cover

རྙིང་མ་རྒྱུད་འབུམ་པོད་ཉེར་ལྔ་་པ། ར༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ཅེས་བྱ་བ།


DNG025_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚང་བ་ཁ་བསྐོང་བའི་རིགས་རྣམས་སོ། །རྒྱ་གར་སྐད་དུ། སན་དྷི་མ་ཧཱ་ས་པ་ཤི་ཀ་གརྦྷཱ་མ་སུ་ཁ་ཙཀྲ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རང་བྱུང་རིག་པའི་རྒྱལ་པོ་ཡེ་ཤེས་ཀྱི་སྐུ་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ། །འདི་སྐད་གསུངས་པའི་དུས་གཅིག་ན། །ངོ་བོ་ཉིད་རྟོགས་ཀུན་བཟང་དེ། །བདེ་གཤེགས་འོག་མིན་གནས་མཆོག་ཏུ། །རིགས་ལྔ་རྒྱལ་བ་ལ་སོགས་པ། །རང་ཤར་ཆོས་སྐུ་བྱིན་རླབས་བཤད། །དེ་ཚེ་སེམས་དཔས་དོན་རིག་ནས། །གཙང་རིས་ལྷ་ཡི་གནས་ཆེན་དུ། །བརྩེ་དགོངས་དུས་ལ་བབ་གྱུར་ནས། །རིག་འཛིན་སེམས་དཔའི་འཁོར་རྣམས་ལ། །ངེས་དོན་རང་གི་ངོ་བོས་བཤད། །དེ་ནས་ཤཱཀ་ཐུབ་སྤྲུལ་པ་ཡིས། །འཛམ་གླིང་བདེ་ལྡན་གནས་དག་ཏུ། །དད་ལྡན་དུས་ཀྱི་དེ་སོང་ན། །གསང་བདག་སྤྲུལ་པའི་དད་ཉན་ལ། །སྡེབ་སྦྱོར་ལེགས་པའི་ཚིག་ཏུ་གསུངས། །ད་ཡང་


DNG025_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་འཁོར་རྣམས་ཉོན། །སྐད་ཅིག་ཡུད་ཙམ་ཐང་གཅིག་ལ། །གདུལ་བྱའི་འཁོར་ལ་ཐ་དད་ཀྱང་། །དུས་གསུམ་གཅིག་སྟེ་ཁྱད་མེད་ཕྱིར། །རིམ་པར་དབྱེར་མེད་ངོ་བོས་གཅིག །དེ་སྐད་གསུངས་པའི་དོན་གོ་ནས། །སྐལ་ལྡན་འདུས་པ་རྣམས་ཀྱིས་ཀྱང་། །གུས་ཉན་དད་པས་རྩེ་གཅིག་ཏུ། །དད་ཅིང་མོས་པའི་ཡིད་ཀྱིས་འཁོད། །དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །འདུས་པའི་འཁོར་ལ་ཕན་གདགས་ཕྱིར། །ཀུན་རིག་སེམས་ཀྱི་རྒྱལ་པོ་ལ། །བདེན་པ་ཡིད་ཀྱིས་དེ་སྐད་གསོལ། །ངེས་དོན་བཤད་དུས་གང་ལ་བབ། །སྣོད་ཀྱི་རིམ་པ་གང་ལ་བསྟན། །ཚིག་དང་ཡི་གེས་ཇི་ལྟར་མཚོན། །ཀུན་རིག་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །ལེགས་སོ་དད་ལྡན་འཁོར་རྣམས་ཉོན། །དེ་དོན་ངས་བཤད་ཡིད་ཀྱིས་ཟུང་། །དུས་ཀྱི་ཐ་མ་ལྔ་བརྒྱ་ན། །མནའ་ཟ་ཁྲིམས་འཆལ་དམ་ཉམས་འབྱུང་། །མཚོན་དང་མུ་གེ་ཚེ་ཐུང་དུས། །རྫོགས་ཆེན་སྙིང་པོ་དུས་དེར་བཤད། །ད་ཡང་རྡོ་རྗེ་སེམས་


DNG025_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཉོན། །དེ་ཡང་དུས་ཀྱི་དེ་སང་ན། །སངས་རྒྱས་བསྟན་པ་འཇིག་པའི་ཚེ། །འཛམ་གླིང་བོད་ཀྱི་བྱང་ཕྱོགས་སུ། །རྒྱུད་དང་ཏནྟྲ་མང་པོ་འབྱུང་། །ལུང་དང་སེམས་ཀྱི་ཆོས་དར་ཏེ། །སྡེ་སྣོད་ཆོས་ཀུན་ནུབ་འགྱུར་ཞིང་། །དེ་ཚེ་སྐལ་ལྡན་འགའ་འགའ་ལ། །བསྟན་པ་ཙམ་གྱིས་རྟོགས་པ་ཡི། །འབྲས་བུ་སངས་རྒྱས་དུས་འདིར་འབྱུང་། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །དད་ལྡན་སློབ་མ་བརྩེ་གདུང་ཅན། །མངགས་པའི་ལས་ལ་གུས་པར་བྱེད། །ཡིད་འཐད་རྫས་ལ་ཕངས་མེད་དབུལ། །མི་སྤེལ་གཉེར་ཐུབ་རྣམས་ལ་བཤད། །དེ་དང་མི་ལྡན་སྣོད་ངན་ནི། །གྱོང་ལ་ཁེངས་པའི་ང་རྒྱལ་ཅན། །སེར་སྣ་ཆེ་ལ་གཏོང་ཕོད་ཆུང་། །མན་ངག་སྲེད་ཆེན་ཀུན་ལ་སྤེལ། །ཕྱི་ཐག་ཆུང་ཞིང་བླ་མ་སྨོད། །ཟས་ལ་ངན་ལ་ནོར་དད་ཆེ། །ཆོས་ལ་རང་བཟོ་རིག་པ་འཇུག །རང་རྒྱུད་མ་དུལ་གཞན་ལ་སྟོན། །རྣམ་སྨིན་མི་བལྟ་གྲགས་པ་སྒྲུབ། །ཕྱི་ནང་མེད་པར་ཕྱར་ཁ་གཏོང་། །དེ་དག་སྣོད་ངན་མི་རྣམས་ལ། །ཡང་དག་ངེས་དོན་འདི་བསྟན་ན། །མཁའ་འགྲོ་རྣམས་ཀྱིས་སྲོག་བཅད་ནས། །ཕྱི་མར་མནར་མེད་དམྱལ་བར་ལྟུང་། །དེ་ཕྱིར་མ་བརྟགས་ཆོས་མི་བཤད། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཚིག་དང་ཡི་གེས་དོན་མཚོན་དེ། །མན་ངག་སྙིང་པོས་ཁོག་ཕུབ་ནས། །དོན་དང་མི་འགལ་ས་བཅད་ལ། །ཚིག་ཉུང་དོན་ཆེན་རྫོགས་པར་བཤད། །དེ་ལྟར་མི་ཤེས་གང་ཟག་གིས། །དོན་མེད་ཚིག་གིས་གོང་འོག་དཀྲུག །རྩལ་བཤད་ཐོ་ཆོས་གཞུང་ཉམས་བྱེད། །མཚམས་མེད་སྡིག་པའི་ཆར་མི་ཕོད། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དོན་གྱི་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཀུན་རིག་སྟོན་པ་དེས། །ངེས་དོན་རྩ་བ་འདི་གསུངས་སོ། །ངོ་བོ་གཞི་ཡི་གནས་ལུགས་དང་། །ལྟ་སྒོམ་སྤྱོད་པ་འབྲས་བུའི་དོན། །རྟོགས་པའི་ཡོན་ཏན་ད་ལྟའི་དུས། །མངོན་དུ་གྲུབ་པ་ངས་བཤད་ཉོན། །ཡུལ་མེད་ངོ་བོ་རང་བྱུང་སྐུ། །འཁོར་འདས་མ་རིག་གདོད་ནས་བྱུང་། །དེ་དོན་ཀུན་ལ་ཡེ་ནས་


DNG025_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །འདུས་མ་བྱས་ཀྱི་ནམ་མཁའ་འདྲ། །ད་ཡང་འདུས་པའི་སྙིང་པོ་ཉོན། །དཔེར་ན་ཁྱུང་ཆེན་ལྡིང་བ་བཞིན། །ངེས་པའི་ལྟ་བ་གདེང་ལྡན་པས། །འཁོར་འདས་དངོས་པོ་ཅིར་སྣང་ཡང་། །གཟུང་འཛིན་ཞེན་རྟོག་གཞི་ལ་མེད། །མ་ཀི་ཏ་ཡིས་གར་ཐེབས་བཞིན། །ལྟ་བ་ངོ་བོ་ཉིད་རྟོགས་པས། །ཅི་དྲན་མ་བསྒོམས་ཆོས་ཉིད་གསལ། །བཞག་བླང་མེད་པ་རྒྱུད་དུ་གནས། །བི་ཤྭ་ཀརྨས་བྱས་ལེགས་བཞིན། །རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ། །ཡེ་ཤེས་རྩ་བ་དོན་གྱིས་ཟིན། །ཉེས་པའི་སྐྱོན་གྱིས་གོས་མེད་པ། །ཡིད་བཞིན་ནོར་བུའི་ཡོན་ཏན་བཞིན། །རང་སེམས་ཆོས་སྐུར་དོན་རྟོགས་པས། །མི་ཡི་ལུས་ལ་སངས་རྒྱས་ཐུགས། །གདུལ་བྱ་གཟུགས་སྐུ་ཤུགས་ལས་འབྱུང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །དེ་དག་ངོ་བོ་གཅིག་གཅིག་ལ། །ཚིག་གིས་མཚོན་པ་ཐ་དད་ཀྱང་། །ཡུལ་མེད་རང་གསལ་ཉིད་དུ་འདུས། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ངེས་དོན་རྩ་བ་གཅིག་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །འདུས་པའི་འཁོར་ལ་ཕན་དོན་དུ། །ཡིད་ཀྱིས་དྲན་པས་འདི་སྐད་གསོལ། །སྣང་མེད་ངོ་བོ་གནས་ལུགས་གང་། །གཞི་ལ་འཕོ་འགྱུར་ཇི་ལྟར་མེད། །སེམས་ཅན་ཀུན་ལ་ཇི་ལྟར་ཡོད། །ཀུན་རིག་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །སྣང་མེད་ངོ་བོ་གནས་ལུགས་ནི། །དུས་གསུམ་མེད་པའི་སྔོན་རོལ་ན། །འདས་པ་བས་ཀྱང་རང་བྱུང་སྔ། །རྒྱུ་རྐྱེན་མེད་པའི་སྔོན་རོལ་དུ། །འབྲས་བུ་རང་བྱུང་སྙིང་པོ་བྱུང་། །འབྱུང་བ་ཆེན་པོའི་སྔོན་རོལ་དུ། །ང་དང་ནམ་མཁའ་དུས་མཉམ་ཕྱིར། །སངས་རྒྱས་ཐམས་ཅད་ང་ཉིད་ཡིན། །བསྟན་པ་མེད་པའི་སྔོན་རོལ་དུ། །སངས་རྒྱས་པས་ཀྱང་རང་སེམས་སྔ། །ཐེག་པ་མེད་པའི་སྔོན་རོལ་དུ། །ལྟ་བའི་ཆོས་སུ་རང་སེམས་བྱུང་། །སྐྱེ་འཆི་མེད་པའི་སྔོན་རོལ་དུ། །མྱང་འདས་པས་ཀྱང་རང་སེམས་སྔ། །ཆོས་ཉིད་


DNG025_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྔོན་རོལ་དུ། །སྟོང་པ་ཉིད་ལས་རང་སེམས་སྔ། །བདེ་གཤེགས་མེད་པའི་སྔོན་རོལ་དུ། །སེམས་ཅན་ལས་ཀྱང་ཆོས་སྐུ་སྔ། །མཚོན་ཚིག་མེད་པའི་སྔོན་རོལ་དུ། །ཐ་སྙད་པས་ཀྱང་དོན་འདི་སྔ། །ང་ནི་རྒྱུ་མེད་འབྲས་བུ་སྟེ། །རང་བྱུང་རྒྱུ་མེད་སྙིང་པོ་ཡིན། །དེ་ཕྱིར་མི་སྐྱེ་དོན་མི་འགག །སྐྱེ་འཆི་མེད་པ་རྡོ་རྗེ་འཆང་། །ང་ནི་ནམ་མཁའི་རང་བཞིན་ཏེ། །བག་ཆགས་མ་བརྟགས་ས་ཆུ་མེད། །གཟུགས་མེད་ཡེ་ཤེས་ངོ་བོ་ལ། །རླུང་མེད་མེ་ནི་ཅི་ལ་འབྱུང་། །དེ་ཕྱིར་ངོ་བོ་ཉིད་ཀྱི་སྐུ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །རང་བྱུང་ངོ་བོ་ཉིད་ལ་ནི། །རྒྱུ་མེད་མ་སྐྱེས་ཡང་དག་ཡོད། །སྒྲོ་སྐུར་བྲལ་བའི་རིག་པ་ལ། །འཕེལ་འགྲིབ་མེད་པས་རྒྱུན་དུ་གནས། །ཡང་དག་བྱང་ཆུབ་སྙིང་པོ་ལ། །ཐོགས་པ་མེད་ཅིང་སྤང་བ་མེད། །འཁོར་འདས་གཉིས་ཀྱིས་འཛིན་པ་དེ། །ཐ་སྙད་ཡིན་ཏེ་དོན་དུ་མེད། །ཆོས་སྐུ་མཚན་ཉིད་རྣམ་པར་དག །བདག་མེད་ཆོས་ལ་སྐྱེ་འཆི་མེད། །ངོ་བོ་ཉིད་ལ་བསྒོམ་མི་དགོས། །མར་མེ་རང་གི་མཚན་ཉིད་འདྲ། །ཡོད་མེད་ཡུལ་གྱི་མཐའ་ལས་འདས། །དེ་དོན་རང་བཞིན་འོད་གསལ་བས། །གདོད་ནས་དག་པས་ནམ་མཁའ་འདྲ། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྣང་མེད་དོན་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག །རང་རིག་རྩ་བ་ཆོས་སྐུ་ལ། །ཡོན་ཏན་ལྷག་མ་མེད་པར་རྫོགས། །རང་བྱུང་སངས་རྒྱས་ཡེ་ཤེས་སྐུ། །མ་སྐྱེས་ཡོངས་སུ་གྲུབ་པའི་ལྷ། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། །ངོ་བོ་དམིགས་མེད་བརྗོད་ལས་འདས། །ཡང་དག་ལྟ་བ་མཐར་ཕྱིན་པས། །ཕ་རོལ་ཕྱིན་པ་ཡེ་ནས་གནས། །སངས་རྒྱས་ཀུན་གྱི་སངས་རྒྱས་ལ། །འགྲོ་བ་ཡོངས་ཀྱི་ཁ་ལོ་བསྒྱུར། །བསྐྱེད་པ་མེད་པའི་འབྲས་བུ་ལ། །བྱས་པ་མེད་པའི་ཆོ་འཕྲུལ་འབྱུང་། །ཐམས་ཅད་རང་བྱུང་ང་ཡི་རྩལ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །དོན་ལ་འགྱུར་མེད་ལྟ་བའི་གཞི། །ཡུལ་ལ་མི་ལྟོས་རང་བྱུང་


DNG025_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །ཡེ་ནས་ནམ་མཁའི་མཐའ་དང་མཉམ། །གཞི་ལས་འགྱུར་མེད་བྱང་ཆུབ་སེམས། །སྐྱོན་གྱིས་མ་གོས་དྲན་པ་ལ། །འཕོ་འགྱུར་མེད་པར་བརྡལ་བའི་སྐུ། །མི་སྐྱེ་མི་འགག་རང་རིག་ཀློང་། །བསྒོམ་པས་མི་རྙེད་འགྱུར་མེད་ཕྱིར། །འབྲལ་མེད་ད་ལྟ་ང་ཡི་ཐུགས། །བསྐལ་པར་འཁྱམས་ཀྱང་སྐྱེ་འཆི་མེད། །དེ་རྟོགས་རིག་པ་ཀུན་གྱི་གཞི། །མ་བསྒོམས་ཡེ་ཤེས་མཐར་ཕྱིན་པ། །རེ་བ་མེད་ཕྱིར་ལུང་མི་སྲིད། །གདོད་ནས་འགྱུར་མེད་ཡེ་ཤེས་སྐུ། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། གཞི་ལས་འཕོ་འགྱུར་མེད་པའི་ལེའུ་སྟེ་བཞི་པའོ།། །།ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །སེམས་ཅན་ཀུན་གྱི་ལུས་ནང་ན། །རང་རིག་རྒྱལ་པོ་ཡེ་ཤེས་དེ། །རང་གི་སེམས་ལ་ཡེ་ནས་གནས། །ད་ཡང་འདུས་པའི་སྙིང་པོ་ཉོན། །ཡང་དག་ངེས་པའི་ཆོས་སྐུ་ནི། །དངོས་པོར་མ་གྲུབ་ཡུལ་ལས་འདས། །རིག་པ་རྒྱུན་ཆགས་དེ་ཉིད་ནི། །འགྲོ་དྲུག་ཀུན་གྱི་སེམས་ལ་གནས། །སྐྱེ་མེད་ཡེ་ཤེས་རང་བྱུང་སྟེ། །ཆེད་དུ་མ་བྱས་རང་གསལ་བ། །དེ་ཉིད་རང་རིག་ཙམ་ལས་ནི། །བཅོས་སུ་མེད་པས་ནམ་མཁའ་འདྲ། །སེམས་ཅན་ཀུན་གཞི་བཞི་ཆ་ལ། །རང་བྱུང་ཆོས་སྐུ་ཡོད་མེད་ཀྱང་། །ལུང་མེད་རྐྱེན་གྱིས་རང་རིག་བསྒྲིབས། །དེ་ཕྱིར་ཡེ་ཡོད་རྟོགས་པར་བྱ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །སེམས་ཅན་ལུས་ཀྱི་ཚོར་བ་ལ། །རང་རིག་ཡེ་ཤེས་རྒྱུན་མི་འཆད། །འདུ་འབྲལ་མེད་པས་ཡེ་ནས་གནས། །དེ་ཕྱིར་ཉོན་མོངས་སྦུབས་ནང་ན། །ཀུན་བཟང་ཡེ་ཤེས་སེམས་ལ་གནས། །ངེས་དོན་ལུང་བསྟན་དོན་རྟོགས་ནས། །དེ་དོན་གཞན་ནས་བསྒྲུབ་མི་དགོས། །སེམས་ཅན་བྱང་ཆུབ་སུ་འདོད་པ། །ཀུན་གཞིའི་གསེབ་ནས་དོན་ཚོལ་ལ། །དེ་ཡི་ངང་ལ་གནས་པར་གྱིས། །དེ་དོན་རྒྱལ་བའི་དགོངས་པ་ཡིན། །བདེ་གཤེགས་རྣམས་ཀྱི་སྙིང་པོ་ཡང་། །སེམས་ཅན་ལུས་ལ་ཡོད་མོད་ཀྱང་། །ཤེས་པ་མ་མཐོང་ཙམ་དུ་བས། །དེ་མཐོང་ངེས་པའི་


DNG025_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ལ། །ཤེས་པ་རྟག་ཏུ་འབྲལ་བ་མེད། །ད་ཡང་འདུས་པའི་སྙིང་པོ་ཉོན། །མ་རིག་འཁྲུལ་པ་ཡོད་བཞིན་དུ། །འབྲས་བུ་སངས་རྒྱས་ཐུགས་ལ་གནས། །དེ་ཕྱིར་གཞན་ནས་འབྱུང་བ་མེད། །ཐོག་མ་མ་ཡིན་དུས་འདིར་རང་། །དེ་ཡང་རང་རིག་ཡེ་ཤེས་ནི། །ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །འགྲོ་དྲུག་ཀུན་ལ་རང་རིག་ཁྱབ། །སྐྱེ་འགག་མེད་པར་རྒྱུན་དུ་གནས། །དཔེར་ན་ས་གཏིང་ནམ་མཁའ་བཞིན། །འགྲོ་འོང་མེད་པར་ཆོས་སྐུ་གནས། །དེ་དོན་མ་རྟོགས་བློས་བསླང་ནས། །འཁོར་བར་འཁྱམས་པས་ཉམས་པ་མེད། །རང་རྒྱུད་རིག་པའི་ཡེ་ཤེས་ནི། །སྤྲིན་མེད་མཁའ་ལ་ཉི་ཤར་བཞིན། །འདུས་མ་བྱས་པའི་ཀློང་དཀྱིལ་ན། །རང་རིག་ཡེ་ཤེས་ཆོས་སྐུ་བཞུགས། །རིན་ཆེན་ག་འུར་འོད་ཐིམ་ལྟར། །ལུས་ཀྱི་ནང་ན་ཆོས་སྐུ་ཡོད། །ལུས་ཞིག་དྲན་པ་ལུགས་སུ་འཇུག །དེ་བཞིན་འཁོར་བའི་རྒྱུད་ཁ་འཁོར། །དོན་རྟགས་རང་རིག་གནས་སུ་ཆེ། །རིག་པ་རང་བྱུང་ངོ་བོ་དེ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་ཕྱིར་འཁོར་འདས་ཀུན་གྱི་གཞི། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སེམས་ཅན་ཀུན་ལ་གནས་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་རིག་རྗེ་ལ་ཡང་གསོལ་པ། །དོན་གྱི་གནས་ལུགས་རྟོགས་ཐབས་གང་། །ཀུན་རིག་རྒྱལ་པོས་བཤད་དུ་གསོལ། །ཞུས་པའི་དོན་གསན་བཀའ་སྩལ་པ། །དེ་དོན་ངས་བཤད་ཡིད་ཀྱིས་ཉོན། །ངེས་པའི་བླ་མ་ལུང་ལྡན་ལ། །དད་པ་བརྩོན་འགྲུས་དམ་ཚིག་གིས། །བཀུར་སྡི་རིམ་གྲོ་གུས་བྱས་ནས། །མན་ངག་སྙིང་པོ་སྣང་བར་འགྱུར། །ད་ཡང་འདུས་པའི་སྙིང་པོ་ཉོན། །དཔེར་ན་བྲམ་ཟེ་གླང་ཆེན་བཞིན། །རྒྱལ་པོའི་བཀའ་ཡི་བཙན་ཕུལ་གྱིས། །བྲིད་བསྡིགས་གཡོ་སྒྱུས་ནོར་འདོད་པ། །སྲོག་སྙིང་མེད་པས་ཕན་མི་ཐོགས། །དེ་བཞིན་ངེས་པའི་ལུང་ལྡན་གྱིས། །གདམས་ངག་ཆོས་སྐུ་མ་བསྟན་ན། །ཐབས་དང་གཡོ་སྒྱུ་སྣ་ཚོགས་ཀྱིས། །


DNG025_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྐུན་སྐྱོན་གྱིས་ཆོས་བཙལ་ཡང་། །རང་སེམས་མི་རྟོགས་ངན་སོང་ལྷུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །ཕྲག་དོག་མེད་པར་བཟང་སེམས་ཀྱིས། །སྲོག་སྙིང་རྒྱལ་པོ་ལ་བྱིན་ལ། །བྲམ་ཟེ་གསེར་གླང་འདྲ་གཉིས་བྱུང་། །གཉིས་ཀ་མངའ་ཐང་ཅི་བསམ་འགྲུབ། །དེ་བཞིན་བླ་མ་ལུང་ལྡན་ལ། །ཡིད་འཐད་དབུལ་ཞིང་ཅི་གསུང་ཉན། །ཤེས་རབ་རྣོ་ལ་གསང་ཐུབ་པ། །མན་ངག་སྙིང་པོ་གནང་བའི་ཕྱིར། །སློབ་མས་རང་སེམས་རྟོགས་པར་ངེས། །དེ་ཕྱིར་བླ་མ་བཀུར་བར་གཅེས། །ངེས་དོན་གནང་བའི་ཐབས་སུ་བཤད། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ངེས་དོན་རྟོགས་པར་བྱ་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།འདུས་པའི་འཁོར་གྱིས་ཡང་གསོལ་པ། །ངེས་པའི་དོན་གྱི་གདམས་ངག་གི། །མ་རིག་མུན་སེལ་ལྟ་བ་དང་། །འཁོར་འདས་མཐའ་ཡི་མ་རིག་དང་། །ཡེ་ཤེས་ལྷུན་གྲུབ་ལྟ་བ་གང་། །མཉམ་པའི་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་ནས། །ཡང་དག་འཁོར་ལ་བཀའ་སྩལ་པ། །རང་བྱུང་སྙིང་པོ་གནས་ལུགས་འདི། །ཉི་མ་ཤར་བས་མུན་པ་སངས། །ངེས་ལུང་བསྟན་པས་མ་རིག་བརླག །ཐིག་ལེ་ཆོས་སྐུ་བརྡལ་ཁྱབ་སྟེ། །རིག་པ་རང་ཤར་བཅོས་པ་མེད། །དེ་དོན་ལྷུན་གྲུབ་ཡེ་ནས་གསལ། །རང་བྱུང་སྙིང་པོ་རང་གསལ་ཐུགས། །ཡེ་ནས་ཐ་སྙད་ཀུན་དང་བྲལ། །ཇི་བཞིན་གསལ་ལ་དོན་རྟོག་མེད། །དོན་དམ་སྤྲོས་བྲལ་ལྟ་བའི་མཆོག །རྩོལ་མེད་སྤྱོད་པ་ཡུལ་ལས་འདས། །ཡང་དག་ཀློང་གྱུར་དོན་ལ་མཁས། །དེ་ཉིད་དོན་ལ་སུས་སྦྱོར་བར། །ཚོགས་བརྒྱད་ཤེས་པའི་ཡུལ་ལས་འདས། །མངོན་དུ་གྱུར་པས་ཐུགས་ལ་བཀྲ། །ཀུན་གྱིས་རྟོགས་དཀའ་བྱང་ཆུབ་བདེ། །མི་གཡོ་མི་རྟོག་ཆོས་སྐུ་ལམ། །རང་རིག་བདེ་བ་ཡེ་ཤེས་ཀློང་། །གཅིག་ཏུ་རྟོགས་པའི་ཐིག་ལེ་གསལ། །ལྟ་བ་དབུས་དང་མཐའ་མེད་པས། །སྤང་ལེན་མ་བཙལ་ལྷུན་གྱིས་གྲུབ། །སྐྱེ་མེད་ཀློང་དུ་རིག་པ་འཕྱོ། །རྟེན་མེད་ཆགས་པའི་ཡུལ་


DNG025_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ། །སྒོམ་མེད་ལྟ་བའི་ངང་གིས་གསལ། །མཚོན་པའི་ཚིག་གིས་བཀྲི་དང་བྲལ། །སྐྱེ་མེད་གདེང་ཆུབ་འདུ་འབྲལ་མེད། །སྣང་མེད་རིག་པ་དངོས་པོ་བྲལ། །ཡང་དག་ཐུགས་ལ་སྤྲོ་བསྡུ་མེད། །མ་སྤྲོས་ལྷུན་གྲུབ་རིག་པ་ཤར། །ཀུན་ཁྱབ་དོན་འདུས་མཐའ་མ་རིག །ཡེ་ཤེས་སྐུ་མཆོག་ཆོས་སྐུ་བརྡལ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །འགྲོ་དྲུག་སེམས་ཅན་རང་བྱུང་སྐུ། །འདི་ལྟར་སྣང་བ་མ་ལུས་ཀུན། །གདོད་ནས་མེད་པའི་དོན་རྟོགས་པས། །ཡེ་ཤེས་གཅིག་གི་ངང་དུ་འདུས། །ལུས་ངག་ཡིད་ཀྱི་བྱ་བ་རྣམས། །བྱས་ནས་འཆིང་བའི་ལས་ཡིན་པས། །གཞི་ལ་མེད་ཅེས་བཙལ་མི་དགོས། །མ་བསྒོམས་འདུ་འབྲལ་མེད་པར་བལྟ། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རིག་མུན་པ་སེལ་བའི་ལེའུ་སྟེ་བདུན་པའོ།། །།ད་ཡང་འདུས་པའི་སྙིང་པོ་ཉོན། །སངས་རྒྱས་སེམས་ཅན་འབྱུང་བ་ཀུན། །བློ་བུར་བྱུང་ཕྱིར་གནས་ལུགས་མིན། །དེ་ཕྱིར་འཇིག་རྟེན་ཆོས་ལ་དཔེ་མི་ལང་། །འཁོར་འདས་གཞི་མ་དོན་མ་རིག །ད་ཡང་འདུས་པའི་འཁོར་རྣམས་ཉོན། །ཕ་མེད་མ་མེད་ནགས་ཀྱི་བྱེའུ། །ནམ་མཁའི་མཐོངས་སུ་འཐོན་པ་ལྟར། །བློ་བུར་འཁོར་འདས་གཉིས་པར་ན། །ཆོས་སྐུ་རྟོགས་པས་མ་རིག་སངས། །གདོད་མའི་རང་བྱུང་འདི་ཉིད་ནི། །ལྟ་བ་རྟོགས་པས་ཆོག་པའི་ཕྱིར། །འཁོར་འདས་གཉིས་པོ་གདོད་ནས་མེད། །ཡུལ་དང་མ་བྲལ་ངོ་བོ་ཉིད། །དོན་རྟོགས་པ་ཡི་དོན་ལ་གནས། །ཡེ་རྫོགས་ཆོས་སྐུའི་སྙིང་པོ་ཡིན། །རེ་དོགས་མཐའ་ཀུན་རྣམ་པར་ཞི། །ཚིག་ཏུ་མཚོན་མེད་ཡེ་ནས་བདེན། །གཅིག་དང་དུ་མ་མཐའ་ཡི་ཆོས། །དེ་ཕྱིར་འཁོར་འདས་གཉིས་ལས་འདས། །འདི་ཞེས་མ་བསྒྲགས་ལྟ་བའི་ཆོས། །ད་ཡང་འདུས་པའི་སྙིང་པོ་ཉོན། །དངོས་པོ་མེད་ཕྱིར་རྟོག་པ་བྲལ། །ཀུན་ལ་ཁྱབ་པས་ཆད་པ་བྲལ། །དབུས་མཐའ་བྲལ་བས་རང་བྱུང་སྐུ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །བརྗོད་མེད་ལྟ་བ་དྲན་པའི་གཟུངས། །དེ་དོན་ཕྱིན་ཅི་མ་ལོག་པར། །ཡེ་ཤེས་ལམ་ལ་


DNG025_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་བྱ། །རང་རིག་ངེས་པའི་ལྟ་བ་ལ། །ཡངས་པ་མེད་པར་ཡིད་ལ་བལྟ། །དེ་ཡང་ཡུལ་ཅན་མ་ཡིན་ཏེ། །རང་ལ་རང་བལྟ་ཤིན་ཏུ་གསལ། །དེ་གོམས་མཐར་ཕྱིན་ཡེ་ཤེས་ཐུགས། །ཆོས་ཉིད་སྤྲོས་བྲལ་འགྱུར་བ་མེད། །རང་བྱུང་ཡེ་ཤེས་གཉུག་མར་གནས། །དེ་ཉིད་མི་འབྲལ་ལྟ་བའི་མཆོག །ད་ཡང་འཁོར་གྱི་སྙིང་པོ་ཉོན། །འཁོར་འདས་གཉིས་ཀྱི་ཆོས་ཉིད་ལ། །ཇི་སྲིད་བག་ཆགས་ཡོད་པའི་བར། །འདི་ལྟར་སྣང་བའི་ཆོས་རྣམས་སོ། །ཇི་སྲིད་བག་ཆགས་དག་ན་ནི། །སྣང་བའི་ཡུལ་རྣམས་གདོད་ནས་མེད། །ཐག་སྦྲུལ་མཐོ་ཡོར་ཇི་བཞིན་ནོ། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མཐའ་མ་རིག་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ལ། །ཀུན་རིག་རྒྱལ་པོས་བཀའ་སྩལ་པ། །རང་སེམས་ཆོས་སྐུའི་ལྟ་བ་ནི། །ཀུན་ལ་ཁྱབ་པའི་རིག་པ་ཡིན། །འདུས་མ་བྱས་པའི་དོན་རྟོགས་པས། །མཐའ་བྲལ་རིག་པ་གཅིག་ཡིན་ནོ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཀུན་གྱི་མཉམ་ཉིད་རྒྱལ་བའི་ཐུགས། །མ་ལུས་སེམས་ཅན་ཐམས་ཅད་ལ། །ཆོས་སྐུ་ཁྱབ་པ་བརྡལ་བའི་སྐུ། །མཐའ་དབུས་མེད་པའི་ནམ་མཁའ་འདྲ། །རིག་པ་མ་བསླད་གཉུག་མར་གནས། །དམིགས་འཛིན་མེད་པར་རང་གིས་གསལ། །དངོས་པོ་མེད་པ་ཤེས་རབ་ཡོད། །ནམ་མཁའ་ཉི་མའི་འོད་ཤར་འདྲ། །འདུས་མ་བྱས་ཀྱི་ཡེ་ཤེས་ཀྱིས། །རྟེན་འཆང་མེད་པ་ཉོན་མོངས་སེལ། །འབྱུང་བ་ལྔ་ལ་རག་མ་ལུས། །མི་འགྱུར་འཇོམས་པས་རྡོ་རྗེ་འདྲ། །བླ་མས་དོན་བསྟན་རྣལ་འབྱོར་པས། །ཐེ་ཚོམ་མེད་པར་རང་སེམས་རྟོགས། །ཐམས་ཅད་གཅིག་ལ་རྫོགས་པ་སྟེ། །མ་རིག་ལོང་བའི་མིག་འབྱེད་འདྲ། །ཡེ་ཤེས་རིག་པ་དེ་ཉིད་ནི། །ཡོད་མེད་དབུས་དང་མཐའ་མེད་པས། །སང་ངེ་སལ་ལེ་མཐོང་འགྱུར་མེད། །ཀ་ཤི་རས་ཀྱིས་རིན་ཆེན་འདྲ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །མ་བཅོས་ལྟ་


DNG025_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་བཞིན་ལ། །ཡུལ་མེད་ཆོས་སྐུ་རང་བྱུང་དེ། །རེ་དོགས་རྡུལ་ཙམ་མེད་པའི་ཕྱིར། །ལྷུན་གྲུབ་ཡེ་ཤེས་ཆེན་པོ་ཡིན། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྟ་བ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །མ་བསྒོམས་ཏིང་འཛིན་ཇི་ལྟར་གསལ། །འབྲས་བུ་རྒྱུན་གྱི་སྤྱོད་པ་གང་། །རེ་དོགས་མེད་པའི་འབྲས་བུའམ། །ཀུན་རིག་སྟོན་པས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །མ་བསྒོམས་འབྲས་མེད་ཏིང་འཛིན་ནི། །རྣམ་སྨིན་ལུས་ཀྱི་རྟེན་བཅས་པའི། །ཐ་མལ་ཀུན་གཞི་བཞི་ཆ་ལ། །ལུང་ལྡན་རྐྱེན་གྱི་གདམས་ངག་གིས། །རང་སེམས་ཆོས་སྐུར་ངོ་སྤྲད་པས། །དམིགས་འཛིན་མེད་པར་རང་གིས་གསལ། །གཉུག་མར་གནས་ལ་འཕེལ་འགྲིབ་མེད། །ཡུལ་སེམས་གཉིས་ལ་དཔྱོད་དང་བྲལ། །མཐའ་དབུས་མི་དམིགས་དྲན་ལས་འདས། །ཡེ་ནས་དག་ཕྱིར་བྱ་བ་མེད། །བཙལ་དུ་མེད་པས་སེམས་ལས་འདས། །ཀུན་ལ་ཁྱབ་པས་བཙལ་མི་དགོས། །འགག་པ་མེད་པས་རིག་པ་སྟོང་། །མ་བྱས་ཕྱིར་ན་འཇིག་པ་མེད། །རིག་པ་གསལ་བས་རང་ངོ་ཤེས། །ཇི་བཞིན་པ་ལ་མ་སྐྱེས་པ། །མ་བཅོས་རྐྱེན་གྱིས་མི་འགྱུར་བ། །རྟག་ཆད་མ་ཡིན་བསྡུས་པ་མེད། །སོ་སོ་མ་ཡིན་འདྲེས་པ་མེད། །དངོས་མེད་སེམས་ཀྱི་ཏིང་འཛིན་གསལ། །གཏང་གཞག་མེད་པས་ཆོས་སྐུ་ལ། །བྱིང་རྒོད་མི་འབྱུང་རྒྱུན་དུ་གནས། །ཡེ་ཤེས་དོན་ལ་འཆར་ནུབ་མེད། །ད་ཡང་འདུས་པའི་སྙིང་པོ་ཉོན། །རང་རིག་ཡེ་ཤེས་འདི་ཉིད་ལ། །བསྒོམ་དུ་མེད་ཕྱིར་ཡེངས་པ་མེད། །གཟུང་དུ་མེད་ལ་ཞེ་ལ་གསལ། །རང་ཡིད་ཆེས་ལ་ཁར་མི་ཐོན། །སྣང་སྲིད་གསལ་ལ་ཞེན་པ་མེད། །རང་གི་བྱ་ར་དངོས་མེད་གྲོལ། །དྲན་པ་མི་བརླག་འགྲོ་འོང་མེད། །དྲན་པའི་རིག་པ་ཅི་བྱུང་ཡང་། །དེ་ཉིད་དུས་ན་ངོས་གཟུང་མེད། །ད་ཡང་འདུས་པའི་སྙིང་པོ་ཉོན། །ཡིད་ཀྱི་ཡུལ་དུ་མ་བསྒོམས་ཏེ། །ལྟ་བའི་དོན་དང་འབྲལ་མེད་ཕྱིར། །དེ་


DNG025_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཉིད་ན་འབྱུང་འཇུག་མེད། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཡེ་ཤེས་ཀྱི་སྒོམ་པ་ངོས་གཟུང་བའི་ལེའུ་སྟེ་བཅུ་པའོ།། །།རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག །ངོས་ཟིན་དོན་ལ་གནས་ཐབས་ནི། །མར་མེས་མུན་བསལ་སྣང་བ་བཞིན། །སྐད་ཅིག་ཙམ་གྱི་ཏིང་འཛིན་གྱིས། །བག་ཆགས་བརླག་པས་མ་རིག་སངས། །དོན་ཉིད་ཡེ་ཤེས་དྲན་པ་ཡིས། །ཉོན་མོངས་ལས་ཀྱིས་གོས་པ་མེད། །དེ་བས་རང་སེམས་དྲན་པ་ནི། །སྒྱུ་མ་སངས་ནས་འཁྲུལ་པ་བཞིན། །མཚན་མའི་རྟོག་བྲལ་དོན་ཤེས་པས། །སྤྲོས་བྲལ་ཡེ་ཤེས་སྙིང་པོར་གནས། །ད་ཡང་འདུས་པའི་སྙིང་པོ་ཉོན། །འཁོར་འདས་གཞི་ཤེས་རང་བྱུང་སྟེ། །བསྒོམ་དང་མི་བསྒོམ་སྒྲོ་སྐུར་བྲལ། །དེ་ཉིད་ཉམས་སུ་བླང་ཐབས་ནི། །ཐིགས་པས་སྣོད་ཆེན་ཁེངས་པ་བཞིན། །ངོ་བོ་ཉིད་ཀྱི་ཆོས་སྐུ་ཡང་། །སེམས་ཉིད་རིག་པ་གསལ་ཐེབས་ན། །གོལ་ས་མི་འབྱུང་སངས་རྒྱས་འགྲུབ། །དཔེར་ན་བུད་མེད་སྦྲུམ་མ་ནི། །སྐྱེ་བའི་དུས་སུ་ཟས་བསྟེན་བཞིན། །ལུང་ལྡན་མན་ངག་ཡོད་པའི་མིས། །རྐྱེན་གྱི་རྟོག་པ་ཅི་བྱུང་ཡང་། །དོན་དེ་ངེས་དོན་ཟླ་དྲན་པས། །མ་བསྒོམས་དོན་དང་འབྲལ་བ་མེད། །དགོས་པའི་ཉམ་ཆུང་བརྟེན་པ་བཞིན། །བླ་མ་མཁས་དོན་ལྡན་པ་ལ། །རྟག་ཏུ་བསྙེན་ཅིང་གུས་བྱས་ན། །འབྲས་བུ་ཆོས་སྐུ་མྱུར་དུ་འགྲུབ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ངེས་པའི་དོན་གྱི་གདེང་ཉམས་ཀྱང་། །བསྒོམ་དུ་མེད་ཕྱིར་ཡེངས་པ་མེད། །དུས་བཞི་རྐྱེན་གྱི་བར་དུ་ནི། །འཁོར་འདས་ཡུལ་གྱིས་མ་བསླད་ཕྱིར། །ཡེ་ཡིན་དོན་ལ་བརྗོད་མེད་བྱ། །རྒྱལ་པོ་མི་འགྲོ་འཁོར་སྡུད་བཞིན། །ཆོས་ཉིད་མ་བསྒོམས་སྐུ་གསུམ་འབྱུང་། །ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ། །དཔེར་ན་སྒྱུ་མ་མཁས་པ་ཡིས། །སྤྲུལ་པའི་སྲོག་ནི་གཅོད་ཙམ་ན། །སྲོག་མེད་སྒྱུ་མ་ཡིན་ཤེས་ལྟར། །རང་རིག་ལྟ་བའི་དོན་གནས་པས། །དུག་ལྔ་སྤྱོད་ཚེ་རང་རིག་འཆར། །ངོ་བོ་ཉིད་ལ་འགྲིབ་མེད་ཤེས། །དེ་ཚེ་ཉོན་མོངས་ཅི་སྤྱད་ཀྱང་། །སྐྱོན་གྱིས་མ་གོས་རང་བྱུང་གསལ། །


DNG025_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་མི་བརྗོད་རྟོགས་པའི་ཕྱིར། །ཆེད་དུ་བྱས་པར་སྒོམ་མི་དགོས། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །རང་སེམས་རྟོགས་པའི་བསྒོམ་པ་ལ། །ཅིག་ཆར་བསྡུས་ཏེ་འཆར་ན་ཡང་། །སྒོམ་པའི་ཐུན་ལ་རིང་ཐུང་མེད། །ནམ་འགྲུབ་སྙམ་པའི་ཁར་མ་ལུས། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲལ་མེད་རྒྱུན་གྱི་ཏིང་འཛིན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཀུན་རིག་རྒྱལ་པོ་ཡིས། །འབྲལ་མེད་རིག་སྤྱོད་བཀའ་སྩལ་པ། །རང་བྱུང་ཡེ་ཤེས་ནམ་མཁའ་ཆེ། །མ་འདུས་ཡོངས་རྫོགས་ཆོས་ཀྱི་སྐུ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །མི་སྐྱེ་མི་འགག་རྒྱུན་དུ་སྤྱོད། །བསམ་འདས་དོན་གསལ་ཡིད་ལ་གནས། །གསང་སྔགས་ངོ་བོ་ཉིད་ཀྱི་སྐུ། །སངས་རྒྱས་སེམས་ཅན་གཉིས་ཀྱི་གསང་། །རང་སངས་དམ་པའི་སྤྱོད་པ་འདི། །སངས་རྒྱས་ཀུན་གྱི་ངེས་པའི་དོན། །ཡང་དག་བྱང་ཆུབ་སེམས་ལ་ནི། །མི་དམིགས་པར་ཡང་དཔྱད་དུ་མེད། །མི་གནས་པར་ཡང་བསམ་དུ་མེད། །དེ་ཕྱིར་བྱ་བྲལ་ནམ་མཁའ་འདྲ། །ད་ཡང་འདུས་པའི་སྙིང་པོ་ཉོན། །མ་བཅོས་རང་བྱུང་དེ་བཞིན་ཉིད། །དཔྱད་དུ་མེད་པའི་ཆོས་ཉིད་ལ། །མ་བསྒོམས་དམིགས་སུ་མེད་པ་སྟེ། །ཏིང་ངེ་འཛིན་ཞེས་བཏགས་པ་ཡིན། །མི་རྟོག་པར་ཡང་མི་སེམས་ལ། །ཀུན་ལ་ཁྱབ་པའི་ཡེ་ཤེས་ལ། །ཀུན་ཤོང་བྱ་མེད་སྤྱོད་པའི་མཆོག །འདུས་པའི་འཁོར་རྣམས་ད་ཉོན་ཅིག །རང་སེམས་ངོ་བོ་ཉིད་རྟོགས་ཕྱིར། །ཡུལ་འདི་སེམས་སུ་མི་སྡུད་པས། །དཔྱད་པའི་ཡུལ་ཡང་མེད་པར་འགྱུར། །གང་གིས་གང་ལ་བསམ་ཞིང་དཔྱད། །དཔེར་ན་ནམ་མཁའ་སྟོང་པ་ལ། །དམིགས་པར་མི་བྱེད་སྡུད་མི་བྱེད། །དེ་བཞིན་སེམས་ཀྱིས་སེམས་བསྒོམ་དུ། །ངོ་བོ་འདི་འདྲ་དམིགས་སུ་མེད། །སྐྱོན་ཡོན་ཅིར་ཡང་མ་དཔྱད་ན། །གོལ་ས་སྒྲིབ་པར་ཅི་ལ་འགྱུར། །སྤྱོད་པའི་མཆོག་ཏུ་དེ་ཉིད་གསུངས། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །རྒྱུན་དུ་མི་འབྲལ་རང་རིག་འདི། །ཉམས་མྱོང་མེད་


DNG025_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པར་རང་གསལ་བ། །དེ་ཉིད་ཉམས་ཀྱི་དམ་པའི་མཆོག །མི་འཛིན་མི་སྤྱོད་རང་གསལ་ཙམ། །འབྲལ་མེད་རྒྱུན་གྱི་སྤྱོད་པར་བཤད། །གལ་ཏེ་མཚན་མ་རྒྱུ་ན་ཡང་། །དེ་དྲན་དགག་སྒྲུབ་མེད་ཤེས་ན། །སངས་རྒྱས་ལྟ་སྒོམ་ངོ་བོ་གཅིག །རྣལ་འབྱོར་སྤྱོད་པ་ཐམས་ཅད་དུ། །དོན་དམ་སྤྱོད་པ་ཡིན་པའི་ཕྱིར། །མ་དྲན་གཉིད་དང་ཉོན་མོངས་ལ། །རང་གར་སོང་ཚེ་དེ་ཉིད་ལ། །ངོ་བོ་ཉིད་དྲན་གནོད་མི་ནུས། །ད་ལྟ་ཉིད་དུ་ཡེ་ཤེས་ཕྱིར། །ཆེད་དུ་མ་བྱས་སྤྱད་དུ་མེད། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲལ་མེད་རྒྱུན་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།འདུས་པའི་འཁོར་ལ་དུག་ལྔ་ནི། །རང་གྲོལ་སྟོན་པས་བཀའ་སྩལ་པ། །རང་སེམས་དོན་རྟོགས་སྤྱོད་མི་སྤང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་འཁོར་བ་དེ། །ངེས་པའི་གདེང་ལྡན་རྣལ་འབྱོར་པ། །རྒྱུ་མཐུན་བག་ཆགས་མི་གསོག་པས། །ཕོ་མོ་དུས་གསུམ་སྦྱར་གྱུར་ཀྱང་། །བསླབ་པའི་ཚུལ་ཁྲིམས་ཉམས་པ་མེད། །བག་ཆགས་གསོག་ན་ཡི་དྭགས་གནས་སུ་སྐྱེ། །མཐོ་རིས་ཐར་པ་དག་ལ་བརྟེན་མི་འཆའ། །རང་སེམས་སྙིང་པོ་རྟོགས་པ་ཡིས། །འཆི་མེད་སྲོག་ལ་གཅད་དུ་མེད། །ཞེ་སྡང་མནར་སེམས་རིག་པའི་དོན། །དམྱལ་བའི་སྡུག་བསྔལ་ཡ་མི་ང་། །རང་རིག་ཡེ་ཤེས་དོན་ལྡན་པས། །མ་རིག་སྣ་ཚོགས་དོན་དུ་ཤེས། །ཡེ་ནས་ཆོས་ཉིད་བརྡལ་བ་ལ། །མ་རིག་སྒྲིབ་པ་སྦྱང་དུ་མེད། །དོན་རྟོགས་ང་རྒྱལ་ཡེ་ཤེས་ལ། །ཡིད་ཆེས་ཆོས་སྐུ་རང་བྱུང་ཐུགས། །འགྲན་ཟླ་འཇིག་རྟེན་གསུམ་ན་མེད། །དེ་ཉིད་ང་རྒྱལ་ངོ་བོ་ཉིད། །ཕྲག་དོག་གོལ་སྒྲིབ་སྐྱོན་མེད་པས། །དེ་ཕྱིར་མ་སྤངས་རང་སར་དག །ལྟ་བ་ངན་ལ་ཕྲག་དོག་གསལ། །དེ་ཕྱིར་ཕྲག་དོག་གསང་བའི་སྐུ། །ད་ཡང་འདུས་པའི་སྙིང་པོ་ཉོན། །སེམས་ཅན་ལོག་རྟོག་ཚན་པོ་ཆེས། །གཞན་གྱི་རྐྱེན་གྱིས་མི་ལྡོག་ཕྱིར། །དུག་ལྔ་རང་ལ་བརྟེན་ཏེ་བཟློག །མཐུན་


DNG025_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པས་ངེས་པར་བཟློག །ད་ཡང་འདུས་པའི་སྙིང་པོ་ཉོན། །བཟློག་ཏུ་མི་འདོད་གང་ཟག་ནི། །སྡིག་ཅན་མུ་སྟེགས་མཐོང་བའི་ཚེ། །ཤེས་སྤྱོད་མཚང་རྣམས་འབྲུ་བའི་ཕྱིར། །བདག་ཉིད་གཞན་དུ་བྱོལ་བར་བྱ། །གལ་ཏེ་སྤང་བའི་ཐབས་མེད་ན། །ངག་གི་སྨྲ་ཚིག་མི་བསྒོ་བར། །སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ། །ལོག་ནོན་གདམས་ངག་དྲན་བྱས་ལ། །བཟོད་པའི་ཡུལ་དུ་ཤེས་པར་བྱ། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དུག་ལྔ་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ད་ཡང་འདུས་པའི་སྙིང་པོ་ཉོན། །འབྲས་བུ་རིམ་འབྱུང་ངས་བཤད་ཀྱིས། །ལེགས་པར་ཟུང་ལ་ཡིད་ཀྱིས་ཉོན། །གནས་པའི་ཏིང་འཛིན་དོན་ལྡན་པས། །ཡེ་ཤེས་བག་ཆགས་ཆ་མཉམ་ཕྱིར། །གསལ་ལ་མི་རྟོག་དུས་མཉམ་པས། །འདོད་ཁམས་ལྷར་ནི་སྐྱེ་དབང་ཡོད། །དེ་ཚེ་འཕོས་ན་ཆོས་ཉིད་མཐོང་། །མི་གཡོ་བ་ཡི་ཏིང་འཛིན་གྱིས། །རྣམ་རྟོག་དེ་ཉིད་ཟིལ་ནོན་པས། །གཙང་མ་རིས་ཀྱི་ལྷར་སྐྱེས་ནས། །དེ་ཉིད་དུས་ན་མངོན་སངས་རྒྱས། །མཉམ་ཉིད་ལྡན་པའི་རྣལ་འབྱོར་གྱིས། །ལུས་བྲལ་སྐད་ཅིག་དེ་ཉིད་ལ། །འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ། །དཔེ་མེད་ཡེ་ཤེས་ཀུན་བཟང་ཐུགས། །ད་ཡང་འཁོར་གྱི་སྙིང་པོ་ཉོན། །མཉམ་པའི་དོན་ལ་ཡེ་གནས་པས། །འབྲས་བུ་རིག་པ་ད་ལྟ་ཉིད། །དེ་དོན་མ་བརྗོད་ཡེ་དྲན་ཕྱིར། །གཟུགས་ཁམས་གནས་སུ་ཅི་ལ་ལྟུང་། །ཉམས་མྱོང་ཅི་ལ་མ་ཞེན་ཅིང་། །སྟོང་པར་མི་འཛིན་དོན་གསལ་བས། །རང་རིག་ཡེ་ཤེས་མཐུ་བརྟས་ཕྱིས། །གཟུགས་མེད་ཁམས་སུ་ཅི་ལ་ལྟུང་། །རང་སེམས་རྟོག་པ་མངོན་གྱུར་པས། །རེ་དང་དོགས་པའི་བློ་བྲལ་བཞིན། །གང་ཡང་འཛིན་མེད་ཐུགས་ལ་གསལ། །ཉན་ཐོས་ས་རུ་ལྟུང་མི་འགྱུར། །དང་པོ་ལྟ་བས་བདག་མེད་ཕྱིར། །མཚན་མའི་ཡུལ་ལ་མ་ཞེན་ཕྱིར། །ཡུལ་ཉིད་སེམས་སུ་སྡུད་པ་མེད། །འདོད་ཁམས་གནས་སུ་ལྟུང་མི་འགྱུར། །ད་ཡང་འདུས་པའི་སྙིང་པོ་ཉོན། །ནམ་


DNG025_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཉི་ཤར་མུན་པ་མེད། །དེ་བཞིན་རང་རིག་ཆོས་སྐུ་ལ། །མ་རིག་མེད་པ་ཡེ་ཤེས་འཆར། །སངས་རྒྱས་ཐུགས་ལ་འཆར་ནུབ་མེད། །དེ་ཕྱིར་འབྲས་བུ་སངས་རྒྱས་མཆོག །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲས་བུ་ལྟུང་བ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ལ། །ཀུན་རིག་རྒྱལ་པོས་བཀའ་སྩལ་པ། །ཐུགས་ཀྱི་གདེང་ཆུད་སྐལ་བ་ལ། །མི་ནུབ་ཡོངས་ཀྱི་གཏེར་དུ་ནི། །དུས་གསུམ་རྒྱལ་བའི་ཆོས་ཀྱི་སྐུ། །རང་བྱུང་ཐུགས་སུ་གསལ་བའི་དོན། །མཉམ་ཉིད་འགྲོ་དོན་བྱེད་པའི་ལམ། །ཚད་མ་རང་གི་དབང་ཕྱུག་གིས། །རྗེས་འཚོབ་ཐུགས་ཀྱི་སྲས་མཆོག་ལ། །སྐྱེ་འགག་འཁོར་བ་སྤང་ལེན་མེད། །བདག་འཛིན་བྲལ་བ་རྒྱལ་བའི་ཐུགས། །ད་ཡང་འདུས་པའི་སྙིང་པོ་ཉོན། །འདུ་འབྲལ་འཆི་མེད་ཡེ་ཤེས་ལུས། །རིག་པ་ཕྱོགས་མེད་བྱང་ཆུབ་འཆར། །སོ་སོ་མ་ཡིན་ཡེ་ནས་གཅིག །དེ་ཕྱིར་ཡོན་ཏན་བསྟན་པ་དཀའ། །བྱང་ཆུབ་ངང་དུ་ཐམས་ཅད་འདུས། །མཐའ་མཉམ་དབང་ཕྱུག་ཆེན་པོའི་ཐུགས། །ཡེ་ཤེས་སངས་རྒྱས་ཀུན་དང་མཉམ། །སྡེ་སྣོད་ཆོས་རྣམས་ཐུགས་ལ་རྫོགས། །འཇིག་རྟེན་ཁམས་ན་འགྲན་ཟླ་མེད། །ཞེ་འདོད་རིགས་ལྔ་མ་བསྒྲུབས་ཀྱང་། །རང་གི་སེམས་ལ་སངས་རྒྱས་རྫོགས། །དེ་ཉིད་འབྲས་བུ་དམ་པར་གསུངས། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །སྔོན་ཚེ་རྣམ་གཟིགས་བསྟན་པ་ལ། །བྲམ་ཟེ་དཔལ་ལྡན་བྱ་བའི་བུ། །རང་སེམས་རྟོགས་པའི་དོན་མེད་པས། །གཞན་ནས་འབྲས་བུ་ཞེ་འདོད་ཀྱིས། །རིགས་ལྔའི་སངས་རྒྱས་ནམ་འགྲུབ་ཅེས། །ཡིད་ལ་བསམས་ཤིང་ལྷ་བསྒོམས་པས། །འབྲས་བུ་མེད་ཅིང་འཁོར་བར་སྐྱེས། །དེ་ཕྱིར་རེ་དོགས་མེད་པར་བྱ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །རེ་མེད་དོན་འདི་དྲན་བྱས་ན། །ཆོས་ཉིད་སངས་རྒྱས་ས་ལ་གནས། །དོགས་མེད་དོན་ལས་མ་གཡོས་ན། །སྒྲིབ་པ་


DNG025_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་བའི་ཐབས་མི་དགོས། །ད་ཡང་བློ་གྲོས་དམ་པ་ཉོན། །ངོ་བོ་ཉིད་ཀྱི་ཆོས་སྐུ་ལ། །གང་ཡང་མ་བཀག་ནམ་མཁའ་བཞིན། །འཁོར་འདས་ཞེན་མེད་འབྲས་བུ་ཡིན། །དེ་ཉིད་རང་སེམས་སྙིང་པོར་བཤད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཆོས་སྐུ་རང་ཆས་ཡོད་རྟོགས་ན། །སྒོམ་ཞིང་སྒྲུབ་པའི་ནད་དང་བྲལ། །ཡེ་ཤེས་ངོ་བོ་ད་ལྟའི་སེམས། །རེ་དོགས་མེད་ཤེས་འབྲས་བུའི་མཆོག །དུས་གསུམ་རང་སེམས་འགྱུར་མེད་དོན། །མེད་ལ་མི་ཟད་རང་བྱུང་ཐུགས། །སངས་རྒྱས་ཞེས་ནི་དེ་ལ་བྱ། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རེ་དོགས་མེད་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཀུན་རིག་རྒྱལ་པོས་ཡང་གསུངས་པ། །སྣང་མེད་ལྟ་བའི་རིག་པ་ཡིས། །མ་བཙལ་འགྱུར་མེད་ཆོས་ཀྱི་སྐུ། །བག་ཆགས་མེད་པས་ཡུལ་དང་བྲལ། །ད་ལྟ་ཉིད་དུ་རང་བྱུང་སྐུ། །དངོས་མེད་ནམ་མཁའི་མཐའ་དང་མཉམ། །ཤེས་རིག་གསལ་བའི་ཁྱད་པར་འཕགས། །དེ་ལས་འགྲན་ཟླ་གང་ཡང་མེད། །རྟོགས་པའི་ཡོན་ཏན་བརྗོད་མི་ལང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །རང་སེམས་རིག་པ་རང་བྱུང་དེ། །ཡེངས་མེད་དོན་ཤར་རང་བྱུང་ཐུགས། །སྤྱི་མཐུན་ཉི་མ་སྟོང་བས་གསལ། །དེ་ཉིད་རྟོགས་པས་བསྒོམ་མི་དགོས། །ཡེ་ཤེས་རིག་པ་གསལ་བ་དེས། །མ་རིག་མུན་པ་གདོད་ནས་མེད། །བག་ཆགས་ཉོན་མོངས་གཏན་ནས་བརླག །དགོངས་པ་སངས་རྒྱས་ཀུན་དང་མཉམ། །ད་ཡང་འདུས་པའི་སྙིང་པོ་ཉོན། །དཔེར་ན་རྒྱ་མཚོ་རླབས་སུ་འབྱུང་། །དེ་བཞིན་དོན་རྟོགས་སྤྱོད་པ་ཡང་། །འབྲལ་མེད་རིག་པ་ཡེ་ཤེས་རྒྱུན་མི་འཆད། །དོན་འདི་རྟོགས་པ་སྤྱོད་པའི་ཚེ། །ཚོགས་བསགས་སྒྲིབ་པ་ས་བཅུ་པས། །སྐད་ཅིག་འདི་འདྲ་ཁྱད་པར་འཕགས། །ལུས་ངག་རྩོལ་མེད་རིག་སྤྱོད་བདེ། །ད་ཡང་འཁོར་གྱི་སྙིང་པོ་ཉོན། །རང་དྲིན་འབྲས་བུ་རང་ལ་ཆེ། །གཟུགས་དང་བྲལ་བས་སྐྱེ་འཆི་མེད། །རང་ལས་བྱུང་བས་ཡེ་ཤེས་སྐུ། །ཡུལ་མེད་རིག་པ་མངོན་སངས་རྒྱས། །འདི་རྟོགས་འབྲས་


DNG025_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལྷུན་གྲུབ་དེ། །བསམ་པ་ཙམ་གྱིས་ཀུན་འགྲུབ་སྟེ། །འཆིང་བུ་རིན་ཆེན་ཁྱད་པར་བསྟན། །སྐྱེ་བ་མི་ལེན་མངོན་སངས་རྒྱས། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །དེ་རྟོགས་མི་ཟད་རིན་ཆེན་གཏེར། །དེ་ཡི་འབྲས་བུ་ཡོན་ཏན་ནི། །གཟུགས་མེད་རིག་པ་ཡེ་ཤེས་སྐུ། །ཐ་མལ་རང་སེམས་ང་ཡི་ཐུགས། །སྟོང་རིག་དྲན་པ་ང་ཡི་གསུངས། །རིག་པའི་ཡོན་ཏན་གང་གིས་འགྲུབ། །ཡེ་ནས་ཕྲིན་ལས་རང་བྱུང་བས། །རིག་པ་སྤྲོས་བྲལ་ཆོས་སྐུར་རྫོགས། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །འགྱུར་མེད་ལྷུན་གྱིས་གྲུབ་པའི་གཞི། །ཆོས་ཉིད་བདེ་ཆེན་ཀློང་ཡངས་ལམ། །སྐྱེ་འཆི་མེད་པའི་འབྲས་བུ་སྨིན། །དེ་དག་གཅིག་ཕྱིར་རྒྱལ་བའི་ཐུགས། །གསེར་གླིང་ས་རྡོ་མེད་པ་བཞིན། །སེམས་ཅན་དུས་ན་སངས་རྒྱས་ལ། །ཡོན་ཏན་མཚན་དང་དཔེ་བྱད་དང་། །ཡེ་ཤེས་སྐུ་ལ་ཀུན་ཀྱང་ཐུགས། །དེ་ལྟར་ཐ་མ་ལུས་སེམས་ཀྱིས། །སེམས་ལས་མ་ལུས་སངས་རྒྱས་རྙེད། །རྒྱུ་ལས་མ་བྱུང་འབྲས་བུ་རྟོགས། །ལུང་ལས་མ་བརྟེན་ཆོས་རྣམས་ཤེས། །ཐེག་དགུའི་ཆོས་རྣམས་གཅིག་ལས་མེད། །དུག་ལྔ་མྱ་ངན་འདས་པ་དག །ཐུགས་ཀྱི་ཀློང་རྡོལ་ཆོས་ཀྱི་སྐུ། །འཁོར་བའི་ནང་གི་ལུས་ཡོད་ཀྱང་། །པདྨ་དང་ནི་འདམ་བཞིན་དུ། །ཉོན་མོངས་ལས་ཀྱིས་གོས་པ་མེད། །དེ་ཕྱིར་སངས་རྒྱས་ཀུན་དང་མཉམ། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །འཁོར་གྱི་ཐེ་ཚོམ་བསལ་བའི་ཕྱིར། །བདེན་པའི་ཡིད་ཀྱིས་འདི་སྐད་གསོལ། །རང་བྱུང་ཡེ་ཤེས་ངོ་བོ་ལ། །གཞལ་བྱ་མི་དམིགས་དོན་ཅི་ལགས། །སྣང་བ་མཚན་མ་འདི་ཉིད་ཀྱི། །གཏན་ཚིགས་མ་གྲུབ་གསུངས་པ་ཅི། །དོན་དེ་གང་གིས་རྟོགས་པའི་ཐབས། །བལྟ་མེད་གསུངས་པ་ཅི་ཡི་ཕྱིར། །གོལ་ས་ལྟུང་མེད་བསྟན་པའི་ཕྱིར། །མཐུན་དཔེ་གང་གིས་གང་ལ་མཚོན། །མཉམ་པའི་རྒྱལ་པོས་བཤད་


DNG025_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །དྭངས་གཉིས་ལ་སོགས་ཆོས་རྣམས་ཀུན། །བྱ་བ་མེད་པར་རང་ཤར་ཅིང་། །ཡུལ་མེད་ངོ་བོ་རང་གནས་ཕྱིར། །ཡེ་ནས་མ་བསྒྲིབས་རང་གསལ་བ། །གང་ཡང་གཞན་དུ་མི་དམིགས་ན། །གཞི་ལ་མི་འགྱུར་ངོ་བོར་སོན། །སེམས་ཅན་མེད་པས་གཞལ་བྱ་བྲལ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །སྣང་མེད་ཆོས་སྐུར་གསལ་བ་ལ། །ཇི་སྙེད་པ་ཡི་རྣམ་གྲངས་ཀུན། །དགག་སྒྲུབ་བྱ་བ་མེད་པའི་ཕྱིར། །རང་གི་ས་མ་ཡེ་གནས་པས། །གཞན་མ་དག་ཏུ་མི་བསྒྲུབ་པས། །ཕྱོགས་གཉིས་བྲལ་བས་བྱང་ཆུབ་སེམས། །མཐའ་བཞི་ཐ་སྙད་བྲལ་བ་ལ། །འཇལ་བྱེད་གཏན་ཚིགས་ཅི་ཞིག་དགོས། །འདུས་པའི་རྡོ་རྗེ་སྙིང་པོ་ཉོན། །མཚོན་པའི་ཐ་སྙད་མི་བརྗོད་དེ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ལོག་པའི་རྗེས་སུ་འབྲང་བའི་ཕྱིར། །ཡུལ་མེད་ཐིག་ལེ་རང་ཤར་བས། །ཇི་བཞིན་མ་ནོར་སྙིང་པོ་ཡིས། །ངེས་པར་གཞན་དུ་ལྟ་ལས་གྲོལ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཀུན་བཟང་བརྡལ་ཁྱབ་རང་བཞིན་ལ། །ཐོག་མཐའ་ཆོད་ཕྱིར་གོལ་མེད་པས། །དེ་ཉིད་ཡེ་ཤེས་རང་ཤར་བས། །གོལ་ས་ཉིད་དང་ཆོས་ཉིད་དག །ཡེ་ཤེས་ངང་དུ་འགྱུར་བའི་ཕྱིར། །དམིགས་ཞེན་མེད་པས་གོལ་མེད་གསུངས། །ད་ཡང་འཁོར་གྱི་སྙིང་པོ་ཉོན། །དཔེ་ནི་གང་གི་མི་ནུབ་ཅིང་། །ནམ་མཁའ་ཉི་མ་རང་གསལ་བཞིན། །རང་བྱུང་ངོ་བོ་ཡེ་ཤེས་བདེ་གསལ་བས། །སྣང་བ་ཕན་མེད་གནོད་མེད་ཕྱིར། །ཕྱོགས་ཀྱི་ཐ་སྙད་བཤད་ཀྱི་དགོས། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །མ་བསྒོམས་དོན་དང་འབྲལ་མེད་པའི། །དེ་དོན་རྟོགས་ཐབས་གང་གིས་བགྱི། །མ་བསྒོམས་ཀླུངས་སུ་འགྱུར་བ་ཡི། །རང་གི་ཐ་སྙད་གང་ལ་གདགས། །དེ་དོན་བསྒོམ་དུ་མེད་པའི་ཕྱིར། །མཚན་མ་བྱུང་ན་བཅོས་མི་དགོས། །ལྟ་བ་རང་ཤར་ཆེན་པོ་ལ། །མ་བསྒོམས་གོམས་པར་ཅིས་མི་འགྱུར། །དེ་སྐད་ཞུས་པས་བཀའ་སྩལ་པ། །སྙིང་པོ་རང་གི་


DNG025_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་ནི། །མན་ངག་དགོངས་པ་ཐུགས་བརྟོལ་ནས། །ཤེས་རྒྱུད་རྟོགས་པའི་བླ་མ་ཡི། །ཇི་བཞིན་ཉིད་དུ་ཤར་བ་ལ། །སྣང་མེད་ཆོས་སྐུ་ཉིད་མཚོན་པས། །མཚན་མའི་དངོས་པོར་མི་འབྱུང་ཕྱིར། །སྨན་དང་སྨན་པའི་ཐབས་བཞིན་དུ། །སེམས་མིན་མི་འདོད་ཅི་ཞིག་ལྟར། །ད་ཡང་འདུས་པའི་སྙིང་པོ་ཉོན། །ཐིག་ལེ་ཆོས་སྐུ་ཁྱབ་པའི་ཕྱིར། །ཇི་བཞིན་ཉིད་དུ་རང་ཤར་བས། །གང་ཡང་དམ་པར་མི་ལྟ་བས། །ཐམས་ཅད་ཇི་བཞིན་རང་སར་གྲོལ། །དེ་ཕྱིར་མཐའ་ལ་མི་གནས་པས། །གཏང་གཞག་མེད་པའི་ཏིང་ངེ་འཛིན། །མ་བསྒོམས་ཀླུངས་སུ་འགྱུར་བར་དགོས། །ད་ཡང་འདུས་པའི་སྙིང་པོ་ཉོན། །བསྒོམ་དུ་མེད་པའི་ཆོས་ཉིད་ལ། །རྣམ་རྟོག་མཚན་མ་ཅི་བྱུང་ཡང་། །དམིགས་ནས་གསལ་བ་བསྒྲུབ་མི་བྱ། །དཔེར་ན་ནམ་མཁའ་འདི་ཉིད་ལ། །སྤྲིན་དང་ཁུ་རླངས་ལ་སོགས་པའི། །འཇིག་རྟེན་ཞིག་ནས་མེད་པ་ལྟར། །ཇི་བཞིན་ཉིད་དུ་རང་དྲན་པས། །དུས་མཉམ་གསལ་བས་ཡང་དག་སྟེ། །དེ་ལ་གཉེན་པོས་བཅོས་སུ་མེད། །ཐ་སྙད་རང་གསལ་བཅོས་པར་བཤད། །ད་ཡང་འདུས་པའི་སྙིང་པོ་ཉོན། །ཡུལ་མེད་ཐིག་ལེ་རང་ཤར་བས། །ཡང་དག་དོན་ལ་མི་འཇུག་པའི། །ངོ་བོ་ཉིད་དུ་གྱུར་པས་ན། །དོན་དུ་གཉེར་བ་གང་ཡང་མེད། །སྔ་ཕྱི་གཞན་དུ་གཡོས་མེད་ཕྱིར། །ཆེད་དུ་བསྒོམ་དུ་མེད་པ་སྟེ། །དམིགས་པ་གཏད་པའི་དོན་དང་བྲལ། །དོན་མི་གཉེར་ལ་དགྲ་མེད་འདྲ། །དེ་ཡང་འདུས་པས་ཡང་གསོལ་པ། །གཏང་གཞག་མེད་པའི་སྒོམ་པ་ལ། །མི་མཐུན་མི་འབྱུང་གསུངས་པ་ཅི། །རྣལ་འབྱོར་པ་དེ་མ་ཡེངས་ན། །བྱར་མེད་འགོག་མེད་གསུངས་པ་ཅི། །དེ་ཉིད་འཆིང་བར་མི་འགྱུར་བའི། །ཕྱོགས་བྲལ་བསྟན་པ་ཇི་ལྟར་ལགས། །ཀུན་རིག་སྟོན་པས་བཤད་དུ་གསོལ། །ཀུན་རིག་སྟོན་པས་བཀའ་སྩལ་པ། །དུས་གསུམ་རྣམ་པ་ཐམས་ཅད་དུ། །སྐྱེ་འཆི་མེད་པར་ཡེ་འཆར་བ། །སྣང་མེད་ཞེན་རྟོག་ཐམས་ཅད་ཀྱང་། །གང་ཡང་ཆོས་སྐུར་གསལ་བ་ལས། །གཏང་གཞག་རྩོལ་སེམས་ཅི་ལ་


DNG025_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །གཞན་དུ་མི་འགྱུར་ཀླུངས་གནས་པས། །མི་མཐུན་མཚན་མ་གང་ཡང་མེད། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །དབྱིངས་དང་མཚན་མ་ཐམས་ཅད་ཀུན། །གཞི་ལ་མ་གྲུབ་དོན་ཤེས་ཕྱིར། །རང་གསལ་ཡུལ་ལ་རྟོག་པ་མེད། །དག་དང་མ་དག་ཐམས་ཅད་ཀུན། །གང་ཡང་དགག་སྒྲུབ་མེད་པའི་ཕྱིར། །བཞག་དང་ལོངས་པར་ཡེངས་མེད་དོན། །འབྱུང་འཇུག་མེད་པས་བསྒོམ་མི་དགོས། །རྩོལ་བ་མེད་ཕྱིར་སྤྱོད་པའི་མཆོག །ད་ཡང་འདུས་པའི་སྙིང་པོ་ཉོན། །བདག་གཞན་ཀ་ནས་མ་གྲུབ་ཕྱིར། །བྱ་བྱེད་མ་ལུས་ཐམས་ཅད་ཀུན། །འགྲོ་དྲུག་ལས་དང་བདེ་གཤེགས་མཛད། །ཅི་སྤྱོད་ཆོས་སྐུར་ཡེ་གནས་པས། །གང་ཡང་མཚན་ཉིད་དབྱེར་མེད་དེ། །བྱེད་པ་ཉིད་ན་གྲོལ་བར་ངེས། །བླང་དང་དོར་བ་ངང་གིས་མེད། །དེ་ཡིས་འཆིང་བར་ག་ལ་འགྱུར། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ཐུགས་རྟོག་བསལ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །ཏིང་འཛིན་ཉམས་དང་ལྡན་པ་ལ། །ལྟ་སྒོམ་སྤྱོད་པ་ཉམས་ཀྱི་བདུད། །མཉམ་པའི་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །མཉམ་བཞག་རྗེས་ཐོབ་བར་དོ་ལ། །སྣང་བ་འོད་དང་གྲག་པ་སྒྲ། །འཇིགས་པའི་གཟུགས་དང་བསླུ་བ་བརྫུན། །ལྟ་བར་ཤེས་ན་དམ་པའི་ལམ། །ད་ཡང་འདུས་པའི་སྙིང་པོ་ཉོན། །རྣལ་འབྱོར་དམ་པས་མཉམ་བཞག་ཚེ། །མཚན་མོ་མུན་ནག་སྤྲིན་རུམ་ནས། །ནམ་ལངས་ཉི་ཤར་ཤིན་ཏུ་གསལ། །ཁམས་གསུམ་སེམས་ཅན་དགེ་སྡིག་ལས། །གང་ཡང་མ་ལུས་སྔ་ཕྱི་ཤེས། །དེ་ཚེ་སྙིང་རྗེའི་བདུད་ཞུགས་ཏེ། །སེམས་ཅན་སྙིང་རྗེའི་གདུང་བ་སྐྱེ། །ཏིང་འཛིན་བཏང་ནས་གཞན་དོན་རྩོམ། །དེ་ཕྱིར་བདུད་ཀྱི་དབང་འགྱུར་ལྟུང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ནམ་མཁའ་སྟོང་ལ་དགྲ་བྱུང་ནས། །བདེ་གཤེགས་ཆོས་རྣམས་སྣ་ཚོགས་སྟོན། །ཞིང་ཁམས་རྒྱན་གྱིས་བརྒྱན་


DNG025_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ཡིད་དུ་འོང་བའི་སྒྲ་ཐོས་འགྱུར། །ཏིང་འཛིན་བཏང་ནས་གླུ་གར་བྱེད། །ངམ་ཞིང་ངོ་མཚར་དགའ་སེམས་སྐྱེ། །དེ་ལ་ཞེན་འགྱུར་ཉམས་དང་བྲལ། །དགའ་བྲོད་བདུད་ཀྱིས་རང་བསླུས་ལྟུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །སྒོམ་ཉམས་རྨི་ལམ་གང་ཡང་རུང་། །འཇིགས་པའི་གཟུགས་སོགས་ཆི་དགེ་བས། །ངང་ལ་གནས་པ་སྡིག་འགྱུར་བས། །ཏིང་འཛིན་བོར་ནས་མྱ་ངན་བདུད། །མི་དགའ་སྡུག་བསྔལ་ཉམ་ཐག་འབྱུང་། །དེ་ཚེ་ལས་ལ་ཡི་མུག་སྟེ། །ལྕེབ་དང་གཅིག་པུ་ཕག་ཏུ་འགྲོ། །གཟུགས་ཀྱི་བདུད་ཀྱི་དབང་འགྱུར་ལྟུང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཉམས་དང་རྨི་ལམ་དག་ཏུའང་། །ཡིད་དུ་འོང་བའི་གཟུགས་བསྟན་ཏེ། །དུས་གསུམ་ཉེས་ལེགས་ཐམས་ཅད་སྟོན། །གཞན་ལ་སྨྲས་པས་བདེན་པར་བྱུང་། །ངའོ་སྙམ་པའི་བདུད་ཞུགས་ཏེ། །ཏིང་འཛིན་བཏང་ནས་གྲོང་ཁ་ཡན། །བར་དུ་ཕྱེད་བདེན་ཕྱེད་མི་བདེན། །ཐ་མར་སྨྲས་པ་ཐམས་ཅད་རྫུན། །བསླུ་བ་རྫུན་གྱིས་རང་བསླུ་ལྟུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །ལྟ་བའི་བདུད་ནི་དེ་དག་དང་། །ཡུལ་འདི་གོལ་སར་མ་ཤེས་ཕྱིར། །སྣང་བ་གཟུགས་སོགས་ཞེན་པ་སྟེ། །ཡུལ་སེམས་ཞུགས་ལ་ཅི་སྤྱོད་བདུད། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྣལ་འབྱོར་ལྟ་བའི་བདུད་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །སྒོ་ལྔ་བྱིང་བ་གསལ་བའི་བདུད། །དྲན་མེད་རྨུགས་པ་བདེ་བའི་བདུད། །རྐྱེན་གྱིས་རྒོད་པ་མི་རྟོག་བདུད། །འཕྲོ་བ་མི་གཡོ་བདུད་རྣམས་འབྱུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །ཏིང་འཛིན་མྱུར་དུ་གྲུབ་འདོད་ནས། །ཡུན་རིང་བསྒོམས་པས་ཚད་མ་ཟིན། །མྱོས་པ་བྱང་བའི་བདུད་ཞུགས་ཏེ། །མ་རིག་དབང་གིས་གཉིད་དུ་སོང་། །གསལ་བ་བོར་ནས་བྱིང་བ་སོལ། །དེ་ཉིད་རྩོལ་བས་ཏིང་འཛིན་ཉམས། །མ་བཙལ་རྨི་ལམ་བཟང་ངན་བྱུང་། །དེ་ཕྱིར་བྱིང་བའི་བདུད་ཀྱིས་


DNG025_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བསླུས། །དེ་ཡང་འདུས་པའི་སྙིང་པོ་ཉོན། །རང་རིག་ཆོས་སྐུར་མ་ཟིན་པས། །མ་རིག་དབང་གིས་ཡེ་ཤེས་བསྒྲིབས། །དྲན་པ་མེད་པའི་བདུད་ཞུགས་ཏེ། །ངང་སྒོམ་རྨུགས་པས་བདེ་བ་ཉམས། །རང་རིག་མེད་པས་ཞི་གནས་བྱིང་། །ལྷག་མཐོང་མེད་པས་དོན་དང་བྲལ། །བསྒོམས་པས་དོན་མེད་བདུད་ཀྱིས་བསླུས། །དེ་ཕྱིར་ལུང་ལྡན་གདམས་ངག་གཅེས། །ད་ཡང་འཁོར་གྱི་སེམས་དཔའ་ཉོན། །གཅིག་པུར་མི་གནས་འདུས་པ་དགའ། །གཞན་གྱི་རྐྱེན་བྱས་བདུད་ཞུགས་ཏེ། །ཏིང་འཛིན་བཏང་ནས་ཡིན་མིན་གྱི། །ཡུལ་ལ་ཤེས་པ་སྣ་ཚོགས་ཞེན། །མི་རྟོག་མེད་པས་ཉོན་མོངས་འབྱུང་། །སྤང་སྡུད་ཞེན་པས་རང་རྒྱུད་བྱེད། །དེ་ཕྱིར་གཡེང་བའི་བདུད་ཀྱིས་བསླུས། །ད་ཡང་འཁོར་གྱི་སྙིང་པོ་ཉོན། །ཡང་ཡང་གོམས་པ་མ་བྱས་པས། །འཕྲོ་བ་རྐུན་བུའི་བདུད་ཞུགས་ཏེ། །གང་ཡང་རུང་བའི་ཚིག་རེ་ཙམ། །ཡིད་ལ་བྱེད་པས་མི་གཡོ་བྲལ། །ནན་ཏན་ཆུང་བས་ཉམས་མེད་ཕྱིར། །ལོང་ཅན་རྒྱུན་དུ་ཡང་ཡང་ལྡང་། །ངེས་པའི་གདེང་དང་མི་ལྡན་པས། །འཕྲོ་བའི་བདུད་ཀྱིས་བསླུས་ཕྱིར་ལྟུང་། །དེ་ཡང་འཁོར་ཀུན་ལེགས་པར་ཉོན། །སྒོམ་པའི་བདུད་ནི་དེ་དག་དང་། །གདམས་ངག་མེད་པ་རྣམས་ལ་འབྱུང་། །ལུང་ལྡན་རྣམས་ལ་གནོད་མི་ཚུགས། །མ་རྟོགས་ཅི་བསྒོམ་བདུད་དུ་འགྱུར། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྒོམ་ཉམས་ཀྱི་བདུད་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །བྱ་བ་འདུ་འཛིའི་ལོངས་སྤྱོད་བདུད། །ཉམས་དགའ་ཞེན་པ་གནས་ཀྱི་བདུད། །བསླབས་པའི་ཡོན་ཏན་ཞེན་པ་གནས་ཀྱི་བདུད། །སེམས་འཁྲུགས་འཁོར་ངན་བདུད་རྣམས་འབྱུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །དགོན་པར་གནས་ན་དད་ལྡན་སྡུད། །ལོངས་སྤྱོད་འདུ་འཛིའི་བདུད་ཞུགས་ཏེ། །ཏིང་འཛིན་བཞག་ནས་གཞན་སེམས་འཛིན། །དེ་ཚེ་དོན་བྲལ་ནོར་ཟས་འདོད། །ཀློག་འདོན་མཚན་


DNG025_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཆོས་ལ་བརྩོན། །སྒོམ་པའི་དོན་པོར་གཡེང་བས་བསླུས། །འཇིག་རྟེན་པ་ལ་ཁ་ལེན་བྱེད། །འདུ་འཛི་བདུད་ཀྱིས་རང་བསླུས་ཕུང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །རང་འཐད་པ་ཡི་གནས་པ་ནི། །བཀྲ་ཤིས་འདྲེ་མོད་ལྷ་གཉེན་ཡོད། །རང་བསྟོད་ཞེན་པའི་བདུད་ཞུགས་ཏེ། །ཏིང་འཛིན་བཏང་ནས་ཉམས་དགའ་བརྩིག །སྲུང་མས་གཞན་དུ་འགྲོ་དབང་མེད། །ཟེར་ཞིང་བདག་རྟོགས་དོན་དང་བྲལ། །རང་སེམས་གཞན་པས་བདུད་དུ་ལངས། །གནས་ཀྱི་བདུད་ཀྱིས་རང་བསླུས་ལྟུང་། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །རྣལ་འབྱོར་མཁས་པས་བསྒོམ་འདོད་ལ། །གཡེང་བའི་བདུད་ནི་ཁོང་ཞུགས་ཏེ། །གཞན་གྱིས་བསྟོད་པས་ཏིང་འཛིན་བཏང་། །ཆོས་འཆད་སྨན་དང་བཟོ་རྣམས་བྱེད། །འདོད་པའི་རྫས་ལ་ཞེན་པ་སྐྱེས། །གཞན་དོན་བྱང་ཆུབ་ཡིན་ཟེར་ནས། །བྱ་བའི་གཡེང་བ་ཆེད་དུ་བྱེད། །དོན་དང་བྲལ་བས་རང་བསླུས་ལྟུང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །རྣལ་འབྱོར་འཁོར་ངན་གདུང་དྲགས་པས། །སེམས་འཁྲུགས་བདུད་ནི་ཁོང་ཞུགས་ཏེ། །འཁོར་ངན་ཆོག་ཤེས་མེད་པར་འདོད། །དྲིན་དུ་མི་ཚོར་ཕྱར་ཁ་གཏང་། །དེ་ཚེ་དད་ལོག་མི་རྣམས་འཕྱ། །སྒྲོ་སྐུར་འདེབས་ལ་ཞེ་སྡང་འབྱུང་། །འཁོར་ངན་བདུད་ཀྱིས་རང་བསླུས་ལྟུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །སྤྱོད་པའི་བདུད་ནི་དེ་དག་དང་། །འཇིག་རྟེན་ཆོས་བརྒྱད་ཞེན་ལས་འབྱུང་། །དེ་ཕྱིར་གཡེང་བའི་དོན་དུ་གཉེར། །འཁོར་བ་དང་བླང་རང་བསླུས་ཕུང་། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྤྱོད་པའི་བདུད་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།ད་ཡང་འདུས་པའི་འཁོར་རྣམས་ཉོན། །འཇིག་རྟེན་མཁའ་འགྲོ་ལུང་བསྟན་བདུད། །ཉམས་སུ་མྱོང་བ་ཞེན་པའི་བདུད། །ཞེ་འདོད་ཚུལ་འཆོས་བདུད་དང་ནི། །སྒོམ་ཆགས་བདེ་བ་བོགས་འདོན་བདུད། །གདེང་མེད་སྐུར་འདེབས་ཞེ་སྡང་བདུད། །ང་རྒྱལ་སྒྲོ་འདོགས་


DNG025_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྣམས་འབྱུང་། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །རྣལ་འབྱོར་ལྟ་བ་མཉམ་བཞག་ཚེ། །ལྷ་མོའི་ལུས་སུ་མངོན་བྱུང་ཚེ། །ཕུགས་སུ་མ་འདུག་འགྲོ་དོན་གྱིས། །གཞན་དོན་བྱེད་པའི་ཡོན་ཏན་བརྗོད། །དེ་ཚེ་མཁའ་འགྲོའི་བདུད་ཞུགས་ཏེ། །ཏིང་འཛིན་བཏང་ནས་གཞན་དོན་བརྩོན། །ཆོས་སུ་མིང་བཏགས་ཅི་ཡང་བྱེད། །དོན་དང་བྲལ་ཕྱིར་བདུད་བསླུས་འགྱུར། །ད་ཡང་འདུས་པའི་སྙིང་པོ་ཉོན། །རྣལ་འབྱོར་དོན་ལྡན་བསྒོམ་པ་ལ། །ཟབ་ཅིང་ཆ་ཕྲ་ཉམས་མྱོང་བ། །ལྟ་བའི་དོན་ཆེན་མ་ཟིན་པས། །ཞི་གནས་ཞེན་པའི་བདུད་ཞུགས་ཏེ། །རྐྱེན་མ་ཐུབ་ཅིང་འཕེལ་འགྲིབ་ཡོད། །བག་ལ་ཉལ་བའི་མ་རིག་པས། །མ་རིག་ཡེ་ཤེས་མ་ཤེས་ཕྱིར། །ལྟ་མེད་ཞེན་པས་བདུད་བསླུས་ཕུང་། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །དོན་མེད་བསྒོམ་པའི་གང་ཟག་ཀུན། །གདེང་མེད་ཚུལ་འཆོས་གསོག་ཅན་ཏེ། །ཁ་འཇམ་གཏིང་འཁྲལ་བདུད་ཞུགས་ཏེ། །གཞན་དག་བྲིད་ཕྱིར་དགེ་ལ་བརྩོན། །མན་ངག་མེད་ཕྱིར་གསང་བ་སྐད། །རང་ཉིད་བསླུས་པའི་བདུད་ཞུགས་ལྟུང་། །ཕྱི་མར་ཡི་དྭགས་ལྟེ་འཕྱོར་སྐྱེ། །ད་ཡང་འཁོར་གྱི་སྙིང་པོ་ཉོན། །ལྟ་བ་ཐབས་ཀྱི་རྣལ་འབྱོར་པས། །དབང་གསུམ་པ་ཡི་བདེ་བ་ལ། །དགའ་བ་བཞི་ལ་ཞེན་པ་ཡིས། །འདོད་ཆགས་སྲིད་པའི་བདུད་ཞུགས་ཏེ། །བྱི་བཤུག་ཕོ་མོ་ཀུན་བསགས་ནས། །འདོད་ཆགས་སྤྱད་པས་ཏིང་འཛིན་འཕེལ། །དེ་ཕྱིར་དབང་ལ་བརྟེན་དགོས་ཟེར། །ཆགས་པའི་བདུད་ཞུགས་རང་བསླུས་ལྟུང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ངེས་པའི་དོན་ལྡན་རྣལ་འབྱོར་པས། །མཉམ་དུ་རེ་ནས་འགྲན་པའི་ཕྱིར། །སྨད་སེམས་ཞེ་སྡང་བདུད་ཞུགས་ཏེ། །རང་ཉམས་ཞེན་པས་གཞན་དག་ལ། །གདམས་ངག་ཅན་ལ་སྐུར་པ་འདེབས། །རྣལ་འབྱོར་པ་ལ་གནོད་མི་ཚུགས། །དེ་ཕྱིར་རང་ཉམས་རང་ཉིད་ལྟུང་། །ཕྱི་མར་ཚ་བའི་དམྱལ་བར་སྐྱེ། །ད་ཡང་འདུས་པའི་སྙིང་པོ་ཉོན། །ངེས་པའི་དོན་ལྡན་རྣལ་འབྱོར་གྱིས། །ངེས་དོན་ཡང་དག་བཀའ་ལ་ནི། །གང་


DNG025_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་སྨད་ཕྱིར་སྒྲོ་བཏགས་ཏེ། །མི་ཚིག་ཡིན་ཟེར་ཕྱར་ཀ་གཏོང་། །ང་རྒྱལ་བདུད་ནི་ཁོང་ཞུགས་ཏེ། །བཀའ་རྐུན་དྷརྨ་འོག་འབྲུ་བྱེད། །ཞེ་ལ་འདོད་ཕྱིར་ཆེས་ཆུང་བྱེད། །དེ་ཕྱིར་བདུད་བསླུས་དམྱལ་བར་ལྟུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ཀྱང་། །སོ་སོར་སྣང་བ་མ་ཡིན་ཏེ། །ལྷ་ཡི་བུ་བདུད་གཅིག་པུ་ཡིན། །དེ་ཕྱིར་ལྟ་བ་དམན་པའི་བདུད། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཉམས་ཀྱི་བདུད་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །ལྟ་སྒོམ་སྤྱོད་པ་ཉམས་ཀྱི་བདུད། །དེ་དག་ཟིལ་གྱིས་ཇི་ལྟར་མནན། །ཀུན་རིག་རྒྱལ་པོས་བཤད་དུ་གསོལ། །ཞུས་པས་དོན་གསན་བཀའ་སྩལ་པ། །ཕྱི་ནང་ཆོས་ཀུན་རང་བྱུང་སྐུ། །བདུད་ཉིད་རྟོགས་ན་ཆོས་ཉིད་རང་། །དེ་ཕྱིར་ལུང་ལྡན་པ་ལ་ཞུས། །རང་སེམས་རྟོགས་ན་བདུད་མེད་དོ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །མ་ནོར་དོན་ལ་བསྒོམས་པའི་ཚེ། །སྣང་བ་འོད་ཀྱི་བདུད་བྱུང་ན། །ཆོས་སྐུ་ཁ་དོག་བྲལ་བའི་ཕྱིར། །གསལ་ལ་མི་རྟོག་ཟིལ་གྱིས་མནན། །གྲག་པ་དགྲ་ཡི་བདུད་བྱུང་ན། །ཆོས་ཉིད་སྒྲ་དང་བྲལ་བའི་ཕྱིར། །རྗེས་སུ་འབྲལ་མེད་རང་བཞིན་ནི། །ལྟ་བའི་རིག་པས་ཟིལ་གྱིས་མནན། །འཇིགས་པ་གཟུགས་ཀྱི་བདུད་ཞུགས་ན། །གཞི་ལ་སྣང་བ་མེད་པའི་ཕྱིར། །ལྟོས་མེད་རྟོགས་པའི་ཤེས་རབ་ཀྱིས། །གཟུགས་ཅན་མཚན་མ་ཟིལ་གྱིས་མནན། །བསླུ་བ་རྫུན་གྱི་བདུད་བྱུང་ན། །ཆོས་ཉིད་ཚིག་ལས་འདས་པའི་ཕྱིར། །བདེན་པར་འཛིན་པའི་སྐྱོན་བྲལ་བས། །བདེན་པར་འཛིན་མེད་ཟིལ་གྱིས་མནན། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །བྱིང་བ་གསལ་བའི་བདུད་བྱུང་ན། །ཉིད་གསུམ་གཅིག་པའི་མན་ངག་གིས། །གཏི་མུག་ཆོས་སྐུར་རང་ཐིམ་པས། །ཡེ་ནས་ལྟ་བ་ཟིལ་གྱིས་མནན། །རྨུགས་པ་བདེ་བའི་བདུད་བྱུང་ན། །འཕེལ་


DNG025_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ་མེད་པའི་དོན་ཤེས་ཕྱིར། །རང་བྱུང་བདེ་བའི་ལྟ་བ་ལ། །མཉམ་ཉིད་རིག་པས་ཟིལ་གྱིས་མནན། །རྒོད་པ་མི་རྟོག་བདུད་བྱུང་ན། །སྣང་བ་བག་ཆགས་བརྟས་པ་ལ། །རང་རིག་བག་ཆགས་མེད་པའི་ཕྱིར། །སྤང་སྡུད་ཞེན་མེད་ཟིལ་གྱིས་མནན། །འཕྲོ་བ་མི་གཡོའི་བདུད་བྱུང་ན། །ཡེ་ནས་མི་གཡོའི་རང་བྱུང་ལ། །གོམས་པའི་དབང་གིས་ཏིང་འཛིན་གསལ། །མི་བརྗེད་གཟུངས་ཀྱིས་ཟིལ་གྱིས་མནན། །ད་ཡང་འདུས་པའི་སྙིང་པོ་ཉོན། །ལྟ་སྒོམ་བདུད་ནི་དེ་དག་དང་། །རང་བྱུང་ཆོས་སྐུའི་དོན་རྟོགས་པས། །གང་བྱུང་ཟིལ་གནོན་རང་བརླག་པས། །འབྲས་བུ་ཡེ་ཤེས་ལྷུན་གྱིས་གྲུབ། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ལྟ་སྒོམ་གྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །དེ་ཡི་ངང་ལ་གནས་པའི་ཚེ། །འདུ་འཛི་ལོངས་སྤྱོད་བདུད་བྱུང་ན། །ཏིང་འཛིན་དགྲ་རུ་ཤེས་པའི་ཕྱིར། །འདོད་ཆུང་ཆོག་ཤེས་ཟིལ་གྱིས་མནན། །ཞེན་པ་གནས་ཀྱི་བདུད་བྱུང་ན། །ཡུལ་ལ་ངེས་མེད་མ་ཆགས་པས། །ལྟ་བ་རང་རིག་ཡུལ་མེད་ཕྱིར། །ཞེན་པ་མེད་པའི་ཟིལ་གྱིས་མནན། །ཡོན་ཏན་གཡེང་བའི་བདུད་བྱུང་ན། །བདག་དོན་མ་འགྲུབ་བར་དུ་ཡང་། །མི་དབང་མི་གཏང་དོན་དྲན་པས། །གཞན་དོན་མི་བྱ་ཟིལ་གྱིས་མནན། །འཁོར་ངན་སེམས་འཁྲུགས་བདུད་བྱུང་ན། །མཐར་ཐུག་འདྲེལ་བ་མེད་པའི་ཕྱིར། །གནས་སྐབས་འདྲེལ་བ་ཏིང་འཛིན་དགྲ། །གདུང་སེམས་བསྐྱུངས་ལ་ཟིལ་གྱིས་མནན། །ད་ཡང་འདུས་པའི་སྙིང་པོ་ཉོན། །ཟིལ་གྱིས་མནན་ཐབས་དེ་དག་ཀྱང་། །སྤང་ལེན་དགག་སྒྲུབ་མེད་པར་དགོས། །ངེས་དོན་སྤྱོད་པ་གཅིག་གི་ངང་། །དེ་ཕྱིར་འབྲས་བུ་ལྷུན་གྱིས་གྲུབ། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སྤྱོད་པའི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།ད་ཡང་འདུས་པའི་སྙིང་པོ་ཉོན། །


DNG025_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོས་ལུང་བསྟན་བདུད་བྱུང་ན། །རང་རིག་འགྱུར་མེད་རྟོགས་པ་ལ། །གཞན་དུ་སྟོན་ན་བསླུ་བར་ཤེས། །རེ་དོགས་མེད་པར་ཟིལ་གྱིས་མནན། །ཉམས་མྱོང་ཞེན་པའི་བདུད་བྱུང་ན། །སྔ་ཕྱི་མེད་པ་ཆོས་སྐུ་ནི། །ཏིང་འཛིན་རྐྱེན་གྱིས་མི་འགྱུར་ཕྱིར། །ཞེན་མེད་ལྟ་བས་ཟིལ་གྱིས་མནན། །ཞེན་འདོད་ཚུལ་འཆོས་བདུད་བྱུང་ན། །གང་ཡང་མ་བཅོས་དོན་དྲན་པས། །རང་བྱུང་ངེས་སྐུ་གདེང་ལྡན་ཕྱིར། །རྟོགས་པ་དྲང་པོའི་ཟིལ་གྱིས་མནན། །བདེ་བ་བོགས་འདོད་བདུད་བྱུང་ན། །རང་བྱུང་ཡེ་ཤེས་རྟེན་མེད་ཕྱིར། །དབང་ལ་མི་ལྟོས་འཕེལ་འགྲིབ་མེད། །རྒྱུ་རྐྱེན་འབྱུང་འདོད་ཟིལ་གྱིས་མནན། །གདེང་མེད་སྐུར་འདེབས་བདུད་བྱུང་ན། །ངེས་དོན་སྒྲོ་སྐུར་བྲལ་བའི་ཕྱིར། །ལུང་ལྡན་ཅན་ལ་གནོད་མི་ནུས། །ལྟ་སྤྱོད་ཁམས་ཀྱིས་ཟིལ་གྱིས་མནན། །ང་རྒྱལ་སྒྲོ་འདོགས་བདུད་བྱུང་ན། །རང་བྱུང་དོན་ལ་སྒྲོ་འདོགས་བྲལ། །དེ་དོན་ངེས་པའི་གདམས་ངག་འདི། །སྣོད་ངན་སྤངས་ལ་ཟིལ་གྱིས་མནན། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །དེ་དག་ཉམས་ཀྱི་བདུད་རྣམས་ཀྱང་། །རྟོགས་ན་རྣལ་འབྱོར་དམ་པའི་ལམ། །དེ་ཕྱིར་སྒོམ་པ་བརྗོད་མི་བྱ། །དེ་དོན་སངས་རྒྱས་དགོངས་པ་ཡིན། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཉམས་ཀྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །རང་སེམས་རྟོགས་པས་ཟིལ་མནན་པའི། །འབྲས་བུ་ཐོབ་དུས་སངས་རྒྱས་ནམ། །ཀུན་རིག་སྟོན་པས་བཤད་དུ་གསོལ། །ཞུས་པའི་དོན་གསན་བཀའ་སྩལ་པ། །རྣལ་འབྱོར་རྟོགས་པའི་གདེང་ལྡན་པས། །ཚེ་ཡི་ཐ་མ་འཆི་ཁའི་དུས། །ས་ཆུ་མེ་རླུང་རིམ་ཐིམ་སྟེ། །དབུགས་བརྩེགས་ཐུམ་ཐུམ་བྱེད་པའི་ཚེ། །འདི་ཡི་སྣང་བ་ནུབ་ཀ་དང་། །ཕྱི་མའི་སྣང་བ་འཆར་ཀ་རུ། །རྣམ་ཤེས་སྣང་བ་སྐྱེས་པའི་ཚེ། །དུ་བ་སྨིག་


DNG025_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལྟ་བུར་མཐོང་། །འབྱུང་བ་དངོས་མེད་ཞིག་པ་སྙམ། །དེ་ཚེ་སྣང་བ་འདི་ནུབ་ནས། །རང་སྣང་མཆེད་པས་སྲིན་བུ་མེ། །བག་ཙམ་གསལ་བའི་དོན་མཐོང་སྟེ། །སྣང་བ་ཐོབ་པའི་དུས་སུ་ནི། །མར་མེའི་རྩེ་ལྟར་བརྟག་པར་དཀའ། །དེ་ཡང་ཡེ་ཤེས་བརྟན་པའི་དུས། །ནམ་མཐོངས་ཉི་མ་ཤར་བ་ལྟར། །རང་རིག་ཆོས་སྐུ་ཝལ་གྱིས་གསལ། །ཡུལ་མེད་རིག་པ་རང་བྱུང་ཐུགས། །ས་ཟིན་ངེས་པའི་ཡེ་ཤེས་ཏེ། །སྔར་གོམས་དབང་གིས་སྒྱུར་མེད་དེ། །དཔེར་ན་ཁབ་ལེན་ལྕགས་སྡུད་བཞིན། །རང་རིག་ཆོས་སྐུ་ངོས་ཟིན་པས། །སངས་རྒྱས་ཡོན་ཏན་ཐམས་ཅད་འདུས། །དེ་ཡང་རང་རིག་ཡེ་ཤེས་ནི། །སང་ངེ་སལ་ལེ་ཡེར་རེ་གསལ། །དེ་ཕྱིར་རང་བྱུང་ཡེ་ཤེས་སྐུ། །ཕྱིས་ནི་བར་དོར་ལུས་མི་ལེན། །ཡུལ་ལ་མི་འཇུག་ཆགས་པ་མེད། །མངལ་དུ་མི་འཇུག་སྐྱེ་ཤི་ཆོད། །སངས་རྒྱས་ཞེས་ནི་དེ་ལ་བྱ། །དེ་ཡང་འདུས་པའི་སྙིང་པོ་ཉོན། །གཟའ་སྐར་གཟུགས་བརྙན་རྒྱ་མཚོ་བཞིན། །དུས་གཅིག་བྱེ་བ་ཕྲག་བརྒྱ་རུ། །འགྲོ་དོན་གཟུགས་སྐུ་རྣམ་གཉིས་འབྱུང་། །ཅི་རིགས་པ་ཡི་ཆོས་རྣམས་སྟོན། །རང་གི་ངོ་བོ་ཆོས་ཀྱི་སྐུ། །དཔེ་ནི་སྤྲིན་མེད་ནམ་མཁའ་འདྲ། །རྟགས་ནི་སངས་རྒྱས་ཆོས་སྐུ་མཁྱེན། །དེ་ཡི་ཡོན་ཏན་བརྗོད་མི་ལང་། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སངས་རྒྱས་དུས་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །མ་རྟོགས་འཁོར་བར་འཁྱམས་པ་ཡི། །དེ་ཡི་ལྟུང་སྒོ་གང་དུ་ལྟུང་། །ཀུན་རིག་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །རྒྱུད་ལུང་མན་ངག་ཆོས་རྣམས་ཀུན། །སྣང་ཞིང་རུ་བཟློག་བྱས་པ་དང་། །སྒྲོ་སྐུར་གཉིས་སུ་ཞེན་པའི་ཕྱིར། །བྱས་ལ་དོན་མེད་སྡུག་བསྔལ་འབྱུང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །དཔེར་ན་བྱ་སྒྲོ་རླུང་ཁྱེར་བཞིན། །ངེས་མེད་བཞི་ལ་བློ་གཏད་པས། །


DNG025_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟོགས་རྩོལ་སྒྲུབ་ཅི་སྤྱད་ཀྱང་། །མི་གྲོལ་དུག་ལྔ་རྒྱས་པར་འགྱུར། །དམུས་ལོང་བྱང་ཐང་འཁོར་བ་བཞིན། །ངེས་དོན་མ་རྟོགས་འཆིང་སྒོམ་དང་། །ཤེས་རབ་མིག་མེད་བག་ཆགས་རྟགས། །གོལ་ས་མ་ཆོད་ནོར་བའི་ལམ། །དཔེར་ན་འདབ་ཆགས་གཤོག་ཆག་ལྟར། །ལྟ་སྤྱོད་གཅིག་ཏུ་མ་ཤེས་པས། །རེས་འཇིག་བླང་དོར་བློས་བྱས་ཕྱིར། །མ་རྟོགས་ཆོས་སྤྱོད་ལས་རྣམས་འཁྲུལ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །མ་རྟོགས་དབྱིག་གི་ཐུན་ཚེ་ཡིས། །མདོ་སྡེ་ཁ་ཏོན་བཏོན་གྱུར་ཀྱང་། །བདག་བསྟོད་གཞན་ལ་སྨོད་པ་ཡིས། །ངན་སོང་སྒོ་རུ་ངེས་པར་ལྟུང་། །གཞན་གྱིས་བསམ་སྦྱོར་བཟང་པོ་ལ། །བར་ཆོད་བྱེད་པ་བདུད་ཡིན་ཏེ། །མ་རྟོགས་སེར་སྣ་བྱེད་པ་ནི། །བདུད་ཀྱི་སྒོར་ལྟུང་འཁོར་བར་འཁྱམས། །གཞན་གྱི་ཆོས་ལ་ཕྲག་དོག་པས། །ཡོན་ཏན་མང་དུ་ལྡན་གྱུར་ཀྱང་། །རང་སེམས་སྙིང་པོ་མ་རྟོགས་ཕྱིར། །གནོད་སྦྱིན་སྒོར་ལྟུང་འཁོར་བར་འཁྱམས། །མཉམ་ཉིད་མ་རྟོགས་རང་རྒྱུད་དུ། །ཆགས་སྡང་ཕོ་ཚོད་པ་ཡི་ལས། །དུག་ལྔ་རང་གར་སྤྱད་ཉེས་པས། །སྲིན་པོའི་སྒོར་ལྟུང་རྟག་ཏུ་འཁོར། །རང་དབང་ཏིང་འཛིན་མ་ཐོབ་པར། །འཁོར་དང་རིས་སུ་བཅད་བསམས་པས། །བདག་ཉིད་ཆེ་འདོད་འཁོར་སྡུད་པས། །ཤོ་ཁམས་བརྩན་ཆེན་རྟག་ཏུ་འཁོར། །ཇི་བཞིན་མ་ནོར་མ་རྟོགས་པས། །ལྟ་ལོག་གཞན་གྱིས་སློབ་དཔོན་བྱེད། །རང་ཉིད་མ་ཤེས་གཞན་སྒྲོལ་བ། །རཱུ་ཏྲའི་སྒོར་ལྟུང་རྟག་ཏུ་འཁོར། །ཚིག་གི་ཕྲིན་ལས་ཅི་མཁས་ཀྱང་། །མ་རྟོགས་དངོས་པོར་འཛིན་པ་ཡིས། །རང་རྒྱུད་དམ་རྫས་མངོན་ཞེན་ཕྱིར། །བགེགས་དང་བྱ་རོག་སྒོར་ལྟུང་འཁོར། །ཐབས་ལམ་དབང་ལ་ཁུངས་ཕྱུང་ནས། །འདོད་ཆགས་རང་དགར་རྟག་སྤྱད་པས། །ལྟ་བས་མ་ཟིན་བདེ་ལ་ཞེན། །ལྷ་ཆེན་སྒོར་ལྟུང་འཁོར་བར་འཁྱམས། །མ་རྟོགས་པ་དང་བདག་འཛིན་པས། །གསང་སྔགས་ལྟ་སྤྱོད་ཡིན་ཟེར་ནས། །སེམས་ཅན་སྲོག་ལ་བརྩེ་མེད་སྤྱོད། །མུ་


DNG025_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་རྟག་ཆད་སྒོར་ལྟུང་འཁྱམས། །ད་ཡང་འདུས་པའི་སྙིང་པོ་ཉོན། །མ་རྟོགས་དབང་གིས་སྤྱོད་རྩིངས་པ། །ལུས་ངག་ཅན་གྱི་ལམ་པའི་ཕྱིར། །ལས་ངན་དགུ་པོ་གང་སྤྱད་ཀྱང་། །དམྱལ་བར་ངེས་འགྲོ་གཏན་དུ་འཁྱམས། །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རྟོགས་ལྟུང་བའི་སྒོར་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ལ། །ཀུན་རིག་རྒྱལ་པོས་བཀའ་སྩལ་པ། །ཐེག་པའི་རྒྱལ་པོ་ལྷུན་རྫོགས་འདི། །དད་ལྡན་འཁོར་རྣམས་ཁྱེད་ཀྱིས་ཀྱང་། །རྒྱུད་འདི་ཡིད་ལ་བཅང་བར་གྱིས། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །སྣོད་དང་མི་ལྡན་སྐལ་ངན་ནི། །ཚུལ་འཆོས་བྱེད་ཅིང་བླ་མ་སྨོད། །ནོར་ཕངས་ཆོས་འདོད་ཐབས་ཀྱིས་འབྲུ། །དེ་ལྟའི་སྣོད་ངན་གང་ཟག་རྣམས། །ཡེ་ཤེས་ལྟ་བ་རྒྱུད་ཆེན་འདི། །ནམ་ཡང་བསྟན་པར་མ་གསུངས་སོ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །གཞུང་བཞིན་མ་བྱས་ངེས་དོན་ཆོས། །ནོར་འདོད་ཕྱིར་དུ་འདི་བསྟན་ན། །སངས་རྒྱས་བཀའ་ཆད་འབྱུང་བའི་ཕྱིར། །མཁའ་འགྲོ་ཆོས་སྐྱོང་དགྲར་ལངས་ནས། །སྲིན་པོས་སྲོག་གཅོད་མནར་མེད་ལྟུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །བསྟན་པ་འཇིག་པའི་དུས་འདི་ན། །རྫོགས་པ་ཆེན་པོའི་བསྟན་པ་འབྱུང་། །སྣོད་ལྡན་རྣམས་ལ་བསྟན་པ་ལས། །དད་མེད་ཀུན་གྱི་སྤྱོད་ཡུལ་མིན། །ཀུན་ཀྱང་ངེས་པ་དེ་ལྟར་ཞོག །ལན་ཅིག་དུས་ཀྱི་དེ་སང་ན། །གསང་སྔགས་རྣལ་འབྱོར་ཁས་འཆེས་ཏེ། །ངེས་དོན་ཉམས་སུ་ལེན་པ་དཀོན། །དོན་མེད་ཆོས་སྤྱོད་མི་དགོས་ཟེར། །བསོད་ནམས་འདོད་ཕྱིར་ཆོས་འཆད་འབྱུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །གང་ཞིག་རྣལ་འབྱོར་ལས་ཅན་ཆོས། །གཞུང་འདི་དོན་ལས་མི་འདའ་བར། །དཀའ་དགུ་བསྔོས་ནས་འདི་ཚོལ་བ། །དེ་ཚེ་དོན་དུ་རྒྱུད་འདི་ནི། །སྦས་སྐྱིབས་མི་བྱ་ལྷུག་པར་བསྟན། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །སྣོད་ལྡན་མ་འཕྲད་དུས་ཉེ་ན། །ཆོས་སྐྱོང་ཡོད་པའི་ལྷ་ཁང་ངམ། །ལྷ་འདྲེ་ཡོད་པའི་བྲག་
དཀྱིལ་དུ། །སྨོན་ལམ་བཏབ་ལ་སྦས་ལ་བཞག །རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་ཉེར་བདུན་པའོ།། །།རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་གསེར་གྱི་དྲིལ་ཤིང་ཅན་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཉང་ཏིང་འཛིན་བཟང་པོ་ལ་བཤད། དེས་གཏེར་དུ་མན་ངག་དང་བཅས་པ་བཅུག །མགོན་པོ་ནག་པོ་དང་རྡོ་རྗེ་ལེགས་པ་དང་། རྡོ་རྗེ་རྒྱན་གཅིག་མ་ལ་གཏད། དབུ་རུ་བཟང་ཕུག་མོའི་བྲག་ལ་སྦས། འབྲོམ་ཡེ་ཤེས་སྙིང་པོས་བཏོན་ནས། སྲས་དབང་ཕྱུག་རྒྱ་མཚོ་ལ་བཤད། དེས་སྲས་ཡེ་ཤེས་སེང་གེ་ལ་གཏད། དེས་རྔོག་སྟོན་འོད་འབར་ལ་གཏད། དེས་རོང་པ་གནུབས་ཆུང་བ་དང་། ཉང་བན་རིན་ཆེན་གཙུག་ཏོར་ལ་གཏད་པའོ།། །།

རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།


DNG025_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སནྟི་མ་ཧཱ་ས་མནྟ་བྷ་དྲ་ཙི་ཏ་གུ་ཧྱ་ནཱ་མ་ཏནྟྲ།བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་སྟོང་གསལ་ཆེན་པོའི་ཏིང་ངེ་འཛིན་ལ་ཞུགས་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་མ་ཧོ། ཉོན་ཅིག་རྡོ་རྗེ་འཛིན་ཚོགས་རྣམས། །རིག་པ་སྟོང་གསལ་རྟོགས་འདོད་ན། །དང་པོ་སེམས་ཉིད་གཟུང་བ་དང་། །དེ་ནས་ལམ་དུ་བླང་བར་བྱ། །ཞེས་བཀའ་སྩལ་ཏོ། །དེ་ནས་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རིག་པ་སྟོང་གསལ་རྟོགས་པ་ཡི། །སེམས་གཟུང་ལམ་དུ་བླང་བ་ནི། །དེ་དོན་རིམ་པ་ཇི་ལྟར་ལགས། །དེ་སྐད་གསོལ་བའི་ཚིག་གསན་ནས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །སེམས་གཟུང་རིམ་པ་འདི་ལྟ་སྟེ། །ཐོ་དང་རི་མོ་འཇམ་རླུང་དང་། །


DNG025_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་གདུགས་དང་འཁོར་ལོ་དང་། །ཡིག་འབྲུ་དང་ནི་ཤེས་རབ་མ། །སློབ་དཔོན་དྲག་ཤུལ་ནམ་མཁའོ། །ཞེས་གསུངས་སོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །དང་པོ་ཐོ་ལ་གཟུང་བ་ནི། །མདུན་དུ་རྩིག་པ་ལ་གཏད་དེ་གཟུང་། རི་མོ་དག་ལ་གཟུང་བ་ནི། །རི་མོའི་ནང་དུ་གཟུང་བར་བྱ། །འཇམ་རླུང་དག་ལ་གཟུང་བ་ནི། །སྟེང་འོག་བར་རླུང་རང་སར་གཟུང་། །ཐིག་ལེ་དག་ལ་གཟུང་བ་ནི། །སྨིན་མཚམས་དག་གམ་སྣ་རྩེ་རུ། །ཐིག་ལེ་དག་ལ་གཏད་ལ་གཟུང་། །དེ་བཞིན་གཟུགས་ལ་གཟུང་བ་ནི། །རྒྱ་གདུགས་སྟེང་ན་བདག་ཉིད་འདུག །དེ་ཉིད་འཁོར་བ་དག་ལ་གཟུང་། །འཁོར་ལོ་དག་ལ་གཟུང་བ་ནི། །ཤོག་བུའི་འཁོར་ལོ་བླ་མས་གཟུང་། །སྣ་རུ་བདུག་པ་རྣ་བར་སྒྲ། །མ་ཡེངས་གཏད་ལ་གཟུང་བར་བྱ། །ཡིག་འབྲུ་དག་ལ་གཟུང་བ་ནི། །སེམས་ཀྱི་གནས་ས་གཞི་རུ་ཡང་། །ཨ་སོགས་ཡིག་འབྲུ་དག་ལ་གཟུང་། །ཤེས་རབ་མ་ལ་གཟུང་བ་ནི། །མཁའ་གསང་བརླབ་ཅིང་དབང་པོ་སྤྲད། །ཐིག་ལེ་གཉིས་ཤོར་གཉིས་ལ་གཟུང་། །སློབ་དཔོན་དག་ལ་གཟུང་བ་ནི། །སྤྱི་བོའི་གཙུག་ཏུ་བསམ་ལ་གཟུང་། །དྲག་རླུང་དག་ལ་གཟུང་བ་ནི། །ཤེས་པའི་འགྲེང་ལྡོག་བྱས་ལ་གཟུང་། །ནམ་མཁའ་དག་ལ་གཟུང་བ་ནི། །ཁྲུ་གང་དཔངས་ལ་གཏད་དེ་གཟུང་། །ཞེས་གསུངས་སོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་སེམས་དཔའ་རྣམས། །སེམས་འཛིན་པ་ཡི་དུས་ཉིད་དུ། །ཡོན་ཏན་སྐྱོན་དུ་སྣང་བའི་ཕྱིར། །སྐྱོན་རྣམས་བཅོས་པ་འདི་ལྟར་བྱ། །རླུང་སྐྱེས་པར་ནི་གྱུར་པ་ལ། །ཤེས་པ་རྒོད་ཅིང་གཉིད་མི་ཕེབས། །དེ་ལ་བསྐུ་མཉེ་བཅུད་ཅན་བསྟེན། །མཁྲིས་པ་སྐྱེས་པར་གྱུར་པ་ན། །སེར་པོ་དམར་པོར་སྣང་བ་དང་། །བད་ཀན་སྐྱེས་ན་སྦོ་འཁྲོག་བྱེད། །དང་ག་མི་བདེ་གྱུར་པ་ན། །ཁ་ཟས་བསིལ་བཏང་བཅོས་པར་བྱ། །སེམས་འཛིན་པ་ཡི་དུས་ཉིད་དུ། །གཡེང་བ་འདྲེལ་བ་སྐྱུངས་ཐག་བཅད་
ལ། །བདེ་བའི་སྟན་ལ་འདུག་ནས་ནི། །དྲག་ཏུ་མ་ཡེངས་གཟུང་བར་བྱ། །སེམས་མ་ཟིན་པའི་བར་དུ་ཡང་། །མཚན་མ་ཁ་ཐོན་སེམས་འཛིན་དང་། །སེམས་ལས་རྒྱུ་འགྲུལ་བཅད་དེ་སྤངས། །དེ་ནས་སེམས་འཛིན་བརྟན་པ་དང་། །རིག་པ་སྟོང་གསལ་ལྟ་བ་སྟེ། །དེ་ཡི་ངང་ལ་བསྒོམ་པར་བྱ། །དེ་ལས་འབྲས་བུ་སྐུ་དང་ནི། །ཡེ་ཤེས་དག་ཏུ་སྣང་བ་སྟེ། །རང་དོན་ཆོས་སྐུར་ནོར་སོང་ནས། །འགྲོ་དོན་གཟུགས་སྐུ་གཉིས་ཀྱིས་བྱེད། །དེ་ནི་ལམ་དུ་བསླང་བའི་དོན། །ཞེས་གསུངས་སོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཔལ་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུ་དེས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། རྒྱུད་འདི་ནི་མ་ཚང་བ་ཁ་སྐོང་བ་ཕྱི་མའི་ཕྱི་མ་ཞེས་བྱ་བ་ཡིན་ཏེ། འཁོར་བ་ཐམས་ཅད་མྱང་འདས་ལས་བསྒྲལ་ཞིང་སྐུ་དང་ཡེ་ཤེས་སུ་ལ་བཟླ་བའི་ཕྱིར་ཤིན་ཏུ་གཅེས་སྤྲས་ཀྱིས་གཟུང་ཞིང་བཅང་བར་བྱའོ། །ཞེས་བཀའ་སྩལ་པ་དང་། འཁོར་རྣམས་ཡི་རངས་ཏེ། སྟོང་གསལ་ཆེན་པོའི་ངང་དུ་སངས་རྒྱས་པར་གྱུར་ཏོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་བཞི་པའོ།། །།རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་ཤྲཱི་སིངྷ་པྲ་བྷཱ་ཏཱ་དང་། བོད་ཀྱི་ལོ་ཙཱ་བ་གནུབས་ཡང་དབང་གཏེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱུད་འདི་ཡང་དབེན་དུ་མ་ཧཱ་ཀཱ་ལ་ལ་བཀའ་བསྲུང་གཏད་དེ། སྦས་ནས་ཡོན་ཏན་རྒྱ་མཚོ་སྐྱེ་བ་བདུན་པ་གཅིག་དང་འཕྲད་དེ། བསྟན་པའི་སྙིང་པོ་འཇུག་པར་གྱུར་ཅིག། །།

རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།


DNG025_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སནྟི་མ་ཧཱ་ས་མནྟ་བྷ་དྲ་ཛྙཱ་ན་བ་ཏི་གུ་ཧྱ་ནཱ་མ་ཏནྟྲ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ཀུན་ཏུ་བཟང་པོས་རིགས་ལྔའི་སངས་རྒྱས་ལ་བཀའ་སྩལ་པ། རིག་པ་སྟོང་གསལ་གྱི་དོན་ཉམས་སུ་ལེན་པ་ནི།


DNG025_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སེམས་གཟུང་དགོས་པས། སེམས་གཟུང་བ་ལ་འདི་ལྟ་སྟེ། ཉོན་ཅིག་རྡོ་རྗེ་སེམས་དཔའ་སོགས། ཐོ་ལ་གཟུང་བ་དང་། རི་མོ་ལ་གཟུང་བ་དང་། འཇམ་པོའི་རླུང་ལ་གཟུང་བ་དང་། ཐིག་ལེ་ལ་གཟུང་བ་དང་།གདུགས་ལ་གཟུང་བ་དང་། འཁོར་ལོ་ལ་གཟུང་བ་དང་། ཡིག་འབྲུ་ལ་གཟུང་བ་དང་། འགྲོ་བ་བཟང་མོ་ཤེས་རབ་མ་ལ་གཟུང་བ་དང་། རྡོ་རྗེ་སློབ་དཔོན་ལ་གཟུང་བ་དང་། དྲག་རླུང་ལ་གཟུང་བ་དང་། ནམ་མཁའ་ལ་གཟུང་བའོ། །དེ་ལ་ཐོ་ལ་གཟུང་བ་ནི། ཐོ་བཙུགས་ལ་དེ་ལ་མིག་ཕྱིར་འཕྲེང་ལ། དེ་ལ་ཤེས་པ་གཏད་ལ་ཐུན་གསུམ་མམ་ལྔའམ་བདུན་ལ་སོགས་པ་བསྒོམ་མོ། །རི་མོ་ལ་སེམས་གཟུང་བ་ནི། རི་མོའི་ནང་དུ་ཤེས་པ་བསྐྱིལ་ལ་གཟུང་ངོ་། །འཇམ་རླུང་ལ་གཟུང་བ་ནི། སྟེང་རླུང་མནན། འོག་རླུང་བསྡམས་པར་རླུང་རང་སར་བཞག་ལ་དབུགས་ཕར་འགྲོ་ཚུར་འགྲོ་ཨ་ཧཾ་ལ་གཏད་ལ་གཟུང་བའོ། །ཐིག་ལེ་ལ་གཟུང་བ་ནི། སྨིན་ཕྲག་ཏུ་ཐིག་ལེ་སེར་ཡེར་རེ་བའམ། སྣ་རྩེར་བསམས་པ་ལ་གཟུང་བའོ། །གདུགས་ལ་གཟུང་བ་ནི། འོག་ཏུ་རྒྱ་གདུགས་བསམ། སྟེང་དུ་རང་ཉིད་བསམས་ལ། གདུགས་དེ་འཁོར་བ་ལ་ཤེས་པ་གཟུང་ངོ་། །འཁོར་ལོ་ལ་གཟུང་བ་ནི། ནན་ཏན་མ་ཟིན་ན་བླ་མས་ཤོག་བུའི་གདུགས་བྱས་ལ་དེ་བསྐོར་སྣ་རུ་སྤོས་དུད་གཏང་། རྣ་བར་དྲིལ་བུ་གསིལ་ལ་གཟུང་ངོ་། །ཡིག་འབྲུ་ལ་གཟུང་བ་ནི། སེམས་ཀྱི་གནས་གཞི་རུ། ཧཱུཾ་ངམ་ཨ་ལྟ་བུའི་ཡི་གེ་ལ་མ་ཡེངས་པར་གཏད་ལ་གཟུང་ངོ་། །འགྲོ་བ་བཟང་མོ་ཤེས་རབ་མ་ལ་གཟུང་བ་ནི། ཡབ་ཡུམ་མཁའ་གསང་བརླབ་པར་བྱས་ལ། དབང་པོ་གཉིས་སྤྲད་དེ་བྱང་ཆུབ་སེམས་རྡོ་རྗེའི་སྐེད་པར་སླེབ་པ་ལ་གཟུང་བའོ། །རྡོ་རྗེ་སློབ་དཔོན་ལ་གཟུང་བ་ནི། སྤྱི་བོར་བླ་མ་བསམ་ལ་དེ་ལ་གཟུང་ངོ་། །དྲག་རླུང་ལ་གཟུང་བ་ནི། ཤེས་པ་འགྲང་ལྡོག་བྱས་ལ་གཟུང་ངོ་། །ནམ་མཁའ་ལ་གཟུང་བ་ནི། མདུན་གྱི་ནམ་མཁའ་ལ་ཤེས་པ་གཏད་ལ་ཁབ་མིག་ཏུ་སྐུད་པ་འཛུད་པའམ། གཞུ་བདུངས་པ་ལྟ་བུ་དྲན་པ་ཧུར་བྱས་ལ་
གཟུང་བའོ། །དེ་རྣམས་མ་ཡེངས་པར་བྱས་ལ་གཟུང་བར་བྱེད་པའོ། །ཞེས་གསུངས་སོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བཀའ་སྩལ་པ། དེ་ནས་ལོག་ནོན་བསྟན་པ་ནི། སེམས་གཟུང་བ་ལ་རླུང་སྐྱེས་ན། ཤེས་པ་རྒོད་སྐྲ་ཟིང་པོར་འོང་། གཉིད་མི་ཕེབས་སོ། །དེ་ལ་བསྐུ་མཉེ་བྱ། ཟས་བཅུད་ཅན་བསྟེན་ནོ། །མཁྲིས་པ་སྐྱེས་ནས་སེར་པོར་མཐོང་བ་ལ་སོགས་བྱུང་ན་བསིལ་གཏང་ངོ་། །བད་ཀན་སྐྱེས་ནས་སྦོ་བ་དང་། འཁྲོག་པ་དང་། དང་ག་མི་བདེ་བ་བྱུང་ན། བཅག་ཁམས་བསང་ངོ་། །ཞེས་གསུངས་སོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཀའ་སྩལ་པ་ནི། དེ་ལྟར་སེམས་ཟིན་ནས་རིག་པ་སྟོང་གསལ་དུ་ཤེས་པ་ལྟ་བུའོ། །དེའི་ངང་དུ་གསལ་བ་སྒོམ་པའོ། །དེ་ལས་མ་ཡེངས་པར་སྤྱོད་པའོ། །དེ་འཆི་བའི་དུས་སུ་དྲན་པ་དང་སྐྱེ་བ་བསྐྱེད་དེ་གདམས་ངག་གིས་འཕོ་བར་བྱའོ། །དེ་ལས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔའོ། །ཞེས་གསུངས་སོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། རྒྱུད་འདི་ནི་རྒྱུད་སྔ་མའི་ཁ་སྐོང་བ་ཞེས་བྱ་བ་ཡིན་པས། རྡོ་རྗེ་སེམས་དཔས་གཅེས་སྤྲས་ཀྱིས་གཟུང་ཞིང་བཅང་བར་བྱའོ། །ཞེས་བཀའ་སྩལ་ཏེ་ཆོས་ཉིད་ཀྱི་ངང་དུ་གྱུར་ཏོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་བཞི་པའོ།། །།མཐར་ཐུག་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།

རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ་ཕྱི་མ་གསང་བའི་རྒྱུད་ཅེས་བྱ་བ།


DNG025_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སན་ཏི་མ་ཧཱ་ས་མནྟ་བྷ་དྲ་པི་ཏ་གུ་ཧྱ་ནཱ་མ་ཏནྟྲ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ་ཕྱི་མ་གསང་བའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ཀུན་ཏུ་བཟང་པོས་ཡང་བཀའ་སྩལ་པ། ཉོན་ཅིག་དཔལ་རྡོ་རྗེ་སེམས་དཔའ། སྟོང་གསལ་རིག་པ་ཆོས་སྐུར་རྟོགས་པར་འདོད་


DNG025_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ན། དང་པོ་སེམས་འཛིན་བྱས་ལ། དེ་ནས་ལམ་དུ་བླང་བ་ནི། སྒོམ་ཡོད་ཐབས་ལ་བརྟེན་པ་ཞེས་བྱའོ། །སྒོམ་མེད་ཤེས་རབ་ལ་བརྟེན་པ་ནི། དེ་ནས་ཐམས་ཅད་རིག་པ་སྟོང་གསལ་དུ་ཤེས་པའོ། །དེ་གཉིས་དབྱེར་མེད་ཅེས་བྱ་བ་སྟེ། དེ་ལྟ་བུ་ཡི་མ་བྲལ་བར་ཤེས་པར་བྱའོ། །ཞེས་བཀའ་སྩལ་ཏོ། །རྒྱུད་ཕྱི་མ་ལས་ལེའུ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། སྣང་སྲིད་འདི་ངེས་པ་མེད་པའི་ཕྱིར་ན་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། སྣང་བ་ངེས་པ་མེད་པ་ནི། དཔེར་ན་ཆུ་ཉས་ཁང་ཁྱིམ་དུ་མཐོང་། ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང་། མིས་ཆུ་རུ་མཐོང་སྟེ། དེས་ན་ངེས་པ་མེད་དོ། །དེས་ན་སྣང་བ་འདི་རང་གི་སེམས་ཀྱི་འཁྲུལ་སྣང་ངོ་། །སེམས་རང་བྱུང་ཡེ་ཤེས་སྟོང་གསལ་དུ་སྣང་བའོ། །ཞེས་གསུངས་སོ། །རྒྱུད་ཕྱི་མ་ལས་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཀའ་སྩལ་པ། སྣང་བ་ཡེ་ནས་མེད་རང་བཞིན་དུ་སྣང་བ་ཡིན་ཏེ། མིན་པ་ལ་ཡིན་པར་གཟུང་བས་འཁྲུལ་ཏེ། ང་བདག་ཏུ་གཟུང་ནས་དེ་ལས་ཉོན་མོངས་པ་འབྱུང་སྟེ། དེས་འཁོར་བར་འཁྱམས་པ་ཡིན་ཏེ། རིག་པ་སྟོང་གསལ་རྟོགས་པས། ནང་ཉམས་ཕྱིར་ཤར་བས་སྣང་བ་ལ་འཁྲུལ་སྣང་དུ་མཐོང་བའོ། །ན་བུན་ལྟ་བུར་བུན་ནེ་ལང་ངེ་མཐོང་ཙམ་ན། ཉོན་མོངས་པ་ལས་ལོག་ནས། ཤིན་ཏུ་ཆོས་ཉིད་དམ་པར་འགྱུར་ཏེ། རྣལ་འབྱོར་གྱི་དབང་ཕྱུག་དམ་པའོ། །ཞེས་གསུངས་སོ། །རྒྱུད་ཕྱི་མ་ལས་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། དེ་ལྟར་རྡོ་རྗེ་སེམས་དཔས་དེ་ཡི་དོན་ཉམས་སུ་བླང་ཞིང་། བླ་མེད་ཡེ་ཤེས་གསལ་བའི་རྒྱུད་འདི་གཟུང་བར་བྱའོ། །ཞེས་བཀའ་སྩལ་པས་འཁོར་རྣམས་ཐམས་ཅད་ཡི་རང་བར་གྱུར་ཏོ། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ལས་ལེའུ་སྟེ་བཞི་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གུ་རུ་ཤྲཱི་སིངྷ་དང་། ལོཙྪ་བ་རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བའོ།། །།

བསྟན་པ་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་ཆས་ཆེན་པོར་བཞུགས་པའི་རྒྱུད་ཅེས་བྱ་བ།


DNG025_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་སརྦ་དྷརྨ་སརྦ་ཧྲྀ་ད་ཡ། བུཌྜྷ་ན་མ་མ་ཧཱ་ཀཱ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་ཆས་ཆེན་པོར་བཞུགས་པའི་རྒྱུད་ཅེས་བྱ་བ། སངས་རྒྱས་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ན། རང་བྱུང་རིག་པའི་རྒྱལ་པོ་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ། རྒྱལ་བ་རིགས་ལྔ་དང་འདུ་འབྲལ་མེད་པར་བཞུགས་སོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་ན། འོད་མཐའ་མེད་ཀྱི་ཡུལ་ཅན་ན།རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ་བརྒྱན་མ་བཀོད་པར་སྣང་བ་ཞེས་བྱ་བ་བཞུགས་སོ། །དེའི་ཚོགས་དཔའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ། སངས་རྒྱས་ཀྱི་གནས་གསུམ་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །སངས་རྒྱས་ཆོས་ཀྱི་སྐུ་རང་གི་སྙིང་གའི་དཀྱིལ་ན་བཞུགས་སོ། །ཡེ་ཤེས་ཟང་ཐལ་རང་གི་མིག་གི་དཀྱིལ་ན་བཞུགས་སོ། །སངས་རྒྱས་ཁྲོ་བོའི་སྐུ་རང་གི་ཀླད་པའི་དཀྱིལ་ན་བཞུགས་སོ། །ཞེས་གསུངས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་གསང་བའི་བདག་པོ་རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་སོ། །སངས་རྒྱས་བརྟེན་པ་རང་གི་ལུས་ལ་བརྟེན་ནོ། །བཞུགས་པ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །གསལ་བ་རང་གི་མིག་ན་ཕར་གསལ་ལོ། །རང་གི་ཀླད་པའི་དཀྱིལ་ན་སངས་རྒྱས་ཁྲོ་བོའི་ལྷ་ཐམས་ཅད་བཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ། སངས་རྒྱས་ཀྱི་རང་ལུས་གསུང་དུ་གསོལ།ཞེས་ཞུས་སོ། །དེ་ནས་འོད་ཀྱི་ཕུང་པོ་ཆེན་པོས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་སངས་རྒྱས་ཀྱི་ལུས་འོད་ལྔའི་ཕུང་པོར་ཡོད་དོ། །འོད་ཁ་དོག་ལྔ་ཕྲ་ལ་


DNG025_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་པ་གསལ་ལ་འཚེར་བ། རང་བཞིན་བཀྲག་ལ་ཉམ་ང་བ། མེ་རེ་རེ་ཡོད་དོ། །རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པ་འདི་སངས་རྒྱས་ཡིན་ནོ། །སངས་རྒྱས་ཀྱི་ལུས་འོད་ཀྱི་ཕུང་པོར་ཤེས་པར་བྱའོ། །སངས་རྒྱས་ཀྱི་ལུས་འོད་ཀྱི་ཕུང་པོར་མེད་ན། སྣང་གསལ་གྱི་མཐའ་འགགས། མུ་སྟེགས་ཆད་པའི་ལྟ་བ་དང་ཁྱད་མེད། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ། སངས་རྒྱས་ཀྱི་ལྟ་བ་གསུང་དུ་གསོལ།ཞེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། སངས་རྒྱས་ཀྱི་ལྟ་བ་ནི་འོད་ཀྱི་ཕུང་པོ་ལ་བལྟའོ། །སངས་རྒྱས་ལྟ་བ་རྣམ་གསུམ་ནི།ཆོས་སྐུ་ལ་ལྟ་བའི་ལྟ་བ་དང་། ཡེ་ཤེས་ལ་ལྟ་བའི་ལྟ་བ་དང་། དག་སྣང་ལ་བལྟ་བའི་ལྟ་བ་དང་གསུམ་མོ། །ཆོས་སྐུ་ལ་བལྟ་བའི་ལྟ་བ་ནི། རང་གི་ཤེས་པ་རང་སོ་ལ་གནས་པའི་དུས་ན་ཆོས་སྐུ་ཡིན་ནོ། །རྡོ་རྗེ་སེམས་དཔའི་མེ་ལོང་རང་གི་མིག་བཅུག་ནས་བལྟས་པས། སངས་རྒྱས་ཀྱི་ཞིང་ཁམས་འོད་ཁ་དོག་ཕྲ་ལ་དྭངས་པ་གསལ་ལ་འཚེར་བ། རང་བཞིན་བཀྲག་པ། ཉམ་ང་བ་མེད་པར་འཚེ་བར་མདོག་གསུམ་དུ་འཆར་བ་དེ། སངས་རྒྱས་ཀྱི་ཞིང་ཁམས་ལ་བལྟ་བའི་ལྟ་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ། སངས་རྒྱས་ཀྱི་ཡོན་ཏན་གསུམ་གསུང་དུ་གསོལ། ཅེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོས་བཀའ་སྩལ་པ། སངས་རྒྱས་མིག་ནས་འཐོན་ནས། འཁོར་བ་རུ་ལོག་ནས་ཡུལ་ཡེ་ཤེས་སུ་འཆར་བ་དེ། རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པའི་ཡོན་ཏན་ཡིན་ནོ། །རང་འོད་ངོ་ཤེས་ན་སྒོམ་སྒྲུབ་མི་དགོས་པར་སངས་རྒྱ་བ་དེ། སངས་རྒྱས་ཀྱི་ཆོས་སྐུ་འདུས་མ་བྱས་སུ་བཞུགས་པའི་ཡོན་ཏན་ཡིན་ནོ། །རང་གི་རིག་པ་རང་ངོ་ཤེས་ན་ལས་དགེ་སྡིག་གིས་མི་སྒྲིབ་པར་སངས་རྒྱ་བ་དེ། རང་བྱུང་གི་ཡེ་ཤེས་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི་ཡོན་ཏན་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་འདི་སྐད་ཅེས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ། རང་གི་རིག་པ་ཆོས་ཀྱི་སྐུ་ལ་སྐྱེ་འཆི་མེད་པ་ཡིན་ནོ། །སངས་རྒྱས་ཀྱི་དགོངས་པ་ལ་སྒོམ་དུ་མེད་པ་ཡིན་ནོ། །སངས་རྒྱས་ཀྱི་དགོངས་པ་ངོ་ཤེས་ན་ལས་དགེ་སྡིག་ཐམས་ཅད་དག་ནས་སངས་རྒྱ་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ། སངས་རྒྱས་ཀྱི་གནས་ལུགས་གསུམ་གསུང་དུ་གསོལ་ཞེས་ཞུས་སོ། །དེ་ནས་སངས་


DNG025_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །སེམས་ཅན་ཐམས་ཅད་ལ་རང་གི་སྙིང་གི་དཀྱིལ་ནས་སྟོང་པ་རིག་པ་སྙིང་པོ་ཅན་དུ་གནས་སོ། །རིག་པ་འོད་ཀྱི་ཁང་པ་ན་འོད་མཐའ་མེད་པའི་ཡུལ་ཅན་དུ་གནས་སོ། །ཞེས་གསུངས་སོ། །དེ་ནས་ཡང་གསུངས་པ་གསང་བའི་བདག་པོ་སངས་རྒྱས་ཀྱི་འཆར་ལུགས་གསུམ་ཉོན་ཅིག །སངས་རྒྱས་ཀྱི་མེ་ལོང་ལ་བལྟས་པས། སངས་རྒྱས་ཀྱི་ཞིང་ཁམས་འཆར་རོ། །རང་གི་རིག་པ་ལ་བལྟས་པས། རྟགས་འཕྲལ་ལ་འཆར་རོ། །རང་གི་རིག་པ་ལམ་ཡངས་པ་རང་ལུས་འོད་ལྔ་ལས། ཉམས་སུ་བླངས་པས་དག་སྣང་ལྷུག་པར་འཆར་རོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་སངས་རྒྱས་ཀྱི་གྲོལ་བ་གསུམ་དུ་གསུང་དུ་གསོལ། ཅེས་ཞུས་སོ། །སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། རང་འཆི་བའི་དུས་སུ་དག་སྣང་ངོ་ཤེས་པས་འཁྲུལ་སྣང་དག་སྣང་དུ་གྲོལ་ཏེ། ཤ་ཁྲག་གི་ལུས་རིན་པོ་ཆེ་འོད་འབར་བའི་སྐུར་གྲོལ་ལོ། །སེམས་རྟོགས་བཅས་ཡེ་ཤེས་མི་རྟོག་པར་གྲོལ་ལོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་སངས་རྒྱས་ཀྱི་དགོངས་པ་གསུམ་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །སྣང་བ་རང་ལོག་འོང་བས་བག་ཆགས་སྦྱང་མི་དགོས། ཡེ་ཤེས་ཚར་ཁབ་ཏུ་འོང་བས་ཆེད་དུ་བསྒོམ་མི་དགོས་སོ། །རང་གི་རིག་པ་ལ་སྐྱེ་ཤི་མེད་པས་འཁོར་བའི་སྡུག་བསྔལ་མི་དགོས། ཞེས་བཀའ་སྩལ་ཏོ། །མ་སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། སངས་རྒྱས་དངོས་སུ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་། ཆོས་ཐམས་ཅད་ཀྱི་རྩ་བ་གདམས་ངག་ལ་འདུས། གདམས་ངག་ཐམས་ཅད་ཀྱི་དམར་ཐག་གར་གཅད་ཅེས་ཞུས་སོ། །དེ་ནས་ཡང་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། རང་འཆི་བའི་ཚེ། དྲོད་རྐང་པའི་མཐིལ་ནས་ཡལ། སྤྱི་བོ་ཚངས་པའི་བུ་ག་ནས་ཡར་འཐོན། སེམས་གློ་བའི་ནང་ནས་འཐོན་ནས་དབུགས་སྣ་སྒོར་ཆད། སངས་རྒྱས་སྙིང་གི་ནང་ནས་བྱོན་ནས་མིག་ནས་ཕར་ལ་དོན་པའི་དུས་སུ། སྣང་བ་ཐམས་ཅད་འོད་དུ་འཆར་ཏེ། ཤར་བ་དེ་རང་གིས་སངས་རྒྱས་སུ་ངོ་ཤེས་པས་རང་འོད་དང་སྐུ་ལ་ཐིམ་ནས་སངས་རྒྱ་བས། གདམས་


DNG025_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཐམས་ཅད་དམར་ཐག་སྣང་སྲིད་ཐམས་ཅད་སྐུ་དང་འོད་དུ་ཤར་བའི་དུས་བཅད་དོ། །ཞེས་གསུངས་སོ། །དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཨེ་མ་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ། གདམས་ངག་དེ་ནམ་དགོས་ན་ཞེས་ཞུས་པས། གདམས་ངག་འཆི་བའི་དུས་སུ་དགོས། འཆི་བའི་དུས་ཀྱི་དམར་ཐག་གང་བཅད་ཅེས་ཞུས་པས། སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། གསང་བའི་བདག་པོ་རང་འཆི་བའི་དུས་སུ། འཆི་ལུགས་གཉིས་ཡིན་ཏེ། ཀུན་ཏུ་བཟང་པོའི་ངང་དུ་འཆི་བ་དང་། ཀུན་ཏུ་བཟང་པོའི་ངང་དུ་འཆི་བའོ། །ཀུན་ཏུ་བཟང་མོའི་ངང་དུ་འཆི་ན། ནད་ཐམས་ཅད་སྲེག་པ་རྩ་ལ་ཞུགས་ནས། འཆི་བས་ན་ཚ་ཟུག་གཟེར་ཆུང་བར་ཉལ་དེར་འཆི་བས་སོ། །ཀུན་ཏུ་བཟང་པོའི་ནང་དུ་འཆི་ན། ནད་སྙིང་ལ་འདུས་ནས། ན་ཚ་ཟུག་གཟེར་ཤིན་ཏུ་ཆེ་བར་འཆི་བ་ཡིན་ཏེ། ན་ཚ་ཟུག་གཟེར་ལྷག་པ་རེ་ལ། རྟོགས་པའི་ཤེས་རབ་ལྷག་པ་རེ་སྐྱེ་བས། བདག་འཆི་བའི་དུས་ཀྱི་དམར་ཐག་ཀུན་ཏུ་བཟང་པོའི་ངང་དུ་འཆི་བ་ལ་བཅད་དོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ། གདམས་ངག་བྱས་པ་གཅིག་སངས་རྒྱས་པས། སངས་རྒྱས་པའི་དུས་ཀྱིས་དམར་ཐག་གར་གཅད་ཅེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ། སངས་རྒྱ་བ་ལ་གཉིས་ཡིན་ནོ། །ཆོས་ཉིད་མ་དང་ཕྲད་པ་དང་། ཡེ་ཤེས་རང་ས་ཟིན་པའོ། །ཆོས་ཉིད་མ་དང་འཕྲད་པ་ནི། འཕྲུལ་སྣང་འགགས་ནས་དག་སྣང་འཆར་བ་ཡིན་ནོ། །ཡེ་ཤེས་རང་ས་ཟིན་པ་ནི། འདི་ལྔ་ངོ་ཤེས་པས་རང་གི་སྣང་བ་ལ་ཐིམ་ནས་སངས་རྒྱ་བས། བདག་སངས་རྒྱ་བའི་དུས་ཀྱིས་དམར་ཐག་ཆོས་ཉིད་མ་དང་འཕྲད་པའི་དུས་སུ་བཅད་དོ། །ཞེས་གསུངས་སོ། །མ་སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། དམར་ཐག་གསུམ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོས། སངས་རྒྱས་ཀྱི་མཚན་ལྔ་གསུང་དུ་གསོལ། ཅེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །སངས་རྒྱས་ཀྱི་མཚན་རྣམ་པ་ལྔ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉག་གཅིག་དང་། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་དང་། རིག་པ་ཀུན་ཏུ་བཟང་པོ་དང་། སངས་རྒྱས་གཞོན་ནུ་བུམ་པའི་སྐུ་དང་། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་དང་ལྔ་ཡིན་ནོ། །ཀྱེ་ཉོན་ཅིག །རང་གི་རིག་པ་ངོ་བོ་སྟོང་པ་ཀུན་ཏུ་


DNG025_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མོའོ། །རིག་པ་གསལ་བ་ཀུན་ཏུ་བཟང་པོའོ། །ཀུན་ཏུ་བཟང་པོ་དང་། བཟང་མོ་དབྱེར་མེད་པས་སངས་རྒྱས་ཉག་གཅིག་ཡིན་པས། རང་གི་སྙིང་གི་དཀྱིལ་ནས། སངས་རྒྱས་འོད་ཀྱི་ཕུང་པོ་ལ་སྐྱེ་འཆི་མེད་པས་གཞོན་ནུ་བུམ་པའི་སྐུའོ། །རིག་པ་རང་གི་ངོ་བོ་མ་འགགས་པར་གསལ་བ་ཀུན་ཏུ་བཟང་པོའོ། །སེམས་ཅན་ཐམས་ཅད་རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་བཞུགས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་ནོ། །སངས་རྒྱས་ཆོས་ཀྱི་སྐུ་རྟེན་པ་རང་གི་ལུས་ལ་བརྟེན་ནོ། །བཞུགས་པ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །གསལ་བ་རང་གི་མིག་ན་ཕར་གསལ་ལོ། །སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། སངས་རྒྱས་ཀྱི་མཚན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །དེ་ནས་ཡང་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་རང་གི་ཡེ་ཤེས་རང་ངོ་ཤེས་པ་དེ་སངས་རྒྱ་བ་ལ་གསུམ་མོ། །འཇུག་པ་དང་གྲོལ་བ་དང་མཐར་ཕྱིན་པའོ། །འཇུག་པ་ལ་གཉིས་ཡིན་ནོ། །དག་སྣང་རང་ལ་ཚུར་འཇུག་པ་ནི། རང་འཆི་བའི་ཚེ་རང་གི་སངས་རྒྱས་རང་ལ་འཆར་བ་དེ་ཡིན་ནོ། །རང་ཕར་ལ་འཇུག་པ་ནི། རང་གི་སངས་རྒྱས་འཆར་བའི་ཚེ་རང་ངོ་ཤེས་པས་སངས་རྒྱ་བའོ། །རང་གི་རང་བཞིན་གྱིས་འོད་གསལ་ལ་དུས་རྟག་ཏུ་བལྟ་བའོ། །གྲོལ་བ་ལ་གསུམ་ཡིན་ནོ། །རིག་པ་སྦུབས་ནས་འཐོན་པས་ཕྱི་ནང་གི་ཆོས་ཐམས་ཅད་གྲོལ་ལོ། །རིག་པ་སེམས་དང་བྲལ་བས་གཟུང་འཛིན་གྱི་རྣམ་པར་རྟོག་པ་ལས་གྲོལ་ལོ། །རིག་པ་རང་ལུས་ཐོབ་ནས། རང་གི་ཡེ་ཤེས་རང་ས་འཛིན་ནས། མ་རིག་པ་རིག་པའི་ཡེ་ཤེས་སུ་གྲོལ་ལོ། །མཐར་ཕྱིན་པ་སངས་ རྒྱས་ནས་སེམས་ཅན་དུ་མི་ལྡོག་པའོ། །སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། གྲོལ་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་པ། ཨེ་མ་ཧོ། བདེ་གཤེགས་འོད་ཀྱི་ཕུང་པོ་ཆེན་པོ། སངས་རྒྱས་ཀྱི་མིན་པ་གསུམ་གསུང་དུ་གསོལ། ཅེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། གསང་བའི་བདག་པོ་བྱས་པའི་ཆོས་ཀྱིས་མ་བྱས་པའི་སངས་རྒྱས་ཐོབ་པ་མིན་ནོ། །སངས་རྒྱས་འདུས་མ་བྱས་པ་ཡིན་པས་བྱས་པའི་ཆོས་ཀྱིས་སངས་རྒྱས་ཐོབ་པ་མིན་ནོ། །དེ་ནས་གསང་བའི་བདག་པོས་ཞུས་པ། རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ། སངས་རྒྱས་ཀྱི་ཡིན་པ་གསུམ་གསུང་དུ་གསོལ། ཅེས་ཞུས་སོ། །རང་གི་རིག་པ་འོད་ཕུང་ཆེན་པོར་བཞུགས་པ་འདི་སངས་རྒྱས་ཀྱི་བརྡའོ། །སངས་རྒྱས་ཀྱི་སྐུ་ལ་སྐུ་དང་ཡེ་ཤེས་རྒྱུན་ཆད་མེད་པར་བཞུགས་པ་ཡིན་ནོ། །རང་གི་རིག་པ་ལ་སྐྱེ་འཆི་


DNG025_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་དུས་གསུམ་མཉམ་པ་ཉིད་དུ་གསལ་བར་བཞུགས་པ་ཡིན་ནོ། །རིག་པ་ངོས་བཟུང་དང་བྲལ་བས་ཆོས་ཀྱི་སྐུའོ། །རིག་པ་ཤེས་རབ་ཀྱི་མཁྱེན་པ་མ་འགགས་པས་ལོངས་སྐུའོ། །རིག་པ་ཅིར་ཡང་འཆར་བས་སྤྲུལ་པའི་སྐུའོ། །རིག་པ་མིག་ནས་འཐོན་པས་ལོངས་སྐུ་ཁ་མིག་རྣ་བ་ཅན་གྱིས་སྣང་སྲིད་ཐམས་ཅད་ཁོངས་ནས་འཆར་རོ། །སངས་རྒྱས་ལོངས་སྐུ་དཔངས་སུ་ཁྲུ་བཅུ་དྲུག་པ་ཞེང་དུ་ཁྲུ་བརྒྱད་པ་འཆར་རོ། །དེ་ངོ་ཤེས་པས་སངས་རྒྱའོ། །མ་སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། སྐུ་དང་ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཨེ་མ་ཧོ། རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ། སངས་རྒྱས་ཀྱི་ཆོག་པ་གསུམ་གསུང་དུ་གསོལ། ཅེས་ཞུས་སོ། །སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོས་བཀའ་སྩལ་པ། ཀྱེ་ཀྱེ་གསང་བའི་བདག་པོ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འདས་པ་ཡིན་པས་སྒོམ་པ་དང་བཟླས་པ་དང་འབད་རྩོལ་ཐམས་ཅད་དང་བྲལ་ནས་རང་ངོ་ཤེས་པས་ཆོག་གོ། །སངས་རྒྱས་ཀྱི་སྐུ་རྡུལ་དང་བྲལ་བས་ཅི་དགའ་བྱས་པས་ཆོག་གོ། །རིག་པ་འོད་ཀྱི་ཕུང་པོར་བཞུགས་པས་ཡེ་ཤེས་སུ་འཆར་ཏེ་ཆོག་གོ། །དེ་ནས་གསང་བའི་བདག་པོས་ཞུས་པ། སངས་རྒྱས་ཀྱི་འོང་བ་གསུམ་གསུང་དུ་གསོལ། ཅེས་ཞུས་སོ། །སངས་རྒྱས་ཀྱིས་བཀའ་སྩལ་པ། རང་འཆི་བའི་དུས་སུ་སངས་རྒྱས་ཀྱི་སུན་མ་གསུམ་འོང་བས་དེ་ངོ་ཤེས་པར་གྱིས་ཤིག །སངས་རྒྱས་པ་དང་མངོན་པར་ཤེས་པ་དྲུག་རང་བྱུང་དུ་འོང་ངོ་། །མངོན་པར་ཤེས་པ་ཤར་བ་དང་། ཐུགས་རྗེ་རང་བྱུང་དུ་འོང་ངོ་། །སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། ངོ་ཤེས་པས་སངས་རྒྱ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ། འཆི་ཁར་སངས་རྒྱ་བའི་གདམས་ངག་མངོན་སུམ་དུ་གསུང་དུ་གསོལ། ཅེས་ཞུས་པས། སངས་རྒྱས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་མཛོད་སྤུའི་བུ་ག་ནས་ཡེ་ཤེས་ཀྱི་འོད་ཟེར། ཐོ་རངས་ཀྱི་སྐར་ཆེན་ཙམ་ཤར་བ་བཞིན་འཆར་རོ། །དེ་ངོ་ཤེས་པས་ཆོག་གོ། །དེ་ལ་ལྟོས་ཤིག །ལྷའི་ཕྱག་སོར་ལ་སངས་རྒྱས་ཀྱི་ཞིང་ཁམས་འཆར་རོ། །དེ་ལ་ལྟོས་ཤིག །དེ་ངོ་ཤེས་པར་གྱིས་ཤིག །རང་གི་ལུས་ལ་སངས་རྒྱས་ཀྱི་སྐུ་འཆར་བའི་གནས་སུམ་ཅུ་སོ་དྲུག་ཡོད་ དོ། །སྐུ་དེ་རྣམས་ལ་ལྟོས་ཤིག །རང་འཆི་བའི་ཚེ་རང་གི་ཡེ་ཤེས་འཆར་བ་དེ། དེ་རང་གིས་ངོ་ཤེས་པས་ཆོག་གོ། །མ་སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། གདམས་ངག་ཅན་གནད་ཀྱི་སྒོ་ནས་སངས་རྒྱ་བའི་ལེའུ་སྟེ་བདུན་པའོ།། །།སྔགས་ཀྱི་སྲུང་མས་སྲུངས་ཤིག །སངས་རྒྱས་རང་ཆས་ཀྱི་རྒྱུད་ཆེན་མོ་ལས། བལྟས་པས་སངས་རྒྱ་བ་རྫོགས་སོ།། །།

རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པ་ཞེས་བྱ་བའི་རྒྱུད།


DNG025_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དྷརྨ་པུ་ཏྲ་ཨཱེ་ཀ་ཏནྟྲ་ནཱ་མ། ཏ་ཐཱ་ག་ཏ་བཛྲ་སཏྭ་ས་མ་ཏི། བོད་སྐད་དུ། རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པ་ཞེས་བྱ་བའི་རྒྱུད། ཐོག་མའི་སྟོན་པ་འོད་མི་འགྱུར་བ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པ་ན། རིག་པ་དངོས་མེད་ཆོས་ཀྱི་སྐུ་ལ་ཉོན་མོངས་པའི་དྲི་མ་མེད་པ། སྐུ་ལ་མདུན་རྒྱབ་མེད་པ། ཐུགས་རྗེ་ལ་དབྲི་བཀོལ་མི་མངའ་བ། རིན་པོ་ཆེ་གསང་བའི་སྦུབས་ན་རང་བཞིན་རྣམ་པར་དག་པའི་སྣང་བ་ལ། རང་སྣང་ངོ་རྟག་པའི་འཁོར་དང་འདུ་འབྲལ་མེད་པར་བཞུགས་སོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡུལ་ཆོས་ཉིད་ལ་ཡེ་ཤེས་འོད་དུ་གསལ་བ། ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོའི་སྦུབས་ན། ལོངས་སྐུའི་ཞིང་ཁམས་ཡེ་ཤེས་ཀྱི་སྣང་བ་འོད་དང་བཅས་པ་ནི། ཡུལ་ཆོས་ཉིད་ལ་ཡེ་ཤེས་འོད་དུ་གསལ་བ། ཡེ་ཤེས་ཀྱི་སྣང་བ་འོད་དང་བཅས་པ་ནི། རིན་པོ་ཆེ་འོད་འབར་བ་སྐུ་སངས་རྒྱས་བཞི་བཅུ་རྩ་གཉིས་རང་བཞིན་གྱིས་འོད་གསལ་བ། གཟིགས་སྣང་གསུམ་མ་འགགས་པར། ཐུགས་རྗེ་ཉི་མ་དང་འོད་ཟེར་བཞིན་དུ་འབྱུང་ཞིང་། ཡེ་ཤེས་ཀྱི་སྣང་བ་འོད་ལྔར་གསལ་བ་དང་འདུ་འབྲལ་མེད་པར་བཞུགས་སོ། །སྣང་བ་འོད་དུ་གསལ་བ་དེའི་ཚེ། རྡོ་རྗེ་སེམས་དཔའ་རང་གི་རིག་པའི་རང་གདངས་སུ་ཤེས་ནས། ཡེ་ཤེས་རང་ས་ཟིན་ནས་སངས་རྒྱས་སོ། །དེའི་ཚེ་པདྨ་བདེ་ལྡན་གྱི་གྲོང་ཁྱེར་དུ་སངས་རྒྱས་རྡོ་རྗེ་སེམས་དཔའ་ལ། ཐུགས་རྗེ་རང་བྱུང་གི་སྐུ་དྲུག་ཐུན་མོང་མ་ཡིན་པའི་འཁོར་དང་བདུན། ཡེ་ཤེས་མཁའ་འགྲོ་མ་ལྔ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གསུམ་གྱིས་བསྐོར་ནས། སྐུ་དང་ཡེ་ཤེས་ཀྱི་སྣང་བ་མ་


DNG025_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ། གསལ་བའི་དགོངས་པ་ལ་ཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། སངས་རྒྱས་ཀྱི་ཡུལ་ལྔ་གསུང་དུ་གསོལ། ཞེས་ཞུས་སོ། །ཛྙཱ་ན་པཉྩ་ཀ་ལ་ཧ་ཙཀྵུ། རི་རབ་ཀྱི་རྩེ་མོ་ལ་གྲོང་ཁྱེར་གཉིས་ན། མི་རྒོད་ལྔ་བཞུགས་པའི་མན་ངག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ། རྡོ་རྗེ་འཛིན་པ་ལེགས་པར་ཉོན་ཅིག །རང་ལ་ཚུར་བསྟན་ནས་ཆོས་ཀྱི་སྐུའི་ཡུལ། རང་གི་བྱང་ཁོག་གི་སྟོད་ཡིན་ནོ། །ཨེ་མ་ཧོ། ཡེ་ཤེས་ཀྱི་ཡུལ་རང་གི་བྱད་ཡིན་ནོ། །ལོངས་སྐུའི་ཡུལ་རང་གི་མགོ་ཡིན་ནོ། །སྤྲུལ་སྐུའི་ཡུལ་རང་གི་རྒལ་ཚིག་ཡིན་ནོ། །ཡང་སྤྲུལ་ཐིག་ལེའི་ཡུལ་རང་གི་ལུས་ཐམས་ཅད་ཡིན་ནོ། །གསང་བའི་བདག་པོ་ཕར་ལ་བསྟན་ནས། རིག་པའི་ཡུལ་དབྱིངས་ཡིན་ནོ། །སྒྲོན་མའི་ཡུལ་ནམ་མཁའ་ཡིན་ནོ། །ཡེ་ཤེས་ཀྱི་ཡུལ་མེ་ལོང་ཡིན་ནོ། །འོད་ཀྱི་ཡུལ་རང་གི་རིག་པ་ཡིན་ནོ། །ལོངས་སྐུའི་ཡུལ་ཚོམ་བུའི་དཀྱིལ་འཁོར་བཅས་པ་ཡིན་ནོ། །ཐིག་ལེའི་ཡུལ་བེ་ཏཱ་ལི་ཡིན་ནོ། །ཞེས་གསུངས་པས། གསང་བའི་བདག་པོས་ཡུལ་ཆོས་ཀྱི་དབྱིངས་སུ་རྟོགས་སོ། །མཚན་མར་སྣང་བ་ཐམས་ཅད་འོད་ཀྱི་དཀྱིལ་འཁོར་དུ་རྟོགས་སོ། །འོད་ལྔ་སངས་རྒྱས་ཀྱི་རང་ལུས་ཡིན་པར་རྟོགས་སོ། །རང་གི་རིག་པ་ཡེ་ཤེས་སུ་རྟོགས་སོ། །དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཧོ་སངས་རྒྱས་ཐུགས་རྗེ་ཅན། སངས་རྒྱས་ཀྱི་གནས་ལྔ་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་སངས་རྒྱས་ཆོས་ཀྱི་སྐུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །ཡེ་ཤེས་ཟང་ཐལ་གྱི་སྐུ་བྱད་ཀྱི་དཀྱིལ་ན་བཞུགས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་རང་གི་ཀླད་པའི་དཀྱིལ་ན་བཞུགས་སོ། །ཐུགས་རྗེ་སྤྲུལ་པའི་སྐུ་རང་གི་གཞུངས་པའི་ནང་ན་བཞུགས་སོ། །ཐིག་ལེ་རང་བྱུང་


DNG025_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐུ་རང་གི་རྩ་ཐམས་ཅད་ཀྱི་ནང་ན་བཞུགས་སོ། །ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །སངས་རྒྱས་སྐུ་ལྔ་ཡེ་ཤེས་ལྔ་རང་གི་སྙིང་གི་དཀྱིལ་ན་ཡེ་ནས་གནས་སོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྐུ་ཡེ་ནས་གནས་སོ། །རིག་པ་འོད་ལྔའི་ལུས་སུ་ཡེ་ནས་གནས་སོ། །གསང་བའི་བདག་པོ་ལེགས་པར་ཟུང་ཞིག །སེམས་ཅན་ཐམས་ཅད་ཀྱི་སྙིང་གི་དཀྱིལ་ན།ཡེ་ཤེས་ཀྱི་སྐུ་འོད་ཁྱིམ་གྱི་ཚུལ་དུ་སྣང་ངོ་། །རང་གི་སྙིང་གི་དཀྱིལ་ན་ཆོས་ཀྱི་སྐུ་མི་འགྱུར་བ། ཡེ་ཤེས་ཀྱི་སྙིང་པོར་ཤར་བར་ཡེ་ཤེས་ལྷང་ངེ་བ་བཞུགས་སོ། །འབྱུང་བ་འོད་དུ་འབྱུང་ཞིང་གསལ་བ་ཟེར་དུ་གསལ་ལོ། །དག་པའི་སྣང་བ་ལ་ཡེ་ཤེས་ཕྱོགས་བཅུར་ཤར་ནས། ནུབ་པ་མེད་པར་བཞུགས་སོ། །རང་གི་སྙིང་གི་དཀྱིལ་ན་ཆོས་སྐུ་ལ་མཚན་མའི་ཡུལ་མེད་པས། མཐའ་ལ་ཐུག་པ་མེད་པར་བཞུགས་སོ། །ཆོས་སྐུ་ལ་དྲི་མ་མེད་པས་རང་གི་རིག་པ་ལ་འགག་པ་མེད་དོ། །མ་འགགས་པར་སྣང་བ་ལ་ཐོགས་ཐུག་མེད་དོ། །རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཀྱི་སྐུ་དེ་རང་གི་སྙིང་གི་དཀྱིལ་ན་ངོ་བོ་སྟོང་པར་བཞུགས་སོ། །ཡེ་ཤེས་གསལ་བར་བཞུགས་སོ། །ཁ་དོག་ཕྱེད་པར་བཞུགས་སོ། །གསལ་ལ་འཚེར་བར་བཞུགས་སོ། །འོད་དུ་འཕྲོ་བར་བཞུགས་སོ། །སྐུ་མི་གཡོ་བར་བཞུགས་སོ། །ཡེ་ནས་ཕྱོགས་དང་རིས་མེད་པར་སྐུ་དག་པ་ཆེན་པོར་བཞུགས་སོ། །རིགས་ཀྱི་བུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །སངས་རྒྱས་ཀྱི་སྐུ་བརྟེན་པ་རང་གི་བྱང་ཁོག་གི་སྟོད་ལ་བརྟེན་ནོ། །བཞུགས་པ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །གསལ་བ་ནམ་མཁའི་ངང་ལ་གསལ་ལོ། །དེ་ལྟར་རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་མངོན་སུམ་དུ་བཞུགས་སོ། །དེ་ངོ་ཤེས་པས་སངས་རྒྱའོ། །རང་གི་ཀླད་པའི་ནང་ན་སངས་རྒྱས་ཁྲོ་བོའི་སྐུ་ཐམས་ཅད་མངོན་སུམ་དུ་བཞུགས་སོ། །རང་གི་ཀླད་པའི་ནང་ན་ཐམས་ཅད་འོད་ཀྱི་


DNG025_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་ལྔས་ཁེངས་ནས་ཡོད་དོ། །ཞེས་གསུངས་སོ། །དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་། སངས་རྒྱས་ཀྱིས་གསལ་བ་ལྔ་གསུང་དུ་གསོལ། ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ། གསང་བའི་བདག་པོ་ངེས་ཟུང་ཞིག །སངས་རྒྱས་ཀྱི་ཞིང་ཁམས་འོད་ལྔར་གསལ་ལོ། །སངས་རྒྱས་ཀྱི་ལུས་འོད་ལྔར་གསལ་ལོ། །འོད་ཁ་དོག་ལྔ་ནུབ་པ་མེད་པར་གསལ་ལོ། །འོད་ལྔ་རང་གི་སྙིང་གི་ནང་ན་གསལ་ལོ། །ཡེ་ཤེས་ལྔ་འོད་ལྔར་གསལ་ལོ། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།བུཌྜྷ་བཛྲ། མ་ཧཱ་ཙིཏྟ། རིན་པོ་ཆེ་ཟ་མ་ཏོག་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞུགས་པའི་མན་ངག་ལ། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། སངས་རྒྱས་ངོ་སྤྲོད་ལྔ་ལྔ་གསུང་དུ་གསོལ། ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གསང་བའི་བདག་པོ། རང་གི་མིག་ལྷའི་བུའི་ཕྲག་སོར་གིས་བཀབ་ལ། ཕྱག་སོར་ལ་མ་ཡེངས་པར་བལྟས་པས། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མངོན་སུམ་དུ་འཆར་རོ། །རང་གི་མིག་མེ་ལོང་གི་ནང་དུ་བཅུག་ནས་བལྟས་ན།སངས་རྒྱས་ཀྱི་ཞིང་ཁམས་མངོན་སུམ་དུ་འཆར་རོ། །འཁར་ཕོར་ལེགས་པར་ཆུས་བཀང་ནས། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ན། སངས་རྒྱས་ཀྱི་ཞིང་ཁམས་མཚོན་ཆའི་རྩེ་མོ་བཞིན་དུ་འཕྲོ་བ་འཆར་རོ། །ནམ་མཁའི་སྙིང་པོ་ལ་རང་གི་མིག་བཅུག་ནས་བལྟས་པས་སངས་རྒྱས་ཀྱི་ཞིང་ཁམས་ཕྲ་ལ་དྭངས་པ་འཆར་རོ། །གྲོང་ཁྱེར་གྲངས་མེད་སྣ་རྩེ་ཉི་མ་ལ་བསྟན་ནས། དེ་རང་གི་མིག་ལ་བལྟས་ནས།སངས་རྒྱས་ཀྱི་ཞིང་ཁམས་འཆར་རོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཉོན་ལ་དགོངས་ཤིག །ཡིད་གཏོད་ཅིག །ང་རྡོ་རྗེ་སེམས་དཔའི་གདམས་པ་རིན་པོ་ཆེ་འདི་ནི་འཇིག་རྟེན་


DNG025_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྱུང་བར་དཀའ་འོ། །འདི་ནི་ལས་ཟད་པའི་གང་ཟག་ལས་ཅན་ལ་བསྟན་ནོ། །ཞེས་གསུངས་སོ། །གསང་བའི་བདག་པོ་རང་གི་སྙིང་གི་ནང་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་ཉུང་འབྲུ་ཙམ་ལ། སྤྱན་ཕུལ་ཐག་ཙམ་དུ་གནས་སོ། །གདམས་སོ། །སངས་རྒྱས་ཀྱི་སྐུ་འོད་ལྔའི་ཁང་པ་ཅན་གྱི་ནང་ན་གནས་པ་དེ་ལ། རྡོ་རྗེ་སེམས་དཔའི་མེ་ལོང་ལ་བལྟས་པས་རང་ལ་མངོན་སུམ་དུ་འཆར་རོ། །དེ་ངོ་ཤེས་པས་ཆོག་གོ། །མ་འོངས་པའི་སེམས་ཅན་ལ་དེ་བཞིན་དུ་སྟོན་ཅིག །ཅེས་བཀའ་སྩལ་ཏོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པོའི་རྒྱུད་ལས། མངོན་སུམ་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཛྙཱ་ན་ཡེ་ཤེས ། ཙཀྵཱ་མིག །དྷརྨཱ་ཆོས ། ཀཱ་ཡ་སྐུ ། ཙིཏྟ་སྙིང་། རཏྣ་རིན་ཆེན ། གསེར་ནི་ཆོས་ཉིད་ལ་ཟེར་བ་ཡིན་གཡུའི་ནི་ཡེ་ཤེས་ཡིན་ནོ། །ལྷ་ཁང་ལ་སྙིང་ནང་གི་སངས་རྒྱས་ཡིན་ནོ། །རིན་པོ་ཆེ་ནི་ཆོས་སྐུ་ཡིན་ནོ། །ལྔའི་མཆོད་རྟེན་རང་བྱུང་དུ་རྒྱུ་རྐྱེན་བྱེད་པ་པོ་སྤངས་པ་བྱོན་ནས་མུ་ཏིག་གི་རང་གི་རེག་པ་གསལ་བ་འདི་ཡིན་ནོ། །འཁོར་ལོ་ལ་བཞུགས་པའི་མན་ངག་གོ་ སངས་རྒྱས་འོད་ལྔས་བསྐོར་ནས་ཡོད་པ་ཡིན་ནོ ། །དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཨེ་མ་སངས་རྒྱས་ཐུགས་རྗེ་ཅན། སྐུ་གསུམ་གྱི་ངོ་བོ་གསུང་དུ་གསོལ། ཞེས་ཞུས་སོ། །ཨཱ་ཡྲསཱ། ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །མ་ཡེངས་པར་ཉོན་ཅིག །རིགས་ཀྱི་བུ་ཉོན་ཅིག །ཕུང་པོ་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པས་འདོད་པའི་མིས་འདི་ལྟར་ཤེས་པར་བྱའོ། །རང་གི་སྙིང་གི་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་སངས་རྒྱས་རིགས་ལྔའི་སྐུ་ཚོམ་བུའི་དཀྱིལ་འཁོར་དང་བཅས་པ་སྐུ་ཉུང་འབྲུ་ཙམ་ལ་སྤྱན་སྤྱན་རང་གི་སྙིང་ནང་ན་ཡོད་ཕུལ་ཐག་ཙམ་སྣ་ཚོགས་གཅེར་གྲོལ་དུ་བཞུགས་སོ། །སྐུ་དེ་ཡང་ངོ་བོ་གསལ་ལ་ཟང་ཐལ་བ། འཛིན་རྟོག་དང་བྲལ་


DNG025_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡེ་ཤེས་སུ་བཞུགས་སོ། །དེ་ལྟར་རང་གི་སྙིང་གི་ནང་ན་སངས་རྒྱས་སྐུ་ཉུང་འབྲུ་ཙམ་དུ་བཞུགས་ཀྱང་འཁྲུལ་སྣང་འགགས་པའི་དུས་སུ། སྐུ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པའམ། འབྲིང་པོ་རི་རབ་ཙམ་གྱིས་ཁེངས་ནས་རང་ལ་འཆར་རོ། །དེ་ལ་མ་འཇིགས་ཤིག །དེ་ངོ་ཤེས་པས་ཆོག་གོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཟུང་ཞིག །རང་འཆི་ཁར་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། སངས་རྒྱས་ཀྱི་སྐུ་མངོན་སུམ་དུ་འཆར་རོ། །དེ་ངོ་ཤེས་པས་ཆོག་གོ། །རང་གི་རིག་པ་འོད་ལྔ་དང་འདུ་འབྲལ་མེད་པར་འགྲོགས་པ་ཡིན་ནོ། །རང་གི་རང་འོད་ངོ་ཤེས་པས་སངས་རྒྱས་ཀྱི་སྐུ་ཐོབ་པ་ཡིན་ནོ། །རང་ལ་སངས་རྒྱས་རང་ཆས་སུ་ཡོད་པ་དེ། སྲིད་པའི་མེ་ལོང་ལ་བལྟས་པས། སངས་རྒྱས་རང་ལ་མངོན་སུམ་དུ་འཆར་བ་ཡིན་ནོ། །མ་ནུ་སེམས་ཅན་སརྦ་ཐམས་ཅད་བུཌྜྷ་སངས་རྒྱས་ཛྙཱ་ན་ཡེ་ཤེས་ཀཱ་ཡ་སྐུ་པཉྩ་ལྔའོ། །རིགས་ཀྱི་བུ་སངས་རྒྱས་རང་ལ་ཡོད་པས་གཞན་དུ་མ་ཚོལ་ཞིག །སངས་རྒྱས་འོད་ལྔའི་ལུས་བཞུགས་པས་གསལ་འགྲིབ་དང་བྲལ་ལོ། །སངས་རྒྱས་སྐུ་ལ་འགྱུར་བ་མེད་པས་སྐྱེ་འཆི་དང་བྲལ་ལོ། །སངས་རྒྱས་ལ་འཆི་འཕོ་མེད་པར་སངས་རྒྱས་སངས་རྒྱས་སྡུག་བསྔལ་མེད་པར་ཡེ་ཤེས་ལྔར་ཡོད་པས་ཏེ་ཐམས་ཅད་རང་ངོ་ཤེས་པས་སངས་རྒྱས་པས་དཀའ་ཐུབ་དང་བྲལ་བའོ། །སངས་རྒྱས་འོད་ཀྱི་སྐུ་ལ་གསལ་ལ་རྟོག་པ་མེད་པས་སྣང་ལ་རང་བཞིན་མེད་པ། བདེ་བ་རྒྱུན་ཆད་མེད་པ་རང་གི་ སྙིང་གི་དཀྱིལ་ན་བཞུགས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། སངས་རྒྱས་གསུམ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ཨཱཌ་དཔངས་མཐོ་བ་ཐྱང་སྤངས་པ་ཆེན་པོ། སྭ་མཐའ་རྣམ་པར་གྲོལ་བ། རྦཱ་ལས་ཀྱིས་མི་སྒྲིབ་པ་ས྅་བདེ་བ་ཆེན་པོ་ནྱ་ཎ་འུབ་ཆུབ་པ་དྱ་ཉ་ཡེ་ཤེས་ཉི་མ་རང་ལ་སྣང་བ་སྱང་ས་ལེ་བ་དྱརྨ་ལྷང་ངེ་བ་ཀཱ་བ་ལྷན་ནེ་བ། ྈྐྼཱྀ་སངས་རྒྱས་དཔངས་མཐོ། སྒོམ་པ་མི་གཡོ་བ་རྒྱུན་གྱི་ཏིང་ངེ་འཛིན་ནོ། །ཧྱ་གདན་ཞེན་མེད།


DNG025_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བྱཱ། ཅ། ཀྱཱ་ལྟ་བ་མི་གཡོ་བ་ཤེས་རབ་འགྱུར་བ་མེད་པ་ཡིན། འོད་ལྔ་གསལ་བ་ཡིན། ཏྱཧྱ། དེ་ནས་སངས་རྒྱས་རྡོ་རྗེ་ནྷྲཱ་སེམས་དཔའི་ཞལ་ནས། བུདྡྷཱ། ས་མ་ཏི་རོ་མ་ཧཱ་ཛྙཱ་ན་ཙིཏྟ། ཀཱ་ཡ། བྷྱི་ཏྱ། ཛྙཱ་ན། ཙིཏྟ། བུཌྜྷ། བཛྲ། མ་ཧཱ། ཙཀྵུ། བྷྱི་ཏྱ། ཨ་མ་ལ། མ་ཧཱ། པཉྩ། ཀཱ་ཡ། དྷརྨ། ཡལ། ཨ། གསུངས་ནས་ཅང་མེད་དོ། །ཧྼཱྀ། དེ་ནས་དགའ་རབ་རྡོ་རྗེས་འདི་སྐད་སྨྲས་སོ། །ཀྱེ་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན། སེམས་ཅན་ཀུན་གྱི་སྡུག་བསྔལ་བསལ་དུ་གསོལ། ཅེས་ཞུས་སོ། །ཨོཾ་ཨཱ་ཨྸ། མྨ། སྐ། ཐྠ། ཧླྀ ། ཧཱུཾ་ཧཱུཾ། སྶ། ཀྐ། ཏྟ། ནྠཱ ཧཱུཾ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་སངས་རྒྱས་རང་ལ་ཡོད་དོ། །དེ་ངོ་ཤེས་ན་སྡུག་བསྔལ་ཐམས་ཅད་དང་བྲལ་ལོ། །ཅེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི་རྒྱུད་ལས། སངས་རྒྱས་ཀྱིས་གདམས་ངག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།བྷྱིད་ཏྱ། ཨཱ། ཏ་ཐཱ་ག་ཏ། ཀུ་ལ། པཉྩ། པ་ནི། བུཌྜྷ། ཀུ་ལ། པཉྩ། ཙིཏྟ། པཱ་ནི། བུཌྜྷ། ཀཱ་ཡ། ཧཱ་མཱ་ལཱ། ཨཱ་སྭ། གསུངས་ནས་དགོངས་པ་ལ་གཤེགས་སོ། །ནམ་མཁའི་དཀྱིལ་ནས་ཉི་ཟླའི་ཁང་པ་རིན་པོ་ཆེ་འོད་འབར་བ་ལྔ། བཞུགས་པའི་མན་ངག་དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་སངས་རྒྱས་རྡོ་རྗེ་འཆང་། སངས་རྒྱས་ཀྱི་བཞུགས་ཚུལ་གསུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་མ་ཡེངས་པར་ཉོན་ཅིག །རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་བཞུགས་སོ། །རང་གི་སྙིང་གི་ནང་ན་སངས་རྒྱས་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་།


DNG025_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་བྱ་དང་། ཤང་ཤང་གི་གདན་ལ་སྐུ་མདོག་ལྔ་དང་ལྡན་པ། ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། ནོར་བུ་རིན་པོ་ཆེ་དང་། པདྨ་འདབ་མ་བརྒྱད་པ་དང་། རྡོ་རྗེ་རྒྱ་གྲམ་དང་། འཁོར་ལོ་རྩིབས་བརྒྱད་བསྣམས་པ། རིན་པོ་ཆེ་འོད་འབར་བའི་སྐུ་རང་གི་སྙིང་གི་ནང་ན་ད་ལྟ་བཞུགས་སོ། །རང་གི་ཀླད་པའི་ནང་ན་སངས་རྒྱས་ཁྲོ་བོའི་སྐུ། བཛྲ་ཧེ་རུ་ཀ་དང་། བུཌྜྷ་ཧེ་རུ་ཀ་དང་། རཏྣ་ཧེ་རུ་ཀ་དང་། པདྨ་ཧེ་རུ་ཀ་དང་། ཀརྨ་ཧེ་རུ་ཀ་དང་། ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་བཞུགས་སོ། །ཀྱེ་གསང་བའི་བདག་པོ། རང་གི་ཀླད་པའི་ནང་ན་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་སྣ་ཚོགས་གཅེར་གྲོལ་དུ་བཞུགས་སོ། །རང་གི་ལུས་འདི་ལ་སངས་རྒྱས་ཀྱི་གྲོང་ཁྱེར་ཉི་ཁྲི་ཆིག་སྟོང་ཡོད་དོ། །གྲོང་ཁྱེར་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་སྐུས་ཐམས་ཅད་ཁྱབ་ནས་ཡོད་དོ། །རང་གི་རྩ་ཡི་ནང་བདེ་བར་གཤེགས་པའི་སྐུས་ཁེངས་ནས་བཞུགས་སོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །གངས་སམ་གཡའ་ལས་བྱུང་བའི་མན་ཤེལ་དྲི་མ་མེད་པ་གཅིག་ཉི་མ་ལ་འཕྱར་བས། འོད་ཁ་དོག་ལྔ་ལྷུག་པར་འཆར་རོ། །དེ་ཡང་འདི་ལྟ་སྟེ། ཁ་དོག་མཐིང་ག་དང་། དཀར་པོ་དང་། དམར་པོ་དང་། ལྗང་གུའོ། །དོན་དེ་ལྟ་བུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །རང་འཆི་བའི་དུས་སུ་འོད་ལྔ་གསལ་ལ་འཚེར་བ་རང་བཞིན་བཀྲག་ལ་ཉམ་ང་བ། སོས་ཁ་བྱང་ཐང་ཆེན་པོ་ལ་སྨིག་རྒྱུ་འགྱུ་བ་བཞིན་མེར་མེར་པོར་འོང་ངོ་། །དེ་ལ་མ་འཇིགས་ཤིག །འོད་ལས་ཟེར་མཚོན་ཆའི་ཆར་པ་བབས་པ་འོང་ངོ་། །དེ་ལ་མ་སྐྲགས་ཤིག །འོད་ཀྱི་ནང་ཐམས་ཅད་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིང་བ་འདྲ་བ་གྲག་ལ་སྒྲ་ཆེ་བ་འོང་། དེ་ལ་མ་དངངས་ཤིག །དེ་གསུམ་ལ་མ་འཇིགས་མ་དངངས་མ་དྲེད་པས་ན་སངས་རྒྱའོ། །དེ་གསུམ་ལ་འཇིགས་སྐྲག་ནས་དྲེད་པ་དེ་ནི། རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་བྱ་བ། ཉིན་མོ་ཉི་མའི་སྣང་བ་མེད་པ། མཚན་མོ་ཟླ་བའི་སྣང་བ་མེད་


DNG025_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ། ནང་ནུབ་མེའི་སྣང་བ་མེད་པ། རླུང་ཆར་དང་མུན་པ་ནག་པོའི་གསེབ་ན་ཤིན་ཏུ་སྡུག་བསྔལ་ལོ། །དེ་ནས་འཁོར་བ་སྲིན་གྱི་ཁ་ཆུ་དང་འདྲ་བར་འཁོར་ཞིང་སྡུག་བསྔལ་ལོ། །དེས་ན་གདམས་ངག་འདིའི་གནད་ཤེས་པ་གལ་ཆེའོ། །འདི་མ་ཤེས་ན་ཕན་མེད་དོ། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། སངས་རྒྱས་ཀྱི་བཞུགས་ཚུལ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་། སངས་རྒྱས་ཀྱི་མངོན་རྟགས་གསུང་དུ་གསོལ། ཅེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག །སངས་རྒྱས་ལ་གཉིས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཡང་དག་པར་རྫོགས་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ། འོད་དང་། སྒྲ་དང་། གདུང་དང་། སྐུ་འོང་ངོ་། །འོད་གྱེན་ལ་འགྲེང་ནས་སྐས་ཀྱི་ཚུལ་དུ་བྱུང་ན། དབུགས་ཆད་པ་དང་སངས་མི་རྒྱ་བར་ཞག་ལྔ་ནས་སངས་རྒྱའོ། །འོད་ཁང་ཁྱིམ་གྱི་ཚུལ་དུ་བྱུང་ན། ཞག་ལྔ་ནས་བརྟན་པ་ཐོབ་ནས་སངས་མི་རྒྱ་བར། དབུགས་ཆད་པ་དང་སངས་རྒྱའོ། །སྒྲ་ལ་གཉིས་ཏེ་སྒྲ་འུར་ཟེར་ན་ཞག་ལྔ་ལ་སངས་རྒྱས་སོ། །སྒྲ་ཐུར་ཟེར་ན་ཞག་བདུན་ནས་སངས་རྒྱའོ། །གདུང་ལྔ་ལ་གདུང་དཀར་པོར་བྱུང་ན་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ། །གདུང་སེར་པོར་བྱུང་ན་རིན་ཆེན་འབྱུང་ལྡན་གྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ། །གདུང་ཁ་དོག་དམར་པོར་བྱུང་ན་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ། །གདུང་ཁ་དོག་ལྗང་གུར་བྱུང་ན་དོན་ཡོད་གྲུབ་པའི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་སངས་རྒྱའོ། །གདུང་ཁ་དོག་མཐིང་གར་བྱུང་ན་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་སངས་


DNG025_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བ་ཡིན་ནོ། །སྐུ་ལ་གཉིས་ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་པ་དང་སངས་རྒྱའོ། །ཁྲོ་བོའི་སྐུ་བྱུང་ན་ཞག་ལྔ་ནས་སངས་རྒྱའོ། །དེ་བཞིན་དུ་འོད་དང་། སྒྲ་དང་། གདུང་དང་། སྐུ་འབྱུང་ངོ་། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། མངོན་རྟགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྐུ་ཡི་གནས་ལུགས་གསུང་དུ་གསོལ། །ཅེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཞུ་བ་ལེགས་སོ། །རང་གི་སྙིང་གི་ནང་ན་དབུས་རྣམ་པར་སྣང་མཛད་སྐུ་མདོག་མཐིང་ག་ཡབ་ཡུམ་འཁོར་དང་བཅས་པ་འོད་ལྔའི་དཀྱིལ་ན་ཡོད་དོ། །རང་གི་སྙིང་གི་ཤར་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁོར་བཅས་བཞུགས་སོ། །རང་གི་སྙིང་གི་ལྷོ་ན་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་སྙིང་གི་ནང་ནུབ་ན་སྣང་བ་མཐའ་ཡས་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་སྙིང་གི་བྱང་ན་དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་ཀླད་པའི་ནང་ཐམས་ཅད་ཁྲོ་བོའི་སྐུས་ཁེངས་ནས་ཡོད་དོ། །རང་གི་རིག་པ་མ་འགགས་པར་གསལ་བ་འདི་ལ་ཆོས་ཀྱི་སྐུ་ཡིན་ནོ། །སངས་རྒྱས་རྒྱལ་བ་རིགས་ལྔ་རང་གི་སྙིང་གི་ནང་ན་བཞུགས་སོ། །ལོངས་སྐུ་ཡིན་ནོ། །རང་གི་ཀླད་པ་དུང་ཁང་དཀར་པོའི་ནང་ན་བཞུགས་པ་དེ་སྤྲུལ་པའི་སྐུ་ཡིན་ནོ། །རང་གི་ཀླད་པའི་ནང་གི་དབུས་ན་འོད་ཁ་དོག་ལྔ་ཡོད་དོ། །འོད་ལྔའི་ནང་ན་སངས་རྒྱས་ཀྱི་སྐུ་བཞུགས་སོ། །རང་གི་གཞུངས་པའི་ནང་ན་སངས་རྒྱས་ཀྱི་སྐུ་རུ་བཞུགས་སོ། །རང་གི་ལུས་རྩའི་དྲ་བར་ཡོད་དོ། །རྩའི་ནང་ན་སངས་རྒྱས་ཀྱི་གྲོང་ཁྱེར་ཡོད་དོ། །དེ་ཐམས་ཅད་སངས་རྒྱས་ཀྱི་སྐུས་ཁེངས་ནས་ཡོད་དོ། །འོད་ལྔ་སངས་རྒྱས་ཀྱི་ཞིང་ལུས་སུ་ཤེས་ན་སངས་རྒྱའོ། །ཁུག་པ་ལྔ་ཤེས་ན་དབུགས་མ་ཆད་པ་ལ་སངས་རྒྱའོ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སེམས་


DNG025_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཞལ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་ལ་རིགས་ཀྱི་བུ་ངས་འཇིག་རྟེན་ཁམས་སུ་རང་ཉི་ཤུ་རྩ་ལྔ་སྤྲུལ་པའི་སྐུར་བཞུགས་སོ། །སེམས་ཅན་གྱི་ལོ་སྟོང་བརྒྱད་ལོན་ནོ། །ཞེས་གསུངས་སོ། །ནམ་མཁའ་འོད་ཀྱིས་བཀང་ནས་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་སོ། །དེར་དགའ་རབ་རྡོ་རྗེ་བརྒྱལ་ནས། ཀྱེ་མ་ཀྱི་ཧུད་ཟེར་ནས་སྐད་ཕྱོགས་བཅུར་བོས་པས་བརྒྱལ་བ་སངས་ཙམ་ན། སངས་རྒྱས་རྡོ་རྗེ་སེམས་དཔའ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུ་བྱོན་ནས་ཕྱག་གཡས་པའི་སོར་མོ་བརྐྱངས་ནས། དྷརྨ་རཏྣ་སིཌྜྷ་པ་ཡ། ཞེས་པའི་སྒྲ་བྱུང་ནས་རིན་པོ་ཆེ་གཡུའི་ཟ་མ་ཏོག་སེན་གང་བ་གཅིག་དབུ་ཐོག་ཏུ་བབས་སོ། །དེ་ཁ་ཕྱེ་ནས་གཟིགས་པས། གསེར་གྱི་ཤོག་བུ་ལ་གཡུའི་ཡི་གེ་བྲིས་པ་གཅིག་འདུག་ནས་དེ་བལྟས་པས། སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་ཆེམས། ཚིག་གསུམ་པ་ཞེས་བྱ་བ་ཕུང་པོ་ལྷག་མ་མེད་པར་སངས་རྒྱ་བ་འདི་འདུག་གོ། །དེར་དགའ་རབ་རྡོ་རྗེས་དེ་བལྟས་པས། དགའ་རབ་རྡོ་རྗེ་ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། སྐུ་ལྔ་བཤད་པའི་ལེའུ་སྟེ་བདུན་པའོ།། །།བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པ་རྫོགས་སོ།། །།ཐ་མ་སྐད་ཅིག་མ་གསུམ་ལ་སངས་རྒྱའོ། །ཞེས་གསུངས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། རང་གི་སྙིང་གི་ནང་ན་རིགས་ལྔའི་སྐུ་མངོན་སུམ་དུ་བཞུགས་སོ། །འཆར་བ་མངོན་སུམ་དུ་འཆར་རོ། །ཀྱེ་གསང་བའི་བདག་པོ་གདམས་པ་བསྟན་པའི་ཚེ། སངས་རྒྱས་ཀྱི་སྐུ་མེ་ལོང་གི་གཟུགས་བརྙན་བཞིན་འཆར་རོ། །རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཚིག་གསུམ་པོ། །དགའ་རབ་རྡོ་རྗེའི་ཐུགས་ཀྱི་གཏེར་དུ་སྦོས། ཞེས་གསུངས་སོ། །དེ་ནས་ཡང་སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་ནས། དགའ་རབ་ལ་རིགས་ཀྱི་བུ། ངས་འཇིག་རྟེན་ཁམས་སུ་རང་ལ་ལོ་ཉི་ཤུ་རྩ་བཞི་ལོན་ནས། སྤྲུལ་པའི་སྐུར་བཞུགས་སོ། །སེམས་ཅན་གྱི་ལོ་སྟོང་


DNG025_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བརྒྱ་ལོན་ནོ། །ཞེས་ཕུང་པོ་ལྷག་མེད་དུ་མངོན་སངས་རྒྱའོ། །དེ་ནས་རིམ་པར་བརྒྱུད་ནས། ལྕེ་བཙུན་གྱིས་མཆད་པ་སྟག་ཅན་དུ་སྦས་སོ། །དེ་ནས་ལྕེ་སྒོམ་ནག་པོས་བཏོན་ཕྱི་སྐོར་དང་། ནང་སྐོར་གསང་སྐོར་གསུམ་པོ་གཞན་ལ་ཡང་བྱིན་ནོ། །གསང་བ་བླ་ན་མེད་པ་འབྲས་བུ་རིན་པོ་ཆེའི་སྐོར་ནི་ཤོར་རེ་སྐན། ས་མ་ཡ། ན་ར་ཀན་རྫོགས་སོ།། །།གསང་ངོ་། །སྦའོ།། ན་མོ་གུ་རུ། གནད་ཀྱི་གདམས་ངག་སྐོར་གསུམ། འདི་ལ་གཉིས་ཏེ། བརྒྱུད་པ་དང་མན་ངག་གོ། །བརྒྱུད་པ་ལ་གསུམ་ཏེ། ཐུན་མོང་ཕྱི་ལྟར་འཇམ་དཔལ་ཤྲཱི་སིངྷ་བི་མ་ལ་མི་ཏྲ་དེ་གསུམ་ལ་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ་གང་ཟག་སྙན་ཁུང་གིས་བརྒྱུད་པའོ། །བརྒྱུད་པ། ཟབ་མོ་རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་ཡུལ་གསུམ་བླ་མ་བརྒྱུད་པ། ཡི་དམ་ལྷ་ནས་བརྒྱུད་པ། ཌཱ་ཀི་ནས་བརྒྱུད་པ་ལ་གསུམ། ཤེས་པས་དོན་ངོ་ཤེས་པ་བརྒྱུད་པ་ལ། རིག་པ་ལས་བརྒྱུད་པའོ། །བློ་ནས་བརྒྱུད་པ་ཚིག་ཏུ་ཟིན་པ། རིག་པ་ལས་སུ་རུང་བ་ནང་ལྟར་བརྒྱུད་པ། གསང་བ་སྦས་དོན་ལྟར་བརྒྱུད་པའོ། །གཉིས་པ་མན་ངག་ལྟར་ལའང་གསུམ་སྟེ། ད་ལྟ་ཉམས་སུ་བླངས་པའི་མན་ངག་དང་། འཆི་བའི་ལམ་ཁྱེར་དང་། བར་དོའི་མན་ངག་དང་གསུམ་མོ། །དེ་ཡང་ལུང་ལས་ད་ལྟ་འཆི་ཁ་བར་དོ་གསུམ། །གདམས་ངག་གདབ་པའི་ཞིང་ས་ཡིན། །ཞེས་བཤད་པས་ད་ལྟའི་མན་ངག་ཉམས་སུ་བླངས་ལ་གསུམ་སྟེ། གནས་ལུགས་མའི་གོ་བ། འཆར་ལུགས་བུའི་གོ་བ། མ་བུ་སོར་བཞག་དང་གསུམ་མོ། །དེ་ལ་མ་ནི་ཆོས་ཉིད་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པར་གནས་ལུགས་སྟོང་སང་ངེ་བ་འདི་ཡིན་ནོ། །བུ་ནི་ད་ལྟར་གྱི་ཤེས་པའམ། རིག་པ་གསལ་ལ་མ་འགགས་པས། སལ་ལེ་ཧྲིག་གེ་བ་འདི་ཡིན་ཏེ། མ་བུ་རྐང་བློག་འབེབས་པ་ལ་བཤད་དོ། །སོར་བཞག་པ་ནི་འདས་པ་དང་། མ་འོངས་ལྔ་ལྡན་ཞེས་བྱ་སྟེ། ངོ་བོ་དྲི་མེད་ཀ་དག་གི་སྐུ་ལ་རྩལ་གྱི་འཆར་གཞི་མ་འགགས་པར་ལྷུན་གྱིས་གྲུབ་པའོ། །དེའི་འོད་འབྲི་ཀུ་ཏ་གཉིས་ལ་ཟུག་སྟེ། དེ་ཡང་རྩ་རིན་པོ་ཆེ་གསེར་གྱི་སྦུ་གུ་ཙམ་གཅིག་གི་རྩེ་མོ་སུམ་ཕྲག་


DNG025_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྱེས་ཏེ། གཉིས་ཀྱི་འབྲི་ཀུ་ཏ་ཞེས་བྱའོ། །མིག་གཉིས་ལ་ཟུག །གཅིག་ཚངས་པའི་བུ་གར་ཤར་རོ། །དེ་ནས་ཡེ་ཤེས་རྒྱུ་བའི་ལམ་ཞེས་བྱ་སྟེ། དེའི་ནང་ན་ཡང་རིག་པ་ཚུད་པས་མྱ་ངན་ལས་འདས་པའི་ལམ་དུ་ཚུད་པ་ཡིན་ནོ། །དེ་ནི་གནས་ལུགས་དོན་གྱི་སངས་རྒྱས་ཞེས་བྱའོ། །རང་ལ་གནས་པའི་ཆོས་ཉིད་མངོན་སུམ་དུ་གཏན་ལ་ཕེབས་པ་ཡིན་ནོ། །སངས་རྒྱས་ཀྱི་དགོངས་པ་རང་ཆས་སུ་གནས་པ་དེ། ཐབས་བླ་མའི་གདམས་ངག་ལ་བརྟེན་ནས། གནས་ལུགས་དོན་གྱི་ཡེ་ཤེས། ངོས་ཙར་གྱིས་ཟིན་པ་དེ་ཀ་ཡིན་ནོ། །དེ་ངོ་ཤེས་པས་སངས་རྒྱའོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་རང་གིས་ངོ་ཤེས་པས་སངས་རྒྱས་དཀའ་ཐུབ་དང་བྲལ་ལོ། །འདོད་པའི་དོན་རིན་པོ་ཆེ་གྲུབ་པ་ཡིན་ནོ། །དེ་ལྟར་ཡིན་པ་ལ་ཡིན་པར་ངོ་མ་ཤེས་མ་རྟོགས་པའི་སེམས་ཅན་རྣམས་ནི། འགྱུ་བྱེད་དབུགས་ཀྱི་རྟ་ཕོ་ལ། དངོས་པོ་དང་རྫས་སུ་མ་གྲུབ་པའོ། །བྱ་བྱེད་སྤྲེའུའི་རིག་པ་ཞོན་ནས། གཟུང་འཛིན་དང་ཆགས་སྡང་གི་དབང་གིས་འཁོར་བར་ལྷུང་བའོ། །འཆི་ཁ་མའི་མན་ངག་ལམ་དུ་ཁྱེར་བ་ལ་གསུམ་སྟེ། འཆི་ལྟས་བསྟན་པ་དང་། བསླུ་བ་བསྟན་པ་དང་། མ་སླུས་ན་འཕོ་བ་བསྟན་པ་དང་གསུམ་མོ། །ལྟས་ལ་གཉིས་ཏེ། རྟགས་དང་ལྟས་སོ། །དེ་ལ་གསུམ་གསུམ་སྟེ་དྲུག་གོ། །དེ་ལ་རྟགས་གསུམ་ནི་ལུས་རྟག་པ་རྡོ་རྗེ་སེམས་དཔའི་མོ་ངན་ན་འཆི་བས་དགྲ་ཡིན་རྐྱེན་གྱི་ཀུན་བླངས་ཉོན་མོངས་སྐྱེས་ན། དགྲ་ཡིན་ཆགས་སེམས་དྲག་པོ་སྐྱེས་ན་དགྲ་ཡིན་ཏེ། ལག་པའི་སོར་མོ་རྣམས་རྩེ་སྤྲད་དེ། བསྒྲེངས་ལ་གུང་མོ་གཉིས་ནང་དུ་བསྐུམ་པ། ཁ་བྲལ་མ་བཅུག་པར་སྲིན་ལག་ཚིགས་གཉིས་ཆད་ན་བླ་ཚེ་འབྲོས་པས་ གཉིས་ཁ་ཕྱེད་དམ་བལྟ། ཕྱེད་ན་འཆི་མ་གྲལ་བར་འདུག་ན་མི་འཆིའོ་བླ་ཚེ་འབྲོས་པ་ཡིན་ནོ། །འཆི་ཁའི་དགྲ་གསུམ་ནི་འཆི་ཁར་གདམས་ངག་མེད་པས་དམྱལ་བར་སོང་ན་ངག་གི་ད་ལྟར་ལ་མི་བསམ་རིག་པ་སོ་མང་བཞག །ཅེས་པས། དུས་གསུམ་


DNG025_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ས་མི་སྙེགས་པར། གནས་ལུགས་ཀྱི་སྟེང་དུ་ཤེས་པ་རང་ལུགས་ཕྱམ་གྱིས་བཞག་སྟེ། དེའི་རིག་པ་མིག་ལ་གཏད། མིག་བར་སྣང་སྟོང་པ་ལ་གཏད་ནས་བཞག་པས། མ་བུ་སོར་བཞག་སྟེང་མི་དགོངས་པ་གནས་ལུགས་ངོ་བོ་མ་སྟོངས་པར་རིག་པའི་རང་བཞིན་གསལ་ལ་མ་འགགས་པར། མཚན་ཉིད་དེ་ཡང་ལུས་ལས་ཆོས་ཉིད་སྟོང་པ་ལ་རང་རིག་ཡེ་ཤེས་སུ། མ་བུ་སོར་བཞག་མཉམ་ཉིད་དགོངས་པའོ། །ཞེས་སོ། །སྟོང་གསལ་དབྱེར་མེད་ཀྱི་དགོངས་པ་ཤེས་པ་གསལ་བྱ་དང་བཅས་པ། ཉམས་གཟུང་འཛིན་དང་བྲལ་བ། རིག་པ་གསལ་ལ་འཛིན་མེད་དུ་འཆར་རོ། །དེའི་གདངས་ཙིཏྟ་རིན་པོ་ཆེའི་ནང་ན། འོད་ཁ་དོག་ལྔའི་རང་བཞིན་དུ། ཚོམ་བུ་ལྔའི་དཀྱིལ་འཁོར་དང་བཅས་པ་བཞུགས་སོ། །ཡང་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ། གུར་ཕུབ་པའི་ནང་ན་རྩ་བཞི་གསུངས་སོ། །དེ་ལ་ཀུན་གཞིའི་རྒྱུ་རྣམ་ཤེས་ཆོས་ཉིད་དང་རང་བྱུང་གི་རྩ་མཐིང་ག །ཉོན་མོངས་ཅན་གྱི་ཡིད་རྒྱུ་ ཡེ་ཤེས་ཀྱི་སེར་པོ། ཡིད་ཀྱི་རྣམ་ཤེས་རྒྱུ་རང་རྒྱུད་ཀྱི་རྩ་དམར་པོ། སྒོ་ལྔའི་རྣམ་ཤེས་རྒྱུ་ ཡོན་ཏན་གྱི་རྩ་ལྗང་གུའོ། །དེ་བ་ཐག་ཁུག་པའི་ཚུལ་དུ་ཡོད། དེ་བཞིའི་རྩེ་མོ་གཅིག་ཏུ་འདུས་པ་ལས། རྩའི་དྭངས་མ་དར་དཀར་ལུས་ཤ་རུས་བསྐྱེད་གྱི་སྐུད་པ་ཙམ་གཅིག །དེ་ལ་ཁྲག་གི་དྭངས་མ་མཚལ་ཅོག་ལ་མ་ལྟ་བུར་གནས་སྟེ། དེ་ལ་དྲོད་ཀྱི་དྭངས་མ་མེ་ལོང་ངོས་ལ་ཉི་མ་ཤར་བ་ཙམ་གཅིག་གནས་སོ། །དེ་རླུང་རྩལ་དང་སྟོབས་བསྐྱེད་གི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་གཅིག་གནས་སོ། །དེ་བཞིའི་དཀྱིལ་ན་འོད་ཀྱི་དྭངས་མ་ཚོན་གྱི་གྲུ་གུ་བསྒྲིལ་བ་ལྟ་བུ་གནས་སོ། །དེའི་དཀྱིལ་ན་རིག་པ་ཤེས་བྱེད་ཀྱི་གཞི་དྲན་པའི་རྟེན། སྲོག་མི་ཤིགས་པའི་ཐིག་ལེ། ཨ་བ་དྷཱུ་ཏཱི་ཞེས་བྱ་བ། དྲན་རིག་གི་ངོ་བོ། དངོས་པོ་དང་རྫས་སུ་མ་གྲུབ་པ། རིག་པ་དང་སྣང་བ་མེད་པ། ངོ་བོ་དང་དོན་དུ་ནི་ཡོད་དེ། ཡེ་ཤེས་ཀྱི་དབང་པོ་ལྔ་དང་བཅས་པ། གདངས་འོད་ཁ་


DNG025_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ལྔ་ཤར་བའི་ཀློང་ནས་རྒྱལ་བ་རིགས་ལྔའི་སྐུ་ཚོམ་བུ་དཀྱིལ་འཁོར་དང་བཅས་ནས་བཞུགས་པ། དེ་མི་སྟོང་པ་ཡེ་ཤེས་གསང་ལམ་ནས་འཕོ་བ་ནི་ཕྱི་འབྲིང་གི་འོད་གསལ་ལ་འཕོ་ཏིང་ངེ་འཛིན་ནི ། སྙིང་གི་རྩེ་མོ་གྱེན་ལ་ལྷག་བཟློག་ལ། རྩ་རིན་པོ་ཆེ་གསེར་གྱི་སྦུ་གུ་ཙམ་གཅིག་སྙིང་ནང་ནས་ཚངས་པའི་བུ་གར་འཇུག་གོ། །དེའི་ནང་ནས་ཡང་འོད་ཁ་དོག་ལྔ་ལྡན་ཕྲ་མོ་རྟ་སྙིང་གི་རྩེ་མོ་ནས་ཡར་ལ་རྩ་རིན་པོ་ཆེ་གསེར་གྱི་རྣམ་དག་ཅེས་བྱ་བ། གསེར་གྱི་སྦུ་གུ་ཅན་རྩ་གསུམ་དྲག་ཏུ་གྱེས་ཏེ། མིག་གཉིས་ལ་གཅིག་རྩ་བུ་རུ་ཟུག་ཡོད་པས་དེའི་ནང་ནས་ཡང་རིག་པ་ཚུད་པས་མྱ་ངན་ལས་འདས་པའི་ལམ་དུ་ཚུད་པ་ཡིན་ནོ། །རྔ་ཙམ་གཅིག་བསམ་ལ། དེ་ལ་ཨ་དཀར་པོ་ཉི་ཤུ་རྩ་གཅིག་སྟར་ལ་བརྒྱུས་པ་ལྟར་དཀར་ཁྲིག་གེ་བསྒོམ་ལ། ཨ་ཨ་ཞེས་དབུགས་ཀྱིས་ཐུབ་ཚད་བཟླས་པས། ཨ་གཅིག་ལ་གཅིག་ཐིམ་ནས་ཚངས་པའི་བུ་ག་ནས། རིག་པ་ཨའི་ཕྱིར་རྒྱང་རྩེར་འཐོན་པས་སྣང་བ་ཐམས་ཅད་རང་གི་རིག་པའི་རང་མདངས། འོད་གསལ་གྱི་ཀློང་དུ་གྱུར་པ་ལ། རིག་པ་གཏད་ལ་དབུགས་ཐུབ་ཚད་བསྡམ་མོ། །དེའི་ངང་ལ་ཕྲག་དོག་གིས་འགྲོའོ། །གསེབ་ལམ་ནས་འཕོ་བ་ནི། རིག་པ་མིག་ལ་གཏད། མིག་བར་སྣང་ལ་གཏད། ཡིད་འོད་གསལ་ལ་གཏད་ལ་འཕོའོ། །གསང་བློ་མཐའ་མ་མཚན་བཅས་སུ་འཕོ་ལམ་ལ་འཕོ་བ་ནི། སྣ་སྒོ་ནས་རིག་པ་དབུགས་དང་འགྲོགས་ནས་ཧཱུཾ་དུ་འཐོན་ཧཱུཾ་དཀར་པོ་བདུན་གྱི་ནམ་མཁའ་ལ་བླ་མ་དང་ཡི་དམ་གསལ་བའི་ཐུགས་ཀར་ཡང་དང་ཡང་དུ་བསྡིམ་མོ། །འཕོ་བའི་དུས་དེ་རྣམས་སུ་སྐྱེལ་མ་གསུམ་སྔར་ཉམས་སུ་བླངས་པའི་སྐྱེལ་མ་ཉམས་གདེང་དུ་ཆུད་པས་འཆི་ཁར་གསལ་ཐེབས་པའི་སྐྱེལ་མའོ། །སུན་མ་གསུམ་ནི་སྐུའི་བསུན་མ་སྣང་སྲིད་ཐམས་ཅད་འོད་ཁ་དོག་ལྔ་རུ་འཆར་རོ། །གསུང་གི་བསུན་མ་སྒྲ་རུ་འཆར་རོ། །ཐུགས་ཀྱི་བསུན་མ་ཟེར་དུ་འཆར་རོ། །དེ་རྣམས་སྐུ་གསུང་ཐུགས་སུ་ངོ་ཤེས་པར་བྱའོ། །རིག་པ་དང་འོད་གཉིས་སུ་མེད་པར་


DNG025_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པ། །དཔེར་ན་ཆུ་དང་འོ་མ་འདྲེས་ཙ་ན་ཆུ་ཡང་འོ་མའི་རང་བཞིན་འགྱུར་བས། དེ་ལྟར་རིག་པ་འོད་གསལ་དུ་ཐིམ་མོ། །དང་ལྡན་པར་བྱས་ཏེ། སུན་མ་གསུམ་ནི་སྟེང་དུ་འཕོའོ། །དེ་ནི་རང་གི་རིག་པའི་འོད་གསལ་གཉིས་སུ་མེད་པར་ཐིམ་ནས། སྐྱེ་མེད་ཆོས་ཀྱི་སྐུར་སངས་རྒྱའོ། །གསུམ་པ་བར་དོའི་མན་ངག་ངོས་གཟུང་བ་ལ་གསུམ་སྟེ། ཆོས་ཉིད་བར་དོ་དང་། སྲིད་པ་ལོངས་སྐུ་དབང་པོ་འབྲིང་བར་དོ་དང་། རྨི་ལམ་སྤྲུལ་སྐུ་དབང་པོ་ཐ་མ། ངོ་བོ་ནི་དགེ་སྡིག་འཁོར་འདས་ཀྱིས་ཕྱོགས་ཀྱང་ད་རུང་མ་སྨིན་པ་སྟེ། གཞི་ངོ་བོ་ཉིད་ཀྱི་གནས་ལུགས་མི་འགྱུར་བའོ། །བར་དོ་དང་གསུམ་མོ། །ཆོས་ཉིད་བར་དོ་ལ་གཉིས་ཏེ། སྣང་བ་དེ་ལ་འདྲིས་ཤིང་གོམས་པ་དང་། དེ་ལ་འདུག་གོ། །སྣང་བ་གསུམ་དང་འོད་རིག་པའི་རང་གདངས་ཟེར་དང་ ཤེས་པའི་དུང་འཕྲོ་སྒྲ་དང་གསུམ་མོ། །དང་པོའི་མཚམས་སྦྱོར་གསུམ་ན། འོད་ཀྱི་སྔོན་ལ་མ་འགྲོ་ཞེས་བྱ་སྟེ་འོད་དྭངས་སོ། །རང་ཁ་མ་ཡིན་ལྟ་ཞིང་དགའ་བྲོད་མི་བྱའོ། །འོད་ཀྱི་གདེངས་ལ་མི་གཏད། ཞེས་བྱ་སྟེ་འོད་རང་འོད་དུ་ཤེས་པར་བྱས་ལ་འཇིགས་པར་མི་བྱའོ། །འོད་ཀྱི་ལོགས་ལ་མི་འགྲིམ་ཞེས་བྱ་སྟེ། འོད་བཏང་སྙོམས་སུ་མ་བཞགས་པར་དྲན་པར་ཟིན་པར་བྱའོ། །འོད་ནི། དབུགས་ཆད་པའི་དུས་སུ། སྣང་སྲིད་ཐམས་ཅད་ཁ་དོག་ལྔ་རུ་ཞག་ལྔ་འཆར་ཏེ། བསམ་གཏན་གྱི་ཞག་གསུམ་གནས་སོ། །འོད་ཀྱི་ཟེར་ནི་གདམས་ངག་མ་བསྟན་པ་ལ་ཟེར། མཚོན་ཆར་སྣང་བཏབ་པ་ཆོས་མཛད་ལ ། རྡོ་རྗེ་བུ་ག་ཁོང་སེང་དུ་འོང་ངོ་། །སྐད་རིང་པོ་གཅིག །སྐད་འབྲིང་པོ་གཅིག །སྐད་ཐུང་ངུ་གཅིག །གསུམ་གྱི་བར་ལ་ཞག་གསུམ་ཟེར་རོ། །སྒྲ་ནི་ཕལ་པ་ལ་འཇིགས་པའི་སྒྲར་ཐོས། རྣལ་འབྱོར་པ་ཆོས་ཉིད་ཀྱི་སྒྲར་ཐོས། དེ་ལྟར་སྦྱར་ན་འོད་ཀྱི་ཕྱིའི་འོད་ལྔ་པོ་དེ་ཉིད་དབང་པོ་ལྔའི་རྩ་ལ་ཟུག་ཅིང་ཤར་ཏེ་འོད་མཐིང་ག་མིག་ལ་ཟུག་གོ། །འོད་དཀར་པོ་རྣ་བའི་རྩ་ལ་ཟུག་གོ། །འོད་སེར་པོ་སྣའི་རྩ་ལ་ཟུག་གོ། །འོད་དམར་པོ་ལྕེའི་རྩ་ལ་ཟུག་གོ། །འོད་ལྗང་གུ་ལུས་ལ་ཟུག་ཅིང་ཤར་རོ། །དེ་ལྟར་ཤར་བས་མིག་གིས་གཟུགས་མཐོང་བས་


DNG025_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གསལ་ལོ། །རྣ་བས་སྒྲ་ཐོས་པས་ཐམས་ཅད་དྲན་སྟོང་། སྣས་དྲི་ཚོར་ན་ཐམས་ཅད་ཚོར་སྟོང་། ལྕེས་རོ་མྱོང་བ་ཐམས་ཅད་རོ་སྟོང་ལུས་ཀྱིས་རེག་བྱ་ཐམས་ཅད་རེག་སྟོང་འོད་ལྔའི་རྩ་ལ་དབང་པོ་ལྔ་ལ་ཤར། དབང་པོ་ལྔའི་རྩལ་འབྱུང་བ་ལྟར་སྣང་བས་ཡིན་པས་དོན་ལ་ཕྱི་འབྱུང་བ་ལྔ་པོ་འདི་ཐམས་ཅད་ཆོས་ཉིད་འོད་གསལ་དུ་གོ་དགོས་སོ། །ཡུལ་དུ་འབྱུང་བ་ལྟར་སྣང་ལ། ཟེར་ནི་ཚོགས་དྲུག་འགག་མེད་དོ། །ཉོན་ཅིག་མ་ཡེངས་ཉོན་ཅིག །རིགས་ཀྱི་བུ་གང་ཞིག་ཕུང་པོ་ལྷག་མ་མེད་པར་སངས་རྒྱ་བར་འདོད་པས་ཡིད་འདི་ལྟར་ཤེས་པར་བྱའོ། །རང་གི་སྙིང་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་སངས་རྒྱས་རྒྱལ་བ་རིགས་ལྔའི་སྐུ་ཚོམ་བུའི་དཀྱིལ་འཁོར་བཅས་པ་སྐུ་ཉུང་འབྲུ་ལ་སྤྱན་ཕུལ་ཐག་ཙམ་སྣ་ཚོགས་གཅེར་བུར་བཞུགས་སོ། །སྐུ་དེ་ཡང་ངོ་བོ་གསལ་བ་ཟང་ཐལ་བ་འཛིན་རྟོག་དང་བྲལ་བའི་ཡེ་ཤེས་སུ་བཞུགས་སོ། །དེ་ལྟར་རང་གི་སྙིང་གི་ནང་ན་སངས་རྒྱས་ཀྱི་སྐུ་ཡུངས་འབྲུ་ཙམ་བཞུགས་ཤིང་འཁྲུལ་སྣང་འགགས་པའི་དུས་སུ་སྐུ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པ། འབྲིང་པོ་རི་རབ་ཙམ་གྱིས་ཁེངས་ནས་རང་འཆར་རོ། །དེ་ལ་མ་འཇིགས་ཤིག །དེ་ངོ་ཤེས་པས་ཆོག་གོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཟུང་ཞིག །རང་འཆི་ཁར་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། སངས་རྒྱས་ཀྱི་སྐུ་མངོན་སུམ་དུ་འཆར་རོ། །དེ་ངོ་ཤེས་པས་ཆོག་གོ། །རང་གི་རིག་པ་འོད་ལྔ་དང་འདུ་འབྲལ་མེད་པར་འགྲོགས་པ་ཡིན་ནོ། །མ་ནུ། སརྦ། བུཌྜྷ། ཛྙཱ་ན། ཀཱ་ཡ། པཉྩ། རིགས་ཀྱི་བུ་རང་ལ་སངས་རྒྱས་ཀྱི་སྐུ་རང་ལ་ཡོད་པས་གཞན་དུ་མ་འཚོལ་ཅིག །སངས་རྒྱས་འོད་ལྔའི་ལུས་སུ་བཞུགས་ནས་གསལ་འགྲིབ་དང་བྲལ་ལོ། །སངས་རྒྱས་ཀྱི་སྐུ་ལ་འགྱུར་བ་མེད་པས་སྐྱེ་འཆི་དང་བྲལ་ལོ། །སངས་རྒྱས་ཐམས་ཅད་རང་ངོ་ཤེས་པས་སངས་རྒྱས་པའི་དཀའ་ཐུབ་དང་བྲལ་ལོ། །སངས་རྒྱས་འོད་ཀྱི་སྐུ་གསལ་ལ་རྟོག་པ་མེད་པས། རང་ལ་


DNG025_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་པ་བདེ་བ་རྒྱུན་ཆད་མེད་པར་རང་གི་སྙིང་གི་ནང་ན་བཞུགས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། སངས་རྒྱས་སྐུ་གསུམ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ྈྐྼཱྀ་སྤང་ཐོབ་མེད་པ་རྩ་དར་དཀར་གྱི་སྐུད་པ་ཙམ་འདིའི་ནང་གང་ན་ཡང་ཡེ་ཤེས་འགྱུའོ། །ཤྱ་ཡངས་པ་ཆེན་པོ་ཆོས་ཀྱི་གནས་ལུགས་ཡིན་བྲ་མཐའ་རྣམ་པར་གྲོལ་བ་བ་ལས་ཀྱི་མཐའ་མ་བསྒྲིབས་པས་ཨཱ་བདེ་བ་ཆེན་པོ་ཨ་འུབ་ཆུབ་པ་ཧྭ་ཡེ་ཤེས་ཉི་མ་རང་ལ་སྣང་བའོ། །ནྱ་ས་ལེ་བ་རྨ་སྟོང་ངེ་བ་དྱ་མེ་རེ་བ་སྱ་སངས་རྒྱས་མཐོང་བའོ། །མདྱ་གོང་ན་གཞན་མེད་པའོ། །དྲ་ཎཱ་བསྒོམ་པ་ཀྱཾ་ལྟ་བ་མི་གཡོ་བར་བྲིས་ཧྲི་ཏྭཾ་འོད་ལྔ་གསལ་ལམ་མི་གཡོ་བར། ཆུ་བོ་རྒྱུན་གྱི་ཏིང་འཛིན་དྭ་སྤྱོད་པ་མི་གཡོ་བ་དྣ་དག་པ་ཆོས་སྐུའི་གནས་ལུགས་འགྱུར་བ་མེད་ཅིང་གསལ་སྒྲིབ་མེད་ཤ་འབྲས་བུ་མི་འགྱུར་བ་སྔར་ཐོབ་མེད། མ་མཱ་དྲག་པོ་མེད་པས་འགྱུར་བ་མེད་ཅིང་སྒྲིབ་མེད་ཨཱ་གསུང་གི་གནས་ལུགས་སྨྲ་བསམ་བརྗོད་བྲལ་ཡིན་སཊ་སྐུ་གནས་ལུགས་འོད་ལྔའི་དུས་སུ་ཡོད། འོད་ལྔ་ལ་གསལ་འགྲིབ་མེད་དོ། །གསལ་ལ་མ་འགགས་པས་འོད་ལྔར་གསལ་ལོ། །ཉས་ཐུགས་ཀྱི་གནས་ལུགས་རྣམ་རྟོག་བྲལ་བ་ཡིན་ནྷྲཱ ་ངོ་བོ་སྟོང་པར་བཞུགས་ཧྐུ ་ཡུལ་གྱི་ཡེ་ཤེས་ཀློང་བརྟོལ་ཏེ། དཔལ་བེའུའི་ཡེ་ཤེས་ལྔ་ཡིན་ཧྲྼྀཾ ་ལྷག་མཐོང་གི་ཡེ་ཤེས་ཀྱིས་མ་རིག་པ་གདར་ཤ་གཅོད། རིག་པ་ཆོས་ཀྱི་སྐུ་ཡིན་ཨཱོཾ་བདག་ཏུ་རྟོག་པའི་བློ་དང་བྲལ་བའི་ཡེ་ཤེས་ཆེན་པོའི་རང་ལ་བཞག་གོ། །ཨ་རྣམ་རྟོག་དང་བྲལ་བ་ཡིན། རང་སངས་ངེས་པ་ཡིན་ཨྸ་རང་སྣང་གི་དགོངས་པ་ལ་གནས་པ་ཡིན་མྨ་བསྒོམ་པའི་དཔེ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་ཨྐ་དང་པོའི་ཉི་མ་ཡིན་ནོ། །ཐྠ་ཡོན་


DNG025_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱི་དཔེ་ནོར་བུ་ཆུ་དྭངས་ལྟར་ཡིན་ ཧྲྼི ་དཔལ་རྟོག་མེད་ཡོན་ཏན་འགྱུར་བ་ཧཱུཾ་སྙིང་རྗེས་བཏང་སྙོམས་ཟིན་པས་འདྲེལ་བ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་རང་གི་རྒྱུད་ལ་ཤར་བ་ཡིན་པས་འཁོར་བ་ལ་རང་བཞིན་ཡོད་མ་མྱོང་ཀྐ་ཡེ་ཤེས་རོལ་པ་འགགས་པ་མེད་པས་ཤག་གིས་འཆར་རོ། །ཏྲ་ཏྲ་མ་བཅོས་པའི་སྤྱོད་པ་ལྷུག་པར་བཞག་བུན་ནི་ལོང་པ་ཡིན་ཨིད་ཆོས་ཉིད་སྟོང་པ་ཉིད་ངོ་བོར་མ་གྲུབ་པའོ། །ཧྞཾ་ཡེ་ཤེས་ལ་རྟོག་པ་མེད་དོ། །བུ། ས་མ་ཏི། རོ་མ་ཧ་རང་ཆས་སུ་ཡོད་ཀ་ལ་འོད་ལྔ་ཞུགས་བྷྱིད་ཏྱ་རིག་པ་ཡེ་ཤེས་འོད་འཕྲོ་བ་བཞུགས་ཛྙཱ་ན་ཡེ་ཤེས་རྟོག་མེད་ཙིཏྟ་སྙིང་གི་ནང་ནས་སངས་རྒྱས་བཞུགས་བུཌྜྷ། བཛྲ་མ་ཧཱ་རྡོ་རྗེའི་སྐུ་ཡིན་ནོ། །ཙཀྵུ་ཡེ་ཤེས་སྤྱན་ལ་གསལ་འགྲིབ་མེད་པ་ཡིན་བྷྱིད་ཏྱ་མ་རིག་པ་རང་ངོ་ལ་འཁྲུལ་པ་མེད་པ་ཡིན་ཨ་མལ་སྐྱེ་བ་མེད་པ་མཉམ་པ་ཉིད་མ་ཧ། པཉྩ་སངས་རྒྱས་སྐྱེ་འཆི་མེད་པ་ཆེན་པོ་ཡིན་ཀཱ་ཡ་དྷརྨ་ལ་མཉམ་པ་ཉིད་ཡིན་ཨ་སྐྱེ་བ་མེད་དོ། །གསུངས་ནས་ཅང་མེད་དོ། །ཧྷུ ་གསལ་ལ་འཚེར་བ་མེད་པ་ཡིན། རང་ངོ་ཤེས་ན་འཁོར་བའི་སྡུག་བསྔལ་དང་བྲལ་བའི་སྣང་བ་འདི་རྨི་ལམ་དང་ཁྱད་མེད་དེ་ཡོད་མ་མྱོང་འཁྲུལ་སྣང་རྨི་ལམ་དང་འདྲ་བས་བདེན་པར་མ་འཛིན། དགའ་རབ་རྡོ་རྗེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་སངས་རྒྱས་ཐུགས་རྗེ་ཅན། སེམས་ཅན་གྱི་སྡུག་བསྔལ་བསལ་དུ་གསོལ། ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་


DNG025_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། གསང་བའི་བདག་པོ་སངས་རྒྱས་རང་ལ་ཡོད་དོ། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། སངས་རྒྱས་ཀྱི་གདམས་ངག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།བྷྱི་ད་ཏྱ་ཨཱ་ཏ་ཐཱ་ག་ཏ། ཀུ་ལ་པཉྩ་པ་ནི་བུཌྜྷ་ཀུ་ལ་ཙིཏྟ་པ་ནི་བུཌྜྷ་ཀཱ་ཡ་ཧ་མ་ས་ཨ་སི། གསུངས་ནས་དགོངས་པ་ལ་གཤེགས་སོ། །ནམ་མཁའི་དཀྱིལ་ནི་ཆོས་ཀྱི་དབྱིངས་ཡིན་ནོ། །ནམ་མཁའི་དཀྱིལ་ན་ཉི་ཟླའི་ཉི་ཟླ་ནི་ཡེ་ཤེས་ལྔ་ཡིན་ནོ། །ཁང་པ་རིན་ཁང་པ་ནི་རང་གི་ལུས་ཡིན་འོད་ལྔའི་ཁ་དོག་ལྔ་ཡིན་ནོ། །པོ་ཆེ་འོད། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་སངས་རྒྱས་རྡོ་རྗེ་འཆང་། སངས་རྒྱས་ཀྱི་བཞུགས་ཚུལ་གསུམ་གསུང་དུ་གསོལ། ཅེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་མ་ཡེངས་པར་ཉོན་ཅིག །རང་གི་སྙིང་གི་ནང་ན་སངས་རྒྱས་འོད་ལྔའི་ཕུང་པོར་བཞུགས་སོ། །རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་ཀྱི་སྐུ་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་གང་བཞུགས་སོ། །རང་གི་སྙིང་གི་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ནས། སངས་རྒྱས་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་། རྨ་བྱ་དང་། ཤང་ཤང་གི་གདན་དང་། སྐུ་ཁ་དོག་ལྔ་དང་ལྡན་པ། ཕྱག་མཚན་རྡོ་རྗེ་རྩེ་ལྔ་བསྣམས་པ། ནོར་བུ་རིན་པོ་ཆེ་དང་། པདྨ་འདབ་མ་བརྒྱད་པ་དང་། རྡོ་རྗེ་རྒྱ་གྲམ་དང་།འཁོར་ལོ་རྩིབས་བརྒྱད་པ་རྣམས་བསྣམས་ནས། རིན་པོ་ཆེ་འོད་འབར་བའི་སྐུ་དང་། རང་གི་སྙིང་གི་ནང་ན་ད་ལྟ་བཞུགས་སོ། །རང་གི་ཀླད་པའི་ནང་ན།སངས་རྒྱས་ཁྲོ་བོའི་སྐུ་བཛྲ་ཧེ་རུ་ཀ་དང་། བུཌྜྷ་ཧེ་རུ་ཀ་དང་། རཏྣ་ཧེ་རུ་ཀ་དང་། པདྨ་ཧེ་རུ་ཀ་དང་། ཀརྨ་ཧེ་རུ་ཀ་དང་། ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་མངོན་


DNG025_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་བཞུགས་སོ། །ཀྱེ་གསང་བའི་བདག་པོ་རང་གི་ཀླད་པའི་ནང་ན་ཁྲག་འཐུང་གི་ལྷ་ཚོགས་སྣ་ཚོགས་གཅེར་གྲོལ་དུ་བཞུགས་སོ། །རང་གི་ལུས་འདི་ལ་སངས་རྒྱས་ཀྱི་གྲོང་ཁྱེར་ཉི་ཁྲི་དང་ཆིག་སྟོང་ཡོད་དོ། །གྲོང་ཁྱེར་དེ་དག་ཐམས་ཅད་ན་སངས་རྒྱས་ཀྱི་སྐུ་ཐམས་ཅད་ན་སངས་རྒྱས་ཀྱི་སྐུ་ཐམས་ཅད་ཀྱིས་ཁྱབ་ནས་ཡོད་དོ། །རང་གི་རྩའི་ནང་ཐམས་ཅད་བདེ་བར་གཤེགས་པའི་སྐུས་ཁེངས་ནས་ཡོད་དོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །གངས་སམ་གཡའ་ལས་བྱུང་བའི་མན་ཤེལ་དྲི་མ་མེད་པ་ཉི་མ་ལས་ཕྱར་བས། འོད་ཁ་དོག་ལྔ་ལྷུག་པར་འཆར་རོ། །དེ་ཡང་འདི་ལྟ་སྟེ། ཁ་དོག་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ། །དེ་བཞིན་དུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །རང་འཆི་བའི་དུས་སུ་འོད་ལྔ་གསལ་ལ་འཚེར་བ། རང་བཞིན་གྱིས་བཀྲག་ལ་ཉམ་ང་བ། སོས་ཀའི་བྱང་ཐང་ཆེན་པོ་ལ། སྨིག་རྒྱུ་རྒྱུ་བ་བཞིན་མེར་མེར་འོང་ངོ་། །དེ་ལ་མ་འཇིགས་ཤིག །འོད་ཟེར་མཚོན་ཆའི་ཆར་པ་བབས་པ་འདྲ་བ་འོང་ངོ་། །དེ་ལ་མ་སྐྲག་ཅིག །འོད་ཀྱི་ནང་ཐམས་ཅད་ནས་ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟར་དྲག་ལ་ཆེ་བ་འོང་། དེ་ལ་མ་དངངས་ཤིག །དེ་གསུམ་ལ་མི་འཇིགས་མི་དངངས་མི་དྲེད་པ་དེ་ནི་སངས་རྒྱས་ཡིན་ནོ། །དེ་གསུམ་ལ་དྲེད་འཇིགས་སྐྲག་པ་དེ་ནི་རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་ཞེས་བྱ་བ། ཉིན་མོ་ཉི་མའི་སྣང་བ་མེད། ནུབ་མོ་ཟླ་བའི་སྣང་བ་མེད། ནང་ནུབ་མེའི་སྣང་བ་མེད་པ། རླུང་དང་ཆར་དང་མུན་པ་ནག་པོའི་གསེབ་ན། ཤིན་ཏུ་སྡུག་བསྔལ་ལ། འཁོར་བ་སྲིན་གྱི་ཁ་ཆུ་དང་འདྲ་བས་འཁོར་ཞིང་འཁྱམས་སོ། །དེས་ན་གདམས་པ་འདི་གནད་ཆེའོ། །འདི་མ་ཤེས་ན་ཕན་མེད་དོ། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་བུ་གཅིག་པུའི་རྒྱུད་ལས།


DNG025_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བཞུགས་ཚུལ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། སངས་རྒྱས་ཀྱི་མངོན་རྟགས་གསུམ་གསུང་དུ་གསོལ། ཅེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག །སངས་རྒྱས་ལ་གཉིས་མངོན་པར་རྫོགས་པར་སངས་རྒྱ་བ་དང་། ཡང་དག་པར་རྫོགས་པར་སངས་རྒྱ་བའོ། །མངོན་པར་རྫོགས་པར་སངས་རྒྱ་བ་དེ་ལ། འོད་དང་སྒྲ་དང་། གདུང་དང་། སྐུ་འོང་ངོ་། །འོད་གྱེན་ལ་འགྲེངས་ནས། སྤྲས་པའི་སྐས་ཀྱི་ཡིན་ནམ་ཚུལ་དུ་འོང་ངོ་། །དབུགས་ཆད་པ་དང་། སངས་མི་རྒྱ་བར་ཞག་ལྔ་ནས་སངས་རྒྱའོ། །འོད་ཁང་ཁྱིམ་གྱི་ཚུལ་དུ་བྱུང་ན། ཞག་ལྔ་ནས་བརྟན་པ་ཐོབ་ནས་སངས་མི་རྒྱ་བར། དབུགས་ཆད་པ་དང་སངས་རྒྱའོ། །སྒྲ་ལ་གཉིས་ཏེ་སྒྲ་འུར་ཟེར་ན་ཞག་ལྔ་ནས་སངས་རྒྱས་སོ། །སྒྲ་ཐུགས་ཟེར་ན་ཞག་བདུན་ནས་སངས་རྒྱའོ། །གདུང་ལྔ་དཀར་པོ་བྱུང་ན། རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་སྐྱེའོ། །སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ། །སེར་པོ་བྱུང་ན། རིན་ཆེན་འབྱུང་ལྡན་གྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་སངས་རྒྱའོ། །གདུང་ཁ་དོག་དམར་པོ་བྱུང་ན། སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱའོ། །གདུང་ཁ་དོག་ལྗང་ཁུ་བྱུང་ན། དོན་ཡོད་གྲུབ་པའི་ཞིང་ཁམས་སུ་སྐྱེའོ། །ཁ་དོག་མཐིང་ག་བྱུང་ན། རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་སངས་རྒྱ་བ་ཡིན་ནོ། །སྐུ་ལ་གཉིས་ཏེ་ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་པ་དང་སངས་རྒྱའོ། །ཁྲོ་བོའི་སྐུ་བྱུང་ན་ཞག་ལྔ་ནས་སངས་རྒྱའོ། །དེ་བཞིན་དུ་འོད་དང་། སྒྲ་དང་། གདུང་དང་། སྐུ་འབྱུང་ངོ་། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། མངོན་རྟགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་


DNG025_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྐུ་ལྔའི་གནས་ལུགས་གསུང་དུ་གསོལ། །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོས་ཞུས་པ་ལེགས་སོ། །རང་གི་སྙིང་གི་དཀྱིལ་ན། དབུས་རྣམ་པར་སྣང་མཛད་སྐུ་མདོག་མཐིང་ག་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་སྙིང་གི་ནུབ་ན་སྣང་བ་མཐའ་ཡས་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་བྱང་ན་དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་ཀླད་པའི་ནང་ན་སངས་རྒྱས་ཁྲོ་བོའི་སྐུས་ཁེངས་ནས་ཡོད་དོ། །རང་གི་རིག་པ་མ་འགགས་པར་གསལ་བ་འདི་ཆོས་སྐུ་ཡིན་ནོ། །སངས་རྒྱས་རྒྱལ་བ་རིགས་ལྔ་རང་གི་སྙིང་གི་ནང་ན་བཞུགས་པ་ལོངས་སྐུ་ཡིན་ནོ། །རང་གི་ཀླད་པའི་དུང་ཁང་དཀར་པོའི་ནང་ན་ཡོད་པ་དེ་སྤྲུལ་པའི་སྐུ་ཡིན་ནོ། །རང་གི་ཀླད་པའི་ནང་གི་དབུས་འོད་ཁ་དོག་ལྔ་ཡོད་དོ། །འོད་ལྔའི་ནང་ན་སངས་རྒྱས་ཀྱི་སྐུ་བཞུགས་སོ། །རང་གི་གཞུངས་པའི་ནང་ན་སངས་རྒྱས་ཀྱི་སྐུ་བཞུགས་སོ། །རང་གི་ལུས་རྩའི་དྲ་བར་ཡོད་དོ། །རྩའི་ནང་ན་སངས་རྒྱས་ཀྱི་གྲོང་ཁྱེར་ཡོད་དོ། །འོད་ལྔ་སངས་རྒྱས་ཀྱི་རང་ལུས་སུ་ཤེས་ན་སངས་རྒྱའོ། །ཁུག་པ་ལྔ་ཤེས་ན་དབུགས་མ་ཆད་པ་ལ་སངས་རྒྱའོ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔའི་ཞལ་ནས། སློབ་དཔོན་དགའ་རབ་རྡོ་རྗེ་ལ། རིགས་ཀྱི་བུ་ངས་འཇིག་རྟེན་གྱི་ཁམས་སུ་རང་ལོ་ཉི་ཤུ་རྩ་བཞིར་སྤྲུལ་པའི་སྐུ་རུ་བཞུགས་སོ། །སེམས་ཅན་གྱི་ལོ་སྟོང་བརྒྱད་བརྒྱ་ལོན་ནོ། །ཞེས་གསུངས་སོ། །ནམ་མཁའ་འོད་ཀྱིས་བཀང་ནས་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་སོ། །དེ་དགའ་རབ་རྡོ་རྗེ་བརྒྱལ་ནས། ཀྱེ་ཀྱེ་ཀྱི་ཧུད་ཟེར་ནས་སྐད་ཕྱོགས་བཅུར་བོས་པས། དེ་བརྒྱལ་བ་སངས་ཙམ་ན་སངས་རྒྱས་རྡོ་རྗེ་སེམས་དཔའ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུས་བྱོན་ནས། ཕྱག་


