ཡ། ཀང་ཀ་ཤ་བ་ཡ། གྷྲ་ཧེ་གྷྲ་རེ་གྱི་ལ་ཡ། ཀྱི་ཀྲིད་རང་ཁྲིད་སྙིང་མགོ་ཆོད། ཁྲག་ལ་མུ་ཤ་རྦད་ཏིང་ཡ། ར་ཙ་རྦད་ནི། སྲོག་རྩ་ལ་ཐུན་ཡ། ཀ་ཀ་ཤ་ལ་ཡ་བཾ་ཁྲོ་ཏ་བཾ་ཁྲོ་ཏ་བཾ་ཤ །རྨུགས་ཙིཏྟ་བར་ལ་ཧོ་ཡང་། མ་ར་ཏན་ཙེ་ཡཾ་ཡཾ། བྲམ་པ་ཡེར་ཏིང་ཀུ་རུ་ཡ། ར་ཙ་ཏི་པ་གིང་ཀར་གླད་པ་ལ་ཕཊ་ཏེ་ཕོཊ་ཏེ། ཙིཏྟ་ཆོད་པ་སྤུ་དྲོངས་ཡིར་ཏེ་ཀེ་ཡ། མི་ལི་མི་ལི་མ་བེ་ཡཾ། བ་བ་རི་རྦད་ན་ཡཾ། བཛྲ་གིང་ཀ་ར་སྲོག་རྩ་ལ། དྲེང་དྲེང་ཡ། ས་མ་ཡ་ཏཾ་ཀ་ནི་ཐུཾ་ཡ། ར་ཙ་ཨ་ཏི་ཤག །ཨ་ཏི་རྦད་ཡ། རྒྱལ་པོ་ཆེན་པོ་བེ་པུར་ཤག་བྷྱོ། ཏི་པ་ནི་ཁྲཾ་བྷྱོ། སྟཾ་བྷྱོ་ནཾ་བྷྱོ། མ་ནི་བྷྱོ། བྲི་བྷྱོ། སྲིང་མོ་བྷྱོ། སྤུ་དྲི་བྷྱོ། དྷྲི་མུ་ཁ་ལ་བྷྱོ། མུ་ཏི་ཡ་བྷྱོ། གིང་ཀ་ར་གིང་ཀ་ར། པ་ཏྲ་པ་ཏྲ། ཏོ་ཏོ་ཤོ་ཏོ་ཏོ་ཤེ། མེས་མེས་སིལ་སིལ། བབ་རི་བབ་རི། ཤ་བ་རི་ཤ་བ་རི། ཡུ་ཏི་ཡུ་ཏི། སྙིང་ལ་ཛ། གིང་ཀ་རཱ་ཛ། རྒྱལ་པོ་ཆེན་པོ་རྦུད་བུ་ལིང་། དྲག་ལིང་། ཙན་དྷ་ལིང་། ཚལ་པ་ལིང་། ཀར་ཤ་མང་དུ་ཀཱི་ལ་ཡ། དུན་ཚལ་པི་ཀཱ་ལ་ཡ། ཡགྴ་སྟྭཾ་བྷ་ཀཱི་ལ་ཡ། རགྴ་སྟྭཾ་བྷ་ཀཱི་ལ་ཡ། ག་པ་རི་ཡ། ཛ་དུར་ཡ་མ་རེ་ཙ་ཡ། མར་དུན་ཚལ་པ་ཀཱི་ལ་ཡ། མར་ཙེ་མར་ཙེ་སྲོག་རྩལ་ཧར་ཧཱུར་གིང་ཀར་ཙི་ཙི་ཏལ་ཕཊ་ཏེ་ཕཊ་ཏེ། མ་སེཾ་བ་ནི་ཡཾ། ཡཾ་བ་ནི་སད་ད་ཡ། ཨོཾ་ར་ཙ་ཨ་ཏི་མུག་ཏི་མུ་ཧི་སྲོག་རྩ་ལ་ཤད་དེ། ཤད་དེ། ར་ཏེ། རྫ་ཏེ། ས་མ་ཡ་ནི་ར་ཟུང་། ཏདྱ་ཐཱ། རུ་བོ་བོ་དྲ་དྲག་ཡ། ནི་ལོ་རཱ་ཙ་སྙིང་རྩ་ལ་འདུས་འདུས། ཏེང་ཏེང་ས་མ་ཡ། སྲི་རུ་སྲོག་ཏ་ཤད་དེ་རྦད། ཙ་ཙ་དུ་ནི་སད་དེ་ཙ་ཙ་ར་ཛ་བཾ་པ་རཾ། ས་མ་ཡ་དང་སྟཾ་བ་ནི། མ་ཧཱ་ཀཱ་ལི་ཡཾ་ནི་ཡཾ་ཏི་ཏི་ས་མ་ཡཾ།མ་ར་ཡ་ཏེ་རྩེ་ཡ། བེ་ཤ་ཤ་ར། རྦད་ནམ། བེ་དུ་སྟཾ་ཀཾ་ས་མ་ཡ་ཐིབས། བེ་བ་སྡིས་སྟ་རྦད་ཏ་ཡཾ། ཏ་ཀ་བི་རི་མཱ་ར་ཡ། ཨོཾ་མ་མ་རུཾ་རུཾ་ས་མ་ཡ། རག་ཤ་མ་རུ་ལུ་བྷྱོ། རག་མོ་ཏཾང་ལཾ་ས་མ་ཡ། ཆུ་སྙིང་ཡཾ་དེ་ཙེ་ནི་རྦད་ཡ། དྲག་མོ་དྲང་བ་ནི་ས་པའི་ཡཾ། ཡཾ་རྦད། ཛ་ཏི་མུཾ་པ་ནི་གར་བུ་ཏི་ཡཾ་ཡཾ་མ་ནུ་རག་ཤ་དུ་ན་ཀཾ་པ་ནི་ཡ་ཏེ་མ། ཁྲིམ་ཡ་ཆུར་ཏི་ཡེ་ཡཾ། མེ་མ་ས་མ་ཡ་ཐིབས་ལིང་ཡ། རུ་རུ་པྲེ་ཏ་ནི་ཐང་ཐང་ཡ། རག་


DNG024_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རུ་ལུ་རུ་ས་མ་ཡ། ནག་མོ་ཧར་ཧུར་ཏུར་རེ་རྩ་ཆོ། མུ་ཀ་ཡེ། བྱ་ཙ་ཡེ། ཏྲཾ་ཡེར་ཡ་རག་མོ་ཁ་ལིང་། སད་ནི་རྦད། མུ་སི་ཏི་ཡཾ། ཙམ་མོ་ཙམ་མོ། ཁྲག་ལ་རྨུགས། ཛ་ཡ་ཡ་རུ་ཏི་ལཾ་རུ་རུ་ས་མ་ཡ་བཱི་ཙ་ཤ་མ་ཡ་དུན་བྷྱོ། ཨོཾ་ཁྲི་མུན་ལན་ཤག་ཏིལ་རྦད། མུ་ནི་སད་ཀྲི་ལ་ཡ་ཀྲི་ནི་ཡཾ། དུ་ན་སར་ཐིམ་ཡ། ཨོཾ་བེ་ག་བན་སྨིན་ཤར་པེ་པ་ཏ་ཁྲིད་དེ་རུ་ལུ་ས་མ་ཡ། རག་མོ་ཙིཏྟ་ལ་རྦད་དེ་རྦོད་དེ་ཤཾ་ཡཾ་པ་ནི་རྦད། བེ་ཏ་རུ་ཏི་མ་རུ་ཡ་ཐུན་ཡ་རུ་རུ་ཏིང་ཡ་བེ་ཏ་ཏདྱ་སུ་ཏིང་བྱོ། ཤཾ་ཏིང་ནེམ་ལེ་ཏུཾ་ཤ་བཾ་བཾ་རིལ་ཡ། ཨོཾ་དི་པ་ར་སི་བི་ནི་ཤད་ཤད་ཡ། ཀ་མ་ལ། རུ་ཏི་རཾ་ཡ་ཏིང་བཛྲ་མ་ཡཾ་པ་ནི། ཏིང་ཀུ་ལེ་བེ་ཏི་སྡི་རྦད། ས་མ་ཏེང་ཁ་ལེ་ཡེར་རུ་ཏྲི་རུ་ཏྲི་བཛྲ་ལིང་། བཛྲ་ཡ་མ་ཏིག་ནན་ཡ། ས་ལེ་ཀུན་ཏ་ཙ་ཡཾ། མ་ར་ཙེན་འདུས་པྲི་ཀུ་རུ། ཡག་མོ་ཀ་པ་རུ་པ་ཞུང་ཡ། མ་ཏེང་ལཾ་ཡ། ཏང་ཏིང་ཀེ་ཏ་ཡཾ། ས་མ་ཏིང་དུང་ཀ་དུང་དུང་། ཁྲི་མ་འདུ་ཡོ་མུ་ཏྲོ་ཐ་འདུ་ཏིང་རི་རག་མོ་ལ་ལ་འདུས་ཡ། ཆུ་ཏི་ནག་མོ་རྦད། ཤཾ་ཡ་རུ་རུ་ཏིང་ལ་དུན་བྷྱོ། རོ་རུ་རོ་རུ་ས་མ་ཡ། ཁང་བྷྱོ་སང་པ་རི་སང་། ཏིང་ཡེར་མུཾ་མ་ཐུཾ། དྲག་མོ་དྲ་པྲ་མ། ནིག་ནིག་ཐིག་ཐིག་ནིག་ཐིག །གཅིག་མེད། གཉིས་དྲག །བརྒྱད་བཅད། གནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། ཀ་ཏེ་རེ་རྫ་དེའུབ་ཞུབ་ཐུན་ཡ་དམ། ར་ཙེ་ཤ་ཡ། ས་མ་ཡ། དུམ་ལིང་ཙེ་ཡ། ས་མ་ཡ། ཨིན་ཏྲཱ་ཡ། རྦི་པུ་ཤག་ཀུ་ནེ་ཡཾ། ཏེང་སང་ཡ་ཏེ་རེས་མ་ཏི་ཀང་། ཙེམ་ཙེམ་ཙེ་ལེམ་ན་ཡཾ། གང་གོ་ལོ། ཨི་པ་ཏཾ་ཡེར་ཡེར་ལ་ཡ་ལེམ། ཤར་ཐམ་པ་ར་ཤག་ཐུན། ཨ་ཏི་པ་ཏ་ཨིནྟ་ཡ་ཞུང་ཞུང་། རྦན་རྦན་རྦུ་ནེ་ཡ། ཏི་རི་སཾ་པ་ཡ་ནཾ་ཡཾ། མ་པུ་སིད་ལིང་ཏུ་རེ་ཏུ་ཡང་ཡང་ག་ལེ་མ་ཏེང་ལཾ། གུང་བིང་སད་རྦད། རུཾ་རུཾ་མིན་པ་ཡ། བ་ལ་འུར་འུར་ཡཾ་ཡ། ཤ་བ་རེ་ཤཾ་ཤཾ་ཡ། མུ་ཏི་ཡེར་ཡ། ཨོཾ་ཏིང་ཡཾ་ས་དེ་རྦད་ན་ཧཱུཾ། བ་བ་དེ་སད་བི་ད་ཡཾ། ཏཾ་ལེ་སད་ཡ་ཏྲི་ཡཾ། གྲཾ་ཏེ་ཡཾ། ཏྲི་མུ་ཏྲ་དྲ་མ་ཡ། ཞུང་ཞུང་ཝར་ནི་ཡ། ཧུ་པ་ཙ་ལ་ཞུང་ཞུང་། མུ་ཏཾ་པ་ནི་དྲེང་དྲེང་། ཏི་མུཾ་ལ་ཏེ་སད། མ་


DNG024_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ར་པིས་ཤར་ཤམ་དེ་པ་གར་པི་ཡཾ། སརྦ་སྟོང་སཾ་ཡ། མི་ལི་ཀཾ་ཏེ་ཡཾ། པི་ཏིང་ཀུ་རུ་ཡ། མ་མ་དན་ཏྲི་མ་ཏིང་ཡ། ཀེཾ་དྲེ་སད་པ་རི་ཡང་། མི་རུ་རུ་བི་ཏ་སཾ། བི་ར་སད་ན་ལ་སེ་ཡཾ། མི་ཀུ་ལུ་ཐིབས། པྲི་པུ་རུ་ལུ་ཡ། ག་མ་ཏང་སམ་ཡ། ཨོཾ་པྲི་ཀུ་ཏེ་ཡ། ཇུ་ཏེ་ཡ། ཇུ་ཏེ་མཐུན། ས་མ་ཏི་མ། ཀ་ལ་དུམ་ཏིང་། ཛ་ས་མ་རུ་ཡ། མར་དུན་ཆེ་ཡ། ལང་ཏེ་ཤར། ལུང་ཏི་མ་ཡ། ཏེང་ཀེ་ལེ་སད། འུ་ནི་ལམ་བ་ཡ། འགར་དྲི་པ་ཧཱུཾ། ཆེ་ཡང་བདུད་ཀྱིས་བསད་ལ་ཆུང་ཡང་བདུད་ཀྱིས་བསད། །བདུད་ཀྱི་བུ་ལ་སྙིང་རྗེ་མི་མངའ་སྟེ། །ཞེ་སྡང་བདུད་ཀྱི་བུ་སྟེ་སྲོག་གཅོད་ལས་རྣམས་བྱེད། །བདུད་ཀྱི་མེས་པོ་ཆེན་པོ་ནི། །སྤྱི་མེས་རཱ་ཙ་རྒྱལ་བས་བྱ། །དེ་ཡི་བུ་ནི་གནམ་གྱི་དིག་པ་ཆེན་པོས་བྱ། །བདུད་ཀྱི་ཕྱི་མོས་ཆུ་མེར་བས་བྱ། །དེ་ཡི་བུ་མོ་མེར་མེར་ལྕམ་གཅིག་མ། །དེ་གཉིས་ཐུགས་ཀྱི་སྲས་ཆེན་པོ། །སྲས་ནི་ཡ་བདུད་བཅུ་གསུམ་བྱུང་། །སྤྱི་མེས་རཱ་ཙ་རྒྱལ་བ་དེ། །བདུད་ཐོད་པའི་ཕྲེང་བ་ཅན་ཞེས་བྱ་བ་སྟེ། ཡུལ་ནི་བདུད་ཡུལ་ནག་པོ་ན། །བདུད་མཁར་ནི་ལྡེམས་སེ་ལྡེམ། །རྩ་བ་གསེར་ལ་རྩེ་མོ་བྲག །རྩེ་དགུ་གནམ་དུ་ཟངས་སེ་ཟང་། །རྩེ་ནི་མི་ལྤགས་རློན་པས་གཡོགས། །ནང་ན་མི་ཁོག་བྲུངས་སུ་གཙེར། །ནང་ན་རྟ་ཁོག་རྩིག་པར་བརྩིགས། །རྩ་ནས་ཁྲག་དང་ཆུ་སེར་འཛག །ཐོད་པ་སྐམ་རློན་མཁར་དུ་བརྩིགས། །མཁར་གྱི་རྩ་བ་ན། །བདུད་སྤྱང་སྔོན་པོ་འུར་དང་ཡམས་སེ་ཡམ། །བདུད་བྱ་སྐྱུང་ཀ་དི་རི་རི། །བདུད་ཀྱི་ཁྱི་མོ་འཁང་དང་དི་རི་རི། །དེ་ཡི་ནང་ན་བདུད་ཆེན་མེས་པོ་བཞུགས། །མི་ཤ་མ་ལགས་གཞན་མི་ཟ། །རྟ་ཁྲག་མ་ལགས་གཞན་མི་འཐུང་། །ཕོ་ཉ་མང་པོ་ཤ་ལ་འགྱེད། །མགོ་བརྙན་མང་པོ་སྤྲུལ་པར་འགྱེད། །བདུད་མེས་ཡབ་ཡུམ་མདོས་ལ་སྤྱོན། །ཡ་བདུད་བཅུ་གསུམ་དེ། །ནག་པོ་བཀྲག་མེད་དེ། །བདུད་རྟ་ནག་པོ་ཆིབས། །ཟངས་ནག་བེར་ཆེན་གསོལ། །བདུད་ཞགས་ནག་པོ་མདའ་ལྟར་འཕེན། །བདུད་རེ་ལྡེ་མགོ་ཡག་དེ། །བདུད་ཀྱི་རྟ་ནག་ཞོན་ནས་སྐྱེས་པ་ཁྲོམ་ལ་འདེབས། །ཁམས་གསུམ་


DNG024_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་དུ་རློག་པའི་མ་ལེ་གེ་ཤག་དེ། །སྐྱེ་འགྲོ་ཁྲམ་ལ་འདེབས་པའི་བདུད་རྗེ་མང་ཀུག་དང་། །སྐྱེ་འགྲོ་ཚེ་ལ་དབང་བསྒྱུར་སྙལ་སྙོམས་ཀྱང་ལྡེ་ངག་བཙན་དང་། །བདུད་ཀྱི་གུང་བློན་མཆེད་བཞི་སྟེ། །སྟག་ཞུ་མཆེད་བཞི་བསད་པའི་ལས་ལ་བརྩོན། །ཁྱབ་པ་ལག་རིང་སྐྱེ་ཤི་རྩ་བ་གཅོད། །བདུད་ཆེན་འོད་དེ་འབར་བ་དང་། །འོད་དེ་ལྐུགས་པ་དང་། །འོད་དེ་ཐོམ་པོ་དང་། །ལྐུགས་པ་འཛུམ་མུལ་མི་ཡི་བླ་རྣམས་འཆང་། །རལ་པ་སྤྱི་བཅིངས་སྲི་སྐྱེ་འགྲོ་སྲིད་པའི་རྒྱུ་འགྲུལ་བྱེད། །གར་བུ་ཤན་ཐོགས་བདུད་ཀྱི་བང་ཆེན་བྱེད། །འཁོར་ལོ་བཅུ་གཉིས་སྲིད་པ་ཆམ་ལ་འབེབས། །བདུད་ཆེན་རྒྱལ་བ་དབུགས་ཆེན་ལེན་པ་སྟེ། །ཐོམ་པོ་ཐོམ་ཆུང་མི་ལ་ཆད་པས་གཅོད། །བདུད་རྗེ་འོལ་པོའི་ཚོགས་ནི་མི་བུ་དག་ལ་ཕྱགས་མས་འདེབས་ཤིང་འཛིན། །ཕྱག་བརྙན་བཞི་ནི་མི་བུ་འཛིན་པར་བྱེད། །བདུད་སིལ་མ་སྟོང་ནི་མི་ལ་ལྟས་ངན་སྣ་ཚོགས་འབེབས། །བདུད་རྗེ་བདུད་སྡེ་འཁོར་བཅས་ཀྱང་། །སྲིད་པའི་མདོས་བཞེས་ཤིག །ཧཱུཾ་སྤྱི་བཙན་ནི་ཆེན་པོ་སྟེ། །ཤ་ཁྲག་བདུད་ལ་རྒོལ། །མཐུ་ཆེ་ནི་ཕྱ་ལ་རྐུ། །མི་ཡི་ལུས་པོ་ལ། །སྤྲུལ་པ་ཕྱོགས་བཞིར་འགྱེད། །ཡུལ་བཙན་ཡུལ་པོ་ཕུ་གསུམ་ན། །བཙན་མཁར་དམར་པོ་ལྡེམ་པ་ན། །བཙན་མི་ལུས་གཡག་གི་མགོ་བོ་ཅན་དུ་བྱུང་། །དཔྲལ་ན་ཁ་གཅིག་མིག་གཉིས་ལ། །ལྟག་ན་ཁ་གཅིག་མིག་གཉིས་བྱུང་། །གཡས་ན་ཁ་གཅིག་མིག་གཉིས་པ། །གཡོན་ན་ཁ་གཅིག་མིག་གཉིས་པ། །བསེ་རྟ་དམར་པོ་ལ། །རྨིག་པ་བརྒྱད་པར་བྱུང་། །མི་བུ་རིམས་ཀྱིས་གསོད། །ཤ་ལ་གཅོད་སྦྱིན་ཀྱང་སྦྱོང་བྱེད། །སྤྱི་བཙན་ཆེན་པོ་བྱ། །རི་རབ་འབྱུང་བའི་ཤར་ཕྱོགས་ན། །དུང་གི་མི་དཀར་ལྡེམ་པ་གཅིག །རི་རབ་ལྷོ་ཕྱོགས་ན། །གསེར་གྱི་མི་སེར་ལྡེམ་པ་གཅིག །རི་རབ་ནུབ་ཕྱོགས་ན། །ཟངས་ཀྱི་མི་དམར་གཅིག །རི་རབ་བྱང་ཕྱོགས་ན། །གཡུ་ཡི་མི་སྔོན་གཅིག །དབུས་ན་མཆོང་གི་མི་ཕོ་གཅིག །འབྱུང་བ་ལྔ་ལ་དབང་བྱེད་ཅིང་། །སྲིད་པ་གསུམ་ལ་དབང་བསྒྱུར་བ། །


DNG024_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་འབྱུང་བའི་བཙན་ལྔ་སྟེ། །སྲིད་པའི་མདོས་བཞེས་ཤིག །གནམ་བཙན་དིང་བ་དང་། །ས་བཙན་ཡུ་བུ་དང་། །གངས་བཙན་དེ་སེ་དང་། །གཡའ་བཙན་མི་རོམ་དང་། །བྲག་བཙན་རོམ་བུ་དང་། །ཆུ་བཙན་སྔོན་པོ་ཞུང་བུ་རྗེ། །ཀླུ་བཙན་ཐོར་བ་དང་། །བཙན་ཕྲན་སྟོང་ཚོགས་ཀྱང་། །སྲིད་པའི་མདོས་བཞེས་ཤིག །ཧཱུཾ་སྲོག་བདག་ཆེན་པོ་སྟེ། །གནམ་གྱི་དིབ་པ་ཆེན་པོ་བྱ། །མི་དཀར་པོ་ལྡེམ་པ་གཅིག །རྟ་དཀར་གཡུ་ཡི་རྔོག་མ་ཅན་ལ་ཆིབས། །གློ་ལ་ཤེལ་གྱི་གྲི་ཆུང་བཙུགས། །བཞུགས་པ་གནམ་གྱི་དཀྱིལ་ན་བཞུགས། །སྤྲུལ་པ་འཛམ་བུ་གླིང་བཞིར་འགྱེད། །མི་དཀར་ལྡེམ་པ་ལ། །དབུ་ལ་རལ་གྲི་ཤ་ར་ར། །དཔྲལ་ན་མིག་གཅིག་ལྷངས་སེ་ལྷང་། །ཞལ་ནས་མཆེ་གཙིགས་ཐམས་སེ་ཐམ། །ཕྱག་ན་སྐྱོགས་དཀར་ཏ་ལ་ལ། །གནམ་རལ་ཕྱེད་ཀྱི་བདག་པོ་ཡིན། །ས་ཆུ་ཕྱེད་ཀྱི་བདག་པོ་ཡིན། །སྐྱེས་པ་བརྒྱ་ཡི་སྲོག་གི་བདག་པོ་ཡིན། །མདོས་བདག་མདོས་བཞེས་ཤིག །ཡ་ཆོ་དཀར་པོ་དང་། །ཡམ་ཤུད་དམར་པོ་དང་། །ཁུ་ལེ་ལག་དགུ་དང་། །སྲིད་པའི་མདོས་བཞེས་ཤིག །དཀར་པོ་ནི་དེ་སེ་དང་། །ཤོར་བ་སྐྱ་དགུ་དང་། །རྒྱལ་སྡེ་ཆེན་པོ་ཉི་པང་སྲད། །ཁྱུང་བ་སད། །སེ་པང་སབ། །སྤྲུལ་པ་སད། །སྲིད་པའི་མདོས་བཞེས་ཤིག །རྒྱལ་ཕྲན་བཅུ་གཉིས། །རྒྱལ་སིལ་མ་སྟོང་སྡེ། །རྒྱལ་པོ་ཆེན་པོ་སྡེ་བཞི། །དེ་རིང་སྲིད་པའི་མདོས་བཞེས་ཤིག །ཡུལ་སྦས་ཀྱི་མ་དེ་ན། སྟོད་མ་བདུད་ཆེན་མོ་བཞུགས་མཁར་ཟོ་བ་གཞོགས་རལ་གྱི་ནང་ན། ཡུལ་ཁྲི་འདུ་སྟོང་འདུ་བྱ་བ་ན། །བདུད་མོ་རྒྱལ་བྱིན་བྱ་བ་དེས། །དྲེའུ་ནག་རྐང་གསུམ་ཆིབས་ནས། །སྐུ་ལ་དར་ནག་གོ་ཟུ་གསོལ། །ཕྱག་ན་བ་དན་རྩེ་གསུམ་འཕྱར། །སྤྱུགས་པའི་གླུ་རུ་ལེན་ཅིང་མ་ཡམས་འདུན་མར་སྡུད། །ཞིང་ལྤགས་གཡབ་ཆུང་འདོར་ཞིང་བགེགས་རྣམས་གཡོབ་པར་བྱེད། །ཁྲག་མིག་མདངས་སུ་ཕྱུང་ནས་རྒྱལ་པོ་དཀར་ཆེན་དག་ལ་བརྡེག །མི་བུ་བསད་བཅད་ལྷ་འདྲེ་དམ་ལ་སྡུད། །ཤ་ལ་རལ་གྲིས་གཏུབ་ཅིང་ཁྲག་ནི་བྷནྡྷ་སྟོང་སྟོང་འཐུང་། །བདུད་མོའི་མདུན་མ་གཅོད་


DNG024_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དྲེགས་པ་ཕོ་རྣམས་དགྱེས་པ་སྐོང་། །ཕོ་བདུད་གཡས་ཀྱི་ཕོ་བདུད་རུ་འདྲེན་མོ་བདུད་གཡོན་གྱི་རུ་སྣ་འདྲེན། །སྲིད་པའི་གཡུལ་ངོ་ཟློག་ཅིང་བསད་དང་གཅོད་ལ་དགའ། །མ་བདུད་ནི་བཅུ་གསུམ་ཡང་། །ལ་ལ་མཛོ་མོ་རུ་རིང་ཞོན་ནས་རྒྱུག །ལ་ལ་རྔ་མོ་རྐེ་རིང་ཞོན་ནས་རྒྱུག །ལ་ལ་རྟོལ་བུ་ཁ་དཀར་ཞོན་ནས་རྒྱུག །ལ་ལ་བདུད་བོང་གྭ་དམར་ཞོན་ནས་རྒྱུག །ལ་ལ་གསལ་ལེ་གྲུས་མོ་ཞོན་ནས་རྒྱུག །ལ་ལ་བོང་བུ་ནག་པོ་ཞོན་ནས་རྒྱུག །ཁྲག་གི་གྲུ་ཆར་འབེབས་ཤིང་མི་ནད་ཕྱུགས་ནད་གཏོང་། །དེ་རིང་སྲིད་པའི་མདོས་བཞེས་ཤིག །ཐེའུ་རང་སྟོང་སྡེ་ཡང་། །གནམ་ལ་གནས་པའི་སྤུན་གསུམ་དང་། །བར་ལ་གནས་པའི་སྤུན་གསུམ་དང་། །ས་ལ་གནས་པའི་སྤུན་གསུམ་དང་། །ཐེ་སེ་ཀུག་སེ་མཆུ་རིང་གསུམ། །དྲི་སེ་བ་ནི་མུ་དྲི་གསུམ། །གནམ་ལྷ་བྱང་ཆུབ་གནམ་རྟེན་སེ་རྟ་དང་། །གནམ་ཐེའུ་དཀར་དང་གསུམ། །བ་ཏི་ལག་གེ་ཏེ་ནེ་གསུམ། །དར་དཀར་དམར་དང་སེར་པོ་གསོལ། །སྲིད་པའི་ཐེའུ་རང་སྟོང་སྡེ་ཡང་། །དེ་རིང་སྲིད་པའི་མདོས་བཞེས་ཤིག །ཇ་ལ་སུམ་བརྒྱ་དྲུག་ཅུ་ཡང་། །ཉུལ་བྱེད་ཁྱབ་བྱེད་མདོས་བཞེས་ཤིག །ས་བདག་རྒྱལ་པོ་ཧོ་པ་དང་། །བེ་སྣ་ལག་ཆེན་ཙང་ཀུན་ཆེན་པོ་དང་། །གཙང་བཙན་ད་ལ་འཁོར་བ་དང་། །ཧོ་བ་ཏེ་ཏེ་སེ་པ་དང་། །ཕ་ནི་ཤི་ས་ཏ་ཡིན། །མ་ནི་རུ་ཟན་དེ་མོ་ཡིན། །འབྱུང་བ་ས་ལ་དབང་བསྒྱུར་ཏེ། །ལ་ལ་ཤིང་ལོ་གོས་སུ་གྱོན། །ལ་ལ་ས་དང་རྡོ་ལ་གནས། །ལ་ལ་ཆུ་དང་ཤིང་ལ་གནས། །བྱོལ་སོང་མི་སྡུག་མགོ་བོ་ཅན། །ལ་ལ་རི་རབ་དེ་ལ་གནས། །ས་བདག་སིལ་མ་སྟོང་ཚོགས་ཀྱང་། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཀླུ་རྒྱལ་ནི་ཆེན་པོ་སྟེ། །རི་དང་མཚོ་ལ་གནས་པ་སྟེ། །དགའ་བོ་དང་ནི་འཇོག་པོ་དང་། །མཐའ་ཡས་དང་ནི་དུང་སྐྱོང་དང་། །པདྨ་དང་ནི་ཆུ་ལྷ་དང་། །ཀར་ཀོ་ཏ་དང་བ་རུ་ཎ། །སྦྲུལ་མགོ་བདུན་དང་ལྔ་པ་དང་། །གསུམ་པ་དང་ནི་རིགས་བཞི་དང་། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཀླུ་གཟུགས་སྣ་ཚོགས་དག་ཏུ་སྟོན། །ལ་ལ་གཟུགས་


DNG024_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྒོ་ང་འདྲ། །ལ་ལ་ནམ་མཁའི་འཇའ་ཚོན་འདྲ། །ལ་ལ་འདོད་ཆགས་བྱ་ཡི་གཟུགས། །ལ་ལ་ང་རྒྱལ་རྩངས་པའི་གཟུགས། །ལ་ལ་ནོར་བུའི་ཚུལ་དུ་གནས། །ལ་ལ་སྟ་རི་ཁ་ཡི་གཟུགས། །ལ་ལ་གླང་དང་བེ་ལུག་གཟུགས། །རིགས་ནི་བཞི་ལ་སྡེ་ནི་སྟོང་། །སྲིད་པ་ཀུན་ལ་དབང་སྒྱུར་བྱེད། །འབྱུང་བ་ས་ལ་དབང་སྒྱུར་བ། །དེ་རིང་མདོས་བདག་མདོས་བཞེས་དང་། །དང་པོ་སྲིད་པ་ཆགས་པའི་དཔེ། །དེ་ནས་འཇིག་རྟེན་ནོར་དང་བདུན། །འབྱུང་བ་བསྐྱེད་པའི་དཔག་བསམ་ཤིང་བྱུང་བས། །བསྐྱེད་པའི་འབྲུ་སྣ་བཅུ་གསུམ་དང་། །སྐྱེམས་དང་བཅས་པའི་གསེར་གྱིས་མཆོད། །རིན་ཆེན་ཁ་དོག་སྣ་ལྔར་གྲུབ་པའི་ནམ་མཁའ་འདི། །ནམ་མཁའ་འདི་ནི་ཡུལ་དུ་འབུལ། །མདའ་བཀྲ་འདི་ནི་མཁར་དུ་འབུལ། །གཟུགས་བརྙན་འདི་ནི་དཀོན་དུ་འབུལ། །སྒྲ་སྙན་གསུང་གི་གླུད་དུ་འབུལ། །མེ་མར་སེམས་ཀྱི་གླུད་དུ་འབུལ། །ཟང་ཟིང་ལོངས་སྤྱོད་གླུད་དུ་འབུལ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་སྤྱི་བཅོས་ཀྱི་ལེའུ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དམུ་ལྕམ་མཆེད་བཞི་དང་། བདུད་མོ་ཉིས་བརྒྱ་ལྔ་བཅུ་དང་། བདུད་ཉིང་ལ་ཉིང་བབས་ཏེ། བདུད་མོ་རྣམས་ལ་མིང་པོ་བཅུ་གསུམ་དང་། བཙན་བདུད་ཡོར་པོ་དང་། བདུད་ཆེན་རྣམས་བབས་ནས། བདུད་མོ་རྣམས་བསྙུན་གྱིས་ཟིན་ནས། བཅོས་ཐབས་འདི་སྐད་སྨྲས་སོ། །ལྕགས་ཀོང་གཅིག་ནི་མར་གྱིས་བཀང་། །དེ་ཡི་ནང་ན་ཞུན་མར་བཅུ་གསུམ་གཏང་ནས་ནི། །ཕུད་ནི་གཙང་མ་རིན་ཆེན་སྐྱོགས་གང་ལ། །རིན་ཆེན་བརྡར་ལ་བྱིན་གྱིས་བརླབས། །མདའ་དང་དར་སྒྲ་སྙན་དང་བཅས། །པི་ཝང་རྫ་རྔའམ་ཆ་ལང་དྲིལ་བུའི་སྒྲ་བརྡུང་ཞིང་བསྔོ་བར་བྱ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་ཉིང་བཅས་ཀྱི་བསགས་པའི་ལེའུ་དྲུག་པའོ།། །།ཧཱུཾ། མི་ལ་བདུད་བབས་སྲིད་པས་བསྐོས་པ་སྟེ། །བདུད་ལ་བདུད་བབས་སྲིད་དེ་ན། །བདག་ཅག་རྣམས་ནི་བདུད་མོ་ཀུན་


DNG024_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟེ། །འཇིག་རྟེན་ལེགས་དང་ཉེས་པའི་སྟང་འཛིན་ཅིང་། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བདུད་ལ་བདུད་བབ་ཆོ་རེ་འཕྲུལ། །མིང་པོ་བདུད་ཆེན་རྣམས་ནི་ཚུར་ཉོན་དང་། །ཁྱེད་ནི་ཞེ་སྡང་བདུད་ཀྱི་བུ་ཡིན་ཏེ། །ཞེ་སྡང་ཉིད་ཀྱང་སེམས་ཉིད་དོ། །སེམས་ནི་ཡེ་ནས་སངས་རྒྱས་ཏེ། །གཉིས་མེད་དོན་གྱི་ལུང་ལ་ཉོན། །བདུད་ལ་བདུད་བབས་མིང་པོ་བདུད་ཆེན་རྣམས་ལ་སྡིག །ཉེས་ལེགས་སྟང་འཛིན་སྟོང་གི་སྡེ་དཔོན་ཁྱོད་ཀྱིས་ཟུང་། །གསལ་བའི་ཞུན་མར་འདི་ནི་སེམས་ཀྱི་གླུད། །འདི་ལ་ཁ་དོག་ལྔ་མཆིས་ཏེ། །ཕུང་པོ་ལྔ་ཡི་གླུད་དུ་འབུལ། །འདི་ལ་དུ་བ་སྤུ་རིས་མ། །དང་བ་སེམས་ཀྱི་གླུད་དུ་འབུལ། །འདི་ལ་འོད་ཟེར་ལྔ་མཆིས་ཏེ། །འབྱུང་བ་ལྔ་ཡི་གླུད་དུ་འབུལ། །འཕྲོ་བ་སེམས་དབུགས་སེམས་ཀྱི་གླུད་དུ་འབུལ། །བདུད་ཀྱི་ཞེ་སྡང་ད་ཁྲོལ་དང་། །ཞེ་སྡང་སྤངས་ན་སེམས་སངས་རྒྱས། །སྲོག་གཅོད་ལས་འདི་སྤང་བར་གྱིས། །སྟོང་གི་སྡེ་དཔོན་གྱིས་ནི་གསུངས་པ་བཞིན། །སངས་རྒྱས་བསྟན་པ་སྲུངས་ལ་ལས་རྣམས་ཀྱིས། །དེ་ལས་འདས་ན་བདུད་ཆེན་རྣམས་ལ་སྡིག །ཅེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་བཅོས་པའི་ལེའུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་ཅན་ཐམས་ཅད་ཀྱིས་རང་རང་གི་སྣང་གསལ་འོད་ཀྱི་མདོས་འདི་དག་སྨྲས་སོ། །པར་བུའམ་ཀོང་བུ་དགུ་རུ། གསལ་བའི་ཞུན་མར་དགུ་བལྟམས་ལ། རིན་པོ་ཆེ་ཡི་སྐྱོགས་གཅིག་གི་ནང་དུ། ཕུད་གཅིག་གསེར་ལ་སོགས་པའི་རིན་པོ་ཆེ་སྣ་ལྔ་བརྡར་ལ། དེའི་རྩར་མདའ་བྱ་རྒོད་མ་གཅིག །དར་དམར་སིང་ངེ་བ་གཅིག་བཏགས་ལ། བདག་དབང་གི་རྒྱལ་པོའི་ཏིང་ངེ་འཛིན་གསལ་ཏེ་རྫས་རྣམས་བྱིན་གྱིས་བརླབ་ལ་བསྔོ་བར་བྱ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས་བདུད་ཉིང་བཅོས་ཀྱི་ལེའུ་བརྒྱད་པའོ།། །།ཧཱུཾ་སྣང་བ་གསལ་བ་འོད་ཀྱི་མདོས། །སྣང་གསལ་ཆེན་པོ་འདི་ལ་ཀུན་གསོན་ཅིག །ཞེ་སྡང་ཆེན་པོ་བདུད་ཀྱི་བུ། །ང་རྒྱལ་བཙན་གྱི་བུ། །ཕྲག་