DNG025_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པའི་སོར་མོ་བརྐྱང་ནས། དྷརྨ་རཏྣ་སིཌྜྷ་མ་ཡ། ཞེས་པའི་སྒྲ་བྱུང་ནས་རིན་པོ་ཆེ་གཡུའི་ཟ་མ་ཏོག་སེན་གང་བ་ཅིག་དབུའི་ཐོག་ཏུ་བབས་སོ། །དེ་ཁ་ཕྱེ་ནས་གཟིགས་པས་གསེར་གྱི་ཤོག་བུ་ལ་གཡུའི་ཡི་གེ་བྲིས་པ་གཅིག་འདུག་ནས། དེ་བལྟས་པས་སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཚིག་གསུམ་པ་ཞེས་བྱ་བ་ཕུང་པོ་ལྷག་མ་མེད་པར་སངས་རྒྱ་བ་འདི་འདུག་གོ། །དེར་དགའ་རབ་རྡོ་རྗེས་བལྟས་པས། དགའ་རབ་རྡོ་རྗེ་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ཀྱི་སྐུ་ལྔ་བཤད་པའི་ལེའུ་སྟེ་བདུན་པའོ།། །།རྫོགས་སོ།། དབང་པོ་རབ་རྟོགས་པའི་ཁྱད་པར་ཅན་ལ་སྐད་ཅིག་མ་གསུམ་མམ། ལྔ་ལ་སངས་རྒྱས་རྒྱལ། དང་པོ་འཁོར་བ་དོང་ནས་སྤྲུགས། གཉིས་པ་ལ། བདེན་པ་མཐོང་། གསུམ་པ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ། བཞི་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཁྱེན། གསལ་རིག་པ་ཐུགས་རྡོ་རྗེ་འབྱུང་ངོ་། །ཐ་མ་སྐད་ཅིག་གསུམ་ལ་སངས་རྒྱའོ། །ཞེས་གསུངས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། སྙིང་གི་ནང་ན་རིགས་ལྔའི་སྐུ་མངོན་སུམ་བཞུགས་སོ། །འཆར་བ་མངོན་སུམ་དུ་འཆར་རོ། །ཀྱེ་གསང་བའི་བདག་པོ་གདམས་པ་བསྟན་པའི་ཚེ། སངས་རྒྱས་ཀྱི་སྐུ་མེ་ལོང་གི་གཟུགས་བརྙན་བཞིན་འཆར་རོ། །རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཆོག་གསུམ་པའོ། །དགའ་རབ་རྡོ་རྗེས་ཐུགས་ཀྱི་དཀྱིལ་དུ་སྦོས། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་སེམས་དཔའི་ཞལ་ནས། དགའ་རབ་རྡོ་རྗེ་ངས་འཇིག་རྟེན་གྱི་ཁམས་སུ། ལོ་ཉི་ཤུ་ལོན་ནས་སྤྲུལ་པའི་སྐུར་བཞུགས་སོ། །སེམས་ཅན་གྱི་ལོ་སྟོང་བརྒྱད་བརྒྱ་ལོན་ནོ། །ཞེས་ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ། །དེ་ནས་རིམ་པར་བརྒྱུད་ནས། ལྕེ་བཙུན་གྱིས་འཆད་པ་སྟག་ཅན་དུ་སྦས་སོ། །དེ་ནས་ལྕེ་སྒོམ་ནག་པོར་བཏོན་ནས། ཕྱི་སྐོར་ནང་སྐོར་གསང་སྐོར་གསུམ་བྱོན་ནོ། །གསང་སྐོར་བླ་ན་མེད་པ་འབྲས་བུ་རིན་པོ་ཆེའི་སྐོར་འདི་མི་ལ་བྱིན་རེ་སྐན། ས་མ་ཡཱ། ན་ར་ཀན་རྫོགས་སོ།། །།རྒྱ་རྒྱ་རྒྱ། ཊྟྲྀ།

མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ཞེས་པའི་རྒྱུད།


DNG025_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨུ་བ་ཙིཏྟ་ཛཱ་ཡ་ས་མ་ཏེ་ཏནྟྲ་ནཱ་མ། བོད་སྐད་དུ། མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ཞེས་པའི་རྒྱུད། སངས་རྒྱས་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། རྒྱལ་བ་འོད་ཀྱི་ཕུང་པོ་ཆེན་པོ། ཡེ་ཤེས་ཀྱི་གཞལ་མེད་ཁང་ན།རིགས་ལྔའི་སངས་རྒྱས་དང་། ཐུགས་ཀྱི་དཀྱིལ་འཁོར་འོད་གསལ་བའི་དགོངས་པ་ལ་བཞུགས་སོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྒྱལ་བ་རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་ན། ཐུགས་རྗེ་རང་གི་དཀྱིལ་འཁོར། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་གསུང་དུ་གསོལ། ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཁྱོད་མ་ཡེངས་པར་ཉོན་ཅིག །ངས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་བསྟན་ཏོ། །ཀྱེ་གསང་བའི་བདག་པོ་སངས་རྒྱས་ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དང་། ཡེ་ཤེས་འོད་ཀྱི་སྐུ་རུ་བཞུགས་པས་མཚན་མའི་གཟུགས་སམ་མཚན་མའི་ལུས་མེད་དོ། །ཀྱེ་གསང་བའི་བདག་པོ་སངས་རྒྱས་ཀྱི་སྐུ་ལ་མཚན་མའི་གཟུགས་མེད་པ་དེ་ཡིན་ནོ། །ཁྱོད་མ་ཡེངས་པར་ཉོན་ཅིག །རང་གི་ཤེས་རིག་གི་ངོ་བོ་སྟོང་སང་ངེ་བ་འདི།དངོས་པོ་དང་མཚན་མ་ཅིའི་ངོ་བོར་ཡང་མ་གྲུབ་པར་སྟོང་སང་ངེ་འདུག་པ་འདི་ཀ་ཆོས་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ། །རང་གི་རིག་པ་འདི་སྟོང་པ་བདོ་ཙ་ན་སྟོང་པ་ཕྱང་ཆད་དུ་མ་སོང་བར། རང་གི་ཤེས་པ་སང་ངེ་སལ་ལེ་བ་འདི་རིག་པ་ཀུན་ཏུ་བཟང་པོ་ཡིན་ནོ། །རང་གི་རིག་པའི་ངོ་བོ་སྟོང་པ་དང་། རང་གི་ཤེས་པ་ཝལ་ལེ་བ་དབྱེར་མེད་མི་ཕྱེད་པར་འདུག་པ་འདི། སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །རིག་པ་མ་འགགས་པར་གསལ་བ་འདི་སངས་རྒྱས་སུ་ངོ་ཤེས་ནས་རང་རང་གིས་ལོངས་སྤྱོད་པ་དེ། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །རང་གི་ཤེས་པ་སང་ངེ་སལ་ལེ་བ་འདི། སངས་རྒྱས་ཡིན་རང་གི་ཤེས་པ་རང་རང་


DNG025_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཡིན་ནོ། །གཞན་ལ་བསྟན་པས་གཞན་སངས་རྒྱས་པ་དེ་ཐུགས་རྗེ་སྤྲུལ་པའི་སྐུ་ཡིན་ནོ། །ཀྱེ་གསང་བའི་བདག་པོ་རང་གི་རིག་པ་གསལ་ལེ་རིག་གེ་བ་འདི་གསལ་བའི་ངོས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ནོ། །རིག་པ་མཚམ་མེད་པ་སྟོང་པའི་ངོས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ནོ། །རང་གི་རིག་པ་གསལ་སྟོང་དབྱེར་མི་ཕྱེད་པའི་ངོས་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ། །རང་གི་རིག་པ་དེང་ཤེས་ཀྱི་ཤེས་རབ་མི་འགག་པའི་ངོས་ནས། སོ་སོར་རྟོགས་པའི་ཡེ་ཤེས་ཡིན་ནོ། །རང་གི་རིག་པ་ཐོགས་པ་མེད་པའི་ངོས་ནས། བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ། །རང་གི་རིག་པ་སལ་ལེ་བ་འདི་སངས་རྒྱས་ཀྱི་སྐུ་ཡིན་ནོ། །རང་གི་རིག་པ་མ་འགགས་པར་ཝལ་ལེ་བ་འདི་ཆོས་ཀྱི་ཡེ་ཤེས་ཡིན་ནོ། །སངས་རྒྱས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་ཡིན་ནོ། །ཀྱེ་གསང་བའི་བདག་པོ་རང་གི་ཤེས་རིག་གི་ངོ་བོ་སལ་ལེ་བ་འདི་སངས་རྒྱས་སུ་ངོ་ཤེས་ནས། རང་གི་རིག་པ་རང་ལ་རང་བལྟ་བ་དེ་སངས་རྒྱས་ཀྱི་དགོངས་པ་ལ་འཇོག་པ་ཡིན་ནོ། །ཞེས་གསུངས་སོ། །མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ཞེས་བྱ་བའི་རྒྱུད་ལས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་སངས་རྒྱས་སྐུ་དང་ཡེ་ཤེས་རང་ལ་ཇི་ལྟར་དུ་བཞུགས་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །སེམས་ཅན་ཐམས་ཅད་ལ་རང་རང་གི་མིང་གི་དཀྱིལ་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྐུ་མདོག་མཐིང་གར་བཞུགས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་དཀར་པོར་བཞུགས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སེར་པོར་བཞུགས་སོ། །སོ་སོར་རྟོགས་པའི་ཡེ་ཤེས་དམར་པོར་བཞུགས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ལྗང་གུར་བཞུགས་སོ། །རང་རང་གི་སྙིང་གི་དཀྱིལ་ན། སངས་རྒྱས་ཐམས་ཅད་ཀྱི་མེས་པོ།སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་སོ། །ཀྱེ་གསང་བའི་བདག་པོ་རང་གི་མིག་རྡོ་རྗེ་སེམས་དཔའི་མེ་ལོང་ལ་བཙུག་ནས་བསྟན་ན། སངས་རྒྱས་འོད་མི་འགྱུར་བའི་སྐུ་ཆ་ཕྲ་


DNG025_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་སྟུག་ལ་ཉམ་ང་བ། མཛེས་པའི་འོད་ཟེར་འཕྲོ་བ་མངོན་སུམ་དུ་མེར་མེར་འཆར་རོ། །ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ། རང་རང་གི་ཙིཏྟའི་དཀྱིལ་ན་རིག་པ་ཀུན་ཏུ་བཟང་པོའི་གདངས་ལས། མཚན་ཉིད་འཛིན་པའི་ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོར་བཞུགས་སོ། །ཆོས་ཉིད་ཀུན་ཏུ་བཟང་མོའི་གདངས་ལས། མཚན་ཉིད་འཛིན་པའི་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་གར་བཞུགས་སོ། །ཀུན་བཟང་ཡབ་ཡུམ་གཉིས་ཀྱི་སྐུ་རུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །དབུས་རྣམ་པར་སྣང་མཛད་སྐུ་མདོག་མཐིང་ག་སེང་གེའི་གདན་ལ་བཞུགས་པ། ཕྱག་ན་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། ཡུམ་ནམ་མཁའ་དབྱིངས་ཕྱུག་མ་དང་། ཀུན་ཏུ་ཞལ་ཡབ་ཡུམ་ཞལ་སྦྱར་ནས། རང་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས་པ། གླང་པོ་ཆེའི་གདན་ལ་བཞུགས་པ། ཡུམ་སངས་རྒྱས་སྤྱན་དང་ཞལ་སྦྱོར་ནས་ཡོད་དོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། བྱམས་པ་མཻ་ཏྲི་གཉིས། སེམས་མ་ལཱ་སེ་མ་དང་། མཱ་ལེ་མ་གཉིས་ཀྱིས་བསྐོར་ནས། རང་གི་ཙིཏྟའི་ཤར་ན་བཞུགས་སོ། །རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། ཕྱག་ན་ནོར་བུ་རིན་པོ་ཆེ་བསྣམས་པ།རྟ་མཆོག་གི་གདན་ལ་བཞུགས་པ། ཡུམ་མཱ་མ་ཀཱི་དང་ཞལ་སྦྱོར་ནས་བཞུགས་སོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། ཀུན་ཏུ་བཟང་པོ་གཉིས།སེམས་མ་གཱིརྟི་མ་དང་། ནཱིརྟི་མ་གཉིས་ཀྱིས་བསྐོར་ནས་རང་རང་གི་ཙིཏྟའི་ལྷོ་ན་བཞུགས་སོ། །སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཕྱག་ན་པདྨ་འདབ་བརྒྱད་བསྣམས་པ། རྨ་བྱའི་གདན་ལ་བཞུགས་པ། ཡུམ་གོས་དཀར་མོ་དང་ཞལ་སྦྱོར་ནས་ཡོད་དོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་། འཇམ་དཔལ་གཉིས། སེམས་མ་དྷཱུ་པེ་མ་དང་། པུཥ྇་མ་གཉིས་ཀྱིས་བསྐོར་ནས། རང་གི་ཙིཏྟའི་ནུབ་ན་བཞུགས་སོ། །དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ། ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། ནམ་མཁའ་


DNG025_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་གི་གདན་ལ་བཞུགས་པ། ཡུམ་དམ་ཚིག་སྒྲོལ་མ་དང་ཞལ་སྦྱོར་ནས་འོང་ངོ་། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། སྒྲིབ་པ་རྣམ་པར་སེལ་བ་གཉིས། སེམས་མ་ཨཱ་ལོ་ཀེ་དང་། གནྡྷེ་མ་གཉིས་ཀྱིས་བསྐོར་ནས། རང་གི་ཙིཏྟའི་བྱང་ན་བཞུགས་སོ། །རང་གི་ཙིཏྟའི་ཤར་ན་ཁྲོ་བོ་རྣམ་པར་རྒྱལ་བ་དང་། སྒོ་མ་ལྕགས་ཀྱུ་མ་ཞལ་སྦྱར་ནས་ཡོད་དོ། །རང་གི་ཙིཏྟའི་ལྷོ་ན་ཁྲོ་བོ་གཤིན་རྗེ་གཤེད་པོ་དང་། སྒོ་མ་ཞགས་པ་མ་ཞལ་སྦྱོར་ནས་ཡོད་དོ། །རང་གི་ཙིཏྟའི་ནུབ་ན་ཁྲོ་བོ་རྟ་མགྲིན་དང་། སྒོ་མ་ལྕགས་སྒྲོག་མ་ཞལ་སྦྱོར་ནས་ཡོད་དོ། །རང་གི་ཙིཏྟའི་བྱང་ན་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་།སྒོ་མ་དྲིལ་བུ་མ་གཉིས་ཞལ་སྦྱོར་ནས་ཡོད་དོ། །རང་གི་ཙིཏྟའི་དཀྱིལ་ན་ཞི་བའི་སྐུ་ཐམས་ཅད་སྐུ་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་དང་བཅས་པ་ཙམ་དུ་བཞུགས་སོ། །རང་གི་སྤྱི་གཙུག་བདེ་བ་ཆེན་པོའི་འཁོར་ལོའི་རྩ་ན། རང་བྱུང་སངས་རྒྱས་དབང་པོ་བརྒྱ་བྱིན་བཞུགས་སོ། །རང་གི་ལྟག་པའི་རྩ་བ་མིན་གྱི་རྭ་ལྟ་བུའི་ནང་ན། རང་བྱུང་གི་ཐགས་བཟང་རིས་བཞུགས་སོ། །རང་གི་སྙིང་གི་སྲོག་པ་རྩའི་ཤེལ་གྱི་སྦུབས་ན། རང་བྱུང་གི་ཤཱཀྱ་ཐུབ་པ་བཞུགས་སོ། །རང་གི་ལྟེ་བ་སྤྲུལ་པའི་འཁོར་ལོའི་དཀྱིལ་ན། རང་བྱུང་གི་སངས་རྒྱས་རབ་ཏུ་བརྟན་པ་བཞུགས་སོ། །རང་གི་གསང་བ་བདེ་བསྐྱེད་ན། རང་བྱུང་གི་ཁ་འབར་མ་བཞུགས་སོ། །རང་གི་རྐང་པའི་རྩ་བ་ཞག་འཁྱིལ་པའི་ནང་ན། རང་བྱུང་གི་ཨ་བ་གླང་མགོ་ཅན་བཞུགས་སོ། །རང་གི་ཙིཏྟའི་དཀྱིལ་ན་ཞི་བའི་ལྷ་ཚོགས་བཞུགས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཀྱེ་གསང་བའི་བདག་པོ་ཁྲོ་བོའི་སངས་རྒྱས་ཐམས་ཅད་རང་རང་གི་ཀླད་པ་དུང་གི་གཞལ་ཡས་ཁང་ན། སྡོང་པོ་ལས་མེ་ཏོག་རྒྱས་པ་ལྟར་དུ་བཞུགས་སོ། །བཅོམ་ལྡན་འདས་དཔལ་བཛྲ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་མཐིང་ནག་དབུ་གསུམ་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་མཐིང་ནག་ལ། ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བཞུགས་པ། ཕྱག་དྲུག་པ་གཡས་ཀྱི་དང་པོ་


DNG025_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེ་འབར་བ་དང་། བར་མ་ན་རལ་གྲི་བསྣམས་པ། ཐ་མ་ན་བྷནྡྷ་དང་དགྲ་སྟྭ་བསྣམས་པ། གཡོན་གྱི་དང་པོ་ན་དྲིལ་བུ་དང་། བར་མ་ན་བྷནྡྷ་དམར་གྱིས་བཀང་བ། ཐ་མ་ན་ཐོང་གཤོལ་བསྣམས་པ། ཡུམ་བཛྲ་ཀྲོ་དྷི་མ་ཡབ་ཀྱི་སྐུ་ལ་འཁྲིལ་བ། མགུལ་ནས་འཁྱུད་པ། ཞལ་དུ་སྟོབ་པ། རང་གི་ཀླད་པ་དུང་ཁང་གི་དཀྱིལ་ན་བཞུགས་སོ། །བཅོམ་ལྡན་འདས་དཔལ་བུཌྜྷ་ཧེ་རུ་ཀ་སྐུ་མདོག་སྨུག་ནག །དབུ་གསུམ་པ། གཡས་དཀར་བ། གཡོན་དམར་བ། དབུས་སྨུག་ནག་ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བཞུགས་པ། ཕྱག་དྲུག་པ། གཡས་ཀྱི་དང་པོ་ན་འཁོར་ལོ། བར་བ་ན་དགྲ་སྟྭ། ཐ་མ་ན་རལ་གྲི་བསྣམས་པ།གཡོན་གྱི་དང་པོ་ན་དྲིལ་བུ་དང་། བར་པ་ན་བྷནྡྷ་དམར་གྱིས་བཀང་བ། ཐ་མ་ན་ཐོང་གཤོལ་བསྣམས་པ། ཡུམ་བུཌྜྷ་ཀྲོ་དྷཱི་ཤྭ་རཱི་མ་ཡབ་ལ་འཁྲིལ་བ། མགུལ་ནས་འཁྱུད་པ། ཞལ་དུ་སྟོབ་པ། རང་གི་ཀླད་པ་དུང་ཁང་གི་ཤར་ན་བཞུགས་སོ། །བཅོམ་ལྡན་འདས་དཔལ་རཏྣ་ཧེ་རུ་ཀ་སྐུ་མདོག་སེར་ནག་དབུ་གསུམ་པ།ཞལ་གཡས་དཀར་བ། གཡོན་དམར་བ། དབུས་སེར་ནག །ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བཞུགས་པ། ཕྱག་དྲུག་པ། གཡས་ཀྱི་དང་པོ་ན་རིན་པོ་ཆེ་འབར་བ་བསྣམས་པ། བར་པ་ན་ཁ་ཊྭཱཾ་ག །ཐ་མ་ན་བེ་ཅོན་བསྣམས་པ།གཡོན་པ་དང་པོ་ན་དྲིལ་བུ། བར་པ་ན་བྷནྡྷ་དམར་གྱིས་བཀང་བ། ཐ་མ་ཏྲི་ཤཱུལ་དང་ཐོང་གཤོལ་བསྣམས་པ། ཡུམ་རཏྣ་ཀྲོ་དྷཱི་མ་ཡབ་ཀྱི་སྐུ་ལ་འཁྲིལ།མགུལ་ནས་འཁྱུད་པ། ཞལ་དུ་སྟོབ་པ། ཁུ་ཚུར་གདེངས་པ། རང་གི་ཀླད་པ་དུང་ཁང་གི་ལྷོ་ན་བཞུགས་སོ། །བཅོམ་ལྡན་འདས་དཔལ་པདྨ་ཧེ་རུ་ཀ་སྐུ་མདོག་དམར་ནག་དབུ་གསུམ་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་དམར་ནག་ལ། ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བཞུགས་སོ། །ཕྱག་དྲུག་པ། གཡས་ཀྱི་དང་པོ་ན་པདྨ། བར་པ་ན་ཁ་ཊྭཱཾ་ག །ཐ་མ་ན་དབྱུག་ཏོ་བསྣམས་པ། གཡོན་དང་པོ་ན་དྲིལ་བུ། བར་མ་ན་བྷནྡྷ་དམར་གྱིས་བཀང་བ། ཐ་མ་ན་རྔེ་ཆུང་བསྣམས་པ། ཡུམ་


DNG025_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཀྲོ་དྷཱི་མ་ཡབ་ལ་འཁྲིལ་བ། མགུལ་ནས་འཁྱུད་པ།ཞལ་དུ་སྟོབ་པ། གཡས་པ་རཀྟ་སྦྲེང་བ། རང་གི་ཀླད་པ་དུང་ཁང་གི་ནུབ་ན་བཞུགས་སོ། །བཅོམ་ལྡན་འདས་དཔལ་ཀརྨ་ཧེ་རུ་ཀ་སྐུ་མདོག་ལྗང་ནག་དབུ་གསུམ་ལ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་ལྗང་ནག །ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བཞུགས་པ། ཕྱག་དྲུག་པ། གཡས་ཀྱི་དང་པོ་ན་རལ་གྲི། བར་པ་ན་ཁ་ཊྭཱཾ་ག །ཐ་མ་ན་དབྱུག་ཏོ། །གཡོན་གྱི་དང་པོ་ན་དྲིལ་བུ། བར་པ་ན་བྷནྡྷ་དམར་གྱིས་བཀང་བ། ཐ་མ་ན་ཐོང་གཤོལ་བསྣམས་པ། ཡུམ་ཀརྨ་ཀྲོ་དྷཱི་ཤྭ་རཱི་མ་ཡབ་ལ་འཁྲིལ་བ། མགུལ་ནས་འཁྱུད་པ། ཞལ་དུ་སྟོབ་པ། ཁུ་ཚུར་འཆང་བ། རང་རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་གི་བྱང་ན་བཞུགས་སོ། །ཀྱེ་གསང་བའི་བདག་པོ། ཤར་ན་ཀོའུ་རི་མ་དཀར་མོ། ཕྱག་གཡས་ན་ཞིང་དབྱུག་ཐོགས་པ། གཡོན་པ་ན་བྷནྡྷ་དམར་གྱིས་བཀང་བ་བསྣམས་པ། ལྷོ་ན་ཙོའུ་རཱི་སེར་མོ། ཕྱག་ན་མདའ་གཞུ་འགེངས་པ།ནུབ་ན་པྲ་མོ་དམར་མོ། ཕྱག་གཡས་ན་ཆུ་སྲིན་གྱི་རྒྱལ་མཚན་འཕྱར་བ།གཡོན་པ་བྷནྡྷ་དམར་གྱིས་བཀང་བ་བསྣམས་པ། བྱང་ན་བེ་ཏ་ལི་ནག་མོ།གཡས་པ་རྡོ་རྗེ་བསྣམས་པ། གཡོན་པ་བྷནྡྷ་དམར་གྱིས་བཀང་བ་བསྣམས་པ།ཤར་ལྷོ་མཚམས་ན་པུཀྐ་དམར་སེར་གཡས་པ་རྒྱུ་མ་གཟེངས་ནས། གཡོན་པས་ཞལ་དུ་འཛུད་པ། ལྷོ་ནུབ་མཚམས་ན་གྷསྨ་ལྗང་སེར། གཡོན་པ་བྷནྡྷ་ཁྲག་གིས་བཀང་བ་བསྣམས་པ། གཡས་པ་སྡིགས་མཛུབ་འབར་བས་འཁྲུགས་ཤིང་རྔམ་པའི་ཚུལ་གྱིས་ཞལ་དུ་སྟོབ་པ་དང་། ནུབ་བྱང་མཚམས་ན་ཙནྡྷ་ལི་སེར་སྐྱ།གཡས་ན་ཙིཏྟ་བསྣམས་པ། གཡོན་པས་ལུས་ཟ་བ་དང་། བྱང་ཤར་མཚམས་ན་སྨེ་ཤ་ཅན་སེར་མཐིང་ནག །མགོ་ལུས་ཕྲལ་ནས་ཟ་བ་དང་ཁྲག་ལྡག་པ་ཡང་ཡོད་དོ། །གནས་ཀྱི་ཀོའུ་རི་མ་བརྒྱད་པོ་དེས་ཁྲག་འཐུང་ཡུམ་ལྔ་ལ་བསྐོར་ནས། རང་གི་ཀླད་པ་དུང་ཁང་གི་ནང་ནས་


DNG025_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་མངོན་སུམ་དུ་བཞུགས་སོ། །ཁྲོ་བོའི་སྐུ་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་རང་གི་ཀླད་པའི་ནང་ན་བཞུགས་སོ། །དེའི་ཕྱི་རིམ་ཀླད་པ་དུང་ཁང་གི་ཤར་ན་སིང་ཧ་མ་སྨུག་ནག་ལག་པ་གཉིས་བྲང་ཁར་བསྣོལ་ནས། ཁའི་ནང་དུ་རོ་ཐོགས་ནས་རལ་པ་གསིག་པ་ཡོད་དོ། །ཀླད་པ་དུང་ཁང་གི་ལྷོ་ན། བྱཱ་གྷྲི་མུ་ཁ་དམར་མོ་སྟག་གི་མགོ་ཅན། ལག་གཉིས་ཐུར་དུ་བསྣོལ་ནས། མིག་འབྲུ་ཚུགས་སུ་བལྟ་བ་དང་། མཆེ་བ་གཉེར་བ་ཡང་ཡོད་དོ། །ནུབ་ན་སྲི་ལ་མུ་ཁ་སྨུག་ནག་ཝའི་མགོ་ཅན། ལག་པ་གཡས་པ་སྤུ་གྲི་ཐོགས་པ། གཡོན་པ་རྒྱུ་མ་ཟ་ཞིང་ཁྲག་ལྡག་པ་ཡང་ཡོད་དོ། །བྱང་ན་ཤྭ་ན་མུ་ཁ་སྐུ་མདོག་མཐིང་ནག་སྤྱང་མོའི་མགོ་ཅན། ལག་པ་གཉིས་རོ་ཁ་ཕྱེ་ནས་མིག་འབྲུ་ཚུགས་སུ་བལྟ་བ་དང་། དུང་ཁང་གི་ཤར་ལྷོ་མཚམས་ན། ཀྲི་ཏ་མུ་ཁ་བྱ་རྒོད་མགོ་ཅན། སྐུ་མདོག་དམར་སེར། ཞིང་ཆེན་ཕྲག་ལ་བཀལ་ནས། ཀེང་རུས་ལག་ན་ཐོགས་པ་ཡོད་དོ། །དུང་ཁང་གི་ལྷོ་ནུབ་མཚམས་ན། ཀཾ་ཀ་མུ་ཁ་དམར་ནག་ཀཾ་ཀའི་མགོ་ཅན། ཞིང་ཆེན་འཕྲག་ལ་ཁུར་བ་ཡོད་དོ། །དུང་ཁང་གི་ནུབ་བྱང་མཚམས་ན་ཁ་ཁ་མུ་ཁ་སྐུ་མདོག་ནག་མོ་བྱ་རོག་མགོ་ཅན། ཕྱག་གཡོན་པ་བྷནྡྷ་ཐོགས་པ། གཡས་པ་རལ་གྲི་ཐོགས་པ་གློ་སྙིང་ཟ་བ་དང་། ཁྲག་ལྡག་པ་ཡོད་དོ། །བྱང་ཤར་མཚམས་ན་ཧུ་ལུ་མུ་ཁ་འུག་པའི་མགོ་ཅན། སྐུ་མདོག་མཐིང་ནག་གཡས་པ་རྡོ་རྗེ་ཐོགས་པ། ཡུལ་གྱི་སེང་ཧ་མ་བརྒྱད་པོ་དེས།ཁྲག་འཐུང་ཡབ་ལྔ་ལ་བསྐོར་ནས། རང་རང་གི་ཀླད་པ་དུང་ཁང་གི་ནང་ན་ད་ལྟ་བཞུགས་སོ། །རྟའི་མགོ་ཅན་སྐུ་མདོག་དཀར་མོ། ཕྱག་གཡས་ན་ལྕགས་ཀྱུ་འཛིན་པ། གཡོན་པ་བྷནྡྷ་དམར་གྱིས་བཀང་བ་བསྣམས་པ། རང་རང་གི་དུང་ཁང་གི་ཤར་ན་བཞུགས་སོ། །ཕག་པའི་མགོ་ཅན་སྐུ་མདོག་སེར་མོ། ཕྱག་གཡས་པ་རྒྱུ་མའི་ཞགས་པ་འཛིན་པ། གཡོན་པ་བྱ་རྒོད་ཀྱི་མཆེ་བ་བསྣམས་པ།ཕག་གདོང་ཞགས་པ་མ་དུང་ཁང་གི་ལྷོ་ན་བཞུགས་སོ། །སེང་གེའི་མགོ་ཅན་སྐུ་མདོག་དམར་མོ། ཕྱག་གཉིས་ལྕགས་སྒྲོག་བསྣམས་པས་དབང་དུ་སྡུད་པ།


DNG025_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་ལྕགས་སྒྲོག་མ་དུང་ཁང་གི་ནུབ་ན་བཞུགས་སོ། །སྦྲུལ་གྱི་མགོ་ཅན་སྐུ་མདོག་ལྗང་གུ། ཕྱག་ན་དྲིལ་བུ་བསྣམས་པ། སྦྲུལ་མགོ་རྡོ་རྗེ་དྲིལ་བུ་མ་ཞེས་བྱ་བ་དང་། རང་གི་དུང་ཁང་གི་བྱང་ན་བཞུགས་སོ། །ཀྱེ་གསང་བའི་བདག་པོ་རང་རང་གི་ཀླད་ཕོར་དུང་ཁང་གི་ནང་ན། ཧེ་རུ་ཀ་དྲག་པོའི་ལྷ་རང་བྱུང་གི་ལྷ་སུམ་ཅུ་ཐམ་པའི་ཕྱི་རོལ་ན་ཀླད་རྒྱ་དང་གཉིས་ཀྱི་མཚམས་ན། དབང་ཕྱུག་མ་རྣམས་གནས་པ་ནི། སྲིན་མོ་སྨུག་ནག་ཕྱག་ན་རྡོ་རྗེ་ཐོད་ཁྲག་བསྣམས་པ་ཡོད་དོ། །ཚངས་པ་སེར་མོ་ལག་ན་པདྨ་ཐོགས་པ་དང་། ལྷ་ཆེན་དཀར་ལྗང་རྡོ་རྗེ་ཐོགས་པ་དང་། གཏོགས་འདོད་སྔོན་མོ་འཁོར་ལོ་འཛིན་པ་དང་། དགའ་བ་མ་སེར་མོ་སྤུ་གྲི་ཐོགས་པ་དང་། གཞོན་ནུ་དམར་མོ་མདུང་ཐུང་འཕེན་པ་དང་། རྡོ་རྗེ་ནག་མོ་ལྕགས་ཀྱུ་བསྣམས་པ་དང་། མ་བདུན་ཤར་ན་བཞུགས་སོ། །བརྒྱ་བྱིན་དཀར་མོ་རྒྱུ་ཞགས་ཐོགས་པ་དང་། ཞི་བ་དམར་མོ་བུམ་པ་ཐོགས་པ་དང་།བདུད་རྩི་དམར་མོ་པདྨ་བསྣམས་པ་དང་། ཟླ་བ་དཀར་མོ་རྡོ་རྗེ་འཛིན་པ་དང་། བེ་ཅོན་ལྗང་ནག་དབྱུག་ཏོ་འཕྱར་བ་དང་། སྲིན་མོ་དམར་མོ་ཐོད་ཁྲག་འཐུང་བ་དང་། རྡོ་རྗེ་སེར་མོ་ར་མགོ་མ་ཞགས་པ་བསྣམས་པ་དང་། མ་བདུན་ལྷོ་ན་བཞུགས་སོ། །ཟ་བ་ལྗང་ནག་བེ་ཅོན་ཐོགས་པ་དང་། དགའ་བ་དམར་མོ་ཁོག་ཆེན་འཛིན་པ་དང་། སྟོབས་ཆེན་དཀར་མོ་དབྱུག་ཏོ་ཐོགས་པ་དང་། སྲིན་མོ་རྡོ་རྗེ་སྤུ་གྲི་འཛིན་པ་དང་། འདོད་པ་དམར་མོ་མདའ་གཞུ་འགེངས་པ་དང་།ནོར་སྲུང་ལྗང་མོ་བུམ་པ་འཛིན་པ་དང་། རྡོ་རྗེ་དམར་མོ་ལྕགས་སྒྲོག་བསྣམས་པ་དང་། མ་བདུན་ནུབ་ན་བཞུགས་སོ། །རླུང་ལྷ་སྔོ་སྐྱ་བ་དན་འཕྱར་བ་དང་། མི་མོ་དམར་སེར་གསལ་ཤིང་འཛིན་པ་དང་། ཕག་མོ་ནག་མོ་མཆེ་ཞགས་སྡོམ་པ་དང་། རྡོ་རྗེ་དམར་མོ་ཞིང་ཆུང་འཛིན་པ་དང་། སྣ་ཆེན་ལྗང་ནག་ཐོད་ཁྲག་འཐུང་བ་དང་། ཆུ་ལྷ་སྔོན་མོ་སྦྲུལ་ཞགས་བསྣམས་པ་དང་། རྡོ་རྗེ་ལྗང་ནག་དྲིལ་བུ་བསྣམས་པ་དང་། མ་བདུན་བྱང་ན་བཞུགས་སོ། །


DNG025_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། ཧེ་རུ་ཀ་དྲག་པོའི་ལྷ་རང་བྱུང་གི་སྐུའི་རྩལ་ལས་རང་འཆར་རོ། །ཀྱེ་གསང་བའི་བདག་པོ། ཞི་བའི་སངས་རྒྱས་ཐམས་ཅད་རང་གི་སྙིང་གི་དཀྱིལ་ན། སྐུ་ཉུང་འབྲུ་ཙམ་ལ་མཁྱེན་པ་མ་འགགས་པར། སྤྱན་ཕུལ་ཐག་ཆད་པ་ཙམ་དུ་བཞུགས་སོ། །ཁྲོ་བོའི་སངས་རྒྱས་ཐམས་ཅད་སྐུ་ཉུང་འབྲུ་ཙམ་ལ། ཕྲིན་ལས་ཀྱི་རྩལ་མ་འགགས་པར། སྤྱན་ཕུལ་ཐག་ཆད་པ་ཙམ་དུ་བཞུགས་སོ། །ཞེས་གསུངས་སོ། །མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ལས། རང་རང་གི་ལུས་ལ་སངས་རྒྱས་ཀྱི་བཞུགས་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་མ་རིག་པའི་སེམས་ཅན་གྱི་སྐུ་དང་ཡེ་ཤེས་རང་ལ་ཤར་བ་དེ་ངོ་ཇི་ལྟ་བ་དུ་མ་ཤེས་པ་ལགས་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ། མལ་གྱི་ཐ་མར་ནི་ཉལ། གོས་ཀྱི་ཐ་མར་ནི་བགོས།ཟས་གྱི་ཐ་མར་ནི་ཟ། སྐོམ་གྱི་ཐ་མར་ནི་འཐུང་། གཏམ་གྱི་ཐ་མ་ནི་སྨྲ་བའི་དུས་དེར། རང་ལ་འཆི་བའི་སྡུག་བསྔལ་དྲག་པོ་འོང་ངོ་། །རང་གི་དབུགས་ངར་ངར་ཕར་འགྲོ་ཚུར་འགྲོ་བྱེད་པའི་དུས་དེར། ཉེ་བ་དང་འདྲེལ་བ་ན་རེ་ཁྱོད་ནི་ན་ད་ངེད་ཙུག་ཅི་བྱེད་ཟེར་བའི་དུས་སུ། ཉེ་བ་དང་འདྲེལ་བས་གདུང་བའི་སྨྲེ་སྔགས་བཏོན་ཏོ། །དེ་ཙམ་ན་ད་རེས་ངས་མི་ཐར་བ་འདུག་པ་ཙུག་བྱེད་ན་སྙམ་པའི་སྡུག་བསྔལ་མི་བཟོད་པ་ཡོང་ངོ་། །ངས་སྡུག་ཅིར་བྱས་ནས་བསགས་པ་ལས་སོ་སྙམ་ནས། ནོར་རྫས་དོར་བའི་སྡུག་བསྔལ་མི་བཟད་པ་ཡོང་ངོ་། །སྔ་མའི་ལུས་མི་འདྲ་བར་སོང་ནས། རང་གི་ལག་མགོ་དང་ཁ་ལྕེ་ཡང་མི་འགྱུར་བར་སོང་བའི་དུས་སུ། ལུས་ཀྱི་ཉམས་སོ་བྲི་བའི་སྡུག་བསྔལ་ཡོང་ངོ་། །ང་ཤི་ནས་ཅིར་སྐྱེ་ན་སྙམ་པའི་ཕུང་པོ་ཉིང་མཚམས་སྦྱར་བའི་སྡུག་བསྔལ་དྲག་པོ་མི་བཟོད་པ་ཡོང་ངོ་། །


DNG025_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་གསང་བའི་བདག་པོ། སེམས་ཅན་ཐམས་ཅད་སྐྱེས་པ་དང་ཉིན་མཚན་མེད་པར་ཚེ་རྐུ་བས་མི་སྡོད་པར་འགྲོའོ། །ད་རེས་ཤི་ནས་འདིར་མི་ཡོང་བར་མི་སྡོད་པར་འགྲོའོ། །སང་ནང་པར་མི་ཤི་བའི་དཔེ་མེད་པས་མགྱོགས་པར་འགྲོའོ། །ཆ་མེད་ཀྱི་ཡུལ་དུ་འགྲོ་བས་ལམ་རྒྱུས་མེད་པར་འགྲོའོ། །ད་ཇི་ཙུག་བྱེད་ན་སྙམས་ནས་སྙིང་མི་དགའོ། །གཤིན་རྗེའི་སྐུངས་སར་འགྲོ་བས་འཇིགས་པ་ཆེའོ། །སྐྱེལ་མ་མི་རྙེད་པས་མགོན་སྐྱབས་མེད་དོ། །རང་དགེ་སྡིག་གཉིས་ལས་མི་ཤོང་བས་འཕྲང་དོག་གོ། །ལམ་དེ་ལ་ཐམས་ཅད་མི་འགྲོ་མི་སྲིད་པས་བཟུར་ས་མེད་དོ། །ཀྱེ་གསང་བའི་བདག་པོ། རང་གི་སེམས་གློ་བ་ནས་འཐོན་ནས།དབུགས་སྣ་སྒོར་ཆད་པའི་ཚེ། ཆོས་ཉིད་དག་པའི་སྣང་བ་ཕྲ་ལ་དྭངས་པ།གསལ་ལ་འཚེར་བ། རང་བཞིན་བཀྲག་པ། མཛེས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ། ཉམ་ང་བ་སོས་ཁའི་ཐང་ལ། སྨིག་རྒྱུ་རྒྱུ་བ་བཞིན་དུ་མེ་རེ་རེ། རང་སྣང་འོད་དང་སྐུ་རུ་འཆར་རོ། །དེ་ལ་མ་འཇིགས་ཤིག །འོད་ཀྱི་ནང་ཐམས་ཅད་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ། སྒྲ་གྲག་ལ་ལྡིར་ཆེ་བ།དི་རི་རི་བ་ཡོང་ངོ་། །དེ་ལ་མ་དངངས་ཤིག །འོད་ལས་ཟེར་མཚོན་ཆའི་ཆར་པ་འབབས་པ་འདྲ་བ། མཚོན་ཆ་སྣ་ཚོགས་སུ་ཟིང་ཟིང་བ་ཡོང་ངོ་། །དེ་ལ་མ་སྐྲག་ཅིག །ཀྱེ་གསང་བའི་བདག་པོ། ད་ལྟ་ངོ་མ་སྤྲད་ན། སྒོམ་སྒྲུབ་ཇི་ལྟར་བྱས་ཀྱང་། གདམས་པ་དང་མི་འཕྲད་པས། འོད་ཀྱིས་འཇིགས་སོ། །སྒྲས་དངངས་སོ། །ཟེར་གྱིས་སྐྲག་གོ། །གདམས་པའི་གནད་མ་ཤེས་ན། སྒྲ་འོད་ཟེར་དང་གསུམ་མ་ཤེས་ན་འཁོར་བར་འཁྱམ་མོ། །ཀྱེ་གསང་བའི་བདག་པོ།བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་བུཌྜྷ་ཧེ་རུ་ཀ །སྐུ་མདོག་སྨུག་ནག་དབུ་གསུམ་པ། ཕྱག་དྲུག་པ། ཞབས་བཞི་པ། ཞལ་གཡས་དཀར་བ། ཞལ་གཡོན་དམར་བ། དབུས་མཐིང་ནག་ལ་སྐུ་འོད་ཀྱི་ཕུང་པོར་འབར་བ། སྤྱན་དགུ་སྡང་མིག་ཏུ་གཟིགས་པ། སྨིན་མ་གློག་བཞིན་དུ་འགྱུ་བ། མཆེ་བ་ཟང་ཡག་འབར་བ། ཨ་ཨ་དང་ཧ་ཧའི་རྟ་སྐད་ཅན། སྤྱུག་པའི་སྒྲ་ཆེན་པོ་སྒྲོགས་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་


DNG025_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཕྲོ་བ། ཉི་ཟླ་དང་ཐོད་སྐམ་གྱིས་བརྒྱན་པ། གླང་ཆེན་གྱི་ཀོ་རློན་དང་། ཞིང་ཆེན་གྱི་གཡང་གཞི་དང་། སྟག་གི་ཤམ་ཐབས་གསོལ་བ། ཐལ་ཆེན་གྱི་ཚོམ་བུ་དང་། ར་ཀུའི་ཐིག་ལེ་དང་། བ་སུ་ཏའི་རྒྱུ་ཞགས་དང་། སྦྲུལ་ནག་དང་ཐོད་པ་སྐམ་རློན་གྱིས་བརྒྱན་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་འཛིན་པ། བར་པ་ན་རལ་གྲི། ཐ་མ་ན་དགྲ་སྟྭ།གཡོན་གྱི་དང་པོ་ན་དྲིལ་བུ། བར་པ་ན་བྷནྡྷ་དམར་གྱིས་བཀང་བ། ཐ་མ་ཐོང་གཤོལ་བསྣམས་ལ། རྐན་སྒྲ་དང་ཐུག་ཚོམ་དང་། འུར་སྒྲ་འབྲུག་སྟོང་ལྡིར་བ། རྡོ་རྗེ་འབར་བའི་སྤུ་གསེབ་ནས་ཡེ་ཤེས་ཀྱི་མེ་འབར་བ། ཁྱུང་གིས་འདེགས་པའི་གདན་ལ། བརྐྱང་བསྐུམ་དུ་བཞུགས་པ་ཡབ་ཡུམ་ཞལ་སྦྱོར་ནས་རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་ནས་འཐོན་ནས་རང་ལ་འཆར་རོ། །དེ་ལ་མ་འཇིགས་ཤིག །མ་དངངས་ཤིག །མ་སྐྲག་ཅིག །རང་གི་སངས་རྒྱས་རང་ལས་ཤར་བར་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་དཔལ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གསུམ་པ། ཕྱག་དྲུག་པ། གཡས་དཀར་བ། གཡོན་དམར་བ། དབུས་སྔོ་ནག །ཡུམ་བཛྲ་ཀྲོ་དྷཱི་ཤྭ་རཱི་མ་དང་ཞལ་སྦྱར་ནས། རང་གི་ཀླད་པ་དུང་ཁང་ཤར་ནས་འཐོན་ནས་རང་ལ་འཆར་རོ། །དེ་ངོ་ཤེས་པར་གྱིས་ལ་མ་འཇིགས། ཁྲག་འཐུང་རིན་པོ་ཆེ་ཡབ་ཡུམ་སྐུ་མདོག་སེར་ནག །ཞལ་གསུམ་ཕྱག་དྲུག་པ། གཡས་དཀར། གཡོན་དམར། དབུས་སེར་ནག །ཡབ་ཡུམ་རང་གི་དུང་ཁང་གི་ལྷོ་ནས་འཐོན་ནས་རང་ལ་འཆར་རོ། །དེ་ལ་མ་འཇིགས་པར་རང་གི་སངས་རྒྱས་རང་ལ་ཤར་བས་ཤེས་པར་གྱིས་ཤིག །ཁྲག་འཐུང་པདྨ་ཡབ་ཡུམ་རང་གི་དུང་ཁང་གི་ནུབ་ནས་འཆར་རོ། །དེ་ལ་མ་འཇིགས་ཤིག །ཁྲག་འཐུང་ལས་ཀྱི་ཡབ་ཡུམ་སྐུ་མདོག་ལྗང་ནག་དབུ་གསུམ་པ། ཕྱག་དྲུག་པ། ཞལ་གཡས་དཀར་བ། གཡོན་སྨུག་པ། རང་གི་ཀླད་པ་དུང་ཁང་གི་བྱང་ནས་འཐོན་ནས་འཆར་རོ། །དེ་ལ་མ་འཇིགས་པར་བྲོད་པ་སྐྱེད་ཅིག །རང་


DNG025_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཀླད་པ་དུང་ཁང་ཤར་ནས་ཀོའུ་རཱི་དཀར་མོ། གཡས་ཞིང་དབྱུག་ཐོགས་པ་གཡོན་པ་བྷནྡྷ་དམར་གྱིས་བཀང་བ་བསྣམས་པ། དུང་ཁང་གི་ལྷོ་ན་ཙོའུ་རཱི་མ་སེར་མོ་མདའ་གཞུ་འགེངས་པ་འཆར་རོ། །དུང་ཁང་གི་ནུབ་ན་པྲ་མོ་དམར་མོ། གཡས་པ་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ། གཡོན་པ་བྷནྡྷ་དམར་གྱིས་བཀང་བ་འཆར་རོ། །དུང་ཁང་གི་བྱང་ན་བེ་ཏ་ལི་ནག་མོ། གཡས་པ་སྡིགས་མཛུབས་ཀྱི་རྩེ་ལ་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གདེངས་ལ། གཡོན་པ་བྷནྡྷ་དམར་གྱིས་བཀང་བ་འཛིན་པ་འཆར་རོ། །དུང་ཁང་གི་ཤར་ལྷོ་མཚམས་ནས་པུཀྐ་དམར་སེར། ཕྱག་གཡས་གཡོན་གཉིས་ཀྱིས་རྒྱུ་ཞགས་འདྲེན་པ་འཆར་རོ། །དུང་ཁང་གི་ལྷོ་ནུབ་ནས་གྷསྨ་རཱི་སྐུ་མདོག་ལྗང་ནག་དུང་དམར་ཕྱག་གཉིས་ཀྱིས་བཟུང་ནས་འཐུང་བ་འཆར་རོ། །དུང་ཁང་གི་ནུབ་བྱང་མཚམས་ནས་ཙཎྜ་ལཱི་སེར་སྐྱ་ཕྱག་གཡས་པ་ཙིཏྟ་བསྣམས་པ། གཡོན་པ་ཞིང་ཆུང་བཟུང་བ་འཆར་རོ། །དུང་ཁང་གི་བྱང་ཤར་མཚམས་ན།སྨ་ཤ་ནཱི་མཐིང་ནག་ཞིང་མགོ་ལུས་ཕྲལ་ནས་སྟོབ་པ་དང་། གནས་ཀྱི་ཀོའུ་རཱི་མ་བརྒྱད་པོ་དེ། རང་གི་ཀླད་པ་དུང་ཁང་གི་ནང་ནས་རང་ལ་འཆར་རོ། །དེ་ལ་མ་འཇིགས་ཤིག་དེའི་ཕྱི་རིམ་ཀླད་པ་དུང་ཁང་གི་ཤར་ནས། སེངྷ་སེར་མོ་སེང་གེའི་མགོ་ཅན་ཕྱག་གཡས་གཡོན་ཐུགས་ཀར་བསྣོལ་བ་འཆར་རོ། །ལྷོ་ནས་བྱཱ་གྷྲི་མུ་ཁ་དམར་མོ་སྟག་གི་མགོ་ཅན། རྡོ་རྗེ་ཁུ་ཚུར་དཔུང་ཁར་བསྣོལ་བ། ནུབ་ནས་སྲི་ལ་མུ་ཁ་ཝའི་མགོ་ཅན། ཞིང་ཁོག་པ་དྲལ་ནས་རཀྟ་ལྡག་པ། བྱང་ན་ཤྭ་ན་མུ་ཁ་མཐིང་ནག་སྤྱང་མོའི་མགོ་ཅན། ཕྱག་གཡོན་གྱིས་ཞིང་བཟུང་ནས།གཡས་ཀྱིས་སྒྲོལ་བ། ཤར་ལྷོ་མཚམས་ནས་ཀྲི་ཏ་མུ་ཁ་དཀར་སེར་བྱ་རྒོད་ཀྱི་མགོ་ཅན། ཞིང་འཕྲག་བཀལ་ནས་གཡོན་པ་བྷནྡྷ་རཀྟས་བཀང་ནས་འཐུང་བ། ལྷོ་ནུབ་མཚམས་ནས་ཀ་ཀ་མུ་ཁ་དམར་ནག་ཀ་ཀའི་མགོ་ཅན། ཞིང་ཕྲག་ལ་ཁུར་བ། ནུབ་བྱང་མཚམས་ནས་ཁ་ཁ་མུ་ཁ་ནག་མོ་བྱ་རོག་མགོ་ཅན། རྒྱུ་ཞགས་འདྲེན་པ། བྱང་ཤར་མཚམས་ནས་ཧུ་ལུ་མུ་ཁ་དཀར་ཁྲ་འུག་པའི་མགོ་ཅན། ཕྱག་གཡས་ལྕགས་


DNG025_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ། གཡོན་པ་བྷནྡྷ་དམར་གྱིས་བཀང་བ་ཐོགས་ནས། ཁྲག་ཚིལ་ལྡག་ཅིང་ཟ་བ་དང་། རང་གི་ཀླད་པ་དུང་ཁང་གི་ནང་ན་ཡོད་པའི་ཕྲ་མེན་བརྒྱད་རང་ལ་འཆར་རོ། །དེ་ལ་མ་འཇིགས་ཤིག །དུང་ཁང་གི་ཤར་ནས་རྟ་གདོང་དཀར་མོ་གཡས་ལྕགས་ཀྱུ། གཡོན་བྷནྡྷ་དམར་གྱིས་བཀང་བ། ལྷོ་ནས་ཕག་གདོང་ཞགས་པ་མ་སེར་མོ་གཡས་ཞགས་པ། གཡོན་བྱ་རྒོད་ཀྱི་མཆེ་བ། ནུབ་ནས་ལྕགས་སྒྲོག་མ་དམར་མོ། ཕྱག་གཉིས་རྡོ་རྗེ་ལྕགས་སྒྲོག་བཟུང་བ། བྱང་ནས་དྲིལ་བུ་མ་ནག་མོ། གཡས་དྲིལ་བུ་གཡོན་བྷནྡྷ་དམར་གྱིས་བཀང་བ། སྒོ་མ་བཞི་རང་གི་ཀླད་པ་དུང་ཁང་གི་ནང་ནས་འཐོན་ནས་རང་ལ་འཆར་རོ། །དེ་ངོ་ཤེས་པར་གྱིས་ཤིག །དེའི་ཕྱི་རིམ་དབང་མོ་ཉི་ཤུ་རྩ་བརྒྱད་ཧེ་དུ་ཀ་དྲག་པོའི་ལྷ་རང་བྱུང་གི་སུམ་ཅུའི་ཕྱི་རོལ་ན། ཀླད་རྒྱ་དང་གཉིས་ཀྱིས་མཚམས་ནས་རང་ལ་འཆར་ཏེ། སྲིན་མོ་སྨུག་ནག་གཡག་གི་མགོ། རྡོ་རྗེ་ཐོད་ཁྲག་བསྣམས་པ་དང་། ཚངས་པ་སེར་མོ་པདྨ་ཐོགས་པ་དང་། ལྷ་ཆེན་དཀར་ལྗང་རྡོ་རྗེ་ཐོགས་པ་དང་། གཏོགས་འདོད་སྔོན་མོ་འཁོར་ལོ་འཛིན་པ་དང་། དགའ་བ་སེར་མོ་སྤུ་གྲི་འཛིན་པ་དང་། གཞོན་ནུ་དམར་མོ་མདུང་ཐུང་འཕེན་པ། རྡོ་རྗེ་ནག་མོ་ལྕགས་ཀྱུ་ཅན། ཤར་གྱི་མ་བདུན་འཆར་རོ། །བརྒྱ་བྱིན་དཀར་མོ་རྒྱུ་ཞགས་ཐོགས་པ་དང་། ཞི་བ་དམར་མོ་བུམ་པ་འཛིན་པ་དང་། བདུད་རྩི་དམར་མོ་པདྨ། ཟླ་བ་དཀར་མོ་རྡོ་རྗེ། བེ་ཅོན་ལྗང་ནག་དབྱུག་ཏོ། སྲིན་མོ་དམར་མོ་ཐོད་ཁྲག་འཐུང་བ། རྡོ་རྗེ་སེར་མོ་ཞགས་པ་ཐོགས་པ། ལྷོ་ནས་བདུན་འཆར་རོ། །ཟ་བ་ལྗང་ནག་བེ་ཅོན་ཐོགས་པ། དགའ་བ་དམར་མོ་ཁོག་ཆེན་འཛིན་པ། སྟོབས་ཆེན་དཀར་མོ་དབྱུག་ཏོ་འཕྱར་བ། སྲིན་མོ་རྡོ་རྗེ་སྤུ་གྲི་འཛིན་པ།འདོད་པ་དམར་མོ་མདའ་གཞུ་འགེངས་པ། ནོར་སྲུང་ལྗང་མོ་བུམ་པ་འཛིན་པ། རྡོ་རྗེ་དམར་མོ་ལྕགས་ཀྱུ་ཐོགས་པ། ནུབ་ཀྱི་མ་བདུན་འཆར་རོ། །རླུང་ལྷ་སྔོན་མོ་བ་དན་འཕྱར་བ། མི་མོ་དམར་སེར་གསལ་ཤིང་ཐོགས་པ། ཕག་མོ་ནག་མོ་མཆེ་ཞགས་སྡོམ་པ། རྡོ་རྗེ་དམར་མོ་


DNG025_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཆུང་འཛིན་པ། སྣ་ཆེན་ལྗང་ནག་ཐོད་ཁྲག་འཐུང་བ། རྡོ་རྗེ་ལྗང་ནག་དྲིལ་བུ་འཛིན་པ། མ་བདུན་བྱང་ནས་འཐོན་ནས་ཧེ་རུ་ཀ་དྲག་པོའི་སྐུའི་རྩལ་ལ། རང་གི་ཀླད་པ་དུང་ཁང་གི་ནང་ནས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་འཐོན་ནས། རང་ལ་འཆར་བའི་དུས་སུ། རང་གི་རིག་པའི་རང་གདངས་རང་ལ་ཤར་བར་ངོ་ཤེས་པས། ཁྲག་འཐུང་གི་སྐུ་ལ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་སོ། །ད་ལྟ་ངོ་མ་སྤྲད་ན་ཁྲག་འཐུང་གི་ལྷ་ཐམས་ཅད་གཤིན་རྗེ་རུ་མཐོང་ནས་ཁྲག་འཐུང་གི་ལྷས་འཇིགས་སོ། །དངངས་སོ། །སྐྲག་གོ། །བརྒྱལ་ལོ། །རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམ་མོ། །ཁྲོ་བོའི་སྐུ་བར་དོར་འཆར་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཀྱེ་གསང་བའི་བདག་པོ། རང་སྣང་གི་སྐུ་དང་། ཡེ་ཤེས་ཀྱི་ཞིང་ཁམས་ངོ་ཤེས་པར་གྱིས་ཤིག །ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ། རང་ནམ་འཆི་བའི་ཚེ་འཁོར་བའི་རུ་ལོག་སྣང་བ་ཐམས་ཅད་འོད་དང་སྐུ་རུ་འཆར་རོ། །ནམ་མཁའ་མཐའ་དག་འོད་ཁ་དོག་མཐིང་ཀར་འཆར་རོ། །མཐིང་གའི་དབུས་སུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་སྐུ་མདོག་མཐིང་ག །སེང་གེའི་གདན་ལ་བཞུགས་པ། ཕྱག་ན་འཁོར་ལོ་རྩིབས་བརྒྱད་བསྣམས་པ། ཡུམ་ནམ་མཁའི་དབྱིངས་ཕྱུག་མ་དང་ཀུན་ཏུ་ཞལ་སྦྱར་ནས་སྐུར་འཆར་རོ། །འབྱུང་བ་ས་ཐམས་ཅད་ཁ་དོག་དཀར་པོར་འཆར་རོ། །འོད་དཀར་པོ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཕྱག་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གླང་པོ་ཆེའི་གདན་ལ་བཞུགས་པ། ཡུམ་སངས་རྒྱས་སྤྱན་དང་ཞལ་སྦྱར་ནས་བཞུགས་པ། སེམས་དཔའ་སའི་སྙིང་པོ་དང་།བྱམས་པ་མི་ཏྲི་གཉིས། སེམས་མ་ལཱ་སྱེ་མ་དང་མཱ་ལེ་མ་གཉིས་ཀྱིས་བསྐོར་ནས།སངས་རྒྱས་ཀྱི་སྐུ་དྲུག་འཆར་རོ། །འབྱུང་བ་ཆུ་ཐམས་ཅད་འོད་ཁ་དོག་སེར་པོར་འཆར་རོ། །འོད་སེར་པོ་རིན་ཆེན་འབྱུང་ལྡན་སེར་པོ། ཕྱག་ན་ནོར་བུ་རིན་པོ་ཆེ་བསྣམས་པ། རྟའི་གདན་ལ་བཞུགས་པ། ཡུམ་མཱ་མ་ཀཱི་དང་ཞལ་སྦྱར་ནས་བཞུགས་པ། སེམས་དཔའ་


DNG025_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྙིང་པོ་དང་། ཀུན་ཏུ་བཟང་པོ་གཉིས། སེམས་མ་གཱིརྟི་མ་དང་། ནཱིརྟི་མ་གཉིས་ཀྱིས་བསྐོར་ནས། སངས་རྒྱས་ཀྱི་སྐུ་དྲུག་འཆར་རོ། །འབྱུང་བ་མེ་ཐམས་ཅད་ཁ་དོག་དམར་པོར་འཆར་རོ། །འོད་དམར་པོ་སྐུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ། ཕྱག་ན་པདྨ་འདབ་བརྒྱད་བསྣམས་པ། རྨ་བྱའི་གདན་ལ་བཞུགས་སོ། །ཡུམ་གོས་དཀར་མོ་དང་ཞལ་སྦྱར་ནས་ཡོད་དོ། །སེམས་དཔའ་སྤྱན་རས་གཟིགས་དང་། འཇམ་དཔལ་གཉིས།སེམས་མ་དྷཱུ་པེ་མ་དང་། པུཥ྇་མ་གཉིས་ཀྱིས་བསྐོར་ནས་སྐུ་དྲུག་ཏུ་འཆར་རོ། །འབྱུང་བ་རླུང་ཐམས་ཅད་འོད་ལྗང་གུར་འཆར་རོ། །འོད་ལྗང་གུར་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ། ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། ཤང་ཤང་གི་གདན་ལ་བཞུགས་པ། ཡུམ་དམ་ཚིག་སྒྲོལ་མ་དང་། སེམས་དཔའ་ཕྱག་ན་རྡོ་རྗེ་དང་། སྒྲིབ་པ་རྣམ་པར་སེལ་བ་གཉིས། སེམས་མ་ཨཱ་ལོ་ཀེ་དང་། གན་དྷི་མ་གཉིས་ཀྱིས་བསྐོར་ནས། སངས་རྒྱས་ཀྱིས་སྐུ་དྲུག་འཆར་རོ། །ཚད་མེད་པ་བཞི་སྒོ་བ་བཞིར་ཡང་འཆར་རོ། །རྣམ་རྒྱལ་ཤར། གཤིན་རྗེ་གཤེད་ལྷོ།ལྕགས་སྒྲོག་མ་ནུབ། དྲིལ་བུ་མ་བྱང་ནས་འཆར་རོ། །ཕར་ཕྱིན་དྲུག་ལས།ཐུབ་པ་དྲུག་ཏུ་འཆར་རོ། །སྤྱི་གཙུག་ནས་བརྒྱ་བྱིན། ལྟག་པ་ནས་ཐགས་བཟང་རིས། སྲོག་པ་རྩ་ནས་ཤཱཀྱ་ཐུབ། ལྟེ་བ་ནས་སེང་གེ་རབ་བརྟན།གསང་བ་ནས་ཁ་འབར་མ། རྐང་མཐིལ་ནས་གླང་མགོ་ཅན་འཆར་རོ། །ཐབས་ཤེས་རབ་འདུ་འབྲལ་མེད་པ་ལས། ཀུན་བཟང་ཡབ་ཡུམ་དུ་འཆར་རོ། །ལོངས་སྐུ་བཞི་བཅུ་རྩ་གཉིས། རང་གི་ལུས་ལས་འཆར་རོ། །ཀྱེ་གསང་བའི་བདག་པོ། དེ་རང་གི་སྐུ་དང་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །བར་དོར་ཞི་བའི་སྐུ་འཆར་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ཞི་བའི་སྐུ་དང་ཁྲོ་བོའི་སྐུ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ། འབྲིང་པོ་རི་རབ་ཙམ་ནས། ཐ་མ་ཉུང་འབྲུ་ཙམ་གྱིས་ཁེངས་ནས་འཆར་རོ། །ཞག་ལྔ་པར་སྣང་སྲིད་གསུམ་ཐམས་ཅད་འོད་དང་སྐུ་རུ་འཆར་རོ། །


DNG025_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཐམས་ཅད་འོད་དང་སྐུར་ཤར་བ་དེ། རང་གི་རིག་པའི་གདངས་སུ་ངོ་ཤེས་པས། རང་འོད་ལ་གཉིས་སུ་མེད་པར་ཐིམ་ནས་རྒྱའོ། །རིགས་ཀྱི་བུ་ད་ལྟར་ངོ་མ་སྤྲད་ན།ཞི་བའི་སྐུ་མགོན་པོ་ནག་པོར་འཆར་རོ། །ཁྲོ་བོའི་ལྷ་གཤིན་རྗེ་ཆོས་ཀྱི་རྒྱལ་པོར་ཤར་ནས། རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམ་མོ། །ཀྱེ་གསང་བའི་བདག་པོ། རང་སྣང་ངོ་མ་ཤེས་ན་བསྐལ་པར་ཆོས་བྱས་ཀྱང་སངས་མི་རྒྱའོ། །རང་སྣང་ངོ་མ་ཤེས་ན་ཤི་མ་ཐག་ཏུ་ཆོས་ཉིད་ཀྱི་བར་དོར། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུར་འཆར་རོ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་ཆེ་བ་ནམ་མཁའ་དང་མཉམ་པ། འབྲིང་པོ་རི་རབ་ཙམ་པ། ཐ་མ་ཉུང་འབྲུ་ཙམ་པས། ཡ་སོས་མ་མཆུ་མནན་པ། མིག་ཤེལ་མིག་ཏུ་བཟློག་པ། སྐྲ་སྤྱི་བོར་བཅིངས་པ། གསུས་པ་ཆེ་ལ་རྐེ་རྩ་ཕྲ་བ། ལག་ན་བྲམ་ཤིང་ཐོགས་པས་ཁ་ནས་རྒྱོབ་སོད་ཀྱི་སྒྲ་སྒྲོགས་པ། ཀླད་པ་ལྡག་པ། ཁྲག་འཐུང་བ། ཆུ་སེར་འཇིབ་པ། རུས་པ་མུར་བ། མགོ་ལུས་འབྲལ་བ། སྙིང་འདོན་པ་དང་། དེ་ལྟ་བུས་འཇིག་རྟེན་གྱི་ཁམས་ཁེངས་ཡོང་ངོ་། །དེའི་ཚེ་ལྷན་ཅིག་སྐྱེས་པའི་འདྲེས་སྡིག་པ་བྱས་ཚད་བསགས་ནས་རྡེའུ་ནག་པོ་བགྲང་དུ་ཡོང་ངོ་། །ལྷན་ཅིག་སྐྱེས་པའི་ལྷས་དགེ་བ་བྱས་ཚད་བསགས་ནས་རྡེའུ་དཀར་པོ་བགྲང་ངོ་། །དེའི་དུས་སུ་རང་ཤིན་ཏུ་དྲེད་པ།དངངས་པ། སྐྲག་པ་འདར་བ་བྱས་ནས། ངས་སྡིག་པའི་རྣམ་སྨིན་ལར་མ་བྱས་ཟེར་ནས་བརྫུན་ཟེར་དུ་འོང་ངོ་། །དེར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ན་རེ། ངས་ལས་ཀྱི་མེ་ལོང་ལ་དྲི་ཡིས་ཟེར་ནས། ལས་ཀྱི་མེ་ལོང་བསྟན་པས། དགེ་སྡིག་ཐམས་ཅད་མེ་ལོང་ནང་ནས་བཀྲ་ལམ་མེ་གསལ་བར་བྱུང་བས། གཤིན་རྗེས་རྐེ་ལ་ཐགས་པ་བཏགས་ནས་དྲུད་དོ། །རྐེ་འདྲེག་སྙིང་འདོན། རྒྱུ་མ་གཟེང་།ཀླད་པ་ལྡག །ཤ་ཟ། ཁྲག་འཐུང་། རུས་པ་མུར་ཀྱང་། ཞག་འགར་འཆིར་མི་འདོད་དོ། །ལུས་དུམ་བུར་གཏུབས་ཀྱང་ཡང་སོས་སོ། །ཡང་གཏུབས་པས་ཤིན་ཏུ་སྡུག་བསྔལ་ཆེ་བ་ཞག་ལྔ་ཡོང་ངོ་། །དེ་ནས་སྲིད་པའི་བར་དོ་ལ་དབང་པོ་ཚང་བ། ཤེས་


DNG025_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པ་ད་ལྟ་བས་བདུན་འགྱུར་གྱིས་གསལ་བ། ཕར་ཐམས་ཅད་གསལ་བ། ཚུར་རང་གི་རིགས་མིན་པས་མི་མཐོང་བ། རིག་པ་རྟེན་མེད་པ།བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ། དབུགས་ཀྱི་རྟ་ལ་ཞོན་ནས་རིག་པ་ཕྱོ་ལང་ལང་ཡོང་། ཐམས་ཅད་དུ་ལུས་འཚོལ་དུ་འགྲོ་བ་ཡོང་ངོ་། །ཉེ་དྲུང་དང་བཟའ་ཚོས་གདུང་བས་ངུས་པས། ང་ཤི་ནས་འདུག་པ་ཇི་ལྟར་བྱ་ན་སྙམ་པའི་སྡུག་བསྔལ་དྲག་པོ་ཉ་བྱེ་ཚན་ལ་འདྲེ་བ་འདྲ་བའི་སྡུག་བསྔལ་མི་བཟོད་པ་ཡོང་ངོ་། །རིག་པ་རྟེན་དང་བྲལ་བས། རི་དང་ཁང་ཁྱིམ་དང་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོའོ། །གདུང་བ་ཀུན་ལ་ང་འདི་ན་ཡོད་མ་ངུ་ཟེར་རོ། །དེར་མ་ཐོས་པས་ཡང་ཤི་ནས་འདུག་པ་སྙམ་ནས་སྡུག་བསྔལ་ཤིན་ཏུ་ཆེའོ། །ངས་ལུས་ཤིག་ཐོབ་ན་ཅི་མ་རུང་སྙམ་ནས། ཐམས་ཅད་དུ་ལུས་ཚོལ་དུ་འགྲོའོ། །སྔར་གྱི་ལུས་དེ་ཡོད་པ་སྙམ་དུ་འོང་ངོ་། །རི་བྲག་ས་རྡོ་ཐམས་ཅད་ཀྱི་ནང་དུ་འཚང་ངོ་། །སྲིད་པའི་བར་དོ་ཤིན་ཏུ་སྡུག་བསྔལ་བར་ཞག་ཉི་ཤུ་རྩ་གཅིག་ཡོང་། །སྲིད་པའི་བར་དོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འཁྲུལ་པའི་བར་དོ་ལ། ལུས་འབྱུང་བ་ལྔ་ལ་གཡར་བ། ནམ་མཁའི་སྣང་བ་འཆར་རོ། །ནམ་མཁའི་སྣང་བ་ལུས་གཡང་སར་བསྒྱུར་བ་ལྟ་བུའི་སྡུག་བསྔལ་ཞག་ལྔའོ། །དེ་ནས་སའི་སྣང་བ་འཆར་ཏེ། ལུས་ས་འོག་ཏུ་ཆུད་པ་སྙམ། རིའི་འོག་ཏུ་ནོན་པ་ལྟ་བུའི་ཤིན་ཏུ་སྡུག་བསྔལ་བ་ལ་ཞག་ལྔ་སྡོད་དོ། །དེ་ནས་ཆུའི་སྣང་བ་འཆར་རོ། །ཆུ་ཆེན་པོའི་ནང་དུ་ཞག་ལྔ་འཁྱགས་པ་ལ་སྡོད་དོ། །དེ་ནས་མེའི་སྣང་བ་འཆར་རོ། །མེ་ཆེན་པོའི་ནང་དུ་མེས་ཞག་ལྔ་སྲེག་གོ། །དེ་ནས་རླུང་གིས་ཐམས་ཅད་དུ་གྲང་ཞིང་གཡེང་བ་ལ་ཞག་ལྔ་ཡོང་ངོ་། །ལར་འཁྲུལ་པའི་བར་དོ་ལ་ཞག་ཉི་ཤུ་རྩ་ལྔ་ཡོང་ངོ་། །དེ་ནས་རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་ཉིན་མཚན་གྱི་སྣང་བ་མེད་པར། མུན་ནག་འཐིབ་པའི་ནང་ན་ཤིན་ཏུ་སྡུག་གོ། །ཉི་མ་ནུབ་པས་ས་སྲོས་པ་ལྟ་བུའི་ནང་དུ་སྡུག་བསྔལ་ཏེ་ཞག་བདུན་འོང་ངོ་། །ལར་ཞག་ཉི་ཤུ་རྩ་ལྔ་འབྱུང་ངོ་། །རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་སུ་ཞག་བདུན་བསྡད་ནས།


DNG025_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ངན་སོང་གསུམ་དུ་འཁོར་ཏེ། འཇུག་ལྡོག་བྲོ་བའི་ཁྱུད་མོ་ལྟ་བུར་འཁོར་བར་འཁྱམ་མོ། །བར་དོའི་སྣང་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཀྱེ་གསང་བའི་བདག་པོ། འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔར་ལུས་ལེན་ཏེ།དེར་ལྷ་མ་ཡིན་དང་། མི་དང་གསུམ། ངན་སོང་ནི་གསུམ་སྟེ། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་གསུམ་མོ། །དམྱལ་བ་ལ་གསུམ་སྟེ། ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད། ཉི་ཚེ་ཉི་འཁོར་བའི་དམྱལ་བ་གཉིས་སྟེ་གསུམ་མོ། །ཚ་བའི་དམྱལ་བ་བརྒྱད་ལ། ཡང་སོས་དང་།ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའོ། །སྡུག་བསྔལ་ལ་བཟོད་པའི་གླགས་མེད་པ་ལ་ཡུན་རིང་པོའོ། །ཡང་སོས་ལ། རི་ལུག་གི་གདོང་བ་ཅན་ནམ། སེང་གེའི་གདོང་བ་ལྟ་བུ་གཉིས་ཀྱི་བར་དུ་འཇོམས་པའོ། །ཐིག་ནག་ལ་ལྟོ་རྒྱབ་ནས་ཐིག་བཏབ་ནས་སོག་ལེས་འདྲའོ། །བསྡུས་འཇོམས་ལ།ལྕགས་ཀྱི་ཟངས་ཀྱི་ནང་དུ་བཅུག་ནས། ནམ་མཁའ་ནས་ལྕགས་ཀྱི་ཐོ་ཆེན་གྱིས་བརྡུང་བའོ། །ངུ་འབོད་ནི། ལྕགས་ཀྱི་ཁང་སྒྲོམ་འབར་བར་བཅུག་ནས།ཕྱོགས་ཐམས་ཅད་ནས་ལས་ཀྱི་རླུང་གིས་མེ་སྦར་རོ། །ངུ་འབོད་ཆེན་པོ་ནི་ལུས་ལ་མེས་མ་རེག་པ་ཙམ་དུ་སྲེག་པའོ། །ཚ་བ་ནི་ལུས་ལ་མེ་འབར་བའོ། །རབ་ཏུ་ཚ་བ་ནི། གློ་སྙིང་ལ་མེ་འབར་བའོ། །མནར་མེད་པ་ལ། ལུས་རེངས་པ་མེ་འབར་ཞིང་ཕྱོགས་ཐམས་ཅད་ནས་སྲེག་པའོ། །རྒྱུན་རིང་བ་ནི། ལྕགས་ཀྱི་རི་ལ་ལོ་བརྒྱ་བརྒྱ་ལ། བྱའི་གཤོག་པ་རེག་པ་རེས་བྲད་པ་ལ། ལྕགས་ཀྱི་རི་ཟད་པ་དང་། ཡང་སོས་ཀྱི་ཚེ་ཟད་པའོ། །གྲང་བའི་དམྱལ་བ་ནི། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་དང་།ཨུཏྤལ་ལྟར་གས་པའོ། །ཆུ་བུར་ཅན་ལ་ལྕགས་ཀྱི་ཁང་པར་བཅུག་ནས་ཁང་པ་དེ་ཚགས་མ་བཞིན་དུ་ཡོད་པ་ལ་ཕྱོགས་ཐམས་ཅད་ནས་ལས་ཀྱི་རླུང་གིས་བུས་པས། རང་གི་ལུས་ལ་ཆུ་བུར་མཐེ་བོང་ཙམ་


DNG025_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གང་བའོ། །ཆུ་བུར་རྡོལ་བ་ལ། ཆུ་བུར་དེ་ནམ་རྡོལ་ན་ཁྲག་དང་རྣག་འཛག་པའོ། །ཨ་ཆུ་ཟེར་བ་ལ། འཁྱགས་པས་ཉེན་ནས་སྐབས་སུ་ཨ་ཆུ་ཟེར་བ་ཙམ་ལས་མི་ཐོན་པའོ། །ཀྱི་ཧུད་ཟེར་བ་ལ་སྨྲེ་སྔགས་ཙུག་བྱ་བྱ་བ་ཙམ་ལས་མི་ཐོན་པའོ། །སོ་ཐམ་པ་ལ། སོ་མ་མགལ་ལ་ཟུག་ནས་སྐད་ཙམ་ཡང་མི་ཐོན་པའོ། །པདྨ་ལྟར་གས་པ་ལ་ཆུ་བུར་རྒྱ་གྲམ་དུ་གས་པའོ། །པདྨ་ལྟར་ཆེར་གས་པ་ལ། ཆུ་བུར་གས་པ་དེ་ཕྱིར་ཟློག་གིས་སོང་བའོ། །ཨུཏྤལ་ལྟར་གྱེས་པ་ལ། ཨུཏྤལ་དེ་རྩ་བ་ཕྲ་མོ་ལ་མེ་ཏོག་ཆེ་བ་དང་འདྲ་བར། ཐམས་ཅད་ཕར་ལ་གོགས་ནས་ཆུ་རྒྱུས་ཀྱིས་ཟུངས་ཕྲ་མོས་འདྲེལ་བའོ། །རྒྱུན་རིང་བ་ནི་ཏིལ་སྦྱངས་ཆེར་པོ་གང་ལ། ལོ་བརྒྱ་བརྒྱ་ལ་ཏིལ་རྡོག་མ་རེ་ཕྱུང་ལ་ཏིལ་ཟད་པའི་ཚེ་ན། ཆུ་བུར་ཅན་གྱི་ཚེ་ཟད་པའོ། །གཞན་མ་རྣམས་གོང་མ་གོང་མ་བས་འོག་མ་ཉིས་འགྱུར་གྱིས་ཚེ་རིང་བའོ། །ཉེ་འཁོར་གྱི་དམྱལ་བ་ནི་ཤར་ཕྱོགས་ཀྱི་སྒོ་ནས་མེ་མར་མུར་གྱི་འོབས། ལྷོ་ན་ཐལ་ཚན་གྱི་ཆུ་བོ་རབ་མེད།ནུབ་ན་རོ་མྱགས་ཀྱི་འདམ། བྱང་ན་རལ་གྲི་ལོ་མའི་ནགས་ཚལ་ལོ། །མེ་མར་མུའི་འོབས་ལ། ལྕགས་ཀྱི་ཁང་པ་དེ་སྒོ་ཚ་བ་སྙམ་སེམས་ནས་ཕྱིར་བྱུང་བས་སྒོ་ཐམས་ཅད་མེ་ཡིས་བསྐོར་ནས། ནང་གི་སྡུག་བསྔལ་བས་འདི་རུ་ཤི་ན་སྙམ་ནས། མེའི་འོབས་སུ་མཆོངས་པས། ལུས་ཐམས་ཅད་རུས་པར་ཀྲོལ་གྱིས་འགྲོའོ། །ཐལ་ཚན་གྱི་ཆུ་བོ་རབ་མེད་ནི། ཐལ་ཚན་གྱིས་སྐེད་པ་མན་ཆད་ཟུལ་གྱིས་འགྲོ་བ་ལ་རྒལ་བའོ། །རོ་མྱགས་ཀྱི་འདམ་ནི། འདམ་ཆེན་པོ་པུས་མོ་མན་ཆད་བྱིངས་ཀྱིས་འགྲོ་བ་ལ་བརྒལ་བས། སྲིན་བུ་ལྕགས་ཀྱི་མཆུ་ཅན་གྱིས་རྐང་མྱལ་གྱིས་གཏོང་བའོ། །ནགས་ཚལ་རལ་གྲིའི་ལོ་མ་ནི། ཚད་པས་གདུངས་པ། ནག་ལིང་ངེ་འདུག་པ་ཅན་དུ་ཕྱིན་པས། ལོ་མ་ཐམས་ཅད་རལ་གྲིར་སོང་ནས།ལུས་ལ་འབབ་པའོ། །རྒྱུན་རིང་བ་ནི་བར་གྱི་བསྐལ་པ་རེ་རེ་ཐུབ་བོ། །ཡི་དྭགས་ལ་བཞི། ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྒོ་ཁུད་ཅན་གྱི་སྒྲིབ་པ་ཅན་དང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ནོ། །


DNG025_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་སྒྲིབ་པ་ཅན་ལ། བཟའ་བཏུང་ཐམས་ཅད་རྣག་ཁྲག་ཏུ་མཐོང་བའོ། །རང་གི་ནོར་ལ་སེར་སྣ་བྱས་པས་ལན་པ་ཡིན་ནོ། །ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་ཀྱི་མིག་ཙམ་ལ། རྐེ་གཞུ་རྒྱུད་ཙམ་ལ། ལྟོ་བ་རི་རམ་ཙམ་ཡོད་པས། ལྟོ་མི་རྙེད་པའོ། །རྙེད་ཀྱང་མི་ཤོང་ངོ་། །བག་ཙམ་ཤོང་ཡང་ཕན་མི་ཐོགས་པའོ། །གཞན་གྱི་ནོར་ལ་སེར་སྣ་བྱས་པ་ལས་བྱུང་བ་ཡིན་ནོ། །སྒོ་ཁུད་ཀྱི་སྒྲིབ་པ་ཅན་ནི། ཁ་ཁབ་ཀྱི་མིག་ཙམ་ལ་ཟས་ཁར་འགྲོ་མི་འདོད། ལན་རེ་སོང་བ་དེ་ཡང་ལྕགས་ཀྱི་ཐུ་ལུམ་དུ་སོང་ནས། མར་ལ་མ་ཐོན་གྱི་བར་དུ་ཁོང་དུ་སྲེག་པའོ། །དཀོན་མཆོག་གི་དཀོར་དང་གླུད་ལ་འབག་པ་ལས་བྱུང་ངོ་། །སྤྱི་མཐུན་གྱི་སྒྲིབ་པ་ནི། ཟས་མཚོན་ཆ་ཐོགས་པས་བསྲུངས་ནས་ཟར་མི་སྟེར་བའོ། །སེར་སྣ་དང་ཕོངས་པ་བྱས་པ་ཙམ་ལས་བྱུང་བའོ། །རྒྱུན་རིང་པ་ནི་མིའི་ལོ་ལྔ་སྟོང་ཐུབ་པའོ། །དུད་འགྲོའི་སྡུག་བསྔལ་ལ་གསུམ་སྟེ། ཉིང་ཤ་ཉིང་གིས་ཟ་བའི་སྡུག་བསྔལ་དང་། གསད་གཅོད་ཀྱི་སྡུག་བསྔལ་དང་། འཁོལ་སྤྱོད་ཀྱི་སྡུག་བསྔལ་ལོ། །ཉིང་ཤ་ཉིང་གིས་ཟ་བ་ནི། ཆེ་ཆེས་ཆུང་ཆུང་བསད་ནས་ཟ་བའོ། །བསད་གཅོད་ཀྱི་སྡུག་བསྔལ་ནི། མ་བས་ལྷག་པ་བྱས་པ་འོག་ཏུ་བཅུག་ནས་གསོད་པའོ། །འཁོལ་སྤྱོད་ཀྱི་སྡུག་བསྔལ་ནི། བསྐལ་པ་ཀོ་མཐིལ་ཙམ་གྱི་སྟེང་དུ། རེ་བ་བསྟད་ནས་ཁལ་བཞི་བཞི་ཙམ་འགེལ་བ་ལ་སོགས་པའོ། །རྒྱུན་རིང་བ་ནི་བར་གྱི་བསྐལ་པ་ཙམ་ཐུབ་པོ། །ངན་སོང་གསུམ་ནི། དུད་འགྲོ་སྟོང་འགྱུར་གྱིས་མང་ངོ་། །ཡི་དྭགས་དེ་བས་སྟོང་འགྱུར་གྱིས་མང་ངོ་། །དེ་བས་དམྱལ་བ་སྟོང་འགྱུར་གྱིས་མང་ངོ་། །ཀྱེ་གསང་བའི་བདག་པོ། དཔེར་ན་ཆུ་ཐམས་ཅད་ཐུར་ལ་འགྲོ་བས་མི་ལོག་པར། རྒྱ་མཚོ་ལ་མང་ལ། རི་རྩེ་ལ་ཉུང་བ་བཞིན་དུ། སེམས་ཀྱང་ཆུ་དང་འདྲའོ། །ཉོན་མོངས་ངན་སོང་ན་མང་བར་གྲུབ་པོ་ཞེས་གསུངས་སོ། །མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའི་རྒྱུད་ལས། རང་སྣང་ངོ་མ་ཤེས་པས། འཁོར་བ་ངན་སོང་དུ་འཁྱམ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་བཅོམ་


DNG025_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་མ་རིག་མུན་པས་བསྒྲིབས་ནས་སུ། རང་སྣང་བདུད་དུ་འགྱུར་བ་ཡིས། །ངན་སོང་གནས་སུ་འཁྲུལ་ལུགས་ཇི་ལྟར་ལགས། །འཁྲུལ་པ་ཟློག་ན་ཅི་ལྟར་བཟློག །ཅེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ།ལེགས་པར་ཉོན་ཅིག །ངས་བཤད་དོ། །འཁོར་བར་འཁྱམས་པའི་སེམས་ཅན་གྱི། །འཁྲུལ་པའི་ལམ་གྱིས་དུས་ཉིད་ན། །རྩལ་སྣང་སྒོ་ལྔ་འོད་དུ་མཐོང་། །མཐོང་བས་བག་ཆགས་རབ་ཏུ་སྐྱེས། །དེ་ནས་འདོད་ཆགས་ཞེས་སུ་འཁྲུལ། །རིག་པ་བཞི་ལ་ལྷན་གྱིས་སོང་། །རང་སྣང་མཚན་ཉིད་མ་ཤེས་པས། །དེ་ལ་ཞེ་སྡང་རབ་ཏུ་སྐྱེས། །དེས་ན་ཞེ་སྡང་ཞེས་སུ་འཁྲུལ། །གཉིས་སུ་མེད་པར་མ་ཤེས་པས། །དེས་ན་གཏི་མུག་ཅེས་སུ་འཁྲུལ། །དེ་ལ་ང་དང་ངའོ་སྙམ་པའི་ཡུལ་དུ་བཟུང་། །དེ་ནས་ང་རྒྱལ་ཞེས་སུ་འཁྲུལ། །ང་རྒྱལ་ཆ་ལས་ཁོང་ཁྲོ་བྱུང་། །འགྱུ་བའི་སྒོ་ལ་འདོད་ཆགས་བྱུང་། །མངལ་དུ་འགྲིམས་པས་མོ་རུ་འཁྲུལ། །གཏི་མུག་སྒོ་ལས་གཉིས་ཀར་བཟུང་། །མངལ་དུ་འགྲིམས་པས་མ་ནིང་འཁྲུལ། །ཕོ་མོ་མ་ནིང་དེ་ནས་བྱུང་། །ཆགས་པ་སྐྱེས་པས་ཡི་དྭགས་དང་། །ཞེ་སྡང་ལས་ནི་དམྱལ་བ་དང་། །གཏི་མུག་ལས་ནི་བྱོལ་སོང་དང་། །ཁོང་ཁྲོ་ཕྲག་དོག་ལྷ་མིན་ལྷ། །དུག་ལྔ་སྐྱེས་པས་འགྲོ་དྲུག་འཁྲུལ། །ཀྱེ་གསང་བའི་བདག་པོ། དུག་ལྔ་སྒོ་ལྔ་ལས་བྱུང་ངོ་། །སྒོ་ལྔ་སྣང་བ་མ་འགགས་པས། །འོད་ལ་ཆགས་པས་གཟུགས་ཀྱི་ཕུང་པོར་འཁྲུལ། །ཉམས་སུ་མྱོང་བས་ཚོར་བའི་ཕུང་པོར་འཁྲུལ། །དཀར་དམར་ལྔ་རུ་ཕྱེ་བས་འདུ་ཤེས་འཁྲུལ། །མངལ་དུ་ཚུད་པས་འདུ་བྱེད་ཕུང་པོར་འཁྲུལ། །སྒོ་ལྔ་ཆགས་པས་རྣམ་ཤེས་ཕུང་པོར་འཁྲུལ། །དེ་ནས་མངལ་ནས་འགྲིམས་པའི་ཚེ། །རིག་པ་རིག་གསལ་མ་འགགས་པས། །སྣང་བ་སལ་གྱིས་བྱུང་བས། འབྱུང་བ་སྔར་མིང་ཐོགས་པས། ཞེ་སྡང་སྒོ་ལས་ཆགས་པ་རྣམ་ཤེས་ཕུང་པོར་འཁྲུལ་ལོ། །ཁ་དོག་སྣ་ཚོགས་


DNG025_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་འོད། །ཐམས་ཅད་འདུས་པའི་རྟགས་ཆེན་ཡིན། །འདོད་ཆགས་སྒོ་ལས་སྒྲ་གཅིག་བྱུང་། །ད་ལྟར་རྣ་བའི་རྣམ་ཤེས་འཁྲུལ། །གཏི་མུག་སྒོ་ལ་དྲི་གཅིག་བྱུང་། །ད་ལྟ་སྣ་ཡི་རྣམ་ཤེས་འཁྲུལ། །ཐམས་ཅད་སྒོ་ལས་རོ་གཅིག་བྱུང་། །ད་ལྟ་ལྕེ་ཡི་རྣམ་ཤེས་འཁྲུལ། །ལྷུན་གྲུབ་སྒོ་ལས་རེག་ཏུ་བྱུང་། །ད་ལྟ་ལུས་ཀྱི་རྣམ་ཤེས་འཁྲུལ། །དེ་ཡང་ཇི་ལྟར་འཁྲུལ་ཞེ་ན། །ཐག་པ་ལས་སྦྲུལ་དུ་འཁྲུལ་པ། །མཐོ་ཡི་ཡོར་ལས་མིར་འཁྲུལ་པ། །སྨིག་རྒྱུ་ལས་ཆུ་རུ་འཁྲུལ་པ་ལྟ་བུར་འཁྲུལ་ལོ། །ཐག་པ་ལ་སྦྲུལ་གྱི་སྣང་བ་མེད་ཀྱང་། རབ་རིབ་ཅན་གྱིས་སྦྲུལ་དུ་མཐོང་བའམ། ལའི་མཐོ་ཡོར་ལ་མིར་མ་གྲུབ་སྟེ། སེམས་རྟོག་ཅན་གྱིས་སྒྲ་རུ་བཟུང་བའམ། སྨིག་རྒྱུ་ལ་ཆུ་རུ་འཁྲུལ་པ་ནི། རི་དྭགས་ཀྱི་རྒྱལ་པོ་རུ་རུ་བྱ་བ་དེ་ལ། མཆེ་བ་རྣམ་པ་གསུམ་དང་ལྡན་ཏེ། གཉིད་ཆེ་བ། བརྗེད་པ་ཆེ་བ། སྐོམ་དད་ཆེ་བའོ། །སྐོམ་དད་ཆེ་བས་རྒྱ་མཚོ་ལ་ཆུ་འཐུངས་སོ། །གཉིད་ཆེ་བས་རྒྱ་མཚོའི་འགྲམ་དུ་རྒྱབ་གཏད་ཉལ་ལོ། །སྐོམ་དད་ཆེ་བས་གཉིད་སད་པ་ཁ་སྐམ། བརྗེད་པ་ཆེ་བས་རྒྱ་མཚོ་དྲུང་ན་ཡོད་པ་བརྗེད། མདུན་གྱི་སྨིག་རྒྱུ་བསྙེགས་པས་སྐོམ་གྲིར་ཤིའོ། །ཀྱེ་གསང་བའི་བདག་པོ། ཁྱོད་མ་ཡེངས་པར་ཉོན་ཅིག །དེ་འཁྲུལ་པ་བཟློག་ན། ཟག་བཅས་ཀྱི་ཕུང་པོ་འདི། མགར་བའི་ལག་གིས་བྱས་པའི་མེ་ལོང་གིས་གཏན་ལ་འབེབས་པ་ལྟར། ཟག་པ་མེད་པའི་ཡེ་ཤེས། བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ཀྱི། ཐུགས་ལས་རང་བྱུང་བའི་རིན་པོ་ཆེ། ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་དང་བྱུང་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྤྲོས་པ་ཆོད་དོ། །དེ་ནས་འཛམ་བུ་གླིང་ཡོངས་སུ་མཐོང་སྟེ། དེ་ནས་རི་མ་ལ་ཡའི་རྩེ་ལ་བབས་སོ། །དགྲ་བཅོམ་པ་ལྔ་བརྒྱའི་ཐུགས་ཀྱི་སྤྲོས་པ་ཆོད་དོ། །དེ་ནས་རི་བྱ་རྒོད་རིའི་རྩེ་ལ་བབས་སོ། །པཎྜི་ཏ་ལྔ་བརྒྱའི་ཐུགས་ཀྱི་སྤྲོས་པ་ཆོད་དོ། །དེ་ནས་འཛམ་བུའི་གླིང་ཡོངས་སུ་འཐོར་ཏེ། ལས་ཅན་གྱི་གང་ཟག །རྡོ་རྗེ་འཆང་གི་རིག་པ་འཛིན་པ་རྣམས་ལ། ཐུགས་རྗེ་རང་བྱུང་དུ་འགྲོ་བའི་


DNG025_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱོན་པ། རིན་པོ་ཆེ་མན་ཤེལ་དྲི་མ་དང་བྲལ་བ་འདི་བསྟན་པའི་ཚེ། དོན་དམ་ཆོས་སྐུ་མ་ཡིན་ཏེ། དཔེ་འདི་ཅི་འདྲ་བ་བཞིན་ཤེས་པར་གྱིས་ཤིག །ཤེལ་འདི་ལ་ཕྱི་ནང་མེད་པ་བཞིན། ཆོས་སྐུ་ལ་ཕྱི་ནང་མེད་པར་ཤེས་པར་གྱིས་ཤིག །འདི་ལ་མདུན་རྒྱབ་མེད་པ་བཞིན་དུ། ཆོས་ཀྱི་སྐུ་ལ་མདུན་རྒྱབ་མེད་པར་གྱིས་ཤིག །འདི་ལ་སྟེང་འོག་མེད་པ་བཞིན། ཆོས་ཀྱི་སྐུ་ལ་སྟེང་འོག་མེད་པར་ཤེས་པར་གྱིས་ཤིག །འདི་ལ་མཚན་ཉིད་ལྔ་ལྡན་དུ་གསལ་བ་བཞིན་དུ། ཆོས་ཀྱི་སྐུ་ལ་མཚན་ཉིད་ལྔ་ལྡན་དུ་ཤེས་པར་གྱིས་ཤིག །ཀྱེ་གསང་བའི་བདག་པོ། ཕྱི་རབས་ཀྱི་གང་ཟག་རྣམས་ལ། བར་དོ་བཞིའི་གསང་ལམ་ཕྱེ་ལ་སྟོན་ཅིག །འདི་བསྟན་པའི་ཚེ། ཟག་པ་མེད་པའི་ཡེ་ཤེས་བཞུགས་པ། མེ་ལོང་གསུམ་གྱིས་གཏན་ལ་འབེབས་ཏེ། ནང་གསལ་དུ་འཆར་རོ། །ཀྱེ་གསང་པའི་བདག་པོ། རང་བཞིན་གྱི་བར་དོ་དང་། ཏིང་ངེ་འཛིན་གྱི་བར་དོ་དང་། རྨི་ལམ་གྱི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་བཞི་ལ་ངོ་སྤྲོད་དོ། །ཀྱེ་གསང་བའི་བདག་པོ།རང་བཞིན་གྱི་བར་དོ་ལ། ཟབ་མོའི་དོན་བསྟན་ནས། དྭ་ཕྲུག་མ་འཕྲད་ལྟ་བུའི་གདམས་ངག་བསྟན་ཏེ། དཔེར་ན་གང་ཟག་བཟའ་མི་གཉིས་འདུས་ནས།སྐྱེས་པ་དེ་ནི་ཤི། བུད་མེད་དེ་ལ་ལུས་ལ་བུ་གཅིག་སྐྱེས་སོ། །དེ་སྐྱེས་པ་དང་མ་དང་བྲལ་ཏེ། ཕྱི་མེས་ཀྱིས་གསོས་པས། མ་དང་བྲལ་ནས་ཤིན་ཏུ་ཉོན་མོངས་སོ། །དུས་ལན་ཅིག་ཡུལ་དེར་ལྟད་མོ་ཞིག་ཡོད་པས། མི་ཐམས་ཅད་ལྟད་མོ་ལ་ཆས་སོ། །མི་ཐམས་ཅད་རྒྱན་འདོགས་རྟ་ཞོན་བྱེད་པ་ཁོང་ཡང་ཆས་སོ། །ལྟད་མོའི་སར་སླེབས་པས་མི་ཐམས་ཅད་ལྟད་མོ་ལྟ་བཟའ་བ་སྟེར་བ་ཟ་བྱེད་པས། མི་ཐམས་ཅད་ལ་ཕ་མ་འདུག་པས། ཁོ་ལ་ཕ་མ་མེད་དེ། ངའི་ཕ་མ་མེད་དོ། །ངའི་ཕ་མ་ཞིག་གང་དུ་སོང་ན་སྙམ་སྟེ། ཕ་མའི་སྡུག་བསྔལ་ཤར་རོ། །དེར་འགྲོ་ས་ཡང་མེད། བཟའ་བ་སྟེར་བ་ཡང་མེད་པས། ལམ་འཕྲང་གཅིག་ལ་བསྡད་དོ། །


DNG025_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མ་དེ་ཡང་བུ་ཚོལ་བ་ལ། དེ་རིང་མི་ཐམས་ཅད་ཚོགས་པས་ངའི་བུ་དེ་དང་ཡང་འཕྲད་དམ་སྙམ་སྟེ། ལམ་དེ་ལ་སྟོད་སྨད་གཉིས་གཤིབས་ཏེ་འདུག་གོ། །དེ་རུ་མི་རྒྱུས་ཡོད་པ་གཅིག་བྱུང་སྟེ། དེས་སྨྲས་པ་དུས་དེ་རིང་ཁྱེད་མ་སྨད་ཀྱང་འཛོམ་འདུག་བྱས་ཏེ། སྔར་གྱི་མ་སྨད་བྲལ་བའི་ལོ་རྒྱུས་བཤད་པས་ཡིད་ཆེས་ཏེ། མ་དང་བུ་རུ་འཕྲད་དོ། །ཀྱེ་གསང་བའི་བདག་པོ་དཔེ་དེ་བཞིན་དུ། ལྟད་མོ་ཡོད་པ་དང་འདྲ་བའི་སྐྱེ་རྒས་ན་འཆིའི་སྡུག་བསྔལ་ལ། ན་ཟླ་ཤེད་རོགས་ཤི་བ་དང་། ཁྱིམ་མཚེས་ལྟག་འོག་ཤི་བ་དང་། མཐོང་བའི་དུས་དེར།ཆོས་མིན་པ་ཅིས་ཀྱང་མི་ཕན་པས། ཕ་མ་དང་འདྲ་བའི་མིས་རྒྱུས་ཅན་དང་འདྲ་བའི་བླ་མས་རང་ལ་ཆོས་སྐུ་ཇི་ལྟར་དུ་ཡོད་པ་དེ། ངོ་སྤྲོད་རྣམ་པ་བཞིས་གཏན་ལ་ཕབ་སྟེ་བསྟན་པས། དཔེ་ལ་ངོ་སྤྲོད་པས་ངོ་ཤེས། རྟགས་ལ་ངོ་སྤྲད་པས་ཡིད་ཆེས། དོན་ལ་ངོ་སྤྲད་པས་ཐག་ཆོད། ཚིག་ལ་ངོ་སྤྲད་པས་འཁོར་འདས་ཀྱི་ཤན་ཕྱེད་དོ། །དཔེ་ལ་ཤེལ་རྟགས་ལ་རང་ཆས། དོན་སྒྲོན་མ། ཚིག་རྡོ་རྗེ་སེམས་དཔའི་ཞལ་ཆེམས་སོ། །ཀྱེ་གསང་བའི་བདག་པོ། དེ་ངོ་ཤེས། རང་སྣང་སྐུ་དང་ཡེ་ཤེས་སུ་ཤེས་ཐག་ཆོད་དོ། །མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ལས། རང་བཞིན་གྱི་བར་དོ་ལ་ཟབ་མོའི་དོན་བསྟན་ནས། དྭ་ཕྲུག་མ་དང་ཕྲད་པའི་ལེའུ་སྟེ་དགུ་པའོ།། །།ཀྱེ་གསང་བའི་བདག་པོ། ཏིང་ངེ་འཛིན་ཉམས་ལེན་གྱི་བར་དོ་ལ། ཡེ་ཤེས་ངོ་ཡིས་འཛིན་པ། སྒེག་མོ་མེ་ལོང་ལྟ་བུའི་གདམས་ངག་ནི་དཔེ་ན་ཆུང་སྒེག་མོ་ལང་ཚོ་ལ་བབ་པ། མེ་ལོང་ལ་བལྟ་ཞིང་ཕྱི་བདར་བྱེད་དོ། །ལས་ཅན་གྱི་གང་ཟག་དེ་ཡང་། གདམས་ངག་ལ་ཡང་དང་ཡང་དུ་དྲན་པ་བསྟན་པའོ། །དེ་ཡང་དང་ཡང་དུ་གསོར་བྱེད་པ། དེ་ཉིད་དྲན་པ་ཆེན་པོ་འཆང་ཤེས་སོ། །ཏིང་ངེ་འཛིན་གྱི་བར་དོ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།རྨི་ལམ་གྱི་བར་དོ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་ནི། ཀྱེ་གསང་བའི་བདག་པོ། དཔེར་


DNG025_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཆུ་བོའི་གཞུང་ལྟ་བུ་སྟེ། ཆུ་བོ་གང་གཱའི་ཆུ་བསྐལ་པ་ནས་རྒྱུན་ཆད་མེད་པ་བཞིན་དུ། སྣང་བ་འདི་རང་ཡང་རྨི་ལམ་ལྟ་བུ་ཡིན་ཏེ། དེ་རིང་དྲེད་དངངས་དྲག་པོ་གཅིག་བྱུང་ན། རྨི་ལམ་ན་ཡང་དངངས་སྐྲག་གོ། ། སྐྱེ་ཤིས་འཇིགས་པའི་མི་གཅིག །གདམས་ངག་ལ་དྲན་པ་བརྟན་པ་ལ་ཉིན་དང་མཚན་མེད་དོ། །རྨི་ལམ་གྱི་བར་དོ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཀྱེ་གསང་བའི་བདག་པོ། ཆོས་ཉིད་ཀྱི་བར་དོ་ལ་རང་ཡིན་པ་ལ། ཡིན་པར་ངོ་ཤེས་པ། སྔར་འདྲིས་པའི་མི་དང་ཕྱིས་གང་འཕྲད་པ་ལྟ་བུ་ནི། ད་ལྟ་བླ་མས། རང་ལ་ཆོས་སྐུ་ངོ་སྤྲད་ནས་རང་ངོ་ཤེས་པའི་གང་ཟག་དེ། བེམ་རིག་བྲལ་བ་དང་། ཁྱུང་སྒོང་རྒྱ། སེང་གེ་མངལ་རྒྱ། རྣལ་འབྱོར་པ་ལུས་རྒྱ། རྒྱ་གསུམ་ལས་གྲོལ་བའི་དུས་སོ། །རང་སྣང་སྐུ་དང་ཡེ་ཤེས་སུ་ངོ་ཤེས་ཏེ། རང་སྣང་རྣམ་དག་ཏུ་ངོ་ཤེས། ཡིད་ཆེས་ཐག་ཆོད་དོ། །སྔར་འདྲིས་པའི་མི་དང་ཕྱིས་འཕྲད་པ་ལྟ་བུའོ། །གཅིག་འགག །གཅིག་འཆར། གཅིག་ལ་གནས་སོ། །རྒྱལ་བ་འོད་ཀྱི་ཕུང་པོ་ཆེན་པོའི་དཀྱིལ་འཁོར་ཆེན་པོ། འདབ་མ་བཞི་པ་ལྟེ་བ་དང་ལྔའི་ཚུལ། མེ་མར་སྟོང་བཏེག་པ་ལྟ་བུ། ཉི་མ་འབུམ་བས་ལྷག་པའི་པདྨའི་དབུས་ལྟེ་བ་ལ། རིག་པ་ངོ་བོ་སྟོང་པའི་ངོས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཡེ་ཤེས་དེའི་རང་གདངས་འོད་ཁ་དོག་མཐིང་གར་གསལ་ལོ། །དེའི་འབྲས་བུ་གཟུགས་བརྙན་དུ་ཤར་བའི་སྐུ། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད། ཆོས་ཉིད་མི་འགྱུར་བའི་རྟགས་སུ། སྐུ་མདོག་མཐིང་ག །དོན་གྱི་དགོངས་པ་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་འདུས་པའི་རྟགས་སུ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཐུགས་རིག་པའི་ཡེ་ཤེས་མ་རིག་པ་གཅོད་པའི་བརྡའ་རུ། ཕྱག་མཚན་འཁོར་ལོ་བསྣམས་པ། ཡོན་ཏན་རིན་པོ་ཆེ་དུ་མས་སྤྲས་པའི་བརྡའ་རུ། རིན་པོ་ཆེ་མཛེས་པའི་རྒྱན་གྱིས་སྤྲས་པ། གདན་ནི་སྐུ་ལ་རྩལ་གསུམ་རྫོགས་པའི་རྟགས་སུ་སེང་གེའི་གདན་ནོ། །


DNG025_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདྨའི་གདན་ནོ། །དེའི་སྟེང་དུ་ཐབས་ཤེས་རབ་འདུ་འབྲལ་མེད་པའི་བརྡའ་རུ། ཉི་མ་དང་ཟླ་བའི་གདན་ལ་བཞུགས་སོ། །འཁོར་ནི་ཚད་མེད་པ་བཞི་དང་ལྡན་པའི་བརྡའ་རུ། རིགས་བཞིའི་སངས་རྒྱས་ཀྱིས་བསྐོར་ཏེ།སྐུ་མདོག་དགོངས་པ་བརྡའ་ཡིས་མཚོན་པ། ཚོམ་བུའི་དཀྱིལ་འཁོར་དུ་གསལ་ལོ། །ཤར་གྱི་པདྨའི་འདབ་མ་ལ། རིག་པ་རང་བཞིན་གསལ་བའི་མེ་ལོང་ལྟ་བུ་ཡེ་ཤེས། ཡེ་ཤེས་དེའི་རང་གདངས། འོད་ཁ་དོག་དཀར་པོར་གསལ་ལོ། །དེའི་འབྲས་བུ་གཟུགས་བརྙན་དུ་ཤར་བའི་སྐུ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ།ཆོས་ཀྱི་སྐུ་དྲི་མ་མེད་པའི་བརྡའ་རུ། སྐུ་མདོག་དཀར་པོ། ས་ཡོངས་སུ་རྫོགས་ཤིང་ནོན་པའི་བརྡའ་རུ། ས་གནོན་གྱི་ཕྱག་རྒྱ། ཐུགས་རིག་པའི་ཡེ་ཤེས་ལས་འགྱུར་བ་མེད་ཅིང་། སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་བརྡའ་རུ། ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །ཐབས་ཤེས་རབ་འདུ་འབྲལ་མེད་པའི་བརྡའ་རུ།ཡུམ་སངས་རྒྱས་སྤྱན་དང་གཉིས་སུ་མེད་པའོ། །སྐུ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཤིང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ། །གདན་ནི་ཆོས་ཉིད་མི་འགྱུར་བའི་རྟགས་སུ་གླང་པོ་ཆེའི་གདན་ནོ། །དེའི་སྟེང་དུ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་བརྡའ་རུ། པདྨའི་གདན་དང་ཉི་ཟླའི་གདན་ལ་བཞུགས་སོ། །དེ་ཡང་རྡོ་རྗེ་སེམས་དཔའ་ཡབ་ཀྱི་ཐབས་འགག་པ་མེད་པའི་ཡེ་ཤེས་ཀྱི་ཆ་འཛིན་པའི་སེམས་དཔའ་གཉིས་སུ་ཤར། དེ་ཡང་སའི་སྙིང་པོ་གཡས་ན་བཞུགས། བྱམས་པ་མཻ་ཏྲི་གཡོན་ན་བཞུགས་སོ། །ཡུམ་སངས་རྒྱས་སྤྱན་གྱི་ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་ཀྱི་མཚན་ཉིད་འཛིན་པ། སེམས་མ་གཉིས་སུ་ཤར་དེ། ལཱ་སྱ་སྒེག་མོ་མདུན་ན་བཞུགས་སོ། །པུཥ྇་མ་རྒྱབ་ན་བཞུགས་སོ། །ཚོམ་བུའི་དཀྱིལ་འཁོར་དུ་རང་གསལ་ལོ། །ལྷོའི་པདྨའི་འདབ་མ་ལ། རང་རིག་པ་གསལ་སྟོང་གཉིས་སུ་


DNG025_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། མཉམ་པ་ཉིད་ཀྱི་ཡེ་ཤེས། ཡེ་ཤེས་དེའི་རང་གདངས།འོད་ཁ་དོག་སེར་པོ་རུ་གསལ་ལོ། །དེའི་འབྲས་བུ་གཟུགས་བརྙན་གྱི་སྐུ་རུ་གསལ་བ། བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་དུ་གསལ་ཏེ། དེ་ཡང་ཡོན་ཏན་རིན་པོ་ཆེ་དུ་མས་རྒྱས་པའི་རྟགས་སུ། སྐུ་མདོག་སེར་པོ། འགྲོ་བ་སེམས་ཅན་ལ་ཐུགས་རྗེ་འབྱུང་བའི་རྟགས་སུ། མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་རིག་པ་རང་བྱུང་གི་ཡེ་ཤེས་ལ། ཡོན་ཏན་ཕྱོགས་མེད་དུ་འབྱུང་བའི་བརྡའ་རུ། ཕྱག་མཚན་ནོར་བུ་རིན་པོ་ཆེ་བསྣམས་པའོ། །ཐབས་ཤེས་རབ་འདུ་འབྲལ་མེད་པ་མཚོན་པའི་བརྡའ་རུ། ཡུམ་ཆུ་མཱ་མ་ཀཱི་དང་གཉིས་སུ་མེད་པར་བཞུགས་པའོ། །གདན་ནི་འཁོར་བའི་ཆོས་ཉིད་ཀློང་དུ་གྲོལ་བའམ། བསྐྱོད་པའི་བརྡའ་རུ། རྟ་མཆོག་བསྣོལ་བའི་གདན་ནོ། །སྐྱོན་གྱིས་མ་གོས་པའི་རྟགས། པདྨ་ཉི་ཟླའི་གདན་ནོ། །དེ་ཡང་ཡབ་ཀྱི་ཐབས་འགག་པ་མེད་པའི་ཡེ་ཤེས་ཀྱི་ཆ་འཛིན་པ།སེམས་དཔའ་གཉིས་སུ་ཤར་ཏེ། ཀུན་ཏུ་བཟང་པོའི་གཡས་ན། ནམ་མཁའི་སྙིང་པོ་གཡོན་ན་བཞུགས་སོ། །ཡུམ་གྱི་ཤེས་རབ་འགྱུར་བ་མེད་པའི་ཆ་འཛིན་པ། སེམས་མ་གཉིས་སུ་ཤར་ཏེ། མཱ་ལེ་མེ་ཏོག་གི་ཕྲེང་བ་ཅན་མདུན་ན། དྷཱུ་པེ་མ་རྒྱབ་ནའོ། །ཚོམ་བུའི་དཀྱིལ་དུ་རང་གསལ་ལོ། །ནུབ་ཀྱི་པདྨ་ལ་རིགས་པའི་ཤེས་རབ་འགག་པ་མེད་པའི་སོ་སོར་རྟོགས་པའི་ཡེ་ཤེས། ཡེ་ཤེས་དེའི་རང་གདངས། འོད་ཁ་དོག་དམར་པོར་གསལ་ལོ། །དེའི་འབྲས་བུ་གཟུགས་བརྙན་དུ་ཤར་བའི་སྐུ། བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་སུ་གསལ་ཏེ།ཐུགས་རྗེ་འགྲོ་བའི་དོན་ལ་ཆགས་པའི་བརྡའ་རུ། སྐུ་མདོག་བྱི་རུའི་མདོག་ལྟར་དམར་པོར་གསལ་ལོ། །དོན་གྱི་དགོངས་པ་ཆོས་ཉིད་ངང་ལ་གནས་པའི་བརྡའ་རུ། མཉམ་བཞག་གི་ཕྱག་རྒྱ་ཅན། ཐུགས་རིག་པའི་ཡེ་ཤེས་ལ་རྟོག་པ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་བརྡའ་རུ། ཕྱག་མཚན་པདྨ་བསྣམས་པའོ། །


DNG025_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་རབ་འདུ་འབྲལ་མེད་པའི་བརྡའ་རུ། ཡུམ་མེ་གོས་དཀར་མོ་དང་གཉིས་སུ་མེད་པའོ། །གདན་ནི་འགྲོ་བའི་དོན་མཛད་པ་ལ་མཛེས་པའི་བརྡའ་རུ། རྨ་བྱ་བསྣོལ་བའི་གདན་ནོ། །དེའི་སྟེང་དུ་འཁོར་བའི་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་བརྡའ་རུ་པདྨའི་གདན་ནོ། །ཐབས་ཤེས་གཉིས་སུ་མེད་པའི་བརྡའ་རུ། ཉི་ཟླའི་གདན་ནོ། །དེ་ཡང་སྐུ་སྐྱིལ་ཀྲུང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཡབ་ཀྱི་ཐབས་འགག་པ་མེད་པའི་བརྡར། སེམས་དཔའ་གཉིས་སུ་ཤར་ཏེ། འཇམ་དཔལ་གཡས་ནའོ། །སྤྱན་རས་གཟིགས་གཡོན་ནའོ། །ཡུམ་གྱི་ཤེས་རབ་འགྱུར་བ་མེད་པའི་ཆ་འཛིན་པ་གཉིས་སུ་ཤར་ཏེ། ཨཱ་ལོ་ཀེ་སྣང་གསལ་འབུལ་བའི་ལྷ་མོ་མདུན་ན། གཱིརྟི་སྒྲའི་མཆོད་པ་འབུལ་བ་རྒྱབ་ནའོ། །ཚོམ་བུའི་དཀྱིལ་འཁོར་དུ་རང་གསལ་ལོ། །བྱང་གི་པདྨའི་འདབ་མ་ལ། ཤེས་བྱའི་ཐོགས་པ་མེད་པའི་བྱ་བ་གྲུབ་པའི་ཡེ་ཤེས། ཡེ་ཤེས་དེའི་རང་གདངས།འོད་ཁ་དོག་ལྗང་གུ་རུ་གསལ་ལོ། །དེའི་འབྲས་བུ་གཟུགས་བརྙན་གྱི་སྐུར་ཤར་བ། བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ། སྐུ་མདོག་ལྗང་གུར་གསལ་ལོ། །ཐུགས་རྗེས་སེམས་ཅན་གྱི་དོན་ལ་སྐྱོབས་པའི་བརྡའ་རུ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པའོ། །མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། གདན་ནི་སྐྱོན་གྱིས་མ་གོས་པ་པདྨའི་གདན་དང་། ཐབས་ཤེས་རབ་འདུ་འབྲལ་མེད་པ་ཉི་ཟླའི་གདན་ནོ། །འགྲོ་བའི་དོན་ཐོགས་པ་མེད་པ་མཛད་པའི་བརྡའ་རུ། ཤང་ཤང་བསྣོལ་བའི་གདན་ནོ། །དེ་ཡང་ཡབ་དོན་ཡོད་གྲུབ་པ་འགག་པ་མེད་པའི་བརྡའ། སེམས་དཔའ་གཉིས་སུ་ཤར་ཏེ། ཕྱག་ན་རྡོ་རྗེ་གཡས་ན། སྒྲིབ་པ་རྣམ་སེལ་གཡོན་ནའོ། །ཡུམ་གྱི་ཤེས་རབ་འགག་པ་མེད་པའི་ཆ་འཛིན་པ། སེམས་མ་གཉིས་སུ་ཤར་ཏེ། དེ་ཡང་གིརྟི་མ་སྒྲའི་མཆོད་པ་འབུལ་བ་མདུན་ན། གན་དྷི་མ་དྲིའི་མཆོད་པ་འབུལ་བ་རྒྱབ་ནའོ། །ཚོམ་བུའི་དཀྱིལ་འཁོར་དུ་རང་གསལ་ལོ། །ཀྱེ་གསང་བའི་བདག་པོ། ཚད་མེད་


DNG025_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིའི་རང་བཞིན་ལས། སྒོ་བ་བཞིར་ཡང་སྣང་སྟེ། རྣམ་རྒྱལ་ཤར་ན། གཤིན་རྗེ་གཤེད་པོ་ལྷོ་ན། རྟ་མགྲིན་ནུབ་ན། བདུད་རྩི་འཁྱིལ་པ་བྱང་ནའོ། །དེའི་ཡུལ་བཞི་ལ་སྒོ་མ་བཞིར་ཡང་སྣང་སྟེ། ལྕགས་ཀྱུ་མ་ཤར་ན། ཞགས་པ་མ་ལྷོ་ན།ལྕགས་སྒྲོག་མ་ནུབ་ན། དྲིལ་བུ་མ་བྱང་ནའོ། །དེ་མཐར་ཕྱིན་པའི་བརྡའ་རུ།ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཡང་ལྡན་ཏེ། ཐུབ་པ་དྲུག་ཏུ་གསལ་ལོ། །དེའི་ཐབས་ཤེས་རབ་མ་འགགས་པས། ཡབ་ཀུན་ཏུ་བཟང་པོ། ཤེས་རབ་མ་འགགས་པས། ཡུམ་ཀུན་བཟང་མོར་གསལ་ལོ། །ཆོས་སྐུར་སྟོང་ཆ་ལ་ཞི་བའི་ལྷ་ཚོགས་སུ་གསལ་ལོ། །ཆོས་སྐུའི་གསལ་ཆ་ལ། ཁྲོ་བོའི་ལྷ་ཚོགས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་འཆར་རོ། །ཀྱེ་གསང་བའི་བདག་པོ། དཔེར་ན་བུམ་པའི་ནང་གི་སྐུ་ལྟར་མ་འདྲེས་པ་ཡོངས་སུ་རྫོགས་པར་འཆར་རོ། །མཛོད་སྤུ་ལས་ཕྱག་རྡོར། ལྗགས་ལས་འཇམ་དཔལ། མགྲིན་པ་སྤྱན་རས་གཟིགས། སངས་རྒྱས་ཐམས་ཅད་རང་ལས་འཆར་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་མིག་ཅན་དྲི་མ་མེད། །ཡེ་ཤེས་སྣང་བ་ལམ་མེ་བ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །གཉིས་མེད་རོ་གཅིག་ཆུ་ལ་ཆུ་བཞག་བཞིན། ལན་ཚྭའི་རོ་བཞིན་ཐམས་ཅད་གཅིག་གི་ངང་། སྒྲ་ཐམས་ཅད་རང་སྒྲ་སྣང་བ་ཐམས་ཅད་རང་སྣང་།དཔེར་ན་མི་སྔར་འདྲིས་པ་ཤིན་ཏུ་གཅུགས་པ་གཉིས་ཡོད་ལ། དེ་གཉིས་ཡུན་རིང་འབྲལ་ཀྱང་། འཕྲང་གཅིག་ལ་འཛོམ་ན། ངོ་ཤེས་བཅུག་གོ། །ཀྱེ་གསང་བའི་བདག་པོ། ད་ལྟར་གྱི་དུས་སུ་ཐག་ཆོད་པ་གལ་ཆེའོ། །སྙིང་ཚིལ་པདྨ་དཀར་པོའི་གདན་ལ། སྣང་ལ་རང་བཞིན་མེད་པ་ཏིལ་གྱི་གོང་བུ་ཙམ། རྟ་རྔ་བཅུ་གཤགས་ཚད་དྭངས་མ། འོད་ལྔའི་ཚུལ་དུ་བཞུགས། རྡོ་རྗེ་སེམས་དཔའི་མེ་ལོང་ལ་མིག་བཅུག་ནས་བལྟས་པས།
ཆ་ཕྲ་ལ་གདངས་པ། གསལ་ལ་འཚེར་བ། རང་བཞིན་བཀྲག་པ། ཉམ་ང་བ། སོས་ཀའི་ཐང་ཀ་ལ། སྨིག་རྒྱུ་རྒྱུ་བ་བཞིན་དུ་མེ་རེ་རེ་ཡོང་ངོ་། །དེ་ལྟར་ཉམས་སུ་མྱོང་ཞིང་ངོ་ཤེས་ཤིང་འདྲིས་པར་གྱིས་ཤིག །ཀྱེ་གསང་བའི་བདག་པོ། རྩེ་གསུམ་ནི་སྐུ་གསུམ་གྱི་བརྡའོ། །དཔེ་འདྲ་འབག་ལ། མེ་ལོང་གསུམ་ཐུགས་ཉམས་སུ་བླང་ངོ་། །ཆོས་ཉིད་ཀྱི་བར་དོ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཀྱེ་གསང་བའི་བདག་པོ། དབང་པོ་ཐ་མའི་གང་ཟག་གཅིག །སྐྱེ་ཤི་འཇིགས་པ་ལས་སྒྲོལ་བ་ལ། བར་དོ་གཉིས་ལྷག་པར་བསྟན་ཏེ། ནམ་འཆི་བའི་ཚེ། ལུས་ཀྱི་ཆ་ལུགས་རྟའི། མཛེས་པའི་མདངས་ཤར་རོ། །ས་ཆུ་ལ་ཐིམ་པས། ལུས་མི་ཐེག་སྟོབས་ཤོར། ཆུ་མེ་ལ་ཐིམ་པས། ཁ་སྣ་སྐམ། མེ་རླུང་ལ་ཐིམ་པས། ལུས་ཀྱི་དྲོད་ཤོར། རླུང་ནམ་མཁའ་ལ་ཐིམ་པས། ཤེས་པ་རྡིབ་རྩ་ཆད། ཐིབ་ཐིབ་པའི་དུས་དེར། བླ་མ་གདམས་ངག་ཅན་གཅིག་གིས། གདམས་ངག་བཏབ་ནས་བྱས་ན། བེམ་རིག་བྲལ་བ་དང་། སྔར་གྱི་གདམས་ངག་གི་གནད་ཀྱིས། དཔེར་ན་མི་གཅིག་གིས། རྫས་ཀྱི་རྣམ་པ་གཅིག་བར་མཛོད་ཅིག་ཏུ་བཞག་པས། ས་ནི་སྲོད་མུན་པ་ལ་ལོན་དགོས་ན། སྒྲོན་མེ་བཏེག་ནས་ཕྱིན་ན། མི་རྫས་དང་འཕྲད་དེ། མེ་མེད་ན་མི་འཕྲད་དོ། །དཔེ་དེ་བཞིན་དུ། ཤེས་པ་རྡིབ་པའི་དུས་དེར། གསལ་བཏབ་ན་རང་སྣང་དུ་ཐག་ཆོད་དོ། །དེ་ནི་སྐྱེ་ཤིའི་བར་དོ་ལ། མི་གསལ་བས་གསལ་བར་བྱེད་པ། མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་ལེའུ་སྟེ་བཅུ་གསུམ་པའོ།། །།

ཐིག་ལེ་གསང་བའི་བརྡའ་རྒྱུད་ཅེས་བྱ་བ།


DNG025_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏི་ལ་ཀ་གུ་ཧྱ་ཨ་ཏི་ན་ཏན་ཏྲ་ནཱ་མ། བོད་སྐད་དུ། ཐིག་ལེ་གསང་བའི་བརྡའ་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ། མེ་རི་འབར་བའི་རྩེ་མོ། སྲི་ལ་མུ་ཁ་དུར་ཁྲོད་ཀྱིས་བརྒྱན་པའི་གནས་ན། ཐུན་


DNG025_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གི་འཁོར། དགའ་རབ་རྡོ་རྗེ་ལ་སོགས་པ། བྱང་ཆུབ་སེམས་དཔའ་བདུན་དང་། ཐུན་མོང་མ་ཡིན་པའི་འཁོར། རྡོ་རྗེ་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་བཞུགས་སོ། །དེ་ཡི་ཚེ། བཅོམ་ལྡན་འདས་བརྗོད་བྲལ་བརྡའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འདུས་པའི་འཁོར་ཚོགས་དོན་ཆེད་དུ། །ཏིང་ངེ་འཛིན་ལ་མ་མནལ་བར། །བརྡ་ཡི་རིམ་པ་གསུང་དུ་གསོལ། །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་བརྗོད་བྲལ་གྱི་ཏིང་ངེ་འཛིན་ལས་བཞེངས་ནས། འདི་སྐད་ཅེས་བཀའ་སྩལ་པ། བློ་ལྡན་རྣམས་ཀྱི་དོན་ཆེད་དུ། །ཟབ་མོའི་བརྡའ་རྒྱུད་ངས་བཤད་ཉོན། །ཅེས་གསུངས་སོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བའི་བདག་པོས་ཞུས་པ། ཀྱེ་སྟོན་པ་རྡོ་རྗེ་འཆང་། གཞི་ཡི་འདུལ་ཚུལ་བརྡ་རུ་གསུང་། ཞེས་ཞུས་པས། སྟོན་པས་གསུངས་པ། སྔོན་ཡུལ་རང་གསལ་བདེ་བ་ཅན་ཞེས་བྱ་བ་ན། རྒྱལ་པོ་ཀུན་སྣང་ཞེས་བྱ་བ་ལ།འདིངས་པའི་སྟན་མེད་དེ། རྒྱ་མཚོ་སྟན་དུ་བཏིང་། བགོ་བའི་གོས་མེད་དེ།ནམ་མཁའ་གོས་སུ་གོན་བཟའ་བའི་ཟས་མེད་དེ། འབྱུང་བཞི་ཟས་སུ་ཟོས།ཉིན་མཚན་མེད་པར་ཅེ་སྤྱང་གི་མིག་ཡིན་པས། མུན་པ་རྒྱབ་ཏུ་བོར། སྣང་བ་ཁོངས་པར་བཅངས། སྐྱོན་དང་བྲལ་ཏེ་རིན་པོ་ཆེའི་སྤྱན་ལ་བསྡིམ། ལུས་ངག་གསུམ་གྱི་རྩལ་ཆེ་བས། སེང་གེ་བཙོན་དུ་བཟུང་། སྣང་བ་གཞན་དུ་བསྐྱབ་ཏུ་མེད་པས། ཉི་མ་མཆན་ཁུང་དུ་སྦས། ཐམས་ཅད་བསད་ཅིང་ཟོས་པས། ཐ་མི་གཅིག་ཀྱང་མ་ཆག་ནས། གཅིག་པུར་ལུས་པས། གླེང་བའི་ཟླ་མེད་དེ། དགྲ་ཟིན་མེད་པས། ཤིན་ཏུ་སྐྱིད་ཀྱང་སྡོད་མ་ཚུགས་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། གཞི་མཚོན་པའི་བརྡའ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་


DNG025_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ། ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་།སྣང་བ་སྣ་ཚོགས་ཇི་ལྟར་འཆར། །འཁོར་འདས་གཉིས་སུ་ཇི་ལྟར་འཆར། །མ་ནོར་བརྡའ་འདི་འཁོར་ལ་གསུང་། །ཞེས་གསོལ་ཏོ། །སྟོན་པས་བཀའ་སྩལ་པ། སྔོན་ཡངས་པ་ཅན་གྱི་ཁྱིམ་དུ། ཉི་མའི་སྤྱན་ལས། རང་གིས་མ་ཚོང་བར།སྤྱན་གྱི་ནང་ནས་མཛེས་པའི་ལྷ་མོ་ལྔ། ཡུལ་མེ་ལོང་ཅན་དུ་ཤར་ནས། དེ་གཉིས་སྦྱོར་བ་བཀྱེ་བས། རིན་པོ་ཆེ་བརྩེགས་པའི་ཕོ་བྲང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞི་དང་བཅས་པ་སྐྱེས་ཏེ། ཆུ་ཤིང་སྙིང་པོ་ཅན་བྱ་བའི་རྒྱལ་པོ་དང་། དེ་ཡི་བཙུན་མོ་དང་སྲས་སུ་བཅས་པ་ཕྱིས་སྐྱེས་ནས། ཆུ་ཡི་ལྦུ་བ་གཅེས་པ་མཛེས་པའི་རྒྱན་དང་རི་མོར་སོང་སྟེ། ཀུན་ཏུ་སྣང་གི་ཉི་མ་དང་ཆས་ནས་བཞུགས་སྐད་དོ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པས། འབངས་དོན་དུ་ཆིས་བྱས། སྐྱིད་ཀྱི་ཕོ་བྲང་བཤིག་སྐད་དོ། །རྒྱལ་ཐེབས་འབངས་ལ་བཞག །རྒྱལ་པོ་བཞི་འཁོར་འཁོར་དང་བཅས་པས་དགུང་ལ་གཤེགས་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། ལོངས་སྐུའི་སྣང་བ་བརྡར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྟོན་པས་གསུངས་པ། སྔོན་ཁྱེའུ་ཀུན་ཏུ་རྒྱུག་བྱ་བ་ལ། ཞིང་ཐམས་ཅད་སྐྱེ་བ་བྱ་བ་ཡོད་དེ། ནོར་བུ་ཅན་བྱ་བ་དང་། གཞའ་ཚོན་བྱ་བ་དང་། མེ་ལོང་ཅན་བྱ་བ་དང་། གསུམ་ཡོད་དེ། ཁྱེའུ་བཞི་བདུད་ཧ་ལི་ཀ་ནག་པོས། ས་བོན་དུ་སྨེ་ཤ་ཀུན་བསྐྱེད་ཀྱི་ས་བོན་བཏབ། རྫ་མཁན་མོས་ཞིང་བཅུས། ལུས་སྩལ་པས། འབྲས་བྱེད་བྲལ། སྨེ་ཤ་ཅན་དུ་སྐྱེས་སོ། །མུན་པའི་མི་དྲུག་ལོངས་སྤྱོད་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། འཁྲུལ་པའི་བརྡའ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་སྟོན་པ་རྡོ་རྗེ་འཆང་།འཁྲུལ་སྣང་ཡེ་ཤེས་ལྡོག་ཕྱིར་དུ། །བཟློག་པ་ཐབས་ཀྱི་བརྡའ་རྣམས་གསུང་། །ཞེས་གསོལ་ཏོ། །སྟོན་པས་བཀའ་སྩལ་པ། སྔོན་ཡུལ་མུན་པའི་གླིང་བྱ་བ་ན། རྫ་མཁན་ཀུན་


DNG025_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་བྱ་བས། སྟོན་མོ་ཆེན་པོ་གཅིག་བཀྱེ་བས། ཤ་དུག་བྱུང་ནས་ན་བ་ལ། ཡུལ་མེ་ལོང་ཉི་མ་ཅན་བྱ་བ་ན། སྨན་པ་ཀུན་ཏུ་གསོ་མཁྱེན་བྱ་བ་ཡོད་པ་བཀུག་ནས། སྨན་པས་ནད་པའི་རྩ་གཟིགས་པས། ནད་འདུ་བ་རྣམ་པ་བཞི་ལངས། དུག་ཁོང་དུ་སོང་བར་མཁྱེན་ནས། ནད་པ་རྣམས་ལ་སྨན་རྒྱུ་གཅིག་ཏུ་བསྲེས་ནས་བཏང་བས། ནད་སོས་ཐུབ་པར་གྱུར་ཏོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། སྟོན་པས་གང་ཟག་གི་བློ་དང་སྦྱར་ནས། ཐེག་པ་རིམ་པ་དགུ་གསུངས་པ་དང་དོན་གཉིས་སུ་མེད་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་རྒྱ་ནག་པོའི་ཡུལ། རྟ་ཤི་ནག་པོའི་ནགས་ཚལ་བྱ་བ་ན། མུ་སྟེགས་མུན་པའི་གོ་ཆ་ཅན་བྱ་བ་གཅིག་གིས།ལྟད་མོ་གཅིག་བྱས་པས། མུན་པའི་མི་དྲུག་གིས་ཐོག་ཆོད་ནས་ཡོད་པ་ལ། རྒྱ་དཀར་པོའི་ཡུལ་ནས། གྱད་ཀྱི་མི་བརྒྱད་ཀྱི་རྒྱལ་པོ་དང་དགུ་བྱོན་ནས། མུན་པའི་མི་དྲུག་གིས་ཁྲོམ་བསྐོར་མ་ནུས་པར། རྒྱལ་པོ་འཁོར་བཅས་ལ་བལྟས་པས།ཡིད་ཤོར་ཏེ་རྒྱ་དཀར་པོའི་མི་དགུ་པོའི་ཕྱིར་འབྲངས་པས། ཡོན་ཏན་སོ་སོར་ལོབས་ཏེ། རྒྱ་ནག་པོའི་སྤྱོད་པ་ནི་བོར། རྒྱ་དཀར་དང་ཆོས་བསྟུན་པས། མུ་སྟེགས་མུན་པའི་གོ་ཆ་ཅན་ཡི་མུག་ནས་ལྕེབས་སོ། །མུན་པའི་མི་དྲུག་ལ་མེ་ལོང་གཅིག་བསྟན་པས། མར་མེ་རེ་རེ་ཤར་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། འགྲོ་དྲུག་བློ་དང་སྦྱར་ནས་ཐེག་པ་རིམ་པ་དགུ་བསྟན་པས་རྟོགས་པ་སོ་སོར་སྐྱེས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཀའ་སྩལ་པ། སྔོན་བྱུང་ཡུལ་པདྨོ་བདེ་བའི་སྩལ་དུ། ཤེལ་གྱི་ཁྱེའུ་ཉི་མའི་སྤྱན་གྱིས། ངོ་མཚར་བའི་ལྡུམ་ར་གཅིག་བྱས་པས། ཡ་མཚན་གྱི་ཤིང་གཅིག་སྐྱེས་ཏེ། ལོ་འདབ་མེ་ཏོག་འབྲས་བུ་དུས་གཅིག་ཏུ་སྨིན་ཏེ།སེམས་ཅན་གྱི་གསོས་སུ་གྱུར་སྐད། ཤིང་དེ་ཡི་རྩེ་མོ་ན་བྱ་ཁུ་བྱུག་སྐད་སྙན་ཅིང་སྤུ་ཀ་སྡུག །སྤུ་ཁ་བཅུ་དང་ལྡན་པས། སྐད་ཕྱོགས་བཅུར་སྒྲོགས་པས་ཀུན་གྱི་སྒྲ་སྒྲོག་པ་ཕྲོགས་སོ། །ཤིང་


DNG025_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྩ་བ་ན་གསེར་གྱི་སེང་གེ་འབྲུག་གི་སྒྲ་ཅན་ལ། རལ་གྲི་ཁ་མངས་ཀྱི་མཆེ་བ་སྐྱེས་པ། མིག་ཕྱོགས་བཅུར་བལྟ་ཞིང་སྐད་སྒྲོགས་པ།གཅན་གཟན་ཕྲ་མོ་ཀུན་སྲོག་གཅོད་པ་གཅིག་ཡོད་སྐད། ཤིང་དེའི་སྐེད་པ་ན་མུ་ཏིག་གི་ཕྲེང་བ་འབྲུལ་བུ་བཅུ་དྲུག་ཏུ་བཅས་པས། ཀུན་གྱི་རྒྱན་དུ་མཛེས་སྐད།ཤིང་དེའི་ཁོག་པ་ནས་བར་སྣང་གི་ནམ་མཁའ་ལ། རིན་པོ་ཆེ་གསེར་གྱི་ཉི་མ་ཤར་བས། འགྲོ་བ་ཀུན་གྱི་སྣང་བ་བྱེད་སྐད། ཤིང་དེའི་ཡལ་ག་བཞི་ཕྱོགས་བཞིར་གྱེས་པའི་རྩ་བ་ན། སེང་གེ་གཅིག་གི་ཁ་ན་མེ་ལོང་གཅིག་ཐོགས། དེའི་ནང་ན་ཤེལ་གྱི་སྐུ་འོད་ཀྱིས་གང་བ་ཅིག་གསལ་ཅིང་འདུག་སྐད། ཡལ་ག་གཅིག་གི་རྩ་བ་ན། གཡུ་ཡི་ལུ་མའི་ནང་ན་གསེར་གྱི་ཉ་མོ་མིག་མེད་པ་གཅིག་འདུག །དེ་མི་འགུལ་བ་ཅིག་འདུག་སྐད། ཡལ་ག་གཅིག་གི་རྩ་བ་ན། བྱ་ཁྱུང་གཅིག་ལ་སྲིན་པོ་མགོ་དགུ་མིག་གཅིག་པ་ཞོན་ནས། ལག་པ་བདུན་གྱིས་འགྲོ་བ་ཀུན་གྱི་སྲོག་གཅོད་པ། སྤྱི་བོ་ནས་ཐོག་འབེབས་པ་གཅིག་འདུག་སྐད། ཡལ་ག་གཅིག་གི་རྩ་བ་ན་མེ་ལོང་གཅིག་གི་ནང་ན། ཤེལ་གྱི་ཁྱེའུ་ཞལ་དྲུག་པ་གཅིག་ལ། ལྷ་མོ་ལྔས་བསྐོར་ནས། སྦྱོར་བ་གཅིག་འདུག་སྐད་དོ། །ཡལ་ག་ཕྲ་མོ་ཐམས་ཅད་ནས། གསེར་གྱི་བྱེ་ཆུང་སྐད་སྙན་པ་སྣ་ཚོགས་སྒྲོག་པ་གཅིག་འདུག་སྐད། དེ་ཀུན་གྱིས་མི་མཐོང་སྟེ། ཏི་པ་རའི་བུ་མར་མེའི་སྤྱན་གྱིས་མཐོང་ངོ་། །མཐོང་ནས་ཡ་མཚན་གྱི་ལྡུམ་ར་དེ་ཀུན་ལ་སྒྲོགས་སོ་སྐད། སྒྲོགས་པ་ཐོས་ནས་ཡ་མཚན་སྐྱེས་ཏེ། ཀུན་དེ་ལ་བལྟ་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། རྩ་བའི་རྒྱུད་དང་ཡལ་གའི་རྒྱུད་ཀྱི་དོན་བརྡའ་རུ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཡང་སྟོན་པས་བཀའ་སྩལ་པ། ལྷ་ཁང་གཅིག་གི་ནང་ན། གཙོ་བོར་ཤེལ་གྱི་སྐུ་ཀུན་ཏུ་ཞལ་དུ་བཞུགས་སྐད། དེའི་ཐུགས་ཀ་ནས་མར་མེ་གཅིག་ལ་འོད་ལྔ་ཤར་


DNG025_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ནས། འོད་ཀུན་ཏུ་གསལ་མ་ནུས་པར། ལྷ་ཁང་གི་སྒོ་ན་འོད་བྱ་ཕོ་ཙམ་གཅིག་ཀུན་ལ་སྣང་ཞིང་འདུག་སྐད། དེ་ལ་བལྟས་པས་ལྷ་ཁང་གི་གཙོ་བོ་མཐོང་སྐད། དེར་ཡ་མཚན་སྐྱེས་ནས་གཙོ་བོ་ལ་བལྟས་པས། བྱིན་རླབས་ཞུགས་པས་ཕྲ་མ་དང་བྲལ་བས། འཁོར་གསུམ་ཡོངས་སུ་དག་པ་བྱས་ཏེ། གངས་དཀར་ཤེལ་གྱི་བྲག་ཕུག་ཏུ་སོང་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། དོན་གྱི་བདེན་པ་མཐོང་བས་རང་བཞིན་གྱི་དགོངས་པ་ལ་གནས་པའི་ལེའུ་སྟེ་བརྒྱད་ པའོ།། །།ཡང་བཀའ་སྩལ་པ། བྱེའུ་མར་མེ་ཅན་བྱ་བ་ལ། ཁྱེའུ་སྣང་བ་དམ་པའི་དཔལ་ཞེས་བྱ་བ། མར་མེ་བཞི་བཏང་བས། ཡུལ་བཞི་མུན་པ་སེལ་བའི་ངོ་སྤྲོད་བཞི། ཡུལ་རྣམ་དག་པདྨའི་ཚལ་བྱ་བ་ན། ལྷ་མོ་པན་ཏ་ཤན་མ་ཞེས་བྱ་བ་དང་། ལྷའི་བུ་གཞོན་ནུ་སྲེད་བྱེད་ཅེས་བྱ་བ་འདུག་པ་མཐོང་ངོ་། །དེར་མར་མེ་གཅིག་ལ་བལྟས་པས། ཡུལ་མེ་ལོང་གཡའ་དག་གསལ་བྱ་བ་ན། རྒྱལ་པོ་གཟུགས་ཅན་སྙིང་པོ་པདྨའི་སྤྱན་བྱ་བ་ལ། རྒྱལ་པོ་སྡེ་བཞི་འཁོར་དང་བཅས་པས་བསྐོར་ཏེ། གྲོང་དང་གྲོང་མི་ཕྱེད་པར་འཁོར་གྱི་ཚིག་རྒྱུན་མི་འཆད་པར་བྱེད་པ་མཐོང་སྐད་དོ། །མར་མེ་གཅིག་ལ་བལྟས་པས། སྔ་ཕྱི་དུས་གཅིག་དྲན་ཏེ། ས་རྣམས་དུས་གཅིག་ཏུ་མཐོང་སྐད། གཅིག་ལ་བལྟས་པས། ཤེལ་གྱི་ཁྱེའུ་མར་མེ་ཅན་ལ་ཁོ་རང་གིས་མ་ཚོར་མ་མཐོང་བར། རིན་པོ་ཆེའི་ཁང་པ་ན། རིན་པོ་ཆེའི་ཁྱེའུ་ལྔ། རྟག་ཏུ་ཞབས་ཏོག་བྱེད་པ་དང་མ་འབྲལ་མར་མཐོང་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། ངོ་སྤྲོད་བཞིའི་དགོངས་པ་བརྡར་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། སྔོན་རི་རབ་ཀྱི་རྩེ་མོ། རྒྱ་མཚོ་ཉི་མའི་སྤྱན་བྱ་བ་ན། ཀླུའི་རྒྱལ་པོ་ནོར་བུ་འོད་ལྡན་བྱ་བ་ཡོད་སྐད། ཁོ་སྐྱོ་ནས་རི་རབ་ཀྱི་རྩེ་མོ་ནས། ཡར་མར་བལྟས་པས། རྣམ་དག་པདྨའི་ཚལ་བྱ་བ་ན།རིན་པོ་ཆེ་ཁང་པ་ཉི་ཟླས་བརྒྱན་པ་བྱ་བ་མཐོང་སྐད། དེར་བྱོན་པས། སྔར་གྱི་གནས་པས་ཉམས་དགའ་ནས། བལྟས་


DNG025_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པས། རླུང་ཅན་གྱི་གྲོང་ཁྱེར་ན། བློན་པོ་རྐུན་བྱེད་བྱ་བ་འདུག་པ་མཐོང་སྐད་དོ། །དེར་བྱོན་དེ་བློན་པོས་བསྐོས་པ་ཁས་བླངས་སྐད། རྒྱལ་བློན་གནས་པར་ཁས་བླངས་སྐད། དེ་ནས་བློན་པོ་རྐུན་བྱེད་ཀྱིས། རྒྱལ་པོའི་སྤྱན་སྔ་ན་གྲོས་དང་བློ་བྱས་ནས། མུར་བྱེད་ཀྱི་རྟ་ལ་ཞོན་ནས། འགྱུར་བྱེད་ཀྱི་འཕྲང་ལ་ཕྱིན། རྩོད་པའི་སྒོ་གསུམ་དུ་བྱོན་ནས། རིན་པོ་ཆེ་སྣ་ལྔ་བཙལ། རྒྱལ་པོ་ལ་ཕུལ་བས། མཉེས་པ་དང་ཚིམ་པ་བྱུང་ནས། བློན་པོ་ཡི་མུག་རྒྱལ་པོས་ལེ་ལོ་ཤོར་བས། རྒྱལ་པོ་ཐུགས་ནོན་པའི་བློན་པོ་ལ་ཆབ་བསྩལ།རྒྱལ་བློན་བྲལ་བས་མཆོད་པ་མ་ཆག་ཀྱང་། འཐབ་ཟླ་མེད་པས་ཤིན་ཏུ་བདེ་སྟེ།རྒྱལ་པོ་ཡུལ་རིམ་པར་ཕྱུང་ནས། རྣམ་དག་པདྨའི་ཚལ་ན་བཞུགས་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། སེམས་དང་ཡེ་ཤེས་ཀྱི་བརྡའ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་ཡུལ་སྨེ་ཤའི་གྲོང་ཁྱེར་རྩུབ་འགྱུར་གྱི་ཚལ་ན། རི་རབ་ཀྱི་ཁོང་སེང་རིན་པོ་ཆེའི་གཞལ་མེད་ཁང་ན། རྒྱལ་པོ་ཀུན་སྣང་བྱ་བ་ཡོད་པས། ཕོ་བྲང་གི་སྒོ་བཅད་དེ་གདན་ལ་བཞུགས་པས།སྒོ་བཅད་པའི་སྟོབས་ཀྱིས་བློན་པོ་བཙོན་དུ་ཟིན་སྐད། དམངས་བྱ་བྱེད་ཅན་ཆམ་ལ་ཕེབས་སྐད། ཕྱིས་ཀྱང་བློན་པོ་ཟིན་སྐད། དམངས་ཆབ་ལ་བསྩལ་ནས་གཅིག་པུར་བཞུགས་ཀྱང་སྐྱོ་བ་མེད་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། ཉམས་སུ་བླང་བའི་བརྡའ་སྟེ་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་རི་རབ་ཀྱི་ཁོང་སེང་ན། ཉི་ཟླ་མཛེས་པའི་སྒོ་ཁང་བྱ་བ་གཅིག་ཡོད་སྐད་དོ། །དེ་འཕེན་པར་བྱེད་པའི་རླུང་གིས་བཏེག་ནས་འགྲོ་སྐད། དེ་ཡི་ནང་ན་སྒོམ་ཆེན་ཀུན་ཏུ་མི་གཡོ་བ་གཅིག་བཞུགས་སྐད་དོ། །ཇི་ཙམ་དུ་འདུ་འཛི་དང་གཡེངས་པ་བྱུང་ཡང་། ཁོ་དགོས་པ་ལས་བཀུགས་ཀྱང་མི་འགྲོ་བར་གནས་སྐད། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས།དགོངས་པ་ལ་ཡེངས་མ་ཡེངས་མེད་པར་བསྟན་པའི་བརྡའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་བཀའ་སྩལ་པ། སྔོན་


DNG025_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ལས་བྱས་པའི་ཁང་པ་གཅིག་ན། ཁྱེའུ་ནམ་མཁའི་སྙིང་པོ་བྱ་བ་འདུག་པས། ཁང་པའི་མཐོངས་ན། སྒོ་ནས་ཁོ་ཡི་བྱད་ཀྱི་མདངས་ཤར་ནས། ཁོ་ལ་ཁང་པ་ཡོད་མེད་མེད་པར་འདུག་པ་ལ།ཁང་པ་ཞིག་པས་ཀྱང་གར་ཡང་མ་བྲོས་པར་རང་ས་དེ་ན་འདུག་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། ཆོས་སྐུ་ཟངས་ཐལ་གྱི་བརྡའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྟོན་པས་བཀའ་སྩལ་པ། སྔོན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། གྱེར་ལིང་འཕྲུལ་གྱི་རྟ་ལ། གསེར་གྱི་སྒྲོ་གཅིག་བཙུད་ནས། ཚར་གྱིས་འགྲོ་མ་ཤེས་པར་འདུག་སྐད། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། ཨ་ནུ་མན་ཆད་བཟང་རྟོག་གིས་འཆིང་བར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། སྔོན་ཁྱེའུ་ཀུན་ཏུ་གསལ་གྱིས། རང་གི་བྱད་ཀྱིས་སྣང་བ་མ་ཤེས་པས། གྱེར་ལིང་འཕྲུལ་གྱི་རྟ་ཕོ་དེ། སྦྲུལ་དང་རྔ་མོང་གིས་གདངས་པས། རང་གི་བྱད་ཀྱི་རྣམ་པར་ཤེས་པས། དགྲོལ་མི་དགོས་པ་རང་གྲོལ་དུ་སོང་སྐད། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། རྫོགས་ཆེན་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། སྔོན་ཡུལ་ཡངས་པ་ཆེན་པོ། པདྨོ་བདེ་རྩལ་གྱི་གྲོང་ཁྱེར་ན། རྒྱལ་པོ་ནོར་བུ་འོད་ལྡན་བྱ་བ་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཡོད་སྐད། དེ་ཡི་ནང་ན་རིན་པོ་ཆེ་ཕྲ་མོ་བསམ་གྱིས་མི་ཁྱབ་པ་གཅིག་ཡོད་སྐད། དེ་ནས་རྒྱལ་པོ་ཞབས་འཆག་ཏུ་བྱོན་པས། རྒན་མོ་ལིང་ཐོག་བྱ་བ་དང་ཕྲད་ནས་སྨྲས་པ། དེ་ཡི་བར་དུ་རྐུན་མོ་མི་ལྔས་ཟ་མ་ཏོག་ཁྱེར་ཏེ། སྨེ་ཤའི་གྲོང་ཁྱེར་དྲུག་ཏུ་མུན་པའི་མི་དྲུག་གིས། ནོར་བུ་ལ་བཀུར་སྡི་ལ་སོགས་བྱས་པས། ནོར་བུ་ལས་དགོས་འདོད་མ་བྱུང་སྐད། མུན་པའི་མི་དྲུག་ཀྱང་ཡིད་བྱུང་སྐད།ཕྱིས་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་བྱ་བའི་སྡམ་པོ་མི་གཅིག་བྱུང་སྐད། རྒན་མོ་མུ་ལྟོ་མར་རིག །སྔོན་ཇི་ལྟར་བརྐུས་པའི་ལོ་རྒྱུས་བརྗོད་པས། རྒྱལ་པོ་ཐུགས་ནུར་སྐད་ནས་རྒན་མོ་ལ་ཆབ་བསྩལ། རྐུན་མོ་བྲན་དུ་བཅད། མུན་པའི་མི་དྲུག་ཀྱང་བསད། སྨེ་ཤའི་གྲོང་ཁྱེར་
དྲུག་བཅོམ། རྒྱལ་པོ་དང་ནོར་བུ་ཟ་མ་ཏོག་ཀྱང་ཕྲད་སྐད། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། འཁྲུལ་ལུགས་དང་གྲོལ་ལུགས་བརྡའ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་གྱི་ཤེལ་གྱི་ཁང་བུ་དྲི་མེད་ཟང་ཐལ་གྱི་ནང་ན། རྒྱལ་བུ་ཀུན་ཏུ་གཟིགས་བྱ་བ་གནས་པ་ལ། རིན་པོ་ཆེའི་བུམ་པ་ནི་མར་མེའི་སྙིང་པོ་ལྔ་ཡང་། ཁོས་གཅིག་ཏུ་མ་མཐོང་བར་གཅིག་པུར་གནས་སོ། །སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། མྱ་ངན་ལས་འདས་པའི་དགོངས་པ་བརྡའ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་ནམ་མཁའ་སྟོང་པའི་ངང་ལས། མར་མེ་སྟོང་ཤར་བས། འོད་འདྲེས་ནས་སྙིང་པོ་མ་འདྲེས་པར་སོ་སོར་གསལ་ཏེ། མར་མེ་ལ་རང་འོད་ལས་གཞན་མེད་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། རང་སྣང་ལས་གཞན་སྣང་མེད་པར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་ཡོངས་སུ་གཏད་པ་འདི་གསུངས་སོ། །ཨེ་མ་ཧོ་གསང་བའི་བརྡའ་རྒྱུད་འདི། །ཀུན་གྱི་ཐུན་མོང་མ་ཡིན་པས། །ཀུན་ཏུ་མི་སྒྲིབ་རང་གསལ་བས། །རིན་ཆེན་གཏེར་འདི་རྟག་ཏུ་ཆོངས། །ཞེས་གསུངས་སོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ཐིག་ལེ་གསང་བའི་བརྡའ་རྒྱུད་ཅེས་བྱ་བ་རྫོགས་སོ།། །།

སྐུ་གསུམ་གྱི་སྣང་བ་གསལ་བར་ངོ་སྤྲོད་པའི་རྒྱུད་ཅེས་བྱ་བ།


DNG025_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀཱ་ཡ་ཏྲི་ཨཱ་ལོ་ཀ་ཏན་ཏྲ་ནཱ་མ། བོད་སྐད་དུ། སྐུ་གསུམ་གྱི་སྣང་བ་གསལ་བར་ངོ་སྤྲོད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་སྣང་བ་སྟོན་པའི་དཔལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དུར་ཁྲོད་ཀྱི་གནས། འབྱུང་བ་ལྔ་ཡི་བདག་ཉིད། འགག་པ་མེད་པའི་འོད་ཀྱི་གཞལ་མེད་ཁང་ཞེས་བྱ་བ་ན། དཔལ་ཁྲག་འཐུང་གི་རྒྱལ་པོ་དེ།མཁའ་འགྲོ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཆོས་སྐུའི་མཚན་ཉིད་ཇི་ལྟར་གནས། །འཁོར་ལ་ངོ་སྤྲད་ཇི་ལྟར་བགྱི། །ལོངས་


DNG025_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་མཚན་ཉིད་ཇི་ལྟར་ལགས། །སྤྲུལ་སྐུའི་མཚན་ཉིད་ཇི་ལྟར་གསལ། །བདག་གིས་འཁོར་ལ་ཇི་ལྟར་བསྟན། །སྐུ་གསུམ་འདུ་འབྲལ་ཡོད་དམ་མེད། །འགྲོ་བའི་རྒྱུད་ལ་ཇི་ལྟར་སྦྱར། །གྲངས་དང་གོ་རིམ་ཇི་ལྟར་ལགས། །སྐྱོན་དང་ཡོན་ཏན་ཇི་ལྟར་གསལ། །ཁྲག་འཐུང་ཆེན་པོས་གསུང་དུ་གསོལ། །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། སྐུ་གསུམ་གསལ་བའི་ངང་ནས་བཀའ་སྩལ་པ། ཨེ་མ་ཧོ་གསང་བའི་ངོ་སྤྲོད་བཞི། །སྤྲད་ལུགས་ཐབས་དང་སྐྱོན་ཡོན་དང་། །གོ་རིམ་གྲངས་རྣམས་རྣམ་པར་བཤད། །དྷརྨ་ཀཱ་ཡ་ཛྙ་ཏི་ལ། ས་ས་ཏ་ཏ་ར་དུ་པས། ཞེས་གསུངས་སོ། །ངོ་སྤྲོད་བཞིའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཨེ་མ་ཧོ་གསང་བདག་ངེས་པར་ཟུང་། །ཆོས་སྐུ་རང་བྱུང་ཆེན་པོ་ལ། །གཉིས་མེད་མཚོན་པའི་ཡུལ་མི་གནས། །མི་སྐྱེ་མི་འགག་རང་བཞིན་རྣམ་པར་དག །ཡོན་ཏན་སྣང་ཚུལ་བརྡའ་དང་ངག་གིས་མཚོན། །སྟོང་ཁྱབ་འགྱུར་མེད་གཡོ་བ་མེད། །དག་ཅིང་གསལ་ལ་གོས་པ་མེད། །ཕྱི་ནང་མེད་པར་གཟུང་འཛིན་བྲལ། །ནམ་མཁའ་དང་ནི་རྡོ་རྗེ་དང་། །རྒྱ་མཚོ་ཤེལ་དང་ཉི་མ་ཡི། །མཚན་ཉིད་གོང་དང་ལྡན་པའོ། །རང་རིག་འཁོར་ལ་བརྡའ་དོན་སྦྱར། །མཐུན་དཔེ་མིག་གི་ཡུལ་དུ་སྟོན། །མཚོན་བྱ་རྣ་བའི་དབང་པོར་ཆུག །ཅེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། ཆོས་སྐུ་ངོ་སྤྲོད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ཐུགས་རྗེ་རང་གི་ངང་ནས་བཀའ་སྩལ་པ།ཡེ་ཤེས་ལྔ་ཡི་རང་གདངས་བཅས། །ཆོས་ཉིད་ཀློང་ནས་འོད་གསལ་བ། །ཡེ་ཤེས་རྩེ་གཅིག་པ་ཡི་དགོངས་པ་སྟེ། །མཉེན་ལྕུགས་འཁྲིལ་ལྡེམ་རྒྱན་གྱིས་མཛེས། །གསལ་འཚེར་ལྷུན་སྡུག་འོད་ཟེར་འཕྲོ། །རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན། །སྣང་ལ་དངོས་མེད་ཡེ་ཤེས་ལྷུན་གྱིས་གྲུབ། །གཞའ་ཚོན་ཆུ་ཟླ་མེ་ལོང་འདྲ་འབག་བཅས། །སྣོད་ལྡན་རྒྱུད་ལ་གདམས་ངག་རྣམ་གཉིས་སྤྲོད། །ཅེས་གསུངས་


DNG025_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། ལོངས་སྐུ་ངོ་སྤྲོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། སྐུ་ལྔ་འོད་སྣང་གི་ནང་ནས་བཀའ་སྩལ་པ། བདེ་གཤེགས་ལྔ་ཡི་སྣང་བ་ནི། །རང་རིག་མཚན་ཉིད་འོད་དུ་གནས། །གསལ་ལ་མི་གནས་ཡེ་ཤེས་དག་པའི་སྤྱན། །མཐའ་དབུས་མེད་པས་འོད་དུ་གསལ། །འགག་མེད་སྤྲུལ་སྐུ་དུས་དང་གནས་སྐབས་སྦྱར། །མེ་མར་འོད་ཁྱིམ་མེ་ལོང་ངོས་ལ་བསྟན། །བརྡའ་དང་དོན་དུ་ཤེས་པར་གྱིས། །ཞེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། སྤྲུལ་སྐུ་ངོ་སྤྲོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྟོན་པ་འདུ་འབྲལ་མེད་པའི་དགོངས་པ་དང་ལྡན་པས། སྐུ་གསུམ་འདུ་འབྲལ་མེད་པའི་དོན་གསུངས་སོ། །རང་རིག་ཆོས་སྐུ་གསལ་ལ་རྟོག་པ་མེད། །ཡེ་ཤེས་ལྔ་ཡི་མཚན་ཉིད་དོན་དང་ལྡན། །སྙིང་པོ་སྐུ་ལྔ་ཡེ་ནས་ལྷུན་གྱིས་གྲུབ། །དེ་ཡི་སྣང་བ་ཡེ་ནས་འོད་དུ་གསལ། །ཉི་མའི་སྙིང་པོ་འོད་དང་ཟེར་དུ་བཅས། །བརྡའ་དང་ངག་དེ་སྣོད་ལྡན་འཁོར་ལ་བསྟན། །ཅེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། སྐུ་གསུམ་འདུ་འབྲལ་མེད་པར་ངོ་སྤྲད་པའི་ལེའུ་སྟེ་ལྔ་པའོ།། །།ཀྱེ་མ་ཧོ། གསང་བའི་བདག་པོ་ངེས་པར་ཟུང་། །ཉི་ཟླས་བརྒྱན་པའི་རིན་ཆེན་ཁང་པ་ན། །རང་རིག་ཆོས་སྐུ་མཚན་ཉིད་ཡེ་ཤེས་ལྔ། །དེ་ཡི་ནང་ན་སྙིང་པོ་སྐུ་ལྔ་གྲུབ། །དེ་ཡི་སྤྱན་གྱིས་རི་རབ་རྩེ་ལ་གསལ། །དེ་རྣམས་རང་ཆས་ཡིན་གྱིས་གཞན་དུ་མ་ཚོལ་ཅིག །དེ་ཡི་བརྡ་བཞི་དོན་དང་སྦྱར་བ་གཅེས། །ཤེལ་དང་འདྲ་འབག་མེ་ལོང་གཟུགས་སྣང་དུ། །ཉི་མའི་དཔེ་བཞིན་རྒྱུད་ལ་ངེས་པ་བསྐྱེད། །ཆོས་ཀྱི་སྐུ་དང་ལོངས་སྐུ་སྤྲུལ་སྐུ་དང་། །སྐུ་གསུམ་འདུ་འབྲལ་མེད་དང་རྣམ་པ་བཞི། །སྤྲོད་པའི་ཡུལ་བཞི་ངེས་པས་ན། །སྤྲོད་བྱེད་ཐབས་ཀྱང་བཞིར་ངེས་པས། །ཆོས་སྐུ་གཞི་ཡིན་ཐམས་ཅད་འབྱུང་། །ལོངས་སྐུའི་སྣང་བ་དེ་ལ་འཆར། །དེ་ཡི་གསུང་གི་སྣང་བ་ལས། །ཐུགས་རྗེ་འབྱུང་བས་སྤྲུལ་པའི་སྐུ། །དེ་རྣམས་


DNG025_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་འདུ་འབྲལ་མེད། །ཐུགས་རྗེ་རང་གི་གོ་རིམ་ཡིན། །ཨེ་མ་ཧོ། རང་བྱུང་ཆེན་པོའི་གོ་རིམ་ནི། །སྤྲུལ་སྐུ་ལོངས་སྐུ་དེ་ཡི་ཡོན་ཏན་དང་། །ཆོས་སྐུ་རིན་ཆེན་སྦུབས་ཏེ་གོ་རིམ་བཞི། །གསང་བདག་སེམས་དཔའི་འཁོར་ལ་གསུམ་པ་སྒྲོགས། །ཞེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། གང་ཟག་གི་རྒྱུད་ལ་སྦྱར་བ་དང་། གྲངས་ངེས་པ་དང་། གོ་རིམ་ངེས་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་གསུངས་པ། ཀྱེ་མ་རྫོགས་ཆེན་ངོ་སྤྲོད་མ་བྱས་ན། །སྤྲུལ་སྐུའི་གནས་ལུགས་ཅི་ལ་རྟོགས། །མ་ཧཱའི་ངོ་སྤྲོད་མ་བྱས་ན། །ལོངས་སྐུའི་གནས་ལུགས་ཅི་ལ་རྟོགས། །ཨ་ནུའི་ངོ་སྤྲོད་མ་བྱས་ན། །སྐུ་གསུམ་འདུ་འབྲལ་མི་ཤེས་སོ། །ཐིག་ལེ་ཉག་གཅིག་ངོ་སྤྲོད་ཀྱིས། །ཆོས་སྐུའི་རྣམ་དག་རྟོགས་མི་སྲིད། །ཨེ་མ་ཧོ། སྤྲུལ་སྐུའི་ངོ་སྤྲོད་བར་དོ་ཆོད། །ལོངས་སྐུ་ངོ་སྤྲོད་ལྔ་ལྡན་ཤེས། །འདུ་འབྲལ་མེད་པའི་ངོ་སྤྲོད་ཀྱིས། །རྫོགས་ལྡན་དགོངས་པའི་རྟོགས་པ་ཐོབ། །ཆོས་སྐུའི་ངོ་སྤྲོད་རིན་ཆེན་སྦུབས། །རྫོགས་ལྡན་ཆེན་པོའི་ངེས་པ་ཤེས། །ཨེ་མ་ཧོ། ངོ་སྤྲོད་ཡུལ་ནི་ཡེ་ནས་རང་ཆས་ལ། །རྟོགས་པས་འདུ་འབྲལ་མེད་པའི་གནས། །རིམ་པས་མངོན་དུ་འཆར་བས་ན། །ངོ་སྤྲད་རྟོགས་པ་ཐོབ་ཅེས་བྱ། །རིག་པ་ཟང་ཐལ་རྟོག་མེད་དང་། །ཡེ་ཤེས་སྤྱན་གྱི་བུམ་པ་ལྔ། །སྙིང་པོ་ལྔ་ནི་ནང་ནས་གསལ། །མཐར་ཐུག་དགོངས་པར་ངས་བཤད་དོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། སྐྱོན་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལག་ན་རྡོ་རྗེ་དང་། མཁའ་འགྲོ་མ་རྣམས་དང་། གཞན་ཡང་ངེས་པའི་འཁོར་རྣམས་ཀྱིས། སྟན་ལས་ལངས་ཏེ་བསྐོར་བ་ལན་གསུམ་དུ་བྱས་ནས། ཨེ་མ་ཧོ་སྐུ་གསུམ་འདུ་འབྲལ་མེད། །ངོ་སྤྲོད་བཞི་ཡི་རྒྱུད་འདི་གཏན་ལ་ཕབ། །ངོ་ཤེས་ཡིད་ཆེས་ཐག་ཆོད་ནས། །རང་གྲོལ་ངང་དུ་འདུ་འབྲལ་མེད་པར་གནས། །མ་རིག་
མུན་པ་སེལ་མཛད་ཐུགས་རྗེ་འོད་ཀྱི་བདག །ཁྲོ་གཉེར་རིམ་པར་ལྡན་གྱི་གཙོ་ལ་འདུད། །ཅེས་གསུངས་སོ། །ངོ་སྤྲོད་བཞི་ཡི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བརྒྱད་པའོ།། །།རྫོགས་སོ།། །།

སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ཅེས་བྱ་བ།


DNG025_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀཱ་ཡ་བཱཀྐ་ཙིཏྟ་བཛྲ་སརྦ་ས་མཔྟ་མཱུ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ཅེས་བྱ་བ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་དེ་རྡོ་རྗེ་དབྱིངས་འོག་མིན་གྱི་གནས་མཆོག་ན། རྡོ་རྗེ་རང་བྱུང་ཞིང་ཁམས་ཀྱི་འཁོར་ཉིད་ལ། སྟོང་ཉིད་ཀྱི་གནས་ལུགས་སྙིང་པོའི་བསྟན་པར་ཤར། འཁོར་འདས་དབྱེར་མེད་ལྷུན་གྲུབ་རང་བྱུང་དུས། སྟོན་པ་གནས་དུས་འཁོར་འདས་དབྱེར་མེད་དོ། །ཡང་དེའི་ཚེ་དེའི་དུས་ན། སྟོན་པ་རྡོ་རྗེ་འཆང་ཆེན་པོས་སྐུ་ལ། དེ་བཞིན་རྡོ་རྗེ་དང་།རིན་ཆེན་རྡོ་རྗེ་དང་། པདྨ་རྡོ་རྗེ་དང་། ལས་ཀྱི་རྡོ་རྗེ་དང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། གཞན་ཡང་སྤྲུལ་པ་སྣ་ཚོགས་ཏེ།ཚངས་པ་དང་། བརྒྱ་བྱིན་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་དང་། ཕྱོགས་སྐྱོང་དང་། ལྷ་སྲིན་རྒྱུ་སྐར་དང་། ཁྱབ་འཇུག་དབང་ཕྱུག་ལ་སོགས་པས་ཡོངས་སུ་བསྐོར་ཏེ་བཞུགས་སོ། །དེ་ནས་འཁོར་དེ་དག་གི་ནང་ནས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་སྟན་ལས་ལངས་ཏེ། གཙོ་བོ་ལ་བསྐོར་བ་དཔག་ཏུ་མེད་པ་བྱས་ནས། སེང་གེ་རྩལ་རྫོགས་ལྟར་མི་འཇིགས་པར། རང་གི་གཙོ་བོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་འགྲོ་མགོན་རྡོ་རྗེ་འཆང་། །འོག་མིན་གནས་ཀྱི་དང་པོ་ནི། །རིགས་ཀྱི་སེམས་དཔའ་ཕྱོགས་བཅུ་ནས། །རྒྱལ་བ་སྲས་བཅས་རྡོ་རྗེ་རྣམས། །རྒྱལ་སྲས་སྤྲུལ་པའི་འཁོར་རྣམས་དང་། །ཚངས་པ་བརྒྱ་བྱིན་ལྷ་དང་ཀླུ། །མཁའ་འགྲོ་ལ་སོགས་ཁྱབ་འཇུག་རྣམས། །སྲིད་གསུམ་འགྲོ་བ་དག་གི་ཚོགས། །དབང་མེད་དད་པས་འདུས་པའི་འཁོར། །ཐམས་ཅད་འདུས་པར་མི་གཟིགས་སམ། །གནས་ལུགས་སྙིང་པོའི་གཞི་མ་དང་། །བཀའ་


DNG025_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་བཀྲི་དང་ཡི་གེའི་ཚོགས། །འདུས་པའི་འཁོར་ལ་མི་གསུང་བ། །ཉིད་ཀྱི་སྔོན་གྱི་ཐུགས་དམ་ཅི། །དེ་བས་འཁོར་ཚོགས་ལ་འདི་གསུང་། །ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་པས།དེ་ནས་སྟོན་པ་རྡོ་རྗེ་འཆང་བ་དེས། གནས་ལུགས་འབྲལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་སྟོན་པ་འགྲོ་བའི་མགོན། །བདག་ཅག་འདུས་པའི་འཁོར་རྣམས་ལ། །གནས་ལུགས་སྙིང་པོ་ཀུན་བྲལ་བའི། །གདམས་པ་རྫོགས་པར་གསུང་བར་མཛོད། །ཅེས་ཡང་ཡང་ཞུས་པས། དེ་ནས་རྡོ་རྗེ་འཆང་ཏིང་ངེ་འཛིན་དེ་ལས་བཞེངས་ནས། ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་རྒྱལ་བའི་སྲས་རྣམས་ཉོན་ཅིག །ཡང་དག་དོན་ལ་མིང་མེད་དེ། །ཚིག་ལམ་རྐྱེན་གྱིས་མ་མཚོན་ན། །མ་བཅོས་གནས་ལུགས་དོན་མི་རྟོགས། །མིང་གི་དོན་མེད་གནས་ལུགས་དེ། །མ་བཅོས་ཕྱོགས་མེད་རྒྱ་མེད་པར། །གང་གི་སྒོ་ནས་གཏན་ལ་དབབ། །སྣང་གྲག་ཐམས་ཅད་སྙིང་པོར་བསྟན། །ཅེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། ཕུན་སུམ་ཚོགས་པ་ཞུ་ལན་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་འཆང་གི་སྤྲུལ་པ་རྡོ་རྗེ་འཛིན་པས། ཡང་རང་གི་སྟན་ལས་ལངས་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །རང་བྱུང་སྙིང་པོ་སྣང་ལོག་འཁྲུལ། །མཐུ་བརྟས་བག་ཆགས་མཐར་ཕྱིན་དྲུག །བརྒྱུད་མར་འཁྲུལ་པ་ལས་སྤྱོད་རྣམས། །གནས་ལུགས་གྲོལ་བར་བསྟན་དུ་གསོལ། །ཞེས་པས་ཆོས་མིན་རྡོ་རྗེས་བཀའ་སྩལ་པ། ཉོན་ཅིག་སྤྲུལ་པ་རྡོ་རྗེ་འཛིན། །སྙིང་པོ་སྤྱི་ཡི་གནས་ལུགས་ལ། །ངོ་བོ་ངེས་ཚིག་དབྱེ་བ་དཔེ། །བཞི་སྐོར་གསུམ་ཚན་གདམས་པར་བྱ། །སྤྱི་གཞིའི་སྙིང་པོ་སྤྱི་ས་ཡིན། །གནས་ལུགས་ཆེན་མོ་ཅི་ཡང་མེད། །ངོ་བོ་གཞི་ཡིན་དངོས་པོ་མིན། །ངེས་ཚིག་ཐམས་ཅད་འབྱུང་བ་ཡིན། །འགྱུ་དྲན་འཛིན་ཆགས་སྲིད་པའི་གཞི། །དབྱེ་བ་རང་རང་འདོད་གཞུང་རེ། །མ་ངེས་ལྷུན་གྲུབ་ཀ་དག་བཞིན། །མཐུན་དཔེ་ནོར་བུ་ནམ་མཁའ་


DNG025_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཕྱོགས་རེས་ཀུན་ནས་མཚོན་ནས་བསྟན། །ལྔ་ལྡན་གསུམ་ལྡན་གཅིག་ལས་བྱུང་། །སྤྱི་གཞི་གནས་ལུགས་སྙིང་པོ་ལ། །གཏན་ལ་འབེབས་བྱེད་གཞི་ཡིས་དབབ། །གནས་ལུགས་སྙིང་པོ་བཅོས་པ་མེད། །མ་བཅོས་པ་རུ་སྙིང་པོར་བསྟན། །གནས་ལུགས་སྙིང་པོ་ཕྱོགས་ལྷུང་མེད། །ཕྱོགས་ལྷུང་མེད་པས་སྙིང་པོར་བསྟན། །གནས་ལུགས་སྙིང་པོ་རྒྱ་ཆད་མེད། །རྒྱ་ཆད་མེད་པས་སྙིང་པོར་བསྟན། །གནས་ལུགས་སྙིང་པོར་བྱུང་བའོ། །རང་ལས་བྱུང་བས་སྙིང་པོར་བསྟན། །བཞི་བསྐོང་གཅིག་ལ་གཅིག་རྫོགས་བརྩི། །གཞི་དང་ལམ་དང་འབྲས་བུར་བསྡུ། །ཞེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། སྤྱི་གཞིའི་གནས་ལུགས་མཚོན་པའི་ལེའུ་སྟེ་གཉིས་པའོ།། །།ལག་ན་རྡོ་རྗེས་ཡང་གསོལ་པ། །ཀྱེ་ཀྱེ་སྟོན་པ་འགྲོ་བའི་མགོན། །གདོས་བཅས་རྨོངས་པ་འདི་རྣམས་ལ། །སྙིང་པོ་གནས་ལུགས་སྤྱི་གཞི་ལ། །གསལ་ལ་འབེབས་པར་བྱེད་པ་དཀའ། །བཞི་ཚན་གསུམ་ཚན་འཁོར་ལ་གསུང་། །ཞེས་ཞུས་པས། ཡང་གཅིག་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད། །འཁོར་ཚོགས་འདུས་པ་ཁྱེད་རྣམས་ལ། །བཞི་སྐོར་གསུམ་བསྡུ་ས་ཡིས་བསྟན། །སྙིང་པོ་སྤྱི་གཞི་སྤྱི་ས་ལ། །མིང་དང་ཡི་གེ་གདོས་མེད་ཀྱང་། །མིང་ཚིག་ཡི་གེས་མཚོན་ལ་བསྟན། །གནས་ལུགས་སྙིང་པོ་ཡི་གེ་ཧཱུཾ། །རྒྱུ་ལས་མ་བྱུང་རྐྱེན་གྱིས་མིན། །བྱེད་པས་མ་བྱས་བཅོས་པ་མེད། །དཔེར་ན་ནམ་མཁའ་ཇི་བཞིན་ནོ། །རྒྱུ་རྐྱེན་བྱེད་པས་མ་བཅོས་སོ། །སྙིང་པོ་དངོས་མེད་དངོས་པོའི་གཞི། །འགྱུ་དྲན་འཛིན་ཆགས་སྙིང་པོའི་རྩལ། །སྤྱི་གཞི་སྙིང་པོར་གདམས་བྱས་ལ། །འགྱུ་དྲན་འཛིན་ཆགས་ལམ་དུ་སྤྱད། །ཡུལ་མེད་མི་འབྲས་འབྲས་བུར་འགྱུར། །ཆོས་ཉིད་གཞི་ཡིས་མངོན་དུ་འགྱུར། །ཡར་གྲོལ་རྟོགས་པ་མེད་པ་ཡིན། །སྤྱི་གཞི་གནས་ལུགས་རང་མ་རིག །འགྱུ་དྲན་འཛིན་ཆགས་དངོས་འཛིན་སྤྱད། །དངོས་པོར་མྱོང་བའི་འབྲས་བུར་འགྱུར། །ལས་ཀྱི་འབྲས་བུ་མངོན་དུ་སྣང་། །མར་འཁྲུལ་ཆགས་སྡང་བར་མཚམས་མེད། །སྙིང་པོ་གཅིག་སྟེ་ཅི་ཡང་མེད། །གཅིག་ཏུ་ཡིན་དུ་ཀུན་གྱི་གཞི། །ཀུན་གཞི་ཆེན་པོར་མ་བཅོས་པར། །བཅོས་མེད་དུས་བཅོས་འཁྲུལ་པས་འཁོར། །


DNG025_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་ཆེན་པོ་ཡོངས་ལ་ཁྱབ། །ཕྱོགས་ལྷུང་མེད་པ་སྙིང་པོའི་གཞི། །ཀུན་གཞི་གར་ཡང་རྒྱ་ཆད་མེད། །སྤྱི་ས་ཕྱོགས་མེད་སྙིང་པོ་ཉིད། །ཀུན་གཞི་གཞན་ནས་བྱུང་བ་མིན། །རང་བྱུང་གནས་ལུགས་སྙིང་པོ་རང་། །ཡི་གེ་འབྲུ་བཞི་དོན་ལ་སྦྱར། །ལྟ་སྒོམ་སྤྱོད་པ་འབྲས་བུ་དང་། །ཆོས་མིན་གཞི་ཡི་ལ་ཆེན་བཟླ། །ཞེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། སྤྱི་གཞི་སྙིང་པོ་ལ་བཞི་སྐོར་དུ་གཏན་ལ་དབབ་པ་ཟུར་ཙམ་མཚོན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་སོགས་འཁོར། །སྙིང་པོ་ངོ་བོ་གཅིག་ཉིད་ལས། །མཚོན་པར་བྱེད་པའི་རྣམ་པ་བཞིས། །མཐའ་བཞིའི་དྲས་ཐག་གཅད་པར་བྱ། །མ་བཅོས་པ་དང་ཕྱོགས་ལྷུང་མེད། །རྒྱ་མ་ཆད་པར་རང་བྱུང་ངོ་། །གཅིག་ལ་གཅིག་རྫོགས་སྙིང་པོའོ། །ཡི་གེ་བཞི་དང་ལྟ་སྒོམ་བཞི། །སྐུ་གསུམ་གནས་ལུགས་འགྱུ་དྲན་གྱིས། །བཞི་སྐོར་གསུམ་འདུས་གཅིག་ལ་རྫོགས། །གཅིག་མེད་ཡུལ་མེད་སྒྲོ་འདོགས་གཅོད། །མ་བཅོས་ལྟ་བ་སྐུ་གསུམ་ཀ །ཕྱོགས་མེད་ཁྱབ་པས་བསྒོམ་པ་ཁ། །རང་བྱུང་བདེན་མེད་འབྲས་བུ་ན། །འགྱུ་བ་རང་གྲོལ་ཆོས་མིན་ང་། །གནས་ལུགས་གྲོལ་བས་ཆོས་ལས་འདས། །ཆོས་མིན་ཆོས་འདས་ཆོས་ཀྱི་སྐུ། །ཐིག་ལེ་འགྱུར་མེད་ལོངས་སྤྱོད་ཆོས་ལས་མེད། །སྣང་བ་སྣ་ཚོགས་སྤྲུལ་སྐུ་ཆོས་ལ་མིན། །ཅེས་དང་། རྡོ་རྗེ་འཛིན་པས་ཡང་གསོལ་པ། །ཀྱེ་ཀྱེ་སྟོན་པ་འགྲོ་བའི་མགོན། །བླ་མེད་ཐེག་པ་ཨ་ཏི་ལ། །དགག་སྒྲུབ་བླང་དོར་སྟོ་མ་སྟོ། །དགག་བྱ་བསྡུས་བྱ་མི་སྟོ་ན། །འཁྲུལ་སྤྱོད་སྐྱེ་བོར་མི་འགྱུར་རམ། །དགག་སྒྲུབ་བླང་དོར་སྟོ་བ་ན། །དགག་བྱ་བཅོས་པ་མི་འདུག་གམ། །མ་བཅོས་བསྒྲུབ་བྱར་མི་གདའ་ཡེ། །དོར་བྱ་བཅོས་པ་དགག་བྱ་ལ། །མ་བཅོས་པ་ནི་བསྒྲུབ་བྱར་འདུག །ཕྱོགས་སུ་ལྷུང་བ་དོར་བ་ལ། །མ་ལྷུང་བ་ནི་བླང་བྱའོ། །རྒྱ་ཆད་མེད་པ་བསྒྲུབ་བྱ་ལ། །རྒྱ་ཆད་མེད་པ་དགག་བྱར་འདུག །རྒྱ་ཆད་མེད་པ་བླང་བྱ་ལ། །རྒྱ་ཆད་པ་ནི་དོར་བྱར་འདུག །རང་བྱུང་བ་ནི་བསྒྲུབ་བྱ་ལ། །རང་བྱུང་མ་ཡིན་འགོགས་པ་ཡི། །རང་བྱུང་བ་ནི་བླང་བྱ་ལ། །རང་བྱུང་མ་ཡིན་དོར་བྱར་འགྱུར། །ཅེས་གསོལ་པས། རྡོ་རྗེ་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཉོན། །བླ་མེད་ཐེག་པ་ཨ་ཏི་ལ། །


DNG025_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བྱ་བསྒྲུབ་བྱ་བླང་དོར་མེད། །རང་བྱུང་སྐྱེ་བོར་ཅི་ལ་འགྱུར། །རང་རྒྱུད་སྐྱེ་བོས་དེ་མ་ཤེས། །རང་རྒྱུད་སྐྱེ་བོས་དེ་ཤེས་སམ། །རང་རྒྱུད་སྐྱེ་བོས་ཕྱོགས་ཙམ་མིན། །དགག་སྒྲུབ་བླང་དོར་སྙིང་པོ་རང་། །ཞེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། ཞུ་ལན་བརྒལ་བརྟག་རྩ་བའི་ལེའུ་སྟེ་བཞི་པའོ།། །།ཡང་ལག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །དགག་སྒྲུབ་བླང་དོར་སྙིང་པོ་ན། །མ་བཅོས་པ་སོགས་ཇི་ལྟར་འགྱུར། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །རྡོ་རྗེ་འཛིན་པས་ལེགས་པར་ཉོན། །ལྟ་བའི་གཞི་ལ་བཅོས་པ་མེད། །སྒོམ་པའི་གཞི་ལ་བཅོས་པ་མེད། །སྤྱོད་པའི་གཞི་ལ་བཅོས་པ་མེད། །འབྲས་བུའི་གཞི་ལ་བཅོས་པ་མེད། །ལྟ་བའི་གཞི་ལ་རྒྱ་ཆད་མེད། །སྒོམ་པའི་གཞི་ལ་རྒྱ་ཆད་མེད། །སྤྱོད་པའི་གཞི་ལ་རྒྱ་ཆད་མེད། །འབྲས་བུའི་གཞི་ལ་རྒྱ་ཆད་མེད། །ལྟ་བ་རང་བྱུང་གཞི་མ་རང་། །སྒོམ་པ་རང་བྱུང་གཞི་མ་རང་། །སྤྱོད་པ་རང་བྱུང་གཞི་མ་རང་། །འབྲས་བུ་རང་བྱུང་གཞི་མ་རང་། །ངེས་མེད་ཀུན་ཀྱང་རང་བྱུང་ཡིན། །ལྟ་བ་མ་ཡེངས་རང་བྱུང་ངོ་། །སྒོམ་པ་མ་ཡེངས་རང་བྱུང་ངོ་། །སྤྱོད་པ་མ་ཡེངས་རང་བྱུང་ངོ་། །འབྲས་བུ་མ་ཡེངས་རང་བྱུང་ངོ་། །ཞེས་གསུངས་སོ། །ཡང་རྡོ་རྗེ་འཛིན་པས་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །དེ་ལྟར་སྙིང་པོ་མ་བཅོས་པ། །བཅོས་པ་སྙིང་པོ་ཡིན་མ་ཡིན། །ཕྱོགས་སུ་མ་ལྷུང་སྙིང་པོ་ན། །ཕྱོགས་ལྷུང་སྙིང་པོ་ཡིན་མ་ཡིན། །རྒྱ་ཆད་མེད་པ་སྙིང་པོ་ན། །རྒྱ་ཆད་སྙིང་པོ་ཡིན་མ་ཡིན། །རང་བྱུང་སྙིང་པོ་ངེས་མེད་ན། །གཞན་བྱུང་སྙིང་པོ་ཡིན་མ་ཡིན། །ཞེས་གསོལ་པས། སྟོན་པ་རྡོ་རྗེས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཉོན། །མ་བཅོས་པ་དང་བཅོས་པ་གཉིས། །གཉིས་མེད་ཐ་སྙད་དབྱེ་བ་མེད། །སྙིང་པོ་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་ལ་སོགས་བཅོས་པ་མེད། །ཕྱོགས་སུ་མ་ལྷུང་ལྷུང་བ་གཉིས། །གཉིས་མེད་ཐ་དད་དབྱེ་བ་མེད། །སྙིང་པོའི་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་ལ་སོགས་ཕྱོགས་ལྷུང་མེད། །རྒྱ་ཆད་པ་དང་མ་ཆད་གཉིས། །གཉིས་མེད་ཐ་དད་དབྱེ་བ་མེད། །སྙིང་པོའི་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་ལ་སོགས་རྒྱ་ཆད་མེད། །རང་བྱུང་གཞན་བྱུང་གཉིས་སུ་མེད། །སྙིང་པོའི་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་ལ་སོགས་རང་ལས་བྱུང་། །སྙིང་པོ་མ་བཅོས་ཕྱོགས་ལྷུང་


DNG025_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །རྒྱ་ཆད་མེད་པའི་རང་བྱུང་ཡིན། །མ་བཅོས་སྦུ་གསུམ་ཀ་དང་ནི། །ཕྱོགས་སུ་མ་ལྷུང་ཁྱབ་པ་ཁ། །རྒྱ་ཆད་མེད་པའི་ག་དང་ནི། །རང་ལས་འབྱུང་བའི་ང་རྣམས་བཞི། །མཐའ་བཞི་དྲས་བཅད་བཞི་བསྐོར་བྱ། །ཞེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། མཐའ་བཞི་དྲས་བཅད་ཞུ་ལན་གྱི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་སོགས་འཁོར། །འགྱུ་དྲན་འཛིན་ཆགས་སྦྱོར་སྒྲོལ་གྱིས། །སྤྱི་གཞི་སྙིང་པོར་བསྟན་བྱས་ལ། །ཤེས་བྱེད་གཞི་ཡིས་གཏན་ལ་ཕོབ། །ཐོ་ཆེན་བཞི་པོས་གཞི་ཟུང་ལ། །ཐོ་བྲན་འདྲེལ་བས་སྒྲོ་འདོགས་བཅད། །གཞི་ལམ་འབྲས་བུ་བསྡུ་སར་དྲིལ། །མ་བཅོས་པ་ཡི་གནས་ལུགས་ལ། །སྤྱི་གཞི་ཆུ་ལ་གདམས་བྱས་ལ། །འགྱུ་དྲན་འཛིན་ཆགས་ལམ་ལ་གདམས། །འབྲས་བུ་སྐུ་གསུམ་བསྡུས་པར་གདམས། །ཕྱོགས་ལྷུང་མེད་པའི་གནས་ལུགས་ལ། །སྤྱི་གཞི་ནམ་མཁའ་གདམས་བྱས་ལ། །ཉི་ཟླ་གཟའ་སྤྲིན་ལམ་དུ་གདམས། །འབྲས་བུ་མཐའ་ནི་ཡངས་པར་གདམས། །སྤྱི་གཞི་རིན་པོ་ཆེ་གདམས་ཏེ། །འདོད་ཡོན་འབྱུང་བ་ལམ་དུ་གདམས། །རྒྱ་ཆད་མེད་པ་འབྲས་བུར་གདམས། །སྤྱི་གཞི་ས་ལ་ངོ་སྤྲད་ལ། །དུས་བཞི་ལམ་དུ་སྤྱད་བྱས་ཏེ། །འབྲས་བུ་གསེར་དུ་ཤེས་པར་བྱ། །དེ་ལྟར་ཤེས་བྱ་བཞི་སྐོར་ལ། །གཞན་དག་རྣམས་ཀྱང་དེ་བཞིན་བསྐོར། །ལྟ་སྒོམ་སྤྱོད་པ་འབྲས་བུ་དང་། །སྐུ་གསུམ་གནས་ལུགས་ཐམས་ཅད་ཀྱང་། །དེ་ལྟར་ཁོང་དུ་ཤེས་པར་བྱ། །རྩ་བའི་ཡི་གེ་གྲངས་ཚད་ལ། །འདྲེལ་བ་གྲོགས་ཀྱིས་སྒྲུབ་པ་ཡིན། །ཐུགས་རྗེ་རྟོགས་པ་བཟློག་པས་ལོག །ཆེ་ཆུང་རིང་ཐུང་འཐུག་པོ་དང་། །ཡངས་དང་དོག་པ་འབྱུང་བའི་གནས། །སྲོག་དང་སྙིང་པོ་ལ་བཟླའོ། །ཞེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། དོན་ཐམས་ཅད་བསྡུས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ལག་ན་རྡོ་རྗེས་ཡང་། །ཀྱེ་ཀྱེ་འགྲོ་མགོན་རྡོ་རྗེ་འཆང་། །རྩ་བའི་ཡི་གེ་བསྟན་པ་དང་། །འདྲེལ་བ་གྲོགས་སུ་གང་སྣང་ཡིན། །ཐུགས་རྗེ་རྟོགས་པ་བཟློག་པ་ལོག །ཆེ་ཆུང་རིང་ཐུང་འཐུག་པོ་དང་། །ཡངས་དོག་འབྱུང་བའི་གནས་རྣམས་དང་། །སྲོག་སྙིང་ལ་ཟློ་ལོག་གནོན་རྣམས། །ཟློ་དམན་རྨོངས་པས་མི་འཚལ་བས། །ཉི་མའི་སྒྲོན་མས་བཀའ་སྩལ་འཚལ། །འགྲོ་བའི་མགོན་པོས་ལེགས་པར་ཁྲོལ། །ཅེས་ཞུས་པ་དང་། སྟོན་པ་རྡོ་རྗེས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །རྩ་བའི་ཡི་གེ་སུམ་ཅུ་ཡིན། །ཐུགས་རྗེ་ཡས་བབས་བསྟན་པ་ནི། །སྐུ་གསུང་ཁྱབ་པ་རྒྱ་མ་ཆད། །ང་ནི་རང་བྱུང་སྙིང་པོ་ལ། །གཅོད་བྱེད་ཁ་ལྡན་འཇོམས་


DNG025_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །འཁོར་བ་མྱང་འདས་ཡེ་ཤེས་ཉིད། །གཏན་འབེབས་ཐིག་ལེའི་དུས་ལ་བབ། །ཡོད་མེད་གཉིས་ལས་འཇུག་པས་ན། །རིག་པ་གནས་ལུགས་འཁོར་བའི་རྒྱུ། །གཞི་མོ་བསྐྱེད་པས་མཉམ་ཉིད་མ། །རྩ་བ་ཉམས་མྱོང་འཛིན་པ་ཡིན། །གནས་ལུགས་སྙིང་པོ་ཝ་ནས་དྲོངས། །ཞི་བ་ཟ་བྱེད་སྟོང་པའི་དབྱིངས། །སྐུ་གསུམ་མྱ་ངན་འདས་པ་ལ། །ཐུགས་རྗེ་གནས་ལུགས་ཤེས་རབ་ཤུགས། །འགྱུ་བ་མེད་པས་བརྟན་པས་ས། །འགག་མེད་རྩལ་ཆེན་དྲག་པོ་ཧ། །སྐྱེ་མེད་མཁའ་འབྱུང་སྙིང་པོ་ཨ། །རྩ་བའི་ཡི་གེ་བསྟན་པ་ཡིན། །འཛིན་པ་འཁྱེན་བྱེད་གཅོད་པ་དང་། །འདྲེལ་བ་ཁྱབ་བྱེད་སྡུད་པ་དང་། །འགྲོ་འདྲོང་འབོད་བདེ་སྐབས་སུ་ཕྱེ། །སུམ་ཅུ་རྩ་གཉིས་མཚན་དང་ ལྡན། །ཅེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། རྩ་བར་ཡི་གེ་ལ་གྲོགས་གཉིས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཡང་གཅིག་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །རྟོགས་པ་གོ་རིམ་བཟློག་པ་ནི། །ཨ་ནི་སྐྱེ་མེད་ཡུལ་སྣང་མེད། །ཧ་ནི་འགག་མེད་འགྱུ་ས་མེད། །ས་ནི་འགྱུ་མེད་ཤེས་རབ་ཤ །ལ་ནི་གནས་ལུགས་ར་ཡིས་འདྲེལ། །ཡ་ནི་འདས་པ་སྐུ་གསུང་ལ། །འ་ནི་ཡེ་སྟོང་ཟས་ནི་ཟ། །ཞ་ནི་མ་རིག་བག་ལ་ཞ། །ཝ་ནི་གྲོལ་བ་ཛས་ནི་བཟུང་། །ཚ་ནི་ཡུལ་ལ་ཉམས་སུ་མྱོང་། །ཙས་ནི་འཁྲུལ་པའི་རྩ་བ་གཅོད། །མ་ནི་སྲོག་སྙིང་མཉམ་ཉིད་ལ། །བས་ནི་འཁོར་བ་རྫུན་དུ་རྟོགས། །ཕས་ནི་ཡེ་ཤེས་གཉིས་སུ་མེད་པར་རིག །ནས་ནི་ཀུན་ལ་འཇུག་པར་མཐོང་། །ད་ནི་འཁོར་བ་བཟློག་པའི་དུས། །ཐས་ནི་སྣང་སྲིད་ཐིག་ལེར་ཕེབས། །ཏས་ནི་སྣང་སྲིད་རྫུན་དུ་ཕེབས། །ཉས་ནི་ཡེ་ཤེས་གནས་ལུགས་ཤེས། །ཇས་ནི་ཡུལ་མི་གཉིས་ཀ་འཇོམས། །ཆས་ནི་གཟུགས་སྐུ་གཉིས་དང་ལྡན། །ཅ་ནི་སྒྲོ་འདོགས་ཐམས་ཅད་བཅད། །ངས་ནི་རང་བྱུང་ཡེ་ཤེས་རྟོགས། །གས་ནི་ཚད་མེད་རྒྱ་ཆད་མེད་པར་སྤྱད། །ཁས་ནི་ཕྱོགས་ལྷུང་མེད་པར་བསྒོམ། །ཀས་ནི་སྐུ་གསུམ་ཆོས་སྐུར་བལྟས། །མ་བཅོས་ཀ་དང་ཁྱབ་པས་ཁ། །རྒྱ་མེད་ག་དང་རང་བྱུང་ང་། །གོ་རིམ་ཀུན་ནས་བཟློག་སྟེ་བཟླའོ། །གི་གུ་ལོག་པས་འཛིན་པ་ལོག །འགྲེང་བུ་ལོག་པས་མཁྱེན་པ་ལོག །ན་རོ་ལོག་པས་སྤྱོད་པ་ལོག །ཡ་ཏ་ལོག་པས་ཁྱབ་པ་ལོག །ར་ཏ་ལོག་ན་འདྲེལ་བ་ལོག །ཞབས་ཀྱུ་ལོག་ན་སྡུད་པ་ལོག །བེར་ཀ་རིས་ལོག་འགྲོ་འདྲེན་ལོག །དེ་བཞིན་ལོག་པའི་དོན་དེ་ཀུན། །


DNG025_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་རུ་ནས་བཟློག་ཅེས་བྱ། །ཞེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། གོ་རིམ་ལོག་པས་རྟོག་པ་སྐྱེ་མེད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཀའ་སྩལ་པ། རྡོ་རྗེ་འཛིན་སོགས་ལེགས་པར་ཉོན། །ཡིག་འབྲུ་བཟློག་པ་འདི་ལྟ་སྟེ། །ཨ་ལོག་སྐྱེ་མེད་དབྱིངས་ནས་ལོག །ཧ་ལོག་འགག་མེད་སྣང་བ་མེད། །ས་ལོག་འགྱུར་མེད་མྱ་ངན་མེད། །ཤ་ལོག་ཤེས་བྱའི་སྒྲིབ་པ་མེད། །ལ་ལོག་གནས་ལུགས་མཚན་མ་མེད། །ར་ལོག་ཐུགས་རྗེས་གཟིགས་ཡུལ་མེད། །ཡ་ལོག་སྐུ་གསུང་སྣང་བ་མེད། །འ་ལོག་སྟོང་པའི་ཚིག་ཙམ་མེད། །ཟ་ལོག་རྩ་བ་ཟད་པ་མེད། །ཞ་ལོག་བག་ཆགས་གཏིང་ནས་མེད། །ཝ་ལོག་གནས་ལུགས་འཁོར་ས་མེད། །ཛ་ལོག་གཟུང་བྱའི་ཡུལ་སྣང་མེད། །ཚ་ལོག་ཉམས་སུ་མྱང་རྒྱུ་མེད། །ཙ་ལོག་འཁོར་བའི་རྩ་བ་མེད། །མ་ལོག་འཁོར་བའི་བསྐྱད་གཞི་མེད། །བ་ལོག་འཁོར་བའི་སྡུག་བསྔལ་མེད། །ཕ་ལོག་གནས་ལུགས་གདགས་སུ་མེད། །པ་ལོག་རིག་པས་མ་རིག་མེད། །ན་ལོག་འཇུག་དུ་ཡུལ་སྣང་མེད། །ད་ལོག་དུས་མེད་བར་མཚམས་མེད། །ཐ་ལོག་ཐིག་ལེ་ཡུལ་སྣང་མེད། །ཏ་ལོག་གཏན་ལ་འབེབས་པ་མེད། །ཉ་ལོག་ཡེ་ཤེས་ཡེ་ནས་མེད། །ཇ་ལོག་འཇོམས་བྱའི་འཇིག་བྱེད་མེད། །ཆ་ལོག་ཆ་མེད་ལུང་དུ་མེད། །ཅ་ལོག་གཅོད་པ་གཅད་དུ་མེད། །ང་ལོག་འབྱུང་བྱ་འབྱུང་བྱེད་མེད། །ག་ལོག་རྒྱ་མེད་ཡ་ང་མེད། །ཁ་ལོག་ཁྱབ་བྱ་ཕྱོགས་མིང་མེད། །ཀ་ལོག་སྐུ་གསུམ་བཅོས་སུ་མེད། །སྔོན་མེད་ཕྱིས་མེད་གདོད་ནས་མེད། །མ་སྐྱེས་པས་ན་འཇིགས་འདྲལ་མེད། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཅི་སྟེ་རྣམ་པ་ཡོངས་ཀྱིས་མེད། །ཅེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། ཡི་གེ་འབྲུ་ལོག་མིང་མེད་ཡུལ་མེད་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་སོགས་ངེས་པར་ཉོན། །ག་ལ་ཧ་བཏགས་ཆེན་པོ་ཡིན། །སྐུ་གསུམ་འགྲན་ཟླ་མེད་པ་དང་། །ཕྱོགས་ལྷུང་རྒྱ་ཆད་རང་བྱུང་བས། །ཆོས་ཀྱི་སྐུ་ལ་འགྲན་ཟླ་མེད། །སྐུ་གསུམ་ཤུགས་ལས་བྱུང་བས་ན། །དེ་ཉིད་ལ་ནི་གསང་བའི་སྐུ། །སྐུ་གཉིས་སྤྲུལ་སྐུ་ཐ་དད་སྣང་། །སྤྲུལ་སྐུ་ཐ་དད་མཐུན་སྤྲུལ་ན། །ཡི་གེ་ཐ་དད་ཚིག་སྦྱར་ཏེ། །ཆོས་སྒོ་དཔག་མེད་འགྲོ་བ་འདུལ། །འགྲན་གྱི་


DNG025_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་མེད་ཆེན་པོའོ། །སྙིང་པོ་སེམས་ཉིད་འགྲན་ཟླ་མེད། །ཅི་ཕྱིར་གཉིས་པའི་ཆོས་མེད་ཕྱིར། །ཀ་ལ་འ་ནི་བཏགས་པ་ཀུན། །རིང་པོ་རྒྱུན་ཆད་མེད་པ་ཡི། །སྙིང་པོའི་དོན་ལ་སྦྱར་བར་བྱ། །རང་རང་བརྩེགས་པ་འཐུག་པོ་སྟེ། །སྐུ་ལ་སྐུ་བརྩེགས་ཆོས་ཉིད་ཆེ། །ཟབ་མོ་གསང་སྔགས་བླ་མེད་དཔགས། །གཉིས་འདུས་གཉིས་མེད་གྲོལ་ན་འཐུག །ཧཱུཾ་ཞེས་བྱ་བ་ཐུང་ངུ་སྟེ། །སྐད་ཅིག་གདམས་པས་དེ་ཉིད་རྟོགས། །གསང་སྔགས་གསང་བའི་སྙིང་པོ་ལ། །མཐའ་བཞི་དྲས་བཅད་གཉིས་མེད་བསྟན། །ཚེགས་ཆུང་དོན་ཆེན་བསྟན་པ་ཆུང་། །སྐད་ཅིག་འཁོར་བ་རྒྱུན་ཆད་ཐུང་། །ཀ་ལ་ཀ་བརྩེགས་ཆོས་ཀྱི་སྐུ། །སྐུ་གསུམ་བརྩེགས་པ་འཐུག་པོ་ལ། །ཐུགས་རྗེ་ཡས་བབ་འཐུག་པོར་ཤེས། །ཨ་ལ་ཨ་བཏགས་ཡེ་ཤེས་དབྱིངས། །དབྱིངས་ལ་ཡེ་ཤེས་སྐྱེ་མེད་པས། །རྟོག་པ་མས་བཟློག་འཐུག་པོ་ཡིན། །ཀ་ལ་འ་བཏགས་རིང་བ་དེ། །ཐུགས་རྗེ་རྒྱུན་ཆད་མེད་པ་ཡིན། །སྐུ་གསུང་སྟོང་པའི་ཐུགས་རྗེ་ཡིན། །འགྲོ་དོན་འདྲེལ་བ་ཡས་བབ་ཡིན། །ཨ་ལ་འ་བཏགས་སྐྱེ་མེད་སྟོང་། །སྐྱེ་མེད་སྟོང་པ་ཆོས་ཀྱི་དབྱིངས། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །རྟོག་པ་མས་བཟློག་འཐུག་པོ་ཡིན། །ཀ་ལ་ཧ་བཏགས་ཆེན་པོ་དོན། །སྐུ་གསུམ་འགག་མེད་རྩལ་ཆེན་ནི། །སྐུ་དེ་འགག་མེད་ཆོས་ཀྱི་སྐུ། །ཐུགས་རྗེ་ཡས་བབ་འགྲན་ཟླ་མེད། །ཨ་ལ་ཧ་བཏགས་སྐྱེ་འགག་མེད། །སྐྱེ་འགག་མེད་པར་དོན་བཏགས་ལས། །ཡུལ་མེད་མིང་མེད་འགྲན་ཟླ་མེད། །རྟོག་པ་མས་བཟློག་ཆེན་པོ་ཡིན། །ཧཱུཾ་ཞེས་བྱ་བ་ཐུང་ངུ་ལ། །སྙིང་པོའི་ཀློང་དུ་ཐམས་ཅད་འདུས། །ཐུགས་རྗེ་རྟོགས་པའི་དོན་གཉིས་འདུས། །འདུས་པ་མ་ཡིན་འབྲལ་བ་མེད། །རྒྱུ་རྐྱེན་བྱེད་པས་མ་བྱས་པས། །དེས་བསྟན་ཅི་ཡང་མ་ཡིན་པར། །དེ་གོ་ཤེས་རབ་ཆོས་པས་སོ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། རིང་ཐུང་གི་དོན་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།རྡོ་རྗེ་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་སོགས་ཀུན། །ཡི་གེའི་ཚོགས་རྣམས་དེ་དག་ལ། །ཕོ་དང་མོ་དང་མ་ནིང་ངོ་། །བཞི་ཚོམ་བདུན་དང་ཕྱེད་ཚོམ་གཅིག །ཁོག་པ་མགྲིན་པ་རྐན་དང་ལྕེ། །སོ་དང་སྤྱི་བོ་སྣ་དང་མཆུ། །ཡངས་དང་དོག་དང་ཕྲད་


DNG025_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་། །སྣང་བ་གང་སྣང་ཡི་གེའི་ཚོགས། །ཐུགས་རྗེ་ཡས་བབ་ཀ་ན་ཨ། །ལོག་པ་འབྲུ་ལོག་སུམ་ཅུ་དངོས། །གྲོགས་གསུམ་ལོག་ལ་དེ་ཡི་གྲོགས། །ལོག་ལ་ལོག་པ་ཞེས་བྱ་བ། །རྒྱུ་དང་ལོག་པ་མ་ཡིན་ཏེ། །རྐྱེན་གྱིས་ལོག་པས་ཆོས་ཀྱི་སྐུ། །དཔེར་ན་རྫའམ་གསེར་ལྟ་བུ། །དེ་བཞིན་རྒྱུ་མ་འགྱུར་བ་ལ། །རྐྱེན་གྱིས་འགྱུར་བ་སྲེག་པ་བཞིན། །ཆོས་རྣམས་ཀུན་གྱི་སྙིང་པོ་འདི། །གསེར་དང་མཁའ་བཞིན་མི་འགྱུར་བས། །མི་ནུབ་སྟོང་བྲལ་མེད་པ་ཡི། །ཆོས་ཀྱི་དམ་པ་དོན་པོ་མཆོག །ཆོས་རྣམས་ཐམས་ཅད་ཡི་གེ་སྟེ། །སྲོག་དང་སྙིང་པོར་འདུས་པའོ། །སྲོག་ནི་གཟུགས་ཏེ་སྣང་བའོ། །བཏགས་པ་མིན་ཏེ་སྙིང་པོ་ཉིད། །བཙལ་བས་མི་རྙེད་བྲག་ཆ་འདྲ། །ཚོལ་མཁན་ཚོལ་ཅིག་རིགས་ཀྱི་བུ། །བསམ་ངོ་བཙལ་བས་ཅི་ཡང་མིན། །གནས་ལུགས་དོན་ལ་མ་ཡེངས་ཤིག །ཅི་ཡང་མ་ཡིན་ཐམས་ཅད་དང་། །རང་ངོ་ཤེས་ལ་མ་ཡེངས་ཤིག །བདེན་རྫུན་ཡིན་མིན་མ་རྟོགས་ཤིག །བློ་གཏད་ཚོལ་ཁྲོ་མ་ཁྱེར་ཅིག །ཅེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། འབྱུང་གནས་ལོག་གནོན་ཁ་སྤྲོད་གདམས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྟོན་པ་རྡོ་རྗེས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །འདྲེལ་བ་འདྲེལ་བར་ང་ཡིས་བསྟན། །སྙིང་པོ་ཐོ་ཆེན་བཞི་དང་འདྲེལ། །ཐོ་བྲན་བཞི་དང་ཀུན་ཏུ་འདྲེལ། །དཔེར་ན་དྲ་བ་མིག་མངས་བཞིན། །ལྟ་སྒོམ་སྤྱོད་པ་འབྲས་བུར་འདྲེལ། །དབང་དང་དམ་ཚིག་སྔགས་དང་འདྲེལ། །དཀྱིལ་འཁོར་ལྷ་ལ་བསྙེན་སྒྲུབ་འདྲེལ། །ཐེག་པ་སྲེད་པ་མཚོ་བས་འདྲེལ། །འབྱུང་བ་ནད་དང་སྡེ་བརྒྱད་འདྲེལ། །སྒྱུ་མ་ལུས་དང་མན་ངག་འདྲེལ། །སྒྱུ་ལ་དྲི་ཟ་མིག་ཡོར་དང་། །རྨི་ལམ་ཆུ་ཟླ་སྨིག་རྒྱུ་དང་། །སྤྲུལ་པ་སྒྲ་བརྙན་མིག་སྐྱོན་འདྲེལ། །སྲོག་དང་སྙིང་པོ་བསད་གསོར་འདྲེལ། །


DNG025_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དུར་ཁྲོད་ཆོས་དང་འདྲེལ། །དགེ་བཅུ་ཕ་རོལ་ཕྱིན་པ་འདྲེལ། །ས་ལམ་གཞི་དང་རྒྱུ་འབྲས་འདྲེལ། །ཐུགས་རྗེ་བྱིན་རླབས་ཆོ་འཕྲུལ་འདྲེལ། །འཁོར་འདས་དགེ་སྡིག་ཀུན་དང་འདྲེལ། །ཡོད་མེད་རྟག་ཆད་དྲུག་དང་འདྲེལ། །ཐབས་ཤེས་དབེན་གཅིག་དབྱིངས་ཤེས་འདྲེལ། །རྩ་རླུང་ཐིག་ལེ་གསལ་སྟོང་འདྲེལ། །ཞི་གནས་ལྷག་མཐོང་ཐམས་ཅད་འདྲེལ། །ཞི་རྒྱས་དབང་དྲག་མངོན་སྤྱོད་འདྲེལ། །འདྲེལ་བ་འདྲེལ་བར་ལོག་ནོན་གྱིས། །ཐོ་ཆེན་ཐོ་བྲན་ཡུལ་མི་བཟླ། །བདེན་མཉམ་རྫུན་མཉམ་གཉིས་མེད་བསྟན། །ཅེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། ཐོ་ཆེན་ཀུན་འདྲེལ་མདོར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་འགྲོ་མགོན་ཐུགས་རྗེ་ཅན། །འདྲེལ་བའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དང་ནི་མཐུན་པའི་དཔེ། །འདྲེལ་བ་ལོག་ནོན་སྒྱུ་མ་བརྒྱད། །སྲོག་དང་སྙིང་པོ་བསད་གསོ་ཡིས། །ཆུང་བླངས་བསྲུངས་པས་ཕན་གནོད་པས། །སངས་རྒྱས་བསྟན་པ་གཟུག་པའི་ཕྱིར། །རྨོངས་པས་མི་འཚལ་རྒྱལ་བས་གསུངས། །ཞེས་ཞུས་པས། རྡོ་རྗེ་འཆང་བས་བཀའ་སྩལ་པ། །འཁོར་ཚོགས་འདུས་པ་རྡོ་རྗེ་ཉོན། །འདྲེལ་བའི་ངོ་བོ་གཅིག་པ་ཡིན། །ངེས་ཚིག་དེ་འདྲེལ་རྒྱུན་ཆད་མེད། །འདྲེལ་བའི་དབྱེ་བ་རྣམ་པ་བཞི། །བདག་ཉིད་རྒྱུ་འབྲས་ཕན་ཚུན་དང་། །དེ་ལས་དེ་བྱུང་འདྲེལ་བའོ། །དཔེར་ན་དྲྭ་བ་མིག་མངས་བཞིན། །གནས་ལུགས་སྙིང་པོ་ཀུན་དང་འདྲེལ། །སྣང་སྲིད་འཁོར་འདས་འདྲེལ་བར་གཅིག །དཔེར་ན་གསེར་དང་གཟུགས་བརྙན་འདྲ། །ངོ་བོ་གསེར་ལས་འགྱུར་བ་མེད། །བདག་ཉིད་གཅིག་པའི་འདྲེལ་བ་ཡིན། །གནས་ལུགས་སྙིང་པོ་ཀུན་གྱི་རྒྱུ། །ས་བོན་མྱུ་གུ་འབྲས་བུ་འདྲ། །ས་བོན་འབྲས་བུ་ལོགས་ན་མེད། །ཕ་གདུང་བུ་རུས་ལོགས་པ་ན། །


DNG025_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་ཕ་ཡི་མིང་ཡང་མེད། །རྒྱུ་དང་འབྲས་བུའི་འདྲེལ་བ་ཡིན། །གནས་ལུགས་སྙིང་པོ་མཚོན་བྱེད་པའི། །ཀ་ནས་ཨ་སོགས་སུམ་ཅུའི་བར། །འགྲེང་བུ་ན་རོ་ཚེག་ཤད་དང་། །ར་བཏགས་ཡ་བཏགས་ཞབས་ཀྱུ་རྣམས། །རྒྱུད་ངན་སེང་སྲིང་གཉེན་འདྲེལ་འདྲ། །ཕན་ཚུན་དག་གི་འདྲེལ་བ་ཡིན། །གནས་ལུགས་སྙིང་པོ་མ་ལྟར་ཏེ། །འགྱུ་དྲན་འཛིན་ཆགས་རང་བྱུང་བུ། །དཔེར་ན་མ་བུ་གཉིས་ཀྱི་ཚུལ། །དེ་ལས་དེ་བྱུང་འདྲེལ་བ་ཡིན། །འགྲོ་བ་དྲུག་སོགས་འཁྲུལ་པ་རྣམས། །བདེ་བར་གཤེགས་པའི་རིགས་ཡིན་པས། །རིག་སྔགས་ཞེས་ནི་རབ་ཏུ་བརྗོད། །གནས་ལུགས་སྙིང་པོ་གཞི་གཅིག་པས། །ངོ་བོ་ཉིད་ཅེས་འདྲེལ་བ་ཆེ། །འཁོར་འདས་ཟུང་དུ་འདྲེལ་བ་ཡིན། །གཟུངས་སྔགས་ཞེས་ནི་རབ་ཏུ་བརྗོད། །སངས་རྒྱས་སྙིང་པོ་འགྲོ་བ་ཡིན། །རང་ལ་རང་ཆས་རང་ལ་གསང་། །རང་ངོ་རང་གིས་མ་ཤེས་པས། །གསང་སྔགས་ཞེས་ནི་རབ་ཏུ་བརྗོད། །ཐམས་ཅད་གནས་ལུགས་སྙིང་པོ་རང་། །གནས་ལུགས་མ་བཅོས་ཕྱོགས་ལྷུང་མེད། །རྒྱ་ཆད་མེད་དེ་རང་བྱུང་བས། །སྙིང་པོ་སྔགས་ཞེས་རབ་ཏུ་བརྗོད། །འདྲེལ་བའི་ངོ་བོ་གནས་ལུགས་སྤྱི། །འདྲེལ་བའི་ངེས་ཚིག་ཀུན་དང་འདྲེལ། །དབྱེ་བ་དེ་བཞིན་སྔགས་བཞིའོ། །མཐུན་དཔེ་དྲ་བ་ལ་སོགས་ལྔ། །ཞེས་གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། འདྲེལ་བ་ངོ་བོ་ངེས་ཚིག་སྔགས་དང་སྦྱར་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།རྡོ་རྗེ་འཆང་བས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །སྒྱུ་མའི་འབྲས་བུ་བསྟན་པ་ནི། །སྤྱི་ས་སྙིང་པོ་ཅི་ཡང་མེད། །དང་པོ་འབྱུང་ས་མེད་དེ་སྟོང་། །སྟོང་པ་ཉིད་ལ་ཕུ་མདའ་མེད། །དཔེར་ན་ནམ་མཁའ་ཕྱོགས་མཐའ་མེད། །སྤྱི་ས་སྙིང་པོ་ཅི་ཡང་མིན། །མཚན་མར་མི་འཛིན་བླ་ན་མེད། །དེ་ལ་མིན་


DNG025_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅི་ལ་བདག །སྨོན་པ་མེད་ཅེས་བླ་དྭགས་ཙམ། །རང་བྱུང་རང་སྣང་གཞན་སྣང་མེད། །མཚན་མར་མི་འཛིན་ཡུལ་སྣང་སྟེ། །ཡུལ་སྣང་ཡོད་དུ་རང་ལ་མེད། །མཚན་མ་མེད་ཅེས་རབ་ཏུ་བརྗོད། །ཅེས་གསུངས་ནས། ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་སྒྱུ་མའི་ཆོས་བརྒྱད་པོ་དེ་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། མཐའ་མ་གར་འགྲོ་ཞེས་གསུངས་སོ། །ལག་ན་རྡོ་རྗེས་གསོལ་པ། སྒྱུ་མ་དེ་དང་པོ་རྟེན་འདྲེལ་ལས་བྱུང་། བར་དུ་མིག་དང་དབང་པོ་འཁྲུལ་པ་ལ་གནས། ཐ་མ་ཀུན་རྫོབ་བདེན་པར་འགྲོ་ལགས་སོ། །ཞེས་གསོལ་པས། སྟོན་པས་ཡང་བཀའ་སྩལ་པས། སྒྱུ་མ་རྟེན་འདྲེལ་ལས་ཇི་ལྟར་བྱུང་། བར་དུ་དབང་པོ་ཇི་ལྟར་འཁྲུལ། །ཀུན་རྫོབ་ཏུ་ནི་ཅི་ལྟར་བདེན། །ཞེས་གསུངས་སོ། །བཛྲ་པཱ་ཎིས་གསོལ་པ། སྒྱུ་མ་ཡང་དང་པོ་རྫས་དང་སྔགས་ཀྱི་རྟེན་འདྲེལ་ལས་བྱུང་། བར་དུ་དབང་པོ་འཁྲུལ་པས་ངོ་མཚར་བའོ། །མཐའ་མ་ཀུན་རྫོབ་ཡིན་པས་གཏན་དུ་མི་གནས་ལགས་སོ། །ཞེས་གསོལ་པས། རྡོ་རྗེ་འཛིན་པ་རྫས་གང་ཡིན། ངོ་མཚར་གང་ཀུན་རྫོབ་གང་བདེན་ཅེས་པས། བཛྲ་པཱ་ཎིས་ཡང་གསོལ་པ། རྫས་ནི་འབྱུང་བཞིའོ། །ངོ་མཚར་ནི་དབང་པོ་ལྔ་ལའོ། །ཀུན་རྫོབ་ནི་འཁྲུལ་པའོ། །ཞེས་གསོལ་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། བཛྲ་པཱ་ཎི་འབྱུང་བ་བཞི་གང་ལས་བྱུང་། དབང་པོ་གང་ལ་འཛིན། འཁྲུལ་པ་བདེན་ནམ་ཞེས་གསུངས་པས། བཛྲ་པཱ་ཎིས་ཡང་སྨྲས་པ། འབྱུང་བ་བཞི་ནམ་མཁའ་ལས་བྱུང་། དབང་པོའི་མཚན་ཉིད་འཛིན་པ་བདེན། འཁྲུལ་པ་འགྲོ་བ་ལ་བདེན་ལགས། ཞེས་གསོལ་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ནམ་མཁའ་གང་ལས་བྱུང་། མཚན་ཉིད་ཅིར་འཛིན། ཞེས་གསུངས་སོ། །ལག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་འགྲོ་བའི་མགོན་པོ་ལགས། །མ་དཔོགས་མ་འཚལ་མ་རིག་ན། །བྱུང་ས་མི་གདའ་


DNG025_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མས་འཁྲུལ། །ཀུན་རྫོབ་མི་བདེན་དོན་དམ་རགས། །ཞེས་གསོལ་པས། འགྲོ་མགོན་རྡོ་རྗེས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད། །ལེགས་སོ་ལེགས་སོ་རིགས་ཀྱི་བུ། །དང་པོ་སྒྱུ་མ་བྱུང་བ་མེད། །བར་དུ་སྒྱུ་མ་གནས་ས་མེད། །མཐའ་མ་སྒྱུ་མ་འགྲོ་ས་མེད། །སྒྱུ་མ་དེ་ལ་མཐོང་སྣང་མེད། །དཔེར་ན་སྒྱུ་མའི་མཁན་པོ་དང་། །སྒྱུ་མའི་སློབ་མ་མཆན་བུ་དང་། །འདུས་པའི་ཁྲོམ་སོགས་མཐོང་བ་གཉིས། །མཐོང་སྣང་ཐ་དད་འཛིན་ཡུལ་གཉིས། །སྟག་དང་སེང་གེ་ཝ་མོ་སོགས། །རྣམ་པ་སྣ་ཚོགས་ཅིར་ཡང་སྣང་། །སྒྱུ་མ་མཁན་ལ་མཐོང་བ་མེད། །སྒྱུ་མའི་སློབ་བུས་སྒྱུ་མར་ཤེས། །འཇིགས་དང་བག་ཚ་ཆགས་སྡང་ཤེས། །ཕལ་པ་རྣམས་ལ་འཇིགས་སྐྲག་དང་། །ཆགས་སྡང་རོལ་མོ་བདེན་པར་འཛིན། །སྒྱུ་མ་བྱེད་པའི་མཁན་པོ་ལ། །ཡུལ་མི་གཉིས་ཀ་གྲུབ་པ་མེད། །སྒྱུ་མའི་སློབ་བུ་དེ་བསྟན་ཤེས། །ཕལ་པ་ཆགས་སྡང་དངོས་པོར་མཐོང་། །དངོས་པོར་འཛིན་པ་འཁྲུལ་པའི་ཆོས། །འཁྲུལ་པ་ཡིན་པས་ཡོད་པ་མེད། །སྒྱུ་མ་དེ་ནི་སྨོན་པ་མེད། །སྒྱུ་མ་མཚན་མ་མེད་པས་མཚན་མ་མེད། །སྒྱུ་མ་སྟོང་པ་ཡིན་པས་སྟོང་པ་ཉིད། །སྒྱུ་མ་ཡིན་ལུགས་ཅིར་ཡང་མེད། །སྒྱུ་མའི་སྣང་ལུགས་ཅིར་ཡང་མེད། །གཅིག་ཏུ་མ་ཡིན་ཅི་ཡང་མེད། །དེ་བཞིན་འགྱུ་དྲན་འཛིན་ཆགས་བཞི། །ཅི་ཡང་མ་ཡིན་ཅི་ཡང་བཞི། །མ་བཅོས་སྙིང་པོ་འགྱུར་བ་ཅི་ཡང་མིན། །དྲན་པ་ཅི་ཡང་མ་ཡིན་ཅི་ཡང་མིན། །སྙིང་པོ་ཕྱོགས་སུ་མ་ལྷུང་ཅི་ཡང་མིན། །སྙིང་པོ་རང་བྱུང་ཅི་ཡང་མེད། །དང་པོ་འགྱུ་བ་འབྱུང་ས་མེད། །བར་དུ་འགྱུ་དྲན་གནས་ས་མེད། །མཐའ་མ་འགྱུ་དྲན་འགྲོ་ས་མེད། །བྱུང་ས་མེད་དོ་གཞི་ཡི་དྲས་ཐག་ཆོད། །ཡུལ་མེད་མེད་བྲལ་ཅི་ཡང་མེད། །ཅེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། སྒོ་གཉིས་སྒྱུ་མ་དྲིས་ལན་འགྱུ་དྲན་གནས་ལུགས་ཅི་ཡང་མ་ཡིན་པའི་ལེའུ་སྟེ་


DNG025_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་བཛྲ་པཱ་ཎི་སོགས། །དཔེར་ན་མཚན་མོའི་རྨི་ལམ་གཉིད། །མཛའ་བོ་ཡིད་སྡུག་གྲོགས་དང་བུ། །ཤིན་ཏུ་ལོངས་སྤྱོད་རྐྱེན་ལྡན་ནས། །ལོ་མང་བདེ་ལ་སྤྱོད་གྱུར་ལ། །བུ་ཤི་ནོར་བརླག་མྱ་ངན་བྱས། །སད་པར་གྱུར་ན་གཉིས་ཀ་མེད། །དེ་བཞིན་མ་རིག་གཉིད་ལོག་སྟེ། །སྣོད་བཅུད་དགྲ་གཉེན་ཆགས་སྡང་དངོས། །བདེན་པའི་དོན་དུ་འཇིག་རྟེན་འདི། །དགེ་སྡིག་ལས་སྤྱོད་ཡིན་མིན་རྩི། །ཤེས་རབ་གཉིད་སད་གཉིས་ཀ་མེད། །དེ་བཞིན་སྒྱུ་མའི་མཁན་པོ་ཡིས། །སྒྱུ་མའི་ཚོགས་སྤྲུལ་ཡོད་པ་མེད། །སྒྲ་བརྙན་སྨིག་རྒྱུ་གཟུགས་བརྙན་དང་། །མིག་ཡོར་ཆུ་ཟླ་སྤྲུལ་པ་རྣམས། །ཡོད་ནས་མི་སྣང་མེད་པས་སྣང་། །སྣང་བ་རང་གིས་སྤྱོད་མ་ཡིན། །དབང་པོ་རྣམ་ཤེས་ཚོགས་དྲུག་ནི། །རྨི་ལམ་སྒྱུ་མ་སྤྲུལ་པར་ལྟོས། །མཐོང་ངམ་མཐོང་ན་ལྟ་བའི་གདེང་། །ལེགས་པར་མཐོང་ན་བསྒོམ་པར་བྱ། །མ་མཐོང་བར་དུ་ཅི་ཞིག་བསྒོམ། །སྒོམ་ངོ་ཤེས་པ་ཤིན་ཏུ་དཀའ། །གོམས་དང་འདྲིས་པས་སྤྱོད་པ་སྤྱད། །དགེ་སྡིག་ལས་ཀུན་གང་བྱེད་ཀྱང་། །རྨི་ལམ་སྒྱུ་མའི་སྤྱོད་པར་ཤེས། །དུས་གསུམ་འབྲལ་མེད་འབྲས་བུར་འགྱུར། །སྙིང་པོ་ཆོས་སྐུ་མངོན་གྱུར་ཡིན། །ལྟ་བའི་གནས་ལུགས་མ་རྟོགས་པར། །བསྒོམ་པར་བྱེད་པའི་བླུན་པོ་རྣམས། །དཔེར་ན་རྒྱུས་མེད་ལམ་འདྲེན་འདྲ། །དེ་བས་མཁས་པས་ལེགས་པར་ལྟོས། །སྒྱུ་མ་ཕྲོག་ཡིན་གང་སྣང་ཀུན། །གང་བརྟགས་སྙིང་པོ་མ་ཡིན་ནོ། །སྒྱུ་མའི་གཟུགས་དང་སྒྱུ་མའི་སྒྲ། །སྒྱུ་མའི་དྲི་དང་སྒྱུ་མའི་རོ། །སྒྱུ་མར་ཤེས་ན་སྒྱུ་མ་བསྒོམ། །རྨི་ལམ་གཟུགས་དང་ཚོར་བ་དང་། །འདུ་ཤེས་འདུ་བྱེད་རྣམ་པར་ཤེས། །རྨི་ལམ་ཤེས་ན་རྨི་ལམ་བསྒོམ། །དེ་བཞིན་སྤྲུལ་པ་སྣ་ཚོགས་བརྒྱད། །མཐོང་ངམ་ཤེས་ན་བསྒོམ་པར་བྱ། །མ་བཅོས་རང་བྱུང་ལྟ་བ་རྟོགས། །ཕྱོགས་ལྷུང་རྒྱ་ཆད་མེད་པར་བསྒོམ། །ཞེས་


DNG025_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། སྒྱུ་མའི་ལྟ་བསྒོམ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར། །དེ་ལས་སྲོག་སྙིང་སྒྲུབ་པ་ནི། །འཇིག་རྟེན་འདས་དང་མ་འདས་པའི། །བསྒྲུབ་པར་བྱ་བ་རྣམ་པ་བརྒྱད། །འཇམ་དཔལ་སྐུ་ཡི་སྒྲུབ་པ་དང་། །པདྨ་གསུང་གི་སྒྲུབ་པ་དང་། །ཡང་དག་ཐུགས་ཀྱི་སྒྲུབ་པ་དང་། །བདུད་རྩི་ཡོན་ཏན་སྒྲུབ་པ་དང་། །ཕུར་པ་ཕྲིན་ལས་སྒྲུབ་པ་དང་། །མ་མོ་རྦོད་གཏོང་སྒྲུབ་པ་དྲུག །འཇིག་རྟེན་སྒྲུབ་པ་རྣམ་པ་གཉིས། །དམོད་པ་དྲག་སྔགས་སྒྲུབ་པ་དང་། །འཇིག་རྟེན་མཆོད་བསྟོད་སྒྲུབ་པའོ། །སྒྲུབ་པ་ཆེན་པོ་རེ་རེ་ལ། །བརྒྱད་བརྒྱད་དག་ཏུ་ཤེས་པར་བྱོས། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རྦོད་གཏོང་དྲུག །དྲག་སྔགས་མཆོད་བསྟོད་རྣམ་པ་བརྒྱད། །འཇམ་དཔལ་སྐུ་ཡི་སྒྲུབ་པ་ནི། །འཁོར་ལོ་བཞི་ལ་རྫོགས་པ་ཡིན། །གནས་པའི་འཁོར་ལོ་གནས་ལུགས་བཞི། །སྲིད་པའི་འཁོར་ལོ་འདྲེལ་བའི་ཚོགས། །སྤྲུལ་པའི་འཁོར་ལོ་རྒྱུད་པའི་ཆོས། །གཅོད་པའི་འཁོར་ལོ་སྲོག་སྙིང་གཉིས། །གནས་པའི་འཁོར་ལོས་གནས་ལུགས་བསྟན། །སྲིད་པའི་འཁོར་ལོས་སྣང་ལུགས་བསྟན། །སྤྲུལ་པའི་འཁོར་ལོས་སྤྲུལ་ལུགས་བསྟན། །གཅོད་པའི་འཁོར་ལོས་ཕྲིན་ལས་བསྟན། །འཇམ་དཔལ་སྐུ་ཡི་སྒྲུབ་པ་རྫོགས། །ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། སྐུའི་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར། །པདྨ་གསུང་གི་སྒྲུབ་པ་ཡང་། །རྒྱ་ཆད་ཕྱོགས་ལྷུང་མེད་པར་བསྟན། །རྟ་སྐད་མཐའ་མས་སྤྱོད་པ་བསྟན། །སྔགས་དང་དམ་ཚིག་དབང་དུ་བསྡུ། །རྟ་སྐད་དང་པོ་གནས་ལུགས་ཏེ། །ཡི་གེ་འབྲུ་བཞི་ཤེས་པར་བྱ། །ཀ་ཁ་ག་ང་ཚོགས་ཀྱིས་བསྟན། །ཐོ་ཆེན་གནས་ལུགས་


DNG025_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པར་གྱིས། །རྟ་སྐད་བར་མས་ལྟ་བ་བརྟག །ཚོམ་བུ་བཞི་ཚོམས་བརྟག་པ་གཉིས། །ཆོས་ཀྱི་སྒོ་མོ་སྒྲ་སྐད་གསུང་། །ཀ་དང་ཨ་སོགས་གྲོགས་ཀྱི་ཤེས། །རྟ་སྐད་མཐའ་མ་ཕྲིན་ལས་བཞི། །སྲོག་དང་སྙིང་པོས་སྲོག་ཕྲོགས་ཏེ། །རྟ་སྐད་དང་པོས་བསྔག་པར་བྱ། །རྟ་སྐད་གཉིས་པས་དྲན་དུ་གཞུག །རྟ་སྐད་གསུམ་པས་དབང་དུ་བསྡུ། །རྟ་སྐད་མཐའ་མའི་གོ་རིམ་མོ། །ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། གསུང་གི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །ཡང་དག་ཐུགས་ཀྱི་སྒྲུབ་པ་ཡང་། །རུ་ལུ་འབྲུ་བརྒྱད་དགོངས་པར་འདུས། །རུ་ལུའི་ངོ་བོ་ཆོས་ཉིད་ཡིན། །རུ་ལུའི་འཕྲོ་འདུ་སྤྲོ་ལུགས་དང་། །རུ་ལུའི་རྣམ་པར་དཔེ་གོ་དང་། །རུ་ལུའི་མཐར་རྫོགས་འབྲས་བུ་རྫོགས། །རུ་ལུའི་ཆོས་ཉིད་གནས་ལུགས་ཏེ། །དཔལ་ཆེན་རང་བཞིན་བསྟན་པར་བྱ། །རང་བཞིན་ཡེ་ནས་བཅོས་པ་མེད། །དེ་ལ་རྒྱ་ཆད་ཕྱོགས་ལྷུང་མེད། །མ་བཅོས་པས་ན་རང་བྱུང་ཡིན། །རང་བཞིན་ཅི་ཡང་ཡིན་པར་ཤེས། །རུ་ནི་ཆོས་ཉིད་དབྱིངས་སུ་གཅིག །ལུ་ནི་གནས་ལུགས་སྐྱེ་བ་མེད། །རུ་ལུ་སྐྱེ་འགག་མེད་པ་ཡིན། །ཧཱུཾ་ནི་ཐམས་ཅད་སྙིང་པོ་ལ། །བྷྱོ་ནི་མ་མོའི་བྷ་གར་ཤེས། །རུ་ལུ་ཆོས་ཉིད་དོན་དུ་སྦྱར། །རུ་ལུའི་འཕྲོ་འདུ་བསྟན་པ་ནི། །ཏིང་འཛིན་གསུམ་གྱིས་ཁོག་ཕུབ་ལ། །སེམས་དཔའི་རང་བཞིན་གསལ་བྱས་ལ། །རུ་ལུ་ལྟགས་སུ་སྤྲོ་བ་དང་། །རུ་ལུ་མཚོན་ཆར་སྤྲོ་བའོ། །མཆོད་སྦྱངས་དྲེགས་པ་ཚར་བཅད་ཡིན། །བསྐྱེད་དང་རྫོགས་པའི་དོན་ཞེས་བྱ། །རུ་ལུ་དབྱངས་སུ་ཤེས་བྱ་སྟེ། །དུང་ངེ་དྲེང་ངེ་ཤ་རྩ་བ། །གང་རྩ་བ་དང་ཅར་ཀ་དེ། །བང་ཀ་སྟེ་ལ་སོགས་པའི་དབྱངས། །སྲོད་དང་ཐོ་རངས་དུས་དྲུག་བླངས། །ཉམས་དགའ་ཟིལ་གྱིས་གནོན་པ་ཡིན། །རུ་ལུ་ལྷ་ཡི་རྣམ་པ་ཡིན། །རུ་ལུ་དཀྱིལ་འཁོར་ཆེན་


DNG025_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན། །རུ་ལུ་ཕྲིན་ལས་རང་བཞིན་ཡིན། །རུ་ལུ་སྤྱན་དྲང་བསྟོད་པ་ཡིན། །རུ་ལུ་ཆོས་ཉིད་དེ་ལྟར་ཡིན། །རུ་ལུ་དོན་རྟོགས་བལྟ་བ་ཡིན། །གོམས་པ་མཐར་ཕྱིན་འབྲས་བུ་ཡིན། །སྣང་བ་ཐམས་ཅད་སྐུ་རུ་རྟོགས། །གྲགས་པ་ཐམས་ཅད་གསུང་དུ་ཤེས། །གཉིས་སུ་མེད་པར་རྟོགས་པ་ཐུགས། །དཔལ་ཆེན་རེ་བ་མི་བྱེད་དེ། །ངན་སོང་གནས་ལ་དོགས་མི་བྱེད། །ལས་འཛིན་ཁུར་འགྲོགས་རང་ངོ་ཤེས། །ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། རུ་ལུ་འབྲུ་བརྒྱད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེ་སོགས། །བདུད་རྩི་ཡོན་ཏན་སྒྲུབ་པ་ནི། །བདུད་རྩི་རྣམ་པ་བཞིར་འདུས་ཏེ། །ཆོས་ཉིད་བདུད་རྩི་བསྟན་པ་དང་། །ལྷ་སྔགས་བདུད་རྩི་བསྟན་པ་དང་། །དམ་རྫས་བདུད་རྩི་བསྟན་པ་དང་། །སྨན་མཆོག་བདུད་རྩི་བསྟན་པའོ། །ཆོས་ཉིད་བདུད་རྩི་ཞེས་བྱ་བ། །མ་རིག་འཁྲུལ་པ་བདུད་ཡིན་གྱིས། །གནས་ལུགས་ཡེ་ཤེས་རིག་པ་རྩི། །ཐོས་པར་བྱས་པའི་བདུད་རྩི་ཡིན། །གནས་ལུགས་མ་བཅོས་རྒྱ་ཆད་མེད། །ཕྱོགས་མེད་རང་བྱུང་སུ་ཟ་བ། །རིགས་དྲུག་ཉོན་མོངས་བདུད་ཀྱི་རྩི། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བདུད། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་རྩི། །ཆོས་ཉིད་བདུད་རྩི་ཆེ་མཆོག་ཡིན། །ལྷ་སྔགས་བདུད་རྩི་བསྟན་པ་ནི། །ཕུང་པོ་རྣམ་ལྔ་བདུད་ཡིན་ཏེ། །ཆེ་མཆོག་རིགས་ལྔའི་རྩི་ཡིས་བཏང་། །དམ་པ་རིགས་བརྒྱས་རྟོགས་ཚོགས་བསྒྱུར། །ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲི་ཏ་ཧཱུཾ་ཧྲཱྀ་ཐ། ལྷ་སྔགས་བདུད་རྩིར་ཤེས་པར་བྱ། །ཡོན་ཏན་བསམ་གྱིས་མི་ཁྱབ་པས། །དོན་མཆོག་བདུད་རྩི་ཞེས་བྱའོ། །དམ་རྫས་བདུད་རྩི་བསྟན་པ་ནི། །དམ་རྫས་རྣམས་ལ་སྐྱོན་མེད་དེ། །རྣམ་རྟོག་བདུད་ལ་རྟོག་མེད་རྩི། །མཉམ་ཉིད་ཡོན་ཏན་ཆེ་མཆོག་རྩི། །སྨན་རྣམས་བདུད་རྩི་