DNG024_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དོག་རྒྱལ་པོའི་བུ། །འདོད་ཆགས་གནོད་སྦྱིན་མ་ཡི་བུ། །གཏི་མུག་ས་བདག་ཀླུ་ཡི་བུ། །སེར་སྣ་ཡི་དྭགས་འདྲེ་བཀྲེན་བུ། །ཐེའུ་རང་ཇ་ལ་ལ་སོགས་ཀུན། །སྟོན་པས་གསུངས་པའི་ལུང་ལ་ཉོན། །ཁྱོད་ནི་འདྲེ་བཀྲེན་ཡི་དྭགས་ཏེ། །ལོག་ལྟའི་སེམས་དང་ལྡན་པ་ཡིས། །ལས་ངན་དག་གིས་ལུས་ངན་བླངས་པ་སྟེ། །མི་ཡི་འཇིག་རྟེན་དག་ན་ཁྱེད་གནས་ཏེ། །ཚེ་སྲོག་དབུགས་ལ་དབང་བྱས་པས། །མནར་མེད་པ་ཡི་དམྱལ་ཆེན་ཡིན། །ད་ནི་དག་པའི་སེམས་སྐྱེད་དང་། །སེམས་ལས་མ་གཏོགས་སངས་རྒྱས་མེད། །དུག་ལྔ་ཉིད་ཀྱང་སེམས་ཤེས་ན། །དེ་ནི་སངས་རྒྱས་སེམས་ཆེན་ནོ། །མ་བགྲོད་ས་ལ་དགོད་པ་ཡིན། །ལུང་ཉིད་ཉོན་ལ་གདུག་པ་ཞི་བར་གྱིས། །སྣང་བ་གསལ་བ་གླུད་དུ་བསྔོ། །དང་པོ་སེམས་ཀྱི་གླུད་དེ་བཞེས། །ཁ་དོག་ཕུང་པོ་ཁམས་ཀྱི་གླུད། །དུ་བ་དབུགས་ཀྱི་གླུད་ལ་གསལ་བ་ཡུལ་གྱི་གླུད། །བདུད་དང་བཙན་དང་རྒྱལ་པོ་དང་། །མ་བདུད་མ་ཡམས་དང་། །ཐེའུ་རང་ཇ་ལ་དང་། །ས་བདག་ཀླུ་ཚོགས་གཉན་པོ་ཀུན། །སྣང་གསལ་གླུད་འདི་བཞེས་ལ་ཞེ་སྡང་ཁྲོལ་བར་གྱིས། །དེ་ལྟར་བསྒོ་ཚིགས་བཏབ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། སྣང་གསལ་གྱི་ལེའུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་འཁོར་དང་བཅས་པས་བསྐོར་ཞིང་ཕྱག་བཙལ་ནས། རང་རང་གི་གཏད་པ་དང་ཁྲམ་གྱི་ལས་འདི་དག་སྨྲས་སོ། །ཀྱེ་བཅོམ་ལྡན་འདས། བདག་ཅག་རྣམས་ཀྱིས་བསྟན་པ་བསྲུང་བའི་ལས་འདི་ལྟར་བགྱི་སྟེ། གཏད་པ་དག་ནི་འཆོར་མི་སྲིད། །གང་ལ་དམིགས་པ་རླག་པར་བགྱིའོ། །ཇི་ལྟར་བསྒོ་བ་བཞིན་དུ་བགྱིའོ། །ཞེས་སྨྲས་སོ། །དེ་ནས་བདུད་ཀྱི་སྤྱི་མེས་རཱ་ཛ་རྒྱལ་བས། རང་གི་གཏད་པའི་ལས་འདི་གསུངས་སོ། །བསྟན་པ་གཉན་པོ་བསྲུང་བ་ནི། །མོན་པ་ནག་པོའི་ཐོད་པ་རུ། །ཁྱི་ནག་ཁྲག་གིས་འཁོར་ལོ་རྩིབས་དྲུག་བྲི། །དབུས་སུ་དམིགས་བྱའི་ཡན་ལག་རྫོགས་པར་བྲི། །མཐའ་མའི་འཁོར་ལོ་དྲུག་པོ་ལ། །


DNG024_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱི་ཕྱོགས་ནས་བདུད་ཀྱི་སྔགས་ཀྱིས་བསྐོར། །གཟས་པ་དུ་ཡོད་མིང་རུས་ཚང་བ་སྟེ། །དཔྲལ་བར་རུས་ལ་སྙིང་གར་མིང་། །མ་བཏང་སོད་ནི་མཐའ་མ་བསྐོར། །མ་ཉེས་པ་ཡི་དཔང་ཡང་གཟུག །ཐོད་པའི་ཁ་ནི་དར་གྱིས་དགབ། །ཨོཾ་ནཾ་པ་ར་ཏི་སད་ཏྲི་ཡ། ཏྲི་ཁྲཾ་སྟཾ་ཞེས་པ་བྲིས་ལ། དུར་ཆེན་པོའམ། རིའི་སྤྱི་ལ་མནན་ལ། སྟེང་ནས་འདག་པས་འཐས་པར་བྱ། དེས་དམིགས་བྱ་རླག་པར་འགྱུར། །དེ་ནས་བདུད་མགོ་གཡག་གིས་གཏད་པའི་ལས་འདི་དག་སྨྲས་སོ། །ཁྱི་ནག་གསེར་མིག་ཐོད་པ་རུ། །དེ་རུ་དམིགས་པའི་མིང་དང་རུས། །དུར་ཁྲོད་རས་མ་དག་ལ་ནི། །དམིགས་པའི་གཟུགས་བྲིས་མིང་དང་རུས། །མཐའ་མ་བདུད་སྔགས་འདི་ཡིས་བསྐོར། །བདུད་ཡཾ་པ་ནིར་སད་པྲཾ་ཡེར་ཁྲཾ་ཏྲི། དེ་ནི་ཁྱི་ཡི་ཐོད་པའི་ནང་དུ་གཞུག །མ་ཉེས་པ་དང་འདིས་ཉེས་བྱ། །བདུད་ཀྱི་བྱ་ར་ས་རུ་མནན། །དེས་ནི་སྐྱུགས་པའི་ནད་ཀྱིས་འཆི། །དེ་ནས་བདུད་ནག་པོ་བཀྲག་མེད་ཀྱིས་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །གྲོ་ག་རས་སམ་ཤོག་བུ་ལ། །དམིགས་པ་དུ་ཡོད་གཟུགས་བྲིས་ལ། །སྙིང་གར་མིང་དང་དཔྲལ་བར་རུས། །འདི་ཡིས་ཉེས་ཀྱིས་འདི་མ་བཏང་ཞིག་བྱ། །མཐའ་མ་དམེ་ཁྲག་རྣམ་གསུམ་གྱིས། །བདུད་སྔགས་བྲིས་ལ་མཐའ་མ་བསྐོར། །ནག་པོ་དུ་ན་ཙེ་ཡཾ་སཾ་ཁྲཾ་ཡཾ། དེ་ལྟར་བྲིས་ལ་གླང་ནག་པོའི་རྭ་ཡི་ནང་དུ་བཅུག་ལ། དུར་རམ་ཡ་ཁ་ཅན་དུ་སྦས་ན། དམིགས་པ་གླང་ཐབས་ནད་ཀྱིས་འཆི། དེ་ནས་བདུད་མོ་ལེ་གེ་ཤག་གིས་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །གྲོ་ག་ཤོག་བུ་དག་ལ་ནི། །དེ་ལ་དམིགས་པའི་གཟུགས་བྲིས་ལ། །མིང་དང་རུས་ནི་བཅས་པ་ལ། །མཐའ་མ་བདུད་ཀྱི་སྔགས་རྣམས་བསྐོར། །བཛྲ་ཏད་ས་སེ་ཡ་མ་ཏ་ཁྲཾ་ཏི། སྤྱང་ཀི་སྔོན་པོའི་ཐོད་པ་རུ། །རི་གསུམ་རྩེ་འམ་ལུང་གསུམ་མདོ། །དེ་རུ་མནན་ན་དམིགས་པ་གྲི་རྣམས་གསུམ་གྱིས་འཆི། །བདུད་རོལ་པོ་བཅུ་གཉིས་ཀྱིས་རང་གི་གཏད་པའི་ལས་


DNG024_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་སྨྲས་སོ། །རྟ་ཡི་རྒྱུ་ཤུན་དག་ལ་དམིགས་པའི་གཟུགས་ནི་བྲིས་ནས་སུ། །མིང་རུས་བདུད་སྔགས་སྤེལ་བྲིས་ནས། །འཕར་བ་དམར་པོའི་ཐོད་པར་གཞུག །དེ་ནས་དུར་གྱི་འགབ་ཏུ་སྦ། །ཏཾ་ཏཾ་ལཾ་ལཾ་ཡཀྵ་ཏྲག །ཡཀྵ་རྦད་ན་ཧཱུཾ། དེ་ལྟར་བྱས་ལ་མ་ཉེས་པའི་དཔང་གཟུག །དེ་ནས་བདུད་རྗེ་མང་ཁུག་གིས། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་གི་ལས་འདི་སྨྲས་ཏེ། རབས་ཆད་ནག་པོའི་ཐོད་པ་རུ། །གྲོ་ག་ཤོག་བུ་དག་ལ་ནི། །དམིགས་པ་དུ་ཡོད་གཟུགས་བྲིས་ལ། །མིང་རུས་ཚང་བར་བྱས་ནས་སུ། །ཐ་མ་བདུད་ཀྱི་སྔགས་ཀྱིས་བསྐོར། །ཨོཾ་ཏ་རུ་རག་ཏུ་རྦད་ལ་ཡག་ཏེ་ཁྲཾ་ཏཾ། ཐོད་པ་དེ་ཡི་ནང་བཅུག་ལ། །ཁ་ནི་དུར་ཁྲོད་གཡམ་པས་བཅད། །དུར་ཁྲོད་སྦས་ནས་མ་ཉེས་དཔང་། །དེ་ཡིས་དམིགས་པ་སྨྱོ་འབོག་དག་གིས་འཆི་བར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་སྟག་བཞི་མཆེད་བཞིས་འདི་དག་སྨྲས་སོ། །བདུད་བྱ་ནག་པོའི་ཐོད་པ་རུ། །དེ་ཡི་ནང་དུ་དམིགས་པའི་གཟུགས། །ཐ་མ་བདུད་ཀྱི་སྔགས་ཀྱིས་བསྐོར། །ཁ་ནི་མཐིང་ནག་དར་གྱིས་བཅད། །རྨུ་ཏྲི་ཧྲིམ་ཡཾ་སྟྭཾ་པ་ནི་ཁྲམ། བདུད་བྲག་ནག་པོའི་རྩ་རུ་སྦ། །དེས་ནི་ལས་རྣམས་འགྲུབ་པར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཡ་བདུད་བཅུ་གསུམ་གྱིས་རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །དུར་ཁྲོད་རས་མ་དག་ལ་ནི། །མི་རྟ་ཁྱི་དང་གསུམ་གྱི་ཁྲག་གིས་ནི། །འཁོར་ལོ་རྩིབས་ནི་བཅུ་གཉིས་ཀྱི། །དབུས་སུ་དམིགས་པ་དུ་ཡོད་གཟུགས་དང་བདུད་ཀྱི་གཙོ་བོའི་སྔགས། །མིང་དང་རུས་སུ་ལྡན་པར་བྱ། །འཁོར་ལོའི་རྩིབས་ལ་བྲི་བའི་སྔགས། །ཨོཾ་ཏི་ལི་རྦད་ཡ། ཏེ་པི་པི་སུ་རུ་པི་པི་དེ། མུ་དུ་ཤ་ནི། མུང་ཧ་བ་ནི། རྦད་ཙི་པི་དང་། མུ་དྷཾ་བི་བར། རུ་ཡ་ཏ་ཀྲཾ་ཡ། དུང་ཀྲཾ་ཡ། མུ་དྷི་པ་ཡ། སྤྲེ་ཏ་ཁྲཾ་ཡ། དེ་ལྟར་འཁོར་ལོ་དག་ལ་གཡོན་བསྐོར་བྲི། །རབས་ཆད་ནག་པོའི་ཐོད་པར་གཞུག །ཁ་ནི་ཡུགས་སའི་སྐྲ་ཡིས་བཅད། །དུར་རམ་དུར་ཁྲོད་ཆེན་པོར་སྦ། །མ་ཉེས་པ་ཡི་དཔང་གཟུག་གོ། །དེས་


DNG024_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དམིགས་པ་གཏན་ནས་ལེན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་སིལ་མ་སྟོང་གིས་རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །གྲོ་གའམ་ཤོག་བུ་དག་ལ་ནི། །འཁོར་ལོ་རྩིབས་ནི་བརྒྱད་པ་ལ། །དབུས་སུ་དམིགས་པའི་གཟུགས་ནི་ཡན་ལག་རྫོགས་པར་བྱ། །མིང་རུས་དག་དང་ལྡན་པར་བྱ། །མཐའ་མ་བདུད་ཀྱི་སྔགས་ཀྱིས་བསྐོར། །ཨོཾ་ཡགྴ་གྲི་པ་རཾ་པ་རི་མ་དུ་ཏྲཾ་སེར་ཡཾ་ཡཾ་ཀྱང་ཁྲཾ་ཏེ་བང་པ་ཏེ་ཡང་མང་། སང་ནི་སུཾ་རྡི་མ་ཁྲོ་འདུས་ཁྲམ་ཏྲི། འཁོར་ལོ་དྲིལ་ལ་ཕག་པའི་ཐོད་པར་གཞུག །དུར་དུ་སྦས་ལ་འདག་པས་འཐས་པར་བརྫི། །མ་ཉེས་པ་དང་འདིས་ཉེས་བྱས། །དེས་ནི་བདུན་རྒྱུད་རླག་པར་འགྱུར། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་ལ་གཏད་པའི་ལེའུ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། སྤྱི་བཙན་ཆེན་པོས་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །གྲོ་ག་དག་ལ་གཟུགས་བྲིས་ཏེ། །འཁོར་ལོ་རྩིབས་ནི་བརྒྱད་པ་ལ། །དབུས་སུ་དམིགས་པ་དུ་ཡོད་པའི་མིང་རུས་བཅས། །འཁོར་ལོ་བརྒྱད་པར་བཙན་གྱི་སྔགས། །ཙ་ཙ་ར་ཏེ་ཐུམ། ཤུ་ལ་ཐེན་པོ་རི་ཤ་ཀ་ཡ་བ་ཏེ་ཁྲཾ་བྲི་ཡ་དུ་ཡ་ཁྲཾ། གླང་དམར་དག་གི་རྭ་རུ་གཞུག །ཁ་རུ་འཛམ་བུ་གླིང་བཞིའི་གཟུགས་ཀྱིས་མནན། །འཐས་པར་བརྫིས་ལ་བྲག་དམར་པོའི་ཐེམ་པ་ལ་མནན་ནོ། །དེས་ནི་གཟེར་ནད་དག་གིས་འཆི་བར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། འབྱུང་པོ་བཙན་གྱིས་རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །ཤོག་བུ་གཙང་མ་དག་ལ་ནི། །འཁོར་ལོ་རྩིབས་ནི་ལྔ་པ་བྲིས། །དབུས་སུ་དམིགས་པའི་མིང་དང་རུས། །མཐའ་མ་བཙན་གྱི་སྔགས་ནི་འཁོར་ལོ་ལ། །རཱ་ཛ་ཤོ་ལ་ཁྲཾ། མུ་ཏྲི་ཁྲཾ་གཟེར། རྦད་དུ་ན་སི་རི་ཁྲཾ། པྲི་དུ་ཁྲམ་ཡཾ་ན་རྦད། དེ་ལྟར་བྲིས་ལ་འཁོར་ལོ་གྲིལ། །འཕར་བ་དམར་པོའི་ཐོད་པ་རུ། །འབྱུང་བ་བྲག་གི་ཐེམ་ལ་མནན། །དེས་ནི་བརྒྱལ་ཐབས་དག་གིས་འཆི། །དེ་ནས་བྲག་བཙན་


DNG024_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོས་རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །སྡང་བྱ་འུག་པའི་ཐོད་པ་རུ། །དམིགས་པ་ཀུན་གྱི་མིང་དང་རུས། །བྲག་བཙན་སྔགས་ཀྱིས་བསྐོར་ལ་བཞག །ཙ་ཙ་བཾ་རིས་ད་དེ་ལཾ་བ་བ་དེང་ལ་ཁྲམ་གཟེར་རྒྱུག །བྲང་སྐོར་ཆོད་ཆུམ་དྲིལ་རྨུགས་སྟོབས་ཡང་ཁྲཾ་ཏི། དེ་ལྟར་བྲིས་ལ་འཁོར་ལོ་གྲིལ། །ཐོད་པ་དེ་ཡི་ནང་དུ་གཞུག །དམར་པོ་དར་གྱིས་ཁ་བཀབ་པ། །བྲག་དམར་དེ་ཡི་ཐེམ་ལ་གནན། །དེས་ནི་སྐེམས་ཤིང་རིད་ནས་འཆི། །དེ་ནས་སྐྱེས་བུ་ལུང་བཙན་གྱིས་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །དམིགས་པ་དུ་ཡོད་མིང་དང་གཟུགས། །གྲོ་ག་དག་ལ་བྲིས་བྱས་ལ། །རྭ་ཡི་ཐོད་པར་དྲིལ་ལ་ཁ་ཡང་བཙེམ། །དེ་ནི་དར་གྱིས་གྲིལ་ནས་སུ། །མིང་བྱང་མཐའ་མར་བཙན་གྱི་སྔགས། །ཨོཾ་ཐེན་འུ་ཀེ་རུ་ཏྲཾ་ཡེར་ག་ཏི་རྦད། དེ་ལྟར་བྱས་ལ་ལུང་གསུམ་མདོ་རུ་མནན་བྱས་ལ། །དེས་ནི་དམིགས་པ་མྱལ་ཐག་གཅོད། །དེ་ནས་ཡང་བཙན་སིལ་མ་སྟོང་སྡེས་རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །རས་དཀར་དག་ལ་འཁོར་ལོ་སྟེ། །རྩིབས་ནི་བརྒྱད་པར་བྲིས་བྱས་ལ། །དེ་ལ་བཙན་གྱི་སྔགས་ཀྱིས་བསྐོར། །དབུས་སུ་དམིགས་པའི་མིང་རུས་བཅས། །འཁོར་ལོ་ར་ཡི་ཐོད་པར་གཞུག །ཨོ་ཏ་ཙེ་གུར་བི་ལང་ལིང་མུ་ཁྲཾ། ཡེར་ཞུང་ཙ་ཙ་ཏ་ལེ་པད་ཡ་ཁྲཾ་ཏི། ཞེས་བྱ་བ་བྲིས་ལ་ཁ་དར་དམར་པོས་བཅད་ལ། གོང་གསུམ་དུ་སྦས་ན་དམིགས་བྱ་འཆོར་མི་སྲིད་དོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས་བཙན་ལ་གཏད་པའི་ལེའུ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། རྒྱལ་པོ་ཆེན་པོ་སྲོག་བདག་མཆེད་བཞིས་རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །རས་དཀར་དག་ལ་འཁོར་ལོ་རྩིབས་བཞི་བྲི། །དབུས་སུ་དམིགས་པའི་ཡན་ལག་རྫོགས་བྲིས་ལ། །མིང་རུས་དེ་རུ་བྲི་བར་བྱ། །མཐའ་མར། འདིས་སངས་རྒྱས་ཀྱི་བསྟན་པ་བཤིགས་པས་འདི་ཁྱེད་ལ་གཏད་དོ། །བཞེས་ཤིག་ཅེས་བྱའོ། །འཁོར་ལོའི་རྩིབས་ལ་བྲི་བའི་སྔགས། །ཨོཾ་རཱ་ཙ་ཨ་ཏི་རྦད་ཤད། ཏི་མུཾ་


DNG024_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཡེར་བ་ཨ་ཏི་པ་ཡ། ཨ་ཛ་ཁྲཾ་ཏི་ཡ། མ་ཏ་ཏཾ་ཏི་ཡ་རྦད། ཨོཾ་བི་བུ་ལ་གང་ལོ་སད་ཨིནྟྲ་ཡ་ཞུང་། ཞེས་པ་བྲིས་ལ་རྟ་དཀར་པོའི་ཐོད་པར་གཞུག །དཔྲལ་བར་མཁར་ཚུལ་དཔྲལ་རིས་མཛོད། །མིག་གཉིས་སྣ་གཉིས་ཁ་དང་ཨག་ཙེ་གཉིས་ཏེ་བརྒྱད། དཔྲལ་བར་ཕུག་པ་དང་། དགུ་རུ་ཚང་བཤོས་དགུ་གཞུག །དེ་ནས་སྐོར་ཁང་ངམ་མཆོད་རྟེན་འོག་ཏུ་སྦས་ན། དམིགས་པ་གཏན་ལ་ཕེབས་པར་ཐེ་ཚོམ་མེད། དེ་ནས་ཡང་རྒྱལ་པོ་ཆེན་པོ་བཞིས་གཏད་པའི་ལས་འདི་དག་སྨྲས་སོ། །སྟག་གཟིག་གི་ཐོད་པར་མིང་དང་རུས་བཅུག་ལ། རྒྱལ་པོའི་སྔགས་ཀྱིས་བསྐོར། ཨོཾ་བེ་པ་ཏ་ཀ་རུ་བ་ཏྲི་ཁྲཾ། ཨོཾ་བི་རུ་བཾ་རཾ་སད་ཁྲཾ། ཨོཾ་བེ་རུ་ཡི་པ་ན་ཁྲཾ། ཨོཾ་བེ་ཏ་གཾ་ཏཾ་ཁྲཾ་ཏི། ཞེས་བྱ་བའི་སྔགས་ཀྱིས་བསྐོར་ལ། སྐོར་ཁང་དག་ཏུ་གནན་པར་བྱའོ། །དེས་ནི་དམིགས་པ་འཆོར་མི་སྲིད། དེ་ནས་རྒྱལ་པོ་སིལ་མ་སྟོང་གིས་རང་རང་གི་ལས་འདི་དག་སྨྲས་སོ། །ལྐུགས་པ་ལུག་གི་ཐོད་པ་རུ། །དེ་རུ་མིང་དང་རུས་བཅུག་ལ། །རྒྱལ་པོ་དག་གི་སྔགས་ཀྱིས་བསྐོར། །ཨ་ཏིང་སད་ཁང་བ་རུ་ན་བྲི་ཤུ་ཤག་ཁྲཾ་སྟ་ཡོ་ག་དབ་པ་ནི་སིང་། དེ་ཡིས་བསྐོར་ལ་ཁ་བཅད། མཆོད་རྟེན་འོག་ཏུ་མནན། དེས་ནི་ལས་རྣམས་འགྲུབ་པར་བཤད། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་ལ་གཏད་པའི་ལེའུ་བཅུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། མ་བདུད་བཅུ་གསུམ་གྱིས་རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །དུར་ཁྲོད་རས་མ་དག་ལ་ནི། །འཁོར་ལོ་རྩིབས་ནི་བཅུ་གསུམ་སྟེ། །དབུས་སུ་གྲུ་གསུམ་དམིགས་པ་དུ་ཡོད་གཟུགས། །ཡན་ལག་ཉིང་ལག་རྫོགས་པར་བྲི། །འཁོར་ལོ་རྣམས་ལ་བདུད་མོའི་སྔགས། །གཡོན་བསྐོར་དུ་ནི་ཁྲག་གིས་བྲི། །རུ་རུ་རཀྴ་ཙ་ལ་ཁྲཾ་ཡ་མ་ཏྲཾ་པ་ལི། བྲ་ཏོག་ཁ་ལ་ཧུར་ཡ། མ་མ་རཀྴ་རུ་ལུ། ས་མ་ཡ་ཐིབས། ཐུཾ་ཐུཾ་རྩལ་དྲེང་དྲེང་ཡ་ཏྲི་སད་མུ་ཏིང་ཡ། བྷྱོ་རག་མོ་ཙ་ལ་འདུས། ཏིག་སྣ་ཁ་ལི་མ་དུང་


DNG024_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཅོན་ཡང་། ཁྲཾ་ཏི་ཛ་ཧུར་སྙིང་ལ་ལཾ། ས་མ་ཡ་ཐིབས། ས་མ་ཡ་རུ་བ་ཞུང་ཐུན་ཡ། བྲི་མ་ཤག་ལཾ་སད་སྲོག་ལ་ནི་མྱུར་ཡ། དེ་ལྟར་འཁོར་ལོ་དྲིལ་ལ་རབས་ཆད་ནག་པོའི་ཐོད་པར་གཞུག །དེ་ནས་དུར་ཁྲོད་དུ་སྦ། དེས་ན་རིམས་ནད་མང་པོས་འཆི། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་མོ་ལ་གཏད་པའི་ལེའུ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། གནོད་སྦྱིན་རྣམས་ཀྱིས་རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །རིགས་བྱེ་དམར་པོའི་ཐོད་པ་རུ། །དམིགས་པའི་མིང་དང་རུས་བཅས་ནས། །ཨོཾ་ཡགྴ་རུཾ་ཏིང་ཁྲམ་གཟེར་ཡ། ཁ་ཡང་དུག་གིས་གཅད་པར་བྱ། །ལུང་གསུམ་མདོ་རུ་མནན་སྔས་ན། །ཁྲག་སྐྱུགས་ནད་ཀྱིས་འཆི་བར་འགྱུར། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། གནོད་སྦྱིན་ལ་གཏད་པའི་ལེའུ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཐེའུ་རང་སྟོང་རྩ་གཅིག་གིས་རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །བོང་བུ་རྣ་རིང་ཐོད་པ་རུ། །གྲོ་ག་ཤོག་བུ་དག་ལ་ནི། །དམིགས་པའི་མིང་དང་གཟུགས་རུས་གཞུག །ཐེ་འབང་སྟོང་གི་སྔགས་ཀྱིས་མཐའ་ཡང་བསྐོར། །ཨོཾ་ལེཾ་ལེཾ་གཾ་གཾ་ཏྲི་ནི་ཨིནྡྲ་གཾ་བ་རོང་ཏེ་ས་མ་ཡ་རྦད་གཏུབས་སོད་ཡ། པྲ་ཀུ་རུ་སོད། དེ་ཡིས་བསྐོར་ལ་ཐད་པའི་ནང་དུ་གཞུག །ཐོད་པ་ཤིང་རྐང་གཅིག་གམ་ཡལ་ག་ཅན་དུ་སྦ། །དེས་ནི་བརྡབ་སྣོལ་བཟུང་གདུག་དག་དང་ནི། །སྨྱོ་འབོག་ནད་ཀྱིས་འཆི་བར་འགྱུར། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེའུ་རང་ལ་གཏད་པའི་ལེའུ་བཅོ་ལྔ་པའོ།། །།དེ་ནས་ཡང་ཇ་ལ་མ་རྣམས་ཀྱིས་གཏད་པའི་ལས་འདི་དག་སྨྲས་སོ། །སྣེལ་དྲི་མོ་ཡི་ཐོད་པ་རུ། །འཁོར་ལོ་རྩིབས་ནི་སུམ་ཅུ་གཉིས། །འཁོར་ལོའི་རྩིབས་ལ་བྲི་བའི་སྔགས། །རམ་པ་ནི་གུར་ན་སད་ཏི་གཾ་དུཾ་ལཾ་ཤད་སེར། སད་ཁྲམ་ཡུ་ཏོ་མུ་མ་ལམ་པ་ནི། །ཞེས་པ་དེ་དག་བྲིས་ནས་སུ། །དབུས་སུ་དམིགས་པའི་མིང་རུས་བཅས་པར་བྱ། །ལུང་གསུམ་མདོ་


DNG024_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འམ་རྒྱ་གྲམ་ལམ། །མནན་པས་ལས་རྣམས་འགྲུབ་པར་འགྱུར། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཇ་ལ་མ་ལ་གཏད་པའི་ལེའུ་བཅུ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ས་བདག་འཁོར་དང་བཅས་པས། རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །ར་རོག་པོའི་ཐོད་པའམ་གླང་རུའི་ནང་དུ། དམིགས་པ་དུ་ཡོད་པའི་མིང་བྱང་བཅུག་ནས་སུ། མིང་རུས་མཐའ་མ་ས་བདག་སྔགས། ཐེ་སེ་ལཾ་བ་གུཾ་ན་ཡཾ། མ་ལི་ཏ་བ་ལ་ཏཾ་པ་ན། དེ་ནས་རྭ་དེ་སྦ་བ་ནི། ས་བདག་གནས་པའི་གནས་གཡས་སུ་སྦ། དེས་ནི་ཞ་གྲུམ་སྐམ་པས་འཆི་བར་འགྱུར། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ས་བདག་ལ་གཏད་པའི་ལེའུ་བཅུ་བདུན་པའོ།། །།དེ་ནས་ཡང་ཀླུ་རྣམས་ཀྱིས་རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །རས་དཀར་གཙང་མ་དག་ལ་ནི། །འཁོར་ལོ་རྩིབས་བརྒྱད་བྲིས་ནས་སུ། །དབུས་སུ་དམིགས་པའི་ཡན་ལག་ཉིང་ལག་རྫོགས་པར་བྲི། །འཁོར་ལོ་རྣམས་ལ་ཀླུ་ཡི་སྔགས། །ནཱ་ག་ལེ་དུམ་པ་ལེ། སུམ་པ་ལེ་ཧུ་ཡ་ཁྲཾ་ཏི་ཡ། དུང་ཡ་དུང་དུང་ཡ། པྲ་ཏད་ཀར་ནེ་ཡེ། ཕྱི་ཕུ་ལུ་ས་མ་ཏི་མ་ཏི་ནཱ་ག་ར་ཙ་ཀྱི་ལོང་ཡཱ། དེ་ནི་འཁོར་ལོ་དག་ལ་གཡོན་བསྐོར་བྲི། །འདིས་ཉེས་འདི་ལ་བཀའ་ཆད་ཕོབ། །ཀླུ་རྣམས་ཀྱི་སྐུ་ལ་འདི་ཡིས་བསྡོས་པ་ཡིན་པས། འདི་ཁྱེད་ལ་གཏང་ངོ་བྱའོ། །ཆུ་མིག་མགོ་ཟླུམ་འོག་ཏུ་མནན། །དེས་ནི་མཛེ་དང་ཕོལ་མིག་དང་། །ནད་སྣ་མང་པོས་དམིགས་བྱ་འཆོར་མི་སྲིད། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུ་ལ་གཏད་པའི་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་ཀླུ་བཙན་མཆེད་གསུམ་གྱིས། རང་རང་གི་གཏད་པའི་ལས་འདི་དག་སྨྲས་སོ། །མིང་བྱང་གཞུག་པ་གོང་བཞིན་ཏེ། །གླང་རུའི་ནང་དུ་བསག །ཀླུ་བཙན་སྔགས་ནི་འདི་ཡིན་ཏེ། །ཙ་ཙ་ར་ཙ་ནཱ་ག་དུམ་པ་ལེ་ཡ་ཁྲཾ་ཏི་ཡ། དེ་ནི་ཀླུ་ཡི་མིག་ཏུ་མནན། །དེས་ནི་ལས་རྣམས་འགྲུབ་པར་


DNG024_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུ་བཙན་ལ་གཏད་པའི་ལེའུ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཐེའུ་རང་སྟོང་རྩ་གཅིག་གིས་བསྐོར་ཞིང་ཕྱག་བཙལ་ནས་རང་རང་གི་ལས་འདི་དག་ཚིགས་སུ་བཅད་པ་སྨྲས་སོ། །བདག་ཅག་རྣམས་ནི་འཆོས་པ་ན། །གཙང་མའི་གནས་ནི་བཙལ་ནས་སུ། །གཙང་མའི་རིས་ཀྱི་གཞི་བཏིང་ལ། །འབྲུ་སྣ་རིན་ཆེན་རྫས་རྣམས་བསག །གསང་བདག་ཏིང་འཛིན་ལྡན་པ་དེས། །འབྲུ་སྣ་བཅུ་གསུམ་ངར་ཕྱེ་ལ། །རིན་ཆེན་ཕྱེ་མར་བྱིན་གྱིས་བརླབ། །རི་རབ་ལྡེམ་པ་བརྩིགས་ནས་སུ། །ཁ་དོག་འགྲམ་བག་རིགས་དང་བསྟུན། །རྨྱུག་མ་གཙང་མ་ནམ་མཁའ་ཚོན་རྫོགས་གུར། །རི་རབ་དེ་ལ་གཟུག་པར་བྱ། །རྒྱལ་མཚན་འཕན་གདུགས་གཟུག་པར་བྱ། །ནམ་མཁའ་ཚོན་རྫོགས་སྟོང་རྩ་གཅིག །མདའ་བཀྲ་དེ་བཞིན་སྟོང་རྩ་གཅིག །གོང་ཐུམ་སྟོང་རྩ་གཅིག །ངར་བུ་སྟོང་རྩ་གཅིག །བྱ་སྟོང་རྩ་གཅིག །འབྲང་རྒྱས་སྟོང་རྩ་གཅིག །ཆང་བཤོས་སྟོང་རྩ་གཅིག །གསོབ་སྟོང་རྩ་གཅིག །ཤར་དུ་བཤོས་བུ་སྟོང་རྩ་གཅིག་ལ། མདའ་བཀྲ་སྟོང་རྩ་གཅིག་དགོད། ལྷོ་རུ་ངར་བུ་སྟོང་ལ། ནམ་མཁའ་སྟོང་རྩ་གཅིག །བྱ་སྟོང་རྩ་གཅིག་ལ། ཕོད་སྟོང་རྩ་གཅིག །ཆང་བཤོས་སྟོང་རྩ་གཅིག་ལ། གོང་ཐུམ་སྟོང་རྩ་གཅིག་གཟུག །གླང་དང་སྟག་དང་སེང་གེ་ལ་སོགས་པའི་གཟུགས་ཤར་དུ་བསག །ལུག་དང་བྱ་ནི་ནུབ་ཏུ་བསག །ར་དང་སྤྱང་འཕར་རི་དྭགས་བྱང་དུ་བསག །དོམ་དྲེད་སྤྱང་ཀི་རྔ་མོ་བོང་བུ་དང་། །མཛོ་རྟོལ་དྭེའུའི་གཟུགས་ནི་མཐའ་མ་བསྐོར། །ཤར་དུ་རྟ་ཐོད་སྟོང་རྩ་གཅིག །ལྷོ་རུ་སྟག་གཟིག་གི་ཐོད་པ་སྟོང་རྩ་གཅིག །ནུབ་ཏུ་མཛོ་རྟོལ་ཐོད་པ་སྟོང་རྩ་གཅིག །བྱང་དུ་བོང་བུ་དྲེའུ་དང་ཤ་ཟན་གྱི་ཐོད་པ་སྟོང་རྩ་གཅིག །ཕུད་དང་རིན་ཆེན་དར་གྱི་ཡོལ། །ལྕགས་སུ་ལྕགས་ཟངས་གསེར་དངུལ་ཕྱེ། །དུང་དང་བསེ་དང་སྤོས་ཆང་དང་། །སྤྱན་གཟིགས་དཀོར་ཆ་དེ་བཞིན་བསོགས། །