DNG025_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ། །འདུ་བར་གྱུར་པ་བདུད་རྣམས་ལ། །སྨན་ལ་སེལ་མེད་མཁས་པས་བཏང་། །ནད་ཀྱི་བདུད་ལ་སྨན་གྱི་རྩི། །བདུད་རྩིའི་ཡོན་ཏན་བསམ་མི་ཁྱབ། །ཅེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། བདུད་རྩིའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །ཕུར་བུ་ཐལ་འབྱིན་དགོངས་པ་ནི། །ཆོས་ཉིད་ཡེ་ཤེས་ཕུར་པ་དང་། །གསང་བ་བྱང་སེམས་ཕུར་པ་དང་། །ཚད་མེད་སྤྲུལ་པའི་ཕུར་པ་དང་། །མཚན་མ་རྫས་ཀྱི་ཕུར་པ་བཞི། །གདབ་པའི་ཡུལ་དང་གདབ་པའི་ཐབས། །ཐེབས་པའི་ཚད་དང་མ་ཐེབས་སྐྱོན། །ཐེབས་པའི་འབྲས་བུ་ཕུར་བུ་རྫོགས། །ཆོས་ཉིད་ཡེ་ཤེས་ཕུར་པ་དེ། །ཡུལ་ནི་ཆོས་ཀྱི་དབྱིངས་ལ་གདབ། །གདབ་ཐབས་ཤེས་བྱ་བཞི་སྐོར་ཐབས། །ཐེབས་ཚད་གཞི་ལམ་གཉིས་སུ་མེད། །མ་ཐེབས་ཉོན་མོངས་རྒྱུད་དྲུག་འཁོར། །འབྲས་བུ་ཡུལ་མེད་ཆོས་ཀྱི་སྐུ། །གསང་བ་བྱང་སེམས་ཕུར་པ་དེ། །རྟོག་ཚོགས་ཡུམ་གྱི་མཁའ་ལ་གདབ། །མཁའ་ལ་རྒྱལ་བའི་སྲས་རྣམས་བསྐྱེད། །དེ་ལ་ཕུར་པ་མ་ཐེབས་ན། །སེམས་དཔའི་དཀྱིལ་འཁོར་བསྐྱེད་མི་ནུས། །འབྲས་བུ་མཚོན་པའི་ལོངས་སྐུ་འབྱུང་། །ཚད་མེད་སྤྲུལ་པའི་ཕུར་པ་ནི། །རིགས་དྲུག་འཁོར་བའི་ཡུལ་ལ་གདབ། །མ་བཏབ་འཁོར་བ་དྲུག་ཏུ་འཁྱམས། །བཏབ་པས་ཐུགས་རྗེ་ཐབས་ཀྱིས་ཟིན། །ཐུགས་རྗེའི་དཔྱང་ཐག་ཆད་པའི་ཕྱིར། །འབྲས་བུ་འགྲོ་དོན་སྤྲུལ་སྐུར་རྫོགས། །མཚན་མ་རྫས་ཀྱི་ཕུར་པ་ནི། །བསྟན་དགྲ་དམིགས་པའི་ཚུལ་གྱིས་གདབ། །ཐེབས་ཚད་ཕྲིན་ལས་རྣམ་བཞིར་བརྟག །མ་ཐེབས་མ་ཤེས་དགྲ་བགེགས་དེར། །འབྲས་བུ་སྐུ་ལྔ་ཡེ་ཤེས་འཐོབ། །ཡང་དག་དགྲ་བགེགས་ཞི་བའི་ཕྱིར། །ཕུར་པ་ཕྲིན་ལས་རིམ་པར་བསྟན། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཕུར་པ་གདབ་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །མ་མོ་རྦོད་


DNG025_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་སྒྲུབ་པ་ནི། །ཆོས་ཉིད་གཞི་ཡི་མ་མོ་དང་། །རྟོགས་པ་ཡེ་ཤེས་མ་མོ་དང་། །འཁྲུལ་པ་ལས་ཀྱི་མ་མོར་འདུས། །མ་ནི་སྙིང་པོའི་གནས་ལུགས་ཡིན། །མོ་ནི་འཁོར་འདས་གནས་ལུགས་ཡིན། །མ་ནི་མ་བཅོས་ཀུན་གྱི་གཞི། །མོ་ནི་གཞི་ལས་ཅིར་ཡང་སྲིད། །མ་ནི་ཕྱོགས་ལྷུང་རྒྱ་ཆད་མེད། །མོ་ནི་རང་བྱུང་ཀུན་གྱི་གཞི། །མ་ནི་སྣང་སྲིད་ང་ལས་བྱུང་། །ཆོས་ཉིད་ཀུན་གཞིའི་མ་མོ་ཡིན། །མ་ནི་ཆོས་ཀྱི་སྐུ་ཡིན་ནོ། །མོ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །མ་མོ་ཀུན་གྱི་ཡུམ་ཡིན་ནོ། །འཁོར་འདས་མ་ལུས་འབྱུང་སྤྲུལ་སྐུ། །ཡེ་ནས་མ་ཤེས་ཡེ་ཤེས་ཡིན། །འབྱུང་ལྔ་ཕྱི་ཡི་མ་མོ་ཡིན། །ཤ་ཁྲག་དྲོད་དབུགས་ནང་མ་མོ། །རང་སེམས་ཀུན་སྲིད་གསང་བ་ཡིན། །ཀུན་གྱི་ལས་བྱེད་ལས་མ་མོ། །རི་རབ་སྲིད་པའི་ཡུམ་དྲུག་ནས། །གང་རྒྱུ་སྲིན་མོ་ལ་སོགས་པ། །གདུལ་བྱ་རྟེན་གྱི་མ་མོ་ཡིན། །རྩ་ལ་ཞོན་ནས་ཁྲག་ལ་རྒྱུ། །དོན་སྙིང་ཡན་ལག་དབང་པོར་བརྒྱུད། །འབྱུང་འཇུག་དྭངས་སྙིགས་ལས་བྱེད་པས། །རྣམ་ཤེས་ནང་གི་མ་མོ་ཡིན། །རང་སེམས་རྣམ་ཤེས་རྟ་ཞོན་ནས། །ཡིད་རྒྱུད་འགྱུ་དྲན་འཛིན་ཆགས་ཀྱིས། །ཆགས་སྡང་ཡེ་ཤེས་ལས་བྱེད་པས། །གསང་བ་སེམས་ཀྱི་མ་མོ་ཡིན། །ཡེ་ཤེས་མ་མོ་དབྱིངས་ཀྱི་ཡུམ་ལ་རྦད། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །མ་རྦད་དབྱིངས་ཀྱིས་ཡེ་ཤེས་འཁོར། །ལས་ཀྱི་མ་མོ་དགྲ་ལ་རྦད། །དགྲ་བགེགས་བདུན་རྒྱུད་རྩ་བ་ཆད། །མ་རྦད་བསྟན་པའི་ཆོས་ལ་གནོད། །ཡེ་ཤེས་མ་མོ་སྐྱེ་བ་མེད། །ལས་ཀྱི་མ་མོ་འགག་པ་མེད། །མ་མོའི་རིགས་ཏེ་བསམ་མི་ཁྱབ། །ཕྱི་ནང་གསང་བའི་མ་མོ་ནས། །ངེས་པ་དོན་གྱི་མ་མོ་དང་། །དབྱིངས་ཀྱི་ཡེ་ཤེས་མ་མོ་དང་། །ཕན་གནོད་ཕྱི་ཡི་མ་མོ་དང་། །ཕན་གནོད་ནང་གི་མ་མོ་དང་། །ཕན་གནོད་གསང་བའི་མ་མོ་དང་། །སྤྲུལ་པ་དམ་ཚིག་མ་མོ་རྣམས། །རྩ་ལ་གནས་ཤིང་ཁྲག་ལ་རྒྱུ། །རྩ་


DNG025_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་མ་མོར་ཞལ་འཆོས་དང་། །ཤ་ཟ་ཁྲག་འཐུང་སྲོག་ལ་གཅོད། །བཀྲག་མདངས་འཕྲོག་ཅིང་དབུགས་རྔུབ་པས། །ཕོ་ཉ་རྦོད་གཏོང་མ་མོར་བྱས། །ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། རྦོད་གཏོང་མ་མོའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པ་ཐམས་ཅད་དབང་དུ་བསྡུས་ནས། དེ་ཡི་ལས་ལ་རྣམ་གཉིས་གསུངས། །ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །འཇིག་རྟེན་ལས་ལ་རྣམ་གཉིས་ཏེ། །འཇིག་རྟེན་མཆོད་བསྟོད་སྒྲུབ་པ་ནི། །འཇིག་རྟེན་ཕོ་མོ་ཚོགས་ལ་སྟེ། །ཕ་མེས་རྒྱུད་ནས་ཆགས་པ་དང་། །སློབ་དཔོན་རྒྱུད་ནས་ཆགས་པ་དང་། །རིགས་རྒྱུད་སྔོན་ནས་ཆགས་པ་དང་། །འདུག་ས་གནས་ཤིང་ཆགས་པ་དང་། །ལེགས་ཉེས་ཞལ་ལྕེས་ཆགས་པ་དང་། །མགོན་སྐྱབས་སྡོང་གྲོགས་ལྷ་བརྒྱད་ནི། །ཕྱོགས་སུ་མཆོད་ཅིང་བསྟན་པ་དང་། །ལུས་དང་གྲིབ་བཞིན་འགྲོགས་པ་ཡིན། །ཤིན་ཏུ་ཉེ་བར་བསྟེན་ཐབས་ལ། །ཁང་བུ་བཅའ་ཞིང་རྟེན་བཙུགས་ལ། །ཚུལ་བཞིན་མཆོད་ཅིང་དམ་བསྲེས་པས། །ཇི་ལྟར་བཅོལ་བའི་ལས་བྱེད་དེ། །འཇིག་རྟེན་མཆོད་བསྟོད་སྒྲུབ་པ་ཡིན། །ཁྱི་སྙིང་ཕྲུ་ལ་ཆགས་ལྟར་འཁོར། །ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། འཇིག་རྟེན་མཆོད་བསྟོད་སྒྲུབ་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བསྟན་པའི་རུ་གཟུགས་པའི་ཕྱིར། དྲེགས་པ་ཐམས་ཅད་དབང་དུ་བསྡུ་བའི་ཏིང་ངེ་འཛིན། རྡོ་རྗེ་འོད་འཕྲོས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེ་མ་ཐག་ཏུ་ལྷ་དང་ཀླུ་དང་གཟའ་རྒོད་དང་། བདུད་དང་། གཤིན་རྗེ་དང་། མ་མོ་དང་། གནོད་སྦྱིན་དང་། བཙན་དང་། སྲིན་པོ་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་བ་སྤུ་དང་། སྐྲ་ཐམས་ཅད་ལངས། སྙིང་གི་འདར། སེམས་དང་ཡིད་རྣམ་ཤེས་སྟོར་པ་ལྟར་བསྔངས་ཏེ། སྐད་ཅིག་


DNG025_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་འདར་ཞིང་ཡེད་ཡེད་ཕྱག་དང་བསྐོར་བ་བྱས་ཏེ་རང་རང་གི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་བ་ལས། དེ་དག་ཀུན་ཀྱང་བཅོམ་ལྡན་འདས་ཀྱིས་དབང་དུ་བསྡུས་སོ། །དེ་ཡང་ལྷ་ཡི་གཙོ་བོ་ཞེ་སྡང་ཅན་ཚངས་པ་ང་རྒྱལ་ཅན་ཁྱབ་འཇུག་དང་།འདོད་ཆགས་ཅན་མ་ཧཱ་དེ་ཝ་དང་། གཏི་མུག་ཅན་དབང་ཕྱུག་ཆེན་པོ་གསུམ་མོ། །ཀླུ་རིགས་ཀྱི་གདུག་པ་ཅན་ལྔ་ལ་ཀླུ་བདུད་ནག་པོ་དང་འཆི་བདག་གོ། །གཟའ་དུ་བ་མཇུག་རིངས་ལྕགས་ཀྱི་མདོག །གཟའ་ཕུར་སྙིང་འབྱིན་རྐང་གཅིག་མགོ་དགུ་པོ། བདུད་ངོ་བཞིན་ནག་པོ་འཛུམ་མེད། ནག་པོ་མེ་དུག་གི་ཁ་རླངས་ཅན་དང་། ཐམ་ཐོག་རི་ཏི་འགོང་གཡག་ལ་སོགས་དང་། མ་མོ་རལ་གཅིག་ཁྲག་འཐུང་དང་། དབུགས་ལེན་མདངས་འཕྲོག་རྩད་གཅོད་མ་རྣམས་དང་། གཤིན་རྗེ་དམར་ནག་རེག་ཆོད་རྣམས། བཙན་ཨ་གི་བ་བཞི་སྡེ་བརྒྱད་དང་། གནམ་ལྕགས་ཐོག་འབེབས་ལ་སོགས་རྣམས་དང་། གཙུག་ན་མེ་འབར་ལ་སོགས་གནོད་སྦྱིན་རྣམས་དང་། ལང་ཀ་མགྲིན་སྔོན་གདོང་དམར་ལ་སོགས་སྲིན་པོ་རྣམས་དང་། སྲོག་བདག་རྒྱལ་པོ་དཀར་ནག་དང་། དགེ་བསྙེན་ཀླུ་ཚ་ལ་སོགས་པ་ཐམས་ཅད་དབང་དུ་བསྡུས་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་ལེགས་ཉེས་ཀྱི་སྟངས་འབྱེད་དུ་དབང་བསྐུར་རོ། །དམ་ལ་གནས་ཤིང་བསྟན་པ་བསྲུང་བར་གྱིས་ཤིག །ཅེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དྲེགས་པ་ཅན་དབང་དུ་བསྡུས་ཏེ་ལས་ཁྲིམས་ཕོག་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །དམོད་པ་དྲག་སྔགས་སྒྲུབ་པ་ལ། །སྲོག་དང་སྙིང་པོ་གཉིས་ཀྱིས་བསྒྲུབ། །སྲོག་ནི་གཟུགས་ལ་སྙིང་པོ་མིན། །འཇིག་རྟེན་འདས་དང་མ་འདས་པའི། །སྲོག་དང་སྲོག་


DNG025_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྙིང་པོ་ལས། །མི་གཏོང་འཛིན་པ་སྲོག་ཡིན་ཏེ། །རང་དབང་མེད་པའི་སྙིང་པོ་ཡིན། །འདའ་བར་དཀའ་བ་དམ་ཚིག་ཡིན། །སྐུ་གཟུགས་སྣང་བར་གསལ་བས་སྲོག །བཏགས་པ་དེ་མཚོན་སྙིང་པོ་མིན། །མིང་ལ་དྲག་སྔགས་བདུན་གྱིས་བོད། །རེ་རེ་ལ་ཡང་བདུན་བདུན་ནོ། །དེ་བོད་དམོད་པ་དྲག་སྔགས་བདུན། །རིགས་ནས་བོད་དང་མིང་ནས་བོད། །གསང་མཚན་མཚང་ནས་བོད་པ་དང་། །རང་བཏགས་སྲོག་ནས་བོད་པ་བདུན། །གང་ཟག་སྒྲུབ་པར་ཤེས་པར་བྱ། །དེ་ལ་ལྷ་ཡི་བོད་པ་བདུན། །དྷི་བ་མིང་ལ་རྡུལ་ནི་རིགས། །ཀེའུ་གསང་མཚན་ཤི་ས་མཚང་། །ཨ་ནི་རང་རྟགས་སྲོག་སྙིང་ཡིན། །ས་མ་ཡ་ནི་དམ་ཚིག་གོ། །དེ་རྣམས་གཅིག་ཏུ་དྲིལ་ནས་བོད། །ཚངས་པ་ཁྱབ་འཇུག་མ་ཧཱ་དེ། །དབང་ཕྱུག་ལ་སོགས་ལྷ་རྣམས་ལ། །དེ་ལས་འདས་པའི་དྲག་སྔགས་མེད། །ཀླུ་ཡི་རིགས་ཀྱི་བོད་པ་བདུན། །ནཱ་ག་ནས་དྲངས་མིང་ཡིན་ཏེ། །ཙ་ཏས་དྲངས་ན་གསང་མཚན་ཡིན། །ཧུ་ཡ་ཞེས་ནི་རིགས་ནས་བོད། །ཤུ་ཡ་བྱ་བ་མཚང་ཡིན་ནོ། །ཕུ་ནི་ཡ་སྟེ་སྲོག་སྙིང་ཡིན། །ས་མ་ཡ་ནི་དམ་ཚིག་ལ། །དེ་རྣམས་དྲིལ་བས་ཀླུ་ལ་བོད། །གནོད་སྦྱིན་ལ་ཡང་བོད་པ་བདུན། །ཡཀྵ་ནས་དྲངས་མིང་ཡིན་ཏེ། །ལེན་གྱིས་དྲངས་ན་མཚང་ཡིན་ནོ། །ཛི་གྱིས་དྲངས་ན་གསང་མཚན་ཡིན། །ཀུ་བེ་ར་ནི་རིགས་སུ་ཤེས། །ཀྵ་ནི་རང་རྟགས་སྲོག་སྙིང་ཡིན། །ས་མ་ཡ་ནི་དམ་ཚིག་ལ། །གཅིག་ཏུ་དྲངས་ན་དྲིལ་བ་ཡིན། །གནོད་སྦྱིན་སྒྲུབ་འདོད་དེ་ལྟར་བོད། །སྲིན་པོ་བདུད་ཀྱི་འདི་ལྟ་སྟེ། །རཀ་ཤས་དྲངས་ན་མིང་ཡིན་ཏེ། །པྲ་མས་དྲངས་ན་གསང་མཚན་ཡིན། །རུ་ནས་དྲངས་པ་མཚང་དུ་འཇུག །ཏྲ་ཞེས་བྱ་བ་རིགས་ཡིན་ནོ། །ཏྲི་ནི་རང་རྟགས་སྲོག་ཏུ་བྱ། །ས་མ་ཡ་ནི་དམ་ཚིག་ལ། །དེ་རྣམས་གཅིག་ཏུ་དྲིལ་བའོ། །སྲིན་པོ་སྒྲུབ་འདོད་དེ་ལྟར་བསྒྲུབ། །མ་མོ་བདུན་ནི་འདི་ལྟ་སྟེ། །མ་མོ་དྲངས་པ་མིང་ཡིན་ཏེ། །ཀཱ་ལ་


DNG025_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ནས་བོད་པ་ཡིན། །རུ་རུ་མཚང་ནས་བོད་པ་ཡིན། །ཏྲག་ནི་རང་རྟགས་སྲོག་ཡིན་ལ། །མ་ཧཱ་རུ་རུ་གསང་མཚན་ཡིན། །ས་མ་ཡ་ནི་དམ་ཚིག་གོ། །གཉིས་གསུམ་དྲུག་ཀ་དྲིལ་བས་བོད། །བདུད་ཀྱི་བོད་པ་བདུན་པོ་ནི། །ཕྲ་མས་དྲངས་ན་མིང་དུ་བོས། །དུ་དུ་ཡེ་ཡ་རིགས་སུ་འཇུག །ཙན་ཏིས་དྲངས་ན་མཚང་ཡིན་ནོ། །བཛྲ་ཐིབས་ནི་གསང་མཚན་ནོ། །དུ་ཏྲི་རང་རྟགས་སྲོག་སྙིང་ཡིན། །ས་མ་ཡ་ནི་དམ་ཚིག་ཡིན། །གཉིས་སམ་དྲུག་སྡེབ་དྲིལ་བ་ཡིན། །རྒྱལ་རིགས་བདུན་ནི་འདི་ལྟ་སྟེ། །གང་གིས་དྲངས་པ་མིང་ཡིན་ཏེ། །རཱ་ཛ་རིགས་ནས་བོད་པ་ཡིན། །བྷ་ག་སོང་ནས་བོད་པ་ཡིན། །བཛྲ་གསང་མཚན་ཏྲི་སྲོག་སྙིང་། །ས་མ་ཡ་ནི་དམ་ཚིག་གོ། །སྡེབ་ནས་ཀུན་ཚང་དྲིལ་བ་ཡིན། །གིང་གི་བདུན་ཡང་འདི་དག་སྟེ། །གིང་ཀ་མིང་ལ་རཱ་ཙ་རིགས། །ཤམ་ནི་མཚང་ལ་ཏྲི་ནི་རྟགས། །ཙ་པ་གསང་མཚན་བོད་པ་ཡིན། །ས་མ་ཡ་ནི་དམ་ཚིག་གོ། །དེ་རྣམས་གཅིག་ཏུ་དྲིལ་བས་བོད། །ཐེ་བྲང་ས་དྷུས་དྲངས་ན་མིང་། །ཏྲིའུ་མཚང་ལ་ཏྲི་དུ་རྟགས། །བཛྲ་གསང་མཚན་ཡ་ཏྲི་རིགས། །དམ་ཚིག་དྲལ་བ་བདུན་ཡིན་ནོ། །གཤིན་རྗེའི་བདུན་ནི་འདི་རྣམས་ཏེ། །ཧྲི་སྡི་མིང་ལ་ཏྲི་སྣ་མཚང་། །ཡ་མེ་གསང་མཚན་ཡ་མ་རིགས། །ཡཀྵ་རང་རྟགས་སྲོག་སྙིང་རིགས། །ས་མ་ཡ་ནི་དམ་ཚིག་ལ། །གཅིག་ནས་དྲུག་སྡེབ་དྲིལ་བ་ཡིན། །འཇིག་རྟེན་ཀུན་འཇུག་ཁྱབ་འཇུག་གཟའ། །ཀ་ཏས་དྲངས་ན་མིང་ནས་བོད། །རཱ་ཧུ་ལ་ནི་མཚང་ཡིན་ནོ། །ཙ་པ་ཏི་དྲངས་གསང་མཚན་ལ། །ཡ་མས་དྲངས་ན་ཕ་མའི་རིགས། །པ་ཤ་རང་རྟགས་སྲོག་སྙིང་ཡིན། །ས་མ་ཡ་ནི་དམ་ཚིག་གོ། །མིང་ནས་དམ་ཚིག་བར་དུ་མཚང་། །དྲིལ་ནས་བོད་རྦད་ལས་སྦྱོར་ཡིན། །དྲེགས་པས་སྒྲུབ་པ་དེ་བཞིན་བྱོས། །ལེགས་པར་མ་ཤེས་རང་སྲོག་ཕུང་། །ལེགས་པར་རྟོགས་ཤིང་མཁས་པར་གྱིས། །མིང་ནས་བོད་པ་རྣལ་མ་ཡིན། །མཚན་ནི་མཚང་


DNG025_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བྲུས་པ་སྟེ། །མི་འོང་བ་ཡི་རང་དབང་མེད། །གསང་མཚན་རྒྱལ་བ་སློབ་དཔོན་དཀའ། །བཀའ་ལས་མི་འདའ་འོང་བར་འགྱུར། །དམ་ཚིག་སྔོན་གྱི་ཁས་བླངས་ཡིན། །དམ་ལས་མི་འདའ་འོང་བར་འགྱུར། །སྲོག་ནས་བོས་པས་རང་གིས་རང་། །བསྐུལ་ནས་རང་དབང་མེད་པར་འོང་། །རིགས་ནི་ཕ་ཡི་ཆོ་འབྲང་སྟེ། །ཉེ་བར་འོང་ནས་ལས་བྱེད་དེ། །དྲིལ་ནས་བོད་པས་འགྲུབ་པར་བྱེད། །རྐྱང་པ་གཉིས་སྡེབ་གསུམ་དུ་དྲིལ། །བཞི་ཚང་ལྔ་དྲིལ་དྲུག་ཀ་དྲིལ། །ཤམ་བུའི་སྔགས་དང་བདུན་ལྡན་ན། །དམོད་མོའི་ལས་འགྲུབ་གདོན་མི་ཟ། །ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དྲག་སྔགས་དམོད་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །སྒྲུབ་པ་འདས་དང་འཇིག་རྟེན་ལ། །སྲོག་སྙིང་གཉིས་ཀྱི་བསྒྲུབ་པ་བྱ། །སྲོག་ནི་སྐུ་གསལ་གཟུགས་གསལ་ཡིན། །སྙིང་པོ་དཔའ་བོ་འབྲུ་ལྔ་དང་། །ཡ་མ་ནཱ་ག་ཏྲི་ལ་སོགས། །དྲག་སྔགས་མི་མཚང་བོད་པ་སྟེ། །བསྙེན་པ་བསྒྲུབ་དང་ལས་སྔགས་ཡིན། །སྲོག་ནི་གསལ་བ་གསུམ་གྱིས་འཕྲོག །དང་པོ་ཡིད་ལ་གསལ་བར་བྱ། །དངོས་པོ་ལྟ་བུར་གསལ་བར་སམ། །གཉིས་པ་དབང་པོའི་ཡུལ་ལ་གསལ། །བལྟས་ཤིང་དངོས་པོ་ལྟ་བུར་མཐོང་། །དཔེར་ན་ཆུ་ནང་ཟླ་བ་བཞིན། །དངོས་མེད་དངོས་པོར་གསལ་བའོ། །གསུམ་པ་ལུས་ཀྱི་རེག་བྱར་གསལ། །ཆེ་ཆུང་ཅི་ཡང་དངོས་སུ་སྣང་། །ཡུལ་གསུམ་གསལ་བ་རབ་ཀྱི་ཚད། །འཇིག་རྟེན་པ་ཡི་ཚད་ཡིན་ནོ། །གདམས་ངག་མྱུར་དུ་གདབ་པ་ཡིན། །དངོས་པོའི་བདུད་ཀྱིས་བསླུས་པ་སྟེ། །ཡུལ་མེད་གདམས་པ་རབ་ཏུ་གཅེས། །གསལ་སྟོང་དོན་རྟོགས་དངོས་སུ་འཁོར། །སྲོག་གི་དོན་པོ་དགུ་དང་ལྡན། །མཐོང་དང་རེག་དང་ཕྲ་བ་དང་། །འཕྲེང་དང་གཏམ་དང་གཅུགས་པ་དང་། །བསྒོ་དང་ཉན་དང་ལས་བྱེད་དངོས། །འཇིག་


DNG025_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སྲོག་གི་དོན་པོ་དགུའོ། །སེམས་ཤར་རང་བྱུང་མ་བཅོས་པ། །རྒྱ་ཆད་ཕྱོགས་མེད་ལྷུན་གྲུབ་པ། །མཉམ་ཉིད་གཉིས་མེད་ངོས་མེད་དང་། །འགྱུར་མེད་ཆོས་སྐུ་ཆེན་པོ་ནི། །ནང་ལྟར་སྲོག་ནི་གཞི་ལ་དགུ། །རྣམ་ཤེས་དོན་སྟེར་མཐོང་བ་མེད། །ཡུལ་མེད་མིང་བྲལ་ཡིན་པ་མེད། །ཅི་ཡང་མ་ཡིན་མིན་པ་མེད། །ཡིན་པ་མེད་དང་སྤང་བླང་མེད། །ཤིན་ཏུ་གསང་བའི་སྲོག་ཐོབ་ཡིན། །ལྟ་བ་མཐོང་ན་སྒོམ་བྱེད་མཁན། །ལྟ་སྤྱོད་རང་སེམས་དངོས་སུ་སྤྱོད། །ནོར་བུ་རིན་ཆེན་འཆང་བ་འདྲ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། སྒྲུབ་པ་དོན་པོ་དགུ་ཕྱི་ནང་གསང་བ་གསུམ་དུ་ཐོབ་པའི་ཚད་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་འདུས་པ་རྡོ་རྗེའི་འཁོར། །དེ་བཞིན་སྒྲུབ་པའི་ལས་བྱེད་པ། །ལོ་དང་ཟླ་བ་གཟའ་སྐར་ལ། །དུས་འཛོམ་དུས་ནི་བཟང་འཇུག་བྱ། །བྱི་ཕག་གཉིས་ནི་བསྡུས་པའི་ལོ། །སྟག་ཡོས་གཉིས་ནི་བསྐྱེད་པའི་ལོ། །རྟ་སྦྲུལ་གཉིས་ནི་སྨོད་པའི་ལོ། །བྱ་སྤྲེལ་གཉིས་ནི་གཅོད་པའི་ལོ། །གླང་ལུག་ཁྱི་འབྲུག་གདུག་པའི་ལོ། །མ་བུ་དགྲ་གྲོགས་རང་གཤེད་བརྟག །ར་བ་འབྲིང་པོ་ཐ་ཆུང་སྟེ། །བསྙེན་བསྒྲུབ་ལས་གསུམ་མཁས་པས་འཇུག །འབོད་རྦད་བསད་གསུམ་འགྲུབ་པར་བྱེད། །རྒྱལ་བློན་ཁམས་དང་རྒྱུ་དུས་ཀྱི། །ཐེབས་ལྡོག་ལས་ཀུན་མཁས་པས་བརྟག །ཤར་ལྷོ་ནུབ་བྱང་སྐར་སྐོར་བདུན། །གང་ཚེས་ཉ་སྟོང་ལོ་གཟའ་བསྟེན། །བཟང་ངན་དུས་ཚོད་མཁས་པས་བརྟག །ང་ཡི་ཐེག་ཆེན་ཡངས་པ་འདི། །ཕན་གནོད་ལས་ཀུན་མདོར་བསྡུས་བསྟན། །འགྲོ་དྲུག་ཕྱི་ནང་རྒྱུ་འབྲས་ཀྱི། །ཐེག་པ་ས་ལམ་གྲུབ་པའི་མཐའ། །འབྲོས་དང་ལོག་ནོན་བཞི་ནས་བརྩི། །ཡུལ་མེད་མིང་བྲལ་འདོད་ཕུགས་གཏིབ། །བདེན་ཉམས་རྫུན་ཉམས་དང་པོ་ཡིན། །ཅེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། འདྲེལ་བ་ལོག་ནོན་གྱི་ལེའུ་སྟེ་


DNG025_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་རིགས་འཁོར། །གསང་སྔགས་རྡོ་རྗེའི་ཐེག་པ་འདིར། །ཐམས་ཅད་འདྲེལ་ཏེ་འདུས་པ་ཡིན། །རྒྱུ་དང་ལུང་དང་མན་ངག་གསུམ། །ཡི་གེ་གསུམ་གྱི་དགོངས་པ་ཡིན། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །རྫོང་འཕྲང་གསུམ་གྱི་མཐའ་ལ་གཏུག །རྣལ་འབྱོར་གསུམ་གྱིས་ཉམས་སུ་བླང་། །ལྟ་སྒོམ་སྤྱོད་པ་འབྲས་བུ་ཡིན། །བསྐྱེད་པའི་རྫོང་དང་བསྐྱེད་པའི་འཕྲང་། །རྫོགས་པའི་རྫོང་དང་རྫོགས་པའི་འཕྲང་། །རྫོགས་ཆེན་རྫོང་དང་རྫོགས་ཆེན་འཕྲང་། །ཡོ་ག་གསུམ་དུ་རིག་པར་བྱ། །བདེ་གཤེགས་སྙིང་པོ་སེམས་ཉིད་དོ། །མ་བཅོས་རང་ཡན་རྒྱ་ཕྱོགས་མེད། །འཁོར་འདས་སྣང་སྲིད་དེ་ལས་བསྐྱེད། །ཀུན་གཞི་སེམས་ཀྱི་རྫོང་ཆེན་མ་ཧཱ་ཡིན། །དུས་གསུམ་རྒྱལ་བའི་དགོངས་པ་དེ་ཀ་རྒྱུད། །ཁམས་གསུམ་རིགས་དྲུག་འཁྲུལ་འཁོར་སྡུག་བསྔལ་རྒྱུད། །ཡེ་ཤེས་འཁྲུལ་པའི་འཕྲང་ལས་བསྐྱེད་པའོ། །དོན་དམ་ངོ་བོ་མ་སྐྱེས་ཀྱང་། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་དུ། །རིམ་གྱིས་བསྐྱེད་པ་མ་ཧཱ་ཡོ་ག་ཡིན། །ཀུན་གཞི་སྙིང་པོ་སེམས་ལ་རྫོགས། །རང་བཞིན་ལྷུན་གྱིས་གྲུབ་པའི་རྫོང་། །ལུང་མཆོག་མ་བཅོས་རང་བྱུང་ལུང་། །རྒྱ་ཆད་ཕྱོགས་ལྷུང་མེད་པར་རྫོགས། །སྤྱི་ས་ཀུན་གཞི་རྫོང་ཆེན་ལས། །འགྱུ་དྲན་འཛིན་ཆགས་འཕྲང་རྟོག་འཁྲུལ། །ཨ་ནུ་ཡོ་གའི་ལུང་ཞེས་བྱ། །སྙིང་པོའི་དོན་ལ་ཀུན་ཀ་རྫོགས། །བཅོས་དང་མ་བཅོས་གཉིས་ཀའི་རྫོང་། །ཕྱོགས་སུ་འདོད་པའི་འཕྲང་ལས་ཐར། །བསྐྱེད་དང་རྫོགས་པ་གཉིས་ཀའི་རྫོང་། །གོང་འོག་ཕྱོགས་འདོད་འཕྲང་ལས་ཐར། །རང་བྱུང་རྫོགས་ཆེན་འགྲན་མེད་རྫོང་། །རེ་ལྟོས་གྲུབ་པའི་འཕྲང་ལས་ཐར། །འགྲན་མེད་རྫོགས་པ་ཆེན་པོ་ཡིན། །ཡེ་ནས་ཤེས་ལ་བཅོས་པ་མེད། །ཅེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཡོ་ག་གསུམ་གྱི་རྫོགས་འཕྲང་གི་


DNG025_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་ལག་ན་རྡོ་རྗེ་འཛིན། །གསང་སྔགས་འབྲས་བུ་བླ་མེད་འདི། །ལྟ་སྤྱོད་གཉིས་སུ་ཤེས་པར་གྱིས། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །བསྐྱེད་པ་རྒྱུད་ཀྱི་ལྟ་བ་ནི། །ཐམས་ཅད་ཤེས་རབ་གཉིས་མེད་བལྟ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྣམ་པ་ལྔ་རུ་སྤྱོད། །རྫོགས་པ་ལུང་གི་ལྟ་བ་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་བལྟ། །ཀུན་བཟང་ཡབ་ཡུམ་སྲས་ལྟར་སྤྱོད། །མན་ངག་རྫོགས་ཆེན་ལྟ་བ་ནི། །རང་བྱུང་ཡེ་ཤེས་ཕྱོགས་མེད་བལྟ། །དགག་སྒྲུབ་སྤང་བླང་མེད་པར་སྤྱོད། །ཐབས་ཀྱི་རྩོད་ལ་ཤེས་རབ་འཕྲང་། །ལྟ་བའི་རྫོང་ལ་སྤྱོད་པའི་འཕྲང་། །སྐུ་གསུང་ཐུགས་ཀྱི་འཕྲང་ལ་གཟུང་། །དབྱིངས་ཀྱི་རྫོང་ལ་ཡེ་ཤེས་ལྟོས། །བཟང་ངན་མེད་པའི་འཕྲང་དུ་སྤྱོད། །རང་བྱུང་རྫོང་ལ་ཕྱོགས་མེད་ལྟོས། །སྤང་བླང་མེད་པའི་འཕྲང་དུ་སྤྱོད། །ཐབས་ཤེས་དཀྱིལ་འཁོར་ལྟ་བ་ལ། །དོན་དམ་སྐྱེ་མེད་ཀུན་རྫོབ་དགྲས། །འདོད་པའི་འཕྲང་ལ་འཇིགས་པའི་བདུད། །འཁོར་བའི་གཡང་སར་ལྷུང་བར་མཆི། །ཀུན་རྫོབ་དུས་ན་དོན་དམ་ཡིན། །ཐབས་ཀྱི་དུས་ན་ཤེས་རབ་ཡིན། །བསྐྱེད་པའི་དུས་ན་རྫོགས་པ་ཡིན། །སྐུ་དང་ཡེ་ཤེས་དེ་ལྟར་འགྲུབ། །ལྷ་ཡི་དཀྱིལ་འཁོར་དབྱིངས་སུ་འདོད། །ཡུམ་དང་སྲས་ཀྱི་དགྲ་དེ་འཕྲང་། །འདོད་པའི་འཕྲང་ལ་འཇིགས་པའི་བདུད། །འདོད་པ་འཁོར་བའི་གཡང་ལ་ལྟུང་། །དབྱིངས་དང་རིག་པའི་ཡེ་ཤེས་སོ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །དབྱིངས་ཀྱང་རང་ལས་བྱུང་ཤེས་པས། །ཡེ་ཤེས་ཡུལ་མེད་རང་བྱུང་རིག །ཡབ་ཡུམ་སྲས་ཀྱི་འདོད་པ་བྲལ། །ལྟ་སྤྱོད་གཉིས་ཀྱི་མཐའ་ལས་གྲོལ། །རྫོགས་པའི་དུས་ན་རྫོགས་ཆེན་ཡིན། །སྣང་སྲིད་སེམས་སུ་བལྟ་བ་ལ། །ཕྱོགས་མེད་ཕྱོགས་བལྟ་གསང་བའི་ངག །ཁ་འཁྱམས་ནག་འཁྱམས་འཇིགས་པའི་འཕྲང་། །


DNG025_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་མེད་རྡོ་རྗེའི་གཡང་ལ་ལྷུང་། །རང་སེམས་རྒྱ་ཆད་ཕྱོགས་ལྷུང་མེད། །རང་བྱུང་ཆོས་སྐུ་ཡེ་ནས་ཡིན། །ལྟ་བའི་རྫོང་ལ་སྤྱོད་པའི་འཕྲང་། །སྦྱོར་སྒྲོལ་ཕྱི་ནང་གསང་བ་གསུམ། །ཐབས་ཀྱི་རྫོང་དང་ཤེས་རབ་རྫོང་། །རིག་པ་རང་བྱུང་གཉིས་མེད་རྫོང་། །བསྐྱེད་པ་རྒྱུད་ཀྱི་རྫོང་དུ་ཤེས། །བསྙེན་བསྒྲུབ་ཆོ་ག་སྒྲུབ་པའི་ལམ། །སྦྱོར་སྒྲོལ་ཉམས་ལེན་སྤྱོད་པའི་འཕྲང་། །རྒྱུད་ཀྱི་ལུགས་སུ་མཁས་པས་སྤྱད། །དབྱིངས་ཀྱི་རྫོང་དང་ཡེ་ཤེས་རྫོང་། །ལུས་གཉིས་སྦྱོར་བའི་ཏིང་འཛིན་འཕྲང་། །སྒྱུ་ལུས་འཕོ་ཤེས་རྫོང་འཕྲང་ནི། །རྫོགས་པ་ལུང་གི་རྫོང་འཕྲང་ངོ་། །གནས་ལུགས་བཞི་སྐོར་རྫོགས་པའི་རྫོང་། །ཆོས་ཅན་གཅིག་ལ་ཆོས་ཀུན་རྫོང་། །མི་ཡེངས་མཉམ་གཞག་སྒོམ་པའི་འཕྲང་། །ཅིར་སྤྱད་རང་བྱུང་སྤྱོད་པའི་འཕྲང་། །མན་ངག་རྫོགས་ཆེན་རྫོང་འཕྲང་ཡིན། །གསང་བའི་དགྲ་གསུམ་བསད་པས་འཇིགས་པའི་བདུད་བཞི་ཆོམས། །འགྲོ་དྲུག་གཡང་ས་བཅད་པས་འདའ་དཀའི་འཕྲང་ལས་གྲོལ། །ཅེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཡོ་ག་གསུམ་གྱི་ལྟ་སྤྱོད་རྫོང་འཕྲང་དུ་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར། །སྲུང་བ་འཚོ་བྱེད་རྒྱལ་པོ་ནི། །རྣམ་རྒྱལ་ས་ཡི་བདུད་རྩིས་བྱ། །འབྱུང་འཁྲུགས་ནད་དང་རྐྱེན་བྱེད་བགེགས། །བྱང་ཆུབ་སྒྲུབ་པའི་གྲོགས་ཆེན་ཡིན། །དགེ་བཤེས་རྣལ་འབྱོར་སྔགས་འཆང་ནས། །བྱིས་པ་ཕོ་མོ་གཙང་མ་དང་། །ཝ་སྤྱང་བྲུན་ཡང་བག་ཅིག་གཏང་། །བདུད་རྩི་རྣམ་ལྔ་ཚིལ་ཆེན་གཏང་། །ཁྱི་ཕག་ཤ་ཚིལ་བྲུན་ཡང་གཏང་། །བྱང་ཆུབ་སེམས་རྣམས་ཚོགས་ཚད་བསག །བཟང་དྲུག་ལ་སོགས་འབྲས་བུ་གསུམ། །ཆོས་ཀྱི་སྨན་གྱིས་གཙོ་བོ་བྱ། །མར་བག་གྲོ་དང་བསེལ་སྨན་དང་། །ཅོང་ཞི་མུ་ཟི་ར་མོ་ཤགས། །གུ་གུལ་རྒྱ་ཚིལ་མ་གི་ཏ། །ཙན་དན་ག་པུར་


DNG025_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཏེ། །གྲོགས་ཀྱི་རྟ་ནི་བསག་པར་བྱ། །བདུད་རྩི་དྲི་ཆེན་ཁལ་གཅིག་གམ། །ཅི་འབྱོར་ཅི་མང་ལེགས་བསྐམས་དང་། །བུམ་པ་བརྩིགས་པར་ལྡུགས་པའི་ཚེ། །མར་ཁུའི་ཁ་ཕྲུས་བཏབ་བྱས་ལ། །ཚིལ་ཆེན་བཅུད་ཅན་རུས་པ་གཞུག །ཤིན་ཏུ་དོང་ནང་བུམ་པ་གཞུག །ས་མཚམས་བུམ་པ་བརྩེགས་བྱས་ཏེ། །གསང་སྒོ་བུམ་པ་ལྔ་མས་བྲིང་། །ཤིན་ཏུ་གདུག་པའི་ཤིང་བརྩིགས་ཏེ། །མེ་བཅུག་འབར་བའི་བར་དག་དུ། །ཆུ་གཏོར་གླུད་གཏོར་ཕུད་གཏང་ལ། །བདེན་པ་བདར་ལ་མཚམས་བཅད་དེ། །བུམ་པ་ཡི་དམ་དཀྱིལ་འཁོར་དམིགས། །དྲི་ཆེན་ལྷ་ཚོགས་ཁྲོས་པར་དམིགས། །ལྕགས་སམ་གཙུབ་ཤིང་མེ་བཏོན་ལ། །གདུག་པའི་ཤིང་ལ་སྤར་བར་བྱ། །བསྙེན་སྒྲུབ་ཡི་དམ་གཞུང་དུ་བསྲང་། །གཏོར་ཚོགས་མཆོད་པ་ཅི་ལྡན་དབུལ། །དྲི་རླངས་མི་གཏང་ཁ་སྦུབ་བསྡམ། །ཞག་གཅིག་དག་ཏུ་མེ་མི་གཅད། །མི་ཤི་དངོས་གྲུབ་ཚུལ་དུ་བླངས། །རང་བཟའ་ལྷ་ལ་མཆོད་པ་བྱ། །བདུད་རྩི་མར་ཁུ་རིན་ཆེན་སྣོད། །ལོ་འམ་ཟླ་བའི་ཞག་གྲངས་སུ། །གཞན་ལ་མི་བསྟན་གསང་བར་བྱ། །དངོས་གྲུབ་མི་ཡལ་དམ་ཚིག་ཡིན། །ཅེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། རྫས་བསག་ཅིང་བདུད་རྩིར་བཞུ་བའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་ལག་ན་རྡོ་རྗེ་སྟན་ལས་ལངས་ནས། གཙོ་བོའི་མདུན་དུ་འདུག་གདོང་དུ་བལྟས་ནས་མིག་མི་འཛུམ་པར་ཐལ་མོ་སྦྱར་ཏེ་གུས་པར་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །བདུད་རྩི་མར་ཁུ་དེ་ལ་ནི། །ཡོན་ཏན་ཇི་ཙམ་འབྱུང་བ་ལགས། །གྲོགས་སུ་གང་དང་སྦྱོར་བར་བྱ། །ཞེས་གསོལ་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད། །བདུད་རྩི་མར་ཁུ་བཟའ་བར་བྱ། །ཚེ་དང་བསོད་ནམས་འཕེལ་བ་དང་། །འབྱུང་བ་སྙོམས་ནས་ལུས་བདེ་སྟེ། །བགེགས་ཀྱིས་མི་


DNG025_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་རིམས་མི་འོང་། །འགྲོ་བ་རྣམས་ཀྱི་མགོན་དུ་གྱུར། །ཀུན་ལ་ཕན་ཐོགས་ནོར་བུ་འདྲ། །གནོད་པས་མི་ཚུགས་ནམ་མཁའ་འདྲ། །འཆི་བས་འཇིགས་པས་ཚེ་བསྒྲུབ་སྟེ། །བདུད་རྩི་མར་ཁུ་དྲེ་རེ་ལ། །ཞུན་ཆེན་དྲེ་རེ་རྩ་བའི་ཕྲད། །མར་རྙིང་དྲེ་རེ་དེ་བཞིན་ཕྲད། །ཨ་རུ་ར་སྟོང་བ་རུ་སྐྱུར། །རྡོག་པོ་འགའ་འགའ་གྲོགས་སུ་གཏང་། །བཟང་པོ་དྲུག་ནི་བོད་དང་སྦྱར། །ཞིབ་པར་བཏགས་ཏེ་སྦྲུས་བྱས་ལ། །རིལ་བུ་མཐེ་བོང་རིལ་མ་ཙམ། །ཅོང་ཟི་ཆོས་སྨན་རྐང་པར་གཏང་། །ལོ་དང་ལོ་དུས་རི་ལུ་བཟའ། །ཅོང་ཟི་ཆུ་བ་འོ་མ་གྲོགས། །སྟོང་ཉིད་ལྷ་བསྒོམ་གསང་སྔགས་བཟླས། །ཁམ་ཟས་སྤངས་པས་ཆོག་པ་སྟེ། །དྲག་ཤུལ་མི་བྱ་ཤེས་པ་བསྒྲིབ། །ཡིད་དང་ངག་གིས་བརྩོན་འགྲུས་བྱ། །ཚེ་ལོ་དཔག་ཏུ་མེད་པ་ཐུབ། །བཅུད་མཆོག་བདུད་རྩི་མར་ཁུ་འདི། །ལོ་གཅིག་ཟོས་པས་ལོ་བརྒྱ་ཐུབ། །ལོངས་སྤྱོད་ནོར་གྱི་བདག་པོར་འགྱུར། །ལོ་གསུམ་ཟོས་ན་སུམ་བརྒྱ་ཐུབ། །གླིང་གཅིག་ནོར་ལ་དབང་བྱེད་འགྱུར། །ལོ་བཞི་ཟོས་ན་མ་མོ་དང་། །མཁའ་འགྲོ་མ་ཡིས་གྲོགས་བྱེད་དེ། །མི་མོ་རྣམས་ལ་དབང་བྱེད་འགྱུར། །ལོ་ལྔ་ཟོས་ན་སྐྱེས་པ་འདུ། །རྒྱལ་པོའི་རྒྱལ་སྲིད་སྟེར་བར་འགྱུར། །ལོ་དྲུག་ལོ་བདུན་ཟོས་པས་ནི། །འོག་གི་ཀླུ་ལ་དབང་བྱེད་འགྱུར། །ལོ་བརྒྱད་ལོ་དགུ་འདི་ཟོས་ན། །དུག་དང་དུག་གིས་ཚུགས་མེད་འགྱུར། །ལོ་བཅུར་ཟོས་ན་མཚོན་དང་མེ། །བསད་པས་མི་སོད་ཚེ་ལ་དབང་། །མི་མེད་རི་དྭགས་ཝ་སྤྱང་བྱ། །མི་རྒོད་ས་གཙང་གནས་པ་ཡིན། །གཞུང་དང་ཚུལ་དུ་འདི་བསྒྲུབས་ན། །ངེས་པར་ཚེ་ཡི་རིག་འཛིན་འཐོབ། །ཅེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། བདུད་རྩི་ཚེ་སྒྲུབ་བཅུད་ལེན་གྱི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་ཆེ། །གདུག་པ་ཀླུ་དང་འགྲས་པའི་མིས། །འཛེ་འཕྲོ་གཅད་པ་ཚུར་ལོག་པས། །བདུད་རྩི་མར་ཁུ་བདུད་


DNG025_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྩིར་སྦྱར། །གུ་གུལ་ཚིལ་ཆེན་རྟ་བོན་དང་། །གླ་རྩི་བོ་ངས་ལུས་བྱུག་བཟའ། །གསང་བདག་བྱ་ཁྱུང་རྟ་མགྲིན་བསྒོམ། །ཡི་དམ་བསྙེན་སྒྲུབ་སྔགས་བཟླས་གདབ། །ཞག་གྲངས་བདུན་དུ་ཟོས་བསྒྲུབ་ན། །ཡང་ན་མཛེ་ཡི་ནད་ལས་ཐར། །བདུད་རྩི་མར་ཁུ་དེ་ཉིད་དང་། །ཅོང་ཟི་གུ་གུལ་རྒྱ་ཚར་སྦྱར། །སྔགས་བཟླས་ཟོས་ན་གག་པ་ཐུབ། །སྐྲངས་འབུར་ནད་ལས་གྲོལ་བར་བྱེད། །བདུད་རྩི་བཟང་དྲུག་སླེ་ཏྲེས་དང་། །ཤུ་དག་དཀར་པོ་གླ་རྩི་སྦྱར། །སྔགས་བཟླས་ཟོས་ན་རིམས་ལས་ཐར། །བདུད་རྩི་སྒོག་སྐྱ་གླ་རྩི་དང་། །ཉུང་དཀར་མི་རུས་མུ་ཟི་སྦྱར། །ཟོས་པས་འབྲུམ་བུ་དཀར་ནག་གི། །ནད་རིམས་ལས་ནི་ཐར་བར་འགྱུར། །བདུད་རྩི་ཨ་རུ་ར་དང་ནི། །ཟངས་གཡའ་ཨ་བ་ལྕ་འབྲུམ་དང་། །ཞིམ་ཐིག་ལེ་དང་སྦྱར་ཟོས་ན། །མིག་གི་ནད་ལས་གྲོལ་བར་བྱེད། །བདུད་རྩི་སྐྱེར་པའི་མཁྲིས་པ་དང་། །ཏི་རྩེ་མུ་ཟི་སྦྱར་བྱུགས་ན། །མེ་ཡི་ནད་ལས་གྲོལ་བར་འགྱུར། །བདུད་རྩི་སྒོག་སྐྱ་རྡོག་གཅིག་མ། །ཉུང་འབྲས་མར་ཁུ་ཉུང་དཀར་སྦྱར། །དུག་ལས་གྲོལ་བར་བྱེད་པ་ཡིན། །བདུད་རྩི་ཀྱི་གུའི་ཀླད་པ་དང་། །རོ་ཚ་ན་ཚིལ་ཁུ་བ་དང་། །དོམ་གྱི་མཁྲིས་པས་དུག་ནད་སེལ། །ལོ་དྲུག་སྦྱར་བའི་དུག་ལས་ཐར། །བདུད་རྩི་མཁྲིས་པ་ཐར་ནུར་སྦྱར། །ཟ་འཕྲུག་གང་ནད་བྱུག་པས་གྲོལ། །འོ་མར་བདུད་རྩི་མུ་ཟི་བྱུག །ཤུ་བའི་ནད་ལས་གྲོལ་བར་བྱེད། །བདུད་རྩི་སྒོག་སྐྱ་བྱི་ཏང་ཀ །གླ་རྩི་སྦྱར་ན་སྲིན་ལས་གྲོལ། །བདུད་རྩི་ལྒ་དང་པི་པི་ལིང་། །ཕོ་བ་རིས་དང་བུ་རམ་སྦྱར། །ཀུ་ཀུ་རཱ་ཙའི་པགས་པ་གདིང་། །གཏུམ་མོ་མེ་ཡི་ཏིང་འཛིན་བྱ། །གྲང་བའི་ནད་ལས་ཐར་བར་བྱེད། །བདུད་རྩི་ཙན་དན་དཀར་པོ་དང་། །ཅུ་གང་དཀར་པོ་དྲི་ཆུ་དང་། །ཁ་བའི་སྨན་དང་སྦྱར་ལ་གཏང་། །ཚ་བའི་ནད་ལས་ཐར་བར་འགྱུར། །བདུད་རྩི་གུ་གུལ་རྒྱ་ཚིལ་དང་། །ཏི་ཚེ་ར་གཞོབ་ཀོ་གཞོབ་དང་། །ཁྲག་རུལ་བཙན་དུག་ལ་སོགས་སྦྱར། །སྐྲངས་པའི་ནད་ལས་གྲོལ་བར་བྱེད། །


DNG025_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་ལྒ་ར་དུག་རྩ། །ཕོ་ལོགས་ནད་ལས་ཐར་བར་བྱེད། །བདུད་རྩི་གུ་གུལ་སྲུབ་ཀ་སྦྱར། །འབྲས་ཀྱི་ནད་ལས་གྲོལ་བར་བྱེད། །བདུད་རྩི་གླ་རྩི་མུ་ཟི་དང་། །ཤུ་དག་ཀྱི་ལྕེ་དང་སྦྱར་ན། །ཤ་འཕྲིག་ཐལ་མིག་ནད་ལས་ཐར། །བདུད་རྩི་ར་མོ་ཤག་སྦྱར་ན། །ལུས་བདེ་བཅུད་ལེན་ཤིན་ཏུ་བཟང་། །བདུད་རྩི་འོ་མ་སྦྱར་ཟོས་ན། །ཤིན་ཏུ་ཤ་མདངས་དཀར་བ་ཡིན། །བདུད་རྩི་ཚ་སྣ་བུ་རམ་དང་། །གཟེ་མར་སྦྱར་ན་མཁལ་ནད་འཚོ། །བདུད་རྩི་མར་ཁུ་རུ་རྟ་དང་། །རྨ་བྱའི་སྒྲོ་དང་སྦྱར་བས་ན། །རྣ་བའི་ནད་ལས་གྲོལ་བར་བྱེད། །བདུད་རྩི་བྱ་ཡི་ཟས་དང་ནི། །ཨ་རུ་ར་དང་གླ་རྩིར་སྦྱར། །སྙིང་གི་ནད་ལས་གྲོལ་བར་བྱེད། །བདུད་རྩི་བྲག་ཞུན་སྦྱར་བས་ནི། །མཆིན་པའི་ནད་ལས་ཐར་བར་བྱེད། །བདུད་རྩི་ཀ་ར་སྲོ་ལོང་སྦྱར། །གློ་ཡི་ནད་ལས་གྲོལ་བར་བྱེད། །བདུད་རྩི་བཅུད་དང་སྦྱར་བས་ནི། །རླུང་གི་ནད་ལས་ཐར་བར་བྱེད། །བདུད་རྩི་དུར་བྱིད་རྒྱ་ཚར་སྦྱར། །བུ་ཡི་ནད་ལས་གྲོལ་བར་བྱེད། །བདུད་རྩི་ཀླད་པ་སྣ་ཚོགས་སྦྱར། །མགོ་ཡི་ནད་ལས་ཐར་བར་བྱེད། །བདུད་རྩི་སྣུམ་དང་སྦྱར་བྱས་ན། །བསྐུ་མཉེ་བྱས་ཏེ་དེ་བཞིན་ཕན། །བདུད་རྩི་ཅུ་གང་ཀ་ར་སོགས། །གཟེར་བའི་ནད་ལས་གྲོལ་བར་བྱེད། །བདུད་རྩི་བྱང་ཆུབ་སེམས་དང་སྦྱར། །བདུད་རྩི་པདྨའི་ཁྲག་དང་སྦྱར། །བདུད་རྩི་རུ་རྟ་ར་མོ་ཤག །རྐང་མགྱོགས་དངོས་གྲུབ་འཐོབ་པར་བྱེད། །བདུད་རྩི་འུག་པ་སྲིན་བྱའི་མིག །ཟོས་ན་མཚན་མོ་མཐོང་བ་ཡིན། །ཅེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། བདུད་རྩི་ཟོས་པའི་ཡོན་ཏན་གྱི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །རྡོ་རྗེ་འཆང་ལ་འདི་སྐད་ཞུས། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །དེ་ལྟར་འཚོ་བྱེད་སྨན་གསུངས་ནས། །སྐོར་འགོ་ཕན་གནོད་ལས་རྣམས་གང་། །རང་གཤེད་སྤར་ཁ་སྨེ་བ་ཁམས། །བསྟན་པ་བསྲུང་ཕྱིར་གསུང་དུ་གསོལ། །ཅེས་གསོལ་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །སྤར་ཁ་


DNG025_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་བ་ལོ་གཟའ་སྐར། །དུས་ཚོད་མཚོན་ཆས་སྲོག་ལ་དབབ། །མེ་ཆུ་ཤིང་དང་ས་ལྕགས་ལ། །རང་གཤེད་རང་ལ་འབབ་དུས་བྱ། །ཀུང་ལ་ཕུར་པ་ཤིང་གིས་གདབ། །གླང་ལུག་འབྲུག་དང་ཁྱི་ཡི་གཤེད། །ཤར་སྐར་དྲུག་དང་སྟག་ཡོས་ལུག །ཤང་ལ་ཉི་མ་མིག་དམར་དང་། །རྟ་སྦྲུལ་ལྷོ་སྐར་དྲུག་དང་སྦྱར། །ཇི་ལ་ཟླ་བ་ལག་པ་དེས། །བྱི་ཕག་བྱང་སྐར་དྲུག་ལའོ། །ཁྱི་འབྲུག་ཤར་སྐར་བཞི་ཡིས་སོ། །སྐག་ལ་པ་བ་སངས་བྱ་སྤྲེལ། །ནུབ་སྐར་དྲུག་དང་སྦྱར་བར་བྱ། །ཀུང་ལ་སྐག་གི་ཐོད་པར་བྱ། །སྐག་ལ་ཤང་གི་ཐོད་པར་བྱ། །ཇི་ལ་འུ་ཡི་ཐོད་པར་བྱ། །ཤང་ལ་ཇི་ཡི་ཐོད་པར་བྱ། །འུ་ལ་ཀུང་གིས་ཐོད་པར་བྱ། །གཤེད་ཀྱི་ཟླ་བ་བསྟན་པ་ནི། །དཔྱིད་སྟོན་ར་བ་སྟག་སྤྲེལ་ཀེག །སྟོན་དཔྱིད་འབྲིང་པོ་བྱ་ཡོས་ཀེག །དཔྱིད་སྟོན་ཐ་མ་འབྲུག་གི་ཀེག །དབྱར་འབྲིང་དགུན་འབྲིང་བྱ་རྟའི་ཀེག །དབྱར་དགུན་ཐ་མ་གླང་ལུག་ཀེག །དབྱར་དགུན་ར་བ་ཕག་སྦྲུལ་ཀེག །ཞག་ཀེག་དུས་ཚོད་མཁས་པས་བརྟག །རང་གཤེད་དུས་ལ་བབ་དུས་བྱ། །ཕོ་མོ་སྐོར་སྐོར་དགྲ་གྲོགས་གཤེད། །གཟའ་རྒོད་འགྱུ་དུས་ཕུང་བར་ངེས། །ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ངན་ཐབས་གཤེད་མ་གཙུག་ལག་རྩིས་ཀྱི་བསྟན་པ་བསྲུང་བའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་བཀའ་སྩལ་བ། གསང་སྔགས་རྡོ་རྗེའི་ཐེག་པ་འདིར། །སོ་སོའི་སྐྱེ་བོ་ལྷ་མི་ནས། །ཁམས་གསུམ་འགྲོ་བ་རིགས་དྲུག་དང་། །ལོག་ལྟ་མུ་སྟེགས་རྟག་ཆད་དང་། །ཉན་ཐོས་སྡེ་པ་རང་རྒྱལ་ནས། །བྱང་སེམས་དབུ་མ་སེམས་ཙམ་དང་། །ཀྲྀ་ཡ་ཨུ་པ་ཡོ་ག་སྟེ། །མ་ཧཱ་ཨ་ནུ་ཨ་ཏི་རྣམས། །ཐེག་ཆེན་རྡོ་རྗེ་འདི་དང་འདྲེལ། །དོན་རྣམས་ལ་ཤན་མཁས་པས་དབྱེ། །དང་པོ་རབ་ཏུ་དགའ་བ་ནས། །བཅུ་པ་བཅུ་གསུམ་ས་ལམ་ཡང་། །ཐེག་ཆེན་གནས་ལུགས་འདི་དང་འདྲེལ། །དོན་འདྲེལ་དོན་ལ་བརྩི་བར་བྱ། །གནས་ལུགས་སྙིང་པོ་བཞི་སྐོར་ལ། །ཆོས་སྐུའི་དགོངས་པ་ཤེས་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ། །དེ་ཡི་དོན་ལ་རྣལ་འབྱོར་བརྩོན། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིན། །གནས་ལུགས་དོན་ལ་ཡེངས་པ་མེད། །བསམ་གཏན་ཕ་རོལ་ཕྱིན་པ་ཡིན། །གནས་ལུགས་མ་


DNG025_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཕྱོགས་ལྷུང་མེད། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡིན། །སྙིང་པོའི་དོན་རྟོགས་ཅིར་ཡང་བཟོད། །བཟོད་པའི་ཕ་རོལ་ཕྱིན་པ་ཡིན། །དེ་ཡི་གདམས་པ་འཁོར་ལ་སྦྱིན། །སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །གནས་ལུགས་སྙིང་པོ་བཞི་སྐོར་ཤེས། །ཡེ་ཤེས་ཕ་རོལ་ཕྱིན་པ་ཡིན། །ཆོས་སྐུའི་སྙིང་པོ་གནས་ལུགས་སོ། །སྨོན་ལམ་ཕ་རོལ་ཕྱིན་པ་རྫོགས། །གནས་ལུགས་ཐོ་ཆེན་བཞི་ཡིས་མཚོན། །ཐབས་ཀྱི་ཕ་རོལ་ཕྱིན་པ་ཡིན། །འཁོར་འདས་རྒྱ་ཐོས་མྱ་ངན་འདས། །སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡིན། །གསང་སྔགས་འབྲས་བུ་བླ་མེད་འདིར། །ཐམས་ཅད་རྒྱུན་ཆད་མེད་པར་འདྲེལ། །རྒྱུད་དོ་ཅོག་གི་རྩ་བ་ཡིན། །དེ་ལུང་འཁོར་འདུས་ཕོ་མོས་བླངས། །ལུང་མཆོག་དགོངས་པ་འདུས་པ་ཡིན། །ཚེགས་མེད་པ་རུ་གསང་བ་ཤེས། །མན་ངག་ཚེགས་ཆུང་དོན་ཆེན་ཡིན། །དེས་ནི་རང་དབང་རང་རིག་ཐོབ། །དབང་མཆོག་རྒྱལ་པོ་རང་དབང་ཡིན། །གནས་ལུགས་སྙིང་པོ་བཞི་སྐོར་ཡིན། །འདའ་བའི་ས་མེད་དམ་ཚིག་མཆོག །སྙིང་པོའི་དཀྱིལ་ལ་བཞི་སྐོར་འཁོར། །དཀྱིལ་འཁོར་འཕྲོས་པས་དཀྱིལ་འཁོར་མཆོག །གཉིས་སུ་མེད་པ་མཆོད་པའི་མཆོག །རྣལ་མར་རྟོགས་པས་རྣལ་འབྱོར་མཆོག །ཀུན་ལ་བསྔགས་པས་གསང་སྔགས་ཡིན། །ཀུན་གྱི་ལས་རྫོགས་ཕྲིན་ལས་ཡིན། །མཚོན་ནས་བརྗོད་མེད་བསྒོམ་པ་ཡིན། །དེ་ལྟར་སྤྱོད་པས་སྤྱད་པ་ཡིན། །རང་ངོ་རང་ཤེས་ལྷ་དང་མཇལ། །ཆོས་སྐུ་འབྲས་བུ་ལྷ་ཡི་མཆོག །ཅེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཐམས་ཅད་འདྲེལ་བ་རྫོགས་ཚུལ་གྱི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས་རྡོ་རྗེ་འཆང་ལ་འདི་སྐད་གསོལ། ཀྱེ་ཀྱེ་རྡོ་རྗེ་ཆོས་ཀྱི་སྐུ། །རྒྱུད་ཆེན་འདི་ཡི་དཔེ་ནི་གང་། །དེ་ལ་མཚན་དུ་ཇི་སྐད་གཟུང་། །དུས་ཚོད་གང་དུ་དར་བར་བྱེད། །ཅེས་གསོལ་པས། རྡོ་རྗེ་ཆོས་སྐུས་བཀའ་སྩལ་པ། །ཉོན་ཅིག་རིག་འཛིན་རྡོ་རྗེ་འཛིན། །རྡོ་རྗེ་ཕོ་མོ་འདུས་པའི་ཚོགས། །ང་ཡི་རྒྱུད་ཆེན་ཀུན་ཡངས་འདིར། །དཔེར་ན་ནམ་མཁའ་ཇི་བཞིན་ཏེ། །ཕྱོགས་བཅུ་མི་དམིགས་ཕྱོགས་བཅུའི་གཞི། །ཁ་དོག་མ་ཡིན་ཁ་དོག་གཞི། །དཔེར་ན་ནམ་མཁའ་ཆེན་པོ་འདྲ། །དཔེར་ན་ཆུ་ཡི་རྒྱ་མཚོ་འདྲ། །དཔེར་ན་རིན་ཆེན་གསེར་དང་འདྲ། །དཔེར་ན་ནོར་བུ་རིན་ཆེན་འདྲ། །དཔེར་ན་མུན་པ་ཉི་མ་འདྲ། །དཔེར་ན་སྐྱེ་འཁྲུངས་ས་དང་འདྲ། །དཔེར་ནད་པ་མིག་མངས་འདྲ། །དཔེར་ན་རྨ་བྱས་དུག་དང་འདྲ། །དཔེར་ན་སྨན་མཁས་སྨན་དང་འདྲ། །དཔེར་ན་འཇིམ་པའི་གཟུགས་དང་འདྲ། །དཔེར་ན་


DNG025_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྤྱན་དང་འདྲ། །དཔེར་ན་སྒྱུ་མ་མཁས་པ་འདྲ། །དེ་ཡི་རྒྱུད་ཆེན་ཀུན་གྲོལ་འདི། །བདུད་དང་བདུད་རྩི་ལྟ་བུ་ཡིན། །མེ་དང་ཤིང་བུ་ལྟ་བུ་ཡིན། །རྒྱ་མཚོ་གཟའ་སྐར་ལྟ་བུ་ཡིན། །འདྲེང་བ་ཕྲེང་ཐག་ལྟ་བུ་ཡིན། །ཤེལ་གོང་དར་དང་ཟ་འོག་འདྲ། །དེ་བཞིན་རྒྱུད་ཆེན་ཀུན་འདྲེལ་འདིར། །ཀུན་གཞིའི་གནས་ལུགས་སྟོན་པས་ན། །སྙིང་པོ་སྤྱི་གཞིའི་རྒྱུད་དུ་ཟུང་། །ཐམས་ཅད་གང་ཡང་བཅོས་པ་མེད། །མ་བཅོས་པ་ཡི་རྒྱུད་དུ་ཟུང་། །གང་གི་ཕྱོགས་སུ་ལྷུང་བ་མེད། །ཕྱོགས་ལྷུང་མེད་པའི་རྒྱུད་དུ་ཟུང་། །གར་ཡང་རྒྱ་ཆད་མེད་པར་བསྟན། །རྒྱ་ཆད་མེད་པའི་རྒྱུད་དུ་ཟུང་། །ཐམས་ཅད་རང་ལས་བྱུང་བས་ན། །རང་བྱུང་ཆེན་པོའི་རྒྱུད་དུ་ཟུང་། །ཐམས་ཅད་འདི་དང་འདྲེལ་བ་སྟེ། །འདྲེལ་བ་ཆེན་པོའི་རྒྱུད་དུ་ཟུང་། །སྐུ་གསུང་ཐུགས་ལས་འགྱུར་མེད་པས། །རྡོ་རྗེ་ཆེན་པོའི་རྒྱུད་དུ་ཟུང་། །རྩ་བ་ཐམས་ཅད་འདི་ལ་རྫོགས། །རྩ་བ་རྫོགས་པའི་རྒྱུད་དུ་ཟུང་། །ལྟ་བ་སྒོམ་པ་སྤྱོད་པ་འབྲས། །ཡི་གེ་འབྲུ་ལ་ངོ་སྤྲོད་པས། །ངོ་སྤྲོད་ཆེན་པོའི་རྒྱུད་དུ་ཟུང་། །ཡི་གེའི་ཚོགས་ཀྱིས་ཐམས་ཅད་འགྲོལ། །ཡི་གེ་འགྲོས་ཀྱི་རྒྱུད་དུ་ཟུང་། །རྟེན་དེ་ལ་བརྟེན་གདམས་ངག་བརྟེན། །རྟེན་འདྲེལ་ཆེན་པོའི་རྒྱུད་དུ་ཟུང་། །ཡུལ་མི་གཉིས་ཀྱི་སྒྲོ་འདོགས་གཅོད། །འདྲེལ་བ་ལོག་ནོན་རྒྱུད་དུ་ཟུང་། །བདེན་མཉམ་རྫུན་མཉམ་རང་མེད་སྟོན། །རྒྱུ་ཟད་རྐྱེན་ཟད་རྒྱུད་དུ་ཟུང་། །ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དཔེ་དང་མཚན་གྱི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་ནི་གདམས་པ་སྟེ། །རྡོ་རྗེ་འཛིན་པ་རྡོ་རྗེའི་འཁོར། །ཟུང་ཞིག་གཏད་དོ་རྡོ་རྗེ་འཛིན། །ལེགས་པར་ཆོངས་ཤིག་རིགས་ཀྱི་བུ། །ང་ནི་མྱ་ངན་འདས་འོག་ཏུ། །ཆོས་ལ་དར་ནུབ་གསུམ་འོང་གི། །དུས་ཀྱི་སྙིགས་མ་ལས་ངན་བྱེད། །དེ་དུས་ང་ཡི་རྒྱུད་འདི་འབྱུང་། །སེམས་ཅན་བསོད་ནམས་བྲི་བའི་རྟགས། །ཚེ་ཐུང་ནད་མང་ལོངས་སྤྱོད་ཆུང་། །ཉོན་མོངས་རགས་ཏེ་ནད་འཁྲུག་འོང་། །ཀུན་ལ་གཅེས་པའི་རྒྱལ་ཁྲིམས་ཉམས། །ང་སྤྱང་ང་སྒྲིན་གཡོ་སྒྱུ་ཡིས། །དེ་ཚེ་རབ་ཏུ་བྱུང་བ་ཀུན། །འདུལ་ཁྲིམས་གཡོ་དང་ཁྲམ་དུ་བྱེད། །སྡེ་པའི་གནས་བརྟན་དམག་དཔོན་བྱེད། །དགེ་སློང་སྒོམ་ཆེན་ཁྲམ་པ་བྱེད། །དགའ་སྤྱོད་བྱམས་སྒོམ་དག་ལ་བསྟོད། །སྔགས་པ་དམ་ཚིག་མི་བསྲུང་ཞིང་། །ཕྱི་རོལ་མུ་སྟེགས་སྒྲུབ་པ་བྱེད། །ངན་སྔགས་འབའ་ཞིག་ནང་དམེ་བྱེད། །གཙོ་བོ་རྩད་འཆང་མནའ་ལ་ཟ། །དམངས་ཀུན་རང་དགའ་ངོ་ཚ་བྲལ། །ཕོ་


DNG025_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁྲིལ་ཤོར་ཇག་ཆོམས་བྱེད། །མོ་ནི་ཆོ་ཤོར་ལུས་ཚགས་ལྷོད། །ཀུན་ཀྱང་དཀོན་མཆོག་དཀོར་ལ་འབགས། །བྱིས་པ་རྒན་སྤྱོད་ལས་ལ་བརྩོན། །གཉེན་དུ་བཙས་པས་དགྲ་རུ་འོངས། །ཟས་ངན་དུག་གི་ཁ་ལེན་བྱེད། །ལྷར་བསྟེན་པ་ནི་བདུད་དུ་འབབས། །གདོན་དུ་ཀླུ་དང་ས་བདག་སྡང་། །སྣ་ནི་བཙན་དང་རྒྱལ་པོས་འདྲེན། །ནད་དུ་རིམས་དང་དུག་གིས་འདེབས། །ཆོས་སྐོར་དགྲ་ཚད་བྱེད་པ་སྟེ། །ཨར་བས་ལམ་འཕྲང་བསྲུང་ཞིང་འཚེ། །ཁྲིམས་ལ་བག་ཙམ་གནས་པའི་ཚེ། །ང་ཡི་རྒྱུད་ཀྱིས་གྲོལ་བར་བྱེད། །རྒྱུད་ཆེན་ནོར་བུ་ནམ་མཁའ་འདི། །ནོར་བུ་ནམ་མཁའ་འདི་ཐོས་པས། །ཐོས་པས་དྲེད་པའི་གཏིང་འཁྱགས་དང་། །ཐོས་ཆུང་བློ་སྦྲམ་རྟོག་མང་དང་། །ཁ་དཀར་གཏིང་ནག་བྲག་གངས་འདྲ། །གཞོགས་སྨོད་སྙིང་འདོད་རྡོ་གསེར་ཆུ། །སྐྱེར་ཚེར་དར་གྱིས་གཏུམས་འདྲ་ལ། །སྲོག་ཆགས་ཀུན་པའི་ཁ་བཞིན་སྡོམ། །ཆེ་རྒྱུད་དྲེགས་པས་བཅིངས་པ་བཞིན། །བཙུན་པ་བཙད་པོ་སློབ་དཔོན་དང་། །རྗེ་དཔོན་སྔགས་ཀྱི་སྣོད་མིན་གསོད། །བསྟན་ཡང་དྲིན་མེད་སྣོད་ངན་གཉིས། །བུ་དང་ཆུང་མ་གཉིས་ལས་སྦ། །འཇིག་རྟེན་རྒྱུར་འགྱུར་འདྲེང་སྣོན་བྱེད། །སེར་སྣས་གཏོང་ཕོད་ཚུལ་ལ་སྡོམ། །ལྟ་ལོག་མུ་སྟེགས་སྐྱོན་ཅན་གཞི། །དམ་མེད་སློབ་དཔོན་མཉེས་མི་བྱེད། །རུམ་ཞུགས་སེམས་ཅན་རླུང་བཞིན་སྡོམ། །དད་པ་སྐྱོན་མེད་གསང་བ་ཐུབ། །བླ་མ་རྣམ་གཉིས་རྟག་ཏུ་འཁུར། །བླ་མ་མཉེས་བྱེད་གཏོང་ཕོད་ཆེ། །སྲོག་ལུས་བུ་སྨད་ནོར་མི་འཕངས། །ལེ་ལོ་གཡོ་མེད་དམ་ཚིག་བརྩོན། །ཚི་ཆེན་བཀྲག་མེད་ཐེག་ཆེན་བློ། །བག་ཡངས་སྤྱོད་པ་གསང་བ་ཐུབ། །དབང་པོ་སྐྱོན་མེད་ཡན་ལག་བདེ། །ལུས་དྲང་ཁམས་བཟང་ཉམས་སུ་ལེན། །གཞན་གྱིས་མི་འགྱུར་གཅིག་ལ་གདམས། །ཁ་གཅིག་གཏིང་གཅིག་བྱིས་པའི་སྤྱོད། །དེ་འདྲའི་སྐལ་ལྡན་བུ་ཡིས་སྤྱོད། །ཅེས་གསུངས་སོ། །དེ་ནས་སྟོན་པ་ཉིད་མྱ་ངན་ལས་འདས་སོ། །ལག་ན་རྡོ་རྗེ་ལ་སོགས་པ་འདུས་པ་རྣམས་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་དོ། །སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་སོ་ལྔ་པའོ།། །།རྫོགས་སོ།། །།ཨུ་རྒྱན་གྱི་སློབ་དཔོན་པདྨ་དང་། བོད་ཀྱི་དགེ་སློང་ནམ་མཁའི་སྙིང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།རྒྱ་རྒྱ་རྒྱ།། །།

ཆོས་ཐམས་ཅད་ཀྱི་དོན་སྟོན་པ་རྫོགས་ཆེན་ཐིག་ལེ་ཉག་གཅིག


DNG025_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྷརྨ་སརྦ་བྷེ་ལ་ཨ་ཏི་ཏི་ལ། བོད་སྐད་དུ།ཆོས་ཐམས་ཅད་ཀྱི་དོན་སྟོན་པ་རྫོགས་ཆེན་ཐིག་ལེ་ཉག་གཅིག །ཡེ་ནས་བྱ་རྩོལ་བྲལ་བ། ཀ་དག་ལྷུན་གྲུབ་མཉམ་ཉིད་ཕྱོགས་བྲལ་བརྡལ་ཁྱབ་ཆེན་པོའི་ཀློང་ལ་ཕྱག་འཚལ་ལོ། །ཏནྟྲ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། འདུས་པ་ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། གསང་བ་མན་ངག་ཐམས་ཅད་ཀྱི་ངེས་དོན། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། གསུང་རབ་མ་ལུས་པའི་སྙིང་ཁུ། དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས། ཆོས་ཐམས་ཅད་ཀྱི་མེ་ལོང་། དོན་ཐམས་ཅད་ཀྱི་མཇུག་སྡུད། ངོ་སྤྲོད་ཐམས་ཅད་ཀྱི་མཛོད། ངེས་དོན་ཐམས་ཅད་ཀྱི་རྒྱ་མཚོ། ཐེག་པ་ཐམས་ཅད་ཀྱི་སྤྱི་ཕུད། བལྟ་བ་ཐམས་ཅད་ཀྱི་ཡང་རྩེ། རྒྱལ་བ་ཐམས་ཅད་ཀྱི་ཡབ། རྣལ་འབྱོར་པ་ཐམས་ཅད་ཀྱི་ཡུམ། བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པ། ཏནྟྲ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད། གསང་བ་བས་ཀྱང་ཡང་གསང་བ། ཀུན་ཏུ་བཟང་པོ་མ་འཁྲུལ་པའི་དགོངས་པ། གཞིའི་འདུག་ཚུལ་འཁོར་བ་དོང་སྤྲུགས་སུ་སྟོན་པ། ཕྱི་ནང་གསང་བ་གསུམ་གྱི་ཡང་ཞུན། བླ་ན་མེད་པའི་ཐིག་ལེའི་དགོངས་པ། ལོག་པར་བལྟ་བ་ཐམས་ཅད་ཀྱི་གཉེན་པོ། མ་རིག་པ་ཐམས་ཅད་ཀྱི་མུན་པ་སེལ་བ། ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་སྐྱེད་པ། རྣམ་རྟོག་དྲ་བ་ཐམས་ཅད་གཅོད་པ། ཕྱོགས་གཅིག་ཏུ་རྒྱ་ཆད་པ་མེད་པར་སྟོན་པ། སྣང་བ་མི་འགག་ལ་གཉིས་སུ་མེད་པར་ཤར་གྲོལ་དུ་སྟོན་པ། མ་འདྲེས་ལ་ཡོངས་སུ་རྫོགས་པ། སྣང་ཚུལ་ཅིར་ཡང་སྣང་བ། ཡིན་ཚུལ་ངེས་པ་མེད་པར་སྟོན་པ། ཀུན་དང་བྲལ་ཅིང་ཅི་ཡང་མ་སྤངས་པ། མཐའ་བཞི་མ་འགགས་མུ་བཞི་རང་གྲོལ་བ། ཉམས་མི་ང་བ་བལྟ་བའི་གདེང་དུ་སྟོན་པ། འཛིན་པ་མེད་པ་བསྒོམ་པའི་གདེང་དུ་སྟོན་པ། བླང་དོར་མེད་པ་སྤྱོད་པའི་གདེང་དུ་སྟོན་པ། སྤང་


DNG025_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་མེད་པ་འབྲས་བུའི་གདེང་དུ་སྟོན་པ། དངོས་པོ་ཐམས་ཅད་རང་གྲོལ་དུ་གཏན་ལ་འབེབས་པར་བྱེད་པ་འདི་ཉིད། ཆོས་ཉིད་གྲག་སྟོང་དུ་ཐོས་པའི་དུས་གཅིག་ན། གནས་འོག་མིན་ཆོས་ཀྱི་ཕོ་བྲང་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པར་དག་པ་རྒྱ་ཆད་ཕྱོགས་ལྷུང་ཚད་ལས་འདས་པ། རང་བྱུང་འོད་ཀྱི་གཞལ་ཡས་ཁང་། ཆོས་ཉིད་ཀྱི་མཁའ། དབྱིངས་ཉིད་ཀྱི་ཀློང་། སེམས་ཉིད་ཀྱི་གནས་འབྱམས་ཀླས་པ་ན། སྟོན་པ་རིག་སྟོང་ཀུན་ཏུ་བཟང་པོ་ཉིད། མ་བཅོས་སྤྲོས་བྲལ་བྱང་ཆུབ་སྙིང་པོའི་ངང་ལ་རང་ཤར་ཏེ། ཞལ་ཕྱག་གི་རྣམ་པར་བཞེངས་ནས། སྔོན་དུ་བྱུང་བའི་འཁོར་ནི་ཉིད་ཀྱི་ངོ་བོ་ཆོས་ཀྱི་སྐུ་དང་། ཉིད་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཉིད་ཀྱི་ཐུགས་རྗེ་སྤྲུལ་པའི་སྐུ་དང་། ཞི་ཁྲོའི་སངས་རྒྱས་དཔག་ཏུ་མེད་པ་དང་། ཁྱད་པར་སྐུའི་འཁོར་རྡོ་རྗེའི་རིགས་དང་། རིན་ཆེན་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། བདེ་གཤེགས་རིགས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། བྱང་ཆུབ་སེམས་དཔའ་དང་། ས་ཆུ་མེ་རླུང་ནམ་མཁའ་དང་། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་དང་། ཤིན་ཏུ་རྣལ་འབྱོར་དང་། ཡོངས་སུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་དང་། སེམས་དཔའི་རྣལ་འབྱོར་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བ་དང་། དག་པ་དང་། མ་དག་པ་དང་། སྒྲོ་སྐུར་ཅན་དང་། ཕྱི་པའི་འཁོར་ཕྱི་དང་། དབང་ཕྱུག་ཆེན་པོ་དང་། མུ་སྟེགས་དང་། མུར་ཐུག་དང་། རྒྱང་འཕེན་དང་། ལྷ་དང་། ལྷ་མ་ཡིན་དང་། མི་དང་དྲི་ཟ་དང་བཅས་པའོ། །གསུང་གི་འཁོར་ནི། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའ་དང་། ཀྲྀ་ཡ་དང་། ཨུ་པ་དང་། ཡོ་ག་དང་། མ་ཧཱ་དང་། ཨ་ནུ་དང་། ཨ་ཏི་དང་། ཨ་ཏི་ཆེན་པོ་དང་། རྡུལ་དང་།མུན་པ་དང་། སྙིང་སྟོབས་དང་། ཕྱིའི་རྟག་ཆད་མུ་བཞིའོ། །ཐུགས་ཀྱི་འཁོར་ནི། གསལ་སྟོང་དང་།


DNG025_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྟོང་དང་། བདེ་སྟོང་དང་། གྲག་སྟོང་དང་། རིག་སྟོང་དང་བཅས་ཏེ། ཉིད་ཀྱི་རང་བཞིན་དང་། ངོ་བོ་དང་། ཐུགས་རྗེ་དང་། ཆོས་ཉིད་ཀྱི་རྡོ་རྗེ་འདུས་མ་བྱས་པ་རྣམས་དང་མི་འབྱེད་ཅིང་། འབྱེད་པ་མི་མངའ་བ། མཉམ་རྫོགས་ལྷུན་གྲུབ་ཀློང་ཡངས་ན་ཐབས་གཅིག་ཏུ་གཉིས་སུ་མེད་པར་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་རིག་སྟོང་ཀུན་ཏུ་བཟང་པོ་དེ་ཉིད་འཁོར་ཤེས་རིག་སྣ་ཚོགས་པ་རྣམས་བྱིན་གྱིས་རློབ་པའི་ཕྱིར། འཁོར་ཐམས་ཅད་ཀྱི་ཐུགས་ལ་ཐིམ་ཞིང་། རང་བྱུང་གི་ཡེ་ཤེས་གསལ་ལ། མི་སྣང་བ་དང་། མི་མཛད་པ་དང་། མི་འཕྲོ་བ་དང་། མི་འདུ་བ་དང་། མི་འགྱུར་བ་དང་། མི་འོང་བ་དང་། མི་འགྲོ་བ་དང་། མི་གནས་པ་དང་། ལྷང་ངེ་། ལྷན་ནེ། ལྷག་གེ། ལྷམ་མེ། ཐལ་ལེ་བ་དང་། དྲི་མ་མེད་པའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པ་དང་། དཔའ་བར་འགྲོ་བ་དང་། ཡིད་བཞིན་གྱི་ནོར་བུའི་ཏོག་དང་། རྒྱལ་མཚན་རྩེ་མོ་རྣམ་པར་རོལ་པ་དང་། གློག་གི་ཕྲེང་བ་དང་། འཁོར་ལོ་ཆེན་པོ་དང་། འོད་འབར་བ་དང་། ཕྱག་རྒྱ་ཟིལ་གྱིས་གནོན་པ་དང་། འབར་ཆེན་སྙོམ་པ་དང་། ཆོས་ཉིད་སྣ་ཚོགས་པ་དང་།རྣམ་པར་བཀོད་པ་རྣམ་སྣང་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཐམས་ཅད་ཐིག་ལེ་ཉག་གཅིག་ལ་བཀོད་ནས་བསྟན་པ་རིན་པོ་ཆེ་རྣམས། ཐམས་ཅད་མ་ཕྱེ། མི་འབྱེད། ཡིད་ལ་བདག་ཏུ་མེད་པའི་ཀློང་ནས་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་འདི་ཉིད། བརྗོད་དུ་མེད་པ་དང་། བསྟན་དུ་མེད་པ་དང་།བལྟར་མེད་པ་དང་། ཅུང་ཟད་མེད་པ་དང་། མཉན་དུ་མེད་པ་དང་། རང་བཞིན་མེད་པ་དང་། གྱིན་འདའ་དང་། ཡུལ་ཅན་མ་ཡིན་པ་དང་། དུ་མ་མེད་པ་དང་། སོ་མ་དང་། གཉུག་མ་དང་། ལྷུག་མ་དང་། རྣལ་མ་དང་། མ་བཅོས་པའི་ངང་ནས་འུབ་ཆུབ་ཅིང་རང་གྲག་ངོ་བོའི་ཚིག་ཏུ་རང་ཤར་རོ། །སརྦ་མ་ལ་ཨ་བ་མ་ལ་དྷ་ཐིམ། བྷཻ་ཊ་ཨཱ་ལོ་ཀེ། ཨ་ནན་པ་ནི་ཀི།


DNG025_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་མ་ཎྀ་ཊ་ཤ་ཨེ་ཤ་ཨ། ཨྸྸ། དྨཽ། མ་མ། ཨེ་ཀ་པར། ཏྱ་རྐྱ་ཏ་མྃ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །སུས་ཀྱང་མ་བྱས་ཁང་བཟངས་ན། །མ་མྱོང་སྐྱེ་མེད་རིག་པའི་སྐུ། །སྤང་ཐོབ་མེད་པའི་རང་ལུས་ཀྱི། །གྲུབ་མ་མྱོང་བའི་སྐུ་རུ་གནས། །མི་གྲག་གྲག་སྟོང་ཚུལ་དུ་ནི། །ཐོས་མ་མྱོང་བའི་ཆོས་ཉིད་གཏམ། །ཡེ་ཀློང་ཆེན་པོའི་དོན་རྣམས་ཀུན། །འདི་ཡི་ཡུལ་དུ་ཤར་གྲོལ་ཏེ། །སྤྲོས་མེད་སྤྲོས་པའི་རྒྱུ་མེད་པས། །མཉམ་ཡང་ཆོས་ཀུན་མ་འདྲེས་པར། །ཐིག་ལེ་ཉག་གཅིག་ངས་བཤད་ཉོན། །ཨེ་མ་ཧོ། ལྟ་བ་རང་བྱུང་ཡེ་ཤེས་ལྟོས། །དགེ་སྡིག་ལས་འདས་ངོ་མཚར་ཆེ། །གཞི་ནི་མ་བསྐྱོད་ཁྱབ་གདལ་ཆེ། །ལུས་ངག་ལྟ་སྒོམ་ཕན་གནོད་བྲལ། །དངོས་པོ་གཤིས་ཀྱི་འདུག་ཚུལ་ལྟོས། །སྣང་བ་མ་བསྒྱུར་ངོ་མཚར་ཆེ། །བདེ་སྡུག་དྲན་བསམ་ཅི་ཤར་ཡང་། །དོན་ལ་འགྱུར་མེད་དངོས་པོ་བྲལ། །སྟོང་པ་ཡེ་ཤེས་ཀུན་འབྱུང་ལྟོས། །དྲན་བསམ་སྤྱོད་པ་སྣ་ཚོགས་ཀུན། །རོལ་པའི་རྩལ་ཤར་ངོ་མཚར་ཆེ། །སྐྱེ་འགག་གཉིས་ཀྱི་མཐའ་དང་བྲལ། །ཆོས་ཉིད་ཀུན་ཁྱབ་ཡེ་ཤེས་ལྟོས། །སྐྱེ་མེད་ལྷན་སྐྱེས་ངོ་མཚར་ཆེ། །སྐྱེ་འགྲོ་ཀུན་གྱི་སྲོག་བཅད་ཀྱང་། །དགེ་སྡིག་ཕན་གནོད་གཉིས་དང་བྲལ། །རང་ཤེས་སྟོང་པ་ཀུན་སྣང་ལྟོས། །རང་སྣང་རང་གྲོལ་ངོ་མཚར་ཆེ། །ཆོ་འཕྲུལ་སྣ་ཚོགས་ཅི་ཤར་ཡང་། །ཐོག་མའི་གཞི་ལས་གཡོས་པ་མེད། །རིག་སྟོང་ཀུན་གྲོལ་སྣང་བ་ལྟོས། །རང་གིས་རང་རྙེད་ངོ་མཚར་ཆེ། །ཉོན་མོངས་འགྱུ་དྲན་ཅི་ཤར་ཀྱང་། །རང་ཤར་རང་གྲོལ་བཅོས་སླད་བྲལ། །རིག་སྟོང་གསལ་དག་ངོ་བོར་ལྟོས། །འབད་མེད་འབྲས་ཐོབ་ངོ་མཚར་ཆེ། །གཅིག་པོ་དེ་ཡི་དོན་ཤེས་པས། །འཁོར་འདས་གཉིས་མེད་ཀུན་གྲོལ་དག །སྟོང་པ་ཀུན་བཞག་ཚད་ལ་ལྟོས། །འགྲོ་དྲུག་ཁམས་གསུམ་མ་ལུས་པ། །སྐུ་གསུམ་རང་སྣང་ངོ་མཚར་ཆེ། །འགྲོ་རྣམས་སྒོམ་སྒྲུབ་མ་བྱས་པར། །དུས་


DNG025_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སངས་རྒྱས་འཁོར་དོང་སྤྲུགས། །སྐུ་གསུམ་ཡེ་རྫོགས་འབྲས་བུ་ལྟོས། །དུས་གསུམ་འབྲས་མེད་ངོ་མཚར་ཆེ། །ཕར་ཕྱིན་བསག་སྦྱང་མ་བྱས་པར། །སྒྲིབ་བྱང་ཚོགས་གཉིས་ཡེ་ནས་རྫོགས། །རིག་པ་གཅེར་བཞག་ཀུན་མཉམ་ལྟོས། །ཐམས་ཅད་རྒྱན་ཤར་ངོ་མཚར་ཆེ། །སྤང་དང་ལེན་པའི་ཆོས་རྣམས་ཀུན། །ཉོན་མོངས་གཏན་སྤྲུགས་འཆིང་གྲོལ་མེད། །ཡེ་སྟོང་ཀ་དག་ངང་ལ་ལྟོས། །སངས་རྒྱས་གཡང་ས་ཡང་ས་ཡང་ངོ་མཚར་ཆེ། །བྱ་བྱེད་ཡེ་དཔྱོད་བསྒོམ་པ་ཡིས། །ཡེ་གྲོལ་མ་ཤེས་ལྷུང་བར་འགྱུར། །མི་སྟོང་སྟོང་པ་དངོས་ཅན་ལྟོས། །མེད་པ་བདག་འཛིན་ངོ་མཚར་ཆེ། །སྣང་སྲིད་འཁོར་འདས་ཀུན་སྐྱེས་ཀྱང་། །སྐྱེ་མེད་ངང་དྭངས་ཀ་ནས་དག །ཨེ་མ་ཧོ། བྱུང་གནས་མེད་པའི་རང་རིག་ལ། །འགྲོ་འོང་མེད་པ་ངོ་མཚར་ཆེ། །ཀུན་ཏུ་འཇུག་བྱེད་ཡིད་དྲུག་ལ། །བརྟེན་ས་མེད་དེ་བློ་ལས་འདས། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་ས་མེད་དེ་ངོ་མཚར་ཆེ། །འཁོར་འཁྲུལ་ཀུན་གཞི་མ་རིག་པ། །འགྱུར་མེད་ཀ་དག་བྱ་བཙལ་བྲལ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ངོ་མཚར་ཆེ། །ཕྲ་དང་རགས་པའི་དྲི་མ་ལ། །ཆགས་པ་མེད་པ་ཡེ་དག་ཡིན། །ཨེ་མ་ཧོ། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་ཅོག་བཞག་ངོ་མཚར་ཆེ། །འགྲོ་འོང་མེད་པའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །མ་བཀོད་གསལ་བའི་དག་དབྱིངས་ལ། །ཕྱི་དང་ནང་མེད་ངོ་མཚར་ཆེ། །རང་སྣང་དག་པའི་འོད་ལྔ་ལ། །འཆར་ནུབ་མེད་པ་ངོ་མཚར་ཆེ། །ཤར་བ་མེད་པའི་སྒྲོན་མ་ལ། །ནུབ་པ་མེད་པ་ངོ་མཚར་ཆེ། །ཆ་ཕྲ་སྤྲོས་མེད་ཐིག་ལེ་ལ། །ལྔ་ལྔས་བརྒྱན་པ་ངོ་མཚར་ཆེ། །མི་འགྱུར་རིག་པའི་རང་སྐུ་ལ། །འགྲོ་འོང་མེད་པ་ངོ་མཚར་ཆེ། །སྣང་བ་རང་དག་ཆེན་པོ་ལ། །མཐའ་མེད་རྒྱ་ཆེ་ངོ་མཚར་ཆེ། །དབྱིངས་དང་རིག་པ་རང་འདྲེལ་ལ། །འཕྲོས་པ་མེད་


DNG025_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངོ་མཚར་ཆེ། །སྟོང་པ་ཆེན་པོའི་འབྱུང་གནས་ལ། །མཐའ་བཞི་འགགས་པ་ངོ་མཚར་ཆེ། །ཐོག་མའི་མགོན་པོ་དྲི་མེད་ལ། །འགྲན་པའི་ཟླ་མེད་ངོ་མཚར་ཆེ། །ཉག་གཅིག་རང་གནས་དགོངས་པ་ལ། །བར་མཚམས་མེད་པ་ངོ་མཚར་ཆེ། །རྩོལ་སྒྲུབ་རང་དག་སྤྱོད་པ་ལ། །དགག་སྒྲུབ་མེད་པ་ངོ་མཚར་ཆེ། །རང་བཞིན་བསམ་གཏན་བར་མེད་ལ། །བྱིང་རྒོད་མེད་པ་ངོ་མཚར་ཆེ། །གཏད་པ་མངོན་སུམ་བལྟ་བ་ལ། །རང་སྣང་ཡེ་རྫོགས་ངོ་མཚར་ཆེ། །ཡེ་ཡོད་འབྲས་བུ་རང་ཐོབ་ལ། །དམིགས་གཏད་མེད་པ་ངོ་མཚར་ཆེ། །མ་བཙལ་ཅོག་བཞག་ཆོས་ཉིད་ལ། །ཐམས་ཅད་ཀུན་གསལ་ངོ་མཚར་ཆེ། །རང་བཞིན་རྟོགས་པའི་སྐུ་གསུམ་ལ། །ཅིག་ཅར་རྫོགས་པ་ངོ་མཚར་ཆེ། །བརྡལ་བ་ཆེན་པོའི་ནང་དབྱིངས་ལ། །མཐའ་ལ་ཐུག་མེད་ངོ་མཚར་ཆེ། །སྟོང་པ་ཆེན་པོའི་ཤེས་རབ་ལ། །གཞལ་དུ་མེད་པ་ངོ་མཚར་ཆེ། །འབྲས་བུ་ཀུན་བཟང་སྟོང་ཉིད་ལ། །དངོས་པོ་ཟད་པ་ངོ་མཚར་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ངོ་མཚར་ཆེ། །རང་བཞིན་བབས་ཀྱི་སྣང་བ་ལ། །མཐོང་བ་མེད་པ་ངོ་མཚར་ཆེ། །གསང་མཆོག་ངེས་པའི་ཚིག་དེ་ཀུན། །སྟོན་པ་སུས་ཀྱང་གསུངས་པ་མེད། །རང་བྱུང་ཆེན་པོའི་ནམ་མཁའ་ལ། །རང་རྩལ་རིག་པ་མ་འགགས་པ། །སྤྲོས་མེད་ཆོས་ཉིད་རང་སྒྲར་ནི། །མ་བསྟན་རང་བྱུང་ཐོག་མར་གྲག །རྒྱུན་ཆད་མེད་པར་ཆོས་ཀུན་ཚིག །རང་གི་སྒྲར་ནི་ཡེ་ནས་གྲག །རང་བྱུང་ཡེ་ཤེས་ཚིག་གིས་མཚོན། །རང་ལས་རང་བྱུང་ཤར་གྲོལ་བས། །རང་བྱུང་ཆེན་པོའི་ཚིག་ཏུ་བཟུང་། །དེ་སྐད་དུ་སྟོན་པ་རིག་སྟོང་ཀུན་ཏུ་བཟང་པོ་ཉིད་རང་ལ་རང་ངོ་མཚར་བའི་ཆེ་བ་བརྗོད་དེ་ལྷམ་མེར་བཞུགས་སོ། །དེའི་ཚེ་འཁོར་རྣམས་ཀྱི་ནང་ནས། ལོངས་སྤྱོད་རྫོགས་པའི་སྐུ་སེམས་དཔའ་རྡོ་རྗེ་ཞེས་བྱ་བ་ཉིད་ཀྱི་ཐུགས་ཀྱི་རྩལ་ཟེར་ལས་རང་བྱུང་བ་ཉིད་དང་། འཁོར་རྣམས་ཀྱི་རྡོ་རྗེ་གླུས་འདི་སྐད་དུ་བསྐུལ་ལོ། །


DNG025_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་། །ཆོས་དབྱིངས་སྤྲོས་བྲལ་ཐུགས་ཀློང་ནས། །རང་གསལ་ཡེ་ཤེས་མཁྱེན་པ་ཡིས། །ཞལ་ཕྱག་རྫོགས་ཤིང་འགྲོ་བའི་ཡབ། །སངས་རྒྱས་མེས་པོ་ཡང་རྗེ་བསྟོད། །ཨེ་མ་ཀུན་བཟང་ཀློང་ཆེན་རབ་འབྱམས་གསོན། །དེ་ལྟར་ངོ་མཚར་གད་རྒྱངས་དེ། །ཀུན་གྱིས་ཐོས་ཀྱང་རྟོགས་དཀའ་བས། །ཡང་གསང་ཐིག་ལེ་ཆེན་པོ་འདི། །ཀུན་གྱི་སྤྱི་ཕུད་ཀློང་ཆེན་མཆོག །རྒྱས་པར་གནང་བའི་སྐབས་དབྱེ་ཞུ། །དེ་སྐད་དུ་ནི་ཞུས་པ་ལས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ཨེ་མ་སེམས་དཔའ་རྡོ་རྗེ་ཉོན། །ཀློང་ཆེན་རབ་འབྱམས་རྒྱུད་འདི་ལ། །གཞི་འཁྲུལ་ཁྱབ་ཚུལ་གང་གནས་པ། །ལམ་སྒོ་ཡུལ་གྱི་སྣང་ཡུལ་དང་། །ཐེག་པའི་དབྱེ་བ་རྫོགས་ཚུལ་དང་། །བླ་མས་སློབ་མར་དབང་བསྐུར་དང་། །གྲོལ་བའི་གདམས་ངག་ལག་ཁྲིད་དང་། །ལྟ་སྒོམ་སྤྱོད་པ་བར་དོ་དང་། །ཉམས་བླངས་རྟགས་ཚད་གྲོལ་ཚུལ་ལོ། །འདི་ནི་རྒྱས་པར་བདག་གིས་སྟོན། །མ་ནོར་ངེས་པར་ཡིད་ལ་ཟུང་། །ཆོས་སྒོ་བསམ་ཡས་ཐམས་ཅད་ཀུན། །འདི་རུ་མ་རྫོགས་གང་ཡང་མེད། །ཐེག་པ་ཀུན་གྱི་སྤྱི་ ཕུད་ཡིན། །སྐལ་ལྡན་འཁོར་རྣམས་སྤྲོ་བར་སོམས། །ཞེས་བཀའ་སྩལ་པ་དང་། འཁོར་རྣམས་ཡིད་མགུ་བ་དང་བཅས་སྤྲོ་བར་གྱུར་ཅིང་ཤིན་ཏུ་ངོ་མཚར་བར་གྱུར་ཏོ། །ཐེག་པ་ཀུན་གྱི་སྤྱི་ཕུད། ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། གནང་བའི་སྐབས་དབྱེ་བ་གླེང་སློང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་སྟོན་པ་ཀུན་བཟང་ལ། །སེམས་དཔའ་རྡོ་རྗེས་འདི་སྐད་ཞུས། །ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་། །བསྟན་པ་འདི་ཡི་རང་གཞུང་གི། །སངས་རྒྱས་སེམས་ཅན་འཁོར་མྱང་འདས། །མ་གྲུབ་ཐོག་མའི་གོང་དག་ནས། །ཀུན་ཁྱབ་ཡེ་ཤེས་ཇི་ལྟར་གནས། །སྟོན་པས་བདག་ལ་བཤད་དུ་གསོལ། །དེ་


DNG025_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་ནི་གསོལ་པ་ལ། །སྟོན་པ་གྲག་སྟོང་ཚིག་ཏུ་བྱོན། །ཀྱེ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །འཁོར་རྣམས་ཡིད་རབ་ཚིམ་བྱའི་ཕྱིར། །མ་གྲུབ་ཐོག་མའི་གོང་རོལ་དུ། །ཀུན་ཁྱབ་ཡེ་ཤེས་གནས་ཚུལ་དེ། །འཛིན་པ་མེད་པའི་སྟོན་པ་ངས། །སྤྲོས་མེད་རང་དག་གཞལ་ཡས་སུ། །ཉིད་དང་དབྱེར་མེད་སྣང་འཁོར་ལ། །མཚན་མ་རིས་མེད་གསུང་གིས་ནི། །སྤྲོས་པ་མེད་པའི་ཚིག་རྣམས་ཀུན། །མི་སྣང་རང་ཟད་ཐུགས་ལས་བྱུང་། །མ་གསུངས་གསུང་བ་མེད་པར་ནི། །མཉམ་པ་ཆེན་པོའི་ངང་དུ་བསྟན། །རང་གསལ་དག་པའི་སྟོན་པ་ངས། །འོད་ལྔ་རྣམ་དག་གཞལ་ཡས་ནས། །སྤྲོས་མེད་གཏེར་ཆེན་གསུང་གིས་ནི། །སྐུ་ལྔ་རིགས་ཀྱི་འཁོར་རྣམས་ལ། །དངོས་མེད་དག་པའི་ཆོས་རྣམས་ནི། །ཡེ་ཤེས་འདུས་པའི་ཐུགས་ལས་ཕྱུང་། །རྣམ་དག་འོད་ཟེར་ལྗགས་ལ་བཀྲམ། །རང་བྱུང་ཡི་གེ་ཐམས་ཅད་དུ། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་འདུས་བྱས་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་གསུང་གི་ཚིག་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀྱང་། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །ངས་བསྟན་སྤྲོས་པའི་ཚིག་རྣམས་ལ། །དོན་ཆེ་བཀའ་ལ་གྲངས་མང་སྟེ། །འདི་ཀུན་མཚོན་པར་ཁྱོད་ལ་བསྟན། །འགྱུར་བ་མེད་པའི་སེམས་ཀྱིས་ཟུང་། །ཐོག་མར་ཀ་དག་གསལ་སྟོང་ཁྱབ། །སྤྱིར་ཡང་རྒྱ་ཆད་ཕྱོགས་ལྷུང་བྲལ། །ཀུན་གཞི་ཡེ་ནས་བཅོས་བསླད་མེད། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ལ་སྣང་ནུས་པའི། །གཞི་དེ་འོད་ཁྱིམ་ལྟ་བུ་ལ། །འགྱུར་བ་མེད་པས་རྡོ་རྗེ་འདྲ། །འགྱུར་བཞི་དམིགས་པའི་རྐྱེན་མི་གནས། །གཞི་དེ་མ་བཅོས་ལྷུན་གྲུབ་ཡིན། །དེ་ཡང་ཡེ་ཤེས་ཆེན་པོ་ཉིད། །


DNG025_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མའི་ཀ་དག་གསལ་སྟོང་ལ། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་ཉིད། །ཡེ་ཉིད་ནས་ནི་རང་བཞིན་ཁྱབ། །རང་བྱུང་ཡེ་ཤེས་རང་ལ་བྱུང་། །མ་དཔྱད་པ་ཡི་ཡུལ་ཅན་ཉིད། །སྔར་འདས་ཕྱིས་བྱུང་ད་ལྟ་མེད། །ལས་དང་བག་ཆགས་མ་རིག་མེད། །ཡིད་དང་འཁོར་བ་ཤེས་རབ་མེད། །མྱང་འདས་དག་ཀྱང་ཡོད་མ་མྱོང་། །རིག་པ་ཉིད་ཀྱང་ཡོད་མ་ཡིན། །ཡེ་ཤེས་སུ་ཡང་སྣང་བ་མེད། །ཀྱེ་མ་རིག་སྟོང་ཉག་གཅིག་ཉོན། །རང་བྱུང་ཡེ་ཤེས་སྲོག་མེད་པས། །དགེ་སྡིག་གཉིས་ཀྱི་མཐའ་ལས་འདས། །རང་བྱུང་ཡེ་ཤེས་བྱ་བྱེད་བྲལ། །རིག་པ་ཉིད་ཀྱི་ཀུན་ཁྱབ་ལ། །བརྡལ་བ་ཆེན་པོ་ཞེས་ཀྱང་བྱ། །དེ་བཞིན་ཉིད་ལས་མི་འགྱུར་བས། །འགྱུར་མེད་ཡེ་ཤེས་ཞེས་ཀྱང་བྱ། །སྐྱེ་ནས་གྲོལ་བའི་གཞི་ཡིན་པས། །དུས་གསུམ་དགོངས་པ་ཞེས་ཀྱང་བྱ། །ངེས་པ་གཅིག་ཏུ་མི་གནས་པས། །བདག་མེད་ཆེན་པོ་ཞེས་ཀྱང་བྱ། །མཐོང་མེད་རོལ་པ་མི་འགག་པས། །འགག་མེད་ཆེན་པོ་ཞེས་ཀྱང་བྱ། །དོན་ལ་བདག་མེད་སྐད་ཅིག་མ། །བརྒྱད་ཁྲི་བཞི་སྟོང་རྣམ་པ་གཉིས། །སྤྲུལ་པ་འགྱེད་པ་ཡིན་པས་ན། །སྤྲུལ་པ་ཆེན་པོ་ཞེས་ཀྱང་བྱ། །དབྱིངས་རིག་གཉིས་ལས་འདས་པ་ཡི། །རང་བྱུང་ཡེ་ཤེས་མི་གཡོ་བ། །སྣང་བའི་རྟོག་པ་རང་ཆོད་པའོ། །རང་བྱུང་ཡེ་ཤེས་འདུ་འབྲལ་མེད། །སྐུ་དང་ཡེ་ཤེས་མངོན་སྣང་ཉིད། །རང་བྱུང་ཡེ་ཤེས་སྣང་མཐའ་བྲལ། །ཡུལ་དང་ཡུལ་ཅན་ཀུན་ལས་འདས། །རང་བྱུང་ཡེ་ཤེས་རྩིས་མེད་པས། །གཟུང་འཛིན་གཉིས་ལས་འདས་པའོ། །རང་བྱུང་ཡེ་ཤེས་ཕྱི་ནང་མེད། །སྐྱོན་དང་ཡོན་ཏན་ཀུན་ལས་འདས། །རང་བྱུང་ཡེ་ཤེས་འཁྲུལ་པ་མེད། །རང་བྱུང་ཡེ་ཤེས་མཐའ་ལས་འདས། །རང་བྱུང་ཡེ་ཤེས་འགྱུ་བྱེད་བྲལ། །རང་བྱུང་ཆེན་པོའི་ཡེ་ཤེས་ལ། །སྟོན་པའི་


DNG025_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མ་སྤངས་རྫོགས། །ངོ་བོ་སྣང་སྟོང་གཉིས་མེད་ལ། །མཉམ་ཉིད་སྐྱེ་འགག་གཉིས་སུ་མེད། །སྣང་བ་རིག་པ་གཉིས་མེད་པ། །གནས་ལུགས་རང་བྱུང་གཉིས་མེད་པ། །གཉིས་ཆོས་ཀུན་བྲལ་ཆེན་པོའོ། །གཉིས་མེད་མཐའ་གྲོལ་ཆེན་པོར་གནས། །གཉིས་མེད་ཐིག་ལེ་ཉག་གཅིག་ལ། །གཤིས་ཉིད་མ་གྲུབ་ངོ་བོས་སྟོང་། །ཆོས་ཉིད་ཀྱི་ནི་ལྷུན་གྲུབ་པོ། །ཆོས་རྣམས་ཐམས་ཅད་རྩལ་མ་འགགས། །ཆོས་ཅན་ལྷུན་གྲུབ་ཉིད་དུ་གནས། །ཆོས་རྣམས་ངོ་བོ་ཅིར་མི་རྟོག །གཉིས་མེད་ལྷུན་གྲུབ་ཆེན་པོར་གནས། །དེ་ཉིད་སུས་ཀྱང་བྱས་པ་མེད། །རང་བྱུང་ལྷུན་གྲུབ་གདོད་གནས་ས། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །ལྷུན་གྲུབ་མ་ཡིན་ཆོས་གཞན་མེད། །ལྷུན་གྲུབ་ཆེན་པོར་ཡེ་ནས་གནས། །ཆོས་རྣམས་འབྱུང་རུང་གྲུབ་པ་མེད། །བདེན་པ་རང་རྒྱུད་ཡེ་མི་གནས། །ལྷུན་གྲུབ་མཐའ་བྲལ་ཆེན་པོའོ། །འཁོར་འདས་རང་རིག་ལྷུན་གྲུབ་པོ། །དབྱིངས་ཆེན་རྣམ་དག་ཡེ་ཤེས་དག །ཐ་སྙད་ཆོས་དག་དངོས་པོ་དག །བདེན་པ་ཀ་དག་ཡོད་མེད་དག །གཉིས་མེད་རྣལ་དག་གཉིས་ཆོས་དག །རང་བཞིན་རྣམ་དག་དངོས་མེད་དག །མཐའ་དབུས་ཀ་དག་རྣམ་དག་ཆེ། །མ་སྤངས་རྣམ་དག་གསལ་སྟོང་གནས། །རང་རིག་བྱང་ཆུབ་གཉིས་ཆོས་སངས། །གཉིས་མེད་ཡེ་ཤེས་ཡེ་རྒྱས་ཉིད། །ཡོད་པ་མ་ཡིན་མེད་རྒྱས་མིན། །གཤིས་ལ་གྲུབ་མེད་ཡེ་ནས་རྒྱས། །རང་བཞིན་ཆོས་སྐུ་གདངས་གསལ་ལོ། །གཉིས་མེད་སྤྲུལ་སྐུ་སྟོང་ཇི་ལྟ། །རང་གསལ་ཇི་སྙེད་གཉིས་དབྱེར་མེད། །གསལ་སྟོང་མཁྱེན་པའི་ཡེ་ཤེས་སོ། །གཤིས་ལ་འཁྲུལ་པ་མ་གྲུབ་སྟོང་། །སྤངས་པ་ཕུན་སུམ་ཚོགས་པའོ། །ངོ་བོ་གཉིས་སུ་མེད་པས་ན། །རྟོགས་པ་ཕུན་སུམ་ཚོགས་པར་གནས། །དེ་ལྟར་ཡེ་སངས་མ་རྒྱས་ན། །བསྒོམས་ཀྱང་སངས་རྒྱས་མི་འབྱུང་ངོ་། །ས་ལེ་སྦྲམ་བུ་གསེར་མིན་ན། །བཏུལ་བས་གསེར་དུ་ག་ལ་འགྱུར། །དེ་ལྟར་ཡེ་


DNG025_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སངས་ཡེ་རྒྱས་དེ། །ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་ཏེ། །ཆོས་སྐུ་ཐིག་ལེ་ཉག་གཅིག་གོ། །ངོ་བོ་ཉིད་ཀྱི་སྣང་བ་ནི། །ཡེ་ཤེས་ལྷུན་གྲུབ་ཆེན་པོར་བཞུགས། །དེ་ཡང་གནས་ལུགས་འདི་ལྟར་རོ། །རྒྱ་ཆད་མེད་པའི་ཡེ་ཤེས་དང་། །ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་། །སྤྲོས་དང་བྲལ་བའི་ཆོས་ཉིད་དང་། །མཐའ་དང་བྲལ་བའི་རིག་པ་དང་། །དག་པ་ཆེན་པོའི་སྣང་བ་དང་། །ཕྱོགས་ལྷུང་མེད་པའི་ལྟ་བ་དང་། །སྤང་ཐོབ་མེད་པའི་འབྲས་བུ་དང་། །ཡངས་པ་གསལ་བ་མི་འགྱུར་བ། །ཟང་ཐལ་ཡེ་ཤེས་མ་འགགས་པ། །མ་འཁྲུལ་པ་ཡི་ཆོས་ཉིད་དོ། །ཕྱི་ཡི་རྒྱ་ཡང་མ་རལ་ཏེ། །ནང་དུ་འོད་ལྔ་མ་འགགས་པ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །ཀ་དག་ཆེན་པོའི་ཡེ་ཤེས་ནི། །མ་རིག་ལ་སོགས་རྟོག་པ་འགག །རང་བཞིན་གསལ་བ་ལྷུན་གྲུབ་སྐུ། །རང་བཞིན་ཡེ་གྲུབ་ཡེ་ཤེས་ནི། །གསལ་བྱེད་རང་དྭངས་ཉིད་དུ་གནས། །དགོངས་པ་ཡངས་པ་ཡེ་ཤེས་སྐུ། །ཡེ་ཤེས་མཁྱེན་པའི་རྫོགས་པའི་ཆ། །ཤུགས་ཀྱི་སེམས་ཅན་རྣམས་ལ་འཆར། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ། །ཡེ་ཤེས་རོལ་པ་ཆོས་སྐུའི་རྩལ། །འགག་མེད་ཆོ་འཕྲུལ་ཅིར་ཡང་སྣང་། །ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཀྱི་གྲངས་མེད་པས། །གང་དུ་འང་མ་ཕྱེ་ཆོས་ཉིད་ལ། །ཡེ་ཤེས་ཙམ་དུ་གྲུབ་པ་མེད། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །དགོངས་པ་ཡངས་པའི་ཡེ་ཤེས་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །མ་རིག་པ་ཉིད་ཡོད་མ་མྱོང་། །རིག་པ་ཙམ་དུ་གྲག་པ་མེད། །རིག་མ་རིག་གི་ཐ་སྙད་


DNG025_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །འཁྲུལ་མ་འཁྲུལ་ཡང་གྲག་པ་མེད། །ཐུགས་རྗེས་ཀུན་ཁྱབ་ཡེ་ཤེས་ལས། །མི་མཛད་སྣ་ཚོགས་ཤར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་ཐུགས་རྗེ་མཁྱེན་བརྩེ་ཤར། །ངང་གིས་སེམས་ཅན་རྣམས་ལ་ཤར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པ་རིག་ཅིང་གསལ་བ་དེ། །རྩལ་ལྡན་རྩལ་ཕྱིར་དེ་མི་འདྲེང་། །ང་ཡིན་ང་ལ་བདག་གཟུང་མེད། །ངོ་བོ་ཉིད་ལ་འཁོར་འདས་གསལ། །སྟོབས་དང་ཤུགས་གཉིས་འཆང་བའི་བདག །བཞི་ལྡན་ཆོས་སྐུའི་ཚུལ་དུ་བཞུགས། །དེ་ལྟར་ཆོས་སྐུ་ཀ་དག་ནི། །ནམ་མཁའི་དཀྱིལ་ལྟར་འགྱུར་ཟློག་མེད། །རི་རབ་ལྟ་བུར་གཡོ་འགུལ་མེད། །རྒྱ་མཚོ་ལྟ་བུར་ཁ་གཏིང་མེད། །གསེར་དངུལ་ལྟ་བུར་འགྱུར་བ་མེད། །འདི་ཉིད་ཆོས་སྐུ་ཀ་དག་ཡིན། །དེ་ཡི་སྙིང་པོ་ཡེ་ཤེས་ནི། །འཁོར་དང་འདས་པ་མི་གནས་པའི། །ཆོས་ཉིད་སྟོང་པ་ཀུན་ཁྱབ་པས། །ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་དང་བཞི་རུ་དབྱེར་མེད་དོ། །ཀ་དག་ལྷུན་གྲུབ་གཞི་དེ་ལ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཡེ་ཤེས་སྒྲིབ་གཡོགས་ཡེ་གྲོལ་གནས། །ཐེག་པ་བསམ་ཡས་གནས་ལུགས་ཉིད། །ཡེ་ཤེས་གསུམ་དང་སྐུ་བཞིའི་ཀློང་། །ཡེ་ཤེས་གསུམ་གྱིས་གཞི་ཁྱབ་སྟོན། །སྐུ་ནི་བཞི་ལྡན་དགོངས་པ་ཡང་། །ཡེ་ཤེས་ཟང་ཐལ་ཉིད་དུ་གནས། །ཟང་ཐལ་དེ་ཡི་བཀྲག་མདངས་ཡང་། །རང་བྱུང་ཡེ་ཤེས་འོད་སྐུར་ཤར། །དཔེར་ན་ཉི་མའི་སྙིང་པོ་འདྲ། །དེ་ཡང་ཆོས་སྐུ་ཡེ་ཤེས་ལ། །མདུན་རྒྱབ་མེད་པར་ཟང་ཐལ་ལེ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཡེ་ཤེས་ལུས་དེ་ལུས་ཀྱི་མཆོག །ཡེ་ཤེས་ལུས་ལ་ཤ་ཁྲག་མེད། །སྤྲོས་བྲལ་ཡེ་ཤེས་ཀ་དག་ནི། །ངོ་བོ་རྣམ་དག་སྙིང་པོའི་གཞི། །དེ་ལ་ཚིག་དང་ཡི་གེ་བྲལ། །བརྗོད་པས་གཏན་ལ་དབབ་ཏུ་མེད། །སྒྲོ་འདོགས་ཐ་


DNG025_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་ཀུན་དང་བྲལ། །གཟུང་འཛིན་འགྱུ་བ་རྣམ་རྟོག་མེད། །སངས་རྒྱས་སེམས་ཅན་ཡེ་མ་གྲུབ། །ཆོས་མེད་ཆོས་ཀྱི་འདུ་ཤེས་མེད། །གང་མེད་ཅི་མེད་ཅི་ཡང་མེད། །རིན་ཆེན་འོད་འབར་སྐུ་རུ་བཞུགས། །ཡེ་ཤེས་སྤྱན་ལ་གསལ་འགྲིབ་མེད། །གསལ་དྭངས་ཟང་ཐལ་ཆེན་པོར་ཁྱབ། །ཡེ་ཤེས་འོད་ལ་ཕྱི་ནང་མེད། །ཡེ་གསལ་ཟང་ཐལ་ཉིད་དུ་བཞུགས། །ཡེ་ཤེས་ཐུགས་ལ་ཡངས་དོག་མེད། །སྟོང་གསལ་མདངས་ལྔ་ཉིད་དུ་བཞུགས། །ཁ་དོག་མ་ཡིན་རང་གསལ་བས། །ཤེས་ཤིང་རིག་པའི་ཆ་རྣམས་ཚང་། །འཛིན་པས་གཟུང་ཡུལ་གང་མེད་ཕྱིར། །རྣམ་པར་རྟོག་པའི་འཛིན་ཆགས་མེད། །འོད་གསལ་འདས་པའི་ཡེ་ཤེས་སུ། །རྣམ་དག་ཕྱག་རྒྱ་ཆེན་པོར་གནས། །རང་བཞིན་སྣང་བའི་ཀློང་ཆེན་ན། །མཚན་མའི་དམིགས་པ་ཡེ་མེད་དོ། །དོན་གྱི་ཆ་ལ་འདི་ལྟར་གནས། །རང་མདངས་སྐྱེད་པ་དཀར་པོའི་ཆ། །གཏིང་གསལ་ཆེན་པོ་ཉིད་དུ་གནས། །གཏིང་གསལ་ངོ་བོའི་བཀྲག་བསྐྱེད་པས། །སྣང་བ་རང་ཟད་སེར་པོའི་ཆ། །མི་མངོན་གཏིང་ནས་རང་ངོ་གསལ། །རང་ངོ་ཆགས་མེད་མདངས་བསྐྱེད་པས། །རང་གི་བཅིངས་པ་བྲལ་བ་ཡིས། །ཆགས་པ་རང་ཟད་དམར་པོའི་ཆ། །གཏིང་གསལ་མ་འདྲེས་ཆེན་པོར་གནས། །མ་འདྲེས་སོ་སོའི་མཚན་འཛིན་པ། །བྱ་བཙལ་བསྐྱོད་པ་བྲལ་བ་ཡིས། །མཛད་པ་མེད་པའི་ལྗང་གུར་ནི། །ཐོག་མ་རྣམས་ཀྱི་ཟེར་དུ་ཡང་། །མི་མངོན་གཏིང་ནས་གསལ་བའི་ཆ། །གཏང་གསལ་ཁྱབ་པའི་འདྲེལ་བྱེད་པའི། །འགྱུར་མེད་རྫོགས་པའི་མཐིང་ག་ནི། །ཡེ་རྫོགས་བྱས་པ་མེད་པར་གནས། །སྐུ་ནི་སྣང་ལ་མཚན་ཉིད་བྲལ། །ཡེ་ནས་རང་དག་ཆེན་པོ་ལ། །རྫོགས་ཆེན་རྣམས་ཀྱི་རྩེ་མོར་གནས། །དེ་ཡང་དངོས་པོར་མ་གྲུབ་པས། །རྟག་པ་ཐེར་ཟུག་ཅན་དུ་མེད། །རྒྱ་ཆད་ཅན་དུ་མ་ཡིན་ཏེ། །རང་བཞིན་འོད་གསལ་ཚུལ་དུ་


DNG025_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །གདོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱོགས་སུ་ཆད་པ་མེད་པར་གནས། །སྟོང་གསལ་ཡིན་པས་གཉིས་མཐའ་ཟད། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །གསལ་བྱེད་སྣང་བའི་ཆ་མ་འགགས། །རིག་གཞན་མེད་ཅིང་རང་སར་དག །རང་བཞིན་གྱི་ནི་ཆ་ལ་བཞུགས། །ངོ་བོ་ཉིད་ཀྱི་སྣང་བ་ནི། །ཡེ་ཤེས་ཁ་དོག་ལྔ་ལྡན་ཏེ། །རང་བཞིན་བཀྲགས་མདངས་མེ་རེ་རེ། །གསལ་འཚེར་ལྷུན་སྡུག་ཙེ་རེ་རེ། །ཉི་མ་ལས་ནི་འོད་བཞིན་དུ། །རང་གིས་བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང་། །ངོ་བོ་མི་འགྱུར་སྐུར་བཞུགས་པ། །སྐུ་གསུམ་འདུ་འབྲལ་མེད་པ་ཡི། །ཐམས་ཅད་འཆར་བའི་གཞིར་གནས་ཏེ། །མཚན་མ་རིས་ཀྱི་ཞལ་ཕྱག་མེད། །རང་བཞིན་གསལ་བའི་མདངས་ལྔ་ཡང་། །གཞོན་ནུ་བུམ་སྐུའི་ཚུལ་བཞུགས་ཏེ། །ཁ་དོག་རིས་བཟུང་གྲུབ་པ་མེད། །ཐུགས་རྗེ་རིག་པའི་ཡེ་ཤེས་སུ། །ལྷུན་གྲུབ་བཞུགས་ཅིང་མཁྱེན་མ་འགགས། །སོ་སོར་གསལ་བ་གཉིས་གྱུར་ཀྱང་། །བྱ་བ་བྱེད་དང་བྱེད་དངོས་མེད། །གསུང་ནི་རང་བཞིན་དོན་གྱི་གསུང་། །གྲག་སྟོང་ཆོས་ཀྱི་སྒྲ་རུ་གནས། །རིས་མེད་ཤེས་བྱའི་བབ་ལས་གྲུབ། །འདི་འདྲ་གཅིག་ན་མ་ངེས་པས། །སྣ་ཚོགས་སྣང་བ་གསུང་གི་གཞི། །ཐུགས་ནི་རྟོག་མེད་ངང་ལ་གནས། །ང་དང་བདག་ཏུ་འཛིན་པ་མེད། །དབང་པོ་ལྔ་ལ་རག་མ་ལུས། །མ་རིག་པ་ཡི་དྲི་མ་བྲལ། །ཉོན་མོངས་པ་ཡི་ཡིད་མ་སྐྱེས། །འཁྲུལ་པའི་ཚིག་གིས་གནོད་པ་བྲལ། །ཡིད་ཀྱི་རྣམ་པར་ཤེས་པ་མེད། །ཐམས་ཅད་དབྱིངས་གཅིག་ཐ་དང་བྲལ། །ཡེ་ཤེས་མེད་ཅིང་སྐུ་ཡང་མེད། །འོད་མེད་ཁ་དོག་རྣམས་དང་བྲལ། །རིག་པ་སྒོ་ལྔ་དག་ལ་ཡན། །རྣམ་པར་ཤེས་པའི་ཚོགས་བརྒྱད་བྲལ། །ཉོན་མོངས་མ་སྐྱེས་ཀ་ནས་དག །སྣང་


DNG025_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་སྨོས་ཡོད་པ་མེད། །དང་པོ་ནས་དག་ཐོག་མ་དག །གདོད་མ་ནས་དག་དག་ཆེན་པོ། །ཀ་ཞེས་ཐོག་མར་བྱུང་བ་ལ། །དག་པ་དྲི་མའི་གྲངས་མཐའ་ཟད། །ངོ་བོ་ཡེ་དག་ཆེན་པོ་ལ། །རང་བཞིན་རང་དག་ཐུགས་རྗེ་ནི། །ཤུགས་འབྱུང་དག་ཏུ་ཡེ་གནས་སོ། །ངོ་བོ་སྟོང་པ་ཐ་སྙད་བྲལ། །རང་བཞིན་ཡེ་གསལ་རྒྱུ་རྐྱེན་བྲལ། །ཐུགས་རྗེ་ཀུན་ཁྱབ་ཆ་ཤས་བྲལ། །ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས། །ཐུགས་རྗེ་ཀུན་ཁྱབ་རང་ཤར་རོ། །ངོ་བོ་སྟོང་པས་རྟག་མཐའ་བྲལ། །རང་བཞིན་གསལ་བས་ཆད་འཛིན་བྲལ། །ཐུགས་རྗེ་ཁྱབ་པས་གཉིས་མཐའ་བྲལ། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །རང་བཞིན་གསལ་སྟོང་དབྱེར་མེད་དེ། །ཐུགས་རྗེ་རིག་སྟོང་དབྱེར་མེད་དོ། །ངོ་བོ་ཀ་དག་ནམ་མཁའ་འདྲ། །རང་བཞིན་རྒྱ་མཚོ་དྭངས་པ་འདྲ། །ཐུགས་རྗེ་ནོར་བུ་དྲི་མེད་འདྲ། །ངོ་བོ་སྐུ་ལ་རང་བཞིན་འོད། །ཐུགས་རྗེ་རིག་པ་ཡེ་ཤེས་སོ། །སྒྲིབ་མེད་ཡེ་ཤེས་གསུམ་དང་ལྡན། །ངོ་བོ་ཀ་དག་ཡེ་ཤེས་དང་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་དང་། །ཐུགས་རྗེ་རང་སྣང་ཡེ་ཤེས་གསུམ། །འབྲལ་མེད་གཅིག་སྟེ་ཕྱོགས་མེད་གནས། །ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །འཁྲུལ་པའི་ཚིག་གི་ཐ་སྙད་བྲལ། །ཐུགས་རྗེ་རང་སྣང་ཡེ་ཤེས་ནི། །ཐམས་ཅད་དབྱིངས་རིག་གཅིག་ཏུ་གནས། །ཡེ་ཤེས་རང་ལ་རང་གནས་ཕྱིར། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །རྣམ་གྲངས་ཀུན་གྱི་མཐའ་ལས་འདས། །ཇི་ལྟ་མཁྱེན་པའི་ཡེ་ཤེས་དང་། །ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། །རང་གི་དངོས་པོའི་གནས་ལུགས་དང་། །གདུལ་བྱ་ཀུན་གྱི་བསམ་པ་མཁྱེན། །རིག་པའི་ངོ་བོ་འཁྲུལ་མ་མྱོང་། །རང་བཞིན་ཉིད་ལ་འཁྲུལ་མི་གནས། །ཐུགས་རྗེ་ཉིད་ནི་འཁྲུལ་མི་སྲིད། །ཁམས་


DNG025_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཀ་དག་ཆེན་པོར་གནས། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཆེན་པོ་གཅིག་ཏུ་བཞུགས། །ཡེ་ཤེས་དེ་ཡི་ཕྲིན་ལས་ནི། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །འོད་ལྔ་ཞིང་ལྔ་ཕྲིན་ལས་ལྔ། །རིགས་ལྔ་ཡུམ་ལྔ་གཞི་ལྔ་དང་། །ལམ་ལྔ་འབྲས་བུ་རང་མདངས་ལྔ། །དེ་སོགས་ལྔ་ཚན་སོ་ལྔ་ནི། །ཡེ་ཤེས་གཅིག་གི་ངོ་ལ་རྫོགས། །ཆོས་སྐུའི་ཀློང་ནས་ཐོགས་མེད་ཤར། །ལོངས་སྐུའི་ངོས་ནས་མ་འགགས་ཤར། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཐུགས་རྗེ་སྤྲུལ་སྐུར་གནས་པའོ། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །རིག་པའི་ངོ་བོ་སྐུ་ལྔར་བཞུགས། །སྐུ་ནི་སྣང་ལ་མཚན་ཉིད་བྲལ། །སྟོང་གསལ་འདུས་པའི་ཡེ་ཤེས་མདངས། །ངོ་བོ་ཀ་ནས་དག་པའི་ཆ། །སྐུ་གསུམ་གྱི་ནི་གཞི་ཙམ་ལས། །ཞལ་ཕྱག་དུ་ནི་གྲུབ་པ་མེད། །ཁ་མིག་རྣ་བ་ཡོད་པ་ན། །གཟུགས་ཅན་ཡིད་ཙམ་གཉིས་སོང་སྲིད། །གཟུགས་ཅན་འགྲོ་དྲུག་ཕལ་པ་སྟེ། །གཟུགས་མེད་སྐྱེ་མཆེད་མུ་བཞིའོ། །མཚན་མ་བྱུང་ན་ཀ་དག་མིན། །སྟོང་གསལ་ཆེན་པོའི་སྐུ་ལྔའོ། །སྐུ་ལྔའི་སྙིང་པོ་ཡེ་ཤེས་ལྔ། །ཡེ་ཤེས་བཀྲགས་མདངས་འོད་ལྔར་ཤར། །གཞི་ཡི་མཚན་ཉིད་ཡེ་ཤེས་ལྔ། །སྐུ་ལྔ་དབྱེ་ན་འདི་ལྟ་སྟེ། །ཐིག་ལེ་ཉག་གཅིག་སྐུ་དང་གཅིག །འོད་ཟེར་མི་འགྱུར་སྐུ་དང་གཉིས། །རིག་པ་ཀུན་བཟང་སྐུ་དང་གསུམ། །རིག་པ་རྩལ་རྫོགས་སྐུ་དང་བཞི། །རང་བཞིན་ལྷུན་གྲུབ་སྐུ་དང་ལྔའོ། །སྙིང་པོ་ཡེ་ཤེས་རྣམ་ལྔ་ནི། །ཆོས་སྐུའི་ངོ་བོ་རང་སྟོང་པས། །ཆོས་དབྱིངས་འགྱུར་མེད་ཡེ་ཤེས་སོ། །སྟོང་པའི་རང་མདངས་རང་གསལ་བས། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སྟོང་གསལ་མ་ཕྱེ་གཉིས་མེད་པས། །མཉམ་ཉིད་ཆེན་པོའི་ཡེ་ཤེས་སོ། །ཡོན་ཏན་སོ་སོར་རང་ཤར་བས། །སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་དག་གཞི་ལ་ལྷུན་གྲུབ་པས། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཡི་བཀྲགས་


DNG025_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་འོད་ལྔར་ཤར། །ཆོས་སྐུ་མི་འགྱུར་འོད་ཟེར་མཐིང་། །རིག་པ་དྲི་མེད་འོད་ཟེར་དཀར། །རིག་པ་འོད་ལྡན་འོད་ཟེར་སེར། །རིག་པ་བདེ་གསལ་འོད་ཟེར་དམར། །རིག་པ་འགག་མེད་འོད་ཟེར་ལྗང་། །འོད་ཟེར་དེ་དག་སྣང་ཚུལ་ནི། །འཕྲ་ལ་དྭངས་ཤིང་གསལ་ལ་འཚེར། །རང་བཞིན་བཀྲགས་མདངས་མ་ཉམས་པ། །སོས་ཀའི་སྨིག་སྒྱུ་ལྟ་བུ་རུ། །རྒྱ་མཚོར་གཟའ་སྐར་ཤར་བ་འདྲ། །བལྟས་པས་མི་ངོམས་མཚན་དཔེར་ལྡན། །ཡེ་ཤེས་འོད་དང་ཁ་དོག་ལྔ། །བཅོ་ལྔ་དུས་གཅིག་འདུས་པ་ལ། །ཀ་དག་བབས་ཀྱི་སངས་རྒྱས་ཟེར། །དེ་ཡི་གནས་ཚུལ་ཤེས་པ་ལ། །ཡེ་ནས་ཇི་བཞིན་སངས་རྒྱས་ཟེར། །དེ་ཡི་མཚན་ཉིད་ཤེས་པ་ལ། །རང་བཞིན་ལྷུན་གྲུབ་སངས་རྒྱས་ཟེར། །དེ་ཡི་རྟོགས་ཚུལ་ཤེས་པ་ལ། །རྟོགས་པ་མངོན་གྱུར་སངས་རྒྱས་ཟེར། །ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བས། །ཡེ་ཉིད་ནས་ནི་བུཌྜྷའོ། ། ཐམས་ཅད་གཞི་ལ་ལྷུན་གྲུབ་པས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །རང་གྲོལ་མཐའ་ཡི་དྲི་མ་སངས། །རྒྱུ་མེད་རྐྱེན་ལས་འདས་པའོ། །ལྷུན་གྲུབ་རེ་དང་དོགས་ལས་གྲོལ། །ཀ་དག་ཡིན་ཕྱིར་ཀུན་ལས་གྲོལ། །རང་འཛིན་མེད་པས་ཉོན་མོངས་གྲོལ། །གཟུང་འཛིན་མེད་པས་རྣམ་ཤེས་གྲོལ། །སྐྱེ་འགག་མེད་པས་སྒོ་ལྔ་གྲོལ། །བཅོས་བསླད་མེད་པས་རྟོག་པ་གྲོལ། །དྲི་མ་མེད་པས་འབྱུང་བཞི་གྲོལ། །འོད་གསལ་སྟོང་པ་སྐུ་ལྔར་ལྡན། །དེ་ནི་གཞི་ཡི་བཞུགས་ཚུལ་ཡིན། །ཆོས་སྐུ་ཡེ་ཤེས་ཆེན་པོ་ནི། །མཚན་ཉིད་རྣམ་པ་གསུམ་དང་ལྡན། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །མི་འཇིག་སྟོང་དང་གསལ་བ་དང་། །བྱ་བ་ཐམས་ཅད་རྫོགས་པ་ནི། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །འགྱུར་མེད་འགག་མེད་ཁྱབ་པ་གསུམ། །ཆོས་ཀྱི་སྐུ་ཡི་ངེས་ཚིག་ཡིན། །


DNG025_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དང་དྭངས་དང་མ་འདྲེས་གསུམ། །ཆོས་ཀྱི་སྐུ་ཡི་ཡུལ་ཡིན་ནོ། །དཔག་མེད་དམིགས་མེད་འཛིན་པ་མེད། །ཆོས་ཀྱི་སྐུ་ཡི་གནས་ཡིན་ནོ། །འགག་མེད་ཞེན་མེད་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པ་ཡིན། །ལྷན་ནེ་ལྷང་ངེ་ཡེངས་པ་མེད། །ཆོས་ཀྱི་སྐུ་ཡི་བསྒོམ་པ་ཡིན། །བལྟར་མེད་བལྟས་ཟིན་ལྟ་བ་རྫོགས། །ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན། །བྱས་མེད་འབྱུང་མེད་བྱུང་ས་མེད། །ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན། །བསྒྲུབ་མེད་བསྒྲུབས་ཟིན་སྒྲུབ་དང་བྲལ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ཡིན། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང་། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན། །འགག་མེད་གསལ་སྟོང་ངོ་བོས་སྟོང་། །ཆོས་ཀྱི་སྐུ་ཡི་སྣང་བ་ཡིན། །ཕྱི་མེད་ནང་མེད་དབྱིངས་སུ་མེད། །ཆོས་ཀྱི་སྐུ་ཡི་རང་ལུས་ཡིན། །འགྲོ་མེད་འོང་མེད་གནས་པ་མེད། །ཆོས་ཀྱི་སྐུ་ཡི་རང་རྟགས་ཡིན། །ཉི་ཟླ་པདྨ་རྒྱ་མཚོ་ཤེལ། །ཆོས་ཀྱི་སྐུ་ཡི་མཚོན་དཔེ་ཡིན། །ཆོས་སྐུའི་ཡེ་ཤེས་དེ་ལྟར་གནས། །ལོངས་སྐུའི་ཡེ་ཤེས་ལྔ་ལྔ་ནི། །དབྱེ་ན་བསམ་གྱིས་མི་ཁྱབ་དེ། །ཁ་དོག་མ་འདྲེས་སོ་སོར་གསལ། །མཚན་དང་དཔེ་བྱད་འོད་ཟེར་འབར། །ཡབ་ཡུམ་སྐུ་ཡི་ཆ་ལུགས་འཛིན། །ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཡིན། །སྐྱེ་མེད་འཆི་མེད་རྡོ་རྗེའི་སྐུ། །འོད་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །ཡབ་ལྔ་ཡུམ་ལྔ་ཚོམ་བུ་ལྔ། །ཞིང་ཁམས་རྟོག་པ་ལྔ་དང་ལྡན། །གཞི་ལྔ་ལམ་ལྔ་འབྲས་བུ་ལྔ། །གནས་ལྔ་ཡུལ་ལྔ་ངོ་བོ་ལྔ། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཡིན། །ཆོས་ཉིད་ངང་ལ་གནས་པས་ལོངས། །གསལ་ལ་མ་འདྲེས་ཁྱབ་པས་ལོངས། །ཐབས་ཤེས་གཉིས་སུ་མེད་པས་ལོངས། །གྱི་ན་བལྟར་མི་བཟོད་པས་ལོངས། །འཛིན་མེད་རང་སར་སྤྱོད་པས་སྤྱོད། །གསལ་ལེ་སིང་ངེ་མཉམ་པས་སྤྱོད། །གནས་ཤིང་སྤྲུལ་པ་འགྱེད་པས་སྤྱོད། །སྐུ་དོན་མཐར་ཕྱིན་རོལ་པས་སྤྱོད། །རང་བྱུང་རང་ལ་ཐིམ་རོལ་སྤྱོད། །བྱ་བྱེད་ཀུན་ལས་འདས་


DNG025_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྫོགས། །དམིགས་མེད་དོན་ལ་གནས་པས་རྫོགས། །ཕྱོགས་ལྷུང་འགྲོ་འོང་མེད་པས་རྫོགས། །བྱས་པ་མེད་པས་རང་བྱུང་རྫོགས། །མ་སྤངས་སྐུ་ལྔ་ལྷུན་གྲུབ་རྫོགས། །གསལ་སྟོང་ཡེ་མེད་རྫོགས་པས་པ། །རྒྱན་དང་ཆ་ལུགས་འཛིན་པས་པ། །སྐུ་དང་ཐིག་ལེས་བརྒྱན་པས་པ། །འོད་དང་ཁ་དོག་བཀྲ་བས་པ། །མ་རིག་དུག་ལྔ་དག་པས་པ། །འཛིན་པ་རང་སར་དག་པས་སྐུ། །ཀུན་སྣང་ཐུགས་རྗེ་ཤར་བས་སྐུ། །ཡེ་ཤེས་ཀློང་ན་གསལ་བས་སྐུ། །མ་འགགས་སྐྱེ་བ་མེད་པས་སྐུ། །ཡིན་པ་བདག་འཛིན་མེད་པས་སྐུ། །ལྷུན་གྲུབ་ལོངས་སྐུའི་བཞུགས་ཚུལ་ལོ། །ཐུགས་རྗེ་སྤྲུལ་པའི་བཞུགས་ཚུལ་ནི། །བྱ་བ་རྫོགས་དང་བྱ་བ་བྱེད། །ཕྱི་ནང་བྱ་བ་རྫོགས་པས་ཏེ། །བྱ་བ་རྫོགས་པའི་སྤྲུལ་སྐུའོ། །གང་ལ་གང་འདུལ་ཚུལ་དུ་ནི། །དེ་ལ་དེར་སྟོན་མཐུན་པར་སྣང་། །ཐུགས་རྗེའི་ཉི་ཟེར་ཀུན་ལ་ཁྱབ། །འགྲོ་བ་ཡོངས་ལ་སྣང་ནུས་པ། །སྤྲུལ་པ་སྐུ་ཡི་བཞུགས་ཚུལ་ལོ། །ཡེ་ཤེས་རང་རྩལ་ཕྱོགས་བཅུར་ཁྱབ། །སྐུ་གསུམ་ངོ་བོ་གཅིག་གི་ངང་། །ཡེ་ཤེས་གསུམ་གྱི་རང་བཞིན་ཅན། །རང་གི་ངོ་བོ་གཅིག་ཏུ་གནས། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རང་སྣང་ངོ་། །ངོ་བོ་ཉིད་དང་རང་བཞིན་དང་། །ཐུགས་རྗེ་ཡི་ནི་སྣང་བ་ཡང་། །བློ་ཅན་རྣམས་ལ་སྣང་བའོ། །ངོ་བོ་གང་དུའང་མ་གྲུབ་པས། །རང་བཞིན་སྣང་ཆ་གསལ་བར་སྣང་། །ཐུགས་རྗེའི་ཆ་ལ་ཡེ་ཤེས་གཉིས། །བྱ་དང་བྱེད་པ་མེད་པར་ཤར། །རང་བྱུང་རང་ཤར་རང་གྲོལ་ལོ། །རྟོགས་དང་མ་རྟོགས་སྔོན་རོལ་དུ། །སངས་རྒྱས་སེམས་ཅན་གཉིས་མ་ཕྱེ། །དངོས་པོ་གཤིས་ཀྱི་འདུག་ཚུལ་དེ། །གཞི་ཡི་གནས་ཚུལ་དེ་ལྟར་རོ། །གཞི་ལ་མི་མཐུན་མང་དུ་བཤད། །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་དཔེ་དག་དང་བཞི་བཞིས་ཏེ། །ངོ་བོ་ཐིག་ལེ་ཉག་གཅིག་ཡིན། །


DNG025_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཚིག་གཞི་ལ་རྩལ་རྫོགས་པས། །ཀུན་གྱི་ཀུན་གཞི་ཞེས་ཀྱང་བྱ། །དབྱེ་ན་སྐྱོན་ཅན་སྐྱོན་མེད་གཉིས། །སྐྱོན་ཅན་དྲུག་དང་བརྒྱད་ཀྱིས་བསྟན། །བསམ་ལས་གྲུབ་པའི་ཀུན་གཞི་ལ། །སྣ་ཚོགས་ངོས་ནས་ལྷུན་གྲུབ་གཞི། །འགྱུར་མེད་ཆ་ནས་མ་ངེས་གཞི། །མི་འགྱུར་ཆ་ནས་ངེས་ཅན་གཞི། །ཅིར་ཡང་སྒྱུར་བཏུབ་གཞི་མ་དང་། །ཐམས་ཅད་འབྱུང་ཕྱིར་ཁས་ལེན་གཞི། །སྣ་ཚོགས་ཁྲ་བོར་འདོད་པའི་གཞི། །སྣ་ཚོགས་སོགས་པའི་ཀུན་གཞི་དང་། །སྦྱོར་བ་ཀུན་གྱི་ཀུན་གཞིའོ། །དེ་ལྟར་བརྒྱད་ཀྱིས་ཕྱེ་ན་ཡང་། །སྐྱོན་མེད་ཀ་དག་ཉིད་དུ་གནས། །འདི་ནི་ངོ་བོ་གཅིག་ཚུལ་དང་། །བརྗོད་གཞི་བྲལ་བའི་དང་པོ་སྟེ། །ཐམས་ཅད་འདི་ལས་མི་འདའ་འོ། །འོན་ཀྱང་དེ་ཉིད་འདི་ལྟ་སྟེ། །ལྷུན་གྲུབ་ཉིད་དུ་གནས་པ་ལ། །སྣ་ཚོགས་འདུས་པའི་སྙིང་པོར་སྣང་། །རྒྱུ་ལས་འབྲས་བུ་གྲུབ་མ་གྲུབ། །གྲུབ་ན་གོ་ལོག་སྐྱོན་དུ་འགྱུར། །ངེས་པ་མེད་པའི་གཞི་མ་ནི། །འགྱུ་བྱེད་ཡིད་ཙམ་རྣམ་པར་སྣང་། །མིང་དོན་གཉིས་སུ་ངེས་པ་མེད། །མ་ངེས་མེ་ལས་ཆུ་འབྱུང་སྐྱོན། །མ་ངེས་པ་དེ་ངེས་ཅན་འགྱུར། །ངེས་པར་རང་ངོ་ཀུན་གཞི་དེ། །དྲན་བྱེད་ཕྲ་བ་མེད་པར་སྣང་། །འདི་ནི་རྟོགས་དང་མ་རྟོགས་གང་། །རྟག་ཆད་གཉིས་ཀྱི་སྐྱོན་དུ་འགྱུར། །སྒྱུར་དུ་བཏུབ་པའི་ཀུན་གཞི་ནི། །འབད་མེད་བློ་ཡི་རྣམ་པར་སྣང་། །རྟག་དང་མི་རྟག་གང་ནས་འགྱུར། །གནས་ལུགས་སྒྱུར་དུ་བཏུབ་པ་ན། །འདི་ཡང་ངེས་མེད་གཞི་དང་མཚུངས། །འབྲས་བུ་ཉིད་ཀྱང་རྒྱུར་ཟློག་ཕྱིར། །འབད་པ་དོན་མེད་བེམ་པོ་ཡང་། །རིག་པ་ཅན་དུ་ཟློག་པའི་སྐྱོན། །རྟག་པ་མ་ཡིན་ངོ་བོས་སྟོང་། །མི་རྟག་མ་ཡིན་ཤེས་རིག་གསལ། །ཅིར་ཡང་ངོ་བོར་ཁས་ལེན་གཞི། །གང་སྣང་རང་གི་ངོ་བོར་སྣང་། །ཡོད་མེད་མ་ཡིན་ཕྱོགས་ནས་འདས། །མེད་ན་མོ་གཤམ་བུ་སྐྱེའི་སྐྱོན། །ཡོད་མ་ཤེས་བྱ་རྒྱབ་ཀྱིས་ཕྱོགས། །ཐམས་ཅད་ངོ་བོར་གྲུབ་པའི་ཕྱིར། །ཐུག་པ་མེད་པའི་སྐྱོན་དུ་འགྱུར། །སྣ་ཚོགས་


DNG025_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་བོར་འདོད་པའི་གཞི། །ངོ་བོ་ཀུན་ཏུ་ཤར་བའི་ཕྱིར། །སྣ་ཚོགས་སོ་སོའི་ཚུལ་དུ་སྣང་། །སྣང་དང་ཤེས་པ་གང་ལ་འདོད། །སྣང་ལ་འདོད་ན་སེམས་ཐ་དད། །ཤེས་ལ་འདོད་ན་འགྱུ་བྱེད་དེ། །ཀུན་གཞིའི་སྟེང་ནས་འགྱུ་བས་ན། །འཕང་པ་དོན་མེད་འབད་མི་ལང་། །དེ་ལྟ་བུ་ཡི་སྐྱོན་དུ་འགྱུར། །ངོ་བོ་མ་གྲུབ་མཚོན་གཞི་བྲལ། །རང་བཞིན་རང་གྲོལ་སྤང་བླང་བྲལ། །སྣ་ཚོགས་སོགས་དང་སྦྱོར་བའི་གཞི། །གཉིས་དྲུག་སོ་སོའི་དབྱིངས་ན་གསལ། །དེ་རྣམས་ཕྱོགས་ཙམ་བསྟན་པ་སྟེ། །སེམས་ཅན་བློ་ཡི་རིམ་པའོ། །སྐྱོན་མེད་ཀ་དག་གཞི་མ་ཡིན། །ཡེ་དོན་དང་པོའི་སངས་རྒྱས་དེ། །འཁོར་དང་འདས་པ་དེ་མི་གནས། །མཚན་ཉིད་བཞུགས་ཚུལ་དབྱེ་བ་དང་། །སྐུ་གསུམ་ཡེ་ཤེས་གསུམ་དུ་ལྡན། །ཀ་དག་ལྷུན་གྲུབ་ཀུན་ཁྱབ་ཏུ། །སྙིང་པོའི་གཞི་མ་བརྗོད་བྲལ་གནས། །སྒྲོ་འདོགས་ཐ་སྙད་གཟུང་འཛིན་མེད། །སངས་རྒྱས་སེམས་ཅན་ཆོས་སོགས་མེད། །གྲོལ་དང་མ་གྲོལ་རྟོགས་མ་རྟོགས། །ཡེ་ཐོག་མགོན་པོ་མཐའ་བྲལ་གནས། །ཉག་གཅིག་རང་གནས་བཞུགས་ཚུལ་ལོ། །གཞི་གནས་ཆོས་སྐུ་དག་པ་ལ། །རིག་རྩལ་རྫོགས་ལུགས་འདི་ལྟར་རོ། །རླུང་དང་རིག་པ་ནམ་མཁའ་གསུམ། །བྱ་བ་ཀུན་གྲུབ་ཡེ་ཤེས་ནི། །དབྱེར་མེད་གཅིག་གི་ཚུལ་དུ་གནས། །ཡེ་ཤེས་རླུང་གིས་གཡོ་བསྐྱོད་མེད། །རིག་པ་དྲི་མེད་གཅེར་བུ་ལ། །མ་རིག་པ་ཡི་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མཐའ་ཟད། །ཡེ་ཤེས་ཆོས་ཉིད་གདགས་གཞི་བྲལ། །དེ་ལ་རྩལ་ཡོན་འགག་མེད་པས། །ནམ་མཁའ་གསལ་སྟོང་བསྣན་འཕྲི་མེད། །བྱ་གྲུབ་ཡེ་ཤེས་རང་མདངས་ཡིན། །ཡེ་ཤེས་ལྔ་ཡི་དྭངས་བཅུད་དེ། །འོད་ལྗང་ཁྲ་བོ་ལྟེམ་ལྟེམ་པ། །རིག་པའི་ངོ་བོ་རོལ་ཀློང་སྣང་། །གཞི་ལ་གཡོ་འགུལ་མེད་པ་སྟེ། །བྱ་གྲུབ་ཡེ་ཤེས་ཀློང་ན་གསལ། །ཤེས་པ་བཅུད་དུ་འདྲིལ་བ་དེ། །རླུང་རིག་གཉིས་ཀྱིས་


DNG025_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་མ་བསྐྱོད། །རྫོགས་ལྡན་ཆེན་པོར་དེ་བཞུགས་སོ། །དེ་ཡིས་གཞི་ཡི་དབྱེ་བ་བཤད། །མཐུན་པའི་དཔེ་ནི་འདི་ལྟར་རོ། །སྟོང་པ་ཡངས་པ་ཁྱབ་པ་སྟེ། །ནམ་མཁའ་ལྟ་བུར་གནས་པའོ། །དྲི་མེད་གསལ་དག་ཟང་ཐལ་ཏེ། །མན་ཤེལ་དྲི་མེད་ལྟ་བུར་གནས། །གདོད་ནས་མ་སྐྱེས་གཞི་རྩ་མེད། །དུས་གསུམ་དུས་མེད་སྟོང་པར་གནས། །བྱུང་ས་མེད་པར་རྒྱུ་ཡིས་སྟོང་། །སྐྱེ་ས་མེད་པ་རྐྱེན་ གྱིས་སྟོང་། །འགག་པ་མེད་པ་ངོ་བོས་སྟོང་། །དབྱིབས་དེས་མེད་པ་དངོས་པོས་སྟོང་། །ཐོག་མཐའ་མེད་དེ་རང་བཞིན་སྟོང་། །དྲན་འགྱུ་མེད་དེ་མཚན་ཉིད་སྟོང་། །ཕྱི་ནང་མེད་པ་གཟུང་འཛིན་སྟོང་། །དངོས་པོ་མེད་པ་རྟག་པས་སྟོང་། །འགག་པ་མེད་པ་ཆད་པས་སྟོང་། །མཐའ་དབུས་ཕྱོགས་མེད་གཉིས་ཀས་སྟོང་། །ཉེས་པའི་དྲི་སྤང་སྐྱོན་གྱིས་སྟོང་། །ཉེས་སྐྱོན་མ་སྤངས་གཉེན་པོས་སྟོང་། །གདོད་ནས་ཀ་དག་བདག་གིས་སྟོང་། །མ་འགགས་རྩལ་རྣམས་ཀློང་ན་གསལ། །རྒྱ་མཚོ་དྭངས་མ་མཁའ་ལྟར་གནས། །སངས་རྒྱས་སེམས་ཅན་སྟོན་བསྟན་པ། །མ་གྲུབ་ཐོག་མའི་གོང་དག་ན། །ཀུན་ཁྱབ་ཡེ་ཤེས་གནས་ཚུལ་དང་། །ཐོག་མ་སྤྱི་གཞིའི་འདུག་ཚུལ་ལོ། །ཞེས་གསུངས་ནས་ཀ་དག་གི་ཀློང་ན་ལྷན་ནེར་བཞུགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་རྒྱུད་ལས། ཡེ་ཐོག་སྤྱི་གཞིའི་འདུག་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཐོག་མའི་སྤྱི་གཞིའི་སྔོན་རོལ་དང་། །ཀུན་ཁྱབ་ཡེ་ཤེས་གནས་ལུགས་རྣམས། །ལེགས་ཟབ་རྒྱས་པར་གསུངས་ན་ཡང་། །འཁྲུལ་མེད་སྣང་ཚུལ་ཉིད་ཀྱིས་ནི། །ཁམས་གསུམ་འཁོར་ཚུལ་གསུང་དུ་གསོལ། །དེ་སྐད་ཅེས་ནི་བསྐུལ་བའི་ལན། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ཉོན་ཅིག་སེམས་དཔའ་རྡོ་རྗེ་སོགས། །རང་རྩལ་འགག་མེད་འཁོར་རྣམས་གསོན། །ངས་བསྟན་ཚིག་ལ་ནོར་བ་མེད། །མ་འཁྲུལ་ནོར་མེད་


DNG025_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་ཀྱང་། །ཁྱོད་ཀྱིས་འདི་ཀུན་སེམས་ལ་ཞོག །ཀྱེ་ཧོ། གོང་ལྟར་གཞི་ལ་འཁྲུལ་མེད་ཀྱང་། །འཁོར་འདས་གཉིས་སུ་འཁྲུལ་པ་ནི། །གཞི་ཡི་ཀློང་ནས་འགྱུ་ལུགས་བསྟན། །གཞི་དང་གཞི་ཤེས་ཁྱད་པར་ལས། །འཁོར་འདས་གཉིས་སུ་གྱེས་པ་སྟེ། །དགེ་བ་སྤུ་ཙམ་བྱས་མེད་པར། །དེ་ཉིད་ཡེ་ནས་མངོན་སངས་རྒྱས། །སྡིག་པ་སྤུ་ཙམ་བྱས་མེད་པར། །ཁམས་གསུམ་རིགས་དྲུག་དག་ཏུ་འཁྱམས། །དེ་ཡང་དང་པོ་ཡེ་གནས་ནི། །གཞི་ཡི་ཡེ་ཤེས་རང་རླུང་དང་། །གཞི་ཡི་རིག་པ་གཅེར་བུ་དང་། །གཞི་ཡི་ནམ་མཁའ་གསལ་སྟོང་དང་། །གཞི་ཡི་བྱ་གྲུབ་ཡེ་ཤེས་བཞི། །དབྱེར་མེད་གཅིག་གི་རང་བཞིན་ཏེ། །རྒྱ་ཞོ་ཆགས་པ་ལྟ་བུར་གནས། །དེ་ལ་གཡོ་འགུལ་འདི་ལྟར་བྱུང་། །ཡེ་ཤེས་རླུང་གིས་རིག་པ་བཏེགས། །རིག་པས་སྒོ་མཐོང་ནམ་མཁའ་ཕྱེ། །བྱ་གྲུབ་རིག་རྩལ་མ་འགགས་ཏེ། །གཡོ་འམ་མི་གཡོ་བག་ཙམ་གཡོ། །འགྱུ་འོ་མི་འགྱུ་བག་ཙམ་འགྱུ། །གཞི་ལ་གཡོ་འགུལ་མེད་མོད་ཀྱང་། །རིག་པའི་རྩལ་ལས་གཡོ་འགུལ་བྱུང་། །འགྱུ་བ་དེ་ལ་ཡིད་ཅེས་ཟེར། །དེ་ཡང་ལྷུན་གྲུབ་ཐུགས་རྗེའི་རྩལ། །དང་པོ་གསེར་གྱི་རླངས་པ་འམ། །བྱེའུ་ཆུང་གི་ཁ་རླངས་སམ། །བྱ་ཕོད་རྐྱེན་མེད་འགུལ་བ་འམ། །རྟ་རྔ་བརྒྱར་གཤགས་ཆ་ཙམ་ཅིག །རིག་པ་ཉིད་ཀྱང་ཡིད་དུ་འགྱུས། །ལྷན་ཅིག་སྐྱེས་པའི་མ་རིག་ཟེར། །དངོས་མེད་སྣོད་ཕྱེ་བག་ལ་ཉལ། །ངོ་བོ་ཀུན་གཞི་ལས་འཕགས་ཏེ། །རང་བཞིན་འཁྲུལ་པའི་རྐྱེན་ཕན་ཉིད། །གཞི་ཡི་ངེས་མེད་རང་རྩལ་རྟག །དེ་ཡང་གསུམ་ཡིན་ཀུན་ཏུ་བཏགས། །ལྷན་ཅིག་སྐྱེས་དང་ང་བདག་ཅན། །ཀུན་གྱི་རྒྱུ་ནི་གཅིག་པ་ལ། །ལག་པ་ལྟོ་རྒྱབ་བཟློག་པ་བཞིན། །རིག་པ་དེ་ལས་མཐོང་སྣང་ནི། །ཕྲ་རགས་རྟོག་པ་མང་པོ་ཤར། །འོད་ཁྱིམ་ཁ་དོག་ལྔ་ལྔ་ནི། །ནམ་མཁའ་སྟོང་པའི་ཀློང་དུ་ཤར། །རིག་པ་འགག་


DNG025_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཡིད་དུ་འགྱུས། །དེ་ཡང་རྣམ་པ་དྲུག་ཏུ་དབྱེ། །ཀུན་ཏུ་ཚོལ་བར་བྱེད་པའི་ཡིད། །གཏན་ལ་འབེབས་པར་བྱེད་པའི་ཡིད། །ངེས་པར་འཇོག་པར་བྱེད་པའི་ཡིད། །འགྱུ་བྱེད་ཐམས་ཅད་འཛིན་པའི་ཡིད། །སྣ་ཚོགས་སྡུད་པར་བྱེད་པའི་ཡིད། །ཉོན་ནི་མོངས་པ་ཅན་གྱི་ཡིད། །དེ་འགྱུས་འོད་ཁྱིམ་རྟག་དཔྱད་བཏང་། །འོད་ཁྱིམ་ཕ་གི་ང་ཡིན་ནི། །ཕ་གི་ང་ལས་བྱུང་ངམ་ཅི། །ང་ཉིད་ཕ་གི་ཡིན་ནམ་ཅི། །གཉིས་འཛིན་རྟོག་པས་ངོ་བོ་བསྒྲད། །ཡེ་ཤེས་ཉིད་ལས་མ་རིག་འཁྲུལ། །རང་སྣང་རང་གིས་མ་རིག་པས། །ལས་ཀྱི་རླུང་ཉིད་ཁ་དོག་གསལ། །ལྷན་སྐྱེས་མ་རིག་ཅེས་སུ་བྱུང་། །སྐྱེས་ཡུལ་ཆོས་སྐུའི་ཀློང་དུ་སྐྱེས། །སུ་ཡིས་སུ་ཉིད་མ་རིག་ན། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །བདག་པོ་རང་གིས་བལྟས་པ་ཡིས། །རང་གཟུགས་ཡིན་པར་མ་རིག་སྟེ། །འོད་བྱད་ཡུལ་སྣང་སོ་སོར་བཟུང་། །འོད་བྱད་བལྟ་མཁན་རྟོག་དཔྱོད་བཞི། །དུས་ལ་སྔ་ཕྱི་མེད་པའི་དཔེ། །དོན་ནི་ནམ་མཁའ་སྟོང་པ་ལ། །རིག་དང་མ་རིག་འོད་སྣང་དང་། །རིག་པའི་ཡེ་ཤེས་རྩལ་ཉིད་རྣམས། །སྔ་ཕྱི་མེད་དེ་ལྷན་ཅིག་སྐྱེས། །རྒྱུ་བདག་གཅིག་པའི་ལྷན་སྐྱེས་ནི། །གཉིས་མེད་རང་མདངས་མ་ཤེས་པས། །ཕྱི་ནང་སོ་སོར་བཟུང་བས་བཅིངས། །གྲོད་པ་ཕྱི་ནང་ཇི་བཞིན་ནོ། །མ་རིག་ལ་ལྟོས་དེ་བཞིན་ཏེ། །མ་འཁྲུལ་པ་ཡང་དེ་བཞིན་དུ། །རིག་པ་ཉིད་ནི་མ་རིག་གོ། །མ་འཁྲུལ་བུཌྜྷ་མ་ནུར་འཁྲུལ། །དེ་ཡང་ཡུལ་དང་ཡུལ་ཅན་གཉིས། །ཡེ་ཤེས་གསལ་བའི་ཡུལ་དྲུག་ལ། །གཉིས་འཛིན་སེམས་དེ་བྱུང་བའོ། །དུང་ལ་སེར་པོར་མཐོང་བ་དང་། །གསེར་ལ་ནག་པོར་མཐོང་བ་རྣམས། །མིག་འཁྲུལ་མིན་ཏེ་རང་འཁྲུལ་ཡིན། །གཞི་ནི་གང་ཡང་བྱེད་མེད་ཅིང་། །ངེས་མེད་རྩལ་ངོ་མ་ཤེས་པས། །ཤེས་པ་འགྱུ་དང་ཡལ་བ་དང་། །ཆེད་འཛིན་དྲི་མས་རབ་ཏུ་སྦགས། །ཤེས་བྱ་རང་གི་རྒྱུད་བཅིངས་སོ། །དམིགས་འཛིན་འདྲེལ་བ་བཅུ་གཉིས་སུ། །འཁོར་བའི་ཡེ་ཐོག་ཉིད་


DNG025_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁྲུལ། །ཆོས་སྐུ་ཀ་དག་དྲི་མེད་ལ། །ཉོན་མོངས་ཅན་གྱི་ཡིད་ཀྱིས་ནི། །ཁ་ནང་བལྟས་ནས་ང་བདག་བཟུང་། །རྣམ་པ་གཅིག་བརྩད་ང་བདག་འཁྲུལ། །ཡིད་ཀྱི་རྣམ་ཤེས་ཁ་ཕྱིར་བལྟས། །སྒོ་ལྔ་ཡུལ་དྲུག་རྗེས་འབྲངས་ནས། །རྟོག་པས་མེད་པ་ཡོད་པར་བཟུང་། །དཔེར་ན་ཐོ་ཡོར་མིར་བཟུང་ཞིང་། །ཐག་པ་སྦྲུལ་དང་སྨིག་སྒྱུ་ཆུ། །སྒོ་ལྔའི་རྣམ་པར་ཤེས་པ་ཉིད། །ཡིད་ཀྱི་རྣམ་པར་ཤེས་པས་བསླད། །ཀུན་གཞིའི་རྣམ་པར་ཤེས་པ་ལ། །ཉོན་མོངས་ཡིད་ཀྱི་ང་བདག་བསླད། །གཉིས་སྣང་རྟོག་པའི་ཆ་ལས་འཁྲུལ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །དངོས་སུ་ཡོད་ཀྱང་མ་རིག་པས། །རྒྱུ་རྐྱེན་འབྲས་བུ་གསུམ་དུ་བྱུང་། །རྒྱུ་ཡི་རྐྱེན་དང་དམིགས་པའི་རྐྱེན། །བདག་པོའི་རྐྱེན་དང་མཚུངས་པའི་རྐྱེན། །རྐྱེན་བཞི་འདུས་པས་འཁྲུལ་པ་ཡིན། །རྒྱུ་ཡི་རྐྱེན་ནི་ཆོས་ཉིད་དང་། །དམིགས་པའི་རྐྱེན་ནི་འོད་སྣང་ཉིད། །བདག་པོའི་རྐྱེན་ནི་རིག་པ་ཉིད། །དེ་གསུམ་དུས་སྙོམ་མཚུངས་པའི་རྐྱེན། །འཁྲུལ་པ་དེ་མ་ཐག་ཅེས་ཟེར། །འཁྲུལ་པའི་དུས་ནི་འདི་ལྟར་རོ། །རིག་དང་མ་རིག་གཉིས་འཛིན་རྣམས། །ཆོས་ཉིད་ཡུལ་ལ་ཤར་དུས་འཁྲུལ། །ཡིད་དྲུག་ཡུལ་ལ་འཇུག་དུས་འཁྲུལ། །རྣམ་རྟོག་བདག་ཏུ་བཟུང་དུས་འཁྲུལ། །སྣང་བ་ལོགས་སུ་དཔྱད་དུས་འཁྲུལ། །སྙེམ་མ་རིས་སུ་ཕྱེ་དུས་འཁྲུལ། །རང་རྩལ་གཞན་དུ་བཟུང་དུས་འཁྲུལ། །ཡིད་ཀྱིས་སྒྲོ་བཏགས་བྱེད་དུས་འཁྲུལ། །རང་གཞན་གཉིས་སུ་རྟོགས་དུས་འཁྲུལ། །ལོག་རྟོག་སྐད་ཅིག་འགྱུ་དུས་འཁྲུལ། །གཟུང་འཛིན་ཐུར་ལ་བལྟས་དུས་འཁྲུལ། །ཡིན་མིན་ཐེ་ཚོམ་དུས་སུ་འཁྲུལ། །རིག་པས་འཚོལ་གྲོ་བྱས་དུས་འཁྲུལ། །མིན་ཆོས་ཡིན་པར་བཟུང་དུས་འཁྲུལ། །འགྱུ་བ་རླུང་གི་རྟ་ཕོ་ལ། །སྒྲིབ་གཡོགས་མ་རིག་པ་དང་གཅིག །ཡུལ་རྐྱེན་འཛིན་བྱེད་གཡོ་བ་དང་། །རེ་དོགས་ཡིད་ཀྱི་འཆར་སྒོ་དང་། །བག་ཆགས་བརྟས་པའི་མཐུ་དག་ནི། །


DNG025_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཅིག་ལོག་པར་བལྟས་དུས་འཁྲུལ། །འཁྲུལ་པའི་འབྲས་བུ་སྣོད་བཅུད་ནི། །ཡེ་ཤེས་ཁ་དོག་འབྱུང་བ་ལྔ། །གདོད་ནས་ཡེ་ཤེས་རྩལ་ཉིད་དུ། །འདུ་འབྲལ་མེད་པར་མ་རིག་པས། །འོད་ཁྱིམ་ཁ་དོག་ལྔ་ལྡན་ལ། །བརྟག་དཔྱད་བྱས་པས་འབྱུང་ལྔར་འཁྲུལ། །མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་ངག་གིས་ནི། །ཟླུམ་ལ་འདྲིལ་བ་ཉིད་དུའོ། །གཞི་དག་མེ་ལོང་ཡེ་ཤེས་ལ། །རྟོག་དཔྱོད་བཏང་བས་ཆུ་རུ་འཁྲུལ། །གཞི་དག་མཉམ་ཉིད་ཡེ་ཤེས་ལ། །རྟོག་དཔྱོད་བཏང་བས་ས་རྡོར་འཁྲུལ། །གཞི་དག་སོར་རྟོག་ཡེ་ཤེས་ལ། །རྟོག་དཔྱོད་བཏང་བས་མེ་རུ་འཁྲུལ། །གཞི་དག་བྱ་གྲུབ་ཡེ་ཤེས་ལ། །རྟོག་དཔྱོད་བཏང་བས་རླུང་དུ་འཁྲུལ། །གཞི་དག་ཆོས་དབྱིངས་ཡེ་ཤེས་ལ། །རྟོག་དཔྱོད་བཏང་བས་ནམ་མཁར་འཁྲུལ། །རྟོག་དཔྱོད་བྱས་པས་ཡུལ་ལྔར་བཟུང་། །མིང་མེད་མིང་དུ་སོང་བ་ལྟར། །འབྱུང་ལྔ་མེད་བཞིན་རིམ་གྱིས་ཆགས། །ཕྱི་ཡི་ཡུལ་ལྔའི་དབང་ལས་ནི། །ནང་གི་སེམས་ཀྱིས་ང་དང་བདག །གཉིས་སུ་བཟུང་བས་འོད་ལྔ་ནི། །གསལ་བར་མ་ནུས་འབྱུང་བཞིས་བསྒྲིབས། །མ་རིག་པ་དེ་སེམས་ཡིན་ཏེ། །དེ་ལས་བྱུང་བས་འབྱུང་བའོ། །རང་མགོ་རང་གི་རྐང་པས་གནན། །རང་གི་གཉའ་ལག་རང་གིས་བཅིངས། །སེམས་ཀྱི་སྣང་ཚུལ་གསུམ་དུ་ཤར། །འོད་གཟུགས་ཤ་གཟུགས་རིག་གཟུགས་གསུམ། །དེ་ལས་འཁོར་འདས་གཉིས་སུ་གྱེས། །ཡུལ་ཏུ་བརྟགས་པས་སྣང་བར་ཞེན། །མིན་པའི་ཆོས་ལ་ཡིན་བཟུང་ཞིང་། །བརྟག་དཔྱད་བྱས་པས་སྣོད་དུ་འཁྲུལ། །དེ་ཡང་རི་རབ་རྒྱལ་པོ་ནི། །བང་རིམ་བཞི་དང་ལྕོག་ཆེན་བཞི། །རོལ་མཚོ་དང་ནི་རི་རྣམས་བདུན། །གླིང་རྣམས་དང་ནི་འཁོར་ཡུག་ཆགས། །སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །དེ་ལ་བརྟེན་ནས་ནང་བཅུད་ཀྱི། །འཁྲུལ་ལུགས་དབྱེ་ན་འདི་ལྟར་རོ། །འཁྲུལ་གཞི་ཡེ་ཤེས་ལྔ་ལས་བྱས། །འཁྲུལ་རྒྱུ་མ་རིག་གཉིས་ཀྱིས་བྱས། །


DNG025_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་རྐྱེན་སྐད་ཅིག་ལྔ་ཡིས་བྱས། །འཁྲུལ་པ་འབྲས་བུས་ཡིད་ཀྱིས་བྱས། །ཡེ་ཤེས་མ་རིག་ཡུལ་དུ་བཟུང་། །དེར་འཛིན་རླུང་སེམས་འདུས་པ་ལས། །འབྱུང་བ་ལྔ་པོའི་སྦུབས་སུ་ཚུད། །རླུང་སེམས་ཡིད་དུ་འགྱུས་པ་ལས། །ཤུགས་ལྡན་སྣ་ཚོགས་རྒྱ་མཚོ་རླུང་། །དེ་ལ་ཡེ་ཤེས་དྲོད་རླན་བྱུང་། །རྒྱ་མཚོ་ཆེན་པོ་དེ་ཉིད་ལ། །ཆན་ལ་ཕབས་རྩི་བཏབ་པ་ལྟར། །ས་ཡི་རྣམ་པ་སྙོམས་པར་ཆགས། །དེ་ལ་དུད་རླངས་ལག་ངར་ཙམ། །དེ་ཡི་དྭངས་མ་འོད་སྐོར་ནི། །སྦ་ཕུབ་ཙམ་པ་གསུམ་དུ་བྱུང་། །འོད་གཅིག་སྣང་ལ་རང་བཞིན་མེད། །དེ་ལ་བརྟེན་པའི་འཁྲུལ་འབྲས་ནི། །ཡོད་མིན་ཅི་ཡང་མེད་པ་དང་། །རྣམ་ཤེས་ཅུང་ཟད་མེད་པ་དང་། །གཟུགས་མེད་མུ་བཞི་རབ་ཏུ་ཆགས། །འོད་སྐོར་གཉིས་ལ་མཐོ་རིས་ཀྱི། །གནས་བཅུ་དག་ནི་རིམ་གྱིས་ཆགས། །གནས་གཙང་ལ་སོགས་ལུས་ཅན་ནི། །གོང་ནས་གོང་དུ་ཐེག་པའི་ཚུལ། །འོག་མིན་ལྷ་དང་ལྷ་མིན་འདོད། །མངོན་མཐོ་དེ་མིན་གནས་གསུམ་ནི། །བྱོལ་སོང་ཡི་དྭགས་དམྱལ་བ་དང་། །སེམས་ཅན་དེ་དག་སྐྱེ་བ་བཞི། །དེ་ནས་ཡིད་ཀྱིས་རྟོག་དཔྱོད་བཏང་། །ཡིད་ཀྱི་སྤྱན་གྱིས་གཟིགས་པ་ན། །སྲིད་པ་འོད་ཀྱི་སྒོ་ང་མཐོང་། །དེ་ཉིད་མཛེས་པར་རབ་མཐོང་ནས། །ཡིད་ཀྱིས་སྦྱོར་བ་བྱས་པ་ལས། །མཛེས་པའི་ཆགས་སེམས་སྒོ་ངར་འཐུམས། །ཉི་མ་རབ་སྣང་དྲོས་བྱས་ཏེ། །ནོར་བུ་དྲི་མེད་བརླན་བྱས་སོ། །ཕྱི་ལྟར་ཤེད་བུ་ཤེད་ལ་གྲོགས། །ནང་ལྟར་འདོད་ཆགས་བྱ་སྒོང་དང་། །ཞེ་སྡང་སྦྲུལ་གྱི་སྒོ་ང་ཟེར། །གསང་བ་ལྟར་ན་ཐབས་ཤེས་རབ། །དེ་དུས་ཟ་བའི་ཟས་མེད་པས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །ས་ལ་བརྟེན་ནས་གཟུགས་རྣམས་བྱུང་། །ཆུ་ལ་བརྟེན་ནས་སྒྲ་རྣམས་བྱུང་། །མེ་ལ་བརྟེན་ནས་དྲི་རྣམས་བྱུང་། །རླུང་ལ་བརྟེན་ནས་རོ་རྣམས་བྱུང་། །མཁའ་ལ་བརྟེན་ནས་རེག་རྣམས་བྱུང་། །


DNG025_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ཁ་ལོ་ཕྱིར་བལྟས་པས། །འདོད་ཡོན་ལྔ་པོ་ཡུལ་ལྔར་ཞེན། །ནང་དུ་ཤེས་པ་ཁ་ལོག་པས། །ཡུལ་ལྔ་བརྟེན་པའི་སེམས་འཛིན་གྱུར། །ཉོན་མོངས་ལྔ་གསུམ་དུག་ལྔ་ཤར། །ས་ལ་བརྟེན་ནས་གཏི་མུག་བྱུང་། །མ་རིག་པ་ཡི་ལྕགས་ཀྱིས་བསྡམས། །གཏི་མུག་ཞགས་པས་སྐེ་ནས་བཅིངས། །ཆུ་ལ་བརྟེན་ནས་འདོད་ཆགས་བྱུང་། །འདོད་ཆགས་ཚ་བའི་རོ་ལ་ཆགས། །རླུང་ལ་བརྟེན་ནས་ཕྲག་དོག་བྱུང་། །ཕྲག་དོག་ཉིད་ཀྱི་སྒོ་མོ་འཁྲིགས། །ནམ་མཁའ་ལ་བརྟེན་ང་རྒྱལ་བྱུང་། །ང་རྒྱལ་དག་གིས་མགོ་བཏུམས་ཏེ། །མེ་ལ་བརྟེན་ནས་ཞེ་སྡང་བྱུང་། །ཞེ་སྡང་མེ་ཡི་ཚད་པས་གདུང་། །ཁོང་ཁྲོ་ལ་སོགས་དམག་གིས་བསྐོར། །གཟུང་འཛིན་ཞགས་པས་རྐང་ནས་བསྡམས། །སྔ་ཕྱིའི་བག་ཆགས་འདམ་དུ་བྱིང་། །རྣམ་སྨིན་ཉིད་དང་ལག་སྦྲེལ་ལོ། །དྲུག་ལྔའི་རྩལ་ཀུན་རང་རྫོགས་པས། །ལས་ཀྱི་མ་ནུའི་མཚམས་སྦྱར་ཏེ། །འགྲོ་བ་རིགས་དྲུག་དཔག་མེད་སྨིན། །གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན། །བཟང་ངན་རིམ་པར་ལུས་བླངས་ཏེ། །དེ་ལྟར་འཇིག་རྟེན་གསུམ་པོ་དག །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་དང་། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལྔ། །གཟུང་འཛིན་དག་གིས་བཟུང་ནས་ནི། །འཁོར་བ་ཉིད་དུ་ཡུན་རིང་མནར། །ཁམས་གསུམ་པ་ཡི་ཁང་པ་རུ། །ཞེ་སྡང་ཆ་ལས་བསད་བཅད་བྱས། །འབྲས་བུས་ཚ་གྲང་དམྱལ་བ་བྱུང་། །འདོད་ཆགས་ཆ་ལས་སེར་ཕྲག་དོག །འབྲས་བུ་ཡི་དྭགས་བཀྲེས་སྐོམ་བྱུང་། །གཏི་མུག་ཆ་ལས་རབ་བླུན་རྨོངས། །འབྲས་བུས་བྱོལ་སོང་གླེན་ལྐུགས་བྱུང་། །ང་རྒྱལ་ཆ་ལས་ང་བདག་བཟུང་། །འབྲས་བུས་དྲེལ་ཕོངས་མི་རུ་བྱུང་། །ཕྲག་དོག་ཆ་ལས་ཁོང་ཁྲོ་བྱས། །འབྲས་བུ་ལྷ་མ་ཡིན་དུ་སྨིན། །འགྲོ་བ་རིགས་དྲུག་དེ་དག་ལ། །ངར་འཛིན་སོ་


DNG025_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བྱུང་བ་ཡིས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་བྱུང་། །ལྷ་མེད་པ་ལ་ལྷ་རུ་མཆོད། །འདྲེ་མེད་པ་ལ་འདྲེ་རུ་བཀར། །མིང་མེད་པ་ལ་མིང་དུ་བཏགས། །རྣམ་རྟོག་འདྲེ་རུ་བཟུང་ལས་བྱུང་། །དམྱལ་བ་རྣམས་ལ་གཤིན་རྗེ་བྱུང་། །ཡི་དྭགས་རྣམས་ལ་མོ་འདྲེ་བྱུང་། །ཕོ་འདྲེ་ཐམས་ཅད་ཞོར་ལ་བྱུང་། །བྱོལ་སོང་རྣམས་ལ་ཀླུ་གཉན་བྱུང་། །མི་ལ་གནོད་སྦྱིན་ཐམས་ཅད་བྱུང་། །ལྷ་ལ་ཕྱྭ་དང་དབང་ཕྱུག་དང་། །གཟའ་དང་སྐར་མ་ཐམས་ཅད་བྱུང་། །ལྷ་མ་ཡིན་ལ་གཟའ་སྲིན་བྱུང་། །དེ་སོགས་རིགས་དྲུག་གཟུང་འཛིན་བཅིངས། །མ་རིག་ཉིད་དང་སྦགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང་། །སེམས་ལ་དྲན་བསམ་དཔག་མེད་ཤར། །ངོ་བོ་ཉིད་ནི་རྟོག་པས་སྦགས། །ཡིད་དྲུག་འཛིན་ཆ་མ་འགགས་པས། །ཆོས་སྐུ་ཉིད་ཀྱང་བཟུང་བས་བཅིངས། །ཆ་མེད་རྡུལ་དང་བཅས་པའི་ཕྱིར། །འོད་གསལ་ཉིད་ཀྱི་བག་ལ་ཆགས། །རྐྱེན་བཞིའི་དམིགས་པ་མ་དག་ཕྱིར། །སྣང་བ་ཉིད་ཀྱང་དུ་མར་ཤར། །སྣང་བ་དེ་ཉིད་ཡུལ་སྣང་ཕྱིར། །སོ་སོའི་རིགས་སུ་སྐྱེ་བར་གྱུར། །ཡིད་སྒྲིབ་ངར་འཛིན་ཤེས་པ་རྣམས། །སྐམ་གློག་ལྟ་བུར་ཝལ་ཝལ་ཤར། །ངག་སྒྲིབ་ཡུལ་དུ་དཔྱོད་བྱེད་པ། །སྦྲང་ཆར་གློག་ལྟར་དུས་མཉམ་ཤར། །ལུས་སྒྲིབ་ཆགས་སྡང་འཁྲུག་ཉོན་མོངས། །ཉོན་མོངས་ངར་འཛིན་ཐོག་སེར་ལྟར། །དུས་གསུམ་སྡུག་བསྔལ་རྒྱ་མཚོར་བྱིང་། །ངན་སོང་ལྕགས་ཀྱུས་གཏིང་ནས་བཟུང་། །རང་གིས་རང་བཅིངས་ཉོན་མོངས་དགྲ། །སྲིན་བུ་དག་གི་ཁ་ཆུ་ལྟར། །དམྱལ་བ་ལ་སོགས་མེ་ཆུར་སྣང་། །ཡི་དྭགས་རྣམས་ལ་དྲེད་དང་སྡིགས། །བྱོལ་སོང་རྣམས་ལ་ན་བུན་ལྟར། །མི་རྣམས་ཕུང་པོ་ཁམས་དང་ནི། །སྐྱེ་མཆེད་འབྱུང་བ་ལྔ་རུ་སྣང་། །དེ་ཡང་བདེ་སྡུག་བཏང་སྙོམས་སོ། །ལྷ་མིན་རྣམས་ལ་གོ་མཚོན་ཏེ། །ལྷ་རྣམས་འདོད་པའི་ཡོན་ཏན་ནོ། །དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན། །རྒྱུན་


DNG025_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་འཁོར་ལ་ཡུན་རིང་གནས། །དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་སྟེ། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །བཅུད་ཀྱི་འགྲོ་བ་རིགས་དྲུག་ལ། །ཚེ་ཚད་ལུས་ཚད་ལོངས་སྤྱོད་དར། །བདེ་སྡུག་སྐྱེ་བ་བཞི་དག་སྟེ། །གཏི་མུག་དག་གིས་བརྫུས་ཏེ་སྐྱེས། །ང་རྒྱལ་དག་གིས་སྒོ་ང་ལ། །ཞེ་སྡང་དག་གིས་དྲོད་གཤེར་ལ། །འདོད་ཆགས་དག་གིས་མངལ་ལས་སྐྱེ། །ནད་རིགས་བཞི་བརྒྱ་རྩ་བཞི་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྒྱས། །སངས་རྒྱས་སེམས་ཅན་གཉིས་སུ་ཕྱེས། །འཁྲུལ་པའི་འདྲ་དཔེ་བསྟན་པ་ནི། །ཀུན་གཞིའི་རྣམ་ཤེས་ཁྱིམ་དང་མཚུངས། །གཟུང་འཛིན་ནོར་རྣམས་སོགས་པར་བྱེད། །ཉོན་མོངས་ཡིད་ནི་ཆུང་མ་འདྲ། །བདག་འཛིན་དབྱེ་བ་འཛིན་པར་བྱེད། །ཡིད་ཀྱི་རྣམ་ཤེས་ཁྱོ་དང་འདྲ། །སྒོ་ལ་ཞུགས་ཏེ་ལས་རྣམས་སོགས། །སྒོ་བཞིའི་རྣམ་ཤེས་བུ་དང་འདྲ། །ཀུན་ལ་རིས་དང་བདག་བཟུང་བྱེད། །ལུས་ནི་རྣམ་ཤེས་མནའ་མ་འདྲ། །གཟུང་འཛིན་ཆགས་སྡང་རབ་ཏུ་སྤྱོད། །དེ་ཡིས་རྒྱུད་དྲུག་འཁོར་ལོ་བསྐོར། །སེམས་དཔའ་རྡོ་རྗེ་རབ་ཏུ་ཉོན། །ཡེ་ཤེས་གསུམ་གྱི་གནས་ལུགས་ལ། །ལྷུན་གྲུབ་ཐུགས་རྗེའི་འཁྲུལ་ཚུལ་བཤད། །ཕྱི་རབས་རྣམས་ལ་ཁྱོད་ཀྱིས་སྟོན། །ཅེས་གསུངས་ཏེ་ཡངས་པ་ཆེན་པོའི་ཀློང་དུ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཐོག་མའི་ཀུན་གཞི་སྐྱེ་མེད་ལས་རྩལ་འགག་མེད་དུ་འཁྲུལ་ཚུལ་རྒྱས་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱཿ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་གསོལ། །ཀྱེ་རང་བྱུང་རོལ་པ་ཀུན་ཏུ་བཟང་། །མ་བཅོས་མི་འགྱུར་ཀུན་ཁྱབ་རྗེ། །འཁྲུལ་ཚུལ་ལེགས་པར་གསུངས་ན་ཡང་། །སེམས་ཅན་


DNG025_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སངས་རྒྱས་གཞི། །ས་བོན་ཁྱབ་ཚུལ་བསྟན་དུ་གསོལ། །དེ་སྐད་གསོལ་པས་ཐུགས་དགོངས་ནས། །སྟོན་པ་འཛུམ་པའི་མདངས་ཕྱུང་སྟེ། །ཀློང་བྲལ་བརྗོད་པ་ཡེ་མེད་པའི། །ཚིག་གི་རྒྱལ་པོ་འདི་དག་ཀུན། །མིག་ནི་མཐོང་བྱེད་མེད་པ་ཡིས། །དམིགས་གཏད་མེད་པའི་ཡུལ་ཟིན་ནས། །ལུས་མེད་བསམ་བྲལ་ཐུགས་ལས་ནི། །མ་གྲུབ་ཡངས་པའི་མགུར་ནས་དྲངས། །སྨྲར་མེད་མི་སྣང་ལྗགས་ལས་ཀྱང་། །སྤྲོས་མེད་མི་མཛད་ཚུལ་དུ་བཀྲམ། །ཡེ་མེད་རང་སྟོང་ཞལ་དག་གིས། །འགྲོ་དང་འོང་མེད་དབུགས་ལས་བྱུང་། །མི་སྒྲིབ་དངོས་མེད་ཚོམས་ལ་བཀྲམ། །བརྗོད་ཅིང་བཤད་པའི་རྟེན་མེད་པར། །མ་གསུངས་ཐོས་པའི་ཚུལ་དུ་ཤར། །ཉོན་ཅིག་སེམས་དཔའ་རྡོ་རྗེ་སོགས། །རིག་མདངས་རིག་པའི་འཁོར་རྣམས་གསོན། །སེམས་ཅན་ཁམས་གསུམ་གནས་པ་ལ། །སངས་རྒྱས་དང་ནི་བྱང་སེམས་ཉིད། །ཀུན་ལ་ཁྱབ་ཚུལ་འདི་ལྟར་རོ། །བདེ་བར་གཤེགས་པའི་སྙིང་པོ་ངས། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །ཐམས་ཅད་ཁྱབ་པའི་རང་བྱུང་ང་། །རྒྱུ་རྐྱེན་མེད་པའི་སྙིང་པོ་སྟེ། །རྩོལ་བ་འདུན་པས་དག་འགྱུར་འགྲོགས། །ཆོས་ཉིད་སྙིང་པོ་ང་ཉིད་ཀྱིས། །འཁོར་དང་འདས་པ་ཀུན་ལ་ཁྱབ། །ཨེ་མ་ཧོ། རང་བྱུང་རྩོལ་བྲལ་ཀློང་ཆེན་ང་། །ཀུན་ལ་ལྷུན་གྲུབ་ཡེ་ཁྱབ་ཅིང་། །སེམས་ཅན་སངས་རྒྱས་འཁོར་མྱང་འདས། །རྒྱུ་གཅིག་ཀློང་ཆེན་ང་ཡིས་ཁྱབ། །ས་ཆུ་མེ་རླུང་ནམ་མཁའ་དང་། །བདག་གཞན་གཉིས་དང་འཇིག་རྟེན་ཐེག །རིགས་དྲུག་མུ་སྟེགས་རྟག་ཆད་དང་། །ལམ་སྐས་ཐེག་པ་རིམ་པ་དགུ། །ཀུན་ཀྱང་ང་ཡི་ཀློང་ན་ཐིམ། །སེམས་གཅིག་ཀུན་གྱིས་ཆོས་དབྱིངས་ཁྱབ། །ཁྱབ་པས་རྩ་བའི་དོན་འདི་གཅིག །གཅིག་པས་སེམས་ཅན་སངས་རྒྱས་གྲོལ། །གྲོལ་བས་ཆོས་ཀུན་དབྱིངས་སུ་གཅིག །དཔེ་འབྲས་དོན་རྣམ་


DNG025_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བར་དག །སྤྲོས་མེད་སྒྲོ་སྐུར་ཟློས་པའི་ཀློང་། །ཀུན་གྱི་སྙིང་པོ་བྱང་ཆུབ་སེམས། །དཔེར་ན་ནམ་མཁའ་སྟོང་པ་ཡིས། །ཀློང་ན་ཡོད་པའི་འབྱུང་ཆེན་སོགས། །སྣོད་བཅུད་ཀུན་ཁྱབ་ཇི་བཞིན་ནོ། །ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །སྣང་སྟོང་དབྱིངས་ནི་ཡུལ་ཆེ་བས། །ཐམས་ཅད་རིག་པ་དྲི་མེད་ཀྱིས། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཚུལ། །ཏིལ་འབྲུའམ་ནི་ཉིང་འབྲུ་ལ། །མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན། །སེམས་ཅན་ལུས་སེམས་འདི་ཉིད་ལ། །དེ་བཞིན་པ་ཡི་ས་བོན་ནི། །མཐུན་ཅིང་འོད་དང་བཅས་པར་སྣང་། །སངས་རྒྱས་སྐུ་གསུམ་ཉིད་ལ་འཕྲོ། །འདུས་ནི་སེམས་ཅན་ལུས་ལ་འདུས། །གནས་ནི་ལྷུན་གྲུབ་སངས་རྒྱས་གནས། །བསྐྱེད་ནི་རང་བཞིན་ལྷུན་གྲུབ་བསྐྱེད། །བདེ་གཤེགས་སྙིང་པོ་ཀུན་བཟང་ང་། །སྙིང་པོ་མེད་པའི་ཀུན་འབྱུང་ང་། །བསྟན་པ་མེད་པའི་ཡེ་ཁྱབ་ང་། །སྟོན་པ་མེད་པའི་ཡོངས་ཁྱབ་ང་། །འཁོར་འདས་མེད་པའི་རང་གྲོལ་ང་། །ཀུན་ཁྱབ་ང་ལས་ཆོས་རྣམས་འབྱུང་། །འབྱུང་བ་ལྔ་དང་དུག་ལྔ་ཀུན། །ལམ་གྱི་སྣང་བཞི་ཡེ་ཤེས་ལྔ། །སངས་རྒྱས་ཀུན་གྱི་མེས་སུ་ཆེ། །ཆོས་ཉིད་མ་སྐྱེས་ཆོས་ཉིད་དངོས། །གཟུགས་མེད་སྐྱེ་བའི་ཆོ་འཕྲུལ་གཟུགས། །ཐུགས་རྗེ་ལྷུན་གྲུབ་སྟོང་སྣང་ཁྱབ། །འདོད་པའི་ཁམས་གསུམ་དེ་ཙམ་ཆེ། །རང་བྱུང་རྒྱུ་རྐྱེན་མེད་པར་ཁྱབ། །རྩོལ་སྒྲུབ་ལ་འདས་འགག་མེད་ཁྱབ། །ཡེ་ནས་ཐོག་མེད་སེར་བུའི་རླུང་། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཁྱབ། །འགྱུ་བྱེད་ལྟར་སྣང་སེམས་འདི་ཉིད། །རིག་པའི་ཡེ་ཤེས་བུཌྜྷས་ཁྱབ། །རིག་པའི་སྙིང་པོ་ཁྱབ་རུང་ཉིད། །ཆུ་ཡིས་ཡོངས་ཁྱབ་ཇི་བཞིན་ནོ། །ཆུ་ཡི་རང་བཞིན་གཅིག་ཉིད་ལ། །རྐྱེན་གྱིས་ཆུ་རིགས་མི་གཅིག་བཞིན། །ཐིག་ལེ་ཆེན་པོའི་ཀུན་ཁྱབ་ལ། །སྣང་ཚུལ་བགྲངས་ལང་མཐོང་ཚུལ་


DNG025_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མང་། །སེམས་ཅན་སངས་རྒྱས་སྙིང་པོ་ཅན། །ཉི་མ་དང་ནི་འོད་ཟེར་བཞིན། །ཐིག་ལེ་ཆེ་ལས་མ་འདས་པར། །སྐྱེ་འགྲོ་ལ་སོགས་ཅིར་ཡང་བྱུང་། །སེམས་སུ་མཉམ་ལ་བཟང་ངན་བྱུང་། །སྐུ་གསུམ་འབྲས་བུ་མ་སྨིན་ཀྱང་། །རྒྱུ་ཡིས་ཀུན་ལ་ཁྱབ་པ་ནི། །གླ་བ་ཕོ་ལ་རྩི་བཞིན་ནོ། །ཆོས་ཉིད་བྱང་ཆུབ་དགོངས་པ་དེ། །དགོངས་ཚོགས་རྣམ་པ་གསུམ་དག་གིས། །ནམ་མཁའ་བཞིན་དུ་ཀུན་ཁྱབ་ནས། །ཀུན་བྱས་ཀུན་བསྐྱེད་ས་བོན་བཞིན། །ང་མེད་པ་ཡི་སྔོན་རོལ་ན། །ཆོས་རྣམས་འབྱུང་བའི་ལྟེ་བ་ཆད། །ང་མེད་པ་ཡི་སྔོན་རོལ་ན། །འཁོར་འདས་འབྱུང་བའི་ལྟེ་བ་ཆད། །ང་མེད་ང་ཡི་སྔོན་རོལ་ན། །ཆོས་ཀུན་བྱེད་པའི་རྒྱལ་པོ་མེད། །ང་ཡིས་མ་ཁྱབ་གཞན་དག་ན། །སྟོན་བསྟན་འཁོར་ཞེས་བྱ་མ་གྲུབ། །ང་ཡིས་མ་ཁྱབ་གཞན་དག་ན། །སྦྱང་གཞི་སྦྱོང་བྱེད་ཡོངས་མ་གྲུབ། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །ལྔའམ་ཡེ་ཤེས་བཞི་ཡིས་ཁྱབ། །འདོད་པའི་ཁམས་ཀྱང་ཀུན་བཟང་ང་། །གཟུགས་མེད་ཁམས་ཀྱང་ཀུན་ཏུ་བཟང་པོ་ང་། །གཟུགས་ཀྱི་ཁམས་ཀྱང་ཀུན་ཏུ་བཟང་པོ་ང་། །ངས་ཁྱབ་ཐམས་ཅད་བདེ་གཤེགས་སྙིང་པོ་འམ། །ཀུན་གྱི་ཐིག་ལེ་ས་བོན་ཚུལ་དུའོ། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་ལ། །རང་བྱུང་ངེས་མེད་ངས་མ་བཤད། །སངས་རྒྱས་སེམས་ཅན་མེས་པོ་ང་། །ང་ནི་རང་བྱུང་ཡེ་ཤེས་ཏེ། །ང་ནི་ཆོས་ཀུན་སྙིང་པོ་ཡིན། །ང་ནི་ཀུན་གནས་རྩ་བ་བཞིན། །སྙིང་པོ་རང་བྱུང་ཡེ་ཤེས་ངས། །སྣང་བ་དང་ནི་སྲིད་པ་དང་། །སྣོད་དང་བཅུད་ཀྱིས་བསྡུས་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དང་། །དེ་བཞིན་དུ་ནི་ཐམས་ཅད་ལ། །མ་ལུས་ཁྱབ་དེ་འུབ་ཆུབ་བོ། །དེ་ནི་ཀུན་ཁྱབ་གནས་ལུགས་ཏེ། །རང་རིག་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལ་ནི་མར་བཞིན་དུ། །ལུས་ཀྱི་


DNG025_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲགས་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པའོ། །འགྲོ་བའི་ལུས་ལ་སྐུ་ལྔ་དང་། །ཡེ་ཤེས་ལྔ་དང་རིགས་ལྔ་དང་། །འོད་ལྔ་རླུང་ལྔ་ཤེས་རབ་ལྔ། །ཡེ་ནས་གནས་པའི་རྟགས་ཉིད་དུ། །མ་དག་རང་ངོ་མ་ཤེས་དུས། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །དབང་པོ་ལྔ་དང་འདོད་ཡོན་ལྔ། །ཉོན་མོངས་ཕྱོགས་ལྔ་ལ་སོགས་འཛིན། །ཕུང་པོ་སངས་རྒྱས་སྐུ་ལྔའི་བདག །འགྲོ་བའི་ལུས་འདི་བུཌྜྷའི་སྐུ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །རིགས་དང་རིགས་ཀྱི་བདག་པོར་གྲོལ། །ཉོན་མོངས་ལྔ་ནི་ཡེ་ཤེས་ལྔ། །ཡུལ་ལྔ་ལ་ནི་འོད་ལྔའི་སྐུ། །ཕུང་པོ་ལྔ་ལ་སངས་རྒྱས་ལྔ། །འབྱུང་བ་ལྔ་ལ་ཡུམ་ལྔར་རྟོགས། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང་། །གཉིས་མེད་བལྟ་བའི་རང་ལུས་ཡིན། །དེ་ལྟར་དཀྱིལ་འཁོར་ཆེན་པོ་རྣམས། །རང་རང་ལུས་ལ་རྫོགས་པ་སྟེ། །གཞལ་ཡས་རྣམ་པར་རང་ལུས་ལ། །ཡེ་རྫོགས་སྒྲུབ་རྟེན་མཆོད་རྫས་དང་། །དུར་ཁྲོད་བརྒྱད་དང་བཅས་པ་སྟེ། །རང་རིག་སེམས་ཀྱི་དཀྱིལ་འཁོར་དུ། །ཡེ་རྫོགས་ཐིག་ལེ་ཉག་གཅིག་དང་། །རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ། །དཀྱིལ་འཁོར་གཞལ་ཡས་ཕུང་པོ་ཡིན། །དེས་ན་སྲིད་གསུམ་དཀྱིལ་འཁོར་ཆེ། །དེས་ནི་རང་ལུས་གདོས་བཅས་ཉིད། །རང་བཞིན་ལྷུན་གྲུབ་སངས་རྒྱས་བསྟན། །སྐུ་དང་ཡེ་ཤེས་རིག་པ་ལ། །ཡེ་ནས་རྫོགས་པའི་རྣམ་དབྱེ་ཡང་། །ཡེ་ཤེས་ལྔ་དང་སྐུ་ལྔ་སྟེ། །རླུང་ལྔ་ཤེས་པའི་རྩལ་ཀྱང་ལྔ། །འོད་ལྔ་ཁ་དོག་རྣམ་པ་ལྔ། །ཤེས་རབ་ལྔ་དང་རིགས་ལྔ་དང་། །སྣང་ཡུལ་དེ་ཉིད་རིག་པར་སྣང་། །སྣང་མཛད་མ་བཙལ་ཡེ་ནས་གནས། །རྟོག་འགགས་རིག་པ་རྡོ་རྗེ་སེམས། །མི་འགྱུར་མི་བསྐྱོད་རྩོལ་མི་དགོས། །རང་རིག་ཡེ་ཤེས་ཉམས་འཕེལ་རྒྱས། །རིན་ཆེན་ཡོན་ཏན་ཡེ་ནས་གནས། །འོད་ཀྱིས་ཞིང་ཁམས་མཐའ་ཡས་སྣང་། །སྣང་མཐའ་མ་བཙལ་ཡེ་ནས་གནས། །རིག་པ་བུཌྜྷའི་ས་བོན་ཚུལ། །ཉམས་བླངས་དོན་གྲུབ་རང་གྲོལ་བས། །དོན་གྲུབ་རང་ལ་


DNG025_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་གནས། །རིག་པ་ཆོས་སྤྱིའི་དོན་རང་གསལ། །མེ་ལོང་ཡེ་ཤེས་ཡེ་ནས་གནས། །རིག་པ་ཡེ་མཉམ་སྒྱུ་མ་མཉམ། །རྐྱེན་ཉིད་གདམས་པས་ཚད་ལ་ཕེབས། །མཉམ་ཉིད་ཡེ་ཤེས་ཡེ་ནས་གནས། །རིག་པ་སོ་སོར་རྟོག་དཔྱོད་བཏང་། །སོར་རྟོགས་ཡེ་ཤེས་ཡེ་ནས་གནས། །རིག་པ་ཡེ་གྲོལ་འབད་རྩོལ་བྲལ། །བྱ་གྲུབ་ཡེ་ཤེས་ཡེ་ནས་གནས། །རིག་པ་དེ་རྣམས་ཐ་མི་དད། །ཆོས་དབྱིངས་ཉག་གཅིག་ཐིག་ལེར་གཅིག །ཆོས་དབྱིངས་ཡེ་ཤེས་ཡེ་ནས་གནས། །རིག་པ་དྲོད་ཕེབས་མེ་དང་མཉམ། །འཁོར་དང་འདས་པའི་སྲོག་འཛིན་པ། །ཡེ་ཤེས་སྒྲོན་མ་དྭངས་སྙིགས་དང་། །དོན་དམ་ཀུན་རྫོབ་དབང་པོའི་ཡུལ། །ཁ་དོག་འབྱེད་པ་དྭངས་སྙིགས་རླུང་། །འཁོར་འདས་ཀུན་ཁྱབ་ཁྱབ་བྱེད་རླུང་། །འཁོར་སྲོག་གཅོད་ཅིང་མྱང་འདས་འཕེན། །སྙིང་རྗེ་མེད་པའི་རླུང་དུ་གནས། །སྔར་འདས་ཤུལ་དུ་རིག་པ་གཤེགས། །དེ་བཞིན་གཤེགས་པ་ཡེ་ནས་གནས། །མཐོ་རིས་ངན་སོང་གང་ལ་ཡང་། །བཟང་ངན་མེད་པ་རྡོ་རྗེའི་རིགས། །དེ་ལ་འཁོར་འདས་ཡོན་ཏན་རྫོགས། །རིན་པོ་ཆེ་ཡི་རིགས་སུ་གནས། །དེ་ལ་འཁོར་བའི་སྐྱོན་མ་གོས། །པདྨའི་རིགས་སུ་ཡེ་ནས་གནས། །དེ་ཉིད་ལས་སྣང་ཀུན་དངོས་པས། །སངས་རྒྱས་དུས་ན་ལས་ཀྱི་རིགས། །རིག་པ་ངོ་བོ་ཀ་དག་ལ། །ལས་དང་ཉོན་མོངས་དྲི་མེད་པས། །ཁ་དོག་དཀར་པོར་ཡེ་ནས་གནས། །ཡོན་ཏན་རང་རྫོགས་སེར་པོ་སྟེ། །དབང་བཞི་ཡེ་རྫོགས་དམར་པོ་ལ། །རྩོལ་བ་ལས་འདས་ལྗང་གུར་གྲུབ། །སྣ་ཚོགས་འགྱུར་མེད་མཐིང་གའོ། །འཁོར་འདས་མ་ལུས་ཀུན་འབྱུང་བས། །འབྱེད་པར་བྱེད་པའི་ཤེས་རབ་སྟེ། །དེ་ཉིད་རིག་ལས་མ་འདས་པས། །སྦུད་པར་བྱེད་པའི་ཤེས་རབ་པོ། །འཁོར་འདས་ཀུན་གྱི་སྲོག་ཀྱང་གཅོད། །སྒྲོལ་བར་བྱེད་པའི་ཤེས་རབ་བོ། །ཐམས་ཅད་ངོ་བོར་དེ་བྱུང་བས། །ཁྱད་པར་བྱེད་པའི་ཤེས་རབ་བོ། །རླུང་གིས་ཡེ་ཤེས་མཁའ་བསྐྱོད་


DNG025_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བསྐྱོད་པར་བྱེད་པའི་ཤེས་རབ་བོ། །རིག་པ་ཉིད་ལས་མ་འདས་པས། །རང་བྱུང་ཡེ་ཤེས་རང་གནས་སོ། །གསལ་ལ་རྟོག་པ་ཡེ་མེད་དེ། །སྒོ་ལྔའི་རྣམ་ཤེས་ཡིད་མ་བསླད། །མེད་ཅིང་མི་བདེན་ཡེ་ཤེས་སོ། །ཀུན་གཞིའི་རྣམ་ཤེས་ཉོན་མོངས་ཀྱི། །ཡིད་ཀྱིས་བདག་ཏུ་མ་བཟུང་སྟེ། །རང་བཞིན་མཚན་ཉིད་ཆོས་ཀྱི་དབྱིངས། །ཡིད་གཉིས་རྟོག་པ་ཀུན་དང་བྲལ། །ཆོས་སྐུ་ཐིག་ལེ་ཉག་གཅིག་གོ། །ཡེ་ནས་རང་བྱུང་རང་ཁྱབ་པས། །རང་བྱུང་གི་ནི་ཡེ་ཤེས་སོ། །ཡེ་ནས་འགྱུར་མེད་སངས་རྒྱས་པས། །རྡོ་རྗེ་འཆང་ངམ་བུཌྜྷའོ། །སྐུ་དང་འོད་དང་ཡེ་ཤེས་གསུམ། །བརྩེགས་སམ་གཅིག་སྟེ་མ་འདྲེས་གནས། །ངོ་བོ་སྐུ་ལ་རང་བཞིན་ལོངས། །ཐུགས་རྗེ་སྤྲུལ་པའི་སྐུ་རུའོ། །འོད་མདངས་རང་ཤར་ཡེ་ཤེས་རྩལ། །སངས་རྒྱས་ཆོས་དང་དགེ་འདུན་ཀྱང་། །ཡེ་རྫོགས་རང་གི་ལུས་ལ་གནས། །ཆོས་ལོངས་སྤྲུལ་དང་སྡེ་སྣོད་གསུམ། །ཐེག་དགུ་མྱང་འདས་དཀར་ཆོས་རྣམས། །ལུས་དང་སེམས་ལ་ཡེ་ནས་རྫོགས། །གཞན་དུ་བཙལ་བས་རྙེད་མི་འགྱུར། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང་། །ས་ནི་ཤ་སྟེ་དངོས་པོ་ཅན། །ཆུ་ནི་ཁྲག་སྟེ་སྡུད་པར་བྱེད། །མེ་ནི་དྲོད་སྟེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལུས་གཟུགས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སེམས་ཉིད་ངོ་ལས་ཆོས་རྣམས་ཀུན། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །ལུས་དང་སེམས་ལ་ཚང་བའི་ཕྱིར། །ཕྱི་རོལ་སྣང་བ་ཉིད་ལས་གྲུབ། །དེ་ཡང་ཐོག་མའི་ཡེ་ཤེས་གསུམ། །ཀ་དག་གཞི་ཡི་སྟེང་ན་ཚང་། །དེ་ལྟར་རྟོགས་པར་གྱུར་པ་ན། །འདི་ལྟར་ཁམས་གསུམ་འཁོར་བ་ཡང་། །སངས་མ་རྒྱས་པ་གཅིག་ཀྱང་མེད། །དོན་དེ་ངེས་པར་རྟོགས་འདོད་ན། །དེས་ནི་ནམ་མཁའ་ལྟ་བུར་བལྟ། །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགག་པ་མེད། །ང་ཡིས་མ་བསྒྲུབས་ཀུན་


DNG025_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པས། །གསལ་བའི་ཡེ་ཤེས་གཞལ་ཡས་ཁང་། །རང་བྱུང་ཉིད་ལས་གཞན་མི་བཞུགས། །ཆེན་པོ་ལྔ་དང་ཁམས་གསུམ་རྣམས། །ང་ཡི་སྐུ་གསུང་ཐུགས་བཀོད་ཡིན། །དུས་གསུམ་སངས་རྒྱས་སེམས་ཅན་རྣམས། །ང་ཡིས་ཁྱེད་ལ་བསྟན་པ་ཡིན། །ངེས་པ་གཅིག་ལ་བདེན་པ་གཉིས། །ཤིང་སྡོང་ཡལ་ག་ཇི་བཞིན་ནོ། །རྒྱུ་ནི་ལྷུན་གྲུབ་ཐུགས་རྗེ་ལས། །འབྲས་བུ་ཁམས་གསུམ་སེམས་ཅན་ཏེ། །ཁམས་གསུམ་སེམས་ཅན་རྒྱུ་བྱས་ནས། །འབྲས་བུ་སངས་རྒྱས་མིང་བཏགས་ཏེ། །རྒྱུ་འབྲས་དཔེ་དོན་དེ་རུ་བསྟན། །རྒྱུ་ནི་ཁམས་གསུམ་སེམས་ཅན་ལ། །འབྲས་བུ་སངས་རྒྱས་ལུང་བསྟན་པ། །དེ་ནི་སེམས་ཅན་དྲང་བའི་དོན། །ཡང་དག་སེམས་ཅན་སངས་རྒྱས་མེད། །སྙིང་པོ་སྐྱེ་འཇིག་ཡེ་བྲལ་ལ། །རྡོ་རྗེ་ཞེས་སུ་ང་ཡིས་བཤད། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པའི་ཆོས་ཉིད་སངས་རྒྱས་ཏེ། །ང་ཡི་རང་བྱུང་ཡེ་ཤེས་ཁྱབ། །ཐུགས་རྗེའི་རང་བྱུང་ཡེ་ཤེས་ལྔ། །ཁམས་གསུམ་རྒྱུ་དྲུག་འབྱུང་བ་ཡང་། །དེ་བཞིན་ང་ཡི་ངོ་བོར་བཤད། །ཅེས་གསུངས་ནས་བརྡལ་ཁྱབ་ཆེན་པོའི་ངང་དུ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སེམས་ཅན་ལ་སངས་རྒྱས་ཀྱི་རྒྱུའམ་གཞི་ས་བོན་ཇི་ལྟར་ཁྱབ་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་གསོལ། །ཀྱེ་ཡང་དག་དོན་རྟོགས་ཀུན་ཏུ་བཟང་། །བདེ་སྤྱོད་ཀུན་ཁྱབ་ཀློང་ཆེན་འབྱམས། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ས་བོན་ཁྱབ་ཚུལ་གསུང་ན་ཡང་། །གནས་པའི་ས་ནི་གང་ན་གནས། །དྭངས་དང་སྙིགས་མ་གང་ལ་གནས། །བརྟེན་པའི་ས་ནི་གང་ལ་བགྱི། །གནས་པའི་ཡེ་


DNG025_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཇི་ལྟ་བུ། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པས་ཐུགས་དགོངས་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །ཀྱེ་ཧོ། གཉིས་མེད་གསལ་བའི་གཞལ་ཡས་ན། །དཔག་མེད་དམིགས་མེད་དཀྱིལ་འཁོར་ཤར། །མི་འགྱུར་ཡེ་ཤེས་སྟོན་པ་ངས། །ཐེག་པ་སྤྱི་དང་རང་མིན་པ། །མ་འདྲེས་ཡོངས་རྫོགས་འཁོར་རྣམས་ལ། །སྨྲ་བརྗོད་བྲལ་བའི་བསྟན་པ་བཤད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །མ་འཁྲུལ་དག་པའི་བློ་ཡིས་ཟུང་། །ཨ་ཧོ། ཙིཏྟ། རོ་མ། གོ་རོ། བྷུཌྜྷ། ཛྙཱ་ན། རུ་པ། ཧ་ཀ་ལ། བྷ་ཀྵོ། སྣང་སྲིད་ཡེ་ཁྱབ་ཀུན་བཟང་ལ། །རིག་པའི་སྙིང་པོ་རང་ཤར་བྱུང་། །ཀུན་ལ་འཇུག་ཅིང་གསལ་བར་འཆར། །གནས་ནི་ཙིཏྟའི་དཀྱིལ་ན་གནས། །གསལ་ནི་དབང་པོའི་སྒོ་ལ་གསལ། །ཁྱབ་ནི་སྣང་སྲིད་ཀུན་ལ་ཁྱབ། །བྱུང་ནི་ཕྱི་རོལ་རྐྱེན་དུ་བྱུང་། །བསྟན་དུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་ཡུལ་ཡིད་དཔྱོད་བྲལ། །ཤེས་སུ་ཚིག་བརྗོད་ཀུན་ལས་འདས། །མིང་འདོགས་མ་གྲུབ་མངོན་སུམ་མ། །འབྱུང་བའི་དྭངས་སྙིགས་འབྱེད་པ་ལ། །ཕྱི་དང་ནང་དང་བར་དང་གསུམ། །ས་རྡོ་རི་བྲག་སྙིགས་མ་སྟེ། །དྭངས་མ་རྩི་ཤིང་ནགས་ཚལ་དང་། །འབྲུ་སྣ་རྩི་ཐོག་དྭངས་མའོ། །གླིང་བཞི་གླིང་ཕྲན་སྙིགས་མ་ལ། །རི་རྒྱལ་རི་བདུན་དྭངས་མའོ། །ཆུ་ཡི་དྭངས་མ་ཟླ་ཆུ་ཤེལ། །མེ་ཡི་དྭངས་མ་ཉི་མེ་ཤེལ། །རྡོ་ཡི་དྭངས་མ་གཡུ་རིན་ཆེན། །ས་ཡི་དྭངས་མ་གསེར་ལ་སོགས། །རླུང་གི་དྭངས་མ་རང་སྒྲ་སྟེ། །ཀུན་འདུས་དྭངས་མ་འཇའ་གཟའ་སྐར། །ནང་གི་དྭངས་སྙིགས་དབྱེ་བ་ལ། །ཤ་རུས་སྤུ་ལྤགས་སྙིགས་མ་སྟེ། །དེ་ཡི་དྭངས་མ་ག་ཏི་ཀ །ཤེལ་དཀར་སྐུད་པ་སྙིང་ན་གནས། །ཁྲག་དང་ཆུ་སེར་སྙིགས་མ་ཡིན། །དེ་ཡི་དྭངས་མ་ཁྲག་ཐིགས་ནི། །མཐེ་བོང་ཙམ་གཅིག་སྙིང་ན་གནས། །ལུས་དྲོད་འདི་ཉིད་སྙིགས་མ་ཡིན། །དེ་ཡི་དྭངས་མ་རང་དྲོད་ནི། །ཉི་འོད་


DNG025_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གཅིག་སྙིང་དུ་གནས། །འགྱུ་བ་དབུགས་ནི་སྙིགས་མ་ཡིན། །དེ་ཡི་དྭངས་མ་དབུགས་ཉིད་ནི། །རྟ་རྔ་ཙམ་གཅིག་སྙིང་ན་གནས། །བྱང་ཁོག་རྩ་སྦུབས་སྟོང་པ་སྙིགས། །དྭངས་མ་ཐིག་ལེ་ཁྲ་ཡི་མིག །སྟོང་གསལ་སྙིང་གི་དཀྱིལ་ན་གནས། །གསང་བའི་དྭངས་སྙིགས་དབྱེ་བ་ནི། །ཡེ་ཤེས་རྣམ་ལྔ་དྭངས་མ་ལ། །ཕྱིར་ཤར་འོད་ལྔ་སྙིགས་མ་འོ། །དོན་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །འོད་ལྔ་ཁ་དོག་ལྔ་དང་ལྡན། །དབྱེར་མེད་སྙིང་གི་དཀྱིལ་དུ་གནས། །དེ་ཡང་རྒྱས་པར་བཤད་པ་ན། །རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། །འགྱུ་བྱེད་རྩ་ཡི་གཞལ་ཡས་དང་། །དུང་ཁང་བྷནྡྷའི་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་ཁང་། །གཞལ་ཡས་ཆེན་པོ་དེ་བཞི་ན། །གསང་སྔགས་ཀུན་གྱི་གསང་ཆེན་ཉིད། །ཆོས་སྐུ་ངོ་བོ་བཅུ་དྲུག་ཚུལ། །དབྱེར་མེད་གཅིག་གི་ཚུལ་དུ་བཞུགས། །གཉིས་མེད་ཡེ་རྫོགས་ཆོས་སྐུ་དང་། །ཡེ་ནས་རང་བྱུང་ཆོས་སྐུ་དང་། །དུས་གསུམ་སྒྲིབ་མེད་ཆོས་སྐུ་དང་། །སྤང་ལེན་མི་མངའ་ཆོས་སྐུ་དང་། །རང་བྱུང་འགྱུར་མེད་ཆོས་སྐུ་དང་། །མ་རིག་པ་ཡི་ཆོས་སྐུ་དང་། །སྦྱོར་བ་མེད་པའི་ཆོས་སྐུ་དང་། །གཞོན་ནུ་བུམ་སྐུའི་ཆོས་སྐུ་དང་། །རྒྱ་ཆེ་རབ་འབྱམས་ཆོས་སྐུ་དང་། །མི་རྟག་སྡུག་བསྔལ་ཆོས་སྐུ་དང་། །སྟོང་པ་རིག་ཅན་ཆོས་སྐུ་དང་། །ཐམས་ཅད་མཁྱེན་པའི་ཆོས་སྐུ་དང་། །དོན་དམ་ཀུན་རྫོབ་ཆོས་སྐུ་དང་། །སྦྱང་བགྲོད་མེད་པའི་ཆོས་སྐུ་དང་། །དག་པ་གསུམ་གྲོལ་ཆོས་སྐུ་དང་། །ཐབས་ཤེས་གཟུངས་ཀྱི་ཆོས་སྐུའོ། །ཤ་ནི་སྲ་བྱེད་རྡོ་རྗེ་དབྱིངས། །སྐྱེ་འཇིག་མེད་པར་སངས་རྒྱས་གནས། །ཁྲག་ནི་རིན་ཆེན་གཏེར་གྱི་དབྱིངས། །ཐམས་ཅད་སྡུད་བྱེད་བྷུཌྜྷའི་གནས། །དྲོད་ནི་མེ་དག་སྲེག་པའི་དབྱིངས། །གཟུང་འཛིན་སྲེག་པའི་བྷུཌྜྷའི་གནས། །རླུང་དབུགས་ཡང་ཞིང་གཡོ་བའི་དབྱིངས། །ཀུན་ཏུ་སྐྱོད་བྱེད་བུཌྜྷའི་གནས། །སེམས་ཉིད་རིག་པ་གཅེར་བུའི་དབྱིངས། །མ་བསྒྲིབས་


DNG025_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་བྷུཌྜྷའི་གནས། །ལུས་ཀྱི་ཙིཏྟ་རིན་པོ་ཆེ། །འདུས་པ་ཟུར་བརྒྱད་གཞལ་ཡས་ཁང་། །དོན་ནི་རང་གི་ལུས་དཀྱིལ་ན། །ངོ་བོ་སྐུ་ནི་ཞི་བའི་ཚུལ། །གདངས་ཀྱི་སྐུ་ནི་སོ་དྲུག་བཞུགས། །སོ་སོ་རིགས་ཀྱི་མཚན་ཉིད་འཛིན། །རིག་པ་ཡེ་ཤེས་ཡབ་ཡུམ་སྣང་། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཞི་བའི་མདངས། །གནས་པའི་འོད་ཟེར་ཙིཏྟར་གནས། །རིག་པ་དངོས་མེད་ཆོས་སྐུ་ལ། །ཉོན་མོངས་པ་ཡི་དྲི་མ་མེད། །ཡེ་ཤེས་སྐུ་ལ་མདུན་རྒྱབ་མེད། །ཐུགས་རྗེའི་རྩལ་ལ་བྲི་བཀོལ་མེད། །རིན་ཆེན་གསང་བའི་སྦུབས་ཉིད་ནི། །རང་བཞིན་རྣམ་དག་ང་ཉིད་ལ། །རང་བཞིན་ཤེས་རྟོགས་འཁོར་དང་བཅས། །འདུ་འབྲལ་མེད་དེ་དབྱེར་མི་ཕྱེད། །གཟིགས་སྣང་གསུམ་ནི་མི་འགག་སྟེ། །ཡེ་ཤེས་སྣང་བ་འོད་ལྔར་གསལ། །རང་ལ་ཚུར་བལྟས་ཆོས་སྐུའི་ཡུལ། །རང་གི་བྱང་ཁོག་སྟོད་ན་གནས། །ཡེ་ཤེས་ཡུལ་ནི་རང་གི་བྱང་། །ཕྱིར་བལྟས་རིག་ཡུལ་དབྱིངས་ཉིད་ལ། །སྒྲོན་མའི་ཡུལ་ནི་ནམ་མཁའ་འོ། །ཡེ་ཤེས་ཡུལ་ནི་མེ་ཤེལ་ཡིན། །འོད་ཡུལ་རང་གི་རིག་པ་ལ། །མཚན་མ་འོད་ཀྱི་དཀྱིལ་འཁོར་རོ། །སངས་རྒྱས་ངོ་བོ་ཆོས་ཀྱི་སྐུ། །རང་གི་སྙིང་གི་དཀྱིལ་ན་བཞུགས། །སྐུ་ནི་ནང་གསལ་བུམ་སྐུ་ལ། །འོད་ནི་བུམ་ནང་མར་མེ་བཞིན། །ཡེ་ཤེས་རྨ་བྱའི་སྒོ་ང་འདྲ། །སྐུ་ལྔ་ཡེ་ཤེས་ཆོས་ཀྱི་སྐུ། །རིག་པ་འོད་ལུས་ཡེ་གདོད་ནས། །ཡུལ་དག་སྣང་བ་མ་འགགས་གནས། །སངས་རྒྱས་རང་ཆས་སྐུ་ཡེ་ཤེས། །འོད་དང་རིག་པ་ཟང་ཐལ་དུ། །ཡེ་ནས་རང་ཆས་ཙིཏྟར་གནས། །འོད་དང་འོད་ཁྱིམ་ཚུལ་དུ་སྣང་། །ཆོས་སྐུ་མི་འགྱུར་ཡེ་ཤེས་སྙིང་། །ཡེ་ཤེས་ལྷ་སྐུ་ལྷང་ངེ་བ། །འོད་དུ་བྱུང་ཞིང་ཟེར་དུ་གསལ། །དག་པའི་སྣང་བ་ཕྱོགས་བཅུར་ཤར། །ནུབ་པ་མེད་པར་ཙིཏྟར་གནས། །མཚན་མེད་ཡུལ་མེད་གྲུབ་པ་མེད། །རིག་པའི་ངོ་བོ་འགྱུར་བ་མེད། །ཐུགས་རྗེ་དབྲི་མེད་དྲི་མ་མེད། །འགག་མེད་


DNG025_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགགས་ཐོགས་མེད་པ། །མ་འགགས་འོད་གསལ་ཡུལ་ལ་ཁྱབ། །མཐའ་མེད་ཡུལ་ཅན་རྒྱ་ཆད་མེད། །ཡེ་ཤེས་སྣང་བ་མ་འགགས་པར། །ཡུལ་ལ་སེམས་འཛིན་མ་ཞུགས་པར། །ཡེ་ཤེས་རྟོག་བྲལ་ཆེན་པོར་བཞུགས། །སྙིང་དཀྱིལ་ཆོས་སྐུ་སྟོང་པ་ལ། །ཡེ་ཤེས་ཞིང་ཁམས་ཁ་དོག་ཕྱེད། །གསལ་བ་འཚེར་ཏེ་འོད་དུ་འཕྲོ། །སྐུ་ནི་མི་གཡོ་ཞལ་ཕྱག་རྫོགས། །ཡབ་ཡུམ་ཚོམ་བུ་ལྔ་ལྡན་དེ། །འགྱུར་མེད་ཡེ་ནས་ཕྱོགས་རིས་མེད། །དག་པ་ཆེན་པོར་དེ་ན་འཁྱིལ། །བརྟེན་པ་བྱང་ཁོག་སྟོད་ན་གསལ། །བཞུགས་ནི་ཙིཏྟའི་དཀྱིལ་ན་བཞུགས། །གསལ་བ་ནམ་མཁའི་ངང་དུ་གསལ། །སངས་རྒྱས་ས་ན་ཟག་པ་བྲལ། །གསང་ཆེན་གསེར་གྱི་མཎྜལ་ལ། །གཡུ་ཡི་མེ་ཏོག་ལེགས་བཀྲམ་སྟེ། །ཉི་ཟླ་གཉིས་ཀྱི་དཀྱིལ་ན་བཞུགས། །མན་ངག་བླ་མའི་གསུང་གིས་ཤེས། །བུཌྜྷ་ས་མ་ཏི། རོ་མ་ཧཱ། ཀ་ལ་བྷིཌྜྷ། ཛྙཱ་ན་ཙིཏྟ། བུཌྜྷ་བཛྲ། མ་ཧཱ་ཙཀྵུ། བྷིཌྜྷ། ཨ་མ་ལ། མ་ཧཱ་པཉྩ་ཀ་ལ། ཀྵ་ཨཾ་ཨ་ཨ་ཨ་མ་མ་ཨ་ཧཱ། ཨེ་མ་རང་གི་སྙིང་དཀྱིལ་ན། །ཐིག་ལེ་ཉག་གཅིག་ཀུན་བཟང་བ། །ལྔ་ལྡན་འོད་ཁྱིམ་ཚུལ་དུ་གནས། །སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ། །ཆོས་དབྱིངས་ཡེ་ཤེས་མཐིང་གའི་ཕུབ། །ཡེ་ནས་ངོས་བཟུང་བྲལ་བར་གནས། །སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ། །མེ་ལོང་ཡེ་ཤེས་དཀར་པོའི་ཕུབ། །ཡེ་ནས་ངོས་བཟུང་བྲལ་བར་གནས། །སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ། །མཉམ་ཉིད་ཡེ་ཤེས་སེར་པོའི་ཕུབ། །ཡེ་ནས་ངོས་བཟུང་བྲལ་བར་གནས། །སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ། །སོར་རྟོག་ཡེ་ཤེས་དམར་པོའི་ཕུབ། །ཡེ་ནས་ངོས་བཟུང་བྲལ་བར་གནས། །སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ། །བྱ་གྲུབ་ཡེ་ཤེས་ལྗང་གུའི་ཕུབ། །ཡེ་ནས་ངོས་བཟུང་བྲལ་བར་གནས། །སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ། །


DNG025_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུའི་ཐིག་ལེ་ཉག་གཅིག་དེ། །འོད་ལྔའི་དཀྱིལ་ན་མེ་རེ་ཡོད། །ཤེས་རིག་མ་འགགས་ཝ་ལེ་བ། །འདི་རྟོགས་ཡོན་ཏན་རྒྱ་མཚོ་འབྱུང་། །ཤར་ཚད་ཡོན་ཏན་རྒྱ་མཚོའི་ངང་། །ཙིཏྟ་རིན་ཆེན་ཀུན་གྱི་མཛོད། །ངོ་བོ་རང་གསལ་གཞལ་ཡས་ན། །བུམ་པའི་ནང་གི་མར་མེ་བཞིན། །འོད་དུ་དེ་ནི་མེ་རེ་ཡོད། །རྒྱལ་བ་རིགས་ལྔའི་ཚོམ་བུ་རུ། །དཀྱིལ་འཁོར་དེ་ནི་ཁྲ་མེར་ཡོད། །ཉུང་འབྲུ་ཙམ་ལ་ཕུལ་ཐག་ཙམ། །སྣ་ཚོགས་གཅེར་གྲོལ་ཉིད་དུ་ཡོད། ཏ་ཐཱ་ག་ཏ། ཀུ་ལ་པཉྩ་པ་ནི་བུཌྜྷ་ཀུ་ལས་ན་ཏ། ཙིཏྟ་པ་ནི། བྷུཌྜྷ་ཀཱ་ཡ། ཧཱ་ཧཱ། ཉི་ཟླ་ཐབས་ཤེས་ཁང་པ་ན། །ཆོས་སྐུ་ཀ་དག་འོད་འབར་ལྔ། །ངོ་ཤེས་བུཌྜྷའི་གདམས་ངག་དེ། །བླ་མ་ཀུན་བཟང་ངག་ལ་དྲིས། །ཨེ་མ་སངས་རྒྱས་སུམ་ཅུ་དྲུག །རང་གི་ཙིཏྟའི་དཀྱིལ་ཉིད་ན། །སངས་རྒྱས་བྱེ་བ་འབུམ་ཁྲི་གྲངས། །ཆ་ཕྲ་གསལ་ལ་ཤིན་ཏུ་དྭངས། །མཛེས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །བལྟ་བས་མི་སྐྱོ་མདུན་རྒྱབ་མེད། །སྣ་ཚོགས་གཅེར་གྲོལ་ཉིད་དུ་བཞུགས། །བླ་མ་དམ་པའི་ངག་གིས་གསལ། །སྔོན་གསུམ་ཐག་གཅོད་ངོ་སྤྲོད་དོ། །ཀྱེ་སེམས་དཔའ་རྡོ་རྗེ་རྩལ། །དག་པ་དབྱིངས་ཞེས་སྒྲོན་མ་ཉིད། །ངོ་བོ་ངེས་ཚིག་དབྱེ་བ་དང་། །རང་བཞིན་མཚན་སྒོམ་གོམས་དང་ཚད། །གནས་དང་འཆར་སྒོ་གནད་མཐུན་དཔེ། །མན་ངག་རྟགས་དང་བཅས་པ་རྣམས། །རིག་པ་ཕྱིར་འཕྲོས་མཁའ་ལ་གསལ། །རང་ཤེས་ནད་དུ་གསལ་བའི་ཚེ། །ཙིཏྟའི་དཀྱིལ་དུ་གནས་པ་ཡིན། །མཚན་ལྡན་བླ་མ་ང་འདྲ་ཡི། །གསུང་གི་བདུད་རྩིས་སྒོ་ཕྱེ་མཐོང་། །ཞེས་གསུངས་ནས་ཤར་གྲོལ་འགག་མེད་དུ་ལྷན་ནེ་བཞུགས་སོ། །དེ་ནས་ཡང་སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་སྐུ་གསུམ་ཡོངས་རྫོགས་ཀུན་ཏུ་བཟང་། །དང་པོའི་སངས་རྒྱས་ལྷུན་རྫོགས་དཔལ། །སེམས་ཅན་ཀུན་གྱི་ཙིཏྟ་ལ། །རང་གནས་ཆོས་སྐུ་གསུང་ལགས་ཀྱང་། །དུང་ཁང་བྷནྡྷའི་གཞལ་ཡས་ན། །བཞུགས་པ་གང་བཞུགས་རྟེན་ས་གང་། །


DNG025_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་འཁོར་ལ་བཀའ་སྩོལ་ཅིག །ཅེས་པ་སྟོན་པ་ཉིད་ཀྱིས་གསན། །ཉོན་ཅིག་རིག་མདངས་འཁོར་རྣམས་ཀུན། །ཨེ་མ་རིག་པའི་ཡེ་ཤེས་ང་། །སེམས་ཅན་ཀུན་གྱི་ཙིཏྟ་ལ། །གོང་ལྟར་གནས་པའི་རང་རྩལ་ཉིད། །དུང་ཁང་ནང་ན་ཁྲོ་བོའི་སྐུ། །ཡབ་དང་ཡུམ་དུ་རྣམ་པར་མངོན། །ཁྲོ་དང་ཁྲོ་མོའི་ཚུལ་འཆང་ཞིང་། །ཡེ་ཤེས་ལྔ་ལྔ་དག་དང་ལྡན། །གསལ་འཚེར་གཟི་བརྗིད་རབ་ཏུ་འབར། །བུམ་པའི་སྐུ་དང་བུམ་ནང་གི། །མར་མེའི་རྩལ་ཟེར་འཇའ་འོད་གནས། །ལོངས་སྤྱོད་རྫོགས་པ་སྐུ་ཡི་ཡུལ། །རང་གི་མགོ་ཡི་དུང་ཁང་ཡིན། །ཕྱི་ཡུལ་ཚོམ་བུ་དག་དང་བཅས། །གནས་ནི་ལོངས་སྤྱོད་ཁྲོ་བོའི་སྐུ། །ལྔ་བཅུ་རྩ་བརྒྱད་ཀླད་ནང་བཞུགས། །བརྟེན་པ་རང་གི་མགོ་ལ་བརྟེན། །གསལ་བ་དྭངས་མ་ཡེ་ཤེས་ཀྱི། །སྒོ་ཕྱེ་བླ་མའི་ཐུགས་མཛོད་གྱིས། །མེ་ལོང་དཀྱིལ་འཁོར་མངོན་སུམ་འཆར། །དུང་ཁང་ཀླད་རྒྱའི་ནང་དག་ན། །ཁྲོ་བོའི་སྐུ་ནི་ཤིན་ཏུ་རྔམ། །ཐུགས་རྗེ་འཛིན་བྱེད་ལྕགས་ཀྱུར་བཅས། །སྐུ་ནི་ཉུང་འབྲུ་ཕུལ་ཐག་ཙམ། །སྣ་ཚོགས་གཅེར་གྲོལ་དགུ་ཁྲིའི་གྲངས། །ཀླད་ནང་འོད་ལྔས་གང་ནས་ཡོད། །ཆ་ཕྲ་མཛེས་པ་གསལ་འཚེར་བཀྲག །ཉམ་ང་མཛེས་པའི་འོད་ཟེར་འཕྲོ། །ཕྲུམ་ཕྲུམ་འཚེར་ལྟར་རབ་ཏུ་གནས། །རང་གི་ཤེས་རིག་ངོ་བོ་འདི། །ངོས་བཟུང་མ་གྲུབ་སྟོང་སངས་ཉིད། །ཆོས་ཀྱི་དབྱིངས་ཀྱི་ངོ་བོར་གྲུབ། །སྟོང་སྟོང་ཕྱང་དུ་མ་ཆད་པ། །ངོ་བོ་མ་འགགས་གསལ་བ་འདི། །མེ་ལོང་ལྟ་བུའི་ཡེ་ཤེས་གྲུབ། །སྟོང་དང་གསལ་བ་ཐ་མི་དད། །རང་རིག་ཤེས་དྲན་མ་འགགས་པ། །དབྱེར་མེད་མཉམ་ཉིད་ཡེ་ཤེས་གྲུབ། །རང་གི་ཤེས་རབ་སོ་སོར་འཆར། །མ་འགགས་རང་གྲོལ་ཝལ་ཝལ་འདི། །སོ་སོར་རྟོགས་པའི་ཡེ་ཤེས་གྲུབ། །རང་རང་གང་ལའང་འགག་ཐོགས་མེད། །བྱ་བ་གྲུབ་པའི་ཡེ་ཤེས་གྲུབ། །སྟོང་གསལ་འདུས་པ་ཆོས་སྐུའི་མདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །དུང་ཁང་ཀླད་པའི་གཞལ་ཡས་ན། །ལོངས་


DNG025_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་པའི་སྐུ་རྣམས་བཞུགས། །དཔེར་ན་བུམ་ནང་མར་མེ་ལྟར། །བྱེ་བ་ཁྲག་ཁྲིག་འབུམ་དང་བཅས། །ཤར་ཕྱོགས་གཅིག་པུ་བགྲངས་མི་ལང་། །འོད་ཟེར་བྱེ་བ་འབུམ་དང་བཅས། །བལྟ་བས་མི་སྐྱོ་གསལ་འཚེར་འཕྲོ། །མཛེས་ཤིང་འོད་ལྔའི་ཕུང་པོ་ལ། །བརྟེན་པ་མགོ་སྟེ་གནས་དུང་ཁང་། །སྙིང་མིག་ཀླད་པར་རྩ་འདྲེལ་ནས། །གསལ་བ་མིག་དང་མེ་ལོང་གསལ། །རྒྱུ་བ་གཞུངས་པའི་ནང་ལ་རྒྱུ། །འབྱུང་བ་གསང་བའི་སྒོ་རུ་འབྱུང་། །རིག་པ་ཡེ་ཤེས་སྦུབས་ཉིད་ན། །སྤྲུལ་པའི་ཧེ་རུ་སྐུ་ལྔ་འབྱུང་། །ཡེ་ཤེས་འཁོར་ནི་ཀཽ་རཱི་བརྒྱད། །ཕྲ་མེན་མ་བརྒྱད་སྒོ་མ་བཞི། །དབང་ཕྱུག་རྩ་བརྒྱད་ལྔ་བཅུ་བརྒྱད། །སྟོང་ཞིང་བདག་མེད་མཛེས་ཟེར་འཕྲོ། །རྟོག་མེད་འོད་ལྔའི་ལུས་ཅན་དུ། །ཡེ་ཤེས་ནང་གི་གཟུགས་བརྙན་ལྟར། །རེག་བྱའི་དྲི་མ་དག་དང་བྲལ། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་ཡོད། །འཕྲུལ་གྱི་བང་མཛོད་སྒོ་ཕྱེས་ལ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ། །བལྟ་བས་མི་སྐྱོ་མཐོང་བར་འགྱུར། །མ་འགགས་ནམ་མཁའི་ཁམས་ལ་ལྟོས། །རྫོགས་སངས་རྒྱས་པ་ཉག་གཅིག་ཡིན། །རང་རིག་མཐོང་བ་མ་འགགས་གསལ། །ལོངས་སྤྱོད་རྫོགས་སྐུར་དེ་ཡིས་བཤད། །རང་གི་ཤེས་རབ་ཕྱོགས་མེད་ཤར། །ཤེས་རབ་ཉིད་ཀྱི་སྐུ་ཡིན་ནོ། །མ་བྲིས་པ་ཡི་དཀྱིལ་འཁོར་ན། །རང་བཞིན་འོད་གསལ་སྲོག་མེད་སྐུ། །དུང་ཁང་ཀླད་པའི་སྦུབས་དག་ན། །རིག་པ་མ་འགགས་ཟང་ཐལ་བ། །ཡེ་ཤེས་ཁ་མིག་ཅན་གྱི་སྐུ། །གསལ་བ་ཤེས་རབ་ཀུན་ཏུ་ཁྱབ། །ལོངས་སྤྱོད་རྫོགས་པ་མདངས་ཀྱི་སྐུ། །གདུལ་བྱ་ཀུན་སྣང་ཐུགས་རྗེ་བརྡལ། །འོད་ཀྱི་ཁ་མིག་སྤྲུལ་པའི་སྐུ། །ཡང་སྤྲུལ་ཁྲག་ཁྲིག་བྱེ་བ་རྣམས། །ཟེར་གྱི་ཁ་མིག་སྣ་ཚོགས་སྐུ། །ཨེ་མ་རྡོས་བཅས་ཕུང་པོའི་ལུས་ཀྱིས་སྟོང་། །འགྱུ་བྱེད་ཡིད་ཀྱི་ལུས་ཀྱིས་སྟོང་། །དམིགས་བཅས་ཏིང་འཛིན་ལུས་ཀྱིས་སྟོང་། །དཔྱོད་བྱེད་ཤེས་རབ་འོད་ལུས་དག །


DNG025_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས་དོན་ཀུན་གོ་བར་གྱིས། བུཌྜྷ། ས་མཱ་ཏི། མ་ལ། མ་ལ། མ་ཧཱ། ཙཀྵུ། རོ་མ་ཧ། ཀ་ལ། བུཌྜྷ། ཀཱ་ཡ། གོ་རོ་ཙ་ན། བུཌྜྷ། ཀཱ་ཡ། ཏྲི་ཛྙཱན། པ ཛྱཱུ ་ཏ། རོ་མ་ཧ། བྷིཌྜྷ། ཀ་ལ། བུཌྜྷ། མ་མྲ་ཏཱ་རྦཱཿ། ཧྲྀ་ད་ཡ། ཛྙཱ་ན་ཀཱ་ཡ། ཨ་མ་ལ། བྷིཌྜྷ། ཛྙཱ་ན། ཨ་བུཌྜྷ། ས་མཱ་ཏི། ཀྲ་ཏྲ་ན། ཀུ་ཧྲྀ་ད་ཡ། དྷརྨ་ཀཱ་ཡ། ཨ་བྷི་ཥིཉྩ། ངོ་སྤྲོད་འབྲུ་ཚོགས་གནད་དུ་དྲིལ། །བྷིཌྜྷ། ཛྙཱ་ན་ཙིཏྟ། གོ་རོ་ཙ་ན། ཀ་ལ་ཧ། བྷུཌྜྷ། རི་རབ་ཆེན་པོའི་རྩེ་ལ། ནོར་བུ་རིན་པོ་ཆེ་འོད་འབར་བའི་མན་ངག །སེམས་དཔའ་རྡོ་རྗེས་གོ་བར་གྱིས། །ཨེ་མ་སྒྲོན་མ་འདི་ལྟར་རོ། །ཤེས་རབ་རང་བྱུང་སྒྲོན་མ་ཞེས། །ངོ་བོ་ངེས་ཚིག་དབྱེ་བ་དང་། །རང་བཞིན་མཚན་ཉིད་གནས་པའི་ས། །འཆར་བའི་སྒོ་དང་ཤར་བའི་ཡུལ། །གོམས་དང་དགོངས་ཚད་མཐུན་དཔེ་རྣམས། །ཕྱིར་ཤར་སྒོ་ནི་དབང་པོ་ལྔ། །ཁྱད་པར་ཁ་དང་སྣ་ལ་འཆར། །སྐྱེད་བྱེད་རྩ་ནས་ཙིཏྟར་འཁོར། །རོ་མ་རྐྱང་མ་ཀུན་འདར་མ། །ཤེལ་སྡུག་ཁོག་པ་སྟོང་པའི་ནང་། །གསལ་བ་རང་ཤེས་ཆེན་པོར་བཞུགས། །ཐམས་ཅད་མཁྱེན་པའི་ངོ་བོར་ནི། །མིང་བཞི་འདུས་པའི་ཡེ་གདངས་སུ། །ཡེ་ནས་ལུས་ཀྱི་ཆ་ལ་གནས། །ཐོས་དང་བསམ་དང་སྒོམ་པ་དང་། །ཀུན་འབྱེད་རང་རིག་ཤེས་རབ་རྣམས། །འདི་ཉིད་ངོ་བོར་ཡེ་ནས་བཞུགས། །གདམས་ལྡན་བླ་མའི་བདུད་རྩི་འཐུང་། །ཞེས་གསུངས་ནས། ཀུན་སྣང་ཆོས་ཉིད་ཀྱི་རོལ་པར་ལྷན་ནེར་བཞུགས་སོ། །སེམས་དཔའ་རྡོ་རྗེས་ཡང་གསོལ་བ། །ཀྱེ་ཧོ་རང་བྱུང་ཀུན་ཏུ་བཟང་། །ཀློང་ཆེན་རྩོལ་བྲལ་ཐུགས་རྗེ་ཅན། །ཀླད་པ་དུང་ཁང་གཞལ་ཡས་ན། །ཀུན་སྣང་ཁྲོ་བོ་དཔག་མེད་རྣམས། །ཡེ་ནས་གནས་པར་གསུངས་ལགས་ཀྱང་། །སྔར་གསུངས་རྣམས་ལ་འདྲེལ་མེད་པའི། །ལྟ་བྱེད་མིག་གི་གཞལ་ཡས་དེ། །བཞུགས་པ་གང་བཞུགས་རྟེན་འདྲེལ་གང་། །འདུས་པའི་འཁོར་ལ་བཀའ་སྩོལ་ཅིག །ཅེས་པ་སྟོན་པ་ཉིད་ཀྱིས་གསན། །ཉོན་ཅིག་རང་


DNG025_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རིག་རང་རྩལ་འཁོར། །སེམས་ཅན་ཀུན་གྱི་མིག་ཉིད་ལ། །ཐུགས་རྗེ་སྒྲོན་མ་འདི་ལྟར་རོ། །ཉི་ཟེར་གྱི་ནི་སྒྲོན་འོད་ལྟར། །སྒྲོན་འོད་གཏིང་ལ་ཐུག་པ་མེད། །རིག་ཡུལ་དབྱིངས་ལ་སྒྲོན་ཡུལ་མཁའ། །སྤྲུལ་སྐུའི་བཞུགས་གནས་སྒལ་ཚིགས་སོ། །ཡེ་ཤེས་ཟང་ཐལ་མིག་གི་དཀྱིལ། །ཐུགས་རྗེ་སྤྲུལ་སྐུ་ཡེ་ནས་བཞུགས། །བརྟེན་ནི་ཆུ་བུར་མིག་ལ་བརྟེན། །བཞུགས་ཀྱང་ཨ་འབྲས་དཀྱིལ་ནའོ། །གསལ་ལ་མཐོང་བ་མ་འགགས་པ། །གསལ་འགྲིབ་མེད་པར་ད་ལྟ་བསྟན། །དཔེའུ་རིས་དག་གིས་ངོ་སྤྲད་དོ། །སྙིང་ནས་མིག་ཏུ་རྩ་དཀར་འདྲེལ། །རང་རིག་མཐོང་བ་མ་འགགས་ཏེ། །ཆོས་སྐུ་སྣང་བའི་བར་དག་ན། །ཡེ་ཤེས་ངོ་བོ་ཟང་ཐལ་འཁྱིལ། །དེ་ངོས་བཟུང་ལ་མཁའ་ལ་གཏད། །རང་རིག་ཡེ་ཤེས་ལྷུག་པར་འཚར། །སངས་རྒྱས་རང་གི་སྙིང་བཞུགས་པ། །ཤ་ཁྲག་ལུས་ཀྱིས་མ་ཐུམས་ཏེ། །ཆུ་བུར་མིག་ཏུ་ཟང་ཐལ་ནས། །མཐོང་བ་འགག་མེད་ཆེན་པོར་བཞུགས། །བརྟེན་པ་དབང་པོ་མིག་ལ་བརྟེན། །བཞུགས་པ་མིག་འབྲས་བྷ་ཤུའི་དཀྱིལ། །སྐྱོན་མེད་མཁའ་ལ་མངོན་སུམ་ལྟོས། བུཌྜྷ། ཛྙཱ་ན། ཀཱ་ཡ་ཙཀྵུ། རང་བྱུང་བྲག་ཕུག་གཉིས་པོ་ན། །ཐོག་མའི་སངས་རྒྱས་འོད་མི་འགྱུར། །མངོན་སུམ་བཞུགས་པ་ང་ལ་དྲིས། །གནས་སྙིང་ལུས་བརྟེན་སྐུར་ཤར་ཏེ། །འོད་ལུས་ཟང་ཐལ་མིག་ལ་སྨིན། །རོ་མ། ཙཀྵུ། ཀ་ལ། པ་ནི། བྷུ་ཏ། རྒྱ་མཚོའི་གཏིང་དུ་ནོར་བུ་སྦས། །རིན་ཆེན་རི་རབ་རྩེ་ལ་ཐོན། །འོད་ཟེར་ཉི་ཟླའི་མཁའ་ལ་འཕྲོ། །སྐད་ཅིག་དང་པོར་བྷུཌྜྷའོ། །ལུང་ལྡན་བླ་མའི་ཐུགས་ལས་ལྟོས། །རི་རབ་ཆེན་པོའི་རྩེ་ཡི་ན། །ཀུན་གསལ་གྲོང་ཁྱེར་མི་རྒོད་ལྔ། །ཛྙཱ་ན་པཉྩ་ཀ་ལ་ཧ་ཙཀྵུ། ལུང་བསྟན་བླ་མའི་ཐུགས་ལ་ཞོག །མཐོང་བ་མ་འགགས་ཟང་ཐལ་སྐུ། །དུས་ཀྱིས་མ་བསྒྲིབས་ཟང་ཐལ་སྐུ། །སྐྱེ་ཤི་མེད་པ་ཟང་ཐལ་སྐུ། །ལུས་ལྔས་མ་བསྒྲིབས་ཟང་ཐལ་སྐུ། །མདུན་


DNG025_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་མེད་པ་ཟང་ཐལ་སྐུ། །དགེ་སྡིག་མ་བསྒྲིབས་ཟང་ཐལ་སྐུ། །ཕྱི་ནང་མེད་པ་ཟང་ཐལ་སྐུ། །ཡུལ་ཤེས་གཉིས་མེད་ཟང་ཐལ་སྐུ། །རྐྱེན་གྱིས་མ་བསྒྲིབས་ཟང་ཐལ་སྐུ། །ཡེ་ཤེས་སྤྱན་ལྡན་ཟང་ཐལ་སྐུ། །བཅུ་ཡི་ཚུལ་དུ་ཤེས་པར་གྱིས། །ཨེ་མ་ཧོ། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཉིད། །སྐྱེ་བྱེད་ས་བོན་ཚུལ་དུ་གནས། །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཚན་ཉིད་བཞུགས་ཚུལ་གནས་ས་དང་། །སྐྱེ་བྱེད་འཆར་སྒོ་མཐུན་དཔེ་ཚད། །འདི་རྣམས་ལེགས་པར་ཡིད་ལ་ཟུང་། །ངོ་བོ་སྣང་བ་གཉིས་ཀ་སྡུད། །རྒྱང་ནི་རིག་སྐུ་མཐོང་བ་སྟེ། །གཟུགས་སོགས་འདོད་ཡོན་ལྔ་སོགས་རྣམས། །འདི་ཡིས་འཆིང་བས་ཞགས་པ་ཡིན། །སྣང་བ་རང་སར་བཞག་ནས་ནི། །བདག་འཛིན་བྲལ་བས་ཆུ་ཞེས་བྱ། །སྒྲོན་ནི་རང་གི་སྣང་བར་གསལ། །གོང་ནས་གོང་དུ་འཕེལ་བའོ། །དབྱིངས་རིག་འདྲེས་པས་མ་ཞེས་བྱ། །དབྱེ་ན་རྒྱང་ཞགས་ཆུ་སྒྲོན་དང་། །ཡེ་ཤེས་འདུས་པའི་རྒྱང་ཞགས་དང་། །དབང་པོ་འདུས་པའི་རྒྱང་ཞགས་སོ། །མཚན་ཉིད་འཆར་བྱེད་འགག་མེད་པས། །དབང་པོའི་དྭངས་མ་མིག་ཅེས་བྱ། །འབྱེད་པ་པདྨའི་སྤྱན་དུའོ། །འདི་ཡི་གནས་ནི་མིག་ཡིན་ཏེ། །མཐོང་བྱེད་འགག་པ་མེད་པ་ཡིས། །ཡུལ་རྣམས་འཛིན་པར་བྱེད་པའི། །ཀླད་པ་དུང་ཁང་དཀར་པོ་ནས། །གཡས་སུ་འཁྱིལ་པ་རྩ་གསུམ་པོའི། །བ་མེན་རྭ་འདྲའི་རྩ་ཡི་དབྱིབས། །རྩ་ཡི་ནང་ན་འདི་ཉིད་གནས། །འཆར་བའི་སྒོ་ནི་ཙཀྵུ་ར། །སྐྱེད་བྱེད་མངལ་དུ་རང་ཞུགས་ཚེ། །དུས་ཀུན་གྱི་ནི་ཐོག་མ་རུ། །ལྟེ་བའི་རྩ་མདུད་གྲུ་གསུམ་དུ། །ཕ་མའི་རྒྱུ་རྐྱེན་དྭངས་མ་ཡིས། །མིག་གི་དྭངས་མ་ཉིད་དུ་ཆགས། །ཕ་མའི་རྒྱུ་རྐྱེན་ཆ་གཉིས་ལས། །དཀར་ནག་འདྲེས་པ་དེ་བཞིན་ནོ། །མཐུན་དཔེ་འཛིན་བྱེད་ལྕགས་ཀྱུ་ཡིས། །གང་སྣང་སྣ་ནས་འཛིན་པ་བཞིན། །འཁོར་འདས་སྣ་གཉིས་འདི་ཡིས་འཛིན། །སྒྲོན་མས་ཡུལ་གཟུང་རིག་པར་སྣང་། །ལུ་གུ་རྒྱུད་མཐོང་ཚད་ཡིན་ནོ། །


DNG025_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ནས་དམིགས་མེད་ཀ་དག་གི་ངང་དུ་ལྷན་ནེར་བཞུགས་སོ། །རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །འདི་སྐད་རང་སྒྲས་སྟོན་པ་བསྐུལ། །ཀྱེ་ཧོ་བྱ་བཙལ་མེད་པའི་དཔལ། །མིག་གི་གཞལ་ཡས་གསུངས་ལགས་ཀྱང་། །སྔར་གསུངས་ཚིག་ལ་འདྲེལ་མེད་པའི། །འགྱུ་བྱེད་རྩ་ཡི་གཞལ་ཡས་ན། །བཞུགས་པ་གང་བཞུགས་གང་ལ་བརྟེན། །སྟོན་པས་འཁོར་ལ་བཀའ་སྩོལ་ཅིག །ཅེས་པ་གསན་ཏེ་བཀའ་སྩལ་པ། །ཉོན་ཅིག་རིག་མདངས་སྤྲུལ་འཁོར་རྣམས། །འགྱུ་བྱེད་རྩ་ཡི་དྲ་བ་ན། །ཡེ་ཤེས་སྐུ་བཞིའི་སྟོན་པ་ང་། །རང་བཞིན་ཐིག་ལེའི་ཚུལ་བཞུགས་ཏེ། །སེམས་ཅན་ཀུན་གྱི་ལུས་ཟུང་འཛིན། །རང་བཞིན་འོད་ཀྱི་གོང་བུ་བཞིན། །རྩ་རྣམས་ནང་ན་ཐིག་ལེའི་སྐུ། །ཆེ་ཚད་ནམ་མཁའི་མཐའ་དང་མཉམ། །ཆུང་ཚད་རྟ་རྔ་བཅུར་གཤགས་ཙམ། །གསལ་ཚད་ཉི་ཟླ་སྒྲོན་མེ་འདྲ། །གསལ་ལ་འཚེར་ཏེ་གཟི་བརྗིད་འབར། །འགྲོ་དང་འོང་དང་གནས་ས་རུ། །ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ། །ས་ཡ་གྲངས་འདས་བརྗོད་མི་ལང་། །ཉུང་འབྲུའི་ལུས་ལ་སྤྱན་ཕུལ་ཐག །རྒྱུ་དང་འབྲས་བུའི་ཁྱད་པར་ཉིད། །འཕོ་གནས་རླུང་གི་འཕར་རྐྱེན་ནོ། །ཐིག་ལེའི་ཡུལ་ནི་རང་གི་ལས། །ཐིག་ལེའི་ཕོ་བྲང་འཁོར་ལོ་ལྔ། །ཐིག་ལེའི་གཞུང་ལམ་གཞུངས་པ་ཉིད། །ཐིག་ལེའི་གྲོང་ཁྱེར་བྷེ་ཏ་ལཱི། །བརྟེན་པ་སྒལ་པའི་ཚིགས་ལ་བརྟེན། །གསལ་བ་འཕྲུལ་གྱི་བང་མཛོད་ཉིད། །བླ་མས་སྒོ་ཕྱེ་དབྱིངས་ལ་གསལ། །སྤྲུལ་པའི་གྲོང་ཁྱེར་དགུ་ཁྲི་འབུམ། །ཐིག་ལེ་རང་བྱུང་གཟུགས་ལ་བརྟེན། །རྩ་རྣམས་ཀུན་གྱི་ནང་ན་བཞུགས། །ཐོན་པ་གསང་བའི་སྒོ་ལ་ཐོན། །གསལ་བ་རྡོ་རྗེའི་མེ་ཏོག་ཉིད། །པདྨའི་ཟེའུ་འབྲུའི་འོག་བཅུག་པས། །རང་གི་ལུས་ངག་ཡིད་གསུམ་ལ། །མངོན་སུམ་རྟགས་འཆར་གསལ་ཉམས་མྱོང་། །ཧཱུྃཿསྶཿཀྐཿཏྟཿཙཿ། རྒྱུ་ལམ་ངོ་བོ་དབྱིངས་འབྲས་བུ། །བདེ་གསལ་ཉམས་མྱོང་གདམས་པ་རྣམས། །ཚད་ལྡན་བླ་མའི་ཐུགས་


DNG025_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་བྲུས། །ཨེ་མ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །ཐིག་ལེ་སྟོང་པའི་སྒྲོན་མ་ཞེས། །ཆོས་རྣམས་ཀུན་གྱི་ཡིད་ཆེས་པ། །འདི་ཉིད་དོན་རྣམས་ཡིད་ལ་ཟུང་། །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཚན་ཉིད་དགོངས་པ་གནས་པ་དང་། །འཆར་སྒོ་རང་བཞིན་ཡུལ་སྣང་བ། །ཚད་དང་ཡོན་ཏན་ཐབས་མཐུན་དཔེ། །འདི་རྣམས་རྩ་བ་བློ་ལ་ཞོག །ངོ་བོ་ཉག་གཅིག་ཆ་ཕྲ་སྟེ། །སྟོང་པའི་མུ་ཡང་རང་གསལ་བ། །མི་རྟོག་སྤྲོས་བྲལ་ཟླུམ་པོའོ། །ཐིག་ནི་མི་འགྱུར་དྲང་པོ་ལ། །ལེ་ནི་བརྡལ་བ་ཆེན་པོ་ཡིན། །སྟོང་པ་དངོས་ཡུལ་ཞེན་བློ་དགག །སྒྲོན་མས་འོད་ལྔར་རང་སྣང་སྟེ། །རང་རིག་རང་ངོ་གསལ་མདངས་ལྡན། །ངེས་པའི་ཚིག་ཡིན་ཐེ་ཚོམ་སེལ། །དབྱེ་བ་ལྔ་ཡིན་འདི་ལྟར་རོ། །གཞི་གནས་རང་གི་ཐིག་ལེ་དང་། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་དང་། །དོན་དམ་སྤྲོས་མེད་ཐིག་ལེ་དང་། །རང་བྱུང་འབྲས་བུའི་ཐིག་ལེ་དང་། །མི་འགྱུར་ཐིག་ལེ་སྟོང་པའོ། །རང་གནས་དགོངས་པ་གཅིག་ཡིན་ཏེ། །ཐ་སྙད་གྲངས་ཟད་འཛིན་ཞེན་བྲལ། །མཚན་ཉིད་དངོས་པོ་རང་སྟོང་སྟེ། །མ་བསྒོམས་པར་ཡང་མཚམས་མེད་པའི། །ཐིག་ལེ་ཟླ་བྲལ་ཉིད་དུའོ། །ཀ་ཏི་གསེར་གྱི་རྩ་ཆེན་ཏེ། །དར་དཀར་སྣལ་ལྟར་འཕྲ་ལ་འདྲིལ། །ཤེལ་སྦུག་ཅན་བཞིའི་ནང་ན་ནི། །རང་གནས་སུས་ཀྱང་བྱས་མེད་པར། །ཡེ་ནས་མཉམ་པ་ཆེན་པོར་གནས། །རེས་ནི་རླུང་གི་རྟ་ལ་ཞོན། །ལུས་དང་རྩ་ཡི་ནང་དག་ན། །སེམས་ཅན་ཀུན་གྱི་ལུས་རྟེན་དུ། །ཐོག་མ་ཉིད་ནས་གནས་པའོ། །འཆར་བྱེད་མ་བསྒྲིབས་སེམས་ཅན་མིག །ཙཀྵུ་ཞེས་པའི་སྒོ་ནས་ཐོན། །ཉི་མའི་དཀྱིལ་འཁོར་བཞིན་དུ་སྣང་། །ཀུན་གྱི་མིག་ནས་འཆར་བ་ཡིན། །རང་བཞིན་བབས་ཀྱིས་གནས་པ་ལ། །ཡེ་གདངས་རང་བཅས་རང་གསལ་ཏེ། །སུས་ཀྱང་མ་བྱས་རང་བཞིན་ནོ། །འཆར་ཡུལ་བར་སྣང་སྟོང་པ་ལ། །བྱུང་གནས་འགྲོ་གསུམ་བྲལ་བ་ཡི། །བདེ་སྟོང་མི་རྟོག་ཟག་མེད་རང་། །རང་བྱུང་


DNG025_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་བརྗོད་མེད་སྟོང་། །ནམ་མཁའི་ཁམས་སུ་སྤྲོ་བསྡུ་མེད། །བར་སྣང་མི་འགྱུར་དེ་ཉིད་ན། །ངེས་པར་ཚད་དུ་དེ་འགྱུར་རོ། །རྩོལ་མེད་ཉིད་དུ་རང་གྲོལ་ཏེ། །ཁམས་གསུམ་འཁོར་བར་ཟློག་རེ་ཀན། །དངོས་ནི་ལྷ་ལ་རང་མཐོ་གང་། །ལྷ་མིན་ཆག་གང་མི་མཐེབ་གང་། །འོད་ལྔ་འདུས་པའི་ཟླུམ་པོ་རུ། །ཟད་པ་མེད་པར་སྣང་བ་ཡིན། །ཐབས་ཀྱི་མན་ངག་མཐེབ་མཛུབ་ཀྱིས། །ཙཀྵུའི་ཕུགས་དང་འགྲམ་བཙིར་བས། །མངོན་དུ་སྣང་སྟེ་ཡིད་ཆེས་སོ། །མཐུན་དཔེ་རྨ་བྱའི་མདོངས་འདྲ་སྟེ། །དྲ་མིག་ཉ་མིག་བཞིན་དུ་གནས། །འདི་ལ་རང་བཞིན་དབང་ཐོབ་ནས། །རྩོལ་མེད་ཉིད་དུ་རང་གྲོལ་ལོ། །ཞེས་གསུངས་ནས་ཀུན་བཟང་ཡངས་པ་ལྷུན་འབྱམས་ཆེན་པོར་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཐོག་མའི་སངས་རྒྱས་སྐུ་དང་ཐིག་ལེར་གནས་ པའི་ས། ཞིབ་རྒྱས་གསལ་བར་གསུངས་པའི་ལེའུ་སྟེ་ལྔ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་འདི་སྐད་གསོལ། །ཀྱེ་སྤྲུལ་པའི་སྐུ་མཆོག་ཀུན་ཏུ་བཟང་། །སྐྱེ་མེད་ཆོས་ལས་ཀུན་འབྱུང་བ། །སེམས་ཅན་རྣམས་ཀྱི་ཕོ་བྲང་བཞིར། །སྒྲོན་མ་བཞི་དང་སངས་རྒྱས་སྐུ། །གནས་པ་རྒྱས་པར་གསུངས་ན་ཡང་། །ལམ་ནི་གང་ལ་རྒྱུ་བ་ལགས། །སྟོན་པས་འཁོར་ལ་བཀའ་སྩོལ་ཅིག །ཅེས་པ་སྟོན་པས་གསན་ཅིང་དགོངས། །དགེས་པའི་མདངས་ཕྱུང་ཚིག་འདི་གསུངས། །ཀྱེ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །རང་བྱུང་རིག་པའི་ངོ་བོ་ཉིད། །ལམ་ནི་རྩ་ལ་རྒྱུ་བ་སྟེ། །རང་ལ་རྩ་ཡི་འཁོར་ལོ་ལྔ། །སྐུ་གསུམ་ཡེ་རྫོགས་རྩ་གསུམ་ནི། །རོ་མ་རྐྱང་མ་ཀུན་འདར་མ། །རྩ་གསུམ་རང་གི་ལུས་ཟུངས་ཡིན། །དབུ་མས་འཁོར་ལོ་བཞི་བརྟེན་ཏེ། །འདི་ཡི་གཡས་གཡོན་དབུས་དག་ནས། །ཀུན་རྫོབ་དོན་དམ་དབྱེ་བ་ནི། །


DNG025_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ཡན་ལག་བསྐྱེད་པ་དང་། །སྒྲོན་མ་ཉིད་ཀྱང་འདིར་སྨིན་ཏེ། །ཙིཏྟར་སྐུ་རྣམས་སྨིན་བྱས་ནས། །རྩ་རྣམས་ཐིག་ལེར་སྨིན་པར་བྱེད། །ལུས་ཀྱི་རྒྱ་མདུད་འཁོར་ལོ་བཞི། །དྲ་བ་བཞིན་དུ་འབྲལ་མེད་ཀྱང་། །དྲང་པོར་ལུས་ཀྱི་ཀ་བའི་ཚུལ། །རྩ་གསུམ་སྐུ་གསུམ་སྐྱེད་བྱེད་དེ། །ནུས་པ་སྤྱི་གཙུག་སྟོད་ལ་འཐོན། །དབང་པོའི་དགོངས་པ་སོ་སོར་བྱེད། །རླུང་སེམས་འདྲེས་ནས་རྩ་ལ་བརྟེན། །ཉི་ཁྲི་སྟོང་ཕྲག་དྲུག་བརྒྱ་རྒྱུ། །གྱེན་རྒྱུ་ཐུར་སེལ་ལས་གཉིས་བྱེད། །སྐྱེད་བྱེད་རྩ་ཆེན་བཞི་དག་ནས། །འགྱུ་འགུལ་འཕྲིག་དང་ཡང་ཞིང་བསྐྱོད། །ལས་ཀྱི་རླུང་བྱས་ཤེས་རིག་གསལ། །ཤེས་རབ་རྣམས་ཀྱི་ངོ་བོར་རྒྱུ། །རོ་རྐྱང་ཀུན་འདར་ཤེལ་སྦུག་དང་། །ཁོག་སྟོང་གསལ་ཤེས་ཆེན་པོར་གནས། །གསལ་མི་གསལ་རྣམས་རླུང་གི་རྐྱེན། །རྩ་ནང་གསུམ་ནས་ཐིག་ལེ་བྱུང་། །དོན་དམ་ཐིག་ལེ་གཡོན་ནས་བྱུང་། །ཀུན་རྫོབ་ཐིག་ལེ་གཡས་ནས་བྱུང་། །དབུས་ནས་རང་བཞིན་ཐིག་ལེའོ། །རིག་པ་ཡེ་ཤེས་ཐིག་ལེའི་ཚུལ། །ཀུན་རྫོབ་རྒྱུ་ཡིས་སྤྲུལ་སྐུ་འགྲུབ། །ཕ་མའི་ཁུ་ཁྲག་ཐིགས་པ་དང་། །རྩ་ནས་རྒྱུ་ཞིང་ཕུང་པོ་བརྟེན། །གནས་པས་ལུས་ཀྱི་གཟི་མདངས་བསྐྱེད། །དོན་དམ་འོད་ཀྱི་ཐིག་ལེ་ནི། །ཉུང་འབྲུ་ཙམ་ལ་རང་གསལ་ཟླུམ། །རླུང་གིས་བསྐྱོད་དུས་འགྱུ་བ་སྟེ། །ཟག་མེད་རྟག་ཆད་མཐའ་ལས་འདས། །རང་བཞིན་ངོ་བོ་ཀ་དག་ལ། །གཞི་ནས་ཡེ་ཤེས་གསུམ་ལྟ་བུ། །སྟོང་པ་ཟང་ཐལ་གསལ་བ་དང་། །རིག་པ་ཟང་ཐལ་གསུམ་དུ་གནས། །དབུས་ཀྱི་རྩ་ནས་རྒྱུ་ལམ་བྱེད། །ཅེས་གསུངས་ནས་སྣ་ཚོགས་གཅེར་གྲོལ་ཆེན་པོར་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ལམ་གང་ནས་རྒྱུ་ཟུར་ཙམ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་


DNG025_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སྟོན་པ་ཉིད་ལ་ཡང་གསོལ་པ། །ཀྱེ་མ་བཅོས་ཀློང་ཡངས་ཀུན་ཏུ་བཟང་། །ཡེ་ཤེས་སེམས་དཔའ་བདག་མེད་དཔལ། །ལམ་གྱི་རྒྱུ་ཚུལ་གསུངས་ན་ཡང་། །འཁོར་ལོ་རོ་རྐྱང་ལ་སོགས་པའི། །རྩ་རྣམས་དེ་ལྟར་ཡོད་པ་ནི། །རྩ་ཡི་མཚན་ཉིད་གོ་བ་ལ། །ལུས་ཀྱི་མཚན་ཉིད་མ་གོ་ཞིང་། །ལུས་ཀྱི་མཚན་ཉིད་མ་ཤེས་ན། །གནས་པའི་མཚན་ཉིད་ཡོངས་མི་གོ། །གནས་པའི་མཚན་ཉིད་མ་གོ་ན། །འཇིག་པའི་མཚན་ཉིད་ཡོངས་མི་ཤེས། །ཕྱི་རབས་རྣམས་ཀྱིས་མི་གོ་བས། །ཆགས་ཚུལ་འཁོར་ཚུལ་བཀའ་སྩོལ་ཅིག །འདུས་པའི་འཁོར་རྣམས་སྤྲོ་ཉན་འཚལ། །ཞེས་པ་སྟོན་པས་གསན་དགོངས་ཏེ། །འཁོར་ལ་ཐུགས་རྗེས་སྣང་ཞིང་གཟིགས། །གསང་ཆེན་ངེས་པའི་ཚིག་འདི་ཀུན། །གཉིས་མེད་ཡེ་ཤེས་ཐུགས་ཀློང་ནས། །མི་འགྱུར་གསང་བའི་བུམ་པར་དྲིལ། །ཐུན་མོང་མ་ཡིན་ལྗགས་ལ་བཀྲམ། །སྐྱེ་མེད་ཀློང་ནས་འགག་མེད་དུ། །བརྗོད་མེད་ཚིག་འདི་རང་གྲགས་གསུངས། །ཉོན་ཅིག་སེམས་དཔའ་རྡོ་རྗེ་རྩལ། །ལྷུན་གྲུབ་ཡེ་ཤེས་རིག་པ་འདི། །བརྟེན་པ་ལུས་ཀྱི་གནས་ལུགས་ནི། །རང་དབང་ཅན་དུ་འཁོར་བ་དང་། །རང་དབང་མེད་པར་འཁོར་ཚུལ་གཉིས། །རང་དབང་ཅན་གྱི་འཁོར་ཚུལ་ནི། །འོད་ཟེར་མཐིང་ག་ཕྱི་རུ་ཐོན། །ལྗང་གུ་ནང་དུ་ལོག་པ་སྟེ། །ཡེ་ཤེས་ཁོང་གསལ་ཆེན་པོར་གནས། །དེ་ནི་ཆོས་སྐུ་ལྷུན་གྲུབ་ཡིན། །རང་བཞིན་ཐུགས་རྗེ་སྐྱེ་བ་མེད། །ལོངས་སྤྱོད་རྫོགས་སྐུའི་འཁོར་ལུགས་སོ། །རང་བཞིན་འགྲོ་དོན་བྱེད་པས་ན། །སྤྲུལ་པ་སྐུ་ཡི་འཁོར་ལུགས་སོ། །མེ་ཏོག་ལ་སོགས་བརྫུས་སྐྱེས་ཏེ། །དག་པའི་མངལ་དུ་དྲན་བཞིན་འཇུག །དེ་རྣམས་རང་དབང་ཅན་ཡིན་ནོ། །རང་དབང་མེད་པའི་འཁོར་ཚུལ་ནི། །དགེ་བ་ཅན་ནི་ཡར་ལ་འཁོར། །སྡིག་པ་ཅན་ནི་མར་ལ་འཁོར། །སྡིག་པ་ཅན་གྱི་མར་འཁོར་ནི། །རླུང་དང་རྣམ་ཤེས་ཡུལ་སྣང་འདི། །


DNG025_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་དབང་གིས་གཟུགས་སྣང་ཤར། །དབང་པོ་ཀུན་ལྡན་ཕྱོགས་མེད་དུ། །ཟས་དང་གོས་དང་སྐྱབས་གནས་འཚོལ། །བར་མ་དོར་ནི་ཡིད་ཀྱི་གཟུགས། །ཤེས་པ་ཡང་ཡང་ཕྱད་ཕྱོད་ཅན། །སྟོང་གསུམ་སེ་གོལ་གཅིག་ལ་འཁོར། །སྡུག་བསྔལ་ཚོར་བ་མང་པོ་མྱོང་། །དེ་ལ་སྐྱེ་བ་རྣམ་བཞི་སྟེ། །མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས། །བརྫུན་སྐྱེས་སྐྱེ་དང་བཞི་ཡིན་ནོ། །མ་ཡི་མངལ་དུ་འདི་ལྟ་སྟེ། །བར་དོའི་རྣམ་ཤེས་འཁྱམ་པོ་རྣམས། །སྔོན་གྱི་ལས་ངན་དབང་དག་གིས། །དབྱར་གྱི་ཤ་ལ་སྦྲང་ཕུང་ལྟར། །ལ་ལའི་སྲོག་ཆགས་ལྟར་དུ་སྣང་། །ཕ་མའི་འདོད་སྲེད་རྟེན་འདྲེལ་འཛོམ། །བསོད་ནམས་མཐུན་ཅིང་ལས་འདྲེལ་ལྡན། །རྒྱུ་རྐྱེན་ཕུན་ཚོགས་མངལ་དུ་འཇུག །འཇུག་སྒོ་དག་དང་མ་དག་གཉིས། །ལྔ་འདུས་མཚན་མ་སྦྱོར་བ་ལ། །ཉོན་མོངས་ལྔ་དང་ཡིད་དྲུག་དང་། །ཡེ་ཤེས་ལྔ་ཡི་བདག་ཉིད་དོ། །ཡེ་ཤེས་རང་ངོ་མ་ཤེས་ཏེ། །དེར་འཛིན་དྲི་མས་འབྱུང་བ་འདུས། །དེ་ལས་ལུས་གྲུབ་རྒ་ཤིའི་བར། །འཁོར་བར་འཁྱམས་ཤིང་འབྱུང་བ་འདུས། །ཆོས་ཉིད་བར་དོ་ངོ་མ་ཤེས། །དེར་འཛིན་དུག་ལྔ་དུག་གསུམ་རྒྱས། །ཡུལ་དྲུག་དག་གི་འཛིན་པ་ཡིས། །ཕོ་མོ་སྦྱོར་བ་བྱེད་པ་ལ། །དེར་འཛིན་སྐྱེས་པའི་ཡེ་ཤེས་རྩལ། །རིག་པ་ཡིད་དུ་འགྱུ་བ་དེ། །ཕ་མའི་བདེ་བ་སྲ་སྙམ་དུས། །བར་དོའི་རྣམ་པར་ཤེས་པ་དེ། །བཤང་ལམ་ཞུགས་ནས་མངལ་དུ་ནི། །ཡི་གེ་ཨ་ཡི་ཚུལ་དུ་ཐིམ། །ཆུ་ལ་ཆུ་བཞག་ཚུལ་དུ་སོང་། །མངལ་གྱི་རྒྱས་འཐུམ་བྱུང་ཚོར་འགགས། །བདེ་བ་ཆེན་པོའི་ངང་དུ་གནས། །སེམས་ཡིད་ལྷ་ཁང་ཁྱིམ་ཚུད་བསམ། །རྣམ་ཤེས་རླུང་དང་རྒྱུ་རྐྱེན་བཞི། །ཁྲག་དང་འོ་མ་འདྲེས་ལྟར་སོང་། །ཞག་ནི་བདུན་ཕྲག་དང་པོ་ལ། །སྲུབ་བྱེད་རླུང་གིས་རབ་བསྲུབས་ཏེ། །ཉི་ཟླ་ག་འུའི་ཚུལ་དེ་དག །མེར་མེར་ཞོ་རློན་ལྟ་བུར་གྱུར། །ཉུང་འབྲུ་བརྒྱ་ཡི་ཚད་ཙམ་ཆགས། །འབྱུང་བ་ལྔ་ཡི་བྱེད་ལས་སོ། །བདུན་ཕྲག་གཉིས་


DNG025_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུར་ནུར་པོ། །ཞོ་དང་ཁྲག་འདྲེས་ཚུལ་དུ་འགྱུར། །འབྱུང་བ་བཞི་ཡི་ཡི་གེ་དང་། །རང་བཞིན་ཡི་གེ་བཞི་བཅུ་ནི། །རྟ་རྔ་བཅུ་ཆ་ཙམ་དུ་ཆགས། །ཐིག་ལེ་ཉུང་འབྲུའི་ཆ་ཙམ་མོ། །འབྱུང་བ་ས་ཡི་བྱེད་ལས་ཡིན། །བདུན་ཕྲག་གསུམ་ལ་མེ་ཡིས་བསྐྱེད། །གོར་གོར་པོ་ནི་ཞོ་བཞིན་ཆགས། །རང་བཞིན་ཡི་གེ་ཙ་ཡི་ཚུལ། །རྣམ་པ་བརྒྱད་དུ་སྣང་བར་འགྱུར། །ཐིག་ལེ་ཉུང་འབྲུའི་བཅུ་ཆ་ཙམ། །བདུན་ཕྲག་བཞི་ལ་རླུང་གིས་གཏོར། །ཏར་ཏར་དངུལ་ཆུ་ལྟ་བུར་སྣང་། །ཡུངས་འབྲུ་ཕྱེད་ཀྱི་ཚད་དུ་དེས། །རྩ་རྣམས་རགས་པ་རབ་ཏུ་བསྐྱེད། །བདུན་ཕྲག་ལྔ་ལ་ཆུ་ཡིས་བསྡུས། །མཁྲང་འགྱུར་སྟོན་པ་ཉུང་འབྲུ་ཙམ། །དེ་དུས་རྩ་འདབ་བཅུ་དྲུག་ཆགས། །རྩ་ཡི་རྩེ་མོར་ཐིག་ལེ་ནི། །ཉ་ཡི་མིག་ཙམ་གཅིག་ཏུ་ཆགས། །དེ་ལ་བརྟེན་ནས་ལྟེ་བ་ཡི། །སྤྲུལ་པའི་འཁོར་ལོའི་གཞི་མ་ཆགས། །བདུན་ཕྲག་དྲུག་ཏུ་མེ་རླུང་གིས། །སྨིན་བྱས་ཉུང་འབྲུ་གཉིས་ཆ་ཙམ། །ཁྱབ་འཇུག་ཉ་ཡི་ཚུལ་དུ་ཆགས། །རྩ་དཀར་རྩེ་ལ་ཐིག་ལེ་ནི། །ཉ་མིག་ཙམ་པ་ཤར་བའོ། །དེ་ལ་བརྟེན་ཏེ་སྙིང་ག་རུ། །ཆོས་ཀྱི་འཁོར་ལོའི་གཞི་མ་ཆགས། །ཞག་ནི་བདུན་ཕྲག་བདུན་པ་ལ། །འབྱུང་བ་བཞི་ཆར་འདུས་པ་ཡིས། །ཉུང་འབྲུ་གསུམ་གྱི་ཆ་ཙམ་བསྐྱེད། །མེར་མེར་རུས་སྦལ་ལྟ་བུ་སྟེ། །ཆུ་ཡིས་བཤིག་ཅིང་ས་ཡིས་མནན། །མེ་ཡིས་སྡུད་ཅིང་རླུང་གིས་གཏོར། །ཡང་གཅིག་འབྱུང་བཞི་འདུས་པ་ཡིས། །ཉི་ཤུ་རྩ་བཞི་གཅིག་ཡི་གེ་དང་། །ལྟེ་བ་དག་ནས་བསྐྱེད་པ་ཡི། །རོ་མ་རྐྱང་མ་ཀུན་འདར་མ། །རྟ་རྔ་ཙམ་ཡང་ཡར་ཆད་ནས། །སྙིང་གར་འཁྲིལ་ནས་མགྲིན་པ་རུ། །ལོངས་སྤྱོད་འཁོར་ལོའི་ཚུལ་དུ་ཆགས། །དེ་ནས་རྩ་གསུམ་རྩེ་མོ་ལ། །ཐིག་ལེ་ཉ་མིག་ཙམ་དུ་འགྱུར། །བརྟེན་ནས་སྤྱི་བོའི་བདེ་ཆེན་ཆགས། །དེ་ལ་བརྟེན་ནས་མིག་གཉིས་ཆགས། །འབྱུང་བའི་དྭངས་མ་ཡེ་གསལ་བཞི། །སྙིང་གི་དཀྱིལ་དུ་འགྱུར་མེད་བཞུགས། །


DNG025_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ནི་བདུན་ཚན་བརྒྱད་པ་ལ། །ཆུས་བསྡུས་སྲན་མ་བཅུ་ཆ་ཙམ། །དེ་དུས་སྙིང་གི་དྭངས་མ་ལྔ། །རྩ་ཆེན་ལྔ་རུ་ཕྱིར་ཤར་ཏེ། །ནང་གི་དོན་སྙིང་རྣམ་ལྔ་ཆགས། །ཐིག་ལེའི་དྭངས་མ་སྙིགས་མ་ཆགས། །སྙིང་རྩ་ཡར་སོང་ལྕེ་ཆགས་སོ། །དེ་ལ་གྱེས་ནས་མགོ་བོ་ཆགས། །རྩ་ཆེན་བཞི་ནི་སྙིང་དུ་འདུས། །མཆེར་བའི་རྩ་ལས་མཆུ་ཆགས་ཏེ། །དེ་ལ་བརྟེན་ནས་ལུས་ཆགས་སོ། །དེ་ནས་ལག་པ་གཡས་པ་ཆགས། །དེ་ནས་མཁལ་རྩ་གཡོན་པ་ཆགས། །མཁལ་རྩ་ཡར་སོང་སྙན་གཉིས་ཆགས། །དེ་ནས་རྐང་པ་གཡས་པ་ཆགས། །དེ་ནས་མཆིན་རྩ་མཆིན་པ་ཆགས། །མཆིན་རྩ་ཡར་སོང་མིག་གཉིས་ཆགས། །དེ་ནས་ལག་པ་གཡོན་པ་ཆགས། །རླུང་གི་མདངས་ལ་གློ་བ་ཆགས། །གློ་རྩ་ཡར་སོང་སྣ་གཉིས་ཆགས། །དེ་ནས་རྐང་པ་གཡོན་པ་ཆགས། །དེ་ནས་སྨད་ཀྱི་ནང་ཁྲོལ་ཆགས། །ལུས་ཀྱང་རུས་སྦལ་མཁྱིད་གང་བའོ། །ཞག་ནི་ལྔ་བཅུ་ང་དྲུག་སྟེ། །བདུན་ཚན་བརྒྱད་དུ་ལུས་རྣམས་བསྐྱེད། །འཁོར་ལོ་བཞི་ཡི་རྩ་འདབ་དང་། །རང་བཞིན་ཡི་གེ་སྤྱན་དང་བཅས། །ལུས་ཀྱི་ཤ་རུས་ཐམས་ཅད་ནི། །ཆ་རྣམས་ཚང་བར་ཆགས་པའོ། །ཞག་ནི་བདུན་ཕྲག་དགུ་པ་ལ། །འཁོར་ལོ་བཞི་ལ་རྩ་ཆེན་བརྒྱད། །རྣམ་ཤེས་རྨི་ལམ་ལྟ་བུར་ཆགས། །འབྱུང་བ་ས་ཡིས་སྲ་བར་བྱས། །ཞག་ནི་བདུན་ཕྲག་བཅུ་པ་ལ། །ལུས་ལ་སྲིན་བུའི་གྲོང་ཁྱེར་དང་། །ཕྱི་རོལ་ཤ་ལྤགས་བར་རྣམས་ཀུན། །རྩ་ཡི་དྲ་བ་དྲ་ཕྱེད་ཀྱིས། །ཐམས་ཅད་འདྲེལ་བའི་རྣམ་པར་ཆགས། །གོང་གི་དེ་དག་ཐམས་ཅད་ཀུན། །རིམ་གྱིས་བསྐྱེད་ཅིང་རིམ་གྱིས་ཆགས། །གལ་ཏེ་ཕ་མ་སྐྱོན་ཅན་ནམ། །དབང་པོ་མ་ཚང་ལུས་སྐྱོན་ཞུགས། །དེ་ལ་ཆགས་ལུགས་འཁྲུག་པའོ། །འཁོར་ལོ་བཞི་ལ་སྤྱན་གཉིས་གཉིས། །ཐབས་ཤེས་ཚུལ་དུ་སྤྱན་བརྒྱད་ཆགས། །ཞག་ནི་བདུན་ཕྲག་བཅུ་གཅིག་ལ། །མ་ལ་མིག་གློའི་ནད་བྱུང་སྟེ། །མགོ་


DNG025_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྐྱུག་བྲོ་དང་ག་འགག །རྩ་རྣམས་རེ་ཐག་ལྟ་བུར་ཆགས། །གཟུགས་ཀྱང་རུས་སྦལ་ལྟ་བུ་སྟེ། །མཐོ་གང་ཙམ་དུ་རགས་པར་ཆགས། །འབྱུང་བ་བཞི་པོ་འདུས་པ་ཡིས། །རླུང་གིས་ཕྱེ་ཞིང་ཆུ་ཡིས་བསྡུས། །ས་ཡིས་བཟུང་ཞིང་མེ་ཡིས་སྨིན། །རྩ་གསུམ་འཁོར་ལོ་བཞི་ལ་སོགས། །ལུས་ཀྱི་རྟེན་འདྲེལ་ཐམས་ཅད་ཚང་། །ཞག་ནི་བདུན་ཚན་བཅུ་གཉིས་ལ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཡི། །རྩ་མདུད་ཐམས་ཅད་རྫོགས་པར་ཆགས། །ཞག་ནི་བདུན་ཕྲག་བཅུ་གསུམ་ལ། །ལས་ཀྱི་རླུང་ཡང་འཇུག་པར་བྱེད། །ཞག་ནི་བདུན་ཕྲག་བཅུ་བཞི་ལ། །ཕ་ཡི་ས་བོན་རུས་པ་ཆགས། །ཞག་ནི་བདུན་ཕྲག་བཅོ་ལྔ་ལ། །མ་ཡི་ས་བོན་ཤ་རྣམས་བསྐྱེད། །ཞག་ནི་བདུན་ཕྲག་བཅུ་དྲུག་ལ། །ཤ་རུས་དྭངས་མ་རྐང་མར་ཆགས། །ཞག་ནི་བདུན་ཕྲག་བཅུ་བདུན་ལ། །པགས་པ་སྤྲིས་མ་ཐམས་ཅད་ཆགས། །ཞག་ནི་བདུན་ཚན་བཅོ་བརྒྱད་ལ། །ལུས་ཀྱི་ཡན་ལག་གསལ་བར་དོད། །ཞག་ནི་བདུན་ཚན་བཅུ་དགུ་ལ། །ཉ་སུལ་ཐམས་ཅད་སྦྲུལ་ལྟར་འཁྲིལ། །ཞག་ནི་བདུན་ཕྲག་ཉི་ཤུ་ལ། །རྩ་རྣམས་དྲ་བའི་ཚུལ་དུ་གཡོགས། །ཞག་ནི་བདུན་ཕྲག་ཉེར་གཅིག་ལ། །མེ་ཁམས་སྙིང་ནི་བྲ་བོ་ཙམ། །ཞག་ནི་བདུན་ཕྲག་ཉེར་གཉིས་ལ། །ལྕགས་ཁམས་གློ་བ་གངས་རི་ཆགས། །ཞག་ནི་བདུན་ཕྲག་ཉེར་གསུམ་ལ། །ཤིང་ཁམས་མཆིན་པ་ནགས་ལྟར་ཆགས། །ཞག་ནི་བདུན་ཕྲག་ཉེར་བཞི་ལ། །མཆེར་བ་ས་ཁམས་ལྤགས་ལྟར་ཆགས། །ཞག་ནི་བདུན་ཕྲག་ཉེར་ལྔ་ན། །ཀུ་ཡ་དར་གྱི་ཡོལ་ལྟར་ཆགས། །ཞག་ནི་བདུན་ཕྲག་ཉེར་དྲུག་ལ། །ཀླད་པ་ཞོ་ཕོར་ལྟ་བུར་ཆགས། །ཞག་ནི་བདུན་ཕྲག་ཉེར་བདུན་ལ། །རྒྱུ་མ་འདོམ་པ་གསུམ་དུ་ཆགས། །ཞག་ནི་བདུན་ཕྲག་ཉེར་བརྒྱད་ལ། །རྒྱུ་མ་ཁུགས་དང་ཚིལ་བུ་དང་། །ཡན་ལག་རགས་པར་ཆགས་པའོ། །ཞག་ནི་བདུན་ཕྲག་ཉེར་དགུ་ལ། །ཕོ་བ་རང་གི་


DNG025_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྙིམ་པ་གང་། །ཞག་ནི་བདུན་ཕྲག་སུམ་ཅུ་ལ། །གྲོད་པ་རང་གི་བྱིན་པ་ཙམ། །ཞག་ནི་བདུན་ཕྲག་སོ་གཅིག་ལ། །ལོང་ཁ་རང་གི་ལག་ངར་ཙམ། །ཞག་ནི་བདུན་ཕྲག་སོ་གཉིས་ན། །ལྟེ་བ་སྤྲུལ་པའི་རྩ་ཁ་འབྱེད། །མ་ཡི་ཟས་སྐོམ་བུ་ལ་ཕན། །ཟས་ཀྱི་དྭངས་མ་ཕོ་བར་སོང་། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནས། །སྲུབ་བྱེད་རླུང་གིས་དྭངས་སྙིགས་ཕྱེ། །དྭངས་མ་མེ་ཡི་ཁམས་ལས་ནི། །མཁྲིས་པ་རང་གི་ཁྱོར་གང་ཆགས། །སྙིགས་མ་བད་ཀན་ཆུ་ཡི་ཁམས། །ཁྱོར་བ་གང་ནི་ཕོ་བར་ཆགས། །ཞག་ནི་བདུན་ཕྲག་སོ་གསུམ་ལ། །རླུང་མཁྲིས་བད་ཀན་གསུམ་གྱིས་ནི། །ཁམས་ཀྱི་ནུས་པ་སྐྱེད་པར་བྱེད། །བརྟེན་པ་ས་ཡི་ཁམས་ཀྱིས་ནི། །ལུས་ཟུངས་ཐམས་ཅད་གསོ་བར་བྱེད། །ཀླད་པ་ཆུ་ཡིས་ལུས་ཟུངས་སྡུད། །གཡོ་བ་རླུང་གིས་ལུས་ཁོད་སྙོམས། །དྲོ་བ་མེ་ཡིས་ལུས་རྣམས་སྨིན། །ཞག་ནི་བདུན་ཕྲག་སོ་བཞི་ལ། །ཁམས་ཀྱི་དྭངས་མ་འཆར་བ་དེ། །སྙིང་ནི་མེ་ཡི་ཁམས་ཡིན་པས། །དེ་གྱེས་པ་ལས་ལྕེ་ཆགས་ཏེ། །རོ་ཡི་མྱོང་བྱེད་ཚོར་བར་བྱེད། །གློ་བ་ལྕགས་ཀྱི་ཁམས་ཡིན་པས། །དྭངས་མ་རྣ་བ་རྣམ་གཉིས་ཀྱིས། །སྒྲ་ཡི་དོན་ནི་ཚོར་བར་བྱེད། །མཆིན་པ་ཤིང་གི་ཁམས་ཡིན་པས། །དྭངས་མ་མིག་གཉིས་གཟུགས་བརྙན་འཆར། །མཆེར་བ་ས་ཡི་ཁམས་ཡིན་པས། །དྭངས་མ་སྣ་ཡིས་དྲི་རྣམས་ཚོར། །མཁལ་མ་ཆུ་ཡི་ཁམས་ཡིན་པས། །དྭངས་མ་རྡོ་རྗེ་པདྨ་ཡིས། །བདེ་བ་ཐམས་ཅད་མྱོང་བར་བྱེད། །བདུན་ཕྲག་དེ་ནི་སོ་ལྔ་ལ། །རྩ་ཡི་ལམ་རྣམས་དོད་པར་བྱེད། །བདུན་ཕྲག་དེ་ནི་སོ་དྲུག་ལ། །རླུང་དང་རྣམ་ཤེས་འཕྲད་པར་བྱེད། །བདུན་ཕྲག་དེ་ནི་སོ་བདུན་ལ། །བདེ་སྡུག་མྱོང་ཚོར་དྲག་པོ་སྐྱེ། །བདུན་ཕྲག་དེ་ནི་སོ་བརྒྱད་ལ། །ལུས་ཀྱི་སྟོབས་རྣམས་སྐྱེད་པར་བྱེད། །བདུན་ཕྲག་དེ་ནི་སོ་དགུ་ལ། །རྣམ་ཤེས་བྱུང་ཚོར་ཕྱི་ལ་འདྲེང་། །བདུན་ཕྲག་དེ་ནི་བཞི་བཅུ་


DNG025_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྐྱེ་བ་སྔ་ཕྱི་ཐམས་ཅད་དྲན། །དེ་ལྟར་བདུན་ཕྲག་བཞི་བཅུ་ལ། །ཟླ་བ་དགུ་དང་ཞག་པོ་བརྒྱད། །སྤྱིར་ན་ཟླ་དགུ་ངོ་བཅུ་ལ། །མངལ་དུ་བཙོག་པའི་འདུ་ཤེས་ཤར། །འཕུལ་བྱེད་རླུང་གིས་མར་ལ་བདས། །མགོ་མཇུག་ལོག་ནས་ཕྱིར་ལ་འཐོན། །དེ་ལྟར་མངལ་གྱི་རྒྱ་དང་བྲལ། །སྔར་གྱི་བག་ཆགས་སྲབ་ཏུ་སོང་། །ཕྱིས་ཀྱི་ཉེར་ལེན་ངོ་མ་འཕྲོད། །ཤེས་པ་སྔར་བས་མི་གསལ་ཞིང་། །རྩ་རླུང་ཀུན་གྱི་སྟོབས་མ་སྐྱེས། །ཁམས་ཀྱི་དྭངས་སྙིགས་མ་ཕྱེ་བས། །ནད་གདོན་མི་མཐུན་ཕྱོགས་རྣམས་སྡང་། །དེ་ནས་ཁམས་ཀྱི་ཟས་ཟོས་པས། །དྭངས་མས་ཁམས་ཀྱི་ནུས་པ་བསྐྱེད། །སྙིགས་མས་ལུས་ཀྱི་སྟོབས་བསྐྱེད་ནས། །རིམ་གྱིས་ལུས་རྣམས་སྐྱེད་པར་འགྱུར། །དེ་ལྟར་རྫོགས་ལྡན་མི་ལུས་ལ། །རུས་དུམ་སུམ་བརྒྱ་དྲུག་ཅུ་ཡོད། །ཤ་ལ་སྤར་ཚད་ལྔ་བཅུ་ཡོད། །ཁྲག་ནི་རང་གི་སྙིམ་པ་དྲུག །རྩ་ནི་ཉི་ཁྲི་ཆིག་སྟོང་ཡོད། །ཉ་སུལ་ཆེན་པོ་དྲུག་ཡོད་དོ། །ཀླད་པ་རང་གི་སྙིམ་པ་གང་། །རྒྱུ་མ་རང་འདོམ་གསུམ་ཡོད་དེ། །སྐྲ་ནི་བརྒྱད་ཁྲི་བཞི་སྟོང་ཡོད། །བ་སྤུ་བྱེ་བ་གཅིག་ཡོད་དོ། །སོ་ནི་སུམ་ཅུ་སོ་གཉིས་ཡོད། །སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ཡོད། །རྩིབ་མ་བཅུ་དྲུག་ལ་སོགས་ཏེ། །འདོམ་གང་གྲུ་བཞི་ལུས་ལ་རྫོགས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་འདི། །སྦུབས་ནས་ཐོན་ཏེ་སྤྲུལ་པའི་སྐུ། །འབྱུང་བ་ལྔ་ལས་ལུས་གྲུབ་སྟེ། །ཐབས་ཤེས་གཉིས་ནི་འདུ་འབྲལ་མེད། །བདུན་ཚན་རྣམས་ནི་རྟགས་ཚད་དེ། །ཟླ་བ་དགུ་ནི་ཐེག་དགུ་སྟེ། །ཟླ་ངོ་བཅུ་ནི་ས་རྣམས་བགྲོད། །སྒྱུ་མ་ལུས་ཀྱི་ཆགས་གནས་ལུགས། །འཁྲུལ་མེད་ཁྱོད་ཀྱི་བློ་ལ་ཞོག །ཅེས་གསུངས་ནས་ཅོག་བཞག་ངང་དྭངས་ཀྱི་ངང་ལ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ལུས་ཀྱི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ།


DNG025_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་ཡང་གསོལ་པ། །ཀྱེ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ཡེ་གྲོལ་བརྗོད་པ་བྲལ་བའི་མཆོག །ལུས་ཀྱི་ཆགས་ལུགས་གསུངས་ན་ཡང་། །རྩ་ཡི་གནས་ལུགས་མ་གསུངས་པས། །འདུས་པའི་འཁོར་ལ་བཀའ་སྩོལ་ཅིག །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་རིག་མདངས་འཁོར་རྣམས་ཉོན། །སྤྱིར་ན་རྩ་ནི་བསམ་མི་ཁྱབ། །ཧྲིལ་གྱིས་བསྟན་ན་འདི་ལྟར་རོ། །མ་རིག་གཉིས་སྣང་འཛིན་པ་ཡིས། །ཡེ་ཤེས་རྩལ་ཡང་འབྱུང་བཞིར་འདུས། །འབྱུང་བཞི་ལས་ཀྱི་ལུས་སུ་གྲུབ། །ལུས་དང་མཉམ་དུ་རྩ་རྣམས་གྲུབ། །རྩ་དང་དུས་མཉམ་ཐིག་ལེར་གྲུབ། །དེ་གྲུབ་སྐུ་དང་ཡེ་ཤེས་གྲུབ། །ཐམས་ཅད་དབྱེར་མེད་ལྷུན་གྲུབ་ཡིན། །དེ་ཡང་ལུས་ཆགས་དུས་མཚུངས་སུ། །འབྱུང་བཞིའི་ལུས་ཀྱི་རྩ་རྣམས་གྲུབ། །སྤྱིར་ནི་བ་སྤུའི་གྲངས་དང་མཉམ། །སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་འདུས། །བཞི་བརྒྱ་བདུན་ཅུ་རྩ་གཉིས་སུ། །དེ་ཡང་བསྡུས་པས་འདུས་པའོ། །དེ་བསྡུས་འཁོར་ལོ་བཞི་རུ་འདུས། །ལྟེ་བར་སྐྱེད་བྱེད་དྲུག་ཅུ་བཞི། །སྙིང་གར་དྲན་པ་སུམ་ཅུ་གཉིས། །རོ་འདུས་བརྒྱད་གཉིས་བཅུ་དྲུག་གནས། །རྣམ་བཀོད་སུམ་བརྒྱ་དྲུག་ཅུ་གནས། །སྤྱིར་ན་འཁོར་ལོ་བཞི་པོ་ལ། །རྩ་ཡི་གྲངས་མ་བཤད་པ་ནི། །བཞི་བརྒྱ་བདུན་ཅུ་རྩ་གཉིས་ཏེ། །དེ་ནི་བསྡུས་པའི་གྲངས་ཅན་ནོ། །འཁོར་ལོ་བཞི་པོ་དེ་ཡི་དབུས། །རྩ་གསུམ་དྲང་པོར་ཀ་བར་གནས། །ཤེལ་སྦུག་ཅན་ནི་ཞོར་ལ་སྟེ། །ཨོཾ་ཨཱཿཧཱུྃ་གསུམ་ཡང་རྩ་ནང་གནས། །དག་པ་སྐུ་གསུམ་འཆར་གཞི་བྱེད། །རྩ་གཞན་འབྱུང་ལྔའི་རྟེན་ཡིན་ནོ། །རོ་མ་ཆུ་ཡི་དྭངས་མས་བསྐྱེད། །རྐྱང་མ་ས་ཡི་དྭངས་མས་བསྐྱེད། །ཀུན་འདར་མ་ནི་རླུང་གིས་བསྐྱེད། །རོ་མས་ལྟེ་བའི་གཡོན་ངོས་ནས། །བྱང་སེམས་འབབས་པའི་རྟེན་གཞི་བྱེད། །རྐྱང་མས་སྙིང་གི་རྩེ་གཡོན་ནས། །མགྲིན་པའི་རྩ་ནས་གཉིས་སུ་གྱེས། །རྩེ་ཆུང་གཉིས་


DNG025_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཐོན་ནས་ནི། །དར་སྐུད་པ་མེད་རྭ་འདྲ་ཡི། །རྩ་ནི་མིག་གི་འབྲས་ལ་ཟུག །ཡེ་ཤེས་སྣང་བ་འཆར་བའི་ལམ། །ཀུན་འདར་མ་ནི་དབུས་ན་གནས། །རྩེ་མོ་གསུམ་ནི་ཡར་སོང་བས། །གཡས་གཡོན་རྣ་བ་གཉིས་ལ་ཟུག །དབུས་མ་ཚངས་པའི་གནས་སུ་ཟུག །རང་བཞིན་ཡི་གེ་འོད་དང་བཅས། །རླུང་ལྔ་ཡེ་ཤེས་རྣམ་ལྔ་དང་། །ཐིག་ལེ་འོད་འབར་ཚུལ་དུ་གནས། །དེ་ནི་རྩ་སྤྱིའི་རྣམ་བཤད་ཡིན། །དེ་ནི་སོ་སོའི་རྩ་གནས་བཤད། །དང་པོ་སྐྱེད་བྱེད་འཁོར་ལོ་ཡིས། །སྲིད་པ་ཆགས་པའི་གཞི་མ་བྱེད། །བདེ་བ་ཆེན་པོའི་རྣལ་དུ་འཇོག །མི་འགྱུར་ཐེམས་སུ་གསུམ་གྱིས་འཇུག །ལུས་མི་འགྱུར་བ་རྩ་ཡི་ཐེམས། །ངག་མི་འགྱུར་བ་ཡི་གེའི་ཐེམས། །ཡིད་མི་འགྱུར་བ་རླུང་གི་ཐེམས། །རྩ་ཡིད་རླུང་ནི་ལུས་ངག་ཡིད། །དེ་རྣམས་ལྟེ་བ་དག་ནས་བསྐྱེད། །རྩ་འདབ་དྲུག་ཅུ་རྩ་བཞི་ན། །རང་བཞིན་ཡི་གེ་དེ་དང་མཐུན། །འོད་ཀྱི་གོང་བུ་རང་བཞིན་སྐུ། །ཀུན་ཏུ་བཟང་པོ་སོ་གཉིས་དང་། །ཀུན་ཏུ་བཟང་མོ་སོ་གཉིས་རྣམས། །ཐབས་དང་ཤེས་རབ་གཉིས་སུ་མེད། །དེ་ལ་ཐམས་ཅད་སྐྱེད་བྱེད་ཟེར། །སྒྲོན་མའི་སྤྱན་དང་འབྱུང་བཞིའི་སྤྱན། །ས་དང་ཡ་ཡིས་མཚན་ནས་གནས། །ཁྱད་པར་ལུས་རྫོགས་སྨིན་པའི་རྩ། །གྲངས་ཅན་ཉི་ཤུ་རྩ་བརྒྱད་དེ། །ཐིག་ལེའི་སྤྱན་རྩ་བཅུ་དྲུག་ཡོད། །སྒྲོན་མའི་རྩ་ནི་བཅུ་གཉིས་ཡོད། །ཀུན་ལ་ཡི་གེ་རེ་རེ་གནས། །ལྟེ་བར་འབྱུང་བའི་ས་བོན་ནི། །ཡབ་ཡུམ་ས་བོན་ཧྲཱྀཿདང་ནི། །ཡི་གེ་སུ་སེར་ཚུལ་དུ་གནས། །དབུ་མ་རོ་མ་རྐྱང་མ་གསུམ། །དཀྱིལ་དྲང་ཀ་བའི་ཚུལ་དུ་གནས། །ལྟེ་བར་རྩ་འདབ་དྲུག་ཅུ་བཞི། །ལྗོན་ཤིང་ཡལ་ག་གྱེས་འདྲར་གནས། །དྲན་བྱེད་འཁོར་ལོ་ལྟེ་བ་ནས། །སོར་བརྒྱད་ཡར་བཅད་སྙིང་ག་ནས། །རྩ་རྣམས་ཡལ་ག་སུམ་ཅུ་གཉིས། །རང་བཞིན་ཡི་གེ་འོད་ཐིག་མཐིང་ཚུལ། །འཁོར་ལོ་ལྟེ་བར་ཁམས་དཀར་པོ། །ཡབ་ཡུམ་ཡི་གེ་མ་དང་ཧཱུྃ། །འོད་ཀྱི་གོང་བུའི་ཚུལ་དུ་གནས། །


DNG025_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཡིག་འདི་ལྷག་ཨ་རུ་གནས། ཁཿཙཿཏཿཕཿཡཱཿསཿཏཿཀཿགྷཿཛྷཿཏེཿདྷཿརཿ། དེ་རྣམས་ཀུན་བཟང་ཡབ་ཡུམ་ཡིན། །རོ་འདུས་མགྲིན་པའི་རྩ་ཡིག་ནི། །རྩ་འདབ་བཅུ་དྲུག་ཡི་གེ་རེ། །དབུས་སུ་མེ་ཡིག་རཾ་དང་ནི། །ཡབ་ཡུམ་ཡི་གེ་རི་དང་རྩ། །འོད་ཀྱི་གོང་བུའི་ཚུལ་དུ་གནས། །རྩ་ཡིག་རྣམས་ནི་འདི་ལྟར་རོ། །ར་རྭཿལི་ལཱཿཨེ་ཨཱཿཨ་ཨཱཻཿཨ་ཨཾཿཨ་ཨཿཨ་ཨཱཿ། རྩེ་མོ་རྣམས་བཀོད་རྩ་ཡིག་ནི། །རྩ་འདབ་སུམ་བརྒྱ་དྲུག་ཅུ་ཡོད། །དེ་བསྡུས་སུམ་ཅུ་རྩ་གཉིས་ཏེ། །རང་བཞིན་ཡི་གེ་རེ་རེ་སྟེ། །དབུས་སུ་ཡི་གེ་ཡ་ལྗང་དང་། །ཡབ་ཡུམ་ཡི་གེ་ཧ་དང་ར། །འོད་ཀྱི་གོང་བུ་ཚུལ་དུ་གནས། །རྩ་ཡིག་རྣམས་ནི་འདི་ལྟར་རོ། །ཕ་ཕཱཿཕི་ཕཱིཿམི་མཱིཿབ་བཱཿབ་བཱིཿཉ་ཉཱཿཉི་ཉཱིཿཁ་ཁཱཿག་གཱཿཙ་ཙཱཿཚ་ཚཱཿད་དྷཿཐ་ཐཱཿས་སཱཿན་ནཱཿཨ་ཨ་ཨཱཿ། རྩ་འདབ་ཐམས་ཅད་གདུགས་རྩིབས་ལྟར། །རྩ་ཡི་གཙོ་བོ་གསུམ་ལས་གྱེས། །ནུས་པ་སྤྱི་གཙུག་འཇོམ་པ་ཡིས། །དབང་པོ་སྒོ་ལྔ་དག་ལ་དོན། །བྱེད་ལས་སོ་སོར་བྱེད་པ་ཡིན། །འཁོར་ལོ་བཞི་ལ་མི་ཐེ་བའི། །གསང་བས་བདེ་བ་མྱོང་བར་བྱེད། །རྣམ་པར་བཀོད་པའི་འཁོར་ལོ་ནི། །རྩ་འདབ་ཉི་ཤུ་རྩ་བརྒྱད་ཀྱིས། །ལྟེ་བའི་རྩ་མདུད་ཐིག་ལེ་ལ། །འབྱུང་བཞིའི་དྭངས་མ་ཁུ་ཁྲག་ལྗང་། །ཡི་གེ་ཡ་དང་ས་རུ་གནས། །རླུང་གི་དྭངས་མ་ཡཾ་གནས་སོ། །དེ་ལྟར་རང་ལུས་འདི་ཉིད་ལ། །རྩ་དང་ཡི་གེའི་གནས་སུ་རྫོགས། །ཞེས་གསུངས་ནས། བློ་སྒོམ་ཡིད་དཔྱོད་དང་བྲལ་ནས། མངོན་སུམ་གཅེར་གྲོལ་དུ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། རྩའི་གནས་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།རྒྱ་རྒྱ་རྒྱཿ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །མི་གཡོ་འགྱུར་མེད་ཀུན་ཏུ་བཟང་། །བླང་དོར་བྱ་བྲལ་རྩོལ་མེད་པས། །རྩ་ཡི་གནས་


DNG025_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གསུངས་ན་ཡང་། །གཡོ་བ་རླུང་གི་གནས་ལུགས་རྣམས། །ཕྱི་རབས་རྣམས་ཀྱིས་མི་གོ་བས། །སྟོན་པས་འཁོར་ལ་བཀའ་སྩོལ་ཅིག །མ་འཁྲུལ་དག་པའི་བློ་ཡིས་འཛིན། །ཅེས་པ་སྟོན་པས་གསན་དགོངས་ཏེ། །ཞལ་མདངས་འོད་ཀྱིས་འཛུམ་བསྟན་ནས། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཨེ་མ་སེམས་དཔའ་རྡོ་རྗེ་རྩལ། །ཡེ་ཤེས་རླུང་གིས་མ་ཁྱབ་མེད། །དེ་ལ་རྣམ་གྲངས་མང་ན་ཡང་། །ལས་རླུང་ཡེ་ཤེས་རླུང་གཉིས་སོ། །ཡེ་ཤེས་རླུང་ནི་སེམས་དང་འདྲེས། །སེམས་ནི་ལས་རླུང་དག་དང་འདྲེས། །རླུང་སེམས་གཉིས་སུ་མེད་པས་ཏེ། །ཀུན་འདུས་རླུང་གིས་ལས་བྱེད་དོ། །རླུང་ནི་རྩ་གསུམ་ནང་ནས་འགྱུ། །ལྔ་སྟོང་བཞི་བརྒྱ་ས་རླུང་སྟེ། །མེ་ཆུ་གཉིས་ཀྱང་དེ་ཙམ་མོ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ། །བྱེད་པའི་ལས་ནི་གཉིས་ཡིན་ཏེ། །གྱེན་རྒྱུ་ཐུར་དུ་གཤང་གཅི་འཕེན། །སྣང་སྲིད་ཐམས་ཅད་རླུང་ལ་བརྟེན། །རླུང་ནི་ཐམས་ཅད་བྱེད་ལས་སོ། །འདེགས་པའི་ནུས་སྟོབས་ལྡན་པས་ན། །ས་ལ་རླུང་གིས་ཁྱབ་པའོ། །ཆུ་ལ་རླུང་གིས་ཁྱབ་པའི་ཕྱིར། །འབབ་པའི་རྩ་ལ་ཤུགས་ལྡན་པའོ། །རླུང་གིས་མེ་ལ་ཁྱབ་པའི་ཕྱིར། །འབར་བའི་ནུས་རྩལ་ལྡན་པའོ། །རླུང་ལ་རླུང་གིས་ཁྱབ་པས་ན། །འགྲོ་བའི་རྩ་ལ་ཤུགས་ལྡན་པའོ། །མཁའ་ལ་རླུང་གིས་ཁྱབ་པའི་ཕྱིར། །བཀྲག་མདངས་ཡོན་ཏན་ཀུན་འབྱུང་འཆར། །སྤྱིར་ན་རྩ་རླུང་རིག་པ་གསུམ། །ཐ་དད་བཤད་ཀྱང་གཅིག་ཏུ་འདུས། །རིག་པ་མེད་ན་སེམས་མི་འབྱུང་། །སེམས་འདི་མེད་ན་རླུང་མི་འབྱུང་། །སེམས་གཅིག་བྱུང་ནས་ཡེ་ཤེས་གྲུབ། །ཡེ་ཤེས་རྩལ་ལས་འགག་མེད་འཆར། །རྩ་རླུང་ཐིག་ལེ་རིག་པ་སེམས། །ཐམས་ཅད་དབྱེར་མེད་རོ་གཅིག་འདུས། །མ་ཤེས་སོ་སོར་བཟུང་བ་ཡིས། །མིང་མེད་མིང་དུ་སོང་བ་བཞིན། །ཡེ་ཤེས་ལྔ་ལས་འབྱུང་བ་ལྔ། །དུག་ལྔ་ཉོན་མོངས་ལ་སོགས་པ། །གཅིག་ལ་སྣ་ཚོགས་བཟུང་བས་འཁྲུལ། །ཡང་དག་དོན་གྱི་ཆར་མ་


DNG025_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ། །ཐམས་ཅད་རིག་པ་རླུང་གི་རྩལ། །དབྱེར་མེད་རོ་གཅིག་ངོ་ཤེས་ན། །རང་སེམས་རིག་པའི་ངོ་བོར་གྲོལ། །མཁའ་ལ་སྤྲིན་དེངས་ཇི་བཞིན་ནོ། །ཟག་བཅས་ལུས་ཀྱང་མི་སྣང་བར། །ཡེ་ཤེས་ཀློང་དུ་འཚང་རྒྱའོ། །ཡེ་ཤེས་རྩལ་གྱི་ལུས་ཉིད་ལ། །རླུང་གནས་སྤྱི་དང་བྱེ་བྲག་གཉིས། །བསམ་འདས་བཤད་ཀྱང་ལྔ་རུ་འདུས། །འདེགས་བྱེད་རླུང་ནི་འོད་དཀར་ཚུལ། །སྙིང་ནས་མཆེར་རྩའི་ནང་ལ་ཐོན། །ལུས་ཀུན་ཁྱབ་པར་དེ་གནས་སོ། །ལྷུ་ཚིགས་བཞི་ལ་ཁྱབ་པར་གནས། །ཤ་རུས་པགས་པའི་སྟོབས་རྣམས་བསྐྱེད། །བཀྲགས་དང་གཟི་མདངས་སྐྱེད་པའི་རླུང་། །འོད་སེར་ཚུལ་དུ་སྙིང་ནང་ནས། །ཕྱིར་ཐོན་མཁལ་རྩའི་ནང་ནས་ནི། །མགོ་མཇུག་ལུས་ཁྱབ་སྨིན་དབྲག་ནས། །ཁྲག་དང་ཆུ་སེར་བཀྲག་མདངས་སྐྱེད། །མེ་མཉམ་དྲོད་དང་འབེབ་པའི་རླུང་། །སྙིང་ནང་འོད་དམར་ཚུལ་དུ་གནས། །མཆིན་རྩའི་ནང་ནས་ཕར་ཐོན་ནས། །ལུས་ཀྱི་མགོ་མཇུག་ཀུན་ཁྱབ་སྟེ། །ཕོ་བའི་ནང་ན་ལྷག་པར་གནས། །ཟས་རྣམས་འཇུ་ཞིང་ལུས་དྲོད་བསྐྱེད། །དྭངས་སྙིགས་འབྱེད་བྱེད་རླུང་ལྗང་གུ། །འོད་དང་བཅས་པ་སྙིང་ནང་གནས། །གློ་བའི་ནང་སོང་ལུས་ཀུན་ཁྱབ། །ཁྱད་པར་ཁ་སྣ་གཉིས་ལ་གནས། །ཟས་རྣམས་དྭངས་སྙིགས་གཉིས་ཕྱེས་ནས། །དྭངས་མས་ཕུང་ཁམས་སྐྱེད་པར་བྱེད། །སྙིགས་མ་དྲི་ཆེན་དྲི་ཆུར་ཕྱེ། །བཤང་བའི་ལམ་ནས་ཕྱིར་དོར་རོ། །སྙིང་རྗེ་མེད་པ་ལས་རླུང་ནི། །མཐིང་གའི་འོད་ཅན་སྙིང་ནང་གནས། །རིག་པ་དག་དང་གཉིས་མེད་པ། །དེ་ནི་སྲོག་པའི་རྩ་ལ་ཞུགས། །དབྱེར་མེད་གཅིག་ཏུ་གནས་པའོ། །བྱེ་བྲག་འཁོར་ལོ་རླུང་གནས་ནི། །དང་པོ་ལྟེ་བ་སྐྱེད་བྱེད་དུ། །རླུང་གི་དབྱིབས་ནི་འོད་མའི་གཞུ། །ཚད་ཟུང་འོད་ཀྱི་གོང་བུ་ལྟར། །རབ་ཏུ་རྒྱས་ཏེ་ཐིག་ལེས་བརྒྱན། །སྤྱན་གྱི་རྣམ་པ་སྲོག་འཛིན་རླུང་། །སྙིང་རྗེའི་རླུང་ནི་ཆད་ཟུང་འོག །


DNG025_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བྱིའུ་ལེབ་མའི་མིག་ལྟར་གནས། །དེ་ཡི་གཡས་སུ་མེ་མཉམ་རླུང་། །བྱེ་བའི་ཁ་རླང་ལྟ་བུར་གནས། །གཡོན་དུ་ཁྱབ་བྱེད་ལྡུ་བ་འདྲ། །གཞུ་རྒྱུད་དཀྱིལ་ན་དྭངས་སྙིགས་རླུང་། །ལྕགས་ཚགས་སྤྱན་གྱི་རྣམ་པར་གནས། །སྲིད་པ་ལྟེ་བའི་རླུང་དབྱེའོ། །དྲན་པ་འདུས་པའི་རླུང་ལྔ་ནི། །ཙིཏྟ་རིན་ཆེན་ཟུར་བརྒྱད་ཚུལ། །དབུས་སུ་སྲོག་འཛིན་རླུང་ཞེས་པ། །ཐིག་ལེ་སྲན་གོང་ལྟ་བུར་གནས། །དེ་ཡི་འོག་ཏུ་ལས་ཀྱི་རླུང་། །ཆན་གྲུབ་ཚུལ་དུ་གནས་པའོ། །དེ་རྩེར་ཐིག་ལེ་སྐུ་ཡི་ཚུལ། །ཀུན་ལ་ཁྱབ་པར་གནས་པའོ། །དེ་ཡི་གཡས་སུ་དྭངས་སྙིགས་རླུང་། །སྐུ་ཡིས་གང་བའི་ཐིག་ལེ་གནས། །དེ་ཡི་གཡོན་དུ་ཁྱབ་བྱེད་རླུང་། །ཐིག་ལེ་ཡབ་ཡུམ་ཚུལ་དུ་གནས། །མི་མཉམ་རླུང་གི་ཐིག་ལེ་དང་། །ཐིག་ཕྲན་ཚུལ་དུ་གནས་པའོ། །ཤར་རླུང་དཀར་ཏེ་འགྱུ་བར་བྱེད། །ལྷོ་རླུང་སེར་ཏེ་རབ་ཏུ་ཐིམ། །ཡེ་ཤེས་ལྔ་ལྡན་ཁྲ་བོ་སྟེ། །བྱང་རླུང་ལྗང་ལ་རབ་ཏུ་གཡོ། །ནུབ་རླུང་འབར་ཏེ་རབ་ཏུ་དམར། །དྲན་པ་ཙིཏྟའི་གནས་ཚུལ་ལོ། །མགྲིན་པ་རོ་འདུས་རླུང་ལྔ་བཤད། །ཅེ་སྤྱང་ལྕེ་འདྲའི་རླུང་གཟུགས་ཏེ། །ཐིག་ལེ་སྤྱན་མིག་དགུ་བརྩེགས་པ། །སྲོག་འཛིན་པ་ཡི་རླུང་ཞེས་སོ། །དེ་འོག་ལས་རླུང་ཉ་མིག་ལྟར། །ཕྱོགས་བཞི་མཚམས་བཞི་ཐིག་ལེས་བརྒྱན། །སྦྲ་ཆོན་བརྒྱངས་འདྲ་གཡོ་མེད་གནས། །གཡས་སུ་མེ་དང་མཉམ་པའི་རླུང་། །ཐིག་ལེ་ལྔ་བརྩེགས་དར་ཕྱར་འདྲ། །གཡོན་དུ་དྭངས་སྙིགས་འབྱེད་པའི་རླུང་། །ཐིག་ལེ་ཐིག་ཕྲན་སྤུངས་པ་འདྲ། །གོང་དུ་ཀུན་ཏུ་ཁྱབ་བྱེད་རླུང་། །ཐིག་ལེ་དྲ་བ་རིས་སུ་གནས། །རྩེ་མོ་རྣམ་བཀོད་རླུང་ལྔ་ནི། །འཁོར་ལོ་རྩིབས་ལྔ་མུ་ཁྱུད་ལྔ། །ལྟེ་བར་སྲོག་འཛིན་རླུང་ཞེས་པ། །ཐིག་ལེ་ཞལ་གསུམ་ཕྱག་དྲུག་གནས། །ལས་ཀྱི་རླུང་ནི་དེ་ཡི་འོག །ཐིག་ལེ་ཞལ་གསུམ་ཕྱག་དྲུག་པ། །མེ་རླུང་ནང་དུ་བཞུགས་པར་གནས། །ཕྱོགས་མཚམས་བརྒྱད་དུ་ཐིག་ལེ་བརྒྱད། །རེ་ཐག་འཐེན་འདྲར་གནས་པའོ། །འཁོར་ལོའི་


DNG025_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་ནི་གཡས་དག་ལ། །ཐིག་ལེ་རྨ་བྱའི་མདོངས་འདྲ་གནས། །གཡོན་པ་དྭངས་སྙིགས་འབྱེད་པའི་རླུང་། །ཐིག་ལེ་ཉ་མིག་ལྟ་བུར་གནས། །ལྟག་པར་རྩིབས་ནི་གཡས་གཡོན་ལ། །ཀུན་ཏུ་ཁྱབ་པར་བྱེད་པའི་རླུང་། །ཐིག་ལེ་ཟ་འོག་གུར་ཁྱིམ་གནས། །ལྷག་མའི་རླུང་རྣམས་རྩིབས་མཆན་ལ། །སྨིག་རྒྱུ་ལུག་རྒྱུད་ཚུལ་དུ་གནས། །ས་རླུང་སེར་པོ་ལྟེ་བར་གནས། །དྲན་པར་ཆུ་རླུང་དཀར་པོ་གནས། །རོ་འདུས་མེ་རླུང་དམར་པོ་གནས། །རྩེ་མོར་རླུང་གི་རླུང་གནས་སོ། །དེ་ལྟར་སྐྱེད་བྱེད་རྩ་བཞི་ནས། །འགྱུ་དང་འགུལ་དང་འཕྲིག་པ་དང་། །ཡང་གཡོབ་སྐྱོད་པའི་བདག་ཉིད་དུ། །ལྔ་ཞིང་ལུས་ཀྱི་རླུང་དང་བཅས། །གསལ་ཏིག་མདངས་དང་བཅས་པའོ། །ཞེས་གསུངས་ནས་རང་གསལ་སྐྱོན་གྱིས་མ་བསྒྲིབས་པར་གཏིང་གསལ་ཆེན་པོ་ཏིང་འཛིན་ལ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། གཡོ་བ་རླུང་གི་གནས་ལུགས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།རྒྱ་རྒྱ་རྒྱཿ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་བདེ་སྟོང་བདག་ཉིད་ཀུན་ཏུ་བཟང་། །རིག་སྟོང་དབྱེར་མེད་ཡེ་ཤེས་དཔལ། །རླུང་གི་གནས་ལུགས་གསུངས་ན་ཡང་། །ཐིག་ལེའི་གནས་ལུགས་མ་གསུངས་པས། །བཀོད་པ་ཐིག་ལེའི་གནས་ལུགས་དེ། །སྟོན་པ་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་པ་སྟོན་པས་གསན་ཅིང་དགོངས། །འདི་སྐད་འཁོར་ལ་བཀའ་སྩལ་པ། ཀྱེ་ཧོ། ཡེ་ཤེས་རང་རྩལ་ལུས་འདི་ཉིད། །རྩ་ཡི་དྲ་བ་ཐིག་ལེས་ཁྱབ། །ཐིག་ལེ་ཡིག་འབྲུ་སྐུ་ཡེ་ཤེས། །རྩ་རེའི་ནང་ན་རླུང་རེ་གནས། །རླུང་ཡང་ཡེ་ཤེས་ཐིག་ལེ་རྣམས། །ཉུང་འབྲུ་ཙམ་གྱིས་ཐམས་ཅད་ཁྱབ། །ཕོ་ལ་ཐིག་ལེ་དངོས་སུ་འབབ། །མོ་ལ་སྙོམས་འཇུག་ཁམས་རྒྱས་དུས། །སྣ་བུག་གཡས་སུ་འབབ་པའོ། །ཀུན་


DNG025_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཐིག་ལེ་དེ་དག་ནི། །འབྱུང་བ་ལྔ་ཡི་དྭངས་མ་ཡིན། །ཡུམ་ཆེན་སྡེ་ལྔ་དངོས་ཡིན་ཏེ། །མཁའ་འགྲོ་རྣམས་ཀྱི་སྲོག་ཡིན་ནོ། །དེ་ལ་ཡེ་ཤེས་ཐིག་ལེ་གནས། །དོན་དམ་ཀུན་རྫོབ་ཐིག་ལེ་གཉིས། །དབྱེར་མེད་གཅིག་གི་རང་བཞིན་ནོ། །ཀླད་པ་རྐང་མར་རུས་པ་རྣམས། །རྩ་དང་ཆུ་རྒྱུས་ཞག་ཚིལ་བུ། །ཕ་ཡི་ཐིག་ལེ་དཀར་པོས་བསྐྱེད། །ཤ་ཁྲག་ཆུ་སེར་སྤུ་ལྤགས་རྣམས། །མ་ཡི་ཐིག་ལེ་དམར་པོས་བསྐྱེད། །དེ་ནས་ལུས་ཀྱི་རྩལ་རྫོགས་ཏེ། །ཁ་མིག་རྣ་བ་ཅན་དུ་བྱོན། །བྱེ་བྲག་ཐིག་ལེའི་གནས་ལུགས་ནི། །ཁྱད་པར་འཁོར་ལོ་བཞི་ཡི་དབུས། །ཕ་མའི་ཐིག་ལེ་ཉུང་འབྲུ་ཙམ། །དངུལ་ཆུ་རྒྱ་སྐྱེགས་ཚུལ་དུ་གནས། །ཁ་དོག་ལྔ་ལྡན་ཡེ་ཤེས་གཟུགས། །ཡིག་འབྲུ་སྐུ་ཡི་ཚུལ་དུའོ། །བ་སྤུའི་བུ་ག་ཚུན་ཆད་ཀྱི། །གྲངས་ཅན་གྲངས་མེད་བསམ་འདས་པ། །ཕ་མ་གཉིས་ཀྱི་ཐིག་ལེས་ཁྱབ། །ཐིག་ལེ་ཡེ་ཤེས་རིག་པའི་རྩལ། །འབྱུང་བ་ལྔ་འདུས་དྭངས་མ་ཡིན། །འདས་མ་འདས་ཀྱི་སྲོག་ཡིན་ནོ། །སྐུ་དང་ཐིག་ལེ་གཉིས་སུ་མེད། །རང་ལུས་ཀུན་ལ་ཁྱབ་པར་གནས། །ངོ་སྤྲོད་མ་ཡེངས་འདི་ཡིད་ཞོག །ཕྱི་ལྟར་འབྱུང་བ་ལྔ་ཡིན་ཏེ། །ས་ཆུ་མེ་རླུང་ནམ་མཁའ་འོ། །ནང་ལྟར་ཡུམ་ཆེན་ལྔ་ཡིན་ཏེ། །མཱ་མ་ཀཱི་དང་སངས་རྒྱས་སྤྱན། །གོས་དཀར་ཆོས་དབྱིངས་དམ་ཚིག་སྒྲོལ། །གསང་བ་ལྟར་ན་མཁའ་འགྲོ་ལྔ། །རྡོ་རྗེ་མཁའ་འགྲོ་རིན་ཆེན་དང་། །པདྨ་ལས་དང་ཆོས་དབྱིངས་སོ། །ཡང་གསང་ལྟར་ན་ཡེ་ཤེས་ལྔ། །མེ་ལོང་མཉམ་ཉིད་སོར་རྟོག་དང་། །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ། །ཕྱི་ལྟར་འཁོར་ལོ་ལྔ་ཡིན་ཏེ། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་བདེ་བྱེད་དོ། །ནང་ལྟར་ཐིག་ལེ་ལྔ་ཡིན་ཏེ། །གཞི་གནས་ཐིག་ལེ་ཀུན་རྫོབ་རྒྱུ། །དོན་དམ་སྤྲོས་མེད་རང་བྱུང་འབྲས། །མི་འགྱུར་ཐིག་ལེ་རང་གསལ་ལོ། །གསང་བ་ལྟར་ན་ཡི་གེ་ལྔ། །མ་དང་ཧ་རི་ནི་སའོ། །ཡང་གསང་


DNG025_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་ཁ་དོག་ལྔ། །དཀར་དམར་སེར་ལྗང་མཐིང་གའི་མདོག །སྐུ་ལྔ་ལྟར་ཡང་ལྷུན་གྲུབ་སྟེ། །མངོན་པར་བྱང་ཆུབ་ཆོས་ལོངས་སྤྲུལ། །ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །ཕྱག་རྒྱ་རྣམ་པ་ལྔ་ཡིན་ཏེ། །རྫོགས་པ་ཆེན་པོའི་ཕྱག་རྒྱ་དང་། །ཆོས་ཉིད་དོན་གྱི་ཕྱག་རྒྱ་དང་། །དམ་ཚིག་འཕྲོ་འདུའི་ཕྱག་རྒྱ་དང་། །གཉིས་མེད་ལས་ཀྱི་ཕྱག་རྒྱ་དང་། །ཕྲིན་ལས་ཀུན་གྲུབ་ཕྱག་རྒྱའོ། །ཕྱི་ལྟར་ཕུང་པོ་ལྔ་ཡིན་ཏེ། །གཟུགས་ཕུང་རྣམ་ཤེས་ཚོར་བ་དང་། །འདུ་ཤེས་འདུ་བྱེད་ཕུང་པོའོ། །ནང་ལྟར་ཉོན་མོངས་དུག་ལྔ་སྟེ། །གཏི་མུག་ཞེ་སྡང་ང་རྒྱལ་འདོད་ཕྲག་དོག །ནང་ལྟར་ཕྲིན་ལས་ལྔ་ཡིན་ཏེ། །ཞི་རྒྱས་དབང་དྲག་ཐམས་ཅད་དག །དེ་ལྟར་ཡིན་པའི་ཡོན་ཏན་གྱིས། །རྒྱུ་ཡི་ཐིག་ལེ་མ་སྤངས་སྒྲུབས། །བདེ་དང་གསལ་དང་མི་རྟོག་དང་། །རྩོལ་བྲལ་ཀུན་ཁྱབ་འདི་ཡི་ཁྱད། །ཐིག་ལེ་རང་བྱུང་རང་གནས་པ། །སངས་རྒྱས་མཁའ་འགྲོའི་ངོ་བོ་ཡིན། །རང་གསལ་རྡོ་རྗེ་མཁའ་འགྲོ་སྟེ། །རང་གྲོལ་རིན་ཆེན་མཁའ་འགྲོ་ཡིན། །གསལ་འཚེར་པདྨ་མཁའ་འགྲོ་སྟེ། །ཟླུམ་པོ་ལས་ཀྱི་མཁའ་འགྲོའོ། །རྒྱུ་ཡི་ཐིག་ལེ་སྤང་གྱུར་ན། །གསང་སྔགས་དམ་ཚིག་ཀུན་ཉམས་ནས། །བསྐལ་པ་འབུམ་ཁྲིར་ན་རག་སྤྱོད། །དེ་ཕྱིར་ཐིག་ལེ་མ་ཉམས་བསྲུང་། །ཐིག་ལེ་སྒྲུབ་པའི་རྫས་ལ་གནག །སྒྱུ་མའི་ཐིག་ལེ་ཉམས་གྱུར་ན། །མཁའ་འགྲོ་འབུམ་སྡེས་ངུ་སྐད་འདོན། །མི་མཐུན་རྐྱེན་དང་བར་ཆད་འབྱུང་། །ཐིག་ལེ་མ་ཉམས་བསྲུང་གྱུར་ན། །འདས་དང་མ་འདས་ཐམས་ཅད་ཀུན། །དབང་དུ་འདུ་བར་ཐེ་ཚོམ་མེད། །འཁོར་འདས་ཀུན་གྱི་སྲོག་ཡིན་ཏེ། །དེ་ཕྱིར་ཐིག་ལེ་མ་ཉམས་པར། །མཚན་ལྡན་མ་ལ་བདེ་བ་བསྐུལ། །རྩ་བཙལ་བྱིན་གྱིས་བརླབ་པ་དང་། །སྦྱོར་དང་ཕབ་བཟློག་འདྲེན་འགྲིམས་དང་། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་སྦྱང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བསྒོམ། །


DNG025_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་འདོད་ཡོན་ཐམས་ཅད་ཀུན། །ཕྱི་རུ་མི་འབུལ་ནང་དུ་འབུལ། །སྤྲུལ་སྐུ་ཆགས་པའི་ཡུལ་དང་བྲལ། །འཛིན་པ་མེད་པར་སྤྱོད་པའོ། །དེ་ལྟར་མི་ཤེས་བླུན་པོ་རྣམས། །ཡི་དམ་ཕྱི་ནས་སྒོམ་པ་དང་། །ཡེ་ཤེས་ཕྱི་རུ་འཚོལ་བ་དང་། །ཐིག་ལེ་སྤོང་དང་ཤེས་རབ་བྲལ། །ཚོགས་མཆོད་འདོད་ཡོན་ཕྱི་རུ་འབུལ། །བལྟ་བསྒོམ་སྤྱོད་གསུམ་ཕྱི་ནས་འཚོལ། །སངས་རྒྱས་གཞན་ནས་རེ་བ་རྣམས། །བསྐལ་པ་ཞིང་གི་རྡུལ་སྙེད་ཀྱང་། །བྱེ་བ་དགུ་ཁྲིའི་སྲིད་མཐར་ཡང་། །བསོད་ནམས་བསགས་ཀྱང་ག་ལ་གྲོལ། །ཅི་ཕྱིར་ཡེ་ཤེས་རང་གསལ་འདི། །རང་ལ་རང་ཆས་ཡོད་པའི་ཕྱིར། །ཞི་ཁྲོ་རིགས་བརྒྱ་རང་ལས་གྲུབ། །མཁའ་འགྲོ་སྡེ་ལྔ་རང་ལས་གྲུབ། །དཔའ་བོ་སྡེ་ལྔ་རང་ལས་གྲུབ། །རིག་པའི་རྩལ་ཤུགས་མ་འགགས་པས། །ཐབས་ཀྱི་རང་བཞིན་ཕོ་རུ་སྣང་། །ཤེས་རབ་རང་བཞིན་མོ་རུ་སྣང་། །ཐབས་དང་ཤེས་རབ་གཉིས་མེད་པས། །སྣང་སྟོང་གཉིས་མེད་ཆོས་ཀྱི་སྐུ། །ཟུང་འཇུག་སྤྲོས་དང་བྲལ་གྱུར་ཏེ། །རྩ་རླུང་ཐིག་ལེ་བདེ་ཆེན་སྐུ། །ཞི་ཁྲོ་རིགས་བརྒྱ་མཁའ་འགྲོ་གྲུབ། །ཕྱག་རྒྱ་ཆེན་པོའི་ས་ལ་གནས། །ལྟ་བ་ཆོས་ཉིད་སྐྱེ་མེད་ལ། །སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་ཤར། །གང་ལྟར་བརྟག་པ་དེ་ལྟར་སྣང་། །སྒོམ་པ་རང་གསལ་འཛིན་མེད་ལ། །མ་བཅོས་བཞག་ན་བདེ་བ་ཆེ། །སྤྱོད་པ་རང་སྣང་ངེས་མེད་ལ། །མ་འགགས་ཐབས་ཀྱི་རོལ་པ་ཤར། །གང་ལྟར་བྱས་པ་དེ་ལྟར་གྲོལ། །ལྟ་སྤྱོད་ཟུང་འདྲེལ་བདེ་སྟོང་ལ། །ས་ལམ་གཅིག་ཆོད་སྟན་གཅིག་སྟེ། །ཡོན་ཏན་ཐམས་ཅད་དེ་ལ་ཚང་། །སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་། །ཇི་ལྟར་བྱས་ཀྱང་བདེ་བ་ཆེ། །མ་བཅོས་ཀུན་གྲོལ་མཉམ་པ་ཉིད། །རང་ལུས་རྒྱལ་བའི་ད་ལ་རུ། །སྐུ་དང་ཡེ་ཤེས་ཐིག་ལེ་རླུང་། །སྐུ་གསུམ་རང་ལ་རང་ཆས་གནས། །དེ་ཕྱིར་རང་ལ་རང་ལོངས་སྤྱོད། །མཁའ་འགྲོའི་སྲོག་སྔགས་དམ་པ་རྣམས། །རང་ལ་ཡེ་ནས་མི་གནས་ན། །


DNG025_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ཀྱང་འགྲུབ་པར་ག་ལ་འགྱུར། །རང་ལ་གནས་པ་རང་གསལ་གདབ། །དེ་ཕྱིར་རྩ་རླུང་བདེ་སྟོང་སྤྱད། །ལྷག་མེད་སངས་རྒྱས་ཐུན་མོང་འགྲུབ། །ཅེས་གསུངས་ནས་ཀ་དག་བྱ་བྲལ་ཆེན་པོའི་ངང་ལ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཐིག་ལེའི་གནས་ལུགས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།རྒྱརྒྱརྒྱཿ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་ཡེ་ཤེས་གསུམ་ལྡན་ཀུན་ཏུ་བཟང་། །ཐུགས་རྗེས་ཀུན་ཁྱབ་རོལ་པའི་རྗེ། །ཐིག་ལེའི་གནས་ལུགས་གསུངས་ན་ཡང་། །རིག་པ་ཡེ་ཤེས་གནས་ལུགས་སམ། །སྐུ་མདོག་ལྷ་གྲངས་ཇི་ལྟ་བུ། །བཞུགས་ཚུལ་མཚན་ཉིད་ཇི་ལྟ་བུ། །སྟོན་པས་རིག་མདངས་འཁོར་ལ་གསུངས། །ཞེས་པ་སྟོན་པས་གསན་དགོངས་ཏེ། །ཉོན་ཅིག་སེམས་དཔའ་རྡོ་རྗེ་རྩལ། །དག་པ་ཡེ་ཤེས་གནས་ལུགས་ནི། །གོང་དུ་རྒྱས་པར་བཤད་ན་ཡང་། །བཞུགས་ཚུལ་ཞལ་ཕྱག་བཤད་ཀྱིས་ཉོན། །ཆོས་སྐུ་ཡེ་ཤེས་ཆེན་པོ་དེ། །ཙིཏྟ་རིན་ཆེན་ཟུར་བརྒྱད་དུ། །ས་བོན་ཡི་གེའི་ཚུལ་མདངས་ཅན། །རྩ་རྣམས་དྭངས་མ་ཀུན་འདུས་པ། །རྒྱ་མཚོ་གསེར་གྱི་ཉི་མ་ཅན། །ཡེ་ཤེས་ཚུལ་དུ་ཆོས་སྐུར་བཞུགས། །མཚན་མའི་ལུས་སམ་ཞལ་ཕྱག་མེད། །རང་གི་སྙིང་གི་དཀྱིལ་དག་ན། །སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །རིག་པ་ཀུན་ཏུ་བཟང་པོ་མཐིང་། །ཡིད་བྱེད་ཀུན་ཏུ་བཟང་མོ་འདི། །དཀར་གསལ་ཚུལ་དུ་ཡེ་ནས་བཞུགས། །དེ་མདངས་སྣང་མཛད་ཡབ་ཡུམ་དཀར། །འཁོར་ལོ་བསྣམས་ཤིང་སེང་སྟེང་འགྱིང་། །ཤར་དུ་རྡོ་རྗེ་མི་བསྐྱོད་མཐིང་། །སངས་རྒྱས་སྤྱན་དང་གཉིས་སུ་མེད། །ས་སྙིང་བྱམས་པ་མཻ་ཏྲི་ལ། །ལཱ་སྱ་མ་དང་མཱ་ལེས་བསྐོར། །ཤར་ཕྱོགས་ཚོམ་བུ་དྲུག་ཏུ་བཞུགས། །རིན་འབྱུང་ཡབ་ཡུམ་རྟ་མཆོག་གདན། །ནམ་སྙིང་ཀུན་ཏུ་བཟང་པོ་དང་། །


DNG025_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གཱིརྟི་ནཱིརྟི་གཉིས་བཞིས་བསྐོར། །རང་གི་སྙིང་གི་ལྷོ་ན་བཞུགས། །སྣང་མཐའ་ཡབ་ཡུམ་པད་གདན་དམར། །སྤྱན་རས་གཟིགས་དང་འཇམ་དཔལ་དང་། །པུཥ྇་དྷཱུ་པེ་བཞིས་བསྐོར་ནས། །ཚོམ་བུའི་སྐུ་དྲུག་ནུབ་ཏུ་བཞུགས། །དོན་གྲུབ་ཡབ་ཡུམ་ལྗང་གུ་ལ། །ཕྱག་རྡོར་སྒྲིབ་པ་རྣམ་པར་སེལ། །ཨཱ་ལོ་ཀེ་དང་གནྡྷེ་མ། །ཚོམ་བུའི་སྐུ་དྲུག་བྱང་དུ་བཞུགས། །ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་གཉིས། །ལྷོ་སྒོར་གཤིན་རྗེ་ཞགས་པ་མ། །ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་མ། །བྱང་སྒོར་བདུད་རྩི་དྲིལ་བུ་གཉིས། །སྤྱི་བོར་བརྒྱ་བྱིན་སྐུ་མདོག་དཀར། །ལྷག་པར་ལྷ་མིན་ཐགས་ཟང་ལྗང་། །སྲོག་རྩར་ཤཱཀ་ཐུབ་སེར་པོ་དང་། །གསང་བར་བྱོལ་སོང་ཐུབ་པ་མཐིང་། །ལྟེ་བར་ཁ་འབར་དམར་པོ་དང་། །རྐང་མཐིལ་ཨ་བ་ནག་པོ་བཞུགས། །དེ་ལྟར་བཞི་བཅུ་རྩ་གཉིས་རྣམས། །ཆོས་སྐུ་ཡེ་ཤེས་ཟང་ཐལ་ལེ། །ངོ་བོ་རང་བཞིན་ཐུགས་རྗེར་ལྡན། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །གསལ་བ་འོད་ཀྱི་སྙིང་པོ་ཅན། །རང་བྱུང་རིག་པའི་སྙིང་པོ་ཅན། །སྒྲིབ་གཡོགས་མེད་པར་ཟང་ཐལ་ལེ། །ཕྱོགས་མཚམས་མེད་པར་ཁྱབ་གདལ་ལེ། །གསལ་འགྲིབ་མེད་པར་དྭངས་སང་ངེ་། །ངོ་ལྐོག་མེད་པར་རྗེན་ཅེར་རེ། །སྟོང་གསལ་ཁྱབ་པ་ཆེན་པོར་བཞུགས། །དེ་ཡང་ལྔ་ལྡན་ཆེན་པོ་སྟེ། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །ཡང་དག་ས་རུ་དེ་སངས་རྒྱས། །ཐིག་ལེ་ཉག་གཅིག་སྐུ་རུ་བཞུགས། །ཐོག་མའི་སངས་རྒྱས་འོད་མི་འགྱུར། །འོད་ཟེར་སྙིང་པོའི་སྐུ་རུ་བཞུགས། །རང་བྱུང་རིག་པའི་སྙིང་པོ་ཅན། །རིག་སྟོང་ལྷུན་གྲུབ་ཆེན་པོར་བཞུགས། །འགག་འགྲིབ་མེད་དེ་ཟང་ཐལ་ལེ། །ཡེ་ཤེས་ཆེན་པོའི་རང་བཞིན་དུ། །རང་བཞིན་ལྷུན་གྲུབ་སྐུ་རུ་བཞུགས། །ཆོས་སྐུ་རྣམ་དག་ཆོས་དབྱིངས་སུ། །གཟུགས་སྐུའི་ཞིང་ཁམས་ཡོངས་སུ་རྒྱས། །མ་འདྲེས་ཡོངས་སུ་རྫོགས་པ་སྟེ། །རྒྱ་མཚོར་གཟའ་སྐར་ཤར་བ་འདྲ། །སོས་ཀའི་སྨིག་སྒྱུ་ཐང་བཀྲམ་


DNG025_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །སྐུ་དང་ཡེ་ཤེས་འོད་དང་གསུམ། །འདུ་འབྲལ་མེད་པར་བུམ་པའི་སྐུ། །ཐོག་མའི་ཀ་དག་ཡེ་ཤེས་ལྔ། །དབྱེར་མེད་སྐུ་ལ་གསལ་ཡུལ་ལྔ། །རླུང་ལྔས་བསྐྱོད་པས་འབྱུང་བ་ལྔ། །འབྱུང་བ་དེ་ཡི་དྭངས་མ་ལྔ། །དེ་ལ་ཕུང་པོ་དྭངས་སྙིགས་ལྔ། །ཡེ་ཤེས་མཁའ་འགྲོ་ཤེས་རབ་ལྔ། །དེ་ཡང་གཞི་གནས་ཡེ་ཤེས་ལྔ། །ཕྱི་ནང་གསང་བ་གསུམ་དུ་བཤད། །དེ་ཡང་གཞི་ལམ་འབྲས་གསུམ་སྟེ། །གཞི་གནས་ཡེ་ཤེས་ལྔ་ཉིད་ནི། །གཞི་ཡི་རིག་པ་གཅེར་བུ་འདི། །འཁོར་འདས་མ་གྲུབ་དྲི་མེད་ཁྱབ། །སྐྱོན་གྱིས་མ་གོས་དཀར་མདངས་ལྡན། །དེ་ནི་མ་ཕྱེ་ཀུན་ལ་སྙོམས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །དེ་ལ་ཡོན་ཏན་རྫོགས་པའི་དབུགས། །འོད་ཟེར་སེར་པོའི་ཚུལ་དུ་གནས། །བློ་ཡི་བྱེ་བྲག་སོ་སོར་ཤར། །དེ་ནི་སོར་རྟོག་ཡེ་ཤེས་ཡིན། །རང་རྩལ་དྲོད་ལྡན་དམར་པོར་ལྡན། །གང་ཤར་བྱ་བཙལ་མེད་པར་གྲུབ། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །འགག་པ་མེད་པའི་སྟོང་ལྡན་ནི། །འོད་ཟེར་ལྗང་གུའི་ཚུལ་དུ་གནས། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་འདུས། །ཀུན་ཀྱང་ཆོས་ཉིད་སྟོང་པ་ཡིན། །རང་རྩལ་ཉིད་ལས་མ་འདས་ཏེ། །དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན། །མི་འགྱུར་མཐིང་གར་རང་གསལ་ལོ། །ལམ་དང་སྦྱར་ན་འདི་ལྟར་རོ། །རིག་པའི་ཡེ་ཤེས་ཟང་ཐལ་འདི། །དྲི་མེད་མེ་ལོང་གཡའ་དག་ལྟར། །གསལ་ལ་སྒྲིབ་མེད་སང་ངེ་བ། །ཡེངས་པ་མེད་པར་སྒོམ་པ་ནི། །མེ་ལོང་ཡེ་ཤེས་འཇུག་པའི་ལམ། །ཆེ་ཆུང་འཕོ་འགྱུར་མཐོ་དམན་མེད། །བརྗོད་བྱའི་ཚིག་རྣམས་ཀུན་དང་བྲལ། །བླ་མ་ཉིད་ཀྱིས་ངོ་སྤྲད་ནས། །རིག་པ་ཚད་བབས་སྲང་ལ་ཚུད། །ཕྱོགས་ལྷུང་མེད་པར་བསྒོམ་པ་ནི། །མཉམ་ཉིད་ཡེ་ཤེས་འཇུག་པའི་ལམ། །ངོ་བོ་མཉམ་ཉིད་དེ་ཉིད་ལ། །གསལ་བ་མ་འགགས་སོ་སོར་སྣང་། །གང་ཤར་འཛིན་མེད་བསྒོམ་པ་ནི། །སོར་རྟོག་ཡེ་ཤེས་འཇུག་པའི་ལམ། །


DNG025_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟར་འཆར་ཚུལ་ངོ་ཤེས་ལ། །དཀའ་ཐུབ་ཚད་མེད་མི་དགོས་ཏེ། །ཐམས་ཅད་ལྷུན་གྱིས་གྲུབ་པ་སྟེ། །བྱ་གྲུབ་ཡེ་ཤེས་འཇུག་པའི་ལམ། །བསྒོམ་བྱ་སྒོམ་བྱེད་ཉིད་དང་བྲལ། །ཐམས་ཅད་རང་གྲོལ་ལྷུན་གྲུབ་རྩལ། །མ་བསྒོམས་འཁོར་འདས་རང་སྲོག་ཆོད། །ཆོས་དབྱིངས་ཡེ་ཤེས་འཇུག་ལམ་མོ། །དེ་ནི་ལམ་དང་སྦྱར་བའོ། །འབྲས་བུ་ལྟར་དུ་བཤད་པ་ན། །དེ་ལྟར་འབྱུང་ལྔའི་དྭངས་མ་དེ། །ཡེ་ཤེས་རིག་པ་ཞེས་ཀྱང་བྱ། །ཕྱི་ལྟར་འབྱུང་ལྔ་ནང་ཕུང་པོ། །གསང་བ་དྭངས་མ་ལྔ་རུ་སྣང་། །ཡང་གསང་ལྟར་ན་ཡི་གེ་ལྔ། །བླ་མེད་ལྟར་ན་མཁའ་འགྲོ་ལྔ། །དུ་མ་སྣ་ཚོགས་ཕྱེ་གྱུར་ཀྱང་། །རིག་པའི་ཡེ་ཤེས་ཉིད་ལ་རྫོགས། །ཐམས་ཅད་ཡེ་ཤེས་རང་ཡིན་པས། །རང་བྱུང་ཡེ་ཤེས་རིག་པའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །སྙིང་པོ་ཡེ་ཤེས་གསུམ་ཕྱེ་ན། །རིག་པ་རྟོག་མེད་ཆོས་ཀྱི་སྐུ། །རིག་པ་འགག་མེད་ལོངས་སྐུ་སྟེ། །ཅིར་སྣང་སྤྲུལ་པའི་སྐུ་ཡང་ཡིན། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །ལུས་སེམས་གཉིས་ལ་ཚང་བའོ། །སྐུ་གསུམ་ཡེ་ཤེས་གསུམ་དང་ལྡན། །ཁྱད་པར་རིན་ཆེན་ཟུར་བརྒྱད་ཀྱི། །སྐུ་དང་ཡེ་ཤེས་འོད་དང་གསུམ། །སྐུ་ནི་མི་འགྱུར་མི་གཡོ་བ། །ཞི་བའི་སྐུ་ནི་ཉུང་འབྲུ་ཙམ། །མཚན་དཔེའི་ཚད་ནི་ཕུལ་ཐག་ཙམ། །སྣ་ཚོགས་གཅེར་གྲོལ་ཉིད་དུ་སྟེ། །ཐབས་ཤེས་གཉིས་མེད་ཡབ་ཡུམ་ཚུལ། །ཡབ་ཀྱི་ཆ་འཛིན་སེམས་དཔའ་བརྒྱད། །ཡུམ་གྱི་ཆ་འཛིན་སེམས་མ་བརྒྱད། །སྒོ་བ་ཡབ་ཡུམ་ཐུབ་པ་དྲུག །ཀུན་བཟང་རིགས་ལྔ་ཡབ་ཡུམ་བཅུ། །བཞི་བཅུ་ཞེ་གཉིས་བུམ་སྐུའི་ཚུལ། །ལྔ་ལྡན་ཚོམ་བུའི་དཀྱིལ་འཁོར་རྫོགས། །དེ་རྩལ་ཀླད་པ་ལ་དུང་ཁང་དུ། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས། །བྷུཌྜྷ་ཧེ་རུ་སྨུག་ནག་པ། །དབུ་གསུམ་ཕྱག་དྲུག་ཡུམ་དང་འཁྲིལ། །རང་གི་ཀླད་པའི་དཀྱིལ་ན་བཞུགས། །བཛྲ་ཧེ་རུ་མཐིང་ནག་པ། །


DNG025_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་གསུམ་ཕྱག་དྲུག་ཡུམ་དང་འཁྲིལ། །རང་གི་ཀླད་པའི་ཤར་ན་བཞུགས། །རཏྣ་ཧེ་རུ་སེར་ནག་པ། །དབུ་གསུམ་ཕྱག་དྲུག་ཡུམ་དང་འཁྲིལ། །རང་གི་ཀླད་པའི་ལྷོ་ན་བཞུགས། །ནུབ་ན་པདྨ་ཧེ་རུ་ཀ །དམར་ནག་ཞལ་གསུམ་ཕྱག་དྲུག་པ། །ཡུམ་དང་གཉིས་མེད་འཁྲིལ་ནས་བཞུགས། །བྱང་ན་ཀརྨ་ཧེ་རུ་ལྗང་། །ཞལ་གསུམ་ཕྱག་དྲུག་ཡུམ་དང་འཁྲིལ། །ཀུན་ཀྱང་ཕྱག་མཚན་སྣ་ཚོགས་འཛིན། །གསལ་འཚེར་གཅེར་གྲོལ་ཉིད་དུ་བཞུགས། །ཤར་ན་ཀཽ་རཱི་དཀར་མོ་སྟེ། །ལྷོ་ན་ཙཽ་རཱི་སེར་མོ་དང་། །ནུབ་ན་པྲ་མོ་དམར་མོ་དང་། །བྱང་ན་བེ་ཏཱ་ནག་མོ་དང་། །ཤར་ལྷོ་པུཀྐ་དམར་སེར་དང་། །ལྷོ་ནུབ་གྷས་མ་ལྗང་ནག་དང་། །ནུབ་བྱང་ཙནྡྷ་སེར་སྐྱ་དང་། །བྱང་ཤར་སྨེ་ཤ་མཐིང་ནག་པ། །ཁྲག་འཐུང་ཡབ་ཡུམ་བཅུ་ལ་བསྐོར། །ཀླད་ནང་མངོན་སུམ་ཉིད་དུ་བཞུགས། །དེ་ཡི་ཕྱི་རོལ་འཁོར་རྩིབས་ལ། །ཤར་ན་སིངྷ་སྨུག་ནག་དང་། །ལྷོ་ན་བྱཱ་གྷྲ་སྟག་མགོ་དམར། །ནུབ་ན་སྲྀ་ལ་ཝ་མགོ་ནག །བྱང་ན་ཤྭ་ན་སྤྱང་མགོ་མཐིང་། །ཤར་ལྷོར་གྲྀཌྷ་རྒོད་མགོ་དང་། །ལྷོ་ནུབ་ཀང་ཀ་དམར་ནག་པ། །ནུབ་བྱང་ཁ་ཁྭ་བྱ་མགོ་ནག། །བྱང་ཤར་ཧུ་ལུ་འུག་མགོ་མཐིང་། །ཡུལ་གྱི་ཕྲ་མེན་བརྒྱད་པོ་དེས། །ཁྲག་འཐུང་རྣམས་ལ་བསྐོར་ནས་བཞུགས། །ཤར་སྒོར་རྟ་མགོ་ལྕགས་ཀྱུ་དཀར། །ལྷོ་སྒོར་ཕག་མགོ་ཞགས་པ་སེར། །ནུབ་ན་སེང་མགོ་ལྕགས་སྒྲོག་དམར། །བྱང་སྒོར་སྦྲུལ་མགོ་དྲིལ་བུ་ལྗང་། །དེ་ལྟར་ཀླད་པའི་དཀྱིལ་ན་གནས། །དྲག་པོའི་ལྷ་ཚོགས་སུམ་ཅུ་བཞུགས། །ཕྱི་རོལ་དབང་ཕྱུག་ཉེར་བརྒྱད་ནི། །བྱང་ཤར་ནས་བཟུང་འདི་བཞིན་ནོ། །སྲིན་མོ་སྨུག་ནག་གཡག་མགོ་དང་། །ཚངས་པ་སྦྲུལ་མགོ་སེར་མོ་དང་། །ལྷ་ཆེན་དཀར་ལྗང་གཟིག་མགོ་དང་། །རྟོག་འདོད་སྲེ་མགོ་སྔོན་མོ་དང་། །དགའ་བ་སེར་མོ་ཕ་ཝང་མགོ། །གཞོན་ནུ་དྲེད་མགོ་དམར་མོ་དང་། །བརྒྱ་བྱིན་དོམ་མགོ་དཀར་མོ་དང་། །ཞི་བ་


DNG025_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོ་ཆུ་སྲིན་མགོ། །བདུད་རྩི་དམར་མོ་སྡིག་པའི་མགོ། །ཟླ་བ་དམར་མོ་ཁྲ་ཡི་མགོ། །བེ་ཅོན་ཝ་མགོ་ལྗང་ནག་དང་། །སྲིན་མོ་སྟག་མགོ་དམར་མོ་དང་། །ཟ་བ་ལྗང་ནག་བྱ་རྒོད་མགོ། །དགའ་བ་དམར་མོ་རྟ་ཡི་མགོ། །སྟོབས་ཆེན་དམར་མོ་ཁྱུང་གི་མགོ། །སྲིན་མོ་ཁྱི་མགོ་སེར་མོ་དང་། །འདོད་པ་དམར་མོ་པུ་ཤུད་མགོ། །ནོར་སྲུང་ལྗང་གུ་ཤ་བའི་མགོ། །རླུང་ལྷ་སྔོན་མོ་སྤྱང་མགོ་དང་། །མི་མོ་དམར་མོ་སྐྱིན་གྱི་མགོ། །ཕག་མོ་ནག་མོ་ཕག་གི་མགོ། །རྡོ་རྗེ་དམར་མོ་ཁྲ་ཡི་མགོ། །སྣ་ཆེན་ལྗང་ནག་གླང་ཆེན་མགོ། །ཆུ་ལྷ་སྔོན་མོ་སྦྲུལ་གྱི་མགོ། །སྒོ་མ་བཞི་ནི་འདི་ལྟ་སྟེ། །རྡོ་རྗེ་དཀར་མོ་ཁུ་བྱུག་ཤར། །རྡོ་རྗེ་སེར་མོ་ར་མགོ་ལྷོ། །རྡོ་རྗེ་དམར་མོ་སེང་མགོ་ནུབ། །རྡོ་རྗེ་ལྗང་ནག་སྦྲུལ་མགོ་བྱང་། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དེ། །ཧེ་རུ་དྲག་པོའི་ལྷ་ཚོགས་ལས། །རང་བྱུང་སྐུ་ཡི་རྩལ་དུ་ཤར། །སྐུ་ནི་ཉུང་འབྲུ་ཙམ་པ་ལ། །མཁྱེན་དཔྱོད་མ་འགགས་ཐུགས་རྗེའི་སྤྱན། །ཕུལ་ཐག་ཙམ་གཟིགས་ཕྱི་ནང་མེད། །ཟང་ཐལ་གཅེར་གྲོལ་ཆེན་པོར་བཞུགས། །རྒྱུ་རྐྱེན་ལས་འདས་ཡེ་ཤེས་ནི། །དྭངས་མ་ལྔ་ཡི་རང་བཞིན་ཏེ། །ཡེ་ཤེས་ངོ་བོར་ཟང་ཐལ་ལེ། །རྟོག་མེད་ཡེ་ཤེས་ཁྱབ་ཆེའོ། །འོད་ཀྱི་མཚན་ཉིད་དངོས་པོ་བྲལ། །འབྱུང་ལྔའི་དྭངས་མ་ཁ་དོག་ལྔ། །མ་འདྲེས་རང་གསལ་ཉིད་དུ་སྟེ། །སྐུ་ལ་ཡེ་ཤེས་འོད་དུ་བྱུང་། །རིག་པའི་སྐུ་ནི་བུམ་སྐུ་འདྲ། །ཡེ་ཤེས་བུམ་ནང་མར་མེ་འདྲ། །འོད་ཟེར་མར་མེའི་འོད་དང་འདྲ། །གནས་ཚུལ་འོད་ཀྱི་གོང་བུར་བཞུགས། །སྐུ་དང་ཡེ་ཤེས་འོད་དང་གསུམ། །གསུམ་བརྩེགས་ཚུལ་དུ་བཞུགས་པའོ། །རང་རིག་ཡེ་ཤེས་ངོ་སྤྲད་ན། །སྣ་ཚོགས་སྣང་བ་རྣམ་སྣང་སྟེ། །རིག་སྐུ་མི་འགྱུར་མི་བསྐྱོད་པ། །དགོས་འདོད་འབྱུང་བས་རིན་ཆེན་འབྱུང་། །ཐུགས་རྗེས་ཀུན་སྣང་སྣང་མཐའ་ཡས། །ཤེས་བྱ་རང་གྲུབ་དོན་ཡོད་གྲུབ། །རིག་པ་གསལ་སྟོང་དེ་བཞིན་བྱ། །མི་འགྱུར་སྟོན་པ་རྡོ་རྗེའི་རིགས། །


DNG025_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཀུན་ཚང་རིན་ཆེན་རིགས། །འཁོར་སྐྱོན་མ་གོས་པདྨའི་རིགས། །རང་རྩལ་ཤུགས་ལྡན་ལས་ཀྱི་རིགས། །སྤྲོས་པའི་མཐའ་བྲལ་དབྱིངས་ཡེ་ཤེས། །སྣང་བ་ཀུན་གསལ་མེ་ལོང་སྟེ། །མ་འདྲེས་ཀུན་མཉམ་མཉམ་པ་ཉིད། །སྣང་སྟོང་ཐབས་ཤེས་སོ་སོར་ཤར། །སོར་རྟོག་ཡེ་ཤེས་རང་ངོ་ཤེས། །ཆོས་རྣམས་འབད་མེད་རྩོལ་བ་བྲལ། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །རང་རིག་འོད་ལྔར་ལྷུན་གྲུབ་པོ། །ཡུལ་ལྔ་དག་དང་སྦྱར་བ་ན། །སྣང་བཞི་མ་གྲུབ་གསལ་མ་འགགས། །ཡེ་ཤེས་སྣང་སྟོང་གཟུགས་ཀྱི་ཡུལ། །སྒྲ་རྣམས་མ་འགགས་རྣ་བས་ཐོས། །ཐོས་པའི་མཚན་ཉིད་གྲག་སྟོང་དང་། །སྒྲ་གྲག་རང་སྟོང་རྣ་བའི་ཡུལ། །སྣ་ཡི་ཡུལ་དུ་དྲི་སྣ་ཚོགས། །གང་ལྟར་སྣང་བ་རང་བཞིན་སྟོང་། །དྲིར་འཛིན་སྟོང་པ་སྣ་ཡི་ཡུལ། །ལྕེ་ཡི་ཡུལ་དུ་རོ་སྣ་ཚོགས། །གང་ལྟར་བྲོ་ཡང་བཟུང་ཡུལ་སྟོང་། །རོ་སྣང་སྟོང་པ་ལྕེ་ཡི་ཡུལ། །ལུས་ལ་རེག་བྱ་གང་སྣང་ཡང་། །འཛིན་བྱེད་ཤེས་པ་རང་བཞིན་སྟོང་། །སེམས་ལ་བདེ་སྡུག་གང་ཤར་ཡང་། །རང་ཤར་རང་གྲོལ་ཉིད་དུ་སྟེ། །ཤར་གྲོལ་དུས་མཉམ་ཡིད་ཀྱི་ཡུལ། །བདེ་སྡུག་ཐམས་ཅད་དྲན་སྟོང་ཡུལ། །ཐམས་ཅད་ཕྱི་ནང་གཅེར་གྲོལ་ཡུལ། །འབྱུང་བ་ལྔ་དང་སྦྱང་བ་ན། །ཅིར་ཡང་མ་གྲུབ་ནམ་མཁའ་འདྲ། །གསལ་བ་སེམས་ཀྱི་སྣ་ཚོགས་གཡོ། །རང་རྩལ་རྫོགས་པའི་རླུང་དང་འདྲ། །ཡེ་ཤེས་འཆར་བས་མེ་དང་འདྲ། །ཡོན་ཏན་སྐྱེ་བས་ཆུ་དང་འདྲ། །ངོ་བོ་བརྟན་པས་ས་དང་འདྲ། །རང་རིག་ཡེ་ཤེས་ཟང་ཐལ་འདི། །རླུང་ལྔ་དག་དང་སྦྱར་བ་ན། །དྲོད་དང་ཡེ་ཤེས་གཉིས་མེད་པ། །མེ་དང་མཉམ་པའི་རླུང་ཡང་ཡིན། །འཁོར་འདས་སྲོག་འཛིན་རིག་པ་འདི། །སྲོག་འཛིན་ས་ཡི་རླུང་ཞེས་བྱ། །འབྱུང་བའི་དྭངས་སྙིགས་རིག་པས་འབྱེད། །དྭངས་སྙིགས་འབྱེད་པའི་རླུང་ཡང་ཡིན། །འཁོར་འདས་ཀུན་ལ་རིག་པས་ཁྱབ། །ཀུན་ལ་ཁྱབ་པའི་


DNG025_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཡང་ཡིན། །རིག་པས་འཁོར་བའི་སྲོག་བཅད་ནས། །མྱང་འདས་ས་རུ་སྐྱེལ་བས་ན། །སྙིང་རྗེ་མེད་པའི་ལས་རླུང་ངོ་། །དྭངས་མ་ལྔ་དང་སྦྱར་བ་ན། །སྟོང་གསལ་དང་གནས་ནམ་མཁའི་དྭངས། །རིག་རྩལ་འགྱུ་བ་རླུང་གི་དྭངས། །རང་བཞིན་བག་དྲོ་མེ་ཡི་དྭངས། །ཉོན་མོངས་དྲི་དག་ཆུ་ཡི་དྭངས། །རིག་མདངས་ཁ་དོག་ལྔ་དང་ལྡན། །འབྱུང་བ་ས་ཡི་དྭངས་མ་ཡིན། །གསང་བ་ཐིག་ལེའི་ཡིག་འབྲུ་རྣམས། །མཁའ་འགྲོ་ཡབ་ཡུམ་ངོ་སྤྲད་ན། །ཀླད་པ་དུང་ཁང་གཞལ་ཡས་ཁང་། །རྩེ་མོ་རྣམ་པར་བཀོད་པ་ན། །རྩ་འདབ་སུམ་བརྒྱ་དྲུག་ཅུ་ཡི། །ལྟེ་བ་རྩ་མདུད་དབུས་དག་ན། །འབྱུང་བ་ཆུ་ཡི་དྭངས་མ་མཆོག །ཕ་མའི་རྒྱུ་གྲུབ་ཐིག་ལེ་དཀར། །ཡེ་ཤེས་རང་འོད་ལྔ་དང་ལྡན། །ཡི་གེ་ཧ་དང་ར་རུ་གནས། །དེ་ཡང་ལྷུན་གྲུབ་བུམ་པའི་སྐུ། །དཀར་མོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་གཡོན་ཐོད་ཁྲག །རྡོ་རྗེ་དཔའ་བོ་ར་ཡི་ཚུལ། །དཀར་གསལ་འཁྲིལ་སྦྱོར་ལྡན་པར་གནས། །རྩ་འདབ་སུམ་བརྒྱ་དྲུག་ཅུ་ལ། །ཐིག་ལེ་ཡིག་འབྲུ་ཧ་ར་ལས། །རྡོ་རྗེ་ཌཱ་ཀི་ཡབ་ཡུམ་ནི། །ཕྱག་མཚན་ཁ་དོག་གཙོ་མོ་འདྲ། །སུམ་བརྒྱ་དྲུག་ཅུ་འོད་སྐུར་གནས། །མགྲིན་པ་རོ་འདུས་འཁོར་ལོ་ན། །རྩ་འདབ་བཅུ་དྲུག་རྩ་བདུན་ན། །འབྱུང་བ་ས་ཡི་དྭངས་མ་མཆོག །ཕ་མའི་ཁུ་ཁྲག་ལས་གྲུབ་པ། །ཐིག་ལེ་ཡི་གེ་རི་དང་ཙ། །ཡེ་ཤེས་ཁ་དོག་ལྔ་ལྡན་དེ། །རང་བཞིན་རཏྣ་ཌཱ་ཀི་དངོས། །ཡབ་ཡུམ་ཕྱག་གཡས་རིན་ཆེན་ལ། །གཡོན་པ་ཐོད་པ་ཞབས་བརྐྱང་བསྐུམ། །སེར་གསལ་རིན་ཆེན་གདན་ལ་བཞུགས། །རྩ་འདབ་བཅུ་དྲུག་རི་དང་ཙ། །གཙོ་བོ་ཡབ་ཡུམ་འདྲ་བར་གནས། །སྙིང་ག་དྲན་པ་རྣམ་བཀོད་ན། །རྩ་འདབ་སུམ་ཅུ་རྩ་གཉིས་ཏེ། །ལྟེ་བའི་རིན་ཆེན་ཟུར་བརྒྱད་ན། །ཕ་མའི་ཐིག་ལེ་ཡེ་ཤེས་མདོག །མཐིང་ག་ཡེ་ཤེས་རང་འོད་ལྔ། །མ་དང་ཧཱུྃ་གི་ཚུལ་དུ་གནས། །རང་བཞིན་བུམ་སྐུ་ཞལ་ཕྱག་ཚུལ། །ཀུན་བཟང་ཡབ་ཡུམ་འཁྲིལ་


DNG025_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བཞུགས། །རུས་རྒྱན་ཞབས་གཉིས་བརྐྱང་བསྐུམ་སྟེ། །རྩ་འདབ་སུམ་ཅུ་སོ་གཉིས་ལ། །མ་ཧཱུཾ་ཐིག་ལེ་ཡིག་འབྲུས་བརྒྱན། །གཙོ་མོ་འདྲ་བས་གང་བར་གནས། །ལྟེ་བ་སྐྱེད་བྱེད་དྲུག་ཅུ་བཞི། །རྩ་མདུད་དབུས་ཀྱི་ལྟེ་བ་ལ། །འབྱུང་གཞིའི་དྭངས་མ་ཕ་མའི་རྒྱུ། །ཁ་དོག་ལྔ་ལྡན་ཐིག་ལེ་དམར། །ཡི་གེ་ཧྲི་ནི་འོད་ཀྱི་སྐུ། །པདྨ་ཌཱ་ཀི་འཁྲིལ་སྦྱོར་ཅན། །བརྐྱང་བསྐུམ་པདྨའི་གདན་ལ་བཞུགས། །རྩ་མདུད་དྲུག་ཅུ་རྩ་བཞི་ལ། །ཐིག་ལེ་ཧྲི་ནི་འོད་ཀྱི་སྐུ། །གཙོ་མོ་འདྲ་བས་གང་བར་གནས། །གསང་གནས་བདེ་བ་མྱོང་བྱེད་ན། །རྩ་འདབ་ཉི་ཤུ་རྩ་བརྒྱད་ཀྱི། །ལྟེ་བའི་རྩ་མདུད་དབུས་ཉིད་ན། །ཕ་མའི་ཁུ་ཁྲག་ཐིག་ལེ་ལྗང་། །ཡེ་ཤེས་རང་མདངས་ལྔ་ལྡན་པ། །ས་ཡི་ཡི་གེ་འོད་ཀྱི་སྐུ། །ལས་ཀྱི་ཌཱ་ཀི་ཡབ་ཡུམ་ལྗང་། །རལ་གྲི་ཐོད་པ་གཡས་གཡོན་བསྣམས། །རྒྱ་གྲམ་གདན་ལ་འཁྲིལ་སྦྱོར་བཞུགས། །རྩ་འདབ་ཉེར་བརྒྱད་ཐིག་ལེ་ནི། །ས་ཡི་རྣམ་པ་གཙོ་མོ་འདྲ། །ཐམས་ཅད་གང་བར་གནས་པའོ། །བཞི་བརྒྱ་བདུན་ཅུ་རྩ་གཉིས་ལ། །ཌཱ་ཀི་ཞལ་སྦྱོར་བསམ་མི་ཁྱབ། །གྲངས་ལས་འདས་པའི་རྩ་ནང་ན། །ཐིག་ལེ་ཡི་གེ་བརྒྱད་ཚུལ་ལ། །ཌཱ་ཀི་ཡབ་ཡུམ་བརྗོད་མེད་གནས། །ཀུན་གྱི་ངོ་སྤྲོད་ཞིབ་རྒྱས་རྣམས། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །སེམས་དཔའ་རྩལ་གྱིས་མ་འོངས་སྟོན། །ཅེས་གསུངས་ནས། རྫོགས་རིམ་ཐིག་ལེ་ཉག་གཅིག་ཀློང་དུ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་ཡང་རྩེ་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སྐུ་དང་ཡེ་ཤེས་ཞལ་ཕྱག་རྫོགས་པར་རང་ལུས་དཀྱིལ་འཁོར་ཡེ་རྫོགས་སུ་བཞུགས་ཚུལ་ངོ་སྤྲོད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་ལྷུན་གྲུབ་མ་བཅོས་ཀུན་ཏུ་བཟང་། །ཡེ་གྲོལ་འགག་མེད་


DNG025_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་བདག །དག་པ་ཡེ་ཤེས་བཞུགས་ཚུལ་རྣམས། །ལེགས་པར་སྟོན་པས་གསུངས་ན་ཡང་། །མ་དག་ཉོན་མོངས་གནས་ཚུལ་རྣམས། །འདུས་པའི་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་བསྐུལ་བ་སྟོན་པས་གསན། །ཀྱེ་ཧོ་སེམས་དཔའི་རྡོ་རྗེ་ཉོན། །མ་དག་ཉོན་མོངས་ཞེས་པ་འདི། །རླུང་ཆེན་གློ་བའི་གྲོང་ཁྱེར་ན། །མ་རིག་པ་དང་སེམས་དང་ཡིད། །རྣམ་པ་གསུམ་དུ་གནས་པ་སྟེ། །མ་རིག་པ་ཞེས་འཐོམ་པ་དེས། །རང་རིག་གཤིས་ལ་སྒྲིབ་པར་བྱེད། །སེམས་ཀྱིས་ཡེ་ཤེས་ཉིད་ལ་སྒྲིབ། །ཡིད་ཀྱིས་རིག་སྣང་ངོ་ལ་སྒྲིབ། །དེ་ལས་ཉོན་མོངས་བག་ཆགས་དང་། །ཀུན་གཞི་ཉིད་དང་འཛིན་རྟོག་བྱུང་། །གཟུང་འཛིན་ལམ་སྒོ་ལྔ་རུ་བྱུང་། །ཉོན་མོངས་སྡུག་བསྔལ་ལྔ་ལ་སྤྱོད། །གཅིག་ལ་མཐོང་སྣང་བརྗོད་འདས་བྱུང་། །གནས་ལུགས་རང་རྟོགས་མ་ཤེས་པས། །གཏི་མུག་མུན་པ་ལྟ་བུར་འཐིབས། །མ་གྲུབ་ཆ་ལ་མེད་བཞིན་དུ། །སེམས་ཅན་རང་ཆས་ཞེ་སྡང་བྱུང་། །རང་གཞན་སྒྲིབ་མེད་ང་རྒྱལ་ཏེ། །བྲག་རི་ལྟ་བུར་ཤིན་ཏུ་མཐོ། །བདེ་བའི་དོན་སྒྲིབ་འདོད་ཆགས་རྒྱས། །རང་ཁ་མེ་ལྕེ་བཞིན་དུ་འབར། །གཞན་ལ་ཕྲག་དོག་འགྲན་སེམས་སྐྱེས། །དེ་ལ་བརྟེན་ནས་ཉོན་མོངས་ནི། །བརྒྱད་ཁྲི་དང་ནི་བཞི་སྟོང་བྱུང་། །བག་ཆགས་འཐུག་པོའི་སྦུབས་སུ་འཐུམས། །སྔར་ཞེན་བག་ཆགས་རྨི་ལམ་འདྲ། །ཕྱིས་འབྱུང་བག་ཆགས་རྒྱུ་འབྲས་འདྲ། །ད་ལྟའི་བག་ཆགས་གར་སྤྱིན་འདྲ། །ལས་རྣམས་ཐམས་ཅད་མཚམས་སྦྱོར་ཞིང་། །འགོ་བ་བླ་སྟེ་འགོག་པར་དཀའ། །ཕུང་ཁམས་འདི་ལ་བརྟེན་བྱས་ནས། །ཉོན་མོངས་དུ་མའི་རྟེན་གནས་བྱེད། །སྒོ་ལྔའི་ལམ་དོད་སྣང་ཡུལ་བཟུང་། །ཁམས་གསུམ་འཁོར་བར་འཁོར་ཞིང་འཁྱམས། །གཟུང་འཛིན་ཐག་པས་དམ་དུ་བསྡམས། །ཐེ་ཚོམ་དབང་གིས་རྒྱུ་འབྲས་ལོག །གངས་དཀར་ནག་པོར་མཐོང་དང་མཚུངས། །ཞེས་གསུངས་ནས། འཁྲུལ་ཡུལ་གཉིས་མེད་རིག་སྟོང་ཆེན་པོར་ལྷན་ནེར་བཞུགས་སོ། །


DNG025_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། མ་དག་ཉོན་མོངས་ཀྱི་གནས་ཚུལ་བཤད་པའི་ལེའུ་སྟེ་བཅུ་གཉིས་ པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ། ཀུན་ཁྱབ་དགོངས་གསལ་ཀུན་ཏུ་བཟང་། །རང་ཤར་འཛིན་གྲོལ་ལྷུན་གྲུབ་ལ། །གནས་ལུགས་དེ་ལྟར་ཡིན་པ་ན། །ཡེ་ཤེས་གཏིང་གསལ་ཆེན་པོ་དེ། །ལམ་མཆོག་གང་ལ་ཞུགས་པ་ཡིན། །རིག་མདངས་འཁོར་ལ་བཀའ་སྩོལ་ཅིག །སྟོན་པས་གསན་ནས་ལན་གསུངས་པ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །སྙིང་ནང་གནས་པའི་ཡེ་ཤེས་དེ། །སྤྱི་ལམ་རྩ་བཞི་ཡིན་པ་སྟེ། །ཁྱད་པར་ཀ་ཏི་ཤེལ་བུག་ཅན། །རྩ་ནི་དར་དཀར་སྐུད་དང་འདྲ། །ཁྲག་དང་ཆུ་སེར་དེ་ལ་མེད། །སྙིང་གི་རྩེ་ནས་ཡར་ཟུག་ནས། །སྒལ་འདབ་གཡས་ནས་ཡར་གྱེས་ཏེ། །རྩེའུ་ཆུང་གཡས་གཡོན་གཉིས་ནས་ཡར། །སྣ་འདབ་གཡས་གཉིས་ནས་ཀླད་པར་ཟུག །ཀླད་རྒྱའི་ནང་ནས་མིག་ལ་འདྲེལ། །རྩ་སྣ་རྒྱལ་མོ་གཉིས་ལ་ཟུག །རྒྱལ་མོ་རྒྱང་ཞགས་ཆུ་སྒྲོན་ནོ། །དར་དཀའ་སྐུད་པ་ལྟ་བུ་སྟེ། །སྙིང་ནང་ཡེ་ཤེས་ལམ་ཞུགས་འཆར། །ཡེ་ཤེས་དེ་ཡི་རང་འོད་ནི། །ཙཀྵུ་ཞེས་པའི་སྒོ་ལ་ཐོན། །གཉིས་ཀྱི་ཆ་འཛིན་སྣང་བ་སྟོན། །ཀུན་ལ་ཡོད་པའི་ཡེ་ཤེས་དེ། །མེ་ལོང་དཀྱིལ་འཁོར་དྭངས་པ་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །རྣམ་དག་སྟོང་པའི་ནམ་མཁའ་ལ། །དོན་གྱི་སྙིང་པོ་ཚོམ་བུ་ལྔ། །མ་བསྐྱེད་ཡེ་རྫོགས་གནད་ཀྱང་སྣོད་ཀྱིས་གསལ། །སྣང་བར་ནུས་པ་འགྱུ་བྱེད་རླུང་། །རོ་རྐྱང་གཉིས་པོ་རླུང་གི་ལམ། །ཀུན་འདར་མ་ནི་བྱང་ཆུབ་ལམ། །ཤེལ་བུག་ཅན་གྱི་སྒྲོན་མའི་ལམ། །འོད་དང་ཟེར་དུ་རབ་སྣང་སྟེ། །དཔེར་ན་ཉ་ཡི་མིག་གིས་ནི། །གསེར་གྱི་བྲག་རྒྱུད་ཆ་ཕྲ་བ། །བཟོ་བོ་མཁས་པས་ལེགས་བརྒྱུས་ལྟར། །མུ་ཏིག་འཕྲེང་ལྟར་ཡུལ་ལ་ཐོན། །དེ་ནི་དག་པའི་ཡེ་ཤེས་ལམ། །བདག་གིས་ཡང་དག་བསྟན་པའོ། །མ་དག་འཁོར་བའི་རྩ་ལམ་ནི། །


DNG025_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གིས་བསྡུས་པའི་སེམས་ཅན་ལ། །ཉོན་མོངས་མ་རིག་ཤས་ཆེ་སྟེ། །བརྟེན་ནི་གཟུགས་ཕུང་ལུས་ལ་བརྟེན། །གློ་སྙིང་གཉིས་ཀྱི་བར་ཤེད་ན། །སྲོག་རྩ་དམར་པོ་བྱ་བ་ནི། །སོག་སྦུག་ཙམ་པ་གཅིག་གི་ནང་། །རིག་པ་མ་ཡིན་གཞི་ཡིས་ཁྱབ། །སེམས་ཞེས་བྱ་བ་ཆགས་སྡང་ཅན། །ཡིད་ཅེས་བྱ་བ་རྟོག་པ་ཅན། །གསུམ་དུ་འདུས་པའི་མ་རིག་པ། །དུག་ལྔ་དུག་གསུམ་བཅས་པ་རྒྱུ། །རྩ་དེ་སྒལ་ཚིགས་གཡོན་པ་ནས། །རྩེའུ་ཆུང་གཡས་གཡོན་དག་ནས་རྒྱུ། །དབུགས་ཞེས་རླུང་གི་རྟ་ལ་ཞོན། །སྒོ་ནི་ཁ་དང་སྣ་རུ་རྒྱུ། །དེ་ལས་ཉེས་པ་སྣ་ཚོགས་འཆར། །ཉོན་མོངས་འཁོར་བའི་རྨང་རྡོ་བྱེད། །རྟགས་ནི་མཚན་མོ་གློ་སྦྲིད་དུས། །འོད་ཟེར་དམར་པོ་འཕྲོ་བ་འདྲ། །མ་དག་ལམ་གྱི་འཇུག་སྒོར་བཤད། །ཅེས་གསུངས་ནས། རང་ཤར་རང་གྲོལ་གྱི་ངང་དུ་བཅོས་མེད་ལྷུག་པར་ལྷན་ནེར་བཞུགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ལམ་གང་ལ་རྒྱུ་བ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱཿ། ( སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་དང་པོ་སངས་རྒྱས་ཀུན་ཏུ་བཟང་། །ཡིན་ལུགས་འགག་མེད་ཐུགས་རྗེ་ཅན། །ལམ་གྱི་རྒྱུ་ཚུལ་གསུངས་ན་ཡང་། །ཡེ་ཤེས་འཆར་བའི་སྒོ་གང་ལགས། །སྟོན་པ་ཉིད་ཀྱིས་བཀའ་སྩོལ་ཅིག །ཅེས་པ་སྟོན་པས་གསན་དགོངས་ཏེ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ལ་གསལ། །འཁོར་དང་མྱང་འདས་སྣང་བ་སྟོན། །དར་སྐུད་པ་མན་རྭ་འདྲ་ཁ། །རྩ་བ་འཕྲ་ལ་ཁ་ཕྱེ་བ། །ཨ་འབྲས་དཀྱིལ་དུ་ཟུག་པ་དེས། །ནམ་མཁའ་དྭངས་པའི་དབྱིངས་སུ་བལྟ། །ཡེ་ཤེས་སྣང་བ་ལྷུག་པར་འཆར། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །དག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་


DNG025_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྒྲོན་ཉིད་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས། །འདིས་ནི་མངོན་སུམ་མཐོང་བ་སྟེ། །ད་ལྟ་གཏན་ལ་དབབ་ཏུ་རུང་། །ཡིད་དཔྱོད་མུན་ཡུགས་ཚིག་དང་བྲལ། །མིག་གཉིས་རྒྱང་ཞགས་ཆུ་སྒྲོན་ཡིན། །གཟུགས་སོགས་ངོ་བོ་ཉིད་དུ་སྡུད། །དོན་རྣམས་སྣང་སྟེ་རིག་པར་བྱེད། །ཤེས་རབ་རང་བྱུང་སྒྲོན་མ་ཉིད། །ཐེག་པ་ཀུན་གྱི་ཐེ་ཚོམ་གཅོད། །རང་སྣང་འཛིན་དེ་ཆོས་རྣམས་སྡུད། །བག་ཆགས་འདྲེལ་རྒྱུན་འདི་ཡིས་གཅོད། །དབྱིངས་ཀྱི་དྭངས་མ་འདི་ཡིས་སྡུད། །ཆོས་ཉིད་མངོན་སུམ་སྣང་བ་མཐོང་། །ཐིག་ལེ་སྟོང་པའི་སྒྲོན་མ་ཉིད། །འཁོར་འདས་བསྲེ་བའི་མཚམས་སྦྱོར་བྱེད། །ཙཀྵུ་ལ་བརྟེན་འཇའ་འོད་འཆར། །རླུང་གིས་བཀྲགས་མདངས་གཟི་མདངས་བསྐྱེད། །བསྒྱུར་ཅིང་ཡེ་ཤེས་སྣང་བ་སྟོན། །འདིས་ནི་ལས་ཀུན་བྱེད་པའོ། །དག་པ་དབྱིངས་ཀྱི་སྒྲོན་མ་ཡིས། །རྣལ་འབྱོར་ཉམས་ཀྱི་ས་བོན་འདེབས། །འོད་སྣང་ཞིང་ཁམས་ཉིད་དུ་འཆར། །སྒྲོན་མའི་མཚན་རྟགས་མེད་བཤད་ཀྱང་། །མངོན་སུམ་མཐོང་བ་འདི་ཉིད་དོ། །སྣང་བ་ཀུན་གྱི་འཆར་བྱེད་སྒོ། །རྐྱེན་གྱིས་མ་བསྒྲིབས་རྒྱལ་མོ་ཆེ། །མིག་གི་དཀྱིལ་འཁོར་སྒོ་དག་ནས། །ཉི་མ་འམ་ནི་ཤེལ་མདངས་ལྟར། །རང་འོད་རང་ཆས་ཉིད་དུ་འཆར། །ཆོས་ཀྱི་མཚན་ཉིད་ཡེ་ཤེས་ལྔ། །ཁ་དོག་མ་འདྲེས་མཚན་ཉིད་ལྡན། །སྐུ་དང་ཡེ་ཤེས་སྣང་བ་ནི། །རང་བཞིན་སྣང་བ་མ་འགགས་ཤར། །རིག་པའི་རང་སྐུ་ལྷ་ཁང་འདྲ། །སྒྲོན་མ་བཞི་ནི་མཐོངས་ཁ་འདྲ། །རང་རིག་ཡེ་ཤེས་མར་མེ་འདྲ། །སྒྲོན་མ་བཞི་ནི་འོད་ཟེར་འདྲ། །བཞི་ཡང་གཉིས་འདུས་གཉིས་ཀྱང་དབྱིངས། །རྒྱང་ཞགས་སྒོ་ཕྱེ་གཟུགས་རྣམས་འཛིན། །ཤེས་རབ་རྩལ་གྱིས་དོན་ཀུན་ཁྲེམས། །ཐིག་ལེས་དབྱིངས་དང་གཉིས་མེད་འདྲེས། །འོད་སྣང་གོམས་པས་རིམ་གྱིས་འཆར། །ཙཀྵུ་ཡེ་ཤེས་འཆར་བའི་སྒོ། །འདི་ལས་གཞན་ཞིག་ཡོད་མ་ཡིན། །ཅེས་གསུངས་ནས། གསལ་ལ་མ་འགགས་རྐྱེན་གྱིས་མ་


DNG025_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིབས་གཏིང་གསལ་དུ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཡེ་ཤེས་འཆར་བའི་སྒོ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། ཀྱེ་བྱ་བཙལ་བྲལ་བའི་ཀུན་ཏུ་བཟང་། །བརྡལ་བ་ཆེན་པོ་དབྱིངས་རིག་དཔལ། །སྒོ་ལ་ཤར་བའི་ཡེ་ཤེས་དེ། །ཡུལ་ནི་གང་དུ་སྣང་བ་ལགས། །དེ་སྐད་སྟོན་པས་གསན་དགོངས་ནས། །འཛུམ་པའི་མདངས་ཕྱུང་ལན་འདི་གསུངས། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །ཡུལ་ནི་ཡེ་ཤེས་སྒྲོན་མ་དེ། །སྟོང་ཉིད་དབྱིངས་ཀྱི་ནམ་མཁའ་ལ། །རིག་མདངས་འོད་ཕུང་ནམ་མཁའི་ཁམས། །ཀུན་ཁྱབ་བག་ཆགས་དབུགས་ལ་བརྟེན། །ཡེ་ཤེས་རིག་པ་དབྱིངས་ལ་སྦྱོར། །བདག་རྐྱེན་གཞན་རྐྱེན་འབྱུང་བའི་རྐྱེན། །གསུམ་བྲལ་དུས་གསུམ་ལྷུག་པར་འཆར། །ཁྱད་པར་ནམ་མཁའ་གསལ་དྭངས་ལ། །དབྱར་མ་སྟོན་དང་དགུན་ཆུང་དཔྱིད། །རླུང་དང་བསེར་བུ་ཁུ་རླངས་མེད། །འཛིན་པ་མེད་པའི་བར་སྣང་ལ། །ཡེ་ཤེས་ལྔ་ཡི་རང་མདངས་འཆར། །ཞེ་འདོད་མེད་པའི་སྒྲོན་མ་ནི། །དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྟོང་པའི་སྒྲོན་མ་ཤར། །གཉིས་མེད་གཅིག་གི་རང་མདངས་ལས། །ཐིག་ལེ་སྐུ་དང་ཡེ་ཤེས་ཉིད། །འཁྲུལ་སྣང་དག་པའི་ཞིང་ཁམས་ནི། །ངོ་བོ་རང་བཞིན་གཉིས་མེད་པ། །སྟོང་གསལ་འགག་པ་མེད་པ་རུ། །རྫོགས་ལྡན་ཆོས་སྐུའི་སྣང་བ་མཐོང་། །སྒྲིབ་བྱེད་བྲལ་བའི་མཁར་བལྟས་པས། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་བཞུགས་ཤིང་མི་འབྲལ་འཆར། །ལྔ་ལྡན་འོད་ཀྱི་མུ་ཁྱུད་མཛེས། །ཡུལ་བྲལ་སྒྱུ་མ་གཟུགས་ཀྱི་སྐུ། །རིག་སྟོང་གསལ་བ་ཆོས་ལོངས་སྤྲུལ། །འཕོ་འགྱུར་མེད་པར་ལྷང་ངེར་འཆར། །རང་རིག་རང་གསལ་ངོ་མཚར་ཆེ། །འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་


DNG025_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྐལ་བ་དག་ནི་མཉམ་པའོ། །ལྟ་བ་རང་བྱུང་ཡེ་ཤེས་ལྟོས། །བྱ་བཙལ་བྲལ་བ་ངོ་མཚར་ཆེ། །ལྟ་བའི་མཚན་མ་རང་སར་གྲོལ། །སྒོམ་པ་དབྱིངས་རིག་རང་ངོ་བཟུང་། །རྡོ་རྗེ་ལུག་རྒྱུད་ངོ་མཚར་ཆེ། །སྣང་བ་གསལ་ལ་ངོས་གཟུང་མེད། །སྤྱོད་པ་སྒྲོན་མ་གཉིས་ལྡན་སྤྱོད། །སྤང་བླང་བྲལ་བ་ངོ་མཚར་ཆེ། །གཅེར་བུ་ཟང་ཐལ་དགག་སྒྲུབ་བྲལ། །འབྲས་བུ་སྐུ་གསུམ་རང་ངོར་རྫོགས། །ཡིད་དཔྱོད་ཀ་དག་ངོ་མཚར་ཆེ། །ཆོས་ཟད་དང་པོའི་སངས་རྒྱས་སོ། །ཕྱི་དབྱིངས་ནམ་མཁའ་སྟོང་པ་ལ། །ནང་དབྱིངས་རིག་པ་ཡེ་ཤེས་ཤར། །གཉིས་མེད་སྣང་བའི་གཞི་མ་སྟེ། །སྒྲོན་མ་བཞི་ནི་ལམ་དུ་འདོད། །སྙིང་པོའམ་ནི་འབྲས་བུ་སྟེ། །དངོས་མེད་མཐིང་གི་མཐོང་ལ་ལྟོས། །དབྱིངས་རིག་འདུ་འབྲལ་མེད་པ་ཡི། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ཙཀྵུ་རྒྱལ་མོའི་སྒོ་ལ་ཐོན། །རིག་སྟོང་མངོན་སུམ་བདེན་པ་དེ། །རྐྱེན་བྲལ་ཀློང་དུ་ལྷུན་གྲུབ་འཆར། །འཁོར་འདས་སུས་ཀྱང་བྱས་མེད་པའི། །གསལ་དག་འགྱུར་མེད་རང་དབྱིངས་ལ། །ཕྱི་ནང་མེད་པ་ངོ་མཚར་ཆེ། །གསལ་སྟོང་རྒྱ་ཆེ་ངོས་གཟུང་མེད། །སྐྱེ་འགག་མེད་པའི་སོ་མ་ཉིད། །རིག་པ་དབྱིངས་ལ་ལྷུག་པར་གདལ། །གཅེར་མཐོང་རང་གསལ་ངོ་མཚར་ཆེ། །ཡེ་སྟོང་ཀུན་གྱི་འབྱུང་གནས་ལ། །རིག་པ་ཀ་དག་འོད་ཟེར་འབར། །ཀུན་ལ་ཡོད་པའི་འོད་པོ་ཆེ། །དཀྱིལ་འཁོར་སཱུརྻ་དྭངས་པ་ལ། །རང་མདངས་འོད་ཟེར་ཤར་བ་ལྟར། །རྣམ་དག་སྟོང་པའི་ནམ་མཁའ་ལ། །དོན་གྱི་སྙིང་པོ་མ་འདྲེས་པ། །གོམས་པའི་སྟོབས་ཀྱིས་རིམ་གྱིས་ནི། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་ཉིད། །མ་སྐྱེས་རྫོགས་པའི་ཚུལ་དུ་གསལ། །འོད་ཕུང་ནམ་མཁའི་མཐའ་དང་མཚུངས། །བག་ཆགས་གཟུགས་ལ་རབ་བརྟེན་ནས། །ཐིག་ལེ་སྟོང་པའི་ཡེ་ཤེས་ནི། །དག་པ་དབྱིངས་ཀྱི་རང་ལ་སྦྱོར། །རང་སྣང་ཡེ་ཤེས་འོད་པོ་ཆེ། །སྒྲོན་མ་སྟོང་པ་ཀུན་གྱི་གཞི། །ཡུལ་སྣང་ཐམས་ཅད་རྣམ་པར་དག །འདི་ནི་ཡིད་


DNG025_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་མ་ཡིན་པར། །མངོན་སུམ་རང་ཐོག་ཕེབས་པའོ། །ཅི་ཕྱིར་མངོན་སུམ་ཞེས་པ་དེ། །སྒོ་དང་ཡུལ་དང་རིག་པ་གསུམ། །འདུ་འབྲལ་མེད་པར་སྣང་བའོ། །ཆོས་ཉིད་མངོན་སུམ་སྣང་བ་འདི། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་བ་ཙམ་གྱིས་ཕྱིར་མི་ཟློག །ཅེས་གསུངས་ནས། སུས་ཀྱང་མ་བྱས་མངོན་སུམ་གྱི་སྣང་བ་རང་གྲོལ་དུ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཡུལ་འཆར་སྒོ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཀྱེ་ཧོ།ཀུན་བྱེད་རྒྱལ་པོ་ཀུན་ཏུ་བཟང་། །མ་ནོར་དོན་སྟོན་ཆོས་ཀྱི་དབྱིངས། །འདི་ལྟར་འཁོར་འདས་ཆོས་རྣམས་ལ། །ཐེག་པའི་དབྱེ་བ་དུ་ཙམ་ཡོད། །སྟོན་པས་འཁོར་ལ་བཤད་དུ་གསོལ། །ཅེས་པ་སྟོན་པས་གསན་ནས་ནི། །འདུས་པའི་འཁོར་ལ་བཀའ་སྩལ་པ། །ཀྱེ་ཧོ་རྡོ་རྗེ་སེམས་དཔའ་རྩལ། །ས་ལམ་ཆིག་ཆོད་ཀུན་བཟང་ངས། །ཡེ་ཤེས་རྣམ་གསུམ་བསྟན་པ་དང་། །གདུལ་བྱ་མ་དག་དྲང་བའི་ཕྱིར། །སྟོན་པ་རྣམ་པ་གསུམ་དུ་བྱུང་། །གནས་ཀྱང་རྣམ་པ་གསུམ་ཡིན་ཏེ། །འདུལ་ཞིང་རྣམ་པ་གསུམ་དུ་བཤད། །འཁོར་ཡང་རྣམ་པ་གསུམ་ཡིན་ཏེ། །བསྟན་པ་དག་ཀྱང་རྣམ་པ་གསུམ། །བཅོ་ལྔའི་ཚུལ་དུ་གནས་པ་ཡིན། །ཆོས་སྐུའི་སྟོན་པ་རིག་སྟོང་དང་། །ཆོས་སྐུའི་གནས་ནི་འོག་མིན་ཉིད། །ཆོས་སྐུའི་འདུལ་ཞིང་ནམ་མཁའི་ཁམས། །ཆོས་སྐུའི་འཁོར་ནི་རིག་པའི་མདངས། །ཆོས་སྐུའི་བསྟན་པ་རྣམ་པ་བཞི། །མ་ཧཱ་ཨ་ནུ་ཨ་ཏི་དང་། །ཨ་ཏི་ཆེན་པོ་རྣམ་བཞིའོ། །ལོངས་སྐུའི་སྟོན་པ་གངས་ཆེན་མཚོ། །ལོངས་སྐུའི་གནས་ནི་ཁང་བུ་བརྩེགས། །ལོངས་སྐུའི་འདུལ་ཞིང་སྣང་བ་རྣམས། །འདོད་པའི་ལོངས་སྤྱོད་


DNG025_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཚད་ཡིན། །ལོངས་སྤྱོད་རྫོགས་པའི་འཁོར་ནི་འདི་ལྟ་སྟེ། །མོས་སྤྱོད་བཞི་ཡི་ས་ལས་རྡབ་འདས་ནས། །དང་པོ་རབ་ཏུ་དགའ་བའི་ས་གནོན་ཏེ། །ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་རྣམས་ཡིན། །འདུལ་ཞིང་སྣང་བ་གསལ་བས་ཁྱབ་ཚད་དེ། །བསྟན་པ་ཀྲྀ་ཡ་ཨུ་པ་ཡོ་གའོ། །སྤྲུལ་སྐུའི་གནས་ནི་ངེས་མེད་བྱ་རྒོད་རི། །སྟོན་པ་རབས་བདུན་ཤཱཀ་ཐུབ་ལ་སོགས་པ། །འདུལ་ཞིང་བྱེ་བ་ཕྲག་བརྒྱའི་འཛམ་གླིང་སྟེ། །འཁོར་ནི་ལྷ་མི་མུ་སྟེགས་བསྟན་གསོ་རྣམས། །དབང་པོ་སེམས་གྱུར་ཐུགས་རྗེའི་བྱིན་རླབས་ནས། །དགེ་སློང་ཕོ་མོ་དགེ་བསྙེན་ཕོ་མོ་བཞི། །མ་ངེས་སྣ་ཚོགས་སྤྲུལ་སྐུའི་འཁོར་ཡིན་ཏེ། །བསྟན་པ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །སྐུ་གསུམ་སྟོན་གནས་འཁོར་བསྟན་བཤད་པ་ཡིན། །མ་རིག་ལུས་ཅན་འཁྲུལ་པའི་སེམས་ཅན་ལ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གནས་པ་ཡིན། །གཉེན་པོ་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱང་བཤད། །ཆོས་སྒོ་བསམ་འདས་དེ་སྙེད་ཀྱང་། །སྡེ་སྣོད་གསུམ་གྱིས་འདུལ་བ་ཡིན། །འདོད་ཆགས་གཉེན་པོར་འདུལ་བ་དང་། །གཏི་མུག་གཉེན་པོར་མདོ་སྡེ་དང་། །ཞེ་སྡང་གཉེན་པོར་མངོན་པ་རྣམས། །ཀུན་ཀྱང་ཉི་ཁྲི་ཆིག་སྟོང་སྟེ། །དུག་གསུམ་ཆ་སྙོམས་སྡེ་སྣོད་གསུམ། །ཆ་སྙོམས་ཉི་ཁྲི་ཆིག་སྟོང་གསུངས། །འདུལ་བའི་སྣང་ངོ་ཐ་དད་པས། །ཡོད་ནི་གཅིག་ལས་མེད་པ་ལ། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །མཐོང་ནི་སྣང་བ་དགུ་རུ་མཐོང་། །དེ་ཡིས་གང་བྱས་ལས་འབྲས་ཀུན། །རྫོགས་ཆེན་ང་ཡི་སོ་ནམ་ཡིན། །ཐེག་བརྒྱད་དམན་པ་སོ་སོ་ཡི། །གྲུབ་མཐས་ཕྱོགས་ཙམ་མ་གཏོགས་པ། །ང་ཉིད་རྫོགས་པར་ག་ལ་མཐོང་། །དཔེར་ན་དམུས་ལོང་གླང་བལྟས་འདྲ། །ཡིན་ནི་ཆོས་ཉིད་ང་ཡིན་ཏེ། །བྱུང་ནི་ཐེག་པ་སོ་སོར་བྱུང་། །འདུས་ནི་སྐྱེ་འགག་མེད་པར་འདུས། །བསྒྲིབས་ནས་སྡོམ་པ་དམ་ཚིག་བསྲུང་། །གནང་བཀག་གཅིག་ལ་མི་ཚེ་ཟད། །དམྱལ་ཁམས་བཅོ་བརྒྱད་དེ་ལ་ཚང་། །


DNG025_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་གང་ཞིག་རྒྱུ་འབྲས་ལྕི། །མུ་སྟེགས་ཆད་པ་ལོགས་ན་མེད། །སྤྲོས་ལ་དགའ་བའི་གང་ཟག་ལ། །སྤྲོས་པ་ཅན་གྱི་ཆོས་ཀྱིས་འདུལ། །ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །གང་ཟག་དབང་པོ་དམན་ལ་བཤད། །ཀྲྀ་ཡ་ཨུ་པ་ཡོ་ག་གསུམ། །གང་ཟག་དབང་པོ་འབྲིང་ལ་བཤད། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །གང་ཟག་དབང་པོ་རབ་ལ་བཤད། །གང་ཟག་ཡང་རབ་ཐོད་རྒལ་ལ། །ཨ་ཏི་ཡང་རབ་ཐོད་རྒལ་བསྟན། །དེ་ཀུན་བློ་ཡི་རིམ་པར་སྦྱར། །ངེས་པར་ཡང་དག་ཆིག་ཆོད་ལ། །ས་ལམ་སྙིང་པོ་རྩོལ་སྒྲུབ་རྣམས། །སྤང་བླང་དབྱེ་བ་མེད་པར་གདལ། །སེམས་ཀྱིས་བྱས་པའི་ཐེག་པ་དགུ། །ཉམས་ལེན་ཡོད་མེད་ཁ་བཟུང་ནས། །ཐེག་དམན་ཀུན་གྱིས་འདི་མི་གོ། །དཔེར་ན་རྒྱ་ཁབ་མིག་དག་ཏུ། །རས་ཡུག་བཙུད་བཞིན་བརྒྱལ་ཞིང་སྔངས། །རྫོགས་ཆེན་དགུ་ཀ་ཉམས་སུ་ལེན། །དམ་ཚིག་བསྲུང་མེད་རྟོགས་གྱུར་ཀྱང་། །ཆོས་སྤྱོད་བཅུ་ཡི་ཆོན་ཐག་འཐེན། །མདོ་རྒྱུད་བཀའ་ཡི་ཕུལ་ཐག་ཁྲོལ། །མན་ངག་ལུང་གི་ལམ་དུ་ཁྱེར། །སློབ་པ་གསུམ་གྱི་སྲོག་ཤིང་འཛུགས། །མ་ཡེངས་མི་ཞེན་རྟོགས་པའི་རྒྱན། །མུ་སྟེགས་པའང་ཁྱད་མི་གསོད། །སངས་རྒྱས་ཀུན་ཀྱང་ཕུད་མི་བཀུར། །རང་བཞིན་སྟོན་པ་གསུམ་གྱི་ཆོས། །རྒྱུད་ལུང་མཐོ་དམན་སྔགས་མཚན་ཉིད། །མི་འགལ་སྡོམ་ཚིག་སྲོག་ཕྱིར་བསྲུང་། །མ་ཞེན་མ་བཅིངས་མ་སྤངས་ཁྱེར། །ཆོས་ཉིད་ཆེན་པོའི་སྐྱ་གྲོགས་ཡིན། །ཐེག་བརྒྱད་རང་རང་ཕྱོགས་ལ་ཞེན། །ཡུན་རིང་བསྐལ་པ་བྱེ་བ་ཁྲིར། །ཀ་དག་ཆོས་ཉིད་ང་མི་མཐོང་། །སླར་ཡང་ལུས་ངག་ཡིད་གུད་ནས། །ངན་འགྲོར་ཉིན་ཡང་ཅུང་ཟད་ཆེ། །ཚོགས་ཐོབ་གནས་སྐབས་བདེ་བ་ཙམ། །ཁ་ལྟ་ཅན་གྱི་ཚིག་སྐམ་རེས། །ཐེག་པ་བརྒྱད་ལ་སྐུར་བཏབ་པས། །ཁྲི་ཕྲག་བསྐལ་པ་བྱེ་བ་རུ། །དམྱལ་བའི་གནས་སུ་སྐྱེས་ནས་ཀྱང་། །དབང་པོ་མི་ཚང་སྡུག་བསྔལ་འབྱུང་། །ལྕེ་ལ་རྨོས་དོར་དགུ་བརྒྱ་བཙུགས། །ལུས་ལ་


DNG025_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་གྱི་ཆར་པ་འབེབས། །དེས་ན་ཐེག་པ་ཁྱད་མི་གསོད། །ཁ་ལྟ་སྨད་ལ་དོན་ལྟ་བསྟོད། །ཉན་ཐོས་ཏིང་འཛིན་རྒྱུད་ལ་བསྒོམ། །དེ་ཡིས་གོང་འོག་ཟབ་མི་ཟབ། །ཆོས་ཀྱི་རོ་ཞེས་བོགས་ཡང་ཆེ། །དེ་བཞིན་དགུ་ཀ་རྒྱུད་ལ་འགལ། །མ་སྤངས་ཀློང་ཡངས་ང་ཡི་ངང་། །རིམ་པ་དགུ་དང་བརྒྱ་ཁྲི་སྟོང་། །འབྱེད་པའི་ཕྱོགས་ཅན་ང་མི་རྟོགས། །འཆིང་བའི་ས་ལམ་བགྲོད་འདོད་པ། །ཚེ་གཅིག་སངས་རྒྱས་དེས་མི་ཐོབ། །ཨ་ནུ་མན་ཆོད་ལ་མཆོད་ཀྱང་། །ས་མདོ་རྣམ་པ་གསུམ་སྤྱོད་དེ། །བསྐྱེད་པའི་ས་དང་སྤྱོད་པའི་ས། །སྒྲུབ་པའི་ས་དང་གསུམ་དུ་བསྟན། །སྐྱེད་པའི་ས་རུ་སེམས་བཞི་བསྐྱེད། །སྤྱོད་པའི་ས་རུ་སེམས་སྤྱོད་བཅུ། །སྒྲུབ་པའི་ས་རུ་སྒྲུབ་འདོད་པ། །གཞན་སྣང་ཙམ་དུ་བསྟན་པ་ལས། །རང་སྣང་དག་པ་ངས་མ་བསྟན། །དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་། །རྫོགས་ཆེན་རྒྱུ་འབྲས་ལས་འཇོག་ཙམ། །དོན་ལ་སྤྱོད་སྤོང་བྱས་མ་བྱས། །ཁྱད་པར་ཉི་རྡུལ་ཙམ་ཡང་མེད། །དགེ་ཚུལ་ཉིས་བརྒྱ་ལྔ་བཅུ་དང་། །དགེ་སློང་ལྔ་བརྒྱ་ལྔ་བཅུ་སོགས། །བསྲུང་དུས་གྲངས་དང་དོན་མི་ཤེས། །སྡོམ་པ་མི་ཐུབ་བསྲུང་ཐབས་མེད། །རྟོག་པའི་སྟེང་དུ་ཡང་རྟོགས་བསྣན། །འཁྲུལ་པའི་སྟེང་དུ་ཡང་འཁྲུལ་བསྣན། །ཞགས་ཐག་སྟེང་དུ་འདྲེང་ཞགས་བསྡམ། །རྫོགས་ཆེན་བསྲུང་བྱ་ཀུན་ལས་འདས། །མ་ནོར་ཀློང་ཆེན་བསྲུང་བྱ་བྲལ། །ཚོགས་ཀྱི་ལམ་དང་སྦྱོར་ལམ་དང་། །མཐོང་སྒོམ་ལམ་དང་མཐར་ཕྱིན་ལམ། །ངེས་པར་རྫོགས་ཆེན་ལམ་ལས་གྲོལ། །བསོད་ནམས་འབྲས་བུ་ཐོབ་པ་མེད། །དྲང་བའི་ལྷ་ལ་བརྟེན་པ་ཙམ། །ལམ་ལ་ཐེག་བརྒྱད་མི་འབོར་ཏེ། །རང་ལ་ཆོས་སྐུ་ཚོལ་མི་བྱེད། །རྒྱུ་འབྲས་རང་ནས་རྩོལ་སྒྲུབ་མེད། །འདི་ལྟར་སྟོན་པ་ང་ཉིད་ཀྱིས། །འདུལ་ཞིང་བསྟན་པ་རྣམ་པ་གསུམ། །ཚིག་དང་བརྡ་ཡི་ཆོས་རྣམས་ཀུན། །དབྱེར་མེད་མ་རིག་དག་ཏུ་འཁྲུལ། །ང་ལ་སོ་སོར་བཅོས་པས་འཁྲུལ། །


DNG025_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་རང་སེམས་ཐེ་ཚོམ་འཁྲུལ། །ཆོས་ཉིད་རེ་བ་ཆེ་བྱེད་དང་། །འཁོར་བར་དོགས་པ་ཆེ་བ་དང་། །སངས་རྒྱས་གཞན་ནས་རེ་ས་འཁྲུལ། །དགུ་རུ་མཐོང་ཞིང་རང་མ་ཤེས། །སྦྲང་མ་ཚང་ཚོལ་ལྟ་བུར་འཁྲུལ། །རྩོལ་བ་བྱ་བྱེད་འཆིང་བ་ཡིས། །གླང་ཆེན་འདམ་བྱིང་ལྟ་བུར་འཁྲུལ། །འབད་པ་རེ་བའི་སྟོབས་ཀྱིས་འཁྲུལ། །ནད་ལ་སྨན་ལོག་སོང་བཞིན་འཁྲུལ། །དེ་མ་ཡིན་ལ་དེར་བཟུང་བས། །སྨིག་སྒྱུ་ཆུ་རུ་མཐོང་བཞིན་འཁྲུལ། །མེད་པར་ཡོད་པའི་བློ་སྐྱེས་པ། །གྲོགས་པོ་ཐག་རིང་ཤི་བཞིན་འཁྲུལ། །རྩོལ་བསྒྲུབས་ལོག་པར་སོང་བ་ནི། །བུ་ཆུང་སྤུ་གྲི་རྩེ་བཞིན་འཁྲུལ། །རང་བྱུང་ཡེ་ཤེས་མཚན་ཉིད་མེད། །བཟང་ངན་ཕྱོགས་ཆར་བལྟ་ན་འཁྲུལ། །བདག་མ་ཡིན་ལ་བདག་ཏུ་འཛིན། །སེམས་འཛིན་ལྟ་སྒོམ་ཡོད་ན་འཁྲུལ། །འོད་ལ་གཞལ་ཡས་ཁང་མཐོང་བ། །ཕྱེ་མ་ལྷེབ་དང་མར་མེ་བཞིན། །དངོས་གྲུབ་རེ་སྟོབས་བསླུས་པ་ཡིས། །སྤྲེའུ་ཁྲོན་པར་ཚུད་པ་བཞིན། །རང་བྱུང་ཡེ་ཤེས་བདག་མེད་ལ། །གང་ཟག་དབང་པོས་བདག་ཏུ་བཟུང་། །སྣང་ངོར་གང་འཐད་དེ་བསྟན་པས། །དེ་ཀུན་ང་ཡི་ཐུགས་རྗེར་འཁྲུལ། །ཀློང་ཆེན་དོན་གྱིས་གོ་བར་གྱིས། །རྒྱས་པ་ཆེན་པོ་བསམ་ཡས་ཀྱང་། །དགུ་རུ་ངེས་པར་དབྱེ་བའོ། །ཞེས་གསུངས་སོ། །ཐེག་པ་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། རྣམ་གྲངས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཨ་ཧོ།ཀུན་རྫོགས་ཆེན་པོ་ཀུན་ཏུ་བཟང་། །ཁྱབ་གདལ་ཆེན་པོ་འུབ་ཆུབ་དཔལ། །དབྱེ་བ་ཟུར་ཙམ་གསུངས་ན་ཡང་། །དང་པོ་ལྷ་མི་ལྟ་ལོག་གི། །གྲུབ་མཐའ་གང་ཡིན་རྫོགས་ཚུལ་གང་། །མ་སྤངས་རྒྱན་ཚུལ་གང་ལྟར་ལགས། །སྟོན་པས་རིག་མདངས་འཁོར་ལ་གསུངས། །དེ་སྐད་གསོལ་པ་སྟོན་པས་གསན། །ཀྱེ་ཧོ་འདུས་པའི་འཁོར་རྣམས་གསོན། །ང་ཡི་ཐེག་པ་རིམ་དགུ་ཡང་། །བཤད་ལུགས་


DNG025_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་མྱང་འདས་སོ། །འཁོར་བ་ཉིད་ལ་གྲུབ་མཐའ་ནི། །བློ་ཡིས་བསྒྱུར་དང་མ་བསྒྱུར་རོ། །མ་བསྒྱུར་བ་ལ་རྣམ་པ་གཉིས། །ཕྱལ་པ་ཉིད་དང་རྒྱང་འཕེན་ནོ། །རྒྱུ་འབྲས་ངོ་མ་ཤེས་པ་དེ། །ཕྱལ་པ་ཉིད་དུ་བཞག་པ་ཡིན། །ངོ་ཤེས་ཕྱི་མ་རྒྱང་དུ་བཞག །ཚེ་འདིའི་བཟོ་སྨན་ཕན་པ་སྒྲུབ། །རྒྱང་འཕེན་པ་ཞེས་བཤད་པ་ཡིན། །བློས་བསྒྱུར་ལམ་ལོག་མ་ལོག་ཡིན། །ལོག་པ་མུ་སྟེགས་མུར་ཐུག་གཉིས། །ངོ་བོ་ངེས་ཚིག་དབྱེ་བའོ། །ངོ་བོ་ལོག་པའི་ཤེས་རབ་ཀྱིས། །ཕྱིན་ཅི་ལོག་ལ་ཞེན་པའོ། །ངེས་ཚིག་ལྟ་བ་ངན་ལ་མུ། །སྤྱོད་པ་ངན་ལ་སྟེགས་པའོ། །དབྱེ་བ་སུམ་བརྒྱ་དྲུག་ཅུ་དང་། །འཇིག་ཚོགས་རི་བོ་དྲུག་ཅུ་དང་། །གྲངས་ཅན་དག་དང་ཉེར་ལྔ་དང་། །ཕྱི་ཡི་བདག་འཛིན་ཉི་ཤུ་དང་། །བྱེ་བྲག་བདག་འཛིན་བཅུ་དག་དང་། །ཏིར་ཐི་ཀེ་དྲུག་སྒྱུར་ལྟ་བཞི། །བསྡུ་ན་རྟག་ཆད་གཉིས་སུ་འདུ། །བགྲང་ཚུལ་དུས་གཅིག་ཕུང་བའོ། །གྲུབ་མཐའ་ཆད་པ་འདི་ལྟ་སྟེ། །རྒྱུ་ཆད་འབྲས་ཆད་ནམ་མཁའ་འདྲ། །ཐམས་ཅད་ཕྱལ་པ་ཉིད་དུ་འདོད། །རྟག་པ་སེམས་ཉིད་ཐིག་ལེའི་ཚུལ། །དཀར་དྭངས་སྣུམ་འདྲིལ་སྙིང་ནང་ན། །ཡེ་ནས་མི་འགྱུར་ཡོད་པར་བལྟ། །འབྲས་བུ་དབང་ཕྱུག་འཁོར་དུ་སྐྱེ། །དེ་ལྟ་འདོད་གཞུང་སོ་སོར་ཡོད། །ཨེ་མ་སེམས་དཔའ་རྡོ་རྗེ་ཉོན། །གྲུབ་མཐའ་ཐམས་ཅད་གང་ཟག་བློ། །དངོས་པོའི་གཤིས་ལ་དེ་མ་ཉེ། །སྒྲིབ་པས་གོལ་བས་སྡུག་བཙིར་ཀྱང་། །ཤེས་རབ་མི་ལྡན་ཕུང་བར་ངེས། །མ་རིག་མ་རྟོགས་ལོག་ལམ་མོ། །ཕྱི་ནང་རྟག་ཆད་ཡིན་མིན་རྣམས། །མི་འགལ་དབྱིངས་ཀྱི་ངང་དུ་ལྷུང་། །རྩོལ་སྒྲུབ་འདས་པའི་བདག་ཉིད་གྲུབ། །དེར་ཞེན་རྟོག་པ་མི་མངའ་བས། །སེམས་ཉིད་བླང་དོར་དེར་འཛིན་མེད། །མུ་སྟེགས་ཆད་པ་རྫོགས་ཆེན་རྒྱན། །མ་སྤངས་ཀློང་གྲོལ་ངང་ན་བདེ། །མི་སྐྱེ་འགག་མེད་སྣ་ཚོགས་འཆར། །སུམ་བརྒྱ་དྲུག་ཅུ་རྫོགས་ཆེན་རྒྱན། །ཀློང་ཆེན་མ་སྤངས་རང་གྲོལ་དང་། །


DNG025_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་གཉིས་སྣང་འཁོར་བ་དང་། །རིགས་དྲུག་མུ་སྟེགས་རྟག་ཆད་རྣམས། །རྒྱུ་གཅིག་ང་ཡི་ཀློང་ན་འཕྱོ། །ཀུན་གྱི་བདག་ཉིད་རྫོགས་ཆེན་རྒྱན། །མ་སྤངས་ཡེ་གྲོལ་ཕྱམ་བརྡལ་དང་། །ཀློང་ན་གསལ་བས་གདགས་གཞི་མེད། །གཞི་ལ་མི་གནས་རང་ཤེས་བདེ། །མུ་སྟེགས་བདུད་ཆེན་ལྟ་བ་དེ། །གང་ཟག་ཉིད་ཀྱིས་ལོག་པར་བརྟག །དངོས་པོ་གཤིས་ཀྱི་གནས་ལུགས་དང་། །རྟག་ཆད་གཉིས་སུ་ང་མི་གནས། །མཐའ་བཞི་མུ་བཞི་རང་གྲོལ་དང་། །མ་སྤངས་ཡེ་གྲོལ་ཀློང་ན་ཆུབ། །རིག་པ་ཕྱོགས་མེད་ཀུན་འབྱམས་ལ། །རྟག་ཆད་གཉིས་ཞེན་ཕྱོགས་འཛིན་བདུད། །ཨ་ཧོ། ཨ་ཏི་ཆེན་པོ་ངས་བཀྲོལ་ནས། །རྟག་ཆད་རང་ཤར་རང་སར་གྲོལ། །མུ་སྟེགས་མ་སྤངས་མ་བཅིངས་པར། །རྫོགས་ཆེན་མཛེས་པའི་རྒྱན་དུའོ། །གཅིག་མ་རྟོགས་ན་མང་པོ་དཀའ། །རིག་པ་གཡོ་བ་རྒྱུ་རྐྱེན་བྲལ། །མ་སྐྱེས་སྐྱེ་མེད་ཆོས་ཀྱི་དབྱིངས། །ནམ་མཁའི་དབྱིངས་ནས་མ་བཅོས་ཀློང་། །ཁམས་གསུམ་སྐུ་གསུམ་རང་བཞིན་གྲོལ། །མ་ཆད་མ་རྟག་བྱེད་པ་མེད། །མ་ཡལ་མ་ཞི་སྤྲོས་པ་མེད། །རིག་པ་མ་བསྒྲིབས་གསལ་མ་ཡལ། །མཁའ་ལ་རང་བྱུང་སྣང་སྲིད་གང་། །འབྲས་བུ་ལྷུན་གྲུབ་སྐུ་གསུམ་ཀློང་། །རྟག་པ་ཤར་གྲོལ་མ་སྤངས་རྒྱན། །ཆད་པ་མ་སྤངས་ཡེ་སྟོང་རྒྱན། །བསྒྲིམ་ལྷོད་མེད་པའི་རིག་པ་བདེ། །མ་བཅོས་རྣལ་དུ་ཀུན་རྫོགས་བདེ། །སྐྱེ་འཇིག་མཐའ་མེད་བྱ་བྲལ་ཀློང་ཆེན་དང་། །གསེར་གླིང་ལྟ་བུ་དབྱེ་བསལ་མེད་པའི་ཀློང་། །འཇའ་ཚོན་ལྟ་བུ་ཐམས་ཅད་བཀྲ་བའི་ཀློང་། །ཕྱི་ནང་མེད་པ་ནམ་མཁའ་ལྟ་བུའི་ཀློང་། །ཕྱོགས་རིས་མེད་པ་བུ་ཆུང་ལྟ་བུའི་ཀློང་། །རྟག་ཆད་མེད་པ་བར་སྣང་ལྟ་བུའི་ཀློང་། །འཕོ་འགྱུར་མེད་པ་རི་རྒྱལ་ལྟ་བུའི་ཀློང་། །ཁ་གཏིང་མེད་པ་རྒྱ་མཚོ་ལྟ་བུའི་ཀློང་། །རབ་འབྱམས་ང་ཡི་ཀློང་ན་ཀུན་ཀྱང་འཕྱོ། །རིག་པ་ངང་དྭངས་མཐའ་བཞི་མ་སྤངས་ཀྱང་། །འཁོར་འདས་རྒྱུ་འབྲས་ཐ་སྙད་


DNG025_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་རོལ། །འགྲོ་བ་རིགས་དྲུག་སྐྱེ་གནས་བཞི་པོ་ཡང་། །ཆོས་དབྱིངས་ངང་དུ་སྐྱེ་ཞིང་ངང་དུ་གྲོལ། །སྣང་བ་རྒྱ་ཡན་རིག་པ་རང་དག་བདེ། །མཐའ་ཡི་མུ་མེད་གོལ་ས་ཤུགས་ལ་ཆོད། །གཡང་ས་མེད་པའི་རིག་པ་གཅེར་བུ་ལ། །རྩོལ་བ་མེད་པར་སྐུ་གསུམ་ལྷུན་རྫོགས་པས། །མཚན་ཉིད་མ་འགགས་སྣ་ཚོགས་ཅིར་ཡང་ཤར། །དབང་པོས་ཅེར་མཐོང་མངོན་སུམ་ཆོས་དབྱིངས་གྲོལ། །ཇི་ལྟར་ལྟ་བ་ལོག་ཡང་ང་ཉིད་རང་། །མུ་སྟེགས་རང་གྲོལ་རྫོགས་ཆེན་རྒྱན་དུ་ཆེ། །ཞེས་གསུངས་ཏེ། ཆོས་ཉིད་ཀྱི་ངང་ནས་ཐེག་དགུ་འུབ་ཆུབ་སྟེ་ལྷན་ནེར་བཞུགས་སོ། །མུ་སྟེགས་ལྟ་ལོག་མ་སྤངས་རྫོགས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ་ཕྱོགས་རིས་མེད་པའི་ཀུན་བཟང་ཀློང་། །སྣང་འགག་བྲལ་བའི་ཡངས་པ་ཅན། །ཉན་ཐོས་དབྱེ་བ་གྲུབ་མཐའ་ཡང་། །མ་སྤངས་རྫོགས་ཚུལ་གང་ལྟར་ལགས། །སྟོན་པས་ལན་དུ་བཀའ་སྩལ་པ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །ཉན་ཐོས་ཐེག་པ་འདི་ལྟ་སྟེ། །ངོ་བོ་ངེས་ཚིག་དབྱེ་བསྡུའོ། །ངོ་བོ་ཆོས་ཀྱི་བདག་ལྟ་ཡིས། །རང་གི་ཞི་བདེ་སྒྲུབ་པའོ། །ངེས་ཚིག་རང་དོན་ཉན་ཅིང་ཐོས། །དབྱེ་ན་བཞི་སྟེ་ཉན་ཐོས་པ། །སྤྲུལ་པ་རང་རྒྱུད་ཞི་བཀྲོད་དང་། །གྲུབ་མཐའ་དག་ལ་མཐར་འཛིན་ནོ། །བསྡུ་ན་མདོ་སྡེ་བྱེ་བྲག་གཉིས། །སྤྱི་ཡི་འཇུག་སྒོ་བདེན་པ་བཞི། །མདོ་སྡེ་བ་ཡི་ལྟ་བ་ནི། །ཁ་ཐོན་ཐོས་བསམ་སྒོ་གསུམ་དང་། །ཤེས་རབ་རྣམ་གསུམ་མཐར་ཕྱིན་པས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །བྱེ་བྲག་པ་ཡི་འདོད་གཞུང་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་སིང་ཚུལ་དུ་འདོད། །རང་གི་བློ་ཡིས་བལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་བཞིན་དུ་འདོད། །དེ་ཡི་རྣམ་པ་ཆ་གཞིགས་ནས། །སྟོང་པ་ཉིད་དུ་བློས་སྒོམ་མོ། །ཉན་ཐོས་སྤྱི་ཡི་སྒོམ་


DNG025_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །བདེན་པ་བཞི་ཉིད་བསྒོམས་པ་ཡིས། །འབྲས་བུ་བཞི་ཉིད་འདོད་པའོ། །འགོག་པ་ཀུན་འབྱུང་སྤང་བར་འདོད། །བྱམས་པའི་བསྟན་ལ་འབྲས་བུ་ཐོབ། །འགོག་པ་རྒྱུན་དུ་ཞུགས་པ་སྟེ། །རབ་ཏུ་དགའ་ནས་བདུན་ཚུན་ཐོབ། །ཀུན་འབྱུང་བསྒོམས་པའི་འབྲས་བུ་ནི། །ལན་ཅིག་ཕྱིར་མི་ལྡོག་པ་སྟེ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་ས་བཅུ་མཐར་ཕྱིན་ཏེ། །ཉན་ཐོས་གཉིས་ལ་གཙོར་བྱེད་དོ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །ཉན་ཐོས་སྤང་དགག་མདོ་སྡེ་ཀུན། །ཕྱོགས་ཆ་བདག་བཟུང་གཅིག་གིས་བཅིངས། །ཡེ་ཀློང་ང་ཡི་དོན་ལ་བསྒྲིབས། །ལྟ་དགོངས་མ་ལོག་ཀློང་འབྱམས་ང་། །དེ་ཡིས་གཏན་ལ་ཕེབས་པ་དཀའ། །ང་ཉིད་བརྟག་དཀའ་བརྗོད་མཐའ་བྲལ། །དཔེ་དང་གཏན་ཚིགས་ཙམ་གྱིས་བརྗོད་མི་ནུས། །བརྗོད་མེད་དོན་ཉིད་ཀློང་བརྡལ་ངང་ན་བརྡལ། །ཉན་ཐོས་སྡེ་གཉིས་མ་སྤངས་ག་ལ་ཡིན། །ང་ཡི་རོལ་པ་ཙམ་དུ་འགག་པ་མེད། །ཕྱོགས་རིས་མེད་པའི་ལྟ་བ་ཡངས་པའི་ཀློང་། །མ་འགགས་ཤར་བའི་རང་བྱུང་ཡེ་ཤེས་ཉིད། །རྒྱུ་དང་རྐྱེན་བྲལ་སྤང་འགག་མེད་པའི་སྐུ། །རྟོགས་པའི་ཀློང་ཆེན་རབ་འབྱམས་དོན་རྟོགས་ན། །སྐད་ཅིག་ཡེ་གྲོལ་ཀ་དག་ང་རང་ཉིད། །ཆོས་ཅན་དཀར་ནག་སྤྲོས་པའི་མཚན་མ་བྲལ། །མ་འདྲེས་ཡོངས་རྫོགས་ནམ་མཁའི་གཟའ་སྐར་བཞིན། །ཉོན་མོངས་མ་སྤངས་ང་ཡི་ཀློང་ན་འཕྱོ། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་མ་སྤངས་ང་ཡི་རྒྱན། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །ཀུན་ཀྱང་སྤོང་འགེག་བདེན་གཉིས་སྤོང་མི་བྱེད། །འཇུག་སྒོ་བདེན་བཞི་མ་སྤངས་ང་ཡི་རྒྱན། །ང་ཡིས་བསྟན་པའི་སྐུ་གསུམ་བསྟན་པ་ལ། །ལ་ལས་སྤོང་བའི་ཡུལ་དུ་མཐོང་། །ལ་ལས་དགག་དང་ལ་ལས་སྒྲུབ། །ལ་ལས་སྦྱང་དང་ལ་ལས་དགག །ལ་ལས་སྟོང་དང་


DNG025_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་ཆད། །ལ་ལས་བླང་དང་ལ་ལས་དོར། །མཐོང་སྣང་རེ་དང་ལམ་སྟེགས་རེ། །ལམ་སྟེགས་རེ་ལ་གྲུབ་མཐའ་རེ། །གྲུབ་མཐའ་རེ་ལ་ཕྱོགས་ཞེན་རེ། །ཨ་ཏི་ཆེན་པོའི་ཀློང་ཆེན་ང་། །རྩོལ་མེད་བྱ་བྲལ་སྡུག་བསྔལ་བྲལ། །སོ་མ་རང་གྲོལ་མ་བཅོས་པ། །མཐོང་བའི་རྩོལ་བ་ཞེན་སྤངས་ཏེ། །ཐམས་ཅད་ང་ཡི་ལམ་སྟེགས་ཡིན། །དཔེར་ན་ཤིང་སྡོང་རྩེ་མོ་ལ། །རྩ་བ་མ་གྲུབ་རང་སར་རྫོགས། །གཅིག་ལ་མཐོང་ཡུལ་དགུ་རུ་ཞེན། །ཀློང་ཆེན་ང་ལ་ཉན་ཐོས་རྫོགས། །དཔེར་ན་རྒྱལ་ཁང་རྩེ་མོ་ལ། །འོག་ཐོག་མ་གྲུབ་རང་སར་རྫོགས། །ཉན་ཐོས་བདེན་བཞི་བྱེ་བྲག་པ། །མ་སྤངས་རང་གྲོལ་ཨ་ཏིའི་རྒྱན། །དཔེར་ན་ཉི་མའི་དཀྱིལ་འཁོར་ལ། །འོད་ཟེར་མ་བསྒྲུབས་རང་སར་རྫོགས། །མུན་པ་མ་སྤངས་རང་སར་གྲོལ། །ཨ་ཏི་ཀློང་ཆེན་བདེ་ཡན་ལ། །ཉན་ཐོས་མ་བསྒྲུབས་རང་སར་རྫོགས། །སྤོང་འགེགས་མ་སྤངས་རང་སར་གྲོལ། །སྤྱོད་ལམ་བཅོས་སྡོམ་མེད་པའི་ཀློང་། །སྣང་སྲིད་ཆོས་སྐུར་བརྡལ་བའི་ཀློང་། །དམ་ཚིག་བསྲུང་མཚམས་བྲལ་བའི་ཀློང་། །འབྲས་བུ་སྤང་ཐོབ་རེ་མེད་ཀློང་། །དཔེར་ན་ནམ་མཁའི་ཁམས་ཉིད་དུ། །སྣོད་བཅུད་མ་བསྒྲུབས་རང་སར་རྫོགས། །མཐའ་བརྒྱད་མ་སྤངས་རང་སར་གྲོལ། །ཨ་ཏི་བརྡལ་ཁྱབ་ཆེན་པོ་ལ། །ཉན་ཐོས་མ་བསྒྲུབས་རང་བཞིན་ཀློང་། །ས་བཅུ་མ་བསྒྲུབས་ཡེ་ནས་ནོན། །ཕྱིར་མི་འོང་བའི་ཡེ་ཐོབ་ཡིན། །སྤྲུལ་པའི་རྫུ་འཕྲུལ་ཡེ་ཀློང་ཡིན། །རྣམ་རྟོག་སྐྱོན་ཡོན་ག་ལ་ལྟ། །མི་སྤང་ཁོ་རང་གཞི་མེད་ཡིན། །མ་འགགས་ཆུ་རླབས་མཁའ་སྤྲིན་བཞིན། །ལན་ཚ་ཆབ་རོམ་བཏབ་པ་བཞིན། །ང་ལ་རྫོགས་ཤིང་ང་ལ་ཐིམ། །ཀློང་ཆེན་ང་ཡིས་བཀག་པ་མེད། །ཉམས་ལེན་མ་འདྲེས་ཐད་དཀར་གསལ། །གང་བྱས་ཡངས་པར་གྲོལ་བ་ཡིན། །ཇི་ལྟར་ཆོས་སྐུའི་ཞིང་ཁམས་ཀྱང་། །སྐྱེ་མེད་ང་ཡི་


DNG025_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ན་ཡངས། །རང་བཞིན་དག་པའི་ཞིང་ཁམས་ཀྱང་། །རང་གསལ་ང་ཡི་ཀློང་ན་ཡངས། །ཐུགས་རྗེ་སྤྲུལ་སྐུའི་ཞིང་ཁམས་ཀྱང་། །ཀློང་ཁྱབ་འགགས་མེད་ཀློང་ན་ཡངས། །མི་གནས་རིག་པའི་ཀློང་དུ་འདས། །ཇི་ལྟར་ས་ལམ་བརྩིས་པའི་ཆོས། །རྩོལ་བས་སྡུག་བསྔལ་ཆོས་མིན་གྱི། །ཆོས་རྣམས་མི་ཟད་ཡོངས་རྫོགས་པ། །ཨ་ཏི་ང་ཡི་སྦུབས་ན་རྫོགས། །ཉན་ཐོས་སྤོང་འགེག་བསྐལ་པར་སྦྱངས། །སྙིང་པོ་རིག་པ་ཐོབ་དུས་མེད། །ཅེར་མཐོང་རང་གྲོལ་ང་ཉིད་ལ། །བསྐལ་པའི་སྤང་འགེག་འུབ་ཆུབ་བོ། །འབྲས་བུ་སྟོན་ལ་རག་ལུས་པའི། །ཉན་ཐོས་འདུས་བྱས་ལྟ་བ་ནི། །ངན་པས་རང་བཅིངས་མ་ཁྲོལ་བར། །ཡུལ་སེམས་སེ་གོལ་གཅིག་ཙམ་ཀྱང་། །མ་བྲལ་རྟོག་པ་འགགས་པར་འདོད། །ཨ་ཏི་ཀུན་རྫོགས་བརྡལ་ཡངས་ང་། །ཡེ་ནས་ཡུལ་སེམས་གཉིས་མི་འགག །ཡུལ་སེམས་གཉིས་སུ་ང་མི་ཞེན། །ཡུལ་སེམས་གཉིས་སུ་ང་མི་གནས། །བྲལ་བར་གྱུར་ཀྱང་དབྱེར་མི་ཕྱེད། །ཕྱོགས་འཛིན་མདུད་པས་བཅིངས་པའི་ཉན་ཐོས་ནི། །ཨ་ཏི་ཀློང་ཆེན་ང་ཡིས་བཀྲོལ་བས་ན། །ཡོད་མེད་གཉིས་སུ་མཉམ་པའི་མཉམ་ཉིད་ལ། །ཡུལ་སེམས་གཉིས་ཀར་མ་འགགས་རང་ཤར་བས། །ཡུལ་སེམས་གཉིས་ཀར་མ་ཞེན་རང་གྲོལ་ཅིང་། །ཇི་ལྟར་བྱས་ཀྱང་རང་ཤར་རང་གྲོལ་ཀློང་། །ཨ་ཏི་ཆེན་པོ་མ་བསྒྲུབས་ཡེ་གྲུབ་སྟེ། །ཉན་ཐོས་མ་སྤངས་རྫོགས་ཆེན་སྤྱི་ཕུད་རྒྱན། །ཇི་ལྟར་སྦྱར་བགྲོད་བྱས་ཀྱང་རིག་པའི་ཀློང་། །ཇི་ལྟར་སྤོང་འགེག་བཅིངས་ཀྱང་རང་གྲོལ་ཀློང་། །ཉན་ཐོས་རང་གྲོལ་ཡེ་རྫོགས་རྒྱན་དུ་ཧོ། །ཞེས་གསུངས་ནས།ས་བཅུ་ཡེ་བགྲོད་རང་ལུགས་རང་རྣལ་གྱི་ངང་ལ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཉན་ཐོས་རྫོགས་ཚུལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།


DNG025_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཨེ་མ། མཉམ་ཉིད་རོ་གཅིག་ཀུན་ཏུ་བཟང་། །ངོ་མཚར་རྨད་བྱུང་སྤྱི་དཔལ་མེས། །རང་རྒྱལ་ཐེག་པ་གསུང་དུ་གསོལ། །སྟོན་པས་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་གཞོན་ནུ་སེམས་དཔའ་རྩལ། །རང་རྒྱལ་འཇུག་སྒོ་རྟེན་འདྲེལ་ཏེ། །བཅུ་གཉིས་ཉིད་ཀྱི་གྲུབ་མཐའ་ལྟ། །གང་ཟག་བདག་ཏུ་མེད་པ་ལ། །ཆོས་ཀྱི་བདག་ཏུ་ཡོད་པར་བལྟ། །ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སྲུང་། །སྒོམ་ནི་མི་རྟོག་ཆོས་ཉིད་སྒོམ། །ཕྱི་ནང་རྟེན་འདྲེལ་བཅུ་གཉིས་རྣམས། །གོམས་ནས་མཐའ་རུ་ཕྱིན་པ་དང་། །འབྲས་བུ་མཐར་ཕྱིན་ཚད་དུ་འདོད། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །ང་ནི་ཀློང་ཆེན་ཡངས་པ་སྟེ། །ཟླ་བ་མཁའ་ལས་མ་འཕགས་པར། །ཆུ་ནང་ཀུན་ཏུ་ཁྱབ་པ་ལྟར། །ཉན་ཐོས་རང་རྒྱལ་ཁས་ལེན་གཉིས། །སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ། །རྟེན་འདྲེལ་བཅུ་གཉིས་ལུགས་ཟློག་རྣམས། །རང་ལས་བྱུང་བའི་སྣང་བ་ལ། །སྤོང་འགེགས་སྦྱང་བས་སྡུག་ཅིང་བཙིར། །དེ་ཡིས་ཀློང་ཡངས་གཏན་མི་ཕེབས། །སེམས་དང་ཆོས་ལ་དབྱེར་མེད་པས། །ཐམས་ཅད་རང་གྲོལ་ཨ་ཏི་དང་། །བླང་དོར་མེད་པས་གཏན་ལ་ཕེབས། །ལོ་ཀ་ཆོས་བརྒྱད་དབང་མི་གཏོང་། །ཉན་རང་ཨ་ཏི་ང་ཡི་རྒྱན། །སྡོམ་པ་དམ་ཚིག་བསྲུང་མཚམས་བྲལ། །རྟེན་འདྲེལ་བཅུ་གཉིས་ང་ཡི་རྒྱན། །མི་འགྱུར་འགྱུར་མེད་ཆགས་མེད་ལམ། །ཡེ་ནས་མ་བསླད་རབ་འབྱམས་ཀློང་། །དུས་གསུམ་ཇི་ལྟར་ལྷག་གེ་ལྷག །ཇི་ལྟར་མེ་ཡི་རང་བཞིན་ལ། །ཚ་བ་མ་བསྒྲུབས་རང་སར་རྫོགས། །གྲང་བ་མ་སྤངས་རང་སར་གྲོལ། །བརྡལ་ཁྱབ་ད་ལ་ཆིག་ཆོད་དེ། །ས་བཅུ་མ་བསྒྲུབས་ཡེ་ནས་ནོན། །ཉན་ཐོས་མ་སྤངས་རང་སར་གྲོལ། །འདས་པའི་ཀློང་ལ་རང་བཞིན་མེད། །མ་འོངས་ཀློང་ཆེན་འོད་དུ་གསལ། །ད་ལྟའི་ཀློང་ཆེན་གཞི་མ་


DNG025_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །བརྗོད་མཐའ་མུ་ཡས་སྤྲོས་དང་བྲལ། །རང་རྒྱལ་གང་སྤྱད་ང་ཡི་རྒྱན། །སངས་རྒྱས་སེམས་ཅན་གཉིས་མེད་མཉམ། །མཉམ་པས་གོང་འོག་རིམ་པ་མེད། །ཡེ་རྫོགས་ཐིག་ལེ་ཆེན་པོ་ཡིན། །སློབ་དཔོན་མེད་པར་རང་རྩལ་གནས། །རང་རྒྱལ་བདུད་ཆེན་ལྟ་བ་ནི། །ལྟ་བ་རང་གིས་རང་ཉིད་བཅིངས། །རང་བཞིན་མེད་པའི་ཡུལ་སྟོང་ལ། །ཤེས་པ་གཏད་ནས་འཛིན་ཆར་འདོད། །བཅུ་གཉིས་དོན་ལ་འཇུག་ཟློག་བྱེད། །ཀློང་ཆེན་ཁྱབ་གདལ་ཨ་ཏི་ང་། །ཡེ་ནས་རྟེན་འདྲེལ་བཅུ་གཉིས་ཏེ། །མ་འགགས་མ་ཞེན་མི་གནས་པས། །མཐའ་མ་སྤང་བར་རང་གྲོལ་ལོ། །ཡོད་པར་འཛིན་ལ་ཕྱོགས་ཆ་འདོད། །ཨ་ཏི་ཡོད་མེད་མཉམ་པ་ལ། །འཇུག་ཟློག་རང་ཤར་རང་གྲོལ་བས། །རང་རྒྱལ་མ་སྤངས་ཨ་ཏི་མ་བསྒྲུབས་པས། །སྤང་བླང་མེད་པ་རྫོགས་ཆེན་རྒྱན་དུའོ། །ཞེས་གསུངས་ནས། བློའི་བཞག་ཐབས་ཇི་བཞིན་པའི་ངང་དུ་ལྷན་ནེར་བཞུགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། )ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། རང་རྒྱལ་མ་སྤངས་རྫོགས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ཡང་གཅིག་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་ཡང་གསོལ་པ། །ཀྱེ་ཀུན་གྱི་སྤྱི་གཟུགས་རྒྱལ་བའི་གཙོ། །ཡེ་ནས་སངས་རྒྱས་བདག་ཉིད་དཔལ། །བྱང་ཆུབ་སེམས་དཔའི་གྲུབ་མཐའ་རྣམས། །རིག་མདངས་འཁོར་ལ་བཀའ་སྩོལ་ཅིག །ཅེས་པ་སྟོན་པས་གསན་དགོངས་ཏེ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་སྒོ་དོན་དམ་ཀུན་རྫོབ་གཉིས། །སྡོམ་པ་བརྒྱད་ཅུ་རྩ་ལྔ་སྲུང་། །སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམ། །ལམ་ནི་ས་ལམ་སྦྱང་བར་འདོད། །འབྲས་བུ་དྲོད་སྐྱེ་བཟོད་པ་དང་། །རྩེ་མོ་འཇིག་རྟེན་ཆོས་མཆོག་གོ། །ས་བཅུ་རིམ་གྱིས་ཐོབ་འདོད་སྟེ། །དེ་ནི་བྱང་ཆུབ་སེམས་ཐེག་གོ། །ཨ་ཧོ་སེམས་


DNG025_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྡོ་རྗེ་ཉོན། །བསྐལ་པ་གསུམ་དང་གྲངས་མེད་དུ། །རྩོལ་སྒྲུབ་སྦྱངས་པའི་ཐེག་པ་དེ། །མི་རྩོལ་ལྷུན་གྲུབ་ཨ་ཏིར་རྫོགས། །བྱང་སེམས་འཇུག་སྒོ་གཉིས་ཀྱི་སྡོམ། །ཨ་ཏི་མི་འཇུག་ཀློང་དུ་གྲོལ། །མ་སྤངས་རྒྱ་འབྱམས་ངང་ན་བདེ། །བྱང་སེམས་ཐེག་པ་ཨ་ཏིའི་རྒྱན། །རྒྱུ་འབྲས་དྲང་ལུང་ཐམས་ཅད་རྫོགས། །མ་སྐྱེས་དག་པས་སྒྲིབ་དང་བྲལ། །བགྲོད་པའི་ལམ་བྲལ་གོལ་ས་མེད། །ཡེ་ནས་ལྷུན་གྲུབ་སྦྱང་བགྲོད་བྲལ། །སྡོམ་པ་བརྒྱད་ཅུ་རྩ་ལྔ་རྫོགས། །བྱང་སེམས་བསྲུང་བྱས་དམ་པར་སྡོམ། །ཨ་ཏི་ཡེ་བསྲུངས་ཀློང་དུ་གྲོལ། །ལྟ་སྤྱོད་མ་སྤངས་སྦུབས་ན་བདེ། །མདོ་སྡེའི་ཐེག་པ་ཨ་ཏིའི་རྒྱན། །བྱང་ཆུབ་སེམས་དཔའི་ཐེག་པ་དེ། །དོན་དམ་ཀུན་རྫོབ་གཏན་ཚིགས་ཀྱི། །རང་སྣང་འཆར་སྒོ་ཆོས་ཉིད་ལ། །སྦྱང་བགྲོད་རྩོལ་བས་གོལ་ཞིང་བསྒྲིབས། །གཅིག་ལ་གཉིས་བཟུང་གཏན་མི་ཕེབས། །ཨ་ཏི་ཡེ་ཀློང་ཁྱབ་གདལ་ང་། །སྟོང་ཉིད་སྒོམ་དེ་མ་སྤངས་རྫོགས། །དམིགས་གཏད་སྒོམ་དེས་བསྐལ་པར་བསྡམས། །ཡེ་ཀློང་ཅེར་མཐོང་ངང་དུ་གྲོལ། །མ་ནོར་དབྱེར་མེད་ངང་ན་བདེ། །སྟོང་སྒོམ་མ་སྤངས་རྫོགས་ཆེན་རྒྱན། །ལྟ་བ་བལྟ་རུ་མེད་པ་ལ། །དོན་དམ་ཀུན་རྫོབ་མ་སྤངས་རྒྱན། །སྒོམ་པ་བསྒོམ་དུ་མེད་པ་ལ། །ཕྱོགས་འཛིན་སྒོམ་དེ་མ་སྤངས་རྒྱན། །སྤྱོད་པ་སྤྱད་དུ་མེད་པ་ལ། །བརྒྱད་ཅུ་རྩ་ལྔ་མ་སྤངས་རྒྱན། །འབྲས་བུ་ཐོབ་ཏུ་མེད་པ་ལ། །ཆོས་མཆོག་ལ་སོགས་ཨ་ཏིའི་རྒྱན། །དམ་ཚིག་བསྲུང་དུ་མེད་པ་ལ། །དོན་དམ་ཀུན་རྫོབ་མ་སྤངས་རྒྱན། །ཕྲིན་ལས་བཙལ་དུ་མེད་པ་ལ། །སྦྱང་བགྲོད་གཉིས་པོ་མ་སྤངས་རྒྱན། །ས་ལམ་བགྲོད་དུ་མེད་པ་ལ། །ས་བཅུ་མན་ཆད་མ་སྤངས་རྒྱན། །ཨ་ཏི་ཡིན་ལུགས་རང་ཤེས་ལ། །ཐེག་དམན་ཐམས་ཅད་མ་སྤངས་མཛེས། །ཞེས་གསུངས་ནས། འགྱུར་མེད་


DNG025_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ངང་ལ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་ཡང་རྩེ། ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སྤྲུལ་སྐུའི་བསྟན་པ་གསུམ་མ་སྤངས་རྫོགས་ཚུལ་གྱི་ལེའུ་སྟེ་ཉི་ཤུ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་འགྱུར་མེད་ཆེན་པོ་ཀུན་ཏུ་བཟང་། །མཚན་མ་ཡོངས་གྲོལ་སོ་མའི་ངང་། །ལོངས་སྐུའི་བསྟན་པ་སྡེ་གསུམ་གྱི། །ཀྲྀ་ཡའི་དབྱེ་བ་བསྟན་དུ་གསོལ། །སྟོན་པས་བཀའ་སྩལ་སེམས་དཔའ་ཉོན། །ཀྲྀ་ཡའི་ཐེག་པ་འདི་ལྟ་སྟེ། །ལྟ་སྒོམ་སྤྱོད་པ་འབྲས་བུའོ། །ལྟ་བ་ཡོད་མིན་མེད་པ་མིན། །གཅིག་མིན་ཐ་མི་དད་པར་འདོད། །སྒོམ་པ་ལྷ་དྲུག་བདག་བསྐྱེད་ནས། །མདུན་བསྐྱེད་རྗེ་ཁོལ་ཚུལ་དུ་སེམས། །སྤྱོད་པ་གཟའ་སྐར་དུས་བཟང་ལ། །ཁྲུས་དང་གཙང་སྦྲ་དཀར་གསུམ་སྤྱོད། །འབྲས་བུ་མི་ཚེ་བདུན་ཉིད་ཀྱིས། །ཡང་དག་རྫོགས་སངས་རྒྱས་པར་འདོད། །སྤང་བ་ཉ་ཤ་སྒོག་བཙོང་དང་། །ཆང་དང་བུད་མེད་སྤངས་བྱས་ནས། །ཏིང་ངེ་འཛིན་ལ་ཞེན་ཆེའོ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །ལ་དགུ་ལུང་དགུ་བརྒལ་བྱས་ཀྱང་། །དག་པ་གཙང་སྦྲས་ང་མི་མཐོང་། །རང་གསལ་ཀུན་འབྱུང་ཨ་ཏི་ང་། །གཞན་དུ་ལྟོས་མེད་བརྡལ་ཁྱབ་དང་། །སངས་རྒྱས་ཕ་ཡུལ་ཐེག་པའི་དུར། །ཡོངས་བསྲུངས་དག་པར་ང་ལ་རྫོགས། །མི་སྡུག་མི་སྙན་ང་ཡི་རོལ། །སྤངས་བསྒྱུར་བསྐྱེད་པས་སྦྱངས་ཤིང་བསྡམས། །ཀློང་ཆེན་ང་ཡི་སྦུབས་སུ་གྲོལ། །སྤངས་པ་ཀུན་ཀྱང་ཀློང་ན་བདེ། །ཀྲྀ་ཡ་མ་སྤངས་རྫོགས་ཆེན་རྒྱན། །ཇི་ལྟར་སྐར་ཚོགས་སྤྲིན་རླུང་རྣམས། །མ་སྤངས་རོལ་རྩལ་ནམ་མཁའི་རྒྱན། །ཇི་ལྟར་ཐེག་པའི་གྲངས་མང་ཡང་། །ཤ་ཆང་སྒོག་བཙོང་གཙང་སྦྲ་རྣམས། །ཨ་ཏི་ང་ཡི་རོལ་རྩལ་རྒྱན། །ཆུ་བྲན་རྒྱ་མཚོར་འདུས་ནས་ནི། །ཆུ་སྣ་འདི་ཡིན་དབྱེར་མི་ཕྱེད། །ཨ་ཏི་ཀློང་ཆེན་བརྡལ་བ་ལ། །


DNG025_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་འདི་ཡིན་ཕྱོགས་མི་འབྱེད། །བློས་བརྟག་ཐ་སྙད་ང་ལ་ཐིམ། །ཕྱོགས་ཞེན་དམིགས་འཛིན་སྡོམ་པ་ལ། །ཆོས་ཟད་ཀ་དག་ཆེན་པོར་གྲོལ། །འདི་ཡིན་འདི་མིན་མེད་པས་བདེ། །ཀྲི་ཡ་མ་སྤངས་རྫོགས་ཆེན་རྒྱན། །ཀྲི་ཡ་རྡོ་རྗེ་འཛིན་འདོད་ན། །དག་པ་རྣམ་གསུམ་སྒོར་ཞུགས་ཏེ། །གཟུང་འཛིན་བཀྲུས་པས་དག་ཏུ་རེ། །ཨ་ཏི་ཆེན་པོའི་བདག་ཉིད་ནི། །གཟུང་འཛིན་ཡེ་དག་རང་རིག་དཔལ། །གཟུང་འཛིན་འདས་པའི་རྫོགས་ཆེན་ཡིན། །ཇི་ལྟར་ཆུ་ཉིད་ངོ་བོ་ལ། །རླན་པ་མ་གྲུབ་ལྡན་པའི་ཀློང་། །སྐམ་པ་མ་གྲུབ་རང་གྲོལ་ངང་། །དེ་ལྟར་ཨ་ཏི་ཀློང་བརྡལ་ལ། །ཀྲི་ཡ་མ་བསྒྲུབས་རང་བཞིན་ཀློང་། །གཟུང་འཛིན་མ་སྤངས་རང་གྲོལ་རྒྱན། །ཇི་ལྟར་བསྒོམས་ཀྱང་ཀློང་གི་རྩལ། །ངོ་བོ་རང་བཞིན་ཐུགས་རྗེའི་རྩལ། །ཀྲི་ཡ་གདོས་འཛིན་བརྡལ་བའི་རྩལ། །མ་རིག་ཡེ་ཤེས་རིག་པའི་རྩལ། །འཆར་སྒོ་འཁྲུལ་རྟོག་ང་ཡི་རྩལ། །སྣང་རིག་ཡིད་སེམས་ང་ཡི་རྩལ། །འཁྲུལ་ལུགས་ཐམས་ཅད་ཀློང་གི་རྩལ། །གཟུགས་དང་ཡན་ལག་ཀློང་གི་རྩལ། །གྲུབ་མཐའ་ཀུན་དང་ལྟ་སྒོམ་སྤྱོད། །འགྱུ་ཚད་རིག་ཚད་རྟགས་ཚད་དང་། །དགྲ་གཉེན་ཕྱོགས་རིས་ཁ་དོག་དང་། །ཐེག་པ་དགུ་དང་བཅུ་གཅིག་སོགས། །ཀློང་ཡངས་ངང་ནས་རྩལ་དུ་ཤར། །དེ་ལ་ཞེན་ན་མདུད་པས་བཅིངས། །མ་བཅོས་རང་གྲོལ་ཨ་ཏི་ཡང་། །མཁའ་ཀློང་རྣམ་དག་ཆོས་དབྱིངས་སུ། །གཞི་རླུང་རིག་པའི་ངོ་བོར་ཐིམ། །རྩལ་རྣམས་ཟེར་གྱི་ཀློང་དུ་ཐིམ། །སྟོང་གསལ་འོད་འབར་ཀློང་དུ་ཐིམ། །ཞེན་པ་མ་སྤངས་ཀློང་དུ་ཐིམ། །རིག་པ་གང་སྣང་ཤར་གྲོལ་དང་། །རང་བཞིན་ངོ་བོའི་ཀློང་ཡངས་ཡིན། །མ་རིག་འཆར་སྒོ་འཁྲུལ་སྣང་ཚོགས། །གང་ཤར་ཐོག་ཏུ་རང་བཞིན་གྲོལ། །བཟང་ངན་ཐེག་པའི་སྤང་ལེན་ཀུན། །ཀློང་གི་རང་གྲོལ་ཡངས་པའི་དབྱིངས། །སྐྱིད་སྡུག་གསོན་གཤིན་ཡིན་མིན་དང་། །རེ་དང་དོགས་དང་རྟག་ཆད་དང་། །རིག་ཚད་དྲན་ཚད་


DNG025_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུ་ཆད་དང་། །བསམ་ཚད་སྣང་ཚད་ཤར་ཚད་དང་། །དུག་ལྔ་དུག་གསུམ་བག་ཆགས་སམ། །རྣམ་རྟོག་ཀུན་བརྟགས་གྲུབ་མཐའ་དང་། །མཚོན་བྱེད་བྱ་བཙལ་དགག་སྒྲུབ་རྣམས། །གང་ཤར་སྐྱེས་པའི་ཐོག་ཏུ་གྲོལ། །སྟོང་པ་ཀུན་འབྱུང་སྟོང་པའི་རྒྱན། །ཐོལ་བྱུང་རིག་པ་རིག་པར་གྲོལ། །ཝལ་བྱུང་དྲན་རྟོག་རིག་པར་གྲོལ། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །འཆིང་མཁན་གྲོལ་མཁན་ག་ལ་ཡོད། །རྔ་མའི་མདུད་པ་རང་གྲོལ་བཞིན། །ཀྲི་ཡ་མ་སྤངས་རང་གྲོལ་རྒྱན། །ཐམས་ཅད་ཀ་དག་ཀློང་དུ་གྲོལ། །སྟོང་དང་སྣང་བ་དབྱེར་མི་ཕྱེད། །མཁའ་ལ་འཇའ་ཚོན་ཐིམ་པ་ལྟར། །སྣང་རིག་སྟོང་གསལ་དབྱེར་མི་ཕྱེད། །ཁ་ཆར་མཚོ་ལ་ཐིམ་པ་འདྲ། །ཉན་ཐོས་ཨ་ཏི་དབྱེར་མི་ཕྱེད། །ཆུ་དང་འོ་མ་འདྲེས་པ་འདྲ། །རང་རྒྱལ་བྱང་སེམས་ཨ་ཏི་གསུམ། །མར་དང་མར་ནི་བསྣོལ་བ་ལྟར། །ངོ་བོ་རང་བཞིན་ཐུགས་རྗེ་དང་། །དུག་གསུམ་སྐུ་གསུམ་དབྱེར་མི་ཕྱེད། །ཁྲག་དང་ཆུ་གཉིས་བསྲེས་པ་ལྟར། །མ་རིག་ཡེ་ཤེས་དབྱེར་མི་ཕྱེད། །འཁྲུལ་དང་མ་འཁྲུལ་ག་ལ་ཡོད། །རྟོགས་དང་མ་རྟོགས་ག་ལ་ཡོད། །སངས་རྒྱས་སེམས་ཅན་ག་ལ་ཡོད། །ཐེ་ཚོམ་ཅན་གྱི་གྲུབ་མཐའ་ཀུན། །ཨ་ཏི་ཆོས་ཟད་ཀ་དག་ཀློང་། །སངས་རྒྱས་གཞན་ནས་མི་རེ་རྫོགས། །འཁྲུལ་རྨོངས་ཐེག་ཆུང་ཚིག་གིས་བསྡམས། །ཨ་ཏི་དོན་གྱི་ཐོག་ཏུ་གྲོལ། །ཐེག་པའི་ཕྱོགས་ཞེན་བློས་བཏགས་ཡིན། །མ་སྤངས་མ་འདྲེས་ངང་ན་བདེ། །བློས་བཏགས་ཐ་སྙད་རོལ་པར་མཛེས། །མཚན་མའི་སྤྱོད་པ་གཟིགས་མོར་ཆེ། །ཀྲི་ཡ་མ་སྤངས་རྫོགས་ཆེན་རྒྱན། །བློ་ཡི་ཡུལ་ལ་ངེས་པ་མེད། །བློ་ཡུལ་མ་ཟད་སངས་མི་རྒྱ། །ཨ་ཏི་མ་རྟོགས་གང་ཟག་ལ། །ཡཱ་ན་བརྒྱད་ཀྱི་ལྟ་སྒོམ་རྣམས། །དྲང་བའི་དོན་དུ་བཤད་པ་ཙམ། །གནས་སྐབས་ཙམ་གྱི་བདེ་འབྲས་ཡིན། །སྤོང་སྒྱུར་སྦྱོངས་ཐབས་བློ་སྣ་ཚོགས། །ཡིད་སྨོན་སངས་རྒྱས་ནམ་ཞིག་བསླུ། །


DNG025_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པའི་བུཌྜྷ་སངས་མི་རྒྱ། །ཨ་ཏི་ཀློང་ཆེན་ཀུན་ཤོང་ལ། །གནས་ལུགས་རང་སྣང་རྩིས་གདབ་མེད། །འགྲོ་ཡིན་འགྲོ་མིན་རང་གྲོལ་ཀློང་། །སྡོད་ཀྱིན་ལབ་ཀྱིན་རང་གྲོལ་ཀློང་། །ཟ་ཡིན་འཐུང་གིན་རང་གྲོལ་ཀློང་། །གསང་ཆེན་བཀའ་འདི་སུས་གོ་བ། །ཀུན་བཟང་ངང་ལས་གཞན་མི་འདའ། །ཉན་ཐོས་སྡུག་བསྔལ་ཀུན་འབྱུང་ཟེར། །ད་གཏན་འབེབས་པའི་ཆོས་མིན་ནོ། །སྡུག་བསྔལ་བདེ་ཆེན་ཀ་དག་ཏུ། །ཀློང་ཆེན་ང་ཡིས་གཏན་ལ་ཕེབས། །སྤོང་འགེག་རང་གྲོལ་ཕན་ཚད་བཞག །ཀྲི་ཡ་མི་རྟག་སྡུག་བསྔལ་ཟེར། །ད་གཏན་དེ་ཡིས་ཕེབས་པ་ཡིན། །དབྱེར་མེད་ལྷུན་གྲུབ་རོལ་པ་རུ། །ཀློང་ཆེན་ང་ཡིས་ངེས་པར་འབེབས། །སྣང་བ་སྐྱེ་མེད་རང་སར་གྲོལ། །ཨ་ཏི་ཀློང་ཆེན་ནམ་མཁའ་ལ། །ཐེག་དགུ་དེའི་རྩལ་སྣོད་བཅུད་ཙམ། །བླང་དོར་རེ་དོགས་བྲལ་ནས་ནི། །དགུ་ཁ་ཉམས་བླངས་གཏན་ལ་ཕེབས། །བྱ་བ་གཙོར་བྱེད་ཀྲི་ཡ་སྟེ། །དག་པ་མཐའ་བཞིའི་མདུད་པས་བསྡམས། །སྣང་བ་དག་པ་རིགས་གསུམ་ལྷ། །གཟུགས་རྣམས་འཇམ་དཔལ་སྒྲ་སྤྱན་རས། །དྲན་རྟོག་ཕྱག་རྡོར་ཉིད་དུ་བལྟ། །བདག་དང་ཡོན་བདག་རྫས་ཏིང་འཛིན། །དག་པ་གསུམ་གྱི་མདུད་པས་བསྡམས། །རྗེ་ཁོལ་གོང་འོག་ཚུལ་དུ་བལྟ། །ཨ་ཏི་བཟང་ངན་གཉིས་མི་དགག །མི་གནས་མི་ཞེན་རྒྱར་མ་ཆད། །མཉམ་ཉིད་ཕྱམ་བརྡལ་ཡིན་པ་ལ། །བཟང་ངན་ལྟ་བ་ཕྱོགས་འཛིན་བདུད། །ཨ་ཏི་བཟང་ངན་བྲལ་བ་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །ཨ་ཏི་མ་བསྒྲུབས་ཀྲི་ཡ་མ་སྤངས་པར། །དགག་སྒྲུབ་བྲལ་བ་རྫོགས་ཆེན་རྒྱན་དུ་མཛེས། །ཞེས་གསུངས་ནས། ཕྱོགས་འཛིན་ཞེན་མེད་རྗེན་པར་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཀྲི་ཡ་མ་སྤངས་རྫོགས་པའི་ལེའུ་སྟེ་རྩ་གཅིག་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ།


DNG025_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཨུ་པའི་གྲུབ་མཐའ་དབྱེ་བ་རྣམས། །ཨ་ཏིར་རྫོགས་ཚུལ་གསུང་དུ་གསོལ། །སྟོན་པས་ལན་དུ་བཀའ་སྩལ་པ། །འདུས་པའི་འཁོར་ཉོན་ང་ཡིས་བཤད། །ཨུ་པ་ཡ་ལ་བཞི་ཡིན་ཏེ། །ལྟ་བ་ཏིང་འཛིན་སྤྱོད་པ་དང་། །འབྲས་བུ་དག་དང་བཞི་ཉིད་དོ། །ལྟ་བ་ཡོ་ག་དག་དང་མཐུན། །དོན་དམ་སྐྱེ་འགག་མེད་པར་འདོད། །ཏིང་འཛིན་ཡོ་ག་དག་དང་མཐུན། །མངོན་པར་བྱང་ཆུབ་ལྔ་ཉིད་དོ། །སྤྱོད་པ་ཀྲི་ཡ་དག་དང་མཐུན། །བཟའ་དུས་ཁྲུས་གཙང་གཙོ་བོར་བྱེད། །འབྲས་བུ་མི་ཚེ་ལྔ་བདུན་ནས། །རིགས་ལྔ་རྡོ་རྗེ་འཆང་ས་ཐོབ། །ཨུ་པ་རེ་དོགས་ཐེག་པ་ཡིན། །ཨ་ཧོ་ཉོན་ཅིག་སེམས་དཔའ་རྡོ་རྗེ་རྩལ། །རྫོགས་ཆེན་ཡེ་བརྡལ་གཏིང་མཐའ་མེད་པ་ལ། །ས་ལམ་ཆིག་ཆོད་ལྟ་སྤྱོད་བརྩོན་འགྲུས་རྣམས། །མ་སྤངས་མ་བསྒྲུབས་ཡེ་གྲོལ་ངང་དུ་རྫོགས། །ཨུ་པ་ཡ་ནི་ཐེག་པ་སྤོང་སྒྲུབ་བསྡམས། །ཨ་ཏི་རེ་དོགས་སྤང་ཐོབ་རང་སར་གྲོལ། །གཞི་ཤར་རང་གྲོལ་དབྱིངས་ཀྱི་ངང་ན་བདེ། །ཨུ་པ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །ཨ་ཏི་མ་བསྒྲུབས་དུག་ལྔ་རྒྱན་དུ་མཛེས། །ཡངས་སོ་ཆེའོ་རིག་པ་མཁའ་མཉམ་ཐུགས། །སྤང་ཐོབ་མེད་དོ་ཐིག་ལེ་ཉག་གཅིག་ཀློང་། །རང་སར་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །གཉིས་སུ་མེད་པར་གྲོལ་བའི་ཆོས་ཉིད་དེ། །ཐེག་འོག་རྣམས་ལ་མི་སྲིད་སྲིད་པའི་ཆོས། །རྣ་ཕྲུག་བྲག་ལ་འཛེགས་པའི་བདེ་བླག་དེ། །སྲོག་ཆགས་གཞན་ལ་མི་སྲིད་ཁོ་ལ་སྲིད། །རིག་པ་བྱར་མེད་ཀློང་དུ་གྲོལ་བ་དེ། །ཐེག་དམན་རྩོལ་སྒྲུབ་ཅན་ལ་མི་སྲིད་དེ། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ཀློང་ན་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་དེ། །འཁོར་བར་འཁྱམས་པར་མི་སྲིད་ཡེ་ཀློང་བརྡལ། །ཡུལ་ཅན་རྫས་བློ་འདོད་པའི་ཨུ་པ་དེ། །མཁའ་ལ་རང་གྲོལ་རྟེན་མེད་ཀློང་དུ་རྫོགས། །ཐེག་ལེ་ཉག་གཅིག་གྲྭ་ཟུར་མེད་པ་ལ། །གཉིས་སུ་སྣང་བ་མི་སྲིད་སྲིད་པའི་བབས་ཀྱང་བབས། །གཅིག་དང་ཐ་དད་


DNG025_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་འཁྲུལ་པའི་སེམས། །གཅིག་ཏུ་གྲོལ་ལོ་བྱ་བྲལ་ཀློང་དུ་གྲོལ། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད་པ་ལ། །དུག་ལྔ་འཆར་བ་མི་སྲིད་སྲིད་པའི་བབས། །དེ་ལ་སྤོང་འགེག་བྱེད་པའི་ཨུ་པ་དེ། །རང་བྱུང་རང་གྲོལ་ཡེ་ཤེས་སྦུབས་སུ་གྲོལ། །ལྷུན་གྲུབ་ཕྱོགས་མེད་མཐའ་དང་བྲལ་བ་ལ། །ཕྱོགས་ལྷུང་རྒྱ་ཆད་མི་སྲིད་སྲིད་པའི་བབས། །ཕྱོགས་ལྟའི་མཐའ་ལ་ཞེན་པའི་ཨུ་པ་དེ། །ཕྱོགས་མེད་གྲོལ་ལོ་ལྷུན་གྲུབ་ཀློང་དུ་གྲོལ། །མངོན་མཚན་མེད་པའི་རིག་པ་འགག་མེད་ལ། །སྣང་བ་འཆར་བར་མི་སྲིད་སྲིད་པའི་བབས། །སྣང་བ་རྟག་ཆད་ཐེ་ཚོམ་ཨུ་པ་དེ། །རང་སར་གྲོལ་ལོ་ངེས་མེད་ཀློང་དུ་གྲོལ། །གཟུགས་སོགས་སྣང་བ་སྣང་ཐོག་རང་སར་གྲོལ། །དབྱེ་བསལ་མེད་དོ་ལྷུན་གྲུབ་ཀློང་དུ་གྲོལ། །འདུ་འབྲལ་མེད་པ་ཐིག་ལེའི་ཀློང་དུ་གྲོལ། །ཅིར་ཡང་འཆར་རོ་ངེས་མེད་ཀློང་དུ་གྲོལ། །སྒྲ་རུ་གྲག་གོ་ཐོས་པ་རང་སར་གྲོལ། །དྲན་རྟོག་ཐམས་ཅད་དེ་རུ་རང་སར་གྲོལ། །སྣང་གྲག་མཐོང་ཐོས་སྒོ་ལྔ་རང་སར་གྲོལ། །རང་ཞལ་རང་གིས་མཐོང་བས་ཡུལ་གཞན་མེད། །དག་པ་གསུམ་དང་ལྷ་དྲུག་གཙང་སྦྲ་སོགས། །གཉིས་སུ་མེད་དོ་ཡུལ་སེམས་མཉམ་པར་གྲོལ། །བཅུ་གཅིག་རྡོ་རྗེ་འཆང་སོགས་ས་ཐེག་ཀུན། །མ་བསྒྲུབས་ཆིག་ཆོད་ཨ་ཏི་ང་ཡི་རྒྱན། །མཉམ་ཉིད་གཅིག་ལ་ཅིར་ཡང་འབྱུང་བའི་དབྱིངས། །ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པའི་གཞི། །ཐམས་ཅད་བྱ་བྱེད་མེད་པར་གྲོལ་བའི་ཀློང་། །ཨུ་པ་ཡ་ཞེས་མདུད་ཅན་ལྟ་བ་དེ། །སྤྱོད་པ་ཀྲི་ཡ་ལྟར་འདོད་འོག་རྗེས་འདྲེང་། །ལྟ་བ་ཡོ་གའི་རྗེས་འཇུག་གོང་ལ་སྙེག །གོང་འོག་གཉིས་ལ་ལྟ་བྱེད་ཞགས་པས་བསྡམས། །གོང་འོག་གཅིག་ཏུ་ཤེས་ཀྱང་མཉམ་པའི་རིག་པ་ལ། །གཉིས་འཛིན་ཁ་བྲག་ལྟ་བ་ཕྱོགས་འཛིན་བདུད། །ཨ་ཏི་མཐོ་དམན་མེད་པའི་ཆོས་ཉིད་ལ། །ལྟ་སྤྱོད་གོང་འོག་གཉིས་ཀ་མ་འགགས་ཏེ། །གཉིས་ཀ་