DNG024_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེའུ་རང་སྟོང་རྩ་གཅིག་གི་བསོགས་པའི་ལེའུ་ཉི་ཤུ་པའོ།། །།ཧཱུཾ། བདག་ཅག་རྣམས་ནི་ཐེའུ་རང་སྟོང་རྩ་གཅིག་སྟེ། །ལ་ལ་དེ་བ་ལྷ་ཡི་རིགས་ཏེ་སྲིད་པའི་ནོར་འཛིན་བྱེད། །ལ་ལ་འཆི་བདག་བདུད་ཀྱི་བུ་སྟེ་བསད་བཅད་ལས་ལ་དགའ། །ལ་ལ་ང་རྒྱལ་བཙན་གྱི་བུ་སྟེ་ཤ་ལ་གཅོད་སྦྱོང་བྱེད། །ལ་ལ་སྲིད་པ་རྒྱལ་ཆེན་རིགས་ཏེ་སྲོག་གི་གིང་པ་མཛད། །ལ་ལ་གནོད་སྦྱིན་སྡེ་ཡི་རིགས་ཏེ་ཤ་དང་ཁྲག་ལ་དགའ། །ལ་ལ་མ་མོ་བྱད་མའི་རིགས་ཏེ་སྟོང་གསུམ་རྒྱུག་འགྲོ་བྱེད། །ལ་ལ་ཀླུ་ཡི་རྒྱལ་པོའི་སྡེ་སྟེ་ཞེ་སྡང་གདུག་པ་ཆེ། །ལ་ལ་འཇིག་རྟེན་བྱད་མ་བྱེད་ཅིང་ལ་ལ་ཚེ་ལེན་དབུགས་ལེན་བྱེད། །སྟོང་གསུམ་རྒྱུག་འགྲོ་བྱེད་པ་སྟོང་གི་རྩ་གཅིག་སྟེ། །ཕ་ནི་འབྱུང་བ་ནམ་མཁའ་ནས། །འོད་ཀྱི་མིང་ལ་ཡ་མཚན་ཅན། །དཀར་པོ་མིག་གཅིག་ཡིན་པར་ངེས། །མ་ནི་འབྱུང་བ་ནམ་མཁའ་ནས། །སྲིད་པའི་བདག་མོ་ཡིན་པར་ངེས། །བུ་ནི་ཐེའུ་རང་སྟོང་དང་རྩ་གཅིག་ཡིན། །ཞེ་སྡང་སེམས་དང་གཏི་མུག་སེམས། །ང་རྒྱལ་སེམས་དང་འདོད་ཆགས་སེམས། །དེ་ལས་དྲེགས་པའི་ཐེའུ་རང་སྟོང་རྩ་གཅིག །ཕ་ནི་སྲིད་པ་དཀར་པོ་ཡིན། །མ་ནི་ས་ཡི་སྲིད་པའི་བདག །བུ་ནི་ཐེའུ་རང་སྟོང་རྩ་གཅིག །སྲིད་པ་ཀུན་གྱི་བུ་ཡིན་ཏེ། །སྲིད་པ་གསུམ་ལ་དབང་ཡང་བྱེད། །སྟོང་གསུམ་དྲེགས་པ་ཐམས་ཅད་ཀྱང་། །ལ་ལ་བདག་ཅག་རྣམས་ཀྱི་ཕ། །ལ་ལ་བདག་ཅག་རྣམས་ཀྱི་མ། །ལ་ལ་བདག་ཅག་རྣམས་ཀྱི་བུ། །ལ་ལ་བདག་ཅག་རྣམས་ཀྱི་སྡེ། །བདག་ཅག་རྣམས་ལ་མ་གཏོགས་གང་ཡང་མེད། །བདག་ཅག་རྣམས་ཀྱི་སྲིད་པའི་རྒྱུད་འགྲོ་བྱེད། །ཚེ་དང་སྲོག་ནི་བླང་བ་ལ། །ཐང་གཅིག་ཡུད་ལ་ཐེ་ཚོམ་མེད། །ལྟོས་པ་ཀུན་གྱི་ཚེ་ཡང་བསྲིང་། །བསྟན་པ་བཤིག་པ་རྣམས་ནི་བསྒྲལ་བར་བྱ། །ལ་ལ་བྱང་ཆུབ་སེམས་དཔའི་སྡེ། །ས་ལ་གནས་པའི་ཚུལ་ཁྲིམས་བསྲུང་ཞིང་དགེ་བ་བྱེད། །སེམས་ལ་ཞེ་སྡང་མི་


DNG024_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་སྟེ། །འཁོར་བ་སྲོག་གཅད་ཐེའུ་རང་གནས། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །སྲིད་པའི་དཀར་པོ་སྤྱན་གཅིག་ཀྱང་། །འོད་ཀྱི་མི་དཀར་ལྡེམ་པ་ལ། །གཞའ་ཚོན་སྣ་ལྔའི་ན་བཟའ་གསོལ། །ཆིབས་སུ་ཟེར་གསུམ་དག་ལ་ཆིབས། །གཡས་ན་གསེར་གྱི་ཉི་མ་དགུ། །གཡོན་ན་ཤེལ་གྱི་ཟླ་བ་དགུ། །བར་ན་གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད། །འཇའ་ཡི་ཐོད་ལ་དུང་གི་རལ་པ་ཅན། །ཁྱོད་ནི་སྐྱེས་ཆེན་མི་བོ་ཆེ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ལན་ཅིག་སྤྲུལ་ཅིང་འོང་བའི་ཚེ། །གཡུ་ཡི་མི་སྔོན་ལྡེམ་པ་གཅིག །ཆིབས་སུ་གཡུ་རྟ་བྱ་གདེངས་ཆིབས། །དབུ་ལ་འཇའ་ཡི་ཐོད་དུ་བཅིངས། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །ཤེལ་གྱི་བུ་ཆུང་སྐུ་གཟུགས་འབར། །དབུ་ལ་འཇའ་ཐོད་མ་ལགས་ཏེ། །ནད་ཀྱི་དབུ་རྒྱན་ཅན། །རྨ་བྱའི་ཐུལ་པ་མ་ལགས་ཏེ། །དུག་གི་རི་མོ་ཅན། །བུ་ཆུང་མ་ལགས་ཏེ། །སྒྲོལ་གིང་ཆེན་པོར་འདུག །ཁྱོད་ནི་སྲིད་པ་ཀུན་གྱི་བདག་པོ་སྟེ། །ཐེའུ་རང་སྟོང་གི་སྤྲུལ་པ་འགྱེད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཐེའུ་རང་ནི་སྟོང་རྩ་གཅིག །བརྒྱ་ནི་བྱང་ཆུབ་སེམས་དཔའི་རིགས། །བརྒྱ་ནི་དེ་བ་ལྷ་ཡི་རིགས། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །ལུས་ནི་གསེར་མདོག་སེར་པོ་ལ། །གཡས་པ་བརྒྱ་ན་ལྕགས་ཀྱུ་འཛིན། །གཡོན་པ་བརྒྱ་ན་གའུ་བསྣམས། །སྲིད་པ་གསུམ་གྱི་ལོངས་སྤྱོད་རྐུ་ཞིང་བསོགས། །གསེར་མཁར་སེར་པོ་སྒོ་གཅིག་ནང་ན་གནས། །བསམ་པའི་ནོར་དགུ་དང་ནི་བྲབ་པའི་ལྕགས་དགུ་དང་། །ཡིད་བཞིན་ནོར་བུ་འཛིན་པར་བྱེད། །རིན་ཆེན་སྣ་ལྔ་དག་ལ་དབང་མཛད་ཅིང་། །ལྷ་ཡི་བུ་མོ་བརྒྱ་དང་རོལ། །ནོར་དང་ལོངས་སྤྱོད་བསམ་མི་ཁྱབ། །ལ་ལ་དག་ལ་ཕན་པར་བྱེད། །ལ་ལ་དག་ལ་གནོད་པར་བྱེད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བརྒྱ་ནི་ཞེ་སྡང་བདུད་ཀྱི་བུ་ཡིན་ཏེ། །ཤ་དང་ཁྲག་ལ་ལོངས་སྤྱོད་ཅིང་། །སྟོང་གསུམ་རྒྱུག་འགྲོ་བྱེད་པའོ། །ལྕགས་ཀྱི་མི་ཆེན་ལྡེམ་པ་བརྒྱ། །མགོ་ལ་ས་ཏི་ཡུག་རེ་བཅིངས། །ལག་ན་


DNG024_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་མཚོན་ཆ་ཐོགས། །ལྕགས་མཁར་སྒོ་གཅིག་ནང་ན་གནས། །འཆི་བདག་བདུད་ཀྱི་ཕོ་ཉ་སྟེ། །བཅུ་ནི་ལྕགས་སྤྱང་སྔོན་པོ་ཞོན་ནས་རྒྱུག །གཡས་ན་ལྕགས་ཀྱི་ཁྲམ་བམ་བསྣམས། །གཡོན་ན་ཟངས་ཀྱི་སོག་ལེ་བསྣམས། །སྐྱེ་འགྲོ་ལིངས་སུ་འདེབས་ཤིང་ཤ་ཁྲག་རློན་པ་ཟ། །ཤ་ལ་འདྲེང་བརྒྱ་རྩེ་གཅིག་གཅོད་སྦྱོང་བྱེད། །ཁྲག་ལ་ཧུབས་ཀྱིས་འདེབས་ཤིང་སྤྱུགས་པའི་གད་མོ་བགད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །དྲུག་ཅུ་སྟག་དགུ་ར་ཁྲ་ཞོན་ཏེ་རྒྱུག །སྐྱེས་པ་རྣམས་ཀྱི་བླ་ཡང་ལེན། །ན་ཆུང་རྣམས་ཀྱི་སྲིད་ཀྱང་འཕྲོག །གཡས་པ་ལྕགས་ཀྱི་སྟྭ་རེ་ཐོགས། །གཡོན་པ་ལྕགས་ཀྱི་དྲ་བ་ཐོགས། །སྟོང་གསུམ་ཁྱབ་པར་བྱེད་པའོ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བཅུ་ནི་དོམ་བུ་ནག་གུ་ཞོན་ནས་རྒྱུག །སྟོང་གསུམ་ཁྱབ་པར་ཉུལ་བྱེད་པ། །གཡས་པ་བརྒྱ་ནི་འུག་པ་ཁྲ་རུ་ཐོགས། །ལྟས་ངན་སྣ་ཚོགས་འབེབས་པར་བྱེད། །སྐྱེ་འགྲོ་མ་ལུས་གསོད་དོ་ཟེར། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །བརྒྱ་ནི་བཙན་གྱི་བང་ཆེན་ནི། །ཟངས་མཁར་དམར་པོའི་ནང་ན་གནས། །ཟངས་མཁར་བསེ་ཡི་སྒོ་གཅིག་མ། །ང་རྒྱལ་བཙན་གྱི་བུ་སྟེ་སྲིད་གསུམ་རྒྱུག་འགྲོ་བྱེད། །སྤྱུགས་པའི་གླུ་རུ་དི་རི་རི། །བཙན་སྟན་སྟོང་གི་ཁ་ལོ་བྱེད། །དྲུག་ཅུ་རྩ་གཅིག་ཟངས་ཀྱི་འཕར་བ་དམར་པོ་རེ་རེ་ཞོན་ནས་རྒྱུག །ཤ་ཡི་བརྡལ་དུ་བྱེད་ཅིང་རྣག་ཁྲག་མཚོ་ལྟར་འཁྱིལ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །སུམ་ཅུ་ཟངས་ཀྱི་མི་རེང་ཁྲེས་ཁུར་ཅན། །ཟངས་ཀྱི་ཝ་བ་ཁུར་ཙམ་རེ། །ལག་ན་ཟངས་འཁར་དམར་པོ་ཐོགས། །ཁ་ནི་དཀར་གྱི་ཐོག་ཉབ་པོ། །སྐྱུར་གྱི་དྲུངས་འབྱིན་ནོ། །ཕྱུགས་ལ་ཤན་དམར་བྱེད། དེ་རིང་སྲིད་པའི་མདོས་ལ་སྤྱོན། །དགུ་ནི་ཟངས་ཀྱི་བྱ་དམར་དགུ་ལ་ཞོན། །མགོ་ལ་དར་དམར་ཐོད་དུ་བཅིངས། །ཟངས་ཞགས་དམར་པོ་མདའ་ལྟར་འཕེན། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །སུམ་བརྒྱ་རྒྱལ་པོའི་བཀའ་ཉན་དེ། །དུང་གི་མི་ཆེན་རེ་རེས་རྟ་དཀར་ཕྲུམ་དམར་ཞོན་


DNG024_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱུག །ལ་ལ་བན་གླང་དཀར་པོ་ཞོན་ནས་རྒྱུག །ལ་ལ་ཁྱི་དཀར་ཞོན་ནས་སྲིད་པ་ཀུན་ལ་དབང་བྱེད་པ། །མི་དཀར་ལྡེམ་པ་གཅིག །ཕྱག་ན་ལྤགས་དཀར་རྒྱལ་མཚན་འཕྱར། །རལ་པའི་ལྤགས་དཀར་ལྡེ་ཚོན་གཡབ་པའི་ཚེ། །སྲིད་པའི་ཐེའུ་རང་སྟོང་སྡེ་འདར་ཞིང་རྒྱུག །དེ་རིང་སྲིད་པའི་མདོས་བཞེས་ཤིག །དུང་གི་མི་དཀར་ལྡེམ་པ་བརྒྱ། །ལུས་ལ་དར་དཀར་རལ་ག་གསོལ། །དབུ་ལ་ནོར་བུའི་རྒྱན་སྤྲས་པ། །ཕྱག་ན་ཤེལ་གྱི་མཁར་བ་བསྣམས། །སྲིད་པ་ཀུན་ལ་དབང་བྱེད་པ། །སྟོང་གསུམ་རྒྱུག་འགྲོ་བྱེད་ཅིང་རྒྱལ་པོའི་དམག་ཚོགས་གཡོབ། །བདུད་དང་མ་ཡམས་གཡོབ་ཅིང་རིམས་ནད་མང་པོ་གཏོང་། །ལྕགས་གྲི་ལག་ན་ཐོགས་ནས་རྒྱལ་པོའི་གིང་པ་མཛད། །མི་ལ་ནད་དུ་གཏོང་ཞིང་ཕྱུགས་ལ་གོད་བདག་མཛད། །སྲིད་པ་ཀུན་ཏུ་རྒྱུག་ཅིང་ཕུང་ཁྲོལ་ལས་བྱེད་པ། །དེ་རིང་སྲིད་པའི་མདོས་བཞེས་དང་། །ཟངས་ཀྱི་མི་ཆེན་མཆེ་བ་རྒྱ་ཟོར་འདྲ། །མགོ་ལ་ཟངས་ཀྱི་འོབ་ལོག་ཅན། །བ་སྐྱ་ཡུ་མོ་ཞོན་ནས་རྒྱུག །མནའ་དང་གཟུ་ཡི་དཔང་པོ་མཛད། །ལྷ་འདྲེ་ཀུན་གྱི་སྣ་འདྲེན་པའོ། །གཅིག་ནི་བསེ་ཡི་མི་ཆེན་ལ། །ལུས་ལ་སླེས་ཁྲ་གོས་སུ་གོན། །མགོ་ལ་འཕྱིང་སེར་ཡིབ་ཞུ་ཅན། །ལག་ན་འོམ་མཁར་དམར་པོ་ཐོགས། །ཁྲེས་ཆེན་ཁུར་ཞིང་སྐྱི་སེར་མཆན་ན་སྡོད། །སྲིད་དང་ཁ་རྗེ་ཁ་རུ་འཇུག །མདོས་བདག་མདོས་བཞེས་དང་། །གཅིག་ནི་སྐྱ་རལ་ཐུལ་པ་ཅན། །ལག་ན་ཟངས་ནག་ཐོགས་བྱེད་ཅིང་། །དཀར་དང་དམར་དང་སྔོ་ཐབ་གསུམ། །ཐབ་སྣ་གསུམ་གྱི་སྣ་ཡང་དྲངས། །བདུད་བཙན་རྒྱལ་པོ་མ་ཡམས་དང་། །ས་བདག་ཀླུ་གཉན་གཡོབ་འདྲེན་བྱེད། །དེ་ཡང་སྲིད་པའི་མདོས་བཞེས་དང་། །གཅིག་ནི་བོང་བུ་དམར་ཁྲ་ཞོན་ནས་རྒྱུག །བ་དན་རྩེ་གསུམ་ཕྱག་ན་བསྣམས། །འཇིག་རྟེན་དྲེགས་པ་དབང་དུ་སྡུད་ཅིང་གུམ་གཅོད་ལས་ལ་དགའ། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ཉི་ཤུ་རྩ་གཅིག་གཡུ་ཡི་མི་སྔོན་ལ། །དར་གྱི་གོས་


DNG024_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇའ་ཡི་ཐོད། །སྐེ་ན་དུང་གི་ཝ་བ་ཁུར་ཙམ་སྐྱེས། །དེ་སྲིད་དྲ་བ་ཞོན་ཞིང་རྒྱུག །ལྟས་ངན་སྣ་ཚོགས་འབེབས་བྱེད་ཅིང་། །སྲིད་གསུམ་སྐྱེ་འགྲོ་མ་ལུས་ཀུན། །བསད་དེ་བཅད་དོ་ཟེར་ཞིང་རྒྱུག །དཀར་པོ་སྤྱན་གཅིག་གིང་པ་མཛད། །དེ་རིང་སྲིད་པའི་མདོས་བཞེས་དང་། །སྤྲུལ་པ་བརྒྱ་ནི་འཛམ་བུའི་གླིང་དུ་འགྱེད། །བརྒྱད་ཅུ་སྲིད་པའི་གཟུ་དཔང་མཛད། །ལེགས་ཉེས་ཞལ་ལྕེ་གཅོད་ཅིང་བཀའ་ཡི་བང་ཆེན་མཛོད། །སུམ་ཅུ་རྩ་གཉིས་དཔལ་གྱི་ལྷག་མ་སྡུད་ཅིང་འཇིག་རྟེན་བྱོལ་ཟློག་བྱེད། །སྲིད་པའི་ཐེའུ་རང་རྒྱལ་གྱི་ཚོགས། །དེ་རིང་སྲིད་པའི་མདོས་བཞེས་ཤིག །བརྒྱ་ནི་འཇིག་རྟེན་ཕུང་ཁྲོལ་བྱེད་ཅིང་སྲིད་པ་ཆེན་པོའི་སྐོས། །ལ་ལ་རྔམ་པ་སྟག་གི་མགོ་སྟེ་གང་ལ་བབས་པ་ལེན་པར་བྱེད། །ལ་ལ་ལྐུགས་པ་ལུག་གི་དབུ་སྟེ་གང་ལ་བབས་པ་མྱོས་པར་བྱེད། །ལ་ལ་སྨྱོན་པ་དོམ་གྱི་མགོ་སྟེ་སྨྱོ་འབོག་ནད་རྣམས་གཏོང་། །ལ་ལ་མི་ལུས་དྲེད་ཀྱི་མགོ་སྟེ་ཐམས་ཅད་བརྒྱལ་བར་བྱེད་ཅིང་དངངས་པར་བྱེད། །ལ་ལ་སྤྱི་རིང་ཡིབ་ཞུ་ཅན། །ལ་ལ་འགྲེང་ཁུར་མི་རེང་པོ། །ལ་ལ་དུད་འགྲོ་སྣ་ཚོགས་ཞོན། །ལ་ལ་གློག་དང་འོད་ལ་ཆིབས། །ལ་ལ་འབོག་དང་བརྒྱལ་ཐབས་གཏོང་། །ལ་ལ་སྲིད་པའི་བང་ཕྱིན་བྱེད། །ལ་ལ་ཚེ་ལེན་དབུགས་ལེན་བྱེད། །ལ་ལ་སྟབས་བསྣོལ་ཟུངས་རྨུགས་གཏོང་། །ལ་ལ་ཡོད་པ་མེད་པར་བྱེད། །ལ་ལ་གང་བ་སྟོངས་པར་བྱེད། །ལ་ལ་དག་ལ་ཕན་པར་བྱེད། །ལོངས་སྤྱོད་མ་ལུས་འཕེལ་བར་བྱེད། །དེ་རིང་སྲིད་པའི་མདོས་བཞེས་དང་། །ཉིས་བརྒྱ་འཛམ་གླིང་ཚེ་སྲོག་དབུགས་ཀྱི་བང་ཆེན་པ། །མང་བ་ཚེས་ཐོ་རེ། །སྤྱི་རིང་ལེན་ཏོ་རེ། །འདུས་པ་སེ་ཏོ་རེ། །མཁར་གསུམ་དག་ལ་གནས་ཀྱང་བཅས། །བསེ་མཁར་སྒོ་གཅིག་དུང་མཁར་སྒོ་གཅིག་དང་། །ལྕགས་མཁར་སྒོ་གཅིག་ནང་ན་གནས། །འཁོར་ཡང་ཐེའུ་རང་སྟོང་སྡེ་འགྱེད། །ལྷ་ཡི་བུ་མོ་ཆུང་མ་ཡིན། །ཡིད་བཞིན་ནོར་བུ་འཚོ་བར་བྱེད། །ལྷ་ལ་ཕུང་ཁྲོལ་མང་བས་གསང་བདག་ཐུགས་


DNG024_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པས། །དེས་ཀྱང་དམ་ལ་བཏགས་པ་དེ་རིང་སྲིད་པའི་མདོས་བཞེས་དང་། །ཐེའུ་རང་ལ་སོགས་ལ་ལ་རི་རབ་རྩེ་སྐོར་བྱེད། །ལ་ལ་འབྱུང་བ་དབང་བསྒྱུར་བ། །ས་ཐེའུ་སེར་པོ་དང་། །ཆུ་ཐེའུ་སྔོན་པོ་དང་། །བར་ཐེའུ་ཁྲ་ཆེན་དང་། །ཐེའུ་རང་འབྱུང་ལྔ་ལ། །དེ་རིང་སྲིད་པའི་མདོས་འབུལ་ལོ། །ལ་ལ་མི་ནི་ཨིནྡྲ་ཞེས་བྱ་སྟེ། །རྒྱལ་འགོང་ཆེན་པོ་དྲུག་ཅུ་གཅིག །ངན་འགོང་ནི་སུམ་ཅུ་ལྔ། །བྱུར་འགོང་ཉི་ཤུ་གཅིག །མི་ལུས་སྤྲེའུ་མགོ་ཅན། །ཁ་སེར་སོ་སེར་ལྕེ་སེར་གསུམ། །ཉིན་བཞིན་གྲོགས་པོ་ཕུག་རྡུག་ཉལ། །མཚན་ཞིང་གྲོང་ཁྱེར་ཁྱབ་པར་ཉུལ། །བྱུར་འགོང་ལྦ་བ་ཅན། །མི་རང་འགྲེང་ཁུར་ཅན། །འཁར་སྐྱ་ཟོ་སྐྱ་ལག་ན་ཐོགས། །ཕུང་འགོང་ར་སླག་ཅན། །ཟངས་ཀྱི་ལྦ་བ་ཁུར་ཙམ་སྐྱེས། །བརྒྱད་ཅུས་བདག་ཀླུ་གཉན་དག་དང་བསྡོངས། །སྐྲངས་དང་འབུར་གྱི་ནད་དུ་བྱེད། །དེ་རིང་སྲིད་པའི་མདོས་བཞེས་ཤིག །རྩ་གཅིག་འདུས་ཀྱི་འདེབས་བྱེད་མ། །ལྷ་འདྲེ་ཀུན་གྱི་སྣ་འདྲེན་མོ། །རྩ་གཅིག་ནི་ཐེ་རང་ལ། །བཅུ་གཅིག་སྲིད་པའི་ནོར་དང་ལོངས་སྤྱོད་དང་། །དཀོར་ཁང་གཉན་པོ་སྲུང་བར་བྱེད། །ནོར་དང་ལོངས་སྤྱོད་བསྲུང་མ་སྟེ། །དེ་རིང་སྲིད་པའི་མདོས་བཞེས་དང་། །དགུ་ནི་སྲིད་པའི་འགོང་པོ་སྟེ། །གནམ་ལ་གནས་པ་སྤུན་གསུམ་བྱུང་། །གནམ་ཐེའུ་དཀར་པོ་དང་། །གནམ་ལྷ་བྱང་ཆུབ་དང་། །གནམ་ལྷ་དཀར་པོ་གསུམ། །དར་དཀར་སེང་དཀར་ལྤགས་དཀར་གོན། །དུང་མཁར་ཤེལ་མཁར་སྤ་མཁར་གསུམ། །རྒྱལ་མཚན་གསུམ་ནི་ཕྱག་ན་བསྣམས། །བྱ་རྒོད་སེང་གེ་ཁྱི་དཀར་གསུམ་ལ་བཅིབས། །གནམ་ཁྱི་དཀར་པོ་མཆེད་གསུམ་ཡང་། །དེ་རིང་སྲིད་པའི་མདོས་བཞེས་དང་། །བར་ན་གནས་པའི་སྤུན་གསུམ་ལ། །དྲི་བསེ་བབ་སེ་ལག་བསེ་གསུམ། །ཁྲི་གཅིག་དྲེ་སི་པ་ཏིའི་ཐོད། །ལྕགས་མཁར་འོད་འབར་བསྣམས། །སྟག་དང་གཟིག་དང་བྱ་རྒོད་རྒྱལ་མཚན་བསྣམས། །ས་ལ་གནས་པའི་ཐེ་རང་སྤུན་གསུམ་ཡང་། །ཐེ་སེ་མཆུ་རིང་གསུམ། །ཆུ་དང་མེ་


DNG024_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དར་ས་དར་གོན། །རྒྱལ་མཚན་གསུམ་ནི་ལག་ན་ཐོགས། །ཟོ་སྐྱ་འཁར་སྐྱ་རྒྱལ་མཚན་འཛིན། །སྲིད་པའི་ཐེ་རང་སྤུན་གསུམ་ཡང་། །དེ་རིང་སྲིད་པའི་མདོས་བཞེས་དང་། །ཐེ་རང་སྟོང་དང་རྩ་གཅིག་ཀྱང་། །ཞེ་སྡང་དག་ནི་ད་ཁྲོལ་ལ། །དང་བའི་སེམས་ཀྱིས་གླུད་འདི་ལོངས། །སྟོང་གི་སྡེ་དཔོན་གྱིས་གསུངས་བཞིན། །བཀའ་ལས་མ་འདའ་གླུད་འདི་བཞེས། །འབྱུང་བ་རི་རབ་བརྟེན་པའི་གླུད། །ནམ་མཁའ་འདི་རྣམས་ཡུལ་དུ་འབུལ། །རིན་ཆེན་ནམ་མཁའ་གཞལ་ཡས་ཁང་། །མདའ་བཀྲ་འདི་རྣམས་མཁར་དུ་འབུལ། །རིན་ཆེན་རྒྱུ་ལས་གྲུབ་པའི་མཁར། །རིན་ཆེན་འདི་རྣམས་གཏེར་དུ་བསྔོ། །ཟད་མེད་གཏེར་ལ་ལོངས་སྤྱོད་ཅིང་། །གཟུགས་བརྙན་འདི་རྣམས་གཏེར་དུ་བསྔོ། །དཀོར་གྱི་ལོངས་སྤྱོད་ཆེན་པོར་བསྔོ། །སྒྲ་སྙན་འདི་ནི་གསུང་གི་གླུད། །གཟུགས་བརྙན་འདི་ནི་སྐུ་ཡི་གླུད། །སྣང་གསལ་འདི་ནི་སེམས་ཀྱི་གླུད། །དང་པོ་སྲིད་པའི་དཔེ། །དེ་ནས་འཇིག་རྟེན་ནོར་བདུན་དང་། །སྤྱན་གཟིགས་དཀོར་ཆ་ཟས་སུ་བསྔོ། །ཐེ་བྲང་སྡེ་སྡེ་མང་པོ་དང་། །སྔོན་གྱི་ལན་ཆགས་དེད་པ་འམ། །ཟས་ནོར་འདོད་ཕྱིར་རྒྱུ་བ་ཡང་། །མཐུན་པའི་ཡས་སུ་བཤམས། །ཤ་ཆང་རྒྱུ་རུ་འདོན། །བདེན་པའི་ཚིག་གིས་བཀྲོལ། །མདོག་བཟང་དག་པར་བྱིན་གྱིས་བརླབ། །ཇི་ལྟར་འདོད་པ་བཞིན་དུ་མཆོད། །ད་ནི་ཐེ་རང་སྟོང་ཕྲག་བརྒྱད། །ལྟོས་པ་རྣམས་ལ་གྲོགས་ཀྱང་མཛད། །ཞེ་སྡང་ངན་པ་ཞི་བར་གྱིས། །ད་ནི་གཤེགས་སོ་གནས་སུ་གཤེགས། །དང་པོ་བྱུང་བའི་གནས་སུ་གཤེགས། །རིགས་དང་སྡེ་ནི་སྙོག་ནས་གཤེགས། །རི་རབ་ཁ་ལ་གཤེགས། །སྟོང་ཕྲག་དག་ནི་གནས་སུ་གཤེགས། །རིན་ཆེན་སྣ་ལྔའི་ འཁོར་དུ་གཤེགས། །གདུག་པ་ཐམས་ཅད་ཞི་བར་གྱིས། །ཞེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་རང་སྟོང་རྩ་གཅིག་བཅོས་པའི་ལེའུ་ཉི་ཤུ་


DNG024_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། རྒྱལ་པོ་སྲོག་བདག་མཆེད་བཞིས། རང་རང་གི་བཅོས་པའི་ཐབས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གྲ་ཕྱིང་གཙང་མའི་གཞི་སྟེང་དུ། །འབྲུ་སྣ་ཚང་བའི་ངར་ཕྱེ་ལ། །དབང་གི་ཏིང་འཛིན་ལྡན་པ་དེས། །རིན་ཆེན་ཕྱེ་མར་བྱིན་གྱིས་བརླབ། །དེ་ལ་རི་རབ་ཆེན་པོ་བརྩིག་པར་བྱ། །ཁ་དོག་ནི་རིགས་དང་བསྟུན། །རྨྱུག་མ་གཙང་མ་ནམ་མཁའི་གུར། །དར་དང་མེ་ལོང་དག་གིས་བརྒྱན། །རྟ་ཐོད་དང་ནི་བོང་ཐོད་དང་། །བ་དན་དང་ནི་འཕན་གྱིས་བརྒྱན། །རིན་ཆེན་ཁྲི་ནི་མཛེས་པ་རུ། །བཤོས་བུ་ལྡེམ་པ་བཞི་ནི་བཞག །དཀར་པོ་གཉིས་དང་རྩ་དམར་དང་། །ཕྲག་པ་ཅན་དང་བཞི་པོ་ལ། །མདའ་མཁར་ཐབས་མ་དང་ཆུ་རིས་མིག །རྨོག་མགོ་མཁར་ཐབས་ཆུ་འབབས་བཞི་ནི་དེ་ལ་གཟུག་པར་བྱ། །ནམ་མཁའ་དཀར་པོ་དང་ནི་དམར་པོ་དང་། །རིན་ཆེན་ཚང་དང་བརྒྱན་པ་བཞི། །བཤོས་བུ་དག་ལ་གཟུག་པར་བྱ། །བྱ་དང་ཁྱི་དང་རྟ་ཡི་གཟུགས། །གཡག་དང་ར་དང་ལུག་གི་གཟུགས། །སྤྲེའུ་དང་ནི་གླང་གི་གཟུགས། །བསེ་ཕོར་མཚན་ལྡན་ནང་དུ་ནི། །ཕུད་དང་སྤྱན་གཟིགས་བཤམ་པར་བྱ། །སྲིད་པའི་འགོང་པོ་ལ་བཤོས་བུ་དགུ་བརྒྱ་དང་། །མདའ་བཀྲ་ལྤགས་བུའི་ཕོད་ཀྱིས་བརྒྱན་པ་བསོག །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་སྤྱི་བཅོས་བསོགས་ཀྱི་ལེའུ་ཉི་ཤུ་གཉིས་པའོ།། །།ཧཱུཾ། ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན། །ཉི་མ་ཤར་ཕྱོགས་ཕ་གི་ན། །ཤེལ་ཡུལ་དཀར་པོ་ཕ་གི་ན། །ཤེལ་མཁར་དཀར་པོ་གནམ་དུ་ཟངས་སེ་ཟང་། །དུང་གི་སྒོ་མོ་ཐབས་སེ་ཐབ། །དེ་ཡི་ནང་ཤེད་ན། །ཡ་ཆོ་དཀར་པོ་བཞུགས། །མི་གཅིག་པོ་ལ་མིང་གསུམ་པོ། །རྒྱ་གར་ཆོས་ཀྱི་སྐད་དུ་ནི། །ཤར་ལྷ་ཆེན་པོ་ཞེས་ཀྱང་བྱ། །ཡི་དྭགས་གཡུང་དྲུང་ཡིན་ནམ་བོན་གྱི་སྐད་དུ་ནི། །བཙན་འགོང་རྒྱལ་པོ་ཞེས་ཀྱང་བྱ། །དམ་པ་ཆོས་ཀྱི་སྐད་དུ་


DNG024_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྡོ་རྗེ་ལེགས་མཆོག་ཞེས་ཀྱང་བྱ། །ཁྱོད་ཀྱི་ཕ་སྨོས་པ། ཡར་ལྷ་བཤོས་ཀྱི་སྐྱེས་གཅིག་པ་ཞེས་ཀྱང་བྱ། ཡང་ཡར་ལྷ་ཤོད་ཀྱི་སྐྱེས་ཏོ་རེ་ཞེས་ཀྱང་བྱ། མ་ནི་སྲིད་པའི་བདག་མོ་ཡིན། །དེ་ཉིད་ཐུགས་ཀྱི་སྤྲུལ་པ་ལས། །སྲས་ནི་ལྕམ་དྲལ་གཉིས་བྱུང་སྟེ། །མིང་པོ་ཡ་ཆོ་དཀར་པོ་ཡིན། །སྲིང་མོ་མ་བཙུན་ཨུ་ཆོས་གཡར་མོ་སིལ། །མིང་པོ་བཅོས་སུ་གསོལ། །ཡ་ཆོ་དཀར་པོ་དེ། །མི་དཀར་བླ་ན་འཕྱོ། །རྟ་དཀར་འོག་ན་འཕྱོ། །སྐྱོགས་དཀར་ཏ་ལ་ལ། །དང་པོ་ལིའི་ཡུལ་ནས་བབས་པས། །ལི་ཡི་ཕྱག་ཏུ་གླུད་ཕུལ་བས། །ལི་པ་སད་ཀྱི་རྒྱལ་པོར་བཏགས། །དེ་ནས་ཡང་ལེ་ཤོད་དུ་བྱོན། །ཡང་ལེའུ་ཕྱག་ཏུ་གླུད་ཕུལ་བས། །ཡང་པ་སད་ཀྱི་རྒྱལ་པོར་བཏགས། །དེ་ནས་མི་ཉག་ཡུལ་དུ་བབས། །མི་ཉག་གི་ཕྱག་ཏུ་གླུད་ཕུལ་བས། །ལྟེང་རོ་སད་ཀྱི་རྒྱལ་པོར་བྱ། །དེ་ནས་ཞང་ཞུང་ཡུལ་དུ་བབས། །ཞང་ཞུང་གི་ཕྱག་ཏུ་གླུད་ཕུལ་བས། །སྤྱན་མིག་གཡས་པ་ཤེལ་དུ་འདུག་པས་ཤེལ་དཀར་བཏགས། །སྐུ་ལ་དར་དཀར་མཛེས་པའི་ན་བཟའ་གསོལ། །སེང་གེ་དཀར་མོའི་ཐོད་པ་ཅན། །ཕྱག་ན་གདུག་པའི་མཚོན་ཆ་ཐོགས། །འགོང་པོ་རྣམས་ཀྱི་བདག་པོ་བྱེད། །གླུད་ལ་རྣམ་པ་གསུམ་བྱུང་སྟེ། །དང་པོ་གཡག་དཀར་དང་མཛོ་དཀར་དང་། ར་དཀར་གཉའ་ནག་དང་གསུམ་ཞིག་བྱུང་། བར་ཡར་སེ་དང་ལུག་སེ་དད་བྱས་དང་གསུམ་ཞིག་བྱུང་། ཐ་མ་བཤས་བུ་ཆག་གང་དང་། སྐྱེམས་འཕང་རྨྱུག་མ་ཚིགས་དགུའི་བདག་པོ་ལགས། མདོས་བདག་མདོས་བཞེས་ཤིག །གནམ་རིམ་པ་བཅུ་གསུམ་ཡར་སྟེང་ན། །མཁར་ཉེ་བརྩེགས་པའི་ཡང་སྟེང་ན། །སྲོག་བདག་དཀར་པོ་སྤྱན་གཅིག་བཞུགས། །ཁྱོད་ཀྱི་ཕ་སྨོས་པ། །རྒྱ་མཚོ་ཆེན་པོའི་གཏིང་ཤེད་ན། །ཆུ་སྲིན་ཆེན་པོ་མ་ཏང་ག །ཁྱོད་ཀྱི་མ་སྨོས་པ། །སྲིད་པའི་རྒྱལ་མོ་ཡིན། །གནས་པ་བར་སྣང་དག་ལ་གནས། །དེ་ཉིད་ཐུགས་ཀྱི་སྤྲུལ་པ་ལས། །


DNG024_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མིང་པོ་དཀར་པོ་སྤྱན་གཅིག་ཡིན། །སྲིང་མོ་ཨེ་ཀ་རལ་གཅིག་མ། །མིང་པོ་དེ་ནི་བཅོས་སུ་གསོལ། །སྲོག་བདག་དཀར་པོ་དེ་སྤྱན་གཅིག་པ། །དབུ་ལ་རལ་གཅིག་ཤ་ར་ར། །དཔྲལ་ནས་མིག་གཅིག་ལྷངས་སེ་ལྷང་། །ཞལ་ནས་ཚེམས་གཅིག་ཐབས་སེ་ཐབ། །གཟི་མིག་ཁྲ་བོ་ཆི་ལི་ལི། །སྨ་ར་ནག་པོ་ཕྱ་ར་ར། །ཕྱག་སོར་ནག་པོ་ཤད་དེ་ཤད། །འབར་བའི་རྔ་ཆུང་གློ་ལ་བཏགས། །ཁང་པ་ཀུན་ཀྱང་འོད་ཀྱིས་ཁེངས། །སྲོག་བདག་དཀར་པོ་འོད་པོ་ཆེ། །གནམ་རལ་ཕྱེད་ཀྱི་བདག་པོ་ལགས། །ས་ཆུ་ཕྱེད་ཀྱི་བདག་པོ་ལགས། །མི་དཀར་བླ་ན་ལྡེམ། །རྟ་དཀར་འོག་ན་འཕྱོ། །ཕྱག་ན་སྦ་དཀར་ཏ་ལ་ལ། །སྐྱེས་པ་ཕོ་བརྒྱུའི་སྲོག་གི་བདག་པོ་ཡིན། །སྐུ་ལ་ཞིང་ལྤགས་གཡང་གཞི་གསོལ། །ཕྱག་ན་ལྕགས་གྲི་རྣོན་པོ་བསྣམས། །གླུད་ཀྱི་དང་པོ་ནི། །གཡག་དཀར་ལུག་དཀར་དང་། །མཛོ་དཀར་རུ་དམར་དང་། །རྟ་དཀར་ཕྲུམ་དམར་གྱི་བདག་པོ་ལགས། །བར་པ་ལུག་དཀར་པོ་བྱ་ནག་དང་། །ཁྱི་དཀར་སྣ་དམར་དང་། །བྱ་དཀར་ཟེ་དམར་གྱི་བདག་པོ་ཡིན། །ཐ་མ་བཤོས་བུ་ལྡེམ་པ་དང་། །སྐྱེམས་འཕང་དར་འཕན་དང་། །རྨྱུག་མ་ཚིགས་དགུའི་བདག་པོ་ཡིན། །གླུད་བདག་གླུད་བཞེས་དང་། །བྱང་ཕྱོགས་ཕ་གི་ན། །ཡམ་ཤུད་དམར་པོ་བཞུགས། །བྱང་རི་དམར་པོའི་ཁ་ལ་བཞུགས། །རྩེ་ལ་གནོད་སྦྱིན་སྟོབས་ཆེན་གནས། །ཟུར་ལ་ཡམ་ཤུད་དམར་པོ་བཞུགས། །རྩ་ན་བཙན་བཙུན་ཕྱག་བརྙན་འཁྲོལ། །ཟངས་མཁར་དམར་པོ་ལྡེམས་སེ་ལྡེམ། །ཟངས་མཁར་དམར་པོ་ལྡེམ་པ་ལ། །ལོགས་རིམ་བསེ་ཡི་སྒོ་མོ་གསལ། །མཐིང་ཤུན་སྔོན་པོའི་རི་བཞི་ལ། །བྱུ་རུ་དམར་པོའི་གཡག་ཤིང་ལ། །ཟངས་ཁྲི་དམར་པོའི་གདན་སྟེང་ན། །ཡམ་ཤུད་དམར་པོ་བཞུགས། །པ་ལྕགས་ཞུལ་ཁུག་གསོལ། །ཕྱག་ན་ཟངས་ཀྱི་ཞགས་པ་འདོམ་དགུ་བརྒྱ་དགུ་བཅུ་བསྣམས། །ཟ་མ་མོ་བརྒྱའི་སྲོག་གི་བདག་པོ་ཡིན། །སྐུ་ལ་ཟངས་ཁྲབ་དམར་


DNG024_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གསོལ། །གླུད་ཀྱི་དང་པོ་བ་དམར་གླང་གི་བདག་པོ་ཡིན། །བར་པ་བྱ་དམར་གྲོ་དང་ལྤགས་བུ་གྲོ་སེའི་བདག་པོ་ཡིན། །ཐ་མ་རྨྱུག་མ་ཚིགས་དགུ་དང་། །བཤོས་མཆོག་སྐྱེམས་འཕང་བདག་པོ་ལགས། །མདོས་བདག་མདོས་བཞེས་ཤིག །ཡུལ་ཁུ་ལེ་ཁུ་སྟོད་ན། །ཤར་ལྷོ་མཚམས་ཤེད་ན། །བློན་པོ་ཁུ་ལེ་ལག་དགུ་བཞུགས། །ཁྱོད་ཀྱི་ཕ་སྨོས་པ། །ལྕགས་ཀྱི་སྡིག་པ་ཁ་དགུ་ཡིན། །གནས་པ་རི་རབ་ཟོམ་ལ་གནས། །ཁྱོད་ཀྱི་མ་སྨོས་པ། །གསེར་གྱི་གྲོག་མ་ཁ་མེད་གཅིག །དེ་གཉིས་སྤྲུལ་པའི་སྲས། །མི་གཅིག་པོ་ལ་ལག་དགུ་བྱུང་། །ལག་གཅིག་སྟེ་འཛོམ་གནམ་དུ་ཉབ། །ལག་གཅིག་སྟེ་འཛོམས་ལ་ཉབ། །ལག་གཅིག་བདུད་ཀྱི་གནས་སུ་གཏོང་། །ལག་གཅིག་བཙན་གྱི་ནང་དུ་གཏོང་། །ལག་གཅིག་སྟོན་གྱི་ལོ་ཐོག་ཉབ། །ལག་གཅིག་ན་ཆུང་སྲིད་ལ་ཉབ། །ལག་གཅིག་དཀར་དང་སྐྱུར་གྱི་ཐོག་ཀྱང་འབབ། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །རྒོད་མ་རྟེའུ་མེད་འབྲི་གཡག་ཤམ་གྱི་བདག །ཆུང་སྲིད་ཐམས་ཅད་ཀྱི་བདག་པོ་ཡིན། །བཤོས་བུ་ཕྲག་པ་ཅན་དང་། །མདའ་བཀྲ་སྤྱན་གཟིགས་ཀྱིས་མཆོད། །ཕྱག་བརྙན་ཐེ་རང་ཆེན་པོ་སྟེ། །དེ་རིང་གླུད་བཞེས་ཤིག །མདོས་བདག་ནི་ མདོས་བཞེས་ཤིག །དང་པོ་སྲིད་པ་ཆགས་པའི་དཔེས། །རི་རབ་དཔག་བསམ་བཅས་པའོ། །ནམ་མཁའ་ཡུལ་དུ་འབུལ་ལོ། །མདའ་ནི་མཁར་དུ་འབུལ་ལོ། །སེམས་ཅན་གཟུགས་བརྙན་དཀོར་དུ་འབུལ། །སྤྱན་གཟིགས་དཀོར་ཆ་སྐྱེམས་ཁ་གསེར། །སྤུ་རོན་ཁུངས་དང་ཤ་ཆང་རྒྱུས་སུ་འདོན། །ད་ནི་གནས་སུ་གཤེགས། །མཁར་ཆེན་བཞི་ནི་སླེབས་ཏེ་གཤེགས། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་མཆེད་བཞི་བཅོས་པའི་ལེའུ་ཉི་ཤུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བཙན་ཐམས་ཅད་ཀྱིས་རང་རང་གི་བཅོས་པའི་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ས་གཙང་དབེན་པའི་


DNG024_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་བཙལ་ནས་སུ། །གསང་བདག་ཏིང་འཛིན་ལྡན་པ་དེས། །འབྲུ་སྣ་ཚང་བའི་གསང་ཕྱེ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །རི་རབ་དེ་ནི་བརྩིག་པར་བྱ། །ཁ་དོག་རིགས་དང་རྨྱུག་མ་ནམ་མཁའི་གུར། །ནམ་མཁའི་ཁ་དོག་རིགས་དང་སྦྱར། །དཀར་པོ་དྲུག་དང་སེར་པོ་ལྔ། །སྔོན་པོ་ལྔ་དང་དམར་པོ་ལྔ། །ཉི་ཤུ་རྩ་གཅིག་བྱ། །དར་དང་སྤྱན་གཟིགས་དཀོར་ཆ་བྱ། །ཕུད་དང་རིན་ཆེན་དེ་དག་བསོག །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་གྱི་བཅོས་ཀྱི་ལེའུ་ཉི་ཤུ་བཞི་པའོ།། །།ཧཱུཾ། ཡུལ་དང་བཙན་ཡུལ་ཕ་གི་ན། །བཙན་ཡུལ་ཕོ་གསུམ་ཕ་གི་ན། །བཙན་མཁར་དམར་པོ་གནམ་དུ་ཐོངས་པ་ཕ་གི་ན། །བསེ་ཡི་བྱན་ལག་ལིངས་སེ་ལིང་། །བསེ་ཡི་ཁྱི་མོ་ཀངས་སེ་ཀང་། །བསེ་རྟ་དམར་པོ་ཙེ་རེ་རེ། །དེ་ན་བཙན་གྱི་རྒྱལ་པོ་བཞུགས། །ཁ་དྲག་བདུད་ལ་རྒོལ། །མཐུ་ཆེ་ཕྱ་ལ་འཁུ། །འགྲན་ཚོལ་རྒྱལ་ལ་ཚོལ། །མི་ལུས་གཡག་གི་མགོ། །དཔྲལ་ན་ཁ་གཅིག་མིག་གཉིས་པོ། །ལྟག་ན་ཁ་གཅིག་མིག་གཉིས་པོ། །གཡས་ན་ཁ་གཅིག་མིག་གཉིས་པོ། །གཡོན་ན་ཁ་གཅིག་མིག་གཉིས་པོ། །ཁ་བཞི་མིག་བརྒྱད་བྱུང་། །རྟ་གཅིག་ལུས་པོ་ལ། །རྨིག་པ་བརྒྱད་པར་བྱུང་། །ལག་རྨིག་བཞི་དང་རྐང་རྨིག་བཞི། །མགྱོགས་པ་སྡེ་བརྒྱད་ཡིན། །ལག་ན་བསེ་ཡི་གཞུ་མོ་དང་། །བསེ་མདའ་དམར་པོ་ཐོགས། །སྐུ་ལ་བསེ་ཁྲབ་ཞུལ་ཁུག་གསོལ། །དབུ་ནི་སྲིད་པའི་ཁམས་སུ་གསིག །དེ་རིང་སྲིད་པའི་མདོས་ལ་བྱོན། །འབྱུང་བ་ནི་ལྔ་ཡི་བཙན། །ཤར་ཕྱོགས་ཕ་གི་ན། །ས་བདག་དངུལ་གྱི་བུ། །དུང་མཁར་སྐྱ་མོ་ལ། །གཡུ་ཡི་ཁ་བད་ཅན། །མཐིང་གི་རེ་བཞི་ལ། །གཡུ་ཡི་སྒོ་མོ་ཅན། །དེ་ཡི་ནང་ཤེད་ན། །མི་དཀར་ལྡེམ་པ་གཅིག །རྟ་དཀར་ཕྲུམ་དམར་གཅིག །དུང་ཕུབ་སྐུ་ལ་གསོལ། །བཙན་མདའ་བཙན་གཞུ་བསྣམས། །དྲི་ཟ་སྟོང་ལ་དབང་བསྒྱུར་བ། །མདོས་བདག་མདོས་བཞེས་ཤིག །ལྷོ་ཕྱོགས་ཕ་གི་ན། །འབྱུང་བ་ཆུ་ཡི་བུ། །མི་སྔོ་རྟ་སྔོ་སྟེ། །ལྕགས་མཁར་སྔོན་པོའི་ནང་ན་གནས། །བཙན་མདའ་བཙན་


DNG024_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་ཕྱག་ན་བསྣམས། །མདོས་བདག་མདོས་བཞེས་ཤིག །ནུབ་ཕྱོགས་ཕ་གི་ན། །ཟངས་མཁར་དམར་པོའི་ནང་ཤེད་ན། །མེ་དང་དྲོད་ཀྱི་བུ། །མི་དམར་རྟ་རུ་དམར། །བཙན་མདའ་བཙན་གཞུ་བསྣམས། །མདོས་བདག་མདོས་བཞེས་དང་། །ཉི་མ་བྱང་གི་བཙན། །རླུང་དང་ངད་ཀྱི་བུ། །མི་སེར་རྟ་རུ་སེར། །གསེར་མཁར་སེར་པོའི་ནང་ན་གནས། །བཙན་མདའ་བཙན་གཞུ་ཕྱག་ན་བསྣམས། །བྱང་བཙན་སྟོང་ལ་དབང་སྒྱུར་ཅིང་། །མདོས་བདག་མདོས་བཞེས་ཤིག །དབུས་བཙན་མི་སྨུག་རྟ་རུ་སྨུག །མཆོང་མཁར་སྨུག་པོའི་ནང་ན་གནས། །དབུས་བཙན་སྟོང་ལ་དབང་སྒྱུར་བ། །མདོས་བདག་མདོས་བཞེས་ཤིག །གནམ་བཙན་དིང་བ་དེ། །འབྱུང་བ་ནམ་མཁའི་དབང་སྒྱུར་བྱེད། །གཡས་དཀར་ལྡོང་རུམ་ནི། །མི་དཀར་རྟ་དཀར་བཙན། །གངས་བཙན་སྟོང་ལ་དབང་སྒྱུར་བྱེད། །གཡའ་བཙན་མི་སྔོན་དེ། །གཡའ་བཙན་སྟོང་ལ་དབང་སྒྱུར་བྱེད། །སྤང་བཙན་མི་སེར་རྟ་སེར་བ། །སྤང་བཙན་ཀུན་ལ་དབང་སྒྱུར་བྱེད། །ནགས་བཙན་མི་ནག་རྟ་ནག་དེ། །ནགས་བཙན་སྟེང་ལ་དབང་སྒྱུར་བ། །གཡའ་བཙན་མི་བཀྲ་རྟ་བཀྲ་བཙན། །དེ་རིང་སྲིད་པའི་མདོས་བཞེས་ཤིག །བྲག་བཙན་མི་དམར་རྟ་དམར་དེ། །བྲག་གི་ཐབས་ལ་གནས། །མི་དམར་མདུང་ཙམ་མོ། །དབུ་ལ་རལ་པ་མེ་ལྟར་འབར། །ཕྱག་ན་མདུང་གི་སྲིན་མོའི་རྐང་། །མིག་ནས་སྐར་ཆེན་ཆར་ལྟར་འབེབས། །ཆིབས་སུ་བྲག་གི་རྩངས་པ་ཆིབས། །རོལ་དུ་སྲིན་བྱའི་བུ་མོ་རོལ། །བྲག་གི་ཝ་མོ་ཁ་ནག་ཞོན། །བྲག་བྱ་འུག་པ་ཁྲ་རུ་ཐོགས། །གོས་སུ་བྲག་གི་དྲེག་པ་གོན། །ཟས་སུ་བྲག་རྒྱ་ཧ་འོ་ཟ། །སྐེམ་དུ་བྲག་ཆུའི་ཐིགས་པ་འཐུང་། །བྲག་བཙན་འབུམ་གྱི་ཁ་ལོ་སྒྱུར། །དེ་རིང་སྲིད་པའི་མདོས་འདི་བཞེས། །བཙན་ཡུལ་ཕ་གི་ན། །བཙན་མཁར་ལྡེམ་པ་ཕ་གི་ན། །སྐྱི་མ་ལུང་གསུམ་ཡ་གི་ན། །སྐྱེས་བུ་ལུང་བཙན་བཞུགས། །སྐྱེས་བུའི་ལུས་ལ་ཅི་གསོལ་ན། །དམར་པོ་དར་གྱི་རལ་ག་གསོལ། །ཆིབས་སུ་བཙན་རྟ་སེར་པོ་


DNG024_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །ལན་འགའ་ཞགས་པ་མདའ་ལྟར་འཕེན། །བཙན་གྱི་རལ་གྲི་སྐྱ་འབྱམ་བཏགས། །བསེ་ཞུ་དམར་པོ་ལ། །ཕོད་དཀར་ལྡེམས་སེ་ལྡེམ། །ཁ་དྲག་བདུད་ལ་རྒོལ། །བདུད་ལ་དོ་ཡང་བསྔོ། །ཆོ་ལོང་འཐབ་གསུམ་བཏབ། །འཐབ་ཀྱིས་ཕམ་མ་མྱོང་། །ལུང་བཙན་སྟོང་གིས་ཁ་ལོ་སྒྱུར། །མདོས་བདག་མདོས་བཞེས་ཤིག །གླུད་བདག་གླུད་བཞེས་ཤིག །ཡུལ་དང་བཙན་ཡུལ་ཕ་གི་ན། །མི་ལུས་གླང་གི་མགོ་བོ་ཅན། །ལག་ན་ཤིང་རིས་རྒྱན་མཁར་ཐོགས། །ཁ་ནས་ཁྲག་གཟེར་མདའ་ལྟར་འཕེན། །མི་ལ་གཟེར་བའི་ནད་དུ་མཛད། །བཙན་མི་ཡི་ལུས་ལ་རྟ་ཡི་མགོ་བོ་ཅན། །ལག་ན་བསེ་ཕོར་དམར་པོ་ཐོགས། །མིག་ནས་མེ་དང་འོད་དུ་གཏོང་། །ཁ་ནས་གདུག་པའི་ནད་དུ་གཏོང་། །སྣ་ནས་རླུང་དང་བུ་ཡུག་གཏོང་། །ལག་ན་བཙན་ཞགས་མདའ་ལྟར་འཕེན། །མི་ལ་བདུད་དུ་བྱེད་ཅིང་ཕྱུགས་ལ་ཤ་བདལ་གཏོང་། །མདོས་བདག་མདོས་བཞེས་ཤིག །གླུད་བདག་གླུད་བཞེས་ཤིག །བཙན་མི་ལུས་ཤ་བའི་མགོ་བོ་ཅན། །ལག་ན་གདུག་པའི་མཚོན་ཐོགས་ལ། །ཁ་ནས་གདུག་པའི་སྐྱུགས་པ་གཏོང་། །ཤོ་རྡེའུ་དམར་པོ་མི་ལ་འདེབས། །མདོས་བདག་མདོས་བཞེས་ཤིག །བཙན་ནི་ཡ་བ་རྒྱ་བདུན་ཏེ། །བཙན་རྟ་དམར་པོ་ཞོན་ནས་བཙན་ཞགས་མདའ་ལྟར་འཕེན། །སྐྱེས་པའི་བདུད་གཅོད་ན་ཆུང་སྲིད་ཀྱང་རྐུ། །ཡ་མ་སྐྱ་ལྔ་དང་ནི་སྐྱ་གསུམ་དང་། །ཡ་མ་སྐྱ་གཅིག་འཁོར་དང་བཅས། །བཙན་རྟ་དམར་པོ་ཞོན་ནས་བཙན་ཞགས་མདའ་ལྟར་འཕེན། །གང་ལ་བབ་པ་བརྒྱལ་བར་བྱེད། །མདོས་བདག་མདོས་བཞེས་ཤིག །བཙན་ཕྲན་སྟོང་སྡེ་ཡང་། །ལ་ལ་བྲག་དང་ཆུ་ལ་གནས། །བྲག་བུ་སྐྱ་རེ་ལ། །བཙན་བྲན་སྐྱ་རེ་གནས། །ལ་ལ་ཤིང་དང་རྡོ་ལ་གནས། །ལ་ལ་མཚོ་དང་རྟེན་ལ་གནས། །ལ་ལ་མཁར་དང་རྫོང་ལ་གནས། །བྲག་བཙན་སྟོང་སྡེ་ཡང་། །བཙན་རྟ་ནི་རེ་རེ་ཆིབས། །ལ་ལ་རྒྱན་གྱིས་མཛེས་པ་སྟེ། །ནད་དུ་གཟེར་ནད་གཏོང་། །


DNG024_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་བདག་མདོས་བཞེས་ཤིག །དུར་བཙན་ནི་མི་སྨུག་ཏེ། །རྟ་སྨུག་ཙེ་རེ་རེ། །སེ་བཙན་ནི་མི་ནག་སྟེ། །རྟ་ནག་ནི་ཙེ་རེ་རེ། །སྐྱེ་བཙན་ནི་ཆེན་པོ་ལ། །མི་དཀར་རྟ་དཀར་བཙན། །ཀླུ་བཙན་མཆེད་དེ་གསུམ། །མཆེད་པོ་ཀླུ་བཙན་ནག་པོ་ལགས། །ཆིབས་སུ་སྦལ་པ་ནག་པོ་ཆིབས། །ཉ་ནག་སྦྲུལ་ནག་ཐུལ་པ་གསོལ། །སེ་བདུད་སེ་བཙན་སྤྲུལ་པར་གཏོང་། །ཆུ་མིག་ནག་པོ་དག་ལ་གནས། །ཀླུ་བཙན་སེར་པོ་སྟེ། །སྦལ་པ་སེར་པོ་ཆིབས། །ཉ་ཆེན་རྩེ་མོའི་ཐུལ་པ་གསོལ། །བྲག་བཙན་འབུམ་དང་བཅས། །ཀླུ་བཙན་དམར་པོ་སྟེ། །གླང་དམར་རུ་དཀར་ཆིབས། །སྐུ་ལ་སྤྱང་མོའི་ཐུལ་པ་གསོལ། །བྲག་བཙན་ནི་སྤྲུལ་པར་གཏོང་། །མདོས་བདག་མདོས་བཞེས་དང་། །དྲི་བཙན་ཁྲན་དང་རྗེ། །མདོས་བདག་མདོས་བཞེས་ཤིག །འཇིག་རྟེན་དཔེ་མཆིས་སོ། །བདེན་པའི་ཚིག་མཆིས་སོ། །ནོར་དང་དཀོར་མཆིས་སོ། །གསོལ་བའི་ཟས་མཆིས་སོ། །མདོས་བདག་མདོས་བཞེས་ཤིག །མདའ་ནི་ནམ་མཁའ་ལ། །ནམ་མཁའ་ཡུལ་དུ་འབུལ། །ཟས་ཀྱིས་མཆོད་ལ་ནོར་གྱི་གཏེར། །བཙན་པོ་གཉན་མཆོད་ན། །མདོས་བདག་མདོས་བཞེས་ཤིག །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་བཅོས་ པའི་ལེའུ་ཉི་ཤུ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཡ་བདུད་བཅུ་གསུམ་ཕྱག་བརྙན་དང་བཅས་པས་རང་རང་གི་ལས་འདི་དག་སྨྲས་སོ། །འབྲུ་སྣ་ཚང་བའི་ངར་ཕྱེ་ལ། །དར་ནག་རྒྱན་དང་བཅས་པ་གཉིས། །དར་ནག་གཅིག་ལ་མདའ་བཅུ་གསུམ། །ཁ་དོག་རིགས་དང་བསྟུན་པར་བྱ། །བཤོས་བུ་བཅུ་གསུམ་རྩེ་ནག་བྱ། །ལུག་ནག་བྱ་ནག་དེ་བཞིན་བསག །ཕུད་དང་མདའ་དང་རིན་ཆེན་བསག །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཡ་བདུད་བཅུ་གསུམ་ལ་ཡས་བསག་པའི་ལེའུ་ཉི་ཤུ་དྲུག་པའོ།། །།ཡུལ་དེ་བདུད་ཡུལ་ནག་པོ་ཕ་གི་ན། །ལྕགས་མཁར་གནམ་


DNG024_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟངས་སེ་ཟང་། །རྩ་བ་གསེར་ལ་རྩེ་མོ་གཡུ། །རྩེ་དགུ་གནམ་དུ་ཟངས་སེ་ཟང་། །དེ་ན་བདུད་ཀྱི་རྒྱལ་པོ་བཞུགས། །གནམ་བདུད་ཐོད་པའི་ཕྲེང་བ་ཅན། །མི་ནི་ས་ཆུ་མེ་དང་སྤྲུལ། །ཡ་བདུད་བཅུ་གསུམ་བྱུང་། །སྲིང་མོ་བཅུ་གསུམ་བྱུང་། །ཆེ་ཡང་བདུད་ཀྱིས་བསད། །ཆུང་ཡང་བདུད་ཀྱིས་བསད། །བདུད་ལས་གཉན་མ་མཆིས། །བདུད་ཀྱི་རྒྱལ་པོ་བ། །རེ་སྟེ་མགོ་ཡག་དེ། །རྟ་ནག་རི་ཙམ་ཆིབས། །ཞགས་ནག་མདའ་ལྟར་འཕེན། །མི་བུ་ཟས་སུ་ཟ། །དུད་འགྲོ་བཤས་སུ་བཤའ། །དེ་རིང་སྲིད་པའི་མདོས་བཞེས་ཤིག །བདུད་ནག་པོ་བཀྲག་མེད་དེ། །རྟ་ནག་རི་ཙམ་ཆིབས། །ཞགས་པ་མདའ་ལྟར་འཕེན། །ཁ་རླངས་ནག་ཕོ་ཐུ་ལུ་ལུ། །སྨ་ར་ནག་པོ་ཕྱ་ར་ར། །ཕྱག་སོར་ནག་པོ་ཤད་དེ་ཤད། །བདུད་སྡེ་དང་བཙན་དེ། །གསེར་གྱི་མདོ་བོ་ཆིབས། །གསེར་ཞགས་མདའ་ལྟར་འཕེན། །མཆེ་བ་རྒྱ་ཟོར་བཀུག་པ་འདྲ། །ལག་པ་གཡས་ན་ཁྲམ་བམ་བསྣམས། །ལག་པ་གཡོན་ན་ཤོ་རྡེ་འགྲེམ། །བདུད་ཕྲན་འབུམ་ནི་སྤྲུལ་པར་འགྱེད། །མི་བུ་རྣམས་ཀྱི་བདུད་གཅོད་པ། །མདོས་བདག་མདོས་བཞེས་དང་། །གླུད་བདག་གླུད་བཞེས་དང་། །བདུད་ཡ་ལེ་གེ་ཤག་དེ། །སྐུ་ལ་དུང་ཁྲབ་དཀར་པོ་གསོལ། །ཆིབས་སུ་ལྐུགས་པ་ལུག་ལ་ཆིབས། །ལག་ན་ལྕགས་ཀྱི་སོག་ལེ་བསྣམས། །མིའུ་རིས་སུ་གསོད། །དུད་འགྲོ་བཤས་སུ་བྱེད། །མདོས་བདག་མདོས་བཞེས་ཤིག །བདུད་མ་ལེ་གེ་ཤག་ནི། །ཆིབས་སུ་སྟག་གུ་རིས་བཀྲ་ཆིབས། །སྐུ་ལ་ཟངས་ཁྲབ་དམར་པོ་གསོལ། །ཕྱག་ན་ཟངས་ཀྱི་སོག་ལེ་ཐོགས། །མདོས་བདག་མདོས་བཞེས་ཤིག །བདུད་སྐོས་ཀྱི་བདག་པོ་དྲང་དཀར་དེ། །གནས་པ་དཔག་བསམ་ཤིང་གི་སྟེང་པ་དག་ལ་གནས། །སྐུ་ལ་མཛེས་པའི་ན་བཟའ་གསོལ། །སྐྱེ་འགྲོ་ཀུན་གྱི་ཚེ་ལེན་བྱེད། །མདོས་བདག་མདོས་བཞེས་ཤིག །བདུད་པདྨ་གར་གྱི་དབང་ཕྱུག་དེ། །ཆིབས་སུ་ཆུ་གླང་ནག་པོ་ཆིབས། །སྐུ་ལ་ཆུ་དར་རལ་ག་གསོལ། །ཕྱག་ན་བདུད་ཀྱི་ཞགས་


DNG024_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོགས། །བདུད་ཕྲན་འབུམ་ནི་ཕོ་ཉར་འགྱེད། །སྲིད་པ་གསུམ་ལ་དབང་སྒྱུར་བྱེད། །ཚེ་ལེན་དབུགས་ལེན་བདག་པོ་ཡིན། །མདོས་བདག་མདོས་བཞེས་ཤིག །བདུད་རྗེ་མང་ཁུག་དེ། །ཆིབས་སུ་གཟིག་རིས་ས་ལེ་ཆིབས། །ལུས་ལ་ཟངས་ནག་བེར་ཆེན་གསོལ། །གཡས་པ་ལྕགས་ཀྱི་སྟྭ་རེ་ཐོགས། །གཡོན་པ་ལྕགས་ཀྱི་གཏན་པ་ཐོགས། །མི་བདུད་འཕྲང་ཁར་གཅོད་པར་བྱེད། །བྱ་བདུད་ཤིང་ཁར་གཅོད། །རྟ་བདུད་སྲབ་དཀར་གཅོད། །ཁ་ནས་སོ་གཅིག་པ། །དཔྲལ་ནས་མིག་གཅིག་པ། །བྱ་མིག་བཞིན་དུ་མས་ཡར་འགེབས། །ཉ་སོ་བཞིན་དུ་ཁོང་ནས་གཅོད། །དེ་རིང་སྲིད་པའི་མདོས་བཞེས་དང་། །བདུད་ནི་སྟག་ཞུ་མཆེད་བཞི་སྟེ། །སྐུ་ལ་སྟག་ལྤགས་ཞུལ་ཁུག་གསོལ། །དབུ་ལ་སྟག་ཞུ་རོལ་པོ་གསོལ། །ཕྱག་ན་ཟངས་ཀྱི་མཁར་བ་བསྣམས། །མིག་ནས་མེ་འབར་ཁ་ནས་ཁྲག་གི་གྲུ་ཆར་འབེབས། །དེ་རིང་སྲིད་པའི་མདོས་ལ་བྱོན། །བདུད་ལྐུགས་པ་འཛུམ་མེད་བྱ་བ་དེ། །ཆིབས་སུ་ལྐུགས་པ་ལུག་ལ་ཆིབས། །ལུས་ལ་བ་བལ་ནག་པོ་གོན། །ཁ་མི་སྨྲ་ལ་སྲོག་ལ་རྒོལ། །བདུད་བྲན་འབུམ་ནི་ཕྱག་བརྙན་འགྱེད། །མདོས་བདག་མདོས་བཞེས་ཤིག །བདུད་ཁྱབ་པ་ལག་རིང་དེ། །ཆིབས་སུ་བྱ་དམར་འདབ་བཟང་ཆིབས། །ལག་ན་གདུག་པའི་མཚོན་ཆ་སྟེ། །བསེ་ཡི་མདུང་ཐུང་གསོར་ཞིང་བརྡེག །མདོས་བདག་མདོས་བཞེས་ཤིག །བདུད་ཐོམ་པ་ཐོམ་ཆུང་བྱ་བ་དེ། །སྐུ་ལ་ཟངས་མའི་རལ་ཁ་གསོལ། །ཆིབས་སུ་བདུད་ཀྱི་རྔ་མོ་ཆིབས། །ཐོམ་ར་ཐོམ་ལུག་བདག་པོ་ཡིན། །བདུད་ནི་འཁོར་ལོ་བཅུ་གཉིས་པ། །སྲིད་པ་ཀུན་ལ་དབང་བྱེད་པའོ། །མདོས་བདག་མདོས་བཞེས་དང་། །ཤར་བ་ཕྲེང་ཐོགས་དང་། །ཉན་པ་རྣ་གསང་དང་། །སྙབ་པ་ལག་རིང་དང་། །ལྟ་བ་མིག་རྣོན་དང་། །བདུད་ཀྱི་ཕྱག་བརྙན་བཞི། །མི་ཡི་བདུད་མ་བཅད། །དུད་འགྲོ་གཉའ་མ་བཟུང་། །བདུད་ལྐུགས་པ་ལུག་མགོ་དང་། །རྨང་རྗེ་སྤྱང་མགོ་དང་། །གཉིས་པ་དོམ་མགོ་དང་། །གསོད་པ་སྟག་མགོ་དང་། །བདུད་རྗེ་