DNG025_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རང་སར་མ་ཞེན་རང་གྲོལ་ཏེ། །ཨུ་པ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །ཨ་ཏི་མ་བསྒྲུབས་ཀློང་བརྡལ་རོལ་པར་མཛེས། །ཀྲི་ཡོག་སྡེ་གསུམ་ཨུ་པ་ཕྱི་རྒྱུད་ཀྱིས། །མི་ཚེ་བགྲངས་ནས་སངས་རྒྱས་ས་འདོད་དེས། །ལུས་ངག་ཡིད་གསུམ་བྱ་བྱེད་རྩོལ་བས་བཅིངས། །ཡང་དག་དོན་ལ་རྒྱང་རིངས་མཐར་མི་ཕྱིན། །ང་ནི་ཡེ་ཀློང་ཉིད་འདུག་རིང་དུ་ཕྱིན། །མདུན་དུ་བཞག་ནས་རྒྱབ་ཏུ་འཚོལ་བྱེད་ན། །བྱ་བྲལ་ངང་ལས་རིང་ཞིང་དོན་མི་འགྲུབ། །དུས་དང་གྲངས་ལ་ལྟོས་པའི་ཐེག་དམན་རྣམས། །མཁའ་ལ་ཤར་བའི་འཇའ་ཚོན་འཛིན་པ་ལྟར། །ཐུག་པའི་མཐའ་མེད་ཟིན་པའི་དུས་མེད་པས། །ནན་གྱི་རང་སེམས་བྱར་མེད་རྩོལ་བས་བཅིངས། །ཨ་ཏི་ཀུན་སྤང་སྤྱི་ཕུད་ཡང་རྩེ་ང་། །རྩོལ་སྒྲུབ་མེད་པས་ཆོས་ཉིད་བདེ་བརྡལ་བས། །འབད་པས་འགྲུབ་ཏུ་རེ་བ་ལམ་སྟེགས་ཙམ། །བོང་འཐེང་ཞོན་ནས་མཚོ་མཐའ་སྐོར་དང་མཚུངས། །ཀ་དག་ང་ཉིད་མཐོང་བའི་དུས་མེད་པས། །རེ་བ་བྱས་ཀྱང་རང་བློ་ཚི་ཆད་དེ། །སོལ་བའི་མདུང་ཤིང་དཀར་པོར་ག་ལ་འགྱུར། །ཨེ་མ། ཨ་ཏི་ཀློང་ཆེན་རྡོ་རྗེའི་མཁར་རྫོང་དང་། །བྱར་མེད་ནམ་མཁའི་དབྱིངས་ལས་ཅི་ཡང་བྱུང་། །མ་བྱས་མ་བཙལ་ཅིར་ཡང་བྱར་མེད་པས། །ལྟ་བ་ཉམས་མི་ང་ཞིང་ཐེ་མི་ཚོམ། །སྒོམ་པ་འདུས་མེད་འདུས་མ་བྱས་པའི་ཀློང་། །སྤྱོད་པ་རང་བྱུང་བདེ་ཡན་མ་བཀག་ང་། །བློ་བཅོས་རྣམ་རྟོག་མཐོ་དམན་དགྲར་མི་བལྟ། །ཉམས་མྱོང་རིག་པ་གང་ཤར་གང་དགར་མཐོང་། །རྒྱུ་རྐྱེན་མེད་པའི་དུག་ལྔ་མདོག་མ་བསྒྱུར། །བརྟུལ་ཞུགས་དགེ་སྡིག་སྤང་ལེན་ང་ལ་མེད། །འབྲས་བུ་ཡེ་གྲུབ་ཅིར་སྣང་འབྲས་བུར་ཤར། །དམ་ཚིག་གཉེན་པོ་རྒྱུ་རྐྱེན་གཞན་མི་བརྟེན། །ཕྲིན་ལས་ཅི་བྱས་བརྟུལ་ཞུགས་ཀློང་དུ་རྡོལ། །ས་ལམ་ཆོས་དབྱིངས་གྲོལ་ཆོས་ཀྱི་དབྱིངས། །ཨུ་པ་ཡེ་རྫོགས་མ་སྤངས་བློ་བདེར་གནས། །བྱར་མེད་གཅིག་ལ་ལྷུན་རྫོགས་བདེ་འབྱམས་དང་། །འགྲོ་དྲུག་ཐེག་


DNG025_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ང་ཡི་ཀློང་ལས་ཤར། །དུས་གསུམ་སངས་རྒྱས་ཨ་ཏི་དབྱིངས་ཀྱི་རྒྱན། །ཅེས་གསུངས་སོ། །རྡོ་རྗེ་མཁར་རྫོང་གི་ནང་དུ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཨུ་པ་མ་སྤངས་རྫོགས་པའི་ལེའུ་སྟེ་རྩ་གཉིས་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །རྒྱུ་ལ་མ་ལྟོས་ཀུན་ཏུ་བཟང་། །རྐྱེན་དང་ཡེ་བྲལ་ཀློང་བརྡལ་དཔལ། །ཡོ་གའི་གྲུབ་མཐའ་བཤད་དུ་གསོལ། །སྟོན་པས་ལན་དུ་བཀའ་སྩལ་པ། །ཨེ་མ་སེམས་དཔའ་རྡོ་རྗེ་ཉོན། །ཡོ་གའི་གྲུབ་མཐའ་འདི་ལྟ་སྟེ། །ལྟ་སྒོམ་སྤྱོད་པ་འབྲས་བུའོ། །ལྟ་བ་འོད་གསལ་སྟོང་ཉིད་ལས། །རྡོ་རྗེ་དབྱིངས་སུ་སངས་རྒྱས་འདོད། །སྒོམ་པ་མངོན་བྱང་ལྔ་རུ་བསྐྱེད། །ཡེ་ཤེས་སྤྱན་དྲངས་མཆོད་བསྟོད་བཟླས། །སྤུན་གྲོགས་ཚུལ་དུ་བསྒོམ་པའོ། །སྤྱོད་པ་ཡོན་ཏན་ལྔ་ལོངས་སྤྱོད། །འབྲས་བུ་མི་ཚེ་ལྔ་གསུམ་གྱིས། །འཐུག་པོ་བཀོད་པ་ཐོབ་པར་འདོད། །ཡོ་ག་ཉིད་ཀྱི་གྲུབ་མཐའ་འོ། །ཨཱཎརྐཿ །ཨེ་མ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །མ་རྟོགས་ཐེག་པ་འོག་མ་བས། །གཞན་དུ་རྟོག་ཅིང་རྩོལ་བས་བསླད། །ཡུལ་སེམས་བདེན་གཉིས་དགག་སྒྲུབ་མཁན། །མི་མཐུན་སྤང་ཞིང་གཅིག་ཕྱིར་འདྲེང་། །ཡོ་ག་ཏིང་འཛིན་གསུམ་རྩོལ་ནས། །བླང་དོར་བྱས་ནས་འབྲས་བུ་རེ། །ཨ་ཏི་ཆེན་པོ་ཀློང་ཆེན་ང་། །ཐམས་ཅད་ཆོས་ཉིད་བརྡལ་བ་ལ། །དམ་བཅའ་སྤོང་ལེན་ལ་སོགས་ཀྱི། །ཏིང་འཛིན་འཕྲོ་འདུ་ག་ལ་ཡོད། །དམ་ཡང་བདལ་བ་ཆེན་པོར་བཅའ། །གཏན་ཚིགས་ཆོས་ཉིད་ཕྱོགས་མེད་ལ། །རིག་པ་མཁའ་ཡན་ལྷུན་གྲུབ་པས། །འདི་ལ་སྤང་རྒྱུ་ཅི་ཡང་མེད། །བླང་བར་བྱ་བ་ཡོད་མ་ཡིན། །སྤང་བླང་མེད་པས་ཡོ་ག་རྫོགས། །གང་མ་སྤངས་པའི་ཀུན་གྲོལ་དབྱིངས། །ས་ལམ་བགྲོད་པའི་ཐབས་ཆེན་པོ། །དབྱིངས་སུ་སྦྱོར་བའི་རྫུ་


DNG025_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཅན། །སྔོན་གྱི་རྒྱལ་བ་གྲངས་མེད་ཀྱང་། །ཀློང་ཆེན་ང་ལས་མངོན་སངས་རྒྱས། །མ་བྱོན་སླད་ཀྱི་སངས་རྒྱས་ཀྱང་། །ཀློང་ཆེན་ང་ལས་མངོན་སངས་རྒྱས། །ད་ལྟའི་རྒྱལ་བ་གྲངས་མང་ཀྱང་། །ཀློང་ཆེན་ང་ཡི་སྦུབས་ན་བརྡལ། །ང་ནི་རྒྱལ་བ་ཀུན་གྱི་མེས། །ང་ནི་ཐེག་པ་ཀུན་གྱི་དུར། །འཁོར་འདས་ཀུན་གྱི་ཡབ་ཆེན་པོ། །མྱ་ངན་འདས་པའི་ལམ་པོ་ཆེ། །འཁོར་བའི་ཆུ་བོ་སྒྲོལ་བའི་གྲུ། །ཉོན་མོངས་རྒྱ་མཚོ་སྐེམ་པའི་མེ། །ཇི་ཙམ་ཐེག་པའི་རྣམ་གྲངས་ཀྱང་། །ང་ཡི་ཀློང་ལས་ཡོངས་མ་འདས། །ཇི་ཙམ་ས་ལམ་གནས་ནས་ཀྱང་། །ང་ཡི་ཀློང་ལས་གར་མ་ཕྱིན། །ཐེག་དགུ་མ་འདྲེས་སོ་སོར་བཀྲ། །ཡོ་ག་མ་སྤངས་ཨ་ཏིའི་རྒྱན། །ཨ་ཏི་མ་བསྒྲུབས་ལྷུན་འབྱམས་བདེ། །བགྲོད་མེད་རྩོལ་བྲལ་རིག་པའི་ཀློང་། །བྱར་མེད་ལྷུན་རྫོགས་སྐྱེ་མེད་སྒོ། །ཨ་ཏི་མཉམ་པའི་ཆོས་ཉིད་དུ། །འཁོར་འདས་མ་སྤངས་ལྷུན་གྲུབ་པས། །སྤྱིར་ཆིབ་ཆེན་པོ་དབྱེར་མེད་པས། །སྤྱིར་ཆིབ་པ་འདི་གཞན་ན་མེད། །རང་སྣང་དབྱེར་མེད་བརྡལ་བ་ཆེ། །གཅིག་ལ་ཀུན་རྫོགས་ཨ་ཏི་ལ། །ནམ་མཁའ་ལྟ་བུའི་རིག་པ་ཤར། །གང་ཡང་གཉིས་མེད་ཀློང་ན་བདེ། །ཨ་ཧོ། ཡེ་གྲོལ་ཆེན་པོ་ལྟ་བ་ཕྱོགས་མེད་ཀློང་། །གསེར་གླིང་ལྟ་བུ་དབྱེ་བསལ་མེད་པའི་ངང་། །ཡེ་ཀློང་ཆེན་པོ་སྒོམ་པ་ཕྱོགས་མེད་ཀློང་། །བྱེ་རླུང་ལྟ་བུར་ཐམས་ཅད་དབྱིངས་སུ་ཐིམས། །གང་ཤར་ཆེན་པོ་སྤྱོད་པ་ཕྱོགས་མེད་ཀློང་། །ཆུ་ཀློང་ལྟ་བུ་དལ་བའི་ཀློང་ན་འབབས། །ཡེ་གྲུབ་ཆེན་པོ་འབྲས་བུ་ཕྱོགས་མེད་ཀློང་། །ཡུལ་ལྗོངས་ལྟ་བུ་མ་འདྲེས་གཅིག་ཏུ་གསལ། །དཔེར་ན་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །འདོད་ཡོན་རྣམ་སྤྲུལ་བསམ་མི་ཁྱབ་པ་ཉིད། །ཇི་ཙམ་ཆེ་ཡང་གླིང་ལས་གཡོས་པ་མེད། །མ་གཡོས་སླར་ཡང་འཛམ་གླིང་རྒྱན་དུ་ཆེ། །ཐིག་ལེ་ཉག་གཅིག་ཨ་ཏི་ཆེན་པོ་ལ། །ཐེག་དམན་མ་སྤངས་ཡོ་གའི་སྤྱོད་འབྲས་རྣམས། །གསེར་དངུལ་འཕྲ་མེན་བསྲེས་


DNG025_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས་ལྟ་བུ། །གཅིག་ལས་མ་འདྲེས་ཡོངས་སུ་རྫོགས་པའི་རྒྱན། །ཀུན་ཁྱབ་ཆེན་པོ་ཨ་ཏི་ཀློང་ཆེན་རྫོགས། །བཤིགས་པས་མི་ཤིགས་ཕྱོགས་མེད་རྡོ་རྗེའི་མཁར། །རིག་སྟོང་ངང་ནས་གང་ལྟར་བྱས་ཀྱང་བདེ། །ཞེས་གསུངས་ནས། རང་བྱུང་རང་ཤར་གཏིང་མཐའ་མུ་མེད་ཀྱི་ངང་ལ་བཞུགས་སོ། །ཐེག་པ་ཀུན་གྱི་ཡང་རྩེ་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཡོ་ག་མ་སྤངས་རྫོགས་པའི་ལེའུ་སྟེ་རྩ་གསུམ་པའོ། །ལོངས་སྐུའི་བསྟན་པ་གསུམ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་ཧོ། ཡོངས་རྫོགས་ལྷག་མེད་ཀུན་བཟང་རྗེ། །ཆོས་སྐུའི་བསྟན་པ་ཆེན་པོའོ། །མ་ཧཱ་གྲུབ་མཐའ་རྫོགས་ཚུལ་ཏེ། །སྟོན་པའི་ཐུགས་ཀྱི་ཀློང་ནས་ཁྲོལ། །ཞེས་ཞུས་སྟོན་པས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་ཀུན་ཉོན་ཅིག །མ་ཧཱའི་ཐེག་པ་འདི་ལྟར་རོ། །ངོ་བོ་ངེས་ཚིག་དབྱེ་བ་དང་། །ལྟ་སྒོམ་སྤྱོད་དང་འབྲས་བུའོ། །ངོ་བོ་སྐྱེད་པའི་གཞི་ཡིན་ནོ། །མ་ནི་ཆོས་ཉིད་ཧ་དག་པ། །ཡོ་ག་ཁྱབ་ཅིང་འདུས་པ་སྟེ། །ངེས་པའི་ཚིག་ཏུ་ཡིད་ལ་ཟུང་། །དབྱེ་ན་སྒྲུབ་པ་གཙོ་ཆེ་དང་། །ས་ལམ་གཙོ་ཆེར་འདོད་པ་དང་། །རྣམ་གྲོལ་གཙོ་ཆེ་མ་ཧཱའོ། །སྒྲུབ་པ་གཙོ་ཆེར་འདོད་པ་ནི། །འཇམ་དཔལ་སྐུ་དང་པདྨ་གསུང་། །ཡང་དག་ཕུར་པ་རྟ་མགྲིན་དང་། །ཡོན་ཏན་བདུད་རྩི་མ་མོ་དང་། །རིག་འཛིན་དམོད་པ་མཆོད་བསྟོད་སོགས། །ཕྲ་མོའི་སྒྲུབ་པ་གྲངས་མེད་དོ། །ས་ལམ་གཙོར་སྟོན་སྒྱུ་འཕྲུལ་ཏེ། །རྣམ་གྲོལ་གཙོར་སྟོན་མདོ་རྟོགས་སོ། །ལྟ་བ་ལྷ་དང་གཞལ་ཡས་དང་། །རིག་པ་སྤྲོས་བྲལ་ཉིད་དུ་བལྟ། །སྒོམ་པ་ཏིང་འཛིན་རྣམ་པ་གསུམ། །སྤྱོད་པ་ཐབས་ཀྱིས་དབྱེ་བ་ན། །སྤྱད་བྱ་ལྔ་དང་མི་སྤང་ལྔ། །དང་བླང་ལྔ་དང་ཤེས་བྱ་ལྔ། །བསྒྲུབ་བྱ་ལྔ་ལ་སྤྱོད་པའོ། །དམ་ཚིག་ལུས་ངག་ཡིད་གསུམ་བསྲུང་། །འབྲས་བུ་འདིའམ་བར་དོ་ལ། །ཡི་གེ་འཁོར་ལོ་ཚོགས་


DNG025_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ས། །ཕྱི་མ་ངེས་པར་ཐོབ་པ་སྟེ། །འདི་རྣམས་སྒྲུབ་པ་གཙོ་ཆེར་འདུས། །མ་ཧཱའི་གྲུབ་མཐའ་དེ་ལྟར་རོ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །ཨ་ཏི་ཀློང་ཆེན་རབ་འབྱམས་ང་ཉིད་ལ། །མ་ཧཱ་སྒྲུབ་བརྒྱད་རྫོགས་ཚུལ་འདི་ལྟ་སྟེ། །ཀུན་གཞི་ཡེ་ཤེས་སྙིང་པོ་ཁྱབ་གདལ་ངང་། །མ་བཅོས་སྤྲོས་མེད་ཆོས་ཉིད་ཀ་དག་ལ། །སྐུ་ཡི་ལྷ་རྣམས་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །འཁོར་འདས་སྣང་སྟོང་དབྱེར་མེད་ཀློང་དུ་འབྱམས། །རང་སེམས་དྲི་མེད་རྣམ་དག་ས་ལམ་བཅད། །སྣང་སྟོང་གྲག་སྟོང་དྲན་སྟོང་སོ་མའི་ཀློང་། །གསུང་གི་ལྷ་རྣམས་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །ཆོས་སྐུ་སེམས་སུ་ཡང་དག་གནས་ལུགས་ཏེ། །རང་བཞིན་སྤྲོས་བྲལ་རྣལ་འབྱོར་སྐུ་གསུམ་རྫོགས། །མ་བཀག་རང་བྱུང་མ་འདྲེས་རང་བཞིན་གྲོལ། །ཐུགས་རྗེ་ལྷ་རྣམས་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །མ་རིག་རྣམ་རྟོག་ཉོན་མོངས་དུག་མཚོའི་ནང་། །རང་བྱུང་རིག་པའི་རྩི་བཅུད་ཐིག་ལེས་གཞོམ། །མ་སྤངས་མི་གནས་འདོད་ཡོན་རྣམ་དག་བརྡལ། །བདུད་རྩིའི་ལྷ་རྣམས་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །ང་བདག་ཕྱོགས་ཆ་གཟུང་འཛིན་ལིངྒ་ལ། །རང་རིག་ཡེ་ཤེས་ཕུར་པ་ཟང་ཐལ་བཏབ། །རྟོག་པ་ཐལ་བྱུང་གཅེར་བུ་ཅོག་བཞག་སྤངས། །ཕུར་པའི་ལྷ་རྣམས་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །མ་གཅིག་ཀུན་གཞི་ཀུན་ཏུ་བཟང་མོའི་དབྱིངས། །སྙིང་པོ་རིག་པའི་ཡེ་ཤེས་ཇི་ལྟ་ཇི་སྙེད་མཁྱེན། །མ་ནོར་མ་བཅོས་ཀུན་ཁྱབ་ཡེ་ཤེས་ཀློང་། །མ་མོའི་ལྷ་རྣམས་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །ཐབས་ཤེས་ཀུན་ལྡན་ཡེ་སྟོང་བདག་ཉིད་རིག །མི་སྒོམ་མི་ཡེངས་རིག་པ་དབྱིངས་ན་འཕྱོ། །བརྗོད་མེད་ལུག་རྒྱུད་གཡོ་མེད་རང་གྲོལ་ཀློང་། །རིག་འཛིན་ལྷ་


DNG025_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །འཁོར་འདས་ཆོས་ཀུན་ཡེ་གྲོལ་ཕ་མཐའ་ཡས། །འཛིན་མེད་རང་གྲོལ་གཟའ་གཏད་འཁྲུལ་པ་ཞིག །ལྷ་འདྲེ་རང་སྣང་རང་གྲོལ་ཆིག་ཆོད་ཀློང་། །མཆོད་བསྟོད་ལྷ་རྣམས་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །སྲིད་རྩ་ཉེས་རྒྱུ་ཧ་ལ་བདག་རྟོག་དུག །རྩ་བྲལ་སྙིང་པོའི་སྔགས་ཀྱིས་དུག་རང་བསད། །དུག་ལྔ་ཡེ་ཤེས་ལྔ་རུ་རང་གྲོལ་ཀློང་། །དམོད་པའི་ལྷ་རྣམས་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །སྒྱུ་འཕྲུལ་ཡོངས་རྫོགས་སེམས་ཉིད་ཆོས་ཀྱི་སྐུ། །སྣང་སྲིད་གཞིར་བཞེངས་འཁོར་འདས་དབྱེར་མེད་རྫོགས། །གསང་བ་བླ་མེད་བྱང་ཆུབ་སྙིང་པོར་བརྡལ། །འཁོར་འདས་ཡོངས་རྫོགས་ཐིག་ལེ་ཉག་གཅིག་ཀློང་། །ས་ལམ་གཙོ་ཆེ་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །མ་འགག་རོལ་པ་སྣ་ཚོགས་རྩིས་གདབ་བྲལ། །རང་བཞིན་མེད་གྲོལ་སྐྱེ་མེད་དབྱིངས་སུ་དག །མ་འདྲེས་ཡོངས་རྫོགས་རང་བྱུང་ཡེ་ཤེས་ངང་། །བདེ་གཤེགས་དགོངས་པ་རྩིས་གདབ་བརྗོད་མེད་ཀློང་། །རྣམ་གྲོལ་གཙོར་འདོན་མ་བསྒྲུབས་ཡེ་ནས་རྫོགས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །འཁོར་འདས་ཆོས་རྣམས་རང་རིག་སེམས་ཀྱི་ཀློང་། །གདོད་ནས་རང་བྱུང་བརྡལ་བ་ཆེན་པོའི་སྦུབས། །འདི་ལྟར་ངེས་པའི་ཕྱམ་བརྡལ་ཆེན་པོ་ལ། །ཉི་ཤུ་རྩ་ལྔ་མ་སྤངས་རང་སར་གྲོལ། །མི་བསྲུང་བློ་ཡི་ཨ་ཏི་ང་མི་འདོད། །བསྒྲུབ་བྱའི་འབྲས་བུ་ཨ་ཏི་ང་མི་བསྒྲུབ། །འདིའམ་བར་དོ་ཕྱི་མའི་དུས་རེ་མེད། །འཁོར་ལོ་ཚོགས་ཆེན་ས་ནི་ཡེ་གནོན་ཡིན། །ཅེས་གསུངས་ནས། བརྡལ་ཁྱབ་ཅིར་མི་དགོངས་སུ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། མ་ཧཱ་མ་སྤངས་རྫོགས་ཚུལ་གྱི་ལེའུ་སྟེ་རྩ་བཞི་པའོ།། །།


DNG025_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་ཡང་གསོལ་པ། །ཨེ་མ་སྟོན་པ་ཀུན་བཟང་དཔལ། །ཨ་ནུའི་གྲུབ་མཐའ་རྫོགས་ཚུལ་གང་། །སྟོན་པས་རིག་མདངས་འཁོར་ལ་གསུང་། །གསན་ནས་སྟོན་པས་བཀའ་སྩལ་པ། །ཨ་ནུའི་གྲུབ་མཐའ་བཞི་ཡིས་སྟོན། །ལྟ་སྒོམ་སྤྱོད་དང་འབྲས་བུའོ། །ལྟ་བ་སྣང་ཡུལ་ཀུན་ཏུ་བཟང་མོའི་མཁའ། །རིག་པ་རང་ཤར་ཀུན་བཟང་རོལ། །གཉིས་མེད་ཡེ་སངས་རྒྱས་པར་འདོད། །སྒོམ་པ་མ་འགགས་རྩལ་ལས་ལྷ། །མ་བསྐྱེད་དྲན་རྫོགས་ཆུ་ཉའི་ཚུལ། །སྤྱོད་པ་རྒྱུད་ལུང་ཉེར་གཅིག་གིས། །སེམས་ཅན་ཀུན་གྱི་དོན་བྱེད་དེ། །འབྲས་བུ་ཚེ་གཅིག་སངས་རྒྱས་ཐོབ། །དེ་ནི་ཨ་ནུའི་ཐེག་པའོ། །ཨ་ཧོ། སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག །ཐེག་པའི་ཡང་རྩེ་ཨ་ཏི་ཀློང་ཆེན་པོ། །རི་རྒྱལ་ལྟ་བུ་ཀུན་གྱི་རྩེར་གྱུར་པས། །རི་བྲན་ཐམས་ཅད་འོག་ཏུ་ནོན་པ་ལྟར། །ལྟ་སྒོམ་ཐེག་པ་ཀུན་གྱི་རྩེར་གྱུར་པས། །ཨ་ནུ་ཕྱི་ནང་ཀུན་བཟང་མཁའ་རོལ་རྣམས། །ཨ་ཏི་ཆེན་པོ་ཀུན་བཟང་ཡངས་པའི་ཀློང་། །རང་སྐད་སྟོན་པས་ཐེག་དམན་ཀློང་དུ་ཐིམ། །དཔེར་ན་རྩལ་གསུམ་ལྡན་པའི་སེང་གེ་ཡིས། །ཝ་སོགས་གཅན་གཟན་ཟིལ་གྱིས་གནོན་པ་ལྟར། །ཨ་ཏི་རང་རྩལ་རིག་པ་ཡུལ་མེད་ཤར། །མཚན་མ་རང་གྲོལ་ཀློང་ཡངས་ཕྱམ་བརྡལ་བས། །ཨ་ནུ་ལ་སོགས་ཐེག་པ་ཕྱོགས་ཞེན་ཅན། །ཡུལ་དང་ཡུལ་ཅན་འདོད་ཀུན་ཀློང་དུ་གྲོལ། །དེ་བཞིན་རིག་པ་ཏི་ལ་མཐའ་བྲལ་ཀློང་། །བྱ་བྲལ་ལྷུན་གྲུབ་རྫོགས་ཆེན་ཤར་གྲོལ་ལ། །གྲོལ་དང་མ་གྲོལ་གཉིས་མེད་རྒྱན་དུ་ཆེ། །དཔེར་ན་འདབ་ཆགས་རྒྱལ་པོ་ཁྱུང་ཆེན་དེ། །མངལ་ན་གནས་ཀྱང་ཀླུ་རྣམས་ཟིལ་གྱིས་གནོན། །སྒོ་ངའི་ནང་དུ་འདབ་གཤོག་ཚད་དུ་ཕྱིན། །སྒོང་རྒྱ་རལ་ནས་ཕྱི་རྒྱ་རླབས་ཀྱིས་ཆོད། །འདབ་ཆགས་གཞན་ལ་ཅི་སྟེ་ག་ལ་རིགས། །ཁྱུང་ཆེན་རང་ལ་རིགས་ཏེ་མཁའ་ལ་བདེ། །ཨ་


DNG025_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཆེན་པོ་ཀློང་ཆེན་བརྡལ་ཁྱབ་པ། །རང་སྐད་སྟོན་ཀྱང་ཐེག་དགུ་ཟིལ་གྱིས་གནོན། །ཀུན་བཟང་ཀློང་དུ་ས་ལམ་སྦྱང་བགྲོད་གྲོལ། །འཁོར་བའི་ཀློང་ན་ལུས་རྒྱ་མ་བྲལ་ཀྱང་། །གོལ་ས་གཡང་ཆོད་ཀ་དག་ཀློང་ན་ཡན། །ཐེག་དམན་གཞན་ལ་མ་སྤངས་རྒྱན་མི་མཛེས། །ཅི་ཕྱིར་སྤང་ལེན་མདུད་པས་བསྡམས་པའི་ཕྱིར། །ཨ་ཏི་ཀློང་ཆེན་ཏི་ལའི་ཀློང་ན་བདེ། །ཨ་ནུ་མ་སྤངས་རྫོགས་ཆེན་རྒྱན་དུ་མཛེས། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་དང་། །འདི་དང་ཕྱི་མ་མེད་པར་མཉམ་པ་དང་། །ཕུང་པོ་ལྷག་མ་མེད་པར་ཡལ་བ་དང་། །སྐུ་གདུང་རིང་བསྲེལ་མ་བསྒྲུབས་གྲུབ་པ་དང་། །མཉམ་ཉིད་ངང་ལ་རྒྱུན་ཆད་མེད་པ་དང་། །དུག་ལྔ་མ་སྤངས་དབྱིངས་ཀྱི་རྒྱན་ཉིད་དང་། །སྡུག་བསྔལ་བདེ་བ་ཆེན་པོར་ཤར་བ་དང་། །ཐེག་དམན་དགུ་པོ་ཨ་ཏིའི་སོ་ནམ་ཙམ། །ཟླ་བདུན་ཙམ་གྱིས་ཟད་པའི་སར་གནས་རྣམས། །ཐེག་དགུར་བརྒྱུད་ནས་གྲོལ་བར་འདོད་པ་དང་། །ཤིན་ཏུ་སྦྱང་དང་སྤང་དང་བསྒྱུར་འདོད་པ། །ག་ལ་རིགས་ཏེ་ཀློང་ཆེན་ང་ལ་བདེ། །ཅི་བདེ་ཐམས་ཅད་བདེ་ཆེན་ཆོས་སྐུའི་ཀློང་། །ཀློང་ཆེན་འདི་ལ་མ་བརྡལ་གང་ཡང་མེད། །ཆོས་ཉིད་རང་བཞིན་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལས་ལ་སྙིང་པོའི་རྩལ་རྫོགས་པས། །སྐྱེ་ཤིའི་བར་དོ་མེད་པར་རང་ཡལ་ཏེ། །རིག་པ་གཅིག་པོ་ཀུན་དང་དབྱེར་མེད་ཅིང་། །རྒྱུན་ཆད་མེད་པར་སྤྲུལ་པ་འབྱུང་བ་དང་། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་དང་། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ནི། །དམན་པའི་ཐེག་པ་ཀུན་ལ་མི་འཚམ་སྟེ། །ཨ་ཏི་ཀློང་ཆེན་ང་ལ་རིགས་པ་ཡིན། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་རང་ཤར་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏི་རྒྱུ་རྐྱེན་མེད་པར་བསྟན་པ་ནི། །འོག་མ་རྣམས་ལ་མི་རིགས་སྦུབས་ཆེ་སྟེ། །ཀློང་ཆེན་ཡངས་པ་ང་ལ་རིགས་པ་ཡིན། །སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་བློ། །ཨ་ཏི་གཉིས་སུ་མེད་པར་སྟོན་པ་སྟེ། །གཞན་ལ་མི་རིགས་


DNG025_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏིའི་རྒྱན་དུ་མཛེས། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་དང་། །རྟོགས་ནས་གྲོལ་བར་འདོད་པ་སྙེམ་པའི་དགྲ། །ཨ་ཏི་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །གཞན་ལ་མི་རིགས་ཨ་ཏིའི་རྒྱན་དུ་མཛེས། །མཚོན་པ་ཐབས་ཀྱི་ཁྱད་པར་མ་སྤངས་པར། །བརྗོད་དུ་མེད་ལ་བདེན་འཛིན་བསླུ་བའི་ཚིག །ཨ་ཏི་དོན་དམ་དབྱེར་མེད་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་ཨ་ཏིའི་རྒྱན། །རྫོགས་ཆེན་ཡེ་བརྡལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་མུན་པའི་ཀློང་། །ཨ་ཏི་མུ་མེད་ཆིག་ཆོད་བསྟན་པ་དེ། །གཞན་ལ་མི་རིགས་ཨ་ཏིའི་རྒྱན་དུ་མཛེས། །འབྱུང་ལ་འགྲོ་དྲུག་ཐེག་དགུ་ཐམས་ཅད་ཀྱང་། །དབྱིངས་ལ་དབྱིངས་ཤར་ཆོ་འཕྲུལ་ཡིན་པས་ན། །དེ་ཡི་རྒྱན་ཡིན་བདག་དང་མཐོང་མཛེས་བྲལ། །ཡོ་ག་མདུད་པ་ཅན་གྱི་བལྟ་བ་དེ། །དོན་དམ་སྣང་ལ་རང་བཞིན་མེད་པ་ལ། །ཀུན་རྫོབ་ཙམ་སྣང་ལྷ་དང་ལྷ་མོ་ཡང་། །མཚན་མ་ཡེ་མེད་མཉམ་པའི་ཆོས་ཉིད་ལ། །ལྷ་དང་ལྷ་མོར་འཛིན་པ་མཆོག་འཛིན་བདུད། །གཉིས་ཀར་རང་ཤར་གཉིས་ཀར་རང་གྲོལ་བས། །ཡོ་ག་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །མ་ཧཱ་མདུད་པ་ཅན་གྱི་ལྟ་བ་ནི། །ཐབས་ཀྱི་མཆོག་གྱུར་ལྷག་པའི་ཀུན་རྫོབ་ལ། །ཤེས་རབ་མཆོག་གྱུར་ལྷག་པའི་དོན་དམ་པས། །གཉིས་མེད་མཆོག་གྱུར་བདེན་པ་མཆོག་ཏུ་བལྟ། །དབྱེ་རུ་ཡོད་ཀྱང་མཉམ་ཡང་མཉམ་ཉིད་ལ། །དབྱེར་མེད་སྤྱོད་ཡུལ་བྲལ་བ་ཕྱོགས་འཛིན་བདུད། །ཨ་ཏི་མཉམ་པ་རིས་མེད་ཆོས་ཉིད་ལ། །གཉིས་ཀར་རང་ཤར་གཉིས་ཀར་རང་གྲོལ་བས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །ཨ་ནུ་མདུད་པ་ཅན་གྱི་ལྟ་བ་ནི། །ཕར་སྣང་ཤེས་པ་ཀུན་ཏུ་བཟང་མོའི་ཀློང་། །ཚུར་སྣང་ཡུལ་ནི་ཀུན་ཏུ་བཟང་པོའི་ཡུལ། །གཉིས་སུ་མེད་པའི་བདེ་བ་ཆེན་པོར་བལྟ། །གཉིས་དང་སྡུག་བསྔལ་མཉམ་པའི་ཆོས་ཉིད་ལ། །གཉིས་མེད་བདེ་ཆེན་ཡིད་དཔྱོད་རེ་བའི་བདུད། །ཨ་ཏི་རྒྱ་ཆད་མེད་པའི་ཆོས་ཉིད་ལ། །གཉིས་ཀར་རང་ཤར་གཉིས་ཀར་རང་གྲོལ་བས། །


DNG025_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནུ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །རྫོགས་ཆེན་ཨ་ཏིའི་རྣལ་འབྱོར་བརྡལ་བ་ན། །འཇུག་སྒོ་གཞན་དུ་མིག་ལྟ་ཐམས་ཅད་རང་གི་ཀློང་། །ཐམས་ཅད་རང་དུ་ཤེས་པས་གོལ་ས་ཤུགས་ཀྱིས་ཆོད། །གོལ་ས་ཆོད་པས་གཡང་ས་ག་ལ་ཡོད། །གཡང་ས་ཉིད་ཀྱང་རིག་པའི་ཀློང་ཆེན་དང་། །སེམས་ཀྱི་མདུད་པ་དེ་ནི་མ་གྲོལ་བར། །འཕགས་པའི་ལམ་ལོགས་འཚོལ་བ་ནི། །སྤྱང་མོ་དོང་ནས་འབྲོས་པ་བཞིན། །ཐར་དུ་རེ་སྟེ་ག་ལ་ཐར། །འདོད་ན་གང་འདོད་མཐའ་ཡིན་ཏེ། །ཡོད་པར་འདོད་ན་རྟག་པའི་མཐའ། །མེད་པར་འདོད་ན་ཆད་པའི་མཐའ། །རྟག་ཆད་གཉིས་ཀྱི་མདུད་པ་དེ། །རྣལ་འབྱོར་འཆིང་བར་བྱེད་པའི་སྒྲོག །དེ་ཡི་མདུད་པ་ངང་གིས་འགྲོལ། །ཨ་ནུ་ལ་སོགས་ལམ་གཞན་གྱིས། །བཀྲོལ་བས་ཁྲོལ་བ་མ་ཡིན་ཏེ། །ཞེན་པའི་ཐག་པས་སླར་ཡང་འཆིང་། །ཨ་ཏི་ཀློང་ཆེན་རབ་འབྱམས་ང་། །མཐའ་ལ་སྐྱོན་དུ་མི་བལྟ་སྟེ། །འཆིང་གྲོལ་གཉིས་སུ་ག་ལ་འབྱེད། །མཐའ་གཉིས་མ་སྤངས་རང་གྲོལ་བས། །གཉིས་མེད་ཙམ་དུ་མི་གནས་ཤིང་། །གཉིས་ཀ་ལྟར་ཡང་རང་ཤར་བས། །མཐའ་བཞི་མ་སྤངས་རྒྱ་ཡན་ཀློང་། །མུ་བཞི་ཀུན་འབྱམས་ཡངས་པའི་རྩལ། །འཆིང་གྲོལ་གཉིས་མེད་རང་སར་བདེ། །གཅིག་བདེ་གཉིས་བདེ་ཀུན་ཀྱང་བདེ། །ཁམས་གསུམ་སེམས་ཅན་ཀུན་ཀྱང་བདེ། །དུས་གསུམ་སངས་རྒྱས་ཀུན་ཀྱང་བདེ། །རང་སྣང་ཆོས་སྐུའི་ཀློང་ན་བདེ། །ཆོས་སྐུ་འཕོ་འགྱུར་མེད་པ་ལ། །འཁོར་འདས་ཆོས་ཀུན་ཅི་བདེར་བཞུགས། །དེ་ལ་ངེས་པ་མེད་པའི་ཕྱིར། །བྱེད་སྤྱོད་ཅིར་ཡང་མ་འགགས་པས། །ང་ཡི་ཀློང་ན་ཅི་བདེར་སྤྱོད། །སྤྱོད་ཡུལ་གང་ཡིན་མ་འགགས་པས། །ཅི་ལ་ཉམ་ང་མེད་པ་དང་། །གང་ལ་ཐོགས་པ་མེད་པའི་ཕྱིར། །གང་ཞིག་གང་ལ་གང་གིས་འཆིང་། །སྤུ་གྲིས་སྤུ་གྲི་ཇི་ལྟར་གཅོད། །ཆུ་ཡིས་ཆུ་གཉིས་ཇི་ལྟར་བརླན། །མཁའ་ལ་མཁའ་ཉིད་ཇི་ལྟར་འཇོག །མེ་ཡིས་མེ་ཉིད་ཇི་ལྟར་བསྲེག །འཆིང་གྲོལ་ཉིད་


DNG025_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རིག་པའི་ཀློང་། །ས་ལེ་སྦྲམ་བཞིན་འགྱུར་བ་མེད། །གཅིག་ཤེས་ཀུན་གྲོལ་ཏི་ལ་ཉིད། །ཐེག་དགུ་མ་སྤངས་ང་ཡི་རྩལ། །ཨ་ཏི་མ་བསྒྲུབས་ང་ཡི་རོལ། །མཐོ་དམན་བརྗོད་བྲལ་ང་ཡི་རྒྱན། །ཅེས་གསུངས་ནས། ཀུན་རྫོགས་རྒྱལ་པོ་མི་གཡོ་བའི་ངང་ལ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཨ་ནུ་མ་སྤངས་རྫོགས་ཚུལ་གྱི་ལེའུ་སྟེ་ཉེར་ལྔ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་ཡང་གསོལ་པ། །ཨེ་མ་ཧོ། ཉག་གཅིག་ཟང་ཐལ་ཀུན་ཏུ་བཟང་། །མེད་པ་ཕྱལ་པ་ལྷུན་གྲུབ་ཆེ། །ཨ་ཏིའི་གྲུབ་མཐའ་བདག་ལ་སྟོན། །ཅེས་གསོལ་སྟོན་པས་བཀའ་སྩལ་པ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །རྫོགས་ཆེན་ཨ་ཏིའི་གྲུབ་མཐའ་ནི། །ལྟ་སྒོམ་སྤྱོད་པ་འབྲས་བུའོ། །ལྟ་བ་སྣང་སྲིད་འཁོར་འདས་ཀྱི། །ཆོས་རྣམས་ཐིག་ལེ་ཉག་གཅིག་སྐུ། །རང་བྱུང་བྱ་བཙལ་མེད་པར་འདོད། །སྒོམ་པ་ཀུན་ཁྱབ་ནམ་མཁའ་ལ། །ཅིར་ཡང་འཆར་བའི་ནོར་བུ་ལྟར། །སྣང་བཞིན་མ་གྲུབ་ངེས་པ་མེད། །བཅོས་སླད་མེད་པ་ས་ལེ་སྦྲམ། །རང་གསལ་ཆེན་པོར་འདོད་པ་ཡིན། །སྤྱོད་པ་སྤྱད་རྒྱུ་མེད་པ་སྟེ། །འབྲས་བུ་ཚེ་གཅིག་ལུས་གཅིག་ལ། །ཀ་དག་ཟད་པའི་སར་གྲོལ་འདོད། །སེམས་སྡེ་ཀློང་སྡེ་མན་ངག་སོགས། །རང་རང་གྲུབ་མཐའ་ཕྱོགས་རེས་བཅིངས། །ཐེག་བརྒྱད་ཐམས་ཅད་ཁྱད་བསད་ནས། །ང་ནི་རྩོལ་བ་བྲལ་ལོ་ཟེར། །ཕྱོགས་ཞེན་དེ་ཡིས་སངས་མི་རྒྱ། །ལྟ་བ་སྒོམ་མེད་བསྟན་པས་ཐོས། །སྒོམ་པ་ཡེ་སྒོམ་བསྟན་པས་ཐོས། །སྤྱོད་པ་སྤང་བླང་མེད་པས་ཐོས། །དམ་ཚིག་བསྲུང་མཚམས་མེད་པས་ཐོས། །ལམ་ལ་རྩོལ་བགྲོད་མེད་པས་ཐོས། །ཆོས་ཉིད་གང་ཡང་ཡིན་པས་ཐོས། །དོན་ལ་དེ་ལྟར་གནས་གྱུར་ཀྱང་། །ཐེག་དམན་ཐམས་ཅད་སྐྲག་ཅིང་བརྒྱལ་བར་བྱེད། །དགེ་སྡིག་གཉིས་


DNG025_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་རྒྱུ་འབྲས་བྱུང་། །དགེ་བཅུ་རྩོལ་བ་སྤང་མི་དགོས། །ཉན་རང་བྱང་སེམས་ཐེག་དམན་ལ། །ཁྱད་གསོད་དགེ་སྡིག་མེད་དོ་ཟེར། །གཏན་ཚིགས་རིགས་དྲུག་སྡུག་བསྔལ་ལྟོས། །ཡིད་སྨོན་བྱེད་པ་སེམས་ཀྱི་བདུད། །ཐེག་དམན་རྣམས་ལ་ཁ་འཕེན་ཅིང་། །རྒྱུ་འབྲས་ཕྱལ་པར་འཇོག་པ་ན། །ཁམས་གསུམ་སེམས་ཅན་བསད་པ་བས། །ཐེག་པ་སྤང་སྨད་སྡིག་པ་ཆེ། །ཡང་དག་ང་ལ་སྒྲོ་བཏགས་ཡིན། །གང་ལ་གང་འཚམས་སྟོན་བྱེད་པ། །དབང་པོའི་རིམ་པར་སྦྱར་ནས་གསུངས། །མཐོ་དམན་མེད་པར་ངས་མ་གསུངས། །ཐེག་དགུ་སྐས་ཀྱི་གདང་བཞིན་བརྟེན། །སྤོང་འགེག་རྟོག་བསྒྱུར་བདེན་གཉིས་སྤྱོད། །གཙང་སྦྲ་ཏིང་འཛིན་བྱིན་རླབ་བྱེད། །རྩོལ་སྒྲུབ་དམ་ཚིག་ཡེ་ཤེས་བསྐྱེད། །སྒྲུབ་བསྙེན་ཕྲིན་ལས་མཆོད་བསྟོད་བསྐུལ། །ཀུན་ལ་འབྲས་བུ་རེ་རེ་དང་། །བདེན་པ་མཐོང་ཚུལ་ཡོན་ཏན་ཡོད། །རྒྱུ་འབྲས་འདས་པའི་ཁ་ལྟ་སྟེ། །ཆད་པའི་མུ་ལ་ཅུང་ཙམ་རྟོགས། །ཉམས་ལེན་མེད་ཅེས་ཐ་མལ་སྡོད། །ཉམས་ལེན་མ་འདྲེས་དྲོད་ཚད་ཐོབ། །ཨ་ཏི་ཆེན་པོ་ང་ཉིད་ལ། །ཉན་རང་ཐེག་པ་སོ་ཐར་དང་། །ཉམས་ལེན་ཀུན་ཀྱང་མ་སྤངས་ཡང་། །ཆེན་པོ་ང་ལ་བཀག་པ་མེད། །ཀློང་ཡངས་ང་ལ་གནས་པ་མེད། །གང་ཡང་མ་སྤངས་ཡངས་པར་བརྡལ། །མ་བཅོས་མཁའ་འདྲ་ཀུན་ལ་ཤར། །མཐོ་དམན་ཕྱོགས་རིས་ང་ལ་བྱེད། །འདོད་བློའི་ཆོས་ཆེན་མ་ཟད་ན། །ཁ་ལྟ་མཐོ་ཡང་སངས་མི་རྒྱ། །ཆེན་པོ་ང་ཡིས་གཏན་ལ་འབེབས། །འཁོར་བ་རུ་ནས་ང་ཡིས་བཟློག །ཐེག་པ་འོག་མས་གོང་མ་འདེགས། །རྩ་བས་རྩེ་མོ་འདེགས་བཞིན་ནོ། །མར་ལ་མར་བསྣན་དབྱེ་བསལ་མེད། །སངས་རྒྱས་སེམས་ཅན་ལོགས་ན་མེད། །རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད། །དམ་ཚིག་ས་ལམ་རྩོལ་སྒྲུབ་མེད། །དེ་ཡིས་ཀ་དག་སྒྲུབ་ལ་ཕེབས། །རྒྱུ་འབྲས་ཞིབ་ཀྱང་འགལ་བ་མེད། །བྱར་མེད་ཀློང་དུ་གང་ཡང་ཤོང་། །རྩོལ་


DNG025_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མི་བདེ་བྱ་མི་དགོས། །རྫོགས་ཆེན་རྒྱུ་འབྲས་མེད་པར་འཁྲུལ། །དེ་ནི་ཆོས་ཉིད་མཁའ་དང་འགལ། །ཇི་བཞིན་ཆོས་ཉིད་དོན་མི་འབྱོར། །ཆོས་ཉིད་ཡེ་གྲོལ་དོན་དང་འགལ། །ཨེ་མ་ཧོ། ཐེག་དགུ་ཡེ་རྫོགས་འདི་ལྟ་སྟེ། །སྡུག་བསྔལ་མི་སྐྱེ་སྤང་མི་དགོས། །ཉན་ཐོས་མ་སྤངས་རྫོགས་པ་ཆེ། །མ་རིག་རྟེན་འདྲེལ་དབང་པོ་འགེགས། །སྟོང་ཉིད་ཆོས་སྐུ་སྐྱེ་འཇིག་བྲལ། །རང་རྒྱལ་མ་སྤངས་རྫོགས་ཆེན་རྒྱན། །རང་བྱུང་རྣམ་དག་ཆོས་ཉིད་སྦྱང་། །སྦྱང་བསྒྱུར་དམིགས་པ་སྐུལ་མི་དགོས། །སེམས་ཙམ་མ་སྤངས་རྫོགས་ཆེན་རྒྱན། །ཀྲི་ཡ་གཙང་སྦྲ་བྱི་དོར་གྲུབ། །ཡེ་ནས་དག་པས་བྱ་བ་བྲལ། །ཀྲི་ཡ་མ་སྤངས་རྫོགས་ཆེན་རྒྱན། །ཨུ་པ་ཡོ་ག་ཆོ་ག་རྩོལ་སྒྲུབ་སྤྱོད། །ཡེ་ནས་ལྷུན་གྲུབ་བྱ་མི་དགོས། །ཨུ་ཡོག་མ་སྤངས་རྫོགས་ཆེན་རྒྱན། །མ་ཧཱ་ཨ་ནུ་ཏིང་འཛིན་གསུམ། །དག་པ་སྒོམ་བསྒྲུབ་ཡེ་གྲུབ་ཡིན། །མ་ཧཱ་ཨ་ནུ་རྫོགས་ཆེན་རྒྱན། །སེམས་སྡེ་ཀློང་སྡེ་མན་ངག་སོགས། །ཀུན་ཀྱང་མཐོ་དམན་མེད་པ་ལ། །ཐེག་འོག་ཁྱད་བསད་རང་ཆེ་བརྗོད། །དེ་ཡིས་འདི་ལ་གཏན་མི་ཕེབས། །རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད། །ཆེན་པོ་ང་ཉིད་མཉམ་ཉིད་དང་། །མཐོ་དམན་དབྱེ་བའི་གདགས་གཞི་བྲལ། །རྩོལ་མེད་རྒྱུ་འབྲས་ཞིབ་མོས་འབེབས། །ཀུན་གྱི་ཡང་རྩེ་ཆེན་པོ་ང་། །དགུ་ཀ་མ་སྤངས་ཉམས་སུ་ལེན། །ཕྱོགས་ཞེན་རྒྱ་མདུད་སྡོམ་པ་ལེན། །ལྟ་བའི་ཡང་རྩེ་ཐོད་རྒལ་འགྲོ། །གཤིས་ནི་སྐྱེ་མེད་ཐིག་ལེ་ཡིན། །རྩལ་ནི་འགག་མེད་རོལ་པ་ཡིན། །ངོ་བོ་གཉིས་མེད་རང་གྲོལ་ཡིན། །ཨེ་མ་ཧོ། གཅིག་ལ་ཀུན་རྫོགས་མ་སྤངས་རང་སར་གྲོལ། །སངས་རྒྱས་སྐུ་དང་སེམས་ཅན་ཉོན་མོངས་ལུས། །ཇི་ལྟར་སྣང་བ་ཐམས་ཅད་རིག་པའི་རྒྱན། །ཉོན་མོངས་དུག་ལྔ་ཡེ་ཤེས་བདུད་རྩི་སྟེ། །འཁོར་བའི་གཡང་ས་བྱང་ཆུབ་ལམ་དུ་སྟེ། །དུག་གསུམ་སྐུ་གསུམ་ཀློང་དུ་གཏན་སྤྲུགས་ཏེ། །སྐྱེ་ཤི་རྩད་གཅོད་ཁམས་གསུམ་ཡོངས་སུ་གྲོལ། །གཟུང་འཛིན་གཉིས་དང་


DNG025_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བྱེད་ཀུན་སྣང་ཀུན། །ཉིད་ལ་ཉིད་འཛིན་ཉིད་ལ་ཉིད་སྤྱོད་པས། །རྩ་བ་བྱང་ཆུབ་རིག་པའི་ཀློང་དུ་གྲོལ། །རང་བྱུང་རིག་པ་ཡེ་ནས་ཆོས་སྐུ་སྟེ། །དུས་གསུམ་རྒྱལ་བ་རྣམས་ཀྱང་དེ་ཡི་སྐུ། །ཕྱི་ནང་གསང་བ་ཐེག་མཆོག་ཇི་སྙེད་ཀྱང་། །བྱང་ཆུབ་སེམས་ཉིད་དེ་ཡི་ཡོན་ཏན་ཏེ། །རང་རིག་མ་རྟོགས་ཆོས་རྣམས་ལོགས་ན་མེད། །སེམས་ཉིད་ཀློང་དུ་མ་གྲོལ་ཆོས་མེད་པས། །གཉིས་སུ་འཛིན་པའི་མཁའ་ལ་མདུད་པ་བོར། །ཕྱོགས་སུ་བཙལ་བ་སེམས་ཀྱི་མདུད་པ་སྟེ། །ཨ་ཏི་ལྟ་བ་ཕྱོགས་རིས་མེད་པ་ལ། །བལྟས་ཀྱང་སྐྱོན་མེད་རང་བྱུང་རོལ་པ་ཡིན། །མ་བལྟས་སྐྱོན་མེད་མཚན་མ་རང་སར་གྲོལ། །གཉིས་མེད་ལྟ་བ་རང་བྱུང་རོལ་པ་ཡིས། །ལྟ་བ་བཟང་ངན་འབྱེད་པའི་མདུད་པ་བོར། །ང་ཡི་སྒོམ་པ་དམིགས་གཏད་མེད་པ་ལ། །བསྒོམས་ཀྱང་སྐྱོན་མེད་རང་བྱུང་རོལ་པ་ཡིན། །མ་བསྒོམས་སྐྱོན་མེད་མཚན་མ་རང་སར་གྲོལ། །རང་གྲོལ་གཉིས་མེད་རང་བྱུང་སྤྱོད་པ་ཡིས། །སྤྱོད་པ་ཆེད་དུ་བཙལ་པའི་མདུད་པ་བཀྲོལ། །ཀློང་ཆེན་འབྲས་བུ་སྤང་ཐོབ་མེད་པ་ལ། །བསྒྲུབས་ཀྱང་སྐྱོན་མེད་རང་བྱུང་རིག་པ་ཡིན། །མ་བསྒྲུབས་སྐྱོན་མེད་མཚན་མ་རང་སར་གྲོལ། །གཉིས་མེད་རང་གྲོལ་རང་བྱུང་འབྲས་བུ་ཡིན། །འབྲས་བུ་གཞན་འདོད་རེ་བའི་མདུད་པ་བཀྲོལ། །ཀློང་ཆེན་བསྲུང་མཚམས་བྲལ་བའི་དམ་ཚིག་ལ། །བསྲུངས་ཀྱང་སྐྱོན་མེད་རང་བྱུང་རོལ་པ་ཡིན། །མ་བསྲུངས་སྐྱོན་མེད་མཚན་མ་རང་སར་གྲོལ། །རང་གྲོལ་གཉིས་མེད་རང་བྱུང་དམ་ཚིག་གིས། །སྲུང་ཉམས་སྐྱོན་ཡོན་འབྱེད་པའི་མདུད་པ་བཀྲོལ། །ཨ་ཏིའི་ཕྲིན་ལས་བྱ་བཙལ་མེད་པ་ལ། །བཙལ་ཀྱང་སྤྱོད་མེད་རང་བྱུང་རོལ་པ་ཡིན། །མ་བཙལ་སྐྱོན་མེད་མཚན་མ་རང་སར་གྲོལ། །རང་གྲོལ་གཉིས་མེད་རང་བྱུང་ཕྲིན་ལས་ཀྱི། །ཕྱོགས་སུ་འབྱེད་པར་འདོད་པའི་མདུད་པ་བཀྲོལ། །ཨ་ཏི་ས་ལམ་སྦྱང་བགྲོད་མེད་པ་ལ། །སྦྱང་བགྲོད་བྱས་པས་སྐྱོན་མེད་རོལ་པར་


DNG025_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཤར། །མ་བགྲོད་མ་སྦྱངས་སྐྱོན་མེད་རང་སར་གྲོལ། །གཉིས་མེད་རང་གྲོལ་རང་བྱུང་ས་ལམ་གྱིས། །མཐོ་དམན་གོང་འོག་འཛིན་པའི་མདུད་པ་བཀྲོལ། །ཀློང་ཆེན་མདུད་བཀྲོལ་མཐའ་ཡི་མུན་གསལ་བས། །འགྲོ་བ་རིགས་དྲུག་སངས་རྒྱས་ཉིད་དུ་གསལ། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྒྱར་མཉམ་པས། །ཡ་ཐ་སངས་རྒྱས་མེད་དེ་རང་དུ་གསལ། །མ་ཐ་དམྱལ་བ་མེད་དེ་རང་དུ་དག །འགྲོ་དྲུག་སྡུག་བསྔལ་མདུད་པ་དེར་བཀྲོལ་ནས། །བྱང་ཆུབ་སེམས་ལ་བདག་གཞན་མཐོ་དམན་མེད། །མཐོ་དམན་མེད་པའི་མཉམ་ཉིད་རིག་པའི་མཁར། །ཀུན་ལ་ཁྱབ་པས་གདལ་བ་ཆེན་པོའི་རྫོང་། །གཉིས་སུ་མེད་པ་མི་འགྱུར་རྡོ་རྗེའི་འོབས། །རྡོ་རྗེའི་མཁར་རྫོང་ཐེག་པའི་སྤྱི་ཕུད་ཡིན། །ཡེ་ནས་དེ་ཡི་ཀློང་དུ་རང་གྲོལ་བས། །འདོད་འབྱུང་ཅིར་ཡང་འཆར་བའི་ཡོན་ཏན་ཡིན། །ཡེ་ཀློང་བརྡལ་བ་དེ་ཡི་ངོ་བོ་ལ། །སྐྱེ་ཤི་འཕོ་འགྱུར་མེད་པས་འབྲས་བུའོ། །རྒྱུད་དང་གདམས་ངག་ཐམས་ཅད་ང་ཡི་ཀློང་། །གཅིག་རྫོགས་ཀུན་རྫོགས་སྐྱོན་ཡོན་མཐའ་དག་རྫོགས། །རྫོགས་པ་ཆེན་པོ་ཨ་ཏི་ཀུན་གྱི་ཕུད། །དབྱིངས་རིག་ཏི་ལར་གང་ལ་དབྱེ་བསལ་མེད། །ས་དང་ལམ་དང་ཐེག་པའི་བྱེ་བྲག་ཀུན། །མ་འདྲེས་ཡོངས་རྫོགས་ཐིག་ལེ་གཅིག་གི་རྒྱན། །ཐིག་ལེ་གཅིག་ལ་དབྱེ་བསལ་ངང་གིས་བྲལ། །མི་འགྱུར་བརྟན་པའི་ཀློང་ན་བདེ་བར་བཞུགས། །བྱ་བྲལ་བདེ་བ་ཁ་ཡན་ཀློང་ན་བདེ། །ཀུན་ཀྱང་རོ་གཅིག་མཉམ་པའི་དབྱིངས་སུ་གྲོལ། །སྐྱེ་མེད་རོལ་པ་འུབ་ཆུབ་ཆེན་པོ་ཨེ། །ཐེག་དགུ་མ་འདྲེས་མ་སྤངས་རྫོགས་པས་ཏེ། །གོང་ན་གཞན་མེད་སྤྱི་དཔལ་ཆེན་པོར་ཐེག །འཁོར་འདས་ཐམས་ཅད་བརྡལ་བ་ཆེན་པོའི་ཀློང་། །ཉིད་ལས་ཉིད་ཤར་རོལ་པ་འབྱམས་པས་ཆེན། །རྩོལ་བ་བྱ་བྲལ་ཏི་ལའི་སྦུབས་ན་རབ། །ཀ་དག་ཟད་པ་ཡིད་དཔྱོད་བྲལ་བས་འབྱམས། །ཐེག་དགུ་ཟིལ་གནོན་ཡངས་དོག་མེད་པའོ། །ཞེས་


DNG025_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས། མི་ཟད་ཀ་དག་གི་ཀློང་དུ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཨ་ཏི་རྫོགས་ཚུལ་གྱི་ལེའུ་སྟེ་རྩ་དྲུག་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཀྱེ་ཧོ།ཉག་གཅིག་ཆ་ཤས་ཏི་ལ་ཆེ། །གཞོན་ནུ་བུམ་སྐུ་ཀུན་བཟང་མཆོག །ཨ་ཏི་ཆེན་པོའི་གྲུབ་མཐའ་གང་། །སྟོན་པས་འཁོར་ལ་བཀའ་སྩོལ་ཅིག །ཞུས་པའི་ལན་དུ་འདི་སྐད་གསུངས། །ཨ་ཏི་ཆེན་པོའི་ཀློང་བརྡལ་ལ། །གཏད་མེད་ཟང་ཐལ་ལྟ་བ་དང་། །དམིགས་གཏད་ཞེན་མེད་སྒོམ་པ་དང་། །བླང་དོར་མེད་པའི་སྤྱོད་པ་དང་། །འབྲས་བུ་རེ་དོགས་མེད་པར་ཟད། །བཞི་ཡིས་བསྡམས་ཏེ་བསྟན་པ་ལ། །ལྟ་བ་གཏད་མེད་ཉིད་ལ་གསུམ། །མཉམ་ཉིད་འཛིན་གྲོལ་ཕྱོགས་མེད་ཟླ། །འཁོར་འདས་ཆོས་ཀུན་ཅིར་སྣང་ཡང་། །སྣང་སྟོང་ཆོས་ཉིད་དབྱེ་བ་མེད། །ཆོས་ཅན་མ་ཡིན་ཆོས་ཉིད་གཅིག །ལོགས་ནས་འབྱུང་བའི་རེ་ཆ་མེད། །ཡོད་མིན་མེད་མིན་འཛིན་པ་གྲོལ། །བདེན་རྫུན་ཐ་དད་གཉིས་ཆོས་དག །ཆོས་རྣམས་རང་བྱུང་རང་ཤར་ཀློང་། །ཆོས་མེད་གཏད་མེད་ཉིད་སྣང་བ། །སྣང་ན་རང་སྣང་རང་སྟོང་ངོ་། །སྣང་དང་སྟོང་པ་ཡེ་ནས་མཉམ། །ཆོས་ཅན་ཆོས་ཉིད་མཉམ་པར་བརྡལ། །ཡོད་མེད་མཐའ་གཉིས་རང་ཆོད་ཀློང་། །རང་དང་གཞན་གྱི་ཕྱོགས་འཛིན་མེད། །རྫུན་དང་བདེན་པར་གདོད་ནས་མཉམ། །ཅི་ཕྱིར་རིག་པ་དྲི་མེད་འདི། །ངོ་བོ་ཕྱོགས་ལྷུང་གང་ཡང་མེད། །དེ་ཕྱིར་གཏད་མེད་ཟང་ཐལ་ཏེ། །དཔེར་ན་ག་པུར་སྨན་དུག་བཞིན། །ཡེ་ནས་མཉམ་ཉིད་རང་ངོའི་སྦུབས། །ཆོས་རྣམས་མཉམ་ཉིད་མཐའ་གྲོལ་བས། །ལྷ་མི་རང་རྒྱུད་བཟུང་བས་འཁྲུལ། །ཆད་དང་སྟོང་པར་བཟུང་བས་ལོག །ཐེག་དམན་སྣང་བ་དགྲར་ལྟས་གོལ། །བྱང་


DNG025_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྒྲིན་པོས་སྦྱོང་བས་བསྒྲིབས། །མཐའ་དབུས་སྟོང་པར་སྒྲོ་འདོགས་འབྱམས། །སྔགས་རྣམས་ཕྱི་ནང་དག་སྣང་དུ། །བསྒྱུར་བས་ཆོས་མིན་གཏིང་མ་རྟོགས། །མདོར་ན་ཕྱོགས་འཛིན་ལྟ་བའི་བདུད། །རྫོགས་ཆེན་ཐེག་དམན་ཁྱད་གསོད་བྲལ། །ཐམས་ཅད་ཕྱམ་བརྡལ་ཕྱོགས་རིས་མེད། །གཏད་མེད་ཟང་ཐལ་ལྟ་བ་ལ། །ཆོས་མིན་རྟོག་པས་ཕྱོགས་འཛིན་གྲོལ། །ཀ་དག་ཀློང་དུ་བརྡལ་བ་ཆེ། །ཕྱོགས་རིས་མེད་པར་ལ་བཟླ་བ། །ཆོས་ཅན་དངོས་པོའི་སྣང་བ་ལ། །རྟོག་པས་འདི་ཡིན་མེད་པར་བརྡལ། །ཡོད་པའི་ཕྱོགས་སུ་མ་ལྷུང་སྟེ། །ཅིར་ཡང་སྣང་བས་མེད་མཐའ་བྲལ། །གཉི་གའི་ཕྱོགས་ནས་རིག་སྣང་སྟོང་། །གཉིས་མེད་ཕྱོགས་སུ་དེ་མ་ལྷུང་། །ཡེ་གྲོལ་ཕྱོགས་སུ་རྒྱ་རིས་བྲལ། །ཡང་དག་དོན་དུ་ལ་བཟླའོ། །དམིགས་གཏད་ཞེན་མེད་སྒོམ་པ་ལ། །བདག་འཛིན་བློ་བྲལ་སྒོ་འཁྲུལ་ཞིག །ཡིན་མིན་བློ་བྲལ་ཀློང་བརྡལ་ལོ། །བདག་འཛིན་བྲལ་བས་ང་བདག་སྒོམ། །ངོ་བོ་སྟོང་པས་རྩ་བ་སྟོར། །རང་བཞིན་གསལ་ཡང་གཞི་རྩ་བྲལ། །མཚན་ཉིད་འགྱུ་དྲན་འཛིན་ཆགས་ཞི། །གང་ཡང་མ་གྲུབ་བསྒོམ་བྱ་སྟོར། །སྤང་དང་བསྒྲུབ་བྱའི་སྣང་བ་ཞིག །དམིགས་གཏད་ཀུན་བྲལ་ཀློང་ཡིན་ནོ། །འཁྲུལ་པ་ང་བདག་གཤིས་མེད་གྲོལ། །སྣང་བ་བྱེད་མཁན་མ་གྲུབ་པས། །སྣང་ཚུལ་བདེན་རྫུན་འཁྲུལ་པ་ཞིག །གཉིས་འཛིན་འཁྲུལ་པ་ཡེ་མེད་དང་། །བསྒྲུབ་བྱ་འདི་ཡིན་བསྒྲུབ་ཏུ་མེད། །ཐམས་ཅད་ཀློང་ཆེན་བརྡལ་བ་ཉིད། །ཕྱོགས་མེད་ཡུལ་མེད་རང་སྣང་གྲོལ། །ཡུལ་མེད་བློ་དང་དེ་བྲལ་ཏེ། །ཐམས་ཅད་ཕྱམ་གཅིག་རིག་སྟོང་གྲོལ། །སྤྱོད་པ་བླང་དོར་མེད་པ་ལ། །གཏད་མེད་ཟང་ཐལ་ལྟ་བ་ཡིས། །ཡིན་དང་མིན་གྱི་ཕྱོགས་ཞེན་གྲོལ། །དམིགས་གཏད་ཞེན་མེད་བསྒོམ་པ་ཡིས། །ཐེག་དགུ་ཆོས་མིན་གྲོགས་སུ་འཆར། །བླང་དོར་མེད་པའི་སྤྱོད་པ་ཡིས། །ཡིན་མིན་དགེ་སྡིག་ཅི་སྤྱད་ཀྱང་། །ཆོས་


DNG025_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀློང་ནས་འདས་པ་མེད། །དགེ་བཅུ་ཕ་རོལ་ཕྱིན་པ་དྲུག །ཆོས་སྤྱོད་བཅུ་སོགས་འདི་བླང་བྱ། །མི་དགེ་བཅུ་དང་མཚམས་མེད་ལྔ། །རྣམ་སྨིན་སྡིག་ཆེ་འདི་སྤང་བྱ། །མཚན་མ་ཡེ་མེད་གཞི་དག་པས། །བླང་དོར་གཟུང་འཛིན་མིང་ཡང་མེད། །ཡིན་མིན་གཉིས་ཀྱི་ཆོས་བློ་འདས། །དེ་ལྟར་ལྟ་སྒོམ་ཆོས་ཉིད་ཀྱི། །ཀློང་ལས་འཕྱོ་བ་ཡེ་མེད་པས། །མི་དགེ་བཅུ་དང་མཚམས་མེད་སོགས། །མ་སྤངས་ཆོས་མེད་ལྷུན་གྱིས་གྲུབ། །དགེ་བཅུ་ཆོས་སྤྱོད་ཚོགས་ཆེན་གཉིས། །མ་བཙལ་ཆོས་མིན་ལྷུན་གྱིས་གྲུབ། །སྐུ་དང་ཞིང་ཁམས་ཡེ་ཤེས་སོགས། །མ་གྲུབ་ལྷུན་རྫོགས་ཀློང་ཆེན་པོ། །འཁོར་འདས་ཀྱིས་བསྡུས་ཆོས་ཕྱམ་གཅིག །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཡོད་ནས་སྣང་བ་ག་ལ་ཡིན། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །མེད་པ་ཉིད་ཀྱང་རང་སྣང་ཕྱིར། །སྣང་ཤར་དུས་མཉམ་དེ་རུ་མཉམ། །སྟོང་རིག་དུས་ན་དེ་རུ་མཉམ། །གཉིས་ཀའི་དུས་ན་དེ་རུ་མཉམ། །མཉམ་ཉིད་མཐའ་མུ་རང་གྲོལ་ལོ། །འབྲས་བུ་སྣང་བཞི་རིམ་ཤར་ནས། །གདེང་བཞི་དག་གིས་ཆོས་ཟད་པས། །ཟག་བཅས་མི་སྣང་ཟླ་བདུན་གྱིས། །འཇའ་འོད་ལྷག་མེད་འགྲུབ་པའོ། །ཨེ་མ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །ལྟ་བ་ཕྱིན་ཅི་མ་ལོག་པར། །ཨ་ཏི་ཆེན་པོའི་ཀློང་ཆེན་ལ། །མ་རིག་མ་སྤངས་རིག་པའི་སྐུ། །དབྱིངས་ཆེན་རྣམ་དག་ཐིག་ལེར་རྫོགས། །གཅིག་རྫོགས་ཏི་ལ་གཉིས་རྫོགས་བརྡལ། །འཁོར་འདས་ཆོས་རྫོགས་ཐམས་ཅད་ཀློང་། །གཅིག་བྱུང་ཀ་དག་གཉིས་བྱུང་རོལ། །སྒྲོན་མ་བཞི་གཞུང་ལུག་རྒྱུད་རྫོགས། །སྐུ་དང་ཞིང་ཁམས་ཐམས་ཅད་བྱུང་། །གཅིག་སྐྱེས་ཏི་ལ་སྟོང་ཉིད་དབྱིངས། །གཉིས་བྱུང་རིག་པ་དབྱིངས་དང་འདྲེས། །ཡིད་ཀྱི་རྣམ་ཤེས་ཐམས་ཅད་སྐྱེས། །གཅིག་མེད་མ་རིག་ཡིད་སེམས་མེད། །མ་དག་ཉོན་མོངས་ཐམས་ཅད་མེད། །ཕྱོགས་རིས་ཞེན་འཛིན་མདུད་པ་མེད། །དེ་བཞིན་ཨ་ཏི་ཆེན་པོ་ལ། །བྱས་བའི་ཆོས་ནི་ཀ་ནས་


DNG025_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དག །བྱ་དང་བྱེད་པ་མེད་པའོ། །ཨ་ཏི་ཀློང་ཆེན་ང་ཉིད་ལ། །དམ་ཚིག་བསྲུང་དུ་མེད་པ་སྟེ། །ཡེ་ནས་བསྲུང་དང་བྲལ་བའོ། །མེད་པ་ཕྱལ་པ་ལྷུན་གྲུབ་ཆེ། །ཉག་གཅིག་ཟང་ཐལ་ཉིད་དུའོ། །གསང་སྔགས་ཀུན་གྱི་དགོངས་པ་ཆེ། །ཨ་ཏི་ཆེན་པོའི་ཀློང་ཆེན་དེ། །ནམ་མཁའ་གཅན་གཟན་སེང་གེ་ཡིས། །འུག་པ་ཝ་ཚོགས་ཟིལ་གནོན་ལྟར། །རང་རིག་གཏན་ཕེབས་དམན་མནན་ནམ། །རི་བོ་མཆོག་གིས་རི་བྲན་ཟིལ་མནན་ནམ། །རྒྱ་མཚོ་ཆེན་པོས་ཆུ་བྲན་ཟིལ་མནན་ནམ། །དཔག་བསམ་ཤིང་གིས་ཤིང་བྲན་ཟིལ་མནན་ནམ། །གླང་ཆེན་རྟ་མཆོག་དུད་འགྲོ་ཟིལ་གནོན་ལྟར། །ཐེག་པའི་སྤྱི་ཕུད་ཀློང་ཆེན་ང་ཉིད་ཀྱིས། །འཁོར་འདས་ཐེག་དགུ་སྦུབས་སུ་ཟིལ་གྱིས་མནན། །རང་བྱུང་རང་ལ་ཐིམ་པའི་སྐུ་གསུམ་རིག་པའི་དོན། །སྐྱེ་མེད་དབྱིངས་ལ་སྒོམ་མེད་ཆེན་པོ་ནི། །བསྒོམ་བྱ་སྒོམ་བྱེད་ཡིན་མིན་གཉིས་དང་བྲལ། །འཛིན་པ་མེད་པར་རང་གྲོལ་ཏེ། །སྦྲུལ་དང་རྔ་མའི་མདུད་པ་བཞིན། །རང་གྲོལ་རང་སངས་ཆེན་པོའོ། །དེ་བཞིན་ཕྱོགས་ཆ་ཡིད་འཛིན་རྣམས། །རང་གྲོལ་རང་སངས་ཆེན་པོའོ། །ཨ་ཏི་ཆེན་པོ་ང་ཉིད་ལ། །རེ་དང་དོགས་པ་ག་ལ་ཡོད། །རེ་དོགས་གཉིས་པོ་ལྟུང་བའི་རྒྱུ། །འཁོར་དང་འདས་པ་ག་ལ་ཡོད། །སངས་རྒྱས་སེམས་ཅན་ག་ལ་ཡོད། །མ་སྤངས་ཀློང་དུ་རང་སར་གྲོལ། །བསྒྲུབ་མེད་སྒྲུབ་དང་བྲལ་བའོ། །བྱས་མེད་བྱུང་བ་མེད་པའོ། །འགག་མེད་ཁྱབ་གདལ་འུབ་ཆུབ་པོ། །འགྱུར་མེད་ཀློང་ཡངས་ཆེན་པོའོ། །ཆོས་མེད་སངས་རྒྱས་འཁྲུལ་མེད་དོ། །གནས་མེད་ཡེ་ཤེས་མེད་པའོ། །མེད་པའི་འཆལ་པ་ག་ལ་ཡིན། །མ་སྤངས་བཀྲ་ཞིང་འཛིན་མེད་ཡིན། །གང་ཤར་རོལ་པ་གང་སྣང་གྲོགས། །དཔེར་ན་ནགས་ཀྱི་མེ་ཆེན་ལ། །རླུང་ཆེན་བྱུང་བ་གྲོགས་བཞིན་ནོ། །ཀློང་ཆེན་རོལ་པར་འཁོར་འདས་རྒྱན། །འདི་ནི་ཨ་ཏིའི་གྲུབ་མཐའ་འོ། །ཞེས་གསུངས་ནས། ཀ་དག་ཡངས་པ་ཆེན་པོའི་ངང་ལ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་


DNG025_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཨ་ཏི་ཆེན་པོའི་གྲུབ་མཐའ་སྟེ། རྩ་བདུན་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། གཏད་རྒྱ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་ཧོ། སྐུ་ལྔའི་བདག་ཉིད་སངས་རྒྱས་མེས། །རེ་དོགས་མཐའ་གྲོལ་ཀུན་ཏུ་བཟང་། །འདི་ལྟ་བུ་ཡི་ཀློང་ཆེན་དེ། །སྟོན་པའི་སློབ་དཔོན་ཇི་ལྟ་བུ། །འདུས་པའི་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་ཞུས་པའི་ལན་ཉིད་དུ། །སྟོན་པས་རང་བྱུང་འདི་སྐད་གསུངས། །ཀྱེ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །སྤྱིར་ན་བླ་མའི་མཚན་ཉིད་ནི། །ཕུན་སུམ་ཚོགས་པ་འདི་ལྟར་རོ། །ཀློང་ཆེན་བཀའ་བབས་སྒྲུབ་རྒྱུད་ཟིན། །དབང་རྣམས་ཡོངས་རྫོགས་དམ་ཚིག་གནས། །ལྟ་བ་ཐག་ཆོད་རྒྱུ་འབྲས་ཞིབ། །བསྒོམ་པའི་སྣང་ཤེས་ཉམས་ལེན་བརྩོན། །སྤྱོད་པ་ཚུལ་ཁྲིམས་མན་ངག་ཅན། །གསང་སྔགས་རྡོ་རྗེའི་མཐའ་དྲུག་རྫོགས། །ཐོས་པས་རྒྱུད་གྲོལ་སྙིང་རྗེར་ལྡན། །འགྲོ་འདུལ་ཐབས་མཁས་རྫུ་འཕྲུལ་ལྡན། །དུས་གསུམ་བདེ་གཤེགས་སྲས་བཅས་ཀྱིས། །བྱིན་བརླབས་སྙན་བརྒྱུད་ཚིག་བརྒྱུད་དང་། །ཐུགས་བརྒྱུད་བཀའ་བབས་གཞན་སེལ་མེད། །རྒྱལ་བའི་སྲས་སུ་རྗེས་སུ་གནང་། །སོ་ཐར་འདུལ་ཁྲིམས་ཤེལ་ལྟར་གཙང་། །དེ་ཉིད་བཅུ་མཁྱེན་འདོད་ཆོས་མཁས། །སྐྱོ་དུབ་མེད་ཅིང་སྙིང་རྗེ་འབྱོངས། །ཐེག་ཆེན་འགྲོ་བའི་དོན་ལ་བརྩོན། །གསང་སྔགས་ནང་གི་ཆོ་ག་མཁས། །བསྙེན་སྒྲུབ་མཐར་ཕྱིན་ནུས་རྩལ་རྫོགས། །ཀ་དག་དོན་གྱི་ཕུ་ཐག་འབྲུས། །སྣང་གཞི་ཚད་འཁྱོལ་བདེ་དང་ལྡན། །ཀློང་ཆེན་དོན་ལ་ཤིན་ཏུ་མཁས། །ཚེ་འདི་ཟང་ཟིང་དོན་མི་གཉེར། །སློབ་མ་བརྟག་མཁས་ཐེག་དགུ་སྦྱངས། །ཆགས་ཞེན་ཆུང་ཞིང་འཛིན་པ་མེད། །དེ་རྣམས་ལྡན་པའི་བླ་མ་དེ། །ཡིད་བཞིན་ནོར་བུ་ལྟ་བུ་སྟེ། །བདག་གཞན་དོན་གཉིས་དེ་ཡིས་འགྲུབ། །


DNG025_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་འདྲེལ་ལ་ཡོན་ཏན་འབྱུང་། །དེ་བསྟེན་སྐད་ཅིག་རྫོགས་སངས་རྒྱས། །དེ་ལས་ལོག་པའི་བླ་མ་ནི། །ཆོས་ལ་མཁས་གཡར་ཐ་མལ་སྤོང་། །འདུལ་ཁྲིམས་མེད་པར་ཁྱིམ་པའི་ཚུལ། །ཉེས་བྱས་རྒྱུ་འབྲས་རྣམ་སྨིན་ལྕི། །བྱམས་པ་མ་འབྱོངས་རང་དོན་སྒྲུབ། །གདུལ་བྱའི་འགྲོ་དོན་བསྟན་སྲོལ་སྟོར། །སྔགས་སྒྲུབ་སྒོམ་བཟླས་རྟགས་མ་ཐོན། །རྒྱུད་སྒྲུབ་ཆོ་གའི་གནད་མི་ཤེས། །ཁ་ལྟའི་རྦད་ཁམས་འུར་དུ་འདོན། །ཆགས་སྡང་མ་སྤངས་འཁོར་བར་ལྟུང་། །ཆོས་ཀྱི་རྒྱུས་ཆུང་མཁས་དྲུང་གཞོལ། །བླུན་པོ་ཉ་མ་མགོ་སྐོར་བྱེད། །གདམས་ངག་ཡོད་ཟེར་ལྐོག་ཏུ་སྟོན། །ད་རུང་སྙིང་པོའི་དོན་ལ་ཚོམ། །འགྲོ་དོན་ཉེ་རིང་ཕྱོགས་ཆ་བྱེད། །ཡུལ་དང་བསྟུན་པའི་ཆོས་མི་ཤེས། །དེ་ཡང་བཟང་བཟང་འདྲ་ཡང་ངན་པ་སྟེ། །དེ་འདྲའི་མི་གཙང་བུམ་པ་ལ། །བརྟེན་བྱའི་སློབ་དཔོན་མ་ཡིན་པས། །དམ་པ་ཆོས་ཀྱི་འདྲེལ་ཐག་ཆོད། །ད་ལྟ་ངོ་མཚར་གུས་བརྟེན་ཡང་། །ནམ་ཕུགས་སྐྱོན་གཅིག་ཅིས་ཀྱང་ཡོད། །དམ་ཉམས་གཉིས་ཀ་དམྱལ་བར་འགྲོ། །དེ་བས་སྙིང་པོའི་དོན་འདོད་ན། །བླ་མ་མཚན་ལྡན་བརྩོན་འགྲུས་ཀྱིས། །ཡོན་ཏན་ཚང་བ་བཙལ་ལ་བརྟེན། །དེ་ནི་ལྷག་མེད་གསུངས་པའོ། །དེ་ནི་ཀློང་ཆེན་འདི་ཉིད་ཀྱི། །འཆང་འཛིན་སྟོན་པའི་བླ་མའོ། །ཞེས་གསུངས་ནས། རང་གྲོལ་རྟོག་པའི་གདེང་གི་ངང་ལ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། བླ་མའི་མཚན་ཉིད་བརྟག་པའི་ལེའུ་སྟེ་རྩ་བརྒྱད་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཀྱེ། ཀུན་མཁྱེན་བརྡལ་བ་ཆེན་པོའི་དཔལ། །རྒྱུ་རྐྱེན་རྩོལ་བ་མེད་པའི་ཕྱིར། །ཀློང་ཆེན་འདི་ཉིད་བསྟན་བྱའི་ཡུལ། །སློབ་མའི་མཚན་ཉིད་གང་ལྟ་བུ། །རིག་མདངས་འཁོར་ལ་བཀའ་སྩོལ་ཅིག །སྟོན་པས་ལན་དུ་བཀའ་སྩལ་པ། །ཨ་ཧོ་སེམས་དཔའ་


DNG025_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཉོན། །སློབ་མ་དམ་ཚིག་ལྡན་གྱུར་པ། །ཀློང་ཆེན་སྟོན་ཡུལ་སྣོད་དག་ཡིན། །ཀློང་ཆེན་འདི་ནི་ཐུན་མོང་མིན། །ཐེག་པ་ཀུན་གྱི་ཡང་རྩེ་ཡིན། །ཐེག་པའི་བཅུད་མཆོག་བདུད་རྩི་འདི། །གང་བྱུང་སྣོད་དུ་བླུག་པ་ན། །སྣོད་ཆག་བཅུད་འབོ་དོན་མི་འགྲུབ། །དམྱལ་བར་ལྟུང་བས་སྣོད་བརྟག་གོ། །དང་པོ་སྣོད་ཀྱི་མཚན་ཉིད་ནི། །དད་པ་ཆེ་ཞིང་ཆོས་ལ་མོས། །བརྩོན་འགྲུས་ཆེ་ཞིང་སྒྲུབ་ལ་བརྩོན། །ཤེས་རབ་ཆེ་བས་ཚིག་དོན་གོ། །འཛིན་ཆགས་ཆུང་ཞིང་ཚེ་འདི་སྤོང་། །ཕུ་དུད་ཆེ་ཞིང་བླ་མ་མཆོད། །བློ་ཆེ་གསང་སྔགས་སྤྱོད་པ་ཤོང་། །གཡེང་བ་ཆུང་བས་ཆོས་ལ་གནས། །དམ་ཚིག་དག་སྲུང་ཉེས་སྐྱོན་མེད། །སྒྲུབ་ལ་བརྩོན་ཞིང་སྡུག་སྲན་ཆེ། །དད་དང་སྙིང་རྗེས་འགྲོ་ལ་ཕན། །གཏོང་ཕོད་ཆེ་བས་རྩ་གསུམ་མཉེས། །རྒྱུད་དུལ་ཉོན་མོངས་བགས་ཀྱིས་ཆུང་། །སྡིག་ཆུང་རྣམ་སྨིན་དག་ལ་འཛེམ། །དབང་པོ་རྣོ་ཞིང་གསང་སྒོ་ཐུབ། །འགྱུར་མེད་སྐྱོ་ཤས་བློ་སྣ་ཐུང་། །སྡུག་སྲན་སྙིང་རུས་ཞེ་བཅད་ཆེ། །བླ་མ་ཉིད་དང་འབྲལ་མི་ཕོད། །འདི་ནི་སྤེལ་ཀྱང་ཀློང་ཆེན་སྣོད་མཆོག་ཡིན། །དེ་ལ་ལོ་བཅུའི་ཁོངས་ཉིད་དུ། །བརྟག་ཅིང་གདམས་པ་རིམ་གྱིས་སྦྱིན། །གནས་སྐབས་གདམས་པ་ཆུད་མི་གསོན། །མཐར་ཐུག་བཀའ་བབས་གཞན་དོན་འགྲུབ། །དེ་ལས་ལོག་པའི་སློབ་མ་ནི། །ལྕམ་ཆར་ཕྱིར་ཡང་ཆེ་ཞིང་དད་མེད་མི། །དཔལ་ཞིང་མི་ཐུབ་ངོ་བྲག་ཆ་གྲགས་ཀྱང་། །བརྟག་ལོང་མེད་པར་བཙན་ཐབས་འདོད། །དམ་ཚིག་མི་བསྲུང་རང་ཚིག་རྔམ། །ཆགས་སེམས་སྣོད་སེམས་སྒྲོ་སྐུར་ཅན། །ཁ་ཡང་གཏིང་ཐུང་ངོ་དགའ་ཆེ། །གདམས་པ་མགོ་སྐོར་ཐབས་ཀྱིས་འབྲུ། །མ་བརྟགས་སློབ་མ་ཁ་དྲེད་ཅན། །གདམས་ངག་ཆུད་ཟོས་མཁའ་འགྲོའི་སྙིང་། །རང་རྒྱུད་པ་ལ་ལྟ་གསང་འཆད། །ཉམས་པའི་གང་ཟག་སྣོད་མེད་ལ། །ཀློང་ཆེན་མི་བསྟན་མཆོག་ཏུ་གསང་། །དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་ཀྱང་བཀའ་སྲུང་རྣམས། །ཐུགས་ཁྲོས་དུས་མིན་འཆི་བར་འགྱུར། །མཁའ་


DNG025_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཆོས་བདག་ཐམས་ཅད་ཀྱིས། །འཕྲལ་ལ་བར་ཆད་མི་རུང་འཇུག །ཚེ་འདིར་ཤིས་དཀོན་ངན་སོང་གནས། །ཀུན་གྱིས་སྨོད་ཅིང་དམའ་སར་འབེབས། །དེ་ཡི་ཁ་རླངས་གྲིབ་མ་ཕོག །མཁའ་འགྲོ་འཁྲུག་ཅིང་ངུ་བར་འགྱུར། །སྣོད་ངན་སྟོབས་ཆེ་ཤིན་ཏུ་བརྟག །མེ་ཐིགས་གཅིག་གིས་ཡུལ་མཁར་ཕུང་། །སྦལ་པ་སྨས་མ་ཇི་བཞིན་ནོ། །བརྟག་པ་སྣ་ཚོགས་སྒོ་ནས་བྱ། །མི་ནོར་སྲོག་སོགས་འབུལ་ནས་བལྟ། །མི་ནོར་རིན་ཆེན་གུས་ལྡན་འབུལ། །ཕོངས་མེད་འབུལ་ལ་དོན་རྒྱུད་བསྟན། །དེ་ཡིས་དོན་གྲུབ་དགོས་པ་ཡོད། །ཅེས་གསུངས་ནས། སྣ་ཚོགས་གཅེར་གྲོལ་གྱི་ངང་ལ་ལྷན་ནེར་བཞུགས་སོ། །ཐེག་པའི་ཡང་རྩེ་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སློབ་མ་སྣོད་ལྡན་མི་ལྡན་བརྟག་པའི་ལེའུ་སྟེ་རྩ་དགུ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །དེ་ལྟ་བུ་ཡི་ཀློང་ཆེན་དེ། །བསྟེན་ཞིང་རྩོལ་བའི་གནས་མཆོག་གང་། །སྟོན་པས་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསན་དགོངས་བཀའ་སྩལ་པ། །ཀྱེ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །ཀློང་ཆེན་ཉམས་ལེན་གནས་མཆོག་ནི། །ལུང་སྟོང་མི་སྐད་མེད་པའི་ས། །དགེ་སྦྱོར་འཕེལ་བའི་དགོས་པའོ། །རི་རྩེ་ཤེས་པ་ཤིན་ཏུ་གསལ། །དུར་ཁྲོད་སྐྱོ་ཤས་ཤིན་ཏུ་ཆེ། །ཤིན་ཏུ་དབེན་སར་ཉམས་སྣང་འཕེལ། །དྭངས་ཤིང་མཐོ་བས་དབྱིངས་རིག་གསལ། །བཀྲ་ཤིས་གངས་རྒྱུད་རི་འདབ་བཟང་། །གནམ་ས་བང་འཁོར་ཁ་སྦྱོར་འདྲ། །སྔར་ཡང་གྲུབ་ཐོབ་རྐྱེན་ཐུབ་པ། །མི་རྒོད་མེད་ཅིང་འབྲུ་སོགས་མེད། །རྒྱབ་རི་མཐོ་ལ་བྱང་རི་མདུད། །གཡས་པ་དར་དཀར་ཡོལ་ལྟ་བུ། །གཡོན་པ་ཕྱོགས་ནས་སྐྱོང་བ་འདྲ། །མདུན་ན་རིན་ཆེན་སྤུངས་པ་འདྲ། །མདའ་ནི་ཕྱག་རྒྱ་བསྣོལ་བ་འདྲ། །ཚ་གྲང་སྙོམས་ཤིང་གཞི་བདག་འཇམ། །ཉི་མ་རྟག་ཅིང་སོ་ཐུབ་ས། །ཉེ་རིང་རན་ཅིང་རབ་ཏུ་བཙན། །སྨད་ཁ་ཕྱེ་བ་སྐྱིལ་


DNG025_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་འདྲ། །ནགས་སམ་རི་བོ་ཚང་ཚིང་དུ། །ཀློང་ཆེན་སྟོན་པའི་ས་གནས་སོ། །ཡོན་ཏན་དགེ་སྦྱོར་ངང་གིས་འཕེལ། །མཐར་ཐུག་དབྱིངས་རིག་བརྟན་པ་ཐོབ། །དེ་ལས་ལོགས་པའི་གནས་ཉིད་ནི། །ཤར་རི་མཐོ་བ་ཚེ་ལ་གནོད། །ནུབ་རི་ཧར་ན་བཀྲ་མི་ཤིས། །མདུན་རི་མདུད་ཚུགས་བར་ཆོད་མང་། །ཚ་གྲང་མ་སྙོམས་ནད་རོ་འཇུག །གཞི་བདག་རྩུབ་པས་བར་ཆོད་འོང་། །མི་རྒོད་རྒྱུ་བས་སེམས་མི་ཕེབས། །འབྲུ་ཚོགས་དཀོན་ན་ཁམས་འདུས་མོད། །གཞན་ཡང་ས་དགྲ་སྣ་ཚོགས་ལ། །རྟེན་འདྲེལ་ཐབས་ཀྱིས་བཅོས་ཤིང་སྤངས། །ཡོན་ཏན་ལྡན་པའི་ས་ཆ་རུ། །སྒྲུབ་ཁང་ཆེ་འབྲིང་ཆུང་བ་གསུམ། །སེམས་ཅན་བློ་དང་སྦྱར་ལ་བརྩིག །ཡང་དག་རྟེན་འདྲེལ་ཀ་དག་ཀྱང་། །གནས་སྐབས་རྟེན་འདྲེལ་ཞིབ་པར་བླང་། །ཟད་པ་མཐོང་བའི་གྲོགས་སུ་འགྱུར། །དེ་རྣམས་འཛོམ་དུས་སློབ་མ་ཡིས། །ཡོན་ནི་གསེར་དངུལ་འབྲུ་སྨན་མི། །གུས་པས་ཕུལ་ལ་སྙན་པ་ཡིས། །ལོ་བདུན་ལྔ་འམ་གསུམ་ཉིད་ནས། །ཀློང་ཆེན་འདི་ཞུའི་ཞུ་བ་ནི། །ལྔ་བདུན་བར་དུ་དབུལ་བར་བྱ། །དེ་ནས་བླ་མས་གནང་བ་སྦྱིན། །སློབ་དཔོན་རྩ་གསུམ་སྒྲུབ་པ་ཡིས། །ཞི་ཁྲོ་ཉིད་ཀྱི་བསྙེན་བསྒྲུབ་བརྩམ། །སློབ་མས་སྦྱོར་བ་ཚང་བར་བསག །དེ་ཡིས་དོན་རྣམས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། གནས་དང་ཞུ་འབུལ་གྱི་ལེའུ་སྟེ་སུམ་ཅུ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་ཧོ་མི་འགྱུར་ལྷུན་གྲུབ་ཀུན་ཏུ་བཟང་། །ཕུན་སུམ་ཚོགས་པའི་ཉེས་སྤངས་པ། །ཡོ་བྱད་གྲོགས་གཉིས་ཇི་ལྟར་བསག །སྟོན་པས་འཁོར་ལ་བཀའ་སྩོལ་ཅིག །སྟོན་པས་ལན་དུ་འདི་སྐད་གསུངས། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །


DNG025_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་འབྱོར་གྲོགས་འདི་ལྟ་སྟེ། །ཁམས་ཀྱི་རྟེན་པོ་ཡོ་བྱད་དང་། །འཚོ་བ་ཟས་ཀྱི་ཡོ་བྱད་དང་། །ནད་ཟློག་སྨན་གྱི་ཡོ་བྱད་དང་། །བར་ཆད་དགྲ་ཟློག་ཡོ་བྱད་དང་། །དམ་ཅན་བསྐང་བའི་ཡོ་བྱད་དང་། །སྒྲུབ་པ་རྫས་ཀྱི་ཡོ་བྱད་དང་། །མཐུན་རྫས་ཐམས་ཅད་ཚང་བར་བསགས། །ཟས་ཀྱི་ཡོ་བྱད་འདབ་ཏུ་བཤམ། །དམ་བཅས་སྲིད་ཆོགས་དགོས་པ་ཡོད། །མཆོད་རྫས་མ་རུལ་མ་རྙིང་པ། །མདངས་དང་ལྡན་པས་རྩ་གསུམ་དགྱེས། །བསྐང་རྫས་མ་ནོར་མ་ཁྱག་ཅིང་། །མ་ཉམས་མ་རྙིང་རོ་དང་ལྡན། །དམ་ཅན་ཐུགས་དམ་བསྐངས་པའོ། །བསྒྲུབ་རྫས་མང་ཞིང་ཚན་ཆེ་བས། །བྱིན་བརླབས་ཚན་ཆེ་སྤྲིན་ལྟར་འཐིབས། །གཡོག་འཁོར་ཤ་ཚ་བློ་གསལ་ཞིང་། །མི་བསླུ་གསང་ཐུབ་ང་ལོ་ཡངས། །མཆེད་གྲོགས་དུ་ཡོད་བསགས་པའོ། །རྡོ་རྗེ་རྒྱལ་ཐེབས་རྡོ་རྗེ་བྱ་བ་དང་། །རྡོ་རྗེ་སྤྱན་མ་ཁྲིམས་པ་དང་། །རྡོ་རྗེ་ཀརྨ་ལས་མཁན་དང་། །རྡོ་རྗེ་བྱན་མོ་ཕྱག་བདེ་མོ། །རྡོ་རྗེ་གིང་ཆེན་སྒོ་ར་བ། །རྡུལ་ཕྱགས་སྐྱེས་བུ་ལ་སོགས་བསག །ལས་རྒྱ་མཛེས་སྡུག་ཡིད་འོང་བ། །བློ་ཆེ་ནད་མེད་རིགས་བཟང་ཞིང་། །བཅུ་དྲུག་ལོ་ལོན་གསང་ཐུབ་པ། །མཚན་ལྡན་རེག་ན་བདེ་བ་འཕེལ། །ནད་བཟློག་རེ་སྐོང་འབྲས་བུ་ཐོབ། །ཁྱད་པར་གྲོགས་ཀྱི་མཚན་ཉིད་ཀྱང་། །དམ་ཚིག་གཙང་ཞིང་ཉེས་ལྟུང་མེད། །དག་སྣང་ཆེ་བས་ཀུན་དང་མཐུན། །དུག་ལྔ་ཆུང་བས་ཉོན་མོངས་འགགས། །བློ་བརྟན་ཁོག་ཡངས་སྤོབ་པ་མཐོ། །རྐྱེན་དབང་མི་འགྱུར་དགོས་པ་ཡོད། །ངང་རྒྱུད་རིང་ཞིང་མཆེད་ལ་བརྩེ། །མི་འབྲལ་ཕན་ཐོགས་དགོས་པ་ཡོད། །དེ་ལྟར་གྲོགས་རྣམས་འཛོམ་པ་ན། །གནས་སྐབས་ཡོན་ཏན་རི་ལ་ཆགས། །མཐར་ཐུག་ཡོན་ཏན་ཟད་པ་ཐོབ། །མཚན་ཉིད་མི་ལྡན་དེ་ལས་ཟློག །མ་རུངས་དམ་ལོག་གྲོགས་བརྟེན་ན། །དགེ་སྦྱོར་སེལ་བྱེད་བར་ཆོད་འགྲོ། །རབ་ཏུ་བརྟག་པ་གལ་ཆེའོ། །སྒྲུབ་འགོ་འཛུགས་པའི་ལོ་དག་ནི། །བྱི་བ་འབྲུག་


DNG025_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྟ་དང་ཕག །ཁྱད་པར་འདི་བཞི་དག་ལ་ཤིས། །དབང་དང་གདམས་པའི་འབྲས་བུ་འགྲུབ། །ཟླ་བ་སྟག་སྤྲེལ་ཕག་སྤྲུལ་བཞི། །དུས་རྫོགས་འབྲས་བུས་འབྱིན་ཕྱིར་འཐུག །ཚེས་གྲངས་ཡར་གྱི་གཅིག་ལ་ཞུགས། །ཡང་ན་གསུམ་བརྒྱད་ཉ་སོགས་བཟང་། །ཟླ་བ་ཟད་དང་ལོ་ཟད་དུས། །སྒྲུབ་དབང་འདོན་པར་ཤིས་པ་ཡིན། །སྡིག་སྒྲིབ་མི་དགེ་བདེ་བའོ། །སྐར་མ་རྒྱལ་དང་ནབ་སོ་དང་། །ཤེ་ས་དྲེ་ནག་མགོ་སོགས་བཟང་། །གཟའ་ནི་ཕུར་སོགས་དར་དུས་བཟང་། །དུས་ནི་ཉི་ཤར་ནམ་ལངས་འཇུག །དབང་ལ་ནམ་གུང་ཉིན་གུང་ངོ་། །བསྟན་པའི་རྩེ་རྒྱལ་འདི་ཉིད་དེ། །གཙོར་སྟོན་ཉམས་སུ་ལེན་པའོ། །མ་ཧཱའི་རྒྱུད་དང་ཨ་ནུའི་ལུང་། །ཨ་ཏིའི་མན་ངག་ལ་སོགས་པ། །མ་སྤངས་ཀུན་ལ་མཁས་པའོ། །ཞེས་གསུངས་ནས། ཁྱབ་གདལ་ཆེན་པོའི་ཏིང་འཛིན་ལ་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སྒྲུབ་རྫས་གྲོགས་མཆེད་བརྟག་བཙལ་གྱི་ལེའུ་སྟེ་སོ་གཅིག་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། ( དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཀྱེ་ཆོས་ཉིད་ཆེན་པོ་ཀུན་བཟང་ཀློང་། །ཀ་དག་ངང་དག་རྡོ་རྗེ་ཆེ། །གང་ཟག་ཕྱི་རབས་བླུན་རྨོངས་ལ། །ཡིད་ཆེས་གདམས་པའི་ལོ་རྒྱུས་རྣམས། །མ་དག་ཡིད་གཉིས་སེལ་བའི་ཕྱིར། །རང་མདངས་འཁོར་ལ་བཀའ་སྩོལ་ཅིག །དེ་ནས་སྟོན་པས་བཀའ་སྩལ་པ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །ཨ་ཏི་བཀོད་པ་ཆེན་པོ་ཡི། །ཀློང་ཆེན་ཡང་ཟབ་བཀའ་འདི་ལ། །ལོ་རྒྱུས་དོན་གྱིས་མ་བཤད་ན། །བླུན་རྨོངས་ཚིག་ཕྱིར་འདྲེང་བ་རྣམས། །ཡིད་གཉིས་ཐེ་ཚོམ་སྐྱོན་དུ་འགྱུར། །དེས་ན་ལོ་རྒྱུས་བཀྲོལ་ཏེ་བསྟན། །ཆོས་སྐུ་རང་གི་ངོ་བོ་ཡིས། །རྒྱལ་བས་དགོངས་པ་རྩལ་གྱིས་གསུངས། །ལོངས་སྐུ་རང་གསལ་ཆེན་པོ་


DNG025_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །བརྡ་ཙམ་བསྟན་པ་ཙམ་གྱིས་གསུངས། །སྤྲུལ་སྐུ་གང་ལ་གང་འདུལ་དུ། །ཚིག་གི་སྡེབ་སྦྱོར་མཁས་པས་གསུངས། །འདུལ་ཞིང་ཕུང་པོ་ལྔ་ཡི་དོན། །གནས་སྟོན་འཁོར་བསྟན་དུས་དག་ནི། །ཕུན་སུམ་ཚོགས་པ་ལྔ་ལྔས་བསྟན། །གསང་བ་ཆེན་པོའི་རྒྱུད་རྣམས་ནི། །ཕུན་སུམ་ཚོགས་པ་ལྔ་ལྡན་ཡིན། །བཤད་ཐབས་བཞི་ཡིས་གང་འཚམས་སྟོན། །ཨ་ཧོ། ཕུན་སུམ་ཚོགས་པའི་གནས་ཉིད་ནི། །ཆོས་དབྱིངས་སྤྲོས་དང་བྲལ་བ་སྟེ། །མཚན་ཉིད་མ་གྲུབ་ཚིག་མཐའ་ཟད། །སྟོན་པ་ཕུན་སུམ་ཚོགས་པ་ནི། །མ་སྤྲོས་མི་སྤྲོས་ཡིད་ཚིག་བྲལ། །ཞལ་ཕྱག་ཉིད་དུ་མ་གྲུབ་པོ། །འཁོར་ནི་ཆོས་ཉིད་རོལ་པར་ཤར། །རང་གྲོལ་རང་བྱུང་གསལ་བའོ། །བསྟན་པ་ཕུན་སུམ་ཚོགས་པ་ནི། །དོན་ལྡན་རང་བྱུང་རང་ཤར་བ། །རྒྱུ་རྐྱེན་གང་གིས་མ་བསླད་པ། །ཀུན་ཁྱབ་ཀློང་ཆེན་ང་ཉིད་དོ། །དུས་ནི་ཐོག་མ་ཐ་མ་མེད། །ལྔ་ལྡན་ཆེན་པོ་བཀྲོལ་ཞིང་བསྟན། །སྤྱི་གཞི་སྐུ་གསུམ་བཤད་པ་ན། །ཆོས་སྐུའི་གནས་ནི་ཆོས་ཀྱི་དབྱིངས། །ཆོས་སྐུའི་སྟོན་པ་ཀུན་བཟང་ང་། །ཆོས་སྐུའི་འཁོར་ནི་རང་རིག་ལ། །ཆོས་སྐུའི་བསྟན་པ་ཨ་ཏི་ང་། །ཆོས་སྐུའི་དུས་ནི་འདས་པའོ། །ལོངས་སྐུའི་གནས་ནི་སྟུག་པོ་བཀོད། །ལོངས་སྐུའི་སྟོན་པ་གངས་ཆེན་མཚོ། །ལོངས་སྐུའི་འཁོར་ནི་ཞི་ཁྲོའི་ཚོགས། །ལོངས་སྐུའི་བསྟན་པ་ཀྲི་ཡོག་གསུམ། །ལོངས་སྐུའི་དུས་ནི་ད་ལྟའོ། །སྤྲུལ་སྐུའི་གནས་ནི་ཀུན་ཁྱབ་ཞིང་། །སྤྲུལ་སྐུའི་སྟོན་པ་སངས་རྒྱས་སྟོང་། །སྤྲུལ་སྐུའི་འཁོར་ནི་ཁམས་གསུམ་མོ། །སྤྲུལ་སྐུའི་བསྟན་པ་དབང་བཞིའོ། །སྤྲུལ་སྐུའི་དུས་ནི་མ་ངེས་པའོ། །ལམ་གྱི་ཕུན་སུམ་ཚོགས་པ་ནི། །གནས་མཆོག་ཕུན་སུམ་ཚོགས་པ་ནི། །རང་ལུས་འདོམ་གང་གྲུ་བཞི་ཡིན། །སྙིང་ནང་རིན་ཆེན་གཞལ་ཡས་ཁང་། །རྩ་རྣམས་འདུས་པའི་འཁོར་ལོ་ནི། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀུན། །འདི་ལ་བརྟེན་ནས་འཚང་རྒྱའོ། །


DNG025_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཕུན་སུམ་ཚོགས་པ་ནི། །རང་ཤེས་རིག་པའི་རྒྱལ་པོ་སྟེ། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །མཁྱེན་པའི་བདག་པོར་བཞུགས་པའོ། །ཞུ་འཁོར་ཕུན་སུམ་ཚོགས་པ་ནི། །རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། །སྐུ་ལྔ་ཡེ་ཤེས་འོད་ལྔ་དང་། །ཤེས་རབ་རླུང་སོགས་ལྔ་ཚན་རྣམས། །རྣམ་དག་རོལ་པ་སྣ་ཚོགས་སོ། །བསྟན་པ་ཕུན་སུམ་ཚོགས་པ་ནི། །ཕྱི་ནང་རྟེན་འདྲེལ་ཀུན་ཚང་ཞིང་། །རྩ་རླུང་ཐིག་ལེའི་ཡོན་ཏན་ནོ། །དུས་ཚོད་ཕུན་སུམ་ཚོགས་པ་ནི། །སྤྱིར་ནི་རང་ལུས་ཁྱད་པར་དུ། །དབྱར་མ་སྟོན་དང་དགུན་ཆུང་དང་། །ཉིན་མཚན་དུས་བཞི་ལ་སོགས་པ། །ན་བུན་འཚུབ་མ་བསེར་བུ་མེད། །ནམ་མཁའ་དྭངས་ཤིང་གསལ་བའོ། །དེ་ལྟར་ལྔ་ལྔས་སྟོན་པ་ཡང་། །གང་ཟག་གཅིག་གི་རྒྱུད་ཉིད་ལ། །གཏི་མུག་འདུལ་བའི་གཉེན་པོ་རུ། །དམིགས་གཏད་མེད་པའི་སྒོམ་པ་བསྟན། །ཞེ་སྡང་འདུལ་བའི་གཉེན་པོ་རུ། །གཟའ་གཏད་མེད་པའི་ལྟ་བ་བསྟན། །འདོད་ཆགས་འདུལ་བའི་གཉེན་པོ་རུ། །བླང་དོར་མེད་པའི་སྤྱོད་པ་བསྟན། །ང་རྒྱལ་འདུལ་བའི་གཉེན་པོ་རུ། །གོལ་སྒྲིབ་མེད་པའི་ཀ་དག་བསྟན། །ཕྲག་དོག་འདུལ་བའི་གཉེན་པོ་རུ། །སྤང་ཐོབ་མེད་པའི་འབྲས་བུ་བསྟན། །ཐམས་ཅད་ལྔ་ལྔས་འཆིང་ཞིང་བཤད། །རྒྱུད་འདི་གང་ལ་བབས་པའི་མི། །རིམ་གྱིས་ཡོན་ཏན་བཤད་ཅིང་བསྟན། །མ་དག་སེམས་ཅན་སྤྲོ་བ་བསྐྱེད། །ལུས་ངག་ཡིད་གསུམ་བྱ་རྩོལ་སྤངས། །འཁྲུལ་པའི་ཕྱོགས་སུ་མི་གཏོང་ཞིང་། །ལུས་སློད་ངག་བསྡམས་སེམས་སྤྲོ་ཡང་། །ཡིད་ཆེས་ཐག་ཆོད་ཐེ་ཚོམ་བྲལ། །བྱིན་རླབ་འཇུག་ཅིང་གདམས་པས་གྲོལ། །ཅེས་གསུངས་ནས། གསལ་སྟོང་ལྷུན་གྲུབ་ཏུ་བཞུགས་སོ། །ཐེག་པ་ཆེན་པོའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ལོ་རྒྱུས་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །།ས་མ་ཡ།


DNG025_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ། གཞི་རྫོགས་ཆེན་པོ་ཀུན་ཏུ་བཟང་། །སྣང་སྲིད་དབང་སྒྱུར་རྒྱལ་པོ་ཆེ། །དབང་གི་རིམ་པ་མ་ལུས་པར། །རིག་མདངས་འཁོར་ལ་བཀའ་སྩོལ་ཅིག །ཞུས་པའི་ལན་དུ་བཀའ་སྩལ་པ། །ཨེ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །དབང་ལ་རྣམ་པ་བདུན་ཡིན་ཏེ། །ངོ་བོ་ངེས་ཚིག་དབྱེ་བ་དང་། །ཐོབ་པའི་ཡོན་ཏན་མ་ཐོབ་སྐྱོན། །དབང་ཉིད་བརྟན་པའི་དམ་ཚིག་གོ། །དང་པོ་དབང་གི་ངོ་བོ་ནི། །རང་བྱུང་རོལ་པ་ཆེན་པོའི་དབྱིངས་རུམས་སུ། །འཁོར་འདས་ཆོས་རྣམས་ཐམས་ཅད་དབང་གི་དཀྱིལ། །རང་རིག་བདག་འཛིན་བྲལ་བའི་གནས་ཉིད་དུ། །དབང་བཞི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འབབ། །སྲིད་པའི་རྩ་བ་བདག་འཛིན་སངས་པའི་དབང་། །ཕྱི་ནང་ཀུན་བརྟགས་ཡེ་གྲོལ་ངོ་བོ་ཡིན། །ངེས་ཚིག་ལས་ལྡན་བུ་ལ་དབང་བས་དབང་། །སྣང་སྲིད་སེམས་སུ་ཤེས་པ་དོན་གྱི་དབང་། །སྲིད་བཅུད་ལྷ་རུ་གྲོལ་བ་སེམས་ཀྱི་དབང་། །ཐམས་ཅད་རང་འཛིན་སྤང་བས་ཡང་དག་དབང་། །གཉིས་མེད་ཟང་ཐལ་རྟོགས་པས་ཡེ་ཤེས་དབང་། །དེ་ཉིད་ངང་དུ་མི་གཡོ་རང་གི་དབང་། །ཐམས་ཅད་ཀ་ནས་དག་པ་ངོ་བོའི་དབང་། །ཡུལ་སེམས་ངོ་བོ་རྒྱས་པ་རང་བཞིན་དབང་། །སྣོད་བཅུད་ཡོངས་སུ་གྲོལ་བ་ཐུགས་རྗེའི་དབང་། །གཞི་སྣང་རང་སར་དག་པ་སྐུ་གསུམ་དབང་། །ཅིར་སྣང་རིག་པར་ཤེས་པས་དབང་ཡིན་ནོ། །དབྱེ་བ་ལའང་སྤྱི་དང་བྱེ་བྲག་གཉིས། །སྤྱིར་ན་རྟོགས་པ་ཡེ་ཤེས་དབང་བསྐུར་དང་། །མ་རྟོགས་རྒྱུ་མཚན་དབང་བསྐུར་གཉིས་ཡིན་ནོ། །བྱེ་བྲག་མ་རྟོགས་རྒྱུ་མཚན་དབང་བསྐུར་ནི། །མཚན་མ་རྫས་ལ་བརྟེན་ནས་དབང་བསྐུར་དང་། །རྡུལ་ཚོན་དཀྱིལ་འཁོར་དག་ལ་བརྟེན་པ་དང་། །ཡབ་ཡུམ་བྷ་གའི་དབང་བསྐུར་གསུམ་ཡིན་ནོ། །མཚན་མ་རྫས་ཀྱི་དབང་ཡང་རྣམ་གསུམ་སྟེ། །བཀྲ་ཤིས་རྫས་བརྒྱད་དབང་གི་བསྐུར་ཐབས་དང་། །རིན་ཆེན་བུམ་པའི་དབང་གི་བསྐུར་ཐབས་དང་། །


DNG025_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁྲག་གཏོར་མའི་དབང་གི་བསྐུར་ཐབས་སོ། །རྡུལ་ཚོན་དབང་ལ་རྣམ་པ་བཞི་ཡིན་ཏེ། །ཐེག་པ་བཅུ་གཅིག་དབང་མཆོག་དང་། །ཕོ་བྲང་གཙོ་བོའི་དབང་གི་བསྐུར་ཐབས་དང་། །འཁོར་གྱི་དཀྱིལ་འཁོར་ལྷ་ཡི་དབང་བསྐུར་དང་། །ཙ་ཀ་ལི་ཡི་དབང་གི་བསྐུར་ཐབས་སོ། །ཡབ་ཡུམ་བྷ་གའི་དབང་ཡང་རྣམ་གསུམ་སྟེ། །ཡབ་ཡུམ་ཕྱག་རྒྱའི་སྒོ་ནས་དབང་བསྐུར་དང་། །ཡབ་ཡུམ་བྷ་ག་རྡོ་རྗེའི་དབང་བསྐུར་དང་། །ཡབ་ཡུམ་བྱང་སེམས་དཀར་དམར་དབང་བསྐུར་རོ། །རྟོགས་པ་ཡེ་ཤེས་དབང་བསྐུར་ཡང་། །དབྱེ་ན་རྣམ་པ་གསུམ་དུ་བསྐུར་བར་བྱ། །སེམས་ཅན་སྣང་བ་ཕྱི་ལྟར་བསྐུར། །བསྒོམ་པ་སེམས་འཛིན་ནང་ལྟར་བསྐུར། །ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས། །གསང་བའི་དབང་དུ་བསྐུར་བར་བྱ། །ཕྱི་ལྟར་ཐེག་པ་བཅུ་གཅིག་དབང་། །ནང་ལྟར་ཞི་ཁྲོ་གཉིས་ཀྱི་དབང་། །ངོ་སྤྲོད་ལ་ཡང་རྣམ་གསུམ་སྟེ། །དཔེ་དང་དོན་དང་རྟགས་དང་གསུམ། །མཚོན་པའི་དབང་དུ་བསྐུར་བར་བྱ། །རིག་པ་ཡེ་ཤེས་ངོ་སྤྲོད་ཀྱིས། །གསང་བའི་ཡེ་ཤེས་ངོ་སྤྲད་བྱ། །རིག་པ་རྐྱང་བའི་ངོ་སྤྲོད་ཀྱིས། །གཟུགས་སྐུའི་ཞིང་ཁམས་དབང་བསྐུར་བྱ། །དེ་ལྟར་དབྱེ་ན་བསམ་ཡས་ཀྱང་། །བསྡུ་ན་རྣམ་པ་བཞི་ཡིན་ནོ། །སྣང་སྲིད་སེམས་སུ་ཤེས་པ་ཡིས། །སྤྲོས་བཅས་བུམ་པའི་ཕྱི་དབང་བསྐུར། །སྲིད་བཅུད་ལྷ་རུ་གྲོལ་བ་ཡིས། །སྤྲོས་མེད་ནང་གི་གསང་དབང་བསྐུར། །གཉིས་མེད་ཟང་ཐལ་ཤེས་པ་ཡིས། །ཤིན་ཏུ་སྤྲོས་མེད་ཤེས་རབ་དབང་། །ཐམས་ཅད་ངར་འཛིན་སངས་པ་ཡིས། །རབ་ཏུ་སྤྲོས་མེད་ཚིག་དབང་བསྐུར། །དམིགས་མེད་ཟང་ཐལ་རྟོགས་པ་ཡིས། །རིག་པ་རྩལ་གྱི་དབང་ཐོབ་ནས། །བྱ་བཙལ་ཀུན་ལས་འདས་པའོ། །མ་རྟོགས་ཚིག་རེ་དོན་རེ་བསྟན། །རྟོགས་པ་ཡེ་ཤེས་དབང་མཆོག་གིས། །ཅིར་སྣང་རིག་པར་ཤེས་པའི་དབང་། །རིག་པ་དགག་སྒྲུབ་མེད་པའི་དབང་། །དབང་བཞི་དུས་གཅིག་རྫོགས་པ་


DNG025_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དེ་ཡང་དོན་ལ་བཀྲོལ་ཏེ་གསུངས། །གཅིག་གྲོལ་གཉིས་གྲོལ་ཐམས་ཅད་གྲོལ། །བཀྲོལ་བས་རང་བྱུང་གཞན་དུ་མེད། །རང་བྱུང་དབང་ཆེན་རང་ལས་བྱུང་། །དོན་གྱི་དབང་མཆོག་དཀྱིལ་འཁོར་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །དོན་དབང་ཡེ་ཤེས་མཚོན་པ་ལ། །གཅིག་མེད་གཉིས་མེད་ཐམས་ཅད་མེད། །དེ་དོན་རྟོགས་པའི་དབང་ཆེན་ལ། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང་། །སྟོང་པ་ཡེ་ཤེས་དབང་ཆེན་ལ། །གཅིག་སྐྱེས་གཉིས་སྐྱེས་ཐམས་ཅད་སྐྱེས། །རྟགས་ན་དབང་མཆོག་དེ་ལྟར་བསྐུར། །འདི་རྣམས་དབང་གི་སྤྱི་ཆིངས་ཡིན། །མ་ནོར་མ་འཁྲུལ་ཉམས་སུ་ལོངས། །ཞེས་གསུངས་ནས། དམིགས་མེད་ཟང་ཐལ་ཆེན་པོའི་རིག་པ་རྩལ་གྱི་ཏིང་ངེ་འཛིན་ལ་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། དབང་གི་ལེའུ་སྟེ་སོ་གསུམ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་ཧོ། འགྱུར་མེད་ཆེན་པོ་ཀུན་ཏུ་བཟང་། །དབང་གི་རིམ་པ་གསུངས་ན་ཡང་། །གོང་དུ་གསུངས་ལ་འབྲལ་མེད་པའི། །ཐོབ་པའི་ཡོན་ཏན་མ་ཐོབ་སྐྱོན། །བརྟེན་པའི་དམ་ཚིག་ཇི་ལྟ་བུ། །རིག་མདངས་འཁོར་ལ་བཀའ་སྩོལ་ཅིག །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ། དབང་དོན་འཁོར་རྣམས་ལེགས་པར་ཉོན། །དབང་མཆོག་མ་ཐོབ་སྐྱོན་རྣམས་ནི། །ཇི་ལྟར་རྫ་སོ་མ་བཏང་སྤྱད། །དེ་མ་ཐག་ཏུ་འཇིག་པ་ལྟར། །གསང་སྔགས་ཡོན་ཏན་ལོག་པར་འཆར། །མཉན་པ་སྐྱ་བ་མེད་པ་ལྟར། །སྡུག་བསྔལ་ཆུ་བོ་སྒྲོལ་མི་ནུས། །བྲག་སྐམ་སོ་ནམ་བྱས་པ་བཞིན། །དབང་བཞིའི་འབྲས་བུ་སྨིན་མི་འགྱུར། །སེམས་ལ་ཆོས་ཉིད་གནས་གྱུར་ཀྱང་། །དབང་གིས་སྨིན་པར་མ་བྱས་ན། །རྣལ་འབྱོར་དངོས་གྲུབ་ག་ལ་ཐོབ། །དབང་མཆོག་རིམ་པ་དེ་དག་ཀུན། །ཐོབ་པའི་ཡོན་ཏན་བསམ་མི་ཁྱབ། །ཡེ་ཤེས་སྣང་བ་


DNG025_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལ། །ཐོགས་པ་མེད་པར་གྲོལ་བར་འགྱུར། །རང་སྣང་ཞིང་ཁམས་རྒྱས་པ་དང་། །ཐུན་མོང་དངོས་གྲུབ་སྣ་ཚོགས་འཐོབ། །བར་མ་དོ་ལ་རང་ངོ་ཤེས། །ཆོས་ཉིད་རྣམས་ལ་བརྟན་པ་ཐོབ། །ཞག་གྲངས་ཉེར་གཅིག་འདས་པ་དང་། །སྤྲུལ་པ་སྐུ་ཡི་སྟོབས་འགྱེད་ནུས། །མཐར་ཕྱིན་འབྲས་བུ་སྡུག་བསྔལ་གྲོལ། །གསང་སྔགས་དངོས་གྲུབ་དབང་ལས་འབྱུང་། །དབང་བརྟན་པ་ཡི་དམ་ཚིག་བཤད། །གསང་སྔགས་སྤྱི་ཡི་དམ་ཚིག་དང་། །ཁྱད་པར་དབང་བཞིའི་དམ་ཚིག་ནི། །ས་མ་ཡ་ནི་འབུམ་སྡེ་སོགས། །དབྱེ་ན་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་དང་གསུང་དང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར། །དམིགས་པ་བླ་མ་རྡོ་རྗེ་མཆེད། །བསྲུང་བའི་ཡུལ་གྱིས་རྣམ་པར་དབྱེ། །སྡོམ་པ་ལུས་ངག་དབང་དུ་འདུས། །དེ་ཡང་བསྲུང་བྱ་སྲུང་བྱེད་གཉིས། །བསྲུང་བའི་རྒྱུ་དང་གསུམ་ཡིན་ནོ། །བསྲུང་བྱ་རྡོ་རྗེ་སློབ་དཔོན་ཡིན། །སྲུང་བྱེད་བུ་སློབ་སྣོད་ལྡན་ཡིན། །བསྲུང་རྒྱུ་སྐུ་གསུང་ཐུགས་གསུམ་ཡིན། །དེ་ཡང་ལུས་ངག་ཡིད་གསུམ་གྱིས། །མི་དགེའི་ལས་རྣམས་ཀུན་སྤངས་ཏེ། །དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ། །རྫོགས་པ་ཆེན་པོའི་དོན་ཉིད་ལ། །བསྲུང་དུ་མེད་པའི་དམ་ཚིག་དང་། །ཡེ་བསྲུངས་ཆེན་པོའི་དམ་ཚིག་དང་། །བསྲུང་མཚམས་བྲལ་བའི་དམ་ཚིག་དང་། །མཉམ་པ་ཉིད་ལ་བྱེ་བྲག་མེད། །མེད་དང་ཕྱལ་པ་ལྷུན་གྲུབ་ཆེ། །ཉག་གཅིག་ཟང་ཐལ་ཉིད་དུའོ། །སྣང་བ་ཡུལ་གྱི་དམ་ཚིག་དང་། །རྟོགས་བྱེད་ལྟ་བའི་དམ་ཚིག་དང་། །སྤྱད་རྒྱུ་ངེས་པའི་དམ་ཚིག་དང་། །བསྲུང་མཚམས་བཅས་པའི་དམ་ཚིག་བཞི། །ལམ་ཞུགས་རྣམས་ཀྱིས་བསྲུང་བར་བྱ། །དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་རིག་སྣང་བའི་དོན་རྟོགས་ན། །དམ་ཚིག་རྒྱལ་པོ་ཞེས་བྱའོ། །སངས་རྒྱས་ཀུན་ལ་དམ་ཚིག་མེད། །སེམས་ཅན་དུས་ན་སྐྱོན་ཡོན་བྱུང་། །ཡང་དག་རིག་པའི་དོན་རྟོགས་ནས། །ཉམས་


DNG025_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་ཉམས་གཉིས་ལས་འདས། །བསྲུང་དང་མ་བསྲུངས་ཕྱོགས་ལས་འདས། །ཡེ་བསྲུངས་ཆེན་པོའི་དོན་ལ་ལྟོས། །བསྲུངས་པའི་ཡོན་ཏན་བརྗོད་ལས་འདས། །མ་བསྲུངས་ན་རཀ་དམྱལ་བར་སྐྱེ། །དེ་ལྟར་མན་དག་སྟོན་པའི་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བརྟེན། །ཁུ་བོ་ཕ་དང་མ་དང་མིག །བུ་དང་ཆུང་མ་ནོར་གྱི་མཆོག །སྒོ་གསུམ་ཟོལ་སོགས་མེད་པ་ཡིས། །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །དབང་བསྐུར་ཐོག་མ་ཐ་མ་རུ། །དགའ་སྟོན་མ་བྱས་དངོས་གྲུབ་མེད། །སྡིག་པ་མ་སྦྱངས་ལམ་མི་བགྲོད། །དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་དེ་ཡི་འཁོར། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དག་གཉིས་དག་གསུམ་དག་ནས། །བརྒྱ་སྟོང་གྲངས་མེད་དག་ལ་ནི། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཀུན་ལས་གྲོལ་བར་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྡོ་རྗེའི་སྤུན་ལ་སོགས། །ཚོགས་མཆོད་ཡོན་གྱིས་མ་མཉེས་ན། །ནད་མང་ཚེ་ཐུང་བར་ཆོད་འབྱུང་། །ཐུན་མོང་དངོས་གྲུབ་མེད་པ་དང་། །མཆོག་ལ་རིང་དུ་སོང་བ་དང་། །ཚེ་འཕོས་ཡི་དྭགས་གནས་སུ་སྐྱེ། །བླ་མ་དང་ནི་དབང་མཆོག་གི། །གསུང་དང་གཞུང་ལས་འགལ་བ་ན། །ན་རཀ་སྡུག་བསྔལ་མྱོང་བར་འགྱུར། །བཀའ་དང་མ་འགལ་ཡོན་ཏན་ནི། །ཆོས་སྐུ་ཀུན་ཏུ་བཟང་པོ་འགྲུབ། །ཕྲིན་ལས་བཞི་པོ་ཐོགས་པ་མེད། །དེ་ཕྱིར་བླ་མའི་བཀའ་བཞིན་སྒྲུབས། །ཞེས་གསུངས་ནས། བསྲུང་ཉམས་མེད་པའི་དམ་ཚིག་ཆེན་པོ་ལ་ལྷན་ནེར་བཞུགས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། དབང་ཐོབ་པའི་ཡོན་ཏན་དང་། མ་ཐོབ་པའི་སྐྱོན་དང་། དམ་ཚིག་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་


DNG025_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ། སྐྱེ་མེད་འགག་མེད་ཀུན་ཏུ་བཟང་། །དབང་གི་རིམ་པ་དེ་ལྟར་ན། །ཉམས་ལེན་སྔོན་དུ་འགྲོ་བ་རྣམས། །རིག་མདངས་འཁོར་ལ་བཀའ་སྩོལ་ཅིག །གསན་དགོངས་སྟོན་པས་བཀའ་སྩལ་པ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །མ་ཡེངས་འཁྲུལ་མེད་བློ་ལ་ཟུང་། །སྐལ་བཟང་ཐར་པ་འདོད་པའི་མི། །དབེན་ཞིང་ཉམས་དགའི་གནས་ཉིད་དུ། །ཆོས་དང་མཐུན་པའི་གྲོགས་དང་འགྲོགས། །སེམས་སྦྱང་བདུན་པོ་སྔོན་དུ་གཏད། །དཀོན་མཆོག་སྐྱབས་སོང་སེམས་བསྐྱེད་ལ། །འཁོར་བའི་མཚན་ཉིད་མི་རྟག་བསམ། །འགྲོ་ལ་སྙིང་རྗེ་བྱང་སེམས་བསྒོམ། །བསོད་ནམས་ཚོགས་བསགས་སྡིག་པ་སྦྱང་། །དེ་ལ་དགོས་ཆེད་རྣམ་པ་གཉིས། །གནས་སྐབས་ཚེ་འདིར་བློ་ཟློག་ཅིག །ཅི་བྱས་ཆོས་སུ་འགྲོ་བ་དང་། །མཐར་ཐུག་རང་དང་གཞན་གྱི་དོན། །རྒྱ་ཆེན་འགྲུབ་པའི་དགོས་པ་ཡོད། །དེ་ཡང་ལུས་ངག་ཡིད་གསུམ་ལ། །དང་པོ་ལུས་ཀྱི་སྔོན་འགྲོ་ནི། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ལུས་ཀྱི་ཞེན་ལོག་སྡིག་པ་འདག །ངག་གི་སྔོན་འགྲོ་རིགས་དྲུག་གི། །སྒྲ་དང་ཞི་ཁྲོ་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་བརྗོད་པར་བྱ། །ངག་གིས་ཧཱུྃ་ཞེས་བརྗོད་པ་ལ། །རྒྱས་གདབ་པ་དང་རྩལ་ཉིད་སྦྱང་། །གཉེན་བཙལ་ལམ་དུ་ཞུགས་པར་བྱ། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ངག་གི་ཞེན་ལོག་ངག་སྒྲིབ་འདག །སེམས་ཀྱི་སྔོན་དུ་འགྲོ་བ་ནི། །དུས་གསུམ་བློ་རྟོག་སྣ་ཚོགས་དང་། །དུག་ལྔ་དུག་གསུམ་ལྷའི་དཀྱིལ་འཁོར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །འདུས་པ་ཐམས་ཅད་མི་རྟག་པར། །ཀུན་ཀྱང་འཇིག་པའི་ཆོ་འཕྲུལ་བསྒོམ། །དེ་རྣམས་བསྒོམ་པའི་མཁན་པོ་ནི། །སེམས་ལ་ཐུག་གམ་མ་ཐུག་བརྟག །སེམས་སུ་ཐུག་ན་དགེ་སྡིག་གང་ཆེ་བརྟག །དེ་ནས་སེམས་འདི་གང་དང་འདྲ། །


DNG025_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་དཔེ་མང་དུ་བསྡུར་བར་བྱ། །དེ་ནས་ལུས་ངག་ཡིད་གསུམ་པོ། །གཙོ་བོ་གང་ཡིན་ཐག་ཀྱང་བཅད། །དེ་ནས་སེམས་ཀྱི་བྱུང་ས་བཙལ། །མ་རྙེད་ཆོས་ཀྱི་སྐུ་དང་འཕྲད། །དེ་ནས་སེམས་ཀྱི་གནས་ས་བཙལ། །མ་རྙེད་ལོངས་སྤྱོད་སྐུ་དང་འཕྲད། །དེ་ནས་སེམས་ཀྱི་འགྲོ་ས་བཙལ། །མ་རྙེད་སྤྲུལ་པའི་སྐུ་དང་འཕྲད། །དེ་ལྟར་སེམས་ཀྱིས་འདུས་བྱས་པས། །ཞེན་ལོག་བར་ཆད་ཞི་བ་དང་། །སྒྲིབ་པ་སྐད་ཅིག་གོལ་ས་མེད། །ཆོས་ཀྱི་སྐུར་གྲོལ་གཉིས་མེད་འདའ། །དེ་ནས་རྣལ་དུ་དབབ་པ་ལ། །ལུས་ཀྱི་རྣལ་འབེབས་མི་འགུལ་བས། །ཕུང་ཁམས་རྒྱས་པའི་དགོས་པ་ཡོད། །ངག་གི་རྣལ་འབེབས་མི་སྨྲ་ཞིང་། །བརྗོད་མེད་འཆར་བའི་དགོས་པ་ཡོད། །སེམས་ཀྱི་རྣལ་ཕེབས་འཕྲོ་འདུ་བཅད། །ཞེན་འཛིན་གྲོལ་བའི་དགོས་པ་ཡོད། །མཐར་ཐུག་དགོས་པ་ལུས་དལ་བས། །སྤྲུལ་པའི་སྐུ་ལ་རེག་པ་ཡིན། །ངག་དལ་ལོངས་སྐུར་རེག་པ་ཡིན། །སེམས་དལ་ཆོས་སྐུར་རེག་པ་ཡིན། །ཐུན་མོང་འབྱུང་བ་མི་འཁྲུག་ཅིང་། །མཐར་ཐུག་ལུས་ངག་ཡིད་གསུམ་གྱི། །འཛིན་པ་རང་དག་དགོས་པའོ། །དེ་ནས་སོར་འདུག་བྱ་བ་ནི། །ནང་ཚང་ཅན་གྱི་གདན་སྟེངས་སུ། །རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། །ལག་པ་གཉིས་པོ་མཉམ་གཞག་བསྣོལ། །ལུས་པོ་མདའ་སྙུག་བཞིན་དུ་བསྲང་། །དཔུང་པ་རྒོད་གཤོག་བཞིན་དུ་བརྒྱངས། །མཇིང་པ་གཞུ་མོ་བཞིན་དུ་བཀུག །ལུས་ཁོག་ཕྲག་པ་གཟིངས་ལྟར་བསྟོད། །མིག་དང་སྣ་རྩེ་སེམས་རྩེ་བསྟུན། །དེ་ལྟར་སྔོན་འགྲོ་རྫོགས་པར་བྱ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སྔོན་འགྲོའི་ལེའུ་སྟེ་སོ་ལྔ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ། ཐག་ཆོད་ཆེན་པོ་ཀུན་ཏུ་བཟང་། །སྔོན་འགྲོའི་རིམ་པ་གསུངས་ན་ཡང་། །ཉམས་ལེན་དངོས་གཞི་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །


DNG025_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །ཉམས་ལེན་དངོས་གཞི་འདི་ལྟ་སྟེ། །གཞི་ནི་ཁྲེགས་ཆོད་ལམ་ཐོད་རྒལ། །འབྲས་བུ་སྐུ་གསུམ་ཡོངས་རྫོགས་སོ། །བློ་ཡི་རིམ་པ་རྣམ་གཉིས་ཀྱིས། །དོན་གྱི་ངོ་བོ་ཉམས་སུ་བླངས། །དམིགས་པ་ཡུལ་ཅན་ལམ་རྣམས་ལ། །སྒོམ་དང་བསྒོམ་བྱའི་ཐབས་རྣམས་བསྟན། །རིག་པ་རང་སྣང་བློ་རྣམས་ལ། །བརྟག་པའི་ཐབས་རྣམས་གཅིག་ཏུ་བསྟན། །དེ་ཀུན་སྡོམ་ཚིག་རྣམ་གཉིས་ཀྱིས། །རིམ་པ་བྱེ་བྲག་གཉིས་ཕྱེ་ནས། །སྐྱེས་བུ་རྣམས་ཀྱི་བློ་ལ་འཇུག །འདི་ཀུན་སྣང་བ་རང་ངེས་སོ། །དམིགས་པ་ཡུལ་ཅན་བློ་རྣམས་ལ། །ཁྲེགས་ཆོད་གདམས་པ་བསྟན་པ་ནི། །རིམ་པ་བྱེ་བྲག་འདི་ལྟ་བུ། །ཁྲེགས་ཆོད་ཉིད་དུ་ཉམས་སུ་བླང་། །ཆོས་ཉིད་འབད་རྩོལ་དང་བྲལ་བའི། །ལུས་སེམས་བྱ་བྲལ་ངང་དུ་བཞག །ཆོས་ཉིད་རང་ཐོག་ངོ་སྤྲད་པས། །རྣམ་རྟོག་ཡེ་ཤེས་ཆེན་པོར་འཆར། །ཆོས་ཉིད་རང་སར་གྲོལ་བ་ཡིས། །སྣང་བ་ཉིད་ལ་དགག་སྒྲུབ་མེད། །ལུས་སེམས་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་ཡེ་གྲོལ་ཡིན། །བྱ་བྱེད་སྤངས་པས་བདེ་བ་རྙེད། །གྲོལ་བ་རང་བྱུང་གཞན་ལས་མིན། །བྱ་བ་བྲལ་བ་གཞིར་གཞག་གོ། །འཁོར་འདས་བྱ་བྱེད་ནམ་བྲལ་ཚེ། །རྫོགས་ཆེན་ཉིད་ལས་གཞན་མིན་ནོ། །ཨ་ཧོ།བྱང་ཆུབ་སེམས་ལ་བཙལ་དུ་ཡེ་ནས་མེད། །ཇི་བཞིན་ངང་ལ་མ་བཅོས་གང་དགར་ཐོང་། །བདག་གཞན་ཡུལ་ཅན་ཡེ་ནས་མེད་པས་ན། །མཉམ་པ་རིས་མེད་རིག་པ་གང་དགར་ཐོང་། །རྟག་ཏུ་དེ་དང་འདུ་འབྲལ་མེད་པས་ན། །གཉིས་སུ་ཡུལ་མེད་རིས་མེད་གང་དགར་ཐོང་། །བྱ་བྲལ་ལྷུན་རྫོགས་འདི་ལས་གཞན་མེད་པས། །གཞི་གཞག་བརྡལ་བའི་སྐུ་དེ་ཁ་ཡན་ཐོང་། །མཚན་ཉིད་མ་འགགས་སྣ་ཚོགས་ཅིར་ཡང་འཆར། །དབང་པོ་གཅེར་མཐོང་ཅིར་སྣང་ཆོས་ཉིད་གསལ། །སྣང་བ་རྒྱ་ཡན་རིག་པ་གང་དགར་བདེ། །


DNG025_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅོས་རྣལ་འདུག་རིག་པ་ཁོང་ཀློང་བདེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །གྲིམ་ལྷོད་མེད་པར་ལུས་སེམས་གང་དགར་བཞག །སུས་ཀྱང་མ་བཅོས་རང་གིས་རང་ཉིད་གསལ། །རྩོལ་སྒྲུབ་མེད་པར་ཆོས་ཉིད་བདེ་གདལ་བས། །ཡེ་ནས་ཡིན་པས་བཅོས་སུ་ག་ལ་ཡོད། །གཅིག་པུར་མ་བཅོས་ཀློང་ན་རང་གྲོལ་བདེ། །གཏད་མེད་ཕྱོགས་བྲལ་ངེས་པར་འཛིན་པ་མེད། །འཛིན་མེད་རང་ཤར་ཀུན་བཟང་རོལ་པ་ཡིན། །ཚོགས་དྲུག་ཟིལ་གནོན་སྣང་བ་རྒྱ་ཡིས་གདབ། །ཕྱི་ནང་འདུ་འཕྲོ་བྱར་མེད་ཆེན་པོའི་ཀློང་། །ཅིར་ཡང་མ་ཡིན་ཅིར་ཡང་ཡིན་པའི་ཕྱིར། །ངོ་མཚར་རྨད་དུ་བྱུང་བ་བྱ་བྲལ་ཆོས། །འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས། །བྱར་མེད་ལྷུག་པས་ཐམས་ཅད་ཟིལ་གྱིས་གནོན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད། །བྱར་མེད་གཅིག་གིས་ཀློང་ལས་གར་མ་གཡོས། །བྱ་བྲལ་ཀུན་ཏུ་བཟང་པོའི་ས་ཉིད་ལ། །འཁོར་བ་ཀུན་བཟང་མྱ་ངན་འདས་པ་བཟང་། །ཀུན་བཟང་ཀློང་ན་འཁོར་འདས་ཡེ་ནས་མེད། །སྣང་བ་ཀུན་བཟང་སྟོང་པ་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་སྣང་སྟོང་ཡེ་ནས་མེད། །སྐྱེ་ཤི་ཀུན་བཟང་བདེ་སྡུག་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདེ་སྡུག་སྐྱེ་ཤི་མེད། །བདག་གཞན་ཀུན་བཟང་རྟག་ཆད་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདག་གཞན་རྟག་ཆད་མེད། །འཆིང་གྲོལ་མེད་པས་དགག་སྒྲུབ་ཡེ་ནས་བྲལ། །གཏད་མེད་ཕྱོགས་བྲལ་ཆེན་པོ་འདི་ཡིན་ཏེ། །སྐྱེ་མེད་འགག་མེད་བྱ་བྲལ་ལྷུན་རྫོགས་དང་། །ཐོག་བབས་ཤུགས་བྱུང་གཅར་ཕོག་ཡན་པ་སྟེ། །ཀློང་རྡོལ་རང་ཤར་འགྲོ་དྲུག་གཏན་པ་བཅོམ། །སྣང་བ་སེམས་སུ་ཡེ་ནས་ངོ་སྤྲད་པས། །སྣང་བ་སྣང་བའི་སྟེང་དུ་གྲོལ་བ་ཉིད། །སེམས་ཉིད་སྟོང་པ་དངོས་མེད་ངོ་སྤྲད་པས། །ཤེས་པ་འགྱུ་བ་འགྱུ་དང་ཤར་ཐོག་གྲོལ། །སྟོང་པ་ཆོས་སྐུ་ཀ་དག་ངོ་སྤྲད་པས། །སྣང་ཤེས་གཉིས་མེད་ཆོས་སྐུ་གདལ་བར་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཆེན་པོའི་ཕྱིར། །གྲོལ་བ་དེ་དང་དེ་ཉིད་སྟེང་དུ་གྲོལ། །


DNG025_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་རང་བྱུང་མ་རྟོགས་གཞན་ན་མིན། །དབང་པོའི་སྒོ་རྣམས་ཐམས་ཅད་མ་བཅོས་པར། །ཅོག་གིས་བཞག་པས་རང་བཞིན་གྲོལ་བའི་གནད། །དེ་ལས་མ་བསྒྱུར་གྱུར་མེད་བཅོས་སུ་མེད། །རྣལ་མ་སོ་མ་ལྷུག་པ་རང་ཡན་ཏེ། །གྱི་འདའ་ཁ་ཡན་ཀློང་དུ་གནས་པ་ཉིད། །མ་ཡེངས་མ་འཛིན་ངང་དུ་རང་སར་ཞོག །དབང་པོའི་སྒོ་རྣམས་དགག་པར་མི་བྱ་ཞིང་། །ལུས་ངག་བྱ་བ་སྤྱད་པར་ག་ལ་བྱ། །གཉིད་སོགས་སྤང་ཞིང་བླང་བྱ་ག་ལ་ཡོད། །དབྱིངས་ལ་དབྱིངས་ཤར་དབྱིངས་ཀྱི་ཀློང་དུ་གྲོལ། །མཁའ་ལ་གྲོལ་ལོ་མཉམ་པ་ཉིད་དུ་གྲོལ། །དབྱིངས་སུ་གྲོལ་ལོ་བཟང་ངན་མེད་པར་གྲོལ། །ཀློང་དུ་གྲོལ་ལོ་མཐོ་དམན་མེད་པར་གྲོལ། །གཅིག་ཏུ་གྲོལ་ལོ་སྐྱེ་ཤི་མེད་པར་གྲོལ། །གཅིག་གི་དབྱིངས་སུ་འབད་མེད་རྩོལ་མེད་གྲོལ། །མི་གནས་རང་དག་མ་སྤངས་རང་སར་གྲོལ། །མི་མཉམ་གྲོལ་ཡང་མཉམ་པའི་དབྱིངས་སུ་གྲོལ། །གྲོལ་བའི་དུས་ན་རང་གྲོལ་རང་ས་ཟིན། །གྲོལ་དང་མ་གྲོལ་དབྱིངས་ན་ཡེ་མེད་པས། །ཇི་ལྟར་གྲོལ་ཡང་རང་སར་ང་ལ་གྲོལ། །ཀུན་ཀྱང་རོ་གཅིག་མཉམ་པའི་དབྱིངས་སུ་གྲོལ། །ལུགས་ཟློག་མེད་པར་དབྱིངས་སུ་གྲོལ་བའོ། །ཆོས་ཉིད་ཀློང་དུ་གྲོལ་ལོ་དབྱེ་བསལ་མེད། །རྩོལ་བ་མེད་པར་གྲོལ་ལོ་སྒྲུབ་ཏུ་མེད། །ངེས་པ་མེད་པར་གྲོལ་ལོ་གཟའ་གཏད་མེད། །ལྷུན་གྱིས་གྲུབ་པར་གྲོལ་ལོ་ཕྱོགས་རིས་མེད། །མཚན་མ་ཐམས་ཅད་རང་སར་གྲོལ་བའི་ཕྱིར། །བྱང་ཆུབ་སེམས་ལ་གྲོལ་དང་མ་གྲོལ་མེད། །ནམ་མཁའི་ཀློང་ན་ཇི་ལྟར་བྱས་ཀྱང་གྲོལ། །ལྷུན་གྲུབ་ཀློང་ལ་གང་ལྟར་བྱས་ཀྱང་གྲོལ། །ཀུན་ཀྱང་འདྲའོ་གཞན་མེད་ཡེ་ནས་གྲོལ། །སྤང་བླང་མེད་དེ་རང་སར་རང་ཤར་གྲོལ། །ཕྱོགས་གཅིག་ཕྱོགས་མེད་འདོད་པ་ཁ་གཏིང་མེད། །མཉམ་དང་མི་མཉམ་ཙམ་གྱི་མཐའ་ལས་གྲོལ། །རྒྱུ་རྐྱེན་གཉིས་ལ་ཡེ་ནས་མི་གནས་ཤིང་། །འབྲས་བུ་རེ་དང་དོགས་པ་མེད་པའི་ཕྱིར། །འཁོར་འདས་གཉིས་ཀྱི་མཐའ་ལས་རང་གྲོལ་ལོ། །


DNG025_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་མེད་པར་ལྷུན་རྫོགས་བདེ་བར་གནས། །མཐོ་དམན་མེད་པར་མཉམ་པའི་དབྱིངས་སུ་གྲོལ། །མདོར་ན་ལུས་ངག་ཡིད་གསུམ་རང་སོ་ལ། །ཡིད་བྱེད་རྟོག་པ་ཕྱིར་མ་འཕྲོས། །དབང་པོའི་ཚོགས་དྲུག་ཡུལ་རྣམས་ལ། །ཤེས་ཤིང་དཔྱོད་པའི་ཡུལ་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །རང་གསལ་རྟོག་མེད་ཉམས་མྱོང་སྐྱེ། །ཅོག་བཞག་གཅེར་བཞག་རང་སར་བཞག །ཆོས་ཉིད་རང་སར་གྲོལ་བའི་གནད། །དེ་ལྟར་སྣང་ཤེས་ཐམས་ཅད་ཀུན། །ཆོས་ཉིད་ཆེན་པོའི་ཀློང་ཡངས་ལས། །བླང་བར་བྱ་བ་གང་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་ཀློང་། །ཅིར་སྣང་རང་གི་ཆོས་ཉིད་ལས། །བཅོས་མའི་ཆོས་ཉིད་ག་ལ་ཡོད། །ཇི་ལྟར་བྱས་ཀྱང་མི་རྟོག་སྐྱེ། །སྤང་བླང་མེད་པར་རང་སྣང་ངོ་། །སྤང་མེད་སྤང་བའི་ཆོས་དང་བྲལ། །སྤང་བ་མི་དམིགས་སྤང་བྱ་མེད། །ཤེས་པ་ཡུལ་ལ་སྣང་བའི་ཚེ། །སྣང་བ་དེ་ཉིད་རང་སྣང་སྟེ། །ཤེས་པ་མི་བསྒྲིམ་ཁ་ཡན་དུ། །ཆོས་ཉིད་ཀློང་དུ་ཡན་པར་བཞག །དུག་ལྔའི་རྟོག་པ་ཅི་སྐྱེས་ཀྱང་། །ང་ཡི་རིག་པ་རྟོག་མེད་ཡིན། །རང་རིག་རྟོག་པ་ཀུན་དང་བྲལ། །ཡེ་ནས་གོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཡོངས་སུ་གྲོལ་བས་འབད་པ་མེད། །མཐའ་གྲོལ་ཡིན་པས་མུ་གཞི་འགག །གཅིག་གྲོལ་ཡིན་པས་དུ་མ་སྟོངས། །གཅིག་གྲོལ་གཉིས་གྲོལ་ཐམས་ཅད་གྲོལ། །ཆོས་ཉིད་ཀློང་ཡངས་ཨེ་མ་ཧོ། །ཨ་ཧོ་རིག་མདངས་འཁོར་རྣམས་ཉོན། །དང་པོ་ཐོག་མ་ཁྲེགས་ཆོད་ཀྱིས། །ལྟ་བ་གཏན་ལ་དབབ་པར་བྱ། །འཁོར་བའི་ལམ་རྒྱུན་གཅད་འདོད་པས། །བྱ་བྱེད་རྫོགས་པས་རྫོགས་པའོ། །མཐའ་དང་བྲལ་བས་དབུས་མི་གནས། །ཡོངས་སུ་རྫོགས་པས་མཐའ་དབུས་མེད། །ལྷག་མ་མེད་པས་ཆ་ཤས་མིན། །གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། །དུ་མར་མི་གནས་གཅིག་མཐའ་ཟད། །མཐའ་ཡང་མི་གནས་རང་སངས་ཉིད། །


DNG025_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དུ་མེད་པའི་ཚིག་གི་གཞི། །དངོས་བྲལ་སྟོང་པ་སྙིང་པོའི་དོན། །ཕྱོགས་སུ་མ་ལྷུང་ངོ་མཚར་ཆེ། །འདི་ཤེས་འཁོར་བའི་ལམ་རྒྱུན་འགགས། །ལྟ་བ་བལྟ་རུ་མེད་དེ་གཅེར་གྲོལ་དང་། །སྒོམ་པ་བསྒོམ་རྒྱུ་མེད་དེ་རང་བབས་ཀློང་། །སྤྱོད་པ་སྤྱོད་རྒྱུ་མེད་དེ་བདག་འཛིན་གྲོལ། །འབྲས་བུ་ཐོབ་རྒྱུ་མེད་དེ་རྒྱུ་འབྲས་ཟད། །ཆོས་སྐུ་མཚན་མའི་ཡུལ་དང་བྲལ། །ལོངས་སྐུ་གཟུང་འཛིན་ཡུལ་དང་བྲལ། །སྤྲུལ་སྐུ་ཆགས་པའི་ཡུལ་དང་བྲལ། །རྟོག་མེད་རང་སངས་རྙོག་པ་མེད། །འཛིན་མེད་རང་གྲོལ་ཕྱོགས་རིས་མེད། །སྣང་བ་རྟོག་མེད་མཁའ་ལ་རོལ། །སྐྱེ་མེད་ཆོས་ཉིད་མཉམ་པ་ཉིད། །ཡང་དག་ཆོས་ལ་སྒྲོ་བཏགས་མེད། །བསམ་འདས་བརྗོད་མེད་ངོ་བོ་ནི། །རྣམ་རྟོག་ཕྱོགས་སུ་མ་ལྟུང་བ། །མི་རྟོག་སྐུ་ལ་ཡང་དག་བལྟ་བར་བྱ། །བསྒོམ་མེད་སྒོམ་བྲལ་ཉིད་ཀྱི་ངོ་བོ་བཟུང་། །འདའ་མེད་བསྲུང་མཚམས་བྲལ་བའི་དམ་ཚིག་བསྲུང་། །ཆོས་རྣམས་རང་བཞིན་བདག་མེད་པས། །དངོས་པོ་མེད་པའི་འདུ་ཤེས་བསྒོམ། །རང་སྣང་ཡིད་སྤྱོད་དག་པ་ལ། །བློ་འདས་རང་རིག་ངང་ལ་སྤྱོད། །སྤང་ཐོབ་མེད་པའི་འབྲས་བུ་ལ། །རེ་དོགས་མེད་པའི་རྒྱུ་འབྲས་ཡལ། །གཟུགས་སྣང་ཐམས་ཅད་སྟོང་པ་ཉིད། །སྟོང་པ་ཐམས་ཅད་གཟུགས་སྣང་ངོ་། །སྟོང་དང་མཚན་མ་མེད་པར་ཡོངས་ཤེས་ན། །སྤྲོས་མེད་དག་པའི་ཡེ་ཤེས་ཡིན། །བློ་ཤེས་རྟོག་པས་བྱང་ཆུབ་ཚོལ་མི་བྱེད། །གང་ཞིག་དེ་ནི་ཕ་རོལ་ཕྱིན། །ཁྲེགས་ཆོད་ང་ཡི་ལྟ་བ་ལ། །ངོ་བོ་རང་ཐོག་ཕབ་པ་ཡིན། །རིག་པ་ཡེ་ཤེས་སྣང་མེད་ལས། །བེམ་པོའི་སྣང་བས་ངས་མི་སྒྲིབ། །སྟོང་པའི་ཆོས་ཉིད་ཡུལ་མེད་པས། །སྟོང་པ་ཉིད་ལ་ང་མི་གནས། །མཚན་མར་འཛིན་པའི་དངོས་དག་པས། །འཛིན་པའི་ཆོས་ལ་ང་མི་གནས། །ཤེས་རབ་ཆེན་པོ་རང་བྱུང་བས། །སྡེ་སྣོད་ཆོས་ལ་ང་མི་གནས། །ང་ལ་དགེ་དང་སྡིག་མེད་པས། །འཁོར་བའི་ཆོས་ལ་ང་མི་གནས། །ཁྲེགས་


DNG025_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་གཞི་ཡི་ལྟ་བ་ལ། །ཐམས་ཅད་ང་ཡི་ངོ་བོར་རྫོགས། །ང་ནི་སྟོང་པའི་ཚིག་དང་བྲལ། །ང་ལ་མུན་པའི་ཆོས་མེད་པས། །ང་ནི་ཡེ་ནས་སྐྱོན་དང་བྲལ། །ང་ལ་འབྱུང་བའི་བདུད་མེད་པས། །ང་ནི་སྣ་ཚོགས་རྐྱེན་དང་བྲལ། །ང་ལ་རྟག་བའི་མཐའ་མེད་པས། །ང་ནི་ཡིད་ཆེས་ཆོས་དང་བྲལ། །ང་ལ་འཛིན་པའི་ཚིག་མེད་པས། །ང་ནི་ཆད་པའི་ཕྱོགས་དང་བྲལ། །ང་ལ་དངོས་པོའི་ཡུལ་མེད་པས། །འཁོར་བའི་སྡུག་བསྔལ་ཆོས་ལས་གྲོལ། །ང་ལ་འཛིན་རྟོག་མེད་པ་ཡིས། །ང་ནི་དགེ་སྡིག་གཉིས་དང་བྲལ། །ང་ལ་ཕྱོགས་ལྷུང་མེད་པ་ཡིས། །ང་ནི་འཁྲུལ་པའི་སེམས་དང་བྲལ། །ང་ལ་བྱས་པའི་ཆོས་མེད་པས། །ང་ནི་རང་བྱུང་ལྷུན་གྱིས་གྲུབ། །རང་བྱུང་ཡེ་ཤེས་ལྟ་བ་ལ། །ང་ལ་དཔྱོད་པའི་ཡུལ་མེད་དོ། །ང་ལ་སྔ་རབས་འདས་པ་མེད། །ང་ལ་ཕྱི་རབས་འབྱུང་བ་མེད། །ང་ལ་ད་ལྟའི་སྣང་བ་མེད། །ང་ལ་ལས་དང་བག་ཆགས་མེད། །ང་ལ་མ་རིག་པ་ཡང་མེད། །ང་ལ་ཡིད་ཀྱང་ཡོད་མ་ཡིན། །ཤེས་རབ་འཁོར་བ་གཉིས་ཀ་མེད། །འཁོར་བ་མྱང་འདས་གཉིས་ཀ་མེད། །རིག་པ་ཉིད་ཀྱང་ཡོད་མ་ཡིན། །ཡེ་ཤེས་སུ་ཡང་སྣང་བ་མེད། །རང་བྱུང་ཡེ་ཤེས་སྲོག་མེད་པས། །དགེ་སྡིག་གཉིས་ལས་འདས་པའོ། །རང་བྱུང་ཡེ་ཤེས་གཞི་མེད་པས། །སྣང་བའི་རྟོག་པ་ཆོད་པའོ། །ང་ལ་འདུ་འབྲལ་གཉིས་མེད་པས། །ཡེ་ཤེས་སྐུ་ཉིད་མངོན་པར་སྣང་། །ང་ལ་གཟུགས་སྣང་མཐའ་དང་བྲལ། །ཡུལ་སྣང་ཀུན་ལས་འདས་པའོ། །ང་རང་བྱུང་ཡེ་ཤེས་རྩིས་མེད་པས། །གཟུང་འཛིན་གཉིས་ལས་འདས་པའོ། །ང་ལ་རང་བྱུང་ཡེ་ཤེས་ཕྱི་ནང་མེད། །སྐྱོན་དང་ཡོན་ཏན་གཉིས་ལས་འདས། །ང་རང་བྱུང་ཡེ་ཤེས་ཀ་ནས་དག །ཡིན་མིན་གཉིས་ཀྱི་མཐའ་ལས་འདས། །ང་ལ་རང་བྱུང་ཡེ་ཤེས་ཆོས་མེད་པས། །མཐའ་གཉིས་ལས་ནི་འདས་པའོ། །ང་ལ་རང་བྱུང་ཡེ་ཤེས་འགྱུ་བྱེད་མེད། །ཤེས་རབ་ཀུན་ལས་འདས་པའོ། །


DNG025_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱི་ཡི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་པའི་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་གཞན་རྟོག་པ་མེད། །སྟོང་པའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་སྐུ་ལྔ་རང་སྣང་བས། །ཞིང་ཁམས་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་སྤྲོ་བསྡུ་གཉིས་མེད་པས། །ཡེ་ཤེས་དོན་རྣམས་ཡོངས་སུ་རྫོགས། །ཆོས་སྐུའི་སྣང་བ་འགག་མེད་པས། །ང་ལ་ཡེ་ཤེས་ཡོད་མ་ཡིན། །ང་ལ་སྐྱེ་བ་ཉིད་མེད་པས། །ཡི་གེ་ཨ་ནི་ཡེ་ནས་མེད། །ང་ལ་འགག་པའི་གནས་མེད་པས། །ཡི་གེ་ཨཱོཾ་ནི་ངང་གིས་མེད། །ང་ལ་འདུ་འབྲལ་གཉིས་མེད་པས། །ཡི་གེ་ཧཱུྃ་ནི་ཤིན་ཏུ་ཟད། །སྐུ་ཡི་སྣང་བ་སྣ་ཚོགས་པས། །ཡི་གེའི་མིང་ནི་རང་གིས་སྟོང་། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་པས། །སྟོང་པའི་ཕྱོགས་ཆ་མེད་པའི་ཡེ་ཤེས་ལྟོས། །ཨ་ཏི་ཁྲེགས་ཆོད་ལྟ་བ་ལ། །གསོད་བྱེད་ལས་ཀྱི་བསད་ན་སྣང་བ་ཆེན་པོ་


DNG025_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །སེམས་ཅན་ཐམས་ཅད་བསྒྲལ་ན་རང་སྣང་མ་དང་འཕྲད། །རྒྱུ་འབྲས་རྩད་ནས་བཅད་ན་རྒྱུ་འབྲས་རྩ་གསུམ་འབྱོང་། །དགེ་བའི་རྒྱུད་ཐག་བཅད་ན་ལུ་གུ་རྒྱུད་དང་ཉེ། །ཕྱི་ནང་བྱ་བ་བཏང་ན་སྣང་བ་རྒྱ་ཡིས་ཐེབ། །སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུའི་དངོས་པོ་ཡིན། །གསལ་ལ་ངོས་གཟུང་མེད་ན་ལོངས་སྐུའི་རང་བཞིན་ཡིན། །བྱ་བྱེད་ཀུན་དང་བྲལ་ན་སྤྲུལ་སྐུའི་རང་བཞིན་ཡིན། །གཅིག་པུར་དལ་བར་བསྡད་ན་རྩ་གསུམ་ལུས་ལ་འབྱུང་། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་བཞག་གཅིག་གི་ངང་། །དེ་ལ་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བ་སྔགས་ཀྱི་ཁྲེགས་ཆོད་དེ་ཉིད་དོ། །ཨ་ཏི་ཁྲེགས་ཆོད་ལྟ་བ་ལ། །སྲོག་མ་བཅད་ན་དགེ་མི་འཕེལ། །ཆོས་མ་སྤངས་ན་སངས་མི་རྒྱ། །བསྟན་ལ་སྣུབས་ན་ཞིང་མི་རྒྱས། །དམྱལ་བ་ཡི་དྭགས་མ་མཆོད་ན། །དངོས་གྲུབ་དག་པ་འབྱུང་མི་ནུས། །སྡུག་བསྔལ་དང་དུ་མ་བླངས་ན། །བདེ་བ་གཏན་ལ་ཕེབས་མི་སྲིད། །ཐམས་ཅད་སྐྱེ་བར་མ་གྱུར་ན། །སྐྱེ་བ་མེད་པའི་དོན་མི་རྟོགས། །ཉོན་མོངས་མེད་ན་ཤེས་རབ་མེད། །འཁོར་བ་སྤེལ་ན་སངས་རྒྱས་ཐོབ། །སྙིང་རྗེ་མེད་ན་ཐུགས་རྗེ་འཆར། །གཏི་མུག་མེད་ན་ཡེ་ཤེས་མེད། །མ་རིག་མེད་ན་རིག་པ་མེད། །རྩ་བ་མེད་ན་རྩེ་མོ་མེད། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཡིན་པར་ཤེས་པར་བྱ། །སྲོག་རྣམས་བཅད་ན་དགེ་བ་འཕེལ། །སངས་རྒྱས་པས་ནི་དམྱལ་བ་བཟང་། །སྦུབས་སུ་ལྷུང་ན་བདེ་སར་སླེབ། །བསྡད་ཅིང་ཕྱིན་ན་འགྲོ་སར་སླེབ། །ཀུན་བཟང་ཉ་གཤེར་གཉིས་སུ་མེད། །གཞི་མེད་རྩ་བྲལ་ནམ་མཁའི་སྙིང་པོ་ལྟོས། །ཁྲེགས་ཆོད་ལྟ་བའི་བརྡ་ཚིག་གོ། །རྫོགས་ཆེན་ཨ་ཏི་ཆེན་པོ་ལ། །འཁྲུལ་པ་ལས་ཟློག་ཁྲེགས་ཆོད་ནི། །རྟོག་པ་མེད་པར་ཆོས་ཀྱི་སྐུ། །མཚན་མ་མེད་པ་རང་སར་གྲོལ། །འགྱུར་མེད་ཨ་ཏིའི་ངོ་བོ་ལ། །བྱ་དང་བྱེད་པའི་ཆོས་མེད་དོ། །ཨ་ཏི་རྩེ་མོ་ཆེན་པོ་ལ། །གཅིག་རྫོགས་གཉིས་རྫོགས་


DNG025_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྫོགས། །རྫོགས་ཆེན་ཨ་ཏིའི་ངོ་བོ་ལ། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །དགེ་བ་བྱར་མེད་སྡིག་པ་སྤང་དུ་མེད། །དགེ་སྡིག་གཉིས་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ། །དགེ་བ་མི་བྱ་བྱས་ན་སངས་རྒྱས་མིན། །སྡིག་པ་མི་སྤང་སྤངས་ན་སངས་རྒྱས་འགྲུབ་མི་འགྱུར། །ཁམས་གསུམ་སེམས་ཅན་བསད་ན་མངོན་སངས་རྒྱས་པར་འགྱུར། །ཕ་མ་བསད་ན་ཡེ་ཤེས་མཐོང་བར་འགྱུར། །སྲོག་གཅོད་སྡིག་ཏུ་ག་ལ་འགྱུར། །སྲོག་བཅད་སྡིག་ཏུ་གྱུར་ན་སངས་རྒྱས་མེད་པར་འགྱུར། །སྲོག་གཅོད་སྤངས་ན་སངས་རྒྱས་རྒྱབ་ཀྱིས་ཕྱོགས། །དུས་གསུམ་སངས་རྒྱས་སྲོག་བཅད་གྲོལ་བར་འགྱུར། །སྲོག་མ་བཅད་ན་སངས་རྒྱས་འབྱུང་མི་འགྱུར། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་རང་རྫོགས་པས། །ཡི་དམ་ལྷ་ལ་མཆོད་པ་མི་འབུལ་ལོ། །འབུལ་ན་འབུལ་མཁན་བཅིངས་པར་འགྱུར། །མཆོད་པ་ཕྱག་རྒྱ་ལ་སོགས་རྒྱལ་བའི་སྐུ་ལ་སྒྲིབ། །ཕྱག་རྒྱ་བསྒྱུར་ན་རིན་ཆེན་རླག་པར་འགྱུར། །དཀྱིལ་འཁོར་བྲིས་ན་རང་གི་དེ་ཉིད་ཡལ། །སངས་རྒྱས་དགོངས་པ་བྱ་བྱེད་བྲལ་བའོ། །བསམ་གཏན་ཏིང་འཛིན་ལ་སོགས་སངས་རྒྱས་སྐུ་ལ་སྒྲིབ། །བསྒོམ་ཞིང་བསྒྲུབ་པ་བྱས་ན་བསམ་གཏན་མིན། །སངས་རྒྱས་མི་བསྒྲུབ་བསྒྲུབས་ན་རྩོལ་བར་འགྱུར། །འཁོར་བ་མི་སྤང་སྤངས་ན་སངས་མི་རྒྱ། །སངས་རྒྱས་གཞན་ན་མེད་དོ་རིག་པ་ཡིན། །འཁོར་བ་གཞན་ན་མེད་དོ་རང་སེམས་ཡིན། །འདུས་བྱས་དགེ་བ་མི་བྱ་བྱས་ན་འཆིང་བའི་རྒྱུ། །མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་རྩ་ཡིན། །ཆོས་ནི་བྱས་པས་མི་ཟིན་བཞག་པས་ཟིན་པར་འགྱུར། །བྱ་བ་བཏང་བས་རྣལ་འབྱོར་མི་ཡོང་བྱ་བ་མི་སྤང་དེ་བཞིན་གཤེགས། །ཡང་དག་སངས་རྒྱས་ལམ་ནི་ཀུན་ལ་དེ་བཞིན་གཤེགས་པར་བྱ། །ཨ་ཧོ་རིག་མདངས་འཁོར་རྣམས་ཉོན། །ང་མེད་པ་ཡི་གོང་རོལ་ན། །སངས་རྒྱས་སེམས་ཅན་གཉིས་མེད་དོ། །ལམ་དང་སྒྲུབ་པ་ག་ལ་ཡོད། །ང་ལས་མ་བྱུང་


DNG025_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཀྱང་མེད། །ང་ནི་སྟོན་པ་ཆེན་པོའོ། །ང་ལས་འབྱུང་བ་རྣམ་ལྔ་བསྐྱེད། །ང་ནི་འབྱུང་བདག་ཆེན་པོའོ། །ང་ནི་སངས་རྒྱས་ཀུན་གྱི་མེས། །ང་མེད་པ་ཡི་སྔོན་རོལ་ཏུ། །སངས་རྒྱས་བྱ་བའི་མིང་ཡང་མེད། །ང་ནི་ཐབས་ཀྱི་ཕ་རོལ་ཕྱིན། །ང་ལ་མཚན་མའི་ཆོས་མེད་པས། །ང་ཡི་སེམས་ལ་གཡོ་བ་མེད། །ང་ནི་སངས་རྒྱས་ཀུན་གྱི་དུར། །འགྱུར་མེད་དུར་ས་ང་ལ་བཏབ། །ང་ནི་སེམས་ཅན་ཀུན་གྱི་གནས། །བག་ཆགས་ལུས་ལྟར་སྣང་བའོ། །ང་ནི་དབྱེར་མེད་ཤེས་རབ་པོ། །ཤེས་རབ་ཡེ་ཤེས་བདེ་གསལ་ངང་། །འདི་ཤེས་སྐད་ཅིག་སངས་རྒྱས་སོ། །ང་ལ་ཕྱི་ནང་གསང་བ་རྫོགས། །ང་ནི་རྡོ་རྗེའི་སྙིང་པོའི་སྐུ། །ང་ལས་སངས་རྒྱས་བསྐྱེད་པའོ། །ང་ནི་སྐྱེ་མེད་རིག་པའི་དོན། །ང་ནི་དངོས་པོའི་ཆོས་དང་བྲལ། །ང་ལ་མཚན་མ་མེད་པའི་ཕྱིར། །ང་ནི་སེམས་ཅན་དུར་ནས་འདོན། །ང་ལ་ཐུགས་རྗེ་འཆར་བའི་ཕྱིར། །ང་ནི་སྟོང་པའི་ཚིག་ལས་འདས། །ང་ལ་གསལ་བྱེད་འབྱུང་བ་ཡིས། །ང་ནི་མུན་མེར་སྣང་བར་འགྱུར། །སྒྲོན་མ་རྣམ་བཞི་ཡོད་པའི་ཕྱིར། །ང་ནི་ཕྱོགས་སུ་ལྷུང་བ་མེད། །ང་ལ་འཛིན་པ་མེད་པའི་ཕྱིར། །ཁྲེགས་ཆོད་རང་བཞིན་ཆོད་པའོ། །ཁྲེགས་ཆོད་ཨ་ཏིའི་ལྟ་བ་ལ། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སྟོན་པ་སངས་རྒྱས་མིང་དུ་འདོགས་པ་འཁྲུལ། །ཡང་དག་དོན་ལ་སངས་རྒྱས་སེམས་ཅན་མེད། །རང་རིག་སྟོང་པར་མི་གནས་བདེ་ཆེན་ས་ལ་གནས། །རིག་པ་འཛིན་པ་མེད་པས་སྟོང་། །སངས་རྒྱས་ཀུན་གྱི་རྗེ་བཙན་ནི། །རང་གི་རིག་པར་ཤེས་པར་བྱ། །རང་སྣང་རིག་པའི་རྒྱལ་པོ་འདི། །ཀུན་ལ་ཡོད་དེ་ཀུན་གྱིས་རྟོག་པ་མེད། །རང་སྣང་རིག་པའི་སྒྲོན་མ་འདི། །ཀུན་ལ་སྣང་ཡང་གསལ་བར་དཀའ། །མཚུངས་མེད་རྟོག་པ་མེད་པ་ཡི། །རང་གསལ་ཆིག་ཆོད་དག་པ་འདི། །དགེ་སྡིག་མེད་ལ་དོན་དང་ལྡན། །སངས་རྒྱས་ཀུན་གྱི་ཡང་གསང་སྤྱོད། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །


DNG025_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་གཅིག་ལས་མེད་པའོ། །སངས་རྒྱས་ཀུན་གྱི་རིག་པ་ནི། །སེམས་ཅན་ཀུན་གྱི་རང་ཡུལ་ཡིན། །འོད་ལྔའི་མུ་ཁྱུད་ཟླུམ་པོར་གནས། །སེམས་ཅན་ཀུན་གྱི་ངོ་བོ་ནི། །འགྱུར་མེད་སྐུ་ཡི་ངོ་བོ་ཡིན། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །རང་རང་ཐུགས་ལ་དཀྱིལ་འཁོར་ཚང་། །ང་ཉིད་གཅིག་པུ་དཀྱིལ་འཁོར་ལྷ། །རང་ཉིད་རྡོ་རྗེ་རྐྱེན་དང་བྲལ། །ང་ནི་དཔའ་བོ་གཅིག་པུ་ཉིད། །ང་ནི་བྱས་པ་ཐམས་ཅད་བྱེད། །གསང་སྔགས་རྒྱལ་པོ་ཚིག་ལས་འདས། །ཚིག་དང་ཡི་གེར་བསྟན་པའི་གང་ཟག་འཁྲུལ། །གསང་སྔགས་ཀུན་གྱི་གསང་བ་ཡང་བཅུད་འདི། །སྣོད་དང་ལྡན་པའི་སྐྱེས་བུ་རྣམས་ལ་སྣང་། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །དཔེར་ན་གཅན་གཟན་སེང་གེ་བཞིན། །གངས་དཀར་རྩེ་ནས་སྡེར་ཆགས་ཟིལ་གྱིས་གནོན། །དེ་བཞིན་རྫོགས་ཆེན་ཨ་ཏི་ཡོ་ག་ནི། །སྣ་ཚོགས་དོན་ཅན་སྟོན་ཅིང་ཐེག་དམན་ཟིལ་གྱིས་གནོན། །སེང་གེ་ངར་སྐད་འདོན་པས་སྡེར་ཆགས་ཐམས་ཅད་སྐྲག །རྫོགས་ཆེན་ངར་སྐད་སྟོན་པས་ཐེག་དམན་ཐམས་ཅད་བརྒྱལ། །ཀུན་དང་མི་མཉམ་རྫོགས་ཆེན་ཨ་ཏིའི་དོན། །སངས་རྒྱས་ཀུན་གྱི་གསང་བ་ཡང་གསང་ཡིན། །འདི་ལྟར་ཀློང་ཆེན་རབ་འབྱམས་ལས། །ལྟ་བ་གཏན་ལ་ཕབ་ནས་སུ། །ཁྲེགས་ཆོད་སྙིང་པོའི་དོན་ལ་སྦྱར། །དེ་ནས་ཐོད་རྒལ་གཏན་ལ་དབབ། །དེ་ནས་འབྲས་བུ་སངས་རྒྱས་བསྟན། །འཁྲུལ་ན་འཁྲུལ་པ་མ་ལ་ཟློག །རྫོགས་ཆེན་ཁྲེགས་ཆོད་དོན་དེ་སྦྱར། །ཆོས་རྣམས་ཀུན་གྱི་མདུད་པ་ནི། །ཁྲེགས་ཆོད་ཉིད་ལ་ཐུག་པའོ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །ནམ་མཁའ་ལྟ་བུའི་སེམས་ཉིད་ལ། །ནམ་མཁའ་ལྟ་བུའི་རིག་པ་ཤར། །གང་ཤར་གཉིས་སུ་མེད་དེ་བདེ། །གཉིས་མེད་བདེ་བརྡལ་རིག་པའི་རྩལ། །འདུ་འབྲལ་མེད་པའི་ཀློང་དཀྱིལ་ན། །འཕོ་འགྱུར་མེད་པའི་དོན་ལ་ཡང་། །སྐྱེ་ཤི་མེད་པར་མངོན་སངས་རྒྱས། །འཁོར་འདས་ཐམས་ཅད་དེ་ཡི་ཀློང་། །གཟུང་འཛིན་


DNG025_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཡེ་ནས་སངས། །བྱང་ཆུབ་སེམས་ནི་ཀུན་གྱི་གཞི། །ལྷུན་གྱིས་གྲུབ་པས་སྤང་བླང་མེད། །མུ་མཐའ་མེད་པས་རིས་དང་བྲལ། །དེ་ཡི་ཀློང་ན་ཀུན་ཡངས་པས། །མ་འདྲེས་ཡོངས་རྫོགས་དབྱིངས་ཀྱི་རྒྱན། །དུག་གསུམ་ལམ་ཁྱེར་སྐུ་གསུམ་ཀློང་། །ཉོན་མོངས་གཏན་སྤྲུགས་འཆིང་གྲོལ་མེད། །ཡུལ་མེད་གཅིག་ལ་ཀུན་ཤར་བས། །ཆོས་ཉིད་ཟངས་ཐལ་གཞི་རྩ་མེད། །གཞི་རྩ་མེད་པའི་སེམས་ཉིད་ལ། །རྩོལ་བ་མེད་པའི་ཆོས་ཉིད་ཤར། །རང་ཤར་རང་གྲོལ་རྒྱུ་རྐྱེན་མེད། །རྒྱུ་རྐྱེན་ཡེ་ནས་ཆོས་ཉིད་ཀློང་། །རྐྱེན་མེད་ཡེ་ནས་རོལ་པའི་ཀློང་། །འབྲས་བུ་མེད་དེ་རང་བྱུང་ཀློང་། །རྒྱུ་མེད་རྐྱེན་དང་བྲལ་བས་ཡངས། །ཡེ་ནས་གནས་པའི་ཆོས་ཉིད་ཡངས། །བཙལ་ཞིང་སྒྲུབ་མེད་དེ་ཉིད་ཡངས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །ང་ཡི་དོན་ལ་དགོངས་པ་མཛད། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །དེ་ཡི་དོན་ལ་ཉིད་ཀྱིས་འཁོལ། །དེ་ལ་འཁོར་འདས་གཉིས་སུ་མེད། །ཐེག་པའི་རྣམ་གྲངས་དུ་མ་ཡང་། །དེ་ཡི་དོན་ལས་གཞན་མེད་དེ། །རིག་པ་ངེས་མེད་ཆོ་འཕྲུལ་ལས། །འཁོར་འདས་ལམ་པའི་ཆོས་རྣམས་ཀུན། །བཙལ་བ་མེད་པར་རང་བྱུང་སྟེ། །དེ་ཡང་ཤེས་བྱ་དབྱིངས་ཀྱི་བབ། །དབྱིངས་ལ་དབྱིངས་ཤར་ངོ་མཚར་ཆེ། །གཞི་ཤར་རང་གྲོལ་དབྱིངས་ཀྱི་ཀློང་། །ཀློང་ཡངས་བརྡལ་ཁྱབ་ངེས་པ་ལ། །འཁོར་འདས་རང་ལུགས་ཐོག་བབས་ཤར། །དེ་ལ་གཉིས་སུ་དབྱེ་བ་ནི། །གཉིས་མེད་རང་གྲོལ་ཆོས་ཀྱི་སྐུ། །དེས་ན་སེམས་ཅན་ཐམས་ཅད་ཀྱང་། །རྒྱུ་རྐྱེན་མེད་པའི་ཆོས་ཉིད་ལ། །གློ་བུར་ཆོས་སུ་སྣང་བས་ན། །གཉེན་པོའི་ཆོས་ཀྱི་གཞི་མི་དགོས། །འཁོར་འདས་མཉམ་པའི་དབྱིངས་སུ་གསལ། །མཉམ་ཉིད་གཅིག་ལ་དེར་སྣང་བས། །ཡུལ་དང་དེར་འཛིན་གཞན་ན་མེད། །མི་མཐུན་གཉེན་པོ་དབྱེར་མེད་པའི། །ཐིག་ལེ་གྲྭ་ཟུར་མེད་པ་ལ། །ཕྱོགས་སུ་འཛིན་པ་རྩོལ་བའི་བདུད། །རིམ་པས་བགྲངས་པས་འདོད་པའི་ཀློང་། །མཉམ་པའི་དོན་ལ་གང་བརྩོན་པ། །དཔག་མེད་ཏིང་


DNG025_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དོན་ལ་གོལ། །བྱ་བྲལ་རྩོལ་ན་ཐིག་ལེ་ལས། །ཆེ་བའི་ཡོན་ཏན་བསམ་ཡས་ཀྱང་། །མ་བསྒྲུབས་བཞིན་དུ་ལྷུན་གྲུབ་པས། །སངས་རྒྱས་ཞེས་སུ་བཏགས་པ་ཡིན། །གཉིས་སྣང་མཚན་མ་གློ་བུར་ཆོས། །ཐིག་ལེ་ཉིད་ལ་རང་ཤར་བས། །སེམས་ཅན་ཞེས་སུ་བཏགས་པ་ཡིན། །ཐིག་ལེའི་ཀློང་དུ་གཅིག་རྫོགས་པས། །མཉམ་ཉིད་སྒྲོ་སྐུར་ཀུན་དང་བྲལ། །བྱང་ཆུབ་སྙིང་པོ་ཞེས་སུ་བཤད། །འཁོར་བའི་འཁོར་ལོ་ཆེན་པོ་འདི། །མྱ་ངན་འདས་པའི་ལམ་པོ་ཆེ། །གཅིག་གྲོལ་ཐིག་ལེ་གཅིག་ཏུ་གྲོལ། །གཉིས་གྲོལ་ཐབས་དང་ཤེས་རབ་གྲོལ། །གསུམ་གྲོལ་སྐུ་གསུམ་ཀློང་དུ་གྲོལ། །གྲོལ་བར་མ་གྱུར་གང་ཡང་མེད། །ཐིག་ལེ་གཅིག་ལ་ཀུན་འཁོར་བས། །འཁོར་བར་མི་གནས་གང་ཡང་མེད། །དེས་ན་འཁོར་བ་ཆེན་པོ་ཡིན། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །རང་སེམས་སྐྱེ་མེད་མ་ཤེས་པར། །རང་ལ་གོལ་ཞིང་རང་ལ་སྒྲིབ། །བྱང་ཆུབ་སེམས་ནི་གོལ་སྒྲིབ་ཡིན། །གོལ་སྒྲིབ་གསལ་ན་བྱང་ཆུབ་མེད། །རྒྱུ་རྐྱེན་རང་སར་དག་པས་ན། །དེ་ལ་གོལ་ས་ག་ལ་ཡོད། །མེད་པའི་དོན་ལ་ཀུན་ཤར་བས། །ཆོས་ཉིད་ཀློང་རྡོལ་ཤེས་བྱའི་བབ། །དེ་ལ་དག་རྒྱུ་ཅི་ཡང་མེད། །བསྒྲུབ་པར་བྱ་བ་ཡོད་མ་ཡིན། །དེ་ཉིད་ཡིན་ནོ་བདེ་བ་ཆེ། །ཡེ་ནས་གནས་སོ་ཆོས་སྐུ་ཆེ། །ཕྱི་ནང་མེད་དོ་ཡེ་ཤེས་ཆེ། །རྒྱ་ཆེ་རབ་ཟབ་ཐེག་པའི་མཆོག །ཉོན་ཅིག་རིག་མདངས་འཁོར་རྣམས་ཉོན། །དེ་ཉིད་བཙལ་བའི་རྒྱུ་མེད་བྱ་བྲལ་ཀློང་། །རང་རྒྱུད་མེད་དོ་དེ་ཉིད་རང་གི་ཀློང་། །ཡུལ་མེད་རྣལ་འབྱོར་གཅིག་པུ་ཀློང་ན་བདེ། །ངེས་མེད་རྣལ་འབྱོར་ཕྱོགས་མེད་ཀློང་ན་བདེ། །ཕྱི་ནང་སྣོད་བཅུད་རང་གྲོལ་ཀློང་ན་བདེ། །འཇུག་ཟློག་མེད་པར་རང་ཤར་རང་གྲོལ་ཀློང་། །ཐམས་ཅད་ཀློང་ཆེན་དེ་རུ་ཀུན་གྲོལ་བདེ། །ཆོས་ཀུན་སེམས་ཉིད་ཀློང་ཆེན་དེར་ཡངས་པས། །འཁྲུལ་པའི་ཆོས་ཉིད་རང་གཞག་མཉམ་པའི་ཀློང་། །མཉམ་པའི་ཀློང་དུ་ཡེ་གྲོལ་བརྡལ་བ་ཡིན། །ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་


DNG025_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་། །སྐྱེ་འཇིག་མཐའ་མེད་བྱ་བྲལ་ཀློང་ཆེན་དང་། །གསེར་གླིང་ལྟ་བུར་དབྱེ་བསལ་མེད་པའི་ཀློང་། །འགྲོ་བ་རིགས་དྲུག་སྐྱེ་གནས་བཞི་པོ་ཡང་། །ཆོས་ཀྱི་དབྱིངས་སུ་སྐྱེ་ཞིང་དབྱིངས་སུ་གྲོལ། །སྐུ་གསུམ་ཐུགས་ཕྲད་རང་ཤར་རང་གྲོལ་ཀློང་། །ཀུན་ཏུ་ཟང་ཐལ་ཡེ་ཤེས་རང་ཤར་ཀློང་། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །ལྷུན་གྲུབ་ཀློང་ནས་ཐམས་ཅད་འབྱུང་བའི་གཞི། །འཁོར་འདས་གཉིས་ཀྱང་དེ་ཡི་ཀློང་དུ་གཅིག །གཅིག་ལས་དུ་མར་མ་འགགས་ཕྲ་བའི་ཀློང་། །སྐྱེ་གནས་བཞི་ཡང་འགྲོ་བའི་ཀློང་དུ་ཤར། །འགྲོ་བ་རིགས་དྲུག་འཕྲ་བའི་ཀློང་ནས་ཤར། །ཐེག་དགུ་སྐུ་གསུམ་འཕྲ་བའི་ཀློང་ནས་ཤར། །རང་ངོ་མ་ཤེས་རང་སྣང་འཕྲ་བའི་ཀློང་། །ཀློང་གཅིག་ཆོས་སྐུ་སྐྱེ་བ་མེད་པའི་ཀློང་། །ཀློང་གཅིག་ཆོས་ཉིད་འགག་པ་མེད་པའི་ཀློང་། །བྱ་བྲལ་ཀློང་ལ་སྐྱེ་ཤི་ཡེ་ནས་མེད། །འདུ་འབྲལ་མེད་པའི་ཀློང་དུ་ཀུན་གྲོལ་བས། །མི་འགྱུར་བརྟན་པའི་ཀློང་དུ་ཉག་གཅིག་བཞུགས། །བྱར་མེད་ཟང་ཐལ་དངོས་མེད་ཀློང་། །བྱ་བྲལ་ཀློང་དུ་ཅི་བདེར་གནས། །མ་བསྒྲུབས་ལྷུན་གྲུབ་ཐམས་ཅད་འདུས་པའི་ཀློང་། །ཀློང་ཆེན་ང་ལས་མ་ཤར་ཆོས་མེད་པས། །མཉམ་པ་རིས་མེད་ཡེ་སངས་རྒྱས་པའི་ཀློང་། །རྒྱུ་འབྲས་འདས་པའི་ཆོས་ཉིད་ཟང་ཐལ་ཀློང་། །ཐིག་ལེ་བྱ་བྲལ་ཀློང་དུ་ཀུན་འདུས་པས། །བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་ཀློང་། །བདག་ཉིད་ཆེན་པོ་ཐོག་མཐའ་མེད་པའི་ཀློང་། །མཉམ་པ་ཉིད་ལ་བཟང་ངན་མེད་པའི་ཀློང་། །མ་ངེས་མི་གནས་མཚན་མ་མེད་པའི་ཀློང་། །མ་སྤྲོས་ཀུན་ལ་ཁྱབ་གདལ་ཆེན་པོའི་ཀློང་། །ཀུན་གྲོལ་ཆེན་པོ་ལྟ་བ་འགྱུར་མེད་ཀློང་། །ཇི་ལྟར་བྱས་ཀྱང་འགག་མེད་སྒོམ་པའི་ཀློང་། །ཐམས་ཅད་གཉིས་མེད་ཀློང་དུ་རྒྱ་ཆད་མེད། །ཡེ་གྲོལ་ཆེན་པོ་ལྟ་བ་ཕྱོགས་མེད་ཀློང་། །ཡེ་ཀློང་ཆེན་པོ་སྒོམ་པ་ཕྱོགས་མེད་ཀློང་། །རང་ཤར་ཆེན་པོ་སྤྱོད་པ་ཕྱོགས་མེད་ཀློང་། །རང་བྱུང་རང་གསལ་དགོངས་པའི་ཀློང་། །འཆིང་


DNG025_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་མེད་པ་རྟོགས་པའི་ཀློང་། །སུས་ཀྱང་མི་ཤིགས་རྡོ་རྗེའི་ཀློང་། །འདུ་འབྲལ་མེད་པ་སྟོབས་ཀྱི་ཀློང་། །ཡུལ་མེད་རིག་པ་ཆོས་ཉིད་ཀློང་ན་བདེ། །དགག་སྒྲུབ་བྲལ་བ་ལྷུན་གྲུབ་ཀློང་ན་བདེ། །འདུ་འབྲལ་མེད་པ་རྟོགས་པའི་ཀློང་ན་བདེ། །བྱ་བྲལ་བདེ་ཆེན་ཆོས་ཉིད་ཀློང་ན་བདེ། །བརྡལ་བ་ཆེན་པོ་ཐིག་ལེའི་ཀློང་ན་བདེ། །ཐམས་ཅད་འདྲེལ་བ་ཐིག་ལེའི་ཀློང་ན་བདེ། །མཐའ་ལས་འདས་པ་མུ་མེད་ཀློང་ན་བདེ། །སྤང་ལེན་མེད་པ་ཀུན་བཟང་ཀློང་ན་བདེ། །སྐུ་གསུམ་ལྷུན་གྲུབ་ཡོན་ཏན་ཀློང་ན་བདེ། །འཁོར་འདས་དབྱེར་མེད་དམ་ཚིག་ཀློང་ན་བདེ། །སྙིང་པོ་རང་ཆས་སྨོན་ལམ་ཀློང་ན་བདེ། །སྐྱེ་འགག་མེད་པ་ལྟ་བའི་ཀློང་ན་བདེ། །ཕྱོགས་རིས་མེད་པ་ཀུན་ཁྱབ་ཀློང་ན་བདེ། །ཐམས་ཅད་ཀློང་ཆེན་གཅིག་ལས་ཤར་བའོ། །སྣང་ཚད་ཐམས་ཅད་ཀློང་ཉིད་ངང་ན་སྣང་། །བརྟགས་ཚད་ཐམས་ཅད་ཀློང་ཉིད་ངང་ན་སྣང་། །ཀློང་ཆེན་བརྟག་གཞི་ཀུན་དང་བྲལ། །དེས་ན་ནམ་མཁའི་ཀློང་དུ་གཅིག །རང་བཞིན་བརྡལ་ཁྱབ་འདུས་མ་བྱས་པའི་ཀློང་། །གཟུང་འཛིན་ཟིལ་གནོན་རང་རིག་བྱང་ཆུབ་ཀློང་། །དངོས་པོ་ཟིལ་གནོན་སྟོང་ཉིད་བྱང་ཆུབ་ཀློང་། །སེམས་ཉིད་ཀློང་ཆེན་ནམ་མཁའི་ངང་། །རོལ་པ་ངེས་མེད་ཐུགས་རྗེའི་ཆོ་འཕྲུལ་ཀློང་། །སྐྱེ་འགག་མེད་པ་ཡེ་ཀློང་བརྡལ་བ་ཆེ། །ཐམས་ཅད་མ་བཅོས་བརྡལ་བ་ཆེན་པོའི་ཀློང་། །རང་སེམས་གཉིས་མེད་ལྷུན་གྲུབ་གཅིག་གི་ངང་། །དེ་ལ་བཙལ་ཞིང་གཞན་ནས་སྒྲུབ་ཏུ་མེད། །རང་བྱུང་མ་སྐྱེས་སྤྲོས་དང་བྲལ་བས་ཡངས། །གཟུང་འཛིན་མེད་ཅིང་སྤྲོས་དང་བྲལ་བས་ཡངས། །ཡེ་ནས་གནས་ཤིང་སྒྲུབ་ཏུ་མེད་པས་ཡངས། །རང་ལ་མ་རྟོགས་གཞན་འཛིན་མེད་པས་ཡངས། །གཅིག་ལས་ཤར་བས་མུ་མཐའ་མེད་དེ་ཡངས། །ཐམས་ཅད་ཐིག་ལེ་གཅིག་ལས་མ་གཡོས་ཡངས། །ཆོས་རྣམས་རང་བཞིན་ལྷུན་གྱིས་གྲུབ་པས་ཡངས། །མ་བཅོས་ཆོས་སྐུ་བདག་གཞན་མེད་པས་ཡངས། །


DNG025_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་རྟོགས་པས་གཞན་གྱི་ཆོས་མེད་ཡངས། །ཐམས་ཅད་རང་ངོ་གཅིག་ཏུ་ཤེས་པས་ཡངས། །བྱ་བྲལ་ཡེ་ནས་བཙལ་དུ་མེད་པས་ཡངས། །མི་རྩོལ་ལྷུན་གྲུབ་བརྡལ་བ་ཆེན་པོས་ཡངས། །འབྱུང་འཇུག་མེད་པར་ཐོགས་པ་མེད་པས་ཡངས། །མཐོ་དམན་མེད་པས་ཁ་གཏིང་མེད་པས་ཡངས། །ཡངས་དོག་མེད་པས་ཀློང་ཡངས་རྒྱ་ཁྱོན་བྲལ། །རང་སེམས་ཁྱབ་གདལ་ཇི་ལྟར་འདུག་གྱུར་ཀྱང་། །ཀུན་ཏུ་བཟང་པོ་མ་སྐྱེས་ཀློང་ན་ཡངས། །བཟང་མོ་མ་འགགས་རོལ་པར་ཤར་བས་ཡངས། །རང་རིག་ཡིན་ནོ་གཅིག་གི་ངོ་བོར་ཡངས། །རིག་པའི་དབྱིངས་ལ་གཉིས་སུ་མེད་པར་ཡངས། །ཡོད་མཐའ་འཁོར་བའི་ཆོས་སུ་ཤར་བ་དང་། །མེད་མཐའ་མྱ་ངན་འདས་པར་ཤར་བས་ཡངས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་ཀློང་དུ་ཡངས། །མཐའ་གཉིས་མ་སྤངས་མཐའ་བཞི་འདུས་མ་བྱས། །སྤང་བླང་མེད་པས་བྱ་བྲལ་ཀློང་དུ་ཡངས། །མ་འདྲེས་ཡོངས་རྫོགས་གཅིག་རྫོགས་ཀུན་ལ་ཡངས། །མཉམ་པར་གྲོལ་བས་རིས་མེད་ཀློང་དུ་ཡངས། །གདོད་ནས་དག་པས་བཅིང་གྲོལ་གཉིས་དང་བྲལ། །ཐོགས་པ་མེད་པས་མཐའ་བྲལ་ཀློང་དུ་ཡངས། །གོས་པ་མེད་པས་གང་གིས་མ་རིག་སྟེ། །མ་བཙལ་ལྷུན་གྱིས་གྲུབ་པའི་ཀློང་དུ་ཡངས། །རང་བཞིན་འོད་གསལ་ཡེ་ནས་འཕོ་འགྱུར་མེད། །མཆོག་ཐུན་ཡོན་ཏན་འཛད་མེད་ཀློང་ན་ཡངས། །ཐིག་ལེ་ཉག་གཅིག་འགྲན་གྱིས་ཟླ་བྲལ་བས། །གཅིག་ལ་ཀུན་འབྱུང་ངོ་མཚར་ཆེའོ་ཡངས། །སྐུ་གསུམ་རྩོལ་བ་མེད་པར་ལྷུན་རྫོགས་པས། །ཡོན་ཏན་འབྲས་བུ་སྐུ་གསུམ་འཆར་བས་ཡངས། །སྐྱེ་མེད་ཆོས་སྐུས་རྟག་པའི་མཐའ་བསལ་ཏེ། །ཆོས་ཉིད་སྐྱེ་མེད་ཀློང་དུ་གྲོལ་བས་ཡངས། །འགག་མེད་གཟུགས་སྐུ་ཆད་པའི་མཐའ་བསལ་ཏེ། །འཛིན་མེད་ངེས་མེད་ཀློང་དུ་གྲོལ་བས་ཡངས། །སྐྱེ་འགག་མེད་པའི་རིག་པ་ཅིག་ཆོད་ལ། །གཉིས་འཛིན་མཐའ་ཡི་མུན་པ་མེད་པས་ཡངས། །ཡེ་ནས་བྱ་བཙལ་མེད་པའི་ཆོས་ཉིད་ལ། །


DNG025_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་སྣང་བ་ཅི་ཡང་མེད་དེ་ཡངས། །གང་དུ་སྣང་ཡང་རང་སྣང་ཆོས་ཀྱི་སྐུ། །གང་དུ་ཤར་ཡང་རང་སྣང་བརྡལ་བར་ཡངས། །སེམས་ཉིད་བྱ་བྲལ་ཀློང་དུ་ཀུན་རྫོགས་པས། །མ་རྫོགས་ཆོས་མེད་ཀུན་རྫོབ་ཁྱབ་གདལ་ཡངས། །རང་བྱུང་ཡེ་ཤེས་མཐའ་མེད་ཕྱོགས་མེད་ལ། །གཞན་བྱུང་མ་རིག་བག་ཆགས་མེད་དེ་ཡངས། །གང་དུ་ཤར་ཡང་རང་བྱུང་ཡེ་ཤེས་དེ། །རང་ཤར་རང་གྲོལ་རྩོལ་བའི་ཡུལ་མེད་ཡངས། །ཐམས་ཅད་བྱང་ཆུབ་སེམས་སུ་རང་གསལ་བས། །ཉམས་ལེན་ཡུལ་ཅན་སྒོམ་དུ་མེད་དེ་ཡངས། །ཇི་ལྟར་བྱས་ཀྱང་བྱ་བྲལ་རིག་པའི་ཀློང་། །སེམས་ཉིད་གཟུང་འཛིན་དགག་སྒྲུབ་མེད་དེ་ཡངས། །དེ་ཡི་ངང་ལ་མ་བཅོས་རང་གསལ་བས། །མཉམ་པར་བཞག་དང་མ་བཞག་ཆོས་ཉིད་ཀློང་། །མཉམ་ཉིད་རྒྱུན་ཆད་མེད་པའི་རྣལ་འབྱོར་པ། །མ་བཅོས་མཚན་མ་མེད་པའི་དབྱིངས་ན་ཡངས། །ཇི་ལྟར་ཤར་ཡང་ཆོས་ཉིད་བྱང་ཆུབ་སེམས། །གཡང་ས་ཉིད་ཀྱང་ཡེ་ནས་བྱ་བྲལ་ཀློང་། །ལྷུང་ས་མེད་པས་གོལ་ས་ག་ལ་ཡོད། །བྱང་ཆུབ་སེམས་ལ་ཡ་ཡོ་མེད་པས་ཡངས། །ཁྱབ་ལ་མ་ཞེན་མཉམ་ལ་རིས་མེད་པས། །དུས་རྣམས་ཀུན་དུ་མི་འབྲལ་བདེ་ཆེན་ཀློང་། །ཞེན་འཆིང་མེད་པས་སྤང་བླང་གཉིས་དང་བྲལ། །བཟང་ངན་དགག་སྒྲུབ་རྟོག་པ་མེད་པས་ཡངས། །རྣམ་རྟོག་མ་སྤངས་ཡེ་ཤེས་རང་གྲོལ་བས། །གཉིས་མེད་ཐིག་ལེ་ཆེན་པོ་རྩལ་མེད་ཀློང་། །ཉོན་མོངས་ཡེ་ཤེས་གཉིས་སུ་མེད་པའི་ཕྱིར། །འཁོར་འདས་སྤང་བྱ་སྤོང་བྱེད་མེད་དེ་ཡངས། །འཆིང་གྲོལ་གཉིས་དང་བྲལ་བ་ཆོས་ཀྱི་སྐུ། །སེམས་ལ་རྟོག་པ་ཅི་སྐྱེས་སྐྱེ་མེད་ཀློང་། །སྤང་བས་མི་སྤོང་མ་སྤངས་རང་སར་གྲོལ། །ཉོན་མོངས་རང་གྲོལ་སྐྱེ་མེད་ཀློང་ན་ཡངས། །བདེ་ཆེན་སེམས་ལ་དགག་སྒྲུབ་མེད་པའི་ཕྱིར། །དགག་བྱ་མེད་པས་བསྒྲུབ་བྱ་མེད་པའི་ཀློང་། །བསྒྲུབས་ཀྱང་མི་འགྲུབ་མ་བསྒྲུབས་རང་སར་གྲོལ། །འབྲས་བུ་རང་གནས་ལྷུན་གྲུབ་ཀློང་ན་ཡངས། །ཕྱི་


DNG025_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྡེ་སྣོད་ལམ་འབྲས་ཐེག་པའི་གྲངས། །མ་བཙལ་བཞིན་དུ་ཡེ་ནས་ལྷུན་གྲུབ་ཀློང་། །དེ་དག་ཐམས་ཅད་རང་བྱུང་ཡེ་ཤེས་ཏེ། །གཅིག་ཉིད་ཡིན་ནོ་དབྱེ་བསལ་མེད་པར་ཡངས། །མཉམ་ཉིད་སེམས་ལ་བླང་དོར་མེད་པའི་ངང་། །ཕྱི་དང་ནང་དུ་བཙལ་བ་མེད་པའི་ཀློང་། །དགེ་སྡིག་བར་མཚམས་དབྱེ་བར་བྱ་བ་དང་། །རང་བཞིན་གཅིག་པས་དབྱེ་བསལ་མེད་པར་ཡངས། །རྣམ་པར་དག་པའི་ཀློང་དུ་ཀུན་སྤྱོད་པས། །སྤང་བྱ་མེད་པས་དོར་བྱ་མེད་པའི་ཀློང་། །བླང་དོར་གཉིས་སུ་མེད་པར་རང་ཤར་བས། །མཐའ་རྣམས་མ་སྤངས་རང་སར་གྲོལ་བ་ཡིན། །མ་བཅོས་བདེ་ཆེན་བརྡལ་བའི་ཀློང་ཡངས་སུ། །མཐོ་དམན་མེད་པར་གྲོལ་བས་དུར་ས་སྟེ། །བཟང་ངན་མེད་པར་གྲོལ་བས་ཐིམ་ས་ཡིན། །སངས་རྒྱས་སེམས་ཅན་འཁོར་བ་མྱ་ངན་འདས། །ཡེ་ནས་གཅིག་པས་རེ་མེད་དོགས་པ་མེད། །རེ་དོགས་མེད་པའི་ཆོས་ཉིད་སྐྱེ་མེད་ལ། །སྐྱེ་བའི་ཆོ་འཕྲུལ་བྱ་བྲལ་དབྱིངས་ཀྱི་རྒྱན། །འཇུག་ཟློག་མེད་པའི་དབྱིངས་ལས་དབྱིངས་ཉིད་ཤར། །རང་ཤར་རང་གྲོལ་བྱ་བྲལ་ཀློང་དུ་གྲོལ། །སྐྱེ་ཤི་འཕོ་འགྱུར་མེད་དོ་རྩད་ནས་བཅད། །སྔ་ཕྱི་ཐོག་མཐའ་མེད་དོ་བག་ཆགས་དག །མངལ་ཁ་སྟོང་པར་བཞག་གོ་སྐྱེ་སྒོ་བཅད། །འཁོར་འདས་ཆེ་ཆུང་བསྲེས་སོ་དབྱེར་མི་ཕྱེད། །ཅེས་གསུངས་ནས། འཁོར་འདས་གཉིས་མེད་མཉམ་ཡངས་ཆེན་པོའི་ཀློང་དུ་ལྷན་ནེར་ལྷག་གེ་བཞུགས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། གཞི་ཁྲེགས་ཆོད་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་། །ཁྲེགས་ཆོད་ལྟ་བ་དེ་ལྟར་ན། །གཞི་ཉིད་དེ་ལ་བརྟེན་བྱས་ནས། །ཐོད་རྒལ་ལམ་ལ་ཇི་ལྟར་འཇུག །སྟོན་པ་ཉིད་ཀྱིས་ཞིབ་རྒྱས་གསུང་། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །


DNG025_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲེགས་ཆོད་ཉིད་ལ་བརྟེན་བྱས་ནས། །ཐོད་རྒལ་ལམ་ལ་དེ་ལྟར་འཇུག །ཡིད་མཐུན་དངོས་མཐོའི་གནས་ཉིད་དུ། །འདི་ལྟར་བྱ་བ་དགུ་སྤྲུགས་བཏང་། །ལུས་ཕྱིའི་བྱ་བ་འགྲོ་འདུག་དང་། །ནང་གི་བྱ་བ་ཕྱག་སྐོར་དང་། །གསང་བའི་བྱ་བ་འཁྲུལ་འཁོར་སྤང་། །དག་ཕྱིའི་བྱ་བ་ལོང་གཏམ་དང་། །ནང་གི་བྱ་བ་ཁ་ཐོན་དང་། །གསང་བའི་བྱ་བ་ལྷ་བསྙེན་སྤང་། །སེམས་ཕྱིའི་བྱ་བ་སྤྲོ་རྟོག་དང་། །ནང་གི་བྱ་བ་ལྷ་བསྒོམ་དང་། །གསང་བའི་བྱ་བ་མི་རྟོག་བསྒོམ། །འདི་ལྟར་གསུམ་གསུམ་དགུ་པོ་བཏང་། །དེ་ཡང་ཉམས་སུ་ལེན་པ་ལ། །ལམ་གྱི་ཕུན་སུམ་ཚོགས་ལྔས་བསྟན། །གནས་ནི་ཕྱི་དང་ནང་གི་དབྱིངས། །སྟོན་པ་རྡོ་རྗེ་ལུ་གུ་རྒྱུད། །འཁོར་ནི་སྐུ་དང་ཐིག་ལེ་སྟེ། །བརྟན་པ་རིག་པ་མི་རྟོག་པ། །དུས་ནི་ལྟ་སྟངས་གཅིག་ལ་འཛོམ། །དེ་ལྟར་ཉམས་སུ་ལེན་པའི་གནད། །སྐུ་གསུམ་བཞུགས་སྟངས་གསུམ་ལ་སློབ། །ནང་ཚང་ཅན་གྱི་གདན་སྟེངས་སུ། །སེང་གེ་ཉལ་བ་ལྟ་བུ་ཡིས། །དྲན་པ་རྣམས་ཀྱི་ཐེག་པ་བཅད། །ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཛིན་པ་དང་བྲལ་ནས། །མི་འགྱུར་རྡོ་རྗེའི་མིག་གིས་མཐོང་། །དེ་ཡི་བཞུགས་སྟངས་འདི་ལྟར་རོ། །པུས་མོ་གཉིས་པོ་ས་ལ་བཙུགས། །ཡིད་ཙམ་ཕྱིར་ལ་བསྒྲད་པར་བྱ། །རྟིང་པ་གཉིས་པོ་འཕོངས་ལ་སྦྱར། །ལག་པ་པུས་མོའི་ཕྱི་ལོགས་སུ། །ཅུང་ཟད་བསྒྲད་ལ་ས་ལ་བཙུགས། །སྒལ་ཚིགས་བསྲང་ལ་མཇིང་པ་དགྱེ། །རོ་སྟོད་སེང་གེ་ལྟ་བུར་བྱ། །མིག་གཉིས་སྨིན་དབྲག་མཁའ་ལ་གཏད། །ནང་གི་འབྱུང་བ་རྣམས་ཟད་ནས། །རྣམ་རྟོག་ཟིལ་གནོན་དགོས་པ་ཡོད། །དབྱིངས་དང་རིག་པ་ལྟ་སྟངས་ཀྱིས། །སྒྲིབ་བྱེད་བྲལ་བའི་མཁའ་ལ་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་ཕྱེས་ཤིང་འབྲལ་མི་བྱ། །རྟ་རྔ་འདྲ་བའི་བར་དག་ཏུ། །ཐིག་ལེས་བརྒྱན་ཅིང་འགྲོ་འོང་ཅན། །དེ་ལྟར་སུ་ཡིས་


DNG025_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ད་ནི་ལོངས་སྐུའི་བཞུགས་སྟངས་བསྟན། །གླང་ཆེན་ཉལ་བ་ལྟ་བུ་སྟེ། །མཚན་ཉིད་འཛིན་པའི་རིག་པ་མཐོང་། །གདན་གྱི་སྟེང་དུ་ཁ་སྦུབ་འདུག །འཁྲུལ་པའི་དེ་ཉིད་དབང་དུ་སྡུད། །གླང་ཆེན་ཉལ་ལ་དཔེས་བསྟན་པ། །ཆོས་ཉིད་རྣམས་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །ལུས་གནད་བཞུགས་སྟངས་འདི་ལྟར་རོ། །ཁ་སྦུབ་དྲང་པོར་ཉལ་བྱས་ལ། །གྲུ་མོ་གཉིས་པོ་ས་ལ་བཙུགས། །ལག་མཐིལ་གཉིས་ཀྱིས་ཨོལ་ཁུང་བརྟེན། །པུས་མོ་གཉིས་པོ་བྲང་ལ་སྦྱར། །མཇིང་བ་རྟིང་པ་རྒྱབ་ཏུ་བོར། །མིག་གཉིས་སྨིན་ཕྲག་མཁའ་ལ་གཏད། །ཟུར་གྱིས་གཡས་དང་གཡོན་དུ་ཁྲིད། །གསལ་བྱེད་རླུང་ཟིན་དགོས་པ་ཡོད། །དབྱིངས་རིག་མྱུར་དུ་མཐོང་བའོ། །གཟིགས་སྟངས་གཡོ་མེད་དལ་བར་བརྟེན། །སྐུ་གསུམ་འབྲས་བུ་མངོན་སུམ་བལྟ་འདོད་ན། །བཅུད་ཀྱི་སྙིང་པོ་དཔེ་ཡི་ཡེ་ཤེས་ལྟོས། །ཡེ་ཤེས་རང་སྣང་ལྷུག་པ་ཉིད་དུ་འཆར། །མ་བཅོས་ཅོག་བཞག་རྒྱལ་པོ་རང་གྲོལ་ཉིད། །སྐུ་གསུམ་འདུ་འབྲལ་མེད་པར་ལོངས་སྤྱོད་དོ། །ད་ནི་སྤྲུལ་སྐུའི་བཞུགས་སྟངས་བསྟན། །དྲང་སྲོང་ལྟ་བུའི་ལུས་གནད་ཀྱིས། །རང་གི་སྣང་བ་གཏན་ལ་ཕེབས། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་རྣམ་པར་རང་སྤྲུལ་ནས། །ཆོས་ཉིད་མིག་གིས་མཐོང་བར་འགྱུར། །གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བར་འགྱུར། །བཞུགས་སྟངས་ཉིད་ནི་འདི་ལྟར་རོ། །ཙོག་པུ་རྐང་པ་གཉིས་པོ་གཤིབས། །གསུས་པ་སྒལ་ལ་ཡུད་ཙམ་སྦྱར། །པུས་མོ་གཉིས་པོ་བྲང་ལ་སྦྱར། །གྲུ་མོ་གཉིས་པོ་པུས་མོར་བཀབ། །ལག་མཐིལ་གཉིས་ཀྱིས་འགྲམ་ཟུར་བཏེགས། །ཟིམ་བུའི་མིག་གིས་བར་སྣང་བལྟ། །ཉི་མའི་གཡས་དང་གཡོན་ཉིད་


DNG025_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ཧར་པོར་ཡང་ཡང་སྐབས་སུ་བལྟ། །བཞུགས་སྟངས་དེ་ཡི་ཡོན་ཏན་གྱིས། །ལུས་ལ་དྲོད་སྐྱེ་རྣམ་རྟོག་འཆད། །ཡིད་ཙམ་ཕབ་ནས་མཁའ་ལ་བལྟ། །སྤྲུལ་སྐུའི་ཞིང་ཁམས་མཐོང་བར་འགྱུར། །དེས་ནི་འཁྲུལ་པའི་སྣང་བ་རྣམས། །ཞིང་ཁམས་དག་པར་འཆར་བའོ། །མངོན་སུམ་སྣང་འདི་ལུས་དག་སེམས། །སོ་སོའི་གནད་ནི་ངེས་པར་བསྟུན། །དེ་ཡང་ལུས་འདི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །དཔེར་ན་སྦྲུལ་གྱི་ཡན་ལག་ནི། །ཡོད་ཀྱང་མ་གཅུན་མི་སྣང་ལྟར། །རིག་པ་ལུས་ལ་གནས་གྱུར་ཀྱང་། །ལུས་གནད་མ་གཟིར་མངོན་མི་འགྱུར། །ཕྱི་དབྱིངས་སྟོང་པ་ཡུལ་དང་འདྲ། །ནང་དབྱིངས་རྣམ་དག་ཁྱིམ་དང་འདྲ། །རིག་པ་ལུག་རྒྱུད་བཟུང་བ་ལ། །ལུས་གནད་གསུམ་གཟིར་མཆོག་ཡིན་ནོ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །ངག་གི་གནད་ནི་འདི་ལྟ་སྟེ། །ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་རུ་བསྟན་པའོ། །དང་པོ་བསླབ་པར་བྱ་བ་ནི། །དང་པོ་ཡུན་ཐུང་ཉིད་ལ་བསླབ། །འཛབ་སོགས་འདོན་པ་མི་སྤང་ཞིང་། །འཁྲུལ་པའི་གཏམ་རྣམས་ཐམས་ཅད་སྤང་། །ཚིག་ནི་ཞག་རེས་ཉུང་དུ་བཏང་། །དེ་ནས་ཡུན་རིང་ཉིད་ལ་བསླབ། །སྐབས་སུ་བརྗོད་རྒྱུ་མེད་ཀྱང་བརྗོད། །དེ་ནས་གནས་པར་བྱ་བ་ནི། །ཕྱག་སྐོར་མདོ་བཟླས་ཀུན་སྤངས་ལ། །སྔགས་ཀྱི་བརྗོད་པ་བགག་མི་བྱ། །གཞན་དང་ཚིག་ཟུར་ག་ལ་བརྗོད། །ལུས་ཀྱིས་བརྡ་ཉིད་བྱ་བ་སྟེ། །དེ་ནས་བརྟན་ཞིང་ལ་བཟླ་བ། །བརྗོད་པ་མཐའ་དག་བཀག་བྱས་ལ། །ལྐུགས་པ་ལྟ་བུར་གནས་པར་བྱའོ། །ལུས་ཀྱིས་བརྡ་ཡང་མི་བྱ་ཞིང་། །སེམས་ཀྱིས་བརྡ་ཙམ་བྱ་བའོ། །ངག་གི་བྱ་བ་འདི་ཆོད་ན། །རྣལ་འབྱོར་བྱ་བའི་ཆོས་ཕྱེད་ཡིན། །བརྗོད་མེད་དོན་ཉིད་རྒྱུད་ལ་འཆར། །མྱུར་དུ་སངས་རྒྱས་གལ་མདོའོ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །སེམས་ཀྱི་གནད་ནི་འདི་ལྟ་སྟེ། །སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །གནད་གསུམ་


DNG025_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་འགུལ་མི་བྱ། །ཕྱི་དབྱིངས་ནམ་མཁའ་སྟོང་པ་ལ། །རིག་པ་ཉིད་ནི་མ་བཅོས་འབེན་དུ་གཏད། །མ་ཡེངས་གཏད་པས་ཕྱི་དབྱིངས་སྟོང་པ་ལ། །ནང་དབྱིངས་རྣམ་དག་སྒྲོན་མ་སྟོང་གསལ་འཆར། །མངོན་སུམ་གསལ་ཞིང་ལྷག་མེད་འཚང་རྒྱའོ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །མངོན་སུམ་རང་ཐོག་དབབ་པ་ལ། །གནད་ནི་རྣམ་པ་གསུམ་དུ་བསྟེན། །མངོན་སུམ་རང་ཐོག་མ་ཕེབས་ན། །ཡིད་དཔྱོད་འཛིན་པའི་སྐྱོན་ཡོད་པས། །ཟབ་མོའི་རང་སྣང་འདི་ལྟར་རོ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྟེན། །སྒོ་ནི་སྐུ་གསུམ་མིག་གིས་བལྟ། །རྒྱང་ཞགས་འགུལ་བ་མེད་པ་ན། །འདི་དུས་ལྟ་སྟངས་གསུམ་པོ་བརྟེན། །མིག་གི་གཟིགས་སྟངས་ཤེས་པ་ཡིས། །ཆོས་ཀྱི་དབྱིངས་ལ་ལོངས་སྤྱོད་དོ། །སེམས་འཆར་སྒོ་ནི་མིག་གཉིས་ཏེ། །མིག་རྩ་བ་མེན་རྭ་འདྲ་ལ། །རྩ་ནང་ཡེ་ཤེས་འཆར་སྒོ་ནི། །དཔེར་ན་ལྷ་ཁང་སྒོ་མེད་ན། །ནང་གི་ལྷ་ཚོགས་མ་སྣང་ལྟར། །ལུས་ནི་ཙིཏྟའི་ནང་ཉིད་ན། །རིག་པ་ཡེ་ཤེས་གནས་པ་དེ། །སྒོ་གནད་མ་ཤེས་མི་མངོན་པས། །ཆོས་རྣམས་ཡིད་དཔྱོད་ལུས་པར་འགྱུར། །ལྷ་ཁང་སྒོའམ་བུམ་ནང་གི། །མེ་འོད་མཁའ་ལ་གསལ་བ་ལྟར། །ཡེ་ཤེས་འཆར་སྒོ་མིག་ཉིད་དོ། །གནད་ནི་གཟིགས་སྟངས་གསུམ་གྱིས་བལྟའོ། །ཡུལ་ནི་སྒྲིབ་བྱེད་བྲལ་བ་ཡི། །ནམ་མཁའ་རྐྱེན་མེད་ཉིད་དུའོ། །མཁའ་ཉིད་སྤྲིན་བྲལ་དྭངས་པ་ལ། །རིག་པ་མ་འཁྲུལ་རང་བྱུང་བ། །མ་འགུལ་བལྟས་པས་ལུག་རྒྱུད་འཆར། །དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་ནི་སྒྲོན་མ་ལམ་དུའོ། །རླུང་གནད་ཤིན་ཏུ་དལ་བར་བརླབ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཡིད་ཙམ་ཕྱིར་ལ་ནུར་བར་བྱ། །སོ་གཉིས་བར་དུ་ནས་ཐར་ཙམ། །མིག་གཉིས་སྨིན་ཕྲག་མཁའ་ལ་གཏད། །ཟེར་གཉིས་དུས་སུ་ཁྱད་པར་བལྟ། །ཉིན་པར་སཱུརྻ་བལྟ་བྱ་སྟེ། །ནུབ་མོ་ཙནྡྲ་


DNG025_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བར་བྱ། །སེང་གེ་ལྟ་བུའི་ལྟ་སྟངས་ཀྱིས། །འཁྲུལ་པའི་ཡུལ་རྣམས་གཅིག་ཏུ་བལྟ། །གླང་ཆེན་ལྟ་བུའི་ལྟ་སྟངས་ཀྱིས། །དབྱིངས་རིག་གཉིས་པོ་གཅིག་ཏུ་བལྟ། །དྲང་སྲོང་ཙོག་པུ་ལྟ་བུ་ཡིས། །སྣང་བ་རྣམས་ཀྱི་ཚད་ཀྱང་ཟིན། །ལྟ་སྟངས་རེ་དང་བཞུགས་སྟངས་བསྟུན། །དེ་ལྟར་ལུས་ངག་ཡིད་གསུམ་པོ། །བསླབ་དང་སྦྱང་བའི་རིམ་པ་ནི། །མདུད་པ་ལྟ་བུར་གཅིག་ཏུ་དྲིལ། །ལྕགས་ཀྱུ་ལྟ་བུར་རླུང་སེམས་བཀུགས། །མདུང་ཤིང་ལྟ་བུར་གཅིག་ཏུ་དྲིལ། །གཅུད་ཕུར་ལྟ་བུར་ལུས་སེམས་གཅུན། །རྒྱ་མཚོ་ལྟ་བུར་ལུག་རྒྱུད་འཕྱར། །མེ་ལོང་ལྟ་བུར་རང་ཉིད་ལྟོས། །གཏི་མུག་ལ་སོགས་ཉོན་མོངས་གསུམ། །བཞུགས་སྟངས་གསུམ་དང་ལྡན་པར་བྱ། །ལྟ་སྟངས་གསུམ་གྱིས་རྩད་བཅད་ནས། །དཔེ་དོན་གསུམ་གྱིས་གཏན་ལ་བསླང་། །ཞེས་གསུངས་ནས། ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། བཞུགས་སྟངས་གནད་རྣམས་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་། །རྩ་བ་བཞུགས་སྟངས་གསུམ་ནའང་། །ཆོས་ཉིད་མངོན་སུམ་སྣང་བ་ལས། །སྣང་བཞི་རིམ་གྱིས་འཆར་ཚུལ་རྣམས། །རིག་མདངས་འཁོར་ལ་བཀའ་སྩོལ་ཅིག །སྟོན་པས་ལན་དུ་བཀའ་སྩལ་པ། །ཨ་ཧོ་རིག་མདངས་འཁོར་རྣམས་ཉོན། །སྣང་བཞི་རིམ་གྱིས་འཆར་ཚུལ་རྣམས། །ལེགས་པར་བཤད་ཀྱི་ཡིད་ལ་ཟུང་། །དང་པོར་ཆོས་ཉིད་མངོན་སུམ་བསྟན། །བཞུགས་སྟངས་ལྟ་སྟངས་ཉིད་དང་བསྟུན། །རླུང་ནི་སྤྱི་གནད་དལ་བས་ཏེ། །རྒྱང་རིངས་ཕྱི་རུ་འཕངས་པ་ལས། །ལུས་དང་སེམས་ཀྱི་འདྲེལ་ཆོད་འགྱུར། །རླུང་རིག་དལ་བ་གནད་དུ་ཆེ། །རིག་པ་ལུག་རྒྱུད་མངོན་སུམ་མཐོང་། །གཞི་གནས་


DNG025_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཀ་དག་དང་། །ལམ་སྣང་རིག་པ་ལུག་རྒྱུད་དེ། །འདུས་མ་བྱས་པའི་ཆོས་ཉིད་དོ། །ལུག་རྒྱུད་གསེར་གྱི་འཕྲེང་བ་འདྲ། །གསེར་སྐུད་དང་ནི་ཤེལ་ལྟར་འཚེར། །དཔེར་ན་ལྕགས་ཐག་བརྒྱངས་པ་འདྲ། །མངོན་སུམ་འདི་ཉིད་གཅེར་མཐོང་བས། །ཡིད་དཔྱོད་འཛིན་པ་ཉིད་ལས་གྲོལ། །རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལ་འོང་། །ཡེ་ནས་གཞི་ལ་གནས་མོད་ཀྱང་། །བར་དུ་རྐྱེན་མེད་རྐྱེན་གྱིས་གསལ། །མངོན་སུམ་རང་ཐོག་ཉིད་དུ་ཕེབས། །འདི་ནི་རིག་པའི་ངོ་བོ་སྟེ། །འདས་དང་མ་འོངས་ད་ལྟ་བར། །སུས་ཀྱང་བྱས་པ་མེད་པ་རུ། །ཡེ་ཉིད་ནས་ནི་རང་གསལ་ལོ། །ལུ་གུ་རྒྱུད་ཀྱི་མཚན་ཉིད་ནི། །རྣམ་རྟོག་བག་ཆགས་ཀུན་དག་ནས། །མ་འཁྲུལ་པ་ཡི་སངས་རྒྱས་སོ། །སྐུ་རྟགས་ལུ་གུ་རྒྱུད་ཡིན་ཏེ། །ཡེ་ཤེས་རྟགས་སུ་ཐིག་ལེ་འཆར། །དབྱིངས་ཀྱི་རྟགས་སུ་འོད་ཁྱིམ་མོ། །དེ་ཡང་འཕྲ་སྟེ་འགྱུ་ཞིང་འཁྱུག །གཡོ་འགུལ་དྭངས་ཤིང་བཀྲག་མདངས་ལྡན། །འདི་ནི་ཆོས་ཉིད་སྣང་བ་སྟེ། །འདི་ལ་ཡོན་ཏན་བསམ་མི་ཁྱབ། །ཐིག་ལེ་ཉག་གཅིག་སྣང་བ་ལ། །རྟོག་པའི་ཡིད་ནི་ག་ལ་ཡོད། །དབྱིངས་ཀྱི་སྒྲོན་མ་རྒྱན་བཟང་བས། །ཆོས་ཉིད་ཡུལ་གྱི་སྣང་བ་ལ། །སྣ་ཚོགས་སྣང་བ་བསམ་མི་ཁྱབ། །ཆོས་ཉིད་རྒྱན་བཟང་ཨ་ལ་ལ། །ང་ཡི་ཆོས་ལ་ཚིག་མེད་པས། །སྟོང་པ་ཉིད་ལ་བདག་མེད་བལྟ། །ཆོས་སྐུའི་སྣང་བ་ངོ་མཚར་ཆེ། །རྟོག་པའི་བློ་སྣ་བསམ་ཡས་ཀྱང་། །ཆོས་སྐུའི་སྣང་བ་གཅིག་ལས་མེད། །སྣ་ཚོགས་སྐུ་ནི་བསམ་ཡས་ཏེ། །ཡེ་ཤེས་སྐུ་གཅིག་བསྟན་པ་ཡིན། །ཐམས་ཅད་རང་རིག་གྲོགས་སུ་འགྱུར། །ཡེ་ཤེས་འོད་འབར་སྣང་བ་ཡིས། །སྐུ་ཡི་འོད་ནི་བསམ་ལས་འདས། །མཚན་མའི་ཡུལ་ནི་ཀ་ནས་དག །དྲི་མའི་ཕྱོགས་ཀྱིས་ང་མི་སྒྲིབ། །རང་རིག་ཡེ་ཤེས་འོད་གསལ་བས། །འཁོར་བའི་མུན་པས་ང་མི་སྒྲིབ། །ང་ལ་ལུས་སེམས་གཉིས་


DNG025_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས། །སྡིག་པས་ང་ཡི་སྐུ་མི་སྒྲིབ། །ང་ལ་སྐྱེ་དང་འཆི་མེད་པས། །དགེ་བའི་ཚོགས་ཀྱིས་ང་མི་སྐྱོབ། །ང་ལ་ཞེ་སྡང་སེམས་མེད་པས། །ཞི་གནས་ལྷག་མཐོང་ཅི་ཞིག་བྱ། །ང་ལ་འཛིན་པའི་སེམས་མེད་པས། །རྟོག་པའི་བསམ་པས་ང་མི་རྙེད། །ཆོས་མེད་པ་ལ་ཆོས་ཉིད་བྱུང་། །ཡུལ་མེད་པ་ལ་ཡུལ་ལྟར་བྱུང་། །ཐམས་ཅད་ཞིང་ཁམས་རྒྱས་པ་ལ། །དྲན་བྱེད་ཡུལ་དུ་མེད་པའོ། །ཆོས་འདས་ཆོས་སྐུ་མ་ཤེས་ན། །ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས། །ཡེ་ཤེས་རྣམ་ལྔ་མ་ཤེས་ན། །རིག་པ་ལུག་རྒྱུད་མཁའ་ལ་ལྟོས། །རིག་པའི་སྤྱན་ལྔ་མ་ཤེས་ན། །རིག་པ་རྡོ་རྗེ་ལུག་རྒྱུད་ལྟོས། །ཡེ་ཤེས་སྒྲོན་མ་བཞི་ལྡན་འཆར། །དེ་ཡང་ཤ་ཡི་སྤྱན་གྱིས་མཐོང་། །མཐོང་སྣང་མ་འགགས་ཤར་བ་དེ། །ཕྱི་དང་ནང་གི་དོན་ཤེས་ཤིང་། །དང་པོ་ཐམས་ཅད་རྟོགས་པ་ནི། །ཤེས་རབ་སྤྱན་གྱིས་མཐོང་བའོ། །དེ་ཉིད་ངང་ལས་ཕྱི་ནང་གི། །ཆོས་རྣམས་རྫོགས་ཤིང་ཤར་བ་ནི། །ཆོས་ཀྱི་སྤྱན་གྱིས་མཐོང་བའོ། །དེ་ཡི་དོན་ལ་མ་འགགས་པར། །ཆོས་ཀྱི་མཚན་ཉིད་ཤེས་པ་ནི། །མཁྱེན་པའི་སྤྱན་གྱིས་ཐམས་ཅད་གཟིགས། །དེ་ཡང་མི་གནས་རིག་པའི་སྐུ། །མངོན་སུམ་ངང་ལ་མ་ཡེངས་པ། །རྣམ་པར་གྲོལ་བའི་སྤྱན་གྱིས་གཟིགས། །དེ་ལྟར་སྤྱན་ལྔའི་གཟིགས་སྣང་རྣམས། །རིག་པ་ལུག་རྒྱུད་ཉིད་ལ་ཐུག །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །སྐྱེ་ཤི་མེད་པའི་སྲོག་འཛིན་ནི། །ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས། །འགག་མེད་རང་སར་གྲོལ་འདོད་ན། །ལུ་གུ་རྒྱུད་ཀྱི་སྣང་བ་ལྟོས། །ཆོས་ཅན་ཟིལ་གྱིས་གནོན་འདོད་ན། །ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལྟོས། །དུ་མ་མཐའ་མེད་ལྟ་འདོད་ན། །ལུ་གུ་རྒྱུད་ཀྱི་སྣང་བ་ལྟོས། །དྲན་མེད་ཆོས་སྐུ་ལྟ་འདོད་ན། །ལུ་གུ་རྒྱུད་ཀྱི་དངོས་པོ་ལྟོས། །ཕྱི་ནང་ཆོས་རྣམས་ཤེས་འདོད་ན། །རིག་པ་ལུག་རྒྱུད་འགྱུ་བ་ལྟོས། །གནས་མེད་སྐུ་ལ་ལྟ་འདོད་ན། །རིག་པ་ལུག་རྒྱུད་སྣང་བ་ལྟོས། །མཚན་མའི་ཆོས་


DNG025_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལྟ་འདོད་ན། །ཆོས་ཉིད་ལུག་རྒྱུད་སྐུ་ལ་ལྟོས། །སངས་རྒྱས་ཐུགས་དགོངས་ལྟ་འདོད་ན། །ལུ་གུ་རྒྱུད་ཀྱི་དངོས་པོ་ལྟོས། །ཕྱི་ནང་ཆོས་རྣམས་ཤེས་འདོད་ན། །ལུག་རྒྱུད་སྐུ་དང་འབྲལ་མི་བྱ། །ལྟ་སྒོམ་སྤྱོད་གསུམ་དྲིལ་འདོད་ན། །ལུ་གུ་རྒྱུད་ལ་རྒྱུན་པར་ལྟོས། །ལྟ་བ་རྒྱུན་གྱི་རྣལ་འབྱོར་པས། །སྡོམ་ཚིག་འདི་ཉིད་ཡིད་ལ་ཟུང་། །གསང་སྔགས་ཀུན་གྱི་གསང་ཆེན་ནི། །རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་དང་། །མཁའ་མཉམ་ཐིག་ལེའི་གཞལ་ཡས་དང་། །རྣམ་དག་དབྱིངས་ཀྱི་གཞལ་ཡས་སུ། །རང་རིག་སྐུ་ལ་འགྱུར་མེད་གནས། །ལྟ་སྒོམ་ལམ་ལ་རབ་ཞུགས་ནས། །མཁའ་མཉམ་སྟོང་པ་ཉིད་ལ་སྦྱར། །དོན་གྱི་ཡེ་ཤེས་ཅིར་ཡང་སྣང་། །ངང་ལ་རྫོགས་ཤིང་ངང་ལས་བྱུང་། །གནས་ཚུལ་ཆེན་པོ་དེ་ཉིད་ལ། །ལྟ་བའི་དོན་ནི་ལུ་གུ་རྒྱུད། །ཆོས་ཅན་ལྟ་བ་གྲངས་མང་ཡང་། །ཆོས་ཉིད་དོན་ལ་གཅིག་ལས་མེད། །ལྟ་བ་རྒྱུན་གྱི་རྣལ་འབྱོར་པས། །དེ་ཡི་དོན་ལ་འགྱུར་མེད་ལྟ། །དེ་ཡང་ལུ་གུ་རྒྱུད་ཀྱི་སྐུ། །ཕྲ་ཞིང་རྟ་རྔའི་མདུད་པ་འདྲ། །བར་བར་ཐིག་ལེ་ཉུང་འབྲུ་ཙམ། །ཆེ་ཆུང་ཚད་མེད་ཅིར་ཡང་འགྱུར། །འགྲོ་དང་འོང་བའི་བདག་ཉིད་ཅན། །དེ་ཡང་འོད་ལྔའི་ནང་དུ་འཆར། །ཐིག་ལེ་དང་ནི་རྐྱང་པ་དང་། །གཉིས་འདྲེལ་གསུམ་འདྲེལ་སོགས་མཁར་འཆར། །རྣམ་དག་དབྱིངས་ཀྱི་སྒྲོན་མ་ནི། །འོད་ཟེར་ཁ་དོག་མཐིང་ག་ལ། །ཡི་གེ་ན་རོ་ལྟ་བུ་འམ། །འཇའ་ཚོན་སྣ་ལྔའི་མདུད་པ་འདྲ། །དེ་ལ་ཐིག་ལེ་ཉུང་འབྲུ་ཙམ། །ཕྲུམ་ཕྲུམ་ཟལ་ཟིལ་འཁྱག་འཁྱུག་དང་། །སོས་ཀའི་སྨིག་རྒྱུ་ལྟ་བུའམ། །མཚོ་ལ་སྦྲང་ཆར་བབས་འདྲ་དང་། །ལྕགས་ཚགས་ཟ་འོག་པ་ཏྲ་འདྲ། །ཁ་དོག་དཀར་སེར་དམར་ལྗང་མཐིང་། །གསེར་དངུལ་ཤེལ་གྱི་ཁ་དོག་དང་། །མུ་ཏིག་མུ་མེན་ལྟ་བུ་དང་། །རིན་ཆེན་མཐིང་དང་མར་དག་འདྲ། །པདྨ་རཱ་ག་བཻ་ཌཱུར་མདོག །རྨ་བྱ་ནེ་ཙོ་ཟེར་མོའི་སྒྲོ། །སེང་གེའི་དཔྲལ་བ་ཁྲ་ཡི་མིག །


DNG025_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བྱའི་ལག་པ་ལྟ་བུ་དང་། །འཕྱོང་རྒྱའི་གཤོག་པ་ལྟ་བུ་དང་། །ཐིག་ལེ་དང་ནི་ཐིག་བྲན་དང་། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། །མདུང་རྩི་རིས་དང་པདྨ་རིས། །མཆོད་རྟེན་རིས་དང་དྲ་བ་རིས། །རྡོ་རྗེ་རིས་དང་འཁོར་ལོ་རིས། །རལ་གྲི་རིས་དང་མུ་ཏིག་རིས། །དྲ་བ་དྲ་བ་ཕྱེད་པ་དང་། །རིན་ཆེན་མིག་མངས་མིག་ཚགས་རིས། །ཉ་མིག་རིས་དང་མཁར་ཐབས་རིས། །ཟ་འོག་གུར་ཁྱིམ་ལྟ་བུ་དང་། །པདྨ་སྟོང་ལྡན་ལྕགས་ཚགས་དང་། །སྨུག་པ་ལྟར་དང་མདའ་ལྟ་བུ། །རེ་ལྡེ་ཚ་ཚ་རྦ་ཕུབ་རིས། །དེ་ནི་རང་རིག་ངོ་བོ་སྟེ། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན། །རིན་ཆེན་གདུགས་བརྩེགས་འབྲུ་ཕུང་རིས། །རྒྱ་མཚོ་རིས་དང་ཀོ་མོག་རིས། །འོད་ལྔའི་རྣམ་པ་རེ་ལྡེ་ཙམ། །ལུག་རྒྱུད་རྟ་རྔ་མདུད་པ་འདྲ། །ཐིག་ལེ་སྲན་མ་ཙམ་གྱིས་བརྒྱན། །ཆུ་ཡི་གཉེར་མ་ལྟ་བུ་དང་། །མཚོ་ནང་རྡོ་བ་བོར་བ་ཡིས། །རི་མོ་ཕུབ་ལྟར་སྣ་ཚོགས་སྣང་། །སྣང་བ་རྣམས་ཡང་དལ་བར་སྣང་། །འོད་ཁྱིམ་ཁ་དོག་རྣམ་ལྔ་མཐོང་། །དེ་ནི་ཆོས་ཉིད་མངོན་སུམ་ཡིན། །ཁ་དོག་མཐིང་ག་མཐོང་བ་ནི། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཡིན། །ཉོན་མོངས་གཏི་མུག་རྣམ་པར་དག །འོད་ཟེར་དཀར་པོ་མཐོང་བ་ཡིས། །མེ་ལོང་ཡེ་ཤེས་ངོ་བོ་ཡིན། །ཉོན་མོངས་ཞེ་སྡང་རྣམ་པར་དག །འོད་ཟེར་སེར་པོ་མཐོང་བ་ནི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ཉོན་མོངས་ང་རྒྱལ་རྣམ་པར་དག །འོད་ཟེར་དམར་པོ་མཐོང་བ་ནི། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ཉོན་མོངས་འདོད་ཆགས་རྣམ་པར་དག །འོད་ཟེར་ལྗང་གུ་མཐོང་བ་ནི། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ཉོན་མོངས་ཕྲག་དོག་རྣམ་པར་དག །འདི་ནི་ཆོས་ཉིད་མངོན་སུམ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །བདེ་བར་གཤེགས་པ་ཐམས་ཅད་དང་། །རིགས་ལྔའི་སངས་རྒྱས་རིགས་གསུམ་མགོན། །སྐུ་དང་ཡེ་ཤེས་ཞིང་ཁམས་དང་། །ཐམས་ཅད་མངོན་སུམ་མཇལ་བ་ཡིན། །ལས་དང་སྡིག་སྒྲིབ་