DNG024_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རྣམས་ཀྱང་། །མཐུན་པའི་ཡས་བཞེས་ཤིག །བདུད་རོལ་པོ་སྐྱ་དགུ་དང་། །རོལ་པོ་སྐྱ་གསུམ་དང་། །རོལ་པོ་སྐྱ་གཅིག་རྣམས། །དེ་རིང་སྲིད་པའི་མདོས་ཤིག་འབུལ། །ལྷ་བདུད་གང་བུ་དང་། །གནམ་བདུད་མེར་བ་དང་། །བདུད་རྗེ་སྐོལ་པོ་དང་། །བདུད་རལ་པ་སྤྱི་བཅིངས་དང་། །འོད་དེ་འབར་བ་དང་། །འོད་དེ་སྨྱོན་པ་དང་། །འོད་དེ་ཐོམ་པོ་དང་། །འོད་དེ་ལྐུགས་པ་དང་། མདོས་བདག་མདོས་བཞེས་ཤིག །བདུད་ཕྲན་སྟོང་སྡེ་དེ། །ཕྱག་ན་ཁྲམ་ཤིང་རེ་རེ་བསྣམས། །སོག་ལེ་རེ་རེ་ཕྱག་ན་བསྣམས། །བདུད་ཀྱི་རྟ་ནི་རེ་རེ་ཆིབས། །བདུད་ཞགས་མདའ་ལྟར་འཕེན། །མི་ཕྱུགས་ཁྲམ་ལ་འདེབས། །ཁམས་གསུམ་ཁྱབ་པར་རྒྱུག །ཤ་ལ་ལོངས་སུ་སྤྱོད། །ཁྲག་ལ་ཧུབ་ཏུ་འཇལ། །སྲིད་གསུམ་རྒྱུག་འགོང་བྱེད། །མི་བུ་བསད་དོ་ཟེར། །དུད་འགྲོ་ལ་ཤན་དམར་བྱའོ་ཟེར། །མི་ཡི་བདུད་དུ་མ་འབབ་དང་། །རིན་ཆེན་ངར་གྱི་མི་ཆེན་འབུལ། །མདའ་དང་ནམ་མཁའ་མང་པོ་འབུལ། །ནོར་དང་དཀོར་ཆ་མང་པོ་འབུལ། །ཞེས་བསྔོས་ལ་བཏང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་བཅོས་པའི་ ལེའུ་ཉི་ཤུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། མ་བདུད་བཅུ་གསུམ་གྱིས་རང་རང་གི་བཅོས་པའི་ལས་འདི་དག་སྨྲས་སོ། །མཎྜལ་གཙང་མའི་སྟེང་དུ་ནི། །རྨང་རྣམས་དག་ནི་བཏིང་ནས་སུ། །འབྲུ་སྣ་ཆང་བའི་བཤོས་བུ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དར་ནག་ཆེ་བ་གཅིག་བྱས་ལ། །ཐ་མ་ངར་བུ་སྟོང་གིས་བསྐོར། །ཡང་ན་བཅུ་གཉིས་དག་གིས་བསྐོར། །ནམ་མཁའི་གྲངས་ཀྱང་དེ་བཞིན་དུ། །བྱས་ལ་ངར་ཕྱེ་དག་ལ་གཟུག །མོ་འཕང་གཡུ་ལོ་བཅུ་གསུམ་ནི། །དར་བུ་བཅུ་གཉིས་དག་ལ་གཟུག །ལུག་དང་ཁྱི་དང་བྱ་དང་མཛོ། །རྟོལ་དང་རྔ་མོ་བོང་དྲེའུ་རྟ། །བྱ་སྣ་ཚོགས་དང་སོ་བྱའི་གསོབ་དང་ནི། །སྐྱུང་ཀའི་གསོབ་དང་མེ་ལོང་དར་སྣ་དང་། །གསེར་གཡུ་འབྲང་རྒྱས་བཅུ་གཉིས་བྱ་བཅུ་གཉིས། །སྤྱན་གཟིགས་ཤ་ཁྲག་སྟག་


DNG024_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གཟིག་རས་རོས་བཤམ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མ་བདུད་གསོག་པའི་ལེའུ་ཉི་ཤུ་བརྒྱད་པའོ།། །།ཧཱུཾ། སྲིད་པ་སྐོས་ཀྱི་བདག་མོ་སྟེ། །ཉི་མ་ཤར་ཕྱོགས་ཕ་གི་ན། །གཉན་ཡུལ་བྱ་བའི་གོང་ཐང་ན། །ཁྲག་མཚོ་མེར་བའི་རྩ་ཤེད་ན། །བདུད་ཀྱི་སྐྱུང་ཀ་དི་རི་རི། །བདུད་ཀྱི་ཁྱི་མོ་འདྲེལ་དང་ཞུངས་སེ་ཞུང་། །བདུད་བྱ་ནག་མོ་དི་རི་རི། །ཅེ་སྤྱང་ཀང་ཀ་དི་རི་རི། །མ་མོ་ཁྲི་འདུ་སྟོང་ནི་འདུ་བའི་གནས། །མཁར་ཟོ་བ་གཞོག་རོལ་པ། །བདུད་མོ་བརྒྱ་བྱིན་ཀུན་དགའ་མོ། །ནག་མོ་རལ་གཅིག་སྲིད་གསུམ་རྒྱུག །དེ་ན་མ་བདུད་བཅུ་གསུམ་བཞུགས། །བདུད་མོ་སྟོང་སྡེ་ཡང་དེ་རུ་འདུ། །འདུན་སྟངས་གཅོད་ཅིང་ཤ་ཁྲག་ཟ། །ཁྲི་གཉེར་བྱ་བའི་བློན་མོ་ཆེ། །བདུད་ཀྱི་རྒྱལ་མོ་གླུ་ལ་བྱོན། །མོ་མཁར་དེ་ནི་ནང་ཤེད་ན། །མི་ཤ་རྟ་ཤ་བྲུམས་སུ་གཙེར། །མི་ཁྲག་རྟ་ཁྲག་མཚོ་ལྟར་བསྐྱིལ། །ཐོད་པ་སྐོམ་རློན་རྩིག་པར་བརྩིགས། །དེ་ཡི་ནི་མངའ་བདག་མོ། །ནག་མོ་རལ་གཅིག་སྲིད་པ་ཁྱབ་པར་རྒྱུག །བདུད་བོང་རྐང་གསུམ་ཞོན་ནས་སྐྱེ་འགྲོ་མ་ལུས་སྒྲོལ། །ཤ་ཟ་ཁྲག་འཐུང་རལ་པ་ཅན། །རལ་ནག་བསིགས་པས་མུན་ནག་ཁྱི་ལི་ལི། །ཁྲི་ཟ་ཁྲི་སྒྲོལ་བདུད་མོ་ཀུན་གྱི་གཙོ། །ཤ་ཁྲག་རློན་ལ་ཟ་ཞིང་སྤྱུགས་པ་གླུ་ལེན་མ། །མཚོན་གྱི་དྲུ་བུ་རྐྱོང་ཞིང་ནད་ཀྱི་རྐྱལ་པ་འབུད། །བལ་ནད་མང་པོ་གཏོང་བར་བྱེད། །མི་ཕྱུགས་གཉིས་ནི་ཁྱོད་ཀྱིས་ཁྲམ་ལ་འདེབས། །བྱང་དམར་དཀྱུས་ལ་འདེབས་ཤིང་ཤོ་རྡེ་དཀར་ནག་འགྲེམས། །མི་རྣམས་བསད་ཅིང་མི་ལྤགས་གོས་སུ་གོན། །མགོ་བཅད་ལག་ན་སྒོང་དུ་རྩེ་བར་བྱེད། །དམག་དཔུང་སྐྱེད་ཅིང་བདུད་ཀྱི་གཡུལ་ངོ་ཟློག །སྐྱེ་འགྲོ་སྲང་ལ་འདེབས་ཤིང་སྲིད་པ་ཉལ་ཐག་གཅོད། །བདུད་མོ་མི་ཟན་མདོས་ལོངས་ཤིག །དེ་ཡི་གཅུང་མོ་མི་ཟན་མ། །ནག་མོ་འུག་མགོ་བྱ་བ་ཡིན། །ཆིབས་སུ་མཛོ་མོ་རོག་མོ་ཆིབས། །ནད་ཀྱི་རྐྱལ་པ་ཁལ་དུ་འགེལ། །ལག་ན་བྷནྡྷ་ཁྲག་གིས་བཀང་བ་ཐོགས། །སྲིད་གསུམ་རྒྱུག་པའི་མཐུ་མོ་ཆེ། །ལུས་ལ་ལ་བ་ནག་པོ་གོན། །ལག་ན་ཤོ་རྡེའུ་དཀར་ནག་འགྲེམས། །མདོས་བདག་ཆེན་མོ་མདོས་བཞེས་དང་། །


DNG024_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་གཅུང་མོ་ཁྲག་མིག་མ། །བྱ་མོ་ནག་མོ་ཞོན་ནས་ནི། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །ལག་ན་པར་བུ་དུག་གིས་བཀང་། །སྲིད་པ་ཀུན་ཏུ་ཁྱབ་པར་བྱེད། །མདོས་བདག་ཆེན་མོ་མདོས་ལོང་དང་། །དེ་ཡི་ནུ་མོ་གཅུང་མོ་དེ། །སྐུ་ལ་ཁྲག་གི་རེ་ལྡེ་གསོལ། །ཆིབས་སུ་ཆུ་གླང་ནག་པོ་ཆིབས། །མིག་ནས་མེ་འབར་ཁྲག་གི་སྐྱིན་ཐང་འབེབས། །མདོས་བདག་ཆེན་མོ་མདོས་བཞེས་དང་། །དེ་ཡི་གཅུང་མོ་བདུད་མོ་ནི། །བུད་མེད་རལ་ནག་མུན་ལྟར་གཏིབས། །ལུས་ལ་ཞིང་གི་གཡང་གཞི་གསོལ། །ཆིབས་སུ་རྟོལ་བུ་རྭ་ཡོན་ཆིབས། །ལག་ན་མཚོན་གྱི་དྲུ་གུ་བསྡོག །ཆིབས་སུ་རུ་ཡོན་བསྐྱོད་པའི་ཚེ། །ཁམས་གསུམ་རྒྱུ་ཞིང་མ་ཡམས་འདུན་མར་སྡུད། །རྡོ་རྗེ་གློག་མ་སྲིན་དུ་གྲགས་པ་ཡིན། །མདོས་བདག་ཆེན་མོ་མདོས་ལོང་དང་། །དེ་ཡི་ནུ་མོ་གཅུང་མོ་ནི། །ཆིབས་སུ་དྲེའུ་ནག་རྐང་གསུམ་ཆིབས། །ལུས་ལ་མཐིང་ནག་གནམ་གྱི་གོས་སུ་གསོལ། །མིག་ནས་ཁྲག་འཛག་ཇུ་ལུ་ལུ། །ལག་ན་གཡུ་ཡི་ཟོར་བ་ཐོགས། །ལག་ནས་ཐོད་པ་མདའ་ལྟར་འཕེན། །བདུད་མོ་ཆེན་མོ་གོ་ཏི་མ། །ཆིབས་སུ་ཆུ་རྟ་གཞུང་ཆེན་ལ། །གྲུ་དང་གཟིངས་ཀྱི་སྒ་བསྟད་ནས། །དར་སྦྲ་སྔོན་པོ་གུར་དུ་ཕུབ། །ཆུ་བདུད་སྟོང་གི་འདུན་མར་སྡུད། །མདོས་བདག་མདོས་བཞེས་དང་། །དེ་ཡི་ནུ་མོ་ནག་མོ་ཁ་མཆུ་མ། །བུད་མེད་ལུས་ལ་ཁྭ་ཡི་མཆུ། །ཕྱག་ན་སླེ་ཆེན་གཡབ་འདོར་མ། །མདོས་བདག་ཆེན་མོ་མདོས་ལོང་དང་། །དེ་ཡི་ནུ་མོ་གཅུང་མོ་དེ། །དུར་ཁྲོད་ཀུན་གྱི་འཇོ་ལེ་མ། །མི་མོ་དྲེད་མོ་ཡུ་འཇོལ་མ། །ལག་ན་ལྕགས་མདའ་ལྕགས་གཞུ་ཐོགས། །གང་ནས་གང་དུ་རྦད་པའི་ཚེ། །ལྕགས་ཀྱི་ཚུབ་ནག་སློང་ཞིང་འགྲོ། །མདོས་བདག་ཆེན་མོ་མདོས་བཞེས་དང་། །མ་བདུད་དེ་ཡི་གཅུང་མོ་ནི། །གཡུ་མཚོ་སྔོན་མོའི་གཏིང་རུམ་ན། །བུད་མེད་གཡུ་ཡི་གོ་ལྕོག་ཅན། །གདུག་པའི་ནད་རྣམས་འབེབས་པར་བྱེད། །སྲིད་པ་ཀུན་ཏུ་རྒྱུག་བྱེད་ཅིང་། །ཁ་ནས་དུག་གི་ཁ་ཆུ་འབེབས། །ལག་པས་སྤར་གདེངས་ནད་གཏོང་མ། །གཅིག་ནི་བདུད་མོ་ཁྲོལ་ཐོགས་མ། །སྲིད་པ་ཀུན་ལ་དབང་སྒྱུར་མ། །བདུད་མོ་ཆེན་མོ་


DNG024_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ལོང་དང་། །གཅིག་ནི་བུད་མེད་ནག་མོ་ལ། །ལག་ན་ཁྲག་གི་ཕོར་ཐོགས་མ། །དུར་ཁྲོད་ཀུན་ཏུ་རྒྱུག་པར་བྱེད། །ཆིབས་སུ་རྟོལ་བུ་རྭ་དཀར་ཆིབས། །སྤྱུགས་པའི་བརྡ་ཡིས་མ་མོ་གཡོབ། །མདོས་བདག་ཆེན་མོ་མདོས་ལོངས་ཤིག །བདུད་མོ་ཆེན་མོ་བཅུ་གསུམ་དང་། །འཁོར་དུ་བདུད་མོ་སྟོང་ཚོགས་དང་། །བདུད་མོ་ཁྲམ་ཟན་ནད་གཏོང་མ། །དེ་རིང་སྲིད་པའི་མདོས་བཞེས་ཤིག །མཐུན་པའི་ཡས་ནི་འདི་བཞེས་ཤིག །མཐུན་པའི་དཀོར་ནོར་མང་པོ་བཞེས། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མ་བདུད་བཅུ་གསུམ་བཅོས་པའི་ལེའུ་ཉི་ཤུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཇ་ལ་མ་སུམ་བརྒྱ་དྲུག་ཅུས་རང་རང་གི་བཅོས་པའི་ལས་འདི་དག་སྨྲས་སོ། །བདག་ཅག་རྣམས་ནི་སྲིད་པ་ཉུལ་ལེ་སྟེ། །གནས་སམ་ས་ནི་བརྟགས་པ་དེར། །རྨང་རྣམས་དག་གི་གཞི་སྟེང་དུ། །དབང་གི་རྒྱལ་པོའི་ཏིང་འཛིན་ལྡན་པ་དེས། །ནས་དམར་དང་ནི་རམ་བུ་དག །སྐྱེ་ཚེ་དང་ནི་གྲོ་དང་ནི། །སོ་བ་དང་ནི་འབྲུ་མར་དང་། །དེ་ལས་སྦྲུས་པའི་བཤོས་བུ་ལ། །དབུས་སུ་རི་རབ་བང་རིམ་གཅིག་པའི་རི་རབ་ལ། །ནམ་མཁའ་སུམ་བརྒྱ་དྲུག་ཅུ་གཟུག །ཁ་དོག་དང་ནི་རིགས་དང་བསྟུན། །རྨྱུག་མ་གཙང་མ་ནམ་མཁའི་གུར། །རི་རབ་དེ་ལ་གཟུག་པར་བྱ། །ར་བུ་སུམ་བརྒྱ་དྲུག་ཅུ་བྱ། །ཁྱི་དང་བྱ་དང་སེམས་ཅན་གཟུགས། །དེ་ཡི་གྲངས་སུ་ཤེས་པར་བྱ། །རི་རབ་དེ་ཡི་ཐ་མ་བསྐོར། །འབྲང་རྒྱས་སུམ་བརྒྱ་དྲུག་ཅུ་དང་། །མོ་འཕང་གཡུ་ལོ་སུམ་བརྒྱ་དྲུག་ཅུ་བསྐོར་ལ་གཟུག །རམས་སྐྱེགས་ཚྭ་བལ་བུལ་ཏོག་དང་། །ལྷོ་རྫས་ལ་རྫས་ཀུན་ཀྱང་གསོག །འབྲུ་སྣ་རིན་པོ་ཆེ་དང་ཤ་སྣ་མང་པོ་དགྲམ་པར་བྱ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཇ་ལ་མ་བསོག་པའི་ལེའུ་སུམ་ཅུ་པའོ།། །།ཧཱུཾ། སྟོང་གི་སྡེ་དཔོན་བཀའ་འོག་ན། །དྲེགས་པའི་འཁོར་ཚོགས་བསམ་ཡས་ཀྱང་། །སྟོང་གསུམ་ཀུན་ཏུ་རྒྱུག་འགྲོ་བྱེད་པ་བདག་ཅག་ཇ་ལ་མ། །འཇིག་རྟེན་འདི་ཡི་བང་ཆེན་རྣམས་ནི་བདག་ཅག་སྟེ། །གཙོ་མོ་ཨེ་ཀ་མ་ནི་སྲིད་པ་ཀུན་གྱི་བདག །མ་ཚོགས་ཀུན་གྱི་བདག་མོ་ཨེ་ཀ་མ། །


DNG024_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་ངང་ལས་སྐུ་བཞེངས་སྲིད་པ་ཀུན་གྱི་བདག །བྱང་ཆུབ་སེམས་ལ་སྐྱོན་གྱིས་མ་གོས་ཀྱང་། །དེ་ཡི་འཁོར་ན་བདུད་མོ་སྟོང་ཚོགས་གནས། །དེ་རིང་སྲིད་པའི་མདོས་བཞེས་ཤིག །སྐྱེ་འགྲོ་རལ་གཅིག་མ་ནི་སེམས་ཅན་ཀུན་གྱི་ཚེ་སྲོག་བདག །ནག་མོ་བོང་བུ་ཞོན་ནས་ནད་ཁྲག་མང་པོ་གཏོང་། །མ་ཡམས་འདུན་མར་སྡུད་ཅིང་སྲིད་པའི་བདག་མོ་ཁྱོད། །མི་ལྤགས་གཡབ་དར་སྤྱུགས་པའི་གླུ་ལེན་ནས། །ཕོ་བདུད་ལས་ལ་གཏོང་ཞིང་མ་མོ་བྲན་དུ་འཁོལ། །རལ་ནག་མུན་ལྟར་གཏིབས་ཤིང་སྡིགས་པའི་གད་མོ་དགོད། །དེ་རིང་སྲིད་པའི་མདོས་བཞེས་ཤིག །ཇ་ལ་སུམ་བརྒྱ་དྲུག་ཅུ་ནི། །ལ་ལ་བཀའ་ཡི་བང་ཆེན་བྱེད། །ལ་ལ་ལྟས་ངན་སྣ་ཚོགས་འབེབས། །ལ་ལ་བདུད་བཙན་བང་ཆེན་བྱེད། །ལ་ལ་ཁམས་གསུམ་ཀུན་གྱི་ཕུང་ཁྲོལ་བྱེད། །ལ་ལ་བརྡབ་སྣོལ་གཟུང་རྨུགས་བྱེད། །ལ་ལ་དག་ལ་ཕན་པར་བྱེད། །ལ་ལ་དག་ལ་གྲོགས་ཀྱང་བྱེད། །འཇིག་རྟེན་ནོར་ལ་ཟད་འཕེལ་བྱེད། །མི་ལ་ནད་དུ་བྱེད་ཅིང་ཕྱུགས་ལ་བཤན་མར་བྱེད། །ནད་སྣ་མང་པོ་གཏོང་བར་བྱེད། །བརྒྱ་ནི་བདུད་དང་བཙན་གྱི་བུ་ཡི་རིགས་ཡིན་ཏེ། །བསད་བཅད་ལས་ལ་དགའ་ཞིང་དམག་དང་དཔུང་ལ་དགའ། །བརྒྱ་ནི་ཤ་ཟ་མོ་ཡི་རིགས་ཏེ་ནད་ཡམས་མུ་གེ་འཁྲུག་པ་གཏོང་། །བརྒྱ་ནི་རྒྱལ་པོ་ཐེ་རང་རིགས་ཏེ་འཇིག་རྟེན་ཕུང་ཁྲོལ་བྱེད་ཅིང་ཚེ་ལེན་བྱེད། །རྩ་དགུ་སྲིད་པའི་ལྷག་མ་སྡུད་བྱེད་ཅིང་། །ཉི་ཤུ་རྩ་གཅིག་གནོད་སྦྱིན་རྣམས་ཀྱི་བང་ཆེན་མཛད་དེ་ཤ་དང་ཁྲག་ལ་དགའ། །ཇ་ལ་སུམ་བརྒྱ་དྲུག་ཅུ་རྣམས། །དྲུག་ཅུ་སྲིད་པ་ཀུན་ལ་དབང་བྱེད་མ། །ལུས་ལ་ལྭ་བ་ནག་པོ་གྱོན། །མགོ་ལ་སླེ་ནག་གོ་ལྕོག་ཅན། །མཛོ་མོ་རོག་མོ་དྲུག་ཅུ་ཞོན་ནས་རྒྱུག །སྲིད་པའི་ཚེ་ལ་རྒྱུག་པར་བྱེད། །བྱིས་པ་ཀུན་གྱི་ཆུང་ངུར་འབེབས། །ལ་ལ་མདུང་ཐོགས་དམག་སྣ་འདྲེན། །ལ་ལ་ཕྱུགས་ཀྱི་རྫི་བོ་བྱེད། །ལ་ལ་རྔ་མོ་སྐེ་རིང་ཞོན་ནས་བྱིས་པའི་ཚེ་ལ་རྒྱུག །ལ་ལ་དོམ་བུ་ནག་གུ་ཞོན་ནས་ན་ཆུང་ཚེ་ལ་རྒྱུག །ལ་ལ་བུད་མེད་ནག་མོ་ལ། །རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ། །དྲེད་མོ་ལག་དཀར་ཞོན་


DNG024_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ན་ཆུང་ཚེ་ལ་རྒྱུག །ལ་ལ་བདུད་ཤ་ནག་པོ་ཞོན་ནས་རྒྱུག །ལ་ལ་བུད་མེད་དམར་མོ་ལ། བཟང་བཙན་སྤྲེའུ་ལ་ཞོན་ཅིང་ཁྲམ་གྱི་ཤིང་བུ་འཕར་ཞིང་རྒྱུག །ལ་ལ་དུར་བོང་ཁ་སྐྱ་ཞོན་ནས་རྒྱུག །ཟངས་ཀྱི་བུད་མེད་རལ་ཅན་བརྒྱ། །ཟངས་ཀྱི་རལ་པ་མདའ་ཙམ་ཤ་ར་ར་། །ལག་ན་ཟངས་ཀྱི་སོག་ལེ་རེ་རེ་ཐོགས། །ཟངས་ཀྱི་འཕར་བ་དམར་པོ་ཞོན་ནས་རྒྱུག །ལ་ལ་ལྕགས་ཀྱི་བུད་མེད་རལ་ཅན་བརྒྱ། །ལྕགས་ཀྱི་རལ་པ་མདའ་ཙམ་ཤ་ར་ར། །ལག་ན་ལྕགས་ཀྱི་སོག་ལེ་ཐོགས། །ལྕགས་སྤྱང་བརྒྱ་ལ་ཞོན་ནས་རྒྱུག །ལ་ལ་ཁྲག་གི་བུད་མེད་རལ་པ་ཅན། །ཁྲག་གི་ཕོར་ཐོགས་གནམ་གྱི་ཐ་མ་བསྐོར། །འབྱུང་པོ་དབང་དུ་བསྡུས་ནས་ནི། །ཐམས་ཅད་ཀུན་གྱི་ཉུལ་ལེ་བྱེད། །མདོས་བདག་ཆེན་མོ་མདོས་བཞེས་དང་། །ལ་ལ་བ་སྐྱ་ཡུ་མོ་ཞོན་ནས་ནི། །ལྭ་བ་ནག་པོ་ལུས་ལ་གོན། །ཆུ་དར་སྔོན་པོ་གཡབ་འདེབས་བྱེད། །ལ་ལ་སྲིད་པའི་ཉུལ་ལེ་བྱེད། །ཁ་ནས་ཁྲག་སྐྱུགས་ཁྲག་གི་གྲུ་ཆར་འབེབས། །ལ་ལ་བདུད་ཀྱི་བང་ཆེན་ཏེ། །བོང་བུ་ནག་པོ་ཞོན་ཏེ་སྲིད་པ་སྐོར་བར་བྱེད། །ལ་ལ་མི་ཡི་ཐུལ་པ་གོན་པ་མོ། །ལ་ལ་བུད་མེད་ནག་མོ་གོ་ཟུ་ཅན། །ཝ་མོ་ཁ་ནག་ཞོན་ནས་རྒྱུག །ལ་ལ་སྲིད་པའི་བང་ཆེན་ཏེ། །བདུད་རྟ་ནག་པོ་ཞོན་ནས་བདུད་ཀྱི་ཞོགས་ནག་མདའ་ལྟར་འཕེན། །ལ་ལ་ནད་ཀྱི་རྐྱལ་པ་ཁུར་ཞིང་གྲོང་ཁྱེར་སྐོར་བར་བྱེད། །ལ་ལ་ནད་ཁྲག་འཐོར་ཞིང་སྲིད་པའི་ཕུང་ཁྲོལ་བྱེད། །ལ་ལ་ཕག་པ་རོག་པོ་ཞོན་ནས་རྒྱུག །ལ་ལ་རྟོལ་བུ་ཁ་དཀར་ཞོན་ཅིང་དར་གྱི་གཡབ་མོ་འདེབས། །ལ་ལ་ཐབ་གཡག་རོག་པོ་ཞོན་ནས་སུ། །ལུས་ལ་རེ་ནག་གོན་པར་བྱེད་ཅིང་ཁྲག་གི་ཕོར་ཐོགས་སྲིད་པར་རྒྱུག །ལ་ལ་ཁྲག་འཐུང་དུར་ཁྲོད་ཉིད་ཕུགས་རྒྱུ། །ལ་ལ་སྲིད་པའི་ལྷ་འདྲེ་གཡབ་ཅིང་མ་ཡམས་ལས་ལ་གཏོད། །ཐེ་རང་སྟོང་སྡེ་ལས་ལ་གཏོང་ཞིང་ཁོ་རང་རྒྱུག་འགྲོ་བྱེད། །མི་ཕྱུགས་གཉིས་ཀ་གསོད་པར་བྱེད་པ་སྟེ། །སྲིད་པའི་ཇ་ལ་མ་ནི་སུམ་བརྒྱ་དྲུག་ཅུ་ཡང་། །དེ་རིང་སྲིད་པའི་མདོས་འདི་བཞེས། །མཐུན་པའི་


DNG024_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ནི་མང་བསོག་འདི་བཞེས་ལ། །ནད་ཀ་ཐམས་ཅད་སླར་ལ་སྒྱུར། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཇ་ལ་མ་བཅོས་པའི་ལེའུ་སོ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། མཚོ་སྨན་དཀར་མོའི་ཚོགས་དང་ཀླུ་དང་ས་བདག་འཁོར་དང་བཅས་པས་རང་རང་གི་བཅོས་པའི་ལས་འདི་དག་སྨྲས་སོ། །བདག་ཅག་རྣམས་ནི་འཆོས་པ་ན། །གླུད་བདག་ཏིང་འཛིན་ལྡན་པ་དེས། །འབྲུ་སྣ་ཚང་བར་བསགས་ནས་ནི། །དབེན་པའི་ས་འམ་གཙང་མའི་གནས་ནི་བཙལ་ནས་སུ། །རས་དཀར་དག་ནི་གཞི་མར་བཏིང་ནས་སུ། །རྫས་ཀྱི་རིམ་པ་དེ་རུ་བསག །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དབུས་སུ་རི་རབ་ཆེན་པོ་དེ། །ཁ་དོག་དག་ནི་རིགས་དང་བསྟུན། །རིན་པོ་ཆེ་ཡི་དར་གཅིག་བྱ། །རྨྱུག་མ་གཙང་མའི་ནམ་མཁའི་གུར། །གཏོར་མ་དགུ་ནི་བྱ་བའོ། །ནམ་མཁའ་ཉི་ཤུ་རྩ་གཅིག་ལ། །གཙོ་མོ་དཀར་ལ་གཞན་མའི་རིགས། །རི་རབ་དེ་ལ་གཟུག་པར་བྱ། །རྨྱུག་མ་གཙང་མ་དགུ་ལ་ནི། །དེ་ལ་གསང་བའི་བུམ་བུ་བྱ། །མཐའ་མ་ནམ་མཁའ་བརྒྱ་ནི་རྩ་བརྒྱད་བྱ། །རི་རབ་དེ་ལ་གཟུག་པར་བྱ། །རིན་པོ་ཆེ་ཡི་སྐྱོགས་བརྒྱད་དུ། །ཤར་དུ་དཀར་གཏོར་མར་དང་བཅས་པ་བཞག །ལྷོ་རུ་འབྲུ་སྣ་ཚོགས་པའི་གཏོར་མ་ལ། །ནུབ་ཏུ་མེ་ཏོག་སྣ་ཚོགས་པའི་གཏོར་མ། བྱང་དུ་སྨན་སྣ་ཚོགས་པའི་གཏོར་མ། ཤར་ལྷོར་འོ་མ་སྣ་ཚོགས་པའི་གཏོར་མ། ལྷོ་ནུབ་ཏུ་ཀླུ་སྨན་སྣ་ཚོགས་པའི་གཏོར་མ། ནུབ་བྱང་དུ་ཚན་སྤོས་སྣ་ཚོགས་པའི་གཏོར་མ། བྱང་ཤར་དུ་ཆུ་སྣ་ཚོགས་པའི་གཏོར་མ། ནུབ་བྱང་དུ་ཤ་སྣ་ཁྲག་སྣའི་གཏོར་མ་བཞག །དབུས་སུ་དཔལ་གྱི་གཏོར་མ་གཞུང་བཞིན་གྱི་སྟེང་དུ་ཤ་ཁྲག་གི་གཏོར་མའོ། །བྱ་གསོབ་སྣ་ཚོགས། ལུག་སྨུག་ནག་བྱ་དཀར་བསག །ཐོད་པ་བརྒྱ་རྩ་བརྒྱད། དར་སྣ་རྩ་བརྒྱད། ཀླུ་ཡི་གཟུགས་དང་བྱ་དང་ངར་བུ་དང་ར་ཁྱིའི་གཟུགས་བརྒྱ་རྩ་བརྒྱད། མདའ་དང་མེ་ལོང་བརྒྱ་རྩ་བརྒྱད། ངར་མོ་བརྒྱ་རྩ་བརྒྱད། དར་གྱི་ལྡིང་


DNG024_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གུར་ལྔ་བྱ། དབུས་སུ་དར་དཀར་གྱི་གུར་བྱ། ཤར་དུ་ཡང་དཀར་པོ། ལྷོར་སྔོན་པོའི་གུར་བྱ། ནུབ་ཏུ་དམར་པོའི་གུར་བྱ། བྱང་དུ་ལྗང་གུའི་གུར་བྱ། རྫས་དེ་རྣམས་བསག་ལ་ཤིན་ཏུ་གཙང་ བར་བྱས་ལ་བསྔོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མཚོ་སྨན་གྱི་གུར་མདོས་བསག་པའི་ལེའུ་སོ་གཉིས་པའོ།། །།ཧཱུཾ། ཆོས་རྣམས་སྟོང་པའི་ངོ་བོ་ལ། །སྟོང་པའི་ངང་ལས་ཆོ་འཕྲུལ་བྱུང་། །བྱུང་བ་ཉིད་ལས་དངོས་པོ་མེད། །ཐམས་ཅད་སེམས་ཀྱི་རང་བཞིན་ཏེ། །སེམས་ཉིད་ཡི་གེ་ཧཱུཾ་དུ་གསལ། །ཡི་གེ་ཧཱུཾ་ནི་སེམས་ཀྱི་རང་བཞིན་ཏེ། །ཆགས་པའི་སྐྱོན་བྲལ་པདྨ་རཱ་གའི་མདོག །ངེས་པའི་ཧཱུཾ་ལས་དབང་གི་སྐུ་རུ་གསལ། །དྷི་ཧཱུཾ་ཨེ་ཡཾ་བཾ་སུ་རཾ་བྷྲཱུཾ། བྷྲཱུཾ་ལས་དག་པའི་གཞལ་ཡས་ཁང་། །མ་ནི་ཟླ་གམ་གསང་བའི་གནས། །དེ་ལས་ཐམས་ཅད་བསྐྱེད་པའོ། །རུ་རུ་རག་མོ་ཀར་ཏེ་མ་ཀ་ལཾ་བྷྱོ། རཀྴ་མ་དུང་དུང་། རག་ཤ་རུ་མ་ཀ་ལ། དང་བ་རག་མོ། ཤ་བ་མ་ཏི་ཀར་མ། དེ་ལས་དཀར་མོ་དབུ་དགུ་བསམ། །དབང་གི་རྒྱལ་མོ་བཞི་ནི་ཕྱོགས་བཞིར་རེ། །ཕྱི་ཕུ་དེ་ལ་ས་བདག་ཀླུ་ཚོགས་ཀུན། །འདབ་བརྒྱད་ཟླ་གམ་གསང་བའི་གཞལ་ཡས་སུ། །སྲིད་པའི་དཀར་མོ་སྐུ་རུ་གསལ། །དེ་ནས་དབང་གི་རྒྱལ་མོ་སྟེ། །མཚོ་སྨན་སྟོང་སྡེས་བསྐོར་བའོ། །ཧཱུཾ། དབང་གི་རྒྱལ་མོའི་གཞལ་ཡས་སུ། །དཀར་མོ་དབུ་དགུ་ཚོགས་བཅས་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་དབང་གི་རྒྱལ་མོའི་ཚོགས། །ཧཱུཾ། པདྨ་གེ་སར་གདན་མཆོག་བཤམས་པ་འདིར། །དཀར་མོ་དབུ་དགུ་མཚོ་སྨན་འཁོར་བཅས་བཞུགས་སུ་གསོལ། །ཨོཾ་བཛྲ་ཡག་མོ་རུ་རུས་ཨ་ཏི་པུ་ཧོ། དེ་ནས་དབང་གི་རྒྱལ་པོ་པདྨ་ཤྭ་རི་མ། །རྣམ་དག་སྲིད་པའི་དབང་བསྒྱུར་དཀར་མོ་ཡུམ། །མཚོ་སྨན་འབུམ་སྡེ་འཁོར་བཅས་ལ། །རྣམ་དག་བདུད་རྩིའི་མཆོད་པ་འབུལ། །དེ་ནས་བསྟོད་ཅིང་སྨོན་ལམ་གདབ་བོ། །དེ་ནས་བསྔོ་བར་བྱའོ། །ཧཱུཾ། ཨེ་ཀ་མ་ནི་སྲིད་པའི་བདག་མོ་སྟེ། །