DNG025_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པ་ཡིན། །མངོན་སུམ་མཐོང་བའི་སྣང་བ་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །མངོན་སུམ་འདི་དང་མ་བྲལ་ཅིག །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །ད་ནི་ཉམས་སྣང་གོང་འཕེལ་བཤད། །དེ་ཡང་གཉིས་སུ་འདུས་པ་སྟེ། །ཤེས་ཉམས་དང་ནི་སྣང་ཉམས་གཉིས། །སྣང་ཉམས་ཉམས་སུ་བླངས་པ་ཡིས། །དེ་ལ་བརྟེན་ནས་ཤེས་ཉམས་འཆར། །དེ་ཡང་གཉིས་སུ་མེད་པའོ། །མངོན་སུམ་དེ་ལ་སྦྱངས་པ་ཡིས། །འོད་ཀྱང་རང་གི་ཐོ་ཕྱི་ཙམ། །མདུན་རྒྱབ་དག་ཏུ་གསལ་བའོ། །དེ་ཡང་ཉིན་མཚན་མེད་པར་འཆར། །ཐིག་ལེ་མེ་ལོང་འཕང་ལོ་ཙམ། །འོད་ཁྱིམ་ཁ་དོག་ཅིར་ཡང་འཆར། །རྩིབས་ཤར་མདུང་རྩེ་པདྨ་རིས། །མཆོད་རྟེན་དྲ་བ་རྡོ་རྗེ་དང་། །ཙཀྲ་རལ་གྲི་དྲ་ཕྱེད་དང་། །མིག་མངས་མིག་ཚགས་ཟ་འོག་རིས། །མེ་ལོང་རེ་ལྡེ་ཚ་ཚ་རིས། །རིན་ཆེན་འོད་འབར་དཔལ་བེའུ་རིས། །འོད་ཤར་འོད་སྐོར་འོད་ཟེར་འབར། །རྨ་བྱའི་མདོངས་དང་ཕུག་རོན་སྐེ། །པདྨ་སྟོང་ལྡན་དྲ་བ་རིས། །ཐིག་ལེ་ཐིག་ཕྲན་མུ་ཁྱུད་བཅས། །རྣམ་པ་སྣ་ཚོགས་ཉིད་དུ་འཆར། །དེ་ནི་ཉམས་སྣང་འཕེལ་བ་ཡིན། །ཤེས་ཉམས་དགེ་སྡིག་ངོ་ཡང་ཤེས། །ལུས་ལ་འབུ་སྲིན་ཤིག་མི་འབྱུང་། །ད་རུང་ཉམས་སུ་བླངས་པ་ཡིས། །འོད་ཀྱང་ཡུལ་གྲུ་ཙམ་པ་མཐོང་། །ཐིག་ལེ་ཁམ་ཕོར་ཙམ་དུ་འགྲོ། །རིག་པ་ཤ་ར་རྒྱུག་པ་ཙམ། །ཐིག་ལེ་དེ་དག་རེ་རེ་ལ། །འོད་ལྔའི་མུ་ཁྱུད་དག་དང་བཅས། །དེ་ཡི་དཀྱིལ་དུ་ཕོ་རྐྱང་སྐུ། །རྡོ་རྗེ་སེམས་དཔའི་ཕྱེད་སྐུ་དང་། །ཞལ་ཕྱག་དོད་དང་མ་དོད་འཆར། །ད་རུང་ཉམས་སུ་བླངས་པ་ཡིས། །ཐིག་ལེ་བསེ་ཕུབ་ཙམ་དུ་འགྲོ། །ཐིག་ལེའི་ནང་དུ་སྐུ་རྐྱང་འཆར། །རིག་པའི་བར་བར་སྐུ་ཡིས་བརྒྱན། །རིག་པ་འགུལ་འཕྲིག་མེད་པར་སྡོད། །ལུས་ལ་སྐྲ་དཀར་གཉེར་མ་མེད། །ཟས་སྐོམ་ཡིད་ལ་མི་གདུང་ཞིང་། །སྔར་མེད་པ་ཡི་ཆོས་ཀྱང་ཤེས། །ཅི་སྤྲས་ཐམས་ཅད་


DNG025_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སུ་འོང་། །དགྲ་གཉེན་ཡིད་ལ་མི་འབྱུང་ངོ་། །སྣང་ཉམས་ཤེས་ཉམས་གཉི་ག་འཕེལ། །འོད་དང་ཁ་དོག་གཉི་ག་འཕེལ། །འདི་ལྟར་གོང་འཕེལ་སྣང་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་བྱེད་དོ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །ད་ནི་རིག་པ་ཚད་ཕེབས་ཀྱི། །སྣང་བ་ཉིད་ནི་བསྟན་པར་བྱ། །དེ་ཡི་རྟགས་མཚན་འདི་ལྟར་རོ། །འོད་ཟེར་སྟོང་གསུམ་ཁྱབ་པར་གསལ། །ཐིག་ལེ་ཆེན་པོ་གཅིག་ལ་ནི། །མུ་ཁྱུད་རིམ་པ་ལྔ་ཡིས་བསྐོར། །ཁ་དོག་ལྔ་ལྡན་འོད་ཟེར་འཕྲོ། །དེ་ཡི་ནང་དུ་ཚོམ་བུ་ལྔ། །རེ་རེ་ལའང་བཞི་བཞིས་བསྐོར། །ཐིག་ལེ་དེ་དག་རེ་རེའི་ནང་། །རིགས་ལྔ་ཡབ་ཡུམ་རྫོགས་པར་འཆར། །ལུ་གུ་རྒྱུད་ཀྱི་བར་བར་དུ། །ཞི་ཁྲོའི་ལྷ་ཚོགས་དཔག་མེད་འཆར། །ཉིན་དང་མཚན་མོ་མེད་པ་རུ། །ད་ལྟའི་དཀྱིལ་འཁོར་རྫོགས་པར་འཆར། །ས་རྡོ་རི་བྲག་ལ་སོགས་པ། །རྡོས་བཅས་ཐམས་ཅད་རང་དག་ནས། །ཐམས་ཅད་རྒྱལ་བའི་ཞིང་དུ་འཆར། །རང་ལུས་ཀུན་ཀྱང་འོད་ཀྱི་སྐུ། །ཐིག་ལེ་ཐིག་ཕྲན་ཁྲ་ཤིག་ཤིག །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ། །གང་དུ་བལྟས་ཀྱང་ལོངས་སྐུའི་ཞིང་། །འདི་དང་འབྲལ་བ་མེད་པའི་རྟགས། །གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ། །སྨྱོན་པ་བཞིན་དུ་ཐོགས་མེད་པར། །གང་ལ་ཆགས་པ་མེད་པ་དང་། །རི་བྲག་རྣམས་ལ་ཟང་ཐལ་དང་། །འབྱུང་བ་ལྔ་ལ་རྩལ་སྦྱང་ནུས། །ས་གཏིང་ལ་ཡང་འཛུལ་བ་དང་། །ཆུ་རྣམས་ལ་ཡང་མི་འབྱིང་ཞིང་། །ལུས་ལ་གོས་སོགས་མེད་པ་རུ། །གཅེར་བུར་གང་ལ་ཐོགས་མེད་ཅིང་། །ཟས་ནོར་འདོད་པ་ཀུན་དང་བྲལ། །འདི་ནི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་སར་དེངས་ནས་ནི། །ཟག་བཅས་ཕུང་པོ་མི་སྣང་བར། །ལུས་པོ་འོད་གསལ་ཉིད་དུ་འགྲོ། །འདི་དུས་མ་བསྒོམས་པས་ཀྱང་ཆོག །འབྲས་བུ་ཐོབ་ལ་ཐེ་ཚོམ་མེད། །རིག་པ་ཚད་ལ་ཕེབས་པའི་རྟགས། །རང་སྣང་ཅི་ལ་བཅུག་ཀྱང་ཚུད། །བེམ་པོ་ཀུན་ཀྱང་


DNG025_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འགུལ་བར་ནུས། །རླུང་གི་འགྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་དང་། །ཅིར་སྣང་གཟུགས་སྐུ་རྫོགས་པ་དང་། །དེ་ལ་ཡབ་ཡུམ་འཁྲིལ་པ་དང་། །ལྔ་ལྔ་ཡབ་ཡུམ་སྦྱོར་བ་དང་། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀུན་འོད་དུ་གསལ། །འགྲོ་དང་འོང་དང་འདུག་པར་སྣང་། །ཐམས་ཅད་རིག་པ་ཚད་ལ་ཕེབས། །ལུས་ནི་ཚད་དུ་ཕེབས་པ་ཡིས། །བར་སྣང་འོད་ཀྱི་སྐར་ཁུང་གསལ། །དེ་ལ་འོད་ཟེར་ལྕགས་ཀྱུའི་དབྱིབས། །འཁྲིལ་ཞིང་འཁྲིལ་བའི་སྣང་བ་འཛིན། །རང་ལུས་དངོས་པོ་རང་དག་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་སུ་ཡི་གེ་ཨ་དང་བཅས། །སྨིན་ཕྲག་འོད་ཟེར་འདོམ་གང་ཚད། །ཐོར་ཚུགས་རླུང་གིས་གང་བར་སྣང་། །རང་གི་ལག་པའི་སོར་མོ་ལ། །འོད་ཟེར་ཕྲེང་བ་རྣམ་པར་འཁྲིགས། །མགོ་བོ་ཐོད་པའི་གཞལ་ཡས་ནས། །ཧེ་རུ་ཀ་རྣམས་བརྗིད་པར་གསལ། །དེ་དུས་རང་ལུས་ཚད་ལ་ཕེབས། །སྐུ་གསུམ་ཟང་ཐལ་ཉིད་དུ་གསལ། །འདི་ལྟར་སུ་ལ་བསྟན་པའི་མིས། །རིག་པ་ཚད་ཕེབས་སྣང་བ་ཡིན། །འདི་ལྟར་ཚད་ལ་སུས་ཐེབས་པ། །སྐུ་གསུམ་རྟོགས་པའི་རང་སྣང་འདས། །ཀྱེ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །ཆོས་རྣམས་ཟད་པའི་སྣང་བ་བསྟན། །རིག་པ་ཚད་ལ་ཕེབས་གྱུར་ནས། །བློ་ཡི་ཆོས་རྣམས་ཟད་པ་ཡིན། །ཡིན་ཡང་སྣང་བ་གཏན་ལ་ཕེབས། །སངས་རྒྱས་གྲངས་ལས་འདས་པ་ཡིས། །ལུང་རྣམས་གཅིག་ཏུ་དྲིལ་ནས་བསྟན། །ཚིག་གི་རྒྱལ་པོ་འདི་དག་ཀུན། །རྣལ་འབྱོར་རྣམས་ཀྱིས་ཡིད་ལ་ཞོག །མི་རྟོག་ཡེ་ཤེས་ལས་བྱུང་བའི། །མ་བཙལ་བཞག་པའི་མན་ངག་གིས། །ཡེ་ཡོད་དང་པོའི་སངས་རྒྱས་རྙེད། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །དེ་ཚེ་ང་ཡི་སྣང་བ་དག །རྟག་པའི་རྟགས་ཚད་ཆོས་རྣམས་ཟད། །ཆོས་རྣམས་ཟད་ནས་འཁོར་བ་སྟོངས། །འཁོར་བ་སྟོངས་པའི་རྟགས་ཚད་ནི། །རིགས་དྲུག་གཟུགས་རྣམས་མི་སྣང་ངོ་། །གཟུགས་འཛིན་མེད་པའི་བལྟ་བ་


DNG025_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཆོས་ཉིད་ཟད་པའི་སྣང་བ་ཡིན། །འདི་ཡི་མཚན་ཉིད་སུས་རིག་པ། །སྟོང་གསུམ་ཀུན་ཀྱང་ཉུང་འབྲུར་ཚུད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་ཐེབས། །རི་རབ་ཀུན་ཀྱང་སྲང་ལ་འཇལ། །ཁམས་གསུམ་པོ་ནི་རྟིང་ནས་ཟློག །སྲིད་པ་ཐམས་ཅད་གདར་ཤ་བཅད། །སེམས་ཅན་མ་ལུས་སྲོག་བཅད་ནས། །སངས་རྒྱས་རྣམས་དང་དབྱེར་མི་ཕྱེད། །ཀུན་ཏུ་བཟང་པོའི་བྱང་ཆུབ་སེམས། །མི་སྣང་མི་འགྱུར་ལམ་རིག་གསལ། །བློ་བྲལ་འདི་ལ་འདྲིས་པའི་མིས། །བརྗོད་མེད་རང་དག་རྙེད་པའོ། །འདི་ནི་ཡོན་ཏན་བསམ་ལས་འདས། །དཔག་མེད་སངས་རྒྱས་རྣམས་དང་མཉམ། །ཆོས་དབྱིངས་ཟད་པའི་སྣང་བ་ལ། །ལྟ་བ་བྱ་བ་གཏན་ནས་མེད། །བལྟ་བ་མེད་ཕྱིར་སྣང་བ་ཟད། །ཀུན་བཟང་ཆོས་ཉིད་ཡངས་པ་ཆེ། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །བསྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཟད་པ་འདི་ལ་མཐའ་བརྟེན་ནས། །མེད་དེ་མི་སྣང་སྣང་བ་མེད། །ལྟ་དང་སྲིད་པའི་བདག་པོ་ཀུན། །ཆོས་ཉིད་ཟད་པའི་ཡུལ་སྣང་ལ། །འདི་ལ་སྐྲག་ཅིང་སྔངས་པ་ནི། །འཇིག་རྟེན་མཐུན་པའི་གཟུགས་ཕུང་ནས། །འཕགས་པའི་བདེན་པ་ཉིད་དང་བྲལ། །འཁོར་བའི་དཔུང་ལ་མངོན་པར་ཞེན། །དེས་ན་རིག་སྣང་ཡུལ་ལ་ལྟོས། །རིག་སྣང་འདི་ལ་སུ་འདྲིས་པ། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །དེ་ཕྱིར་ཆོས་རྣམས་ཟད་པའོ། །ཆོས་རྣམས་ཟད་པའི་སྣང་བ་ནི། །ཐམས་ཅད་རང་གི་རིག་པར་འདུས། །རིག་པ་དགག་སྒྲུབ་ཉིད་དང་བྲལ། །ཆོས་རྣམས་ཐམས་ཅད་རང་རིག་ཡིན། །རང་རིག་ངོ་བོ་རྗེན་པ་ཡིན། །དཔེ་བྲལ་མཚོན་དུ་མེད་པ་ཡིན། །འདི་ལྟར་ཆོས་ཉིད་བརྗོད་མེད་ལ། །ཐ་སྙད་ཚིག་གི་གཞི་མར་ཤར། །ཚིག་བརྗོད་རིམ་པ་རྣམ་དག་པས། །ད་ལྟ་བརྗོད་མེད་རང་ལ་གནས། །དེ་ཕྱིར་ཚིག་མཐའ་ཟད་པའོ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །ཆོས་ཉིད་ཟད་པའི་


DNG025_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ལ། །རྟགས་ནི་རང་ལ་འཆར་བ་ཡིན། །ཚད་ནི་གཞན་ལ་གསལ་བ་ཡིན། །ཟད་ཅེས་མིང་ནི་ཐ་སྙད་དོ། །སངས་རྒྱས་ཀུན་གྱི་རྟགས་ཚད་ནི། །དཔེ་ཡི་ཡེ་ཤེས་རྣམས་ལ་གསལ། །རྟགས་ཀྱི་ཡེ་ཤེས་རྟགས་ཚད་ནི། །ཐིག་ལེ་སྟོང་པའི་སྒྲོན་མར་གསལ། །དོན་གྱི་ཡེ་ཤེས་རྟགས་ཚད་ནི། །མངོན་སུམ་གསལ་བའི་སྣང་བར་གསལ། །མི་རྟོག་བསམ་གཏན་རྟགས་ཚད་ནི། །ཡན་ལག་འདུ་བྱེད་རྣམས་ལ་གསལ། །སྒྲ་དོན་ཤེས་པའི་རྟགས་ཚད་ནི། །འབྱུང་བའི་ཆོ་འཕྲུལ་ཉིད་ལ་གསལ། །འཁྲུལ་པ་རྣམས་ཀྱི་རྟགས་ཚད་ནི། །རྨི་ལམ་བྱ་བྱེད་ཉིད་ལ་གསལ། །བག་ཆགས་འཐུག་པོའི་རྟགས་ཚད་ནི། །གང་ཞེན་ཡུལ་གྱི་རྐྱེན་ལ་གསལ། །མ་འཁྲུལ་ཡེ་ཤེས་རྟགས་ཚད་ནི། །སྤྲིན་མེད་ནམ་མཁའི་མདངས་ལ་གསལ། །ཡེ་ཤེས་འོད་ཀྱི་རྟགས་ཚད་ནི། །མན་ཤེལ་སྙིང་པོའི་འོད་ལ་གསལ། །ཐིག་ལེ་རྣམས་ཀྱི་རྟགས་ཚད་ནི། །དྲ་བ་མིག་ཚག་བར་དུ་གསལ། །རྣལ་འབྱོར་གོམས་པའི་རྟགས་ཚད་ནི། །རིག་པ་ཚད་ལ་ཕེབས་དུས་གསལ། །སྤྲོས་མེད་ཡང་དག་རྟགས་ཚད་ནི། །སྣང་སྲིད་ཕྱག་རྒྱའི་ཞིང་དུ་གསལ། །རིག་པ་རྩལ་དབང་རྟགས་ཚད་ནི། །གཞི་བསྐྱེད་ལུས་ངག་བརྡ་ལ་གསལ། །དབང་སྲོག་དམ་ཚིག་རྟགས་ཚད་ནི། །འདི་ལྡན་ཡེ་བསྲུངས་ཉིད་ལ་གསལ། །ཐ་སྙད་གྲུབ་མཐའི་རྟགས་ཚད་ནི། །ཐིག་ལེ་སྤྲོས་བྲལ་ངང་དུ་གསལ། །ཐེག་པ་རང་སྤྱིའི་རྟགས་ཚད་ནི། །རིག་པ་མཁའ་ལྡིང་ཉིད་ལ་གསལ། །དྲན་པ་ཉིད་ཀྱི་རྟགས་ཚད་ནི། །སྒོ་ལྔའི་ཤེས་པ་ཉིད་ལ་གསལ། །བསམ་པ་རྣམས་ཀྱི་རྟགས་ཚད་ནི། །ཡུལ་རྐྱེན་གྲོལ་བའི་དུས་སུ་གསལ། །རྟོག་པ་ཉིད་ཀྱི་རྟགས་ཚད་ནི། །དྲན་པ་ཡེངས་པའི་དུས་སུ་གསལ། །འཛིན་པ་ཀུན་གྱི་རྟགས་ཚད་ནི། །འདོད་པའི་ཡོན་ཏན་ལྔ་ལ་གསལ། །མ་རིག་པ་ཡི་རྟགས་ཚད་ནི། །ཡོད་མེད་གཉིས་ཀྱི་མཚམས་སུ་གསལ། །ཉོན་མོངས་རྣམས་ཀྱི་རྟགས་ཚད་ནི། །གློ་བུར་རྐྱེན་གྱི་དུས་


DNG025_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསལ། །འགྱུ་བྱེད་ཡིད་ཀྱི་རྟགས་ཚད་ནི། །གང་བསམས་ཡུལ་གྱི་སྣང་བར་གསལ། །བདག་འཛིན་བློ་ཡི་རྟགས་ཚད་ནི། །འགྱུ་བྱེད་འགྱུ་ལམ་མཚམས་སུ་གསལ། །ཤེས་རབ་ཆེན་པོའི་རྟགས་ཚད་ནི། །ཡུལ་རྐྱེན་ཆོད་པའི་མཚམས་སུ་གསལ། །རྟགས་མེད་རང་གསལ་རྟགས་ཚད་ནི། །ཕྲ་རགས་བྲལ་བའི་མཚམས་སུ་གསལ། །དྭངས་མ་ལྔ་ཡི་རྟགས་ཚད་ནི། །འབྱུང་བ་དག་པའི་མཚམས་སུ་གསལ། །འབྱུང་འཇུག་ལྡོག་དང་གནས་པ་ཡིས། །རྣལ་འབྱོར་མངོན་ཤེས་གྲུབ་པ་ཡིན། །སྐད་དང་བརྡ་ལ་བརྟེན་པ་ཡིས། །འདས་དང་མ་འོངས་ད་ལྟར་ཤེས། །འདི་ནི་སེམས་ཅན་དོན་ཀུན་བྱེད། །འདི་མེད་དོན་མི་ནུས་པ་ཡིན། །དེ་ཕྱིར་སྒྲ་ལ་གོམས་པར་བྱ། །སོ་སོའི་སྐད་ལ་བརྟེན་པ་ནི། །འདི་ཉིད་རང་གིས་དུས་གསུམ་བརྟག །ཡེ་ཤེས་རྣམས་ཀྱི་རྟགས་ཚད་ནི། །རང་སྣང་ཡུལ་སྣང་རྒྱས་དུས་གསལ། །ཆོས་ཀྱི་སྐུ་ཡི་རྟགས་ཚད་ནི། །གནོད་པའི་རྐྱེན་རྣམས་བྲལ་དུས་གསལ། །ལོངས་སྐུ་ཉིད་ཀྱི་རྟགས་ཚད་ནི། །ཆོས་ཉིད་མ་བུ་འཕྲད་དུས་གསལ། །སྤྲུལ་པ་སྐུ་ཡི་རྟགས་ཚད་ནི། །འཁོར་འདས་མི་ཕྱེད་མཚམས་སུ་གསལ། །བླ་མའི་མན་ངག་རྟགས་ཚད་ནི། །འབྱུང་བ་དེངས་པའི་མཚམས་སུ་གསལ། །སྙིང་པོ་དོན་གྱི་རྟགས་ཚད་ནི། །ཐིག་ལེ་འདུས་པའི་དུས་སུ་གསལ། །དབྱིངས་ཀྱི་རྒྱན་ཚོགས་རྟགས་ཚད་ནི། །གནད་ཕེབས་བར་དོ་མང་དུས་གསལ། །འཁྲུལ་སྣང་བྲལ་བའི་རྟགས་ཚད་ནི། །རྣམ་རྟོག་ཡུལ་ཞེན་བྲལ་དུས་གསལ། །འཁོར་འདས་གཉིས་ཀྱི་རྟགས་ཚད་ནི། །དབྱིངས་ལ་ཉིན་མཚན་མེད་ན་གསལ། །དབྱིངས་ན་རིག་པ་ཚུད་པའི་རྟགས། །ཐིག་ལེ་སྲན་འབྲུ་འགྲོ་འོང་གསལ། །ཕུང་པོ་བོར་ནས་སངས་རྒྱས་ཚད། །སྙིང་པོ་བཅུད་དུ་དྲིལ་དུས་གསལ། །ཐིག་ལེ་ཚད་དུ་ཕྱིན་པའི་ཚད། །ཐིག་ལེ་བསེ་ཕུབ་ཙམ་ལ་གསལ། །སྣོད་བཅུད་སྨིན་པའི་རྟགས་ཚད་ནི། །ཐིག་ལེ་མུ་ཁྱུད་བསྐོར་དུས་གསལ། །རིག་པ་སྐུ་རུ་སྨིན་པའི་ཚད། །ཐིག་


DNG025_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་སྐུ་རུ་སྣང་དུས་གསལ། །བར་དོའི་སྣང་བ་མེད་པའི་ཚད། །ཐིག་ལེ་སྐུར་བཅས་ཤར་དུས་གསལ། །སྐུ་གསུམ་ལམ་དུ་རྫོགས་པའི་ཚད། །ཐིག་ལེ་སྐུ་ལྔས་བརྒྱན་དུས་གསལ། །འབྱུང་བ་རང་དག་སོང་བའི་རྟགས། །ཕུང་པོ་འོད་གསལ་གྲོལ་དུས་གསལ། །ཆོས་ཉིད་ཟད་སར་སླེབ་པའི་རྟགས། །འཕེལ་རྣམས་ཐམས་ཅད་ཟད་དུས་གསལ། །ལུས་ཀྱི་བདེ་དྲོད་རྟགས་ཚད་ནི། །རེས་འཇོག་བྲལ་བའི་དུས་སུ་གསལ། །གསུང་རྣམས་རང་སྒྲའི་རྟགས་ཚད་ནི། །སྲིད་པ་གཞི་བཞེངས་བར་ལ་གསལ། །རང་སྣང་མི་འགྱུར་རྟགས་ཚད་ནི། །འབྱུང་བ་ཟད་པའི་དུས་སུ་གསལ། །ཡེ་ཤེས་ཐུགས་ཀྱི་རྟགས་ཚད་ནི། །སྣང་བ་བཞི་བཞག་དུས་སུ་གསལ། །དགོངས་པ་རྣམས་ཀྱི་རྟགས་ཚད་ནི། །རིག་པ་སྲང་ལ་ཚུད་དུས་གསལ། །ཏིང་ངེ་འཛིན་གྱི་རྟགས་ཚད་ནི། །འདུ་ཤེས་གསུམ་དང་བྲལ་དུས་གསལ། །ཆོས་ཉིད་མི་གཡོའི་རྟགས་ཚད་ནི། །མཉམ་པ་ཉིད་ཀྱི་དུས་སུ་གསལ། །ལྷག་མཐོང་ཉིད་ཀྱི་རྟགས་ཚད་ནི། །བླ་མའི་གདམས་ངག་ཉིད་ལ་གསལ། །འབད་མེད་རང་གྲོལ་རྟགས་ཚད་ནི། །ཁྲེགས་ཆོད་ཐོད་རྒལ་མཚམས་སུ་གསལ། །ལུས་གནད་ཡེ་ཤེས་རྟགས་ཚད་ནི། །འདུས་སྟངས་རྣམས་ཀྱི་དུས་སུ་གསལ། །ལྟ་སྒོམ་རང་གྲོལ་རྟགས་ཚད་ནི། །བློ་འཛིན་དྲི་མ་དག་དུས་གསལ། །ཡིད་ཆེས་གོམས་པའི་རྟགས་ཚད་ནི། །ཉམས་མྱོང་མཐར་ཕྱིན་དུས་སུ་གསལ། །སྐུ་གསུམ་འབྲུ་ཡི་རྟགས་ཚད་ནི། །ཆོས་རྣམས་ཟད་པའི་དུས་ན་གསལ། །ཐུགས་རྗེའི་གཞན་དོན་རྟགས་ཚད་ནི། །ཡེ་ཤེས་མཁྱེན་པའི་དུས་ན་གསལ། །ཁ་དོག་དབྱིབས་ཟད་ཚད་འཛིན་པ། །ཕྱི་ནང་གཉིས་ཀྱི་མཚམས་སུ་བརྟགས། །དེ་ལྟར་རྟགས་རྣམས་རྒྱས་པ་ཡིས། །དོན་རྣམས་ཀུན་ལ་ཡིད་ཆེས་འགྱུར། །རྡོ་རྗེ་འཆང་ཆེན་ང་ཡིས་བཤད། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཡུལ་སྣང་ཐམས་ཅད་གཅེར་གྲོལ་ཉིད། །སྟོན་པས་སྟོང་པའི་ཚད་ཟིན་ཏེ། །གྲུབ་མཐའི་ཞེན་པ་


DNG025_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཅིག་ཆོད། །འཁོར་འདས་གཉིས་སུ་མེད་པའོ། །འབྱུང་བ་ཐམས་ཅད་རང་སར་དག །ཆུ་ཡི་སྣང་བ་དྲི་མ་མེད། །ཀུན་ཁྱབ་ཆེན་པོའི་སྟོང་པ་ཉིད། །མེ་ཡི་སྣང་བ་རང་བྱུང་བས། །རང་གསལ་ཆེན་པོའི་སྟོང་པ་རྙེད། །རླུང་གི་སྣང་བ་རང་སངས་པས། །བསྐྱོད་པ་ཆེན་པོའི་སྟོང་པ་རྙེད། །ནམ་མཁའི་སྣང་བ་ཡེ་སངས་པས། །དག་པ་ཡུལ་གྱི་སྟོང་པ་རྙེད། །དེ་ལྟར་ཆོས་ཉིད་སྟོང་པ་ཉིད། །དྲན་པ་ཆེན་པོ་ངོ་སྤྲད་པས། །སྟོང་གསལ་གཉིས་ཀྱི་མཐའ་ལས་འདས། །ཡེ་ནས་མེད་པའི་སྟོང་ཉིད་ལ། །འབྱུང་བ་ཟད་པའི་འོད་སྣང་གསལ། །བྱ་བྱེད་བྲལ་བའི་སྟོང་ཉིད་ལ། །སྐུ་གསུམ་མཚོན་པའི་འོད་སྣང་གསལ། །འབྱུང་བ་ཟད་པའི་སྟོང་ཉིད་ལ། །རྣལ་འབྱོར་ལྡན་པའི་འོད་སྣང་གསལ། །རྒྱུན་དུ་གསལ་བའི་སྟོང་ཉིད་ལ། །རང་གསལ་གཞག་པའི་འོད་སྣང་གསལ། །མཐའ་མི་གནས་པའི་སྟོང་ཉིད་ལ། །རང་རིག་སྒྲིབ་བྲལ་འོད་སྣང་གསལ། །རྣལ་འབྱོར་འོད་སྣང་གོམས་པ་ཡིས། །འབྱུང་བཞི་ཐམས་ཅད་བག་ལ་ཞ། །ཐམས་ཅད་སྟོང་གསལ་ངང་ལ་རྫོགས། །ཆོས་རྣམས་ཟད་པའི་སྣང་བ་འདི། །སྟོང་གསལ་འགག་པ་མེད་པ་སྟེ། །དྲི་མ་ཀུན་ལས་འདས་པའོ། །འོད་ཟེར་དཀར་པོའི་ཚུལ་དུ་ཤར། །ཡོན་ཏན་ཐམས་ཅད་རྫོགས་པའི་བརྡ། །འོད་ཟེར་སེར་པོའི་ཚུལ་དུ་ཤར། །ཆོས་རྣམས་མ་བཙལ་བཞག་པའི་ཕྱིར། །འོད་ཟེར་དམར་པོའི་ཚུལ་དུ་ཤར། །བྱ་བ་ཐམས་ཅད་རྫོགས་པའི་ཕྱིར། །འོད་ཟེར་ལྗང་གུའི་ཚུལ་དུ་ཤར། །མི་འགྱུར་ཀུན་ལ་ཁྱབ་པའི་ཕྱིར། །ཁ་དོག་མཐིང་གའི་ཚུལ་དུ་ཤར། །དེ་ལྟར་སྐུ་ཡི་གསལ་ཆ་ཡིས། །རིག་པ་དྲི་མ་མེད་པ་མཐོང་། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། །རིག་པ་ཐིག་ལེ་ཉག་གཅིག་མཐོང་། །ཡེ་ཤེས་ལྔ་ཡི་གསལ་ཆ་ཡིས། །རིག་པ་ཉིད་ཀྱིས་གསལ་ཆ་མཐོང་། །འོད་ཟེར་ལྔ་ཡི་གསལ་ཆ་ཡིས། །རིག་པ་ཉིད་ཀྱི་ཁ་དོག་མཐོང་། །སྣང་བ་བཞི་ཡི་གསལ་ཆ་ཡིས། །རིག་པ་ཉིད་ཀྱི་རང་


DNG025_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མཐོང་། །ཤེས་རབ་ལྔ་ཡི་གསལ་ཆ་ཡིས། །རིག་པ་རང་སྣང་ཚུལ་དུ་མཐོང་། །རིག་པ་ཉིད་ལ་སུ་གོམས་པ་། །འདིས་ནི་རང་ལུས་རང་སར་དེངས། །དེ་ཡི་ཚད་ལ་གང་གོམས་པ། །ཆོས་རྣམས་ཀུན་ཀྱང་ཟད་པའོ། །འདི་དུས་ཉམས་ཀྱི་འཕེལ་ཟད་སྟེ། །སྣང་ཉམས་སྣང་ཡང་འཛིན་པ་མེད། །ཆོས་རྣམས་ཟད་ཅེས་ཐ་སྙད་བཏགས། །ཉམས་ལུས་དབང་པོ་རྟོག་ཚོགས་དང་། །ཚིག་གི་འཁྲུལ་ཞེན་ཐམས་ཅད་ཟད། །ཟག་པའི་ཕུང་པོ་མི་སྣང་བར། །རང་སངས་ཉིད་དུ་སངས་རྒྱའོ། །ཞེས་གསུངས་ནས། ཀ་དག་བརྗོད་བྲལ་གྱི་ངང་ལ་ལྷན་ནེར་བཞུགས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སྣང་བཞི་རྟགས་ཚད་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་། །སྣང་བཞིའི་རྟགས་ཚད་དེ་ལྟར་ན། །དེ་ཡི་རྒྱབ་རྟེན་ཇི་ལྟ་བུ། །རིག་མདངས་འཁོར་ལ་བཀའ་སྩོལ་ཅིག །སྟོན་པས་གསན་ཏེ་བཀའ་སྩལ་པ། །ཨ་ཧོ་རིག་མདངས་འཁོར་རྣམས་ཉོན། །དེ་ཡི་རྒྱབ་རྟེན་དགུ་ཡིན་ཏེ། །དང་པོར་མི་འགུལ་གསུམ་དུ་བསྟན། །ལུས་ནི་སྐུ་གསུམ་བཞུགས་སྟངས་ལས། །སྐད་ཅིག་ཙམ་ཡང་མི་འབྲལ་བྱ། །དེ་ལྟར་ལུས་ཉིད་མ་འགུལ་བས། །རྩ་མིག་རླུང་སེམས་མི་འགུལ་ལོ། །གཟིགས་སྟངས་གསུམ་ལས་འགུལ་མི་བྱ། །རྩ་གནད་སྒོ་ཡི་ཁྱད་པར་གྱིས། །རིག་པ་སྒྲོན་མར་འཆར་བའོ། །རྩ་མ་འགུལ་ན་མིག་མི་འགུལ། །སྒྲོན་མ་མི་འགུལ་གནད་དུ་ཆེ། །སེམས་མ་འགུལ་བས་རྟོག་མི་འབྱུང་། །དབྱིངས་རིག་འདུ་འབྲལ་མེད་པ་སྟེ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །ཀྱེ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །གཉིས་པ་སྡོད་པ་གསུམ་དུ་བསྟན། །ཕྱི་ནང་བསྐྱོད་པའི་རླུང་ཟད་པས། །དབྱིངས་རིག་འགྲོ་འོང་མེད་པར་སྡོད། །ཕུང་པོ་བསྐྱོད་པའི་རླུང་


DNG025_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པས། །ལུས་ནི་མི་འགུལ་སྡོད་པའོ། །གསང་བ་འགྱུ་བྱེད་རླུང་ཟད་པ། །སེམས་རྟོག་མི་འགྱུ་སྡོད་པའོ། །ཚད་ནི་རྨི་ལམ་བཟུང་བ་སྟེ། །ལུས་ངག་ཡིད་གསུམ་རྟགས་ཚད་བཟུང་། །རབ་ལ་རྨི་ལམ་དབྱིངས་སུ་ཐིམ། །འབྲིང་དུ་རྨི་ལམ་མངོན་ཤེས་འཆར། །ཐ་མ་རྨི་ལམ་ངོ་ཡང་ཤེས། །ཆོས་ཉིད་མངོན་སུམ་སྣང་བའི་དུས། །ལུས་ནི་རུས་སྦལ་སྣོད་བཅུག་འདྲ། །ངག་ནི་ལྐུགས་པ་སྨྲ་མི་འདོད། །སེམས་ནི་མི་འཕྲོ་གར་གཏང་སྡོད། །ཉམས་སྣང་གོང་འཕེལ་དུས་ཉིད་དུ། །ལུས་ལ་རྒྱན་དང་བྱི་དོར་བྲལ། །ངག་ནི་དོན་མེད་ཅལ་ཅོལ་ཏེ། །སེམས་ནི་ཁམས་གསུམ་ཟློག་རེ་སྐན། །རིག་པ་ཚད་ལ་ཕེབས་དུས་སུ། །ལུས་ནི་འབྱུང་ལྔ་ཐོགས་མེད་འགྲོ། །ངག་ལ་ཀུན་ཉན་ཆོས་སུ་འོངས། །སེམས་ནི་ཡིད་ཆེས་གདེང་ལྡན་ནོ། །ཆོས་རྣམས་ཟད་པའི་སྣང་བའི་དུས། །ལུས་ལ་གཤེད་མས་ཡ་ང་མེད། །ངག་ནི་ཟུངས་ཟད་ལད་མོ་བྲག་ཆ་འདྲ། །སེམས་ནི་བག་ཆགས་སྐད་ཅིག་ཡལ། །བར་སྣང་ན་བུན་ཅི་བཞིན་འགྱུར། །ཀྱེ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །གསུམ་པ་ཐོབ་པ་གསུམ་གྱིས་ནི། །ཟག་བཅས་ཕུང་པོ་རང་ཡལ་ཏེ། །སྐྱེ་བ་ཉིད་ལ་རང་དབང་ཐོབ། །ཕུང་པོའི་སྣང་བ་རང་འགགས་ཏེ། །རྡོས་བཅས་མི་སྣང་བ་རུ་འགྱུར། །གལ་ཏེ་སེམས་ཅན་དོན་བྱེད་ན། །རང་གི་ལག་སོར་གཏད་པ་ཡིས། །སྣང་བ་རང་ལོག་དོན་རྣམས་འགྲུབ། །རིག་པ་རང་བཅུག་གྲོལ་འགུལ་འགྱུར། །འཇུག་པ་ཉིད་ལ་རང་དབང་ཐོབ། །ལག་སོར་ཉིད་ལ་རིག་པ་གཏད། །སྐད་ཅིག་མི་སྣང་བུཌྜྷའོ། །རླུང་སེམས་ཉིད་ལ་དབང་ཐོབ་པས། །རླུང་གི་ཡོན་ཏན་ཐམས་ཅད་ཐོབ། །སྡིག་ཅན་འཕོ་དུས་རིག་པ་བཅུག །རང་དང་མཉམ་པོར་བུཌྜྷའོ། །བེམས་པོ་ རྣམས་ལ་ཐོགས་པ་མེད། །མངོན་ཤེས་ཕྱོགས་མེད་དུས་གསུམ་ཤེས། །གསུམ་གསུམ་དགུ་ཡིས་རྒྱབ་རྟེན་ནོ། །ཞེས་གསུངས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་


DNG025_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་ལས། རྒྱབ་རྟེན་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་། །རྒྱབ་རྟེན་མན་ངག་དེ་ལྟར་ན། །གདེང་ཆེན་ཇི་ལྟ་བུ་རུ་བཟླ། །རིག་མདངས་འཁོར་ལ་བཀའ་སྩོལ་ཅིག །སྟོན་པས་འཁོར་ལ་བཀའ་སྩལ་པ། །སེམས་དཔའ་ལ་སོགས་འཁོར་རྣམས་ཉོན། །གདེང་ནི་ཡར་མར་གཉིས་གཉིས་བཞི། །རྟགས་ཚད་རྣམ་གྲངས་མང་བཤད་པ། །འདི་རུ་མི་འདུ་མེད་པའོ། །དཀོན་མཆོག་ཡོན་ཏན་ལ་སོགས་ལ། །བྲོད་པ་སྐྱེ་རྒྱུ་རྡུལ་ཙམ་མེད། །ཡེ་ནས་རིག་པ་སངས་རྒྱས་པས། །བསྐྱར་ནས་གྲོལ་རྒྱུ་ང་ལ་མེད། །རང་ཉིད་སངས་རྒྱས་ཡིན་པ་ཡིས། །གདེང་ཆེན་དེ་ཉིད་ལོན་པའོ། །དེ་ཉིད་དོན་རྟོགས་གྱུར་པའི་ཕྱིར། །མྱང་འདས་གཞན་ནས་ག་ལ་རེ། །གདེང་ཆེན་དམ་པ་ཆོད་པའོ། །དམྱལ་བ་ལ་སོགས་རིགས་དྲུག་གི། །སྡུག་བསྔལ་མྱོང་ཚུལ་ཐོས་ན་ཡང་། །འཁྲུལ་མེད་སྡུག་བསྔལ་དང་བྲལ་བས། །ཡ་ང་མེད་པའི་གདེང་ཆོས་སོ། །འཁོར་བར་འཁྱམ་མཁན་མེད་པའི་ཕྱིར། །འཁོར་བར་ལྟུང་དོགས་ག་ལ་ཡོད། །ལྟུང་མཁན་མ་གྲུབ་གདེང་ཆོས་སོ། །མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ཟློག་ཡེ་ཤེས་ཚད་ཀྱང་བཟུང་། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །གདེང་ཆེན་དེ་ལོན་རྣལ་འབྱོར་ནི། །སུས་མ་རྙེད་པའི་ནོར་བུ་རྙེད། །སུས་མ་མཐོང་བའི་སྣང་བ་མཐོང་། །ཆོས་ཅན་ཐམས་ཅད་དུམ་བུར་ཆོད། །ཆོས་ཉིད་རང་རིག་སྦར་གྱིས་ཟིན། །སངས་རྒྱས་བས་ཀྱང་སྔར་སངས་རྒྱས། །ཡང་དག་རྫོགས་པའི་ཡང་སངས་རྒྱས། །སྤྲུལ་པ་རྣམས་ཀྱང་དེར་སངས་རྒྱས། །གདེང་ཆེན་འདི་ལོན་རྣལ་འབྱོར་པ། །རིགས་རྣམས་ཀུན་གྱི་གཙོ་བོར་འགྱུར། །དཔལ་ལྡན་ཚོགས་ཀྱི་བདག་པོ་ཡིན། །ཧེ་རུ་ཀ་ཡི་དབང་རྣམས་རྫོགས། །རྣལ་འབྱོར་འབྱུང་བཞི་རང་དེངས་ནས། །ཕྱིར་མི་ལྡོག་པའི་སངས་རྒྱས་སོ། །སངས་རྒྱས་ཀུན་གྱི་ཡེ་


DNG025_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནི། །གང་གི་ཕྱོགས་སུ་མི་ལྟུང་ངོ་། །ཞེས་གསུངས་ནས། བརྡལ་བ་ཆེན་པོར་ལྷན་ནེར་བཞུགས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། གདེང་ཆེན་བཞི་བསྟན་པའི་ལེའུ་སྟེ་བཞི་བཅུའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཀྱེ་མ་སྟོན་པ་ཀུན་ཏུ་བཟང་། །དེ་ལྟར་ཉམས་སུ་བླང་བ་ལ། །སྣང་བ་བཞི་ནི་གང་ལྟར་རྫོགས། །འབྲས་བུ་ཐོབ་ཚུལ་ཇི་ལྟ་བུ། །རིག་མདངས་འཁོར་ལ་བསྟན་དུ་གསོལ། །སྟོན་པས་གསན་དགོངས་བཀའ་སྩལ་པ། །ཀྱེ་མ་རིག་པའི་འཁོར་རྣམས་ཉོན། །དང་པོར་རྫོགས་ཚུལ་འདི་ལྟར་རོ། །ཆོས་ཉིད་མངོན་སུམ་སྣང་བ་ནི། །རིག་པ་ལུག་རྒྱུད་ངོ་བོར་རྫོགས། །ལུ་གུ་རྒྱུད་དང་མ་བྲལ་ན། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་རྫོགས། །རང་སྣང་ཆོས་ཉིད་རོལ་པ་སྟེ། །ལྟ་བ་རྒྱུན་གྱི་རྣལ་འབྱོར་རྫོགས། །ཟང་ཐལ་མངོན་སུམ་མ་བྲལ་ན། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་རྫོགས། །རང་རིག་རྒྱུ་རྐྱེན་མེད་པ་ལ། །འབྲས་བུ་ལྷུན་གྲུབ་ཆེན་པོར་རྫོགས། །བསམ་མེད་ཆོས་སྐུ་སྤྲོས་བྲལ་ལ། །མ་འགགས་ཐེག་དགུ་ཐམས་ཅད་རྫོགས། །ཉམས་སྣང་གོང་འཕེལ་སྣང་བ་ལ། །རིག་སྣང་ཐམས་ཅད་དབྱིངས་སུ་རྫོགས། །སྤྲོས་བྲལ་སྐུ་ལྔའི་རང་མདངས་རྣམས། །བར་སྣང་སྟོང་པའི་ཡུལ་དུ་རྫོགས། །སངས་རྒྱས་ཀུན་གྱི་ལུས་ཉིད་ནི། །རྟོག་པ་མེད་པའི་ངང་དུ་རྫོགས། །འཛིན་མེད་དག་པ་ཆེན་པོ་ལ། །རྡོ་རྗེ་སེམས་སོགས་སྐུ་རྣམས་རྫོགས། །སྒྲ་ལ་གོམས་པའི་རྣལ་འབྱོར་ལ། །ལུས་ཀྱི་རྟགས་རྣམས་མངོན་དུ་རྫོགས། །འོད་ལ་འདྲིས་པའི་རྣལ་འབྱོར་ལ། །ས་རྡོ་རི་བྲག་རང་དག་རྫོགས། །ཐིག་ལེ་གོམས་པའི་རྣལ་འབྱོར་ལ། །ཉག་གཅིག་རྩད་གཅོད་སྐུ་རྣམས་རྫོགས། །སྒྲུབ་དུ་མེད་པའི་ཕྲིན་ལས་ལ། །བྱ་རུ་མེད་པའི་མཆོད་པ་རྫོགས། །ཆོས་ཉིད་མི་འགྱུར་སྣང་བ་ལ། །


DNG025_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་བྲལ་བའི་རིག་པ་རྫོགས། །སྟོང་པ་ཉིད་ཀྱི་འོད་སྣང་ལ། །བདེ་བ་ཟག་མེད་ཐིག་ལེ་རྫོགས། །ཡང་དག་དོན་གྱི་ཆོས་སྐུ་ལ། །རྟོག་པ་མེད་པའི་ཡེ་ཤེས་རྫོགས། །འགྱུར་མེད་རང་གསལ་ངོ་བོ་ལ། །རྟོག་མེད་མཉམ་པའི་ཐིག་ལེ་རྫོགས། །རྣམ་དག་ཐིག་ལེ་ལུག་རྒྱུད་ལ། །བརྗོད་མེད་ལམ་གྱི་ཉམས་ལེན་རྫོགས། །གསལ་སྟོང་དག་པའི་ཡེ་ཤེས་ལ། །མཚན་མ་མེད་པའི་ཆོས་རྣམས་རྫོགས། །ཉམས་སྣང་རིམ་གྱིས་འཕེལ་བ་ལ། །མཚན་མ་ཅན་གྱི་ཆོས་རྣམས་རྫོགས། །ཞེ་འདོད་མེད་པའི་སྒོམ་པ་ལ། །བཏང་སྙོམས་མེད་པའི་ཏིང་འཛིན་རྫོགས། །སྤང་ཐོབ་མེད་པའི་ལྟ་བ་ལ། །རྟོག་པ་མེད་པའི་མཐོང་བ་རྫོགས། །བཅོས་སླད་མེད་པའི་སྤྱོད་པ་ལ། །བྱས་པ་མེད་པའི་བྱུང་བ་རྫོགས། །རིག་པ་ཚད་ཕེབས་སྣང་བ་ལ། །ལྷུན་གྲུབ་ཆེན་པོའི་ངང་དུ་རྫོགས། །བསམ་དང་བྲལ་བའི་ཆོས་སྐུ་ལ། །འགག་པ་མེད་པའི་ལོངས་སྐུ་རྫོགས། །མཚན་མ་མེད་པའི་ཆོས་ཉིད་ལ། །ཐམས་ཅད་འདྲེན་པའི་སྤྲུལ་སྐུ་རྫོགས། །ཕྱིར་མི་ལྡོག་པའི་སྐུ་གསུམ་ལ། །གཟུང་འཛིན་བྲལ་བའི་རིག་པ་རྫོགས། །ཡང་དག་སངས་རྒྱས་ལམ་མཆོག་ལ། །སྤྱད་དུ་མེད་པའི་དཀྱིལ་འཁོར་རྫོགས། །སྐྱེ་བ་མེད་པའི་ཡིག་འབྲུ་ལ། །འདུ་འབྲལ་མེད་པའི་ལྷ་ཚོགས་རྫོགས། །ནུབ་པ་མེད་པའི་རྒྱལ་མཚན་ལ། །འགྱུར་བ་མེད་པའི་སྒྲོན་མ་རྫོགས། །རྟོག་པ་མེད་པའི་ཡེ་ཤེས་ལ། །གསལ་འགྲིབ་མེད་པའི་འོད་གསལ་རྫོགས། །ས་ལ་མི་གནས་སྐུ་མཆོག་ལ། །བཏང་སྙོམས་ཡེ་ཤེས་དཀྱིལ་འཁོར་རྫོགས། །བྱ་བཙལ་བྲལ་བའི་ཆོས་ཉིད་ལ། །དཀྱིལ་འཁོར་ལྔ་ཡི་འཕྲོ་འདུ་རྫོགས། །རྟོག་པ་ལམ་གྱི་སངས་རྒྱས་ལ། །བྱ་བ་རྒྱུ་ཡི་སངས་རྒྱས་རྫོགས། །གྲོལ་བ་འབྲས་བུའི་སངས་རྒྱས་ལ། །སྨིན་པ་རྟགས་ཀྱི་སངས་རྒྱས་རྫོགས། །བྱ་བྱེད་བྲལ་བའི་དཀྱིལ་འཁོར་ལ། །འཛིན་མེད་ཞི་ཁྲོའི་ལྷ་ཚོགས་རྫོགས། །ཀུན་ལ་ཁྱབ་པའི་ཡེ་ཤེས་ལ། །རང་གསལ་ཆོས་ཉིད་རྟོག་མེད་རྫོགས། །འཛིན་མེད་ཆོས་ཉིད་རང་གསལ་ལ། །


DNG025_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་མེད་ཆོས་རྣམས་མ་འདྲེས་རྫོགས། །མ་བཅོས་ཤར་གྲོལ་གདལ་བ་ལ། །ས་བཅུ་རྟགས་དང་རིམ་པ་རྫོགས། །ཡེ་ཤེས་སྣང་བ་ལམ་མེ་ལ། །མངོན་ཤེས་རྫུ་འཕྲུལ་ཐམས་ཅད་རྫོགས། །ཆོས་ཉིད་ཡེ་ཀློང་ཆེན་པོ་ལ། །ཁྲེགས་ཆོད་ངང་དུ་ཐོད་རྒལ་རྫོགས། །སྐུ་ལ་གོམས་པའི་རྣལ་འབྱོར་ལ། །འགྲོ་དྲུག་གཟུགས་སྣང་ལོངས་སྐུར་རྫོགས། །རིག་པ་ཉིད་ལ་སུ་གོམས་པ། །འདི་ནི་ཆོས་རྣམས་ཟད་པར་རྫོགས། །ཆོས་རྣམས་ཟད་པའི་སྣང་བ་ལ། །སྣང་སྟོང་དབྱེ་བསལ་མེད་པར་རྫོགས། །རང་རིག་ཡིན་ཕྱིར་སྣང་བ་རྫོགས། །རང་བྱུང་ཡིན་ཕྱིར་གཞི་ཡང་རྫོགས། །སྣང་བ་ཡིན་ཕྱིར་ཡུལ་ཡང་རྫོགས། །རང་གྲོལ་ཡིན་ཕྱིར་རང་རིག་རྫོགས། །རང་སྣང་ཡིན་ཕྱིར་ལམ་ཀུན་རྫོགས། །རང་རིག་ཡིན་ཕྱིར་ཤེས་བྱ་རྫོགས། །རང་ཁྱབ་ཡིན་ཕྱིར་འབྲས་བུ་རྫོགས། །རང་སངས་ཡིན་ཕྱིར་རྒྱུ་རྐྱེན་རྫོགས། །རང་རྟོགས་ཡིན་ཕྱིར་ཆོས་ཉིད་རྫོགས། །རང་བྱུང་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་ཕྲིན་ལས་རྫོགས། །རང་ཡེ་ཐོབ་ཕྱིར་དབང་རྣམས་རྫོགས། །རང་དག་ཡིན་ཕྱིར་དམ་ཚིག་རྫོགས། །རང་ཤེས་ཡིན་ཕྱིར་གདམས་ངག་རྫོགས། །རང་བཞིན་ཡིན་ཕྱིར་བསམ་གཏན་རྫོགས། །རང་ཆས་ཡིན་ཕྱིར་དུས་གཅིག་རྫོགས། །ཞེས་གསུངས་ནས་ལྷན་ནེར་བཞུགས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སྣང་གཞི་རང་སར་རྫོགས་ཚུལ་གྱི་ལེའུ་སྟེ་ཞེ་གཅིག་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །དེ་ལྟ་བུ་རུ་རྫོགས་ནའང་། །འབྲས་བུ་ཐོབ་མེད་ཐོབ་ཚུལ་རྣམས། །འདུས་པའི་འཁོར་ལ་བཀའ་སྩོལ་ཅིག །སྟོན་པས་གསན་དགོངས་བཀའ་སྩལ་པ། །ཀྱེ་ཧོ་རིག་མདངས་འཁོར་རྣམས་ཉོན། །འབྲས་བུ་ཐོབ་ཚུལ་འདི་ལྟར་རོ། །ཤེས་སུ་མེད་པའི་ཆོས་སྐུ་ཤེས། །བརྗོད་དུ་མེད་པའི་མན་ངག་ལ། །གཟུང་དུ་མེད་པའི་རིག་པ་ཟིན། །བཤད་དུ་མེད་པའི་ཆོས་ཉིད་ལ། །ཐོབ་ཏུ་མེད་པའི་


DNG025_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཐོབ། །ཡི་གེ་མེད་པའི་རྒྱུད་ཆེན་ལ། །བཤད་དུ་མེད་དེ་རྩལ་ཡང་རྫོགས། །ཆོས་ཀུན་མ་བསླབས་པ་ལ་ཤེས། །མ་བསྒོམས་ཡེ་ནས་ཏིང་འཛིན་ཐོབ། །ལུང་དང་རིག་པ་དུས་གཅིག་རྫོགས། །སྔགས་དང་ཕྱག་རྒྱ་དཀྱིལ་འཁོར་ལྷ། །མཆོད་དང་དབང་དང་དམ་ཚིག་ནི། །མ་བཙལ་ཅོག་བཞག་ཆེན་པོར་ཐོབ། །འདས་དང་མ་འོངས་ད་ལྟ་རྣམས། །སྐད་ཅིག་ཆ་ལ་དུས་གསུམ་རྫོགས། །ས་དང་ལམ་དང་ཚོགས་རྣམས་ནི། །བགྲོད་སྦྱངས་བསག་མེད་སྐད་ཅིག་ཐོབ། །གཞི་དང་ལམ་དང་འབྲས་བུ་ནི། །ཇི་ལྟར་གནས་པའི་ཚུལ་ན་རྫོགས། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །སྙོག་མེད་རང་སར་ཉིད་ན་བདེ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །མ་སྐྱེས་རྫོགས་པའི་ཚུལ་ན་ཐོབ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །མ་བརྟེན་འཁོར་བའི་ཚུལ་དུ་རྫོགས། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ཡེ་རྫོགས་ལྷུན་གྲུབ་ཆེན་པོར་གནས། །སྣང་དང་སྟོང་དང་དབྱེར་མེད་ནི། །མ་བྱས་ཡེ་རྫོགས་ཉིད་དུ་གནས། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་ཡེ་རྫོགས་ཚུལ་དུ་ཐོབ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །རྒྱ་རུ་མེད་པའི་སངས་རྒྱས་ཐོབ། །འདའ་རུ་མེད་པའི་མྱང་འདས་ཐོབ། །དྲི་མ་མེད་དེ་ཀ་ནས་དག །ཐོག་མར་བྱུང་བས་རྒྱུད་པ་ཟབ། །ལྟ་དང་བྲལ་བས་རྩིས་ལས་འདས། །དུག་གི་རྒྱུ་རྐྱེན་བདེ་བ་ཆེ། །བརྗོད་པའི་རྒྱུ་མེད་སྨྲ་བསམ་འདས། །ཡེ་ནས་རང་རིག་རྣམ་པར་དག །ཟག་པ་ཟད་པས་རྡོས་བཅས་མེད། །གཉིས་ཀྱི་འཕེལ་མེད་ངོ་བོ་ཉིད། །ཆོས་དང་བྲལ་བས་མཐའ་ལས་འདས། །རྟོག་མེད་གསལ་བས་འགྱུ་བ་སངས། །བེམ་རིག་གཉིས་མེད་ཚོགས་གཉིས་རྫོགས། །འགྲན་པའི་ཟླ་མེད་ཅོག་བཞག་ངང་། །ངོ་ལྐོག་མཚན་མ་གདོད་ནས་མེད། །འགྱུར་བ་མ་ཡིན་དྲང་པོར་གནས། །ཡོངས་ལ་ཁྱབ་པས་སེམས་གཅིག་པོ། །གྲུབ་མཐའ་རྫོགས་པའི་སྤྱི་ཕུད་ཡིན། །ཐོག་མ་བར་དང་མཐའ་མ་གྲུབ། །དེ་ལྟར་འབྲས་བུ་འཁྲུལ་མེད་གཞི། །རང་རིག་ཡེ་ནས་འོད་ཟེར་གསལ། །སྐུ་གསུམ་ཡེ་ནས་


DNG025_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྐྱེད་རྫོགས། །འབྲས་བུ་རང་གནས་ཆེན་པོའོ། །ཨ་ཧོ་རིག་མདངས་འཁོར་རྣམས་ཉོན། །ཡེ་རྫོགས་ཡེ་ཡིན་སྐུ་གསུམ་ལ། །ཆོས་ཀྱིས་དེ་ལ་བཅོས་སུ་མེད། །གྲུབ་མཐའ་ཡེ་ནས་སྐྱོན་དང་བྲལ། །དུག་ལྔས་ཡེ་ནས་གོས་པ་མེད། །འཁོར་འདས་འདུ་འབྲལ་ག་ལ་ཡོད། །མངོན་སུམ་གསལ་བས་བརྗིད་རེ་ཆེ། །སྣང་བ་སྣ་ཚོགས་ལྷུན་རེ་སྡུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་ཡངས་པ་ཆེ། །རང་བཞིན་ཀུན་ཁྱབ་གདལ་བ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཡེ་མདངས་བཀྲག་རེ་བཟང་། །གནས་པ་ཐོགས་མེད་བང་རེ་མགྱོགས། །རིག་པ་རང་སྣང་འོད་རེ་གསལ། །སྟོན་པ་ཀུན་འབྱུང་ངོ་རེ་མཚར། །སྣང་སྲིད་གཞི་བཞེངས་དཔངས་རེ་མཐོ། །འབད་མེད་རང་གསལ་རྒྱ་རེ་ཆེ། །མ་བཀོད་རང་ཤར་བྲིས་རེ་ལེགས། །གཞི་སྣང་ཆེན་པོ་ངོ་མཚར་ཆེ། །འཁོར་འདས་གཉིས་པོ་འདྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་རྩིག་པ་མཁས། །རང་བཞིན་གནས་པའི་ངོ་བོ་ལ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མ་རིག་མེད་ཅིང་འཁྲུལ་པ་མེད། །སེམས་མེད་ཡིད་ཀྱང་ཡོད་མ་ཡིན། །དགྲ་དང་བཤེས་མེད་རྒྱུ་རྐྱེན་མེད། །ཕུང་པོ་མེད་ཅིང་ཁམས་ཀྱང་མེད། །ཡུལ་མེད་འཛིན་པར་བྱ་བ་མེད། །དབང་པོ་མེད་ཅིང་ཡུལ་ཡང་མེད། །གཟུང་བར་བྱ་བའི་འཛིན་པ་མེད། །དམིགས་མིང་ཡང་མེད་གཞལ་ཡས་ཁང་ཡང་མེད། །ལྷ་མེད་མཆོད་པའི་ཡུལ་ལས་འདས། །གཞི་ལ་གོམས་པའི་རྣལ་འབྱོར་པས། །རང་གི་གནས་ཀྱང་རྟོགས་པར་འགྱུར། །ལམ་ལ་གོམས་པའི་རྣལ་འབྱོར་པས། །འབྱུང་བ་རགས་པའི་དྲི་མ་ཟད། །འབྲས་བུ་དག་ལ་སུ་གོམས་པ། །ཀ་དག་ས་ལ་འདི་ཡིས་ཕྱིན། །སངས་རྒྱས་འབྲས་བུ་འདི་ཡིས་ཐོབ། །སངས་རྒྱས་ལ་ཡང་གྲངས་མང་སྟེ། །རྣམ་པ་ལྔ་རུ་འདུས་པའོ། །ངོ་བོ་ཀ་དག་སངས་རྒྱས་དང་། །རང་བཞིན་ལྷུན་གྲུབ་སངས་རྒྱས་དང་། །ཐུགས་རྗེ་ཀུན་ཁྱབ་སངས་རྒྱས་དང་། །འབྲས་བུ་རྒྱུ་དག་སངས་རྒྱས་དང་། །མཚན་མ་ཡོངས་གྲོལ་སངས་རྒྱས་སོ། །


DNG025_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རྣམ་པ་གཉིས་སུ་འདུས། །ཡང་དག་རྫོགས་པའི་སངས་རྒྱས་དང་། །མངོན་པར་རྫོགས་པའི་སངས་རྒྱས་གཉིས། །ཡང་དག་རྫོགས་པའི་སངས་རྒྱས་ནི། །ངོ་བོ་སྐུ་རུ་རྒྱས་པ་དང་། །རང་བཞིན་འོད་དུ་རྒྱས་པ་དང་། །ཐུགས་རྗེ་ཟེར་དུ་རྒྱས་པའོ། །མངོན་པར་རྫོགས་པའི་སངས་རྒྱས་ནི། །སྐུ་དང་གསལ་དང་འཇའ་དང་འོད། །མངོན་སུམ་གསལ་ན་རྒྱས་པའོ། །ཐོག་མར་མ་རིག་པ་ཡི་སེམས། །རིག་པས་བསྐྱེད་པའི་ལུས་སེམས་འདི། །ཡེ་ཤེས་ཉིད་ཀྱི་ངོ་བོ་སྟེ། །འབྱུང་ལྔ་ཡེ་ཤེས་ལྔ་ལ་ཐིམ། །ལྷག་མ་མེད་པར་སངས་རྒྱས་སོ། །དེ་ཡི་ཐུགས་རྗེའི་ཆ་ཙམ་ལས། །གཞན་དོན་དཔག་མེད་འབྱུང་བའོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཀྱི་ལེའུ་སྟེ་ཞེ་གཉིས་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེས་ཡང་ཞུས་པ། ཀྱེ་ཧོ། ལྟ་སྒོམ་སྤྱོད་པའི་བདག་ཉིད་ཀུན་ཏུ་བཟང་། །ཡེ་རྫོགས་ཆེན་པོའི་འབྲས་བུ་བསྟན་གྱུར་ཀྱང་། །ད་རུང་ལྟ་སྒོམ་སྤྱོད་པའི་དོན་མ་བསྟན། །ཀློང་ཆེན་ཡངས་པའི་ཐུགས་ཀྱི་སྒོ་ཕྱེ་ལ། །བལྟ་དང་མི་བལྟ་ཀུན་བཟང་ཡངས་པའི་ཀློང་། །སངས་རྒྱས་ཀུན་གྱི་དགོངས་པ་རབ་གསལ་བ། །འདུས་པའི་ཚོགས་ལ་ཀློང་ནས་དགྲོལ་དུ་གསོལ། །ཞེས་ཞུས་སྟོན་པས་བཀའ་སྩལ་པ། །ཀྱེ་ཧོ་སེམས་དཔའ་རྡོ་རྗེ་རྩལ་སོགས་ཉོན། །བསམ་གྱིས་མི་ཁྱབ་བརྒྱད་ཁྲི་བཞི་སྟོང་དང་། །གསུང་རབ་བཅུ་གཉིས་སྡེ་སྣོད་རྒྱུད་ཀུན་སྩོགས། །ཐེག་པའི་ཁྱད་པར་གྲུབ་པའི་མཐའ་རྣམས་ཀུན། །ཀུན་བཟང་ཆོས་ཀྱི་དབྱིངས་ཆེན་ཀློང་ནས་བཀྲོལ། །ལྟ་བའི་ཀློང་ཆེན་རབ་འབྱམས་ལ་བཟླ་བ། །ཉན་ཐོས་རང་རྒྱལ་ཐེག་ཆེན་མདོ་སྡེ་དང་། །སྤྱི་དང་ཁྱད་པར་ལྟ་བའི་བྱེ་བྲག་རྣམས། །ཡེ་ཀློང་ཆེན་པོའི་དོན་ལ་བསྒྲིབས་འགྱུར་ཅིང་། །སངས་རྒྱས་ལྟ་དགོངས་ཕྱིན་ཅི་མ་ལོག་པ། །དེ་ཡིས་དོན་ལ་དབབ་པར་རབ་ཏུ་དཀའ། །བརྟག་པར་དཀའ་ལ་བརྗོད་པའི་ཐ་སྙད་བྲལ། །དཔེ་དང་གཏན་


DNG025_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ལུང་རིགས་ཀུན་གྱིས་ཀྱང་། །འདི་ཞེས་མཚོན་པར་ཚིག་ཏུ་བརྗོད་དང་བྲལ། །བརྗོད་མེད་དོན་ཉིད་ཀློང་ཆེན་རབ་འབྱམས་དོན། །ཆོས་ཉིད་སྐྱེ་མེད་ཀློང་ཡངས་འཁྱིལ་པའི་སྐུ། །ངང་ངམ་ཤུགས་ཀྱིས་བྱིན་གྱིས་རླབས་ཀྱིས་རྟོགས། །ཀུན་ཏུ་བཟང་པོའི་ཆོས་ཀྱི་དབྱིངས་ཀློང་ནས། །བཀྲོལ་ཞིང་བཤད་པ་ལྟ་བའི་ཀློང་ཆེན་འདི། །ལས་དང་སྐལ་ལྡན་རྣམས་ཀྱིས་རྟོགས་པར་གྱིས། །ཆོས་ཉིད་ཀློང་རྡོལ་ལྟ་བ་ཡེ་ཀློང་ཆེ། །འཁོར་འདས་ཐམས་ཅད་རིག་པའི་བྱང་ཆུབ་སེམས། །ཡུལ་ཉིད་རྣམ་སྤངས་སྒྲོ་སྐུར་བྲལ་བའི་ཀློང་། །སེམས་ཉིད་སྟོང་པ་ངོས་བཟུང་ཀུན་ཏུ་བྲལ། །མེད་པ་མ་ཡིན་རོལ་པ་འགག་པ་མེད། །རང་བཞིན་སྐྱེ་བ་མེད་ཅིང་བརྗོད་དང་བྲལ། །སྐྱེ་མེད་རོལ་པ་གཉིས་མེད་གཉིས་སུ་མེད། །དེ་ཉིད་སྤྲོས་པའི་མཐའ་རྣམས་ཀུན་དང་བྲལ། །ཕྱོགས་རིས་མེད་པ་ལྟ་བ་ཡངས་པའི་ཀློང་། །མ་འགགས་ཤར་བ་རང་བྱུང་ཡེ་ཤེས་ཉིད། །རྒྱུ་དང་རྐྱེན་བྲལ་རྟག་པ་ཆེན་པོའི་སྐུ། །རྟོགས་པའི་ཀློང་ཆེན་རབ་འབྱམས་དོན་རྟོགས་ན། །སྐད་ཅིག་གྲོལ་འགྱུར་ཡང་སངས་རྒྱས་འགྱུར་ཞིང་། །རང་བཞིན་ཀ་དག་སྤྲོས་པའི་མཚན་མ་བྲལ། །མ་འདྲེས་ཡོངས་རྫོགས་ནམ་མཁའི་གཟུགས་བརྙན་བཞིན། །ཐམས་ཅད་མཉམ་ཉིད་ཀློང་དུ་རོ་གཅིག་གོ། །རྣམ་པར་དག་པའི་དེ་ཉིད་ཡེ་ཤེས་དོན། །འདི་ལྟར་སངས་རྒྱས་ཡེ་ནས་རྣམ་པར་དག །ལྷུན་གྱིས་གྲུབ་པའི་སངས་རྒྱས་བདེ་བ་ཆེ། །ཉོན་མོངས་ལྔ་ཉིད་ཡེ་ཤེས་ལྔ་པོ་སྟེ། །དུག་གསུམ་སྐུ་གསུང་ཐུགས་སུ་རབ་རྟོགས་པས། །ངོ་མཚར་རྨད་བྱུང་སྡུག་བསྔལ་ཟུག་རྔུ་ཞི། །ཀློང་ཆེན་རབ་འབྱམས་ཨ་ཏི་ཡོ་གའི་ལུང་། །ཀུན་ཀྱང་རབ་གསལ་ཐེག་པ་ཀུན་གྱི་དོན། །ལྟ་བའི་མཐར་ཐུག་དགོངས་པའི་ཞེ་ཕུགས་འདི། །མཐའ་ཡི་མུན་གསལ་ཀློང་ཆེན་ཡངས་པའོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ལྟ་བ་རྒྱ་མཚོ་ཀློང་རྡོལ་བའི་ལེའུ་སྟེ་ཞེ་གསུམ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ།


DNG025_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་སེམས་དཔའ་རྡོ་རྗེ་རྩལ་གྱིས་གསོལ་པ། ཀུན་ཏུ་བཟང་པོ་རབ་འབྱམས་ཀློང་ཆེན་ཡངས། །ཡེ་ནས་དངོས་པོའི་གཞི་ཉིད་དག་པ་ལ། །སྒོམ་དང་མི་བསྒོམ་ཐ་སྙད་ཀུན་ལས་གྲོལ། །སྒོམ་པའི་དོན་ཉིད་ཀློང་ནས་དགྲོལ་དུ་གསོལ། །ཞུས་པའི་ལན་དུ་སྟོན་པས་བཀའ་སྩལ་པ། །དེ་ཉིད་དོན་རྟོགས་ཀློང་ནས་ཀུན་ཀྱང་གསལ། །སྒོམ་དང་མི་བསྒོམ་ཐ་སྙད་ཀུན་དང་བྲལ། །རང་བཞིན་འོད་གསལ་ངང་གིས་མ་གཡོས་ཀྱང་། །རང་སེམས་དྲི་མེད་འོད་གསལ་སྙིང་པོའི་དོན། །མ་ནོར་མ་བཅོས་སྤྲོས་དང་བྲལ། །བློ་ཡི་བཞག་ཐབས་ཇི་བཞིན་ཉིད་དུ་བདེ། །ཟབ་མོ་ཀློང་ཡངས་འཁྱིལ་པའི་དོན་ཉིད་ལ། །བྱིང་རྨུགས་རྒོད་དང་འཕྲོ་བ་ཀུན་སྤངས་ཤིང་། །སྨྲར་མེད་ཀློང་དུ་བསྡིམ་པའི་རྣལ་འབྱོར་པས། །མཚོན་དང་མ་མཚོན་མེད་པའི་ཐག་ཆོད་དེ། །སྒོམ་དང་བསྒོམ་པར་བྱ་བ་མ་རྙེད་པས། །བྱིང་རྒོད་རྣམ་རྟོག་དགྲ་བོ་གསང་མི་དགོས། །རྟོག་པའི་ཀློང་དུ་འདྲིས་པ་སྒོམ་པའི་མཆོག །སྒོམ་པ་ཀློང་དུ་གྱུར་པ་ཕ་རོལ་ཕྱིན། །རྣམ་པར་མི་རྟོག་རྟོག་པའི་ཡུལ་ལས་འདས། །གཟུང་དང་འཛིན་སྤངས་བྱང་ཆུབ་སེམས་ཉིད་དོན། །ཇི་བཞིན་གཏན་ལ་ཕབ་པ་མཉམ་པར་བཞག །ཡུལ་གྱིས་མི་འཕྲོག་མ་བཅོས་ལྷུག་པ་དེ། །སྒོམ་པའི་ངོ་བོ་ཉམས་སུ་མྱོང་བའི་དཔེ། །ལུས་ངག་སེམས་ཀྱི་སྡུག་བསྔལ་ལས་གྲོལ་ཞིང་། །བྱང་ཆུབ་སེམས་ཀྱི་སྒོམ་པའི་དོན་རྟོགས་ན། །དྲོད་རྟགས་ཆོ་འཕྲུལ་ཀུན་ཀྱང་ཤུགས་ལས་འབྱུང་། །གོལ་སྒྲིབ་མ་སྤངས་རང་སར་དག་འགྱུར་ཞིང་། །ཀློང་ཆེན་རབ་འབྱམས་ཀློང་དུ་གྱུར་པའི་ཚེ། །དེ་ཉིད་རྒྱལ་བ་ཀུན་དང་རབ་མཉམ་ཞིང་། །བདེ་གཤེགས་སྐུ་གསུང་ཐུགས་དང་མཉམ་པར་འགྱུར། །བྱང་སེམས་དྲང་པོར་གནས་དང་བརྟན་ཅིང་གོམས། །དེ་ཉིད་བོགས་དབྱུང་བསྒོམ་པར་བྱ་བ་དང་། །མཁའ་ལ་ཉི་ཤར་ཇི་བཞིན་གསལ་བ་སྟེ། །སྣང་བའི་ཐུག་ཕྲད་གང་གང་དེ་དེ་ཉིད། །གཟུང་འཛིན་མཚན་མ་རང་གྲོལ་ཤེས་པར་བྱ། །སེམས་ཉིད་ཅོག་བཞག་དྲན་མེད་རང་སར་བཞག །རྒྱ་མཚོ་བཞིན་དུ་རབ་ཟབ་གཡོ་འགུལ་མེད། །


DNG025_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོའི་རྒྱུན་བཞིན་རིག་པ་རྒྱུན་འཆད་མེད། །རྡོ་རྗེ་ལྟ་བུའི་ཏིང་འཛིན་འཕོ་འགྱུར་མེད། །དབང་པོ་རྣོ་རྟུལ་རིམ་དང་ཅིག་ཆར་དུ། །ཉམས་སུ་བླངས་པས་སྒོམ་པའི་བྱེ་བྲག་ཀུན། །ཀུན་བཟང་ཐུགས་ཀྱི་ཀློང་ནས་བཀྲོལ་ཞིང་བསྟན། །སྒོམ་པ་ཀློང་ཡངས་ཁྱབ་གདལ་ཆེན་པོའོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་ཡངས་པའི་རྒྱུད་ཆེན་ལས། སྒོམ་པའི་དོན་ཀློང་ནས་བཀྲོལ་བའི་ལེའུ་སྟེ་ཞེ་བཞི་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་རྩལ་གྱིས་གསོལ། །རྒྱལ་བའི་རྒྱ་མཚོ་ཀུན་ཏུ་བཟང་། །ཆོས་དབྱིངས་དག་པའི་ཡེ་ཀློང་ཆེན་པོ་ལ། །བྱ་དང་མི་བྱ་ལུས་ངག་སྤྱོད་པའི་དོན། །བྱར་མེད་ལྷུག་པའི་དོན་ཉིད་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྟ་བ་ཡེ་ཀློང་ཆེན་པོའི་དོན་རྟོགས་ནས། །ཇི་བཞིན་བསྒོམ་པའི་ངང་ལ་གནས་གྱུར་པས། །ལུས་ངག་ཡིད་ཀྱི་སྤྱོད་པ་ཀུན་བཟང་ཀློང་། །ཡངས་པ་ཆེན་པོ་བྱ་བཙལ་ཀུན་བྲལ་ཀྱང་། །ལྟ་བའི་རྩིས་ཟིན་སྤྱད་ན་ཀུན་ཀྱང་བཟང་། །དབྱིངས་དང་ཡེ་ཤེས་ངང་ལས་མ་གཡོས་ཀྱང་། །ཐབས་མཁས་ཐུགས་རྗེའི་མཛད་སྤྱོད་བསམ་མི་ཁྱབ། །སྤྱོད་པ་ཇི་སྙེད་བསམ་ཡས་དེ་སྙེད་ཀུན། །ཐབས་ཀྱིས་ཀུན་སྤྱོད་གདེང་གིས་ཟིན་པར་སྤྱད། །ཆེད་དུ་བྱར་མེད་དོན་ལ་བཀག་མེད་ཀྱང་། །བྱ་བ་མེད་པས་གྲོལ་བ་སྒྲོལ་བར་བྱ། །ཀུན་འཁོལ་ཀུན་སྤྱོད་བདག་ཉིད་ཆེན་པོར་སྤྱད། །འདི་ལ་བརྟུལ་ཞུགས་ལ་སོགས་སྔགས་རྣམས་མེད། །བྱ་བ་མེད་པས་ལས་རྣམས་ཀུན་ཀྱང་བྲལ། །ལྷུན་གྲུབ་བླང་དོར་མེད་དེ་རང་བྱུང་ཀློང་། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །དུས་དང་རྣམ་པ་ཀུན་ཏུ་ཤུགས་ཕྱུང་སྤྱད། །ཡ་ངའི་སྤྱོད་པ་ལ་སོགས་ཀུན་ཀྱང་སྤངས། །ཆེད་དུ་བྱར་མེད་དོན་ལ་མ་བཀག་ཀྱང་། །འགལ་བའི་སྤྱོད་པ་ཀུན་ཀྱང་རྣམ་པར་སྤངས། །སྨྱོན་པ་ལྟ་བུའི་བརྟུལ་ཞུགས་རབ་སྤང་ཞིང་། །ལུས་ངག་ཡིད་ཀྱི་སྤྱོད་པ་རྩོལ་དང་བྲལ། །སྦྱང་བགྲོད་སྤྱོད་པས་འཆིང་འགྱུར་ཅི་བྱར་ཡོད། །འོན་ཀྱང་དགེ་བའི་ཆོས་སྤྱོད་ཀུན་ལ་ཡང་། །མ་ཆགས་


DNG025_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོའི་སྟོབས་ཀྱིས་གྲོལ་བར་འགྱུར། །སྤྱོད་པ་སྤྱད་དུ་ཡོད་པའི་དངོས་གཞི་ལ། །མེད་པའི་ཕྱོགས་འཛིན་མ་སྤངས་པ་ཡིས་སྤྱོད། །སྤྱད་དུ་མེད་པ་ཆེན་པོའི་དངོས་གཞི་ལ། །ཡོད་པའི་ཕྱོགས་འཛིན་མ་སྤངས་པ་ཡིས་སྤྱོད། །སྤྱད་དུ་ཡོད་མེད་གཉིས་ཀའི་དངོས་གཞི་ལ། །གཉིས་མེད་ཕྱོགས་འཛིན་མ་སྤངས་པ་ཡིས་སྤྱོད། །གཉིས་མེད་སྤྱོད་པ་སྤྱད་པའི་དངོས་གཞི་ལ། །གཉིས་ཀའི་ཕྱོགས་འཛིན་མ་སྤངས་པ་ཡིས་སྤྱོད། །མདོར་ན་གང་སྣང་གང་ཤར་དངོས་གཞི་ལ། །ཕྱོགས་འཛིན་མ་སྤངས་ཤུགས་འབྱུང་སྤྱོད་པར་གྲོལ། །ཀློང་ཡངས་འུབ་ཆུབ་བརྡལ་ཁྱབ་ཆེན་པོའི་ངང་། །སྤྱིར་ཆིབ་ཆེན་པོ་ས་བཅུ་འདུས་པའི་ཀློང་། །གཅིག་ཏུ་འདུས་པས་མཐོ་དམན་ཡོངས་ཀྱིས་མེད། །མཐོ་དམན་མེད་པས་ཡངས་དོག་མེད་པ་ཡིན། །མཐའ་དབུས་བྲལ་བས་ཕྱི་ནང་མེད་པར་སྤྱོད། །སྐྱེ་འགག་མེད་པས་དུས་གསུམ་སྤྱོད་པའི་ཀློང་། །དུས་གསུམ་མེད་པས་སྐྱེ་ཤི་མེད་པར་འབྱམས། །ཇི་སྙེད་ཤར་ཀྱང་གཡོ་བ་རྡུལ་ཙམ་མེད། །རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པའོ། །ཞེས་གསུངས་ནས་རང་ལས་ཐ་དད་མེད་པའི་སྐུ་གསུམ་གྱི་ཀློང་ན་སྐུ་ངོ་བོ་ངེས་མེད་དུ་སངས་རྒྱས། གསུང་ལྷུན་གྲུབ་གྲག་སྟོང་དུ་སངས་རྒྱས། ཐུགས་སྐྱེ་མེད་ཀ་དག་ཏུ་སངས་རྒྱས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སྤྱོད་པ་རྒྱ་མཚོ་བརྡལ་བ་ཆེན་པོའི་ལེའུ་སྟེ་ཞེ་ལྔ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །ལྟ་སྒོམ་སྤྱོད་འབྲས་དེ་ལྟ་ན། །ཨ་ཏི་ཆེན་པོ་འདི་ཉིད་ལ། །སེམས་ཅན་བློ་ཡི་ཁྱད་པར་གྱིས། །གོལ་ས་ཡོད་མེད་སྟོན་པས་གསུང་། །འདུས་པའི་འཁོར་རྣམས་ཉན་སྤྲོའོ། །ཞུས་པས་གསན་དགོངས་བཀའ་སྩལ་པ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །ལྟ་སྒོམ་རྣམས་ཀྱི་གོལ་ས་ནི། །སྟོང་པ་ཉིད་ལ་ཨ་འཐས་ན། །གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ། །དངོས་


DNG025_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཅན་དུ་འཐས་པ་ན། །གཟུགས་ཁམས་གནས་རིགས་བཅུ་བདུན་དང་། །བེམས་པོ་ལྟ་བུར་གོལ་བར་འགྱུར། །ལུ་གུ་རྒྱུད་ཀྱི་སྣང་བ་ལ། །རྟག་པ་ཅན་དུ་འཛིན་པ་ན། །ཆགས་པ་ཆེན་པོས་བཅིངས་པར་འགྱུར། །འགྲོ་དྲུག་གནས་སུ་དེ་གོལ་ལོ། །སྤྱོད་པ་དག་ལ་གོལ་ས་གསུམ། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །སྨྱོན་པ་ཐོ་ཅོ་སྤྱོད་པ་ན། །ནམ་མཁའ་ལྟ་བུར་མཐའ་ཡས་གོལ། །དོན་ལ་མྱང་མེད་ཁ་ཆོས་ཆེ། །མུ་སྟེགས་ལྟ་བུར་གོལ་བར་འགྱུར། །ཆོས་སྤྱོད་རྒྱུ་འབྲས་མི་བརྩི་ན། །ཐ་མལ་སྐྱེ་བོར་གོལ་བའོ། །སྒོམ་པ་དག་ལ་གོལ་ས་གསུམ། །བཏང་སྙོམས་བདག་མེད་བསྒོམ་པ་ན། །སྟོང་སྣང་མུན་སྣང་ཉིད་དུ་གོལ། །ཏིང་འཛིན་ཡིག་འབྲུ་སྒོམ་བྱེད་ན། །ཆགས་བཟུང་འཁོར་བའི་གནས་སུ་གོལ། །མི་རྟོག་སྟོང་པ་བསྒོམ་བྱས་ན། །ཆད་པ་མུ་སྟེགས་ལྟ་བུར་གོལ། །དེ་སོགས་གོལ་རྒྱུ་བསམ་ཡས་ཀྱང་། །གོལ་ས་རྟག་ཆད་གཉིས་སུ་འདུས། །དོན་ལ་གོལ་སྒྲིབ་མེད་ན་ཡང་། །ལམ་པའི་རྣལ་འབྱོར་ཉིད་ལ་ནི། །གནས་ངན་གྲོགས་ངན་ཡུལ་ངན་གསུམ། །གོལ་ས་ཆེ་བ་གསུམ་དུ་བཤད། །ཁ་རན་ཁོང་གྱོང་རང་རྒྱུད་ངན། །དུག་ལྔ་དུག་གསུམ་ལོ་འདབ་རྒྱས། །དེ་རྣམས་རང་རྒྱུད་གོལ་ས་ཡིན། །ཉམས་སུ་ལེན་པར་བྱེད་པ་ལ། །བར་ཆད་བདུད་ཀྱིས་འཁྱེར་བས་ན། །བདུད་ཀྱི་གོལ་ས་ཐམས་ཅད་གཅད། །ཕྱི་ནང་གསང་བའི་བདུད་གསུམ་སྟེ། །ཆོས་པ་རྣམས་ལ་ཆོས་མ་བདུད། །ཆོས་མ་རྣམས་ལ་ཆོས་པ་བདུད། །གཉིས་ཀའི་བདུད་དུ་འདོད་ཆགས་ཆེ། །ཐམས་ཅད་གཟུང་འཛིན་ཚེ་འདི་ཡི། །སྣང་བ་ཉིད་ལ་འཐས་པས་ལན། །རྩ་བ་བདུད་བཞི་ཆོད་པ་ན། །གོལ་ས་ཐམས་ཅད་ཆོད་པའོ། །ཆོས་སྐུ་གཟུང་འཛིན་ཕྱོགས་བྲལ་ལ། །མཚན་མའི་བདུད་དང་གོལ་སྒྲིབ་བྲལ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། གོལ་ས་བཅད་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ།


DNG025_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་། །གོང་ལྟར་གདམས་པ་བསྟན་ན་ཡང་། །སྣང་བ་བཞི་པོ་མ་རྫོགས་ཤིང་། །གལ་ཏེ་གདམས་པའི་གནད་ཡོད་ཀྱང་། །བྱ་བ་ལེ་ལོས་གཡེངས་པ་རྣམས། །ཉམས་སུ་ལེན་ལོང་མེད་པ་རུ། །བར་ཆད་རྐྱེན་གྱིས་འཆི་བ་ན། །འདི་ལ་འཆི་རྟགས་བསླུ་བའི་ཐབས། །བར་དོའི་གདམས་པ་བསྟན་དུ་གསོལ། །གསན་དགོངས་སྟོན་པས་བཀའ་སྩལ་པ། །ཀྱེ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །བར་དོ་ཞེས་བྱ་ཆོས་སྤྱིའི་སྐད། །འདི་རུ་ཆོས་ཀུན་མ་འདུས་མེད། །དེ་ལ་བར་དོའི་དབྱེ་བ་དང་། །ཆོས་ཉིད་ས་མཚམས་སྣང་ལུགས་སོ། །དེ་ལ་དབྱེ་བ་བཞི་ཡིན་ཏེ། །དང་པོ་སྐྱེ་གནས་བར་དོ་དང་། །འཆི་ཁ་སྡུག་བསྔལ་བར་དོ་དང་། །ཆོས་ཉིད་ཞི་ཁྲོའི་བར་དོ་དང་། །སྲིད་པར་འཁྱམས་པའི་བར་དོའོ། །གཉིས་པ་ཆོས་ཉིད་བར་དོ་ནི། །རང་ལུས་འདོམ་གང་གྲུ་བཞི་འདི། །ཁམས་རྣམས་དང་ནི་ཕུང་པོ་དང་། །སྐྱེ་མཆེད་རྣམས་དང་དབང་པོ་དང་། །ཡུལ་དང་ཡུལ་ཅན་ཉོན་མོངས་རྣམས། །ཇི་ལྟར་གནས་པ་གཏན་ལ་དབབ། །འདི་དག་ཤེས་པའི་རྣལ་འབྱོར་པས། །སྣང་བ་ཐམས་ཅད་དབང་སྒྱུར་ནུས། །ཁམས་ལ་རྣམ་པ་གཉིས་ཡིན་ཏེ། །ཡུལ་གྱིས་བསྡུས་པ་ཕྱི་ཡི་ཁམས། །སེམས་ཀྱིས་བསྡུས་པ་ནང་གི་ཁམས། །ཁམས་ཀྱི་རྣམ་པ་དེ་དག་ཀྱང་། །ཡུལ་ཀུན་འཛིན་པ་འཁྲུལ་པའོ། །ཕུང་པོ་རྟོག་པ་དང་བཅས་པ། །དངོས་པོ་ཐམས་ཅད་གཅིག་ཏུ་སྡུད། །རྟོག་པ་མེད་པའི་ཕུང་པོ་འདི། །བསམ་གཏན་གཅིག་འདུས་ཏིང་འཛིན་ནི། །སྐྱེ་མཆེད་གཟུང་འཛིན་གཉིས་ཡིན་ཏེ། །གཟུང་བའི་སྐྱེ་མཆེད་བཅུ་གཉིས་དང་། །འཛིན་པའི་སྐྱེ་མཆེད་བཅུ་གཉིས་སོ། །དབང་པོ་གཟུགས་ཀྱི་ཆ་འཛིན་དང་། །ཤེས་རབ་ཆ་འཛིན་དབང་པོའོ། །ཡུལ་ལ་དངོས་པོའི་ཡུལ་དང་ནི། །དངོས་པོ་མེད་པའི་ཡུལ་གཉིས་སོ། །ཡུལ་ཅན་ཐམས་ཅད་རྣམ་པར་དག །དག་ཅེས་བྱ་བ་ཆོས་ཟད་དོ། །ཉོན་མོངས་པ་ནི་དྲུག་ཡིན་ཏེ། །མ་རིག་གཏི་


DNG025_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མུག་ཞེ་སྡང་དང་། །ང་རྒྱལ་འདོད་ཆགས་ཕྲག་དོག་གོ། །འཆི་ཁ་མ་ཡི་ཆོས་ཉིད་ནི། །འཆི་རྐྱེན་ནད་ཀྱིས་འབྱུང་བ་འཁྲུགས། །ལུས་ངག་ཡིད་གསུམ་སྡུག་བསྔལ་ཏེ། །འཛིན་ཆགས་ཞེན་པའི་མཚོ་རྡོལ་ནས། །ལུས་སེམས་བྲལ་གྱིས་དོགས་པ་ཡིས། །སྡུག་བསྔལ་ཤིན་ཏུ་རགས་པ་སྟེ། །བན་བུན་དང་ནི་ལང་ལོང་དང་། །ཤེས་པ་གཅིག་ཏུ་མི་གནས་པའོ། །ཆོས་ཉིད་བར་དོའི་ཆོས་ཉིད་ནི། །ཕུང་པོ་མེད་ཅིང་ཟག་བཅས་བྲལ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །ཡེ་ཤེས་འོད་དང་ཁ་དོག་དང་། །ཐིག་ལེ་མཆེད་དང་འབྱུང་སྣང་དག །སྣང་བ་ཐམས་ཅད་བདེ་ཆེན་ཞིང་། །རང་སྣང་དག་པར་ཀུན་སྣང་སྟེ། །ཅིར་སྣང་ཆོས་ཉིད་གཞལ་ཡས་སོ། །སྲིད་པ་བར་དོའི་ཆོས་ཉིད་ནི། །ཤ་ཁྲག་རང་གི་གཟུགས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་དེས། །ཆོས་ཉིད་བདེན་པའི་དོན་མ་མཐོང་། །འོད་སྣང་ཀུན་ལ་དྲེད་སྔངས་ནས། །སྟོང་གསུམ་ཀུན་ཏུ་ཡིད་ཀྱིས་རྒྱུ། །བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན། །ཕྱད་ཕྱོད་ཡད་ཡུད་སྙོམས་ཤིང་འཇུག །བན་བུན་ལང་ལོང་རྨི་ལམ་འདྲ། །ས་གཅིག་མི་ཚུགས་ཚིག་པ་ཟ། །གར་སླེབ་ལ་སོགས་རིགས་དྲུག་འོད། །སོ་སོའི་དམིགས་པ་སྣང་བའོ། །ས་མཚམས་སྐྱེ་གནས་བར་དོ་ནི། །མ་ལ་སྐྱེས་ནས་འཆི་རྐྱེན་གྱི། །ནད་ཀྱིས་བཏབ་པ་ཚུན་ཆད་དོ། །འཆི་ཁའི་བར་དོ་ནད་ཐེབས་ནས། །ནང་དབུགས་ཆད་པ་ཚུན་ཆད་དོ། །ཆོས་ཉིད་བར་དོ་དབུགས་ཆད་ནས། །ལྷུན་གྲུབ་སྣང་བ་ཤར་བའོ། །སྲིད་པ་བར་དོའི་ས་མཚམས་ནི། །ལྷུན་གྲུབ་སྣང་བ་ཡོངས་ཐིམ་ནས། །མངལ་དུ་ཚུད་པ་ཚུན་ཆད་དོ། །སྣང་ལུགས་གདམས་པའི་གནད་བཞི་བསྟན། །རང་བཞིན་སྐྱེ་གནས་བར་དོ་ལ། །ཤེས་བྱའི་གྲས་ཐག་གཅད་པར་བྱ། །འཆི་ཁ་མ་ཡི་བར་དོ་ལ། །གདམས་པ་རྣམས་ལ་གསལ་ཡང་གདབ། །ཆོས་ཉིད་ཞི་ཁྲོའི་བར་དོ་ལ། །རང་སྣང་ཀུན་ལ་ཡིད་ཆེས་བྱ། །སྲིད་པར་འཁྱམས་པའི་བར་དོ་ལ། །ལས་ཀྱི་འཕྲོ་མཐུད་ཞེན་ཆགས་སྤངས། །


DNG025_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སྐྱེ་གནས་བར་དོ་ཡི། །ཤེས་བྱའི་གྲས་ཐག་བཅད་པ་ལ། །མཚན་ཉིད་ལྡན་པའི་བླ་མ་བརྟེན། །ཐོས་པས་ཕྱི་ཡི་སྒྲོ་འདོགས་བཅད། །བསྒོམ་པས་ནང་གི་སྒྲོ་འདོགས་བཅད། །ཤེས་བྱས་ཡུལ་གྱི་གྲས་ཐག་བཅད། །འདུས་པས་སེམས་ཀྱི་གྲས་ཐག་བཅད། །སྣང་སེམས་གཉིས་མེད་གྲས་ཐག་བཅད། །གསང་བར་ཁྲེགས་ཆོད་གཏན་ལ་དབབ། །ཡང་གསང་ཐོད་རྒལ་གཏན་ལ་དབབ། །རྟགས་ཚད་གདེང་དང་ལྡན་པར་བྱ། །ཞེས་གསུངས་ནས་ལྷན་ནེར་བཞུགས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། བར་དོ་སྤྱིའི་རྣམ་གཞག་བསྟན་པ་དང་། སྐྱེ་ཤི་བར་དོའི་གདམས་པ་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། ( སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་། །སྐྱེ་གནས་བར་དོ་དེ་ལྟར་ན། །འཆི་ཁའི་བར་དོ་ཇི་ལྟར་འཆར། །སྟོན་པས་ལན་དུ་བཀའ་སྩལ་པ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །འཆི་ཁ་མ་ཡི་བར་དོ་ལ། །དང་པོ་འཆི་བ་བརྟག་ཅིང་བསླུ། །མ་ཟློགས་གདམས་པའི་གསལ་ཡང་གདབ། །འཆི་རྟགས་ཕྱི་ནང་གསང་གསུམ་སྟེ། །ཕྱི་ཡི་འཆི་ལྟས་མཚན་མ་ནི། །མི་མཐུན་ཕྱོགས་རྣམས་ཐོག་ཏུ་འབྱུང་། །དབང་པོ་མི་གསལ་ཚིག་པ་ཟ། །ནོར་དང་ལོངས་སྤྱོད་གོད་པ་དང་། །རང་སེམས་ཕྱད་ཕྱོད་རྨི་ལམ་འཁྲུག །དགེ་སྦྱོར་མི་ནུས་འདུག་མི་ཚུགས། །རྨི་ལམ་ངན་ཞིང་དྲེད་སྔངས་འབྱུང་། །གདམས་ངག་མི་གསལ་ལོག་ལྟ་སྐྱེ། །སྔར་སྤྱོད་འགྱུར་ཞིང་ཆགས་སྡང་རགས། །བར་ཆད་ཞུགས་པའི་རྟགས་ཡིན་ནོ། །ནང་དུ་འབྱུང་བའི་པྲ་འགྱུར་བས། །དེ་ཕྱིར་ནང་གི་ཚེ་གཟུགས་བརྟག །སྤྱི་གཙུག་རལ་ནག་མི་གསལ་དང་། །ཁ་དོག་སྣ་ཚོགས་ཡན་ལག་མེད། །དྲག་པོ་དབང་དང་ཞི་བའི་གཟུགས། །ཡན་ལག་འཁུམས་སམ་ཁ་དོག་ལ། །བར་ཆད་བྱུང་ན་ནང་གི་རྟགས། །གསང་བ་སེམས་ལ་འཆར་བ་སྟེ། །བླ་མ་ཡི་དམ་མཁའ་འགྲོ་འམ། །ཆོས་སྐྱོང་གཟུགས་ཀྱིས་ལུང་སྟོན་དང་། །མངོན་ཤེས་རྫུ་འཕྲུལ་ནུས་མཐུ་རྣམས། །


DNG025_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་མ་བྱས་སྟོན་པར་ནུས། །སྙིང་རྗེ་མི་འདུ་གཡེང་བ་སྐྱེ། །བརྒྱུད་དང་འཕྲལ་དངོས་འཇམ་རྩུབ་ཏུ། །རྣལ་འབྱོར་པ་ལ་བར་ཆད་བྱེད། །ང་རྒྱལ་ཕྲག་དོག་རེ་དོགས་དང་། །རློམ་སེམས་ཞེན་པའི་བདུད་ཀྱིས་ཁྱེར། །དེ་ཡིས་ཚེ་དང་མཆོག་ལ་སྒྲིབ། །རྣལ་འབྱོར་དོན་གཉིས་འགྲུབ་མི་འགྱུར། །དེས་ན་ཟབ་མོའི་གདམས་པ་འདི། །གཅེས་པར་གྱིས་ལ་ཡིད་ལ་ཟུང་། །དེ་ལྟར་ཕྱི་ནང་གསང་བ་ཡི། །འཆི་ལྟས་བྱུང་ན་བསླུ་བ་ནི། །ཕྱི་ཡི་འཆི་ལྟས་བྱུང་དུས་སུ། །བར་ཆད་ཡིན་པས་དྲན་པས་བཟུང་། །བསོད་ནམས་ཚོགས་སོགས་གྲུབ་ཚད་བྱ། །བླ་མ་བརྟེན་ཅིང་གསོལ་བ་བཏབ། །མོས་གུས་བསྐྱེད་ལ་དབང་བསྐུར་ཞུ། །ཟློག་པ་བསྐང་གསོ་དག་ལ་འབད། །དགེ་སྦྱོར་གདམས་པའི་གནད་ལ་འབུངས། །དེ་ཡིས་བར་ཆད་ཞི་བར་འགྱུར། །ནང་ལྟར་བྱུང་ན་བསླུ་བ་ནི། །གྲོ་ག་རས་སམ་ཤིང་ཤུན་ལ། །འབྱུང་བ་ལྔ་ཡི་འཁོར་ལོ་ནི། །རྩིབས་བཞི་ལྟེ་བ་མུ་ཁྱུད་བཅས། །ས་ཆུ་མེ་རླུང་ནམ་མཁའ་ཡི། །རང་རང་ས་བོན་རེ་རེ་དགོད། །མུ་ཁྱུད་ཨཱ་ལི་ཀཱ་ལིས་བསྐོར། །དེ་ལྟར་འཁོར་ལོ་ལྔ་བྲིས་ལ། །རང་རང་ས་བོན་ལོ་གྲངས་བཀོད། །འབྱུང་བའི་ལྷ་ལྔ་དགུག་ཅིང་བསྡིམ། །ཤིང་མེ་ས་ཆུ་སྣ་ཚོགས་དང་། །སེམས་ཅན་ཁ་རླངས་བསྒྲེས་པའི་ཟན། །ངར་གླུད་དབང་པོ་དོད་པར་བྱ། །ལོ་གྲངས་གླུད་ཀྱིས་ཟ་མ་བསྐོར། །གཏོར་མ་ཆང་བུ་དེ་ལྟར་རོ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །རྡོ་རྗེའི་ཚིག་བརྗོད་ཆུ་ལ་བསྐུར། །འཆི་བ་ལོ་གསུམ་བར་དུ་བཟློག །ཤིན་ཏུ་ཟབ་པས་ཉམས་སུ་བླང་། །གསང་བའི་འཆི་བ་བསླུ་བ་ནི། །མཐུན་རྐྱེན་བསོད་ནམས་སྐྱེས་པ་ལ། །རབ་ཀྱིས་ཆོས་ཉིད་རོལ་པར་ཁྱེར། །འབྲིང་གིས་ཞེན་ཆགས་སྒྱུ་མར་སྦྱང་། །ཐ་མས་རི་དྭགས་བཞིན་དུ་བྲོས། །མཆོག་ལ་བརྟན་པ་མ་ཐོབ་པར། །ཆོས་ཉིད་ངང་ལས་འགྱུར་མི་བྱ། །ཅིར་སྣང་རང་གི་སེམས་ཡིན་པས། །རང་དུ་ཐག་བཅད་ཡ་ང་སྤངས། །སེམས་ལ་བལྟས་པས་གྲུབ་པ་མེད། །དེ་ཡིས་


DNG025_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་ཞིག་པ་ཡིན། །འཁྲུལ་པ་ཞིག་ན་སངས་རྒྱས་ཡིན། །སྐད་ཅིག་དེ་ཡིས་གྲོལ་བར་འགྱུར། །གསང་བའི་འཆི་བ་བསླུ་བ་འདིས། །བདུད་ལས་རྒྱལ་ནས་བུཌྜྷའོ། །དུས་ལ་བབ་སྟེ་མ་བཟློག་ན། །སྐྱེས་བུའི་ལུས་ལ་ནད་བཏབ་ནས། །རྟགས་འདི་སུ་ལ་བྱུང་བ་དེ། །འཆི་བའི་དུས་ནི་ངེས་པ་ཡིན། །ས་ནི་ས་ལ་ཐིམ་པ་ན། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལངས་འདུག་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་གཡོབ། །མིག་ཀྱང་གྱེན་ལ་བཟློག་པའོ། །རྟགས་འདི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་ཏུ། །ངེས་པ་རུ་ནི་འགྲོ་བས་ན། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་འདྲིས་པར་བྱ། །དོན་འདི་རྣམས་ཀྱིས་གསལ་ཡང་གདབ། །གལ་ཏེ་དེ་དག་མི་གསལ་ན། །རང་གི་བླ་མ་བཞུགས་ན་རབ། །བླ་མ་མེད་ན་རྡོ་རྗེའི་སྤུན། །ལྟ་སྤྱོད་མཐུན་ཅིང་དམ་གཙང་བས། །ཤེས་པ་གསལ་ཡང་གདབ་པར་བྱ། །གལ་ཏེ་ཕྱི་དབུགས་ཆད་ན་ནི། །རླུང་སྦྱང་འཕོ་བའི་གནད་བྱས་ཏེ། །གདམས་པ་བཏབ་པས་ངེས་པར་ཐེབས། །གདམས་པའི་གནད་ནི་འདི་ལྟར་གདབ། །ཕུང་པོ་སེང་གེའི་ཉལ་ལུགས་བཅོས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་དང་ཤེས་པ་བར་སྣང་ལ། །དབྱིངས་དང་རིག་པ་མི་འགྱུར་གཏད། །ས་ལེ་ཧྲི་གེ་སང་ངེ་བཞག །སྒྲ་རྣམས་ཐམས་ཅད་རང་གི་སྒྲ། །འོད་ཟེར་ཐམས་ཅད་རང་གི་འོད། །སྣང་བ་ཐམས་ཅད་རང་སྣང་ངོ་། །གསལ་སྟོང་འཛིན་པ་མེད་པའོ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་འགྱུར། །གལ་ཏེ་དབྱིངས་ཉིད་མ་གསལ་ན། །བླ་མས་བར་དོའི་འོད་སྣང་རྣམས། །ཡང་ཡང་སྤྱི་བོར་ཁ་གཏད་བཤད། །བཏགས་གྲོལ་རྒྱུད་དང་གདམས་པ་རྣམས། །རྣ་བར་སྦུ་གུ་བཅུག་ལ་བཤད། །དེས་


DNG025_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བརྟན་པ་ཐོབ་པར་འགྱུར། །ཅེས་གསུངས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། འཆི་བ་བརྟག་པ་བསླུ་བ་དང་། འཆི་ཁ་བར་དོ་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ་འཆི་ཁའི་བར་དོ་དེ་ལྟར་ན། །ཆོས་ཉིད་བར་དོ་ཇི་ལྟར་ལགས། །སྟོན་པས་གསན་ནས་བཀའ་སྩལ་པ། །ཀྱེ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །ཆོས་ཉིད་བར་དོ་ཞེས་བྱ་བ། །དེ་དུས་རླུང་གིས་རྣམ་ཤེས་ལ། །ཐིམ་པས་ནང་དབུགས་འཆད་པར་འགྱུར། །རྣམ་ཤེས་ནམ་མཁའ་ལ་ཐིམ་པས། །ལུས་དང་སེམས་ཀྱི་འདྲེལ་བ་ཆད། །དབུགས་ནི་བར་སྣང་ཁམས་སུ་ཡལ། །ལུས་པོ་བེམ་པོར་ལིངས་ཀྱིས་འགྲོ། །རིག་པ་མེ་སྟག་ཡལ་བ་ལྟར། །འོད་གསལ་ཆོས་ཉིད་ས་རུ་སླེབ། །ནམ་མཁའ་འོད་གསལ་ལ་ཐིམ་པས། །ཕྱི་ཡི་ས་རྡོ་རི་བྲག་འགག །ནང་དུ་འོད་གསལ་ཆོས་ཉིད་འཆར། །སྔར་གྱི་ལུས་ཀྱི་བག་ཆགས་ཀྱིས། །རྡོས་བཅས་ལུས་འདི་མི་སྣང་ཀྱང་། །ཡོད་དོ་སྙམ་པའི་ཤེས་པ་འབྱུང་། །སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན། །བར་མཚམས་མེད་པ་འོད་ལྔའི་ཞིང་། །ཕྱི་ནས་བལྟས་པས་ནང་ཡང་གསལ། །ནང་ནས་བལྟས་པས་ཕྱི་ཡང་གསལ། །ལྟེམ་ལྟེམ་བཞིན་ནམ་མེར་མེར་བཞིན། །མནན་ན་ནེམ་ནེམ་བྱེད་པ་སྙམ། །བཏེགས་ན་འཕར་བར་སྙམ་པ་དང་། །ཤིན་ཏུ་ཡིད་དུ་འོང་བ་དང་། །ཁ་དོག་ལྔ་རུ་གསལ་བ་དང་། །འཕྲ་བ་འགུལ་བ་འཕྲིག་པ་དང་། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འཕྲོ། །རྒྱ་ཆེ་ཁོག་ཡངས་དཔངས་མཐོ་བ། །རྩེ་མོ་ཡངས་པ་ཞེས་བྱ་སྟེ། །བྱས་པ་མེད་པར་རབ་བྱུང་བཞུགས། །དེ་ཚེ་དུས་གནད་གསུམ་ཡིན་ཏེ། །འཇུག་པ་ཤེས་པའི་གནད་དང་ནི། །གྲོལ་བ་ལུས་ཀྱི་གནད་དག་དང་། །མཐར་ཕྱིན་རང་ངོ་ཤེས་པའི་གནད། །འཇུག་པ་ལ་ཡང་དུས་གཉིས་ཏེ། །རིག་པ་འོད་ལ་འཇུག་པ་དང་། །འོད་ནི་རིག་པར་འཇུག་པའོ། །རིག་པ་འོད་ལ་ཕར་འཇུག་པ། །གང་གི་འོད་སྣང་དེ་དག་ནི། །སྐུ་ཡི་སྣང་བར་འཆར་བ་སྟེ། །དཔག་མེད་གྲངས་ལས་འདས་པ་ལ། །སེམས་དཔའ་དང་ནི་སེམས་མར་བཅས། །


DNG025_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་དང་ཡུམ་གྱི་ཆ་འཛིན་ཅིང་། །མུ་ཁྱུད་འོད་ལྔའི་ར་བས་བསྐོར། །སྣང་བ་ཐམས་ཅད་སྐུ་རུ་འཆར། །དེ་ཚེ་རང་གི་སྙིང་ག་ནས། །འོད་ཟེར་ཤིན་ཏུ་འཕྲ་བ་གཅིག །ལྷ་སྐུ་ཀུན་དང་འདྲེལ་བར་སྣང་། །དེ་ལ་རང་གི་ཤེས་པས་ཟིན། །རང་སྣང་ཡིན་པར་ཤེས་གྱུར་ན། །རང་བཞིན་དུ་ནི་མི་རྟོག་པའི། །བསམ་གཏན་དག་ལ་གནས་པ་དང་། །འོད་ཉིད་རིག་པར་ཚུར་འཇུག་པ། །ཡང་ནི་རང་གི་སྙིང་ནང་ནས། །འོད་ཟེར་ཚོན་སྐུད་བསྒྲིལ་བ་གཅིག །ཚོམ་བུའི་ལྷ་ཚོགས་ཐུགས་ཀར་འདྲེལ། །དེ་དུས་ཚོམ་བུའི་ལྷ་ཚོགས་རྣམས། །རང་ལ་ཐིམ་པའི་སྣང་བ་འཆར། །དེ་ནི་འོད་ཟེར་རིག་པ་ལ། །ཚུར་ལ་འཇུག་པ་ཞེས་བྱའོ། །དེ་ནས་གྲོལ་བ་ལུས་ཀྱི་གནད། །འདི་ཡི་དུས་ན་ཕུང་པོ་ལྔ། །བདག་ཏུ་འཛིན་པ་རང་དེངས་པས། །ལུས་ནི་ལོངས་སྤྱོད་རྫོགས་སྐུར་གྲོལ། །འབྱུང་བའི་རྡོས་བཅས་རང་དེངས་པས། །འོད་གསལ་བདེ་ཆེན་ཀློང་དུ་གྲོལ། །ཉོན་མོངས་ཕྲ་རགས་རང་གྲོལ་བས། །འོད་གསལ་རིག་པ་ཆོས་སྐུར་ཤར། །རིག་པ་མ་ལ་བུ་ཐིམ་གྲོལ། །འདི་དུས་ཡེ་ཤེས་བཞི་སྦྱོར་གྱི། །སྣང་བ་རང་གི་སྙིང་ལས་འཆང་། །དཀར་སེར་དམར་དང་མཐིང་གའི་འོད། །སྣམ་བུ་བརྐྱང་བ་ལྟ་བུའི་ཁར། །ཐིག་ལེ་ཟེར་དང་ལྡན་པ་ནི། །མེ་ལོང་ཁ་སྦུབ་བྱས་པ་ལྟར། །ཤིན་ཏུ་གསལ་ལ་འཚེར་བ་ལ། །རང་བཞིན་ཐིག་ལེ་ལྔ་ལྔ་ཡིས། །འོད་སྣང་བཞི་ཀའི་སྟེང་དུ་བརྒྱན། །དེ་ནི་ཡེ་ཤེས་བཞི་སྦྱོར་ཏེ། །རྡོ་རྗེ་སེམས་དཔའ་ཁོང་སེང་ལམ། །རིག་པའི་སྣ་ཐག་ཅེས་བྱའོ། །དེ་ཚེ་འཆར་ལུགས་བརྒྱད་འཆར་ཏེ། །དེ་ཡང་རང་རིག་ཡེ་ཤེས་འདི། །ཐུགས་རྗེ་ལྟར་དུ་ཤར་བས་ན། །འཁོར་འདས་གཉིས་པོ་རྒྱ་མ་ཆད། །རང་རིག་འོད་དུ་ཤར་བས་ན། །སྣང་བ་ཐམས་ཅད་ནང་ན་གསལ། །རང་རིག་སྐུ་ལྟར་ཤར་བས་ན། །ཤེས་པའི་ཁ་ནི་ཕྱིར་མ་ཤོར། །རང་རིག་ཡེ་ཤེས་ལྟར་ཤར་བས། །སྣང་བ་ཐམས་ཅད་ཟང་ཐལ་ཉིད། །རང་རིག་གཉིས་མེད་ལྟར་ཤར་བས། །རང་གི་ཤེས་པ་རྩེ་གཅིག་གནས། །རང་རིག་མཐའ་གྲོལ་ལྟར་ཤར་བས། །མཐའ་ནི་གང་ལ་ཡང་མི་གནས། །མ་དག་འཁོར་བའི་སྒོ་ལྟར་འཆར། །སྲིད་པའི་བྱུང་ཁུངས་མ་འགགས་སོ། །དག་པ་ཡེ་ཤེས་སྒོ་ལྟར་འཆར། །ཆོས་ཉིད་མ་དང་བུ་འབྲལ་ལོ། །ཇི་ལྟར་མཐོང་


DNG025_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡུལ་སྣང་ཀུན། །ཞི་བ་དང་ནི་ཁྲོ་བོའི་སྐུ། །ཆེ་བ་ནམ་མཁའི་མཐའ་དང་མཉམ། །ཆུང་བ་ཉུང་དཀར་འབྲུ་གུ་ཙམ། །འབྲིང་བ་རྣམས་ནི་རི་རབ་ཙམ། །རང་གི་སྙིང་དང་ཀླད་པ་ནས། །ཐོན་ནས་དེ་ལྟར་འཆར་བར་འགྱུར། །མང་ཉུང་དཔག་ཏུ་མེད་པ་སྟེ། །མགོ་བརྙན་མཚོན་ཆ་སྣ་ཚོགས་ཐོགས། །འོད་ནི་ཉི་མ་འབུམ་ཤར་ཙམ། །སྒྲ་ནི་འབྲུག་སྟོང་ལྡིར་བ་ཙམ། །ཟེར་ནི་མཚོན་ཆ་གཟིངས་པ་ཙམ། །སྐུ་ཡིས་སྐྲག་ཅིང་སྒྲ་ཡིས་སྔངས། །ཟེར་གྱིས་སྣང་བ་ཡང་བར་བྱེད། །རང་གི་ཕྱོགས་སུ་རྔུབ་པ་སྙམ། །དེ་ལ་འཇིགས་པར་མ་བྱེད་པར། །རང་སྣང་ཡིན་པར་ཐག་ཆོད་ཅིག །རང་རིག་ཡིན་པར་ཐག་ཆོད་ཅིག །མ་བུ་གཉིས་པོ་མ་འཛོལ་ཅིག །སྤྲོ་རྟོག་མ་བྱེད་ཐག་ཆོད་ཅིག །དེ་ལྟར་ཤར་ལུགས་བརྒྱད་བྱུང་དུས། །སྐད་ཅིག་མ་ནི་དང་པོ་ལ། །མངོན་པར་ཤེས་པ་དྲུག་ཕྲག་དྲུག །ཤིན་ཏུ་གསལ་བར་འཆར་བའོ། །སྐད་ཅིག་མ་ནི་གཉིས་པ་ལ། །རྗེས་སུ་དྲན་པ་དྲུག་འཆར་ཏེ། །ལྷ་དང་བླ་མ་སྐྱེ་གནས་དང་། །གདམས་ངག་ལྟ་བ་རྗེས་སུ་དྲན། །འདི་དུས་མི་བརྗེད་གཟུངས་རྣམས་ཀྱང་། །རང་གི་རྒྱུད་ལ་སྐྱེ་བར་འགྱུར། །སྐད་ཅིག་མ་ནི་གསུམ་པ་ལ། །གྲོལ་བའི་ཐིམ་ལུགས་བརྒྱད་འབྱུང་སྟེ། །ཐུགས་རྗེ་ཐུགས་རྗེ་ལ་ཐིམ་སྟེ། །ཉི་མ་ནུབ་པའི་ཟེར་ཐག་ལྟར། །གཟིགས་སྣང་ཀུན་ལས་འདས་པའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པས། །མ་པང་བུ་ཚུད་ལྟ་བུ་སྟེ། །ཆོས་ཉིད་མ་དང་རིག་པ་བུ། །ལྷུན་གྲུབ་སྦུབས་སུ་འཛོམ་པའོ། །འོད་ནི་འོད་ལ་ཐིམ་པ་སྟེ། །འཇའ་ཚོན་ནམ་མཁར་ཡལ་བ་ལྟར། །འོད་སྣང་ལྔ་ཡང་ནམ་མཁའ་འདུས། །སྐུ་ནི་སྐུར་ཐིམ་བུམ་སྐུ་འདྲ། །ཤེས་བྱ་ནང་དུ་གསལ་བས་ན། །མཚན་མ་ཞལ་ཕྱག་ཅན་དུ་མེད། །རང་ངོ་རྣམ་པར་དག་པའོ། །གཉིས་མེད་གཉིས་མེད་ལ་ཐིམ་སྟེ། །ཆུ་ལ་ཆུ་བོ་ཐིམ་པ་ལྟར། །གཏད་པའི་ཡུལ་མེད་རང་སངས་ཉིད། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས། །ནམ་མཁའ་ནམ་མཁར་ཐིམ་པ་ལྟར། །གཏད་པའི་ཡུལ་མེད་ཀ་ནས་དག །མ་དག་དག་པར་ཐིམ་པས་ཏེ། །སྦྲ་ཡི་ཆོན་ཐག་བསྡུས་པ་ལྟར། །ཐིག་ལེ་ཉག་གཅིག་ངང་དུ་རྫོགས། །དག་པ་ཡེ་ཤེས་ཆེན་པོ་ནི། །ངོ་བོའི་སྐུ་ལ་ཐིམ་པས་ཏེ། །སེང་གེ་གངས་ལ་ཟིན་པ་ལྟར། །ཡ་ངའི་རྟོག་པ་ཀུན་དང་བྲལ། །


DNG025_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཀ་དག་རང་གྲོལ་ལོ། །དབང་པོ་དག་གི་བྱེ་བྲག་གིས། །རབ་ནི་སྐད་ཅིག་གསུམ་ལ་གྲོལ། །འབྲིང་ནི་སྐད་ཅིག་ཉེར་གཅིག་གམ། །ཞག་པོ་ལྔ་ལ་གྲོལ་བར་འགྱུར། །ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ། །བར་དོ་མེད་པར་སངས་རྒྱའོ། །ཆོས་ཉིད་བར་དོའི་འཆར་ཚུལ་ཡིན། །ཅེས་གསུངས་ནས་ལྷན་ནེར་བཞུགས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཆོས་ཉིད་བར་དོའི་ལེའུ་སྟེ་ཞེ་དགུ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་། །ཆོས་ཉིད་བར་དོ་དེ་ལྟར་ན། །སྲིད་པ་བར་དོ་ཇི་ལྟ་བུ། །སྟོན་པས་གསན་ནས་བཀའ་སྩལ་པ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །བླ་མེད་ཐེག་མཆོག་འདིར་ཞུགས་ནས། །བརྩོན་འགྲུས་ཐ་མ་གཅིག་ཡིན་ཀྱང་། །སྲིད་པའི་བར་དོར་སྣང་ཙམ་ལས། །རྨི་ལམ་སད་པ་ལྟར་གྱུར་ནས། །འདི་ནས་སྤྲུལ་སྐུའི་ཞིང་ཁམས་སུ། །དབུགས་དབྱུང་སྐྱེ་བ་གཅིག་གིས་ཐོགས། །དེ་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཆོས་སྒོ་འདི་ཉིད་མ་མཐོང་བའི། །གང་ཞིག་འགྲོ་བ་ཕལ་པ་རྣམས། །གོང་གི་ཆོས་ཉིད་བར་དོ་ལ། །གདམས་པའི་གནད་མེད་ངོ་མ་ཤེས། །འོད་ལ་འཇིགས་ཤིང་ཟེར་ལ་དངངས། །ཀུན་ལ་རྟོག་པ་ཟོས་པ་ཡིས། །དབང་པོ་མར་ལ་ཁ་འཁྱལ་ནས། །སྲིད་པའི་བར་དོ་ཉིད་དུ་ཚུད། །སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །རང་ལུས་མེད་ཀྱང་ཡོད་སྙམ་འཆར། །བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན། །ཕྱད་ཕྱོད་ཡད་ཡུད་ཀུན་ཏུ་འཇུག །རིགས་དྲུག་གར་སྐྱེ་ལས་ལ་སྤྱོད། །དེ་ལ་ཁྱད་པར་ཉི་ཤུ་སྟེ། གཟུགས་དང་།སྐྱེ་མཆེད་དང་། འོད་དང་། སྐྱེ་གནས། མགོ་དང་། ཚེ་ཚད། མངོན་ཤེས། སྣང་བ། སྤྱོད་ལམ། མིང་དང་། རྫུ་འཕྲུལ། ལས། ཁ་དོག །འཁོར་ཚུལ། ངེས་ཚིག་དང་། དགེ་སྡིག །གར་གཏོགས། ཕྱི་མའི་ལས། ཉོན་མོངས་པ། དཔེ་དང་ཉི་ཤུའོ། །དེ་དུས་ལས་དབང་རྗེས་སུ་འདྲེང་། །ཆོས་ཉིད་མ་མཐོང་མ་རིག་ཅིང་། །རང་སྣང་དགྲ་རུ་ལངས་པ་རྣམས། །འཁོར་བ་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་ནུར་ནུར་པོར་གྱུར་ནས། །ཟླ་དགུ་ངོ་བཅུ་ལ་སོགས་


DNG025_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ལུས་རྫོགས་མ་ཡི་མངལ་ནས་ཐོན། །དེ་ལྟར་གཟུགས་ནི་ཐ་དད་པར། །འཁོར་བ་ཉིད་དུ་འཁོར་བའོ། །དེ་ཡང་འཁོར་ལུགས་འདི་ལྟ་སྟེ། །དགའ་ལྡན་རྩོད་ལྡན་མྱོང་ལྡན་དང་། །སྡུག་བསྔལ་བཀྲེས་ལྡན་སྡུག་བསྔལ་ཆེ། །རྣམ་པ་དྲུག་གམ་ཁམས་གསུམ་དུ། །མ་རིག་འཁྲུལ་པའི་ལས་དབང་གིས། །རེས་འཇོག་དག་ཏུ་འཁོར་བར་འགྱུར། །དེ་དག་རྗེས་སུ་འཛིན་པའི་ཕྱིར། །བཏགས་གྲོལ་གདམས་པ་གཅེས་པར་ཟུང་། །ཞེས་གསུངས་ནས་ལྷན་ནེར་བཞུགས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སྲིད་པ་བར་དོའི་ལེའུ་སྟེ་ལྔ་བཅུ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་། །བར་དོར་འཁྲུལ་གྱིས་དོགས་པ་ཡི། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །བཏགས་གྲོལ་གདམས་པ་གཟུང་ཞེས་པ། །སྔོན་ཆད་མ་གསུངས་གང་ལྟར་ལགས། །ཐུགས་རྗེ་ཅན་གྱིས་བཀའ་སྩོལ་ཅིག །སྟོན་པས་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་རིག་མདངས་འཁོར་རྣམས་ཉོན། །བཏགས་པས་གྲོལ་བའི་གདམས་པ་འདི། །འོན་ལོང་དབང་པོ་མ་ཚང་ཅིང་། །རྒན་གཞོན་ཕོ་མོ་དགེ་སྡིག་མེད། །བག་ཆགས་བཟང་ངན་མེད་པ་རུ། །འདི་ཉིད་བཅངས་པས་སངས་རྒྱའོ། །ཐ་མ་དབུགས་ལ་སླེབ་ཀྱང་གྲོལ། །སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན། །ཨེ་མ་འདི་འཛིན་སྐལ་བ་ཆེ། །འདི་ནི་རང་བྱུང་ཆེན་པོའོ། །དེ་ཡི་འདྲི་ཐབས་བསྟན་པ་ནི། །གསེར་གྱི་རྡོ་རྗེ་རྩེ་ལྔ་པ། །ལྟེ་བར་སྐུ་གསུང་ཐུགས་ཡིག་བྲི། །ཨོཾ་ཨཱཿཧཱུྃ། ར་དྲུག་དག་ལ་ཡི་གེ་དྲུག །དེ་རུ་ཡིག་དྲུག་བཀོད་པར་བྱ། །ཨ་འ་ཧ་ཤ་ས་མ། འཁོར་བ་དོང་སྤྲུགས་ཡིག་དྲུག་ཡིན། །ཡི་གེ་དྲུག་གི་དོན་རྟོགས་ན། །གསང་སྔགས་གསང་བའི་རྒྱུད་ཆེན་ཁྲོལ། །ཡིག་དྲུག་དོན་གནས་མྱ་ངན་འདའ། །ཐམས་ཅད་ཡི་གེ་དྲུག་ལ་རྫོགས། །ཡིག་དྲུག་རིགས་དྲུག་དོང་ནས་སྤྲུག །འབྲུ་གསུམ་སྐུ་གསུམ་རང་སར་གྲོལ། །ཆོས་ཉིད་རང་སྒྲ་དག་པའི་ཚིག །བཏགས་གྲོལ་


DNG025_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཚེག་བར་ཉེར་དྲུག་འདི། །རིགས་དྲུག་ཀློང་གྲོལ་ཞེས་སུ་གྲགས། །ཨེ་མ་ཀེ་རི་ཀེ་རི། མ་སྟ་བྷ་ལི་བྷ་ལི། ས་མི་ཏ་སུ་རུ་སུ་རུ། ཀུན་དྷ་ལི་མ་སུ་མ་སུ། ཨེ་ཀ་ལ་སུ་ལི་བྷ་ས་ཏ་ཡེ། ཙ་ཀྲ་ར་བྷུ་ལི་ཏ་ལྕེ་ཡཱེ། བྷེ་ཏི་ས་ན་བྱ་གྷུ་ལི་ཡཱི། ས་ཀ་རི་འདུ་ཀི་ནི། མ་ཏ་རི་བྷེ་ཏ་ན། པ་རི་ལི་ཧི་ས་ནི། མ་ཁར་ཀེ་ལ་ན། བྷུ་ར་ཏ། མེ་ཀ་ཙ་ར་ཏ་མ་པ། སུ་རྒྱ་གྷ་ཏ་ར། ཨེ་པ་ཤ་ན་ན་ཕ་ར་ན་བྷི་ཏི། ས་གྷུ་ར་ལ་ས། མ་སྨྲིན་ས་གྷུ་ཏེ་ཏ་ཡ་ས། གྷུ་ར་གྷུ་ར་པ་ག་ཁེ་ར་ན་ལཾ་ན་ར་ན་ར་ཨཱིཾ་ཐ་ར་བ་ཏ་ལཾ། སིར་ན་སིར་ན། བྷེ་ས་བྷེ་ས་ར་ས་པ་ལཾ། བྷུཌྜྷ་ཤུཌྜྷ་བྷུད་ཚིག་པ་གྱི་ལཾ། སཱ་ས། རི་རཱི། ལི་ལཱི། ཨི་ཨཱིཾ། མཱ་མཱ། རི་རཱི། སྭཱ་ཧཱ། ཀུན་བཟང་ཡབ་ཀྱི་དགོངས་པའོ། །མཚན་ཉིད་འཛིན་པའི་རིག་པ་ཉིད། །གཞི་མེད་རྩ་བྲལ་ཉིད་དུ་གྲོལ། །ཚེག་བར་ཉེར་བརྒྱད་རྡོ་རྗེའི་སྒྲ། །རང་བྱུང་རང་ཤར་ཉིད་དུ་གྲག །མ་སྟ་བྷ་ལི། ས་མི་ཏ་སུ་རུ་སུ་རུ། ཀུནྡྷ་ལི་ཀུནྡྷ་ལི། ཨཱེ་ཀ་རི་ལ་བྷ་ཏ་ཡེ། ཙ་ཏ་བྷུ། ལི་ཏ་ལྕ་ཡཱེ། ས་མནྟ་ཙ་རྒྱ། སུ་གྷ་ཡེ། བྷི་ས་ན་བྷ་གྷུ་ཡཱེ། ཀེ་རི་དྷ་ཀི་ན། དྷ་ཀ་མ་ཧ་བྷོ་རི། ཏ་ན་བྷ་ར་བ་ལི་ཏི། ས་ནཾ་ཁར་དྷ་ཀེ་ལན། ས་བྷུད་ར་ཏ། ཨཾ་ཙ་རས་ཏཾ། ཏྲ་ས་སུ་རྒྱ། གྷ་ཏ་ར་ཨ། མ་ནས་ར་བྷི་ཧོ། ཏིང་གྷུ་ང་ལ། མ་སྨིན་ས་གྷུ་ཏིལ། ཏ་ཡ་གྷུ་ར་དཱ་པ་ན་ཁ་བ་ར་ན་ལཾ། མ་ར་ན་ར་ལཾ། ཨི་ཐ་པ་ཐ་ལ། སིར་སྣ་སིར་སྣ། བྷེ་ས་རས་ས་ལཾ། བ་ཀེ་ལཾ། ས་ས། རི་རཱི། ལི་ལཱི། ཨི་ཨཱིཾ། མ་མཱ། ར་རཱ། ཀུན་བཟང་ཡུམ་གྱི་དགོངས་པའོ། །འ་ཨ་ཧ་ཤ་ས་མ། ཐིག་ལེ་ཀློང་དྲུག་པའོ། །ཚེག་བར་བརྒྱད་པ་རྡོ་རྗེའི་སྒྲ། ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱ། ཡབ་ཡུམ་གཉིས་མེད་དགོངས་པའོ། །ཚེག་བར་བརྒྱད་པ་རྡོ་རྗེའི་སྒྲ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ། སྐྱེ་འགག་གཉིས་མེད་དགོངས་པའོ། །ཚེག་བར་བཅུ་གཉིས་རྡོ་རྗེའི་སྒྲ། །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་པཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། བསྟན་པ་མི་འགྱུར་དགོངས་པའོ། །རིག་སྟོང་གཉིས་མེད་དགོངས་པ་ནི། །ཐིག་ལེ་རྩ་ལྔ་འདི་ཉིད་དོ། །དབང་པོའི་ཞེན་པ་བཟློག་པའི་ཕྱིར། །ཀརྨ་རགྴ་གྷི་ཧཾ་ཏི། ཕུང་པོའི་ཞེན་པ་བཟློག་པའི་ཕྱིར། །བྷེ་ག་ར་ན་


DNG025_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སོ་གད་གླིང་། །ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར། །བྷུ་ག་རི་ལ་བྷ་དྷུ་ཏྲི། །སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར། །རམ་པ་ཀ་ལ་ས་མི་ཁྱེ། །བྱུང་ཚོར་གནས་སུ་བཅད་པའི་ཕྱིར། །མ་ཏང་ཕར་ཕོར་རས་མི་ཏེ། །འདུ་ཚོགས་སྣང་བ་ངོས་བཟུང་ཕྱིར། །ཁ་ཊ་ཏེ་ཀྵ་ས་མིག་རླུང་། །རིག་པ་བཙོན་རར་གཞུག་པའི་ཕྱིར། །ཨི་ཀེ་རཏྣ་བྷེ་ཙག་ཤ །འཁྲུལ་པའི་རང་རྒྱུད་ཁུངས་བཅད་ཕྱིར། །ས་ཡང་ཡ་རི་མུ་ཊ་ས་གྷུ་ལི། །རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར། །ཡ་སིང་ར་རླུང་ས་ལ་ཡཱ། །འཁོར་བ་དོང་ནས་འདོན་པའི་ཕྱིར། །མ་མ་ཀོ་ལིཾ་ས་མནྟ། །ཆོས་ཅན་ཐུར་དུ་གཞག་པའི་ཕྱིར། །གྷ་རི་ཡཾ་ས་རེ་མ་ཏི། །རིག་པའི་བྱུང་ཁུངས་སྤུར་བའི་ཕྱིར། །བྷུ་གྷ་སིང་ཧ་པགྷ་ལ། །ཞེན་པའི་འཕྲང་ཐག་བཅད་པའི་ཕྱིར། །ར་མི་པི་པི་ཁེ་ཏ་བ། །ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར། །མི་ཙི་ཡང་ཁུ་མ་ལ་པ་ཏཾ་ཀི། །ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར། །ས་མ་ཉི་ཁ་བྷེ་ར་བ། །ལྟ་སྒོམ་ལག་པ་དག་བྱའི་ཕྱིར། །བཛྲ་སཏྭ་ཌྲྀ་ཌྷོ་མེ། །ས་ལམ་དུས་གཅིག་བཅད་པའི་ཕྱིར། །བྷེ་གྷ་སུ་གྷར་རྣ་མ་ཡེ། །ཡིད་དཔྱོད་ལྟ་བ་ཁུངས་བཅད་ཕྱིར། །དྷརྨ་པ་ཏི་ས་གྷུ་ལི། །སྐུ་གསུམ་ལམ་དུ་བླང་བའི་ཕྱིར། །ངས་མི་ས་མ་ཁ་གཙྪེ། །སྣང་བ་མངོན་སུམ་བླང་བའི་ཕྱིར། །རུ་པ་ས་མི་མི་ཏི་ལཾ། །སྦྲ་ཡི་ཞེན་པ་ཐག་བཅད་ཕྱིར། །ང་ཏིག་པ་ལ་ཀ་ལི་ས། །བསམ་གཏན་ཆེན་པོའི་ས་གནོན་ཕྱིར། །གྷ་ཚ་པ་ཡང་ས་ཨི་ཏཾ། །ཕྲིན་ལས་མཐའ་རུ་ཕྱིན་པའི་ཕྱིར། །ཀརྨ་ཨེ་ཀ་ཨ་ནུ་ས། །སངས་རྒྱས་མངོན་ཞེན་ཟློག་པའི་ཕྱིར། །ས་ཏྲི་མ་ཡ་ཀརྨ་ཏ། །རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར། །ང་ལ་ཁེ་བ་ཀེ་ལི་ས། །རིག་སྟོང་གཉིས་སུ་མེད་པ་ཡིས། །དབྱིངས་ནས་རང་བྱུང་ཚིག་ཏུ་གྲགས། །ཀུན་བཟང་ཡབ་ཡུམ་གཉིས་མེད་ཀྱི། །དགོངས་པ་རང་བྱུང་རང་ཤར་ཉིད། །རེ་རེས་གྲོལ་བར་ནུས་པའོ། །ཆོས་ཉིད་རང་ཤར་རང་གྲོལ་ཏེ། །ཐིག་ལེ་ཉི་ཤུ་རྩ་ལྔ་པ། །བཏགས་གྲོལ་ཐིག་ལེ་ཆེན་པོ་གྲགས། །རྒྱུད་ཀྱི་ཁོང་སྙིང་དམ་པ་སྟེ། །ཡང་གསང་བླ་མེད་སྙིང་པོའི་བཅུད། །ཡོངས་སུ་དྲིལ་བས་ཐིག་ལེ་ཆེ། །གང་ཟག་ལམ་གྱི་རྣལ་འབྱོར་པ། །འཆི་ཁའི་དུས་ལ་བབ་ཙམ་ན། །སྐྱེལ་མ་ལམ་མཁན་འདི་ཉིད་དོ། །རིགས་དྲུག་འབྲོས་ཁུངས་


DNG025_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་དང་། །འཁོར་བ་དོང་ནས་སྤྲུགས་པ་དང་། །འཁྲུལ་སྣང་གཞི་ལ་བཟློག་པ་དང་། །ཡེ་ཤེས་རང་མདངས་སྟོན་པ་དང་། །རང་རིག་རང་གསལ་གྲོལ་བའི་ཕྱིར། །བསྟན་པ་གང་ལ་བབས་པ་ཡིས། །རིན་ཆེན་བཞུ་བའི་ཁུ་བས་བྲི། །རབ་གནས་མཆོད་བསྟོད་ཚོགས་འཁོར་བསྐོར། །དབང་བསྐུར་རྒྱུད་བཀླག་བུ་ལ་གདགས། །ཆོས་ཉིད་བར་དོར་གྲོལ་བར་ངེས། །གཞན་གྱི་དོན་ཆེན་བྱ་འདོད་ན། །མཚན་མ་བྱུང་བའི་དུས་དག་ཏུ། །ཕྱོགས་མཐུན་ལྕེ་ཡིས་འདི་བཀླགས་ན། །དེས་ཀྱང་རང་གཞན་ཐམས་ཅད་གྲོལ། །དེ་ཉིད་འདས་ཚེ་གདུང་བསྲེགས་ན། །འཇའ་ཟེར་མེ་འོད་དུད་པའི་རྟགས། །ནམ་མཁའ་དྭངས་ཤིང་རླུང་མེད་དམ། །ཡང་ན་འཇའ་འོད་རྣམ་ལྔ་འཁྲིགས། །དེ་ལ་གདུང་རིགས་ལྔའམ་གཅིག །སྐུ་ལ་སོགས་པ་ངེས་པར་འབྱུང་། །སངས་རྒྱས་སྐུ་ལྔ་ཡེ་ཤེས་ལྔ། །རྒྱུད་འདི་བཅངས་ཤིང་བཀླགས་པས་ཐོབ། །གདུང་ཚད་མང་ཉུང་ངེས་པ་མེད། །འཆི་དུས་དབུགས་ལ་སླེབས་ཀྱང་ཆོག །ཁམས་གསུམ་འཁོར་བར་ག་ལ་འཁྱམས། །སེམས་དཔའ་རྡོ་རྗེ་རྩལ་ཁྱོད་ཀྱིས། །མ་འཁྲུལ་གཟུང་ལ་གཞན་ལ་སྟོན། །འཁོར་བ་དོང་སྤྲུགས་ཀློང་གྲོལ་ལོ། །ཞེས་གསུངས་ནས་ལྷན་ནེར་བཞུགས་སོ། །ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། བཏགས་གྲོལ་མཐོང་གྲོལ་གྱི་རྒྱུད་ཀྱི་ལེའུ་སྟེ་ང་གཅིག་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །སྟོན་པ་ཉིད་ལ་འདི་སྐད་གསོལ། །ཀྱེ་ཧོ། ཡོངས་གྲོལ་ཀ་དག་ཀུན་ཏུ་བཟང་། །བཏགས་གྲོལ་གདམས་པ་དེ་ལྟར་ན། །གྲོལ་ས་ཆེན་པོ་གང་ཡིན་པ། །བདག་སོགས་འཁོར་ལ་བཀའ་སྩོལ་ཅིག །དེ་ནས་སྟོན་པས་བཀའ་སྩལ་པ། །ཨ་ཧོ་རིག་མདངས་འཁོར་རྣམས་ཉོན། །གྲོལ་ས་ཆེན་པོ་འདི་ལྟར་རོ། །ཆོས་ཉིད་བར་དོ་ཤར་ཀྱང་རུང་། །སྔོན་ནས་རང་སྣང་ཆོད་ཀྱང་རུང་། །རང་ངོ་ཤེས་པའི་གང་ཟག་ལ། །གྲོལ་ལུགས་འདི་ལས་མི་འདའ་འོ། །ཕྱི་ནང་མེད་པར་ཟང་ཐལ་གྲོལ། །ཕྱི་སྣོད་འབྱུང་བ་ལྔ་པོ་ཡང་། །རང་ཤར་རང་གྲོལ་ཉིད་དུ་གྲོལ། །


DNG025_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཉི་ཤུ་རྩ་ལྔ་ཡང་། །ཡེ་ཤེས་ཉི་ཤུ་རྩ་ལྔར་གྲོལ། །ཆོས་ཉིད་སྣང་བ་རང་ལུགས་ལ། །བེམ་པོ་རྣམས་ཀྱང་རང་གྲོལ་ལོ། །འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ལྟ་བས་མ་བལྟས་ཆོས་ཉིད་གྲོལ། །སྒོམ་པས་མ་བཙལ་ཆོས་ཅན་གྲོལ། །སྤྱོད་པས་མ་བསྒྱུར་སྣང་བ་གྲོལ། །འབྲས་བུས་མ་བཅིངས་རང་ལུགས་གྲོལ། །ངོ་བོས་སྐུ་རུ་རྒྱས་ཏེ་གྲོལ། །རང་བཞིན་འོད་དུ་རྒྱས་ཏེ་གྲོལ། །ཐུགས་རྗེ་ཟེར་དུ་རྒྱས་ཏེ་གྲོལ། །སྐུ་གསུམ་འཛིན་པ་རང་སངས་ནས། །ཐོག་མ་ཉིད་ཀྱི་ཀ་དག་ལ། །རང་ས་ཟིན་ནས་ཆོས་ཟད་དོ། །གདོད་མའི་ཀ་དག་དེ་ཉིད་ལ། །འཁྲུལ་མེད་ཙམ་དུ་བརྗོད་པ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །དེ་ལྟར་འཁྲུལ་པ་གདོད་ནས་དག །གཞི་སྣང་ཆེན་པོ་དེ་ཉིད་ལ། །མ་རིག་པ་ཞེས་མིང་མེད་པས། །འཁྲུལ་པ་གྲུབ་པར་ཡོད་པ་མིན། །ཆོས་ཞེས་མིང་དུ་མ་གྲགས་པས། །བློས་བརྟག་འཁྲུལ་པ་ག་ལ་ཡོད། །ཐམས་ཅད་རང་གྲོལ་ཆེན་པོའོ། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། །ཡེ་ནས་གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་སྙིང་པོ་མེད། །གཅེར་གྲོལ་ཡིན་པས་མཐོང་བར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱིས་གྲོལ་བས་བསྒོམ་མི་དགོས། །རང་བཞིན་གྲོལ་བས་མ་བཅོས་གསལ། །གྲོལ་ལོ་ཞེས་པ་ཐ་སྙད་དོ། །རྟོགས་དང་མ་རྟོགས་སུ་ཡི་ཆོས། །དེ་ལ་གྲོལ་ཞེས་སུ་ལ་དམིགས། །ཁམས་གསུམ་འཇུག་པ་ག་ལ་སྲིད། །སྲིད་མཐའ་བྲལ་བའི་ཆོས་ཉིད་དོ། །ཡེ་གྲོལ་ཡིན་པས་ཁྱད་པར་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །གཅེར་གྲོལ་ཡིན་པས་རང་སར་དག །མཐའ་གྲོལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོང་། །ཐམས་ཅད་གྲོལ་བས་གཅིག་ཏུ་འདུས། །རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལ་ང་མི་གནས། །ཡུལ་རྣམས་ཡུལ་གྱིས་གྲོལ་བས་ན། །ཐ་སྙད་ཚིག་ལ་ང་མི་རྟོག །སེམས་ཉིད་སེམས་ཀྱིས་གྲོལ་བ་ལ། །མཚོན་བྱེད་གྲོལ་བར་ང་མི་གནས། །དྲི་མས་དྲི་མ་འཁྲུ་བ་བཞིན། །དེ་བཞིན་དག་པས་དག་པ་འཁྲུ། །འདོད་ཆགས་ཉིད་ལ་


DNG025_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་རྒྱུན། །རིགས་མི་མཐུན་པས་གྲོལ་མི་འགྱུར། །དེ་ཕྱིར་གཞི་གནས་རིག་པ་ལ། །གཞི་ལམ་འབྲས་བུ་ཐམས་ཅད་རྫོགས། །རང་རིག་ཉིད་ཀྱིས་རང་རིག་གྲོལ། །ཡུལ་སྣང་ཉིད་ཀྱིས་ཡུལ་སྣང་གྲོལ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཐམས་ཅད་རིག་པའི་ངང་དུ་རྫོགས། །མངོན་སུམ་ཐབས་ལ་གང་གོམས་པ། །འདི་ནི་སྐྱེས་བུས་མདའ་འཕངས་བཞིན། །ཚུར་ལ་ཟློག་པར་ག་ལ་འགྱུར། །ཡང་དག་རྫོགས་པའི་སངས་རྒྱས་ནི། །ལྷག་མ་མེད་པར་སངས་རྒྱའོ། །མངོན་པར་རྫོགས་པའི་སངས་རྒྱས་ནི། །རྟགས་དང་མཚན་མར་འཚང་རྒྱའོ། །དོན་ལ་ཐམས་ཅད་རིག་པར་རྫོགས། །སྣ་ཚོགས་རིག་པའི་རྩལ་ཡིན་ཕྱིར། །རིག་པ་སྟོང་པ་ཉིད་དུ་གྲོལ། །རིག་སྟོང་ངོ་བོ་ཆོས་ཀྱི་སྐུ། །དེ་ལ་སྣང་བ་མ་འགགས་གསལ། །གསལ་སྟོང་རྗེན་པ་སངས་རྒྱས་ཡིན། །བྱ་བ་མེད་པས་འཁྲུལ་པ་སངས། །འོད་ལྔ་གསལ་བས་ཡེ་ཤེས་རྒྱས། །རྟོག་པ་མེད་པས་ཉོན་མོངས་སངས། །རྟོག་མེད་རིག་པ་མཁའ་ལ་རྒྱས། །འཛིན་པ་མེད་པས་ཞེན་པ་སངས། །དམིགས་གཏད་བྲལ་བས་སྐུ་གསུམ་རྒྱས། །ཞེན་པ་མེད་པས་རྣམ་རྟོག་སངས། །འཛིན་པའི་ཡུལ་མེད་འོད་ལྔ་རྒྱས། །ཆགས་པ་མེད་པས་མ་རིག་སངས། །དོན་ལྡན་རང་སྣང་འབྲས་བུ་རྒྱས། །དེ་ཕྱིར་རང་རིག་སངས་རྒྱས་ཡིན། །སངས་རྒྱས་གཞན་ནས་བཙལ་དུ་མེད། །དཀྱིལ་འཁོར་ལྷ་དང་དམ་ཚིག་དང་། །ཆོ་ག་ཕྲིན་ལས་ལ་སོགས་དང་། །སྐུ་གསུམ་སྐུ་ལྔ་ལ་སོགས་པ། །བསྐལ་པ་ཞིང་གི་རྡུལ་སྙེད་རྣམས། །རིག་པ་ཡེ་ཤེས་ངང་དུ་རྫོགས། །རྫོགས་ཞེས་ཚིག་གི་བླ་དྭགས་ཙམ། །ཨ་ཧོ་སེམས་དཔའ་རྡོ་རྗེ་ཉོན། །དྲི་མེད་རྫོགས་ཆེན་བརྡལ་ཁྱབ་རྗེ། །མཁའ་མཉམ་རྡོ་རྗེའི་སྐུ་ལ་བསྐྱེད། །སྟོང་པ་ཡང་དག་ལུས་སུ་རྫོགས། །སེམས་སོགས་འཛིན་པའི་ཆོས་ལས་གྲོལ། །སྐྱེ་མེད་ཡང་དག་ངོ་བོ་ཉིད། །མ་བསྐྱེད་རིག་པ་མཁའ་ལགས་ལ། །སྐྱེ་མེད་ཀློང་དུ་ཡང་དག་འདུས། །འགག་མེད་ཀློང་དུ་དེ་བཞིན་གཤེགས། །རྣམ་དག་སྤྱན་ལྡན་མངོན་སངས་རྒྱས། །སྟོང་པ་སྟོང་པའི་ཡུལ་ལ་གནས། །


DNG025_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དག་པས་དག་པའི་དཀྱིལ་འཁོར་རྙེད། །ཨེ་མ་རང་སྣང་རིག་མདངས་ཉོན། །ངོ་བོའི་ཆོས་རྣམས་སྟོང་པར་རྫོགས། །རང་བཞིན་ཆོས་རྣམས་གསལ་བར་རྫོགས། །ཐུགས་རྗེའི་ཆོས་རྣམས་མ་འགགས་རྫོགས། །སྐུ་གསུམ་རང་རིག་གཞི་སྣང་ལ། །རང་བྱུང་བརྡལ་བ་ཆེན་པོར་རྫོགས། །སྣང་བ་ཡིན་ཕྱིར་ཡུལ་རྣམས་རྫོགས། །རང་དག་ཡིན་ཕྱིར་ས་ལམ་རྫོགས། །རང་རིག་ཡིན་ཕྱིར་ཤེས་བྱ་རྫོགས། །རང་ཁྱབ་ཡིན་ཕྱིར་འབྲས་བུ་རྫོགས། །རང་སངས་ཡིན་ཕྱིར་རྒྱུ་རྐྱེན་རྫོགས། །རང་རྟོགས་ཡིན་ཕྱིར་ཆོས་ཉིད་རྫོགས། །རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །རྫོགས་པ་ཆེན་པོའི་ངོ་བོ་ལ། །རང་རྫོགས་རང་གྲོལ་རང་སར་བརྡལ། །དོན་རྣམས་སྐྱེ་མེད་དབྱིངས་སུ་རྫོགས། །ཆོས་རྣམས་བརྗོད་པའི་ཚིག་དང་བྲལ། །ཡི་གེ་མེད་པའི་རིགས་པར་རྫོགས། །ལུང་རྣམས་བསྟན་དུ་མེད་པར་རྫོགས། །མན་ངག་བརྗོད་སྒྲ་བྲལ་བར་རྫོགས། །སྒྲུབ་པ་བྱ་བྱེད་མེད་པར་རྫོགས། །སྤྱོད་པ་མ་བཅོས་གནས་ལུགས་རྫོགས། །སྒོམ་པ་རང་གསལ་འཛིན་མེད་རྫོགས། །ལྟ་བ་མ་འགགས་ཟང་ཐལ་རྫོགས། །འབྲས་བུ་ཆིག་ཆོད་ཆེན་པོར་རྫོགས། །ཐམས་ཅད་མི་གནས་ཀློང་དུ་རྫོགས། །གཞི་ནི་ཡེ་ཤེས་གསུམ་དུ་རྫོགས། །ལམ་ནི་སྐུ་ལྔ་ཡེ་ཤེས་རྫོགས། །འབྲས་བུ་ཕྱིར་མི་ལྡོག་པར་རྫོགས། །ཡེ་ཤེས་སྣང་བ་མ་འདྲེས་རྫོགས། །རིག་པ་བདག་འཛིན་བྲལ་བར་རྫོགས། །ཐམས་ཅད་ཀློང་ན་ཡངས་པའོ། །ཞེས་གསུངས་ནས་ལྷན་ནེར་བཞུགས་སོ། །ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། མཐར་ཐུག་འབྲས་བུ་གྲོལ་ས་ཆེན་པོ་བསྟན་པའི་ལེའུ་སྟེ་ང་གཉིས་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་ཧོ་སྟོན་པ་ཀུན་དུ་བཟང་། །རྒྱུད་ཀྱི་ཆེ་བ་གང་ལྟར་ལགས། །དེ་སྐད་ཐུགས་བསྐུལ་བཀའ་སྩལ་པ། །ཨ་ཧོ་སེམས་དཔའ་རྡོ་རྗེས་ཉོན། །རྒྱུད་ཆེན་ལྟ་བ་ཀློང་ཡངས་འདི། །གསང་སྔགས་ཀུན་གྱི་རྒྱུད་ཡིན་པས། །གསང་རྒྱུད་ཆེན་མོ་ཞེས་སུ་གྲགས། །རྫོགས་ཆེན་ཀུན་གྱི་སྲོག་ཡིན་པས། །སྲོག་རྒྱུད་ཆེན་མོ་ཞེས་སུ་གྲགས། །ཨ་ཏི་སྤྱི་ཡི་རྒྱུད་ཡིན་པས། །སྤྱི་རྒྱུད་ཆེན་མོ་ཞེས་སུ་གྲགས། །དགོངས་པ་ཀུན་གྱི་དོན་ཁྲོལ་བས། །དགོངས་དོན་ཆེན་མོའི་རྒྱུད་ཅེས་གྲགས། །བརྡ་ཆོས་ཀུན་གྱི་སྒོ་འབྱེད་པས། །བརྡ་རྒྱུད་ཆེན་མོ་ཞེས་སུ་


DNG025_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །ཚིག་དང་ཡི་གེ་རིས་སུ་གསལ། །སྙན་བརྒྱུད་ཆེན་མོ་ཞེས་སུ་གྲགས། །ཐེག་པ་མ་ལུས་ཀུན་འབྱེད་པས། །གསལ་བར་བྱེད་པའི་མེ་ལོང་ཡིན། །རབ་ཟབ་རྒྱ་ཆེ་ཀློང་ཡངས་མཚན། །བལྟ་བའི་མེ་ལོང་དགོངས་པ་ཡིན། །སྡུག་བསྔལ་རྒྱ་མཚོ་སྐེམས་པས་ཏེ། །སྐལ་ལྡན་འདྲེལ་ཚད་ཆོས་སྐུར་གྲོལ། །ཐེག་པའི་ཡང་སྙིང་ཨ་ཏི་ཟེར། །དགོངས་པ་མ་ལུས་ཁྲོལ་བའི་ཀློང་། །ནམ་མཁའ་ལྟ་བུར་ཡངས་པའི་རྒྱུད། །མངོན་སུམ་རང་གནད་གཅར་ཕོག་ཏུ། །སངས་རྒྱས་སྟོན་པའི་རྒྱུད་ཆེན་པོ། །ཨ་ཧོ་སེམས་དཔའ་རྡོ་རྗེ་རྩལ། །བླ་མེད་རྒྱུད་འདི་མ་ཤེས་པར། །ཉམས་སུ་ལེན་འདོད་ཐེག་པ་རྣམས། །ཁ་བྲག་ལམ་ལ་ཞུགས་པའམ། །མུན་ཁུང་ནང་དུ་མཛུབ་གཡུགས་འདྲ། །རྒྱུད་འདི་ཤིན་ཏུ་དཀོན་པ་སྟེ། །སྔར་འདས་རྒྱལ་བས་འདི་མ་གསུངས། །ད་ལྟའི་རྒྱལ་བས་གསུངས་པ་དེ། །སྐལ་བར་ལྡན་པའི་གང་ཟག་གིས། །རྒྱུད་འདི་མཐོང་བས་བསྙེན་བསྒྲུབ་ཟིན། །ཚིག་འདི་ཐོས་པས་རང་སར་གྲོལ། །ལུང་འདི་སྣང་བས་གཏན་ལ་ཕེབས། །དོན་འདི་བལྟས་པས་འཛིན་ཆགས་བྲལ། །ལྟ་བ་ཀུན་གྱི་མཐར་ཐུག་ཆེ། །དེ་ཡི་ཕྱིར་ན་གསང་རྒྱུད་འདི། །འཛིན་འཆང་སྐྱེས་བུ་སྐལ་བ་ཆེ། །རང་རིག་རྩལ་གྱི་དབང་ཐོབ་སྟེ། །རྒྱུད་འདི་རེག་པ་ཙམ་གྱིས་ནི། །ཀུན་བཟང་ང་དང་སྐལ་བ་མཉམ། །རྒྱུན་དུ་གུས་པར་བྱེད་པ་དང་། །སྤྱི་བོར་ལ་སོགས་འཆང་བ་ན། །ཚེ་འདིར་ཐུན་མོང་དངོས་གྲུབ་ཐོབ། །སྤྲུལ་པའི་སྐུ་རུ་ངེས་པར་འགྱུར། །ཕྱི་མ་བར་དོ་མེད་པར་གྲོལ། །འདི་ཉིད་མཆོད་ཅིང་བསྟོད་པ་ན། །དུས་གསུམ་བདེ་གཤེགས་མཆོད་པ་དང་། །བསོད་ནམས་ཡོན་ཏན་མཚུངས་པའོ། །རྒྱུད་འདི་སུ་ཡིས་བཀླག་པའི་མིས། །ལྟ་བའི་དོན་ཀུན་སེམས་ལ་འཆར། །དངོས་གྲུབ་རྣམ་གཉིས་ཆར་ལྟར་འབབ། །འདི་ཉིད་སུ་ཡིས་བྲིས་པ་དེ། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །ཚེ་འདིར་གདུང་དང་རིང་བསྲེལ་འབྱུང་། །ཕྱི་མ་སྤྲུལ་པའི་སྐུ་རུ་འགྱུར། །རྒྱུད་འདི་གང་ན་གནས་པ་ན། །མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འདུ། །ལྷ་དང་ལྷ་མོས་མཆོད་པར་བྱེད། །དེ་ལྟ་བུ་ཡི་རྒྱུད་ཆེན་འདི། །སེམས་དཔའ་རྡོ་རྗེ་ཁྱོད་ལ་གཏད། །གདུལ་བྱ་ང་ལ་གསུངས་པའི་ཆོས། །ཁྱོད་ཀྱིས་ཀུན་ལ་ཚིམ་པར་སྟོན། །གསང་སྔགས་ནང་ན་ཆེས་གསང་བ། །ཨ་ཏི་ཆེན་པོ་འདི་ཉིད་ནི། །ཐེག་དམན་སྣོད་ལ་བསྟན་མི་བྱ། །སྣོད་དང་བསྟུན་ལ་གཞན་ཕན་ལོང་། །འདས་པའི་ཡོན་ཏན་དགེ་བ་ཀུན། །མ་འོངས་


DNG025_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་འཕེལ་འགྲིབ་བརྗོད། །ད་ལྟ་གདམས་པ་ཆེ་བ་ཡིས། །ང་ཡི་རྒྱལ་ཚབ་ཁྱོད་ཀྱིས་གྱིས། །ཐེག་པ་ཀུན་གྱི་སྤྱི་ཕུད་འདི། །བསྟན་པ་དམ་པ་ཁྱོད་ལ་གཏད། །ཁྱོད་ནི་ང་ཡི་སྙིང་པོར་བྱུང་། །ང་ཡི་རང་བཞིན་འདི་ཟུང་ཞིག །ཁྱོད་ཀྱིས་སྨྲ་བའི་སེང་གེ་གྱིས། །སངས་རྒྱས་སྤྱི་མེས་ཁྱོད་ཀྱིས་གྱིས། །ཁྱོད་ཀྱིས་སེམས་ཅན་ཕ་མ་གྱིས། །བསྟན་པའི་སྙིང་པོ་རྒྱུད་མཆོག་འདི། །ཉན་ཐོས་ལ་སོགས་ཐེག་དམན་ལ། །རླུང་ཕྱོགས་ཙམ་ཡང་མ་བརྗོད་ཅིག །ཚིག་འདི་ཐོས་ནས་དངངས་སྐྲག་བརྒྱལ། །གསང་སྔགས་སྤྱི་ལ་ཡིད་ཕྱུང་ནས། །རྣམ་སྨིན་དམྱལ་བ་མནར་མེད་ལྟུང་། །བསྟན་ཅིང་ཐོས་པའི་གླགས་མེད་དོ། །བལྟ་བའི་རྒྱལ་པོ་དོན་གྱི་སྙིང་། །མན་ངག་ཀུན་གྱི་རྩ་བ་འདི། །སེར་སྣ་ཆེ་ལ་དད་པ་ཆུང་། །རྣ་བས་ཐོས་ན་བཞེད་པ་དཔའ། །ལག་ཏུ་ཐོབ་ན་ཟོང་དུ་ཆེ། །དོན་དུ་མི་བསྒོམ་ཚིག་ཏུ་རེད། །ཁྲེལ་མེད་ཐབས་ཀྱིས་འདོད་པ་ལ། །ཡུལ་ཁམས་སྟེར་ཡང་མི་སྦྱིན་ནོ། །ཐོས་མེད་ཤེས་ཆུང་ཐོ་ཅོ་མཁན། །མན་ངག་གདེང་དུ་མ་གྱུར་པར། །ང་ཆེ་སློབ་དཔོན་ས་འཛིན་པ། །སྒང་ཁ་བྱེ་ཕྲུག་རུམ་པ་འདྲ། །དེ་ལ་རྒྱུད་འདིའི་སྐལ་བ་མེད། །དམ་ཚིག་ཉམས་དང་རྫུན་པོ་ཆེ། །སློབ་དཔོན་བཀའ་བཞིན་གཅིག་མི་བྱེད། །གཞོགས་ངོམ་བྱེད་ཅིང་རང་ཆེ་འབྱིན། །དྷརྨ་རྐུ་ཞིང་ཆོས་རྣམས་བསླུ། །བྱིལ་མ་ནོར་ཆུང་མཚང་རྣམས་རྫོགས། །དད་ཆུང་མན་ངག་སྣ་འཚོགས་བྱེད། །བཞེད་པ་མཐོ་རིས་བྱང་ཆུབ་བཞེད། །གཤེགས་པ་ན་རག་དམྱལ་བར་གཤེགས། །དེ་འདྲའི་སློབ་མ་སྣོད་ངན་ལ། །ཐེག་པའི་བཅུད་འདི་ཤིན་ཏུ་གསང་། །ཉི་ཟླ་ཐང་ལ་ལྷུང་གྱུར་ཡང་། །སྐད་ཅིག་ཙམ་ཡང་མ་བསྟན་ཅིག །དམ་ཉམས་པོ་ལ་བྱང་ཆུབ་མེད། །སྡིག་པོ་ཆེ་ལ་མཐོ་རིས་མེད། །སེར་སྣ་ཅན་ལ་མན་ངག་མེད། །འཛིན་ཆགས་ཅན་ལ་ཐར་ལམ་མེད། །ཤེས་པའི་སྒོ་དོག་ཐོས་པ་ཆུང་། །ང་རྒྱལ་ཁ་འདོར་ཁེངས་པ་དང་། །སྒོམ་སྒྲུབ་འཛའ་གད་དབང་དུ་གཏོང་། །ལྟ་བ་མེད་པའི་རས་ཆོད་མཁན། །དམ་ཚིག་ཉམས་པའི་གཟུ་ལུམས་མཁན། །སྤྱོད་པ་རྩིང་པའི་ཐོ་ཅོ་མཁན། །ཁ་ཡངས་གཏིང་ཐུང་ངོ་དགའ་མཁན། །མན་ངག་མེད་པའི་བཙན་སྦྱོར་མཁན། །སྙིང་རྗེ་མེད་པའི་བཙན་སྒྲོལ་མཁན། །ཐར་ལམ་ནུབ་ཅིང་དམ་གཞུང་ཤོར། །


DNG025_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གདམས་རྒྱུད་འདི་བསྟན་ན། །ཀུན་ཏུ་བཟང་པོ་ང་བསླུས་སོ། །གཉིས་ཀ་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་རྒྱུད་འདི་དམ་པར་ཟུང་། །བསྟན་པའི་ཡུལ་ནི་འདི་ལྟར་རོ། །དང་པོ་དད་པ་ཡོན་གྱིས་འདྲེན། །བར་དུ་སློབ་དཔོན་མིག་ལྟར་འཁུར། །སྤྱོད་པའི་མན་ངག་གཞུང་དུ་སྤྱོད། །མཚན་ཉིད་ངང་ཚུལ་བཟང་ལ་ཤིས། །ཡོངས་ལ་འཕྲག་ཡངས་དོག་པ་མེད། །རང་ཤེས་སྐྱོངས་ནས་གཞན་མི་སྨོད། །དལ་ཅིང་སྤྱོད་པ་ལྷོད་ཆགས་པ། །གཡོ་མེད་ཁོག་སྐྱོན་རྣམ་པར་སྤངས། །དམ་ལ་གནས་ཤིང་ཉམས་ལེན་བརྩོན། །བཀའ་བཞིན་བྱེད་ཅིང་དོན་དང་མཐུན། །དེ་ནི་རྒྱུད་མཆོག་འདི་ཡི་སྣོད། །ལྔ་ལྡན་བུ་ལ་འདི་སྟོན་ཅིག །གཅིག་ལས་མ་མངས་ཀུན་ལ་གསང་། །ཞེས་གསུངས་ནས་ཆོས་ཀྱི་དབྱིངས་ཀློང་ཡངས་གདལ་བ་ཆེན་པོའི་ངང་ལ་ལྷན་ནེར་བཞུགས་སོ། །དེ་ནས་རང་ལས་སྤྲུལ་པའི་འཁོར་སེམས་དཔའ་རྡོ་རྗེ་དེ་ཉིད་སྟོན་པའི་ཐུགས་ཀར་ཐིམ་སྟེ། སྟོན་པ་ཉིད་ཀྱང་མི་སྣང་བར་གྱུར་ཏོ། །སྐུ་གསུང་ཐུགས་ཀྱི་འཁོར་རྣམས་ཀྱང་། རང་སྣང་ལ་ཡིད་ཆེས། ཟད་པ་ཆེན་པོའི་སར་འཁྱོལ་ཏེ། ཀ་དག་རང་སར་ཟིན་ནས། ཁམས་གསུམ་ཡོངས་གྲོལ། འཁོར་བ་དོང་ནས་སྤྲུགས་སོ། །ཐེག་པ་ཀུན་གྱི་ཡངས་རྩེ། ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། མཇུག་དོན་ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད། འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། ཕུལ་དུ་བྱུང་བ་རྫོགས་སོ།། །།དཔལ་ལྡན་སྔགས་ཀྱི་སྲུང་མ་དང་། གཏེར་བདག་མ་ནིང་ནག་པོས། བཀའ་འདི་སྲུངས་ཤིག །གཏད་རྒྱ། སྦས་རྒྱ། གཏེར་རྒྱ། ཟབ་རྒྱ། བཀའ་རྒྱ། གསང་རྒྱ། གཉན་རྒྱ། ལས་ཅན་གཅིག་དང་འཕྲད་པར་ཤོག །མ་ནིང་ཁྱོད་ཀྱིས་རྒྱ་འདི་ཁྲོལ། །ཨེ་མ་ཧྱོཿ། རྡོ་རྗེ་གླིང་པའི་ཁྱད་ཆོས་ཡིན། །སརྦ་མངྒ་ལཾ། དགེ་ལེགས་འཕེལ། དགེའོ།། །།

རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཅེས་བྱ་བ།


DNG025_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རརྻུ་པ་དེ་ཤ་ཨཱ་གྷ་ཏྲ་ཙཀྲ་ཏནྟྲ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་ཉིད་ཀྱིས་སེམས་དཔའ་རྡོ་རྗེའི་དོན་ཡོངས་སུ་གོ་བའི་དུས་ཉིད་ན། སྤྲུལ་པའི་སྐྱེས་བུ་སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ་དེ་ཡིས། དྷ་ཧེ་ནའི་འདུ་ཁང་ཆེན་པོ་རུ། རིགས་ཁྱད་པར་ཅན་གདུག་པ་ཅན་གྱི་ཚོགས་དང་མཁས་པ་ཉི་ཤུ་རྩ་གཅིག་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་རྣམས་བསྡུས་ནས། ལྷུན་གྲུབ་ཤེས་པ་རང་གསལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་འཁོར་ཐམས་ཅད་ཀྱི་རྒྱུད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་ཟག་པ་མེད་པའི་ཆོས་ཉིད་དུས་གཅིག་ཏུ་ཤར་བར་གྱུར་ཏོ། །དེ་ནས་འཁོར་རྣམས་ཀྱི་ནང་ནས་ཉིད་དང་འདྲ་བའི་སྤྲུལ་པ་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་བཞེངས་ནས། འཇམ་དཔལ་བཤེས་གཉེན་གྱིས་སྤྲུལ་པའི་སྐྱེས་བུ་དགའ་རབ་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སྤྲུལ་པའི་སྐྱེས་བུ་ལགས། །འཁྲུལ་པ་འཁོར་བའི་སེམས་ཅན་རྣམས། །རྒྱུ་རྐྱེན་དངོས་པོ་ཅི་ལས་འཁྲུལ། །སྤྲུལ་པ་སྣང་བའི་སྐྱེ་མཆེད་ཀྱིས། །ཆོ་འཕྲུལ་བསྟན་པ་ཇི་ལྟར་ལགས། །འདི་འདྲའི་རྫུ་འཕྲུལ་ངོ་མཚར་ཆེ། །དཔྱང་ཐག་ཆད་པའི་འགྲོ་བ་ལ། །ཟབ་མོའི་དོན་ཚན་བཤད་དུ་གསོལ། །ཞེས་ཞུས་པས། དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་གྱི་ཚིག་གསན་པར་གྱུར་ནས། འཇམ་དཔལ་བཤེས་གཉེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་རྒྱུ་རྐྱེན་ལས་ལས་མ་བྱུང་བའི། །ཤེས་པ་ཆོས་སྐུར་གསལ་བ་ལ། །ཡེངས་པའི་ཚུལ་གྱིས་འཁོར་བར་འཁྱམས། །དེ་ལ་སྟོན་པ་རྣམ་གསུམ་གྱིས། །ལམ་ལ་སོ་སོར་བགྲོད་པ་ཡིས། །བསྡི་གནས་བཏགས་པའི་སངས་རྒྱས་ཐོབ། །ཞེན་པ་གཉིས་པོར་རང་གྲོལ་ཕྱིར། །མན་ངག་འདུས་པའི་འཁོར་ལོ་བཤད། །ཅེས་གསུངས་པས། འཁོར་ཐམས་ཅད་རྟོག་པའི་བསམ་པ་དང་འདུན་པ་བཟང་


DNG025_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དུས་གཅིག་ཏུ་སྐྱེས་པར་གྱུར་ནས། སྐྱེས་བུ་ཆེན་པོས་བཤད་དུ་གསོལ། །ཞེས་ཞུས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། གླེང་གཞི་ཞུས་པ་དང་བཅས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་སྟོན་པ་དགའ་རབ་རྡོ་རྗེ་བྱ་བ་དེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་མཁས་པ་ཉི་ཤུ་རྩ་གཅིག་ལ། ཨུ་རྒྱན་གྱི་སྐད་དམ་བརྡ་ཡིས་བརྒྱུད་དེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་མ་ནོར་མ་བཅོས་དོན་ཆེན་ལ། །རང་བྱུང་ཡེ་ཤེས་རིག་པར་ཤར། །རྣམ་པར་མི་རྟོག་རྟོག་ལས་འདས། །དེ་བཞིན་ཉིད་ལ་བཅོས་སུ་མེད། །འོན་ཀྱང་རྒྱལ་བའི་དགོངས་པའི་དོན། །ཀུན་བཟང་དབྱིངས་ཀྱི་དོན་ཆེན་ནས། །རང་བྱུང་རིག་པའི་རྩལ་ཤར་བས། །འདི་དོན་རྩ་བ་དག་གིས་གཟུང་། །རྟོགས་དཀའ་རྡོ་རྗེའི་རྩ་བ་ལ། །རིག་པ་རྩལ་དང་གབ་མངོན་ཕྱུང་། །ཐལ་བྱུང་ཅོག་བཞག་ཐུག་ཕྲད་དང་། །ཚོལ་བ་རྗེས་མེད་དམིགས་རྗེས་མེད། །གཏོད་ཕུར་དག་གི་མན་ངག་གིས། །གཅོད་བྱེད་དོན་གྱི་འཁོར་ལོ་བསྐོར། །གདམས་ངག་སྡོང་ཆེན་བརྒྱད་པོ་ལ། །ཡལ་ག་ལོ་འདབ་དུ་མར་སྨིན། །དཔེར་ན་འཛམ་བུ་བྲྀཀྵ་བཞིན། །འབྲས་བུ་དགོས་པ་དུ་མ་འབྱུང་། །དེ་བཞིན་མན་ངག་རེ་རེ་ཡིས། །འགྲོ་བའི་རང་རྒྱུད་གྲོལ་བའི་ལམ། །དཔེར་ན་གསེར་འགྱུར་རྩི་བཞིན་དུ། །དུག་ལྔ་ཡེ་ཤེས་ཆེན་པོར་འགྱུར། །སྡུག་བསྔལ་བདེ་བའི་ཀློང་དུ་འགྱུར། །དེ་འགྱུར་དེ་གསལ་བདག་གིས་ནི། །མན་ངག་སྐད་ཀྱིས་བཤད་པའི་དོན། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །གདམས་ངག་བརྒྱ་དང་བརྒྱད་ཅུ་གཉིས། །མི་ནུབ་རྒྱལ་མཚན་དོན་བཀྲོལ་ནས། །གསང་བའི་དོན་གཅོད་འཁོར་ལོ་བསྐོར། །རེ་རེས་འགྲོ་བའི་རང་རྒྱུད་འགྲོལ། །རིག་པའི་མཛོད་འཛིན་ཁུ་བྱུག་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །ཟབ་མོའི་གདམས་ངག་བཅུ་གཉིས་སྟོན། །རིག་པ་རྩད་གཅོད་འཁོར་ལོ་བསྐོར། །རེ་རེས་འགྲོ་བའི་རང་རྒྱུད་འགྲོལ། །རྩལ་ཆེན་དོན་གྱི་གཞི་མ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །ཟབ་མོའི་གདམས་ངག་བཅོ་ལྔ་ཡིས། །པདྨ་རྩད་གཅོད་འཁོར་ལོ་བསྐོར། །རེ་རེས་


DNG025_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་རང་རྒྱུད་འགྲོལ། །ཁྱུང་ཆེན་སྤྲོས་བསྡུའི་རྩོལ་མེད་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །གདམས་ངག་བདུན་ཅུ་རྩ་བརྒྱད་ཀྱིས། །བསམ་གཏན་རྩད་གཅོད་འཁོར་ལོ་བསྐོར། །རེ་རེས་འགྲོ་བའི་རང་རྒྱུད་འགྲོལ། །སེམས་བསྒོམ་ཐེག་པའི་དམིག་སེལ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །གདམས་ངག་དགུ་བཅུ་རྩ་བརྒྱད་ཀྱིས། །ཚད་མ་རྩད་གཅོད་འཁོར་ལོ་བསྐོར། །རེ་རེས་འགྲོ་བའི་རང་རྒྱུད་འགྲོལ། །བྱང་སེམས་ཀློང་གི་རྩ་བ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །ཟབ་མོའི་གདམས་ངག་བཅོ་བརྒྱད་ཀྱིས། །རྟོག་པ་རྩད་གཅོད་འཁོར་ལོ་བསྐོར། །མཐར་ཐུག་ཐིག་ལེ་དྲུག་པ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །གདམས་ངག་ཉི་ཤུ་རྩ་བརྒྱད་ཀྱིས། །ཡང་དག་རྩད་གཅོད་འཁོར་ལོ་བསྐོར། །སྤྱི་གཅོད་ཐེག་པའི་ཡང་རྩེ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །ཟབ་མོའི་གདམས་ངག་བཅོ་ལྔ་ཡིས། །དགེ་སྡིག་རྩད་གཅོད་འཁོར་ལོ་བསྐོར། །རྗེ་བཙན་ཐེག་པའི་རྒྱལ་པོ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །གནས་ལུགས་དོན་གྱི་མན་ངག་བཅུས། །རྡོ་རྗེ་རྩད་གཅོད་འཁོར་ལོ་བསྐོར། །འདོད་འབྱུང་ཡིད་བཞིན་ནོར་བུ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །ཟབ་མོའི་གདམས་ངག་བཅུ་དྲུག་གིས། །བསྡི་གནས་ཞེན་གཅོད་འཁོར་ལོ་བསྐོར། །འཕང་མཐོ་ནམ་མཁའ་རྒྱལ་པོ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །གདམས་ངག་བདུན་ཅུ་རྩ་གཉིས་ཀྱིས། །གཟུང་འཛིན་རྩད་གཅོད་འཁོར་ལོ་བསྐོར། །ཐོག་ཏུ་འབེབས་པའི་ཏིག་ཆེན་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །ཟབ་མོའི་གདམས་ངག་ཚིག་གསུམ་གྱིས། །རྩོལ་སྒྲུབ་རྩད་གཅོད་འཁོར་ལོ་བསྐོར། །ཕྲ་བཀོད་གསེར་མིག་གཡུས་སྤྲས་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །གདམས་ངག་བཞི་བཅུ་རྩ་ལྔ་ཡིས། །ཡི་གེ་རྩད་གཅོད་འཁོར་ལོ་བསྐོར། །ཡོངས་འདུས་སྲོག་གི་འཁོར་ལོ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །ཟབ་མོའི་གདམས་ངག་བཅུ་དྲུག་གིས། །གསང་ཆེན་རྩད་གཅོད་འཁོར་ལོ་བསྐོར། །བདེ་འཇམ་ཡངས་དོག་མེད་པ་ལ། །ཀློང་དགུ་


DNG025_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་ཉི་ཁྲི་ནས། །ཟབ་མོའི་གདམས་ངག་རྩ་བདུན་གྱིས། །སྡུག་བསྔལ་རྩད་གཅོད་འཁོར་ལོ་བསྐོར། །ཐོབ་མེད་རྩེ་མོ་བྱུང་རྒྱལ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །གདམས་ངག་དགུ་བཅུ་རྩ་དྲུག་གིས། །བདུད་རྩི་རྩད་གཅོད་འཁོར་ལོ་བསྐོར། །ཀུན་འདུས་ཀུན་གྱི་རྩ་བ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །ཟབ་མོའི་གདམས་ངག་ཉི་ཤུ་ཡིས། །བདག་འཛིན་རྩད་གཅོད་འཁོར་ལོ་བསྐོར། །སྤྱི་བཅིངས་དོན་གྱི་ཆེ་བ་ལ། །ཀློང་དགུ་བམ་པོ་ཉི་ཁྲི་ནས། །གདམས་ངག་ཉི་ཤུ་རྩ་གཉིས་ཀྱིས། །རྟག་ཆད་རྩད་གཅོད་འཁོར་ལོ་བསྐོར། །མ་རིག་འཁྲུལ་པ་ཚར་གཅོད་ཅིང་། །ཡང་དག་དོན་ལ་དགོད་པའི་ཕྱིར། །རྡོ་རྗེ་ལྟ་བུའི་རྩ་བ་ལ། །སྡོང་ཆེན་བརྒྱད་ཀྱི་འཁོར་ལོ་བསྐོར། །བདུན་བརྒྱད་རྩ་བདུན་སྤྲུལ་པ་འགྱེད། །བདག་གཞན་ཞེན་པ་རང་སར་གྲོལ། །རིག་པ་རྩལ་གྱི་སྡོང་པོ་ལ། །ཅིར་སྣང་རིག་པའི་གོ་བ་སྐྱེ། །གབ་པ་མངོན་འབྱུང་སྡོང་པོ་ལ། །ཆོས་སྐུ་རང་གསལ་རྟོགས་པ་འཆར། །ཡེ་ཤེས་ཟང་ཐལ་སྡོང་པོ་ལ། །རང་བྱུང་མིན་པ་ཀ་ནས་མེད། །ཆོས་སྐུ་ཐུག་ཕྲད་སྡོང་པོ་ལ། །ཅིར་སྣང་ཆོས་སྐུར་ཡེ་ཤེས་སྐྱེ། །ཆོས་ཉིད་ཅོག་བཞག་སྡོང་པོ་ལ། །ཅིར་སྣང་ཆོས་ཉིད་བྱས་ཟིན་འགྲུབ། །ཚོར་བ་རྗེས་མེད་སྡོང་པོ་ལ། །བརྟགས་སྣང་མི་བདེན་ཡིད་ཆེས་སྐྱེ། །དམིགས་པ་བརྗེད་མེད་སྡོང་པོ་ལ། །དྲན་མེད་ཉམས་བླང་ཤུགས་ལས་འབྱུང་། །འཛིན་མེད་རྟོད་ཕུར་སྡོང་པོ་ལ། །འཛིན་མེད་ཡེ་ཤེས་ཤུགས་ལ་འཆར། །ཅེས་པ་བཅོ་བརྒྱད་ཀྱི་དོན་ནན་ཏན་དང་བཅས་པ་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། འཁོར་ལོ་བཅོ་བརྒྱད་ཀྱི་གདམས་ངག་གནང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་སྤྲུལ་པའི་སྐྱེས་བུ་ཆེན་པོ་དེས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཉིད་ཡེ་ནས་སངས་རྒྱས་པས། །བྱ་བཙལ་མེད་པར་ལྷུན་གྱིས་གྲུབ། །འདི་ལྟར་སྣང་བས་སངས་རྒྱས་ཉིད། །རང་བྱུང་ཡེ་ཤེས་འཕེལ་འགྲིབ་མེད། །འཁོར་འདས་ལམ་པའི་


DNG025_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཀུན། །གང་ཡང་བླང་དོར་མི་བྱ་ཞིང་། །ཟག་པ་མེད་པའི་ངང་ལ་བསྡིམ། །མ་བསྡིམས་བཟུང་ཡང་འགལ་རྒྱུ་མེད། །ཀུན་དངོས་ལྷུན་གྲུབ་རང་ཤར་ལ། །འགལ་དང་མི་འགལ་ག་ལ་ཡོད། །ཆོས་སྐུ་མཉམ་ཉིད་ཆེན་པོ་ལྟར། །མཉམ་པར་ལྟ་ཡང་གནས་རྒྱུ་མེད། །རང་བྱུང་ཡེ་ཤེས་འགག་མེད་ལ། །མཉམ་དང་མི་མཉམ་ག་ལ་ཡོད། །འབྱུང་འཇུག་འཛིན་མེད་སྟོང་པར་བལྟ། །སྟོང་ཉིད་ཡུལ་ལ་གནས་པ་མེད། །རིག་པ་རང་བྱུང་ཡེ་ཤེས་ལ། །སྟོང་དང་རིག་པ་དབྱེར་མེད་ཕྱེ། །སྤྲོས་མེད་རང་བྱུང་བདེ་ཆེན་ལ། །བགྲོད་མེད་རྩོལ་བྲལ་རླུང་ལམ་ཤར། །འདི་ལ་བསྒོམ་རྒྱུ་ཅི་ཡང་མེད། །འབད་པ་རྩོལ་བའི་ནད་ཡིན་ཏེ། །རྣམ་རྟོག་རྐུན་པོར་ལྡང་བ་ལ། །སྡོང་ཆེན་བརྒྱད་པོས་ཟིལ་གྱིས་གནོན། །ཟིལ་གནོན་རྟོགས་པ་རང་སར་གྲོལ། །མཁའ་ལ་ཉི་མ་ཤར་བ་བཞིན། །སྣང་སྲིད་འཁོར་འདས་རིག་པར་ཤར། །དེ་ལ་སྤང་རྒྱུ་གང་ཡང་མེད། །དམུས་ལོང་ཆུ་བུར་མིག་ཕྱེད་བཞིན། །བླ་མ་དང་ལྡན་མན་ངག་གྲུབ། །རིག་པ་ཆོས་སྐུར་གསལ་བ་ལ། །འདི་ལ་གྲུབ་པ་གང་ཡང་མེད། །གླང་ཆེན་སྨྱོན་པ་ཇི་བཞིན་དུ། །སེམས་ཀྱི་འདུ་འཕྲོ་ངེས་མེད་ལ། །འདི་རྟག་བསྟན་ཅིང་སྤྱད་དུ་མེད། །ངོ་ཤེས་མི་དང་ཕྲད་པ་བཞིན། །ཅིར་རྒྱུད་ཡེ་ཤེས་ཐུག་ཕྲད་ལ། །འདི་ལ་ཞེན་ཅིང་བླང་དུ་མེད། །རྒྱ་མཚོར་སྣང་སྲིད་གསལ་བ་བཞིན། །ལྷུན་འགྲུབ་དབྱིངས་སུ་ཀུན་གསལ་བ། །འདི་ལ་བདག་གཞན་ཐ་དད་བྲལ། །ཁྱི་རྐུན་ཁང་སྟོང་ཚོལ་བཞིན་དུ། །ཆོས་ཉིད་ཅིར་ཡང་མ་རྙེད་པས། །གཞན་ནས་བཙལ་དུ་ཅི་ཡང་མེད། །མིག་ནད་ཅན་གྱི་རྒྱང་མིག་ལྟར། །སེམས་ལ་སྣང་རྒྱུ་མ་རྙེད་པས། །འདི་ལ་དམིགས་གཏད་བཅའ་རུ་མེད། །ཁྱི་གསང་སྟོང་ལས་བཀྲོལ་བ་བཞིན། །གང་ཡང་གཟུང་དུ་མ་རྙེད་པས། །དྲན་པའི་ཐག་པས་གདགས་སུ་མེད། །ཅེས་གསུངས་སོ། །གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། མཐར་ཐུག་དོན་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྤྲུལ་
པའི་སྐྱེས་བུ་དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་རྒྱུད་གཏད་པ་འདི་གསུངས་སོ། །ཀྱེ་ཀྱེ་འཇམ་དཔལ་བཤེས་གཉེན་རྒྱུད་འདི་ཟུང་། །ཁྱོད་ཉིད་འཕགས་པའི་སྤྲུལ་པ་སྟེ། །ཁྱོད་ཉིད་ང་ཡི་རང་བཞིན་ཡིན། །གསང་བའི་གདམས་ངག་རྒྱུད་ཆེན་འདི། །མི་ནུབ་ཡོངས་ཀྱི་བཙས་སུ་ཞོག །རིན་ཆེན་གཏེར་བཞིན་དགོས་པ་འགྲུབ། །བྱ་བཙལ་མེད་པའི་རྒྱུད་ཆེན་འདི། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །སྣོད་ལྡན་བསྐལ་པར་སྦྱངས་སྦྱངས་པ། །ལས་འཕྲོ་ཅན་ལ་མྱུར་དུ་བྱིན། །ཅེས་གསུངས་སོ། །འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་ཐམས་ཅད་དགའ་མགུ་ཡི་རངས་ཏེ། དགའ་རབ་རྡོ་རྗེ་ལ་མངོན་པར་བསྟོད་དོ། །རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། གཏད་གཉེར་གྱི་ལེའུ་སྟེ་བཞི་པའོ།། །།རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་རྫོགས་སོ།། །།

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཀུན་ཏུ་བཟང་པོ་གསང་བའི་སྙིང་པོའི་རྒྱུད།


DNG025_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་སཏྭ་ཁ་ས་མ་ཧཱ་ས་མནྟ་བྷ་དྲ་གུ་ཧྱ་གརྦྷ་ཏནྟྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ཀུན་ཏུ་བཟང་པོ་གསང་བའི་སྙིང་པོའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། སངས་རྒྱས་མ་ལུས་པ་མེད་པ་ཐམས་ཅད་ལ་དབྱེར་མེད་པ། སྐྱིད་པའི་འབྱུང་གནས་རྫོགས་པར་ལོངས་སྤྱོད་པའི་རིན་པོ་ཆེ་ཐུགས་རྗེ་ཆེན་པོ་དེ་ཐུགས་རྗེ་ཆེན་པོའོ། །བདེ་བར་གཤེགས་པའི་ཐུགས་ཆེན་པོ། །མི་གནས་སྣ་ཚོགས་ལམ་མཆོག་གི། །འོག་མིན་ཁང་པར་གྱུར་པ་ཡི། །མཐའ་དང་དབུས་མེད་ཕྱོགས་རྒྱ་ཆད། །གྲུ་བཞི་བློ་འབུར་སྒོ་བཞི་ལྡན། །བསམ་གྱིས་མི་ཁྱབ་ཕྱི་ནང་རྒྱན། །དབུས་ན་སེང་གེ་པདྨ་ལྡན། །རིན་ཆེན་འབར་བའི་སྟེགས་བུ་ལ། །དོན་དམ་སྙིང་པོ་བླ་མེད་འཁྱིལ། །འཁོར་ལོ་འོད་


DNG025_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འབར་རྩིབས་བཞི་ནི། །ཁྱད་པར་གྱུར་པ་རྫོགས་པའི་མཆོག །དེ་བཞིན་ཏིང་འཛིན་ཏིང་ངེ་འཛིན། །དཀྱིལ་འཁོར་འབར་བ་ཇི་བཞིན་དུ། །གསུམ་གཉིས་དཀྱིལ་འཁོར་བླ་ན་མེད། །ཐུགས་རྗེ་ཆེན་པོ་འོད་འབར་ཕྱིར། །སོ་མང་སྤུ་གྲི་གཞལ་ཡས་གསལ། །སྨིན་པ་ཐུགས་འཛིན་དེ་ཉིད་ཚེ། །ངེས་བྱེད་གཙུག་གི་ནོར་བུ་འབར། །བྱང་ཆུབ་བར་སྣང་ལ་སོགས་ལ། །བཅོམ་ལྡན་འདས་ཀྱི་ལྗགས་རྩེ་ཡིས། །གསང་བ་འདི་ནི་རབ་ཏུ་བསྒྲགས། །འདི་ནི་གསང་ཆེན་རབ་ངེས་པའི། །ཆུབ་པར་གནས་པས་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་བྱུང་གཞན་ལ་མིན། །བཙལ་དུ་མེད་པའི་སྙིང་པོ་འདི། །མེད་པ་མ་ཡིན་རྡོ་རྗེའི་སྙིང་པོ་ཅན། །ཡོད་པ་མ་ཡིན་མེད་པའི་སྙིང་པོ་ཡོད། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཀུན་ཏུ་ཆུབ་པས་རྣམ་པར་རོལ། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་ལྟར་མཉམ་པར་གནས། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །གླིང་བྲལ་འདི་ལ་གང་གནས་པ། །རྡོ་རྗེ་སྙིང་པོ་སྲ་བའི་མཆོག །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །བདག་དང་གཞན་དོན་མི་འབྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ཆོས་སྐུ་ཀུན་ཏུ་ཁྱབ་པའི་ཕྱིར། །སངས་རྒྱས་ཀུན་དང་མཉམ་གྱུར་པའི། །གང་ཡང་དབྱེར་མེད་དཀྱིལ་འཁོར་འདི། །རྣམ་པ་ཀུན་ལྡན་མཆོག་གི་སྐུ། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཡེ་ནས་གྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །གདོད་ནས་རྣམ་པར་གྲོལ་བའི་ལམ། །བདེན་པ་ཉིད་ཀྱི་དཀྱིལ་འཁོར་ལ། །མཐོང་ཐོས་རེག་དང་དྲན་པ་ཡིས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །སངས་རྒྱས་དངོས་གྲུབ་སྙིང་པོ་འདི། །ལྷག་མ་མེད་པས་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་


DNG025_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གནས། །སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། །མངོན་དུ་མི་གནས་ཀུན་ཏུ་ཁྱབ། །མངོན་སུམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔའ་མཚོན་དུ་མེད། །ལྷུན་གྱིས་གནས་པའི་བདེ་ཆེན་ཏེ། །ཆ་ལུགས་འབར་བྱེད་ལ་སོགས་པས། །དཔག་ཅིང་མཚོན་དུ་མེད་པའི་ཕྱིར། །རྒྱ་འདི་བསྒྲུབས་པ་ཙམ་གྱིས་ནི། །སངས་རྒྱས་དཀྱིལ་འཁོར་མཐོང་མི་འགྱུར། །ཇི་སྙེད་རྣམ་གྲངས་མ་ལུས་པ། །འཆིང་བའི་རྒྱུ་སྟེ་བྱང་ཆུབ་སྒྲིབ། །བྱང་ཆུབ་ཉིད་ལས་བྱང་ཆུབ་མེད། །དེ་བས་སངས་རྒྱས་ཆོས་ཀྱང་མེད། །དགེ་དང་སྡིག་པ་རྣམ་གྲོལ་ཞིང་། །སྤྱོད་དང་བལྟ་དང་འཇུག་སོགས་མེད། །ཚིག་གི་ཐ་སྙད་མེད་པའི་ཕྱིར། །དབྱིབས་དང་ཡེ་ཤེས་དོན་ལས་འདས། །རང་བྱུང་ཡེ་ཤེས་བཙལ་མེད་པས། །སྣང་འདོད་སྦྱོར་བ་ལས་བྱུང་བའི། །རྩོལ་སེམས་བདེ་བ་བླ་མེད་ཀྱང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །ད་ལྟའི་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ལས་བྱུང་། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ནི་བརྟེན་པར་མི་བྱའོ། །ཨེ་མ་ཧོ་ཤིན་ཏུ་ངོ་མཚར་ཆེ། །ཚིག་གིས་མཚོན་དུ་མེད་པ་ལས། །སངས་རྒྱས་འདུ་བ་ངོ་མཚར་ཆེ། །ཐེག་པ་མཁའ་འདྲ་ལྟ་བའི་ཀློང་། །དུར་ཁྲོད་བརྡལ་བ་སྙིང་པོ་མཆོག །རྡོ་རྗེ་སེམས་དཔའ་བདེར་གནས་པས། །རྣམ་རྟོག་དུས་ལ་ལྟོས་སུ་མེད། །བགྲོད་ཅིང་སྦྱོར་བའི་ལམ་དང་བྲལ། །ཡིན་པའི་དོན་ཉིད་གཞིག་ཏུ་མེད། །ལྟ་བ་ཞེས་སམ་སྙིང་པོའང་མེད། །ནམ་མཁའི་མིང་ཡང་ཐོབ་པ་མེད། །དེ་ལྟར་དེ་བཞིན་དེ་ཡི་ཕྱིར། །དེ་ལ་དེ་བསྟན་དེ་ཡང་ཐོབ། །དེ་ནི་སྙིང་པོ་དེ་བས་ན། །དེ་ལས་དེ་འབྱུང་ངོ་མཚར་ཆེ། །སྔོན་གྱི་དེ་དང་ད་ལྟར་དེ། །དེ་བཞིན་དེ་ཡི་གནས་སུ་ཆེ། །དེ་ལྟར་དེ་ཡི་ལམ་འདྲ་བར། །དེ་ནི་དེ་ཡི་རང་བཞིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཀུན་གྱི་མཉམ་ཉིད་ཡིན་པ་ལས། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །འདི་ནི་སྨོན་པའི་ཡུལ་ལས་འདས། །བྱ་བྲལ་ལྷུན་གྲུབ་མཆོག་གི་སྐུ། །ཐ་སྙད་མི་འབྱེད་གཅིག་གི་ངང་། །འཁྲུལ་པས་ཐ་སྙད་བགྲངས་རྩོལ་བ། །དམུས་


DNG025_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ལག་ཏུ་རྫས་བསྐུར་བ། །གང་དུ་མ་གྲུབ་མ་གསལ་ན། །ཅི་ཡང་མ་གྲུབ་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་ཟབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཀུན་འདུས་ཀུན་ཀློང་ཀུན་གྱི་ཡིད་བཞིན་ནོ། །རྡོ་རྗེ་འདུས་པས་བདེ་བ་ཆེན་པོའི་སྐུ། །མཉམ་སྙོམས་འདུས་མ་བྱས་པ་མཉམ་དབྱིངས་ཆེན་པོའི་མཆོག །མི་དམིགས་མི་སྐྱེ་མི་འགག་སྣང་བ་མེད། །མཆོག་གི་སྙིང་པོ་དམ་པ་ཡིན་ཏེ་སྤྲོས་དང་བྲལ། །སངས་རྒྱས་གཞན་ནས་ཐོབ་རེ་ཡེ་ནས་མེད་དོ་དེ་བཞིན་ཉིད། །དེ་བཞིན་ཉིད་ཀྱང་དབུ་མར་མི་དམིགས་བདེན་པ་གཉིས་མི་མངའ། །བདེན་གཉིས་ལྡན་པས་ས་བརྒྱད་པ་ལའང་ཡོད་པ་མིན། །དེ་ཡོད་མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་བྱ་བ་མེད། །བགྲང་བའི་ཐ་སྙད་དམ་པ་རྣམས་ལ་ཡོད་པ་ཡེ་ནས་མིན། །དེ་ཕྱིར་ཐེག་པའི་སྙིང་པོ་ཉིད་ལ་ཐ་སྙད་ག་ལ་ཡོད། །ཐ་སྙད་མེད་པར་འཇུག་ལྟ་བསྲུང་སྒོ་འབྲས་བུ་འདོད་པ་གོལ། །གང་ཡང་དམ་པའི་སྙིང་པོ་འདི་ལ་ཐེག་པ་བགྲང་བ་མེད། །རྩོལ་བགྲང་ཐེག་པར་འདོད་པ་རྟོག་པའི་བློ། །འབྲས་བུ་སངས་རྒྱས་ཐོབ་པར་འདོད་པ་འཁྲུལ་པའི་ལམ། །ས་བཅུ་མཐར་ཕྱིན་ས་ཉིད་འཛིན་དང་རྟོག །འཛིན་རྟོག་དེ་ལ་ལམ་གྱི་ཕུགས་མི་གནས། །ལམ་མེད་ལམ་དུ་འདོད་པ་འགྲོ་ས་འཁྲུལ། །ཐོབ་མེད་འབྲས་བུ་འདོད་པས་དོན་མི་མཐོང་། །ཡེ་ཤེས་དབྱིངས་སུ་འདོད་པས་དབྱིངས་མི་རྙེད། །ཕྱག་རྒྱ་སྐུ་རུ་བསྒོམས་པས་དོན་མི་མཐོང་། །རྒྱ་མཚོ་སྐྱོགས་ཀྱིས་བཅུས་ནས་ཟད་མི་སྲིད། །སྣང་སྲིད་ཕྱག་རྒྱར་བསྒོམས་པས་སངས་མི་རྒྱ། །འདོད་པའི་ཡོན་ཏན་སྤངས་པས་བྱང་མི་ཆུབ། །ཉོན་མོངས་ལས་སྤངས་མྱ་ངན་འདས་མི་རྙེད། །འཕུར་སྐྱེས་བྱེ་ཕྲུག་སྒོང་ཆག་འཕུར་བ་ལྟར། །ཚད་མས་མི་ཤེས་དཔེས་ཀྱང་རྙེད་པ་མིན། །མི་འབྱེད་བདེན་པ་གཉིས་མེད་ཡི་གེ་མེད་པ་ཡི། །ལུང་ལ་མི་ལྟོས་ཐེག་པ་མི་རྩོལ་བའི། །ཡེ་རྒྱལ་ཡེ་ཡིན་རྩལ་མེད་རྒྱལ་པོ་འདི། །ཐོས་མ་ཐག་ཏུ་ཡེ་སངས་རྒྱས་པ་ཡིན། །ཉེ་ལམ་སྙེད་


DNG025_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྩོལ་བྲལ་ནད་སེལ་བའི། །སྨན་གྱི་རྒྱལ་པོ་བླ་མེད་མཆོག་གི་སྐུ། །འདི་མ་མཐོང་བར་གང་ཡང་མི་མཐོང་ཞིང་། །བྱེ་མ་སྙེད་ཀྱི་སངས་རྒྱས་མཐོང་བ་ནི། །རྨི་ལམ་མ་མཐོང་མཐོང་མེད་སད་པའི་ཡུལ་ཕྱོགས་ན། །ཅི་ཡང་མ་མཐོང་རྡུལ་མེད་ཕྱོགས་བལྟ་འདྲ། །འདི་ཞེས་བསྟན་པར་དཀའ་བ་འདི་མཐོང་རྙེད་པ་ནི། །རྒྱ་མཚོར་ལུག་མིག་ལུ་མའི་ཆུ་གང་བླུགས་བཞིན་རྒྱ་མཚོ་ཉིད། །ཡེ་ཤེས་ཡུལ་དུ་འདོད་འཁྲུལ་དཔེ་མེད་མཐོང་བ་འཁྲུལ། །འདི་ལ་སུ་དཔོག་ཤེས་རབ་ཆུང་ཞིང་གཏི་མུག་ཤེས་རབ་ལྷག་མཐོང་བ། །ཀུན་ཏུ་འོད་ས་བསྒྲུབ་རུང་ཡུན་ཏུ་བསྒྲུབ་ན་མཐོང་བ་སྤྲིན་སྲིད ། །གང་ཡང་མི་འགག་དེ་མེད་དེ་མི་འབྱུང་བར་ཀུན་འབྱུང་སྙིང་པོ་འདི། །སུ་སྦྱོང་སུ་འདོད་སུ་བསྒོམས་སུ་བསྙེན་དེ་ལ་དེ་མི་གནས། །རྒྱལ་པོ་ཕྲུ་གུ་ཡེ་ནས་རྒྱལ་བཞིན་འདི་ཡང་གནས། །རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱིས་ཀྱང་བཙལ་བས་འདི་མི་རྙེད། །ངང་གིས་མི་གཡོ་མི་བསྐྱོད་དེ་བཞིན་ཡེ་ནས་རང་བཞིན་གནས། །གང་གིས་བལྟ་བས་མཐོང་བ་དེ་ལ་བལྟ་བ་མེད། །དོན་འདི་ཚད་མས་ཤེས་པས་བརྡའ་མི་འཕྲད། །ཁྱུང་ཕྲུག་སེང་གེའི་བུ་ནི་མངལ་ནས་གཉེན་པོ་བཞིན། །མི་འགྱུར་ཡངས་པའི་ཀློང་འདི་གཉེན་པོ་ཡིན། །ཐེག་པ་ཀུན་ལས་རྩལ་སྦྱངས་འབྲས་བུའི་ལམ་འདོད་ཀྱང་། །ཡེ་ནས་སྒྲོན་མ་ཡངས་པའི་སྙིང་པོ་འདི་མ་མཐོང་ན་ནི། །རྒྱ་མཚོའི་ཆུ་ཀླུང་མཐོང་ཡང་སྐོམ་གྲིར་ཤི་བ་བཞིན། །སྙིང་པོ་འདི་ནི་ཆུ་ཟླ་མེ་ལོང་ཡིན་ཏེ་མ་བསྟན་གསལ། །ཇི་ལྟར་སྣང་ཡང་དེ་ལ་གཡོས་པ་མེད་པར་གནས། །དཔེར་ན་རྒྱལ་མཚན་མཐོན་པོ་རྒྱལ་རྟགས་ཡིན་བཞིན་དུ། །ཐེག་མཆོག་འདི་ནི་ཐེག་པའི་སྙིང་པོ་ཡིན། །དཔེར་ན་མྱུ་གུ་མེད་པར་སྡོང་བྱུང་ཡོད་མེད་བཞིན། །ཡེ་ནས་མེད་པ་མི་སྐྱེ་མི་འབྱུང་བདེ་བའི་ཀློང་། །ཆོས་འདི་མ་མཐོང་བར་ནི་སངས་རྒྱས་ཡོད་མི་འབྱུང་། །དཔེར་ན་མྱུ་གུ་སྡེའུ་ཉིད་འབྲས་བུའི་རང་བཞིན་ལྟར། །མི་སྐྱེ་མི་རྩོལ་བསྒྲུབ་མེད་སྙིང་པོ་འདི་ཉིད་ནི། །རྒྱལ་བ་རྣམས་ཀྱི་མྱུ་གུ་ཉིད་དེ་སངས་རྒྱས་འབྲས། །བྱ་མེད་ཀློང་ལས་ཉམས་པ་མེད་པ་ཆོ་གའི་མཆོག །གང་ཡང་མི་


DNG025_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་དེ་བཞིན་གནས་པ་བསྒོམ་པའི་ཀློང་། །ཡང་དག་ལམ་འདི་བླ་མེད་ལམ་མཆོག་མཐར་ལམ་ཉིད་ཀྱི་སྐུ། །རྒྱལ་བ་ཉིད་དེ་ཕྱིས་འབྱུང་སྙིང་པོ་ཡོངས་ཀྱིས་མིན། །བཟླས་པ་མི་དགོས་སྐུར་བསྐྱེད་པ་ནི་བྱིས་པའི་ལམ། །གང་ཡང་སྔོན་དུ་སྟོན་པ་མིན་ཏེ་མཐར་ཕྱིན་མེད། །ཡེ་ནས་ཕྱག་རྒྱ་སྙིང་པོ་མཆོག་འདི་རྒྱུ་སྟེ་འབྲས་བུ་ཡིན། །མདོ་སྡེ་འདུལ་བ་མངོན་པ་ཀུན་རྫོགས་ཡེ་ཤེས་རྒྱན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་དྲི་མེད་ཡངས་པའི་ཀློང་། །དྲང་སྲོང་བསྒོམ་འདོད་པ་ཡིས་འདི་མི་མཐོང་། །འདི་མཐོང་མཉམ་པའི་དོན་ལ་ཞུགས་སྲིད་པ་ན་དེ་ལས་མེད། །རབ་ཏུ་མཐོང་བ་དཀའ་ཕྱིར་ཆུ་བྲན་རྒྱ་མཚོ་ཚོལ་བ་བཞིན། །གཅིག་གི་སྙིང་པོ་འདི་ལ་རྟོག་གེས་ཐེག་པར་ཕྱེད། །ཐེག་པར་ཕྱེ་བ་འདི་ཉིད་ཡིན་ཏེ་འདི་མེད་པར་ནི་ལམ་མི་རྙེད། །ལམ་རྙེད་པ་ནའང་འཁྲུལ་པའི་ལམ་རིངས་གླང་པོ་རྫབ་ཆུང་འདྲ། །ལོ་མ་ཐོག་གུ་ཡལ་འདབ་འབྱུང་བ་ཉིད་ནི་རྩ་བའི་སྐྱབས། །དེ་མེད་པར་ནི་དེ་འབྱུང་མི་སྲིད་ཕྱིར། །ཆོས་ཀྱི་སྙིང་པོ་འདི་ནི་མཆོག་གི་རྩ་བ་ཡིན་པས་སོ། །སྐུ་གཅིག་ཤིན་ཏུ་བསྒོམས་པས་འདི་ལས་ཉམས། །གཉིས་བསྒོམས་པས་ནི་རྟོག་མཐའ་མང་སྟེ་རྣམ་གྲངས་པ། །འདི་འདོད་མངས་པ་རྣམ་པ་དག་ལ་རྟེན་པ་དེ་ལ་བྱང་ཆུབ་མེད། །ལམ་རིངས་ལམ་ལ་དེས་བགྲོད་པས་ནི་མཐོ་རིས་ལམ་མི་རྙེད་དེ་གོལ། །དེ་ཡིས་སངས་རྒྱས་མཐོང་མི་སྲིད་དེ་བྱང་ཆུབ་གཏིང་ནས་མེད། །འདི་འདོད་པ་ལ་འདི་མི་གནས་ཏེ་རྟོག་པའི་ཀློང་། །རྟོག་པ་ཅན་ལ་དོན་མི་སྣང་སྟེ་སྡུག་བསྔལ་ཆེ། །འཁྲུལ་འཁོར་སྙོམས་འཇུག་ཡེ་ནས་མེད་དེ་བླང་དོར་མེད། །བྱང་ཆུབ་རྒྱབ་ཀྱིས་ཕྱོགས་པས་འདི་རྙེད་འདི་མི་སྣང་། །བྱང་ཆུབ་འདོད་པ་དེ་ལ་ཡེ་ནས་འདི་མི་གནང་། །ས་བགྲང་བྱིས་པའི་སྤྱོད་ཡུལ་ས་ཡི་མཆོག་མི་རྙེད། །གཉིས་འཛིན་པ་ལ་ཡངས་པའི་སྙིང་པོ་མེད་དེ་རྟོག་པའི་རྒྱུན། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་དེ། སྟོང་གསུམ་འཇིག་རྟེན་ཡེ་ནས་བསྒྲལ་མི་དགོས། །ཡེ་མཉམ་ཡེ་སངས་རྒྱས་པས་བསྒྲལ་དུ་གདོད་ནས་དག །མཆོག་གི་སྙིང་པོ་ཕྱག་རྒྱ་ཆེན་པོའི་སྐུ། །སེམས་ནི་རྡོ་རྗེ་ཉིད་དེ་ཅིས་


DNG025_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གཞིག་ཏུ་མེད། །བྱང་ཆུབ་སེམས་ཉིད་རིན་པོ་ཆེ་སྟེ་གང་ཡང་འབྱུང་། །ནམ་མཁའ་གསེར་ཏེ་ས་གཞི་རྒྱ་མཚོ་ཡིན། །ཟླ་གསལ་ལྟ་བུར་རྣམ་པར་གྲོལ་བའི་སྐུ། །ཐམས་ཅད་བསྐྱེད་པའི་མཁའ་སྟེ་དཔག་བསམ་ཤིང་། །མ་ལུས་ལུས་པ་མེད་པ་མཆོག་གི་ཡུལ། །ཡེ་ཁྱབ་ཡེ་སངས་རྒྱས་པ་སྒོ་ཕུགས་མེད། །འཇུག་ལྟ་སྲུང་སྤྱོད་འབྲས་བུ་ཐོབ་པར་ཡོངས་མི་འདོད། །འདོད་པ་དེ་ཉིད་རྫོགས་པ་ཆེན་པོ་འདིའི་སྒྲིབ་ཆེན་ཡིན། །སྦྱང་གཞི་བཙལ་བས་རྙེད་པའི་ཡུལ་མེད་དེ། །ཡེ་ནས་སྦྱང་མི་དགོས་པས་ཁམས་གསུམ་ཡེ་སངས་རྒྱས། །ཚིག་གི་སྤྱོད་ཡུལ་དབང་པོ་ཕོབས་མི་རུང་། །བསྒོམ་ཞེས་འདི་ལ་གདགས་སུ་མེད་པ་ཡིན། །བསྒོམ་དུ་དངོས་པོ་མེད་དེ་ཚིག་ཙམ་མཚོན་དུ་མེད། །དབྱིངས་མེད་ཡེ་ཤེས་གསོག་སྟེ་ངག་གི་སྨྲ་བ་སྒྲིབ། །ཅི་ཡང་མེད་པ་མ་ཡིན་མེད་པའི་སྙིང་པོ་ཡོད། །ཅི་ཡང་དམིགས་ཡིན་དམིགས་པའི་སྙིང་པོ་ཡོད། །མི་བལྟ་མི་སྤྱོད་མི་བསྲུང་མི་བསྒོམ་པ་ཉིད་སྙིང་པོ་ཡིན། །དེ་ནས་རྡོ་རྗེ་འཛིན་པས་གསོལ་པ།བཅོམ་ལྡན་འདས་སྙིང་པོ་མེད་པ་ལས་ཇི་ལྟར་རྫོགས་ཞེས་ཞུས་པས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཐམས་ཅད་ལྷུན་གྱིས་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཀུན་འབྱུང་རང་རིག་བྱང་ཆུབ་སེམས་ཉིད་འདི། །གཞན་ནས་མ་བཙལ་གང་ན་ཡེ་ནས་མེད། །བརྗོད་པའི་ཐ་སྙད་མེད་པས་བྱང་ཆུབ་སྟེ། །ནམ་མཁའ་ནོར་བུ་འདི་ལ་ཀུན་རྫོགས་ཏེ། །སྤྱིར་ཡང་སྣང་ཕྱིར་དཀྱིལ་འཁོར་ཇི་ལྟར་སྣང་ཡང་འདི་ལ་རྫོགས། །གཟུགས་མེད་སྙིང་པོ་ཆུ་ཟླ་ལྟ་བུ་ནི། །གཟུགས་སྐུ་ཇི་ལྟར་སྣང་ཡང་འདི་ལ་རྫོགས། །ཡོད་པའི་སྙིང་པོ་ཡིན་ཏེ་སངས་རྒྱས་མ་ལུས་ཡིན། །མེད་པའི་སྙིང་པོ་ཡིན་ཏེ་གཞི་དང་རྩ་བ་མེད། །དོན་གྱི་སྙིང་པོ་འདི་ལ་སུས་ཀྱང་མཚོན་དུ་མེད། །སངས་རྒྱས་རྣམས་ཀྱི་ཉིད་ཀྱི་སྐུ་ལ་རྫོགས། །འབྱུང་བ་ཐམས་ཅད་ནམ་མཁའི་དབྱིངས་སུ་རྫོགས། །ཆོས་རྣམས་ཐམས་ཅད་ཐིག་ལེའི་ཀློང་འདིར་རྫོགས། །སངས་རྒྱས་ཐམས་ཅད་ཉིད་ཀྱི་ཐུགས་ལ་རྫོགས། །ལྟ་བ་ཁྱུང་ཆེན་མྱ་ངན་འདས་པ་ཡི། །མཆོག་གི་སྙིང་པོ་འདི་ལ་མ་ལུས་རྫོགས། །དེ་ཕྱིར་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། །འདི་ལས་ཡོན་ཏན་འབྱུང་


DNG025_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཟུགས་བརྙན་ནི། །སྒྲིབ་པ་གོལ་ས་ཉིད་དེ་སྙིང་པོར་ཡོངས་མ་གསུངས། །ཀུན་རྫོགས་འདི་མ་མཐོང་བར་རྒྱལ་བ་འབྱུང་མི་སྲིད། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་འཛིན་པས། རྫོགས་པའི་སྙིང་པོ་འདི་བསམ་པར་བྱ་བ་ཅི་མཆིས་ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །མི་བསམ་མི་གཡེང་མི་བསྒོམ་མི་དམིགས་པར། །དེ་བཞིན་སྙིང་པོ་འདི་ལ་དམིགས་སུ་ཡོད་མིན་པས། །འཛིན་པས་མི་གཟུང་དེ་བཞིན་རང་བཞིན་བཞག །བསམ་པ་རྟོག་པ་ཡིན་ཕྱིར་ཅི་ཡང་བསམ་མི་ཁྱབ། །གྲུབ་པའི་མཐའ་མི་སྤྱོད་པ་བསམ་པའི་མཆོག །ཡུལ་དང་དབང་པོར་མི་འབྱེད་ལྷུག་པར་བཞག །དབང་པོ་ཡུལ་ལ་ཡན་པ་བཏུལ་མི་བྱ། །ཡུལ་ལ་མ་གཞིག་ཡེ་ནས་དེ་བཞིན་ཉིད། །ཇི་བཞིན་ཡུལ་ལ་དེ་བཞིན་མི་འབྱེད་པ་ཉིད་མཆོག །ཀུན་བཟངས་ཡངས་པའི་མཁའ་དེར་ཐམས་ཅད་ལམ་གྱིས་རྫོགས། །ཁུ་བྱུག་དུས་བསྲུང་ནམ་ཟླ་དགོས་བསྒྲུབ་ལྟར། །གཞན་གྱིས་ཇི་ལྟར་རང་རྒྱུད་སྦྱངས་ཏེ་གཞུང་བསྙེགས་ཀྱང་། །དགོས་དོན་རྫོགས་ཆེན་མ་གྲུབ་བར་དུ་བྱང་ཆུབ་མེད། །དེ་ཕྱིར་རྣལ་འབྱོར་དོན་ལ་འཇུག་པ་རྣམས་ཀྱིས་ཀྱང་། །འདི་ལ་མི་བསྒོམ་མི་བཙལ་རང་སར་དེ་བཞིན་བཞག །ཕྱག་རྒྱ་སྐུ་རུ་བསྒོམ་པ་གོལ་ས་ཡིན། །རྒྱུ་འབྲས་གཉིས་སུ་འབྱེད་པ་འཁྲུལ་པའི་ལམ། །བདེན་པ་གཉིས་མེད་དེ་བས་མིང་ཡང་མེད། །དགེ་སྡིག་གཉིས་མེད་སྡིག་པ་བྱས་པ་མཆོག །སྦྱོར་བའི་ཡུལ་མེད་སྣང་སྲིད་ཡེ་སངས་རྒྱས། །གང་ཡང་མི་སྐྱེ་མི་འགག་ཅིར་ཡང་དགོངས་སུ་མེད། །རྒྱལ་བའི་ཡུལ་དུ་གྱུར་པས་དེ་བཞིན་ཉིད། །ཅིས་ཀྱང་བསྒོ་བ་མེད་པས་ནམ་མཁའི་ཀློང་། །དེ་བཞིན་གྱི་ནར་མ་བཅོས་དེ་ཉིད་རང་བཞིན་བཞག །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་གི་སྙིང་པོ་རྫོགས་པ་ཆེན་པོ་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་འཛིན་པས་བཅོམ་ལྡན་འདས་ལྟ་བ་ཞེས་བྱ་བ་ཇི་ལྟར་ལགས། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་དམིགས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ལྟ་བའི་ཀློང་ཉིད་འདི་ལ་སུས་ཀྱང་དཔྱད་དུ་མེད། །སྟོང་པའི་བསམ་གཏན་པ་ཉིད་ལྟ་བས་ཉམས། །


DNG025_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྤྱི་བླུགས་པ་ལ་ལྟ་མི་མངའ། །རྣམ་རྟོག་བདུད་ཡིན་རྡོ་རྗེ་འཆང་བ་ཉིད། །ཁྱུང་ཆེན་མཁའ་རླབས་གཅོད་ལྟར་ཁྱད་པར་ཆེ། །མི་ལྡོག་ཡེ་ཤེས་མཆོག་ས་འདི་ཡང་དག །ཡེ་ཤེས་ཕུགས་འདི་ཀུན་གྱི་འགྲོ་ཁུང་སྟེ། །མི་གནས་གནས་མེད་མི་རྟོག་ཡངས་བའི་ལམ། །གང་ལ་མི་བརྟེན་གང་ལའང་གནས་མ་ཡིན། །རྡོ་རྗེ་འཛིན་པ་ཆེན་པོས་མཆོག་ཏུ་དགེས་པའི་མཉམ་ཉིད་ཅེས་བྱ་བ་ཇི་ལྟར་ལགས་ཞེས་གསོལ་པས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཀུན་གྱི་གསང་མཆོག་དགྱེས་པས་ན། །སྐུ་ཡི་སྐུ་ཉིད་རྟག་ཏུ་བཞུགས། །དེ་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་ཏུ་རབ་ཏུ་ཆེ་བའི་སྐུ། །ཐམས་ཅད་མ་ལུས་མཆོག་གི་བླ། །ཀུན་སྦྱོར་མཉམ་ཡིན་དག་པ་སྟེ། །ངོ་བོ་ཉིད་ཀྱི་མཐུར་ལྡན་པས། །ཆགས་མེད་ཆགས་དང་བྲལ་བའང་མིན། །སངས་རྒྱས་མ་ལུས་མཉམ་སྦྱོར་ཕྱིར། །དབུ་མར་ཡང་ནི་མི་དམིགས་སོ། །ཀུན་རྫོབ་གཉིས་མེད་ཐེག་པའི་མཆོག །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སངས་རྒྱས་ཀུན་གྱི་བདག་པོ་ཉིད། །རྟག་པ་ཉིད་དུ་རྣམ་པར་བཞུགས། །བྱང་ཆུབ་སྤྱོད་པ་སྣ་ཚོགས་མཆོག །བཞུགས་བསམ་བདུད་ལས་རྒྱལ་ལ་སོགས། །ཀུན་ཏུ་སྐུ་དང་ཐེག་ཀུན་དང་། །མི་བསྐྱོད་ལ་སོགས་ཏེ་རྩིབས་གནས། །རིན་ཆེན་རལ་གྲི་པདྨ་དང་། །རྡོ་རྗེ་གན་དྷི་འཁོར་ལོ་སྟེ། །ཨུཏྤལ་སྤོས་ཏོག་མེ་མར་དྲི། །སྲེག་ཤིང་མེ་ལོང་ལ་སོགས་ལ། །ངོ་མཚར་སྒྱུ་འཕྲུལ་ཕྱག་རྒྱ་ནི། །འཁོར་ལོ་ལས་ནི་སྣ་ཚོགས་འབྱུང་། །དེ་ཉིད་འདོད་ཆགས་འདོད་ཆགས་བྲལ། །འཇིག་རྟེན་གསུམ་དང་ཁམས་གསུམ་དང་། །དུས་གསུམ་སྲིད་གསུམ་མཆོག་གསུམ་དང་། །རྣམ་པར་གྲོལ་དང་མ་གྲོལ་དང་། །མཉམ་དང་མི་མཉམ་ལ་སོགས་པ། །འཁོར་ལོའི་ཚུལ་དུ་རྣམ་པར་བསྐོར། །རྣམ་པ་སྣ་ཚོགས་ཐ་དད་པའི། །དཀྱིལ་འཁོར་མ་ལུས་བསམ་ཡས་དང་། །འགྲོ་བ་དག་ནི་མ་ལུས་ཀུན། །ཆོས་ཀྱི་དབྱིངས་དང་མི་མཉམ་པའི། །དམ་པ་རྒྱ་མཆོག་མ་ལུས་ཕྱིར། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བྱང་ཆུབ་སེམས་ཉིད་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །དཔའ་བོ་མཆོག་གི་དཀྱིལ་འཁོར་དུ། །སངས་རྒྱས་དཀྱིལ་


DNG025_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཀུན་རྫོགས་པས། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་གི་སྙིང་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་འཛིན་པས་གསོལ། །བཅོམ་ལྡན་དཔའ་བོ་ཐབས་ཆེན་པོས། །སྣ་ཚོགས་ལྷ་ནི་སྦྱོར་བར་མཛོད། །ཅེས་གསོལ་པས། ཀུན་ཏུ་བཟང་པོས་ཐམས་ཅད་སྣ་ཚོགས་པར་སྦྱར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་བརྗོད་དོ། །རྟོག་པའི་མཆོག་རྣམས་ཐམས་ཅད་ལ། །སྣ་ཚོགས་ལ་སྐྱེ་སྦྱོར་བྱེད་པ། །རང་གི་མཐུ་ཡིས་རིག་པ་སྣང་། །གཞན་ནས་སྣ་ཚོགས་ཆོས་ཡོད་མིན། །སེམས་ཅན་རྟོག་མཐའ་བསམ་ཡས་པས། །ཡང་དག་སངས་རྒྱས་ཅིར་ཡང་འཕྲུལ། །ནམ་མཁའ་གཞན་ཚུལ་ཉིད་དུ་སྣང་། །འཛིན་པས་བཟུང་བྱས་ཀུན་ཡིན་ཏེ། །རྒྱལ་སྲས་གསུང་མིན་ལོགས་སུ་འགྲུབ། །མ་འདྲེས་གཞན་གྱི་སྲོག་ལས་གོལ། །རྡུལ་ཉིད་དོན་གྱི་ཡང་འདོད་ཅིང་། །རྡུལ་བསགས་གང་བུར་གནས་ཕྱིར་ཡང་། །བསགས་རྡུལ་མི་རུང་དོན་མེད་འགྱུར། །རྟེན་འདྲེལ་སྒྱུ་མ་ལ་སོགས་ཉིད། །གཉིས་ཀྱི་ཐབས་མེད་ཤེས་རབ་བྲལ། །སྣ་ཚོགས་ལྷ་ཡི་མཆོག་ཉིད་ནི། །སྲིད་གསུམ་ངོ་བོར་ཀུན་བསྡུས་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མགོན་པོ་སྒྲིབ་མེད་དག་པ་ཡི། །རྩོལ་བྲལ་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བསྟན་འབྱུང་དཀྱིལ་འཁོར་རྟག་པ་ཉིད། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །སྐུ་གཉིས་བལྟ་བས་མི་ངོམས་ཤིང་། །བལྟས་པས་མཐོང་བར་མི་རུང་ཕྱིར། །ཆེ་བས་ཆེ་བའི་ཟབ་མོ་ཡིན། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་གི་སྙིང་པོ་ཉིད། མུ་སྟེགས་དང་ཉན་ཐོས་ལས་ལམ་རིང་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་སེམས་དཔའི་དཀྱིལ་འཁོར་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །གསང་བའི་ཐིག་ལེ་གཉིས་མིན་པས། །ཡེ་ཤེས་ཡང་དག་ས་ཡི་འོད། །བཅོམ་ལྡན་འདས་ཉིད་ལྷ་ཡི་ལྷ། །དཔའ་བོ་ཆེ་ལ་ཕྱག་འཚལ་ལོ། །


DNG025_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སྤྲོས་མེད་མ་སྐྱེས་པ། །སྐྱེ་མི་སྐྱེ་ཡི་གྲོས་སྤངས་པའི། །འབྱུང་དང་འབྱུང་གྱུར་རབ་སྦྱོར་བ། །མཆོག་ཏུ་རྟག་པར་སྦྱོར་བའོ། །རིན་ཆེན་ཐམས་ཅད་འབྱུང་གནས་དག །འོད་འབྱུང་ནམ་མཁའ་འདྲ་བ་ཡི། །རྒྱལ་མཚན་འབར་བ་བཙུགས་པ་སྟེ། །འོད་ལྡན་ཉི་མས་དབང་བསྐུར་བའོ། །ཆོས་ཀྱི་ལོངས་སྤྱོད་དག་པ་འབྱུང་། །ཁ་འབྱེད་པདྨ་དམར་པོའི་མཆོག །འདོད་ཆགས་དེ་ཉིད་གསང་བའི་མཆོག །ཐམས་ཅད་གསལ་བྱེད་བདུད་རྩིའི་སྐུ། །ཀུན་བསྒྱུར་དབང་ཕྱུག་ཡང་དག་ལྡན། །དེ་བཞིན་གཤེགས་ཚུལ་ཁུ་ཚུར་བསྟན། །སྣ་ཚོགས་ཡེ་ཤེས་སྣ་ཚོགས་ཆེ། །དགེ་བའི་ལས་ཆེན་ཁྱད་པར་སྣང་། །ཀུན་འབྱུང་ཐིག་ལེ་མཆོག་ཉིད་འཛིན། །མ་བྱུང་མི་སྐྱེའི་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཡེ་ནས་བྱར་མེད་བྱ་ལས་འདས། །རིག་དང་ཡེ་ཤེས་ཐ་སྙད་པས། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་རིགས་སོ་སོ་ཡང་ཐ་སྙད་མི་འགྱུར་བའི་རིགས་སུ་འདུས་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་བསྲུང་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དམ་ཚིག་ཉིད་དང་སྤྱོད་པ་དང་། །ལྷ་ཚོགས་པ་དང་ཕྲིན་ལས་དང་། །བསྒྲིབ་པ་དང་ནི་བསྡི་ན་སྐྱེས། །རྫས་ཆེན་ལྔ་དང་ཉོན་མོངས་ལྔ། །ཐབས་ཆེན་ཉིད་ཀྱི་དམ་ཚིག་པ། །ཡན་ལག་དམ་ཚིག་ལྔ་གཉིས་འདུ། །བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་དགའ། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཡན་ལག་དམ་ཚིག་ལྔ་གཉིས་ཀྱི། །ལྔ་གཉིས་ཕྲག་གི་རེ་རེ་ལའང་། །མཁས་པས་བཅུ་ཕྲག་གཉིས་གཉིས་དབྱེ། །རྩ་བའི་དམ་ཚིག་ལྔ་ལ་ཡང་། །ཤེས་རབ་སྟོབས་དང་ལྡན་པ་ཡིས། །བཅུ་ཕྲག་གསུམ་གསུམ་རེ་རེ་ལའང་། །རྨོངས་པ་མ་ཡིན་གསལ་བར་བྱེད། །དམ་ཚིག་ནོར་བུ་རིན་པོ་ཆེ། །ས་གཞི་རྒྱ་མཚོའི་རྡོ་རྗེ་གྲུབ། །ཕྱལ་པ་གཅིག་པུ་སྟོང་པ་རྫོགས། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཆུབ་པར་གནས་པ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །མདོར་བསྡུས་དམ་པ་མ་ལུས་པས། །གྲོལ་བ་རང་བྱུང་གཞན་ལས་མིན། །


DNG025_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་དམ་ཚིག་མ་ལུས་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་སྐྱོན་གྱིས་བགོར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །བདེ་གཤེགས་རྒྱལ་བའི་སྐུ་ཉིད་ལ། །དཔག་མེད་སྒྲིབ་ཏུ་མི་རུང་ཕྱིར། །སྐྱོན་གྱིས་བགོ་རུ་མེད་པ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་ཅན། །ང་རྒྱལ་ཕྲག་དོག་ཀུན་སྤྱོད་པས། །བླ་མེད་ཐེག་པའི་མཆོག་ཉིད་ལ། །མཆོག་ཏུ་གྱུར་པའི་སྒྲུབ་བྱེད་པ། །དེ་ཉིད་མཆོག་དེ་བླ་ན་མེད། །རིགས་ངན་གདོལ་པ་སྨེ་ཤ་ཅན། །ཐེག་དམན་ལྟ་བ་ལོག་པ་དང་། །མ་རབས་རྨུགས་སྦུགས་པ་ལ་སོགས། །གསང་བའི་དོན་དུ་སྒྲུབ་པ་རྣམས། །ཐེག་མཆོག་འདི་ལས་འགྲུབ་པར་གསུངས། །མཚམས་མེད་ལྔ་དང་དམ་མེད་དང་། །རྐུན་པོ་ཆོམ་རྐུན་དམག་དཔུང་དཔོན། །སྡིག་པའི་འཁོར་ལོ་བསྒྱུར་བའང་། །བླ་མེད་ཐེག་པ་ཆེན་པོ་ཡི། །ཐེག་མཆོག་འདི་ལ་བསྒྲུབ་པར་བྱ། །སྲོག་གཅོད་དགའ་དང་གཡེམས་པ་དང་། །གཞན་གྱིས་མ་བྱིན་བླངས་པ་དང་། །བརྫུན་དང་སྨྲ་དང་བརྣབ་སེམས་དང་། །རྟག་ཏུ་འདོད་པ་སྤྱོད་པ་རྣམས། །བླ་མེད་ཐེག་པའི་སྣོད་དུ་བསྔགས། །མ་སྲིང་བུ་མོ་སྦྱོར་བྱེད་ཅིང་། །གཤང་གཅི་ཟས་སུ་ཟ་བ་དང་། །དགེ་སློང་བསམ་གཏན་དཀྲུག་སྐུར་ཞིང་། །ལྷ་ཁང་མདོ་སྡེ་སྲེག་བྱེད་དེ། །དམ་པའི་ཆོས་ཀྱང་འཛིན་པར་བྱེད། །སྐལ་ལྡན་སྐྱེས་བུ་དེ་ཉིད་དང་། །ཡང་དག་སངས་རྒྱས་དབྱེར་མེད་དེ། །ཚོགས་ཆེན་གཉིས་དང་རྫོགས་པར་རོལ། །ཤན་པ་སྤུ་གྲི་རྣོ་ཐོགས་ཤིང་། །འགྲོ་དྲུག་གནས་སུ་དག་བྱེད་པ། །ཐར་ལམ་དཔའ་བོ་བྱང་ཆུབ་སྐུ། །སངས་རྒྱས་ཀུན་གྱི་གཤེགས་ཤུལ་བདེ། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཨ་ལི་ཀ་ལི་ཟབ་ཏུ་བསྟན། །ཨེ་མ་ཧོ་ཆོས་ཀྱི་དོན་འབྱུང་བ། །ཆོས་བདག་སྤྱོད་པ་རྣམ་པར་དག །གཙང་སྨེ་མེད་པར་ཀུན་ཟ་ཞིང་། །སྙིང་རྗེ་མེད་པར་ཀུན་གསོད་དེ། །མཐོང་བའི་ཡུལ་རྣམས་སྦྱོར་བྱེད་ན། །དེ་ཉིད་ཐེག་པའི་མཆོག་ཅེས་བྱ། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་བླ་ན་མེད་པའི་ཐེག་པ་སྤྱོད་པའི་ལེའུ་སྟེ་


DNG025_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ། དཀྱིལ་འཁོར་ཐམས་ཅད་ལ་ཁུ་བ་དང་གཤང་གཅིས་མཆོད་ནས། རྒྱལ་པོ་ཡིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །མཆོག་གསུམ་སྲིད་གསུམ་དཀྱིལ་འཁོར་ལ། །ཙནྡན་དྲི་ཡིས་དབུལ་མི་བྱ། །འདོད་ཡོན་ལྔ་པོས་མཆོད་བྱ་ཞིང་། །བདག་ལས་དཀྱིལ་འཁོར་མེད་ཤེས་ཏེ། །དཀྱིལ་འཁོར་བདག་པོ་བདག་ཉིད་ལ། །མཉམ་པའི་གྲུབ་རྫས་གཤང་གཅི་ཡི། །ལུས་བསྐུས་ཟ་ཞིང་མཆོད་བྱེད་པ། །དེས་ནི་རིགས་རྣམས་ཀུན་མཉེས་ཏེ། །ལྷ་མོ་རྣམས་ཀྱང་ཚིམ་འགྱུར་ཞིང་། །བྱང་ཆུབ་སེམས་དཔའ་མཐོང་བའི་ཕྱིར། །ངེས་མེད་སྣོད་གསར་སྣོད་རྙིང་དུ། །གཤང་གཅི་མི་གཙང་ཁུ་ཁྲག་རྣམས། །སྣོད་ལྡན་མཁས་པས་རབ་བཀང་སྟེ། །བདག་ཉིད་དཀྱིལ་འཁོར་ཆེན་པོ་ལ། །ཉིན་རེ་ནུབ་རེ་དབུལ་བར་བྱ། །ལྔ་པའི་དཀྱིལ་འཁོར་མཉེས་གྱུར་ནས། །རིགས་ཀྱི་དཀྱིལ་འཁོར་མ་ལུས་འགྲུབ། །བླ་ན་མེད་པའི་དཀྱིལ་འཁོར་མཐོང་། །དཔག་ཚད་འབུམ་བརྒྱའི་དཀྱིལ་འཁོར་ཉིད། །བསྐྱེད་སྤྲོས་བསྡུས་བཀོད་གསལ་བྱས་ནས། །མཆོད་པ་ལ་སོགས་སར་པའི་སྣོད། །མཛེས་པའི་མཆོད་པ་ཕུལ་བྱས་ལ། །བྱིན་གྱིས་མི་བརླབ་མི་མཉེས་ཏེ། །གྲུབ་པ་མངོན་དུ་འབྱིན་མི་འགྱུར། །ཐབས་མཁས་པ་ཡིས་བདག་མཆོད་པས། །འབུམ་བརྒྱའི་དཀྱིལ་འཁོར་མཆོད་པ་དང་། །ཀུན་འགྲུབ་དངོས་གྲུབ་ཆེན་པོ་ཡིན། །བདག་མཆོད་དཀྱིལ་འཁོར་ཁྱད་པར་ཡང་། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱི། །ཁྲོ་བདག་ཆེན་པོའི་ལུགས་བཟུང་ནས། །ཡི་གེ་མངོན་དུ་གྱུར་ན་ཡང་། །ཞི་བའི་དཀྱིལ་འཁོར་མཐོང་བ་མིན། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་བདག་ཉིད་ལ་བདག་ཉིད་ཀྱིས་མཆོད་ན། དཀྱིལ་འཁོར་ཀུན་མཆོད་པ་ཡིན་བཞིན། མི་རྟོག་པས་མཆོད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེ་ནས་གསང་འཛིན་རྒྱལ་པོ་ཡིས། །གསང་བའི་དོན་འདི་གཟུང་བྱའི་ཕྱིར། །བཅོམ་ལྡན་འདས་ལ་གསོལ་བཏབ་སྟེ། །དམ་པ་བཤད་པར་ཞུ་གསོལ་པས། །དབང་ཕྱུག་དམ་པ་ཀུན་བདག་གིས། །སྣ་ཚོགས་


DNG025_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གསུམ་དུ་བསྒོམ། །དུས་གསུམ་འགྱུར་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ལ་ལོངས་སྤྱོད་དོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པའི། །རྡོ་རྗེ་མི་འགྱུར་བརྟན་པའི་སར། །བླ་མེད་ཤེས་རབ་གཅིག་ཏུ་མཚུངས། །ཡེ་ཤེས་ཐར་ལམ་སྒྲུབ་བྱེད་པའི། །སྤྱོད་པས་སེམས་ཅན་ཐམས་ཅད་གསོད། །ཁམས་གསུམ་འགུལ་བ་ཀུན་བསད་ནས། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རིགས་མཆོག་རྒྱལ་པོ་རྡོ་རྗེའི་སྐུ། །ངོ་བོ་ཉིད་གཙང་གོས་པ་མེད། །ཀུན་རྫོགས་བྱང་ཆུབ་སྤྱོད་མཛད་པའི། །རླབས་ཆེན་སངས་རྒྱས་རྒྱུན་མི་འཆད། །གཏི་མུག་དཀྱིལ་འཁོར་རབ་བསྒོམས་ནས། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེར། །རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་སོགས། །ཞེ་སྡང་ང་རྒྱལ་འདོད་ཆགས་དང་། །ཕྲག་དོག་ལ་སོགས་དཀྱིལ་འཁོར་ལའང་། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རྫོགས། །དམ་པའི་དཀྱིལ་འཁོར་ལྔ་ཉིད་དུ། །དབང་འདོད་བསྐུར་ན་བསྒྱུར་ནུས་དང་། །རིག་འཛིན་སངས་རྒྱས་མཆོག་འདོད་པས། །ལྔ་པའི་དཀྱིལ་འཁོར་འདི་ལས་འབྱུང་། །དེ་དག་ཐམས་ཅད་ཉེ་བར་བསྒྲུབ། །མི་ཕྱེད་སྐུ་གསུང་ཐུགས་ལྡན་པའི། །འདོད་ཆགས་ལ་སོགས་དཀྱིལ་འཁོར་འདི། །རིགས་ཀྱི་དམ་ཚིག་ཡང་དག་སྟེ། །གསང་སྔགས་རྒྱལ་པོ་རྡོ་རྗེ་འཛིན། །བདག་མེད་ཡེ་ཤེས་ལས་བྱུང་བ། །རྡོ་རྗེ་གསང་བའི་དོན་བསྒྲུབས་པས། །སངས་རྒྱས་ཐམས་ཅད་བསྒྲུབ་བྱའི་ཕྱིར། །གསང་བའི་དཀྱིལ་འཁོར་འདི་རྣམས་བསྒོམ། །དཀོན་མཆོག་གསུམ་པོ་གང་མཆོད་པས། །ལྔ་པའི་དཀྱིལ་འཁོར་བརྟེན་བྱས་ན། །མཆོག་གསུམ་འགྲུབ་ཅིང་སྙིང་པོ་ཡང་། །བརྟེན་པས་ཡེ་ཤེས་ཐོབ་པར་འགྱུར། །དཀྱིལ་འཁོར་འདི་ལ་བློ་དམན་པ། །ལྟ་བ་ལོག་པའི་འདུ་ཤེས་ཅན། །ངན་སྐྱུགས་ཟ་ཞིང་སངས་རྒྱས་སྤོང་། །སྔགས་ཀྱི་སྤྱོད་པ་སུ་སྤྱོད་པ། །དེ་ནི་ལྟ་བའི་དོན་མཁས་ཏེ། །སྔགས་ཀྱི་སྤྱོད་པས་སྤྱོད་པའི་མཆོག །ནམ་མཁས་ཀུན་གྱི་རྗེས་འགྲོ་སྟེ། །ཆོས་ཀྱི་དཀྱིལ་འཁོར་མ་ལུས་པའང་། །ནམ་མཁའི་དཀྱིལ་འཁོར་ཁོངས་སུ་འདུ། །དེ་བཞིན་དཀྱིལ་འཁོར་མ་སྤངས་པ། །དཀྱིལ་འཁོར་ཆེན་པོ་ཡེ་སངས་རྒྱས། །རྣལ་འབྱོར་དེ་སྤྱོད་སྐལ་བ་བཟང་། །བདག་དང་གཞན་དོན་མི་བྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །རང་