DNG024_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་གཏིང་ན་གནས་པ་ཡི། །དབང་གི་རྒྱལ་མོ་གསང་བའི་ཡུམ། །སྲིད་པའི་མ་མོ་དག་ལ་དབང་བྱེད་མ། །དེ་རིང་སྲིད་པའི་མདོས་ཅིག་བཞེས། །སྐྱེ་འགྲོ་རལ་གཅིག་མ་ནི་ཁམས་གསུམ་ཁྱབ་པའི་བདག །སྲིད་པར་ནད་ཁྲག་སྤྱོ་ཞིང་གསང་བའི་ལས་མཛད་མ། །རིམས་ནད་འཁྲུག་པར་གཏོང་ཞིང་སྤྱུགས་པའི་གླུ་ལེན་མ། །འཛམ་བུ་གླིང་བཞི་བསྐོར་ཞིང་སྡིགས་པའི་གད་མོ་དགོད། །ཁྲག་གི་ཕོར་ཐོགས་དཔག་ཚད་བརྒྱད་ཁྲིར་རྒྱུག །དམག་དཔོན་བྱེད་ཅིང་རུ་མདུང་འཕྱར། །སྲིད་པ་གསུམ་གྱི་བྷྱོ་བཟློག་བྱེད། །དེ་རིང་ཤ་ཁྲག་དམར་གྱི་མཆོད་པ་བཞེས། །དལ་ཀ་ཆོད་ལ་ནད་ཁ་སྒྱུར། །ཧཱུཾ། སྲིད་པའི་དཀར་མོ་དབུ་དགུ་མ། །སྐུ་ལུས་དཀར་ཤམ་ལྡེམ་པ་ལ། །དར་དཀར་རལ་ག་སྐུ་ལ་གསོལ། །དབུ་ལ་རིན་ཆེན་ཐོར་ཅོག་ཅན། །གཟའ་ཆེན་བརྒྱད་ནི་སྐེ་རགས་བྱས། །རྒྱུ་སྐར་སྐེད་ནས་འཆར་བར་བྱེད། །གཟའ་རྒོད་མིག་དམར་ཆར་དུ་འབེབས། །གནས་པ་རྒྱ་མཚོའི་གཏིང་ན་གནས། །རྒྱུ་ནི་བར་སྣང་ཁམས་སུ་རྒྱུ། །ཉི་མ་ཟླ་བ་སྐེད་ནས་འཆར། །ཞབས་ནི་རྒྱ་མཚོའི་གཏིང་ན་སྟེ། །ཀླུ་ཆེན་བརྒྱད་ཡང་གཟིར་བར་བྱེད། །དབང་གི་རྒྱལ་མོ་བཞི་ནི་ཕྱོགས་བཞི་ན། །གཅིག་ནི་ཉིད་ཀྱི་ཐུགས་ཀ་ནས། །རྒྱ་མཚོ་ཆེན་པོའི་གཏིང་རུམ་གུར་དཀྱིལ་ན། །དར་དཀར་གུར་གྱི་ནང་ཤེད་ན། །ཉ་ཆེན་རྩེ་མོ་གུར་དུ་ཕུབ། །སྦལ་པ་ནག་པོ་ཟ་ར་ཚགས། །དེ་ཡི་ནི་ནང་ཤེད་ན། །པདྨ་འདབ་བརྒྱད་གདན་སྟེང་ན། །དཀར་མོ་དབུ་དགུ་དེ་ན་བཞུགས། །མཚོ་སྨན་འབུམ་ནི་འཁོར་དང་བཅས། །ལན་འགའ་འགུལ་ནས་བསྐྱོད་པའི་ཚེ། །ཤ་བ་ཡུ་མོ་ཆིབས་སུ་ཆིབས། །སྟོང་ཁམས་མ་ལུས་ཁྱབ་པར་རྒྱུ། །སྲོག་དབུགས་ཀུན་ལ་མངའ་མཛད་མ། །ནད་ཡམས་ཀུན་གྱི་བདག་མོ་ཁྱོད། །ལྷ་སྲིན་ཀུན་ཡང་བྲན་དུ་འཁོལ། །དུར་ཁྲོད་མ་མོ་ཀུན་ཡང་གཡོབ། །ས་བདག་ཀླུ་གཉན་ཀུན་ཡང་ཕོ་ཉར་འགྱེད། །ཀླུ་ཆེན་ཀུན་དང་བསྡོངས་ནས་ནི། །མཛེ་དང་གཡན་པ་གཏོང་བར་བྱེད། །ས་བདག་གཉན་དང་བསྡོངས་ནས་ནི། །སྐྲང་འབུར་ཞ་གྲུམ་སྐེམ་པ་གཏོང་། །དཀར་


DNG024_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ནི་དབུ་དགུ་མ། །དབུ་དགུ་ཡེ་ཤེས་དགུ་ཡི་དོན་རྟོགས་རྟགས། །ཡེ་ཤེས་སྤྱན་གྱིས་སྲིད་པ་ས་ལེར་གཟིགས། །འབར་བྱེད་ཐུགས་ནི་ཆོས་ཉིད་ཀློང་ན་བཞུགས། །སྟོང་གི་ལྷ་བྲན་རྣམས་དང་རོལ། །རྒྱལ་ཆེན་བཞི་ཡི་གཟུངས་མ་མཛད། །འཛམ་གླིང་ཀུན་གྱི་ཁ་ལོ་སྒྱུར། །མཛེས་ཤིང་དག་པས་སྐུ་ལུས་དཀར་ལ་མཉེན། །ཞབས་ཀྱིས་མ་བགྲོད་ས་ལ་གནས་པའི་ཚུལ། །རྒྱལ་མོའི་ཚུལ་གྱི་དབང་གི་རྒྱལ་མོས་བསྐོར། །ཀུན་གྱི་གཙོ་མོ་མཛད་པས་མཚོ་སྨན་འབུམ་གྱིས་བསྐོར། །གུར་གྱི་ནང་ན་གནས་ཙམ་ན། །ལན་འགའ་ཆུ་སྲིན་བིར་ལ་ཆིབས། །གུར་ཆེན་དེ་ཡི་གྲུ་བཞི་ན། །ཆུ་སྲིན་སྲམ་གྱི་རྒྱལ་མཚན་བཞི། །གཞལ་ཡས་དེ་ཡི་ནང་ཤེད་ན། །སྲིད་པའི་དཀར་མོ་ཆེན་མོ་ཁྱོད། །སྦལ་པ་ནག་པོའི་ཐོད་པ་རུ། །ཁྲག་སྣ་སྟོང་ནི་སྦྱར་ནས་གསོལ། །ནག་མོ་སྟོང་ནི་དམ་ལ་སྡུད། །ལན་འགའ་རིན་ཆེན་སྣ་ལྔའི་ཐོད་པ་རུ། །འོ་མ་སྣ་ཚོགས་འདུས་པ་དང་། །མར་དང་མེ་ཏོག་སྨན་ཀྱང་གསོལ། །སྨན་མོ་འབུམ་ནི་དམ་ལ་སྡུད། །ལན་འགའ་བྷནྡྷར་རཀྟ་མང་པོ་གསོལ། །གནོད་སྦྱིན་འབུམ་ནི་དམ་ལ་སྡུད། །རིན་ཆེན་གསེར་གྱི་ཕོར་པ་རུ། །བདུད་རྩི་ཆུ་ནི་བཅུས་གྱིན་གསོལ། །སེར་མོ་འབུམ་ནི་དམ་ལ་སྡུད། །དར་གུར་དེ་ཡི་ནང་ཤེད་ན། །དུང་དང་གསེར་དང་བྱུ་རུ་དང་། །གཡུ་དང་ལྕགས་ལས་གྲུབ་པ་ཡི། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །དེར་ནི་སྲིད་པའི་བདག་མོ་བཞུགས། །དེ་རིང་སྲིད་པའི་མདོས་འདི་བཞེས། །ཤ་སྣ་ཁྲག་སྣ་འོ་མ་དང་། །མེ་ཏོག་ཆུ་སྣ་འབྲུ་སྣ་མཆོད། །ཚན་སྤོས་ཆང་དང་རྩི་སྨན་མང་པོས་མཆོད། །གཟུགས་བརྙན་མང་པོས་ཐུགས་དམ་བསྐང་། །ཀླུ་ཡི་གདུག་རྩུབ་ཞི་བར་གྱིས། །ས་བདག་གདུག་རྩུབ་ཞི་བར་གྱིས། །མ་མོའི་ནད་རྣམས་སླར་ལ་དུལ། །ཤར་ཕྱོགས་དར་དཀར་གུར་གྱི་ནང་ཤེད་ན། །ཉ་ཆེན་རྩེ་མོ་གུར་དུ་ཕུབ། །པདྨ་དཀར་པོ་གདན་དུ་བཏིང་། །རིན་ཆེན་དུང་གི་གཞལ་ཡས་ཁང་། །སྲིད་པ་ཡོངས་ལ་དབང་སྒྱུར་མ། །དཀར་


DNG024_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མཆེ་གཙིགས་སྲིད་པའི་བདག །སྨན་མོ་འབུམ་སྡེ་གཤེགས་སུ་གསོལ། །དེ་རིང་སྲིད་པའི་མདོས་བཞེས་དང་། །ལྷོ་ཕྱོགས་གུར་སྔོན་ནང་ཤེད་ན། །ཆུ་སྲིན་འབར་བའི་ཟ་ར་ཚགས། །སྦལ་པ་སེར་པོ་གུར་དུ་ཕུབ། །རིན་ཆེན་གསེར་གྱི་གཞལ་ཡས་ཁང་། །དེ་ནས་དབང་གི་རྒྱལ་མོ་བཞུགས། །སྨན་མོ་སྟོང་ལ་དབང་སྒྱུར་མ། །དེ་རིང་སྲིད་པའི་མདོས་འདི་བཞེས། །གཏོར་མ་སྣ་དགུ་དག་གིས་མཆོད། །གསོབ་བཤས་མང་པོས་ཐུགས་དམ་བསྐང་། །ནུབ་ཕྱོགས་དར་དམར་གུར་གྱི་ནང་ཤེད་ན། །སྦྲུལ་དམར་མང་པོ་གུར་དུ་ཕུབ། །ཉ་ཆེན་མཁར་བའི་རྩར་དུ་བྱས། །བྱུ་རུ་དམར་པོའི་གཞལ་ཡས་སུ། །པདྨ་འབར་བའི་གདན་སྟེང་དུ། །དབང་གི་རྒྱལ་མོ་ཆེན་མོ་བཞུགས། །དམར་མོ་བྱུ་རུའི་རལ་པ་ཅན། །སྦལ་པ་དམར་པོའི་ཐོད་པ་རུ། །ཁྲག་སྣ་མང་པོ་སྦྱར་ཞིང་གསོལ། །བདུད་རྩི་འབར་བའི་མཆོད་པ་དང་། །གཏོར་མ་དགུ་ཡི་མཆོད་པ་བཞེས། །དམངས་རིགས་ས་བདག་ཀླུ་ཡི་གདུག་པ་ཞི་བར་གྱིས། །དེ་རིང་སྲིད་པའི་མདོས་འདི་བཞེས། །བྱང་ཕྱོགས་ལྗང་ཁུ་དར་གྱི་གུར་ནང་དུ། །གཡུ་སྦལ་གཤོག་པའི་གུར་དུ་བྱས། །ལྕོང་མོ་གཤིབས་པའི་རྩར་དུ་བྱས། །རིན་ཆེན་གཡུ་ཡི་གཞལ་ཡས་སུ། །དེ་ན་དབང་གི་རྒྱལ་མོ་བཞུགས། །ལག་ན་གཡུ་སྦལ་ཐོད་པ་རུ། །བདུད་རྩི་ཁྲག་སྣ་སྦྱོར་ཞིང་གསོལ། །མ་མོ་འབུམ་ནི་ལས་ལ་འགྱེད། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །རྒྱལ་མོ་ཆེན་མོ་བཞི་པོ་ཡང་། །མེ་ཏོག་སྣ་ཚོགས་དང་། །འབྲུ་སྣ་མང་པོ་དང་། །བདུད་རྩི་ཆུ་སྣ་མང་པོ་དང་། །རྩི་སྨན་འོ་མ་མང་པོ་དང་། །དཀར་གཏོར་དམར་གཏོར་ཤ་སྣ་ཚོགས་དང་བཅས། གསང་བའི་མ་མོ་མཆེད་བཞི་ཡང་། །ནམ་མཁའ་ཡུལ་དུ་འདུལ། །གསོབ་བཤས་ཐུགས་དམ་བསྐང་། །ལུག་སྨུག་ཐུགས་དམ་བསྐང་། །བྱ་དཀར་ཐུགས་དམ་བསྐང་། །མདོས་བདག་མདོས་བཞེས་ཤིག །དུས་བཞི་མ་མོ་ཁ་སྒྱུར་མ། །དེ་རིང་སྲིད་པའི་མདོས་བཞེས་དང་། །དཀར་མོའི་ཚོགས་དང་སེར་མོའི་ཚོགས། །


DNG024_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོའི་ཚོགས་དང་སྨུག་མོའི་ཚོགས། །སྔོན་མོའི་ཚོགས་ལ་སོགས་པ་ཡི། །སྲིད་པའི་མ་མོ་འཁོར་བཅས་ཀྱང་། །མདོས་བདག་ཆེན་མོ་མདོས་བཞེས་དང་། །གླུད་བདག་ཆེན་མོ་གླུད་བཞེས་དང་། །འཇོག་པོ་མཚོ་ཡི་བར་མཚམས་ན། །རྒྱ་མཚོ་དེ་ཡི་ནང་ཤེད་ན། །དུང་གི་ལྡུ་པ་གུར་ཙམ་གཅིག །དེ་ཡི་ནི་ནང་ཤེད་ན། །སྨན་མོ་ནི་འབུམ་སྡེ་གནས། །དཀར་མོའི་ལུས་ལ་ལྡེམ་བག་ཅན། །དར་དཀར་ལའུ་སྐུ་ལ་གསོལ། །ཕྱག་ན་བདུད་རྩིའི་བུམ་པ་ཐོགས། །མཚོ་སྨན་རྒྱལ་མོ་ཆེན་མོ་བྱ། །དེ་རིང་སྲིད་པའི་མདོས་བཞེས་དང་། །གཡུ་ཡི་ལྦུ་བ་གུར་ཙམ་ནང་ཤེད་ན། །དེ་ན་མཚོ་སྨན་འབུམ་སྡེ་གནས། །བུད་མེད་སྔོན་མོ་གཡུ་ཡི་ལན་ཚར་ཅན། །གཡུ་བྲན་གཞིབས་པའི་ཆ་ག་ཅན། །ལག་ན་བདུད་རྩི་བུམ་པ་འཛིན། །ཁ་ནས་གདུག་པའི་ནད་ཡམས་གཏོར། །དེ་རིང་སྲིད་པའི་མདོས་བཞེས་དང་། །ཟངས་ཀྱི་ལྦུ་བ་གུར་ཙམ་ནང་ཤེད་ན། །ཟངས་ཀྱི་བུད་མེད་དམར་མོ་ལ། །ཟངས་ཀྱི་རལ་པ་མདའ་ཙམ་གསིག །ཟངས་ཀྱི་མཆེ་བ་རྒྱ་ཟོར་བཀུག་པ་འདྲ། །ཀླུ་སྨན་འབུམ་སྡེ་ལས་ལ་འགྱེད། །དེ་རིང་སྲིད་པའི་མདོས་བཞེས་དང་། །གསེར་གྱི་ལྦུ་བ་གུར་ཙམ་ནང་ཤེད་ན། །གསེར་གྱི་བུད་མེད་ལན་ཚར་ཅན། །ལག་ན་གསེར་གྱི་བུམ་པ་འཛིན། །སྨན་མོ་འབུམ་ནི་ལས་ལ་གཏོང་། །དེ་རིང་སྲིད་པའི་མདོས་བཞེས་དང་། །ལྕགས་ཀྱི་ལྦུ་བ་གུར་ཙམ་ནང་ཤེད་ན། །ལྕགས་ཀྱི་བུད་མེད་རལ་པ་ཅན། །སྲིན་མོ་ཤ་ཟ་འབུམ་ནི་ལས་ལ་གཏོང་། །དེ་རིང་སྲིད་པའི་མདོས་བཞེས་དང་། །མཆོང་གི་ལྦུ་བ་གུར་ཙམ་ནང་ཤེད་ན། །གདུག་པའི་བུ་མོ་མཆེ་གཙིགས་མ། །སྲིད་པ་ཀུན་ཏུ་ཁྱབ་པར་བྱེད། །མདོས་བདག་མདོས་བཞེས་ཤིག །གཟི་ཡི་ལྦུ་བ་གུར་ཙམ་ནང་ཤེད་ན། །སྲིད་པའི་མཚོ་སྨན་ཆེན་མོ་གནས། །ལུས་ནི་ཁྲ་མོ་ཡ་མཚན་ཅན། །ཕྱག་ན་གཟི་ཡི་བུམ་པ་འཛིན། །དེ་རིང་སྲིད་པའི་མདོས་བཞེས་དང་། །བྱི་རུའི་ལྦུ་བ་གུར་ཙམ་ནང་ཤེད་ན། །བྱི་


DNG024_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རུའི་བུད་མེད་དམར་མོ་རལ་བསིག་མ། །གཟེར་བ་ནད་ཀྱི་བདག་མོ་སྟེ། །དེ་རིང་སྲིད་པའི་མདོས་བཞེས་དང་། །ཤེལ་གྱི་ལྦུ་བ་གུར་ཙམ་ནང་ཤེད་ན། །ཤེལ་གྱི་བུད་མེད་དཀར་མོ་གནས། །སྲིད་པ་ཀུན་ཏུ་ཁྱབ་བྱེད་མ། །མདོས་བདག་ཆེན་མོ་མདོས་བཞེས་དང་། །དཀར་གསུམ་མངར་གསུམ་རྩི་སྨན་སྣ་ཚོགས་མཆོད། །སྲིད་པ་ཡོངས་ཀྱི་བདག་མོ་སྟེ། །དཀར་མོ་མཆེ་གཙིགས་སྲིད་པའི་བདག །འཁོར་ནི་སྨན་ཕྲན་འབུམ་གྱིས་བསྐོར། །སྲིད་པ་ཡོངས་ལ་དབང་བྱེད་ཅིང་། །ནད་དུ་མཛེ་དང་སྐེམ་པ་དང་། །ཞ་གྲུམ་མང་པོ་གཏོང་བའི་བདག །དཀར་མོ་ཆེན་མོ་དེ་ཡི་འཁོར། །ཀླུ་བདུད་སྟོང་ཡང་འཁོར་ན་གནས། །དེ་རིང་དཀར་གསུམ་མངར་གསུམ་མཆོད། །མདོས་བདག་ཆེན་མོ་མདོས་བཞེས་དང་། །སྨན་མོ་དབང་གི་རྒྱལ་མོ་སྟེ། །སྨན་མོ་ཆེན་མོ་ཙ་མུནྟི། །ཀླུ་མོ་དཀར་མོ་ཙ་མུནྟི། །ཀླུ་གདུག་སྟོང་ལ་དབང་བྱེད་ཅིང་། །འཁོར་ནི་སྨན་མོ་འབུམ་གྱིས་བསྐོར། །གནས་པ་རྒྱ་མཚོའི་གྲུ་ལ་གནས། །དམག་ནི་སྲིད་པའི་མ་མོ་དང་། །ཀླུ་གདུག་ཐེ་རང་མང་པོ་རྦད། །ནད་ནི་སྟོང་གི་བདག་མོ་སྟེ། །རྒྱ་མཚོའི་གཏིང་ནས་མ་མོ་བསྐྱོད་པའི་ཚེ། །གཡའ་སྨན་སྤང་སྨན་མང་པོ་ཡང་། །དར་དཀར་གཡབ་ཀྱིས་འདེབས་ཤིང་སྟོང་གསུམ་ཁུ་ཡིས་འདེབས། །ཀླུ་གདུག་རྣམས་ཀྱང་ཞེ་སྡང་མེ་ལྟར་འབར། །སྲིད་པའི་བུ་མོ་ཀུན་ཡང་འདར་དང་གམ་དང་གུམ། །དེ་རིང་མཐུན་པའི་ཡས་ཀྱིས་མཆོད། །ས་བདག་ཙང་ཀུན་ཧོ་ཕོ་ཐེ་སེ་ཡང་། །བེ་སྣ་ལག་ཆེན་ཚང་ཙང་རྣམས། །ཤར་ནས་སྟག་ནི་སྐྱ་བོ་མཚོ། །ལྷོ་ནས་རུས་སྦལ་ནག་པོ་འགྱིང་། །ནུབ་ནས་འབྲུག་སྔོན་འགྱུ་བ་ན། །བྱང་ནས་བྱ་དམར་འཕུར་བའི་ཚུལ། །སྲིན་མོ་ལྷ་མོ་བརྟན་མ་སྟེ། །ཤིང་ལོ་གོས་སུ་གོན། །གདུག་པའི་ནད་རྣམས་མང་པོ་གཏོང་། །འབྱུང་བ་ལྔ་ལ་གནས་པ་སྟེ། །ས་དང་རྟེན་ནི་སོ་སོར་བཟུང་། །གཟེ་རེ་ཆེ་དང་གདུག་པ་ཆེ། །གཉན་ཆེན་མང་པོ་གནས་པའོ། །དེ་རིང་ནི་འབྲུ་དང་གཉེར། །གཏོར་མ་དགུ་དང་རྩི་སྨན་དང་། །མེ་ཏོག་ཤ་སྣ་མང་པོས་མཆོད། །


DNG024_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་གླུད་དང་མི་རུ་ཕྱེ། །ནད་དང་མི་རུ་ཕྱེ། །གདུག་པ་ཀླུ་ཡི་བུ། །དགའ་བོ་འཇོག་པོ་མཐའ་ཡས་དུང་སྐྱོང་དང་། །པདྨ་ཆུ་ལྷ་ཀར་ཀོ་བ་རུ་དང་། །སྦྲུལ་མགོ་བདུན་དང་དགུ་པ་དང་། །ལྔ་པ་དང་ནི་གསུམ་པ་དང་། །གཟུགས་མེད་པ་དང་པདྨ་དང་། །ནམ་མཁའི་འཇའ་འདྲ་སྒོ་ང་འདྲ་བ་དང་། །རྟ་དང་རྩངས་པ་སྡིག་པ་དང་། །ཉ་སྦལ་ལྕོང་མོ་སྡོམ་སྡིག་དང་། །མི་སྡུག་གཟུགས་ཀྱི་ཀླུ་རྣམས་དང་། །རྒྱ་མཚོ་དག་ལ་གནས་པ་དང་། །རི་རབ་དག་ལ་གནས་པ་དང་། །འབྱུང་བ་དག་ལ་གནས་པ་ཡི། །ཀླུ་གདུག་ཀླུ་བྲན་འཁོར་དང་བཅས། །དེ་རིང་སྲིད་པའི་མདོས་བཞེས་དང་། །མེ་ཏོག་སྣ་དགུ་མང་པོ་དང་། །ཚན་སྤོས་ཀླུ་སྨན་སྣ་ཚོགས་དང་། །གསོབ་ཤ་ཆུ་སྣ་མང་པོ་དང་། །འདི་རྣམས་འབུལ་ལོ་མདོས་བཞེས་དང་། །ནམ་མཁའ་ཡུལ་དུ་འབུལ་བས་བཞེས། །འབྱུང་བའི་རྟེན་དང་འཇིག་རྟེན་ནོར་གྱིས་མཆོད། །སྲིད་པའི་མ་མོ་ས་བདག་ཀླུ་གདུག་ཚོགས། །དེ་རིང་སྲིད་པའི་མདོས་བཞེས་དང་། །ནད་ རྣམས་ཐམས་ཅད་སོས་པར་གྱིས། །ཞེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མཚོ་སྨན་གྱི་མདོས་ཀྱི་ལེའུ་སོ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་ནག་པོ་བཀྲག་མེད་དང་། ཕྱི་བཙན་ཁ་བཞི་དང་། རྒྱལ་པོ་སྤྱན་གཅིག་དབང་ཕྱུག་ཆེན་པོ་དང་། ཀླུ་འཇོག་པོ་དང་། གཟའ་བི་ཏྲི་པ་དང་། ཐེ་རང་རྡོ་རྗེ་ལེགས་པ་དང་། བདུད་མོ་རལ་གཅིག་རྣམས་ཀྱིས། སེར་བ་དབབ་པའི་རང་རང་གི་ལས་འདི་སྨྲས་སོ། །དྲག་ལས་འབེབས་པའི་གནས་དག་བཙལ་ནས་ནི། །མཎྜལ་འཁོར་ལོ་རྩིབས་བརྒྱད་བྲི། །དེ་ཡི་དབུས་སུ་རབས་ཆད་ཐོད་པ་གཅིག །ཐོད་པ་དེ་ལ་འཁོར་ལོ་རྩིབས་བརྒྱད་བྲི། །དབུས་ནི་ཟླུམ་པོ་དཀྱིལ་གྲུ་གསུམ། །དབུས་སུ་ཀླུ་བདག་དང་ནི་ལིངྒ་གཟིར། །ཤར་གྱི་འཁོར་ལོ་དག་ནས་བསྐོར། །ཤར་དུ་རྒྱལ་པོ་ལྷོ་རུ་བཙན། །ནུབ་ཏུ་ཀླུ་ལ་བྱང་དུ་བདུད། །


DNG024_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོར་གཟའ་ལ། ལྷོ་ནུབ་ཏུ་དབང་ཕྱུག་སྟེ། ནུབ་བྱང་དུ་ཐེ་རང་། བྱང་ཤར་དུ་བདུད་མོའོ། །སྔགས་ཀྱི་རིམ་པ་དེ་ལྟར་དགོད། དབུས་སུ་དམིགས་པའི་མིང་རུས་ཡུལ་དང་རྫས་བཅས། སེང་ལྡིང་ཕུར་པ་གཅིག་ནི་ཀླུ་ཡི་བདག་ཉིད་དུ་གསལ་བ་དེ་ཡིས་བཞག །དེ་ལ་བསྒྲུབ་ཅིང་ཐ་མ་བརྡ་ཡང་དེ་ཡང་དེ་ཡིས་བྱ། གང་དུ་སྦས་པ་དེ་ནི་འཇོམས་པའི་གཏའ་མའོ། །གང་དུ་སྦས་པ་དེ་རུ་ངེས་པར་འབབས་པར་འགྱུར། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། སེར་བ་བསག་པའི་ལེའུ་སོ་བཞི་པའོ།། །།ཨོཾ་བདུད་ཡ་ཏྲི་མཾ་མཾ། སད་དུ་དྲག་ཏུ་པུ་ཏ་ཕོབ་ཡ། ཨོཾ་བཙུན་ཤུ་ཏྲི་ཙ་ཙ་དཾ་ཕོབ་ཡ། དེ་ནས་ཡང་དྲེགས་པ་རྣམས་ཀྱིས་མི་རྣམས་ལ་ལྟས་ངན་བཏང་བའི་ལས་འདི་སྨྲས་སོ། །གཏང་བར་འདོད་པས་ཐོད་པའི་ནང་། །རས་སམ་ཤོག་བུ་དག་ལ་ནི། །འཁོར་ལོ་རྩིབས་དྲུག་བྲིས་ནས་སུ། །དེ་ལ་ལྷ་འདྲེའི་སྔགས་བྲིས་ཏེ། ཐོད་པའི་ནང་དུ་གཞུག །དེ་ལ་ལྷ་འདྲེའི་སྙིང་པོ་ལྟས་ངན་གཏོང་བའི་སྔགས་འདི་བྲིའོ། །ཨོཾ་ར་སད་དེ་ཧུ་ལེ་ཕྲེཾ། ཤར་ཀོལ་ཐབས་སད་འུ་མི་སི་སེ་མང་ལང་ལིང་ལེར། ཁུ་ཛྭ་ཧེ་ཧ། ཞེས་བྲིས་ནས་དེ་ལ་བཟླས་ནས། གར་འབེབས་པའི་ཕྱོགས་སུ་བཏབ་ན་ཕེབས་པར་འགྱུར་རོ། །གང་ཇི་ལྟར་འདོད་པ་འབེབས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ལྟས་ངན་བཏང་བའི་ལེའུ་སོ་ལྔ་པའོ།། །།དེ་ནས་དྲེགས་པ་རྣམས་ཀྱིས་ལྟས་ངན་བབས་པ་དེའི་རྟགས་དང་བཟློག་ཐབས་སྨྲས་སོ། །ཤུལ་ལ་བྱུང་ན་དྲེགས་པའི་གནས་བཏབ་པའོ། །ཐན་གཡོ་བ་དང་བཟློག་པ་དང་། རྒྱས་འདེབས་པའོ། །བྱ་མི་སྙན་པ་བྱུང་ན་བང་ཆེན་པ་སྟེ། ཐན་བསྒྱུར་བའམ་ཟོར་བཟློག་བྱའོ། །རི་དྭགས་བབས་ན་གནམ་ལྕམ་ཞེས་བྱ་བ་སྟེ་གཏོ་བསྒྱུར་རོ། །སེམས་ཅན་མཚེ་མ་བྱུང་ན་མི་སྡུག་པ་སྟེ། དེ་རང་གིས་བཟློག་པ་བྱའོ། །སྙིང་མི་དགའ་བ་ནི་ཉམས་སད་པ་སྟེ། ཚེ་ཆོག་བྱའོ། །ལྷ་ལ་སྐྱབས་སུ་བྱའོ། །རྨི་ལྟས་ལོག་ན་ལྷ་འདྲེ་


DNG024_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པ་སྟེ། སྲིད་བསྒྱུར་གཏོང་ངོ་། །ལུག་ལ་རོ་ཁལ་དང་ཁྱི་ལ་རྩེད་པ་བྱུང་ན། དེ་རང་གིས་བཟློག་གོ། །བྱ་འབྲས་བྱུང་ན་དམུ་སྔོ་ཡིན་ཏེ་ཁྲམ་ཕྱི་བར་བྱའོ། །དེ་རྣམས་ཀྱི་ལྟས་ངན་རངས་པ་བཟློག་ན། ཁྱི་ནག་པོའི་ཐོད་པའི་ནང་དུ་འཁོར་ལོ་རྩིབས་བརྒྱད་ཀྱི་ནང་ལ། དེ་ལ་སྔགས་འདི་བྲིས་ཏེ། ཕཊ་ཏེར་སད་ཁུ་ལེ་ཕྱོ་ནི་ཁུ་ལེ་དྲི་ཤ་དྲི་ནི་བྷྱོ། ཞེས་པ་དེ་བྲིས་ལ། དབུས་སུ་གསང་བདག་སྔགས་བྲིས་ལ། དར་མཐིང་ནག་གིས་ཁ་བཅད་ལ། སྔགས་དེ་བཟླས་ཤིང་། ཐོད་པ་དེ་ལུང་གསུམ་མདོའམ། ལམ་རྒྱ་གྲམ་མམ། རི་གསུམ་རྩེར་བསྐྱལ་ཏེ་མནན་ན་ལྟས་ངན་གང་བབས་ཀྱང་ཟློག་པར་འགྱུར་རོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ལྟས་ངན་བཟློག་པའི་ལེའུ་སོ་དྲུག་པའོ།། །།དེ་རྣམས་ཀྱི་རང་རང་གི་རྒྱུ་ལུགས་དང་ཀི་ཀང་རྒྱུ་བ་བསྟན་ཅིང་སྨྲས་པ་སྟེ། བདག་ཅག་རྣམས་ནི་དྲེགས་པ་འཁོར་བཅས་ཏེ། རྒྱུ་བའི་དུས་ནི་འདི་ལྟ་སྟེ། སྲོད་ལ་བདུད་རྒྱུ། སྲོད་ཆུང་ལ་བཙན་རྒྱུ། གུང་སྟོད་ལ་བདུད་རྒྱུ། གུང་སྨད་ལ་རྒྱལ་པོ་རྒྱུ། ཐོ་རངས་ཐེ་རང་རྒྱུ། སྐྱ་རེངས་ལ་ཐེ་རང་རྒྱུ། ནམ་ལངས་ལ་སྨན་རྒྱུ། ཉི་རྩེ་ལ་ཀླུ་རྒྱུ། དྲོས་ལ་ས་བདག་རྒྱུ། དེ་ལྟར་རྒྱུ་བ་ལགས་ཏེ། གང་དང་འཕྲད་པ་དེ་ནི་ཕུང་བར་འགྱུར་རོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྒྱུ་བའི་དུས་བསྟན་པའི་ལེའུ་སོ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དཀོར་གྱི་བདག་པོ་པེ་ཀར་གྱིས་རང་རང་གི་བཅོས་པའི་ལས་འདི་དག་སྨྲས་སོ། །བདག་ཅག་རྣམས་ནི་སྲིད་པའི་དཀོར་གྱི་བདག་པོ་ཡིན། བདག་ནི་སྲིད་པ་ལས་བྱུང་བ་ལགས་ཏེ། ལྷ་བཤོས་ལྡེམ་པ་དང་ཏིང་ལོར་བཅས། མེ་མར་ཁ་ལྔ་སྤྱན་གཟིགས་བཅས། །ནམ་མཁའ་དཀར་པོ་དག་དང་ནི། །བཤོས་བུ་རྒྱས་པ་དེ་ལ་གཟུག །རྨྱུག་མ་གཙང་མ་ཚིགས་མང་དང་། །རིན་ཆེན་མཁར་ནི་སུམ་སྒྲོག་བྲི། །ལྷ་བཤོས་དེ་ལ་གཟུག་པར་བྱ། །འདབ་ཆགས་བྱ་དང་གཅན་གཟན་དང་། །


DNG024_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧེ་རྟ་དང་གླང་དཀར་དང་། །འབྲི་དཀར་གསོབ་དང་ལས་དག་བྱ། །ཁྱུང་གི་སྒོ་ང་ཟངས་ཀྱི་ཁྱི། །སྦྲུལ་གྱི་བླ་རེ་ལྕགས་ཀྱི་ཁྱི། །དཀོར་ནོར་དང་ནི་སྤྱན་གཟིགས་དང་། །དཀོར་བདག་དེ་ནི་མཆོད་པར་བྱ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། པེ་ཀར་བསག་པའི་ལེའུ་སོ་བརྒྱད་པའོ།། །།ཧཱུཾ། སྲིད་པ་དང་པོ་ལས་བྱུང་སྟེ། །དང་པོ་བྱང་ཆུབ་སེམས་དཔའ་སྟེ། །ས་པ་ལ་ནི་གནས་པའི་ཚུལ། །དེ་ལས་ཚུལ་དང་སྡོམ་པ་ཉམས། །ས་ལ་བབས་ནས་ནམ་མཁའ་གནས། །དེ་ནས་ལྷ་ཡི་ཡུལ་དུ་བབས། །མི་དཀར་ལྡེམ་པ་ལ། །འོད་དཀར་ལམས་སེ་ལམ། །དབུ་ལ་འཛམ་བུ་གླིང་བཞིའི་དཔེ། །ཟླ་གམ་དང་ནི་སོག་ཁ་དང་། །ཟླུམ་པོ་གྲུ་བཞི་དབུ་ལ་ཚང་བར་འདུག །ལྷ་རྣམས་ཀྱི་ལྷ་བཤོས་དང་། མེ་ཏོག་སྣ་དགུ་དང་། རིན་ཆེན་སྣ་ལྔ་དང་། མཐུན་པའི་ཡས་འདི་འབུལ། ལྷ་ཡི་རྒྱལ་པོའི་ཞལ་ན་རེ། འུ་ཅག་ལྷ་ཡི་བུ་མོ་ཁབ་ཏུ་འདོད་པ། འདི་ནི་སྲིད་པའི་བུ་གཅིག་ཡིན་པར་ངེས། དབུ་ལ་འཛམ་བུ་གླིང་བཞི་ཚང་བར་འདུག་པས། པེ་ཀར་རྒྱལ་པོ་བྱ་བ་ཡིན་གསུངས་ནས། པེ་ཀར་རྒྱལ་པོར་བཏགས། འདི་ནི་དབུ་ལ་ཟེ་འབྲུ་ཡང་འདུག་པས། བྱང་ཆུབ་ས་ལས་ཆད་པ་ཡིན། གནམ་ལས་བྱུང་བས་འདི་ནི་གནམ་ལྷ་བྱང་ཆུབ་བྱ་བར་ཡང་བཏགས་སོ། །དེ་ནས་སྲིད་པ་ཡོངས་ལ་གནོད་དོ། །འཛམ་བུ་གླིང་བཞིར་བབས། བྷ་ཏ་ཧོར་གྱི་ཡུལ་དུ་བབས། དེ་ན་དཀོར་གྱི་ལོངས་སྤྱོད་བསམ་མི་ཁྱབ། །ད་ལྟ་བོད་ཡུལ་ཡོངས་ལ་གནོད་པ་བྱེད། །སྲིད་པའི་རྒྱལ་པོ་མདོས་བཞེས་ཤིག །མེ་ཏོག་སྣ་དགུས་མཆོད། །ལྷ་བཤོས་རི་རབ་ཀྱིས་མཆོད། །སྣང་གསལ་འོད་ཀྱིས་མཆོད། །ནམ་མཁའ་ཡུལ་དུ་འབུལ། །མདའ་ནི་མཁར་དུ་འབུལ། །རིན་ཆེན་སྣ་ལྔ་གཏེར་དུ་འབུལ། །སྤྱན་གཟིགས་དཀོར་ཆ་མང་པོ་འབུལ། །ཞེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དཀོར་གྱི་བདག་པོ་པེ་ཀར་བཅོས་པའི་ལེའུ་སོ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་


DNG024_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱན་སྔར། རྒྱལ་པོ་སྲོག་བདག་སྤྱན་གཅིག་དང་། སད་བཞིས་རང་རང་གི་བཅོས་པའི་ཐབས་དང་ལས་འདི་དག་སྨྲས་སོ། །ས་གཞི་དེ་ནི་བརྟག་པ་དང་། །གསང་བདག་ཏིང་འཛིན་ལྡན་པ་དེས། །འབྲུ་སྣ་ཚང་བའི་ངར་ཕྱེ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །རི་རབ་དེ་ནི་ཆེན་པོ་ལ། །རྩེ་ལ་མེ་མར་ཁ་བཞི་བཏང་། །གླ་བ་སྤོས་དང་རྐང་དང་ཚིལ། །མར་དང་མཁྲིས་དང་གླ་བས་བརྒྱན། །ཟ་འོག་གུར་དང་ནམ་མཁའ་བཞི། །སེང་གེ་གཡུ་རལ་ཅན་དང་ཉི་མ་ཟེར་མདངས་རྒྱས་པ་དང་། །གཡུ་སྦྲུལ་སྔོན་མོ་དང་ནི་ཁྱུང་ཆེན་རྒྱས་པ་དང་། །གཞན་ཡང་མཁར་དང་ཕོ་བྲང་དང་། །གཡག་དང་ལུག་དང་བ་གླང་དང་། །རྟ་དང་བྱ་དང་མཐུན་པའི་ཡས་སྟགས་བསག །དེ་ཡིས་མཆོད་ཅིང་ལས་འདི་བྱ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་གསོག་པའི་ལེའུ་བཞི་བཅུ་པའོ།། །།ཧཱུཾ། རྒྱལ་པོ་བྱང་ཆུབ་སེམས་དཔའ་ལགས་པར་ཆ་མ་མཆིས། །རྒྱལ་པོ་བྱང་ཆུབ་སེམས་དཔའ་ལགས་པར་ཆ་མཆིས་ན། །གཡའ་བ་ལ་ནི་ཕ་ཡི་རྒྱུ། །དམའ་བ་ལ་ནི་མ་ཡི་རྐྱེན། །ཉ་ལྕིབས་མཚོ་ཡི་གོས། །མི་མཚམས་བརྡ་རུ་མཚམས། མཚམས་རྗེ་ཡག་པ་གཅིག །མི་ཡི་མི་སྔོན་ལགས། །ལག་པ་བརྒྱད་དུ་འདུག །ལག་པ་བརྒྱད་པོ་ཡང་། །གཡུ་དང་མུ་མན་ལགས། །གློ་དང་སྙིང་ག་འདེབས། །སྐུ་ལ་རྨ་བྱའི་མདོངས་ཀྱི་ཐུལ་པ་གསོལ། །དབུ་ལ་གཞའ་ཡི་ཐོད། །གཞའ་ཐོད་མ་ལགས་ཏེ། །ནད་ཀྱི་དབུ་རྒྱན་བྱ། །རྨ་བྱའི་ཐུལ་པ་མ་ལགས་ཏེ། །དུག་གི་རི་མོ་ཅན། །གཡུ་རྟ་བྱ་གདོང་ཆིབས་སུ་ཆིབས། །ཞོལ་ཞོལ་སྒྲ་ཡི་གཟུགས། །ཁོལ་བརྒྱད་རྗེ་དང་དགུ། །སྔར་ཡང་མ་མཆོད་སྟེ། །ད་ཡང་མཆོད་མི་འཚལ། །མི་འཚལ་བ་ཡི་དབང་མ་མཆིས། །གཡས་ན་སྟག་སྨད་འཕྱང་། །གཡོན་ན་སྦྲུལ་སྨད་འཁྱུག །ཐུགས་ཀའི་ཐལ་གྱིས་བུ་ཆུང་སྐུ་གཟུགས་འབར། །རྒྱལ་པོ་ཅིར་བརྫུན། །ཤེལ་གྱི་ཉི་མ་དང་། །གཡུ་ཡི་ཉི་མ་དགུ་རུ་བརྫུས། །རྒྱལ་པོ་ཉི་པད་


DNG024_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སད། །ཤེལ་གྱི་ཟླ་བ་དགུ་རུ་བརྫུས། །ཟླ་བ་ཕྱག་འཚལ་ན། །བདུད་དུ་མ་བབ་ཅིག །གཤེད་དུ་མ་བབ་ཅིག །རྒྱལ་པོ་གཟའ་རུ་བརྫུས། །ལྷ་དཀར་པོ་བསངས། །རྒྱལ་པོ་སེང་གེར་བརྫུས། །གཅན་གཟན་སྟོང་ཚོགས་ཀྱང་། །སེང་ལས་གཉན་མ་མཆིས། །གངས་རི་སེང་པང་སད། །རྒྱལ་པོ་ཁྱུང་པང་སད། །རྒྱལ་པོ་ཉི་པང་སད། །ཁོང་མཚོ་དགུ་སྡེ་སད། །གཡུ་སྦྲུལ་སྔོན་པོར་བརྫུས། །ཀླུ་བྲན་སྟོང་གིས་བསྐོར། །ཀླུ་རྗེ་སྤྲུལ་པང་སད། །རྒྱལ་པོ་ནི་ཆེན་པོ་སྟེ། །འབོག་པའི་ནད་དུ་མཛད། །སྨྱོ་བའི་ནད་དུ་མཛད། །བརླམ་པའི་ནད་དུ་མ་མཛད་དང་། །རྒྱལ་པོ་ཆེན་པོ་ཁྱོད། །མགོ་འཁོར་བར་མ་མཛད། །མི་བས་གླུད་རེ་ཆེ། །རི་རབ་ཆེན་པོ་དང་། །གསལ་བའི་མར་མེ་དང་། །སྤྱན་གཟིགས་དཀོར་ཆས་མཆོད། །མཐུན་པའི་ཡས་ནི་འབུལ། །གླ་བ་སྤོས་ཀྱིས་མཆོད། །མཁྲིས་དང་མར་གྱིས་མཆོད། །མཐུན་པའི་ཡས་ཀྱིས་མཆོད། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་བཅོས་པའི་ལེའུ་བཞི་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བཙན་སིལ་མ་སྟོང་གིས་རང་རང་གི་བཅོས་པའི་ལས་འདི་དག་སྨྲས་སོ། །འབྲུ་སྣ་ཚང་བའི་གསང་ཕྱེ་ལ། །རི་རབ་དང་ནི་དཔག་བསམ་ཤིང་། །ནམ་མཁའི་གུར་དང་སིལ་མའི་རྐྱེན། །ས་ལ་འཛུལ་དང་གནམ་ལ་འཕུར། །གཟུགས་ནི་མང་པོས་བསྐོར་བར་བྱ། །ནམ་མཁའི་རིགས་ཚོགས་ཉི་ཤུ་གཅིག །མདའ་དམར་གྲངས་ཀྱང་དེ་བཞིན་བྱ། །བཙན་བཤོས་ཟུར་གསུམ་ཉི་ཤུ་གཅིག །བྱ་དང་ངར་བུ་གྲངས་ཀྱང་དེ་བཞིན་བྱ། །རྟ་པ་ཕུབ་ཅན་གྲངས་ཀྱང་དེ་བཞིན་བྱ། །སྤྱན་གཟིགས་དཀོར་ཆ་ཕུད་ཀྱིས་མཆོད། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་སིལ་མ་བསག་པའི་ལེའུ་བཞི་བཅུ་གཉིས་པའོ།། །།ཧཱུཾ། ཕྱི་བཙན་ཆེན་པོ་སྟེ། །ཁ་བཞི་མིག་བརྒྱད་པོ། །ང་རྒྱལ་ཆེན་པོའི་གཙོ། །བཙན་ཕྲན་ནི་ཁ་ལོ་བསྒྱུར། །སྲིད་པ་གསུམ་གྱི་སྲོག་དབུགས་བདག །སྐྱེ་འགྲོ་མ་ལུས་


DNG024_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བདག །མི་ཡི་བདུད་དང་ཕྱུགས་ཀྱི་ནད། །མདོས་བདག་མདོས་བཞེས་དང་། །འབྱུང་བ་ལྔ་ཡི་བཙན། །མི་དཀར་རྟ་དཀར་དྲི་ཟའི་འཁོར། །ལྷོ་བཙན་མི་སྔོ་རྟ་སྔོ་དེ། །གཤིན་རྗེའི་གདོན་ཚོགས་འཁོར། །ནུབ་བཙན་མི་དམར་རྟ་དམར་ཏེ། །ཀླུ་བཙན་འཁོར་དང་བཅས། །མདོས་བདག་མདོས་བཞེས་དང་། །བྱང་ཕྱོགས་གནོད་སྦྱིན་བཙན། །མི་ལྗང་རྟ་ལྗང་སྟེ། །གནོད་སྦྱིན་གདོན་ཚོགས་འཁོར་དང་བཅས། །མདོས་བདག་མདོས་བཞེས་དང་། །བཙན་ནི་སྟོང་སྡེ་ཡང་། །སྡེ་ནི་དམངས་རིགས་སྡེ་རུ་གཏོགས། །འབྱུང་བ་ལྔ་ལ་གནས་བཅས་ནས། །ང་རྒྱལ་ཁེངས་པས་སྲིད་པའི་མི་ལ་གནོད། །བཙན་གྱི་སྟོང་སྡེ་ལས། །ཁྱེད་སྲིད་པ་ནི་ཁྱབ་པར་གནས། །འཕན་པོ་བཙན་གྱི་བུ། །གཟེར་དང་ཁྲག་སྐྱུག་ནད་དུ་མཛད། །ལ་ལ་འབྱུང་བ་ནམ་མཁའ་དག་ལ་གནས། །སྐར་ཆེན་གཞའ་དང་དགུ་ཚིགས་གནས། །ཉི་ཟེར་ཟླ་ཟེར་དག་ལ་གནས། །མི་བུ་གསོད་པར་མཛད། །དུད་འགྲོ་ཤན་དམར་བྱེད། །གནམ་ལྕགས་མདའ་ལྟར་འཕེན། །མདོས་བདག་མདོས་བཞེས་དང་། །ལ་ལ་འབྱུང་བ་ས་ལ་གནས། །ས་དང་རླན་གྱི་བུ། །མི་བཀྲ་རྟ་བཀྲ་འབྱུང་། །ཞགས་པ་མདའ་ལྟར་འཕེན། །བཙན་དམག་གཡོབ་ཅིང་རྒྱུག །མདོས་བདག་མདོས་བཞེས་དང་། །ལ་ལ་ཤིང་དང་ས་ལ་གནས། །མི་དཀར་རྟ་དཀར་དང་། །ཤིང་ལོ་གོས་སུ་བསོག །ཐང་ཆུ་སྐོམ་དུ་འཐུང་། །ཤིང་འབྲས་ཟས་སུ་ཟ། །སྲིད་པ་ཀུན་ཏུ་རྒྱུག །གནས་པ་ཤིང་ལ་གནས། །གནོད་པ་མི་ལ་གནོད། །རྒྱབ་ཏུ་ཀླུ་ཆེན་གཡོབ། །མདོས་བདག་མདོས་བཞེས་དང་། །ལ་ལ་འབྱུང་བ་བྲག་ལ་གནས། །ལ་ལ་བྲག་དམར་རྩེ་ལ་གནས། །ལ་ལ་བྲག་ནག་ངོས་ལ་གནས། །ལ་ལ་བྲག་སེར་ངོས་ལ་གནས། །ལ་ལ་བྲག་དཀར་ཟུར་ལ་གནས། །འབྱུང་བའི་མི་དེ་རྟ་ལ་ཞོན། །ལ་ལ་མི་དཀར་རྟ་དཀར་རྒྱུག །ལ་ལ་མི་དམར་རྟ་དམར་ཏེ། །ལ་ལ་མི་སེར་རྟ་སེར་འབྱུང་། །ལ་ལ་མི་ནག་རྟ་ནག་


DNG024_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ལ་ལ་ཤིང་གི་རི་མོ་ཅན། །ལ་ལ་རིན་ཆེན་སྣ་ལྔས་བརྒྱན། །ལ་ལ་དར་དང་ནམ་མཁའ་གསོལ། །གནས་པ་བྲག་ལ་གནས་ཤིང་རྒྱུ་བ་རི་རྩེ་ལུང་གསུམ་རྒྱུ། །གནོད་པ་འཛམ་བུ་གླིང་གི་མི་ལ་མཛད། །མདོས་བདག་མདོས་བཞེས་དང་། །གླུད་བདག་གླུད་བཞེས་དང་། །བྲག་བུ་སྐྱ་རེ་ལ། །བཙན་བུ་སྐྱ་རེ་གནས། །ལུང་པ་སུལ་རེ་ལ། །བཙན་ཕོ་སྐྱ་རེ་གནས། །མཁར་དང་རྫོང་རེ་ལ། །བཙན་པོ་སྐྱ་རེ་གནས། །མདོས་དང་ཡས་བཞེས་དང་། །སྨ་བཙན་སྔོན་དང་རྗེ། །སེ་བཙན་སྤུན་དགུ་དང་། །དུར་བཙན་དགུ་པོ་ཁ། །བྲག་བཙན་ཤོར་བ་རྗེ། །གནམ་བཙན་འཕྲུལ་བུ་རྗེ། །ས་བཙན་ལྡོན་དེ་ན། །ཆུ་བཙན་སྔོན་དང་རྗེ། །གངས་བཙན་རོམ་བུ་རྗེ། །གཡའ་བཙན་དར་བཙན་རྗེ། །སྤང་བཙན་གང་བུ་རྗེ། །ནགས་བཙན་མུན་དང་རྗེ། །གཡེ་བཙན་ཁྲིན་དུ་རྗེ། །མདོས་བདག་མདོས་བཞེས་དང་། །གླུད་བདག་གླུད་བཞེས་དང་། །བཙན་བྲན་སྟོང་སྡེ་དང་། །འབྱུང་བ་ཁྱབ་པར་གནས། །སྐྱེ་འགྲོ་ཀུན་ལ་གནོད། །མདོས་བདག་མདོས་བཞེས་དང་། །ཞེས་བསྔོས་ལ་གཏང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་བཅོས་པའི་ལེའུ་བཞི་བཅུ་གསུམ་ པའོ།། །།དེ་ནས་ཡང་སྟོན་པའི་སྤྱན་སྔར། ཀླུ་བཙན་མཆེད་གསུམ་གྱིས་རང་རང་གི་ལས་འདི་དག་སྨྲས་སོ། །གླུད་བདག་ཏིང་འཛིན་ལྡན་པ་དེས། །དར་དཀར་རས་དཀར་གདན་སྟེང་དུ། །འབྲུ་སྣ་གསུམ་མམ་ཚང་བ་ལ། །བཙན་བཤོས་ཟུར་གསུམ་བྱས་ནས་ནི། །དམར་དང་སེར་དང་ནག་པོར་བྱ། །མདའ་ནི་ལྟོང་དམར་ལྟོང་སེར་དང་། །ལྟོང་ནག་གསུམ་ནི་གཟུག་པར་བྱ། །གླང་དམར་དང་ནི་ལུག་དང་ར་དང་གསུམ། །བྱ་དང་བཅས་པ་བསག་པའོ། །སྦལ་ལྕོང་ཉ་དང་ནི། །སྦྲུལ་དང་རྩངས་པ་རྟ་དང་ཕུག་རོན་དང་། །སྡིག་པ་བ་གླང་བཅས་པ་ བསག །ངར་བུ་བྱ་དང་གཟུགས་ཀྱང་བསག །འོ་མ་སྣ་ཚོགས་རྩི་སྨན་བཅས། །མེ་ཏོག་འབྲུ་སྣ་མང་པོ་དང་། །ནམ་མཁའ་གསུམ་ནི་རིགས་དང་བསྟུན། །འབྲང་རྒྱས་གསུམ་ལ་གཟུག་པར་བྱ། །དཀྱིལ་དུ་སྤྱི་ཡི་བཤོས་བུ་ཁྲུ་གང་བཞག །ཕུད་དང་འབྱོར་པ་ཚང་བར་བསག །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་


DNG024_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལས། ཀླུ་བཙན་བསག་པའི་ལེའུ་བཞི་བཅུ་བཞི་པའོ།། །།དེ་ནས་ཡང་བསྔོ་བ་ནི། ཧཱུཾ། སྲིད་པ་ཀུན་གྱི་བདག །ཀླུ་བཙན་ནི་མཆེད་དེ་གསུམ། །ནད་དང་སྣ་ཚོགས་གཏོང་། །གདུག་པ་ཆེ་ཞིང་ལྷ་འདྲེ་ཀུན་གྱི་རྒྱབ་མཛད་པ། །ཕ་ནི་བཙན་ལ་མ་ནི་ཀླུ་ཡི་ལྕམ་མོ་དེ། །ཀླུ་བཙན་ཚོགས་པའི་དྲག་ཤུལ་ཅན། །ཕ་ནི་འགྲོ་སྟེང་རྒྱལ་བ་ཡིན། །མ་ནི་བཙུན་བཟའ་ལྕམ་གཅིག་མ། །བུ་ནི་སྤུན་གསུམ་བྱུང་བ་ལ། །ཕུ་བོ་ཀླུ་བཙན་ནག་པོ་གཅིག །མི་ནག་མདུང་ཙམ་གཅིག །དར་ནག་རལ་ཀ་གསོལ། །སྦྲུལ་ནག་ཟ་ར་ཚགས། །སྦལ་ནག་ཆ་ག་ཅན། །རྟ་ནག་ཆེན་པོ་ཆིབས། །གཡས་ན་སེ་བཙན་སྟོང་གི་དམག་སྣ་འདྲེན། །གཡོན་ན་བྲག་བཙན་སྟོང་གི་སྣ་ཡང་འདྲེན། །རྒྱབ་ན་གདུག་པ་ཀླུ་ཡི་བུ། །སྣ་ནི་ཐེ་རང་ཆེན་པོས་འདྲེན། །མདོས་བདག་མདོས་བཞེས་དང་། །ཀླུ་བཙན་དམར་པོ་དེ། །མི་དམར་མདུང་ཙམ་གཅིག །གླང་དམར་རུ་དམར་ཆིབས། །དར་དམར་རལ་ག་ལ། །སྦྲུལ་དམར་གདེངས་རལ་ཅན། །སྦལ་པ་དམར་པོའི་ཆ་ག་ཅན། །སྡོམ་སྡིག་སྣ་ནས་འཐོར། །འབྲུམ་བུ་རྣག་དང་ནད་ཁྲག་མང་པོ་འཐོར། །བཙན་ཕྲན་འབུམ་ནི་སྣ་ཡང་འདྲེན། །གདུག་པ་ཀླུ་ཡི་རྒྱབ་མཛད་པ། །མདོས་བདག་མདོས་བཞེས་དང་། །ཀླུ་བཙན་མཆེད་གསུམ་ཁྱོད། །སྟོན་པ་སྟོང་གི་སྡེ་དཔོན་ལུང་ལ་ཉོན། །དྲེགས་པ་ཀུན་གྱི་རྒྱབ་མཛད་པ། །ཡི་དྭགས་འདྲེ་བཀྲེན་མ་འདྲེན་སྣ་མ་མཛད། །ཅེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུ་བཙན་བསྔོ་བའི་ལེའུ་བཞི་བཅུ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བརྟན་མ་བཅུ་གཉིས་ཀྱིས་རང་རང་གི་བཅོས་པའི་ཐབས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །འབྲུ་སྣ་ཚང་བའི་ཕྱེ་མ་ལ། །བྱིན་གྱིས་བརླབ་ཅིང་སྦྲུས་ནས་སུ། །རི་རབ་ཁ་དོག་རིགས་དང་བསྟུན། །དཔག་བསམ་ཤིང་དང་ནམ་མཁའ་ཚོན་སྣ་ལྔ་ཡི་གུར། །དར་དང་རྒྱ་ལོང་བརྒྱན་པར་བྱ། །ར་དང་ལུག་དང་བྱ་དཀར་མོ་དང་། སྨུག་མོ་དང་དམར་མོ་དང་སྔོན་མོ་དང་བཅས་པ་མང་དུ་བསག་གོ། །ཤ་བ་དང་རྟ་དང་གླང་དང་མཛོ་རྟོལ་དང་། སོ་བྱ་དང་འབྲི་དང་བཅས་པས་རི་རབ་བསྐོར། འབྲང་རྒྱས་བཅུ་གཉིས་རི་རབ་


DNG024_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་དུ་ཆེ་བ་གཅིག་བྱ། དེ་ལ་ནམ་མཁའ་དམར་པོ་བཞི། དཀར་པོ་བཞི། ནག་པོ་བཞི་བྱས་ལ་འབྲང་རྒྱས་ལ་གཟུག །འཕང་གི་གྲངས་ཀྱང་དེ་བཞིན་གཟུག །ལྷ་རྫས་ལྷོ་རྫས་བྱང་རྫས་བསག །ཤ་ཁྲག་གཏོར་མ་དཀོར་ཆ་རིན་ཆེན་ཕུད་རྣམས་བསག །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བརྟན་མ་བསག་པའི་ལེའུ་བཞི་བཅུ་དྲུག་པའོ།། །།ཧཱུཾ། བརྟན་མ་ནི་བཅུ་གཉིས་ཏེ། །སྐྱོང་མ་དང་ནི་བཅུ་གསུམ་ནི། །དབང་ཕྱུག་དང་ནི་དྲེགས་པའི་བུ། །དྲེགས་པ་ཆེན་པོའི་བུ་མོ་སྟེ། །ལ་ལ་དྲག་ཅིང་མཐུ་རྩལ་ཁྱད་པར་མི་བཟད་དེ། །རི་རབ་རྩེ་བསྙིལ་རྒྱ་མཚོའི་གཞུང་ཡང་སྐེམ། །གནམ་གྱི་མཐའ་བསྐོར་སྲིད་པའི་རླུང་བས་མགྱོགས། །ཁྲམ་ཤིང་ཤོ་རྡེ་དཀར་ནག་བྱང་དམར་དཀྱུས། །ཚོན་གྱི་གྲུ་གུ་ནད་ཀྱི་རྐྱལ་པ་རྡེབས། །བརྒྱལ་དང་ཁྲག་སྐྱུག་གཟེར་བའི་ནད་རྣམས་གཏོང་། །འདིར་སྤྱོན་སྲིད་པའི་མདོས་ལ་སྤྱན་འདྲེན་ན། །ཕ་ནི་གནམ་གྱི་རྫི་རྒན་དེ། །མ་ནི་ནག་མོ་ཁྲོ་གཉེར་ཅན། །བུ་མོ་བདུད་མོ་ཆེན་མོ་བཞི། །བདག་ཉིད་རྡོ་རྗེ་ཀུན་གྲགས་མ། །བདུད་རྟ་ནག་པོ་ཞོན་ནས་སྲིད་པ་ཁྱབ་བྱེད་མ། །དར་ནག་ལུས་ལ་གོན་ཞིང་ཁྲམ་ནག་ཕྱག་ན་བསྣམས། །དཔལ་ལྡན་རྡོ་རྗེ་གཡའ་མ་སྐྱོང་། །གསལ་ལེ་གྲུས་མོ་ཞོན་ནས་སྟོང་ཁམས་ཁྱབ་པར་ཉུལ། །བདུད་དར་ནག་པོ་གོན་ཞིང་ཁྲམ་ལ་མདའ་ལྟར་འཕེན། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །རྔ་མོ་སྐེ་རིང་ཞོན་ནས་སྲིད་པ་ཀུན་ཏུ་འགྲོ། །མཐིང་ནག་ལེའུ་གོན་ནས་རིན་ཆེན་རྒྱན་ཆས་སྤྲས་ཤིང་ཁྲག་གི་གྲུ་ཆར་འདེབས། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །དྲིལ་ནག་ཞོན་ནས་དར་གྱི་ལའུ་གྱོན་ཞིང་རུ་མཚོན་འཕྱར། །མེ་མིག་འཕྲོ་ཞིང་སྲིད་པར་རྒྱུག །བདུད་མོ་ཆེན་མོ་བཞི་ཡང་མདོས་བཞེས་དང་། །ཕ་ནི་ཟངས་མགྲིན་ཆེན་པོ་སྟེ། །མ་ནི་དམར་མོ་མཆེ་གཙིགས་མ། །བུ་ནི་གནོད་སྦྱིན་ཆེན་མོ་བཞི། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མ་ནི་དཀར་མོ་མཛེས་མ་ལ། །གསེར་གཡུ་མཛེས་པའི་རྒྱན་གྱིས་སྤྲས། །སྨན་ཤ་ཡུ་ཆུང་ཞོན་ནས་རྒྱུག །གསེར་ཆེན་མཁའ་ལ་ལྡིང་བ་རྡོ་རྗེ་ཀླུང་ཆེན་མ། །རིན་ཆེན་སྣ་ལྔས་བརྒྱན་ནས་རྐྱང་བུ་ཞོན་ནས་རྒྱུག །རྨ་རི་རབ་འབྱམས་རྡོ་རྗེ་གྲགས་


DNG024_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྒྱལ། །རྨར་སྣམ་མཛེས་པ་གསོལ་ནས་རིན་ཆེན་ཆ་ག་ཅན། །ཁ་རག་ཁྱུང་བཙུན་སྲིད་པ་ཀུན་གྱི་ཡུམ། །དམར་མོ་རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །གནོད་སྦྱིན་ཆེན་མོ་བཞི་ནི་མདོས་བཞེས་དང་། །ཕ་ནི་ལྷ་ཆེན་པོ་སྟེ། མ་ནི་དཀར་མོ་བཞིན་བཟང་མ། །བུ་མོ་སྨན་མོ་ཆེན་མོ་བཞི། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །དཀར་མོའི་ལུས་ལ་རིན་ཆེན་གོ་ལྕོག་ཅན། །ཆིབས་སུ་ཤ་བ་ཡུ་མོ་ཞོན་ནས་རྒྱུག་ཅིང་རྨེན་ནད་གཟེར་བ་གཏོང་། །མ་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །ཆིབས་སུ་རྔ་མོ་ཆིབས་ནས་མཛེས་པའི་རིན་ཆེན་གསོལ། །བཙན་ལ་རོལ་ལོ་རྡོ་རྗེ་སྨན་གཅིག་མ། །ན་བཟའ་རིན་ཆེན་སྣ་ལྔས་བརྒྱན། །སྨན་མོ་བཞི་ཡང་སྲིད་པའི་མདོས་བཞེས་དང་། །མ་བཙུན་བརྟན་མ་བཅུ་གཉིས་པོ། །གསང་བདག་སྟོན་པའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་དམ་བཅས་པ། །རྒྱུ་ནི་སྲིད་པ་ཁྱབ་པར་རྒྱུ། །མཐུ་རྩལ་ཆེན་པོའི་ཁྱད་པར་ནི། །བདག་ཅག་བརྟན་མ་བཅུ་གཉིས་ཏེ། །བསྟན་པ་གཉན་པོ་བསྲུང་བ་ན། །བསྟན་པ་གཉན་པོ་འཇིག་པ་ནི། །སྔགས་ཀྱི་ཡང་དབེན་འཇིག་པ་ན། །ལྕགས་ཐོག་ཟངས་ཐོག་རྡོ་ཐོག་དབབ་བྱས་ལ། །དེ་རུ་བཅད་ཅིང་གསད་པར་བྱ། །ཞལ་གྱི་ངད་པ་དག་ལས་ནི། །དུང་སེར་དཀར་པོ་དེར་ཕབ་ལ། །འབྲུ་སྣ་རྩི་ཐོག་སྐེམ་ཞིང་སེམས་ཅན་རླག་པར་བྱེད། །ཚོན་གྱི་གྲུ་གུ་དེར་བརྐྱངས་ལ། །སྣ་ལྔའི་ནད་ཀྱིས་བཅིང་བར་བྱ། །ནད་ཀྱི་རྐྱལ་པ་དེར་བརྡབས་ལ། །སེམས་ཅན་དམྱལ་ཐག་གཅད་པར་བྱ། །གཟེར་ནད་ཁྲག་སྐྱུག་གཏང་བར་བྱ། །བྱང་དམར་དཀྱུས་ལ་གདབ་པར་བྱ། །ཁྲམ་ལ་གདབ་ཅིང་ཤོད་ལ་དགྲམ། །སངས་རྒྱས་བསྟན་པ་དེར་སྲུང་ངོ་། །དུས་ངན་ཐ་མ་ལན་ཅིག་བྱུང་བའི་ཚེ། །བདག་ཅག་རྣམས་ཀྱི་བསྟན་པ་འབྱུང་། །ལྟོས་ན་ཡོན་ཏན་ཚེ་སྲོག་བསྲིང་། །མིང་པོ་བགེགས་ཅན་རྣམས་དང་ནད་སྣ་མང་པོ་བསྲུང་། །འབྲུ་རྣམས་འཁྲུངས་ཤིང་སྐུ་ཚེ་བསྐྱབ་པར་བྱ། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །རི་རབ་ནམ་མཁའ་སྐྱེ་འགྲོའི་གཟུགས། །འབྲུ་བཅུད་སྐྱེམས་དང་ཤ་སྣ་ཁྲག་སྣ་དང་། །སྤྱན་གཟིགས་དཀོར་ཆ་མཐུན་པའི་ཡས་རྣམས་འབུལ། །དེ་རིང་


DNG024_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་མདོས་བཞེས་དང་། །ནད་ཁ་སྒྱུར་ལ་གོད་ཁ་སྡོམས། །ཞེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བརྟན་མ་བཅོས་པའི་ལེའུ་བཞི་བཅུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་ཐམས་ཅད་ཀྱིས་སྨྲས་པ། བདག་ཅག་རྣམས་ནི་ཚེ་དང་སྲོག་ལ་དབང་བྱེད་པ་སྟེ། འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེ་དང་སྲོག་ལ་དབང་བྱེད་པ་སྟེ། ཚེ་སྲོག་གི་བདག་པོའང་བདག་ཅག་ལགས་ཏེ། མི་དེའི་སྲོག་དང་གླུད་བརྗེ་བར་འདོད་ན། ལུག་གམ་ཙ་ར་གང་ཡང་རུང་། གསང་བདག་ཏིང་འཛིན་ལྡན་པ་དེས། །དབང་བསྐུར་བར་དུ་བྱིན་གྱིས་བརླབ་བྱས་ནས། །དེ་ལ་མི་ཡི་ཞྭ་དང་གོས་དང་མ་ནི་བཀོན། །མཚལ་ཐིག་གདབ་ཅིང་གསེར་གཡུས་བརྒྱན། །ཕུད་གཙང་དང་ནི་ཆས་ཀྱིས་བཤམ། །དེ་ལྟར་བཤམས་ནས་སྔོན་བཞིན་ཕུལ་ན། དེ་ཡིས་མི་དེས་གླུད་དུ་བརྗེ་སྟེ་ནད་རྣམས་སོས་ལ་འཆི་བ་བཟློག །ཅེས་གསུངས་སོ། །ཧཱུཾ། སྲིད་པས་བསྐོས་པའི་ཕུང་པོ་བསྐོས་པ་ཞེས། །སྲིད་པའི་བྱ་མཁན་ནང་ཁྲོལ་ཤ་ལ་བྱོན་མཛོད་ཅིག །རུ་བདུད་ཆེན་པོ་རུ་ལ་བརྟེན། །བདུད་ཀྱི་སྤྱི་མེས་ཆེན་པོ་ཁྱོད། །ཙ་ར་རྒྱལ་བ་འདི་ཡི་བཅུད་བཞེས་ཤིག །ལྷུ་ནི་བཅུ་གཉིས་མགོ་དང་བཅུ་གསུམ་ལ། །ཡ་བདུད་བཅུ་གསུམ་གླུད་བཞེས་དང་། །ཡམ་ཁལ་ཡ་བདུད་ཆེན་པོ་རྣམས་ལ་འབུལ། །མ་མཁལ་མ་བདུད་ཆེན་པོ་དག་ལ་འབུལ། །ཤ་ལ་ཁམ་རེ་ཁྲག་ལ་ཐིགས་རེ་དང་། །སྤུ་ལ་ཉག་རེ་བདུད་བྲན་བཞེས། །ནམ་ཚོང་ལྷ་བདུད་གང་དུ་བཞེས། །གཤང་ཁ་དུར་བདུད་དུར་བཙན་བཞེས། །གཉེ་མ་གཉིས་བདུད་གཉིས་མ་ཁམ་བདུད་བཞེས། །གཞུང་བུ་སྤྱི་བཙན་ཆེན་པོ་སྟེ། །ཕུང་པོ་ལྔ་ནི་འབྱུང་བའི་བཙན། །མཆིན་པ་བྲག་བཙན་རྗེ་བཙན་བཞེས། །སུ་ལ་མང་བཙན་ཕྲན་སྟོང་སྡེ་ས་བཞེས། །སྙིང་དང་སྲོག་རྩ་སྲོག་བདག་འཁོར་དང་བཅས་པས་བཞེས། །གློ་བ་སིལ་མ་སྟོང་སྡེ་བཞེས། །ཤན་སྨན་རྨེན་བུ་རྒྱལ་ཐེའུ་རང་སྤུན་དགུས་བཞེས། །སྲོག་བདག་གཡས་གཡོན་ནང་ཁྲོལ་ཚོགས་དང་བཅས། །བདུད་མོ་འཁོར་དང་བཅས་ལ་འབུལ། །ཤ་ཁྲག་རློན་པ་ཐེ་རང་སྟོང་སྡེ་བཞེས། །ཕོ་བ་རྨང་ཁ་ཇ་ལ་མ་རྣམས་


DNG024_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །གྲོད་པ་ས་བདག་ཀླུ་གཉན་བཞེས། །ཤ་ཁྲག་རུས་པའི་ཕུང་པོ་ཡི་དྭགས་འདྲེ་བཀྲེན་བཞེས། །སྒོ་བཞི་འཕྲང་བ་བཞེས། །མི་དང་ཤ་རུ་བརྗེས། །མི་དང་ཁྲག་ཏུ་བརྗེས། །མི་དང་སྲོག་ཏུ་བརྗེས། །སྲོག་པའི་མདོས་བཞེས་དང་། །ཞེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ ལས། མི་དང་གླུད་བརྗེ་བའི་ལེའུ་བཞི་བཅུ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བགེགས་ཆེན་དེ་དག་ཀུན་རྣམས་ནི། །མཆོད་ན་ཏིང་འཛིན་ཇི་ལྟར་བགྱི། །བསྒྲུབ་ན་དབང་དུ་ཇི་ལྟར་བསྡུ། །དུས་ནི་གང་དང་གང་ལ་འཇུག །དྲག་པོའི་ལས་ནི་གང་ལ་བྱ། །མནན་དང་གཏད་པ་བྱེད་ན་ཏིང་འཛིན་ཇི་ལྟར་བྱ། །གཉེན་པོ་སྟོབས་ཀྱི་ལྷ་ནི་གང་། །བྲི་བ་སྣག་ཚའི་རྒྱུ་ནི་གང་། །དུས་ཚོད་གནན་པ་གང་ལ་བྱ། །ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྒྱ་བྱིན་ཉོན་ཅིག །མཆོད་ན་རྣལ་འབྱོར་ལྷ་ཡི་གདེང་དུ་འཇུག །མགྲོན་ཐབས་སྤྱན་དྲང་མཆོད་པ་སྤྲུལ་པས་བཀྱེ་ལ་བཏང་། །སླར་ལོག་ཚེ་བསྡིམ་བཀྲ་ཤིས་གསོལ། །བསྒྲུབ་ན་ཏིང་འཛིན་གསལ་བས་ཟླ་སྟོད་དག་ལ་འཇུག་པ་སྟེ། །གཟའ་དང་སྐར་མ་ཤིས་པ་དག་ལ་འཇུག །ཉ་ནས་མར་ཏེ་དྲག་པོའི་ལས་རྣམས་བརྩམ། །བདག་ནི་ཏིང་འཛིན་གསལ་བ་ལ། །བགེགས་རྣམས་དབང་སྡུད་བྲན་གྱི་ཚུལ་དུ་ལས་བྱེད་པའོ། །སེམས་ལ་ཁུ་འཕྲིག་མེད་ལ་བལྟ་བ་བསར། །དེ་ཡིས་ལས་རྣམས་འགྲུབ་པར་འགྱུར། །གཏད་པའི་ལས་ནི་འདི་དག་སྟེ། །གསང་བདག་ཀླུ་བདག་འཇམ་དཔལ་ཏིང་འཛིན་ལྡན་པ་དེས། །ཕྱི་དྲོའི་དུས་སུ་བྲི་ཞིང་ནམ་གྱི་གུང་དང་སྲོད་ལ་མནན། །སྣག་ཚ་སྣག་ཚ་ཆེན་པོ་སྟེ། །མི་དང་ཁྱི་དང་ར་ཡི་ཁྲག་གིས་བྲི། །དེ་ཡིས་ལས་རྣམས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདི་སྐད་ཅེས་གསོལ་པ་དང་། སྟོན་པས་བཀའ་སྩལ་པ། ལྟ་བ་ཞེས་བྱ་འདི་ལྟར་བལྟ། །ཐམས་ཅད་བྱང་ཆུབ་སེམས་ཆེན་ཏེ། །སེམས་ལས་མ་གཏོགས་སངས་རྒྱས་མེད། །བདག་ནི་སྐྱེ་མེད་བྱང་ཆུབ་སེམས་སུ་བལྟ། །སྐྱེ་བ་མེད་པའི་ངང་ལས་ཐམས་ཅད་བྱུང་