DNG025_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་དཀྱིལ་འཁོར་རང་ལ་རྫོགས། །མི་ལེན་མི་འདོར་ནམ་མཁའི་ངང་། །རྣམ་པར་མི་རྟོག་དཀྱིལ་འཁོར་ལས། །ཀུན་རྫོབ་སྒྱུ་མ་རོལ་པ་ཡི། །གཏི་མུག་དཀྱིལ་འཁོར་བསྟན་པ་མཚར། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་དོན་དམ་པའི་དེ་ཁོ་ན་ཉིད་ལས། ཉོན་མོངས་རྣམ་པར་དག་པའི་དཀྱིལ་འཁོར་ཆེན་པོ་ལྔའི་རང་བཞིན་ཡིན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། དངོས་གྲུབ་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྨད། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །བཅོམ་ལྡན་འདས་ཏེ་ནྲྀ་ཡི་སྐུ། །ནྲྀ་ཐལ་རྒྱལ་པོ་རྡོ་རྗེ་འཛིན། །གསང་སྔགས་སྙིང་པོ་ཀུན་བསྡུས་པ། །འགྲོ་ལྔ་ལ་ཡངས་བདུད་བཞིར་ལྡན། །ལུས་དང་ངག་དང་སེམས་རྣམས་ནི། །རང་ས་ཉིད་ན་མི་དམིགས་ཏེ། །གང་ནའང་མི་གནས་མཉམ་པ་ཉིད། །སྐུ་གསུང་ཐུགས་ཏེ་རྡོ་རྗེའི་སྐུ། །འཇིག་རྟེན་ཁམས་ནི་མཐའ་ཀླས་པར། །སངས་རྒྱས་རྒྱལ་བས་བཙལ་དཀའ་བས། །མཁའ་དབྱིངས་དག་པའི་དབུས་གནས་པར། །དཀྱིལ་འཁོར་ཧཱུཾ་དུ་ཀུན་འདུས་ཕྱིར། །ཙིཏྟ་ཧཱུཾ་དུ་རྣམ་པར་བསྒོམ། །རང་གཟུགས་ཧཱུཾ་དུ་རབ་ཏུ་བརྟགས། །ཧཱུཾ་གི་དཀྱིལ་འཁོར་འོད་མོ་ཆེ། །ཁ་དོག་རྣམས་ལ་འཕྲོ་བས་བསམ། །རྡོ་རྗེ་སེམས་དཔའ་རྒྱལ་བའི་གཙོ། །ཙིཏྟ་ཧཱུཾ་དེ་དེ་མ་ཐག །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །གཙོ་བོ་ཧཱུཾ་དེ་དབང་ཕྱུག་མཆོག །རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི། །སྐུ་རྣམས་སྙིང་པོ་ཧཱུཾ་ལ་འདུས། །ཡི་གེ་མཆོག་ཏུ་གྱུར་པའི་ཧཱུཾ། །ཕུང་པོའི་དབུས་ན་འོད་འབར་ཏེ། །ཞིག་པས་རྡོ་རྗེ་རྩེ་ལྔ་གསལ། །རྒྱལ་བའི་སྙིང་པོ་རྡོ་རྗེ་དེ། །རྡོ་རྗེ་ཆེ་མཆོག་རྡོ་རྗེ་འཛིན། །རྡོ་རྗེ་སྙིང་པོ་བརྟན་པ་ལ། །འཁོར་ལོ་ལ་སོགས་འདུས་པ་སྟེ། །ཧཱུཾ་བཞི་དཀྱིལ་འཁོར་ངོ་མཚར་རྨད། །ཞིག་པས་སངས་རྒྱས་བྱང་ཆུབ་ལམ། །འདི་ནི་དངོས་གྲུབ་རྒྱ་ཆེན་ཏེ། །འདས་དང་མ་འོངས་ད་ལྟར་དང་། །འབྱུང་བར་མ་ངེས་སངས་རྒྱས་ལའང་། །གསང་བ་མཉམ་སྦྱོར་དངོས་གྲུབ་ནི། །ཡི་གེ་ཞིག་ཚུལ་འདི་ལས་མེད། །བཙལ་ཀྱང་རྒྱལ་བས་མི་རྙེད་དེ། །དངོས་གྲུབ་དོན་ཆེན་འདི་ལས་མེད། །རྫོགས་ལྡན་དབང་པོའི་སྦྱོར་མཁན་གྱིས། །དབང་པོ་


DNG025_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྦྱོར་མི་རྟག་པ། །རི་མོའི་གཟུགས་བརྙན་ཀུན་གསལ་ནས། །རྡོ་རྗེ་འཛིན་ལ་མི་ཆགས་པར། །ཆགས་པ་ཀུན་ལ་མ་ཆགས་པ། །དེ་ནི་ཆགས་མཆོག་རྒྱལ་པོ་ཡིན། །དངོས་པོ་གང་ལ་མི་དམིགས་པ། །བསྙེན་པ་མ་ལུས་ཡོངས་སུ་རྫོགས། །ཆེ་བའི་དངོས་གྲུབ་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་འབྱུང་། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་མཚན་མའི་དངོས་གྲུབ་དང་། མཚན་མ་མེད་པའི་དངོས་གྲུབ་རྣམ་པ་གཉིས་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་བསྒོམ་དུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སངས་རྒྱས་བྱང་ཆུབ་གང་བསྒྲུབ་པ། །ཡི་གེ་མེད་པའི་དོན་ལ་བལྟ། །སྙིང་པོ་མེད་པའི་གསུང་བ་བརྟག །བྱང་ཆུབ་ཚུལ་མཆོག་བདེ་ཆེན་ཏེ། །ཡེ་ཤེས་རྡོ་རྗེ་སྤྲུལ་པ་ནི། །སངས་རྒྱས་རྒྱུ་འབྲས་མི་ཕྱེད་པའི། །ཡི་གེ་མེད་པའི་ཆོས་ལས་བྱུང་། །དེ་ཕྱིར་སྐྱེས་བུ་སྤྲུལ་པ་ཉིད། །སྐུ་ཡི་ཆ་ལུགས་ངེས་མི་གནས། །སྣང་མེད་དོན་ལ་དཔག་མི་ལང་། །ཆོས་ཀྱི་འཁོར་ལོ་དམ་པ་ནི། །སྤྲུལ་པའི་མཛད་པ་རྫོགས་ཚུལ་དུ། །སྣང་མེད་སྙིང་པོ་མཆོག་གི་སྐུ། །ཡི་གེ་མེད་པའི་རྒྱུད་ལས་གྲགས། །སངས་རྒྱས་ཀུན་དང་དེ་བཞིན་དང་། །སྟོན་པ་རྡོ་རྗེ་ཀུན་གྱི་ཐུགས། །ཡེ་ཤེས་ལྔ་ལྡན་སྙིང་པོའི་སྙིང་། །གསང་བའི་སྙིང་པོ་ངེས་པ་ཡི། །འབྲས་བུ་ཀུན་གྱི་ལམ་གྱུར་པ། །ཡེ་ཤེས་རྡོ་རྗེ་མཁའ་འདྲ་སྟེ། །ཅིར་ཡང་མི་དམིགས་གཏི་མུག་དང་། །དུས་བཞིའི་སངས་རྒྱས་མ་ལུས་ཀྱིས། །བསྐལ་པ་གསུམ་དུ་བཙལ་གྱུར་ཀྱང་། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །སྐུ་གསུང་ཐུགས་ལྡན་ལུས་ཅན་གྱིས། །སྣང་མེད་མཐོང་བས་ས་གསུམ་རྫོགས། །ས་བཅུའི་བྱང་ཆུབ་སེམས་དཔས་ཀྱང་། །སངས་རྒྱས་མངོན་ཤེས་དམ་ཚིག་མཆོག །དམིགས་མེད་ནམ་མཁའ་ལྟ་བུའི་དབུས། །སངས་རྒྱས་དཀྱིལ་འཁོར་དམ་པ་ཉིད། །དམིགས་པ་མེད་པ་རྙེད་ནས་སྨིན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །དགོངས་པ་མི་འགྱུར་བཏང་སྙོམས་དང་། །


DNG025_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྙིང་པོ་མི་སེམས་ཤིང་། །ཕྱག་རྒྱའི་མཆོད་པ་མི་འཛིན་ཏེ། །ཡི་གེ་རྫས་ལ་མ་ཆགས་ནས། །མཆོག་གསུམ་དྲི་མ་མེད་པའི་མགོན། །བསམ་གཏན་ཉིད་དུ་འདུས་བསམ་པ། །སྣང་མཛད་ཡེ་ཤེས་ལྔ་ལ་སོགས། །སངས་རྒྱས་ནམ་མཁའི་ཁམས་མཉམ་པ། །སངས་རྒྱས་མཆོག་གི་གནས་སུ་བསྒོམ། །ལུགས་མ་ལ་སོགས་ཕྱག་རྒྱ་ལ། །རྣམ་པར་གྲོལ་བའི་ལམ་ལ་གནས། །གཞི་དེས་རྒྱལ་བའི་ལམ་རྙེད་ན། །ཐམས་ཅད་ཕྱག་རྒྱའི་ངོ་བོར་གནས། །ཡེ་ཤེས་འབར་བའི་གཞལ་མེད་ཁང་། །གདན་དང་མཆོད་པར་བཅས་པ་ཉིད། །རང་རིག་མཉམ་པའི་སྙིང་པོ་ལ། །ཡེ་ནས་རྫོགས་ཏེ་ངོ་བོར་གནས། །མཉམ་པའི་སྙིང་པོ་ངོ་བོ་དེ། །བསྟན་དུ་ཡོད་པ་མ་ཡིན་པ། །བཞིན་འབྱུང་རྒྱུ་ལ་མི་གནས་ཏེ། །མེ་ལོང་དག་པ་ཉིད་ལ་གནས། །ཀུན་སྦྱོར་གསུམ་གྱི་སྙིང་པོ་ལ། །མཚོན་དུ་མེད་པས་རྒྱལ་བའི་ལམ། །རྡོ་རྗེ་ནམ་མཁའི་དཀྱིལ་འཁོར་ཆེ། །འཁོར་ལོ་སངས་རྒྱས་འབར་འོད་སྐུ། །སངས་རྒྱས་དཀྱིལ་འཁོར་དབུས་གནས་ཏེ། །མི་དམིགས་བཏང་སྙོམས་མཉམ་བཞག་ན། །སངས་རྒྱས་ཡང་དག་མཆོད་དང་འདྲ། །སྣང་བ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་ན་བསྒོམ་པ་ཡིན། །དེ་དང་དེར་ནི་རྣམ་བཙལ་ན། །དེ་ལས་དེ་བཞིན་དོན་ནི་འབྱུང་། །ཡང་དག་སངས་རྒྱས་ལམ་རིང་འགྱུར། །ནང་དང་ཕྱི་རོལ་དོན་ཉིད་ལ། །ཆགས་མེད་གནས་པ་མེད་པ་ཡིས། །དེ་ལ་གང་འགོག་ཐར་ལམ་མཆོག །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ། །རྡོ་རྗེ་སེམས་དཔའ་ཉིད་དུ་འདུ། །དེ་ལ་རེག་ན་ཆུ་སྲིན་གྱིས། །གང་ཟིན་མི་གཏོང་ཚུལ་དུ་གནས། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་དངོས་པོ་འདི་ལྟ་བུ་ཞིག་བསྒོམ་དུ་ཡོད་ཅེས་བསྟན་པར་མ་གསུངས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་སྦྱང་དུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །བྱང་ཆུབ་སེམས་ནི་རྡོ་རྗེའི་སྐུ། །བཀའ་ཡི་འཁོར་ལོ་རབ་བསྐོར་བས། །སྐུ་གསུམ་སྐུ་ནི་ཨ་ཡིན་ཏེ། །གང་ཡང་མི་ཕྱེད་རྡོ་རྗེའི་སྐུ། །དབྱེ་བ་མཐར་སྤངས་སྤྲོས་བདག་མེད། །སྒྲ་མིང་ཚིག་ལས་འདས་པ་ན། །རང་གི་ངོ་བོ་བསྟན་དུ་མེད། །འཇིགས་མེད་དཔའ་བའི་ས་ཐོབ་པ། །སངས་རྒྱས་ས་ལ་སྦྱང་མི་དགོས། །དངོས་


DNG025_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ངོ་བོ་ཉིད་ཀྱིས་དག །རྡོ་རྗེ་ཐེག་པ་བླ་ན་མེད། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །དངོས་པོར་བསྟན་པར་མ་གསུངས་ཏེ། །རྒྱལ་བ་རྣམས་ཀྱིས་བསྐྱེད་པར་བསྟན། །ཨེ་མ་ཧོ་ཆོས་རྣམས་རྨི་ལམ་ཚུལ། །སྣང་སྟོང་ངོ་བོ་ཉིད་ཀྱིས་དབེན། །བྱང་ཆུབ་སེམས་དཔའི་ས་རིམ་གནས། །ཤེས་རབ་བླ་མེད་མཆོག་གི་ས། །སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་རྣམས། །ཆོས་མཆོག་མི་གཡོ་བརྙེས་འདོད་ན། །འདོད་པ་མ་ལུས་བརྟེན་པ་ནི། །ཆགས་པའི་ཡེ་ཤེས་འདོད་ལ་སྤྱོད། །ས་རྣམས་སྦྱོང་བ་མཐར་ཕྱིན་ནས། །དེ་ལ་མེ་ལོང་ཆུ་ཟླ་བཞིན། །སྣང་བ་ཉིད་ལ་འཕེལ་འགྲིབ་མེད། །སངས་རྒྱས་སྦྱོང་བ་གྲུབ་པས་ཀྱང་། །འདོད་པའི་ཡོན་ཏན་བརྟེན་པས་འགྲུབ། །གཟུགས་ལ་ཆགས་མེད་ཆགས་བྲལ་ནས། །དང་པོ་ལྔ་ལ་ཆགས་པར་བྱ། །ས་ཉིད་སྦྱང་དུ་མེད་པར་གསུངས། །བསྐལ་པ་གངྒཱའི་བྱེ་སྙེད་ཀྱི། །འགྲོ་བ་བསམ་གྱིས་མི་ཁྱབ་པ། །ཞིང་དང་གྲུབ་ལ་སྦྱོར་བྱེད་པ། །སྔགས་ཀྱི་བདག་པོ་རྣལ་འབྱོར་པས། །བྱང་ཆུབ་མཆོག་ཏུ་བསྒོམ་བྱས་ཏེ། །སྐད་ཅིག་ཡུད་ཀྱིས་ཀུན་བསད་ན། །རྒྱལ་བ་རྒྱལ་བའི་སྲས་སུ་སྐྱེས། །ཀུན་རྫོབ་ཐ་སྙད་བྲལ་བས་ན། །དོན་དམ་ཡང་དག་བྱང་ཆུབ་ནི། །སྣང་དང་མི་སྣང་རྩོལ་བྲལ་བས། །ཐམས་ཅད་རང་བཞིན་མེད་པར་ཞི། །སྒྱུ་མ་མིག་ཡོར་ལ་སོགས་བྲལ། །རྟོག་པས་བགྲང་བའི་ས་ལས་འདས། །རྒྱུ་འབྲས་དབྱེར་མེད་མཉམ་པའི་སྐུ། །ཆུ་ཟླའམ་རྨི་ལམ་ལ་སོགས་ལྟར། །རང་རིག་ཉིད་ལ་ཀུན་གསལ་བས། །རང་རིག་དེ་ཡང་འདི་འདྲ་ཞེས། །གཞན་ལ་བསྟན་དུ་མེད་པའི་ཕྱིར། །རང་རིག་རང་བྱུང་རང་བཞིན་བཞག །མི་རྟོག་དབྱིངས་ལས་འདས་པའི་ཕྱིར། །མཉམ་པའི་སྙིང་པོ་ཆུ་ཟླ་ལ། །སྐུ་དང་ཡེ་ཤེས་བརྟག་མི་བྱ། །ཅིར་ཡང་དམིགས་མེད་མི་གཡོ་ལ། །སྙིང་པོ་ཆུ་ཟླའི་ཚིག་ལས་འདས། །བསམ་ཞིང་སྒྲུབ་པ་ལས་འདས་པས། །ཚིག་གི་ཐ་སྙད་ཀུན་དང་བྲལ། །བསྒོམ་ཞེས་དམིགས་པའི་ཡུལ་མེད་པས། །བསམ་གཏན་ལུང་ལ་གནས་པ་མིན། །ལུང་ཞེས་མིང་དུ་གདགས་མིན་པའི། །ཚད་མ་གཞན་གྱིས་བཅོས་སུ་མེད། །གཅིག་པ་ཡེ་རྒྱར་ཡེ་གནས་པས། །སངས་རྒྱས་ཀུན་ཀྱང་རྒྱ་ཡིས་བཏབ། །ཀུན་ཏུ་བཟང་པོའི་ངང་ཉིད་ཀྱིས། །


DNG025_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་རྣམ་པར་རོལ་བྱའི་ཕྱིར། །ཡེ་ནས་ཀུན་བཟང་ཀུན་གྱི་ས། །ཆེ་ཆུང་རྒྱ་ཁྱོན་མི་དཔག་པས། །བརྟན་གཡོ་རྣམ་པ་གཉིས་ཀྱི་གཞི། །མི་ཆགས་མི་རྟོག་མི་གནས་པས། །ཏིང་འཛིན་རོ་ལ་ཆགས་མི་གནས། །དངོས་པོར་འཛིན་པ་ཡེ་སྦྱངས་པས། །དངོས་མེད་མིང་ཡང་མེད་པའི་ཕྱིར། །མཆོག་ཏུ་གསང་བའི་ཆོས་ཉིད་ནི། །རྣ་དབང་གཞན་ལ་ཐོས་མི་འགྱུར། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཐ་སྙད་ཡུལ་ལས་འདས་པ་ཡི། །བསྡོ་བའི་ཆ་ཤས་ཕྲལ་བ་ནི། །འདི་ཞེས་བསྟན་དུ་མེད་པའོ། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་རྫོགས་པའི་ས་ལ་འདས་ཤིང་ས་སྦྱང་དུ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ལག་ན་རྡོ་རྗེ་འཆང་རྒྱལ་གྱིས། །དཔའ་བོ་ཆེན་པོ་ཐམས་ཅད་ལ། །བསྙེན་བསྒྲུབ་རྣམ་བཞི་གསོལ་བཏབ་པས། །བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། བསྙེན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སྐུ་ཡི་དཀྱིལ་འཁོར་བྱེ་མ་སྙེད། །གསུང་ཐུགས་གྲངས་ཀྱང་ཇི་སྙེད་པ། །མངོན་ཤེས་ལྔར་ལྡན་སངས་རྒྱས་ཀྱི། །དཀྱིལ་འཁོར་ཉེ་བར་བསྒྲུབ་པ་ན། །རྡོ་རྗེའི་སྐུ་དང་གསུང་ཐུགས་ཀྱི། །འཇིག་རྟེན་ཁམས་ནི་རབ་བཀོད་དོ། །ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ། །བསམ་གྱིས་མི་ཁྱབ་གནས་བྱས་ནས། །དཀྱིལ་འཁོར་ལྷུན་གྱིས་གྲུབ་འབར་བ། །བདག་ཉིད་བྱང་ཆུབ་སེམས་ཀྱི་སྐུ། །དེ་བཞིན་རྣམ་སྣང་ལ་སོགས་པའང་། །རྡོ་རྗེ་སེམས་དཔའི་སྐུར་འབར་བ། །དེ་བཞིན་བྱང་ཆུབ་སེམས་སྐུ་དེ། །ཇི་ལྟར་འབར་ཡང་བདག་ཉིད་ཀྱི། །བྱང་ཆུབ་སེམས་ལས་མ་གཡོས་ཏེ། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །བྱང་ཆུབ་སེམས་དཔའ་རབ་བསྙེན་པ། །འདི་ནི་བསྙེན་པའི་མཆོག་ཅེས་བྱ། །ཉེ་བར་བསྒྲུབ་པའི་མཆོག་རྣམས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །སྐྱེ་མཆེད་ཁམས་རྣམས་དཔྱད་པའང་། །གངྒཱའི་རྡོ་རྗེ་སེམས་དཔའ་བཞིན། །བྱང་ཆུབ་སེམས་ཀྱི་བདག་ཉིད་སྐུ། །དེ་ནི་བསྙེན་པ་ཞེས་བྱ་སྟེ། །སྔགས་ཀྱི་བདག་པོས་རབ་ཏུ་གསུངས། །དཀྱིལ་འཁོར་དེ་རྣམས་བསྒྲུབ་མཆོག་ཕྱིར། །རིག་པའི་སྙིང་པོས་སྐུར་བསྒོམས་ཏེ། །ཨོཾ་ཨཱཿ


DNG025_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཏྲཱཾ་སོགས་འབར་ཏེ། །སྣང་སྟོང་ངོ་བོ་གང་དབེན་པ། །དེ་ནི་བསྒྲུབ་པའི་མཆོག་ཀྱང་ཡིན། །སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །བསྒྲུབ་པའི་ཚེ་ན་སྙིང་པོ་བསྐུལ། །དཀྱིལ་འཁོར་གང་ཡང་རུང་བ་ཞིག །སྒྲུབ་པ་ཆེན་པོ་བྱེད་པའི་ཚིག །རང་སྔགས་ཡི་དམ་ལྷ་ཉིད་ཀྱི། །སྙིང་པོ་བཟླས་བྱས་རྡོ་རྗེ་འཛིན། །གང་ཡང་རུང་བའི་སྐུར་ངེས་པའི། །རྡོ་རྗེ་སེམས་དཔའ་ང་ཉིད་ནི། །དབུ་རྒྱན་ཚུལ་དུ་བསམ་བྱས་ནས། །བདག་པོ་དེ་ཡི་གསང་སྔགས་ཀྱིས། །ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །བདག་པོ་དབུ་ལ་ཡོད་པ་དེས། །རྡོ་རྗེ་སེམས་དཔའི་སྤྱན་མངའ་ནས། །འགྱིང་བའི་ཚུལ་གྱིས་གནས་པ་ཡི། །མཁའ་ལ་བསྙེན་པའི་ལྷ་བཀོད་དེ། །བདག་པོའི་རྡོ་རྗེ་ལམ་ནས་ནི། །མཁའ་ཡི་པདྨའི་དཀྱིལ་འཁོར་དུ། །བདག་པོའི་བདག་ཉིད་པདྨོར་འཁྱིལ། །དེ་བའི་ལྷ་མོ་ཀླུ་མོའི་གཟུགས། །ཤིན་ཏུ་ངོ་མཚར་ཆེ་བ་ཡང་། །དག་པའི་ཡེ་ཤེས་ཆེན་པོ་ཡིས། །བྱིན་གྱིས་བརླབས་ཏེ་བསྒོམ་པར་བྱ། །སྒྲུབ་པ་ཆེན་པོར་བསྙེན་པར་རྫོགས། །བསྙེན་པའི་དམ་ཚིག་སྦྱོར་ཤེས་ན། །ཉེ་བའི་བསྙེན་པ་འབྱུང་བར་འགྱུར། །ཉེ་བའི་བསྙེན་པ་གང་ཡིན་པ། །རྡོ་རྗེ་སེམས་བཞིན་བསྒོམ་ཤེས་ན། །སྒྲུབ་པ་ཆེན་པོའི་རང་བཞིན་གསལ། །གསལ་བའི་ཐིག་ལེ་འོད་འབར་བའི། །དཀྱིལ་འཁོར་འབུམ་སྟོང་མ་ལུས་པ། །བྱང་ཆུབ་སེམས་སུ་སྦྱོང་ཤེས་ཤིང་། །ངོ་བོ་དེ་ལ་སྡུད་ཤེས་པ། །བསྙེན་པའི་དམ་ཚིག་ཤེས་པ་ཡིན། །དེ་ནི་ཉེ་བའི་མཆོག་ཀྱང་ཡིན། །བསྒྲུབ་པར་བྱ་བའི་གཞི་ཡིན་པས། །སྒྲུབ་པ་ཆེན་པོར་སྦྱོར་བར་བྱའོ། །ཨ་ནི་བསྙེན་པའི་དཀྱིལ་འཁོར་ཏེ། །ཨོཾ་ནི་ཉེ་བའི་བསྙེན་པ་ཡིན། །ཧཱུྃ་ནི་སྒྲུབ་པ་ཞེས་བྱ་སྟེ། །སྭ་ནི་བསྒྲུབ་པ་ཆེན་པོར་གསུངས། །ཧཱུྃ་ནི་བདག་པོའི་དབུ་ལ་གནས། །འོད་དཔག་མེད་པའི་གནས་རབ་ཏུ། །སྐད་ཀྱི་འགྲོ་བྱེད་འབྱུང་འཇུག་ན། །སངས་རྒྱས་ལག་གིས་གཟུང་དུ་རུང་། །སངས་རྒྱས་བསྙེན་པའི་དམ་ཚིག་ནི། །སྦྱོར་ཤེས་རྒྱལ་བའི་སྲས་


DNG025_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན། །ཤེས་རབ་བླ་མེད་པ་དེ་ལ། །ཡུད་ཀྱིས་སྦྱོར་བ་གང་གནས་པ། །སངས་རྒྱས་རིག་པས་བསྙེན་པ་ཡིན། །སངས་རྒྱས་རིག་པ་དབྱེར་མེད་པར། །བླ་མེད་ས་ལ་མཉམ་གནས་པ། །བསྒྲུབ་པའི་དམ་པ་སྔགས་ཀྱི་ཚིག །དེ་ནི་སྒྲུབ་པ་ཆེན་པོའོ། །བསྙེན་པ་རྣམ་པ་བཞི་པོ་ཡང་། །གཅིག་ལ་བཞི་བཞིར་དབྱེ་བར་བྱ། །རྣམ་པར་དག་པའི་དཀྱིལ་འཁོར་དུ། །དབྱེ་བ་མེད་པས་བསྙེན་པའི་མཆོག །ལྷུན་གྱིས་རྫོགས་པས་ཉེ་བསྙེན་པོ། །ཐམས་ཅད་སྦྱར་བ་བསྒྲུབ་པ་ཆེ། །བླང་དོར་མེད་པས་བསྒྲུབ་པའི་མཆོག །འདི་ནི་བརྟུལ་ཞུགས་དྲག་ཤུལ་གྱིས། །གནས་སུ་བྱ་བའི་གཞི་མེད་དེ། །ཨ་དང་པར་ནི་རྣམ་ལྡན་ནི། །སྒྱུ་མའི་བདེ་བ་འབྱུང་བར་འདོད། །དེ་ཡང་འཛིན་པའི་སྐྱོན་ཡིན་པས། །རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བལྟས་པ་དེར་སྣང་སྟེ། །སྣང་འདོད་རྩོལ་སེམས་བདེ་བ་དང་། །བསྙེན་བསྒྲུབ་ལ་སོགས་དཀྱིལ་འཁོར་ཡང་། །དེ་ནི་དེར་སྒྲིབ་སྐྱོན་ཆེན་ཡིན། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུགས་བསྒོམ་པས་ཆུ་ཟླ་བཞིན། །མ་ཆགས་མ་གོས་འབྱུང་འགྱུར་ཡང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་འདྲ། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་བསྙེན་བསྒྲུབ་རྣམ་པ་བཞིའི་དབྱེ་བ་གོལ་སར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་མི་གནས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འཁོར་བ་མྱ་ངན་འདས་པ་གཉིས། །ཅི་ལའང་མི་རྟོག་མི་གནས་ཏེ། །རྣལ་འབྱོར་བསྐུར་དེ་འཇུག་པ་ཡིས། །མི་རྟོག་པ་ལའང་མི་བསམ་ཕྱིར། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །དམ་པའི་དོན་ཉིད་བདེན་པའི་ལམ། །སྨྲ་བསམ་ཡུལ་ལས་འདས་པ་ལ། །རྒྱུ་དང་རྐྱེན་ལས་བྱུང་མ་བྱུང་། །རང་གི་ངོ་བོས་མཉམ་དཔྱད་པས། །ཐམས་ཅད་ངོ་བོ་ཉིད་ཀྱིས་ཞི། །ཕ་རོལ་ཕྱིན་བཅུ་ཡེ་ཤེས་གཅིག །སྒྱུ་མ་རྨི་ལམ་ལ་སོགས་པའི། །བག་ཆགས་གློ་བུར་སྤྲིན་ཚུལ་དུ། །མེད་ལས་ཡོད་བརྟགས་ཡོད་ནས་


DNG025_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཞི་བའི་ཡེ་ཤེས་བྱིང་རྨུགས་ཀྱིས། །ཏིང་འཛིན་རོ་ལ་ཆགས་གནས་པ། །ཉན་ཐོས་འགོག་པར་ལྷུང་བར་འགྱུར། །བསྒོམ་མོ་སྙམ་པའི་བློ་བྱུང་ནས། །སྟོང་ཉིད་སྒྲོ་མེད་ཞི་གནས་ལ། །འདུ་ཤེས་མེད་པར་མཉམ་གཞག་ལ། །ཡིད་ཀྱི་རྣམ་རྟོག་མི་རྟག་པས། །ཐ་མལ་འདུ་ཤེས་སྤངས་ཙམ་ལས། །མཉམ་རྟོག་མཉམ་པར་སྦྱར་བ་མིན། །ཡེ་ཤེས་སྙིང་པོའི་ས་ཉིད་ལ། །དུས་རིངས་སྦྱར་ནས་འགྲུབ་དུ་རུང་། །བྱུང་ཚོར་རྗེས་སུ་སེམས་གཏོང་ཞིང་། །ཏིང་འཛིན་རོ་ལ་ཆགས་གྱུར་ན། །རྟག་ཆད་མུ་གཉིས་མཐའ་མི་སེལ། །མ་རབས་བུས་པ་མཐའ་མའི་སེམས། །འདུ་ཤེས་མེད་པའི་ཁྲོད་དུ་སྐྱེ། །རེ་དོགས་སེམས་ལ་མི་གནས་པར། །ཡང་དག་དམིགས་མེད་དོན་བསྒོམ་སྟེ། །ཅི་ལའང་མི་སེམས་མི་དམིགས་ཤིང་། །གང་ཡང་མི་འཆོས་མཉམ་གཞག་ནས། །རྡུལ་ཙམ་འཛིན་པའི་སེམས་མེད་པ། །དེས་ཀྱང་ཆོས་དབྱིངས་དམ་པ་ནི། །སྐྱེ་མེད་མ་བཅོས་ཤེས་རབ་ཀློང་། །དུས་གསུམ་མཆོག་གསུམ་སྐུ་གསུམ་དང་། །ཡེ་ཤེས་བྷ་གར་གཏིང་འགག་པའི། །མཆོག་གི་སྙིང་པོ་ཕྲེང་ལྡན་གྱིས། །ཀུན་འབྱུང་ཡེ་ཤེས་རྒྱལ་པོ་ནི། །མཐོང་མིན་སྙམ་དུ་རུང་བ་མིན། །ལོག་རྟོག་མཚན་མ་ཐམས་ཅད་ལ། །འདུ་ཤེས་མཚན་མ་མི་འབྱུང་ཞིང་། །རྩེ་གཅིག་དོན་ལ་མི་གཡེང་བར། །ཆ་མཉམ་ཀུན་མཉམ་ཞིང་མཉམ་ན། །ཞི་གནས་ཚུལ་ནི་དེ་ན་ཡོད། །སྣ་ཚོགས་འཁོར་བའི་རང་བཞིན་ལ། །གཅིག་དང་དུ་མ་མེད་ཤེས་ཏེ། །གཅིག་མེད་དུ་མ་མི་བསྒྲུབ་པར། །གཅིག་ལ་དུ་མ་ཡོད་བྱས་ནས། །རྟག་ཆད་མུ་གཉིས་བསལ་བའི་ཕྱིར། །བདེན་པ་གཉིས་ཀྱི་གཞུང་བཀོད་ནས། །གྲུབ་མཐའ་ཀུན་རྫོབ་སོ་སོ་ཡིས། །ངོ་བོ་ཉིད་ཀྱིས་གྲུབ་མཐའ་འཛིན། །ཆོས་རྣམས་སྒྱུ་མར་ཡིད་ཆེས་ཤིང་། །ཡེ་ཤེས་ཕྲེང་ཐོགས་ཀུན་ལྡན་པ། །ས་དང་ཕ་རོལ་ཕྱིན་ལ་གནས། །བསམ་དུ་མེད་པའི་དོན་དེ་ལ། །རྒྱལ་བས་བསམ་དུ་མེད་པའི་ཕྱིར། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་ལས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་


DNG025_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །ཕྲ་བའི་སྒོ་མོར་མིང་བཏགས་ཤིང་། །སེམས་ཀྱི་དབེན་པས་ལམ་ཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་ཏེ། །བརྟགས་ན་རྣམ་པར་རྟོག་འགྱུར་བསྒོམ། །རྒྱུ་དང་འབྲས་བུར་མིང་བཏགས་ཤིང་། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །འཇིག་རྟེན་འདི་ལ་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་བསྐྱོད། །དེ་ཡང་བླ་མེད་བྱང་ཆུབ་ཀྱི། །མིང་ཚིག་བསམ་གཏན་ལས་འདས་ཏེ། །ཡང་དག་སངས་རྒྱས་ལམ་རིང་བས། །དེ་ལ་གནས་པར་མི་བྱའོ། །མིང་ཙམ་ཚིག་གིས་འཛིན་པ་ནི། །སྔགས་ཀྱི་ཚུལ་ནི་མི་འབྱུང་སྟེ། །མ་སྐྱེས་པ་ཡི་ཆོས་འདི་ནི། །ངོ་བོ་ཉིད་ཀྱི་ཁྱད་པར་ཅན། །མི་དམིགས་རྣམ་པར་མི་རྟོག་ལས། །ཡེ་ཤེས་སངས་རྒྱས་རབ་ཏུ་འབྱུང་། །སངས་རྒྱས་མི་འབྱུང་ཆོས་ཀྱང་མེད། །དགེ་འདུན་མི་འབྱུང་བསྒྲུབ་ཏུ་མེད། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ ཞེས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་མདོ་སྡེ་ལ་སོགས་པའི་ལྟ་བ་ལ་མི་གནས་ཏེ། ལམ་རིམ་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཐམས་ཅད་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །མཆོག་དང་མཆོག་ཕྲན་བསྒྲལ་བའི་ཞིང་། །དབང་ཕྱུག་བུམ་སྣ་ལ་སོགས་དང་། །བླ་མེད་སྤོང་ཞིང་བླ་མ་ལ། །སྨོད་པ་ལ་སོགས་བསྒྲལ་བའི་ཞིང་། །གསང་སྔགས་འཛིན་པའི་སྐུར་བསྒོམ་སྟེ། །ལྟེ་བ་རྩིབས་བཅས་ལྟེར་བསམ་ལ། །ལག་གཉིས་རྩེ་མོ་ལྔ་གཉིས་ལ། །ཉི་མ་གཡས་ལ་ཟླ་བ་གཡོན། །རིན་པོ་ཆེ་བརྒྱན་གདན་བཅུ་ལ། །སེམས་དཔའ་ཆེན་པོ་ཡབ་ཡུམ་བཅུ། །སེམས་དཔའ་གཡས་ལ་སེམས་མ་གཡོན། །ཡིག་འབྲུ་སྔགས་ཀྱི་རབ་བཀོད་དེ། །བརྗོད་པས་སྐུར་གྱུར་འོད་འབར་དང་། །དངོས་པོ་སྔོན་དུ་ཉི་ཟླ་ཡི། །སྟེང་ན་གན་རྐྱལ་གནས་པ་ཡིས། །སྙིང་གར་ཟླ་བའི་སྟེང་ཉིད་དུ། །སྒྲིབ་


DNG025_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་སེལ་སྐུ་བསམས་ཏེ། །སྙིང་པོ་བརྗོད་དེ་ཐལ་སྦྱར་བས། །སྦྱོར་བའི་མཚམས་ནས་དགྱེས་སྤྲིན་འཕྲོ། །སྒྲིབ་པ་རྣམ་སེལ་སྐུ་ཉིད་ཀྱི། །དབུ་ལ་རིགས་ལྔ་ཡབ་ཡུམ་གྱི། །བཅུ་ཡི་དཀྱིལ་འཁོར་འོད་འབར་བས། །ལག་པའི་འདུ་བྱེད་བསྐྱེད་ཙམ་ན། །རྣམ་པར་སེལ་བས་གཞལ་ཡས་ཁང་། །ཤག་གིས་ཕྱེ་ནས་སེམས་དཔའ་བླངས། །བླངས་པས་ཚོན་གང་རྒྱལ་བའི་སྐུ། །རྣམ་པར་སེལ་བ་འོད་འབར་བ། །རིགས་ཀྱི་སྙིང་པོས་བརྗོད་བྱས་པས། །ལྔ་གཉིས་བཅུ་ཞུ་དབྱིངས་སུ་ཐིམ། །སྐུར་གྱུར་རྣམ་པར་སེལ་བར་འབར། །སྣང་སྲིད་མཆོག་གསུམ་བསྒྲལ་བྱས་ཀྱང་། །བསྒྲལ་བར་བྱས་པ་རྡུལ་ཙམ་མེད། །སྤང་ལེན་མེད་པར་ཐར་པའི་ལམ། །བཅིང་གྲོལ་མེད་པས་ཆོས་ཀྱི་དབྱིངས། །རང་རིག་རྣམ་པར་དག་གྱུར་ན། །སེམས་ཅན་མཆོག་ཆེན་བསད་པས་ནི། །རྣམ་པར་མི་གྲོལ་ཀུན་འགོག་པ། །རྣམ་པར་སྣང་མཛད་ཁོ་ནར་འགྱུར། །ཡེ་ནས་སེམས་ཅན་ཀུན་དག་པའི། །རྒྱུན་གྱི་ཏིང་འཛིན་ལྡན་གྱུར་ན། །མཆོག་ཆེན་མཆོག་ཆེན་ཀུན་བསད་པ། །ཡུམ་གྱི་མཁའ་ལ་བདེ་སྦྱར་བས། །བསྒྲལ་བ་མ་ཡིན་བདེ་བའི་མཆོག །མི་རྟོག་ཡེ་ཤེས་དཀྱིལ་འཁོར་དུ། །སྙིང་རྗེས་གཟུང་དུ་མེད་རྟོགས་ན། །ཁམས་གསུམ་མ་ལུས་ཀུན་བསྒྲལ་ཀྱང་། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ། །ཐམས་ཅད་ཡེ་ནས་མཉམ་ཡིན་ཏེ། །རྟོག་པ་ལས་བྱུང་སེམས་ཅན་ལས། །སེམས་ཅན་སངས་རྒྱས་ཡོངས་ཀྱིས་མེད། །རྟ་ཤ་ཁྱི་ཤ་བ་གླང་ཤ །ལང་ཚོ་སྟོབས་ལྡན་སུ་ཟ་བ། །རྒྱལ་བ་རིགས་ལྔར་སྐྱེ་བར་ངེས། །སྲོག་ཅེས་བྱ་བ་ནམ་མཁའ་སྟེ། །ནམ་མཁའ་ལ་ནི་ནམ་མཁའ་ཉིད། །ཡེ་ནས་རོལ་པར་སུ་མཁས་པ། །སྐྱེས་བུ་དཔའ་བོ་ཐབས་ཆེན་དེས། །སྙིང་རྗེས་བཟུང་བ་གང་ཡང་མེད། །བསྐལ་པའི་མེ་ཡིས་ནམ་མཁའ་བསྲེགས། །སྲིད་པའི་ཆུ་ཡིས་རྒྱ་མཚོས་བཀྲུས། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །མཁའ་ལ་གཞའ་ཐིམ་ཚུལ་དུ་ནི། །སྲོག་ཉིད་ནམ་མཁའ་


DNG025_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་ཐིམ། །སྲོག་དང་ནམ་མཁའ་གཅིག་པའི་ཕྱིར། །སྙིང་རྗེས་བཟུང་བའི་སེམས་ཅན་མེད། །སེམས་ཅན་དམ་པར་དབྱེ་བར་ནི། །རྡོ་རྗེ་སེམས་དཔས་མེད་པར་གསུངས། །སྐྱེས་བུ་ཐབས་ལ་མཁས་པ་ཡིས། །ཉན་ཐོས་བསད་པ་དོན་གྱི་མཆོག །དགེ་སློང་དཀྲུགས་པས་བྱང་ཆུབ་ཞིང་། །ཉན་ཐོས་མཆོག་ཆེན་ཡིན་པར་ནི། །བཅོམ་ལྡན་འདས་ཀྱིས་མཆོག་ཏུ་གསུངས། །ཤེས་རབ་བླ་མེད་ས་འདོད་ཅིང་། །བྱང་ཆུབ་ས་ལ་སྙོམས་འཇུག་ན། །མཆོག་དེ་བསྒྲལ་བ་བདེ་བའི་ལམ། །ཐར་ལམ་གང་དང་མི་མཚུངས་པ། །བདེ་ཆེན་འདི་ལ་མེད་པའི་ཕྱིར། །མཚམས་མེད་བྱ་བས་ཕ་རོལ་ཕྱིན། །ཤེས་རབ་མཆོག་གིས་ས་ལ་གནས། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའ་བསམ་བྲལ་ལས། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །བྱམས་པས་དེ་ཉིད་རྣམ་སྦྱང་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཆེ་བའི་ཡོན་ཏན་རླབས་པོ་ཆེའོ། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །བདེ་བ་ཆེན་པོའི་རྒྱུད་ལས། )གསང་བའི་མན་ངག་ཡོ་ག་རྣམ་གསུམ་གྱི་བསྒྲལ་བ་སྐྱོན་གྱིས་བགོར་མེད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་སྦྱོར་བས་གྲོལ་བར་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཕྱག་རྒྱ་ཆེན་པོར་མཉམ་སྦྱོར་ཞིང་། །རྣལ་འབྱོར་འབྲས་བུ་གྲུབ་འདོད་ན། །བྱང་ཆུབ་ལམ་ལ་གཉེར་བྱའི་ཕྱིར། །མ་དང་བུ་དང་སྲིང་མོ་རྣམས། །བྱིན་རླབས་འཁོར་ལོའི་དབུས་སུ་གཞག །རྩིབས་ལ་རིགས་བཟང་མོ་བཞག་ལ། །ཕྱག་རྒྱ་ཆེན་པོར་བསྒོམ་བྱས་ཏེ། །སྙིང་གར་ལག་པ་གཡོན་མཛུབ་ཀྱིས། །ལྕགས་ཀྱུའི་ཚུལ་བྱས་སྙིང་ག་ནས། །དཀར་མོ་བཟུང་སྟེ་བདག་ཉིད་ཀྱི། །གཤང་གཅི་བཟའ་ཞིང་སྙིང་པོ་བསྐུལ། །གཡས་པའི་མིག་བཏེགས་གཡོན་ཕབ་ལ། །ཤིན་ཏུ་འཛུམ་དང་བཅས་པ་ཡིས། །ཨཱོཾ་བཟླས་གསང་བའི་རྡོ་རྗེ་ལ། །ཨཱོཾ་ཡོད་མཐའ་མ་ཧཱ་ཡིས་བསྐོར། །དཀར་མོའི་བྷ་


DNG025_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གར་མུཾ་བསམས་ཏེ། །ལྕེ་གཉིས་རྩེ་སྤྲད་ཁ་སྦྱར་ཏེ། །དཀར་མོ་བྱིན་བརླབས་དབྱིངས་ཆེན་མོ། །དབང་པོ་རྣམ་གཉིས་གསང་སྦྱར་ནས། །སྙིང་པོ་བརྗོད་ཅིང་བསྐུལ་བྱས་ཏེ། །ཁུ་ཁྲག་གཤང་གཅི་བླངས་ཟོས་ན། །རིགས་ཀྱི་དཀྱིལ་འཁོར་མ་ལུས་འགྲུབ། །འཇིག་རྟེན་ཁམས་འདི་ཐམས་ཅད་ན། །བུད་མེད་ཇི་སྙེད་ཡོད་པ་ཀུན། །སྐུ་ཡི་ཕྱག་རྒྱའི་སྦྱོར་བ་ཡིས། །དེ་དག་ཐམས་ཅད་ཉེ་བར་སྤྱད། །རྡོ་རྗེ་པདྨོའི་དབུས་གནས་པར། །མི་འབྱུང་དེ་བཞིན་དེར་བཞག་ནས། །མཉམ་སྦྱར་གཟིགས་ནས་མཆུས་བྲད་ན། །བྱེ་བ་གྲངས་མེད་གསང་སྔགས་འཛིན། །སངས་རྒྱས་མ་ལུས་དེ་ལས་འཕྲོ། །རྡོ་རྗེ་ནམ་མཁའ་འདྲ་བ་ཡི། །བྱང་ཆུབ་འདི་ཡིས་ཐོབ་པར་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཆེན་པོའི་དམ་ཚིག་རྨད། །ལྷ་མོ་ཉིད་ཀྱི་སྤྱི་གཙུག་ཏུ། །ལཾ་གཞག་སྟེང་དུ་གནས་པ་སྟེ། །སྐུ་འགྱུར་འཕྲོ་བས་བརྗིད་པ་དང་། །ཧཱུྃ་གི་བདག་པོས་ཧཱུྃ་བརྗོད་དོ། །ཧཱུྃ་འབར་སྐུ་རུ་གྱུར་པ་དང་། །བུད་མེད་གང་ཡང་རུང་བ་དེ། །ལྷ་མོ་ཧཱུྃ་བདག་བཙུན་མོར་བརླབས། །བུད་མེད་བུ་གར་རྡོར་བཅུག་དང་། །གསང་སྦྱར་བརྟན་པོས་བསྲུབ་བསྐྱོད་ནས། །གཉིས་སུ་མེད་པར་སྦྱར་བྱས་ཏེ། །སངས་རྒྱས་མ་ལུས་འཕྲོ་བའི་ཕྱིར། །ཧཱུྃ་གི་བདག་པོ་འགྲུབ་པར་གསུངས། །མཾ་པྱཾ་ཏྲཾ་རྣམས་གོང་མ་བཞིན། །བུད་མེད་ལྷ་མོའི་ཚུལ་འཛིན་མ། །འཁོར་ལོ་འབར་བའི་རྩིབས་བཞག་སྟེ། །གང་ཡང་རུང་བའི་བུད་མེད་དེ། །ལམ་གྱི་ཚུལ་དུ་རྣམ་བསམ་ན། །ལམ་འདྲའི་བདག་པོ་འགྲུབ་པར་གསུངས། །བུད་མེད་གཞོན་ནུ་གཟུགས་མཛེས་སམ། །ཡང་ན་དབྱེ་བ་མི་བྱ་སྟེ། །དར་དང་རྒས་དང་མི་མཛེས་ཀྱང་། །ལྷ་མོ་འགྱིང་བར་བྱིན་བརླབས་ལ། །འགྱིང་མ་ལ་སོགས་སྙིང་པོ་རྣམས། །ཧཱུྃ་ལ་སྱེ། ཏྲཱཾ་མ་ལེ། ཧྲི་གཱིརྟི། ཨ་ནཱིརྟི། སྙིང་པོ་བརྗོད་དེ་གང་ཡང་རུང་། །སྐུར་གྱུར་འོད་དུ་འབར་མ་ཐག །གཞོན་མཛེས་རྒས་དང་དར་ལ་སོགས། །དངོས་ཉིད་ཁོ་ན་སྦྱར་བྱས་ནས། །གཏོང་བར་མི་བྱེད་བསིགས་ནས་ནི། །ཁུ་བ་གཤང་གཅི་ཟོས་འཐུངས་ནས། །ས་


DNG025_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་སོགས་བདག་པོར་འགྱུར། །དྷུ་པེ་བུཥ྇་ཨཱ་ལོ་གནྡྷེ་མའི། །སྙིང་པོ་བརྗོད་བྱས་འགྱུར་ཚུལ་དུ། །བུ་མོ་བཅུ་དྲུག་ལོན་པ་ཉིད། །མཆོད་སྐུར་འཛིན་པ་དམིགས་བྱས་ལ། །གསང་བའི་ལམ་ནས་ཁུ་བ་འབྱུང་། །པདྨའི་སྦུབས་ནི་གཉེན་བྱས་ཏེ། །དགའ་མགུར་རངས་པས་སྒོར་བྱུང་བ། །བྱམས་པ་ལ་སོགས་སྐུར་བསྒོམ་པའི། །བུ་མོ་དང་ནི་འཐུངས་ལྷོགས་ན། །མཆོད་པའི་ལྷ་མོ་བདག་པོར་འགྱུར། །ཀྲོ་ཏ་ཁཱ་ཧི་ཞེས་བརྗོད་དེ། །བུད་མེད་ཁྲོ་གཏུམ་ལྡན་པ་ནི། །འཁོར་ལོ་རྩིབས་བཅས་སྒོ་ཁྱུད་ལ། །གཞག་པ་ཁྲོ་མོ་བཞི་ཀ་ཡི། །སྙིང་པོ་དེ་བརྗོད་སྐུར་བསམས་ལ། །བུད་མེད་དངོས་སུ་སྦྱར་བྱས་ནས། །ཁུ་བས་དགའ་མགུ་ཚིམ་བྱས་ཏེ། །ཁུ་བ་གཤང་གཅི་མི་དགག་པར། །དྲེགས་མོ་དང་ནི་གཉིས་ཀྱིས་ནི། །འཐུངས་ཤིང་ཟོས་ནས་ཁྲོ་ཆེན་པོ། །རྣམ་རྒྱལ་ལ་སོགས་བདག་པོར་འགྱུར། །དེ་བཞིན་ཁྲོ་བོ་འབར་བ་ཡིས། །དཀྱིལ་འཁོར་ཆེ་མཆོག་བྱ་བར་བཤད། །གྲངས་མེད་བྱེ་བ་སྟོང་དག་གིས། །བུད་མེད་བུ་མོའི་ཚོགས་རྣམས་ཀུན། །རབ་ཏུ་དགའ་བས་གཟིར་བྱ་ཡི། །འདོད་ཆགས་ཀྱིས་ནི་བརྟེན་བྱས་ཏེ། །དབང་ཕྱུག་མར་བཅས་འཁོར་ཚོགས་ལ། །འདུལ་བའི་བདག་པོ་ཐབས་ཆེན་པོ། །དྲེགས་པ་འདུལ་མཛད་བདག་པོས་ནི། །སྙིང་པོ་བརྗོད་བྱས་མོས་བཅུག་ནས། །རོལ་པ་སྦྱོར་བས་སད་བྱས་ཏེ། །བུ་མོ་དབང་ཕྱུག་མར་བསམ་ལ། །བདག་པོས་དངོས་སུ་ཀུན་སྦྱར་ནས། །རྡོ་རྗེའི་ལམ་ན་ཁུ་བ་དབྱུང་། །ཨུཏྤལ་ཞབས་སུ་འཁྱིལ་བྱས་ཏེ། །དགའ་བས་ཚིམས་ཏེ་སྒོར་བྱུང་བ། །ཅེ་སྤྱང་ཤ་ལ་འདྲད་ཚུལ་དུ། །གཉིས་ལོག་འཐུངས་ཤིང་ལྷོགས་འགྱུར་ན། །དབང་ཕྱུག་མ་ཡཾ་བདག་པོར་འགྱུར། །གཞན་ཡང་རྒྱལ་མཆོག་དཀྱིལ་འཁོར་ཀུན། །འཕྲོ་ཞིང་འདུ་སྦྱོར་དེ་བཞིན་བྱ། །གསང་སྔགས་ཀུན་བདག་དབང་ཕྱུག་གིས། །ཇི་སྙེད་བུད་མེད་ཀུན་བཟུང་ཞིང་། །འདོད་ཆགས་ཚིམ་པར་བྱས་ནས་ནི། །རྒྱལ་བ་ཀུན་དང་མཉམ་ཡིན་ཞིང་། །རྡོ་རྗེ་དགྱེས་པས་མཉེས་པར་འགྱུར། །ཨཱ་ལི་ཀཱ་ལི་མཉམ་སྦྱར་ནས། །སྤྲད་པའི་


DNG025_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱས་རྒྱས་བཏབ་དེ། །སྐད་ཅིག་ཡུད་ཀྱིས་ཀུན་སྦྱར་ཏེ། །བུད་མེད་དཀར་མོ་རིགས་བཟང་མོ། །ལྷ་མོ་ཀླུ་མོ་ལ་སོགས་དང་། །ཐེ་ཚོམ་མེད་པར་སྦྱར་བྱ་བ། །རྟ་དང་བ་གླང་མ་ཧེ་དང་། །ཁྱི་དང་ཕག་རྒོད་དུམ་དོལ་བུའམ་སེ་སོགས། །གང་ན་གང་དེ་ཀླུ་མོ་ཡིན། །ལྷ་མོ་ལ་སོགས་བླང་དོར་ཅན། །མོ་ཚོགས་མི་སྦྱར་གང་ཡང་མེད། །རྡོ་དང་ཤིང་སོགས་པ་ལའང་། །བསྒྲུབ་པ་ཆེ་ལ་ཞུགས་ཚེ་ན། །དཀྱིལ་འཁོར་བདག་པོར་སྦྱར་བར་བྱ། །རྣམ་པར་རྟོག་པ་གསལ་བ་དང་། །བླང་དོར་མེད་པར་སྦྱར་བའི་ཕྱིར། །རང་རིག་སྣང་བ་རྣལ་འབྱོར་ཆེ། །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །དམ་ཚིག་ཏུ་ནི་མ་སྲིང་སྦྱར། །རྣམ་པར་རྟོག་པ་ཕྱག་རྒྱས་བསྡམས། །བརྗིད་པས་དཔལ་དགྱེས་ལྷན་ཅིག་སྦྱོར། །རྣལ་འབྱོར་ཆེན་པོ་སྦྱོར་མཁན་དེས། །བདེ་ལྡན་ཞིང་གི་འཁོར་ལོ་བསྐོར། །སངས་རྒྱས་བྱང་ཆུབ་བླ་མེད་ལམ། །མི་འགྱུར་ཐོབ་པ་སྨོས་ཅི་དགོས། །དྲི་མེད་དག་པ་ལྟ་བ་ཡིས། །སྦྱར་བ་ཐམས་ཅད་བདེ་གཤེགས་ཤུལ། །མཁའ་འགྲོ་ཟླ་གསང་ཐིག་ལེའི་སྐུ། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ས་གསུམ་ས་རྣམས་ཀུན་ལ་ཡང་། །བགྲོད་པས་རྫོགས་པར་མ་གྱུར་ལ། །བུས་པ་རྟོག་གེས་སྦྱོར་མི་ཤེས། །སྦྱོར་བས་ཤེས་རབ་བླ་མེད་པས། །དེ་ཉིད་ཡིན་ཏེ་ཐེ་ཚོམ་མེད། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཆོས་སྐུས་ཁྱབ་པས་ གཅིག་པའི་ཕྱིར། །ཆེས་པ་ཆེན་པོའི་རང་བཞིན་གནས། །ཅི་ཡང་དབྱེ་བ་མེད་པའི་ཕྱིར། །སྦྱོར་བ་ཐམས་ཅད་བདེ་བའི་མཆོག །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་སྦྱོར་བ་དམ་ཚིག་གི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཇི་ལྟར་སྤྱད་ཀྱང་སྐྱོན་གྱིས་མི་གོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་བཞིན་མཉམ་པར་གནས། །


DNG025_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅི་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཅི་སྟེ་ལས་ཀྱི་དབང་འགྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ནི་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཡེ་ཤེས་དཀྱིལ་འཁོར་དཀྱིལ་འཁོར་ཉིད། །བསམ་ཡས་དཀྱིལ་འཁོར་ཇི་སྙེད་པ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་སྟེ། །དཀྱིལ་འཁོར་ལྡན་པའི་སྙིང་པོ་ལ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་གནས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་བརྟག་མི་སྒྲིབ་པ་ཡི། །ཁམས་གསུམ་རྫོགས་བྱེད་དཀྱིལ་འཁོར་རོ། །ཐབས་མཆོག་ཐབས་ལས་བྱུང་བ་ཡི། །བྱང་ཆུབ་རྡོ་རྗེ་དབང་བསྒྱུར་ཉིད། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དེ། །ཇི་སྙེད་བསམ་པ་མཐའ་ཡས་པས། །རྣམ་རྟོག་ཐེག་པའི་ཁ་བརྒྱུད་ཀྱང་། །ཡང་དག་སྙིང་པོ་དོན་ཆེན་ནི། །གང་ནས་བཙལ་ཀྱང་མ་རྙེད་དེ། །མཉམ་ཡིན་ཀུན་མཚུངས་ཐར་པའི་ལམ། །སྒྲོ་སྐུར་སྐྱོན་གྱིས་མི་གོས་པས། །རང་རིག་སྒྲིབ་མེད་དག་པ་ཡི། །བསྙེན་བསྒྲུབ་དམ་པ་སེམས་ཡིན་ཏེ། །བདེ་གཤེགས་མ་ནོར་ལམ་ཡིན་པས། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དེ། །སངས་རྒྱས་སྒྲོ་སྐུར་མེད་པར་གསུངས། །གསང་མཆོག་དོན་གྱི་སྙིང་པོ་ཉིད། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་ཏེ། །སྤྱོད་ཡུལ་ཀུན་ལ་དབང་བསྒྱུར་བའོ། །ཡིད་བཞིན་རིན་ཆེན་དཔག་བསམ་ཤིང་། །རང་སེམས་བརྟན་པ་མཆོག་གི་སྙིང་། །རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ། །ཟབ་ཅིང་རྒྱ་ཆེ་ཡངས་པ་ཡི། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ཤེས་རབ་དབྱིངས་གཉིས་འབྱོར་པའི་ཕྱིར། །དབྱིངས་ལ་དབྱིངས་ནི་རྣམ་པར་སྦྱོར། །གཞི་རྩ་མེད་པའི་དབྱིངས་ཉིད་དེ། །ཕོ་མོ་མ་ནིང་མ་ཡིན་ཞིང་། །ཁ་དོག་དབྱིབས་ཉིད་མ་ཡིན་པས། །ཡོན་ཏན་མཆོག་གི་གནས་ཡིན་ཏེ། །དེ་ཡིས་མ་བསྐྱེད་མེད་པའི་ཕྱིར། །ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱིས། །སྐྱེས་བུ་སངས་རྒྱས་ཀུན་གྱིས་ནི། །དེ་ལ་བསད་ཅིང་གཟུང་དུ་མེད། །སྐྱེ་འགག་མེད་པའི་དཀྱིལ་འཁོར་ཉིད། །འཇིག་རྟེན་


DNG025_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དང་འཇིག་རྟེན་པའི། །ངོ་བོའམ་འབྲས་བུ་ཡིན་པས་ན། །རྒྱུ་འབྲས་མེད་པའི་དཀྱིལ་འཁོར་ཏེ། །སྐྱེ་འཇིག་མེད་པའི་དབྱིངས་ཉིད་ལ། །མི་འགྱུར་གཡུང་དྲུང་སྐུ་བཞུགས་ཤིང་། །ཚོགས་ཆེན་གཉིས་དང་རྫོགས་པར་རོལ། །ཡེ་ཤེས་སྣང་བའི་དཀྱིལ་འཁོར་ཉིད། །སྣང་དང་མི་སྣང་གཉིས་ཀ་མིན། །ཡོད་དང་མེད་པ་དབྱེར་མེད་དེ། །རང་བཞིན་ཡེ་ནས་དག་པ་ཡིས། །མ་བྱུང་མི་སྐྱེའི་སྙིང་པོ་འདི། །མ་བཅོས་མ་བྱས་ངང་གིས་གསལ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞིང་། །བདག་ལ་བདག་ནི་དབང་བསྒྱུར་བས། །ཞིག་དང་བཤིག་པར་བྱ་བ་མིན། །ཅིས་ཀྱང་མི་ཚུགས་རྡོ་རྗེའི་བདག །ཆོས་རྣམས་མ་ལུས་སངས་རྒྱས་པས། །བྱང་ཆུབ་སྙིང་པོ་ཐམས་ཅད་འདུས། །ཕྱི་ནང་མ་ལུས་ཐམས་ཅད་ཀུན། །བྱང་ཆུབ་སྙིང་པོའི་སྐུ་རུ་བལྟ། །མཆོག་གི་ནང་དུ་གནས་པ་དེ། །ངན་སོང་ཡེ་སྦྱངས་བྱང་ཆུབ་ས། །རང་བཞིན་མེད་ལས་ཅིར་ཡང་སྣང་། །ཡི་གེའི་ཚིག་དང་སྒྲ་ལངས་པའི། །བརྗོད་མེད་ངང་དུ་གནས་པ་འདི། །སྒྲ་དང་ཚིག་ལ་མི་གནས་ཤིང་། །ཐུགས་ཏེ་ཐུགས་ལ་མི་གནས་པས། །ཅིས་ཀྱང་སྒྲིབ་དུ་ཡོད་པ་མིན། །བདེ་བ་ཆེན་པོའི་རྒྱུད་ལས།གསང་བའི་མན་ངག་གི་སྙིང་པོ་ལ། སྐྱོན་གྱིས་བགོར་མེད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ལྟ་བ་མཐའ་ཡས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སྒྱུ་མའི་དཀྱིལ་འཁོར་འདི་ཉིད་ཀྱི། །འཇིག་རྟེན་འདི་ན་ཅི་ཡོད་པའི། །མིང་དང་ཐ་སྙད་འཛིན་པ་རྣམས། །མཚན་ཉིད་སོ་སོར་གཞིག་བྱས་ནས། །ཡོད་མིན་མེད་མིན་མི་དམིགས་ཏེ། །རང་བྱུང་ཡེ་ཤེས་སྐལ་ཆེན་པོ། །རང་བཞིན་མེད་དེ་ཡང་དག་ཉིད། །སུས་ཀྱང་མ་བྱས་རང་བྱུང་སྟེ། །ཐམས་ཅད་དབྱིངས་སུ་རོ་གཅིག་པས། །ཐམས་ཅད་དབྱེར་མེད་བྱང་ཆུབ་ལམ། །མཉམ་པའི་དབྱིངས་སུ་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ལས་དང་ལས་ཀྱི་བག་ཆགས་མེད། །བསོད་ནམས་ཐམས་ཅད་དག་ཡིན་པས། །


DNG025_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཅིས་ཀྱང་མ་གོས་ཐམས་ཅད་འཇོམས། །མི་འགྱུར་གཡུང་དྲུང་རྫོགས་ཆེན་སྐུ། །སྐྱེ་ཤི་མེད་པའི་ས་ཡང་ཡིན། །ཆོས་ཀྱི་དབྱིངས་དང་སེམས་ཅན་ནི། །གཉིས་མེད་དེ་བཞིན་ཉིད་དུ་གཅིག །རྣམ་པར་བྱང་དང་ཉོན་མོངས་གཉིས། །སོ་སོ་མ་ཡིན་གཅིག་གི་ངང་། །སྐྱེ་མེད་ངང་དུ་ཐག་ཆོད་པས། །ཉོན་མོངས་གཉེན་པོས་བཅོས་སུ་མེད། །གདོས་པ་ཅན་གྱི་ཆོས་མིན་པས། །ཇི་བཞིན་དེ་བཞིན་གནས་པ་ཡིན། །ང་མེད་བདག་མེད་རྒྱལ་བའི་མཆོག །ཀུན་རྫོབ་རྒྱུ་འབྲས་རྣམ་པར་དག །ཉོན་མོངས་པ་ཉིད་བྱང་ཆུབ་སྟེ། །ཐམས་ཅད་མ་ལུས་བདེ་གནས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ངོ་བོ་ཉིད་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དབྱིངས་དང་ཤེས་རབ་ཐ་སྙད་གཅིག །ཡེ་ཤེས་འབྱུང་འཇུག་སེམས་ཡིན་པས། །ཏིང་འཛིན་རྣམ་གསུམ་བསྒོམ་བྱས་ཏེ། །ཉོན་མོངས་ལས་ལྔ་སྒོ་བཀག་ནས། །རང་རིག་རྣམ་རྟོག་སད་པ་ཡིས། །ལམ་ལྔ་སྣང་བ་རྣམ་རྟོག་ཡིན། །རྟོག་དང་མི་རྟོག་གཉི་ག་མེད། །གཉིས་མེད་དེ་ཉིད་ཡང་དག་ལམ། །ཐེག་པ་བསམ་ཡས་མ་ལུས་པ། །དེ་བཞིན་ཉིད་ཀྱིས་མ་བརྗོད་ཀྱང་། །རྣམ་པར་རྟོག་པ་མཐའ་ཡས་པས། །བློ་ཡི་རིག་པའང་དེ་བཞིན་ཏེ། །སོ་སོར་འཚམས་པར་ཀུན་ལ་གསལ། །བླ་མེད་རྡོ་རྗེ་ཐེག་མཆོག་ཉིད། །ཐམས་ཅད་རྩ་བ་ཡིན་པའི་ཕྱིར། །རྒྱ་མཚོའི་ཀློང་དུ་ཆུ་འབབ་བཞིན། །རྒྱ་མཚོའི་ཆུ་ཡི་ངོ་བོ་ཉིད། །མ་བསྡུས་རང་བཞིན་འདུས་བཞིན་ནོ། །ངོ་བོ་ཉིད་འདི་ཐེག་པའི་མཆོག །རྒྱ་མཚོ་པདྨ་རིན་པོ་ཆེ། །རྡོ་རྗེའམ་པར་མ་སྐུ་ཉིད་དེ། །ཇི་བཞིན་ཉིད་ལས་མ་གཡོས་པར། །སྲིད་གསུམ་འགྲོ་བ་བསམ་ཡས་སུ། །ཉི་མ་ཤར་བའི་འོད་བཞིན་དུ། །བདེ་གཤེགས་ཞིང་རྣམས་དག་བྱེད་པའི། །ཐེག་པའི་རྣམ་གྲངས་བསམ་མི་ཁྱབ། །ཐུགས་རྗེས་ཞིང་དུ་བྱས་པ་རྣམས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །དོན་དང་མཐུན་པས་བསྟན་པ་ཀུན། །རང་བྱུང་དབྱིངས་སུ་རྟོགས་པར་འདུས། །དྲི་མེད་དག་པའི་བློ་ཅན་


DNG025_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །སྐལ་བར་ལྡན་པའི་རྣལ་འབྱོར་པས། །ཏིང་ངེ་འཛིན་གྱིས་བསྐྱེད་དུ་མེད། །ཤེས་རབ་གསུམ་གྱིས་དཔྱད་དུ་མེད། །ལྟ་བས་དཔྱད་དེ་བསྒོམ་དུ་མེད། །དཀྱིལ་འཁོར་དཀྱིལ་འཁོར་བསྒོམ་དུ་མེད། །སྤྱོད་ཡུལ་ཐམས་ཅད་ཡེ་ནས་དག །ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ། །རང་བྱུང་ཡེ་ཤེས་འཕྱོ་བ་ཡི། །ཐམས་ཅད་གཉིས་སུ་མེད་པ་ལ། །དེ་ལ་ལམ་གྱིས་བཅོས་སུ་མེད། །དེ་ནས་རྡོ་རྗེ་འཛིན་པས་གསོལ་པ། ལྟ་བ་དམ་ཚིག་དབྱེ་བ་དང་། །ལྟ་བའི་མཆོག་ནི་ཇི་ལྟར་ལགས། །དམ་ཚིག་མཆོག་ཀྱང་ཇི་ལྟར་ལགས། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། ལྟ་བ་དང་དམ་ཚིག་དབྱེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །གཏི་མུག་འདོད་ཆགས་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་ཆེན་པོ་ལྔ། །སྤངས་ནས་མྱ་ངན་འདས་མི་གནས། །མ་སྤངས་པ་ཉིད་བྱང་ཆུབ་ལམ། །བདུད་རྩི་རྣམ་ལྔར་རྟག་ཏུ་སྤྱད། །ཡོན་ཏན་ཇི་བཞིན་རྫས་ཀྱི་མཆོག །བླ་མེད་འགྲུབ་པའི་རྒྱུ་ཡིན་པས། །གཙང་སྨེ་མེད་པར་བཟའ་བར་བྱ། །སངས་རྒྱས་ནོར་བུ་འགྲུབ་པར་འགྱུར། །རང་གི་ལྟ་བ་དམ་ཚིག་ཡིན། །ལྟ་བ་གུད་ན་ཡོད་མིན་ཏེ། །དམ་ཚིག་ཉིད་ནི་ལྟ་བར་གསུངས། །དེ་ཕྱིར་ལྟ་བ་དམ་ཚིག་གཉིས། །ཟུངས་སུ་གྱུར་པའི་མ་ནོར་ལམ། །དམ་ཚིག་སྦྱོར་བའི་མཆོག་ཡིན་ཏེ། །སྒྲོལ་བ་ལྟ་བའི་མཆོག་ཏུ་གསུངས། །སྦྱོར་བ་ཉིད་ན་སྒྲོལ་བ་སྟེ། །སྒྲོལ་བ་ཉིད་ན་སྦྱོར་བ་ཡིན། །སྦྱོར་སྒྲོལ་ལྟ་བ་དམ་ཚིག་བཞི། །ངན་སོང་གནས་རྣམས་སྟོངས་པར་བྱེད། །བླ་མེད་ཞིང་ལ་རབ་ཏུ་སྦྱོར། །ཚ་བ་རྣམས་ལ་བསིལ་བའི་སྨན། །གྲང་བ་རྣམས་ལ་དྲོ་བའི་སྨན། །བསིལ་དྲོད་འཇམ་རྩུབ་ཆ་སྙོམས་པ། །རྟོགས་པའི་ལྟ་བ་དེ་ལྟར་སྟོན། །སངས་རྒྱས་ཞིང་ཁམས་རབ་འབྱམས་ན། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །སྤྲུལ་པ་བསམ་ཡས་འབྱུང་བ་ཡང་། །ལྟ་བའི་བྱིན་གྱི་རླབས་ལས་བྱུང་། །ཕྱོགས་བཅུ་དུས་བཞི་


DNG025_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་། །རྟོག་པའི་མཚན་མ་སོ་སོར་སྣང་། །ཡང་ན་དམ་ཚིག་ལྟ་བར་འདུས། །དམ་ཚིག་ལྟ་བའི་དོན་རྟོགས་ན། །སྐུ་དང་ཡེ་ཤེས་བསམ་མི་ཁྱབ། །རང་རིག་ཡེ་ཤེས་དོན་རྟོགས་ན། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཤེས་ཐབས་ཐབས་མཆོག་ཕྱག་རྒྱ་ཡང་། །བྱང་ཆུབ་ཆེན་པོ་ལས་བྱུང་ཞིང་། །མཐའ་དང་དབུས་མེད་དུ་མ་ཡིན། །གང་དུའང་མི་འགྲོ་ཀུན་ཏུ་ཁྱབ། །ཀུན་ལ་དེ་བཞིན་མི་གནས་པའོ། །ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའ་བསྡོ་བྲལ་ལས། །རང་དོན་ཆེན་པོ་ནམ་མཁའ་བྱུང་། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་ལྟ་བ་དང་དམ་ཚིག་གི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་འཛིན་པས་གསོལ་པ། བཅོམ་ལྡན་འདས་དྲི་མ་མེད་པའི་དཀྱིལ་འཁོར་རྣམ་པ་གཉིས་ཀྱི་དོན་བཤད་དུ་གསོལ། ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དཀྱིལ་འཁོར་རྣམ་པ་གཉིས་གདོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཡི་གེ་བཞི་བཅུ་རྩ་གཉིས་པོ་འདི་ཕྱུང་ངོ་། །ཨེ་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཐ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ་ཀྵ། ཨི་ཨཱིཾ། ཨ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཛཿཧཱུྃ་བཾ་ཧོཿ། ཞེས་པ་དེ་ཕྱུང་བས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྐུའི་དཀྱིལ་འཁོར་གྱི་རྒྱུར་ལངས་སོ། །ཕྱོགས་བཅུ་དང་དུས་བཞི་གཡོས་སོ། །སྟོང་གསུམ་དང་། སྟོང་གཅིག་དང་།སྟོང་གཉིས་དང་། འབྱུང་བ་ལྔ་གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དཀྱིལ་འཁོར་ཆེན་པོ་རང་ལ་གནས། །རང་གི་ཕུང་པོ་ལྔ་པོ་ནི། །རྫོགས་པའི་སངས་རྒྱས་ལྔ་ཡིན་ལ། །རྣམ་ཤེས་སྐྱེ་མཆེད་ཁམས་རྣམས་ཀུན། །བྱང་ཆུབ་སེམས་དཔའ་སེམས་མ་ཡིན། །མ་བསླད་དཀྱིལ་འཁོར་ངོ་བོ་ཉིད། །ས་ཆུ་སྤྱན་དང་


DNG025_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའི་ཁམས་ཀྱི་ཤེས་རབ་ཡུམ། །ཕྱོགས་བཅུའི་སྟོང་ཁམས་ཡེ་ནས་དབེན། །རང་བྱུང་སྲིད་པའི་དཀྱིལ་འཁོར་ཆེ། །ཁྲོ་བོ་ཡབ་ཡུམ་སྒོ་མ་བཞི། །དཀྱིལ་འཁོར་ཆེན་པོ་འབར་བའི་འོད། །ཕྱོགས་བཅུ་རྒྱ་ཡོངས་མ་ཆད་པའོ། །འོག་མིན་གྱི་གནས་ཆེན་པོ་མཐའ་དང་དབུས་མེད་པ་དེ་ནི། གཞི་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་འཁོར་ལོས་རབ་ཏུ་འོད་གསལ་བ་ཚད་མེད་པས། གྲུ་བཞིར་གྱུར་པ་སྒོ་བཞི་དང་། སྒོ་ཁྱུད་ཁྱད་པར་གྱིས་མཛེས་པ། གློ་འབུར་ཆེན་པོ་བཞིས་ཁྱད་པར་དུ་བརྒྱན་པ། རྟ་བབས་དང་ཐེམ་སྐས་དང་། རིན་པོ་ཆེའི་རྒྱན་དྲ་བ་དང་། དྲ་བ་ཕྱེད་པ་དང་། མུ་ཏིག་དང་། ཨ་སྨ་གར་བྷ་དང་། ཆུན་འཕྱང་དང་། ཤར་བུ་དང་། རོལ་མོ་སྣ་ཚོགས་པ་དང་། དྲི་སྣ་ཚོགས་པ་དང་། རོ་སྣ་ཚོགས་པ་དང་། རེག་བྱ་སྣ་ཚོགས་པ་དང་། ཕྱོགས་བཅུར་འཁྲིགས་པར་འབྱུང་བ། རང་བྱུང་བའི་གཞལ་ཡས་ཁང་གི་དབྱིབས། རྒྱལ་བའི་ཆོས་ཀྱི་དབྱིངས་ཡིན་ཏེ། དེ་ནི་རྒྱན་ཆ་ཇི་བཞིན་པ་འབར་བའི་དཀྱིལ་འཁོར་གསལ་བར་བྱས་ཏེ། ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །དཀྱིལ་འཁོར་ཆེན་པོ་གྲུ་བཞི་པ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་མཛེས། །རྒྱན་དང་རོལ་མོ་སྤྲིན་ཚོགས་ཀྱིས། །ཡེ་ཤེས་འབར་བའི་དཀྱིལ་འཁོར་ཉིད། །གཞལ་ཡས་ཆེན་པོའི་ཚུལ་དུ་བརྒྱན། །སེང་གེ་གླང་ཆེན་རྟ་དང་ནི། །མ་ཧེ་མཁའ་ལྡིང་ཁྲི་ཡི་སྟེང་། །ཉི་ཟླ་པདྨ་རིན་པོ་ཆེས། །ཁྲི་བརྒྱན་གདན་དུ་བྱས་པ་ལ། །ཞལ་གཅིག་ཕྱག་གཉིས་རབ་ལྡན་པའི། །རྡོ་རྗེ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་འཁོར་བ་ས་སྙིང་དང་། །ནམ་མཁའི་སྙིང་པོ་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་བཞི་པོ་དང་། །ལ་སྱེ་མ་ལེ་ལ་སོགས་བཞི། །སེམས་མ་གཡོན་གཞག་འཁོར་བར་བསྐོར། །གྲུ་ཆད་ལ་ནི་བྱམས་པ་དང་། །ཀུན་བཟང་སྒྲིབ་སེལ་འཇམ་དཔལ་བཞི། །མཆོད་པའི་ལྷ་མོ་བཞི་རྣམས་ནི། །ས་སྙིང་གཡས་ནས་གོང་བཞིན་དགོད། །བར་ཁྱམས་ཐུང་དྲུག་དགོད་བྱས་ནས། །


DNG025_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཁོར་ལོའི་རྒྱབ་མདུན་དུ། །ཀུན་ཏུ་བཟང་པོ་ཡབ་ཡུམ་དགོད། །སྒོ་ཁྱུད་ལ་ནི་ཁྲོ་བོ་བཞི། །གཡས་སུ་མོ་ལ་གཡོན་དུ་ཕོ། །ཁྲོ་བོ་ཡབ་ཡུམ་གཉིས་བར་དུ། །དབུས་སུ་སྒོ་མ་བཞི་ཡང་དགོད། །བཟང་མོ་མདུན་ལ་བཟང་པོ་རྒྱབ། །གཙོ་བོ་དཀར་པོ་རྡོ་རྗེ་འཛིན། །མེ་ལོང་སེར་པོ་འཁོར་ལོ་དྲིལ། །ཡེ་ཤེས་སྔོན་པོ་རིན་ཆེན་འབར། །རྟོགས་པའི་ཡེ་ཤེས་པདྨ་དམར། །གྲུབ་པའི་ཡེ་ཤེས་རྒྱ་གྲམ་ལྗང་། །དཀར་སེར་མྱུ་གུ་རིན་པོ་ཆེ། །མཐིང་ག་རལ་གྲི་པདྨ་དཀར། །རྡོ་རྗེ་ལྗང་སྐྱ་ཀླུ་ཤིང་དམར། །འཁོར་ལོ་དམར་སེར་སྙེ་མ་དཀར། །འཇམ་དཔལ་སེར་པོ་ཨུཏྤལ་འཛིན། །མེ་ལོང་དཀར་དང་ཕྲེང་བ་སྔོ། །ལྕེ་དམར་སེར་མོ་ལྗང་སྐྱ་མ། །སྤོས་མེ་སེར་མོ་མེ་ཏོག་མཐིང་། །མེ་དམར་དམར་སྐྱ་དྲི་ཆབ་ལྗང་། །སྲེག་པར་སེར་པོ་གོ་ཆ་སྤྲིན། །པོ་ཏི་དམར་པོ་རིན་ཆེན་མཚོ། །རྒྱལ་བ་སྒུམ་ལ་མེ་ཆུ་གནས། །རྡོ་རྗེ་དཀར་སེར་བེ་ཅོན་མཐིང་། །སྡིགས་མཛུབ་དམར་པོ་དབྱུག་ཏོ་ལྗང་། །ཁྲོ་མོ་ཁྲོ་བཞིན་འབར་བ་སྟེ། །ལྕགས་ཀྱུ་དཀར་པོ་ཞགས་པ་སེར། །ལྕགས་སྒྲོག་དམར་མོ་དྲིལ་བུ་ལྗང་། །འབར་བའི་དཀྱིལ་འཁོར་བླ་ན་མེད། །འོད་ཟེར་འབར་བའི་ཚོགས་ཆེན་པོ། །དཀྱིལ་འཁོར་ཆེན་པོ་འཁོར་ལོ་བསྐོར། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ། གསུང་གི་སྙིང་པོ་འདོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུང་གི་སྙིང་པོ་འདི་སྐུ་དང་གསུང་དང་ཐུགས་ལས་ཕྱུང་ངོ་། །བྷྲཱུཾ་ཙཀྲ་བི་ཤུདྡྷེ། ཧཱུྃ་བཛྲ་སཏྭ་ཧཱུྃ། ཨཱོཾ་བཻ་རོ་ཙ་ན་ཛི་ཀ་ཨཱོཾ་སྭ་རཏྣ་སྭ། ཨཾ་ཨ་མྲྀ་ཏ་ཨ། ཧ་བྲ་ལོ་ཀི་ཏ། མུཾ་དྷཱ་དུ་ཤྭ་རི་མུཾ། ལཾ་དེ་ཤ་ར་ཏི་ཙཾ། མཾ་མོ་ཧ་ར་ཏི་མཾ། པྱཾ་རཱ་ག་ལོ་ག་ཏི་པྱཾ། ཏྲ་ས་ཧ་ཧྲི་ཏྲཾ་ཀྵ་གརྦྷ་ཀྵ། ཏྲཾ་ཨ་གརྦྷ་ཡ་ཧྲཱྀཿ། པདྨ་བ་མོ་ཧྲི། ཛི་བཛྲ་པཱ་ཎི་ཛཱི། ཧཱུྃ་ལ་སྱེ་ས་མ་ཧོ། ཏྲཱཾ་མ་ལེ་ས་མ་ཡ་སྟྭཾ། ཧྲི་གཱིརྟི་ར་གོ྅ཧྃ། ཨ་ནིརྟི་ཡ་སྭཱ་ཧཱ། མི་ལི་མ་ཧཱ་ཡཱ་མི་སྭཱ་ཧཱ། ཐླིཾ་པ་ཏྲ་ཐླིཾ་སྭཱ་ཧཱ། ཧཱུྃ་ཀྵྱཾ་ཁ ་ཡ་སྭཱ་ཧཱ། མུཾ་མཉྫུ་ཤྲི་ག་སྭཱ་ཧཱ། ཧེ་དུ་ཀྲུ་སྭཱ་ཧཱ། སྭ་པུཥྤ་སྭཱ་ཧཱ། ཨཾ་མ་ཡུ་ཀོ་སུ་ཀེ་ནི་ཨཱོཾ་སྭཱ་ཧཱ། ཧོ་གནྡྷེ་ཙིཏྟ་ཏྲ་ཐ་སྭཱ་ཧཱ། ཧཱུྃ་ཏྲཻ་ལོཀྱ་བྱི་ཀ་ཏྲ་ཕཊ། ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ།


DNG025_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་པདྨ་ཏ་ཀྲིཏ་ཕཊ། བི་ན་ཏ་ཀྲིཏ་ཕཊ། ཧཱུྃ་པྲཛྙཱ་ཏ་ཀྲིཏ་ཕཊ། ཨཱོཾ་དཱ་ར་མ་ཧཱ་ཨེ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཕཊ། ཨཱོཾ་དཱ་ཧི་མ་ཧཱ་རཏྣ་ཨ་ཀྲ་དྷ་ཤྭ་རཱི་ཛྭ་ལ་ནི་ཕཊ། ཨཱོཾ་པདྨ་མ་ཧཱ་ཨེ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཕཊ། ཨཱོཾ་ཀརྨ་མ་ཧཱ་ཨེ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ཨཱོཾ་ཨ་བ་མུ་ནི་ཀྲིཾ་སྭཱ་ཧཱ། ཨཱོཾ་ནི་མུ་ནེ་མླཱ་སྭཱ་ཧཱ།ཨཱོཾ་ཀྵ་སུ་མུ་ནེ་བྲཾ་སྭཱ་ཧཱ། ཨཱོཾ་ཏྲི་མུ་ནེ་བྲུཾ་སྭཱ་ཧཱ། ཨཱོཾ་པྲི་མུ་ནི་ཀྵཾ་སྭཱ་ཧཱ། ཨཱོཾ་དུ་ཛ་མུ་ནི་ས་ཤོ་ཀ་སྭཱ་ཧཱ། ཨཱོཾ་ཨ་ཨ་ས་མནྟ་པེ་ཧེ་ཏ་སྭཱ་ཧཱ། བཛྲ་བྷ་དྲ་ས་མནྟ། ཨཱོཾ་ཧཱུྃ་བཛྲ་བཛྲ་ཛ་ཛ་ཀྲུང་སྭཱ་ཧཱ། ཧཱུྃ་ཉུ་ཀརྨ་ཧ་སྭཱ་ཧཱ། པདྨ་ཀུ་ཡེ་སྭཱ་ཧཱ། ཧཾ་ཧ་ཧེ་ཧ་ཧ་སྭཱ་ཧཱ། གསུང་གི་དཀྱིལ་འཁོར་འདི་སྐུ་གསུང་ཐུགས་ལས་བྱུང་བས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དཀྱིལ་འཁོར་དུ་གྲགས་སོ། །དཀྱིལ་འཁོར་ཆེན་པོ་དེ་དག་ཐམས་ཅད་ཀྱང་། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ལྡན་པར་བྱ་བའི་ཕྱིར། ཡེ་ཤེས་ལྔ་པོའི་སྙིང་པོ་འདི་ཡང་ཐིམ་པར་བྱས་པའོ། །ཨོཾ་ཏ་ཐཱ་ག་ཏོ་ཛྙཱ་ན་མ་ཧཱ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་བཛྲ་མ་ཧཱ་ཛྙཱ་ན་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་རཏྣ་མ་ཧཱ་ཛྙཱ་ན་སིདྡྷི་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་པདྨ་མ་ཧཱ་ཛྙཱ་ན་ཨ་ནུ་རཀྟོ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་ཀརྨ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཡེ་ཤེས་ལྔའི་སྙིང་པོ་སྐུ་གསུང་ཐུགས་ལས་ཕྱུང་སྟེ་བརྗོད་པས། འོད་གསལ་ཞིང་རབ་ཏུ་ཐིམ་པར་གྱུར་ཏོ། །སྙིང་པོའི་སྒྲ་ཡིས་ཐམས་ཅད་ཀུན། །དཀྱིལ་འཁོར་འབར་བ་ཆེན་པོ་གསལ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །དཀྱིལ་འཁོར་དཀྱིལ་འཁོར་དཀྱིལ་འཁོར་ལྡན། །གསུང་གི་དཀྱིལ་འཁོར་འདི་ཉིད་དུ། །སྣ་ཚོགས་འབར་བའི་དཀྱིལ་འཁོར་རྫོགས། །གསལ་ཉིད་གསུང་གི་རྡོ་རྗེའི་སྐུ། །བྱེ་བྲག་ལྔ་གཉིས་བཅུ་པོ་ལ། །རིགས་ཀྱི་སྙིང་པོ་ཏིལ་འབྲུ་ཙམ། །ཉི་ཟླ་ཉུང་འབྲུ་ཙམ་བསམས་པའི། །སྟེང་དུ་བཀོད་དེ་སྦྱར་བྱས་ཏེ། །སྙིང་པོ་བརྗོད་བྱས་གར་བསྐོར་ཞིང་། །གུང་གཡས་ཧཱུྃ་བཀོད་གུང་གཡོན་མུཾ། །གཉིས་སྦྱར་གཞན་བརྟུལ་བརྡབ་ཚུལ་གྱིས། །གཉིས་མེད་འཁྲིལ་ཅིང་དཀྱིལ་འཁོར་སྤྲོ། །མཛུབ་གཡས་ཨཱོཾ་འབར་གཡོན་རྩེ་ལཾ། །ཧཱུྃ་མུཾ་ལ་སོགས་བརྟུལ་བྱས་ནས། །བརྡབ་ཚུལ་གྱིས་ནི་གཉིས་མེད་ཅིང་། །འཁྲིལ་བས་


DNG025_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འཕྲོ་བར་འགྱུར། །ཡབ་ཡུམ་བཅུ་འབར་གཉིས་འཁྲིལ་འཕྲོ། །ཨོཾ་ཚིགས་དང་པོ་ལ་སོགས་བཞིར། །ཉི་མ་ཡུངས་འབྲུ་ཙམ་བསམས་ཏེ། །མཐོང་བྱེད་ལ་སོགས་ཡིག་འབྲུ་བཞི། །ཏིལ་འབྲུ་ཙམ་ནི་བཀོད་བྱས་ཏེ། །ལཾ་མཛུབ་དང་པོའི་ཚིགས་ལ་འང་། །འགྱིང་མ་ལ་སོགས་རྣམ་པ་བཞི། །གོང་བཞིན་བཀོད་དེ་བརྡབ་ཚུལ་གྱིས། །གད་བརྡེབས་གཉིས་བཀོད་གཞན་བརྟུལ་ཏེ། །གཉིས་མེད་འཁྲིལ་བས་དཀྱིལ་འཁོར་འཕྲོ། །ཨཱོཾ་ཚིགས་འབར་བའི་ཨཱོཾ་གྱི་རྩར། །ཉི་མ་སྲན་ཆུང་ཙམ་བསམས་པའི། །སྟེང་དུ་ཤིང་གི་སྙིང་པོ་ཉུང་དཀར་གྱི། །འབྲུ་ཙམ་རབ་ཏུ་བསམས་བྱས་ཏེ། །ཧཱུྃ་འོག་བར་པའི་སྙེ་མ་ཡི། །སྙིང་པོ་ཡུངས་འབྲུ་ཙམ་བསམས་ཏེ། །ཨ་འོག་བར་པ་ལ་ཡང་ནི། །འཁོར་ལོ་སྙིང་པོ་ཉུང་འབྲུ་ཙམ། །བསམས་ཤིང་ཧ་འོག་འབར་བ་ལ། །དེ་བཞིན་ཨུཏྤལ་སྙིང་པོ་བསམ། །ལཾ་གྱི་བར་བར་ཟླ་བཀོད་དེ། །སྤོས་ཀྱི་སྙིང་པོ་བསམ་པར་བྱ། །མུཾ་གྱི་འོག་གི་བར་བར་ཡང་། །མེ་ཏོག་སྙིང་པོ་བསམ་པར་བྱ། །པཾ་གྱི་འོག་གི་བར་བར་ཡང་། །མར་མེའི་སྙིང་པོ་བསམ་པར་བྱ། །ཏྲཾ་གི་འོག་གི་བར་བར་ཡང་། །དྲི་ཡི་སྙིང་པོ་བསམ་པར་བྱ། །སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། །ཐལ་སྦྱར་ཡབ་ཡུམ་འཁྲིལ་བྱས་ནས། །གཞན་བརྟུལ་གཉིས་འཁྲིལ་འོད་འབར་ཏེ། །དཀྱིལ་འཁོར་ཆེན་པོ་འཕྲོ་བར་བྱེད། །སྭ་རྩེར་འབར་བ་ཐ་མར་ནི། །ཉི་མའི་རྩེ་མོར་ལྷག་བྱས་ན། །བར་པ་མི་ལ་ལྷ་མིན་ཐ། །ཟླ་རྩེར་བྱོལ་སོང་ཡི་དྭགས་བར། །དམྱལ་བ་ཐ་མར་བཀོད་བྱས་པ། །གཞན་སྦྱར་ལྟད་མོའི་ཚུལ་དུ་ཞུགས། །ཉི་མའི་ཨཱོཾ་རྩར་རྣམ་རྒྱལ་ཏེ། །ཟླ་བའི་ལཾ་རྩར་རྒྱལ་མོའོ། །ཉི་མའི་ཧཱུཾ་རྩར་རྒྱལ་མོའོ། །ཉི་མའི་ཧཱུྃ་རྩར་ལྕགས་ཀྱུ་སྟེ། །ཟླ་བའི་མུཾ་རྩར་ཞགས་པའོ། །ཉི་མའི་ཨ་རྩར་གཤེད་པོ་སྟེ། །ཟླ་བའི་པྱཾ་རྩར་གཤེད་མོ་ཉིད། །ཉི་མའི་ཧི་རྩར་རྟ་མགྲིན་ཏེ། །ཟླ་བའི་ཏྲཾ་རྩར་རྟ་མགྲིན་མོ། །ཉི་མའི་མཐིལ་དུ་ལྕགས་སྒྲོག་སྟེ། །ཟླ་བའི་མཐིལ་དུ་དྲིལ་བུ་འབར། །ཉི་མའི་སྭ་རྩའི་མཐིལ་བར་དུ། །འཁྱིལ་པའི་འོད་འབར་ཁྱད་པར་


DNG025_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཟླ་བའི་མཐིལ་བར་འཁྱིལ་མ་སྟེ། །ཡབ་ཡུམ་གཉིས་སྦྱར་གཞན་བརྟུལ་ན། །སྦྱར་བའི་དཀྱིལ་འཁོར་འོད་འབར་ཏེ། །དཀྱིལ་འཁོར་མ་ལུས་འཕྲོ་བར་བསམ། །ཧཱུཾ་གི་སྙིང་པོ་སྐུར་བསྒོམས་ཏེ། །ལག་གཉིས་གཞིབས་པའི་སྟེང་དུ་ནི། །སོར་བཞིའི་དཀྱིལ་འཁོར་བྲིས་བྱས་ལ། །བུམ་པའི་སྙིང་པོ་ལྔས་བཀང་ལ། །དཀྱིལ་འཁོར་དབུས་སུ་བཀོད་བྱས་ལ། །བླ་རྒྱན་འོག་རྒྱན་བར་རྒྱན་རྣམས། །དཀྱིལ་འཁོར་ཆེན་པོ་ལ་སོགས་པ། །རབ་ཏུ་རྒྱན་གྱིས་བརྒྱན་ཚུལ་གཞག །བཟའ་བཏུང་རོ་བྲོ་སྣ་ཚོགས་དང་། །གོས་མ་ཕྱང་འཕྲུལ་སྣ་ཚོགས་དང་། །མཆོད་པའི་བྱེ་བྲག་སྣ་ཚོགས་པས། །བསྐོར་ཏེ་ཏིང་འཛིན་གྱིས་མཆོད་པ། །འདུ་ཤེས་མེད་པའི་མཆོད་པ་ནི། །མཆོད་པ་ཆེན་པོ་ཞེས་བྱ་བས། །མཆོད་པ་ཆེན་པོས་མཆོད་ལ་སོགས། །གཟུགས་བརྙན་དཀྱིལ་འཁོར་གྲུབ་ཚད་ཀྱང་། །འབྱོར་ལྡན་ཏིང་འཛིན་ཡོད་པས་བྱ། །ས་ལ་སོགས་པའི་ཆོ་ག་དང་། །ཐིག་གདབ་ཚོན་གྱི་རིམ་པ་རྣམས། །དཀྱིལ་འཁོར་ལ་སོགས་ཆེན་པོའི་ཚུལ། །དབང་བསྐུར་ཡང་དག་དཀྱིལ་འཁོར་ནས། །བསོད་ནམས་དཀྱིལ་འཁོར་སྤྱན་དྲངས་ཏེ། །དཀྱིལ་འཁོར་ཆེན་པོར་དང་པོ་ནི། །བླ་མའི་སེམས་བཅུག་དེ་ནས་ནི། །སློབ་མ་གཞུག་ཅིང་དབང་བསྐུར་བ། །ནུས་ཚད་གང་འདོད་ཉམས་དང་སྦྱར། །དེ་བཞིན་དཀྱིལ་འཁོར་ཆེན་པོ་ནི། །དབང་ཆེན་པོར་ནི་བསྐུར་བར་བྱ། །མཁས་ལྡན་དཀྱིལ་འཁོར་གང་འདོད་པས། །དཀྱིལ་འཁོར་གཅིག་གམ་གསུམ་མམ་ལྔ། །དགུ་དང་བཅུ་གསུམ་ལ་སོགས་པ། །དབུས་སུ་རིགས་ཀྱི་སྐུ་བསམ་ཞིང་། །སེམས་དཔའ་སེམས་མ་དེ་བཞིན་དགོད། །ཡང་ན་ཡིད་ལ་འཐད་འཐད་དགོད། །ཡང་ན་ཡབ་ཡུམ་བཅས་པ་དགོད། །ཡང་ན་གང་བསྒོམ་གང་འཐད་པའི། །ལྟེ་རྩིབས་དཀྱིལ་འཁོར་ཆེན་པོའི་ཚུལ། །ཁྲོ་བོས་སྒོ་བསྲུང་བྱ་བར་གསུངས། །ཁྲོ་མོའི་དཀྱིལ་འཁོར་ཆེན་པོ་ཡང་། །དེ་བཞིན་དུ་ནི་བྱ་བར་གསུངས། །སྣ་ཚོགས་སྣང་བ་ཐམས་ཅད་


DNG025_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །སྣང་བའི་དཀྱིལ་འཁོར་རང་བཞིན་མེད། །དེ་ཉིད་ཤེས་རབ་ཡིན་པར་བཤད། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་གི་དཀྱིལ་འཁོར་ཆེན་པོའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ངན་སོང་མ་ལུས་ཐམས་ཅད་ཀུན། །ཁམས་དང་དབང་པོ་དག་བཞིན་དུ། །རྐྱེན་གྱིས་བསླད་པས་གཡོ་བར་འགྱུར། །གཟུགས་ལ་སོགས་རྣམས་བདག་ལ་རྟོགས། །དེ་ནི་ཚངས་གནས་རིམ་པ་སྐྱེས། །མཉམ་དང་གཟུགས་རྣམས་མ་རྟོགས་ནས། །མིང་བཞི་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལས་གནས་གྱུར་པས། །སྲིད་པའི་རྩེ་མོའི་གནས་སུ་སྐྱེ། །དེ་བཞིན་སྐྱེ་སོགས་བསམ་མི་ཁྱབ། །སུས་ཀྱང་མ་བྱས་རང་བཞིན་གནས། །ངང་གིས་གསལ་བའི་དཀྱིལ་འཁོར་ལ། །ཅིས་ཀྱང་མི་བཅོས་མི་བསླད་དེ། །གཉིས་སུ་མེད་པར་རྟོགས་འགྱུར་ན། །སུ་ཡིས་བཅོས་ཤིང་སུ་ཡིས་རྟོགས། །ཀུན་དང་ཐུན་མོང་མ་ཡིན་པའི། །འདི་ལྟར་སྣང་བའི་ཆོས་ཀུན་དང་། །ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན། །བདག་ལས་གུད་ན་གཅིག་ཀྱང་མེད། །ཐེག་པའི་མཐོ་དམན་ཀུན་གྱི་གཟུངས། །སངས་རྒྱས་བྱང་ཆུབ་སེམས་དཔའི་མ། །འབྱུང་བའི་ཚུལ་དུ་ལྡན་པའི་སྐུ། །གཟུང་འཛིན་གཉིས་མེད་མཉམ་པའི་ཀློང་། །ཐམས་ཅད་མཉམ་པའི་ངང་གྱུར་པས། །ཕྱི་ནང་དཀྱིལ་འཁོར་ཐམས་ཅད་དང་། །སྒྲ་དང་དངོས་པོ་ཇི་སྙེད་པ། །ཐམས་ཅད་ཚོགས་ཀྱི་སྙིང་པོར་རྫོགས། །དཔེར་ན་གར་མཁན་ལག་པ་ལས། །མ་བཀོད་གཟུགས་ཚོགས་སྟོན་པ་བཞིན། །རྫོགས་མཆོག་བྱ་བྲལ་སྙིང་པོ་ལས། །མ་བཀོད་སྐུ་རྣམས་རྣམ་པར་གསལ། །བདག་དང་གཞན་དུ་མ་བརྟགས་ན། །ཡངས་པའི་དཀྱིལ་འཁོར་རྣམ་པར་ལྡན། །ཐམས་ཅད་འབྱུང་བའི་དབྱིངས་ཡིན་ཏེ། །སྣ་ཚོགས་གློག་བཞིན་རྣམ་པར་གསལ། །གསལ་བ་ཉིད་ན་འཇའ་ཚོན་བཞིན། །རང་བཞིན་མེད་པར་ཀུན་ཏུ་བཟང་། །དེ་ཉིད་ཆོས་སྐུ་


DNG025_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་བཤད། །ཀུན་གྱི་སྐུ་དེ་རིགས་མཐའ་ཡས། །སྦས་པས་དུར་ཁྲོད་བརྒྱད་ཞི་ཞིང་། །དངོས་པོ་མེད་པས་དངོས་པོའི་སྒྲ། །སྣ་ཚོགས་རྣམ་པར་ཞི་ཞིང་སྟོང་། །སེམས་ལ་སྣ་ཚོགས་ཆོས་རྫོགས་སོ། །ཆོས་ཀྱི་ཕུང་པོ་ཁམས་རྫོགས་ཏེ། །ནམ་མཁའ་མི་དམིགས་མཐའ་ཡས་ལ། །ཉི་ཟླ་གཟའ་སྐར་ཀུན་རྫོགས་ནས། །མཁའ་དབྱིངས་དག་པར་རྫོགས་པ་ལྟར། །ཕུང་པོ་ཁམས་ཉིད་ཆོས་ཡིན་ཏེ། །ཆོས་ཀྱི་དཀྱིལ་འཁོར་ཆོས་ལ་རྫོགས། །འདི་ཞེས་མཚོན་དུ་མེད་པ་ལ། །མཚོན་པར་བྱེད་པ་རྣམ་རྟོག་སྟེ། །ཇི་སྙེད་རྣམ་རྟོག་མ་ཟད་པར། །སངས་རྒྱས་བྱང་ཆུབ་ལམ་མི་རྙེད། །འབྱུང་བའི་ཚུལ་དུ་ལྡན་པ་ཡི། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཨཱ་ལི་ཀཱ་ལི་ཟབ་ཏུ་བསྟན། །ཇི་ལྟར་རྟོག་པ་འཇུག་པ་ཉིད། །མི་རྗེས་སྤྲེའུས་གནོན་ཚུལ་དུ། །བྱ་བྱེད་མང་པོས་བདག་མེད་པར། །རང་རིག་སྟོབས་ཀྱིས་དབང་བསྒྱུར་ནས། །མཚན་མའི་རྣམ་པར་རྟོག་པ་ཉིད། །མཉམ་པ་ཆེན་པོའི་ཀློང་དུ་གནས། །འདུ་ཤེས་འདུ་བྱེད་སྣ་ཚོགས་པས། །མི་གཡོ་རང་ཕྱུང་ཐིག་ལེར་བསྟན། །དེ་དང་ང་དང་བདག་མེད་ཅིང་། །རྐྱེན་གྱི་རྡུལ་གྱིས་མི་འགོ་སྟེ། །རང་བཞིན་རྣམ་པར་དག་པས་ན། །ཐམས་ཅད་བདེ་གཤེགས་སྙིང་པོ་ཉིད། །གང་དུ་འགྲོ་ཞིང་གང་དུ་སྐྱེ། །འཇིག་རྟེན་སྐྱེ་བའི་དངོས་པོ་མེད། །ཁྱུང་ཆེན་མཁའ་ལ་འཕྱོ་བ་དེ། །རྒྱ་མཚོར་གནས་པའི་ཀླུ་རྣམས་ཀྱིས། །ལུས་ཉིད་མ་རུངས་འཇིག་པ་ལྟར། །རྡོ་རྗེ་ཐེག་མཆོག་བླ་མེད་པ། །བྱ་བྲལ་མ་མཉམ་ཐམས་ཅད་སྡུད། །རྣམ་རྟོག་ཞིག་པས་ས་རྣམས་འཇོམས། །ཐེག་པ་མ་ལུས་ལྟོ་བར་ཟ། །བསམ་དང་བྲལ་བའི་དབྱིངས་ཉིད་དེ། །འདི་ཞེས་དཔག་ཏུ་མེད་པའི་ཕྱིར། །ཡི་གེའི་རྒྱུད་མེད་བསྒོམ་དུ་མེད། །བྱ་བྲལ་ནམ་མཁའ་ཇི་བཞིན་དུ། །མི་བཙལ་མི་བསྒྲུབ་མི་གཡེང་བར། །བསྒོམ་ཚུལ་ཟད་བྱེད་སྤྱོད་ཚུལ་གཞོམ། །རང་རིག་སྙིང་པོ་མི་གཡོ་བར། །རྙེད་པའི་ལམ་དུ་སུ་འདོད་པ། །གླང་པོ་ཞོན་ནས་


DNG025_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གཅོད་ཚུལ། །མཉམ་དབྱིངས་དག་པ་ལྡན་པ་ལ། །བོར་ནས་སངས་རྒྱས་ཚོལ་བར་བྱེད། །ཨེ་མ་ཧོ་སངས་རྒྱས་སྤྱོད་ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་གི་ཆོས་བཞིན་ཡུལ་མེད་པས། །ལོང་བས་ནམ་མཁའ་བསྙབས་པ་བཞིན། །གོང་ནས་གོང་དུ་ཚངས་པའི་མི། །བྱ་བྲལ་ཆོས་དང་མཐུན་པ་མིན། །ཅི་སྟེ་ལམ་ལ་བགྲོད་འགྱུར་ན། །ནམ་མཁའི་མཐའ་བཞིན་མཐོང་བ་མེད། །ཡེ་ནས་མཉམ་རྫོགས་སྙིང་པོ་ལ། །བསྒྲུབ་དང་བསྲུང་བར་བྱ་བ་མེད། །བསྒྲལ་དང་མ་བསྒྲལ་གཉིས་མེད་ཅིང་། །དགེ་དང་མི་དགེའི་བསམ་ལས་འདས། །རྒྱུ་དང་འབྲས་བུ་དབྱེར་མེད་དེ། །ཉོན་མོངས་ལྔ་པོ་སྤངས་བྱས་ནས། །ཐར་པ་བྱང་ཆུབ་བསྒྲུབ་ཏུ་མེད། །ཡེ་ནས་དེ་བཞིན་ཉིད་ཀྱི་ཀློང་། །དཀའ་ཐུབ་བགྲོད་སྐྱོང་འབད་རྩོལ་གྱིས། །ཡང་དག་སངས་རྒྱས་ལམ་མི་རྙེད། །སྡོམ་པས་རྩ་བ་བྱང་ཆུབ་རིང་། །དགེ་རྩས་སྡུག་བསྔལ་སྐྱེ་བཞིར་འགྱུར། །ངན་སོང་དུ་ཡང་སྐྱེ་བར་བྱེད། །སྨད་འཚོང་མ་དང་སྦྱར་བྱས་ཤིང་། །སེམས་ཅན་ཀུན་གྱི་སྲོག་བཅད་ན། །ཀུན་ཏུ་བཟང་པོའི་ས་ཉིད་དུ། །འབྱོལ་ཉོག་སྤྱོད་ཅིང་ཤིན་ཏུ་བདེ། །བདེ་བ་ཆེན་པོའི་རྒྱུད་ལས། མན་ངག་ཐམས་ཅད་མ་ལུས་ཀུན་རྫོགས་པའི་ལྷུན་གྱིས་གནས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ལྟ་བ་སྣ་ཚོགས་པ་ལྟར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཕྱི་དང་ནང་མེད་ཡེ་ཤེས་ཆེན་པོའི་མཁའ། །ཀུན་ན་ཀུན་ཉིད་དཔལ་གྱི་སྐུ། །རང་བཞིན་དཀྱིལ་འཁོར་ཡང་དག་ཉིད། །དེ་བཞིན་མཉམ་རྫོགས་ལྷུན་གྲུབ་ཀྱིས། །ཡུལ་དང་རིག་པ་གཉིས་མེད་པར། །སྔ་ཕྱི་མེད་དབྱིངས་དེ་བཞིན་ཉིད། །རྡོ་རྗེ་སེམས་དཔའ་འདྲ་བ་ཡང་། །ལྟ་བར་སྣང་བས་འབྲས་བུ་མིན། །འདུས་དང་མི་འདུས་གནས་མི་གནས། །རྩ་བ་མིན་ཏེ་ལྟུང་བའི་རྒྱུ། །ས་ཡང་བགྲང་དང་འཇུག་ཕྱག་འཚལ། །བསྐྱེད་དང་བསྒྲུབ་དང་མཆོད་པ་རྣམས། །ངང་གིས་དག་པས་ངང་གནས་པ། །


DNG025_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་དཀའ་བ་སྤྱད་མི་དགོས། །ས་དང་རྩོལ་བས་བཙལ་མི་དགོས། །འདི་ནི་ཡེ་ཤེས་བླ་མེད་པ། །བགྲང་ཞིང་འཇུག་ཆགས་བྱ་མི་དགོས། །འདི་ནི་བྱ་མེད་བྱ་ལས་འདས། །བསྐྱེད་དང་བསྒྲུབ་པ་བྱ་མི་དགོས། །འདི་ནི་མི་སྐྱེ་བདེ་བའི་ཀློང་། །མཆོད་པ་རྒྱལ་བ་མཆོད་དུ་མེད། །འདི་ནི་རྒྱལ་མཆོག་རྫོགས་པའི་སྐུ། །ཡི་གེས་མཚོན་པར་བྱ་མི་དགོས། །འདི་ནི་རང་བཞིན་གསལ་བའི་འོད། །བསྟོད་དང་བཀུར་དང་བཀུར་མི་དགོས། །འདི་ནི་ཕུང་པོའི་དབྱིབས་ལས་འདས། །ཡེ་ཤེས་ལྔ་ཡི་འོད་དང་བྲལ། །འདི་ནི་ཁ་དོག་དབྱིབས་མ་ཡིན། །འདི་ལ་ལྟ་བས་བལྟ་རུ་མེད། །ལྟ་བ་ཉིད་ཀྱི་ཚིག་ལས་འདས། །འདི་ལ་རྒྱུ་དང་འབྲས་བུ་མེད། །གང་ཡང་འབྱེད་པ་མེད་པའི་མཆོག །འདི་ནི་འདུས་པ་ཞེས་བྱ་སྟེ། །རྒྱ་མཚོའི་ཀློང་བཞིན་ཐམས་ཅད་འདུས། །གང་ཡང་དངོས་ཡོད་མ་ཡིན་ཏེ། །དངོས་མེད་དེ་ཉིད་སྣ་ཚོགས་སྣང་། །སྣང་བ་ཉིད་ན་གང་ཡང་མིན། །ཐེག་པ་སྣ་ཚོགས་ཀུན་སྤྱོད་ཀྱང་། །དངོས་མེད་དེ་ཉིད་ཡང་དག་ཉིད། །དཔའ་བོས་མི་ཚུགས་འབྲས་བུའི་མཆོག །རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཚུལ། །ད་ལྟའི་བདེ་བ་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ནས་བྱུང་། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། །གདོད་ནས་སྙིང་པོ་ཡིན་པས་ནི། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །བྱང་ཆུབ་སེམས་དཔའ་དབང་ཕྱུག་དང་། །ཞིང་ཁམས་རྒྱལ་བ་མ་ལུས་ཀུན། །རྫོགས་པ་ཆེན་པོ་རྫོགས་ཆེན་པོ། །བསམ་འདས་བརྗོད་མེད་མཆོག་གི་ལམ། །ཕ་རོལ་ཕྱིན་པ་བཅུ་ཡི་བཅུ། །གྲུབ་པ་མཆོག་གི་ཐ་སྙད་ལ། །སྒྲོ་དང་སྐུར་དང་རྣམ་པ་ཡེ་ནས་རྒྱལ་བའི་རྣམ་དག་སྐུ། །རྒྱས་སོ་རྒྱས་སོ་ཁམས་གསུམ་ཡེ་སངས་རྒྱས། །བརྗོད་དུ་བརྗོད་དོ་ཡོན་ཏན་དབང་ཕྱུག་འདི། །བརྗོད་པའི་ཐ་སྙད་ལས་འདས་བརྗོད་དུ་མེད། །སྒོམ་པ་ཉིད་ནི་རྟོག་པའི་རྟོག་པ་སྟེ། །མི་བསྒོམ་མི་བཙལ་རང་རིག་ཉིད་ཀྱི་སྐུ། །དེ་


DNG025_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དེ་བཞིན་དེ་བཞིན་གྱི་མཐར་གཞག །གཞག་དུ་གཞག་དུའང་གཞག་པ་མེད་པས་ན། །གཞག་ཏུ་མེད་པའི་གཞག་སར་གཞག་ལ་གཞག །གཞག་པ་གཞག་པའི་དངོས་པོ་རྡོ་རྗེ་སེམས་དཔའི་ཐུགས། །འདི་ཞེས་བསྟན་དུ་སངས་རྒྱས་ཉིད་ཀྱིས་མེད། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བ་མན་ངག་ལྟར་མེད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཇི་ལྟར་ལགས་པ་བཤད་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་བདེ་དབང་ཀུན་ཏུ་བཟང་པོས། ཇི་བཞིན་ཉིད་སྣ་ཚོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་སྣ་ཚོགས་ཀུན་ཏུ་ངོ་བོ་ཉིད། །གདོད་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །རང་བཞིན་དབྱེར་མེད་གདོད་ནས་མི་ཕྱེད་ཅིང་། །ཡེ་ནས་མཉམ་པས་རྒྱལ་བ་རྒྱ་མཚོ་ཡིན། །དུས་གསུམ་སྲིད་གསུམ་མཉམ་པའི་སྙིང་པོ་ཉིད། །ཡེ་ནས་ཀུན་བཟང་ཤེས་རབ་མཆོག་གི་དབྱིངས། །དབྱེ་བསལ་མེད་ཕྱིར་བཟང་ངན་བླང་དོར་མེད། །བདག་དང་གཞན་དུ་མེད་བྱེད་སྙིང་པོ་ཡེ་ཤེས་ཉིད། །སྙིང་པོ་མ་མཐོང་ཤེས་རབ་མ་སྦྱངས་པས། །གཞན་དུ་ཚོལ་ཞིང་རྨོངས་པའི་སེམས་ཅན་གྱིས། །བསྟན་ཀྱང་མ་ཐོས་མཚོན་ཀྱང་མ་མཐོང་བ། །བདག་ཉིད་གཞན་དུ་ཚོལ་བས་སངས་མི་རྒྱ། །དེ་དང་མ་བྲལ་སྟོན་པ་མི་མཐོང་ཞིང་། །ལམ་དུ་འདོད་པས་ལམ་ལ་བགྲོད་འགྱུར་བ། །བགྲོད་པས་འདོད་སར་ཕྱིན་པར་མི་ནུས་ཏེ། །དོན་ཉིད་སྦག་མ་ལུས་ཀྱང་མི་མཐོང་བ། །ཤེས་ཤིང་བསྒྲུབ་རྒྱུ་ཅི་ཡིན་གང་གིས་ཤེས། །བྱ་བྱེད་ལས་འཕགས་གྱི་ནར་འདུག་བྱེད་པ། །གང་ཞིག་བློ་ལ་སྤྱོད་པ་བྱང་ཆུབ་སྤྱོད་པར་འགྱུར། །རྟོག་དཔྱོད་བློ་ཡི་མཚན་མ་མ་སྤངས་པར། །དྲན་མེད་མི་སྤོང་འཁོར་རྒྱུ་མི་འབྱེད་དོ། །དྭངས་སྙིགས་མི་འབྱེད་མངོན་སུམ་སངས་རྒྱས་ལ། །འདི་ཞེས་དོན་ལ་མཚོན་དུ་མེད་པའི་ཕྱིར། །བློ་ཡི་རིག་པས་དོན་ལ་སུ་སྦྱོང་བ། །


DNG025_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྤྲིན་ལ་མངོན་གཟུགས་སྤྱོད་པ་ཡིན། །ནམ་མཁའ་མེད་པར་གང་གིས་ཤེས་པ་ན། །སྤྲིན་ཞིག་འབྱུང་ཞིང་ཁེབས་པར་མི་སྲིད་དོ། །རྣམ་པར་དག་པའི་གཡུང་དྲུང་སངས་རྒྱས་ལ། །ཐམས་ཅད་ཡེ་ནས་མཉམ་གནས་རྣམ་དག་ཅིང་། །མི་རྟོག་ས་ལེར་གནས་ན་རྟོགས་མཛད་པ། །བདག་མེད་བདག་ཆེན་ཐམས་ཅད་འབྱུང་བའི་ཕྱིར། །མ་བཀག་པ་ལས་རྒྱུ་ཞིག་འབྱུང་མེད་པའི། །ཤེས་རབ་བླ་མེད་རྒྱལ་བ་མ་བཅོས་ལམ། །དཔྱད་མེད་དཔྱོད་བྲལ་བདག་འཛིན་ཐབས་སྟོབས་བྲལ། །མཁྱེན་གནས་ཇི་བཞིན་བདག་ཉིད་ཆེན་པོ་འདི། །སུས་ཀྱང་འདི་འདྲ་བསྟན་པར་གསུངས་མ་ཡིན། །ཇི་བཞིན་པ་ཉིད་བྱང་ཆུབ་ཡང་དག་ལམ། །བླང་དོར་མེད་པའི་སྐྱེས་མཆོག་བླ་མེད་པ། །མི་གཡོ་འདུ་འབྲལ་མེད་པའི་ཤེས་རབ་གཟུངས། །རྟོགས་པའི་ཡེ་ཤེས་ཡིད་བཞིན་ནོར་བུ་གཏེར། །བསྟན་པར་དཀའ་ཞིང་དོན་དུ་ཕེབ་མི་རུང་། །མེ་ལོང་གཟུགས་བརྙན་ཚུལ་དུ་སུས་སྣང་བ། །དམ་པ་ཉིད་ནི་འདི་འདྲ་བསྟན་དུ་མེད། །གཏི་མུག་ཚུལ་དུ་ཤིན་ཏུ་གསལ་རིག་མེད། །ལྕགས་ཀྱི་སྒྲོམ་བུ་ཐེབ་རྒྱས་བཏབ་པ་བཞིན། །ནོར་གཟུངས་དམ་པ་ཁྱད་པར་བསྟན་པ་དཀའ། །ཕྱི་ནང་མི་སྒྲིབ་གསལ་བའི་སྙིང་པོ་འདི། །ཐམས་ཅད་མ་ནོར་ལྟ་བ་ཇི་བཞིན་ཉིད། །འཁོར་བ་མ་སྤངས་སྡུག་བསྔལ་བྱང་ཆུབ་ལམ། །ལྟ་དང་བལྟ་བར་བྱ་སྤྱོད་ཡུལ་ལས་འདས། །ཡེ་ཤེས་སྒྲོན་མ་འཛིན་འཁྲུལ་ལས་འདས་པ། །ཐུགས་རྗེ་ཆེན་པོ་རོལ་པའི་ཡེ་ཤེས་འཕྱོ། །བསྒོམ་དང་བསྒྲུབ་དང་བསམ་དང་བརྗོད་ལས་འདས། །ཇི་བཞིན་པ་ཉིད་སངས་རྒྱས་སངས་རྒྱས་པས། །ཇི་བཞིན་པ་དེ་དེ་བཞིན་དེ་བཞིན་བློ། །བརྟན་ཞིང་མི་འགྱུར་དམ་ཚིག་ཆེན་པོ་ཡིན། །ཡེ་ནས་ཡངས་པའི་སྙིང་པོ་སྒྲོན་མ་འབར། །ངོ་མཚར་རྨད་བྱུང་རོལ་པ་ཆེན་པོ་འདི། །བྱ་བྲལ་ནམ་མཁའ་ཇི་བཞིན་ཡེ་ནས་ཡིན། །ཅི་ཡང་མི་དམིགས་གཏི་མུག་ངང་ཉིད་ལས། །རང་རིག་ཡེ་ཤེས་འབར་བ་དེ་མ་ཐག །ཇི་བཞིན་པ་ངེས་སེམས་ནི་མཚུངས་པའི་ལམ། །


DNG025_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཀུན་གྱི་རང་བཞིན་དེ་བཞིན་ཉིད། །མི་ཤེས་བསླད་པས་འཁྲུལ་པའི་ཕྱིར། །སྨན་ཉིད་སྨན་པ་ཚོགས་པ་ཇི་བཞིན་ཏེ། །རང་རིག་ཡེ་ཤེས་མི་འགྱུར་བདེ་བ་ཡི། །ཕྱི་ནང་གཉིས་ན་མི་གནས་ཇི་བཞིན་ཉིད། །འདི་ཞེས་བསྟན་པ་དཀའ་བས་བར་ནའང་མེད། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་ཇི་བཞིན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དབང་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཡེ་ཤེས་དབང་རྫོགས་རང་བཞིན་རྒྱལ་པོ་ཉིད། །དབང་བྱེད་འཁོར་ལོ་མཉམ་གནས་ཆགས་མེད་གཞི། །རང་རིག་རྣམ་གསལ་ཡེ་ཤེས་དབང་བསྒྱུར་དང་། །དེ་བཞིན་ཉིད་ལ་རང་རིག་དེ་བཞིན་གནས། །དེ་བཞིན་ཉིད་དེ་བསམ་ཡས་འདུ་འཕྲོ་ཉིད། །སྐུ་ཡི་སྐུ་སྟེ་སྣ་ཚོགས་དབང་བསྐུར་སྐུ། །སྲིད་གསུམ་དབང་བསྒྱུར་རང་རིག་རྒྱལ་པོ་དེས། །རང་གི་སྙིང་པོ་མ་ལུས་མཆོག་གནས་བྱེད། །གང་ཡང་བསྐུལ་བར་བྱ་མེད་ལས་འདས་དང་། །དེ་ནི་ཡེ་ཤེས་སྙིང་པོ་མཉམ་དབྱིངས་ཀློང་། །ཀུན་འདུས་རོལ་པ་མཛད་པ་དབང་གི་མཆོག །དབང་རྫོགས་གཏི་མུག་ཇི་བཞིན་བྱ་བྲལ་ལམ། །སངས་རྒྱས་དཀྱིལ་འཁོར་མ་ལུས་རྒྱལ་བའི་སྐུ། །སྐུ་ལྔ་ཡེ་ཤེས་ལྔ་དང་དབང་ལྔ་ཆས། །འདུ་ཤེས་འདུ་མི་བྱེད་པ་མཆོག་གི་མཆོག །དབང་གི་འདུ་མི་བྱེད་པ་མཆོག་གི་དབང་། །སྣ་ཚོགས་དཀྱིལ་འཁོར་བསྡུས་པ་དཀྱིལ་འཁོར་མཆོག །མཆོག་གསུམ་རྫོགས་པར་གནས་པ་དབང་མཆོག་གོ། །འདས་དང་མ་བྱོན་ད་ལྟ་མ་ངེས་ཀྱི། །ཐ་སྙད་མིང་ཡང་ཡེ་ནས་མི་གནས་ཏེ། །སྐྱེ་དང་འགག་པ་མེད་པར་རྣམ་བརྟགས་ནི། །འདི་ནི་དུས་གསུམ་ཆེན་པོ་སྦྱོར་བའི་སྐུ། །གདོད་ནས་མཉམ་པས་རིམ་པར་བཀོད་པ་མེད། །གཅིག་དང་དུ་མ་མེད་པས་ཕྱོགས་སུ་བྲལ། །ཚོགས་ཀྱི་རྒྱན་རྣམས་མཆོད་པར་བཀྲམ་པའི་དབང་། །ལྷུན་རྫོགས་རང་བཞིན་གནས་པས་འདྲིམ་པའང་མེད། །ལྷུན་གྱིས་གནས་པས་མི་བསྔོ་མི་བསམ་ཞིང་། །གདོད་ནས་དག་པས་བདུད་རྩི་ཡིན་པའི་ཕྱིར། །འདུ་མཆེད་བཅུ་


DNG025_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཁྱད་པར་མཆོག་ཏུ་ཡང་། །རང་བཞིན་ལྷུན་གྱིས་གྲུབ་པས་དབང་གི་དང་། །སྐུ་གསུམ་ཡེ་ཤེས་ཤར་བས་དབང་ཡང་རྫོགས། །ལྷག་པའི་བསམ་པས་དབང་ལྔ་གཟུང་བ་མེད། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་དབང་གི་སྐབས་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཉིད་ལ། རྡོ་རྗེ་ཆོས་རྡོ་རྗེ་འཛིན་པས་གསོལ་པ། བསམ་ཞིང་བརྗོད་དུ་མེད་པའི་དོན་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་བསམ་དུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །སྟོན་པའི་སྟོན་པ་མཆོག་ལ་ཕྱག་འཚལ་ལོ། །ཀུན་གྱིས་ལམ་བསྔགས་དཔེ་མེད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྙིང་པོར་གྱུར་པ་ཇི་བཞིན་ཉིད་ལ་ཕྱག་འཚལ་ལོ། །བྱ་བྲལ་མཁྱེན་ལྡན་ཀློང་ལ་ཕྱག་འཚལ་ལོ། །ཇི་བཞིན་ཡེ་ནས་མཁྱེན་ལྡན་སྐུ་ལ་ཕྱག་འཚལ་ལོ། །ས་ལ་རྣམ་གྲོལ་ཚུལ་ཁྲིམས་ལ་སོགས་ཀུན། །སྤྱོད་པ་མཆོག་གྱུར་བདེ་གཤེགས་རྣམས་ཀྱི་ཡུམ། །ཀུན་མཚུངས་རྣམ་གྲོལ་མཆོག་དེ་སངས་རྒྱས་ཉིད། །ཕྲ་ཞིང་ཤེས་དཀའ་ཀུན་གྱིས་ལམ་སྟེ་མི་རྟོག་རྟོག་ལས་འདས། །དེ་མེད་མི་འབྱུང་དེ་ཕྱིར་རྣམ་གྲོལ་མཆོག་གི་ལམ། །མི་དམིགས་མི་གནས་སྤྲོས་མེད་བསམ་ཀུན་དང་། །ཚིག་གིས་མི་ཕེབས་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན། །བསྟན་ཅིང་བརྟག་པར་དཀའ་བ་བརྗོད་དུ་རྡུལ་ཙམ་མེད། །འདི་ཞེས་བསྟན་པའི་ལམ་མེད་གཅིག་མེད་དུ་མ་མེད། །ཚད་མས་གཞིགས་ནས་དོན་གྱིས་འགྲུབ་པར་བྱ་བ་ཉིད། །ཁྱད་པར་གོལ་ཞིང་དེ་མིན་དེ་མིན་ལོགས་བྲལ་ན། །སྔོན་གྱིས་དྲང་སྲོང་བསྒོམ་མཁན་བསྒོམ་པ་ཉིད་དུ་གང་འདོད་པ། །བསྒོམ་ཆགས་ལམ་གྱི་ནད་ཀྱིས་ཟིན་པ་ཡིན། །སྤྱོད་པའི་མཐའ་ལ་དོན་གྱི་ལུང་མེད་འཁྲུལ་པ་ཡིན། །ཚིག་གི་མཐའ་སྤྱོད་ལམ་དུ་འདོད་ཅིང་མཐོང་བ་ཡིས། །དེ་ཉིད་རྟོག་པའི་རྒྱུན་འབྲངས་སྨིག་རྒྱུ་སྙེག་པ་འདྲ། །ཤེས་རབ་ཟབ་མོས་བླ་མེད་


DNG025_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཚོལ་བ་རབ་ཏུ་སླ། །གཞན་ནས་མ་ཡིན་དེ་ཉིད་ཡིན་ཏེ་མཆོག་ཏུ་འདོད། །ཡང་དག་བྱང་ཆུབ་ལམ་ནི་ཚིག་གིས་མཚོན་དུ་མེད། །ཡང་དག་ཉིད་དུ་མཐོང་ན་འཁྲུལ་པ་སྟེ། །དག་དང་མ་དག་གཉིས་མེད་མཚུངས་པའི་ལམ། །རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་དང་། །ངང་གིས་མི་གཡོ་མི་བསྐྱོད་ཏིང་འཛིན་རྒྱལ་པོར་གནས། །འདི་ལྟར་མཐོང་ཞེས་མཐོང་བའི་དམིགས་མེད་མངོན་སུམ་མཐོང་བའི་མིག །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱ། །མཐའ་དང་དབུས་མེད་ཡངས་པའི་རང་བཞིན་ཞེས། །མི་ལེན་མི་སྤོང་མཉམ་པའི་རྒྱལ་པོ་འཐོབ། །སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས། །འཛིན་པས་སྣང་ཞིང་བརྟགས་པའི་ཆོས་ཀུན་ལ། །མི་འདོད་མི་སྤང་རང་བྱུང་དེ་ཉིད་དེ། །རྣམ་པ་ཅིར་ཡང་མི་དགོས་ཐབས་ཀྱིས་དེ་ལ་རོལ། །ཀུན་དང་མི་མཐུན་ཡོངས་ཀྱིས་སྤོང་བའི་ཆོས། །ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡིས། །རྣམ་དག་ལམ་དེར་ཞུགས་པས་མཉམ་པའི་རྒྱལ་པོ་འཐོབ། །བུད་མེད་ལ་སོགས་ཀུན་ཀྱང་སྤང་མི་བྱེད། །ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡི། །ལོ་རྒྱུས་དོན་ཉིད་ཚད་མའི་བློར་བཞག་ནས། །ཏིང་འཛིན་གསུམ་པོ་བརྟགས་ཤིང་གྲུབ་པའི་མཐའ་སྤྱོད་པ། །རྩོལ་བྲལ་ལུང་ལས་གོལ་ཏེ་འཁྲུལ་པ་ཡིན། །བྱ་བྲལ་ལྷུན་རྫོགས་བདེ་བའི་ཡུལ་ལ་གནས། །ཡེ་ཤེས་རང་བྱུང་ཆེ་བའི་སྙིང་པོ་ཉིད། །མི་དམིགས་མི་གཡོ་བསྙད་པ་ཀུན་དང་བྲལ། །བྱ་བྲལ་ཟིན་པའི་ལུང་ལ་ཀུན་ཏུ་ཇི་བཞིན་གནས། །མ་སྐྱེས་མི་འགག་ནམ་མཁའ་ལྟ་བུའི་ངང་། །འདི་ཞེས་བསྟན་དུ་མེད་དེ་ཐིག་ལེ་གཅིག་གི་སྐུ། །སྤྲོ་ཞིང་བསྡུ་བ་མེད་དེ་ཐར་ལམ་དམ་པ་ཉིད། །མི་རྟོག་རྟོག་པ་མེད་དེ་ཤེས་རབ་ཐབས་བྲལ་བས། །མཐའ་མེད་དབུས་མེད་སྙིང་པོར་གདགས་པའང་མེད། །མཁའ་བཞིན་མ་བཅོས་སྨྲ་བསམ་ཡུལ་ལས་འདས། །ཚད་མའི་དོན་ཆེན་དཔེ་བྲལ་རྒྱལ་བ་ཡི། །ཡང་དག་བྱང་ཆུབ་ཀློང་དེ་འདི་ཞེས་བསྟན་པར་དཀའ། །ཀུན་ཏུ་བཟང་པོ་ངེས་པའི་བདེ་ཆེན་པོས། །དེ་ཉིད་དེ་བཞིན་དེ་ལྟར་བཞག་


DNG025_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །དེ་ལ་མི་རྩོལ་བཙལ་དུ་མེད་པའི་ཕྱིར། །བདེ་གཤེགས་ཡུམ་དེ་ཀུན་གྱི་རྒྱལ་བའི་འོད། །སྐལ་ལྡན་ཡི་གེས་མི་མཚོན་ཐ་སྙད་བྲལ་བ་དེ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ་ལས་འདས་མི་སྲིད། །ཇི་ལྟར་སྤྱད་པ་ཀུན་ཏུ་བཟང་པོའི་ངང་ཡིན་རྒྱལ་བ་ཉིད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པ་རྟོག་པ་བླ་མེད་པ། །ཚིག་ལ་མི་ཆགས་རྣ་བར་ཐོས་མི་འཆང་བ་བྱང་ཆུབ་ལམ། །གང་ལའང་མི་བརྟེན་མངོན་སུམ་ལྟ་བ་མེད་པས་སྤྱོད་པའི་མཆོག །དོན་དམ་ཐིག་ལེ་དབྱིངས་ཀྱི་མིང་དང་བྲལ་བས་བསྒོམ་དུ་མེད། །དྲང་སྲོང་བསྒོམ་མཁན་ཆགས་པའི་ལམ་དེ་སྤྱོད་ཅིང་ཞེན་པ་གོལ་བའི་ལམ། །དགོན་པ་དབེན་བཟུང་ཚིག་ལ་འབྱམས་ཀླས་མེད་པ་འཁྲུལ་ནད་སེལ། །སྨན་པའི་རྒྱལ་པོ་མཆོག་ཆེན་དེ་ནི་ཁྱད་པར་ལམ་ལ་མཁས། །འདི་ཡིས་ནད་སེལ་རྨོངས་དང་གཡེང་བ་ལམ་དུ་འཇུག་ཅིང་གསོ། །གསོ་མཛད་སྨན་པ་བྱང་ཆུབ་སེམས་དཔའ་བདེ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་གི་སྐབས་བསམ་འདས་བརྗོད་དུ་མེད་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསམ་དུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སྐྱེ་མེད་བྱང་ཆུབ་སེམས་ནི་སྣ་ཚོགས་གཞི། །འདི་ཞེས་མཚོན་དུ་མེད་པ་སངས་རྒྱས་སྐུའོ། །གྲུབ་པའི་མཐའ་ལ་སྤྱོད་པ་མེད་པ་ལམ་གྱི་མཆོག །བསམ་པ་གང་ཡང་ཡོད་པ་མིན་དགོངས་ཏེ། །བྱང་ཆུབ་དམ་པ་སངས་རྒྱས་རང་གི་སེམས། །སྣ་ཚོགས་གློག་བཞིན་སྣང་ཡང་དེ་བཞིན་གྱི་ནར་བཞག །བསྒོམ་ཞིང་བསམས་ཏེ་བསམ་པའི་ཡུལ་ལ་གཞག །བདེ་གཤེགས་རང་རིག་རང་བྱུང་རང་ཞིར་ཞོག །གང་ཡང་མི་བྱེད་དེ་བཞིན་སྙིང་པོ་ལ། །ཅི་ཡང་མི་སེམས་དེ་བཞིན་བསམ་པར་བྱ། །བསམ་པའི་སྙིང་པོ་གང་ཡང་མེད་པ་དེ། །ཡུལ་ལས་མི་བཙལ་གཞན་ནས་བཙལ་མི་བྱ། །རང་རིག་སྙིང་པོ་རང་རིག་ཀློང་ནས་བཙལ། །རང་རིག་དེ་ཡང་ངེས་པར་གནས་བཙལ་ནས། །གནས་པ་དེ་ཡང་གྲུབ་


DNG025_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་ལས་འདས། །གྲུབ་པ་འདི་ཞེས་བསྟན་དུ་མེད། །བསམ་ཞིང་མི་བསམ་དེ་བཞིན་བསམ་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས། མཆོག་ཏུ་གྱུར་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཡིད་ཀྱིས་འཇོག་པ་མི་འབྱུང་ན། །དེ་ནི་བླ་མེད་སྙིང་པོ་ཡིས། །བསྟན་དུ་མེད་པའི་ཆོས་ཉིད་ལ། །འདའ་བར་མི་མཛད་པ་ཡི་ཀློང་། །ཡང་དག་སྙིང་པོ་མཆོག་གི་ལམ། །ཤེས་རབ་ཐབས་ཀྱིས་གཟུང་དུ་མེད། །ཕྱག་རྒྱ་མི་འཕྲོ་སྐུ་ལས་འདས། །ཡེ་ནས་ཕྱག་རྒྱ་མི་སྣང་བས། །དེ་ལ་དགོངས་སུ་གསོལ་མོད་འདོད་པ་མིན། །མི་དགོངས་པ་ཉིད་དགོངས་པའི་མཆོག །ཉེ་བར་རྩོལ་མིན་ལས་འདས་པའི། །བྱང་ཆུབ་མེད་པའི་ཐབས་ཆེན་ནི། །བསམ་ཡས་རྒྱལ་པོ་སྟངས་དཔྱལ་གཉིས། །དྲང་ཞིང་དམ་པར་མི་འགྱུར་བའི། །སུ་ཡི་སྙིང་ལ་འོད་འབར་བའི། །དེ་ལ་ཆོས་ཀྱི་སྙིང་པོ་ཡོད། །འཕགས་ལམ་མི་རིང་ལྷང་ངེའི་ལམ། །འཕགས་པ་རྣམས་ཀྱི་ཁོངས་ན་གནས། །ལུང་བསྟན་མི་འབྱུང་བསྟན་དུ་མེད། །ཡང་དག་སངས་རྒྱས་དེ་དཀྱིལ་དུ། །སྤྲུལ་པ་པོ་ཡང་བཟོ་སངས་རྒྱས། །ཨེ་མ་ཧོ་ཐ་སྙད་རྡུལ་ཙམ་མེད་པས་སྒྲོ་སྐུར་མེད། །ཉན་ཅིང་དམིགས་བྱའི་ཡུལ་མེད་པས། །བསླབ་པར་བྱ་བ་ཡོད་མ་ཡིན། །བྱང་ཆུབ་སེམས་ལ་གཏིང་དཔག་མེད། །ཇི་སྙེད་བརྗོད་པའི་ཡུལ་ལས་འདས། །མིང་དུ་གདགས་པའི་རྟེན་མེད་པས། །སྒོ་ཕུགས་མ་འཁྲུལ་དམ་པའི་མཆོག །བདེ་ཆེན་རྣམ་གཉིས་བསྒྲུབ་མི་དགོས། །ཡི་གེས་མཚོན་དུ་རྡུལ་ཙམ་མེད། །ཨེ་མ་ཧོ་སེམས་ཀྱི་སྤྱོད་ཡུལ་འདི། །བརྟག་པར་དཀའ་ལ་ཡོད་པ་མིན། །དྲང་སྲོང་རྣམས་ཀྱིས་བསམ་དུའང་མེད། །མ་བསམས་ཐིག་ལེ་སྒྲོ་མེད་པས། །བྱང་ཆུབ་ཡིན་ཞེས་བསམ་མི་རུང་། །ཡེ་ནས་མཉམ་གནས་སྙིང་པོའི་མཆོག །ས་ལེ་བར་ཡང་བསམ་དུ་མེད། །ཁྲོན་པའི་ཆུ་ཀླུང་མི་གཡོ་ལྟར། །གཞན་གྱིས་གཡོ་མིན་ལྟ་བ་ལ། །འདི་ཞེས་ལྟ་བར་མི་བྱེད་ན། །དེས་ནི་མཆོག་གི་སྙིང་པོ་ཐོབ། །འཐོབ་པ་ཉིད་ཀྱང་འདོད་མི་ཞི། །ལྔ་པོ་འབར་བ་


DNG025_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཞག་ན། །ཡེ་ཤེས་ཐིག་ལེ་གསལ་སྙོམས་ན། །བསྐལ་པ་འབུམ་བརྒྱར་བཙལ་བ་ལས། །ཡུད་ཀྱིས་སྙིང་པོ་ཐོབ་པར་འགྱུར། །བདུད་རྩི་བྱང་ཆུབ་སེམས་ཉིད་ནི། །བསམ་མེད་མི་བསམ་བསྒོམ་དུ་མེད། །ཤེས་རབ་ཐབས་ཀྱི་ཚིག་ལྔས་འདས། །དེ་ཕྱིར་སེམས་ལ་སངས་རྒྱས་མེད། །ནང་ནས་མ་གཡོས་བཙལ་བའི་གནས་མེད་དོ། །བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་བསམ་ཞིང་བསྒོམ་དུ་མེད་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་མཐོ་རིས་བགྲོད་པའི་རྒྱུ་དེས་བྱང་ཆུབ་ལམ་མི་རྙེད། །མི་གཡོ་རང་བཞིན་གནས་པའི་སྨན་ཆེན་མ་བྱས་ན། །དུག་གསུམ་ནད་ཀྱིས་འཚེ་བའི་གླག་ཡང་མེད། །འཁྲུལ་རྟོག་ལམ་ལ་རེ་དོགས་སྒྲིབ་པའི་རྒྱུན། །བཙལ་ནས་བྱང་ཆུབ་འདོད་པའི་གཞི། །བདེ་བའི་མཆོག་ནི་བསམ་བརྗོད་ཡུལ་དང་བྲལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམ་ཆོས་ལ་ཟ། །དེ་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །བྱང་ཆུབ་འདོད་པ་སྐྱོན་པས་སངས་རྒྱས་མེད། །ཡང་དག་བདེ་གཤེགས་ཅིར་ཡང་མི་དམིགས་པས། །སངས་རྒྱས་སྟོན་པས་མིང་དུ་བཏགས་པས་ནོར། །ཀུན་རྫོབ་ཚིག་ཏུ་སྤྱོད་པ་རྟོག་པའི་རྒྱུན། །ནང་དང་ཕྱི་རོལ་ཆོས་རྣམས་རྙེད་པ་ཡང་། །སྟོན་པའི་ཞལ་ནས་གསུངས་ཞེས་བྱ་བའང་འགལ། །སྟོན་པས་བསྟན་པས་བྱང་ཆུབ་ལམ་མི་རྙེད། །མི་དམིགས་མི་གནས་སྐྱེ་འགག་མེད་པའི་དོན། །བརྗོད་ཅིང་བསམ་དུ་མེད་པས་གསུང་དུའང་མེད། །གལ་ཏེ་སྟོན་པས་གསུངས་པས་བྱང་ཆུབ་ལམ་རྙེད་ན། །སྟོན་པའི་སྟོན་པ་རིམ་པར་བརྒྱུད་པས་མངའ། །སངས་རྒྱས་སངས་རྒྱས་བསྐལ་པས་ཐོབ་མི་སྲིད། །རྩོལ་བའི་ནད་སྤངས་ཡེ་ནས་བྱ་བྲལ་མེད། །རྩོལ་བའི་ནད་ཀྱིས་ཟིན་པས་འཁྲུལ་པས་སྙིང་པོའི་གེགས། །ནམ་མཁའ་ལྟ་བུར་རང་བཞིན་མེད་པ་ལ། །གཟའ་སྐར་ལྟ་བུའི་ཚིག་ཚོགས་བྱུང་། །ཟད་མེད་མི་ཟད་ཟད་མཐའ་མེད་པ་དེ། །


DNG025_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་ཡང་སྨྲ་ཞིང་ཅིར་ཡང་སྣང་བ་ལ། །འདུལ་བ་མདོ་སྡེར་གདགས་པ་ཡེ་ནས་ནོར། །ཐེག་པའི་རིམ་པ་བྱ་བ་གཏིང་ནས་མེད། །སངས་རྒྱས་ཡབ་ཡུམ་སྲས་མེད་ཆོས་ཀྱང་མེད། །དཀོན་མཆོག་མེད་ཅིང་དབང་པོའི་སྤྱོད་ཡུལ་མིན། །གཟུགས་མེད་ཆོས་སྐུར་བཤད་པ་མེད་ཀྱང་གཏིང་། །མེ་ལོང་ཆུ་ཟླ་བཞིན་དུ་བལྟས་ཚོགས་ཀྱིས། །བཤད་པར་སྣང་ཞིང་ཐེག་པ་བསམ་མི་ཁྱབ། །ཆོས་སྐུས་བཤད་པ་སོ་སོར་ཇི་ལྟར་སྣང་། །གཞན་ཡང་བཤད་པས་ཟོབ་རེ་འཁྲུལ་པའི་ཆོས། །སངས་རྒྱས་གཞན་ནས་འཐོབ་བྱེད་ནོར་པའི་ལམ། །དཀའ་ཐུབ་སྡུག་བསྔལ་འདི་ལ་སྤྱད་མི་དགོས། །ཚོགས་བསགས་རྒྱུད་ལ་ལྟོས་པ་འཁྲུལ་པའི་ལམ། །ཡངས་སོ་ཆེས་སོ་ཆོས་ཆེན་སྙིང་པོའི་ཆོས། །ཆུང་ངུར་བགྲོད་སྦྱོར་འདོད་པའི་གཉེན་པོ་ཡིན། །ཆེའང་མི་དམིགས་ཆུང་ངུའི་ཆ་བསྙམས་ན། །ཆུ་ཆེན་དེ་རྣམས་བགྲོད་པའི་ལམ་དང་བྲལ། །གསུངས་དང་མ་གསུངས་རྒྱས་དང་དམིགས་དང་སྣང་། །ཡེ་ནས་ལྟོས་པའི་ཆོས་མིན་ལྷུན་གྱིས་རྫོགས། །འདི་ཞེས་བསྟན་དུ་གང་ཡང་འདྲེལ་བ་མེད། །བསྟན་པས་གོ་བར་བྱ་མིན་གསུང་ཚིག་མིན། །སྐྱེ་ཞིང་འཕྲོ་བའི་ཆོས་མིན་གཅིག་པུར་སྣང་། །གཅིག་པུ་དེ་ཡང་བསམ་ཡས་རྩ་བའི་རྩ། །སྙིང་པོའི་རང་བཞིན་འབྱུང་བ་ཆོས་སྐུ་གཞན་ན་མེད། །མངོན་སུམ་ཀུན་ཏུ་མི་རྟོག་ཡངས་པའི་སྙིང་པོ་ལ། །གཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད། །ཆོས་སྐུ་ཀུན་ཏུ་ཁྱབ་པས་བསྟན་པའི་ཆོས་མེད་དེ། །རང་བྱུང་མི་དམིགས་ཡུལ་ལ་ཇི་བཞིན་གནས་པའི་ཕྱིར། །རྡུལ་ཕྲན་གཅིག་ལས་གཡེངས་ཤིང་ཕྱོགས་བཅུ་ཀུན་དང་བྲལ། །གོང་དུ་རྡུལ་སྩོགས་རུང་མིན་དུས་བཞི་ཉིད་ཀྱང་མེད། །ངོ་མཚར་མཐོང་བའི་ཡུལ་མེད་མཐོང་བའི་མིག །རྣམ་པའི་རྣམ་པ་མེད་པས་སྙིང་པོའི་ཡུལ་ཡང་མེད། །སྐུ་མེད་སྐུ་ཡང་ཡན་ལག་མེད་པའི་སྐུ། །མཐའ་ལ་མཚོན་དུ་མེད་ཕྱིར་དབྱིངས་ལ་བྲི་བ་མེད། །ཆོས་འདི་རོ་ལ་མཉན་ཕག་བསྟན་པར་དཀའ་སྟེ་སྨྲ་ཡང་མེད། །རང་བཞིན་ཆེ་བའི་ཡུལ་འདི་ཀུན་ཏུ་ཇི་བཞིན་ཡུལ། །སྟོང་པའི་སྟོང་པ་ཉིད་
དེ་སྟོང་པ་ཉིད་ཀྱང་མེད། །མཁའ་འདྲ་ཆོས་ཀྱི་དབྱིངས་མེད་ཡེ་ཤེས་བྲལ། །བསྒོམ་པར་བཟུང་བའི་འབྲས་བུ་དོན་དུ་བསྒྲུབ་པའི་དོན་མི་རྙེད། །དཔག་བསམ་ཤིང་ལས་ངང་གིས་ཀུན་འབྱུང་ལྟར། །ཡུལ་མཆོག་འདི་ལ་ངང་གིས་ཀུན་འཆར་བས། །དྲང་སྲོང་བསྒོམ་འདོད་རྣམས་ཀྱིས་བཙལ་མི་བྱ། །མི་གསུང་མཉམ་པར་བཞག་པ་སྔགས་ཀྱི་ཚིག །ཅི་ཡང་བཟླས་སུ་མེད་པ་བཟླས་པའི་མཆོག །གང་ཡང་དགོས་སུ་མེད་པ་བསྒོམ་པ་ཡིན། །མཆོག་གི་སྙིང་པོ་འདི་ནི་ཀུན་གྱི་ཡུལ། །བསམ་པས་འཐོབ་མེད་དེ་བཞིན་དེ་བཞིན་བཞག །དེ་ནས་རྡོ་རྗེ་འཛིན་པས། བཅོམ་ལྡན་འདས་འོད་མི་འགྱུར་བ་ལ། རྒྱུད་ཀྱི་དོན་ཇི་ལྟར་ལགས་ཞེས་གསོལ་པས། བཅོམ་ལྡན་འདས་རྒྱུད་ལ་བསྟོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཡེ་ནས་མཉམ་སྙོམས་ཐིག་ལེ་ཡངས་པ་ཡིན། །གང་ལའང་མི་བརྟེན་ཐིག་ལེའི་ངོ་བོ་སྟེ། །རྒྱལ་བ་སངས་རྒྱས་ཉིད་དེ་ཡང་དག་ཡིན། །ཅི་ལའང་མི་རྟོག་མཆོག་གི་སྙིང་པོ་ཉིད། །ཡངས་ཤིང་རྒྱ་ཆེ་གཏིང་ཁུང་རིང་བ་ཡིན། །ཅུང་ཟད་འདི་ལ་སུས་ཀྱང་སྤོགས་མི་རུང་། །ནམ་མཁའ་ཡིན་ཏེ་སུས་ཀྱང་བསྙད་པ་མེད། །སྐུ་གསུང་ལས་འདས་ཐུགས་སུ་གདགས་པའང་མིན། །ངེས་པ་ཡིན་ཏེ་འདི་ཞེས་བསྟན་དུ་མེད། །ཡེ་ནས་སངས་རྒྱས་འདི་ཞེས་བཅོས་སུ་མེད། །ཁྱུང་ཆེན་མཁར་ལྡིང་བྱ་ལམ་རྗེས་མེད་འདྲ། །བྱ་བྲལ་ལུང་གི་རྒྱལ་པོ་འདི་ནི་ཀུན་གྱིས་རྨད། །སློབ་མར་མི་གནས་ཡེ་གནས་འབྲས་བུའི་མཆོག །ཅིར་ཡང་འདི་ལ་མི་དགོས་ཡེ་སངས་རྒྱས། །སྤུ་གྲི་པདྨ་རལ་གྲི་འཁོར་ལོ་སྟེ། །ཀུན་འབྱུང་སྙིང་པོ་རྒྱུད་ཀྱི་རྒྱལ་པོའོ། །རྒྱས་པ་ཆེན་པོའི་རྒྱུད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། རྒྱུད་ཀྱི་ཁོག་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་སེངྷ་དང་། བོད་ཀྱི་ལོཙྪ་བ་བཻ་རོ་ཙ་ནས་བསྒྱུར་བའོ།། །།

ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད།


DNG025_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད། དེ་ནས་སེམས་དཔའ་ཆེན་པོ་ལ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་


DNG025_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པོས། ཆོས་ཐམས་ཅད་ལ་ངེས་པ་དང་། དམིགས་སུ་མེད་པར་དགོངས་ནས། ལ་ཟློ་གསང་བའི་འཁོར་ལོ་འདི་གསུངས་སོ། །དེ་ཡང་ཇི་ལྟར་གསུངས་པ་ཡིན་ཞེ་ན། སྟོན་པ་དང་ནི་བསྟན་པ་འཁོར་དུས་གནས། །རང་བྱུང་ཆོས་ཀྱི་དབྱིངས་སུ་ལ་བཟླས་པས། །རང་བྱུང་ངོ་བོ་མངོན་དུ་ཕྱུང་བ་ལ། །ཕུན་སུམ་ཚོགས་པ་རྣམ་པ་ལྔ་པོ་ཡང་། །རང་ལ་རྫོགས་ཤིང་རང་ལ་ཚང་བར་སྟོན། །རང་ལ་དམིགས་སུ་མེད་པ་དབྱིངས་སུ་ལ་ཟློ་ཡིན། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །རྣམ་ལྔ་རང་ལ་ཇི་ལྟར་ཚང་བར་སྟོན། །རང་ལ་དམིགས་སུ་མེད་པས་ལ་བཟླ་ཅི་ཡི་ཕྱིར། །ཞེས་ཞུས་སོ། །ཀྱེ་སེམས་དཔའ་ཆེན་པོ་དགོངས་ཤིག །མིག་གི་དབང་པོ་སྟོན་པའི་ངོ་བོར་བྱུང་། །ལྕེ་ཡི་དབང་པོ་བསྟན་པའི་ངོ་བོར་བྱུང་། །རྣ་བའི་དབང་པོ་འཁོར་གྱི་ངོ་བོར་བྱུང་། །སྣ་ཡི་དབང་པོ་དུས་ཀྱི་ངོ་བོར་བྱུང་། །ལུས་ཀྱི་དབང་པོ་གནས་ཀྱི་ངོ་བོར་བྱུང་། །ཇི་ལྟར་བྱུང་བའི་གཏན་ཚིགས་བསྟན་པ་ནི། །མིག་གི་དབང་པོས་གཟུགས་རྣམས་ཅིར་ཡང་སྟོན། །ཀུན་བྱེད་རྒྱལ་པོའི་སྐུ་རུ་བསྟན་པ་ཡིན། །དེ་ལས་གཞན་པའི་སྟོན་པ་དམིགས་སུ་མེད། །དེ་ལས་སྟོན་པ་རང་ལ་ཚང་ཞེས་གསུངས། །ལྕེས་ནི་སྣང་སྲིད་ཚིག་དང་ཡི་གེར་བརྗོད། །སྒྲ་རྣམས་བསྒྲགས་པ་སྟོན་པའི་གསུངས་ཡིན་པས། །བསྟན་པའི་ཆོས་ཞེས་ཀུན་ལ་གྲགས་པ་ཡིན། །རྣ་བས་སྒྲ་རྣམས་ཇི་ལྟར་གནས་པ་ཡང་། །ཀུན་བྱེད་རྒྱལ་པོའི་སྒྲ་བསྒྲགས་གསན་པ་ལས། །དེ་ལས་གཞན་པའི་སྒྲ་ནི་ཐོས་པ་མེད། །དེ་ཐོས་འཁོར་གྱི་དམ་པར་བྱུང་བ་ཡིན། །དྲི་རྣམས་སྣ་ཚོགས་ཇི་ལྟར་བྱུང་བ་ཡང་། །སྣ་ཡི་དབང་པོ་གཅིག་ལས་མ་འདས་པས། །དབྱེར་མེད་དུས་གསུམ་གཅིག་ཏུ་བསྟན་པ་ཡིན། །མིག་དང་རྣ་བ་སྣ་དང་ལྕེ་ལ་སོགས། །ཐམས་ཅད་ལུས་ལ་གནས་པས་གནས་སུ་བསྟན། །ལུས་གནས་པ་ལ་ཀུན་ཀྱང་གནས་པ་ལས། །ལུས་མི་གནས་པ་སུ་ཡང་གནས་པ་མེད། །དེ་བས་ལུས་འདི་གནས་སུ་བསྟན་པ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །ཐམས་ཅད་རང་ལ་ཡེ་ནས་བཙལ་བས་ན། །


DNG025_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་གཞན་དུ་རྟོག་པར་མ་བྱེད་ཅིག །གདུང་རྒྱུད་བཟང་དང་རིགས་རྒྱུད་བཙུན་པ་ལ། །སེམས་དཔའ་རྡོ་རྗེ་ལྟོས་པ་མ་འཇོག་ཅིག །མིག་གིས་མཐོང་བ་སྟོན་པའི་གཟུགས་མཐོང་ཡིན། །དེ་ལས་ལྷག་པའི་ལུང་ནི་ངས་མ་བསྟན། །དེ་བཞིན་པ་ལ་གཞན་དུ་རྟོག་མ་བྱེད། །དུས་དང་གནས་དང་འཁོར་ལ་སོགས་པ་ཡང་། །གཞན་དུ་མ་རྟོགས་རང་དུ་བསྟན་པར་ཟད། །བདེན་ཚིག་གཞན་ལ་རྟོག་པར་མ་བྱེད་ཅིག །སྒྲ་ནི་ཇི་བཞིན་མ་ཡིན་བརྗོད་མི་ལང་། །འཁོར་ཡང་བཀྲོལ་བས་མི་ཁྲོལ་དགྲོལ་མི་ལང་། །དད་མོས་བཀུར་སྡི་ཅན་ལ་དམིགས་མ་བྱེད། །དུས་ཀྱང་དུས་བཟང་འདི་ཞེས་དམིགས་མ་བྱེད། །ཡེ་ནས་དབྱེར་མེད་དུས་སུ་ཚོགས་པ་ཡིན། །གནས་ཀྱང་བླ་གབ་གཞན་ལ་མ་ལྟོས་ཤིག །ཡེ་ནས་གནས་པས་གཞན་གྱི་རང་བཞིན་ཡིན། །དེ་བས་རང་ལ་རྫོགས་པར་བསྟན་པ་ཡིན། །རང་ལ་དམིགས་སུ་མེད་པར་ལ་བཟླས་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཇི་ལྟར་དགོངས། །སྟོན་པ་ལ་སོགས་ཆོས་ལྔ་སྣང་བ་ཡང་། །སེམས་ལ་བསྒོམ་པར་བྱ་བ་ཡོད་མ་ཡིན། །བསྒོམས་ན་གོང་ལྟར་བསྒོམས་ཀྱང་ལ་མ་ཟློས། །རང་ལ་རང་གིས་དམིགས་པ་མེད་པས་ན། །མི་བསྒོམ་ཞེས་ཀྱང་བཞག་པའི་གནས་མ་ཡིན། །བསྒོམས་ན་གང་བསྒོམས་གང་གིས་ཇི་ལྟར་བསྒོམ། །མི་བསྒོམ་གང་གིས་གང་ལ་ཅི་མི་བསྒོམ། །དེ་བས་བསྒོམ་དང་མི་བསྒོམ་ཐ་སྙད་ནི། །རྩིས་གདབ་ཀུན་ལས་འདས་པས་གཞན་དུ་འོས་མ་ཡིན། །ལྕེས་སྨྲས་རྣ་བས་ཐོས་པས་ཐོས་པའི་ཤེས་རབ་ཡིན། །རྣ་ཐོས་ཡིད་ཀྱིས་བསམས་པས་བསམ་པའི་ཤེས་རབ་ཡིན། །ཡིད་ལ་དམིགས་སུ་མེད་པས་བསྒོམ་པའི་ཤེས་རབ་ཡིན། །ཤེས་རབ་རྣམ་གསུམ་སེམས་ཀྱི་རང་བཞིན་ལ། །སེམས་ལ་འདི་ཞེས་བརྗོད་དུ་ཡོད་མ་ཡིན། །མ་བརྗོད་སྙན་གྱིས་དེ་ལ་གསན་དུ་མེད། །དེ་བཞིན་ཡིད་ཀྱི་བསམ་པ་ཀུན་དང་བྲལ། །ཞེས་ཕུན་སུམ་ཚོགས་པ་ལྔ་རང་དུ་ལ་བཟླ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལྟ་བསྒོམ་དམ་ཚིག་ལ་བཟླ་བའི་དགོངས་པ་


DNG025_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་དགོངས་ཤིག །སེམས་ཉིད་ངོ་བོ་མངོན་དུ་ཕྱུང་བ་ཡི། །སྣང་སྲིད་ལྟ་བའི་ཆོ་འཕྲུལ་ཤར་བ་ལ། །ཡིད་འཇོག་སེམས་ཀྱིས་སྒོམ་པར་མ་བྱེད་ཅིག །རང་བྱུང་སྒོམ་པ་རྫོགས་པར་མ་བསྒོམས་ན། །བསྒོམས་པས་སྣང་སྲིད་བསྒོམ་གྱིས་མི་ལང་ཞིང་། །བསྒོམས་དང་མ་བསྒོམས་ཡོན་ཏན་མཉམ་པ་ལ། །འོག་མ་པ་བཞིན་དམིགས་པའི་བསྒོམ་པ་ཡིས། །གང་བསྒོམས་རྩོལ་བའི་ནད་ཀྱིས་ཟིན་པ་ལས། །ཆོས་ཉིད་དོན་དུ་འགྱུར་བ་གཅིག་ཀྱང་མེད། །མ་བསྒོམས་ངན་དུ་སོང་བའི་རྒྱུ་མེད་པས། །བསྒོམ་དང་མི་བསྒོམ་དགོངས་པ་མ་ལེན་ཅིང་། །གནས་པ་གཞི་ཆེ་འབྱུང་བ་རྒྱུ་ཕྱུག་པས། །སྣ་ཚོགས་མི་འཆར་གང་ཡང་མེད་པ་ཡིན། །ཅི་བྱུང་རང་ཤར་ཆོས་ཉིད་ངོ་བོར་སྣང་། །གང་ཟག་བློ་ཡིས་དེ་ལ་ཇི་ལྟར་བསྒོམ། །འདི་ཡིན་ངེས་པ་མེད་པས་བསྒོམ་དུ་ཡོད་མ་ཡིན། །བསྒོམ་དུ་མེད་པར་འཇོག་པའི་བདག་པོ་ཡང་། །རྡུལ་ཙམ་ཡོད་པར་ཀུན་བྱེད་ངས་མ་གསུངས། །དེ་བས་རྩིས་མེད་ཕྱོགས་ལས་འདས་པ་ལ། །སེམས་དཔའ་རྡོ་རྗེ་ལྟ་བུ་སྒོམ་ཡུལ་མ་ཚོལ་ཞིག །རྟོགས་དང་མི་རྟོགས་བློ་ཡི་ཡུལ་ལས་འདས། །བསྒོམ་དང་མི་བསྒོམ་དམིགས་པའི་ཆ་དང་བྲལ། །སྣ་ཚོགས་སྣང་ཞིང་བདག་པོ་མ་ངེས་པས། །ནོར་དང་མ་ནོར་སེམས་དཔའ་མ་དགོངས་ཤིག །གང་ལ་དགོངས་པར་བྱ་བའི་སེམས་འདི་ཞེས། །སེམས་དཔའ་རྡོ་རྗེས་གཞན་ལ་ལུང་མ་བསྟན། །དགོངས་པ་འདི་ཞེས་གཞན་ལ་ལུང་བསྟན་ན། །འཁོར་རྣམས་དགོངས་པའི་ཡུལ་ལ་དམིགས་པ་ཡིས། །བློ་ཆོས་འཛིན་པའི་མཐའ་ལས་མི་གྲོལ་བས། །དེ་བས་དགོངས་སུ་མེད་པའི་དགོངས་པ་སྟོན། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །སྐྱེ་མེད་རང་བཞིན་གཞན་དུ་མ་བསྒོམས་ཤིག །རང་ལ་བལྟ་བའི་ཡུལ་མེད་ལྟ་བའི་ལ་ཡང་ཟློས། །དམ་ཚིག་རང་ཡིན་གཞན་དུ་མ་བསྲུངས་ཤིག །བསྲུངས་པས་རང་བྱུང་ཆོས་ལ་ཕྲག་དོག་བྱས། །རང་བྱུང་ཆོས་རྣམས་ཅི་བྱུང་ཅི་ཤར་ཡང་། །ཕྲག་


DNG025_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དོག་མེད་པར་རང་སར་རང་བཞག་ནས། །བསྲུང་དུ་མེད་པའི་དམ་ཚིག་ཀུན་བསྲུངས་ན། །བདག་མེད་དམ་ཚིག་མེད་པར་ལ་ཡང་བཟླས། །གང་གིས་མཚམས་མེད་ལྔ་ཡི་ལས་སྤྱད་ཀྱང་། །རང་བྱུང་གཉིས་སུ་མེད་པའི་དོན་རྟོགས་ནས། །ཞུམ་པ་མེད་པའི་གདེང་དང་ལྡན་གྱུར་ནས། །ཀུན་བྱེད་ང་ཡི་དམ་ཚིག་ལ་བཟླས་ཡིན། །རྩ་བ་ཡན་ལག་དམ་ཚིག་གཞུང་བསྲུངས་ཀྱང་། །རེ་དོགས་འཇིགས་པའི་སེམས་དང་མ་བྲལ་ན། །དམ་ཚིག་ལ་གནས་དམ་ཚིག་ལ་མི་ཟློས། །བསྲུང་དང་མ་བསྲུངས་དམ་ཚིག་ཡུལ་ལས་འདས། །ཉམས་དང་མ་ཉམས་བློ་ཡིས་བླང་བ་མེད། །མཚམས་མེད་བསྲུང་མཚམས་རྩིས་གདབ་ཀུན་ལས་འདས། །དེ་ལྟར་དགོངས་ཤིང་དགོངས་པའི་ཡུལ་མེད་ན། །དམ་ཚིག་ཀུན་གྱི་ལ་ཡང་ཟློས་པ་ཡིན། །ལྟ་བ་སྒོམ་དུ་མེད་ཅིང་དམ་ཚིག་སྲུང་དུ་མེད་པར་ལ་བཟླ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སྐྱེ་ཤི་ལས་འདས་པའི་དགོངས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །སྐྱེ་ཤི་མེད་པའི་བྱང་ཆུབ་སེམས་འདི་ནི། །ཀུན་ལ་གནས་ཏེ་ངེས་པར་དགོངས་པར་དཀའ། །ལུས་ནི་འབྱུང་བ་བཞི་ཡི་རང་བཞིན་ཏེ། །ཤ་ནི་ས་ཡི་ངོ་བོ་འཛིན་པ་ཡིན། །མི་འགྱུར་བ་ཡི་རང་བཞིན་བསྟན་པ་ཡིན། །ཁྲག་ནི་ཆུ་ཡི་ངོ་བོ་འཛིན་པ་ཡིན། །རླན་ཞིང་སྡུད་པའི་རང་བཞིན་བསྟན་པ་ཡིན། །དྲོད་ནི་མེ་ཡི་ངོ་བོ་འཛིན་པ་ཡིན། །མི་འབྲུལ་སྨིན་པའི་རང་བཞིན་བསྟན་པ་ཡིན། །དབུགས་ནི་རླུང་གི་ངོ་བོ་འཛིན་པ་ཡིན། །ཡང་ཞིང་གཡོ་བའི་རང་བཞིན་བསྟན་པ་ཡིན། །དེ་ལྟར་ཀུན་འདུས་འབྱུང་བ་བཞི་པོ་ཡང་། །རང་གི་མཚན་ཉིད་རང་གིས་འཛིན་པས་ན། །ལུས་ལ་སྐྱེ་འཇིག་ཡོད་པར་ཡོངས་མ་གསུངས། །སེམས་ནི་ནམ་མཁའི་མཚན་ཉིད་འཛིན་པ་ཡིན། །དེ་ཡང་དམིགས་མེད་རང་བཞིན་བསྟན་པ་ཡིན། །དྲན་པ་ཅི་སྐྱེས་རང་བཞིན་ཉིད་དུ་སྟོན། །སེམས་ལ་སྐྱེ་འཆི་


DNG025_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་ངས་མ་གསུངས། །ང་ཡི་ལུས་འདི་མ་ཐོས་གང་ཟག་གིས། །ལུས་ཀྱི་རིགས་བྱེད་དྲན་པས་གཟུང་བྱས་ནས། །འབྱུང་བའི་དར་གུད་སྐྱེ་འཇིག་བྱུང་བ་ལ། །སྐྱེ་ཤི་ཡིན་ཞེས་མྱ་ངན་འབྱུང་བ་ཡིན། །བྱང་ཆུབ་སེམས་ལ་སྐྱེ་ཤི་ཡོད་མ་མྱོང་། །དཔེར་ན་ནམ་མཁའ་སྐྱེ་འཆི་མེད་པ་བཞིན། །དེ་བཞིན་སེམས་ལ་སྐྱེ་འཆི་མེད་པ་ཡིན། །འབྱུང་བ་ས་ཆུ་མེ་རླུང་བཞི་པོ་ཡང་། །སྐྱེ་ཤིའི་ཐ་སྙད་ཡེ་ནས་མེད་པ་བཞིན། །དེ་བཞིན་ལུས་ལ་སྐྱེ་ཤི་ཡོད་མ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །འདི་ལས་ལྷག་པའི་ཆོས་ལ་མ་རྟོགས་ཤིག །བརྟགས་ན་སྙིང་པོའི་དོན་ལ་སྒྲིབ་པ་ཡིན། །ལུས་ངག་རྩོལ་བ་དང་དུ་མ་ལེན་ཅིག །བླངས་ན་རྩོལ་བའི་ནད་ཀྱིས་གོལ་བ་ཡིན། །གོལ་ས་སྒྲིབ་པ་རང་ས་མ་འཛིན་ཅིག །གང་གིས་རང་ས་གཟུང་བ་དེ་ཡིས་ནི། །ལྷུན་གྲུབ་སྙིང་པོའི་དོན་ལ་ལ་མི་ཟློས། །ལ་ཟློས་ཆོས་སུ་གསུངས་པ་དེ་ལ་ནི། །བདག་དང་གཞན་དུ་གྲུབ་པ་གཉིས་མེད་པས། །རྩིས་མེད་རྩིས་ལས་འདས་པར་ང་ཡིས་བསྟན། །རང་ལ་ལྷུན་གྱིས་གྲུབ་པས་བསྒྲུབ་མི་དགོས། །དམིགས་པའི་ཡུལ་ལས་འདས་པས་བསྒོམ་མི་དགོས། །མཚོན་པའི་ཚིག་ལས་འདས་པས་ཤེས་མི་དགོས། །ཡིད་ཀྱིས་བྱས་པས་ཀུན་དང་བྲལ་བས་ན། །གཞུངས་པའི་ཡིད་ཀྱིས་དེ་ལ་བསམ་དུ་མེད། །རྒྱུ་མེད་རྐྱེན་ལས་བྱུང་བ་མ་ཡིན་པས། །བསོད་ནམས་ཚོགས་ཀུན་ངེས་པར་བསག་ཏུ་མེད། །ཡེ་ནས་ང་ཡིས་བྱས་པས་ཆོས་ཡིན་པས། །འབྲས་བུ་དུས་ལ་ལྟོས་པའི་རེ་བ་བཅའ་མི་དགོས། །རིག་སྟོང་རྩ་བ་ཡེ་ནས་མེད་པ་ལ། །ཤི་ནས་སྐྱེ་བའི་དགོངས་བསམ་མ་བྱེད་ཅིག །རང་གི་སེམས་འདི་སྐྱེ་བ་མེད་སེམས་ནས། །ཕ་རོལ་མི་འབྱུང་སྙེམས་སེམས་མ་འཆའ་ཞིག །ཐོས་དང་བསམ་དང་དགོངས་པའི་ཆོས་རྣམས་ནི། །བྱིས་ཆོས་རྩེད་མོ་ཙམ་དུ་དགོངས་མཛོད་ལ། །དམིགས་མེད་ཕྱོགས་བྲལ་ཕྱོགས་ལས་འདས་པར་


DNG025_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཕྱོགས་ཆ་བྲལ་བའི་གང་ཟག་སུ་ཡང་རུང་། །འཁོར་བར་མི་གནས་མྱ་ངན་འདས་མི་གཡོ། །ལུས་སེམས་གཉིས་མེད་དྲན་པའི་རྒྱུ་འགྲུལ་ནི། །བདག་ཏུ་འཛིན་པའི་ཤེས་རྒྱུད་འཆད་པར་ངེས། །སྐྱེ་འཆི་ལ་བཟླའ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སངས་རྒྱས་ལོགས་ན་མེད་པར་ལ་བཟླའ་བ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །སངས་རྒྱས་ཞེས་ནི་མིང་དུ་བཏགས་པ་ནི། །སྐུ་གསུམ་སྟོན་པས་དྲང་བའི་ལུང་བསྟན་ཡིན། །མི་ཤེས་བྱིས་པ་ལྟ་བུའི་འབྲི་བསྐོལ་ཡིན། །སེམས་ཉིད་སྐྱེ་མེད་དབྱིངས་ལ་ཆོས་སྐུ་གནས། །བསྒྲུབས་པས་ནམ་ཞིག་ཐོབ་པར་བྲོད་པ་བསྐྱེད། །སེམས་ཀྱི་རང་བཞིན་ཅིར་ཡང་སྣང་བ་ལ། །རྣམ་པར་སྣང་མཛད་ཅེས་བྱ་བསམ་བསྒོམས་པས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་བསྟན་པ་ཡང་། །དེ་བཞིན་ཉིད་དུ་ནམ་ཞིག་འགྱུར་རོ་ཞེས། །དེ་བསྟན་དེ་ཡང་དང་བའི་ལུང་བསྟན་ཡིན། །ངེས་པར་འབྱུང་བ་སྨིན་པའི་ཤཱཀ་ཐུབ་ལ། །སྤྲུལ་པའི་སྐུ་ཡིན་ཚོགས་རྫོགས་ལས་བྱུང་ཞེས། །དེ་བཞིན་ཉིད་དུ་ཚེགས་ལ་འགོད་པ་ཡང་། །མ་རྟོགས་བྱིས་པ་ལྟ་བུའི་དྲང་ལུང་ཡིན། །སེམས་དཔའ་དེ་ལྟར་དགོངས་པར་མ་བྱེད་ཅིག །ཆོས་སྐུ་ཐིག་ལེ་སེམས་ལས་འདས་པ་ཡིན། །རེ་ཞིག་ཙམ་དུ་མཚོན་པར་གསུངས་པ་ལ། །བསྒྲུབ་པར་བྱ་བའི་དངོས་པོ་ཡེ་ནས་མེད། །ཀུན་གྱི་གཞི་ཡིན་གྲུབ་པ་རྡུལ་ཙམ་མེད། །མིང་དུ་བཏགས་པ་ཙམ་ཀྱང་ནོར་བ་ལ། །ཞེ་འདོད་དམིགས་པ་བཅུག་ན་ཤིན་ཏུ་ནོར། །ཆོས་སྐུ་གཏི་མུག་ཆེན་པོར་ལ་ཟློས་ཤིག །འཇིག་རྟེན་ཆགས་འཇིག་འབྱུང་བའི་ལོངས་སྤྱོད་རང་བཞིན་ལས། །རྣམ་སྣང་ལྷག་པར་བསྒྲུབས་པས་འགྲུབ་པ་མེད། །ཀུན་ཀྱང་རྣམ་སྣང་རང་བཞིན་ལོངས་སྤྱོད་ཡིན། །སེམས་དཔའ་དེ་ལ་


DNG025_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་མ་སེམས་ཅིག །རྣམ་སྣང་མིང་དུ་བཏགས་པའང་ངེས་ནོར་ན། །ངེས་པར་གཞན་དུ་བསྒྲུབས་ན་ཤིན་ཏུ་ནོར། །སྣང་སྲིད་སྤྲུལ་པར་མ་གྱུར་ཡེ་ནས་མེད། །གཞི་མེད་གཅིག་ལས་སྣང་ཞིང་སྲིད་པས་ན། །སྤྲུལ་པ་ཡིན་པར་སེམས་དཔས་རྟོགས་པར་རིགས། །ཀུན་ཀྱང་སྤྲུལ་པའི་རང་བཞིན་མ་ཡིན་ན། །ཤཱཀ་ཐུབ་མི་བཞུགས་འགྲོ་དོན་སུ་ཡིས་བྱེད། །དེ་བས་སྤྲུལ་པར་མ་གྱུར་གཅིག་ཀྱང་མེད། །སྤྲུལ་པ་ཤཱཀ་ཐུབ་ངེས་པར་བརྗོད་པས་ནོར། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །ཕྱོགས་ཆ་ཞེན་པའི་མཐའ་ལས་མ་གྲོལ་ན། །ཞེ་འདོད་བསྒྲུབ་པ་འཁོར་བའི་གཏིང་རྡོ་ཡིན། །ཕྱོགས་འདོད་ངེས་པ་མེད་པའི་དོན་ལ་དགོངས། །སྣང་བ་མ་ངེས་སྟོན་པའི་དབྱིངས་ན་འབྱམས། །སྟོང་པ་ཕྱོགས་བཟློག་སྣང་བ་རང་ས་འཛིན། །སེམས་དཔའ་རྡོ་རྗེ་དེ་ལ་ཇི་ལྟར་དགོངས། །ཆོས་སྐུའི་མཆོག་ནི་གཏི་མུག་ཆེན་པོས་གསུངས། །དུས་གསུམ་སངས་རྒྱས་ན་རག་གནས་ན་འབྱམས། །དམྱལ་ཁམས་བཅོ་བརྒྱད་སྐྱེ་མེད་བཙན་ས་ཟིན། །ཡི་དྭགས་བཀྲེས་སྐོམ་བདུད་རྩིའི་ཀློང་ན་བྱེད། །ངན་སྐྱུགས་མཐོང་ན་ལྷ་རྣམས་བདུད་རྩི་གསོལ། །མནར་མེད་དམྱལ་བའི་ཚེ་ལ་དཔག་མེད་ཀྱང་། །སེ་གོལ་གཏོགས་པ་ཙམ་གྱི་ཡུན་ལ་རྫོགས། །སྟོང་གསུམ་ཆེན་པོའི་ཀློང་ཡངས་ཁོག་པ་ན། །སེམས་ཅན་ཕྲ་མོ་འགྱུར་ལྡོག་བྱས་པ་མེད། །བསྐལ་པར་བསྒོམས་པའི་བསྒོམ་ཆེན་གནས་ངན་ལེན། །དུག་ལྔ་གྲོགས་སུ་རྙེད་པའི་ཤེས་བྱ་ཡུལ་སྤངས་ནས། །བསྒོམ་ཆེན་རྣམས་ལ་སྙིང་རྗེ་ལྷུག་པར་བསྐྱེད། །རྟག་ཏུ་བྱམས་པ་བསྒོམས་པས་ཐ་མ་བདུད་ཀྱི་འཁོར། །ཞེ་སྡང་ལྷུག་པར་སྐྱེས་པས་མཚན་མ་རང་སར་གྲོལ། །ཨེ་མ་ཧོ་ཁེ་བེ་ལེ་ལྟ་བུའི་དགོངས་པ་འདི། །སེམས་དཔའ་རྡོ་རྗེ་ད་ནི་དགོངས་ལགས་སམ། །སངས་རྒྱས་ལོགས་


DNG025_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མ་ཚོལ་ཞིག །རང་ལ་ཡོད་པ་བལྟར་མི་ཁོམ། །མ་ཚོལ་མ་ལྟ་སྒོམ་མ་བྱེད། །མ་སྤྱོད་མ་བསྒྲུབས་འཛིན་མེད་ལྷུག་པར་ཞོག །སངས་རྒྱས་ལོགས་ན་མེད་པར་ལ་བཟླའ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། རྒྱུ་རྐྱེན་མེད་པར་ལ་བཟླའ་བའི་དགོངས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །བྱང་ཆུབ་སེམས་ལ་རྒྱུ་མ་མཆིས་པས་ན། །དེ་བཞིན་རྐྱེན་ཡང་ཡོད་པ་མ་ཡིན་པས། །རྒྱུ་རྐྱེན་བྱས་པའི་ཆོས་ལ་མ་དགོངས་ཤིག །བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མེད་པས་ན། །ས་ཆུ་མེ་རླུང་བྱང་ཆུབ་རང་བཞིན་ཏེ། །ས་ལ་རྒྱུ་རྐྱེན་མེད་པར་རང་བྱུང་བས། །དེ་བཞིན་བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མེད། །ཆུ་ལ་མེ་དང་རླུང་ལ་རྒྱུ་མེད་པར། །འབྱུང་བ་མ་འགགས་ཅིར་ཡང་འཆར་བ་ལྟར། །བྱང་ཆུབ་སེམས་ཀྱང་བྱས་པ་མེད་པར་གྲུབ། །ཚོགས་བསགས་ལས་ཀྱི་དོན་ལ་སྦྱར་བ་མེད། །མ་མཐོང་གང་ལ་གང་གིས་ཇི་ལྟར་བསྒོམ། །ཡེ་ནས་དོན་དུ་གཅིག་པས་བར་ཆད་ཡོངས་ཀྱིས་མེད། །ལམ་ལྔ་རྒྱུ་རུ་བྱས་ནས་གང་བསྒོམ་པ། །འབྲས་བུ་སྤྲུལ་སྐུ་ཐོབ་པར་འདོད་པའི་ཆོས། །རྒྱུ་འབྲས་གཉིས་མེད་སེམས་སུ་ལ་ཟློས་ཤིག །ས་ལམ་འོག་མ་རྒྱུ་ཡི་ཆོས་བྱས་ནས། །གོང་མ་གོང་མ་འབྲས་བུར་འདོད་པ་ཡང་། །སེམས་ལ་གོང་འོག་མེད་པས་རྒྱུ་འབྲས་མེད། །དོན་ལ་སྔ་ཕྱི་མེད་པས་རྒྱུ་འབྲས་མེད། །རྒྱུ་འབྲས་གཉིས་སུ་མེད་པར་ལ་ཟློས་ཤིག །ཕྱི་པ་ཐུབ་པའི་རྒྱུད་དུ་གསུངས་པ་ཡི། །ལྷ་ལ་གྲོགས་པོ་ཇོ་བོ་སོགས་མཐོང་ནས། །དངོས་གྲུབ་རབ་བསྒྲུབས་བཞིན་དུ་འདོད་པ་ཡང་། །སྒྲུབ་པ་རྒྱུ་ལས་གྲུབ་པ་འབྲས་བུ་འདོད་པ་ན། །རྒྱུ་འབྲས་གཉིས་མེད་རྟོགས་པའི་ལྟ་བ་མིན། །སྒྲུབ་དང་གྲུབ་པ་དོན་ལ་དབྱེར་མེད་པས། །གཉིས་འཛིན་རྟོག་པ་མེད་པར་ལ་ཟློས་ཤིག །ནང་པ་ཐབས་ལ་མཁས་པའི་རྣལ་འབྱོར་ཀྱང་། །


DNG025_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་རྣམ་གསུམ་བསྒོམ་པའི་ཡན་ལག་གིས། །ཐབས་དང་ཤེས་རབ་གཉིས་མེད་དོན་བལྟས་ནས། །རྡོ་རྗེ་འཆང་གི་འབྲས་བུ་སྒྲུབ་པ་ཡང་། །རྒྱུ་འབྲས་གཉིས་སུ་མེད་པའི་ལྟ་བ་མིན། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་གསུམ་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལ་དབྱེར་མེད་པས། །གཉིས་མེད་རྒྱུ་འབྲས་འདས་པར་ལ་ཟློས་ཤིག །བསྐྱེད་པ་ཨ་ནུ་ཡོ་གའི་དགོངས་པ་ནི། །དབྱིངས་ནི་རྒྱུ་ལ་ཡེ་ཤེས་འབྲས་བུར་འདོད། །ཡུལ་སེམས་བསམ་པའི་མཐའ་དང་མ་བྲལ་བས། །རྒྱུ་འབྲས་གཉིས་སུ་མེད་པའི་ལྟ་བ་མིན། །དབྱིངས་དང་ཡེ་ཤེས་ཐིག་ལེར་དབྱེར་མེད་པས། །བདག་མེད་ཐིག་ལེའི་ངང་དུ་ལ་ཟློས་ཤིག །ཨ་ཏིའི་ཆོས་ལ་ཕྱོགས་ཆ་མ་མཆིས་པས། །ཕྱོགས་མེད་གང་ལྟར་སྤྱད་ཀྱང་འགལ་བ་མེད། །འདོད་ཡོན་ལྔ་ལ་སྤྱད་ཀྱང་བྱང་ཆུབ་ལམ། །གལ་མེད་ཡལ་བར་བསྡད་ཀྱང་ཡེངས་པ་མེད། །སངས་རྒྱས་བསྒྲུབ་པ་མེད་ཀྱང་སྐྱེ་མེད་དབྱིངས། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །གང་ལ་འདྲིས་པར་མ་བྱེད་ཡེངས་པར་བཞུགས། །ཀུན་གྱི་སྒྲུབ་གནས་སྐྱེ་མེད་ཆོས་ལ་ཡང་། །སེམས་དཔའ་རྡོ་རྗེས་འདྲིས་པར་མ་བྱེད་ཅིག །འདྲིས་ན་གང་ལ་འདྲིས་ཀྱང་ལ་མི་ཟློས། །ལ་བཟླའི་ཆོས་ནི་འདྲིས་པ་ཀུན་ལས་འདས། །སྐྱེ་མེད་ཆོས་ལའང་འདྲིས་པར་མི་བྱེད་ན། །དངོས་པོའི་ཆོས་ཀུན་འདྲིས་པར་ལྟ་ཅི་སྨོས། །གང་ལ་འདྲིས་མེད་སྲོག་དང་བྲལ་བས་ཆོག །འདྲིས་མེད་བག་ཆགས་བྲལ་བས་སངས་རྒྱས་ས་ལ་གནས། །རྒྱུ་རྐྱེན་མེད་པར་ལ་བཟླའ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། བཅོས་སུ་མེད་པར་ལ་བཟླའ་བའི་དགོངས་པ་འདི་གསུངས་སོ། །ཆོས་ཉིད་དབྱིངས་སུ་རང་བཞིན་སྐྱེད་བྱེད་པས། །འདས་དང་མ་འོངས་ད་ལྟར་སངས་རྒྱས་ཀྱིས། །སྔར་ཡང་མ་བཅོས་ད་ལྟ་འཆོས་པ་མེད། །ཕྱིས་ཀྱང་འཆོས་པར་མི་འགྱུར་བཅོས་མེད་དབྱིངས། །མིག་ལ་གཟུགས་སུ་ཤར་བའི་སྣང་བ་ཡང་། །མིང་ཡང་ཆེད་དུ་གཟུང་བ་མེད་པའི་ངང་། །མ་གཟུང་སྣང་བ་ཅི་ཤར་ཀུན་བྱེད་སྐུ། །


DNG025_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བར་སྒྲ་རུ་གྲག་པའི་ཆོས་རྣམས་ཀྱང་། །སྙན་དང་མི་སྙན་བྱུང་ཚོར་ཅི་བྱུང་ཡང་། །མ་བཅོས་མི་བཅོས་བཅོས་པ་མེད་པར་བཞག །རང་ལ་ལྷུན་གྱིས་གནས་པས་བཅོས་མི་དགོས། །བཅོས་ན་བཅོས་པས་འཛིན་པའི་ལ་མི་ཟློས། །དྲི་དང་རོ་དང་རེག་བྱ་ལ་སོགས་པ། །གང་ལ་བཅོས་པར་མི་བྱ་མི་བཅོས་པར་ཡང་མིན། །གང་ལ་གཉེན་པོ་མ་ཞུགས་བཅོས་མེད་མཆོག །བསམ་པ་ཅི་སྐྱེས་རང་བྱུང་ཡེ་ཤེས་ལ། །དེ་ལས་ལྷག་པ་འདོད་ན་རྩོལ་བའི་ནད། །རང་ཤར་འདོད་མེད་ཆོས་ཀྱི་ལ་བཟླས་ན། །འདི་ལ་འདོད་པར་མི་བྱ་དོར་མི་བྱ། །ཕྱི་མར་འདོད་པར་མི་བྱ་དུས་གསུམ་འདོད་དང་བྲལ། །འདོད་དང་བྲལ་ན་བཅོས་མེད་དབྱིངས་ན་གནས། །ཆོས་ཀྱི་དབྱིངས་ལ་སྔ་ཕྱི་འགྱུར་བ་མེད། །གང་ཟག་བློ་ཡིས་དེ་ལ་བཅོས་སུ་མེད། །འཁོར་བས་ལུས་ངག་ཡིད་ནི་བཅོས་པ་ལ། །ལ་བཟླའ་བ་ནི་རང་བྱུང་ཤར་བས་བཟླས། །ལུས་ལ་མ་བཅོས་སྐུ་ཡི་ལ་བཟླའ་ཡིན། །ངག་མ་བཅོས་པ་གསུང་གི་ལ་བཟླའ་ཡིན། །དྲན་པ་མ་བཅོས་ཐུགས་ཀྱི་ལ་བཟླའ་ཡིན། །སངས་རྒྱས་འདོད་བྲལ་སངས་རྒྱས་ལ་བཟླའ་ཡིན། །དངོས་པོ་སྤང་མེད་སྟོང་པའི་ལ་བཟླའ་ཡིན། །སྡུག་བསྔལ་དོར་མེད་བདེ་བའི་ལ་བཟླའ་ཡིན། །ཆོས་ཉིད་ཡུལ་ལས་འདས་པ་ལྟ་བུའི་ལ་བཟླའ་ཡིན། །དམིགས་སུ་རྡུལ་ཙམ་མེད་པས་བསྒོམ་པའི་ལ་བཟླའ་ཡིན། །ལུས་ངག་རྩོལ་བ་མེད་པས་སྤྱོད་པའི་ལ་བཟླའ་ཡིན། །སངས་ལ་རྒྱ་བ་མེད་པས་འབྲས་བུ་ལ་བཟླའ་ཡིན། །གཞན་དུ་བཙལ་དུ་མེད་པས་ལམ་གྱི་ལ་བཟླའ་ཡིན། །བཅོས་སུ་མེད་པར་སེམས་དཔས་དགོངས་པར་གྱིས། །བཅོས་སུ་མེད་པར་ལ་བཟླའ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། དགོངས་པ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །ཆོས་ཉིད་བྱང་ཆུབ་སེམས་ནི་ནམ་མཁའ་འདྲ། །ནམ་མཁའ་ཀུན་ཁྱབ་བདག་ཏུ་འཛིན་པ་མེད། །ཆོས་ཉིད་བྱང་


DNG025_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་ཀྱང་ཀུན་གྱི་རང་བཞིན་ཏེ། །བདག་དང་བདག་ཏུ་གྲུབ་པ་རྡུལ་ཙམ་མིན། །ནམ་མཁའི་ངང་ན་སྣ་ཚོགས་ཀུན་ཁྱབ་གནས། །འཁོར་དང་མྱང་འདས་ཆོས་ཉིད་དབྱེར་མི་ཕྱེད། །སྣ་ཚོགས་ཇི་ལྟར་ཤར་ཡང་ནམ་མཁའི་ངང་དུ་རྫོགས། །དྲན་རྟོག་བདེ་དང་སྡུག་བསྔལ་ཆོས་རྣམས་ཀྱང་། །སེམས་ཉིད་སྐྱེ་མེད་དབྱིངས་སུ་མ་རྫོགས་མེད། །སངས་རྒྱས་རང་ལ་རྫོགས་པས་སངས་རྒྱས་ས། །སངས་རྒྱས་འདོད་སྒྲུབ་མེད་པས་ལ་བཟླ་རང་དུ་བཟླ། །འཁོར་བ་རང་ལ་རྫོགས་པས་ལྟུང་བའི་གཡང་ས་མེད། །བདེ་སྡུག་སེམས་སུ་རྫོགས་པས་ལ་བཟླ་རང་དུ་བཟླ། །གཉིས་མེད་རང་ལ་རྫོགས་པས་ཐ་དད་འདུ་ཤེས་བྲལ། །ཉག་གཅིག་སེམས་སུ་རྫོགས་པས་ལ་བཟླ་རང་དུ་བཟླ། །ཐེག་པ་རང་དུ་རྫོགས་པས་གྲུབ་མཐའི་ཁ་འཛིན་བྲལ། །ལྟ་སྒོམ་སེམས་སུ་རྫོགས་པས་ལ་བཟླ་རང་དུ་བཟླ། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །ནམ་མཁའ་མཐའ་དབུས་དམིགས་སུ་མ་མཆིས་པས། །དོན་ལ་དམིགས་སུ་མེད་པར་ལ་ཟློས་ཤིག །ནམ་མཁའ་ཀུན་ལ་གཙང་སྨེ་མ་མཆིས་པས། །གཙང་སྨེ་མེད་པར་སེམས་དཔས་ལ་ཟློས་ཤིག །ནམ་མཁའི་ངང་ལ་ཉིན་མཚན་མ་མཆིས་པས། །ཉིན་མཚན་གསལ་འགྲིབ་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལ་སྐྱེ་འཆི་མ་མཆིས་པས། །སྐྱེ་ཤིའི་འདུ་ཤེས་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལ་སངས་རྒྱས་མ་མཆིས་པས། །སངས་རྒྱས་འདུ་ཤེས་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལ་སེམས་ཅན་མ་མཆིས་པས། །སེམས་ཅན་འདུ་ཤེས་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལ་རེ་དོགས་མ་མཆིས་པས། །རེ་དོགས་འདུ་ཤེས་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལ་མཐོ་དམའ་མ་མཆིས་པས། །མཐོ་དམའ་གཉིས་སུ་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལ་རྩིས་གདབ་མ་མཆིས་པས། །རྩིས་གདབ་འདུ་ཤེས་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལ་ཤེས་རྟོག་མ་མཆིས་པས། །ཤེས་རྟོག་འདུ་ཤེས་མེད་པར་ལ་ཟློས་ཤིག །


DNG025_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དག་ལ་རློམ་སེམས་མ་མཆིས་པས། །གང་ལའང་རློམ་སེམས་མེད་པར་ལ་བཟླའོ། །ཇི་མི་སྙམ་དུ་དགོངས་པ་དགོངས་སུ་མེད་པ་ནི། །ཀུན་བྱེད་ང་ཡི་དགོངས་པ་བླངས་པ་ཡིན། །དགོངས་གཞི་ཀུན་དང་བྲལ་བའི་དགོངས་པ་ནི། །དུས་གསུམ་སངས་རྒྱས་ཀུན་གྱི་ལྡེམ་དགོངས་ཡིན། །འཁོར་བ་སྤང་དུ་མེད་པའི་དགོངས་པ་ནི། །མྱང་འདས་གཞན་ན་མེད་པའི་ལྡེམ་དགོངས་ཡིན། །བྱང་ཆུབ་བསྒྲུབ་ཏུ་མེད་པའི་དགོངས་པ་ནི། །སྐྱེ་མེད་རང་ལ་གནས་པའི་ལྡེམ་དགོངས་ཡིན། །དྲན་སྣང་དགག་ཏུ་མེད་པའི་དགོངས་པ་ནི། །དེ་ཉིད་རང་གྲོལ་ཡིན་པའི་ལྡེམ་དགོངས་ཡིན། །རྟོག་མེད་བསྒོམ་དུ་མེད་པའི་དགོངས་པ་ནི། །ཆོས་ཉིད་འདུ་འབྲལ་མེད་པའི་ལྡེམ་དགོངས་སོ། །ཚོགས་གཉིས་བསག་ཏུ་མེད་པའི་དགོངས་པ་ནི། །ཆོས་ཉིད་རྒྱུ་རྐྱེན་མེད་པའི་ལྡེམ་དགོངས་སོ། །ཅིར་ཡང་ངེས་པ་མེད་པའི་དགོངས་པ་ནི། །འཛིན་མེད་ཆོས་སྐུ་ཡིན་པའི་ལྡེམ་དགོངས་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ད་ཉོན་ཅིག །ངེས་མེད་ཕྱོགས་ལོག་དགོངས་པ་མ་ལོན་ན། །ཇི་ལྟར་བསྒོམས་ཀྱང་འཆིང་ལ་མ་བསྒོམས་ན་ཡང་འཆིང་། །ལྡེམ་དགོངས་བསྟན་ཡང་དགོངས་པ་ཞེ་བཞག་ན། །ལྡེམ་པོ་ཉིད་ཀྱིས་སེམས་དཔའ་འཆིང་བར་འགྱུར། །ཇི་མི་དགོངས་ཀྱི་རྟོགས་པ་མ་ཤར་ན། །འཁོར་བའི་སྒྲོགས་ལས་གྲོལ་བར་མི་འགྱུར་རོ། །དགོངས་པ་ནམ་མཁའ་ལྟར་ལ་བཟླ་བའི་ལེའུ་སྟེ་བདུན་པའོ།། །།བྱང་ཆུབ་སེམས་དཔའ་ཀུན་བྱེད་རྒྱལ་པོས། རྒྱ་མཚོ་ལྟ་བུའི་དགོངས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ང་ཉོན་ཅིག །ཆོས་ཉིད་རྒྱ་མཚོ་ལྟ་བུར་གཏིང་དཔག་དཀའ་བའི་ཆོས། །སུས་ཀྱང་འདི་ལ་དགོངས་པ་རྡུལ་ཙམ་མེད་པ་སྟེ། །རྒྱ་མཚོ་ཆེན་པོའི་ཆུ་ལ་ཁ་གཏིང་དབྱེ་རུ་ཡོད་མ་ཡིན། །དེ་བཞིན་ཆོས་ཉིད་བྱང་ཆུབ་སེམས་ལ་སྒོ་ཕུག་མེད། །རྦ་དང་རླབས་དང་ཆུ་བུར་རྒྱ་མཚོ་ཆེན་པོར་གཅིག །དེ་བཞིན་འཁོར་དང་མྱང་འདས་རྟོག་དང་མི་རྟོག་ཡང་། །ཆོས་དབྱིངས་ཀློང་ན་དབྱེར་མེད་གཅིག་ཏུ་རྫོགས་པ་ཡིན། །ཕྱོགས་བཞི་མཚམས་


DNG025_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཆུ་བྲན་ཐམས་ཅད་འབྱུང་བ་ཡང་། །རྒྱ་མཚོ་ཉིད་ལས་བྱུང་ཞིང་རྒྱ་མཚོ་ཉིད་དུ་འདུ་བ་ལྟར། །བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཐམས་ཅད་འབྱུང་བ་ཡང་། །ཆོས་ཉིད་དབྱིངས་ལས་བྱུང་ཞིང་ཆོས་ཉིད་དབྱིངས་སུ་གཅིག །རྒྱ་མཚོའི་འཇིང་ལ་གཡོ་འགུལ་ཡེ་ནས་མེད་པ་བཞིན། །སྐྱེ་མེད་དོན་ལ་དུས་གསུམ་འཕོ་དང་འགྱུར་བ་མེད། །རྦ་དང་རླབས་ལ་འགག་པ་མེད་པ་བཞིན། །སྐྱོན་དང་ཡོན་ཏན་མི་འགག་ཅིར་ཡང་འཆར་བར་ངེས། །ཤར་ཡང་སྐྱེ་མེད་དབྱིངས་ལས་མ་འདས་དགོངས་མཛོད་ལ། །མ་རྟོགས་སེམས་ཅན་གཞན་ལ་ལེགས་པར་ལུང་སྟོན་ཞིག །ཀྱེ་མ་འཁོར་དང་མྱང་འདས་དབྱེར་མེད་དབྱིངས་སུ་སྟོར། །སྣང་སྟོང་དབྱེར་མེད་རྩ་བྲལ་ཕྱོགས་ལས་འདས་པ་ཡིན། །སྲོག་དང་མ་བྲལ་འབྱུང་བ་རང་རང་རང་ས་འཛིན། །སྐྱེ་མེད་བྱང་ཆུབ་སེམས་ལ་དམིགས་པ་ཉིད་དང་བྲལ། །ཞེ་འདོད་རེ་དོགས་མཐའ་ནི་ངེས་པ་མེད་པར་གྲོལ། །སེམས་ཅན་ཉིད་ནི་ཡེ་ནས་སངས་རྒྱས་དགོངས་པ་འཛིན། །ཆོས་ཉིད་བྱང་ཆུབ་སེམས་ནི་རང་བཞིན་སྐྱེ་མེད་དེ། །འབྱུང་བ་ལྔ་རུ་གྲོལ་བས་བར་དོའི་འདུ་ཤེས་བྲལ། །ཐེག་གཅིག་བྱང་ཆུབ་སེམས་ལ་ཀུན་ཀྱང་གནས་པ་ཡིན། །རང་བྱུང་ཡེ་ཤེས་རྟོགས་ལ་རིང་བ་ནམ་ཡང་མེད། །མ་རིག་འཁྲུལ་པ་རྣམས་ཀྱང་སྐྱེ་མེད་དབྱིངས་ལ་འབྱམས། །ཟུག་རྔུ་བྱུང་བ་ཆོས་ཉིད་རང་མ་ཚོར། །མི་སྲིད་སྲིད་པར་ཤར་བ་སེམས་དཔས་ཇི་ལྟར་དགོངས། །ཆོས་ཉིད་དོན་གྱི་གནས་ལུགས་སྐྱེ་མེད་བདེ་ཆེན་དེ། །ཡོངས་ལ་རྫོགས་པར་ཤེས་ནས་སྨོན་པ་སུ་ལ་འབུལ། །རྒྱ་མཚོའི་ཆུ་ཡིས་ཆུ་ལ་སྨོན་པ་མེད་པ་བཞིན། །བྱང་ཆུབ་སེམས་ཀྱིས་སེམས་ལ་སྨོན་དུ་མེད་པ་ཡིན། །སྨོན་པ་གཞན་དུ་འབུལ་ན་རང་གི་དོན་རྟོགས་མིན། །དེ་བཞིན་དོགས་པ་བྱེད་པའང་དེ་དང་མཚུངས་པ་ཡིན། །ཡུལ་ལ་དམིགས་པ་བཅུག་ན་རེ་དོགས་ནམ་ཡང་འབྱུང་། །སེམས་ཀྱི་རང་བཞིན་སྐྱེ་མེད་ཡིན་པར་དགོངས་ནས་ནི། །རེ་དོགས་དམིགས་པ་རྡུལ་ཙམ་མེད་པར་ཤི་བས་ཆོག །ཀུན་ཏུ་བཟང་པོའི་རང་བཞིན་ཉིད་དུ་དེ་འགྱུར་རོ། །བདག་དང་བཅས་པའི་ཡུལ་ལ་འཇུག་པའི་རྒྱུ་མ་མཆིས། །བདག་


DNG025_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྐུ་གསུང་ཐུགས་ཀྱི་འགྲོ་དོན་རྫོགས་པར་བྱེད། །རྟག་དང་ཆད་པའི་རྩིས་གདབ་བློ་ཡིས་མ་ལེན་ཅིག །བློས་བླངས་ཐམས་ཅད་རེ་དོགས་མཐར་ལྷུང་འཆིང་བའི་རྒྱུ། །རྟོགས་པའི་སེམས་ལ་བཅིང་བྱ་འཆིང་བྱེད་གཉིས་ལས་གྲོལ། །སྣང་བ་ཙམ་མ་ལམ་མེ་འདི་ཡིས་ལྷག་པ་མེད། །དབང་པོ་འགགས་ན་དེར་འཛིན་སྣང་བ་གྲོལ་བར་འགྱུར། །སེམས་ཉིད་བྱང་ཆུབ་སེམས་ལ་འཕོ་འགྱུར་ཡེ་ནས་མེད། །སེམས་དཔའ་ཆེན་པོས་དེ་ལྟར་དགོངས་པ་ལོང་མཛོད་ཅིག །ཆོས་ཉིད་རྒྱ་མཚོ་ལྟར་ལ་བཟླའ་བའི་ལེའུ་སྟེ་བརྒྱད་པའོ།། །།བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོས། ཁྱུང་ཆེན་རྩལ་རྫོགས་ལྟ་བུའི་དགོངས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །ཁྱུང་ཆེན་རྩལ་རྫོགས་མཁའ་ལ་ལྡིང་བས་སྤྲོ་བསྡུ་མེད། །སེམས་ཉིད་སྐྱེ་མེད་ཡེ་ནས་རྩལ་རྫོགས་བྱ་བཙལ་བྲལ། །མི་སྤྲོ་མི་བསྡུ་རང་བཞིན་བཞག་པས་ལྷུན་གྱིས་གྲུབ། །མྱ་ངན་འདས་པ་མི་སྤྲོ་འཁོར་བ་ལས་མི་བསྡུ། །ཡོན་ཏན་སེམས་སུ་མཉམ་པས་སྤྲོ་བསྡུ་བྱ་མི་དགོས། །རྣལ་འབྱོར་ཆོས་ལ་མི་སྤྲོ་རྣམ་རྟོག་བསྡུ་མི་བྱ། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །ཁྱུང་ཕྲུག་སྒོ་ངའི་རྒྱ་ལས་གྲོལ་བས་མ་དང་མཉམ། །རྩལ་དང་གཤོག་རྫོགས་མཁའ་ལ་དབང་སྒྱུར་ལྟར། །བྱང་ཆུབ་སེམས་ཀྱི་རྒྱ་ནི་རྣམ་པ་གསུམ་ཡིན་ཏེ། །སྣང་བ་ཁོ་ནར་འཛིན་པའི་རྒྱ་དང་ལུས་རྒྱ་དང་། །བདག་ཏུ་འཛིན་པའི་རྒྱ་ཡིས་ཡོངས་སུ་ཟིན་པ་གསུམ། །རྣལ་འབྱོར་རྒྱ་རུ་གསུངས་པ་ང་ཡིས་སྨྲས། །སྣང་བ་ངེས་མེད་དབང་པོ་འགགས་པས་སྣང་བ་གྲོལ། །འབྱུང་བཞི་རང་སར་དེངས་པས་རྣལ་འབྱོར་ལུས་རྒྱ་གྲོལ། །ཡུལ་མེད་དྲན་པ་འགགས་པས་བདག་འཛིན་རྒྱ་ལས་གྲོལ། །སྣང་བ་ངེས་མེད་རྟོགས་པས་སྣང་བའི་སྒོང་རྒྱ་ཆག །འབྱུང་བ་རང་ས་ཟིན་པས་ལུས་ཀྱི་སྒོང་རྒྱ་ཆག །དམིགས་པ་རྡུལ་ཙམ་མེད་པས་བདག་འཛིན་སྒོང་རྒྱ་ཆག །སྒོ་ང་རྣམ་གསུམ་ཆག་པས་གནས་ལུགས་མ་བུ་མཇལ། །གནས་ལུགས་གཞི་


DNG025_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྣང་སྲིད་ཁ་ལོ་སྒྱུར་བར་བྱེད། །བསྒྱུར་ཡང་བདག་འཛིན་མི་གནས་རྩལ་གྱི་འཆར་ལུགས་ཡིན། །དེ་ནི་ཀུན་བཟང་སྐུ་ཡི་ངོ་བོར་ལ་བཟླ་ཡིན། །མ་བུ་དབྱེར་མེད་ཀུན་ལ་གནས་པ་ཡིན། །དཔེ་ནི་ཉི་ཟླ་ཁ་སྦྱོར་དགོངས་པས་བསྟན་པ་ཡིན། །ཉི་མ་མ་ལ་ཟླ་བ་བུ་ཡི་ཚུལ་དུ་བྱུང་བ་ཡིན། །དེ་བཞིན་སྐྱེ་མེད་མ་ལ་ཡེ་ཤེས་བུ་ཡི་ཚུལ་དུ་བསྟན་པ་ཡིན། །སྐྱེ་མེད་ཉི་མའི་ཀློང་དུ་ཟླ་བ་ལྟ་བུའི་ཡེ་ཤེས་ཟིལ་གྱིས་མནན། །ཉི་མ་ཕྱེ་ན་ཟླ་བ་གསལ་དང་མི་གསལ་རྩིས་གདབ་མེད། །སྐྱེ་མེད་དབྱིངས་ན་གནས་པ་རྟོགས་དང་མ་རྟོགས་མེད། །ཟླ་བ་གསལ་ལ་ཉི་མ་ཉེ་བ་མ་ཡིན་དེ་དགོངས་སམ། །འདུ་ཤེས་གསལ་ལ་སྐྱེ་མེད་ཉེ་བ་མ་ཡིན་རིང་། །སྐྱེ་མེད་ཡེ་ཤེས་ཉིད་ཀྱིས་ཡེ་ཤེས་རྒྱང་དུ་འཕང་། །འདུ་ཤེས་དྲན་པའི་ཆོས་ལ་དགོངས་པ་མ་ལེན་ཞིག །འདུ་བྱེད་ང་ཡི་ཆོས་ལ་འདུ་ཤེས་མ་འཇུག་ཅིག །བྱང་ཆུབ་སེམས་ཀྱི་རོ་ལ་མྱོང་བར་མ་བྱེད་ཅིག །དམིགས་སུ་མེད་པའི་ཆོས་ལ་དམིགས་པ་མ་འཇུག་ཅིག །བླ་དྭགས་ཙམ་གྱི་ཆོས་ལ་རྩོལ་བས་མ་བསྒྲུབས་ཤིག །ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆེན་པོ་ལ། །ངེས་མེད་རྩོལ་བྲལ་སྔོན་ནས་ཀུན་ལ་ཁྱབ་པར་ཤར། །ང་ལུང་ཐོས་པས་ངེས་མེད་དགོངས་པ་ད་ལྟ་ཤར། །ཕུང་པོ་བོར་བས་ཞི་བ་མཆོག་ལ་ཕྱིན་པར་འགྱུར། །ལྟ་བ་ཁྱུང་ཆེན་ལྡིངས་པའི་དགོངས་པ་ལ་བཟླའ་བའི་ལེའུ་སྟེ་དགུ་པའོ།། །།བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོས། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་འདི་གསུངས་སོ། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་སུ་བསྟན་པ་ཡང་། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་བྱུང་བ་ཡིན། །གཟུགས་མེད་ཁམས་ལ་གཟུང་དུ་མ་མཆིས་ངོ་བོས་སྟོང་། །འཛིན་མེད་ཆོས་ཀྱི་སྐུ་རུ་ཡེ་ནས་བཞུགས་པ་ཡིན། །འདོད་པའི་ཁམས་ནི་ལོངས་སྤྱོད་སྐུ་རུ་བཞུགས་པ་ཡིན། །ཉིད་ཀྱིས་ཉིད་ལ་ལོངས་སྤྱོད་སེམས་དཔས་དགོངས་ལགས་སམ། །སེམས་ཀྱི་


DNG025_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྦྱོད་མིན་པ་ཡེ་ནས་ཡོད་མི་སྲིད། །སྔ་མའི་རྒྱགས་ཟད་ཕྱི་མའི་རྒྱགས་ལ་ལོངས་སྤྱོད་བཞིན། །སྔ་མ་གྲོལ་ཞིང་ཕྱི་མའི་འདོད་ཡོན་ལོངས་སྤྱོད་ཡིན། །དེས་ན་འདོད་ཁམས་ལོངས་སྤྱོད་སྐུ་རུ་བསྟན་པ་ཡིན། །སྣང་སྲིད་གཟུགས་སུ་ཤར་བ་བྱང་ཆུབ་སེམས་ཀྱི་གཟུགས། །གཟུགས་ལ་ངེས་པ་མེད་པ་སྣ་ཚོགས་སྤྲུལ་པའི་སྐུ། །སེམས་ཉིད་སྐྱེ་མེད་གཅིག་ལས་སྣ་ཚོགས་འབྱུང་བས་ན། །མེད་བཞིན་སྣ་ཚོགས་འབྱུང་བས་སྤྲུལ་སྐུ་ཡིན་པར་གསུངས། །སྤྲུལ་སྐུ་ཡིན་མིན་དྲན་པ་བརྟག་པར་རིགས་སོ་ཨང་། །འཁོར་དང་མྱང་འདས་གཉིས་ཀ་སྤྲུལ་པ་འདྲ་བ་ལ། །འོག་མ་རྣམས་ནི་མྱང་འདས་སྤྲུལ་པས་གསུངས་པ་ཡིན། །སྐྱེ་མེད་རྟོགས་ན་སྤྲུལ་པ་ཡོན་ཏན་མཉམ་པར་གསུངས། །དེ་བས་ཁམས་གསུམ་སྐུ་གསུམ་དབྱིངས་སུ་གྲོལ་བ་ཡིན། །གཅིག་ལ་མ་ཡིན་ཀུན་ལ་གྲོལ་བས་ཡོངས་གྲོལ་ཡིན། །ཡོངས་ན་ནམ་མཁའི་ཁམས་སུ་སྤྲིན་དང་ན་བུན་གྲོལ་བ་བཞིན། །སྐྱེ་མེད་དབྱིངས་སུ་ཁམས་གསུམ་ངང་གིས་གྲོལ་བ་ཡིན། །ཕ་ཤི་བུ་སྐྱེ་ཕ་ལ་བུ་ཡིས་རྩིས་མེད་བཞིན། །སྔ་གྲོལ་ཕྱིས་སྲིད་སྔ་མས་ཕྱི་མའི་གཉེར་སུས་བྱེད། །དེ་བས་སྲིད་གསུམ་རྣམ་དག་མཚན་མ་རང་སར་དག །སྔ་ཕྱི་རེ་དོགས་མི་བྱེད་ཀུན་བྱེད་བཀའ་ལ་གནས། །འདོད་ཆགས་ཞེ་སྡང་གཏི་མུག་གཏན་ནས་བརླག །ཡུལ་ལ་འདས་པར་གོ་ན་ཡུལ་སྣང་རང་དུ་རྫོགས། །དགོངས་པའི་མཐར་ཐུག་དགོངས་པ་ཀུན་ལས་འདས་པ་ཡིན། །ཡོངས་གྲོལ་དུ་ལ་བཟླའ་བའི་ལེའུ་སྟེ་བཅུ་པའོ།། །།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། བློ་ཐག་བཅད་ཅིང་བསྟན་པ་གཏད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ད་ཉོན་ཅིག །ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་པ་བཅད་པ་ནི། །བྱང་ཆུབ་སེམས་ནི་བློ་ཡིས་བསམ་པ་མིན། །བསམས་ཤིང་བརྟགས་པའི་ཆོས་ནི་རིག་བྱེད་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་རང་ཤར་དེ་ལ་མེད་པ་ན། །བློ་ཡིས་


DNG025_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ཤིང་བསྒོམས་པའི་ཆོས་ལ་རེ་མ་འཇོག །ཆོས་རྣམས་ཀུན་གྱི་ཐག་ནི་བྱང་ཆུབ་སེམས་སུ་བཅད། །མ་བལྟས་མ་བསྒོམས་བསམ་པ་མེད་པས་ཐག་ཆོད་ན། །དེ་ལ་རང་བྱུང་ཡེ་ཤེས་ཤར་བས་ཐག་དེར་བཅད། །ཆོས་སྐུ་དམིགས་སུ་མེད་པར་སེམས་དཔས་བློ་ཐག་ཆོད། །འདོད་ཡོན་ལོངས་སྐུ་ཡིན་པར་སེམས་དཔས་བློ་ཐག་ཆོད། །ཕན་སེམས་སྤྲུལ་སྐུ་ཡིན་པར་སེམས་དཔས་བློ་ཐག་ཆོད། །སྣང་བ་རང་སེམས་ཡིན་པར་སེམས་དཔས་བློ་ཐག་ཆོད། །སེམས་ལ་གཉིས་སུ་མེད་པར་བག་ཆགས་སྦྱང་དུ་མེད། །ཡུལ་མེད་རང་གསལ་ཡིན་པར་སེམས་དཔས་བློ་ཐག་ཆོད། །ཐིག་ལེ་ཉག་གཅིག་སེམས་ཀྱི་རང་བཞིན་ཡིན་མོད་ཀྱང་། །ཉག་གཅིག་ཅིར་ཡང་འབྱུང་བས་སྤང་དང་བསྒྲུབ་མ་བྱེད། །ཀུན་ཀྱང་ཡོན་ཏན་མཉམ་པར་སེམས་དཔས་བློ་ཐག་ཆོད། །ད་ལྟར་སྣང་བའི་སྒྱུ་ལུས་འདི་ཀུན་སེམས་དཔས་ཇི་ལྟར་དགོངས། །འབྱུང་བའི་ཆོ་འཕྲུལ་ཙམ་དུ་སེམས་དཔས་དགོངས་མཛོད་ལ། །སེམས་ནི་བླ་མེད་ནམ་མཁའ་ལྟ་བུར་བློ་ཐག་ཆོད། །ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །རྩ་རྒྱུད་ལེའུ་ལྔ་བཅུ་རྩ་བདུན་གསུངས་པ་ཡང་། །རང་བྱུང་ཡེ་ཤེས་ཚིག་ཏུ་བསྟན་པའི་མདོ་ལུང་ཡིན། །སེམས་ལས་རང་བྱུང་ཡེ་ཤེས་གཅིག་ཏུ་ལ་ཟློས་ཤིག །ཕྱི་མ་ལེའུ་བཅུ་དང་གཉིས་སུ་གསུངས་པ་ཡང་། །རང་བྱུང་ཡེ་ཤེས་བསམ་པས་བརྟགས་པ་ཡིན། །དེ་ཡང་རང་བྱུང་གཅིག་ཏུ་སེམས་དཔས་ལ་ཟློས་ཤིག །ཕྱི་མའི་ཕྱི་མ་ལེའུ་བཅུ་དང་ལྔ་རུ་གསུངས་པ་ཡང་། །རང་བྱུང་ཡེ་ཤེས་རྣལ་དུ་འཇོག་པར་དགོངས་པ་ཡིན། །སེམས་དཔའ་རང་བྱུང་ཡེ་ཤེས་གཅིག་ཏུ་ལ་ཟློས་ཤིག །ཐོས་པས་སྟོན་པའི་ལྡེ་མིག་དང་། །བསམས་པས་གྲོལ་བའི་ལྡེ་མིག་དང་། །བསྒོམས་པས་འབྱིན་པའི་ལྡེ་མིག་གིས། །ངེས་པར་གཏན་ལ་ཕབ་པས་ན། །སེམས་དཔས་ལེགས་པར་ཐག་ཆོད་ཅིག །
ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །ལ་ཟློ་གསང་བའི་འཁོར་ལོ་འཁོར་བའི་སྲོག་གཅོད་འདི། །སེམས་དཔའ་རྡོ་རྗེ་ཁྱོད་ལ་འདི་གཏད་དོ། །བློ་ལྡན་སྐལ་བ་ཅན་ལ་འདི་གསུངས་ཤིག །དམ་མེད་གསང་སྡོམ་ཆུར་སྐྱུར་གདུངས་པ་དང་། །སྲིན་པོ་རཀ་ཤ་འདྲེ་བརྡུང་མཐུ་ངོམ་དང་། །རྟག་ཏུ་གྲོང་ཁ་ཡུགས་སའི་གླང་རྒན་ལ། །རྫོགས་ལྡན་འདི་འདྲའི་དགོངས་པ་མི་བསྟན་ནོ། །རྒྱུད་ཆེན་ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བ། དགོངས་པ་ཀློང་ནས་ཤར་བའི་མུན་སེལ་རྫོགས་སོ།། །།འདི་ཐོས་སངས་རྒྱས་དགོངས་པ་ཡིན། །འདི་བསྒོམས་སངས་རྒྱས་དགོངས་པ་ཐོབ། །འདི་བསྒོམས་སངས་རྒྱས་དགོངས་ལ་གནས། །ཨེ་མ་ཧོ། བསམ་དགོངས་མེད་པར་ལ་བཟླ་བའོ།། ཨྠྀཨི།།

རྗེ་བཙན་དམ་པ།


DNG025_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙ་ར་ཤ་ཨཱར་ཐཱ། བོད་སྐད་དུ། རྗེ་བཙན་དམ་པ། རྟོགས་པའི་ལྷ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་རྗེ་བཙན་དམ། །སྟོན་པའི་ཐུགས་ལ་བཏོན་ཏེ་བཤད། །སྐྱོན་གྱིས་བགོར་མེད་གདོད་ནས་དག །མ་བཙལ་བཞག་ན་སྒོམ་པའི་མཆོག །འགྲོ་ཀུན་གནས་པའི་བྱང་ཆུབ་སེམས། །མི་འགྱུར་རྗེ་བཙན་ཆོས་ཀྱི་སྐུ། །ངང་གནས་མི་ནུབ་རྡོ་རྗེའོ། །སྣང་དང་མི་སྣང་གཉིས་མེད་དེ། །བདེ་ཆེན་ཡོངས་རྟོག་རྗེ་བཙན་སྐུ། །ཡ་མཚན་མཁའ་ལ་རིགས་པའི་ཐུགས། །སྨྲ་བསམ་ཡུལ་ལས་ཤིན་ཏུ་འདས། །དམིགས་མེད་དོན་རྟོགས་ཆོས་ཀྱི་རྗེ། །སྣང་བའི་ཡུལ་ལས་གང་གནས་ཀྱང་། །རྗེ་བཙན་སྐུ་ལ་གཡོས་པ་མེད། །ཡི་གེ་འབྲུ་ལ་རྟོག་པ་རྣམས། །རྗེ་བཙན་དོན་ལ་ཉམས་ཏེ་དམན། །ཕྱི་ནང་གཉིས་ཀ་བདེ་ཆེན་པོ། །རྗེ་བཙན་རྟོགས་པའི་རང་རིག་སེམས། །འཁོར་བ་མྱང་འདས་གཉིས་མེད་དེ། །ཇི་ལྟར་བལྟས་པས་བྱང་ཆུབ་སེམས། །ཡེ་སངས་
རྒྱས་པས་ཆོས་ཀྱི་སྐུ། །རྗེ་བཙན་དམ་པ་རྫོགས་སོ།། །།

ཀུན་འདུས།


DNG025_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཨ་ཏ། བོད་སྐད་དུ། ཀུན་འདུས། སྤྲོས་མེད་ཆོས་ལ་ཕྱག་འཚལ་ལོ། །སྣ་ཚོགས་གཅིག་ཏུ་འདུས་པའི་ངང་། །འབྱུང་བ་བཞི་ཉིད་ནམ་མཁར་འདུས། །ནམ་མཁའ་དཔེར་བསྟན་བྱང་ཆུབ་སེམས། །རིག་པ་རང་ལ་རྫོགས་པས་ན། །ཀུན་འདུས་རྒྱལ་པོར་ང་སྨྲས་སོ། །ལྟ་བའི་ཀློང་ཚོགས་ཨ་ཏི་ལ། །ཐེག་བརྒྱད་སོ་སོའི་དོན་བརྗོད་ནས། །གྲུབ་པ་གཅིག་ཏུ་ངེས་པར་འདུས། །ཡིད་ལ་མ་ཡེངས་བརྗོད་མེད་བཞག །མ་ལུས་སངས་རྒྱས་སེམས་སུ་འདུས། །རྩ་བ་བྲལ་བའི་སེམས་ཉིད་དེ། །སུས་ཀྱང་མ་བྱས་ཡེ་ནས་གནས། །མི་འགྱུར་ལྷུན་གྱིས་གྲུབ་པ་ཡི། །ཡང་དག་ཆོས་ཉིད་དབྱིངས་ཀྱི་བླ། །རྒྱུ་ལ་རག་མ་ལས་པའི་སེམས། །བདེ་ཆེན་འདུ་འབྲལ་མེད་པའི་སེམས། །འབྲས་བུ་རང་ལ་རྫོགས་པས་སུ། །སྣང་སྲིད་ཐམས་ཅད་ཡེ་སངས་རྒྱས། །བདག་དང་བྲལ་བས་འཁོར་བ་ཆོད། །དཔལ་ལྡན་སྐུ་གསུམ་རང་བྱུང་བདེ། །སངས་རྒྱས་མ་ལུས་དབྱིངས་སུ་གཅིག །སྐྱེ་མེད་དོན་ལ་ཐབས་ཀྱིས་འདུས། །མ་བཅོས་ངང་དུ་འགྲོ་བས་ན། །ཐམས་ཅད་ཐུགས་རྗེ་ཐབས་ཀྱིས་བཏུལ། །གཅིག་ལ་མེད་པའི་རིན་ཆེན་འདི། །གཟུང་འཛིན་ཟད་པས་མཉམ་པའི་རྒྱལ། །ཡེ་ཤེས་རོལ་པས་གཅིག་ཏུ་གསལ། །སྙིང་རྗེ་མེད་པས་གསོད་པ་དང་། །ལྟ་བ་མེད་པས་ཟ་བ་ནི། །འགྲོ་དྲུག་ཡེ་ནས་སངས་རྒྱས་ཏེ། །ཐམས་ཅད་ལྷག་མ་མེད་པར་བསྒྲལ། །ཇི་ལྟར་སྣང་བ་ཀུན་ཏུ་ཁྱབ། །ཡེ་ནས་གཅིག་གི་ངང་དུ་འདུས། །བྱས་ན་འཆིང་བའི་ལམ་ཡིན་ལ། །མ་བསྒྲུབས་འདུ་འབྲལ་མེད་པར་བསྟན། །ཡེ་ནས་ཡིན་པའི་བདེ་ཆེན་དེ། །གནས་ལ་ཆགས་པ་མེད་པས་ན། །འདུས་ལས་མ་བྱས་སྣང་བ་དེ། །ཀུན་ལ་ཁྱབ་པས་སྤྲོ་བསྡུ་མེད། །གང་ཡང་མ་འགགས་སོ་སོར་གསལ། །མ་ལུས་འདུས་པའི་རྒྱན་དུ་ཆེ། །རག་མ་ལུས་པའི་རྒྱ་མདུད་དེ། །གཞན་གྱིས་བཅོས་སུ་ཡེ་མེད་པས། །སྤྲུལ་པའི་རྒྱ་མཚོ་ཐམས་ཅད་ཀུན། །གཞི་རྩ་མེད་པའི་ངང་དུ་གཞག །སུས་ཀྱང་མ་བྱས་ཉིད་ལ་འདུས། །ཀུན་འདུས་རྫོགས་སོ།། །།

ཁམས་གསུམ་སྒྲོན་མ།


DNG025_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏྲཻ་ལོ་ཀྱ་པྲ་ཏི་བཾ། བོད་སྐད་དུ། ཁམས་གསུམ་སྒྲོན་མ། ཆོས་ཉིད་སྟོང་པའི་ངང་ལ་ཕྱག་འཚལ་ལོ། །ཁམས་གསུམ་སྒྲོན་མ་རྐྱེན་དང་བྲལ། །མ་རིག་མུན་སེལ་བློས་མ་རེག །གཞན་ནས་བཙལ་བས་རྙེད་མི་འགྱུར། །ཐིག་ལེ་བརྡལ་བའི་རང་བྱུང་བདེ། །རིག་པ་རང་ཤར་བཅོས་སུ་མེད། །ལྷུན་གྲུབ་བཙལ་དུ་གདོད་ནས་མེད། །སྙིང་པོའི་སྙིང་པོ་གཉིས་མེད་མཆོག །ཡེ་ནས་ཐ་སྙད་ཀུན་དང་བྲལ། །ཇི་བཞིན་གསལ་ལ་རྟོག་མེད་དོན། །དོན་དམ་སྤྲོས་མེད་ཡང་དག་དབྱིངས། །བཙལ་དུ་མེད་པས་སྒོམ་ཚིག་འདས། །ཇི་བཞིན་ཀློང་དུ་གྱུར་པས་ན། །རྣམ་དག་དོན་ལ་མཁས་པ་ཡིན། །གདོད་ནས་མ་སྐྱེས་གསལ་བའི་ཀློང་། །དོན་དམ་རྟོགས་པས་ཆོས་ཀྱི་སྐུ། །ལོངས་སྤྱོད་བདེ་ཆེན་རྒྱལ་པོའི་སྐུ། །ཡེ་ཤེས་རོལ་པས་སྤྲུལ་པའི་སྐུ། །ཐུགས་རྗེ་བྱང་ཆུབ་སེམས་དཔའི་ལམ། །མ་གཡོས་རྟོག་མེད་ཆོས་ཀྱི་ལམ། །རང་བཞིན་གནས་པས་བདེ་བའི་རྫོང་། །ཁམས་གསུམ་མུན་སེལ་སྒྲོན་མའི་མཆོག །བདེ་ཆེན་རང་བྱུང་ཐུགས་རྗེར་གསལ། །ཁམས་གསུམ་སྒྲོན་མ་རྫོགས་སོ།། །།

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད།


DNG025_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་སཏྭ་ས་མ་ཡ། ཁེ་མ་ཧཱ་དེ་ཧ་པུཥྚིཾ་ག་ར་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། འོག་མིན་གྱི་གནས། ཆོས་ཉིད་ཀྱི་མཁའ། དབྱིངས་ཉིད་ཀྱི་ཀློང་། སེམས་ཉིད་ཀྱི་གནས། ཡེ་ཤེས་སྒྲིབ་པ་མི་མངའ་བའི་གཞལ་ཡས་ན་ཉིད་ཀྱི་རང་བཞིན་དང་། ཉིད་ཀྱི་ངོ་བོ་དང་། ཉིད་ཀྱི་ཐུགས་རྗེས་སྤྲུལ་པའི་འཁོར་འདི་ལྟ་སྟེ། རང་བཞིན་གྱི་འཁོར་ཆོས་ཀྱི་སྐུ་ཞེས་བྱ་བ་དང་། ངོ་བོ་ཉིད་ཀྱི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་དང་། ཐུགས་རྗེ་ཆེན་པོའི་འཁོར་སྤྲུལ་པའི་སྐུ་ཞེས་བྱ་བ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་འབྱེད་པ་མེད་
པའི་འཁོར་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཐམས་ཅད་བསྡུས་ནས་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་སོ། །དེ་ནས་རྡོ་རྗེ་སེམས་དཔའི་ཉིད་ཀྱི་རང་བཞིན་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་པ་དེ་ལས་ཕྱུང་ན་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་དགའ་བའི་སེམས་ཀྱིས་དང་བའི་མདངས་ཕྱུང་ནས་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་སྨྲས་པ། རྡོ་རྗེ་སེམས་དཔའ་ཨེ་མ་ཧོ། །དགའ་བའི་སེམས་སྐྱེས་ཨེ་མའོ། །དང་བའི་མདངས་ཕྱུང་ཨེ་མའོ། །ང་ལས་ཕྱུང་བ་ཨེ་མའོ། །ཁྱེད་འདུད་དགའ་བ་ཨེ་མའོ། །ཞེས་གསུངས་པས། རྡོ་རྗེ་སེམས་དཔས་ཞུས་པ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལགས། །སྟོན་པ་ཉིད་ཀྱང་ཐིག་ལེ་སྤྲོས་པ་མེད། །འཁོར་རྣམས་ཀུན་ཀྱང་ཐིག་ལེ་སྤྲོས་པ་མེད། །བསྟན་པ་ཀུན་ཀྱང་ཐིག་ལེ་སྤྲོས་པ་མེད། །དུས་དང་གནས་ཀྱང་ཐིག་ལེ་སྤྲོས་པ་མེད། །ཐམས་ཅད་ཀུན་ཀྱང་ཐིག་ལེ་སྤྲོས་མེད་ན། །སྟོན་པའི་སྟོན་པས་ཅི་ཞིག་སྟོན་པར་མཛད། །འཁོར་དུ་འཁོར་བའི་འཁོར་ནི་ཅི་ལ་འཁོར། །འཁོར་ལ་སྟོན་པས་ཅི་ཞིག་སྟོན་པར་མཛད། །དུས་དང་གནས་ནི་གཅིག་པ་ཅི་ལྟ་བུ། །ཞེས་པ་དང་། དེ་ནས་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །ངས་དོན་མ་ལུས་པ་སྒྲར་བཤད་ཀྱིས་ཡིད་ལ་བྱོས་ཤིག །སེམས་ཉིད་ཀུན་ཏུ་བཟང་པོ་ང་ཉིད་ནི། །སྟོན་པ་དང་ནི་བསྟན་པ་འཁོར་དུས་གནས། །ང་ལས་བྱུང་བས་ཡེ་ནས་ཐིག་ལེ་སྟེ། །ང་ཡིས་རང་བཞིན་ཐིག་ལེར་བསྟན་པ་ཡིན། །ཐིག་ལེ་ཡེ་ནས་སྤྲོས་པ་མེད་པའི་དོན། །སྙིང་པོ་མ་སྤྲོས་ཡེ་ནས་ཐིག་ལེ་ཡིན། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་རྡོ་རྗེ་སེམས་དཔས་ཞུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་རྩ་བ་བཤད་དུ་གསོལ། །ཞེས་ཞུས་པས། ཀུན་ཏུ་


DNG025_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །ང་ཡི་རང་བཞིན་བསྟན་པ་ནི། །གནས་ནི་ཆོས་ཉིད་དབྱིངས་ན་གནས། །གསལ་ནི་རིག་པའི་མཁའ་ལ་གསལ། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏོ། །བསྟན་ནི་ཐེག་པ་དགུ་རུ་བསྟན། །འདུས་ནི་རྫོགས་པ་ཆེན་པོར་འདུས། །བསྟན་དུ་མཚན་མའི་དངོས་པོ་མེད། །མཐོང་དུ་མེད་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་གིས་བརྗོད་དུ་མེད། །རྒྱུ་ལས་མ་བྱུང་སྙིང་པོ་འདི། །ཡོད་ནི་གཅིག་ལས་མེད་པ་སྟེ། །སྤྲོས་ནི་སྣ་ཚོགས་ཁྱབ་པར་སྤྲོས། །བརྟགས་པས་མ་མཐོང་ཅིར་ཡང་མཐོང་། །གང་ལྟར་བསྒོམ་ཡང་འགྱུར་བ་མེད། །ཐ་དད་སྤྲོས་ཀྱང་ཐིག་ལེ་གཅིག །ཀུན་བྲལ་ཉག་གཅིག་ཅི་མ་ཡང་། །མཐོང་བྱེད་སྣ་ཚོགས་ཀུན་གྱི་གཞི། །དམིགས་སུ་མེད་པར་མཚོན་ཏེ་བསྟན། །དེ་འདོད་ངེས་པར་རྟོགས་འདོད་ན། །དེ་ནི་ནམ་མཁའ་ལྟ་བུར་བརྟགས། །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགག་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་པ་མེད་པར་མཚོན་ཏེ་བསྟན། །ཚིག་ཏུ་བརྗོད་པ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དོ། །དམིགས་མེད་དོན་གྱི་ངོ་བོ་བསྟན། །དོན་ཆེན་འདི་ཡིས་རྟོགས་པར་བྱེད། །འདི་ཡིས་དོན་ཆེན་མ་རྟོགས་ན། །དོན་གྱི་སྒྲ་ཚིག་ཅི་བསྟན་ཀྱང་། །སྙིང་པོའི་དོན་དང་འཕྲད་མི་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། སྙིང་པོ་རྩ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་རྡོ་རྗེ་སེམས་དཔས་ཞུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །སྟོན་པ་དང་ནི་བསྟན་པ་དང་། །དེ་བཞིན་འཁོར་ཚོགས་བཤད་དུ་གསོལ། །ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་


DNG025_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་འདུས་པའི་འཁོར། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །བསྟན་པ་ཡང་ནི་རྣམ་པ་གསུམ། །དེ་འཛིན་འཁོར་ཡང་གསུམ་དུ་བསྟན། །སྟོན་པ་གསུམ་ནི་འདི་ལྟ་སྟེ། །ཆོས་ཀྱི་རང་བཞིན་སྟོན་པ་དང་། །ཆོས་ཀྱི་ངོ་བོ་སྟོན་པ་དང་། །དོན་གྱི་སྒྲ་ཚིག་སྟོན་པའོ། །རང་བཞིན་སྟོན་པའི་སྟོན་པས་ནི། །སྐྱེ་བ་མེད་པའི་བྱིན་བརླབས་ལས། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །དེ་བཞིན་ཉིད་དུ་སྟོན་པར་བྱེད། །ངོ་བོ་སྟོན་པའི་སྟོན་པས་ནི། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སྟོང་པ་ཉིད་ཀྱི་སྐུར་བྱུང་ནས། །ངོ་བོ་དེ་ལས་མེད་པར་སྟོན། །སྒྲ་ཚིག་སྟོན་པའི་སྟོན་པས་ནི། །ཆོས་རྣམས་དོན་གྱི་སྒྲར་བསྡུས་ནས། །མ་རིག་མི་ཤེས་སེམས་ཅན་ལ། །དེ་དོན་སྒྲ་ཚིག་སྡེབས་ནས་སྟོན། །བསྟན་པ་རྣམ་པ་གསུམ་ནི་འདི་ལྟ་སྟེ། །ཆོས་སྐུའི་བསྟན་པ་དེ་བཞིན་ཉིད་དུ་བསྟན། །དེ་བཞིན་ཉིད་ལ་རྣམ་པར་དབྱེ་རུ་མེད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སེམས་ཀྱི་ངོ་བོ་ཡིན་པས་དེ་བཞིན་ཉིད། །དེ་ལ་གང་ཞིག་འཆོས་ཤིང་སྒོམ་བྱེད་པ། །དེ་ཡིས་ཆོས་སྐུའི་བསྟན་པ་རྟོགས་པ་མེད། །སྣང་བ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། །མ་ནོར་དེ་བཞིན་ཉིད་དུ་མ་རྟོགས་ཏེ། །དེ་ལ་གང་དུ་འཆོས་ཤིང་སྒོམ་བྱེད་པ། །དེ་ཡིས་རང་སེམས་བཅོས་མེད་དེ་མ་རིག །སྣང་སྲིད་ཆོས་དང་སྣང་སྲིད་བྱང་ཆུབ་སེམས། །སེམས་ཀྱིས་དེ་བཞིན་ཉིད་ཕྱུང་དེ་བཞིན་ཉིད། །དེ་བཞིན་ཉིད་དུ་མ་རྟོགས་སོ་སོར་མཐོང་། །དེ་བཞིན་ཉིད་ནི་དབྱིངས་ནས་འཚོལ་བྱེད་པ། །དུས་གསུམ་རྒྱལ་བས་བཙལ་ཡང་མི་རྙེད་དོ། །ལོངས་སྤྱོད་རྫོགས་པའི་བསྟན་པ་ལོངས་སྤྱོད་དུ། །ལོངས་སྤྱོད་ལྔ་ནི་ཆོས་ཉིད་ལོངས་སྤྱོད་གཅིག །སངས་རྒྱས་སེམས་ཅན་ཀུན་གྱི་ལོངས་སྤྱོད་དུ། །ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྱོད་དུ་མེད། །གཟུགས་ལ་སོགས་པའི་ལོངས་སྤྱོད་ལྔ་ལ་ནི། །གཅིག་ལ་ལྔ་ལྔ་ཉི་ཤུ་རྩ་ལྔར་སྤྱོད། །རྩ་ལྔའི་ལོངས་སྤྱོད་དེ་ནི་སྐུ་ལྔའི་ཚུལ། །ཆོས་ཉིད་དོན་གྱི་ངོ་བོ་ཉིད་དུ་བཤད། །