DNG024_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། །བྱུང་བ་ཉིད་ལས་དངོས་པོ་མེད། །ནམ་མཁའ་སྟོང་མེད་དྭངས་པ་ལ། །སྤྲིན་དང་ཁུ་རླངས་ཅི་བྱུང་ཡང་། །ནམ་མཁའི་ངང་ལས་བྱུང་བ་ལ། །ཞི་ཡང་ནམ་མཁའི་ངང་དུ་ཞི། །དེ་བཞིན་སྐྱེ་མེད་བྱང་ཆུབ་སེམས་དེ་ཡིས། །སྐྱེ་བའི་ཆོ་འཕྲུལ་ཇི་ལྟར་བྱུང་ཡང་སེམས་ཉིད་ངང་དུ་ཞི། །དེ་ལ་སྐྱོན་གྱིས་གོས་པ་མེད། །དེ་ལྟར་རྟོགས་ན་དེ་ལ་ཉེས་པའི་སྐྱོན་མི་གོས། །ཞེས་སྩལ་ཏོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ལྷ་བསྐྱེད་དང་དུས་དང་སྣག་ཚ་བསྟན་པ་དང་དབང་དུ་བྱ་བ་དང་། ལྟ་བ་བསྟན་པའི་ལེའུ་བཞི་བཅུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བརྒྱ་བྱིན་གྱིས་སྨྲས་པ། བཅོམ་ལྡན་འདས་འཇིག་རྟེན་འདི་ཡི་དཀོར་དང་གཙུག་ལག་ཁང་རྣམས་ཀྱི་མངའ་བདག་གང་གིས་བགྱི་ཞེས་ཞུས་པ་དང་། སྟོན་པས་བཀའ་སྩལ་པ། འཇིག་རྟེན་འདི་ན་མཐུ་ཆེ་བ། ལྷ་ཆེན་མ་ཧཱ་ཀཱ་ལ་བྱ་བ་ཡོད་དེ། དེ་ཡི་སྲིང་མོ་བདུད་མོ་ཕུང་བྱེད་ཁྲམ་ཐོགས་བྱ་བ་ཡོད། དེ་གཉིས་ཀྱིས་བསྲུང་བར་བགྱིའོ་ཞེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ཀྱིས་དབང་དུ་བསྡུས་ཏེ། མིང་སྲིང་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་བྱུང་ནས། གཙུག་ལག་ཁང་དམ་དུར་ཁྲོད་ལྷ་རྟེན་དུ། བདག་ཅག་མིང་སྲིང་གི་སྐུ་བྲིས་ནས་སུ། སྔགས་ཀྱིས་འདོན་ཅིང་གང་ལྟོས་པ། ཇི་ལྟར་འདོད་པའི་མཐུ་ནི་དངོས་གྲུབ་འབྱུང་ངོ་། །ལས་རྣམས་ཐམས་ཅད་གྲུབ་པར་བྱའོ། །དམོད་པའི་མཚོན་ཆ་གང་ལ་སྨོས་པ་དམྱལ་ཐག་གཅོད་དོ། །ཞེས་གསུངས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡག་ཤཾ་པྲི་མ་རྦད་ཤག་ཡ། ཀཱ་ལ་ཧ་ལ་རྣི་འགྱོ་མྱོགས་རུབ་ཐུམ་ཡ། ཨོཾ་རུ་རུ་རག་མོ་ཧ་ལ་ཙ་ལ་ཧུར་ཧུར། བཾ་ཤག་རྦད། རུ་ལུ་ས་མ་ཡ་ཐིབས། བི་ཤག་ཙ་ཙ་ར་ཙ་ཡ་བྷྱོ་ཐུན། རྦད་བུ་རྦད་བུ་ཡག་མོ་རུ་རུ་སྙིང་རྩ་ལ་ཤད་དེ་ཤད་དེ། ཞེས་ཕུལ་མ་ཐག་ཏུ་བྱིན་གྱིས་བརླབས་ཀྱིས། མ་ཧཱ་ཀཱ་ལ་ཞེས་བྱ་བ་དང་། སྲིང་མོར་བཅས་འོངས་ནས། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བར་བགྱི། དཀོར་ཁང་ཡང་བསྲུང་བར་བགྱི། དབེན་གནས་བསྲུང་བར་བགྱིའོ། །ཞེས་


DNG024_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས། མིང་སྲིང་གཉིས་ཀྱིས་སྨྲས་པ། དུས་ངན་ཐ་མ་བྱུང་བའི་ཚེ། །ཆོས་འཁོར་གཉན་པོ་བཤིག་པ་ན། །ང་ཅག་བསྟན་པ་དེར་འབྱུང་ངོ་། །བདག་ཅག་མིང་སྲིང་གཉིས་བསྒྲུབ་ན། །དམོད་པ་འདི་ཡིས་ལས་རྣམས་འགྲུབ་པ་སྟེ། །གསང་བའི་བདག་པོ་ཏིང་འཛིན་ལྡན་པ་ཡིས། །ཉུང་དཀར་ཉུང་ནག་ཐོད་པར་བླུག་ནས་སུ། །དེ་ལ་ཁྲག་སྣ་བསྩལ་ལ་དམོད་པ་དེ་སྐད་གདབ། །དེ་ཡིས་ལས་རྣམས་འགྲུབ་པར་འགྱུར། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མ་ཧཱ་ཀཱ་ལ་མིང་སྲིང་གི་ལེའུ་ལྔ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་བརྒྱ་བྱིན་གྱིས་གསོལ་པ། དྲེགས་པ་དེ་དག་རྣམས་སྒྲུབ་པ་ན། དམ་ཚིག་ཇི་ལྟར་བསྲུང་བར་བགྱི། །ཞེས་ཞུས་པ་དང་། གསང་བའི་བདག་པོས་བཀའ་སྩལ་པ། །མི་རྟ་ཁྱི་དང་གསུམ་ལ་སྨད་མི་བྱ། །སྲོག་གཅོད་སྡིག་པ་དག་ལ་སྤྱད་མི་བྱ། །བུད་མེད་དག་ལ་བག་བསྡམ་སེམས་མི་འཆོར། །འགྲོ་ཉལ་འདུག་སྡོད་གང་ལ་ཡང་། །ལྟ་བ་དག་ལས་ཡེངས་མི་བྱ། །ཉམས་པ་མེད་ཅིང་བརྟུལ་ཞུགས་བསྐྱེད། །ཤ་ཁྲག་དག་ལ་སྤྱད་པར་བྱ། །ཞེས་བཀའ་སྩལ་ཏོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། སྤྱོད་པ་དང་དམ་ཚིག་བསྲུང་བའི་ལེའུ་ལྔ་བཅུ་ང་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས། དྲེགས་པ་ཆེན་པོ་འདི་རྣམས་ནི། །བཅོས་ན་ཡོན་ཏན་ཇི་ཙམ་འབྱུང་། །མ་བཅོས་པ་ཡི་སྐྱོན་ནི་གང་། །ཞེས་གསོལ་པས། གསང་བའི་བདག་པོས་བཀའ་སྩལ་པ། །དྲེགས་པ་བཅོས་པའི་ཡོན་ཏན་ནི། །ལོ་ལེགས་འབྲུ་འཁྲུངས་མི་རྣམས་དར། །ནད་དང་མུ་གེའི་བསྐལ་པ་ཆད། །ཚེ་རིང་ནད་མེད་བཀྲ་ཤིས་པའོ། །དེ་ལྟར་གྱུར་ན་འཇིག་རྟེན་བདེ། །དེ་ཡིས་བཅོས་པ་རབ་ཏུ་གཅེས། །མ་བཅོས་པ་ཡི་སྐྱོན་བསྟན་པ། །མ་བཅོས་འཇིག་རྟེན་ལྷ་འདྲེ་འཁྲུག །ནད་དང་


DNG024_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

མུ་གེའི་བསྐལ་པ་དང་། །སད་དང་སེར་བ་མི་བདེ་སྣ་ཚོགས་དང་། །དུས་ཀྱི་འཁྲུག་པ་ལངས་ཤིང་བསོད་ནམས་ཆུང་། །མི་རྣམས་ཚེ་ཐུང་ལོངས་སྤྱོད་ཆུང་བར་འགྱུར། །དེ་ལྟར་གྱུར་ན་མི་རྣམས་ཕུང་། །དེ་བས་བཅོས་པར་རབ་ཏུ་གསུངས། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་བཅོས་པའི་ཡོན་ཏན་དང་། མ་བཅོས་པའི་སྐྱོན་བསྟན་པའི་ལེའུ་ལྔ་བཅུ་ང་གཉིས་པའོ།། །།དེ་ནས་བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ཀྱིས། བཅོམ་ལྡན་འདས་ལ་བསྟོད་པ། ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། ཐམས་ཅད་ཀུན་གྱི་སྟོན་པའོ། །མི་དང་ལྷ་རྣམས་ཀུན་གྱི་སྟོན་པ། ཨེ་མ་ཧོ། ཐམས་ཅད་ཀུན་མཁྱེན་འགྲོ་བའི་དོན་མཛད་པ། །དགོས་འདོད་རེ་བ་སྐོང་བའི་ཡིད་བཞིན་རིན་པོ་ཆེ། །ཕོངས་པ་རྣམས་ཀྱི་བདུད་རྩིའི་ཆར་འབེབས་པ། །འགྲོ་བའི་དཔལ་གྱུར་སྟོན་པ་དམ་པ་ཁྱོད་ལ་བསྟོད། །ཅེས་བསྟོད་དོ། །འཁོར་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་བསྟོད་པའི་ལེའུའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་རྗེས་སུ་ཡི་རངས་ནས་བསྟོད་པའི་ལེའུ་ལྔ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། །ངའི་རྒྱུད་འདི་འཁོར་ཁྱེད་རྣམས་ཀྱིས། །མིག་གི་འབྲས་བུ་ལྟར་ཆོངས་ཤིག །རིན་ཆེན་སྲོག་ལྟར་ཆོངས་ཤིག །འདི་ཀུན་ཏུ་ཟུང་ཞིག །དར་ཞིང་རྒྱས་པར་གྱིས་ཤིག །རིམ་གྲོར་གྱིས་ཤིག །སྟོང་ཚོགས་པས་སྟོང་གི་དྲ་བ་ཞེས་བྱ་བར་ཟུང་ཞིག །ཐམས་ཅད་གསོ་བར་བྱེད་པས་གསོ་བྱེད་ཀྱི་རྒྱལ་པོའི་རྒྱུད་ཅེས་བྱའོ། །ཐམས་ཅད་ཆམ་ལ་འབེབས་ཤིང་གསོད་པར་བྱེད་པས་འཇིག་རྟེན་དྲེགས་པའི་ཕུང་རྒྱུད་ཅེས་བྱ་བར་ཟུང་ཞིག །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཡོངས་སུ་བཟུང་ཞིང་གཏད་པའི་ལེའུ་ལྔ་བཅུ་བཞི་པའོ།། །།ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་རྫོགས་སོ།། །།

འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ།


DNG024_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་བི་བུ་ལེ་པྲ་བེ་ཤ་མ་ཧཱ་སཱུ་ཏྲ་ན། བོད་སྐད་དུ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འདམ་བུའི་ཁྲོད་ན། གཟིངས་པའི་འདུག་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་ག་ལ་བར་འདོང་ངོ་། །བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་ཡུལ་ལི་བྲི་ཛར་རྒྱུ་ཞིང་གཤེགས་ཏེ། ཡངས་པའི་གྲོང་ཁྱེར་དུ་བྱོན་ནས། ཡངས་པའི་གྲོང་ཁྱེར་གྱི་ཨ་སྨྲ་བསྲུང་བའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་དུ་སོང་ལ་ཕྱིན་ནས་སྒོའི་ཐེམ་པ་ལ་རྐང་པ་ཞོག་སྟེ། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་སྨྲོས་ཤིག །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱི་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱི་བསམས་པ། སློབ་པ་ཐམས་ཅད་ཀྱི་བསམས་པ། ཉན་ཐོས་ཐམས་ཅད་ཀྱི་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱི་བསམས་པ། ཆོས་ཀྱི་བསམས་པ། ཚངས་པའི་བསམས་པ། ཚངས་པ་སོ་སོའི་བསམས་པ། འདོད་པའི་དབང་ཕྱུག་གི་བསམས་པ། དབང་པོའི་བསམས་པ། ལྷའི་བསམས་པ། ལྷ་མ་ཡིན་གྱི་དབང་པོའི་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པའི་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། མུཉྩ་ཏ། མུཉྩ་ཏ། མ་འདུག་ཅིག་ཡམས་ཀྱི་ནད་རྣམ་པར་ཞི་བར་གྱུར་ཅིག །ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། སངས་རྒྱས་ལྷ་ཆེན་པོ། ལྷའི་


DNG024_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྷ། ལྷའི་བླ་མ་གཤེགས་ཤིང་། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་འབུམ་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་འབུམ་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་འབུམ་ཕྲག་དུ་མ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོངས་ཏེ། དེ་དག་ཁྱེད་རྣམས་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་དུ་འོང་གིས། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། མྱུར་དུ་བྱེར་ཅིག །ཁྱེད་ཅག་ལས་གང་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ། སྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག །ལུས་ལ་ཡང་འཇུག་པར་གྱིས་ཤིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་སུ་མུ་སུ་མུ་སུ་མུ། སུ་མུ་རུ་སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི། མུ་རུ། མི་རི། མུ་རུ། རི་མི། མུ་རུ། རི་མི། མུ་རུ། རི་མི། མུ་རུ། རི་མི། མུ་རུ། མི་རི། མུ་རུ། རི་མི། མུ་རུ། རི་མི། མུ་རུ། རི་མི། མུ་རུ། རི་མི། མུ་རུ། མི་རི། མུ་རུ། མི་རི། མུ་རུ། མི་རི། མི་རཱུ་རཱི་ཏི། རི་རི་རི་རི་རི་རི། རཱི་རཱི་རཱི་རཱི་རཱི་རཱི། ཏི་མི་རི། མི་རི་མི་རི་མི་རི་མི་རི་མི་རི་མི་རི། མི་རི་ཏི། ཧ་སི་མི་རི་ཏི། མཱི་རི་ཏི། མི་ཏི། སི་སཱི་སི་མཱི། ཀཾ་ཀ་ར། ཀཾ་ཀ་ར་ཏ། ཀཾ་ཀ་ར། ཀཾ་ཀ་ར་ཙ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རོ་ཏཱི་ཏི། ཀུ་རི་ཤོ་ཀཾ་ཀ་རཱ། ཀཾ་ཀ་རི་ཤི། རི་རི་རི་རི་རི་རི། ཏི་རེ་ཏེ་ཕུ་སྲཱ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། ནཱ་ཐཱ། ནཱ་ན་ཐཱ་ཐ། རི་ཕུ་རི་ཕུ། ནཱ་ཐཱ་ཐཱ། ནིརྒཙྪ་ཏ། རི་ཕུ་རི་ཕུ། ནིརྒཙྪ་


DNG024_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། པཱ་ལ་ཡ་ཏ། རི་ཕུ་རི་ཕུ། པཱ་ལ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། ཀྵྀ་ཕྲཾ་ན་ནིརྒཙྪ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་ཆོས་ཉིད་ཀྱིས། ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པའི་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་


DNG024_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་རྣམས་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཆོས་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དི་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་དང་བར་སྣང་དག་ན་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ་དེ་བཞིན་བགྱིའོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཡངས་པའི་གྲོང་ཁྱེར་དུ་སོང་སྟེ། སྒོའི་ཐེམ་པ་ལ་རྐང་པ་བཞག་ནས། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་


DNG024_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་སྨྲས་སོ། །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱི་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱི་བསམས་པ། སློབ་པ་ཐམས་ཅད་ཀྱི་བསམས་པ། ཉན་ཐོས་ཐམས་ཅད་ཀྱི་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱི་བསམས་པ། ཆོས་ཀྱི་བསམས་པ། ཚངས་པའི་བསམས་པ། ཚངས་པ་སོ་སོའི་བསམས་པ། འདོད་པའི་དབང་ཕྱུག་གི་བསམས་པ། དབང་པོའི་བསམས་པ། ལྷའི་བསམས་པ། ལྷ་མ་ཡིན་གྱི་དབང་པོའི་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པའི་བསམས་པ། འབྱུང་པོ་ཐམས་ཅད་ཀྱི་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུཉྩ་ཏ། མུཉྩ་ཏ། ཡམས་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག །ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིང་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་སྟོང་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་སམ། ལྷ་མ་ཡིན་སྟོང་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོང་སྟེ། དེ་དག་ཁྱེད་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་གྱིས། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། ནིརྒཙྪ་ཏ། མྱུར་དུ་བྱེར་ཅིག །ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ། སྲུང་བར་འཇུག་པར་འདོད་པ་


DNG024_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ནི་འཁོད་ཅིག །ལུས་ལ་ཡང་འཇུག་པར་གྱིས་ཤིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་སུ་མུ། སུ་མུ་སུ་མུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་རཱི་ཏི། རི་རི་རི་རི། རཱི་རཱི་རཱི་རཱི། དི་རཱི་རཱི་དི། མི་རི་མི་རི། མི་རི་མི་རི། མི་རི་མི་རི་ཏི། ཧ་སི་མི་རཱི་ཏི། མི་རི་སི་སི་མཱི། ཀཾ་ཀ་ར། ཀཾ་ཀ་ར་ཏ། ཀཾ་ཀ་ར། ཀཾ་ཀ་ར་ཙ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རོ། ཏཱི་ཏི་ཀུ་རི་ཤོ་ཀཾ་ཀ་རཱ། ཀཾ་ཀ་རི་ཤི། རི་རི། རི་རི། རི་རི་ཏི། རི་ཕུ་སྭཱ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། ནཱ་ནཱ་ཐ། ནཱ་ནཱ་ཐ། རི་ཕུ་རི་ཕུ། ནཱ་ནཱ་ཐ། ནིརྒཙྪ་ཏ། རི་ཕུ་རི་ཕུ། ནིརྒཙྪ་ཏེ། པཱ་ལ་ཡ་ཏ། རི་ཕུ་རི་ཕུ། པཱ་ལ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། ཀྵྀ་ཕྲཾ་ན་ནིརྒཙྪ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །


DNG024_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པའི་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་འཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཆོས་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱེད་ཀྱི་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་
གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་ལྡོག་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང་། །ཁྱེད་ཅག་རྟག་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཅིང་། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་དང་བར་སྣང་དག་ལ་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡི་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ།


DNG024_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱེད་ཀྱི་དོན་རྣམས་གྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཕྲེང་བ་མགོ་ལ་འདུག་པ་ལྟར། །ལག་པ་གཡས་ན་དཔལ་ཡོད་ཤོག །གཡོན་ནའང་དཔལ་ནི་གནས་གྱུར་ཅིག །ཡན་ལག་ཀུན་ལའང་དཔལ་ཡོད་ཤོག །ཚོང་པ་དག་ནི་ནོར་ཚོལ་ཞིང་། །ཕྱོགས་བཅུ་


DNG024_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ་འགྲོ་བ་རྣམས། །རྙེད་པ་ཆེན་པོ་རྙེད་གྱུར་ཅིག །དེ་དག་བདེ་བ་སྐྱིད་པར་ཤོག །དགོས་པ་ལ་ལ་གང་གི་ཕྱིར། །ཤར་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག །སྨིན་དྲུག་དང་ནི་སྣར་མ་དང་། །མགོ་དང་ལག་དང་ནབ་སོ་དང་། །རྒྱལ་དང་སྐག་ཅེས་བྱ་བ་སྟེ། །དེ་དག་རྣམས་ནི་ཤར་ཕྱོགས་པ། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ཤར་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །ཡུལ་འཁོར་སྲུང་ཞེས་གྲགས་པ་སྟེ། །དེ་ནི་དྲི་ཟ་ཀུན་གྱི་བདག །ཉི་མ་ལྷན་ཅིག་སྲུང་བར་ཤོག །དེ་ལ་བུ་ནི་མང་ཡོད་ལ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང་། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་རྣམས་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་གྱུར་ཅིག །ཤར་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །རྒྱལ་དང་རྣམ་པར་རྒྱལ་མ་དང་། །དོན་གྲུབ་མ་དང་མི་འཕམ་དང་། །དགའ་མཆོག་མ་དང་དགའ་བདེ་དང་། །དགའ་ཅན་མ་དང་དགའ་འཕེལ་མ། །དེ་དག་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་གྱུར་ཅིག །ཤར་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །གཞི་འཛིན་ཅེས་བྱའི་མཆོད་རྟེན་ཡོད། །རྒྱལ་བ་སྐྱོབ་པ་དགྲ་བཅོམ་པ། །དེ་རྣམས་ཀྱིས་ནི་བཞུགས་ཤིང་མཁྱེན། །དེ་ཡང་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །དགོས་པ་ལ་ལ་གང་གི་ཕྱིར། །ལྷོ་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག །མཆུ་དང་གྲེ་དང་དབོ་དང་ནི། །མེ་བཞི་ནག་པ་ལྔ་པ་ཡིན། །ས་རི་དང་ནི་ས་ག་སྟེ། །


DNG024_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་རྣམས་ནི་ལྷོ་ཕྱོགས་པ། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ལྷོ་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །འཕགས་སྐྱེས་པོ་ཞེས་བྱ་བར་བརྗོད། །དེ་ནི་གྲུལ་བུམ་ཀུན་གྱི་བདག །གཤིན་རྗེ་ལྷན་ཅིག་སྲུང་བར་ཤོག །དེ་ལ་བུ་ནི་མང་ཡོད་ལ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང་། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་རྣམས་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་གྱུར་ཅིག །ལྷོ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །དཔལ་ལྡན་མ་དང་གྲགས་ལྡན་མ། །གྲགས་པ་ཐོབ་དང་གྲགས་འཛིན་མ། །ལེགས་པར་ལངས་དང་རབ་སྔ་དང་། །ལེགས་པར་སད་དང་བདེ་སྒྲུབ་མ། །དེ་དག་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་བར་ཤོག །ལྷོ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །པདྨ་ཞེས་བྱའི་མཆོད་རྟེན་ཡོད། །རྟག་ཏུ་གཟི་བརྗིད་ཀྱིས་ཀྱང་འབར། །རྟག་ཏུ་ཐམས་ཅད་གསལ་བར་བྱེད། །དེ་ཡང་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །དགོས་པ་ལ་ལ་གང་གི་ཕྱིར། །ནུབ་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག །ལྷ་མཚམས་དང་ནི་སྣྲོན་དང་ཡང་། །བརྩོན་འགྲུས་བརྟེན་ལྡན་སྣྲུབས་དང་ནི། །ཆུ་སྟོད་ཆུ་སྨད་བྱི་བཞིན་དང་། །གྲོ་བཞིན་དེ་ནི་བདུན་པ་ཡིན། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ནུབ་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །མིག་མི་བཟང་ཞེས་བྱ་བར་ཤེས། །དེ་ནི་ཀླུ་རྣམས་ཀུན་གྱི་བདག །ཆུ་ལྷ་ལྷན་ཅིག་སྲུང་བར་ཤོག །དེ་ལ་བུ་ནི་མང་ཡོད་ལ། །


DNG024_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང་། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་དག་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་གྱུར་ཅིག །ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །རྣ་ཆ་སྲ་མཁྲེགས་མ་དང་ནི། །པདྨ་དཀར་དང་སྐྱ་རེང་དང་། །ཆ་མེད་གཅིག་དང་དགུ་པ་དང་། །རོལ་དང་གནག་དང་སྟབས་མྱུར་སྲིད། །དེ་དག་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་བར་ཤོག །ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ནུབ་ཅེས་བྱ་བའི་རི་བོ་ཡོད། །ཉི་མ་ཟླ་བ་གཉིས་ཀའང་ནུབ། །ནུབ་པའང་ཁྱེད་ལ་ནོར་སྦྱིན་འགྱུར། །དེ་ཡང་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །དགོས་པ་ལ་ལ་གང་གི་ཕྱིར། །བྱང་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག །མོན་གྲུ་དང་ནི་མོན་གྲེ་དང་། །ཁྲུམས་སྟོད་དང་ནི་ཁྲུམས་སྨད་དང་། །ནམ་གྲུ་དང་ནི་ཐ་སྐར་དང་། །བྲ་ཉེ་དང་ནི་བདུན་པ་ཡིན། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །བྱང་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །མི་ལ་ཞོན་པ་ལུས་ངན་པོ། །གནོད་སྦྱིན་ཀུན་གྱི་བདག་པོ་སྟེ། །ནོར་བཟང་ལྷན་ཅིག་སྲུང་བར་ཤོག །དེ་ལ་བུ་ནི་མང་ཡོད་ལ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང་། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་དག་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་གྱུར་ཅིག །བྱང་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་
ཡོད་དེ། །རབས་ཆགས་ལྷ་མོ་སྟོང་ལྷ་མོ། །ས་དང་དེ་བཞིན་པདྨ་ཅན། །རྒྱལ་པོ་ཆེ་ལ་ཉེ་གནས་དང་། །རེ་དང་ཁྲེལ་ཡོད་དཔལ་ལྡན་མ། །དེ་དག་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་བར་ཤོག །བྱང་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །སྤོས་ངད་ལྡན་པའི་རི་བོ་ཡོད། །གནོད་སྦྱིན་འབྱུང་པོ་ཀུན་གྱི་གནས། །རྩེ་མོ་སྣ་ཚོགས་བལྟ་ན་སྡུག །དེ་ཡང་ཁྱེད་ལ་ནད་མེད་ཅིང་། །ཤིས་པ་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། །ཕྱོགས་བཞི་དག་ན་བདུན་བདུན་གནས། །ལྷ་ཡི་བུ་མོ་སུམ་ཅུ་གཉིས། །ཕྱོགས་བཞི་དག་ན་བརྒྱད་བརྒྱད་གནས། །དགེ་སྦྱོང་བརྒྱད་དང་བྲམ་ཟེ་བརྒྱད། །ཡུལ་རྣམས་ན་ནི་གྲོང་རྡལ་བརྒྱད། །དབང་པོར་བཅས་པའི་ལྷ་བརྒྱད་རྣམས། །དེ་དག་ཁྱེད་ལ་ཀུན་ཏུ་སྲུངས། །ཁྱེད་ཅག་འགྲོ་ནའང་བཀྲ་ཤིས་གྱུར། །ལྡོག་པ་ན་ཡང་བཀྲ་ཤིས་ཤོག །གཉེན་ལ་ལྟ་བ་བཀྲ་ཤིས་ཤོག །གཉེན་གྱིས་ལྟ་བའང་བཀྲ་ཤིས་ཤོག །དབང་བཅས་གནོད་སྦྱིན་རྒྱལ་ཆེན་དང་། །དགྲ་བཅོམ་པ་དག་སྙིང་བརྩེ་བས། །ཐམས་ཅད་དུ་ནི་བཀྲ་ཤིས་དང་། །བདུད་རྩི་ཤིས་པ་ཐོབ་པར་ཤོག །ཚངས་པ་དང་ནི་དེ་བཞིན་ནོར་རྒྱས་དང་། །ཟག་པ་མེད་པ་རྣམ་པར་གྲོལ་རྣམས་དང་། །ཀླུ་དང་གནོད་སྦྱིན་རྟག་ཏུ་སྙིང་རྗེས་སྲུངས། །སྟོན་བརྒྱ་མཚུངས་པར་ཚེ་ནི་སྐྱོང་བར་ཤོག །འཕགས་པ་རྒྱ་ཆེ་རོལ་པའི་མདོའི། ཚོང་དཔོན་ག་གོན་དང་བཟང་པོའི་ལེའུ་ལས་བྱུང་བ། ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ་རྫོགས་སོ།། །།

དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།


DNG024_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་མངྒ་ལ་གཱ་ཐ། བོད་སྐད་དུ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་


DNG024_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་པ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་པ། །ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི་བསླུ་བ། །རིན་ཆེན་འབྱུང་གནས་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་། །འགྲོ་བ་ཀུན་གྱི་འཆིང་བའི་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དམ་པ་རུ། །མི་ཕམ་མགོན་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཞིང་། །འཛམ་གླིང་ཉིད་དུ་གླང་ཆེན་ཐལ་ཀར་ལྟར་གཤེགས་གང་། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དམ་པར་ཟས་གཙང་སྲས། །བུད་མེད་སྐྱོན་བྲལ་གཡོ་སྒྱུ་སྤངས་པ་ལྷ་མཛེས་ཡུམ། །ལྷུམས་སུ་ཟླ་བཅུར་བློ་གྲོས་ལྡན་པ་ཤཱཀྱའི་རིགས། །བཀྲ་ཤིས་དམ་པ་དེས་ཀྱང་


DNG024_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་བདེ་ལེགས་ཤོག །ལུམ་པའི་ཚལ་ནི་དབེན་ཞིང་ཉམས་དགའ་བ་ལ་ཤའི། །ཡལ་ག་ནས་བཟུང་བལྟམས་གྱུར་ཚངས་དང་བརྒྱ་བྱིན་འདུད། །མཁའ་ལ་གཤེགས་ཏེ་ཕྱོགས་བཅུར་པད་མ་བྱུང་གྱུར་གང་། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞལ་མེད་ཁང་མཛེས་དྲང་སྲོང་དམ་པའི་མདུན་བཞག་ནས། །མཚན་ལྟས་ཤིས་པ་བརྗོད་དེ་སྟོན་པ་འབྱུང་གྱུར་པ། །ཤཱཀ་རིགས་བུད་མེད་འཁོར་ལྡན་ཀུན་འདུས་རྒྱན་བཏགས་གང་། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞོན་ནུའི་སྟོབས་ནི་སྒྱུ་རྩལ་ཡིག་རྩིས་འཕོང་ལས་ནི། །ཀུན་ལས་མཐར་བྱུང་ལྷ་མི་ལ་སོགས་ཀུན་པས་མཆོག །ཤཱཀྱའི་རིགས་འཁྲུངས་ལོག་རྟོག་བསལ་ཕྱིར་བཙུན་མོའི་འཁོར། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཕོ་བྲང་ནས་བྱུང་རྒ་ནད་འཆི་བ་ལས་བྱུང་གཟིགས། །མི་རྣམས་རྨོངས་མཛད་ལྷ་ཡི་མདུན་བདར་མཁའ་ལ་ནི། །སྲིད་གསུམ་དག་ལས་བརྒལ་ཕྱིར་མཐོན་མཐིང་དབུ་སྐྲ་དྲེགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷ་རྣམས་རྫུ་འཕྲུལ་གྱིས་ལྷགས་ངུར་སྨྲིག་གོས་རྣམས་ཕུལ། །ན་ར་ཛ་རའི་ཆུ་བོར་དཀའ་ཐུབ་མ་ལུས་རྫོགས། །ཐུབ་པ་བསམ་གཏན་ནས་བཞེངས་བཀྲ་ཤིས་འོ་ཐུག་གསོལ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །པད་མོ་ལས་བྱུང་ཁྱུ་མཆོག་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གིས་བདུད་བཏུལ་ནས། །ཐོ་རངས་བདུད་རྩི་མི་འགྱུར་ཕུན་ཚོགས་སངས་རྒྱས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བ་ར་ཎཱ་སཱིར་ཆོས་ཀྱི་འཁོར་ལོ་མགོན་པོས་བསྐོར། །ཀུན་ཤེས་ལ་སོགས་བདེན་བཞི་ལྔ་སྡེ་བཟང་ལ་བསྟན། །ལྷ་ཀླུ་ལྷ་མིན་ལ་སོགས་མི་མིན་བདུད་གྱུར་གང་། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ང་རྒྱལ་བསྙེམས་


DNG024_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྡན་པའི་སྟོན་པ་དྲུག་བཏུལ་ཞིང་། །གླང་ཆེན་རབ་མྱོས་མི་བཟད་ལྷས་བྱིན་གྱིས་རྦད་བཏུལ། །དྲང་སྲོང་མཆོག་ལ་སྤྲེའུ་རྒྱལ་ཅང་ཤེས་སྦྲང་རྩིས་མཆོད། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །པདྨོ་གཞོན་ནུ་ལྟ་ལྟའི་མཚན་ལྡན་ཤཱཀྱའི་རིགས། །ཟས་གཙང་སྲས་སུ་རྒྱལ་རིགས་འཁོར་ལོས་སྒྱུར་རྒྱལ་བལྟམས། །བལྟམས་པ་ནས་བཟུང་སཱ་ལའི་ཚལ་དུ་མ་ལུས་རྫོགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱམས་པའི་སྟོབས་ཀྱིས་འགྲོ་བ་མ་ལུས་སྒྲོལ་མཛད་ཅིང་། །སེམས་ཅན་མཐའ་ཡས་ཞི་བདེའི་ལམ་ལ་རབ་བཀོད་ནས། །གྲོང་ཁྱེར་རྩྭ་མཆོག་དམ་པར་དགོངས་པ་ཡོངས་རྫོགས་གང་། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །།བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་ཉེ་ལྡན་དུ། །པ་ཏོ་ལའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ནིའི་གྲོང་ཁྱེར་དུ། །ཤིང་མཆོག་སིན་འདའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །རྒྱལ་བ་ཐམས་ཅད་སྐྱོབ་པ་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་མེད་དུ། །ཤིང་མཆོག་སཱ་ལའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཐུབ་པ་འཁོར་བ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་


DNG024_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཨུ་དུམ་འབར་བའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སྐྱོབས་པ་འོད་སྲུངས་རྒྱལ་རིགས་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་གྲོང་ཁྱེར་བ་ར་ཎཱ་སཱི་རུ། །ནྱ་གྲོ་དྷ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤོ་ཏ་ཡི་ཤིང་དྲུང་ མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། །།ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པད་མ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུའི་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་མཆོག་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང་། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བགེགས་དང་བདུད་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་ལྡན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩིའི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་


DNG024_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་ཞི་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་གྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག། །།ཨོཾ་སྭ་སྡི། བཀྲ་ཤིས་པར་གྱུར་ཅིག །སངས་རྒྱས་གཙོ་ལ་ཡོན་ཏན་མཆོག་མངའ་ཞིང་། །ཆེ་དགུས་མཆོད་ཅིང་སྨོན་ལམ་སྤྲིན་ཚོགས་འདུས། །གོ་འཕང་སྟོན་པ་ཆོས་ཀྱི་ཆར་འབེབས་པ། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སྐྱོབ་པའི་ཆོས་ལ་ལེགས་པའི་ཚོགས་མངའ་ཞིང་། །ཤིན་ཏུ་ཕན་དང་བདེ་དང་ངེས་གསུངས་པ། །འཁོར་བ་རྟག་བདེ་མྱ་ངན་མེད་འཐོབ་པའི། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགེ་འདུན་ཆེ་ལ་མཐུ་རྩལ་རྨད་མངའ་ཞིང་། །བསླབ་གཞི་ལེགས་བཅས་བརྩོན་པའི་རྣལ་འབྱོར་ཅན། །བདག་གཞན་དོན་ཆེན་སྒྲུབ་པའི་ལམ་ཞུགས་པ། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། །། སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།