DNG025_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུའི་བསྟན་པ་ཐུགས་རྗེས་དོན་མཛད་དེ། །ཁམས་གསུམ་སེམས་ཅན་བསམ་པ་ཐ་དད་ལ། །སྐུ་དང་གསུང་དང་ཐུགས་ནི་རྣམ་གསུམ་གྱིས། །བསམ་པ་ཐམས་ཅད་སྐུ་གསུང་ཐུགས་རྗེས་བཟློག །དེ་འཛིན་འཁོར་ནི་རྣམ་པ་གསུམ་བསྟན་ཏེ། །ཤིན་ཏུ་རྣལ་འབྱོར་རྩོལ་བསྒྲུབ་འདས་པའི་འཁོར། །སྒོར་ཞུགས་ཡིད་ཆེས་སངས་རྒྱས་ས་ལ་གནས། །རིག་འཛིན་ས་དང་དང་པོ་བཅུ་པར་འཁོར། །མ་འཐོབ་ཉེ་རེག་སྒོམ་པའི་ས་ལ་གནས། །སེམས་བསྐྱེད་མོས་པ་སྤྱོད་པའི་འཁོར་རྣམས་ནི། །རྒྱུ་དགེ་འབྲས་བུ་དུག་འཇོམས་ས་ལ་གནས། །དེ་ནི་སྟོན་པ་གསུམ་གྱི་འཁོར་དུ་བསྟན། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། སྟོན་པ་དང་ནི་བསྟན་པ་དང་འཁོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་བྱ་མེད་བཤད་དུ་གསོལ། །ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །བྱ་བ་མེད་པའི་དོན་འདི་ནི། །ཀུན་བཟང་ང་ཡི་རང་བཞིན་ཏེ། །ང་ཡི་རང་བཞིན་འགྱུར་མེད་ལ། །བསྒོམས་ཤིང་འཆོས་ན་བསྒྱུར་བ་ཡིན། །ཡེ་ནས་ལྷུན་གྱིས་གྲུབ་པ་ལ། །བསྒྲུབ་ན་ང་ལ་འཆོས་པ་ཡིན། །ང་ནི་ཡེ་ནས་བྱས་ཟིན་པས། །བྱ་བ་མེད་པའི་ཆོས་ཉིད་ཡིན། །ཆོས་ཉིད་ང་ཡི་རང་བཞིན་པས། །རང་བཞིན་དེ་ལ་བྱ་རུ་མེད། །བཅོས་སུ་མེད་པའི་རང་བཞིན་ལ། །རྡོ་རྗེ་སེམས་དཔའ་ཁྱོད་མ་འཆོས། །རྡོ་རྗེ་སེམས་དཔའ་ཁྱོད་འཆོས་ན། །ཀུན་ཏུ་བཟང་པོ་འཆོས་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཀུན་ཀྱང་ང་ཡི་རང་བཞིན་ཡིན། །མི་གནས་དམིགས་པའི་ཡུལ་དང་བྲལ། །སྤྲོས་མེད་བསམ་མེད་ཡུལ་ལས་འདས། །དེ་ལ་སྤང་འགེགས་སུ་བྱེད་པ། །བསྐལ་པར་བཙལ་ཡང་རྙེད་པར་དཀའ། །ང་ལས་བཙལ་བས་གྲུབ་པ་མེད། །ང་ལས་སྦྱོངས་


DNG025_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱང་བ་མེད། །ང་ལ་མ་ལྟ་ཡུལ་མེད་ཀྱི། །ང་ལ་མ་བགྲོད་ལམ་མེད་ཀྱི། །ང་ལ་མ་སྤྱོད་སྒྲིབ་མེད་ཀྱི། །ང་ལ་བགྲོད་པས་ཕྱིན་པ་མེད། །བདེ་ཆེན་ཆོས་སྐུ་སེམས་སུ་གཅིག་པའི་ཕྱིར། །སྔ་ཕྱིར་དུས་གསུམ་མེད་དེ་ཁྱད་པར་མེད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རིག་པའི་ཡེ་ཤེས་ཡུལ་གྱིས་བཙལ་མི་དགོས། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །རྩོལ་བའི་ཕྲིན་ལས་ཡེ་ནས་བྱ་མི་དགོས། །ཡེ་ནས་བྱང་ཆུབ་ས་ལ་ཀུན་གནས་པས། །རིག་འཛིན་ས་དང་ས་བཅུ་སྦྱང་མི་དགོས། །ཡེ་ནས་བྱས་ཟིན་ལྟ་བ་བསྒོམ་མི་དགོས། །ཡེ་ནས་རྣམ་དག་དམ་ཚིག་བསྲུང་མི་དགོས། །མི་གནས་མི་རྟོག་ཅིར་ཡང་དགོངས་མེད་པས། །མི་རྟོག་མཉམ་པའི་ཡུལ་ལ་རང་བཞིན་གནས། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། བྱ་བ་མེད་པའི་ལེའུ་སྟེ་བཞི་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།ཐམས་ཅད་བྱང་ཆུབ་སེམས་ཁོ་ནར་སངས་རྒྱས་པའི་དོན་བཤད་དུ་གསོལ། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་པ་མེད། །དེས་ན་སེམས་ལ་སངས་རྒྱས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་ལོངས་སྤྱོད་སྐུ། །སེམས་ལས་བྱུང་བའི་གཟུགས་རྣམས་ལ། །ལོངས་སྤྱོད་རྫོགས་པས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་སྤྲུལ་པའི་ལས། །འགྲོ་བའི་དོན་མཛད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དེ། །སྔར་བས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་


DNG025_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་རང་བཞིན་ཏེ། །མ་བཅོས་ཇི་བཞིན་རྟོགས་གྱུར་ནས། །ད་ལྟར་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་བྱུང་སེམས་ཉིད་འདི་ལ་ནི། །སྔ་བས་འཆོས་པས་ལུང་མ་བསྟན། །ད་ལྟར་ཏིང་འཛིན་སེམས་མི་བཅོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཇི་ལྟར་སྣང་བའི་ཆོས་རྣམས་ལ། །བྱང་ཆུབ་སེམས་སུ་མ་རྟོགས་ཏེ། །བཅོས་ཤིང་བསྒྲུབ་པས་འགྲུབ་མི་འགྱུར། །མ་རྟོགས་བཅོས་པས་འགྲུབ་པ་ཡི། །བསྐལ་པ་དུ་མའི་གྲངས་བགྲངས་ཀྱང་། །མི་བཙལ་བདེ་བ་དང་མི་ཕྲད། །སྐུ་གསུམ་སེམས་ལས་མ་བཅོས་ཕྱིར། །སྐུ་གསུམ་སྟོན་པའི་ཀུན་བཟང་ལས། །དེ་བཞིན་འཆོས་པར་བྱེད་པ་ཡི། །སྟོན་པས་བདེན་ཚུལ་ཅི་བསྟན་ཀྱང་། །ཉིད་ཀྱི་རང་བཞིན་སྟོན་པ་ཡིན། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། བྱང་ སེམས་བཅོས་མེད་ཀྱི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོས། །ཉིད་ཀྱི་ལྟ་སྒོམ་བཤད་དུ་གསོལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །རྫོགས་ཆེན་ལྟ་བ་སྒོམ་དུ་མེད་པ་ནི། །ཀུན་ཏུ་བཟང་པོའི་སེམས་ཀྱི་ཡོན་ཏན་ཏེ། །བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་གྱིས། །བཙལ་ཞིང་བསྒྲུབ་པའི་དཀའ་བ་སྤྱོད་མི་དགོས། །རྒྱུ་རྐྱེན་མེད་པས་བཙལ་བའི་ལས་མི་དགོས། །འབྲས་བུའི་རང་བཞིན་གཞན་ནས་སྒྲུབ་མི་དགོས། །ཆོས་ཉིད་རང་བཞིན་སྒོམ་པས་བྱ་མི་དགོས། །མ་བྱས་པས་ནི་འཇིག་པའི་གཉེན་པོ་མེད། །གཞན་ལ་མི་ལྟོས་བསྒོམ་ནས་འཆོལ་མི་དགོས། །དམ་ཚིག་བསྲུང་བའི་སྒོམ་པ་བྱ་མི་དགོས། །ཕྲིན་ལས་བཙལ་བའི་སྒོམ་པ་བྱ་མི་དགོས། །ལམ་ལ་མི་བགྲོད་ས་ལ་མི་སྦྱོང་སྟེ། །རང་ལས་ཆོས་ནི་གཞན་དུ་ཚོལ་མི་བྱེད། །ང་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ཚིག་གིས་མི་ཕེབས་དབང་པོའི་སྤྱོད་ཡུལ་འདས། །རང་གི་


DNG025_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་བསྡུས་ཏེ་ཐིག་ལེར་གནས། །མ་སྤྲོས་གཉིས་མེད་ཡེ་ནས་གཅིག་ཏུ་བསྟན། །རང་བྱུང་ཡེ་ཤེས་མི་རྟོག་གཡོས་པ་མེད། །རྒྱུ་འབྲས་འདས་པས་རྩོལ་དང་སྒྲུབ་མི་བྱེད། །མ་བྱུང་བས་ན་དངོས་པོ་སྒོམ་མི་བྱེད། །མ་སྐྱེས་པས་ན་འཇིག་པའི་དོགས་པ་མེད། །བདེ་ཆེན་བརྡལ་བ་ཆེན་པོའི་ཀློང་དཀྱིལ་ན། །མི་སྣང་བས་ན་དམིགས་པའི་ཡུལ་དང་བྲལ། །ཆོས་ཉིད་སྣང་བ་མེད་པའི་རང་བཞིན་ལ། །མི་རྟོག་མཉམ་པ་ཆེན་པོར་ངང་གིས་གནས། །ཆོས་ཉིད་སྤྲོས་པ་མེད་པའི་རང་བཞིན་ལ། །རིག་པས་མི་རྟོག་ཏིང་འཛིན་མི་བྱེད་ཅིང་། །གང་ཞིག་ངང་ལ་སྒོམ་པ་བྱེད་པ་དེས། །སྒོམ་པ་ཉིད་ཀྱི་ངང་དང་ཕྲད་མི་འགྱུར། །ཆོས་ཉིད་མངོན་དུ་ཕྱུང་བ་ང་ཡིན་པས། །སྡུག་བསྔལ་མི་སྐྱེ་རྣམ་པར་སྤང་མི་དགོས། །རང་བྱུང་ཡིན་པས་སྐྱེ་འཇིག་མེད་པའི་ཕྱིར། །མ་རིག་རྟེན་འདྲེལ་དབང་པོ་དགག་མི་དགོས། །རང་རྒྱུད་རྣམ་དག་ཆོས་ཉིད་སྦྱང་མི་དགོས། །ཡེ་ནས་དག་པས་གཙང་སྦྲ་བྱ་མི་དགོས། །ཡེ་ནས་ལྷུན་གྲུབ་རྩོལ་སྒྲུབ་བྱ་མི་དགོས། །ང་ཡི་ངོ་བོ་ཀུན་གྱིས་མཐོང་བྱའི་ཕྱིར། །ང་ཡིས་མངོན་དུ་ཕྱུང་བའི་ཆོས་རྣམས་ནི། །སྣ་ཚོགས་དབང་པོའི་ངོ་ལ་བསྟན་པ་ཡིན། །དེ་ལ་ང་ཡི་རང་བཞིན་ཀུན་རྟོགས་ཤིག །དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བཟང་ང་ཡི་རང་བཞིན་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུང་། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། ལྟ་བ་སྒོམ་མེད་ཀྱི་ལེའུ་སྟེ་དྲུག་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་དམ་ཚིག་བཤད་དུ་གསོལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །མ་སྐྱེས་སྤྲོས་དང་བྲལ་བའི་རང་བཞིན་གྱིས། །སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་ཡུལ་ཕྱུང་ནས། །ཡུལ་མེད་རང་གི་རང་བཞིན་ཡིན་ཞེས་བྱ། །དེ་ལ་མི་རྟོག་རྟོག་པའི་ཡུལ་ལས་འདས། །ཡུལ་ལ་མི་


DNG025_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྤང་དང་ལེན་མེད་པས། །མེད་པ་ཕྱལ་པ་གཅིག་ཏུ་ལྷུན་གྲུབ་སྟེ། །བསྲུང་བར་བྱ་བའི་ཚུལ་ཁྲིམས་ཀུན་དང་བྲལ། །ཀུན་བཟང་ང་ལ་བསྲུང་བའི་དམ་ཚིག་མེད། །རྒྱུ་རྐྱེན་མེད་པས་རྩོལ་ཞིང་བསྒྲུབ་མི་དགོས། །ལྷུན་གྱིས་གྲུབ་པས་སྤྱད་པའི་ལས་མི་དགོས། །ཡེ་ནས་ཡིན་པས་ཤེས་པར་བྱ་མི་དགོས། །རང་བྱུང་ཡིན་པས་རྒྱུ་དང་རྐྱེན་མི་དགོས། །བཟང་ངན་མེད་པས་བླང་དོར་བྱ་མི་དགོས། །དངོས་པོ་མེད་པས་མེད་པ་ཞེས་སུ་བཤད། །དྭངས་སུ་མི་ཡོང་ཡེ་ཤེས་མ་འགགས་པས། །དེ་ལ་ཕྱལ་པ་ཞེས་སུ་བཏགས་པ་ཡིན། །སེམས་སུ་ཀུན་གཅིག་གཅིག་པུར་བཏགས་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཡིད་ཆེས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་རྫོགས་པ་ཞེས་སུ་ང་ཡིས་བཤད། །ཆོས་ཉིད་རང་བཞིན་ཅིར་ཡང་འགྱུར་མེད་པས། །བཙལ་བར་གྲུབ་པར་ང་ཡིས་ལུང་མ་བསྟན། །བཀྲེས་སྐོམ་ཚ་གྲང་བླུན་ལྐུགས་ཆོས་ཉིད་ལ། །སྐུ་གསུམ་འཁོར་དངངས་འབྲོས་པའི་ཆོ་ག་དྲུག །རང་བྱུང་ཡིན་པས་བཙལ་ཞིང་བསྒྲུབ་མི་དགོས། །རྒྱུ་ཉིད་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར། །ལས་ཀྱི་རྐྱེན་གྱིས་དབང་དུ་དེ་མི་འགྲོ། །རང་བྱུང་ཡེ་ཤེས་ཀུན་དང་མཚུངས་མེད་པས། །རྒྱུ་རྐྱེན་ལས་ཀྱིས་རང་བྱུང་དེ་མི་འགྲུབ། །ངེས་པ་གཅིག་ལ་བདེན་པ་རྣམ་པ་གཉིས། །བདེན་པ་གཉིས་ཀྱིས་གཏན་ལ་དབབ་ཏུ་མེད། །མ་ངེས་ཐེ་ཚོམ་ཅན་གྱི་ལུང་དེ་ལ། །ངེས་པ་གཅིག་ཏུ་བསྟན་པ་ག་ལ་ཡོད། །སྟོང་གསུམ་རྒྱུ་འབྲས་ལུང་ལ་བརྟེན་བྱས་ནས། །རྣལ་འབྱོར་གང་ཟག་ཆོས་ལ་རློམ་བྱེད་པ། །དེ་ལ་བདེན་གཉིས་ཚད་མ་བཞི་ཡང་དགོས། །ངས་བྱས་ཆོས་ལ་བདེན་པ་གཉིས་མི་དགོས། །ངས་བྱས་ཆོས་ལ་བདེན་པ་གཉིས་དགོས་སུ། །ངས་བྱས་ཐམས་ཅད་བྱང་ཆུབ་སེམས་སུ་བྱས། །བྱང་ཆུབ་སེམས་ལ་དོན་དམ་ཀུན་རྫོབ་མེད། །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་


DNG025_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལས། དམ་ཚིག་བསྲུང་དུ་མེད་པའི་ལེའུ་སྟེ་བདུན་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་ཕྲིན་ལས་བཤད་དུ་གསོལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །རྫོགས་ཆེན་རྒྱུ་འབྲས་ཡེ་ནས་འདས་པའི་ཕྱིར། །བཙལ་ཞིང་བསྒྲུབས་པས་བྱར་མེད་གྲུབ་པ་མེད། །དོན་དེ་རྟོགས་པས་ལས་རྣམས་མི་བྱེད་དེ། །ལས་མ་བྱས་པས་དེ་བཞིན་ཉིད་དུ་གནས། །དེ་བཞིན་ཉིད་ལ་གང་ཞིག་སུ་གནས་པ། །དེ་ཡིས་མ་ནོར་མ་བཅོས་གྲུབ་པར་འགྱུར། །དེ་ནི་མ་ནོར་བཞིན་ནི་མ་བཅོས་ཡིན། །བཞིན་ནི་མ་ནོར་ངོ་བོ་ཉིད་ལ་བྱ། །དེ་བཞིན་ཉིད་ལས་སངས་རྒྱས་བཅོས་མེད་དོ། །བྱང་ཆུབ་སེམས་ལ་སྐྱེ་བ་མེད་པའི་ཕྱིར། །སེམས་ལ་ཡེ་ནས་རྒྱུ་མེད་འབྲས་བུ་མེད། །འཇིག་རྟེན་སྐྱེ་བའི་ཆོས་ལ་དཔེ་བླངས་ནས། །སྐྱེ་ལ་འཇིག་པ་འབྱུང་བ་སྒྲོ་མི་གདགས། །རང་བྱུང་རྒྱུ་འབྲས་འདས་པ་མ་བརྟགས་པར། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་ལ་བཙལ་ནས་འབྲས་བུ་འབྱུང་ཟེར་བ། །དེ་ནི་རྒྱུ་འབྲས་ཐེག་པ་དྲང་ལུང་ཡིན། །ཡེ་ཤེས་ཡེ་ཤེས་ཞེས་སུ་བསྟན་པ་ནི། །རང་བྱུང་ཡེ་ཤེས་མ་འགགས་ཀུན་དང་མཚུངས། །རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་ཏེ། །ཐམས་ཅད་སྐྱེས་པས་གཞན་ནས་ཆོས་འབྱུང་མེད། །འཇིག་རྟེན་རྒྱུ་འབྲས་ཆོས་ལ་ཚོད་བཙུགས་ནས། །བཙལ་བས་མེད་པར་འབྲས་བུ་འབྱུང་མི་འགྱུར། །བྱང་ཆུབ་སེམས་ལ་རྒྱུ་རྐྱེན་ཡང་མི་སྐྱེ། །འཇིག་རྟེན་སྐྱེ་འགག་ཆོས་ལ་ཚོད་མི་འཛུག །བྱང་ཆུབ་སེམས་ནི་རྐྱེན་གྱིས་མ་བསྐྱེད་པས། །འཇིག་རྟེན་རྐྱེན་བསྐྱེད་ཆོས་ལ་དཔེ་མི་ལེན། །སེམས་ཀྱི་ཏིང་འཛིན་བསྒོམ་པ་མ་བྱེད་ཅིག །ཡེ་ཤེས་ཡུལ་ལ་རྟོག་པར་མ་བྱེད་ཅིག །ངག་གིས་འཛབ་དང་སྙིང་པོ་བཟླ་མི་དགོས། །ལག་གིས་འདུ་བྱེད་ཕྱག་རྒྱ་བཅའ་མི་དགོས། །སེམས་ཀྱི་འདུ་འཕྲོ་ཏིང་འཛིན་ལས་མི་བྱེད། །རང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། །


DNG025_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཙལ་ཇི་བཞིན་ངང་དུ་མ་བཅོས་ཡིན། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། །ཆེ་བ་འདོད་ནས་རྩོལ་སྒྲུབ་རྩོལ་བྱེད་པ། །སྒོམ་སྒྲུབ་བཙལ་བས་ཆེ་བ་དེ་མི་འགྲུབ། །ཆེ་བ་རང་བྱུང་ཡེ་ཤེས་ཡེ་ནས་ཆེ། །བསྒོམས་ན་སངས་རྒྱས་དགོངས་པ་འཆོས་པ་ཡིན། །སངས་རྒྱས་དགོངས་པ་གང་ཞིག་འཆོས་བྱེད་པ། །དེ་ཡིས་སངས་རྒྱས་ཐམས་ཅད་སྤངས་པ་ཡིན། །དེ་ཡིས་རང་གི་བྱང་ཆུབ་སེམས་སྤངས་པས། །རང་གི་རང་བཞིན་བསྐལ་པར་ཕྲད་མི་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། ཕྲིན་ལས་བཙལ་དུ་མེད་པའི་ལེའུ་སྟེ་བརྒྱད་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ས་ཡི་རང་བཞིན་བསྟན་དུ་གསོལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །ཀུན་ཏུ་བཟང་པོ་ང་ཡི་ས། །ཀུན་གྱི་བྱང་ཆུབ་སྙིང་པོར་གནས། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀློང་ཆེན་སེམས་ཀྱི་གནས་དེ་ན། །མི་གནས་པ་ནི་གང་ཡང་མེད། །ཀུན་གྱི་གནས་དང་ས་ཡིན་ཏེ། །འདུ་འབྲལ་མེད་པར་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བགྲོད་མི་དགོས། །དེ་ལ་སྦྱང་ཞིང་བགྲོད་གྱུར་ན། །རང་སེམས་དེ་ལ་འཆོས་པ་སྟེ། །བཅོས་པས་རང་སེམས་འབྱོངས་མི་འགྱུར། །དེ་ནི་སྤྱི་ས་ཀུན་གྱི་གནས། །ང་ལས་བྱུང་བའི་སྐུ་གསུམ་གྱིས། །རྒྱུ་འབྲས་འདས་པའི་འཁོར་རྣམས་ལ། །ས་མདོ་རྣམ་པ་གསུམ་བསྟན་ཏེ། །བསྐྱེད་པའི་ས་དང་སྤྱོད་པའི་ས། །བསྒྲུབ་པའི་ས་དང་གསུམ་བསྟན་ཏེ། །བསྐྱེད་པའི་ས་རུ་བྱང་ཆུབ་སེམས་བསྐྱེད་ན། །ཆོས་དབྱིངས་ནམ་མཁའ་བྱང་ཆུབ་སེམས་མེད་ཅིང་། །དགེ་སྡིག་ལས་ལ་དྲང་བ་དབང་བསྐུར་བས། །


DNG025_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཡུལ་ཆོས་ཉིད་སྤངས་པས་མ་སྤོངས་ཏེ། །རང་བྱུང་ཡེ་ཤེས་མི་ཁེགས་བཞིན་དུ་འགགས། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་བཞིན། །གཟུང་དང་འཛིན་པ་ཡོད་ཅེས་འཇོམས་པར་བྱེད། །དེས་ན་བྱང་ཆུབ་སེམས་ལ་སྐྱེས་པ་མེད། །སྤྱད་པའི་ས་རུ་བྱང་ཆུབ་བཅུ་སྤྱད་པས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །བྱང་ཆུབ་སེམས་ལས་གཡོས་པ་མེད་པ་ནི། །ནམ་མཁའ་ལྟ་བུའི་ཆོས་ཉིད་སྣང་བར་ཟད། །ནམ་མཁའ་ལ་ནི་གཡོས་པ་རྡུལ་ཙམ་མེད། །དེ་བཞིན་བྱང་ཆུབ་སེམས་ལ་གཡོས་པ་མེད། །བསྒྲུབ་པའི་ས་རུ་བྱང་ཆུབ་གྲུབ་འདོད་པ། །ཀུན་ཏུ་འོད་དང་པདྨ་ཅན་གྱི་ས། །རྡོ་རྗེ་འཛིན་དང་སྟུག་པོ་བཀོད་པ་དང་། །འཁོར་ལོ་ཚོགས་ཆེན་རྡོ་རྗེ་འཆང་བ་དང་། །རྒྱུ་འབྲས་ཀུན་བཟང་དབྱེ་བ་མེད་པ་དྲུག །བྱང་ཆུབ་བསྒྲུབ་པའི་ས་རུ་མིང་ཡང་བཏགས། །སེམས་ཀྱི་རང་བཞིན་རྒྱུ་རྐྱེན་བྲལ་བའི་ཕྱིར། །བསྒྲུབས་པས་གྲུབ་པའི་འབྲས་བུ་ངས་མ་བསྟན། །སེམས་ཀྱི་རང་བཞིན་དྲུག་ནི་འདི་ལྟ་སྟེ། །རང་བྱུང་ཡེ་ཤེས་མ་འགགས་པ་ཡི་རྟགས། །དབང་པོ་སྒོ་ལྔ་ཀུན་ཏུ་གསལ་བ་ལ། །ཀུན་ཏུ་འོད་ཀྱི་ས་ཞེས་བཏགས་པ་ཡིན། །ཡུལ་ལ་མི་རྟོག་ཆགས་པ་མེད་པ་ལ། །མ་ཆགས་པདྨ་ཅན་དུ་བཏགས་པ་ཡིན། །སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས་དེ་ལ། །རྡོ་རྗེ་འཛིན་པ་ཞེས་སུ་ང་ཡིས་བཏགས། །རང་གི་རང་བཞིན་ཆོས་ཉིད་དཔག་མེད་ལ། །རང་བྱུང་ཡེ་ཤེས་མི་རྟོག་མཉམ་པ་བཀོད། །སྟུག་པོ་བཀོད་པ་ཞེས་སུ་བཏགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་དེ། །རང་ལ་གནས་པའི་བྱང་ཆུབ་ཆོས་རྣམས་ལ། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་རུ་བཏགས། །སྐུ་གསུང་ཐུགས་ལ་སྐྱེ་དང་འཇིག་མེད་པས། །རྡོ་རྗེ་འཆང་གི་ས་ཞེས་བཤད་པ་ཡིན། །བྱང་ཆུབ་སེམས་ལ་རྒྱུ་འབྲས་གཉིས་མེད་དེ། །སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ། །བཟང་ངན་བླང་དོར་ཡེ་ནས་མེད་པའི་ཕྱིར། །འབྱེད་པ་མེད་པའི་ས་ཞེས་ང་ཡིས་བཤད། །དེ་


DNG025_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱང་ཆུབ་སེམས་ཀྱི་ཆོས་དབྱིངས་ནི། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ཀུན། །དེ་ནས་བྱུང་ཞིང་དེ་རུ་གནས་པའི་ཕྱིར། །ཆོས་དབྱིངས་བྱང་ཆུབ་སེམས་ནི་ཀུན་སྤྱན་ས། །སངས་རྒྱས་བསྒྲུབ་པའི་ས་ཞེས་བཏགས་པ་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལས་མེད། །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། ས་སྦྱང་དུ་མེད་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་ལམ་ཆེན་བཤད་དུ་གསོལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །བྱང་ཆུབ་སེམས་ནི་ཀུན་གྱི་ལམ་ཆེན་ཏེ། །གཞན་ན་མེད་དེ་འདི་ན་རང་བཞིན་གནས། །གནས་དང་ཡུལ་དང་སངས་རྒྱས་ས་དང་གསུམ། །ཆོས་ཀྱི་དབྱིངས་དང་ཆོས་ཉིད་འདི་ན་གནས། །ནམ་མཁའི་ཁམས་དང་གཞལ་ཡས་འདི་ནི་གནས། །སངས་རྒྱས་དངོས་དང་ཡུལ་ནི་བྱང་ཆུབ་སེམས། །གཞན་དུ་བགྲོད་པའི་ལམ་དང་གནས་མེད་དེ། །བགྲོད་པས་ནམ་མཁའི་ལམ་ལ་ཕྱིན་པ་མེད། །རང་སེམས་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཡིན་པས། །སྤྲོས་བྲལ་དེ་ན་སངས་རྒྱས་ཐམས་ཅད་བཞུགས། །དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག །རང་སེམས་མ་བསྒྲིབས་ནམ་མཁའི་རང་བཞིན་གསལ། །དེ་ན་དུས་གསུམ་སངས་རྒྱས་ཐམས་ཅད་བཞུགས། །དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག །རང་སེམས་མ་བཅོས་ཆོས་ཉིད་ཇི་བཞིན་པ། །དེ་ལ་དུས་གསུམ་སངས་རྒྱས་ལྷུན་གྱིས་གྲུབ། །དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག །སངས་རྒྱས་རང་སེམས་རྟོག་དང་བྲལ་བ་ཡིན། །བགྲོད་པས་རང་སེམས་རྟོག་བྲལ་དེར་མི་ཕྱིན། །གལ་ཏེ་མ་རིག་ལམ་ལ་བགྲོད་གྱུར་ན། །ཕྱིན་པའི་དུས་མེད་རྟོགས་པའི་ས་མེད་པས། །བགྲོད་པས་སངས་རྒྱས་ས་རུ་ཕྱིན་པ་མེད། །སངས་རྒྱས་རང་སེམས་རྟོགས་དང་བྲལ་བ་


DNG025_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ལྟ་བ་བསྒོམས་པས་ཏིང་འཛིན་ཡུལ་དང་བྲལ། །ཏིང་འཛིན་དེ་ཡིས་རྟོག་བྲལ་མཉམ་དང་བྲལ། །དམ་ཚིག་བསྲུངས་པས་མ་ཉམས་འཛིན་དང་གནས། །མ་ཉམས་འཛིན་པས་རྟོག་མེད་མཉམ་དང་བྲལ། །ཕྲིན་ལས་བཙལ་བས་གྲུབ་པའི་ཏིང་འཛིན་བྱེད། །གྲུབ་པའི་ཏིང་འཛིན་མི་རྟོག་མཉམ་དང་བྲལ། །ས་ལ་སྦྱངས་པས་གནས་པའི་ཏིང་འཛིན་བྱེད། །འབྱོངས་པའི་ཏིང་འཛིན་རྟོག་མེད་མཉམ་དང་བྲལ། །ཆོས་ཉིད་བརྟགས་པས་གསལ་བའི་ཏིང་འཛིན་བྱེད། །ཏིང་འཛིན་གསལ་བས་རྟོག་མེད་མཉམ་དང་བྲལ། །ཡེ་ཤེས་གསལ་བས་རྟོགས་པའི་ཏིང་འཛིན་བྱེད། །གསལ་བར་རྟོགས་པའི་ཏིང་འཛིན་མཉམ་དང་བྲལ། །འདོད་པའི་ཏིང་འཛིན་ཇི་ལྟར་གསལ་བ་དེས། །འདོད་པ་མེད་པའི་བདེ་བ་གྲུབ་པ་མེད། །ཏིང་འཛིན་མི་བྱེད་བག་ཆགས་མི་བསོག་པས། །རང་བྱུང་ཡེ་ཤེས་ལས་ཀྱི་དབང་མི་འགྱུར། །རང་བྱུང་ཡེ་ཤེས་ཆོས་སྐུ་སྙིང་པོ་དེ། །བཙལ་བས་མི་འགྲུབ་རང་བཞིན་གནས་པས་འགྲུབ། །གྲུབ་པས་བྱ་བའི་དོན་རྣམས་ཀུན་དང་བྲལ། །དོན་ཞེས་བྱ་བ་མིང་ཙམ་བཏགས་པ་ཡིན། །སངས་རྒྱས་མིང་དུ་འདོགས་པར་བྱེད་པ་ནི། །ངེས་པའི་ལུང་མིན་དྲང་བའི་ལུང་དུ་བསྟན། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། ལམ་ལ་བགྲོད་དུ་མེད་པའི་ལེའུ་སྟེ་བཅུ་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོས། །རང་བྱུང་ཡེ་ཤེས་བཤད་དུ་གསོལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་ཏེ། །གང་སུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡུལ་ལ་རྟོག་པའི་ཡེ་ཤེས་ཏེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །རང་


DNG025_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །དེས་ན་རང་བྱུང་ཡེ་ཤེས་ཏེ། །ཡེ་ནས་ཤེས་པས་ཡེ་ཤེས་ཡིན། །ཡེ་ཤེས་ཞེས་ནི་དེ་ལ་བཏགས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པར་མི་བྱེད་པས། །ཏིང་འཛིན་བག་ཆགས་བསོག་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །རང་བྱུང་ཡེ་ཤེས་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པ། །རྣམ་རྟོག་རྟོག་པའི་བག་ཆགས་གོས་མི་འགྱུར། །ལས་ནི་ཏིང་འཛིན་བརྟགས་པའི་བག་ཆགས་ཡིན། །མི་རྟོག་པ་ལ་བག་ཆགས་ཡོངས་མ་གསུངས། །མི་རྟོག་པ་ནི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱུང་ཆུབ་སེམས་ཀྱི་ངོ་བོ་ཀུན་སྣང་ལ། །རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །རང་གི་རྐྱེན་གྱིས་སྣང་བ་དེར་མི་སྤང་། །ཏིང་འཛིན་མི་རྟོག་བག་ཆགས་བསོག་མི་འགྱུར། །འདི་ནི་དུས་གསུམ་སངས་རྒྱས་དགོངས་པ་སྟེ། །གང་དུ་མི་རྟོག་འདི་ལ་སུ་གནས་པ། །ས་ལ་མི་གནས་འགྲོ་བའི་དོན་མི་གནས། །ཆོས་སྐུ་བྱང་ཆུབ་སེམས་ལ་འདི་གནས་ཏེ། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་འདུས། །རིག་པའི་ཉམས་སུ་མངོན་སུམ་རྟོགས་པར་གྱིས། །རང་བྱུང་ཡེ་ཤེས་ཡུལ་ལ་མངའ་གསོལ་བ། །ཡེ་ཤེས་ལྔ་ཡིས་ཡུལ་ལྔ་འདོད་མ་ཡིན། །ཡུལ་འདོད་ལ་ནི་ཡེ་ཤེས་ལྔ་ལ་སྣང་། །ཡུལ་


DNG025_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡེ་ནས་ཡེ་ཤེས་ཡིན་པའི་ཕྱིར། །ཡུལ་དང་ཡེ་ཤེས་གཉིས་སུ་ངས་མ་བསྟན། །དེས་ན་ཡུལ་ཡང་རང་བྱུང་ཡེ་ཤེས་ཡིན་པར་བཤད། །རང་བྱུང་ཡེ་ཤེས་ཅི་ཡང་མེད་པ་ལ། །ང་ལས་བྱུང་བའི་འཁོར་གྱི་སྟོན་པ་ཡིན། །ཡུལ་ལ་བརྟེན་ནས་ཡེ་ཤེས་མིང་བཏགས་པ། །རྣམ་པ་གྲངས་ཀྱི་ཡེ་ཤེས་བྱུང་བ་ནི། །རྣམ་པར་བཏགས་པའི་ཡེ་ཤེས་གཅིག་གིས་ནི། །ཡུལ་གཅིག་རང་བཞིན་སོ་སོར་སྣང་བ་ལ། །ཡུལ་ཅན་ལ་ནི་ཡུལ་གྱི་མིང་བཏགས་པ། །དེས་ནི་ངེས་པ་མ་ཡིན་འཁྲུལ་པས་བཏགས། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། རང་བྱུང་ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །བྱ་མེད་རྫོགས་པ་འདོད་མེད་གང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །ཆོས་རྣམས་ཐམས་ཅད་གྲུབ་འདོད་ན། །འདོད་པའི་ས་ནི་མ་བསྒྲུབས་ཤིག །འདོད་པར་བྱེད་པའི་སེམས་དེ་ནི། །མི་ལེན་ཐམས་ཅད་སྤོང་བ་ཡིན། །འདི་ནི་རྒྱུ་འབྲས་འདས་པའི་ཕྱིར། །འབྲས་བུ་འདོད་པ་རྒྱུ་མི་བསྒྲུབ། །མི་རྟོག་རང་བཞིན་གནས་པས་འགྲུབ། །འདོད་པའི་ཏིང་འཛིན་ཐམས་ཅད་སྤོངས། །འདོད་མེད་ཐམས་ཅད་ལེན་པར་བྱེད། །ཏིང་ངེ་འཛིན་ལས་འདོད་པ་འཛིན། །འདོད་པ་དེ་ནི་ཡང་དག་མིན། །ཡང་དག་གཟུང་དུ་ཡོད་མ་ཡིན། །བྱས་པའི་ལས་ནི་ཐམས་ཅད་ཀུན། །མ་བཙལ་ལྷུན་གྱིས་གྲུབ་པས་བསྒྲུབ། །མ་བཙལ་ལྷུན་གྱིས་གྲུབ་པ་དེ། །བྱས་པས་གྲུབ་པ་མ་ཡིན་ཏེ། །མ་བྱས་ཡེ་ནས་ལྷུན་གྱིས་གྲུབ། །འདོད་པ་ཐམས་ཅད་ཀུན་སྤངས་པས། །གྲུབ་པར་བྱེད་པའི་བགེགས་སུ་ཆེ། །འདོད་པའི་ཏིང་འཛིན་བག་ཆགས་དེས། །བག་ཆགས་དེ་ནི་སེམས་འཛིན་ཡིན། །འཛིན་པས་བདེ་བ་དེ་སྤོང་བྱེད། །མི་འཛིན་བདེ་བ་ཀུན་ལེན་པ། །ཇི་བཞིན་པ་ཡི་རང་བཞིན་ནོ། །མི་གནས་པ་ལ་


DNG025_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མེད། །མི་རྟོག་པ་ལ་ཏིང་འཛིན་མེད། །མེད་པ་དོན་གྱི་སྙིང་པོ་དེ། །འདོད་པ་མེད་པར་ཐོབ་པར་འགྱུར། །ཇི་བཞིན་བཅོས་པ་མེད་པ་སྟེ། །སངས་རྒྱས་ཀུན་གྱི་དགོངས་པ་གཅིག །བདེ་བ་ཆེ་ལས་མ་གཏོགས་པ། །འདོད་དང་འཛིན་པ་ག་ལ་ཡོད། །གང་ལ་འཛིན་ཆགས་མེད་པ་དེས། །ཏིང་ངེ་འཛིན་དེ་འཛིན་པའི་མཆོག །ཀུན་འཛིན་ཡེ་ནས་གྲུབ་ཟིན་པས། །གཏང་གཞག་མི་རྟོག་གྲུབ་པའི་རྒྱལ། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། བྱ་མེད་ལྷུན་རྫོགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །འདོད་མེད་མ་གཡོས་རྩོལ་མེད་གང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །ཆོས་ཉིད་འགྱུར་བ་ཡེ་ནས་མེད། །བསྒྱུར་བས་གཡོས་པ་རྡུལ་ཙམ་མེད། །བདེ་དང་སྡུག་བསྔལ་བྱང་ཆུབ་གཅིག །སངས་རྒྱས་སེམས་ཅན་སེམས་སུ་གཅིག །སྣང་སྲིད་སྣོད་བཅུད་ཆོས་ཉིད་གཅིག །བདེན་རྫུན་གཉིས་ཀྱང་ཆོས་ཉིད་མཉམ། །བདེ་ལ་ཆགས་ན་སྡུག་བསྔལ་ཡིན། །རང་བཞིན་གནས་པས་ཀུན་ཀྱང་འགྲུབ། །ཀུན་གསལ་དེ་ལ་རྟོག་མེད་པས། །དེ་ནི་རང་བྱུང་ཡེ་ཤེས་ཡིན། །ཡེ་ཤེས་བག་ཆགས་མི་བསོག་པས། །ལས་ཀྱིས་གོས་པར་ག་ལ་འགྱུར། །སྣ་ཚོགས་བསྒོམས་པས་གཅིག་མི་གསལ། །གསལ་བའི་ཏིང་འཛིན་གང་བྱེད་པ། །དེ་ལ་ཏིང་འཛིན་ཡོད་མ་ཡིན། །དེ་བཞིན་ཉིད་དུ་གཅིག་པ་ལ། །སངས་རྒྱས་སེམས་ཅན་གཉིས་སུ་ཕྱེ། །བདེ་བ་སྡུག་བསྔལ་གཉིས་ཕྱེ་ནས། །དགེ་བ་དང་དུ་བླང་བར་བསྟན། །སྡིག་པ་རྒྱབ་ཏུ་བོར་བར་བསྟན། །དེ་ནི་ངེས་པའི་དོན་ལས་འགལ། །རང་བཞིན་ཆོས་ལ་གཡོས་པ་མེད། །སངས་རྒྱས་རང་བཞིན་གཡོས་མེད་པར། །དུས་གསུམ་རྒྱལ་བའི་ཆོས་ཉིད་ཡིན། །དེ་ལ་


DNG025_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གུད་ན་མེད། །བྱང་ཆུབ་སེམས་ལས་མ་གཏོགས་པའི། །སངས་རྒྱས་སེམས་ཅན་གཉིས་ཀ་མེད། །སེམས་ཉིད་མི་རྟོག་སངས་རྒྱས་ཡིན། །སངས་རྒྱས་ཀུན་ལ་སེམས་ཉིད་བསྔགས། །སེམས་ཉིད་མ་གཡོས་རྩོལ་དང་བྲལ། །རྩོལ་བྲལ་དེ་ལ་བཅོས་སུ་མེད། །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། མ་གཡོས་རྩོལ་བྲལ་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །ཉིད་ཀྱི་རིག་པ་ཇི་ལྟར་གསལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །རིག་པ་བསམ་བརྗོད་མེད་པར་གསལ། །མི་རྟོག་བསམ་མེད་ངང་དུ་གསལ། །རིག་པ་རྟོག་འཛིན་མེད་པར་གསལ། །བསམ་པ་མ་ཞུགས་དྲང་པོར་གསལ། །རིག་པ་དམིགས་གཏད་མེད་པར་གསལ། །མི་རྟོག་མཉམ་པའི་ངང་དུ་གསལ། །རིག་པ་བྱ་བཙལ་མེད་པར་གསལ། །མཁའ་དབྱིངས་བདེ་ཆེན་ཀློང་དུ་གསལ། །རིག་པ་དྲན་བག་མེད་པར་གསལ། །ཤེས་རིག་བསམ་བརྗོད་མེད་པར་གསལ། །རིག་པ་འཛིན་རྟོག་མེད་པར་གསལ། །མི་གཡོ་མཉམ་པའི་ངང་དུ་གསལ། །རིག་པ་གང་དུའང་གཞག་མེད་གསལ། །སྤྱོད་པའི་མཐའ་དང་བྲལ་བར་གསལ། །རིག་པ་རང་ལུགས་ཆེན་པོར་གསལ། །བྱ་རྩོལ་ཉིད་ལས་འདས་པར་གསལ། །རིག་པ་མ་བཀག་དྲང་པོར་གསལ། །མི་རྟོག་མཉམ་པའི་ངང་ལ་གསལ། །རིག་པ་འཛིན་བག་མེད་པར་གསལ། །མི་རྟོག་སྤྲོས་དང་བྲལ་བར་གསལ། །རིག་པ་བསམ་དཔྱོད་མེད་པར་གསལ། །ཤེས་པ་ཅིར་ཡང་མ་གཡོས་གསལ། །རིག་པ་བློ་གཏད་མེད་པར་གསལ། །བསམ་པ་གང་དུའང་མ་ཞུགས་ལ། །རིག་པ་ངོས་གཟུང་མེད་པར་གསལ། །རིག་པ་རྒྱ་མ་ཆད་པར་གསལ། །རིག་པ་ཕྱོགས་སུ་མ་ལྷུང་གསལ། །རིག་པ་ཡོངས་ལ་འདྲེལ་བར་


DNG025_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ཐམས་ཅད་ཀུན་གྱི་གཞི་མར་གསལ། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། རིག་པ་རང་གསལ་གྱི་ལེའུ་སྟེ་བཅུ་བཞི་པའོ།། །།རྡོ་རྗེ་སེམས་དཔས་ཡང་ཞུས་པ། །བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། །མཉམ་པར་གཞག་ན་ཇི་ལྟར་གཞག །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཉོན་ཅིག་ང་ལ་འདུས་པའི་འཁོར། །ཀུན་བཟང་མ་ངེས་ནམ་མཁའ་འདྲ། །མ་རྟག་གསལ་བའི་ངང་ལ་གཞག །སྒོ་ལྔ་མ་བཀག་རང་སར་གཞག །མ་བཙལ་རང་ལུགས་ཆེན་པོར་གཞག །མི་གཡོ་མཉམ་པའི་ངང་ལ་གཞག །མི་རྟོག་སྤྲོས་དང་བྲལ་བར་གཞག །གང་དུའང་ངོས་མི་གཟུང་བར་གཞག །སྣང་བ་མི་དགག་གང་དགར་བཞག །རྟོག་མེད་གསལ་བའི་ངང་ལ་གཞག །གཉིས་མེད་མཉམ་པའི་ངང་ལ་གཞག །ལུས་ངག་ཡིད་གསུམ་གློད་དེ་གཞག །དེ་བཞིན་མ་བཅོས་རང་སར་གཞག །མ་ཆགས་ཞེན་དང་བྲལ་བར་གཞག །བསམ་པ་གང་དུའང་མ་ཞུགས་གཞག །ཤེས་པ་བསམ་དཔྱོད་མེད་པར་གཞག །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། མི་རྟོག་མཉམ་གཞག་གི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་བསྡུ་བར་མཛད་ནས་རྒྱུད་ཀྱི་དོན་བཤད་པའོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེསས་པ་ཐམས་ཅད་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྩ་བ་ནི་ཀུན་ཏུ་བཟང་པོའི་ཐུགས་རང་བྱུང་གི་ཡེ་ཤེས་སོ། །ཐུགས་རང་བྱུང་གི་ཡེ་ཤེས་ནི་བྲམ་ཟེ་རྒྱས་པ་ཉིད་དོ། །རྒྱུད་འདི་ནི་ཀུན་ཏུ་བཟང་པོ་ཉིད་དོ། །རང་གི་བྱང་ཆུབ་ཀྱི་སེམས་སོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སོ། །རྒྱུད་འདི་འཛིན་པ་ནི་སངས་རྒྱས་ཉིད་དོ། །ཐམས་ཅད་སངས་རྒྱས་པའི་ཕྱིར་འཁོར་བ་ཀ་དག་གོ། །འདི་འཛིན་པ་ནི་ཀུན་ཏུ་བཟང་
པོའོ། །ཐམས་ཅད་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར་རོ། །རིན་པོ་ཆེ་གསེར་གླིང་ན་རྡོ་དང་ས་མི་སྣང་བ་ལྟར་འཁོར་བ་ཀ་དག་སྟེ་རང་བྱུང་ཡེ་ཤེས་ཉིད་དོ། །བྲམ་ཟེ་རྒྱས་པའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་རྫོགས་སོ།། །།

བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་ལེའུ།


DNG025_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་སོ་པ་ཤི་ཀ །བོད་སྐད་དུ། བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་ལེའུ། བཅོམ་ལྡན་འདས་དཔལ་གྱི་དཔལ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྨད་བྱུང་བྱང་ཆུབ་སེམས་འདི་གནས། །དེ་ཡི་གཞལ་ཡས་ཡོན་ཏན་གྱི། །དོན་འདི་བསྟན་པ་འདི་ཡིན་ནོ། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །རྡོ་རྗེ་འཆང་བའི་རྣལ་འབྱོར་དང་། །དཔལ་ཆེན་ཁྲག་འཐུང་མ་མོའི་ཚོགས། །གཞན་ཡང་རྣམ་པ་མང་པོ་ཡི། །ལྷ་དང་ལྷ་མིན་རླུང་ལྷ་དང་། །གཤིན་རྗེ་ཀླུ་དང་ལྷ་རྣམས་དང་། །གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས། །དབང་མེད་དད་པས་འདུས་པ་དང་། །ལྷ་ཡི་ཚོགས་ཀྱིས་གང་བ་ཡི། །གཞལ་མེད་ཁང་མཛེས་དེ་དག་ནི། །མེ་དང་འདྲ་བར་འོད་གསལ་ཞིང་། །ཉི་མ་ཟླ་བའི་གདན་དང་འོད། །ཞིང་རྣམས་གདན་ཆེན་གསལ་བ་དང་། །རིན་ཆེན་ལས་བྱས་ཤིན་ཏུ་སྣང་། །སྐལ་དང་ལྡན་པའི་སངས་རྒྱས་ཞིང་། །རབ་སྡང་གནོད་བྱེད་རྣམས་ཀྱང་སྤངས། །འདི་ལ་གནོད་བྱེད་གང་ཡིན་པ། །འབྱུང་པོ་གྲུལ་བུམ་སྲིན་པོ་དང་། །ཡི་དྭགས་སྲུལ་པོ་དེ་དག་གིས། །རྨད་བྱུང་འདི་ནི་མི་ཐོས་སོ། །རྨད་བྱུང་བྱང་ཆུབ་ཡོན་ཏན་འདི། །འཇིག་རྟེན་མགོན་པོས་བཤད་པ་ཡིན། །འདི་ལ་གང་ཞིག་འགལ་བྱེད་པ། །འཇིགས་པ་ཐམས་ཅད་དེ་ལ་འོང་། །མགོ་ནི་ཚལ་པ་བདུན་དུ་འགས། །སྔགས་འཆང་རྣམས་ཀྱིས་སྤངས་པར་འགྱུར། །རྨད་བྱུང་བྱང་ཆུབ་སེམས་འདི་ནི། །དཔལ་ཆེན་པདྨ་ཧེ་རུ་ཀའི། །སྒྲུབ་པ་གསང་བ་ཐུགས་ཀྱི་མཆོག །ཆོས་ཀྱི་གཏམ་ལ་འཇིགས་


DNG025_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་། །ལས་ཀྱིས་གོས་པར་མི་འགྱུར་ཏེ། །དཔལ་ཆེན་འཁོར་ཚོགས་མང་པོ་དང་། །སངས་རྒྱས་རྣལ་འབྱོར་ཆེན་པོ་དང་། །འཁོར་ཚོགས་ཡེ་ཤེས་རྣལ་འབྱོར་མ། །འཇིགས་མེད་རྡོ་རྗེ་སེམས་དཔའ་དང་། །སྐལ་ལྡན་རྣམས་ཀྱི་དོན་དུ་གསུངས། །གཞན་གྱི་དོན་དུ་མ་གསུངས་སོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས། ཆོས་ཀྱི་གླེང་གཞིའི་ ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་འོག་མིན་གྱི་གནས་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། ཆོས་རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདི་དག་ཐམས་ཅད། བདེ་བར་གཤེགས་པ་ཐམས་ཅད་དོན་གཅིག་པ་སྟེ། བདག་ཉིད་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས་འབྱུང་ཞིང་། དེ་དག་ཐམས་ཅད་དེ་ལས་སྐྱེས་པ་དང་། དེ་ལས་བྱུང་བའི་དཀྱིལ་འཁོར་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་པའི་དོན་ཐུགས་སུ་ཆུད་པའི་དོན། རྡོ་རྗེ་སེམས་དཔས་རིག་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་གཟིགས་ཏེ། ཡིད་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས། རང་གི་རིག་པའི་དོན་གསལ་བར་ཕྱུང་སྟེ། ཐམས་ཅད་ཀྱི་དོན་ཇི་ལྟ་བུ་ཡིན་པ་སོ་སོར་སྣང་བས་གསལ་བར་བྱས་ནས། རྡོ་རྗེ་སེམས་དཔའ་ཉིད་དང་། བདེ་བར་གཤེགས་པ་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་འདི་ཉིད་ཡིན་པ་དང་། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལས་བསྐྱེད་པའི་དཀྱིལ་འཁོར། སྐུ་རྨད་དུ་བྱུང་བ་སྐུའི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་དང་། གསུང་རྨད་དུ་བྱུང་བ་གསུང་གི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་དང་། ཐུགས་རྨད་དུ་བྱུང་བ་ཐུགས་ཀྱི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་དང་། ཆོས་


DNG025_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་པར་སྣང་བར་བྱས་ནས། དེ་དག་ཐམས་ཅད་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་སུ་བསྡུས་སོ། །དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་མཁས་པ་རྫོགས་སངས་རྒྱས། །སངས་རྒྱས་དོན་དུ་མཛད་པ་ཡིས། །ཐུགས་ཀྱི་སྒྲོན་མའི་དོན་བསྟན་པ། །གང་བློ་ཐེ་ཚོམ་ཟ་བ་དང་། །གང་ཞིག་འགལ་བར་ཡིད་སེམས་དཔའ། །འཇིགས་པ་ཐམས་ཅད་དེ་ལ་འོང་། །མགོ་ནི་ཚལ་པ་བདུན་དུ་འགས། །རྡོ་རྗེ་སེམས་དཔའ་ཉིད་ཀྱང་སྡང་། །སྔགས་འཆང་རྣམས་ཀྱིས་སྤངས་པར་འགྱུར། །སྔགས་རྣམས་ཐམས་ཅད་གསང་བ་ཡི། །ལྟ་བ་རྨད་དུ་བྱུང་བའི་དོན། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱིས། །སྔོན་ཆད་རྟོགས་པར་མ་གྱུར་པ། །ཐུགས་ཀྱི་སྒྲོན་མའི་དོན་བསྟན་པ། །གང་ལ་སངས་རྒྱས་གུས་མཛད་པ། །དོན་ལ་དེ་ནི་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་བརྩེ་དགོངས་ནས། །གང་གི་དོན་དུ་མཛད་པ་ཡི། །དོན་མཛད་དེ་ལ་ཕྱག་འཚལ་ལོ། །གང་གི་དོན་དུ་བྱས་པའི་དོན། །དེ་དག་བདག་ལ་འགྲུབ་གྱུར་ཅིག །གཞལ་ཡས་མེ་འོད་འབར་བ་ལྟར། །དོན་དེ་བདག་གིས་རིག་གྱུར་ན། །སངས་རྒྱས་ཀུན་དང་སྐལ་བ་མཉམ། །སངས་རྒྱས་ཀུན་པས་རྒྱས་གྱུར་ཅིག །དུས་གསུམ་རྣལ་འབྱོར་གང་དག་གིས། །སྐལ་ལྡན་གང་ཞིག་འབྱུང་བ་ཡི། །དོན་དུ་བདག་གིས་བཤད་པར་འཚལ། །རྨད་བྱུང་བྱང་ཆུབ་དོན་རྟོགས་ནས། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །རྡོ་རྗེ་གདན་ལ་ཡང་སངས་རྒྱས། །རྨད་བྱུང་བྱང་ཆུབ་སེམས་འདི་ནི། །ཀུན་གྱིས་རིག་པ་མ་ཡིན་ནོ། །ལྷ་རྣམས་ཀུན་གྱིས་མི་རིག་གོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། །འདི་ནི་རིག་པར་དཀའ་བའོ། །བདེ་གཤེགས་རྣམས་ཀྱིས་སྔོན་མ་རིག །ཅེས་གསུངས་སོ། །སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་སྒོམ་པའི་མཆོག །ངོ་བོ་ཉིད་ནི་དམིགས་སུ་མེད། །ང་ཡི་ལུས་སུ་སུ་སྦྱོར་བ། །བྱང་ཆུབ་མེད་ཅིང་སྒོམ་པའང་མེད། །


DNG025_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ངག་སེམས་མཚན་ཉིད་ནི། །ཡེ་ཤེས་ལྔ་ཡི་བྱང་ཆུབ་སེམས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཐམས་ཅད་མ་སྐྱེས་ཟག་པ་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །ཁམས་ཀྱང་མེད་ཅིང་འབྱུང་བ་མེད། །མཚན་ཉིད་མི་འགྱུར་ནམ་མཁའ་བཞིན། །གཉིས་མེད་གཉིས་སུ་འཛིན་མེད་ཅིང་། །བྱང་ཆུབ་སེམས་འདི་རྒྱས་པའི་སྤྱན། །ཞེས་བཀའ་སྩལ་ཏོ། །ཀྱེ་སེམས་དཔའ་ཆེན་པོ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདྲ་སྟེ། ངའི་བྱང་ཆུབ་སེམས་རྨད་དུ་བྱུང་བ་འདི་ཡིན་ནོ། །རང་རིག་པ་ལས་བྱུང་བའི་ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་རོལ་པ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་དཀྱིལ་འཁོར་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ངའི་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །བདེ་བར་གཤེགས་པ་རྣམས་དང་། རྡོ་རྗེ་སེམས་དཔའ་ཉིད་གསང་བ་དང་།གསང་བ་ཆེན་པོ་དང་། གསང་བ་དེ་ཁོ་ན་ཉིད་དང་། ལྟ་བ་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །སྐུ་རྨད་དུ་བྱུང་བའི་སྐུའི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །གསུང་རྨད་དུ་བྱུང་བའི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ཐུགས་རྨད་དུ་བྱུང་བའི་ཐུགས་ཀྱི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་ལེའུ་སྟེ་གཉིས་པའོ།། །།ལེའུ་འདིས་ཆོས་ཉིད་བསྟན་པའི་ཕྱིར་སེམས་དཔའ་ཆེན་པོ། བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་མེད། །མ་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང་། །རྒྱུ་འདྲའི་ཆོས་ཉིད་གང་ཡིན་ཤེས་པར་འགྱུར་བ་ཡི། །དེ་ཉིད་བྱང་ཆུབ་སེམས་ཉིད་བདག་ཉིད་ཡིན་པར་ངེས། །བྱང་ཆུབ་


DNG025_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོར་བདག་འཇུག་པས། །ཐོབ་པ་མེད་ཅིང་སྤང་བའང་མེད། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི། །ཐ་སྙད་ཡིན་ཏེ་དོན་དུ་མེད། །ཆོས་ཉིད་མཚན་ཉིད་རྣམ་པར་དག །བདག་མེད་ཆོས་ལས་ཀུན་ཏུ་བྱུང་། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་སྒོམ་པའང་མེད། །ནམ་མཁའི་ཚུལ་དུ་རབ་སྦྱོར་བས། །དངོས་པོ་ཀུན་ཏུ་རབ་ཏུ་གྲགས། །ཆོས་རྣམས་རང་བཞིན་འོད་གསལ་བས། །གདོད་ནས་དག་པས་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་སེམས་ཅན་མེད། །བདག་ཏུ་མེད་པའི་ཆོས་ལས་བྱུང་། །སངས་རྒྱས་བྱང་ཆུབ་རྫོགས་བྱེད་པ། །རྣམ་པར་མི་རྟོག་དམིགས་སུ་མེད། །སྤྲོས་པ་མེད་པའི་ལེའུ་སྟེ་གསུམ་པའོ།། །།ལེའུ་འདིས་ཆེ་བ་བསྟན་ཏེ། སེམས་དཔའ་ཆེན་པོ། ཐུགས་ཀྱི་དཀྱིལ་འཁོར་རང་བཞིན་ལས། །ཡེ་ཤེས་རྫོགས་བཞུགས་མེ་ལོང་བཞིན། །ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཏེ། །བྱང་ཆུབ་སེམས་ཀྱི་དོན་རྟོགས་པས། །སངས་རྒྱས་ཀུན་གྱི་ཉིང་ཤ་ཅན། །ང་ནི་སངས་རྒྱས་ཀུན་གྱི་དུར། །དུར་ཁྲོད་ཆེན་པོ་ང་བདག་ཡིན། །སེམས་དཔའ་ཆེན་པོ་ཐམས་ཅད་དང་། །སེམས་ཅན་ཐམས་ཅད་ང་ལས་བྱུང་། །སེམས་ཅན་དུར་ཉིད་ང་ཡིན་ཏེ། །སྐལ་ལྡན་སེམས་དཔའ་རིག་པར་གྱིས། །སངས་རྒྱས་ཐམས་ཅད་ང་ཡི་ཞིང་། །སེམས་ཅན་ཐམས་ཅད་སྐུ་གསུང་གཏེར། །ཐམས་ཅད་ང་ཡི་ལོངས་སྤྱོད་རྒྱུ། །ཞེས་གསུངས་པའི་ཚིག་ཐོས་པ་དང་། །སེམས་དཔའ་སྐལ་ལྡན་ཞལ་མཐོང་བ། །རྨད་བྱུང་གསང་བའི་དཀྱིལ་འཁོར་འདིར། །བྱང་ཆུབ་སེམས་ཉིད་བདག་ཡིན་རིག །ཐལ་མོ་སྦྱར་ནས་འདི་སྐད་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་རོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་སྐུ་སྟེ་སྐུ་ལ་རོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་གསུང་སྟེ་གསུང་ལ་རོལ། །ཞེས་གསོལ་པ་དང་། སེམས་དཔའ་ཆེན་པོ། བསྐལ་


DNG025_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབུམ་གྱི་སྔོན་རོལ་དུ། །ང་ཉིད་གཅིག་པུ་སྔོན་དུ་བྱུང་། །བྱུང་བ་བས་ཀྱང་ང་སྔར་བྱུང་། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ང་ལས་བྱུང་བ་དེ་ཡི་ཕྱིར། །སེམས་དཔའ་ཆེན་པོའི་ཐུགས་ཉིད་ནི། །ང་ཡིས་བྱིན་བརླབས་ཆེན་པོ་པ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་ཆེན་པོ་ཀུན་འདུས་ནས། །འོད་ཟེར་མངོན་སུམ་ཉི་བཞིན་ཤར། །སེམས་དཔའ་ཆེན་པོ་སྐལ་བ་བཟང་། །རྣལ་འབྱོར་གང་ཞིག་འདི་འཆད་པ། །ང་ནི་སེམས་དཔའ་ཉིད་ཀྱི་སྐུ་གསུང་ཐུགས། །དེ་ཉིད་ཡིན་པར་རིག་པར་གྱིས། །དོན་འདི་དག་པའི་རྣལ་འབྱོར་པ། །སངས་རྒྱས་ས་ལ་མི་གནས་ཏེ། །ཐམས་ཅད་ང་ཉིད་ང་ཡི་ཐུགས། །སེམས་ཅན་ཐམས་ཅད་ང་ལས་བསྐྱེད། །ཅེས་གསུངས་སོ། །ཆེ་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ལེའུ་འདིས་གསང་བའི་ཞལ་གྱིས་བཞེས་པ་བསྟན་ཏེ། སེམས་དཔའ་ཆེན་པོ།ང་བྱེད་པ་པོ་ང་ཉིད་རང་བཞིན་གྱིས་རྣལ་འབྱོར་དག་ནས། སངས་རྒྱས་མ་བསྐྱེད་པ་མེད་པས། འདུས་བྱས་ཀྱི་ཆོས་ཐམས་ཅད་ཡེ་ནས་མེད་དོ། །དེའི་ཕྱིར་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ཉིད་དོ། །ང་ཉིད་ཆོས་ཀྱི་སྐུ་ཡི་རྣལ་འབྱོར་ཡིན་པས། ངའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའོ། །སངས་རྒྱས་ཀུན་ལས་སྔར་སངས་རྒྱས་པའོ། །ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་ཆོས་ཉིད་ཡེ་ནས་མེད། །ང་ལ་ཆགས་མེད་སྔོན་རོལ་ཅན། །ཆགས་པའི་འདོད་ཆགས་ཡེ་ནས་མེད། །སྲིད་པ་མེད་པའི་སྔོན་རོལ་དུ། །སྲིད་པའི་ཆོས་ཉིད་ཡེ་ནས་མེད། །འབྱུང་བ་མེད་པའི་སྔོན་རོལ་ན། །ཆེན་པོ་ལྔ་ཉིད་ཡེ་ནས་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། །སེམས་ཅན་མིང་ནི་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བའི་ཆོས་ཉིད་ཡེ་ནས་མེད། །དེ་ཕྱིར་འབྱུང་བ་བས་ནི་ང་སྔར་བྱུང་། །ཐམས་ཅད་ང་ཡིས་བྱས་པ་ཡིན། །ཐམས་ཅད་ང་ལས་བསྐྱེད་པ་ཡིན། །


DNG025_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ང་ལས་བྱུང་བ་ཡིན། །ཞེས་བཀའ་སྩལ་ཏོ། །གསང་བ་ཞལ་གྱིས་བཞེས་པ་གསང་བའི་ལེའུ་སྟེ་ལྔ་པའོ།། །།ལེའུ་འདིས་བྱང་ཆུབ་ཀྱི་འཕྲུལ་ཆེན་པོ་བསྟན་ཏེ། གཞི་རྩ་མེད་པའི་སེམས་ཉིད་ནི། །བཀྲུས་པས་མི་འདག་ནམ་མཁའ་བཞིན། །སྐྱེ་དང་བྲལ་བའི་བྱང་ཆུབ་ལ། །བྱང་ཆུབ་འབྲས་བུ་ཡོངས་ཀྱིས་མེད། །རྨད་བྱུང་བྱང་ཆུབ་སེམས་འདི་ནི། །རང་གི་རིག་པ་ཡེ་ཤེས་ཆེན་པོས་མཁྱེན་ནས། རོལ་པའི་ཐབས་ཆེན་པོ་རང་ལ་རྫོགས་པས་སངས་རྒྱས་སོ། །བྱང་ཆུབ་སེམས་འཕྲུལ་ཆེན་པོའི་བསྟན་པ་འདི་ལ་དོན་རྣམ་པ་ལྔ་སྟེ། བྱང་ཆུབ་སེམས་རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་སྟེ། བྱང་ཆུབ་སེམས་རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང་། བྱང་ཆུབ་སེམས་རོལ་པ་ཆེན་པོའི་ཆོ་འཕྲུལ་རྨད་དུ་བྱུང་བ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་དང་། བྱང་ཆུབ་སེམས་གསང་བ་རྨད་དུ་བྱུང་བའི་ཆོས་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྨད་དུ་བྱུང་བ་དང་། བྱང་ཆུབ་སེམས་གསང་བ་ཆེན་པོའི་རྒྱུད་གསང་བའི་ཆོ་འཕྲུལ་ཆེན་པོ་མངོན་པར་བསྟན་པའི་ཆོས་རྨད་དུ་བྱུང་བའོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། འཕྲུལ་ཆེན་པོ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ལེའུ་འདི་ལས་བྱང་ཆུབ་སེམས་གསང་བ་ཉིད་བསྟན་པ་བྱང་ཆུབ་ཀྱི་སེམས་གསང་བ་རྨད་དུ་བྱུང་བས་འཕྲུལ་ཆེན་པོ་འདི་ནི་སྐུ་གསུང་ཐུགས་ཉིད་དུ་གྱུར་པ་ཡིན་ཏེ། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་བཤད་པ་མ་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ། སྣང་ལ་མི་གནས་པ་རྣམས་ནི་ཐུགས་གསང་བ་ཆེན་པོ་རྨད་དུ་བྱུང་བའོ། །ཡང་དག་སངས་རྒྱས་ལམ་རིག་ནས། ནམ་མཁའ་ལྟར་ཆགས་པ་མེད་པར་ཀུན་ཏུ་ཁྱབ་པར་རང་ལ་འདུས་པ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ། །ཀྱེ་སེམས་དཔའ་ཆེན་པོ། བཀོད་པ་མེད་པར་ཀུན་ལ་མངོན་པར་སྣང་བ་ནི། སྐུ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཡིན་ནོ། །རང་རིག་པ་ལས་བྱུང་བའི་ཆོས་རྣམས་ནི་གང་དུ་


DNG025_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསམ་དུ་མེད་པ་ཉིད་ཀྱི་དོན་དུ་གྱུར་པའི་གནས་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ། །ཀྱེ་སེམས་དཔའ་ཆེན་པོ།མ་སྐྱེས་མ་སྤྲོས་པར་སྒྲ་སྐད་སྣ་ཚོགས་སོ་སོར་རང་ལས་བྱུང་བ་ནི་གསུང་རྨད་དུ་བྱུང་བའི་དཀྱིལ་འཁོར་ཉིད་ཡིན་ནོ། །སྒྲ་ལས་འདས་པའི་ཏིང་ངེ་འཛིན་གྱི་སྐུ་གསུང་ཐུགས་ཉིད་དུ་གྱུར་པ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ། །ཀྱེ་སེམས་དཔའ་ཆེན་པོ། རང་རིག་པའི་སེམས་ལས་བྱུང་བའི་ཆོས། ཆོས་སྐུ་མི་མངའ་བར་ཀུན་ལ་ཁྱབ་པར་གནས་པའི་ནམ་མཁའ་སྟེ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ། །ཀྱེ་སེམས་དཔའ་ཆེན་པོ། སྐུ་གསུང་ཐུགས་དཔེ་བྱད་ལས་འདས་པར་སྐུ་ལྔ་ལྷུན་གྱིས་རྫོགས་པར་གསལ་བ་རང་ལས་བྱུང་བ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་དོ། །ཀྱེ་སེམས་དཔའ་ཆེན་པོ། ཆེན་པོ་ལྔ་ནི་སྐུ་ལྔ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཉིད་དོ། །ཆེན་པོ་ལྔ་ཡི་དྭངས་མ་ནི།བྱང་ཆུབ་ཀྱི་སེམས་དྲི་མ་མེད་པར་རྨད་དུ་བྱུང་བ་ཉིད་དོ། །དྭངས་མ་དེ་གསལ་བའི་སྙིང་པོ་ཤིན་ཏུ་བརྟག་དཀའ་བ་ཉིད་ཡེ་ཤེས་ཏེ། ཐུགས་ཉིད་དུ་གྱུར་པའོ། །ཀྱེ་སེམས་དཔའ་ཆེན་པོ། འབྱུང་བ་ཆེན་པོ་སོ་སོར་མ་བཅོས་མ་བྱས་བསམ་པ་མེད་པ་ལས་སྒྲ་སྐད་སྣ་ཚོགས་འབྱུང་བ་ནི་ང་རང་ཉིད་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ། འདི་དག་ནི་བདག་ཉིད་ལས་འབྱུང་བ་གང་གིས་ངོ་བོར་ཡང་མ་གྱུར་པས་ཆོས་ཀྱི་སྐུ་སྟེ། བྱང་ཆུབ་སེམས་རྨད་དུ་བྱུང་བའོ། །འབྱུང་བ་ཆེན་པོ་བཞི་ནི་སྐྱེ་བ་འབྱུང་བ་དང་། སྐྱེ་བ་རྣམས་ཀྱི་རྒྱུ་ཉིད་དུ་གྱུར་པས། བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་དོ། །འབྱུང་བ་ཆེན་པོ་བཞི་ལས་སྐྱེ་ཞིང་འབྱུང་བ་དང་།སྐྱེ་བ་རྣམ་པ་བཞིའི་སེམས་ཅན་རྣམས་བདག་ཉིད་དུ་གྱུར་པ་སངས་རྒྱས་མེད་པའི་སངས་རྒྱས་ཡིན་པས། བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་དོ། །ཀྱེ་སེམས་དཔའ་ཆེན་པོ། དེ་ལ་བྱང་བ་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་ལ་ཉོན་མོངས་པའི་དྲི་མ་


DNG025_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་མེད་པའོ། །ཆུབ་ཅེས་བྱ་བ་ནི་འདས་པ་དང་།མ་བྱུང་བ་དང་། ད་ལྟར་བཞུགས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་དོན་གཅིག་སྟེ། སྐུ་གསུང་ཐུགས་ལས་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་མེད་ལ། ཆོས་ཐམས་ཅད་ཀྱི་དོན་དབྱེར་མེད་པར་ཐུགས་སུ་ཆུད་པ་ནི། ཀུན་ཆུབ་པའོ། །སེམས་ཅན་ཐམས་ཅད་སྐུ་གསུང་ཐུགས་སུ་དབྱེར་མེད་པའི་དོན་ལས་གཡོ་བ་མེད་པར་གསལ་བ་ཉིད་ཀྱི་ཏིང་ངེ་འཛིན་ཉིད་དོ། །བྱང་ཆུབ་ཀྱི་སེམས་ཉིད་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་རྣམ་པར་ཐར་པའི་ལམ་བསྟན་ཏེ། བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་ལ། རྣམ་པར་ཐར་པའི་ལམ་དུ་མངའ་ཞེས་གསོལ་པ་དང་། སེམས་དཔའ་ཆེན་པོ་ཉོན་ཅིག་ཅེས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྣམ་པར་ཐར་པའི་ལམ་མ་ནོར་བ་ཆོས་ཉིད་རྣམ་པར་ཐར་པ་ལྔ་ཡོད་དོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་།ང་རྒྱལ་དང་། ཕྲག་དོག་གོ། །དེ་ལ་འདོད་ཆགས་ནི་བདག་ཉིད་ལས་བྱུང་བའི་ཆོས་ལ། བདག་ཉིད་དུས་དང་རྣམ་པ་མེད་པར་སྤྱོད་པར་འདོད་དོ། །ཆགས་པ་ནི་འདོད་པའི་དབང་དུ་གྱུར་པའོ། །དེ་ལ་བདག་ཉིད་ལས་བྱུང་བའི་ཆོས་ནི།གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའོ། །དེ་དག་ཇི་ལྟར་འདོད་ཅེ་ན། ཐམས་ཅད་བདག་ཉིད་དུ་གྱུར་པར་འདོད་ཅིང་འདོད་པ་ལ་ཆགས་པའོ། །ཞེ་སྡང་ནི་བདག་ཉིད་ལ་ཡེ་ནས་གསང་བའི་ཆོས་ཐམས་ཅད་འབྱུང་བའི་ངོ་བོ་ཉིད་དུ་གྱུར་པའོ། །སྤངས་ཀྱང་མི་སྤངས་བཀྲུས་ཀྱང་མི་འདག་པའི་ཆོས་ཉིད་དུ་གྱུར་པ། འདོད་ཆགས་སྤོང་བ་ལ་ཞེ་སྡང་བ་དང་། ཞེ་སྡང་སྤོང་བ་ལ་ཞེ་སྡང་བ་དང་། གཏི་མུག་སྤོང་བ་ལ་ཞེ་སྡང་བ་དང་། ང་རྒྱལ་སྤོང་བ་ལ་ཞེ་སྡང་བ་དང་། ཕྲག་དོག་སྤོང་བ་ལ་ཞེ་སྡང་བའོ། །གཏི་མུག་ནི་བདག་ཉིད་


DNG025_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་ཆོས་ཐམས་ཅད་ལ། ལྟ་བ་སོ་སོར་དབྱེར་མེད་པར་ཐུགས་སུ་ཆུད་དེ།སོ་སོར་ཕྱེ་བའི་དགོངས་པ་མི་མངའ་བས། གཏི་མུག་པ་དང་། ཆོས་ཐམས་ཅད་བདེ་བར་གཤེགས་པའི་ཐུགས་ཉིད་དུ་ཆུད་པས། གསང་བ་མཆོག་གིས་དགྱེས་པ་ན། ཐམས་ཅད་བདག་ཉིད་གཅིག་ཏུ་བཞུགས་ཏེ། ས་དང་སའི་རིམ་པར་དབྱེ་བའི་དགོངས་པ་མི་མངའ་བས། གཏི་མུག་པ་དང་། སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་དུ་གཅིག་སྟེ། དབྱེར་མེད་པས་ཐུགས་སུ་ཆུད་དེ། མཉམ་པ་ཉིད་ཀྱི་སྐུར་བཞུགས་པས། མཉམ་པའི་དོན་ལ་དགོངས་པས་གཏི་མུག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཐམས་ཅད་བདག་ཉིད་ལས་བྱུང་བས། གཞན་ལས་མ་བྱུང་མ་སྐྱེས་པའི་དོན་ཐུགས་སུ་ཆུད་པས་གཏི་མུག་པ་དང་། བདག་དང་བདག་གི་སྐུར་གྱུར་པས། དེ་ལས་མ་གཏོགས་པ་གཞན་དུ་གྱུར་པ་དང་། གཞན་དུ་སྐྱེ་བ་དང་། གཞན་དུ་འབྱུང་བ་དང་། གཞན་དུ་འགོག་པ་དང་། གཞན་ལས་སྐྱེས་པ་དང་། གཞན་ལས་བྱུང་བ་དང་། གཞན་དུ་གྱུར་པར་སྟོན་པ་མི་མངའ་བས་གཏི་མུག་པ་དང་། བདག་ཉིད་ལས་བྱུང་བའི་སྤྲུལ་པའི་སྐུ་རྣམ་པ་སྣ་ཚོགས་ལས། རོལ་པ་ཅི་ཡང་མཛད་ཅིང་སྐུ་གཅིག་ཏུ་སྟོན་པ་མི་མངའ་བས་གཏི་མུག་པའོ། །ང་རྒྱལ་ནི་བདག་ཉིད་ལས་བྱུང་བའི་ཆོས་ཐམས་ཅད་དང་། སྐྱེ་བ་ཐམས་ཅད་ལ་ང་དང་། བདག་མེད་པར་ཐུགས་སུ་ཆུད་དེ་མཁྱེན་པས། དེའི་ཕྱིར་ཆོས་ཐམས་ཅད་ལ་ང་དང་བདག་ཏུ་མེད་པར་སྟོན་པར་མཛད་པའི་ང་རྒྱལ་དང་། བདག་ཉིད་ལས་བྱུང་བའི་ཆོས་བླ་ན་མེད་པ་ཐམས་ཅད་ཐུགས་སུ་ཆུད་དེ། དུས་གསུམ་དུ་བདག་ཉིད་སྟོན་པ་མཛད་ཅིང་། བདག་ཉིད་ཆེ་བར་སྟོན་པར་མཛད་པའི་ང་རྒྱལ་དང་། བདག་ཉིད་ལས་བྱུང་བའི་ཆོས་རྣམས་ལ། བདག་ཉིད་དུས་ཐམས་ཅད་ལོངས་སྤྱོད་པར་མཛད་པའི་དབང་གིས། རོལ་པའི་སྐུ་ཅི་ཡང་སྟོན་པར་མཛད་པའི་ང་རྒྱལ་དང་། ཆོས་ཐམས་ཅད་


DNG025_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྲིད་པ་གསུམ་དང་། ཆེན་པོ་ལྔ་ལ་སོགས་པ་སྐྱེ་འགྲོ་ཐམས་ཅད་བདག་ཉིད་ལས་གྱུར་པར་ཐུགས་སུ་ཆུད་དེ། དེ་དག་ཐམས་ཅད་བདག་ལ་བསྡུས་ཤིང་། བདག་ཉིད་དུ་གྱུར་པའི་ཆེ་བའི་ང་རྒྱལ་ལོ། །ཕྲག་དོག་ནི་ཆོས་ཐམས་ཅད་བདག་གི་ངོ་བོ་ཉིད་གཅིག་པ་ལས། ཐ་དད་པར་རྟོག་པ་དེ་ལ་ཕྲག་དོག་པ་དང་། འདོད་ཆགས་གཏི་མུག་རྣམས་ཡེ་ནས་སྐུ་གསུང་ཐུགས་སུ་དབྱེར་མེད་པ་ལས། མཚན་ཉིད་སོ་སོར་འཛིན་པ་ལ་ཕྲག་དོག་པ་དང་། ཡང་དག་པའི་དོན་མ་ནོར་བར་གཏན་ལ་ཕབ་པ་ལ། ཕྱིན་ཅི་ལོག་ཏུ་རྟོག་པ་ལ་ཕྲག་དོག་པ་དང་། ཆོས་དེ་རྣམས་ཐམས་ཅད་བདེ་བར་གཤེགས་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པ་ལ་ཕྲག་དོག་པ་དང་། ཆེ་བའི་ལམ་ཡིན་པ་ལ་རྣམ་པར་ཐར་པ་མ་མཐོང་བ་ལ་ཕྲག་དོག་པའོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་ཀྱི་སེམས་ཐར་པའི་ལམ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།ལེའུ་འདིས་བྱང་ཆུབ་ཀྱི་སེམས་ཡེ་ནས་མི་མཉམ་པར་བསྟན་པ་སྟེ། རྡོ་རྗེ་སེམས་དཔའ་དཔའ་བོ་ཁྱོད། །ཡང་དག་སངས་རྒྱས་ལམ་རིག་པས། །ནམ་མཁའ་ལྟ་བུར་སྐྱེ་བ་མེད། །རྣམ་དག་ཕུང་པོ་ལྔ་ཡིས་བརྡལ། །སྣ་ཚོགས་ངེས་པ་ཁྱོད་ལས་བྱུང་། །ཁྱོད་ལས་མ་བྱུང་གཅིག་ཀྱང་མེད། །སྣ་ཚོགས་འབྱུང་བ་ཀུན་གྱི་རྒྱུ། །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཐམས་ཅད་ལམ། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །འབྱུང་བ་རྣམ་པས་ཁྱོད་ལྔར་བྱུང་། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །ཁྱོད་ལས་མ་བྱུང་ཡི་གེ་མེད། །གསང་སྔགས་དོན་དུ་བསྐྱེད་པ་རྣམས། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཡན་ལག་མེད་པའི་རྩིས་ལས་འདས། །སངས་རྒྱས་རྣམས་ཀྱིས་རྟོགས་བྱ་བ། །ཐམས་ཅད་སངས་རྒྱས་ཉིད་ཀྱིས་མཛད། །སངས་རྒྱས་བྱང་ཆུབ་བླ་ན་མེད། །རང་གི་ལོངས་སྤྱོད་རང་


DNG025_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྤྲུལ། །རང་ལས་སྤྲུལ་པའི་སྐུ་རྣམས་ལ། །རང་གི་ལོངས་སྤྱོད་ཅིར་ཡང་མཛད། །སྤྲུལ་པའི་རྣམ་པ་ཅིར་ཡང་སྟོན། །ཁྱོད་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང་། །རོལ་པའི་སྐུ་ཡིས་ཅིར་ཡང་རོལ། །སངས་རྒྱས་རོལ་པ་ཁྱོད་ལས་བྱུང་། །སེམས་དཔའ་ཆེན་པོ་ཐམས་ཅད་ཁྱོད་ཉིད་ལས་བྱུང་བའོ། །སེམས་དཔའ་ཆེན་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རྨད་དུ་བྱུང་བའོ། །སེམས་དཔའ་ཆེན་པོ་ཉོན་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཐམས་ཅད་མཛད་དེ། ཆགས་པ་དང་བྲལ་བའི་ལུས་ལས་འདས་པ་ཡང་ཁྱོད་དོ། །ངའི་བྱང་ཆུབ་སེམས་ཕྲ་ཞིང་ཟག་པ་མེད་པ་ས་བོན་དང་བྲལ་བ། རྡུལ་མེད་དེ་རྡུལ་དང་བྲལ་བས་དྲི་མ་མེད་པ། བདེ་བར་གཤེགས་པ་དང་སེམས་ཅན་ཐམས་ཅད་ལ་གནས་པ་ཡིན་ནོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་བྱང་ཆུབ་ཀྱི་སེམས་གསང་བ་དམ་པའོ། །སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ནི་འདི་ལྟར་རིག་པར་བྱའོ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པ་ཡིན་ཏེ། དེའི་སྐུའི་འོད་ཟེར་ཞུགས་ཤིང་གསུང་གི་འོད་ཟེར་ལ་རོལ་ཏེ། དེའི་ཕྱིར་རྣམ་པར་དག་པ་ནམ་མཁའ་དང་འདྲ་བའི་སྐུའོ། །དེ་ལ་ཡངས་པ་དང་།ཀུན་ཁྱབ་པར་གནས་པ་དང་། འགོག་པ་མེད་པར་འཇུག་པ་ནི་ནམ་མཁའོ། །གསལ་ཞིང་སྣང་བ་ཐམས་ཅད་ནི་སྐུའི་འོད་ཡིན་ཞིང་། །ནམ་མཁའི་རང་བཞིན་མ་ཡིན་ནོ། །ཆེན་པོ་ལྔ་སོ་སོར་གསལ་བ་དང་། སྣང་བ་ཆེན་པོ་ཡོད་པ་ནི་ཆེན་པོ་ལྔ་ཉིད་རིགས་ལྔའི་སྐུར་གྱུར་པའི་འོད་ཡིན་ཏེ། ནམ་མཁའི་ཁམས་ཀུན་ལ་ཁྱབ་པའི་འོད་དང་། ནམ་མཁའི་རང་བཞིན་ལས་བྱུང་བ་མ་ཡིན་ཏེ། སྐུ་མདོག་ཇི་ལྟ་བ་བཞིན་དུ་ནམ་མཁའི་མདོག་ཀྱང་དེ་བཞིན་དུ་གྱུར་པ་ཡིན་ནོ། །བར་སྣང་ལ་སྣང་བར་སྟོན་པ། ཉི་ཟླ་གཟའ་སྐར་ལ་སོགས་པ་རང་གི་སྣང་བའི་འོད་འབྱུང་བ་དང་། བར་སྣང་སྣང་བར་སྟོན་པ་ཡང་། སྐུ་རིན་པོ་ཆེའི་འོད་དང་། གསུང་ཆོས་ཉིད་དུ་


DNG025_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པའི་ཟེར་ཉིད་ཡིན་ནོ། །ཆེན་པོ་བཞི་ལས་བྱུང་བའི་ཁ་དོག་རྣམས་དང་། རྣམ་པ་སྣ་ཚོགས་སུ་སྨྲ་བ་དང་། བར་སྣང་ལ་སྤྲིན་གྱི་ཁ་དོག་སོ་སོར་སྣང་བ་དང་། འཇའ་ཚོན་གྱི་ཁ་དོག་འབྱུང་བ་དང་། རིགས་སོ་སོའི་སྐུ་དང་། ཡེ་ཤེས་ཀྱི་འོད་ལས་བྱུང་བ་ཡིན་གྱི། ནམ་མཁའ་དང་ཁ་དོག་ཀྱང་ཆེན་པོ་དང་བཞིའི་མཐུ་ལས་བྱུང་བ་ནི་མ་ཡིན་ནོ། །སྐུ་དཀར་ན་ནམ་མཁའ་ཡང་དཀར། སྐུ་མདོག་ཇི་ལྟ་བ་བཞིན་དུ་ནམ་མཁའི་མདོག་ཀྱང་དེ་དང་འདྲ་བ་དང་། ཆེན་པོ་བཞི་ལས་བྱུང་བའི་སྐྱེ་བ་རྣམས་ཀྱི་ཁ་དོག་རྣམས་ཀྱང་དེ་དང་འདྲའོ། །དེ་བཞིན་གཤེགས་པའི་སྐུ་ནི་ཆེན་པོ་ལྔ་ལས་བརྟེན་ཅིང་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའམ། སྐྱེ་བ་བཞི་ལས་སྐྱེས་པ་ནི་མ་ཡིན་ནོ། །འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་དང་། སྐྱེ་བ་རྣམ་པ་བཞིའི་གནས་ལ་སྐྱེས་པའི་སེམས་ཅན་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་ལུས་པ་མེད་པ་རྣམས་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཉིད་ལས་བྱུང་ཞིང་། སྐུ་གསུང་ཐུགས་ཀྱི་རོལ་པ་ཆེན་པོ་རྣམས་སྤྱིར་ཡང་རོལ་ཅིང་། ཆོས་ཐམས་ཅད་ལ་མངའ་མཛད་པ་དང་། ཆོས་ལ་རོལ་པ་ཆེན་པོ་རྟག་ཏུ་མཛད་པའི་དོན་དུ་དེ་བཞིན་གཤེགས་པས་མཛད་དོ། །ཆེན་པོ་ལྔ་མེད་པའི་སྔོན་རོལ་ན། དེ་བཞིན་གཤེགས་པའི་སྐུ་ནི་རང་བྱུང་སྟེ། སྐུ་ལ་ཞུགས་ཤིང་གསུང་གི་འོད་ལ་རོལ་ཏོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། བྱང་ཆུབ་ཀྱི་སེམས་ཡེ་ནས་མཉམ་པ་དང་མི་མཉམ་པར་བསྟན་པའི་ལེའུ་སྟེ་དགུ་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་གསང་བ་དམ་པ་བསྟན་ཏེ། སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་གསང་བ་རྨད་དུ་བྱུང་བ་འདི་ནི། ཆོས་ཐམས་ཅད་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས། སངས་རྒྱས་ཀྱི་མཛད་པ་གསང་བ་རྨད་དུ་བྱུང་བའོ། །སངས་རྒྱས་ཉིད་ལས་བྱུང་བས་གསང་བ་རྨད་དུ་བྱུང་བའོ། །སངས་རྒྱས་ཉིད་ལས་སྐྱེས་པས་གསང་བ་རྨད་དུ་


DNG025_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའོ། །བདག་ཉིད་ཀྱི་རིག་པའི་ཡེ་ཤེས་ལས་མ་སྐྱེས་པ་དང་། མ་བྱུང་བ་དང་། རང་རིག་པའི་ཡེ་ཤེས་ངས་མ་བྱས་པའི་ཆོས་གང་ཡང་མེད་པས་གསང་བ་རྨད་དུ་བྱུང་བའི་ཆོས་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་དང་། བྱང་ཆུབ་སེམས་རྣམས་ཀྱིས་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར་གསང་བ་མཆོག་གི་དམ་པའོ། །གསང་བ་རྨད་དུ་བྱུང་བ་ལས། གསང་བ་དམ་པ་བསྟན་པའི་ ལེའུ་སྟེ་བཅུ་པའོ།། །།ལེའུ་འདིས་ངེས་པར་གསང་བའི་མན་ངག་བསྟན་ཏེ་རྡོ་རྗེ་སེམས་དཔའ་ཆེན་པོ། རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཐུགས་གསང་བའི་རྒྱུད་ལས་ནི། སྐུ་གསུང་ཐུགས་སུ་མ་འདུས་པ་གཅིག་ཀྱང་མེད་དོ། །བདེ་བར་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་ཉིད་ལས་གྱུར་པས་གསང་བའོ། །དེ་བཞིན་གཤེགས་པ་ཉིད་ལ་རྣམ་པར་དག་པའི་ཕུང་པོ་ལྔ་ཡོད་དེ། གཟུགས་རྣམ་པར་དག་པས་ཐམས་ཅད་དུ་གྱུར་པའི་ཕུང་པོ་དང་། དག་པ་ནམ་མཁའ་དང་འདྲ་བ་ཡེ་ཤེས་འབྱུང་བས།རྣམ་པར་གྲོལ་བའི་ཚོར་བ་འགག་པ་མེད་པའི་ཕུང་པོ་དང་། སྐྱེ་བ་མེད་པའི་འདུ་ཤེས་ཆོས་ཉིད་དུ་གྱུར་པའི་ཕུང་པོ་དང་། ལེན་པ་མེད་པའི་འདུ་བྱེད་རྣམ་པ་ཐམས་ཅད་དུ་ཐ་དད་པའི་སྒོ་ལྔའི་ཕུང་པོ་དང་། རྣམ་པར་ཤེས་པ་ནམ་མཁའ་དང་འདྲ་བའི་ཡེ་ཤེས་འབྱུང་བའི་ཕུང་པོ་དང་ལྔའོ། དེ་ལ་སྐུ་ལྔ་ནི་ཕུང་པོ་ལྔ་ཀུན་གྱི་བདག་ཉིད་དུ་ཡོད་པ་དང་། ཀུན་གྱི་བདག་ཉིད་དུ་གྱུར་པས་སྐུའོ། །སྐུ་རྣམ་པར་སྣང་མཛད་དུ་གྱུར་པ་ནི་སྐུ་ལྔ་ལྷུན་གྱིས་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་རྣམ་པར་སྣང་མཛད་དོ། །དེ་ལ་རྣམ་པར་སྣང་མཛད་ཅེས་གསུངས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་སྐུ་ལྔ་ཉིད་དུ་གྱུར་པ་ཡིན་ཏེ། དེ་ཉིད་ལས་སྐུ་རྣམ་པ་སྣ་ཚོགས་ཅིར་ཡང་སྣང་བར་མཛད་དོ། །དེའི་ཕྱིར་སེམས་དཔའ་ཆེན་པོ་ཇི་སྐད་གསུངས་ཞེ་ན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་དང་། དུས་དང་དུས་ཀྱིས་སོ་སོར་གྱུར་པ་དང་། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་། སྐྱེ་བ་ཐམས་


DNG025_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་། སྐྱེ་བོ་དང་།སྐྱེ་འགྲོ་རྣམས་དང་། ཆེན་པོ་ལྔ་དང་། འབྱུང་བ་བཞི་ལས་བྱུང་བའི་ཆོས་ཐམས་ཅད་ཀུན། སྐུ་ལྔ་རྣམ་པར་དག་པ་ལས་མ་བྱུང་བའི་ཆོས་གཅིག་ཀྱང་མེད་དོ། །དེ་དག་ཐམས་ཅད་སྐུ་ལྔ་ལས་བྱུང་བས་ཐམས་ཅད་ནས་ཐམས་ཅད་དུ་སྐུ་ལྔ་ཉིད་དུ་མ་གྱུར་པ་གཅིག་ཀྱང་མེད་དོ། །དེའི་ཕྱིར་ཐམས་ཅད་སངས་རྒྱས་སུ་མ་གྱུར་པ་གཅིག་ཀྱང་མེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་ཕྱི་དང་ནང་དང་། ལུས་དང་ངག་ཏུ་ཡང་སྣང་ལ་ཀུན་ཏུ་ཡང་སྣང་ངོ་། །ཀུན་ལ་སྣང་བར་མཛད་དོ། །ཡང་ཇི་སྐད་དུ་གསུངས་ཞེ་ན། ངའི་སྐུ་རྣམ་པར་དག་པ་ནི་ཅིར་ཡང་སྤྲུལ་ཅིང་ཅིར་ཡང་འགྱུར་ཞིང་། ཀུན་ཏུ་འགྱུར་བ་ཉིད་ཡིན་ཏེ། སྐུ་ལྔ་ལས་གྱུར་པའི་ཆེན་པོ་ལྔ་ཉིད་ལས་རོལ་པ་ཆེན་པོ་རྡོ་རྗེ་རྣམ་པར་རོལ་པར་མཛད། རྟག་པར་བཞུགས་ཤིང་རྟག་པར་རྣམ་པར་ཅིར་ཡང་རོལ། རྡོ་རྗེ་རྣམ་པར་རོལ་པ་ཆེན་པོ་ཅིར་ཡང་མཛད། ཆོས་ཉིད་ལ་མངའ་མཛད་པའི་རོལ་པ་ཆེན་པོས། སྐུའི་ཆོ་འཕྲུལ་ཆེན་པོ་ཅིར་ཡང་སྣང་ཞིང་ཅིར་ཡང་སྟོན། ཆོ་འཕྲུལ་ཆེན་པོ་ཅིར་ཡང་སྟོན། ཆོ་འཕྲུལ་ཆེན་པོ་ཅིར་ཡང་མཛད་དོ། །སྐུ་ཅིར་ཡང་སྣང་བ་ལ་ཅིར་ཡང་རོལ་པའི་ཆོ་འཕྲུལ་གྱིས། རྟག་པར་ལོངས་སྤྱོད་པར་མཛད་པས་སོ། །དེའི་ཕྱིར་སེམས་དཔའ་ཆེན་པོ། ཕྱིའི་སྤྱོད་ཡུལ་ཐམས་ཅད་ནི་འདི་ལྟར་ཡིན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ནི།ངའི་དེ་བཞིན་གཤེགས་པའི་གཟིགས་མོའི་ཡུལ་ལོ། །ང་ཉིད་ལས་བྱུང་བའི་ཆོས་ཉིད་དོ། །མ་བྱུང་བ་འབྱུང་བར་བྱེད་པའི་ཡུལ་ལོ། །མ་བྱུང་བ་མེད་པར་བྱེད་པའི་དམ་ཚིག་གི་ཡུལ་ལོ། །སྐུ་གསུང་ཐུགས་མངོན་པར་སྣང་བ་ཉིད་དོ། །སྐུ་གསུང་ཐུགས་མཐར་མི་ཟད་པའི་མཛོད་དོ། །སྟོན་པ་མཐར་མི་ཟད་པའི་དོན་ཉིད་དོ། །སྐུ་གསུང་ཐུགས་ཀྱི་རོལ་པའི་ཆོ་འཕྲུལ་ཆེན་པོ་ཉིད་དོ། །རྫུ་འཕྲུལ་ཆེན་པོ་ཉིད་ཀྱི་རང་བཞིན་ནི། ངའི་མཐུ་ལས་བྱུང་བ་ཉིད་དོ། །ངའི་སྟོབས་ལས་བྱུང་བའི་ཆོས་སོ། །ངའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་


DNG025_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ནི་ང་ཉིད་ཀྱི་ཡུལ་ལོ། །བཞུགས་གནས་སོ། །གཞལ་ཡས་ཁང་ངོ་། །འདི་དག་ཐམས་ཅད་ནི་ངའི་སྐུའོ། །ངའི་གསུང་ངོ་། །ངའི་ཐུགས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་སངས་རྒྱས་ཀྱི་རྫོགས་པ་ཆེན་པོ་ཉིད་དོ། །བྱང་ཆུབ་ཆེན་པོར་རྫོགས་པ་ཉིད་དོ། །སངས་རྒྱས་ཀྱི་ཞིང་བདེ་བ་ཆེན་པོ་ཉིད་དོ། །བྱང་ཆུབ་ཀྱི་ས་ཉིད་དོ། །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ། །སྐུ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །གསུང་རྨད་དུ་བྱུང་བ་ཉིད་དོ། །ཐུགས་རྨད་དུ་བྱུང་བ་ཉིད་ཡིན་ནོ། །ཆོས་རྨད་དུ་བྱུང་བ་ཉིད་དོ། །གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །རོལ་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །རྫུ་འཕྲུལ་རྨད་དུ་བྱུང་བ་ཉིད་ཡིན་ནོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །སངས་རྒྱས་ཀྱི་ས་ཆེན་པོ་ནོན་པ་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །སངས་རྒྱས་ཀྱི་ལྟ་བ་མཐར་ཕྱིན་པ་ཡང་འདི་ཉིད་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྤྱོད་པ་མཐར་ཕྱིན་པ་ཡང་ཆོས་ཆེན་པོ་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །སྟོན་པ་ཕུན་སུམ་ཚོགས་པས་བསྟན་པ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །ཉན་པ་ཕུན་སུམ་ཚོགས་པས་ཉན་པོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོ་ཡང་འདི་ཉིད་ཡིན་ནོ། །སངས་རྒྱས་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །འདོད་པའི་ཡོན་ཏན་ལྔའི་མཚན་ཉིད་ཀྱང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོ་མཐར་ཐུག་པ་ཉིད་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་ཆོས་ཉིད་ལ་རོལ་པའི་ཆོ་འཕྲུལ་གྱིས། ཆོས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་འཁོར་ལོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ཀྱང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །ཆོས་ཀྱི་གསུང་ལམ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །ཆོས་ཀྱི་འཁོར་


DNG025_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །འཁོར་བ་ཡང་ཆོས་ཉིད་ལ་ཆོས་ཉིད་ཀྱི་དོན་གྱིས་འཁོར་ཞིང་། ཆོས་ཉིད་ལ་ཆོས་ཉིད་གནས་པ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ། །སྐུ་གསུང་ཐུགས་ལས་མ་གཏོགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། འཁོར་བ་དང་ཉོན་མོངས་པའི་མིང་ཡང་མེད་དོ། །སངས་རྒྱས་འབྱུང་བ་ལས་མ་གཏོགས་པ། སེམས་ཅན་དུ་སྐྱེ་བའི་རྒྱུ་མིང་ཡང་མེད་དོ། །སྐུ་སྣང་བ་ལས་མ་གཏོགས་པ་སེམས་ཅན་གྱི་རང་བཞིན་དང་ཆེན་པོ་ལྔ་ཡེ་ནས་གུད་ན་མེད་དོ། །སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལས་མ་གཏོགས་པ། སེམས་ཅན་དང་སྡུག་བསྔལ་གྱི་ཆོས་ཡེ་ནས་མེད་དོ། །སངས་རྒྱས་ཀྱི་ངེས་པའི་ས་ཆེན་པོ་རྫོགས་ཆེན་གཅིག་པུ་ལས་མ་གཏོགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་ཡུལ་དང་གནས་ནི་ང་ཉིད་ཀྱི་གསང་བ་རྨད་དུ་བྱུང་བ་ལས་མེད་པས། ང་ཉིད་ལས་མེད་པའི་ཆོས་ཉིད་ལས། སེམས་ཅན་གྱི་ཡུལ་དང་གནས་ནི་མིང་ཡང་མེད་དོ། །སྐུ་རྨད་དུ་བྱུང་བ་དང་། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རང་བཞིན་བསྟན་པ་དང་། ངེས་པའི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ལེའུ་འདིས་སྐུ་གསུང་ཐུགས་བྱང་ཆུབ་ཀྱི་སེམས་བཙལ་དུ་མེད་པས་འགྲུབ་པའི་ལུང་བསྟན་ཏེ། སེམས་དཔའ་ཆེན་པོ། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་སྣང་བ་ཡང་། །ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། །ཞེས་གསུངས་པ་ཡིན་ནོ། །སྐུའི་ཁ་དོག་ཅིར་ཡང་སྣང་ཞིང་ཅིར་ཡང་རོལ་པ་ནི་རིན་པོ་ཆེ་དང་འདྲ་བ་སྟེ། རིན་པོ་ཆེ་ནི་དཀར་པོ་ཡང་རིན་པོ་ཆེ། དམར་པོ་དང་སེར་པོ་དང་སྔོན་པོ་དང་། ལྗང་གུ་ལ་སོགས་པ་ཁ་དོག་ཅི་འདྲ་བ་ཡང་རིན་པོ་ཆེ་ཉིད་ཡིན་ནོ། །འདི་ནི་རིན་པོ་ཆེ་ཡིན་ནོ། །འདི་ནི་མིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ་དང་། ཁ་དོག་ཐམས་ཅད་དུ་སྣང་བ་དང་། དབྱིབས་ཐམས་ཅད་ཇི་ལྟར་འདུག་པ་དང་། དྲི་ཅིར་བྲོ་ཞིང་བསྣམ་པ་དང་། རོ་ཇི་ལྟར་བྲོ་བ་དང་། གཟུགས་


DNG025_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྣང་བ་དང་། སྒྲ་ཇི་ལྟར་ཐོས་པ་དང་། རེག་བྱ་ཇི་ལྟར་ཚོར་བ་ཐམས་ཅད་ཉིད་ཀྱི་སྐུ་ཡིན་ནོ། །རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ་ཡིན་གྱི། ཁ་དོག་དང་དབྱིབས་ནི་རྒྱལ་བའི་སྐུ་ཡིན། འདི་ནི་རྒྱལ་བའི་སྐུ་མིན་བྱ་བ་ལྟ་བུ་ནི་མ་ཡིན་ནོ། །དེའི་ཕྱིར། སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །སྣ་ཚོགས་གཟུགས་བརྙན་ཡིད་ལས་སྐྱེས། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ནི། ཡེ་ཤེས་བརྒྱད་སོ་སོར་དབྱེར་མེད་པ། གང་གིས་མི་བཤིགས་པའི་དོན། རིག་པའི་ཡེ་ཤེས་ཀྱི་སྐུ་དང་གཉིས་སུ་མེད་པར་སྐུ་ལས་ཤར་བ་ནི། ཐུགས་རྨད་དུ་བྱུང་བའོ། །སེམས་དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་ཕྱུང་ཞིང་། ཐུགས་རྨད་དུ་བྱུང་བར་མ་གྱུར་པ་མེད་དོ། །དེ་བཞིན་གཤེགས་པ་རྣམས་ལ་ཟད་པའི་མཐའ་མེད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདི་ལ་ཟད་ཅིང་མེད་པའི་དུས་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འདི་ལ་ཟད་ཅིང་སྟོངས་པའི་དུས་མེད་ན། བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཉིད་ཡིན་ཏེ། སྐུ་གསུང་ཐུགས་ཉིད་ཟད་ཅིང་སྟོངས་པའི་དུས་མེད་པ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཉིད་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ལས་མ་གཏོགས་པ། སྟོང་གསུམ་ཞེས་བྱ་བ་གཞན་མེད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ནི་སྐུ་གསུང་ཐུགས་ཉིད་སོ་སོར་དབྱེར་མེད་པའི་དོན་དང་། རང་བཞིན་ཀུན་ལ་སྣང་བར་བྱེད་ཅིང་སོ་སོས་གསལ་བར་གོ་བ་ཉིད་དུ་གྱུར་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་། གསུང་ལས་གྱུར་པའི་སྒྲ་སྐད་སྣ་ཚོགས་པ་ཅིར་ཡང་གྱུར་པ་དང་། མིང་དང་ཚིག་མང་པོ་རྣམས་དང་། ཡེ་ཤེས་ལ་སོགས་པ་དང་། སྒྲ་སྐད་སྣ་ཚོགས་པ་མང་པོར་བྱུང་བ་རྣམས་ལ། གསུང་དུ་མ་


DNG025_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་གཅིག་ཀྱང་མེད་དེ། སྐུ་དང་ཐུགས་ཉིད་གསུང་ངོ་། །གསུང་དང་ཐུགས་ཉིད་སྐུར་ཏེ། གསུང་སྤྲུལ་པའི་སྐུ།ཐུགས་སྙིང་པོ་བྱང་ཆུབ་མཆོག་གི་སྐུ། སྐུ་ལོངས་སྤྱོད་རྫོགས་པའི་སྐུའོ། །སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་ནི། རྨད་དུ་བྱུང་བ་འདི་ཉིད་ཡིན་པར་རིག་པར་གྱིས་ཤིག །ཡེ་ནས་ཡོད་ཅིང་རྟག་པར་བཞུགས། །རང་བྱུང་ཆེ་བ་བདག་ཉིད་སྐུ། །ཡེ་ནས་དག་པ་ཆོས་ཀྱི་སྐུ། །བདག་ཉིད་ཡེ་ནས་ལྷུན་གྱིས་གྲུབ། །འགྱུར་བ་མེད་པ་བསོད་ནམས་སྐུ། །ཡེ་ནས་རྫོགས་པ་སྤྲུལ་པའི་སྐུ། །ལྷུན་གྱིས་རྫོགས་པ་ལོངས་སྤྱོད་རྫོགས་པའི་སྐུ། །བྱ་བཙལ་མེད་པས་སྙིང་པོ་བྱང་ཆུབ་སྐུ། །སྐུ་གསུང་ཐུགས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་ཀྱི་སྤྱོད་པ་དང་། ཕྲིན་ལས་ཁྱད་པར་ཆེན་པོ་བསྟན་ཏེ། སེམས་དཔའ་ཆེན་པོ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ནི་རྡོ་རྗེ་ཐེག་པ་ཆེན་པོ་ཉིད་དོ། །སྙིང་རྗེ་མེད་པར་གསོད་པ་དང་། །འཇིགས་པ་མེད་པར་སྦྱོར་བ་དང་། །གཙང་སྨེ་མེད་པར་ཟ་བ་དང་། །རང་གི་ཁུ་བས་རང་མཆོད་པ། །རྡོ་རྗེ་ཐེག་པའི་ཆོས་ཉིད་ཡིན། །སེམས་ཅན་བརྩེ་བ་མེད་པ་དང་། །མ་བྱིན་ལེན་དང་མི་ཚངས་སྤྱོད། །གཞན་ལ་སློང་བར་མི་བྱེད་པ། །འདི་ནི་རྡོ་རྗེ་ཐེག་པའི་དམ་ཚིག་སྟེ། །འདི་ནི་རང་བྱུང་བྱང་ཆུབ་སེམས། །བདེ་བ་གསལ་བའི་འཁོར་ལོ་ལ། །རྒྱལ་བ་བདག་ཉིད་རྟག་པར་བཞུགས། །རྡོ་རྗེ་ཐེག་པ་གསང་བ་རྨད་དུ་བྱུང་བའོ། །གང་ཞིག་བྱང་ཆུབ་མཆོག་འདོད་པ། །རྟག་ཏུ་བདག་ཉིད་མཆོད་པར་བྱ། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །ཡིད་བཞིན་རིན་ཆེན་ལ་སོགས་རྣམས། །སངས་རྒྱས་འདོད་ན་བདག་ཉིད་མཆོད། །སངས་རྒྱས་ཞིང་ཁམས་ཐམས་ཅད་དུ། །བདག་ཉིད་ཀུན་གྱི་ལྷ་ཡིན་པས། །ཀུན་གྱི་མཆོད་པས་བདག་ལ་མཆོད། །སེམས་ཅན་ཐམས་ཅད་བསད་ན་ནི། །རྒྱལ་བ་མཉེས་ཏེ་སྲས་སུ་སྐྱེ། །འདོད་ཆགས་འདོད་པ་རྟག་ཏུ་


DNG025_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན། །འདི་ནི་གསང་བའི་བྱང་ཆུབ་སེམས། །སངས་རྒྱས་ཉིད་དུ་ཆུད་མི་ཟ། །དེ་ནི་སངས་རྒྱས་དངོས་གྲུབ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་བདེ་གཤེགས་རྨད་བྱུང་མཁྱེན་མངའ་བ། །མགྱོགས་པས་དུས་མཐའ་མེད་པར་བྲོས་ནས་ཀྱང་། །ང་ཡིས་ཆོས་ཀྱི་དབྱིངས་ལས་གར་མ་ཕྱིན། །ཡོད་མེད་སྟོང་ལས་འདས་པས་ང་ལ་འཐུད། །ཀུན་གྱི་ཡེ་ཤེས་སྐུ་མཆོག་ཡེ་ཤེས་དེ། །མདོངས་པས་རྨོངས་འཁྲུགས་དངོས་ལ་གཏི་མུག་ལ། །འདོད་པའི་སྙིང་ཁྲག་ཆེན་པོ་ཡི། །ཀུན་གཞི་གཏན་ནས་ལུང་མཛད་ང་ལ་འཐུད། །ཟད་པའི་དུས་ན་བསྐལ་པའི་མེ་འབར་བ། །མི་བཟད་འཇིགས་གཟུགས་བསམ་ཡས་ང་ལ་འཐུད། །བསྐལ་པའི་ཆུ་ཆེན་རབ་ཏུ་འབྲུབ་པ་འབུམ། །འཇིག་རྟེན་ཁམས་ཀུན་རབ་ཏུ་འཇིགས་བྱེད་པ། །དེས་ཀྱང་ང་ཡི་ལྗགས་ཀྱི་མཐའ་མ་སྣུམ། །ཁྲག་མཚོ་མཐའ་མེད་སྐེམས་ལ་ཕྱག་འཚལ་ང་ལ་འདུད། །རྣམ་པར་འཐོར་རླུང་ཟློག་པའི་རླུང་ཆེན་དང་། །འཇིག་རྟེན་ཁམས་ཀུན་རབ་ཏུ་གཡེངས་བྱེད་པ། །སྲིད་གསུམ་ཁམས་གསུམ་ཐམས་ཅད་འཐོར་བྱེད་པ། །ང་ཡི་བ་སྤུའི་ཆ་ཙམ་བརྗོད་པའི་སྒྲ། །ཟིལ་གནོན་ཚད་སྐུ་མངའ་བ་ང་ལ་འཐུད། །འཇིག་རྟེན་འདི་ན་ལྷ་མི་འགའ་ཙམ་གསོད་བྱེད་པ། །གསོད་པས་འཇིགས་སུ་རུང་ཞེས་ཀུན་སྐྲག་ཀྱང་། །གཡོ་དང་མི་གཡོ་ཐམས་ཅད་ཀུན་གསོལ་ཞིང་། །འཇིགས་མེད་ང་ལྟ་བུ་ལ་ཇི་སྐད་བྱ། །སངས་རྒྱས་ཐམས་ཅད་གསོལ་ཀྱང་ང་ལ་ཞོས། །ད་དུང་འགྲོ་ཀུན་གསོལ་བྱེད་སྒྲིབས་ཤིང་སྐྱེས་པ་ང་ལས་འཐུད། །རང་རིག་གཤེགས་བྱེད་སྲས་མང་སྤེལ་མཛད་པ། །འདའ་དཀའ་ང་ལྟ་བུ་ལ་ཀུན་བཟང་ཇི་ལྟར་བྱ། །ཚད་མེད་དཔེས་མཚོན་སྐུ་ལྔ་གསོལ་འདྲ་ཡང་། །མ་འགྲམས་ཐབས་སུ་མཚོན་པ་ཙམ་དུ་ཟད། །ཇི་སྐད་སྨྲས་ཤིང་དམིགས་པ་ང་ཡི་སྐུ་གསུང་ཐུགས། །དངོས་གྲུབ་བདག་ལ་ཡོད་པའི་ཕྱིར། །ཡིད་དུ་འོང་བ་བདག་ཉིད་བསྒོམ། །མཁས་པས་མཆོད་པ་བདག་


DNG025_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་། །བདག་ལས་བྱུང་བའི་མཆོད་པ་རྣམས། །བདག་ཉིད་བདག་ལ་མཆོད་པར་བྱ། །མཁས་པས་བདག་གི་ཁུ་བ་དག །སྦྱོར་བའི་དོན་གྱིས་རྟག་ཏུ་བྱུང་། །འདི་ནི་སངས་རྒྱས་བདག་ཉིད་ཡིན། །སྤྱོད་པ་མཁའ་དང་མཚུངས་པའོ། །འདི་ནི་རྡོ་རྗེ་ཐེག་པའི་སྤྱོད་པ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།ལེའུ་འདིས་གསང་བ་རྨད་དུ་བྱུང་བ་བསྟན་ཏེ། བདག་ལས་བྱུང་བའི་ཁུ་བ་ཡིས། །བདག་གི་ལུས་ལ་རབ་བརྒྱན་ན། །སངས་རྒྱས་མཐོང་བ་ཡིད་དུ་འོང་། །འཇིག་རྟེན་ཁམས་རྣམས་དབང་དུ་འགྱུར། །ང་ཡི་ལུས་ཉིད་སྔགས་ཀྱི་ལྷ། །རྟག་པར་མཆོད་ན་སངས་རྒྱས་འགྲུབ། །གང་གིས་མཆོད་ན་དངོས་གྲུབ་ཐོབ། །ངག་དང་ཡིད་ཀྱང་ཕྱག་རྒྱ་ཡིན། །སྤྱོད་པ་ཅིར་ཡང་སྤྲུལ་པའི་སྐུ། །དངོས་གྲུབ་མཆོག་རྣམས་བདག་ལས་བྱུང་། །བྱང་ཆུབ་མྱུར་དུ་ཐོབ་པ་ཡིན། །ལུས་དང་ངག་དང་གསང་བའི་གནས། །ནམ་མཁའ་བཞིན་དུ་མཉམ་པར་གནས། །སེམས་ལ་དམིགས་པ་བདག་མེད་པས། །ལྷ་ཡི་ཏིང་འཛིན་གསང་བའི་སྔགས། །ངོ་བོ་ཉིད་ཀྱིས་དམིགས་སུ་མེད། །ཀྱེ་སེམས་དཔའ་ཆེན་པོ། ང་བྱང་ཆུབ་ཀྱི་སྙིང་པོར་ཞུགས་པའི་ཚེ། སྟོང་པའི་ཆོས་ལ་སྟོང་པའི་ཡུལ་དེ་མི་གནས་སོ། །བྱང་ཆུབ་སེམས་ལ་བྱང་ཆུབ་སྒྲུབ་པའི་རྒྱུ་མེད་དེ་མི་གནས་སོ། །སྲིད་པའི་ཆོས་ཐམས་ཅད་ལ་སྲིད་པ་མེད་དེ་མི་གནས་སོ། །ཆོས་ཉིད་ལ་སེམས་མེད་པས།རྣམ་པར་དག་པ་ལ་གཉིས་སུ་མེད་དོ། །སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་སངས་རྒྱས་སོ། །སེམས་ཅན་ཐམས་ཅད་གསང་བ་མཆོག་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་ལྷ་ཉིད་ཡིན་པས། སངས་རྒྱས་ཀུན་གྱིས་གསང་བར་མཛད་པའོ། །ང་ལས་བྱུང་བའི་ཆེན་པོ་ལྔ་ཉིད། ཡེ་ཤེས་གསང་བའི་དཀྱིལ་འཁོར་གྱི་ལྷ་ཉིད་ཡིན་པས། དངོས་གྲུབ་གཞན་ནས་བླང་དུ་མེད་པས་དུས་གསུམ་གྱི་བདེ་བར་གཤེགས་པའི་གསང་བ་ཆེན་


DNG025_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཉིད་ཡིན་ནོ། །སེམས་དཔའ་ཆེན་པོ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས་འདི་ནི། སངས་རྒྱས་ཀུན་གྱི་ཐུགས་ལས་བྱུང་བ་ཉིད་ཡིན་ནོ། །དེ་ཕྱིར་སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སེམས་དཔའ་དེ་བཞིན་རིག་པར་གྱིས། །དེ་ནས་རྡོ་རྗེ་སེམས་དཔའ་ཡ་མཚན་པའི་ཏིང་ངེ་འཛིན་ལ་ཞུགས་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །སངས་རྒྱས་ཉིད་ཀྱི་ཐུགས་ལ་གནས། །རྡོ་རྗེ་སེམས་དཔའི་ཤེས་རབ་ཀྱིས། །ཡེ་ཤེས་ཕ་རོལ་ཕྱིན་པའི་གནས། །དུས་གསུམ་གཅིག་སྟེ་རྟག་པར་བཞུགས། །ཞེས་གསོལ་ཏོ། །སེམས་དཔའ་ཆེན་པོ་དེ་བཞིན་ཏེ། །རྣམ་པར་སྣང་མཛད་ཡེ་ཤེས་ཏེ། །བདེ་བར་གཤེགས་པའི་ཐུགས་ལ་གནས། །ཡི་གེ་ཀུན་ལ་མི་སྣང་ཡང་། །སེམས་ལ་གསལ་བར་མངོན་པར་སྣང་། །སྐལ་ལྡན་རྣམས་ཀྱི་རང་རིག་པ། །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །སེམས་དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་སངས་རྒྱས་ཀུན་གྱི་ཡེ་ཤེས་དྲི་མ་མེད་པ་ཉིད་ཡིན་ཏེ། དེའི་ཕྱིར་ངས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་འབའ་ཞིག་ལས་བྱུང་བ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱིས་རྙེད་པ་ཡིན། །བདེ་བར་གཤེགས་པ་རྣམས་ཀྱི་གསང་། །གསང་བ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་ངེས་པའི་ལུང་བསྟན་ཏེ། སེམས་དཔའ་ཆེན་པོ་ཉོན་ཅིག །བདེ་བར་གཤེགས་པ་རྣམས་ཀྱི་རྒྱུད་གསང་བའི་དོན་རྣམ་པ་གསུམ་སྟེ། དོན་དང་ལུང་དང་ངེས་པའི་གསང་བ་གསུམ་མོ། །དེ་ལ་དོན་ནི་བཀྲི་བའི་དོན་མ་ཡིན་ཏེ། ངེས་པའི་དོན་གཏན་ལ་ཕབ་པའོ། །དེ་ལ་བདེ་བར་གཤེགས་པ་རྣམས་དང་། སྣོད་བཅུད་ནམ་མཁས་བསྡུས་པའི་ཆོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་


DNG025_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་མ་ལུས་ལུས་པ་མེད་པར་བསྡུས་པའི་ཆོས་ཐམས་ཅད་དོན་གཅིག་སྟེ། སྐུ་གསུང་ཐུགས་སུ་འདུས་སོ། །སྐུ་གསུང་ཐུགས་ཀྱི་དོན་དབྱེར་མེད་དེ། གང་གིས་མི་ཤིགས་གང་གིས་མི་ཆོད། གང་གིས་ཀྱང་མི་ཕྱེད་པས་རྡོ་རྗེའོ། །སྐུ་གསུང་ཐུགས་སུ་མ་གྱུར་པའི་དངོས་པོའམ་མ་འདུས་པའི་ཆོས་གཅིག་ཀྱང་མེད་དེ། སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པར་གཏན་ལ་ཕབ་པའོ། །དེའི་ཕྱིར་རྡོ་རྗེ་ཆོས་སོ། །དེའི་ཕྱིར་རྡོ་རྗེའི་ཐེག་པའོ། །ལུང་ནི་སྒོམ་པར་ཤེས་པར་བྱའོ། །སྒོམ་པ་ནི་ལྷ་དང་བདག་ཏུ་དོན་གཅིག་ཀྱང་གཉིས་སུ་མེད་པར་ཤེས་པར་བྱའོ། །ཤེས་པར་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དོན་མ་ནོར་བར་ཤེས་པར་བྱ་བ་དང་། བདག་ཉིད་ཀྱི་དོན་མ་ནོར་བར་ཤེས་པར་བྱ་བ་དང་། ལྟ་བ་མ་ནོར་བར་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་ཐུགས་གསང་བའི་རྒྱུད་མ་ནོར་བར་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་རང་བཞིན་མ་ནོར་བར་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་ཡོན་ཏན་དང་། རྡོ་རྗེ་རྣམ་པར་རོལ་པ་དང་། རྣམ་པར་རོལ་པ་ཆེན་པོ་མ་ནོར་བར་ཤེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའི་སྤྱོད་པ་དང་། ཆོས་ཉིད་ལ་ལོངས་སྤྱོད་ཆེན་པོས་མངའ་མཛད་པའི་དོན་མ་ནོར་བར་ཤེས་པར་བྱ་བ་དང་། ངེས་པའི་གསང་བའི་མན་ངག་དང་རྨད་དུ་བྱུང་བའི་དོན་ནོ། །རྨད་དུ་བྱུང་བའི་གསང་བའི་ཆོས་ཐམས་ཅད་བདག་ཉིད་ལས་བྱུང་ཞིང་བདག་ཉིད་ཀྱིས་མཛད། བདག་ལས་འཕྲོས་ཤིང་བདག་ཉིད་དེ་ལ་རོལ། བདག་ལས་སྤྲུལ་ཅིང་ཉིད་ཀྱི་དབྱིངས་སུ་སྡུད། བདག་ཉིད་ལས་བྱུང་བའི་ཆོས་ལ་བདག་ཉིད་ལོངས་སྤྱོད་མཛད་དེ། བདག་ཉིད་ཀྱི་ཡོན་ཏན་ལས་བདག་ཉིད་ཀྱི་ཆེ་བ་སྟོན་ཅིང་སྒྲོག །བདག་ཉིད་ལས་བྱུང་བའི་ཆོས་རྣམས་ལ་བདག་ཉིད་ཆེན་པོ་སྟོན་པར་བྱེད། ཆོས་ཐམས་ཅད་འབྱུང་བ་ཡང་བདག་ཉིད་ལས་འབྱུང་ཞིང་། སླར་ཡང་བདག་ཉིད་ལ་སྡུད་དེ། བདག་ལས་མ་བྱུང་བའམ། བདག་ཉིད་དུ་མ་གྱུར་པའི་ཆོས་གཅིག་ཀྱང་མེད་དོ། །


DNG025_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། གསང་བ་རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་ལུང་དུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ལེའུ་འདིས་གསང་བ་རྨད་དུ་བྱུང་བའི་དཀྱིལ་འཁོར་བསྟན་ཏེ། སངས་རྒྱས་ཀུན་གྱི་ཐུགས་ནི་གང་། བདེ་བར་གཤེགས་པ་ཐམས་ཅད་འབྱུང་བའི་གནས། སེམས་ཅན་གྱི་རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། གསང་བ་འདུས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར། རང་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་ཉིད་དོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། མཆོད་པའི་ལྷ་མོ་བརྒྱད་དང་། དངོས་གྲུབ་ཀྱི་རྫས་ཉིད་དོ། །སེམས་དཔའ་ཆེན་པོ་དང་། སྒོ་ལྔའི་རྣམ་པར་ཤེས་པ་ནི། ཤེས་རབ་ཟབ་མོའི་སྒོ་དང་། གསང་བའི་རྒྱུད་མཐར་ཕྱིན་མི་འགོག་པའི་སྒོ་དང་། ཆོས་ཉིད་ཀྱི་འཁོར་ལོ་བསྐོར་བའི་སྒོ་དང་། སྐུ་གསུང་ཐུགས་ཉིད་དུ་གྱུར་པའི་སྒོ་དང་། འབྲས་བུ་ཡོད་པའི་སྒོའོ། །སེམས་ཅན་གྱི་སྒོ་ལྔའི་རྣམ་པར་ཤེས་པ་ལ། ཡིད་ཀྱི་དཀྱིལ་འཁོར་གསལ་བར་གྱུར་པ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་གསང་བའི་དཀྱིལ་འཁོར་གསང་བ་ཉིད་དེ། རྣམ་པར་ཤེས་པའི་ཡུལ་དང་། དབང་པོ་རྣམས་ནི་རྣམ་པར་ཤེས་པའི་ཚོགས་ཏེ། མཚན་དང་དཔེ་བྱད་ཀུན་ལས་འདས་པ་སྟེ་ཡིད་ཀྱི་ལྷའོ། །དེའི་ཕྱིར་ངག་འདས་པའི་སྐུ། ལུས་ད་ལྟར་བྱུང་བའི་སྐུའོ། །སེམས་ནི་མ་བྱུང་བའི་སྐུའོ། །ངག་འདས་པའི་ལམ། ལུས་ད་ལྟར་བཞུགས་པའི་ལམ། སེམས་ཕྱིས་འབྱུང་བའི་ལམ་ཉིད་དོ། །ངག་འདས་པའི་ཡུལ་ལུས་ད་ལྟར་བཞུགས་པའི་ཡུལ། སེམས་ཕྱིས་འབྱུང་བའི་ཡུལ། སེམས་དཔའ་ཆེན་པོ་དེའི་ཕྱིར། སངས་རྒྱས་ཀྱི་མཁྱེན་པའི་ཡུལ། སངས་རྒྱས་ཉིད་ཀྱི་གསང་བའི་གནས། གསང་བ་རྨད་དུ་བྱུང་བའི་ཡུལ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ལེའུ་འདིས་རྨད་དུ་བྱུང་བའི་དཀྱིལ་འཁོར་བསྟན་ཏེ།


DNG025_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་ཇི་བཞིན་མཉམ་པ་ཡི། །སངས་རྒྱས་རྣམས་ཀྱི་རྣལ་འབྱོར་རོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་ལམ་དེ་ཡི་གེ་མེད། །འགྲོ་བ་མེད་པས་ལམ་ཡང་མེད། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ནི། །ཡེ་ཤེས་རོལ་པའི་བདག་ཉིད་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །སངས་རྒྱས་འབྱུང་བའི་ཡེ་ཤེས་ལམ། །སྐུ་གསུང་ཐུགས་ཀྱི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཐར་པའི་ལམ། །འཁོར་བའི་རྒྱ་མཚོ་མཐའ་རིང་ལས། །ཉོན་མོངས་སེམས་ཅན་གནས་པའི་ལམ། །བྱང་ཆུབ་སེམས་ནི་ཐབས་ཆེན་གྱིས། །གསང་བ་འབའ་ཞིག་ལས་སུ་རུང་། །མཆོད་པ་ཆེན་པོ་བདེ་བ་ཆེ། །འདོད་ཆགས་ཆེན་པོ་དགའ་བའི་མཆོག །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེ་སྡང་ཆེན་པོ་རྫོགས་སངས་རྒྱས། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཕྲག་དོག་ཆེ། །ཕྲག་དོག་ཆེན་པོ་དགའ་བས་དགའ། །མཆོད་པ་ཆེན་པོ་ང་རྒྱལ་ཆེ། །ང་རྒྱལ་ཆེན་པོ་རྒྱལ་བས་རྒྱལ། །ཀྱེ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་རྡོ་རྗེ་རོལ་པ་མཛད་པའི་དོན་དུ། བྱང་ཆུབ་སེམས་དཔའ་རོལ་པའི་ཡུལ་མ་གཏོགས་པར། དམྱལ་བའི་ཡུལ་ཡེ་ནས་མེད་དོ། །དམྱལ་བའི་རྒྱུ་མེད་དེའི་དངོས་ཀྱང་མེད། ཀྱེ་སེམས་དཔའ་ཆེན་པོ། མ་སྐྱེས་པའི་ཆོས་རྣམས་ལ། ནམ་ཡང་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་དང་སེམས་ཅན་གྱི་གནས་ནི་གཉིས་སུ་མེད་དེ་གཅིག་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ནི། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པ་ཉིད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་


DNG025_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་མུ་མེད་པ་འདི་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་མེད་ན། བདེ་བ་ཆེན་པོའི་ཆོས་ཉིད་འབྱུང་བའི་དཀྱིལ་འཁོར་ཉིད་དོ། །དེའི་ཕྱིར་བྱང་ཆུབ་ཀྱི་ཡེ་ཤེས་ནི། སངས་རྒྱས་ཐུགས་ལ་གནས་པ་སྣང་། །རྣམ་ཤེས་དམིགས་པའི་ཡུལ་ལས་འདས། །གསལ་བ་མཆོག་གི་བདེ་བ་ཡིས། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །འདི་ནི་གསང་བའི་བྱང་ཆུབ་སེམས། །ཞེས་གསུངས་སོ། །བདེ་བ་ཆེན་པོའི་དཀྱིལ་འཁོར་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་བདུན་པའོ།། །།ལེའུ་འདིས་རྨད་དུ་བྱུང་བའི་དཀྱིལ་འཁོར་བསྟན་ཏེ། ཡང་གསུངས་པ།སེམས་དཔའ་ཆེན་པོ། ཡང་དག་སངས་རྒྱས་གནས་རིག་པ། །རྟག་པར་སངས་རྒྱས་ཉིད་ལ་གནས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །གནས་དེ་ཉིད་ནི་ཡང་དག་པའོ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །མི་འཕོ་བ་ཡི་དོན་ཡང་རིག །མི་འཕོ་བ་ཡི་ལམ་ལ་གནས། །རང་བཞིན་མེད་པའི་དོན་ཤེས་རིག །རང་བཞིན་མེད་པའི་ལམ་ལ་གནས། །མ་སྐྱེས་པ་ཡི་སེམས་ཉིད་ལ། །སེམས་ཅན་སྐྱེ་བའི་རྒྱུ་མི་གནས། །མ་རིག་མེད་པར་འཁོར་བའང་མེད། །མྱ་ངན་མི་འདའ་རྟག་པར་བཞུགས། །མྱ་ངན་འདས་པའི་ལམ་ཡང་མེད། །སྲིད་པའི་ཆོས་ལ་རང་བཞིན་མེད། །ལུས་དང་ངག་སེམས་དག་པ་ལས། །ཆོས་རྣམས་རང་བཞིན་དག་པར་ཟད། །སེམས་ཅན་མེད་དེ་སངས་རྒྱས་མེད། །སངས་རྒྱས་ལམ་ལ་མི་གནས་ཏེ། །འཁོར་བའི་སྐྱོན་གྱིས་མི་གོས་ཤིང་། །རྣམ་པར་ཐར་པའི་སྒོ་ལས་འདས། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ། སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ་ལ། སངས་རྒྱས་


DNG025_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དད་པས་འདུས་ནས།ཚིག་མཐུན་པར་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་མཁས་པས་རྫོགས་སངས་རྒྱས། །གང་གིས་ཐོག་མར་བྱང་ཆུབ་སེམས། །བླ་མེད་དཀྱིལ་འཁོར་བསྒོམ་པ་རྣམས། །སྙིང་པོ་བྱང་ཆུབ་བཞུགས་པར་གསུངས། །འཛམ་བུ་གླིང་དུ་གསུངས་པ་ཡི། །ད་ལྟར་བཞུགས་དང་འདས་པ་དང་། །མ་འོངས་སངས་རྒྱས་མཛད་པ་རྣམས། །ཐམས་ཅད་དོན་དུ་བཤད་པར་གསོལ། །དེ་ནས་སྐྱོབ་པ་སངས་རྒྱས་རྣམས། །གསུངས་པ་འདི་ནི་ཡང་དག་བཤད། །བྱང་ཆུབ་སེམས་ནི་མ་ཡིན་པའི། །ཁམས་གསུམ་གནས་པའི་སེམས་ཅན་ལ། །ཕན་པའི་སྨན་ནི་གཞན་མེད་དེ། །བྱང་ཆུབ་སེམས་ཀྱི་དོན་རིག་ན། །འཁོར་བའི་ཆོས་ནི་རྒྱུ་མེད་དེ། །མྱུར་དུ་བྱང་ཆུབ་ཀུན་གྱིས་ཐོབ། །མི་སྐྱེ་མི་འཇིག་བདེ་ལ་གནས། །སྐུ་གསུང་ཐུགས་ཀྱི་གསང་བ་ལས། །ཡང་དག་སྙིང་པོར་བྱུང་བ་ནི། །དེ་ནི་བྱང་ཆུབ་སེམས་ཞེས་བྱ། །དེ་ལས་བྱུང་བར་རིག་པ་ནི། །རྨད་དུ་བྱུང་བའི་བྱང་ཆུབ་སེམས། །གསང་བ་མཆོག་གི་རིན་པོ་ཆེ། །སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་ཡིན། །སངས་རྒྱས་རྣམས་ཀྱི་གསང་བའོ། །ཁམས་གསུམ་བླ་ན་མེད་པའི་ལམ། །ས་རྣམས་དག་དང་དབྱེར་མེད་པས། །ས་རྣམས་སངས་རྒྱས་ཉིད་ཀྱི་ས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། །གསང་བའི་དོན་རྣམས་གཅིག་ཏུ་བསྒོམ། །ཡེ་ཤེས་རང་བྱུང་བྱང་ཆུབ་སེམས། །སངས་རྒྱས་ཐམས་ཅད་བདག་གིས་བྱས། །ཡེ་ཤེས་ལྷ་རྣམས་རང་ལས་བྱུང་། །འདི་ནི་རྨད་དུ་བྱུང་བའི་སྐུ། །གསང་བའི་དཀྱིལ་འཁོར་དམ་པ་ཡིན། །འཛབ་དང་བསྙེན་པ་བྱ་མི་དགོས། །བྱང་ཆུབ་སེམས་ནི་བསྐྱེད་དུ་མེད། །ལྷ་ཡང་གཞན་ནས་བོད་མི་དགོས། །མཆོད་པ་གཞན་


DNG025_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་མཆོད་དོ། །དངོས་གྲུབ་གཞན་ལ་མི་སློང་ངོ་། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པར་རྟོགས་གྱུར་ན། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །སེམས་དཔའ་ཆེན་པོ། གསང་བ་མཆོག་གི་དཀྱིལ་འཁོར་འདི། །སངས་རྒྱས་ཉིད་ཀྱིས་མཁྱེན་པ་ཡིན། །སེམས་ཅན་མང་པོར་བྱས་པ་ནི། །གསང་བ་མཆོག་གི་དོན་ཉིད་དོ། །སངས་རྒྱས་ཉིད་ཀྱིས་མཛད་པ་ཡིན། །གསང་བ་རྨད་དུ་བྱུང་བའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་བསྒོམ་པའི་དོན་བསྟན་ཏེ། ཁམས་གསུམ་རིན་ཆེན་རྙེད་པའི་མི། །ཇི་ལྟར་འདོད་པ་བཞིན་དུ་འགྲུབ། །ཁམས་འདི་ཡིད་བཞིན་ཉིད་དུ་འགྱུར། །སེམས་དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཉིད་ཡིན་ནོ། །འདི་སྐད་གསུངས་པའི་ཆོས་ཐོས་ནས། །རྡོ་རྗེ་སེམས་དཔའ་དཔའ་བོ་ཡང་། །འཇིགས་ཤིང་སྔངས་ནས་སྟན་ལས་ལངས། །མཆོད་པ་སྣ་ཚོགས་བྱས་ནས་ཀྱང་། །དགའ་བའི་ཚིག་གིས་འདི་སྐད་གསོལ། །སྣང་མཛད་རྡོ་རྗེ་རྒྱལ་ཅན་མ། །དགའ་བའི་བསམ་པས་བསྟོད་བྱེད་པ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཡོངས་ནས་མེད། །དཔལ་གྱི་རྣམ་རྒྱལ་དེ་བཞིན་དུ། །ལོངས་སྤྱོད་དབང་ཕྱུག་དཔལ་དང་ལྡན། །རྡོ་རྗེ་ཉི་མ་གཟི་བརྗིད་དང་། །ཁ་དོག་ཤིན་ཏུ་འབར་བ་ཡིས། །བཞད་ཅིང་རྨད་དུ་མཛད་པ་ཡིས། །དགའ་མགུ་རངས་པ་རྣམས་སུ་འགྱུར། །པདྨ་བཞད་པས་ཆོས་ཀུན་གྱི། །རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་འདི་བརྙེས་གྱུར་ནས། །སྐད་ཅིག་ཉིད་ལ་དོན་རྟོགས་ཏེ། །སྙིང་པོ་


DNG025_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཉིད་དུ་འགྱུར། །རྡོ་རྗེ་གདན་ལ་ཡང་སངས་རྒྱས། །ལམ་འདི་རྫོགས་པའི་བྱང་ཆུབ་སེམས། །ཕྱི་མ་འབྱུང་བར་བདེ་བ་དང་། །སངས་རྒྱས་ཉིད་ལ་རྫོགས་འགྱུར་ཏེ། །སངས་རྒྱས་ཉིད་དང་སྐལ་བ་མཉམ། །ཞེས་གསོལ་ཏོ། །དེ་ནས་སྟོན་པ་བླ་ན་མེད། །རབ་ཏུ་དགྱེས་པ་མཛད་ནས་འཛུམ། །དེ་ནས་ཐུགས་གསང་བའི་སྒྲོན་མས་འདི་སྐད་གསུངས་སོ། །རྨད་བྱུང་བྱང་ཆུབ་སེམས་བསྒོམ་པ། །འགྲོ་བ་མྱུར་དུ་བྱང་ཆུབ་སྟེ། །མ་སྐྱེས་བྱང་ཆུབ་རྨད་བྱུང་ལ། །ཉོན་མོངས་ལས་ཀྱིས་གོས་མི་འགྱུར། །བྱང་ཆུབ་སེམས་འདི་བྱང་ཆུབ་ཉིད། །ཚོགས་རྣམས་མ་བསགས་ཅིག་ཆར་རྫོགས། །རང་གི་སྙིང་པོ་རང་སྔགས་ཀྱིས། །བསྒྲུབ་པའི་སྙིང་པོར་ཆུད་མི་ཟ། །རང་གི་སྙིང་པོར་རང་བྱས་ནས། །བསམས་ན་ལྷུན་གྱིས་གྲུབ་པའི་སྐུ། །སངས་རྒྱས་མི་བསྒོམ་བདག་ཉིད་བསྒོམ། །སྙིང་པོ་མི་བརྗོད་བདག་ཉིད་བརྗོད། །བདག་ཉིད་མ་མཐོང་སྐུ་གསུམ་མཐོང་། །འཁོར་བ་མ་མཐོང་བདེ་བ་ཉིད། །རང་གི་ལྷར་ནི་བདག་བསྒོམ་ན། །བསོད་ནམས་ཡེ་ཤེས་ཅིག་ཆར་རྫོགས། །རང་གི་སྙིང་པོར་རང་སྔགས་བརྗོད། །སྒྲུབ་པའི་སྙིང་པོར་ཆུད་མི་ཟ། །ཕྱག་རྒྱ་མི་བསྐྱོད་ཡན་ལག་བསྐྱོད། །སངས་རྒྱས་མི་གཤེགས་བདག་ཉིད་གཤེགས། །སངས་རྒྱས་མི་མཆོད་བདག་ཉིད་མཆོད། །སྟོན་པ་མ་མཐོང་བདག་ཉིད་མཐོང་། །སངས་རྒྱས་མ་མཐོང་སློབ་དཔོན་མཐོང་། །གཟུགས་ཉིད་མ་མཐོང་ཆོས་སྐུ་མཐོང་། །དཔེ་བྱད་མི་བལྟ་རང་ལུས་བལྟ། །ཡང་དག་ཡེ་ཤེས་རང་རིག་གནས། །མྱུར་དུ་བླ་ན་མེད་པའོ། །ཐམས་ཅད་འབྱུང་བའི་སྦྱོར་བ་ཡིས། །བདག་གི་ལྷར་ནི་བདག་ཉིད་བྱ། །འདི་ནི་སངས་རྒྱས་ཐམས་ཅད་དཔལ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི། །ཤེས་རབ་མ་ལུས་ཕུན་སུམ་ཚོགས། །འདི་འདྲའི་དཀྱིལ་འཁོར་བླ་ན་མེད། །སངས་རྒྱས་དེ་བཞིན་གཤེགས་པས་གསུངས། །ཐེག་པ་གསུམ་


DNG025_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །བྱང་ཆུབ་སེམས་བསྒོམ་པ་རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་དགུ་པའོ།། །།ལེའུ་འདིས་གསང་བ་མཆོག་གི་བདེ་བ་རྨད་དུ་བྱུང་བ་བསྟན་ཏེ། སེམས་དཔའ་ཆེན་པོ། སྨན་མཆོག་ནད་མེད་བདེར་འཚོ་བ། །དུས་གསུམ་སྨན་མཆོག་བྱང་ཆུབ་སེམས། །འཇིག་རྟེན་སྨན་རྣམས་འདི་ཡིན་ནོ། །བྱང་ཆུབ་སེམས་ཀྱིས་བྱས་པ་རྣམས། །དགེ་ཚུལ་དཔག་བསམ་ལྗོན་ཤིང་བཞིན། །རྟག་ཏུ་བྱང་ཆུབ་བདེ་བ་ཡིས། །བྱང་ཆུབ་མཆོག་གི་སྙིང་པོར་འགྱུར། །སེམས་དཔའ་ཆེན་པོ། ཕུང་པོ་ལྔ་རིགས་ལྔ། རིགས་ལྔ་རྫོགས་པའི་ལྷུན་གྱིས་གྲུབ་པའི་གསང་བའི་དཀྱིལ་འཁོར་ཡིན་ལ། ཡང་དག་པའི་དཀྱིལ་འཁོར་ནི། གཟུགས་ཀྱི་མཚན་ཉིད་མང་པོ་སྣ་ཚོགས་པར་བྱུང་བ་རྣམས་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་དང་།ལྷ་མོ་དང་། སེམས་དཔའ་དང་སེམས་མ་ལ་སོགས་པ། དེ་བཞིན་གཤེགས་པའི་རིགས་ལྷུན་གྱིས་གྲུབ་པར་གནས་པ་ལ་བྱའོ། །དེའི་དོན་ནི་འདུས་པ་དང་།ཚོགས་པ་དང་ཡོངས་སུ་རྫོགས་པས། དེ་ལ་ཚོགས་ཤིང་འདུས་པ་ནི་དཀྱིལ་ལོ། །མཚན་ཉིད་སོ་སོར་སྣང་བ་ནི་འཁོར་ཏེ། འདི་ནི་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་སངས་རྒྱས་པའི་དཀྱིལ་འཁོར་ཏེ། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་རོ། །སྐུ་ནི་སྙིང་པོ་བྱང་ཆུབ་ན་བཞུགས་པའི་རང་བྱུང་ཡེ་ཤེས་ཀྱི་སྐུའོ། །བྱང་ཆུབ་སེམས་ནི་ཆོས་ཉིད་བྱང་ཆུབ་སེམས་སོ། །ཕྱག་རྒྱ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །ཞལ་ནི་ཕྱོགས་བཞིར་གཟིགས་སོ། །དེའི་ཕྱིར་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ཞེས་བྱའོ། །གསང་བའི་རྒྱུད་ལས་བཤད་པ་ཡིན་ནོ། །ས་ནི་ཡེ་ཤེས་བླ་མའི་ས་ཉིད་དོ། །སེམས་དཔའ་ཆེན་པོ། གཟུགས་ཀྱི་ཕུང་པོ་ལས་ཚོར་བ་སྣ་ཚོགས་རང་བྱུང་བ་ནི། ཚོར་བའི་ཕུང་པོ་སྟེ་རིན་པོ་ཆེའི་རིགས་ལྷུན་གྱིས་


DNG025_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ལྷ་དང་ལྷ་མོ་དང་། སེམས་དཔའ་དང་སེམས་མ་ལ་སོགས་པ་རིན་པོ་ཆེའི་རིགས་ལྷུན་གྱིས་རྫོགས་པ་སྟེ། དེ་ལ་གཅིག་ཏུ་འདུས་ཏེ་རང་བཞིན་མེད་པ་ནི་དཀྱིལ། མང་པོ་ཚོགས་པ་ནི་འཁོར་ཏེ། རིན་ཆེན་འབྱུང་ལྡན་མངོན་པར་རྫོགས་པར་སངས་རྒྱས་པ་ནི།རིན་ཆེན་འབྱུང་ལྡན་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་སྟེ། དབང་ཆེན་རོལ་པའི་དཀྱིལ་འཁོར་རོ། །བྱང་ཆུབ་སེམས་ནི་བྱང་ཆུབ་སེམས་ཐུགས་ནི་རིན་པོ་ཆེའོ། །ཕྱག་རྒྱ་ནི་དབང་སྦྱིན་པའི་ཕྱག་རྒྱའོ། །སྐུ་ནི་རིན་ཆེན་འབྱུང་ལྡན་སྐུའོ། །ས་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །ཀྱེ་སེམས་དཔའ་ཆེན་པོ། ཚོར་བའི་ཕུང་པོ་ལས་འདུ་ཤེས་རྣམ་པ་སྣ་ཚོགས་འབྱུང་བས་དེ་ཉིད་ནི་པདྨའི་རིགས་ཏེ། འདུ་ཤེས་རྣམ་པ་སྣ་ཚོགས་འབྱུང་བ་ཉིད། པདྨའི་རིགས་ལྷུན་གྱིས་རྫོགས་པ་སྟེ།པདྨའི་རིགས་ཀྱིས་ལྷ་དང་ལྷ་མོ་དང་སེམས་དཔའ་དང་སེམས་མ་ལ་སོགས་པ། ཆོས་ཉིད་དཀྱིལ་འཁོར་རང་བྱུང་བ་ཡིན་ཏེ། བཀའི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་ཉིད་དོ། །ཐུགས་རྗེ་འབྱུང་བའི་དཀྱིལ་འཁོར་ཞེས་གསུངས་སོ། །སྐུ་ནི་བསོད་ནམས་ཀྱི་སྐུའོ། །བྱང་ཆུབ་ཀྱི་སེམས་ནི་ཡེ་ཤེས་ཀུན་ཏུ་སྤྲོས་པ་ཉིད་དོ། །ས་ནི་རྡོ་རྗེ་འཛིན་པའི་སའོ། །ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱའོ། །སེམས་དཔའ་ཆེན་པོ། འདུ་ཤེས་ཀྱི་ཕུང་པོ་ལས། ལས་བྱེད་པ་སྣ་ཚོགས་འབྱུང་བ་ནི་ལས་ཀྱི་རིགས་ཏེ། འདུ་བྱེད་མང་པོ་འབྱུང་བ་ཉིད། ལས་ཀྱི་རིགས་ཀྱི་ལྷ་དང་ལྷ་མོ་དང་། སེམས་དཔའ་སེམས་མ་ལ་སོགས་པ། ལས་ཀྱི་རིགས་ལྷུན་གྱིས་རྫོགས་པ་སྟེ། བདག་ཉིད་ལས་འབྱུང་བར་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ།འགྲོ་བ་འདུལ་བའི་དཀྱིལ་འཁོར་ཉིད་དོ། །བྱང་ཆུབ་སེམས་ནི་རྡོ་རྗེའོ། །སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱའོ། །ས་ནི་ཀུན་ཏུ་བཟང་པོ་མཆོག་གི་སའོ། །སེམས་དཔའ་ཆེན་པོ། འདུ་བྱེད་ཀྱི་ཕུང་པོ་ལས་བྱེད་པའི་རྣམ་པར་ཤེས་


DNG025_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་ཚོགས་པར་རང་བྱུང་བ་ཉིད་ནི། རྣམ་པར་ཤེས་པའི་ཕུང་པོ་སྟེ། རྡོ་རྗེའི་རིགས་སོ། །རྣམ་པར་ཤེས་པ་མང་པོ་ཉིད། རྡོ་རྗེའི་རིགས་ཀྱི་ལྷ་དང་ལྷ་མོ་དང་། སེམས་དཔའ་དང་སེམས་མ་ལ་སོགས་པ། རྡོ་རྗེའི་རིགས་ལྷུན་གྱིས་རྫོགས་པ་ཉིད་ཡིན་ཏེ། སྔོན་དུ་མངོན་པར་སངས་རྒྱས་པ་འབྱུང་བའི་དཀྱིལ་འཁོར་ཏེ། ཐམས་ཅད་ཀྱི་དབྱིངས་རྣམ་པར་དག་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཉིད་དོ། །བྱང་ཆུབ་སེམས་ནི་སྤྲོས་པ་མེད་པའོ། །སྐུ་ནི་རྡོ་རྗེའི་སྐུའོ། །ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །ས་ནི་བྱ་བ་མེད་པའི་སའོ། །སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ནང་ན། འདི་ནི་གསང་བ་ཆེན་པོ་གསང་བའི་མཆོག་ཡིན་ཏེ། ཕུང་པོ་ལྔ་ལ་རིགས་ལྔ་མང་པོ་དང་། ལྷ་དང་ལྷ་མོ་མང་པོ་དང་། ཁ་དོག་མང་པོ་དང་། ཡེ་ཤེས་མང་པོ་དང་། སྐུ་མང་པོ་དང་། གསུང་མང་པོ་དང་། ཐུགས་མང་པོ་དང་། ཕྱག་མཚན་མང་པོ་དང་། ཕྱག་རྒྱ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་མང་པོ་འདུས་ཤིང་ཚོགས་པས་ཚོགས་ཀྱི་དཀྱིལ་འཁོར་ཉིད་དོ། །གསང་བ་ཐམས་ཅད་འདིར་འདུས་པ། །གསང་བ་འདུས་པའི་དཀྱིལ་འཁོར་རོ། །ཁམས་གསུམ་བླ་ན་མེད་པའི་གསང་བ་མཆོག་གི་དཀྱིལ་འཁོར་རྨད་དུ་བྱུང་བ་བསྟན་ཏེ། དཀྱིལ་འཁོར་ལྔ་པོ་འདི་དག་ནི། །རིམ་གྱིས་བཀོད་པ་མ་ཡིན་ཏེ། །ལྷའི་ཏིང་ངེ་འཛིན་གང་བསྒོམ་པའི་སྐུ་གཅིག་ལས། སྐུ་ལྔ་ལྷུན་གྱིས་རྫོགས་པའི་རང་བཞིན་གྱི་གནས་དང་། དཀྱིལ་འཁོར་གཅིག་ལས་དཀྱིལ་འཁོར་ལྔ་ཆར་རྫོགས་པ་རང་བྱུང་སྟེ།བཀོད་ཅིང་བསྐྱེད་མི་དགོས་སོ། །བྱང་ཆུབ་སེམས་ཀྱང་ཆོས་ཉིད་མ་སྐྱེས་པ་ལས་བྱང་ཆུབ་སེམས་ལྔར་འབྱུང་བས། རང་བྱུང་མཆོག་གི་དཀྱིལ་འཁོར་ཏེ། ཕྱག་རྒྱ་ཡང་རང་བཞིན་གྱིས་གསལ་བར་གྱུར་པ་ནི་རང་བྱུང་མཆོག་གི་ཕྱག་རྒྱའོ། །དེ་བཞིན་དུ་སྐུ་དང་། ཡེ་ཤེས་དང་། རིགས་དང་། ཕྱག་


DNG025_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་། ཁ་དོག་ཐམས་ཅད་གཅིག་ལས་ཀུན་རྫོགས་པར་འབྱུང་ཞིང་། རང་བཞིན་གྱིས་གནས་སོ། །གསང་བ་རྨད་དུ་བྱུང་བ་ལས་ཁམས་གསུམ་བླ་ན་མེད་པའི་སངས་རྒྱས་གསང་བའི་ས་གོང་ན་མེད་པར་རྫོགས་པའི་ས་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་མཐའ་ཀླས་ཏེ་མུ་མེད་པའི་སེམས་ཅན་རེ་རེ་ལ། དཀྱིལ་འཁོར་ལྔ་ལྔའི་རང་བཞིན་གྱིས་ཡོད་པ་དང་། སྣོད་ཀྱི་འཇིག་རྟེན་ཆེན་པོ་ལྔ་གཅིག་གི་མཚན་ཉིད་ལ་ཡང་། དཀྱིལ་འཁོར་ལྔ་ལྔ་རྫོགས་པར་ཡོད་དོ། །བདེ་བར་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་རེ་རེ་ལ། དཀྱིལ་འཁོར་ལྔ་ལྔ་རྫོགས་པར་བཞུགས་པས། དེའི་ཕྱིར་གསང་བ་རྨད་དུ་བྱུང་བ་ཉིད་དོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་དོ། །དཀྱིལ་འཁོར་རྨད་དུ་བྱུང་བ་ཉིད་དོ། །ལྟ་བ་རྨད་དུ་བྱུང་བ་ཉིད་དོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ཉིད་དོ། །སངས་རྒྱས་རྨད་དུ་བྱུང་བ་ཉིད་དོ། །རོལ་པ་དང་སྤྲུལ་པ་རྨད་དུ་བྱུང་བ་ཉིད་དོ། །མཁྱེན་པ་རྨད་དུ་བྱུང་བ་ཉིད་དོ། །ཡེ་ཤེས་རྨད་དུ་བྱུང་བ་ཉིད་དོ། །ཆོ་འཕྲུལ་ཆེན་པོ་དང་། རྫུ་འཕྲུལ་ཆེན་པོ་རྨད་དུ་བྱུང་བ་ཉིད་དོ། །མཛད་པ་རྨད་དུ་བྱུང་བ་ ཉིད་དོ། །སྐུ་གསུང་ཐུགས་རྨད་དུ་བྱུང་བ་ཉིད་དོ། །དུས་གསུམ་རྨད་དུ་བྱུང་བ་ཉིད་དོ། །སྲིད་པ་གསུམ་རྨད་དུ་བྱུང་བ་ཉིད་དོ། །ཁམས་བླ་ན་མེད་པ། གསང་བ་མཆོག་གི་དཀྱིལ་འཁོར་བླ་ན་མེད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།ལེའུ་འདིས་གསང་བ་མཆོག་གི་བདེ་བ་ཆེན་པོ་བསྟན་ཏེ། ཀྱེ་སེམས་དཔའ་ཆེན་པོ། དེ་བས་སངས་རྒྱས་མ་ཡིན་པའི། །སེམས་ཅན་སེམས་ཀྱི་རྒྱུ་ནི་གང་། །བྱང་ཆུབ་སེམས་ནི་མ་ཡིན་པའི། །ཆོས་དང་ཆོས་ཉིད་དངོས་ནི་གང་། །དཀྱིལ་འཁོར་དཀྱིལ་འཁོར་གསུངས་པ་ཉིད། །རྫོགས་པའི་དཀྱིལ་འཁོར་བདག་ལ་འདུས། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །ཡེ་ཤེས་དཀྱིལ་འཁོར་ཐུགས་ལ་གནས། །རྡོ་རྗེ་ཡེ་ཤེས་


DNG025_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཉིད་ནི། །བདག་གི་སྦྱོར་བ་བསྟན་པའོ། །ཐམས་ཅད་རང་བྱུང་དཀྱིལ་འཁོར་རོ། །དཀྱིལ་འཁོར་ལྔར་མ་འདུས་པའི་ཆོས་དེ་ནི། །སངས་རྒྱས་ཉིད་ལའང་མི་མངའོ། །ཀྱེ་སེམས་དཔའ་ཆེན་པོ། སྐྱེ་བའི་སེམས་ཅན་ཐམས་ཅད་ཀྱང་། །དབྱིངས་གསུམ་རྣམ་པར་དག་པ་ཡི། །སྐྱེ་བ་མེད་པའི་སངས་རྒྱས་ཡིན། །བྱང་ཆུབ་སེམས་ཀྱི་ངོ་བོ་འདི། །སངས་རྒྱས་གསང་བ་ཉིད་ལས་གསུངས། །གང་ཕྱིར་སངས་རྒྱས་ཉིད་ལ་གསུངས། །བྱང་ཆུབ་སེམས་ནི་སྤུ་གྲིའི་སོ། །ཏིལ་མར་དར་བཏགས་རལ་གྲི་བཞིན། །བྱང་ཆུབ་སེམས་ནི་ཡོངས་ཀྱི་ལམ། །སྐྱོན་གྱིས་མ་གོས་པདྨ་བཞིན། །བསྐལ་པར་འབར་བའི་མེ་བཞིན་དུ། །སྡུག་བསྔལ་སྡིག་པ་ཅི་སྤྱད་ཀྱང་། །རྣམ་གྲོལ་བླ་མེད་འབྲས་བུ་འགྲུབ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་ན་མེད་པ་ཐམས་ཅད་ཀྱང་། །ང་ཡི་བྱང་ཆུབ་སེམས་ལ་གནས། །མཚན་དང་དཔེ་བྱད་ཀུན་ལས་འདས། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །མ་བསམ་ལྷུན་གྱིས་གྲུབ་པའི་སྐུ། །ཁམས་གསུམ་འདི་ནི་གཅིག་པུ་གནས། །གཅིག་པུ་རབ་ཏུ་ཆེ་བའི་ས། །གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་གཅིག་པུ་བཞུགས། །ཁམས་གསུམ་མེད་པར་གནས་མེད་པས། །སེམས་དང་ཆོས་ཉིད་གཅིག་པུར་འདུས། །གསང་བ་མཆོག་གི་བདེ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།ལེའུ་འདིས་ལྟ་བ་རྨད་དུ་བྱུང་བ་བསྟན་ཏེ། ཀྱེ་གྲོགས་པོ་དག །བྱང་ཆུབ་སེམས་ནི་མངོན་སངས་རྒྱས། །འདི་དོན་དེ་ལྟར་གང་རིག་པ། །རྣལ་འབྱོར་རྟག་ཏུ་བདེ་ལ་གནས། །དམྱལ་བའི་གནས་ནི་བླ་མེད་ལམ། །དམྱལ་བའི་གནས་ན་དེ་ལྟར་སྤྱོད། །གནོད་སྦྱིན་སྲིན་པོ་གཤིན་རྗེའི་ཚོགས། །སངས་རྒྱས་ཡིན་པར་ཀུན་གྱིས་མཐོང་། །དངོས་ལ་དམྱལ་བའི་རྒྱུ་མི་གནས། །དམྱལ་བའི་རྒྱུ་མེད་ཀུན་གྱི་རིག །དམྱལ་བའི་མེ་ལྕེའི་ཕྲེང་བ་རྣམས། །བྱང་


DNG025_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་ཡིན་གནོད་པ་འཇིལ། །དེ་ཕྱིར་སངས་རྒྱས་རྣལ་འབྱོར་མེད། །དེ་ན་ལམ་མེད་འགྲོ་བའང་མེད། །སངས་རྒྱས་མེད་དེ་རྒྱུ་ཡང་མེད། །བྱང་ཆུབ་མེད་དེ་མིང་ཡང་མེད། །བྱང་ཆུབ་ཉིད་ཀྱི་ས་ཡང་མེད། །སེམས་ཅན་མེད་དེ་སྲོག་ཀྱང་མེད། །ཉོན་མོངས་མེད་དེ་འཁོར་བའང་མེད། །བདེ་བ་མེད་དེ་འབྲས་བུའང་མེད། །རེ་བ་མེད་དེ་དོགས་པའང་མེད། །གནས་པ་མེད་ཅིང་ཡུལ་ཡང་མེད། །ཐེག་པ་མེད་ཅིང་འཇུག་པའང་མེད། །སྨོན་པ་མེད་ཅིང་སྒྲུབ་པའང་མེད། །སྤོང་པ་མེད་ཅིང་ལེན་པའང་མེད། །སེམས་ཀྱི་གནས་ཀྱི་ཡུལ་མེད་པས། །བསྒོམ་དུ་མེད་པས་བྱང་ཆུབ་སེམས། །གསང་བ་དམ་པའི་ངེས་པ་རྨད་དུ་བྱུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ལེའུ་འདིས་རྩོལ་བ་དང་བྲལ་བའི་རྒྱུ། རྩོལ་དུ་མེད་པས་འགྲུབ་པའི་རྒྱུ་བསྟན་ཏེ། ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ། ཀྱེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདི་ནི་ངོ་མཚར་ཆེ་སྟེ། ང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན། ཕ་རོལ་ཏུ་ཕྱིན་པ་དགུའི་དོན་མེད་ཅིང་། ཐར་པའི་ལམ་ཡང་མེད་དེ། བསྲུང་བ་མེད་པས་རྣལ་འབྱོར་དུ་མི་ཆུད་ཅིང་དོན་མེད་པ་ཡིན་ནོ། །དེ་ནས་མངོན་སུམ་པའི་ཏིང་ངེ་འཛིན་ལ་ཞུགས་ནས་ཡང་གསུངས་པ། དེ་བཞིན་གཤེགས་པ་ལ་ཆོས་ཐམས་ཅད་སངས་རྒྱས་པ་མེད་དོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ཡང་མེད། མེད་པ་དེ་ཉིད་ཆོས་ཀྱི་དབྱིངས་སོ། །ལྟ་བ་ཐམས་ཅད་ལ་མཁས་པར་བྱའོ། །བསླབ་པ་ཐམས་ཅད་རྣམས་བསླབ་པ། གང་ཡིན་དེ་བསླབ་པ་མ་ཡིན་ཏེ། གང་ལ་བསླབ་པ་མེད་པ་ནི། །མཁས་པ་ང་ཡིས་བསླབ་པ་ཡིན། །བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་མེད། །ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང་། །འདི་འདྲའི་ཆོས་ཉིད་གང་གིས་རིག་གྱུར་པ། །དེས་ནི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། རྩ་བ་དང་བྲལ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།


DNG025_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ས་བཅུ་མནན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། ཡང་འདི་སྐད་ཅེས་གསུངས་སོ། །ཕ་རོལ་ཕྱིན་བཅུ་ལྷུན་གྱིས་རྫོགས་པ་ཡི། །བྱང་ཆུབ་སེམས་འདི་རྨད་དུ་བྱུང་། །རྨད་བྱུང་བྱང་ཆུབ་སེམས་འདི་ནི། །ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ཆོས་ཐམས་ཅད་ཀྱི་མཛོད་ཡིན་ནོ། །ཟད་མི་ཤེས་པའི་མཛོད་ཡིན་ནོ། །བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འདི་ཡིན་ནོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདི་ནི་ངོ་མཚར་ཆེའོ། །བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་མཁྱེན་པ་ཐོབ་པ་སྟེ་མཁྱེན་ཏོ། །སངས་རྒྱས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་སྟེ་ཡེ་ཤེས་སོ། །ལུས་ལས་བྱུང་བའི་ཆོས་ལ་ཀུན་ཏུ་སྤྱོད་པའོ། །སེམས་ལས་ཀུན་འབྱུང་བའི་ཆོས་ལ་སྤྱོད་པའོ། །ངག་ལས་ཀུན་འབྱུང་བའི་ཆོས་སྤྱོད་པའོ། །ཆོས་ལས་ཀུན་འབྱུང་བའི་ཆོས་སྤྱོད་པའོ། །ཡུལ་བཱ་ར་ཎཱ་སཱིའི་གོས་བཞིན་དུ། སོ་སོའི་འགོག་པ་མེད་པར་ཐུགས་སུ་ཆུད་དོ། །ཡང་ངེས་དོན་འདི་བཀའ་སྩལ་ཏོ། །རྡོ་རྗེ་སེམས་དཔའ་ཡི་དམ་ལྷ་མེད་པས། །རྣལ་འབྱོར་དབང་ཕྱུག་གཞན་ལ་བརྟེན་མི་དགོས། །བྱང་ཆུབ་རྙེད་དཀའ་རྒྱལ་བ་ང་ཡི་སྐུ། །དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་དཀའ་བ། །རང་རིག་ཆེན་པོ་རྟོགས་དཀའ་ང་ཡི་དབྱིངས། །སངས་རྒྱས་གཞན་ན་ཡོད་པ་མ་ཡིན་ནོ། །ཡང་གསུངས་པ། ང་མི་མཉམ་པ་དང་མཉམ་པའི་ལྷག་པའི་ཡེ་ཤེས་དང་། ཆེ་བའི་ཡོན་ཏན་རྫོགས་པའི་ཆོས་ཀུན་ཐུགས་སུ་ཆུད་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཉིད་ཡིན་ནོ། །བྱང་ཆུབ་སེམས་རྨད་དུ་བྱུང་བའི་དམ་ཚིག་བརྒྱད་ནི། ཡེ་ནས་མ་སྐྱེས་པ་དང་། ཡེ་ནས་མ་བྱུང་བ་དང་། ཡེ་ནས་མི་གནས་པ་དང། ཡེ་ནས་སྟོང་པ་དང་། མེད་པ་དང་། ཕྱལ་པ་དང་།


DNG025_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་དང་། ལྷུན་གྱིས་གནས་པ་དང་བརྒྱད་དོ། །དེ་ལ་མ་སྐྱེས་པས་མི་འཆིའོ། །གདོད་ནས་མ་བྱུང་བས་མི་འགྲོའོ། །མི་གནས་པས་མྱ་ངན་ལས་འདས་པའོ། །གཟུང་འཛིན་དང་བྲལ་བས་ཡེ་ནས་སྟོང་པའོ། །མེད་པས་དམ་ཚིག་གོ། །གཅིག་བསྲུངས་པས་ཀུན་ཐུབ་པས་བསྲུངས་པའོ། །ཕྱལ་པས་དམ་ཚིག་ལ་ཕྱོགས་རིས་མེད་པ་གྲངས་ལས་འདས་པའོ། །སྟོང་སྤྱི་ཕུད་ཡིན་ཏེ་གང་ན་གཞན་མེད་པས་གཅིག་པུ་ཨ་ཏི་ཡོ་གའི་དམ་ཚིག་རྟག་པ་གཡུང་དྲུང་དུ་གནས་པས་མི་འགྱུར་ཏེ། ལྷུན་གྱིས་གནས་པའོ། །རྨད་དུ་བྱུང་བའི་དམ་ཚིག་ཉི་ཤུ་རྩ་ལྔ་སྤྱོད་དོ། །བསྲུང་བ་མེད་པ་གསུམ་ཐུགས་སུ་ཆུད་དེ། ཐུགས་ལས་མི་མཁྱེན་པ་མེད་ཅིང་། ཐམས་ཅད་ཐུགས་སུ་ཆུད་པས་བསྲུང་དུ་མེད་པ་དང་། གསུང་ལས་ཐམས་ཅད་མ་རྫོགས་པ་མེད་པས་བསྲུང་དུ་མེད་པ་དང་། སྐུ་ལས་ཐམས་ཅད་ལྷུན་གྱིས་རྫོགས་པས་གཞན་གྱི་ལོངས་སྤྱོད་ལ་ཐོགས་པ་མེད་པས་བསྲུང་དུ་མེད་པའོ། །དེའི་ཕྱིར་བསྲུང་བ་མེད་པའི་སྐུ་གསུང་ཐུགས། །མཁྱེན་པ་མེད་པས་ཐམས་ཅད་ཆུབ། །ཐམས་ཅད་བསྲུང་དུ་མེད་པ་དང་། །སྲུང་བ་ཐམས་ཅད་རྫོགས་པས་ན། །སྐུ་ལྔ་ལྷུན་རྫོགས་བསྲུང་དུ་མེད། །ཅེས་གསུངས་སོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། སྲུང་དུ་མེད་པའི་དམ་ཚིག་གི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།ལེའུ་འདིས་མཆོག་ཏུ་གསང་བའི་མན་ངག་གི་ལེའུ་སྟོན་ཏེ། དེ་ནས་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བདག་དང་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་སྔོན་མ་མཐོང་བ་ངོ་མཚར་ཆེ་བའི་གསང་བ་ཆེན་པོའི་ཆོས། དེ་བཞིན་གཤེགས་པའི་ཐེག་པ་གང་དང་ཡང་མི་མཐུན་པ། གསང་སྔགས་ཀྱི་ཆོས་གང་དང་ཡང་མི་མཉམ་པ། གསང་བ་གང་དང་ཡང་མ་འདྲེས་པ། ཐེག་པ་གང་དང་ཡང་ཐུན་མོང་མིན་པའི་ཆོས་ཉིད་མིང་མེད་པར། སངས་རྒྱས་མེད་པར་སེམས་ཅན་མིང་མེད་པར། རོལ་པའི་


DNG025_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་མ་གཏོགས་པ་སྡུག་བསྔལ་མིང་ཡང་མེད་པ། སྐུ་གསུང་ཐུགས་ཉིད་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བསྐོར་བ་མ་ཡིན་པར་འཁོར་བའི་རྒྱུ་དང་འཁོར་བའི་ཆོས་ཡེ་ནས་མེད་པ་དང་། བྱང་ཆུབ་ཀྱི་སར་སྦྱོར་བ་ལས་མ་གཏོགས་པར། དམྱལ་བ་མིང་ཡང་མེད་པ་དང་། ཐམས་ཅད་མཁྱེན་པ་ལས་མ་གཏོགས་པར། མ་རིག་པ་མིང་ཡང་མེད་པའི་ཆོས་དང་། དོན་མ་ནོར་བར་ཐུགས་སུ་ཆུད་པའི་ཆོས་ཐུགས་བྱང་ཆུབ་སེམས་རིན་པོ་ཆེ། སྒྲོན་མའི་གསང་བ་རྨད་དུ་བྱུང་བའི་མན་ངག་རྫོགས་པར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་། བདག་གི་དོན་དུ་བྱང་ཆུབ་སེམས་རྨད་དུ་བྱུང་བའི་དོན་རྫོགས་པར་གསུངས་ཏེ། རྒྱུ་གང་གིས་མཁྱེན་པར་འགྱུར། དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ་སེམས་དཔའ་ཆེན་པོ་ཉོན་ཅིག །སངས་རྒྱས་བཅོམ་ལྡན་འདས་ནི་ཚད་མེད་པའི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་རྣམས་ཡང་དག་པར་བསགས་པས་མཁྱེན་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཚད་མེད་པ་ཡང་དག་པའི་ཐབས་རྫོགས་པའི་ཐུགས་སུ་ཆུད་དེ་མཁྱེན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ནི་མི་མཉམ་པ་དང་མཉམ་པའི་སྨོན་ལམ་གྱི་སྟོབས་དང་ལྡན་པས་ཐུགས་སུ་ཆུད་དེ་མཁྱེན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཤེས་རབ་ཚད་མེད་པ་བསགས་པས་ཐུགས་སུ་ཆུད་དེ་མཁྱེན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྤྱོད་པ་ཚད་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྐྱེ་བོ་ཚད་མེད་པ་རྣམས་ནི་སྣོད་དུ་གྱུར་པར་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྣོད་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་པ་དང་། སྣོད་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་དང་། ཇི་ལྟར་འདུལ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་འཛད་པ་དང་།མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཡིན་པས། ཐུགས་སུ་ཆུད་དེ་མཁྱེན་ཅིང་སྣོད་དང་སྦྱར་ནས་གསུངས་པ་ཡིན་ནོ། །སེམས་དཔའ་ཆེན་པོ། གསུང་ནི་རྡོ་རྗེ་སྒྲས་ཉིད་དོ། །སྦྱོར་བ་བྱང་ཆུབ་སེམས་ནི་ལུས་ངག་ཡིད་གསུམ་སོ་སོ་མ་ཡིན་པ་ཐ་


DNG025_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མི་དད་པ། གཉིས་སུ་མེད་པར་རིག་ལ་རིག་པར་བྱེད་པ་ནི་སྦྱོར་བའོ། །སྒྲོལ་པ་ནི་ལུས་དང་ངག་དང་སེམས་དབྱེར་མེད་པ་ནི་རྡོ་རྗེའོ། །རྡོ་རྗེ་ནི་གང་ན་ཡང་མི་གནས་པ་དང་། ཆོས་ཐམས་ཅད་གང་ན་ཡང་མི་གནས་པ་ཉིད་དུ་གྱུར་པ་ཉིད་སྒོམ་པའོ། །ཆོས་ཆེན་པོ་རྨད་དུ་བྱུང་བའི་གསང་བའི་རྒྱུད་དུ་གྱུར་པས་གསང་བ་ཆེན་པོ་འབུམ་སྡེ་ལས། རྡོ་རྗེ་སེམས་དཔའ་རིག་པར་བསྟན་པ། གསང་བ་ཐམས་ཅད་ཀྱི་གསང་བའི་མཆོག །རྨད་དུ་བྱུང་བའི་མན་ངག་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།ལེའུ་འདིས་རྨད་དུ་བྱུང་བའི་དོན་སྐྱོན་ཐམས་ཅད་ཉམས་པ་བསྐང་བའི་དོན་བསྟན་ཏེ། རྡོ་རྗེ་སེམས་དཔས་སྟོན་པ་ལ་ཞུས་པ། ཆོས་ཆེན་པོ་རྨད་དུ་བྱུང་བའི་ཐུགས་རྗེ་ཆེན་པོ་ཇི་ལྟ་བུ། ཀུན་རིག་ཆོས་ཀྱི་རྗེ་སྟོན་པས་བཀའ་སྩལ་པ།སྟོང་རི་གནམ་ལྕགས་ཐོག་ཆེན་གྱིས། །སྐྱོན་གྱི་གངས་རིའི་རྩེ་ནས་བཅོམ། །བདུད་རྩིའི་རྒྱ་མཚོ་ཞུ་ནས་བསྐྱིལ། །ཏིང་འཛིན་འབུམ་ཕྲག་ཡངས་པས་འདི། །འདིས་ནི་ཉམས་པ་མེད་པའོ། །ཡང་རྡོ་རྗེ་སེམས་དཔས་སྟོན་པ་ལ་ཞུས་པ།ཐུགས་གསང་བའི་རྒྱུད་འདི་གང་ལས་གསུངས་པ། རི་རབ་སུམ་ཅུ་ཕྲག་དགུའི་བསྐལ་པ་ཞིང་གི་རྡུལ་སྙེད་ཀུན་ཞེས་ཞུས་པས། སྟོན་པ་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་དང་།རྨད་དུ་བྱུང་བའི་དོན་ཀུན་གཅིག་སྟེ། །རི་རབ་སུམ་ཅུ་ཕྲག་དགུ་ཡང་། །རྨད་བྱུང་བྱང་ཆུབ་སེམས་འདི་ཡིས། །སྒོམ་པ་རྡོ་རྗེས་ཕྱེ་མར་བརླག །ཅེས་གསུངས་སོ། །དེའི་ཕྱིར་བྱང་ཆུབ་རྨད་དུ་བྱུང་བའི་སྐུ་ནི། སྟོང་སྤྱི་ཕུད་ཅེས་བྱའོ། །གསུང་ནི་ཡེ་ཤེས་མཁའ་ལ་རོལ་ཞེས་བྱའོ། །ཐུགས་ནི་ནམ་མཁའི་སྤང་པོ་ལ་རྡོ་རྗེའི་བཟང་གི་དྲ་ཞེས་བྱའོ། །དེ་ཡང་རྨད་དུ་བྱུང་བའི་སྐུ་ནི། སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ་ཞེས་བྱའོ། །རྨད་དུ་བྱུང་བའི་གསུང་ནི་སྙིང་པོ་བྱང་ཆུབ་ན་བཞུགས་པ་ལས། དགོངས་པ་ངེས་པར་འགྲེལ་པ་ཞེས་བྱའོ། །རྨད་དུ་བྱུང་བའི་ཐུགས་ནི་མཚན་ཉིད་ཡེ་ཤེས་མི་ཟད་པའི་བློ་གྲོས་ཀྱི་ཐུགས་ཏེ། ཡེ་ཤེས་ཐུགས་ཏེ་ཐུགས་ཀྱི་མཆོག །


DNG025_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཀའ་སྩལ་ཏེ། དེ་ཡང་ཐུགས་གསང་བ་ཉིད་ཀྱི་རྒྱུད་ལས། ནམ་མཁའི་སྐུ་ལས་རྨད་དུ་བྱུང་། །ནམ་མཁའི་གསུང་གི་ལམ་སྟོན་པ། །ནམ་མཁའི་ཐུགས་ནི་ཐུགས་ཀྱི་མཆོག །རྨད་བྱུང་ནམ་མཁའ་གནས་ཀྱི་མཆོག །ཅེས་འབྱུང་སྟེ། དེ་ལྟར་ནམ་མཁའི་སྐུ་གསུང་ཐུགས་བཤད་ནས་སའི་སྐུ་གསུང་ཐུགས་བཤད་པ་ནི། སའི་སྐུ་ནི་རི་རབ་སུམ་ཅུ་ཕྲག་དགུ་ཡིན་ལ། བསྐལ་པ་ཞིང་གི་རྡུལ་སྙེད་འབྱུང་བ་དེ་ཀུན་རྨད་དུ་བྱུང་བའི་ས་ནི་སྟོང་གསུམ་གྱི་སྟོང་ཆེན་པོ། སའི་འཇིག་རྟེན་ཡང་རི་རབ་སུམ་ཅུ་ཕྲག་དྲུག་ལ། རི་རབ་འབུམ་ཡོད་དེ། དེའི་བསྐལ་པ་ཞིང་གི་རྡུལ་སྙེད་གཅིག་གི་ཚད་ལ་ནི། བྱང་ཆུབ་སེམས་རྨད་དུ་བྱུང་བའི་ཚད་དཔག་ཏུ་མེད་པ་ནི་རི་རབ་དང་གླིང་རྣམས་དང་ས་གཞི་དང་སྣང་ཞིང་སྲིད་པ་རྣམས་ཀྱི་ནང་ན། སྣང་ཞིང་སྲིད་པའི་སྐྱེ་འགྲོ་རྣམས་དང་། དེ་ཀུན་ཟོས་ཀྱང་ད་དུང་ང་མ་ཟོས་ཞེས་དེ་ལྟ་བུ་ལ་བྱའོ། །བྱང་ཆུབ་སེམས་རྨད་དུ་བྱུང་བའི་ཉམས་པ་བསྐང་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་རྨད་དུ་བྱུང་བའི་སྐུ་ལས་མེའི་འོད་དུ་འབར་ཏེ། འདོད་ཆགས་འོད་དུ་འབར། ཞེ་སྡང་འོད་དུ་འབར། ང་རྒྱལ་འོད་དུ་འབར། ཕྲག་དོག་འོད་དུ་འབར། གཏི་མུག་འོད་དུ་འབར། དེ་བཞིན་དུ་ཕུང་པོ་ལྔ་ཉིད་སྐུ་ལྔ་སྟེ། འོད་དུ་འབར་བ་དེ་ཡང་། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་སྐུ་ལྔ་སྟེ། བདག་ཉིད་ལས་འོད་དུ་འབར་བའོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལྔ་ལས་ཀྱང་འོད་དུ་འབར་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། སེམས་ལས་འོད་དུ་འབར་བའོ། །དེ་བཞིན་དུ་ཕྱིའི་ཡུལ་ལས་ཀྱང་འོད་དུ་འབར་བའོ། །ས་ཆུ་མེ་རླུང་ནམ་མཁའ་ལས་འོད་དུ་འབར་བའོ། །འོད་དེ་ཀུན་པས་རྨད་དུ་བྱུང་བའི་བྱང་ཆུབ་སེམས་རང་རིག་པའི་རྒྱལ་པོ་འོད་ལས་བྱུང་བའི། འོད་ཆེན་པོ་ཡེ་ཤེས་ཀྱི་འོད་ཆེ་ཞིང་གསལ་བས། འཇིག་རྟེན་གྱི་ཁམས་ཀུན་ཀྱང་ངའི་རིག་པའི་འོད་ལས་བྱུང་ཞིང་གསལ་བ་ཞེས་བྱའོ། །དེ་ཡིས་འཁོར་བའི་མུན་ནག་


DNG025_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱིས་ཟིལ་གྱིས་མནན་ནས། ཡེ་ཤེས་མྱ་ངན་ལས་འདས་པས་སངས་རྒྱས་ཞེས་བྱའོ། །འོད་འདི་དག་རྨད་དུ་བྱུང་བའི་འོད་དོ། །སྐྱེ་དང་རྒ་རྒུད་འཆི་བའི་སྡུག་བསྔལ་ལ། །རྨད་བྱུང་བྱང་ཆུབ་སེམས་ནི་བདེ་ཆེན་པོས། །སྨན་མཆོག་ནད་མེད་བདེ་འཚོ་བ། །དུས་གསུམ་འཇིག་རྟེན་གསུམ་ལས་འདས། །མྱ་ངན་འདས་ཞེས་དེ་ལ་བྱའོ། །ཡང་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུས། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། ཆོས་རྨད་དུ་བྱུང་བ་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཞེས་བྱ་བ། འདི་དག་སྟོན་ཅིང་བཞུགས་པའི་ཚེ། གཉིས་སུ་མེད་པའི་ལྕང་ལོ་ཅན་གྱི་ཕོ་བྲང་། བདེ་བ་ཆེན་པོའི་ཞིང་ཁམས་ན། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོའི་མདོ་སྡེ་ལ་སོགས་པ། རྩོལ་བ་དང་བཅས་པའི་སྡུག་བསྔལ་གྱི་རྒྱ་མཚོ་ནས། ས་ནས་ས་རུ་བགྲོད་ཅིང་སྦྱོར་ཞིང་རྩོལ་བ་མིང་ཡང་མི་བརྗོད་དོ། །ཐེག་པ་ཆེན་པོ་གསང་སྔགས་བླ་ན་མེད་པའི་དོན་སྟོན་ཅིང་། རིགས་ལྔའི་སངས་རྒྱས་དང་། དུས་གསུམ་གྱི་བདེ་བར་གཤེགས་པ་འདི་དག་ཐམས་ཅད་དང་།དགོངས་པ་ཆོས་ཉིད་ཀྱི་ཐིག་ལེར་གསལ་ཞིང་དག་པའི་ཕྱིར། བྱང་ཆུབ་སེམས་དཔའ་དང་། སེམས་མ་གཉིས་སུ་མེད་པར་སྦྱོར་བས། རྩལ་བ་དང་བཅས་པའི་སྡུག་བསྔལ་གྱི་རྒྱ་མཚོ་རྩལ་བ་མེད་པའི་དོན་གྱིས་སྐེམ་སྟེ། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཡང་དག་པ་རང་རིག་པ་ཉིད་ལས་འཆར་བར་སྟོན་པ་ནི། རྩ་བའི་དོན་དང་སྦྱར་རོ། །དེ་ལ་ཚིག་གི་དོན་ལ་རྣམ་པ་གསུམ་སྟེ། ཚིག་ཉུང་ལ་དོན་ཆེ་བར་བསྟན་པ་དང་། འབྲས་བུ་སྐུ་གསུང་ཐུགས་སུ་བསྟན་པ་དང་། ཚིག་སྡེབ་སྦྱོར་ལེགས་པར་བསྟན་པའོ། །དེ་ལ་ཚིག་གི་དོན་ཡང་། བྱང་ཆུབ་སེམས་རྨད་དུ་བྱུང་བ་འདི་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དགོངས་པ་བདེ་བའི་དབྱིངས་ནས། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་དོན་དུ་ཐུགས་ཀྱི་གསང་བ་དཀྱིལ་འཁོར་ནས་ལྗགས་ཀྱི་དབང་པོར་བཀྲམ་སྟེ་བཤད་པ་ནི་ཚིག་གི་དོན་ནོ། །


DNG025_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྐུ་གསུང་ཐུགས་སུ་བསྟན་པ་ནི། །ཡེ་ནས་ཡོད་ཅིང་རྟག་པར་བཞུགས། །འགྱུར་བ་མེད་པས་བསོད་ནམས་སྐུ། །བསམ་གྱིས་མི་ཁྱབ་སྤྲུལ་པའི་སྐུ། །ལྷུན་གྱིས་གྲུབ་པས་ལོངས་སྤྱོད་རྫོགས་པའི་སྐུ། །བྱ་བཙལ་མེད་པས་སྙིང་པོ་བྱང་ཆུབ་སྐུ། །སྣ་ཚོགས་འབྱུང་བས་ཡེ་ཤེས་ཆོས་ཉིད་སྐུ། །ཞེས་འབྱུང་བ་ལ་སོགས་པས། སྔགས་ཆེ་བའི་ཡོན་ཏན་ཁྱད་པར་དུ་བྱུང་སྟེ། དཔག་པས་བདེ་གཤེགས་ཆོས་དབྱིངས་སྐུ། །ཆོས་ཀྱི་སྐུ་དེ་ཡེ་ཤེས་ཀྱི་འོད་འབྱུང་བའོ། །དེ་ལྟར་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་འོད་ཀྱིས་འཇིག་རྟེན་ཁམས་མ་ལུས་པ་ཀུན་ལ་ཁྱབ་སྟེ། སྟོང་པ་ཆེན་པོར་བཤད་པའོ། །རྨད་དུ་བྱུང་བ་སངས་རྒྱས་ཀྱི་འོད་ནི་བསམ་གྱིས་མི་ཁྱབ་པའོ། །དེ་ནི་ཡེ་ཤེས་ཀྱི་འོད་དེ། དེས་བྱང་ཆུབ་རྨད་དུ་བྱུང་བ་མཐོང་བར་བྱེད་པས།རྨད་དུ་བྱུང་བའི་འོད་ཅེས་བྱའོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས། ཡང་ཀུན་རིག་ཆོས་ཀྱི་རྗེ་ལ་ཞུས་པ། ཆོས་ཀྱི་སྐུ་དང་ཡེ་ཤེས་ལས། འོད་འབྱུང་བ་ནི་ཇི་ལྟ་བུ་ལགས་ཞེས་གསོལ་པ་དང་། སངས་རྒྱས་ཀྱིས་གསུངས་པ། འདི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་དག་ཏུ་བྱས་ནས། ཆོས་ཀྱི་སྐུར་སྟོན་པ། རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུའི། ཡེ་ཤེས་ཀྱི་འོད་དེ་དེ་ཙམ་མོ། །དེ་བཞིན་ཡེ་ཤེས་འོད་ཀྱང་བསམ་མི་ཁྱབ། །སྲིད་གསུམ་ནམ་མཁའི་ཁམས་པས་འོད་ཕུང་གསལ། །བསྐལ་པའི་ཞིང་གི་རབ་འབྱམས་ཇི་ཙམ་གྱི། །སེམས་ཅན་ཀུན་ལ་ཐུགས་རྗེའི་འོད་དེ་ཙམ། །སྤྱོད་དང་མི་སྤྱོད་གཡོ་དང་མི་གཡོ་ཞེས་བཀའ་སྩལ་ཏོ། །བློ་དང་ཡེ་ཤེས་རིག་པའི་འོད་ཀྱང་རྨད་དུ་བྱུང་བའོ། །དེ་སྙེད་དུ་སངས་རྒྱས་ཀྱི་འོད་འབྱུང་བ་ནི་ཆེའོ། །རང་རིག་པའི་ཡེ་ཤེས་ཀྱི་འོད་འབྱུང་བ་ནི་ཤིན་ཏུ་གསལ་ལོ། །དེའི་ཕྱིར་ནམ་མཁའ་དང་ཉི་ཟླའི་འོད་འདྲ་བ་མ་ཡིན་པས། འོད་ནི་ཀུན་དང་ཐུན་མོང་མིན་ཞེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས།


DNG025_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་ཁྱད་པར་གྱི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།ལེའུ་འདིས་འཁོར་བའི་ལམ་ལྔ་བསྟན་ཏེ། དེ་ནས་རྡོ་རྗེ་སེམས་དཔས་ཞུས་པ། འཁོར་བའི་ལམ་ལྔ་གང་ལགས། སྟོན་པ་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ། འདོད་ཆགས་ཀྱིས་ནི་བླང་བར་བྱ། །ཞེ་སྡང་གིས་ནི་གསད་པར་བྱ། །ཕྲག་དོག་གིས་ནི་དབྱེ་བར་བྱ། །ང་རྒྱལ་གྱིས་ནི་བརྡེག་པར་བྱ། །གཏི་མུག་ཆོས་སུ་ལམ་སྟོན་ཏེ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་འདི་རྣམས་ཀུན། །མ་རིག་དུག་གསུམ་རྩ་བ་སྟེ། །རིག་ན་བྱང་ཆུབ་ལམ་ཡིན་ནོ། །རིན་ཆེན་དཔལ་དང་ཆགས་མེད་འགྲུབ། །རྡོ་རྗེ་དེ་བཞིན་གཤེགས་པར་སྣང་། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། འཁོར་བའི་ལམ་ལྔ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ལེའུ་འདིས་འཁོར་བའི་ལམ་ལྔ་ཉིད་རིགས་ལྔ་དང་ཡུམ་ལྔའི་དབྱིངས་སུ་བསྟན་ཏེ། ཡང་རྡོ་རྗེ་སེམས་དཔས་ཚིག་གི་ལེའུ་གོང་མ་ལ་བསྟན་ཏེ་ཞུས་པ་ལས། ཀུན་རིག་ཆོས་ཀྱི་རྗེ་ལ་སྟོན་པས་བཀའ་སྩལ་པ། མ་བྱིན་ལེན་པ་ས་ཡིན་ཏེ། །མི་ཚངས་སྤྱོད་པ་ཆུ་ཡིན་ནོ། །བརྫུན་དུ་སྨྲ་བ་རླུང་ཡིན་ཏེ། །གསོད་པར་བྱེད་པ་མེ་ཡིན་ནོ། །ཐམས་ཅད་ནམ་མཁའི་དབྱིངས་སུ་བསྟན། །ཞེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། འཁོར་བའི་ལམ་ལྔ་ཉིད་རིགས་ལྔ་དང་ཡུམ་ལྔའི་དབྱིངས་སུ་ཡེ་ནས་གནས་པའི་དོན་དུ་ལམ་ལྔ་ཡང་ད་ལྟར་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །།ལེའུ་འདིས་འཁོར་བའི་རྒྱུ་འབྲས་ཉིད་ཡེ་ནས་དག་པའི་རྒྱུ་མ་ཆགས་པའི་ཞིང་དུ་གནས་པར་ལུང་བསྟན་ཏེ། དུག་གསུམ་རྩ་བ་བཅད་པས་ཁམས་གསུམ་འཁོར་བའི་རྒྱུ་འབྲས་མེད། །སྲོག་མེད་གསོད་པར་བྱེད་པ་ཧེ་རུ་ཀ །ཆགས་མེད་འཛིན་དང་བྲལ་བས་བཅིང་མེད་དུར་ཁྲོད་ཆེན་པོ་བརྒྱད། །མི་འཇུག་མི་འབྱུང་ཡུལ་མེད་དབང་པོས་སྟོང་། །ཕྱི་ནང་སྒོ་ཕུགས་མེད་པས་རྒྱ་ཆེ་ཡངས་པ་ཉིད། །སྐུ་གསུང་ཐུགས་དང་བྲལ་བས་ཆེ་བའི་མཆོག །སྔགས་དང་ཕྱག་རྒྱ་བྲལ་བས་


DNG025_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་མེད། །ཆེ་བའི་ཆེན་པོར་རྫོགས་པས་རྨད་དུ་བྱུང་། །ཞེས་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། འཁོར་བའི་རྒྱུ་འབྲས་ཉིད་དག་པའི་ཞིང་དུ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།ལེའུ་འདིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་དབྱིངས་སུ་བསྟན་ཏེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བདེ་བ་ཆེན་པོ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་དབྱིངས་སུ་གནས་པར་གཟིགས་ནས་གཉིས་སུ་མེད་པའི་དོན་རྟོགས་ཏེ་ཐུགས་སུ་ཆུད་ནས། འགྲོ་བ་ཡང་ཆོས་ཉིད་ལ་འཁོར་བ་ཡང་མྱ་ངན་ལས་འདས་ཏེ། གཉིས་སུ་མེད་པའི་དོན་རྟོགས་ནས་ལ་བཟླས་ཏེ་མི་གཡོ་བའི་ཚུལ་དུ་བཞུགས་པ་ལས། བྱང་ཆུབ་སེམས་རྨད་དུ་བྱུང་བའི་དོན་དབུས་མཐའ་མེད་པར་བསྟན་ཏོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། ཆོས་ཐམས་ཅད་དབུས་མཐའ་རྣམ་པར་མེད་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།ལེའུ་འདིས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཡེ་ནས་ཡེ་ཤེས་ཆེན་པོའི་རང་བཞིན་དུ་གནས་པར་བསྟན་ཏེ། དེ་ཡང་ཆོས་ཉིད་བྱང་ཆུབ་ཆེན་པོའི་རང་བཞིན་གནས་པ་ལས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པས། ཡོ་ག་ཐམས་ཅད་ཀྱི་དོན་ཨ་ཏི་ཡོ་གར་འདུས་པར་སྟོན་ལ། ཨ་ཏི་ཡོ་གའི་དོན་ནི་བྱང་ཆུབ་སེམས་རྨད་དུ་བྱུང་བར་འདུས་པར་སྟོན་ཏོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། ཡོ་ག་ཐམས་ཅད་ཨ་ཏི་ཡོ་གར་འདུས་པའི་ལེའུ་སྟེ་སུམ་ཅུ་སོ་གཉིས་པའོ།། །།ལེའུ་འདིས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་བསྟན་ཏེ། མྱ་ངན་ལས་འདས་པའི་དབྱིངས་ན་མི་དམིགས་པའི་རྒྱལ་པོ་ལ། བླ་འོག་དང་ཕྱོགས་ཆ་མེད་པར་བཞུགས་ཀྱང་། ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོས་སྤྲུལ་པ་རྣམ་པ་སྣ་ཚོགས་པ་ཅིར་ཡང་མཛད་པར་སྟོན་པ་ནི། ཐམས་ཅད་དག་


DNG025_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་དུ་སྦྱོར་ཞིང་། ཐམས་ཅད་དག་པའི་དབྱིངས་སུ་སྒྲོལ་བར་སྟོན་ཅིང་བཞུགས་སོ། །དེ་ཉིད་ཀྱང་ཁམས་གསུམ་ལས་འདས་ཤིང་། མི་འཕོ་མི་འགྱུར་མི་འཁོར་མི་གནས་པའི་རིན་པོ་ཆེ་ཀུན་ཏུ་བཟང་པོའི་ངང་ལ་གནས། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། མི་འཕོ་མི་འགྱུར་བའི་ལེའུ་སྟེ་སུམ་ཅུ་སོ་གསུམ་པའོ།། །།ལེའུ་འདིས་བདེ་བ་ཆེན་པོའི་ཀློང་ན། སྐུའི་འོད་དང་གསུང་གི་ཟེར་ལ་རོལ་ཅིང་ཇི་ལྟར་འབྱུང་བ་བསྟན་ཏེ། བྱང་ཆུབ་སེམས་བདེ་བ་ཆེན་པོའི་ཀློང་ན། སྐུའི་འོད་དང་གསུང་གི་ཟེར་ལས་ཀུན་རིག་ཆོས་ཀྱི་རྒྱལ་པོས། ཡུམ་འདོད་པའི་དབང་མོ་ལ། གཉིས་སུ་མེད་པར་གནས་ཤིང་སྣང་སྲིད་ཐམས་ཅད་ཐུགས་རྗེ་ཆེན་པོའི་ངང་དུ་གྱུར་ཏེ། ཡང་འཁོར་བའི་ཆོས་དང་སྲིད་པ་ཀུན་ཡང་དག་པའི་བྱང་ཆུབ་ཏུ་བསྟན་ཏོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། ཚིག་དང་ཡི་གེ་ལས་འདས་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་བཞི་པའོ།། །།ལེའུ་འདིས་ཆོས་ཐམས་ཅད་ཡེ་ནས་མྱ་ངན་ལས་འདས་པར་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་མྱ་ངན་ལས་འདས་པ་ཡང་དོན་གསུམ་སྟེ། ཡེ་ནས་སངས་རྒྱས་པའི་དབྱིངས་ན་མི་དམིགས་པའི་རྒྱལ་པོ་རྟོག་པ་མི་མངའ་བར་ཐུགས་རྗེ་ཆེན་པོ་ཡེ་ཤེས་སུ་གྱུར་པ་བཞུགས་པ་དང་། སྲིད་པ་གསུམ་དུས་གཅིག་ཏུ་གསལ་བར་མཁྱེན་པའི་ཡེ་ཤེས་ལམ་འགགས་པར་གསལ་ཞིང་དག་པ་དང་། དག་པར་མཁྱེན་པ་དང་། ཐམས་ཅད་ཀྱི་སྣོད་དང་བཅུད་དུ་གྱུར་པའོ། །དེ་ལྟར་ཀུན་གྱི་སྙིང་པོར་གྱུར་པས། སྐུ་དང་ཡེ་ཤེས་ཀྱི་ཆོས་ཉིད་དོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། སྐུ་དང་ཡེ་ཤེས་ཆོས་ཉིད་དུ་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་དགོས་ཆེད་བསྟན་ཏེ། བྱང་ཆུབ་སེམས་རྨད་དུ་བྱུང་བ་འདིའི་མགོ་མཇུག་ཏུ་དགོས་ཆེད་ཀྱི་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། འབྲས་བུ་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པར་བསྟན་


DNG025_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་ཡང་གང་ཞེ་ན། བྱང་ཆུབ་སེམས་ཀྱི་སེམས་རང་བཞིན་བསྟན་པ་དང་།བྱང་ཆུབ་སེམས་ཀྱི་ཁྱབ་གདལ་ཆེན་པོ་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་ངེས་ཚིག་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་རྒྱུ་འབྲས་ཀྱི་དོན་བསྟན་པ་དང་།བྱང་ཆུབ་སེམས་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པ་དང་། བྱང་ཆུབ་སེམས་སྟོང་པ་ཆེན་པོའི་ཡེ་ཤེས་མི་འགྱུར་བའི་བདག་ཉིད་དུ་བསྟན་པ་དང་། བྱང་ཆུབ་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཡེ་ནས་སངས་རྒྱས་ཏེ། རྟག་པ་ཆེན་པོའི་གཡུང་དྲུང་དུ་བསྟན་པ་དང་། བྱང་ཆུབ་སེམས་མཐར་ཐུག་མེད་པ་དང་བརྒྱད་དོ། །དེ་ཡང་དབྱེ་ན་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་ལ་ཡང་དོན་གཉིས་ཏེ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་པར་སངས་རྒྱས་པར་བསྟན་པ་དང་། དེ་ལྟར་རིག་ཅིང་རྟོགས་ན་འབྲས་བུ་གཞན་ནས་བཙལ་དུ་མེད་པར་བསྟན་པའོ། །བྱང་ཆུབ་སེམས་ཀྱི་ངེས་ཚིག་བསྟན་པ་ལ་ཡང་དོན་གསུམ་སྟེ།ལུང་ངེས་པ་དང་། མན་ངག་གསང་བ་འདི་སྤྲོས་པ་མེད་པའི་བྱང་ཆུབ་སེམས་སུ་བསྟན་པ་དང་། དཔེ་དང་ཚིག་ལ་འདས་པས་གཟུང་འཛིན་གྱི་ཡུལ་དང་བྲལ་བར་བསྟན་པ་དང་། བྱང་ཆུབ་སེམས་ལས་མ་གཏོགས་པའི་ཆོས་འཇིག་རྟེན་གཞན་ནས་བཙལ་དུ་མེད་པར་བསྟན་པའོ། །བྱང་ཆུབ་སེམས་རྒྱུ་འབྲས་ཀྱི་དོན་བསྟན་པ་ལ་བཞི་སྟེ། ཐམས་ཅད་འབྱུང་བའི་རྒྱུ། ཡུམ་ཀུན་ཏུ་བཟང་མོའི་དབྱིངས། ཀློང་ཡངས་པའི་ཐིག་ལེར་འབྲས་བུ་བྱང་ཆུབ་སེམས་ཀུན་ཏུ་བཟང་པོར་ཤར་བར་བསྟན་པ་དང་། མི་རྟོག་པའི་ཡེ་ཤེས་ཀྱི་རིག་པ་རང་ལས་འཆར་བར་བསྟན་པ་དང་། ཆོས་སྐྱེ་འགག་དང་བྲལ་བའི་ངང་ལས་ཀྱང་། ཐུགས་རྗེ་ཐབས་མཁས་པའི་བྱེ་བྲག་སྣ་ཚོགས་སུ་བསྟན་པ་དང་། ཕུང་པོ་དང་ཁམས་སྐྱེ་མཆེད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམས་པས། དུས་གསུམ་དུ་འདུས་མ་བྱས་པའི་སྙིང་པོ་ཡེ་ཤེས་ཀྱི་རིག་པ་ཙིཏྟའི་དཀྱིལ་དུ་འཆར་བར་བསྟན་པའོ། །བྱང་ཆུབ་སེམས་མཐར་ཐུག་


DNG025_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་ལྟར་བསྟན་པ་ལ་ཡང་དོན་ལྔ་སྟེ། ཐབས་དང་ཤེས་རབ་བསྒོམས་པས། རིགས་ལྔའི་སངས་རྒྱས་ཀྱི་སྐུ་མདོག་དང་། བཞུགས་ཚུལ་བསྟན་པ་དང་། དབྱིངས་དང་ཡེ་ཤེས་སུ་གསལ་བས་སྐུའི་དངོས་པོ་དང་བྲལ་ཏེ། རིག་པའི་ཏིང་ངེ་འཛིན་པས་ཐམས་ཅད་འོད་ཀྱི་དཀྱིལ་འཁོར་དུ་བསྟན་པ་དང་། ཤེས་པ་དང་ཤེས་བྱ་རྟོགས་པས་སངས་རྒྱས་ཀྱི་དགོངས་པ་མ་འདྲེས་པར་ཐུགས་སུ་ཆུད་པར་བསྟན་པ་དང་། ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་རེ་དོགས་དང་འཁོར་བའི་ཆོས་མེད་པར་བསྟན་པ་དང་། རང་རིག་པ་བྱང་ཆུབ་སེམས་ཀྱི་རྟོགས་པའི་འབྲས་བུ་དུས་གསུམ་དུ་མི་འགྱུར་བར་བསྟན་པའོ། །བྱང་ཆུབ་སེམས་ཁྱབ་གདལ་ཆེན་པོར་བསྟན་པ་ལ་ཡང་དྲུག་སྟེ། གསང་བ་མཆོག་གི་དཀྱིལ་འཁོར་དུ་ནི་དོན་རྟོགས་པས། ན་ར་ཧ་སའི་དབྱིངས་བགྲོད་པར་བསྟན་པ་དང་།འདུ་འབྲལ་མེད་པའི་དོན་བྱ་བཙལ་དང་བྲལ་བར་བསྟན་པ་དང་། ལུང་གི་ཤ་ཐང་ཕྱེ་ནས་མན་ངག་གི་དབྱིངས་བགྲོད་པར་བསྟན་པ་དང་། དམ་ཚིག་སྡོམ་པ་ལ་གནས་ཤིང་སྐུ་གསུང་ཐུགས་ཀྱི་འབྲས་བུ་ཐོབ་པར་བསྟན་པ་དང་། རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གཏེར་བྱང་ཆུབ་སེམས་རྨད་དུ་བྱུང་བ་ཡིན་པར་བསྟན་པ་དང་། རྒྱུ་འབྲས་ཆོས་ཐམས་ཅད་ཇི་ལྟར་བསྟན་པ་ཡང་། སེམས་མི་སྐྱེ་བ་ལས་སྐྱེ་བའི་ཆོ་འཕྲུལ་འབྱུང་བར་བསྟན་པའོ། །བྱང་ཆུབ་ཀྱི་སེམས་མྱ་ངན་ལས་འདས་པར་བསྟན་པ་ལ་ཡང་དོན་གསུམ་སྟེ། ཡེ་ནས་སངས་རྒྱས་ཏེ་མྱ་ངན་ལས་འདས་པའི་དབྱིངས་ན། མི་དམིགས་པའི་རྒྱལ་པོ་ཕྱོགས་མེད་པར་བཞུགས་ཀྱང་། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཇི་ལྟར་མཛད་པར་བསྟན་པ་དང་། ཐམས་ཅད་དག་པའི་ཞིང་དུ་སྒྲོལ་ཞིང་ཡུམ་གྱི་ལྷུམས་སུ་སྦྱོར་བས། ཁམས་གསུམ་ལས་འདས་པ་ཆེན་པོར་བསྟན་པ་དང་མི་འཕོ་མི་འགྱུར་མི་འཁོར་མི་གནས་པས། སེམས་རིན་པོ་ཆེ་ཀུན་ཏུ་བཟང་པོའི་ངང་ལས་གཡོས་པ་མེད་པར་བསྟན་པའོ། །བྱང་ཆུབ་སེམས་སྟོང་པ་ཆེན་པོར་ལ་བཟླས་པ་


DNG025_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དོན་རྣམ་པ་གཉིས་ཏེ། བདེ་བའི་ཀློང་ན་སྐུའི་འོད་ལ་བཞུགས་ཤིང་། གསུང་གི་འོད་ཟེར་ལ་རོལ་པར་བསྟན་པ་དང་། ཀུན་རིག་ཆོས་ཀྱི་རྒྱལ་པོས་ཡུམ་འདོད་པའི་དབང་མོ་དང་གཉིས་སུ་མེད་པར་བསྟན་པའོ། །བྱང་ཆུབ་ཡེ་ནས་སངས་རྒྱས་ཏེ། རྟག་པའི་གཡུང་དྲུང་དུ་བསྟན་པ་ལ་དོན་བདུན་ཏེ། ཞིང་བཅུ་ཡང་སངས་རྒྱས་ཀྱི་ཞིང་དུ་བསྟན་པ་དང་། སྣང་སྲིད་ཐམས་ཅད་ཐུགས་རྗེ་ཆེན་པོའི་ངང་དུ་བསྟན་པ་དང་། འཁོར་བའི་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་བསྟན་པ་དང་། ཐེག་པ་མཐའ་དག་གི་ཡང་རྩེ་ཨ་ཏི་ཡོ་གར་བསྟན་པ་དང་། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་འདུས་པར་བསྟན་པ་དང་། ཚིག་དང་ཡི་གེའི་སྤྱོད་ཡུལ་ལས་འདས་པར་བསྟན་པ་དང་། སྦྱོར་སྒྲོལ་སྐྱེ་ཤི་རྩ་བ་བཅད་ནས་ཀུན་ནས་བསྡུས་པའི་ཐིག་ལེ་རྟག་ཆད་ཀྱི་མཐའ་ལས་འདས་པར་བསྟན་པའོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། མན་ངག་གི་དགོས་ཆེད་བསྟན་པའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་ངེས་ཚིག་བསྟན་ཏེ། དེ་ཡང་བྱང་བ་ནི་སྒྲིབ་པ་དང་བག་ཆགས་ཡེ་ནས་བྱང་བ་སྟེ། ཤེལ་སྒོང་ལག་མཐིལ་དུ་བཞག་པ་ལྟར། དུས་གསུམ་དང་ཁམས་གསུམ་དང་། སྲིད་པ་གསུམ་དུས་གཅིག་ཏུ་མཁྱེན་པ་མ་འགགས་པས། དྭངས་ཤིང་དག་ལ་གསལ་བས་དོན་ངེས་པ་ཡིན་ལ། ཆུབ་པ་ནི་ཏིལ་འབྲུ་མར་གྱིས་ཁྱབ་པ་དང་འདྲ་བར་ཐམས་ཅད་ཀྱི་བཅུད་དུ་འགྱུར་ཏེ། ལྷུན་གྱིས་གནས་པའི་ཆོས་ཉིད་ཀུན་གྱི་སྙིང་པོའོ། །སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པས་ཆུབ་ལ། སེམས་ནི་རྟོག་པའི་ཡེ་ཤེས་སུ་གྱུར་པས། ཀུན་གཞི་གསང་བའི་དབྱིངས་ནས་མ་བསླད་པའི་དོན་བཙལ་དུ་མེད་པ་ནི་ནོར་བུ་རིན་པོ་ཆེ། རང་བཞིན་དང་ཁ་དོག་ཏུ་གསལ་བ་ནི་སེམས་སྐྱེ་བ་མེད་པ་ཡིན་ལ། བདེ་བ་ནི་དུས་གསུམ་ཅིག་ཅར་རྫོགས་ཏེ། ཆོས་ཀྱི་དབྱིངས་


DNG025_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པ་དང་། དགྱེས་པ་ཆེན་པོ་བཏང་སྙོམས་སུ་བཞུགས་པས་བདེ་བ་ཡིན་ལ། ཆེན་པོ་ནི་གཉེན་པོ་གང་དག་གིས་ཀྱང་བཅོས་སུ་མེད་པ་སྟེ། ནམ་མཁའ་ལྟར་རྒྱུ་ལ་མ་ལྟོས་ཏེ་ཡེ་ནས་དག །རྐྱེན་དང་མ་འདྲེལ་ཏེ་ཡེ་ནས་གནས། རྫས་དང་མཚན་མ་ལ་རག་མ་ལས་ཏེ། གང་ན་ལ་བཟླར་མེད་པ་ཡིན་ནོ། །ཐུགས་ལ་ཡང་དོན་གསུམ་སྟེ། ཀུན་ལ་འཇུག་པ་དང་། ཡིད་ཀྱི་མཚན་ཉིད་དང་། རིག་པའི་ཡེ་ཤེས་སོ། །སྐུ་ལ་ཡང་དོན་གསུམ་སྟེ། ཀློང་ཡངས་པའི་མཁའ་དང་། ཀུན་ཏུ་བདེ་བའི་སྐུ་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །གསུང་ལ་ཡང་གསུམ་སྟེ། ངེས་པའི་ཚིག་དང་། བརྗོད་པར་བྱ་བ་དང་། ཐམས་ཅད་དུ་སྤྲོས་པའོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་འདིས་ཁམས་གསུམ་དབང་དུ་བསྡུས་ཏེ། ཐམས་ཅད་ཀྱི་སྲོག་འཛིན་པའི་ཕྱིར། ཡུམ་ཀུན་ཏུ་བཟང་མོའི་བྷ་ག་རྒྱ་མཚོའི་དབྱིངས་སུ་ཐིམ་ལ་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་སྟེ། བྱ་བཙལ་ལས་འདས་ནས་རིག་པའི་རྒྱལ་པོ་རང་དབང་དུ་གྱུར་ནས། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རང་ལ་མཆོད་པའི་ཕྱིར། ཀུན་ཏུ་བཟང་པོའི་མཁའ་བདེ་བ་ཆེན་པོར་བསྡུས་སོ། །དེ་གཉིས་སུ་མེད་པ་ལས་སེམས་རིན་པོ་ཆེ་སྐྱེ་བ་མེད་པའི་དོན་ཕྱིན་ཅི་མ་ལོག་པའི་ཚིག་དང་ཡི་གེ་མཚོན་པ་ལས་འདས་པའི། རང་བཞིན་དང་ཁ་དོག་ཅིར་ཡང་སྟོན་ཅིང་། འགྱུར་བ་མེད་པའི་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་པ་ན། རྟག་པ་ཆེན་པོ་གཡུང་དྲུང་གི་སྐུར་བཞུགས་སོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། ངེས་པའི་ཚིག་བསྟན་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་རྨད་དུ་བྱུང་བའི་ཡོན་ཏན་བསྟན་ཏེ། བྱང་ཆུབ་སེམས་བསྒོམ་པའི་དོན་བསྟན་པ། གཞུང་ལས་ཀྱང་ཁམས་གསུམ་རིན་ཆེན་རྙེད་པའི་མི་ཞེས་འབྱུང་བ་ནི། དཔེར་ན་བྱང་ཆུབ་སེམས་རྨད་དུ་བྱུང་བའི་དོན་རྟོགས་པ་ནི། མཆོད་དང་མཆིང་དུ་ནོར་བུ་རི། ནོར་ཆེ་བ་ཡང་བཻ་ཌཱུརྱ་ལུག་ཤིག་ཙམ་ཞིག་གི་འོད་ཀྱིས། རི་དེ་རིལ་ཀྱང་ནོར་བུའི་རི་དེ་ཀུན་བཻ་ཌཱུརྱར་མངོན་ནོ། །དེ་དང་འདྲ་བར་བྱང་


DNG025_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་ཀྱི་སེམས་སྟོང་སྤྱི་ཕུད་ཡེ་ཤེས་མཁའ་ལ་རོལ་པ་འདི་ནི་རྨད་དུ་བྱུང་བ་སྟེ། ཁམས་གསུམ་རིལ་ཡང་རིན་པོ་ཆེར་མཐོང་ལ། སྲིད་པ་གསུམ་ཡང་རིན་པོ་ཆེར་གྱུར་པ་ལ་བྱའོ། །དེ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ནི་ཅི་ཡང་འབྱུང་བ་ལྟ་བུ་ཞེས་བྱའོ། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། རྨད་དུ་བྱུང་བའི་ཡོན་ཏན་དང་བསྒོམ་པའི་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །།ལེའུ་འདིས་བྱང་ཆུབ་སེམས་ཀྱི་མན་ངག་བསྟན་ཏེ། བྱང་བ་ལས་རྣམ་པར་དག་སྟེ་བྱས་ཟིན་པས་བྱང་དོན་ཐམས་ཅད་དབྱིངས་སུ་གཅིག་སྟེ། མ་བཙལ་བར་དབྱིངས་སུ་མེད་པས་ཆུབ་བོ། །ཐིག་ལེ་ཆེན་པོས་ཀུན་ལ་ཁྱབ་སྟེ། གཅིག་པས་སེམས་ཀུན་ཏུ་བཟང་པོའི་ངང་དུ་གསལ་ཏེ། མི་འབྱེད་པས་བདེ། རྒྱུ་རྐྱེན་ཀུན་དང་བྲལ་ཏེ་རག་གཞན་ལ་མ་ལུས་པ་ཆེན་པོ། རགས་པར་སྣང་བའི་རྩོལ་བ་མི་བསམ་སྟེ། བྱ་བ་བྱེད་པ་མེད་པས་བྱང་། མི་དམིགས་པའི་ངང་ལ་མི་གཡོ་བའི་དྲན་པ་ཀུན་དང་བྲལ་བས་ཆུབ། སྐྱེ་བ་མེད་པའི་ཏིང་ངེ་འཛིན་ལ་ཡིད་གཞན་དུ་མ་ཡེངས་པའི་ཚེ་ན་སེམས། དྲན་པ་རྣལ་དུ་ཕབ་པ་ལ་གཉེན་པོ་གཞན་མེད་པས་བདེ་བ་དབང་དང་དངོས་གྲུབ་ཀྱི་རག་གང་དུ་ཡང་མ་ལུས་ཏེ། ལམ་གྱིས་བསྒྲུབ་མི་དགོས་པས་དགོངས་པ་ལྷུན་གྱིས་གྲུབ་པ་ཆེན་པོ། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། བྱང་ཆུབ་སེམས་མན་ངག་ཏུ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །།ད་ནི་ལེའུ་འདིས་སློབ་མ་སྣོད་བཟང་པོའི་སློབ་མ་ལ། ལོབས་པར་བྱ་བའི་གཏན་ཚིགས་བསྟན་ཏེ། བྱང་ཆུབ་སེམས་ནི་ཀུན་ཏུ་བཟང་པོ་ཡང་ཡིན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་རིགས་ལྔ་ཡང་ཡིན་ནོ། །རིགས་ཀྱི་ཡུམ་རྣམས་ཀྱང་ཡིན་ནོ། །བྱང་ཆུབ་སེམས་དཔའ་དང་སེམས་མ་ཡང་ཡིན་ནོ། །སྐུ་གསུང་ཐུགས་ཀྱང་ཡིན་ནོ། །རྒྱུ་འབྱུང་བ་ཆེན་པོ་ལྔ་ཡང་ཡིན་ནོ། །རྒྱུ་ཡང་ཡིན་ནོ། །འབྲས་བུ་ཡང་ཡིན་ནོ། །རྡོ་རྗེ་ཡང་ཡིན་ནོ། །ཡེ་ཤེས་ཀྱང་ཡིན་ནོ། །ཆོས་ཉིད་ཀྱང་ཡིན་ནོ། །


DNG025_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་ཀྱང་ཡིན་ནོ། །ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ཡང་ཡིན་ནོ། །ཆོས་ཅན་ཡང་ཡིན་ནོ། །འཁོར་བ་ཡང་ཡིན་ནོ། །མྱ་ངན་ལས་ འདས་པ་ཡང་ཡིན་ནོ། །གཉིས་སུ་ཡང་མེད་པ་ཡང་ཡིན་ནོ། །རྒྱུ་འབྲས་ཀྱང་ཡིན་ནོ། །རྣམ་པར་སྣང་མཛད་ཀྱང་ཡིན་ནོ། །ཡང་དག་པའི་ཡེ་ཤེས་ཀྱང་ཡིན་ནོ། །སེམས་དཔའ་བཅུ་ཡང་ཡིན་ནོ། །དེའི་ཕྱིར་སྣ་ཚོགས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས། །དེ་ཉིད་མ་སྐྱེས་རྒྱལ་བ་ཡུམ་གྱི་མཁའ། །ཡབ་ཡུམ་དབྱེར་མེད་པ་ནི་སྐུ་གསུང་ཐུགས། །ཞེས་ལུང་གི་རྒྱལ་པོས་གསུངས་པའི་མན་ངག་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།ལེའུ་འདིས་རྨད་དུ་བྱུང་བའི་སློབ་མ་དང་། སྣོད་ཀྱི་སྐྱོན་དང་ཡོན་ཏན་བསྟན་ཏེ། དེ་ཡང་གཞུང་ལས། ཐེག་པ་དམན་ལ་ཞུགས་པ་དང་། །ངང་གིས་བློ་འཕང་དམའ་བ་དང་། །ཐོས་པ་ཉུང་བའི་བློ་སྦྲམ་དང་། །བསླད་པའི་ཚིག་གིས་འཆལ་བ་དང་། །སྤུས་ངན་དད་པ་ཆུང་བ་དང་། །ཕོ་དྲེགས་ཆེ་ལ་རང་ཕྱོགས་ཅན། །བཅད་ཀྱང་ཕྲག་མེད་སེར་སྣས་བཅིངས། །དེ་ལ་རྨད་བྱུང་དོན་མི་བཤད། །བཤད་ཀྱང་བློ་རྒྱུད་མི་ཁྲོལ་བས། །བླ་མེད་ཐེག་རྒྱལ་རྫོགས་པའི་ལུང་། །ཨ་ཏི་ཡོ་ག་འདི་མི་བཤད། །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། སློབ་མ་སྣོད་ངན་པ་ལ་མི་བསྟན་པའི་ལེའུ་སྟེ་བཞི་བཅུ་གཅིག་པའོ།། །།ད་ནི་ལེའུ་འདིས་སློབ་མ་སྣོད་བཟང་པོའི་སློབ་བུ་ལ་ལོབས་པར་བྱ་བའི་གཏན་ཚིགས་དབུ་ལས་ཐུན་མོང་མ་ཡིན་པའི་དོན་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་གཞུང་ལས། གླང་པོས་ཐེག་ཚད་ཁུར་བསྐུར་ན། །དུད་འགྲོ་ཕལ་དང་སྟོབས་མི་མཉམ། །རྩལ་སྟོབས་དེ་ཡང་ཐུན་མོང་མིན། །གངས་ཀྱི་སེང་གེ་གདངས་བྱུང་ན། །སྡེར་ཆགས་ཕལ་དང་གདངས་མི་མཉམ། །གདངས་སྐད་འདི་ཡང་ཐུན་མོང་མིན། །རྒྱ་མཚོ་ཆེན་པོའི་རླབས་མཐོང་ན། །ཆུ་བྲན་ཕལ་དང་རླབས་མི་མཉམ། །ཆུ་ཀླུང་དེ་ཡང་ཐུན་མོང་མིན། །རི་རབ་ལྷུན་པོའི་རྩེར་ཕྱིན་ན། །རི་ཕྲན་ཕལ་དང་འཕང་མི་མཉམ། །རྩེ་རྒྱལ་འདི་ཡང་ཐུན་མོང་མིན། །མཁའ་གསལ་ཉི་ཟླའི་འོད་མཐོང་ན། །གཟའ་སྐར་ཕལ་དང་འོད་མི་མཉམ། །འོད་འདི་ཀུན་དང་ཐུན་མོང་མིན། །ཁྱུང་ཆེན་གནམ་འཕང་གཅོད་མཐོང་
ན། །འདབ་ཆགས་ཕལ་དང་ཤུགས་མི་མཉམ། །རྩལ་ཤུགས་འདི་ཡང་ཐུན་མོང་མིན། །རྡོ་རྗེ་ཐེག་པའི་གཏིང་མཐོང་ན། །ཐེག་གཞན་ཕལ་དང་གཏིང་མི་མཉམ། །གཏིང་དཔག་འདི་ཡང་ཐུན་མོང་མིན། །ཤེས་རྒྱུད་སྦྱོང་བའི་མཁས་པ་དང་། །ཐོས་པ་ཆུང་བའི་བློ་སྦྲམ་གཉིས། །འགྲོ་བའི་དོན་ལ་དོན་མི་མཉམ། །དོན་མཆོག་འདི་ཡང་ཐུན་མོང་མིན། །ཞེས་གསུངས་སོ། །ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། སློབ་མ་སྣོད་བཟང་པོ་ལ་ལོབས་པར་བྱ་བའི་ཡོན་ཏན་ཐུན་མོང་མ་ཡིན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སེང་ཧ་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བའོ།། །།

ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་རྒྱལ་པོ་ཞེས་དངོས་གྲུབ་རང་བྱུང་དབང་བསྐུར་བའི་རྒྱུད།


DNG025_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དྷརྨཱ་ཙིཏྟ་ཛྙཱ་ན་སིདྡྷི་བྷཀྵ་ཡང་ཙ་ར་ཨ་བྷི་ཥིཉྩ་ཨ་ཏྲཾ་ཏྲ། བོད་སྐད་དུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་རྒྱལ་པོ་ཞེས་དངོས་གྲུབ་རང་བྱུང་དབང་བསྐུར་བའི་རྒྱུད། རིག་པའི་རྒྱལ་པོ་ཀུན་གསལ་བའི། །དྲན་པ་ཐམས་ཅད་ཏིང་འཛིན་མཆོག །བྱ་བྱེད་ཡེ་ཤེས་སྐུར་གསལ་བའི། །མ་ལུས་འགྲོ་དོན་རྡོ་རྗེར་སྒྲུབ། །འདོད་པ་ནོར་བུ་གཙུག་གི་རྒྱན། །རིག་པའི་གཏེར་ཆེན་མུ་ཁའི་གདོང་། །ཚད་ལས་འདས་པ་སྐུ་གསུང་ཐུགས། །ཐབས་ཀྱི་རྒྱལ་པོ་དབང་བསྐུར་བ། །བསྟན་པ་བཅུད་དུ་རྫོགས་བྱེད་པའི། །སེམས་དཔའ་རྡོ་རྗེ་ཡིད་ཀྱི་བདག །འགྲོ་བ་ཐུགས་སུ་སྨིན་བྱེད་དེ། །ཐ་མའི་སྙིགས་མ་ལ་དགོངས་པ། །གསང་བའི་རྡོ་རྗེ་འཆང་ལ་མོས། །བསྟན་པ་གསུམ་གཉིས་མཐའ་ཅན་གྱི། །དུས་སུ་རྒྱུད་དྲག་མོས་ཆུང་བས། །ཚིག་གཅིག་དོན་ཀུན་རྫོགས་པའི་བདག །ལུང་གསུམ་གཅིག་འདུས་རྒྱུད་པ་ཡི། །དགུ་རུམ་སྦས་པ་སེམས་ཀྱི་གཏིང་། །ལོང་པ་ཨུ་ལུ་པྲ་ཤ་ཀས། །འཇུག་ཅིང་སྤྱད་པའི་ཉམས་མེད་པས། །སྨོན་ལམ་རྗེས་ཆགས་རྣལ་འབྱོར་ལ། །ཚིག་འདྲེལ་རྐྱེན་གྱིས་མི་རྟོགས་ཀྱང་། །འཕྲུལ་གྱི་མེ་ལོང་སྒོ་དགུ་བཞིན། །རྟོག་མེད་མཐོང་བའི་ལམ་སྤྲད་དེ། །སྒོམ་མེད་དོན་གྱི་གཟེར་ཆེན་བཏབ། །བགྲོད་མེད་རྟོག་པའི་འཇིམ་ལས་


DNG025_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ། །ཚིག་གི་ལམ་ཆད་ཡེ་ཤེས་སྒྲོན་མ་འདི། །མ་ཧཱ་དེ་བས་རིགས་སུ་བལྟས་པ་བཞིན། །རྡོ་རྗེ་སེམས་ཚིག་ལམ་གྱི་ལྡེ་མིག་སྟེ། །འཕྲུལ་གྱི་རྒྱུད་པའི་ཟམ་པ་མ་ཆད་པར། །དབང་པོ་ལྷ་ཡི་དྲིན་གྱི་རྩ་གསུམ་གནས། །དེ་རུ་མཐོང་ནས་འཛམ་གླིང་འཇིང་དུ་བཅས། །ལག་ན་རྡོ་རྗེ་མངོན་དུ་དབང་བསྐུར་ཏེ། །དུས་མཐའ་ཉིད་ཀྱི་རྒྱལ་བའི་ས་ལ་བཀོད། །འཕྲུལ་མིག་རྒྱུད་པའི་རྡོ་རྗེ་ཟམ་པ་ཡིན། །རང་བྱུང་ལྷུན་རྫོགས་ཆེན་པོ་ལ། །འདོད་པའི་དོན་ཀུན་རེ་བ་མེད། །ཐམས་ཅད་རང་སེམས་དག་པ་ལ། །གནས་ཀྱི་མཎྜལ་སྐྱེད་པ་མེད། །རང་བྱུང་ཡེ་ཤེས་འོད་གསལ་ལ། །རྩོལ་བའི་ལྟ་བ་རྟོགས་ལས་འདས། །ཐམས་ཅད་ཅིག་པའི་ཕྱག་རྒྱར་གསལ། །བསམ་བརྗོད་བྲལ་བའི་ཏིང་འཛིན་མཆོག །མི་འགྱུར་མཆོག་གི་དངོས་གྲུབ་སྟེ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རྟོགས་ཏེ་རང་བཞིན་ལྷུན་གྱིས་གྲུབ། །ཐམས་ཅད་བདག་ཉིད་རང་དབང་ལས། །བསྐུར་བའི་ཆ་གཉིས་མི་རྟོགས་ཀྱང་། །བརྡ་དོན་སྒྲོལ་བའི་མན་ངག་སྦྱིན། །རེ་དོགས་བྲལ་བའི་སེམས་ལ་བསྟན། །འབྱུང་འཇུག་མེད་པའི་སེམས་ལ་ཐིམ། །དྲན་པ་སེམས་ཀྱི་མན་ངག་སྦྱིན། །རྟོག་པ་རླུང་གི་དྲན་སྐྱོད་ཅིང་། །མཚན་མའི་སྤྲོས་པས་འཚོལ་བ་ལས། །བདེ་བ་ཐིག་ལེའི་མན་ངག་སྦྱིན། །སེམས་ཀྱི་རྣམ་གྲངས་གང་དང་གང་། །དེ་དང་དེ་ཡི་རྗེས་མཐུན་པར། །རྡོ་རྗེ་ཟམ་པ་མ་ཆད་པར། །བླ་མ་རིན་ཆེན་སྲོག་འགྱུར་དེས། །དེ་དེའི་སྒོ་ནས་གཏེར་ཁ་དབྱེ། །དེ་ཉིད་སྒོ་ཀུན་ཕྱེ་བ་ཡིན། །དབྱིག་གི་རྫས་དང་ཕྲད་པ་ཡིན། །དཔེར་ན་ལྷ་ཡི་ནོར་བུ་ལ། །མཎྜལ་རྩེགས་པའི་སྒོ་བཞི་ཡོད། །གང་ནས་ཕྱེ་ཡང་དེ་ཉིད་ཐོབ་པར་འགྱུར། །འདི་ནི་ཐབས་རྒྱལ་རིན་ཆེན་ཏེ། །རྩོལ་དང་བྲལ་བའི་དངོས་གྲུབ་ཡིན། །རྒྱུ་འབྲས་མེད་པའི་མཐར་ཕྱིན་ཡིན། །སྔགས་ཚིག་བྲལ་བའི་ནུས་མཐུ་ཡིན། །ཐ་སྙད་བྲལ་བའི་དོན་མཚོན་ཡིན། །ལས་གཞི་བྲལ་བའི་དོན་གྲུབ་ཡིན། །འཆིང་བྲལ་སྟོན་པས་ལྟ་བ་


DNG025_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །འདའ་བ་མེད་པས་དམ་ཚིག་ཡིན། །རྟོག་འཛིན་སྤངས་པས་སངས་རྒྱས་ཡིན། །ཐམས་ཅད་རོལ་པས་འཁོར་བའང་སྟེ། །ཐེག་པའི་རིམ་པ་མ་ལུས་དང་། །རྒྱལ་བའི་ཐུགས་བཅུད་དངོས་ཀྱང་ཡིན། །ཐམས་ཅད་གཅིག་དངོས་ཀུན་གྱི་བདག །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་ཀྱིས་རྣག་པའི་དམ་པའི་ཐབས། །གཅིག་ཏུ་འདུས་པའི་བདེ་ཆེན་ཡིན། །འདི་ལ་ངོས་བཟུང་ཡང་དག་མེད། །ཏིང་འཛིན་སེམས་ཀྱི་རིམ་རྩལ་མེད། །ལུས་དང་ངག་གི་བྱ་བཙལ་མེད། །གང་ལ་དམིགས་ཀྱང་རྣམ་འདྲེལ་མེད། །གཞན་དུ་སྣང་ཡང་གཉིས་སྣང་བྲལ། །སྐྱེ་འཇིག་འབྱུང་ཡང་འགག་བྲལ་མེད། །གནས་དང་བྲལ་ཡང་རྟེན་པ་མེད། །ཡུལ་དུ་སྣང་ཡང་འགག་པ་མེད། །ལོངས་སྤྱོད་ལྡན་ཡང་ཆགས་པ་མེད། །བྲལ་བར་འདོད་པ་མཆོག་དང་ལྡན། །འདི་ནི་རྡོ་རྗེ་ལམ་མཆོག་སྟེ། །སྐལ་ལྡན་འབད་པ་མེད་པར་གྲོལ། །རྒྱལ་ཐབས་སེམས་ཀྱི་རིན་ཆེན་དབང་། །སྤྱི་བླུགས་ཚངས་པའི་དབང་ཞེས་བྱ། །སེམས་ཉིད་རིན་ཆེན་དབང་གཅིག་གིས། །བསྐུར་མེད་རྫོགས་པར་སྦྱིན་བྱས་པས། །བྱེ་བ་ཕྲག་རྒྱའི་དབང་ཐོབ་སྟེ། །ཞིང་ཁམས་གཉིས་པ་བདེ་ལོངས་སྤྱོད། །བརྐམ་ཆགས་ལྔ་ཡི་སྦྱོར་བ་ཡི། །འདོད་པ་མོས་པའི་དངོས་གྲུབ་སྩོལ། །སྤང་ལེན་བཅས་པའི་ཏིང་འཛིན་གྱིས། །རེ་དོགས་འབྲས་བུ་དངོས་དང་བཅས། །འཐོབ་པ་རང་ལས་མ་ཡིན་ན། །གྲོལ་བ་རང་བྱུང་གཞན་ལས་མིན། །འདོད་ལ་མོས་པ་རྒྱུ་རྟེན་ཅན། །བཀའ་རྟགས་ཚིག་གི་དབང་བསྐུར་ནི། །ང་རྒྱལ་འཛིན་པའི་དབང་ཐོབ་སྟེ། །དགྲ་བཅོམ་ས་ལ་འཇུག་པར་ནུས། །འཛིན་དྲུག་བྲལ་བའི་ཡེ་ཤེས་ལ། །བདེན་བཞི་གསལ་བའི་དབང་བྱིན་ཞིང་། །རྟེན་པ་ལས་ཀྱི་རླུང་བཟུང་སྟེ། །ཆུ་གཟར་འབབ་པའི་ཐིགས་པའམ། །རླུང་གིས་བསྐྱོད་པའི་སྨིག་རྒྱུའམ། །རྒྱ་མཚོ་ཆུ་ལ་ཆུའི་ཚས། །བསྐུས་ཤིང་ཏིལ་མར་སྦྱར་བ་ལ། །ཞག་དྲུག་གཉིས་གྱུར་སུམ་འགྱུར་གྱི། །བདེན་པ་གཏན་ལ་ཕེབས་འགྱུར་ཏེ། །བདེན་པ་བཞི་ལ་


DNG025_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་སྦྱར། །ཡུན་དང་བཅས་པ་དེ་བཞིན་བྱ། །སྡུག་བསྔལ་ན་བའི་རྒྱུན་ལ་བྱ། །ཡིད་བརྟན་འཛིན་པ་བཟློག་པ་ཡིན། །སྟོང་པའི་དངོས་པོ་དེ་ཉིད་ཡིན། །བདག་མེད་དམིགས་དང་བྲལ་བས་སོ། །རམ་གྱི་ཁ་ཟས་བྲལ་བྱས་ཏེ། །ཟླ་བ་གསུམ་འགྱུར་ཚུན་ཆད་དོ། །ཟག་པ་ཟད་ནས་དབུགས་ཀྱི་དགང་། །དབུགས་དང་ལྟེ་བ་སེམས་སུ་བཅས། །ལོ་གཅིག་བར་གྱི་འདྲེས་པར་དགང་། །དབུགས་ཀྱི་འགྱུ་བའང་དེ་ནས་ཟད། །སེམས་ཀྱི་འཛིན་པ་དེ་ནས་ཉམས། །དུས་དང་འདྲེལ་ནས་རྐྱེན་དབང་བསྐུར། །བྱང་ཆུབ་སེམས་དཔའ་བློ་ཅན་གྱིས། །འདུལ་བའི་སྡོམ་པ་དམ་མནོས་ཏེ། །བདེན་གཉིས་རྟོགས་པས་ལམ་བསྟན་ཏེ། །སེམས་ཅན་རྒྱུད་ཀྱི་མཚན་རྟོགས་ནས། །ཞི་གནས་འདྲེལ་བའི་གནས་དྲུག་སྦྱར། །ལྷག་མཐོང་གསལ་བའི་སྐབས་གསུམ་བགྲོད། །ཞི་གནས་བརྟན་པའི་གནས་རྙེད་ནས། །ཏིང་འཛིན་རྣམ་གཉིས་ཟུང་དུ་སྦྲེལ། །སྟོང་པའི་ནམ་མཁའ་དེ་ཉིད་བྱ། །ཟླ་བ་གཅིག་གི་རྟེན་འགྱུར་ནས། །དེ་ཉིད་སྟོང་པར་རྟག་པར་བྱ། །དེ་ཉིད་སྟོང་པའི་རླུང་ཆེན་ལ། །ཕལ་ཆེར་དབུགས་ཆེན་འབྱིན་པ་སྟེ། །བསྐལ་པ་དུ་མའང་གནས་པ་སྲིད། །སྨོན་ལམ་སྟོབས་དྲག་མྱུར་དུ་འགྲུབ། །སྐུ་བྱིན་ལྡན་པའི་ཕྱག་བརྐྱང་ནས། །ཕྱག་གི་གདུགས་ཀྱིས་བཀབ་ནས་ནི། །ཞི་གནས་རྟེན་པའི་དབྱིངས་ལས་བསླང་། །མཚན་མ་ཐབས་ཀྱིས་བརྟན་བྱས་ཏེ། །མཚོན་པ་སྐུ་ཡི་རྒྱན་ལྡན་བྱས། །བདེ་གཤེགས་ཞིང་ཁམས་ཀུན་ཏུ་བསྒྲགས། །རྡོ་རྗེ་བུམ་པ་ན་བཟའ་དང་། །རང་རྟགས་ཕྱག་རྒྱའི་དབང་བསྐུར་ཏེ། །རིག་པ་མཆོག་གི་དབང་རྣམས་བསྐུར། །འདོད་ལ་མོས་པའི་ཚིག་ཡིན་པས། །ང་རྒྱལ་བདེ་བའི་མཚན་མ་མཐོང་། །རྒྱལ་པོ་ཕྱི་ཡི་རྟགས་ཅན་ལ། །ལྷ་དང་ཡི་གེ་མངོན་འདོད་པའི། །སྟོང་ཉིད་རྣལ་འབྱོར་མཚན་མ་ཅན། །དངོས་པོ་གཉིས་ཀྱི་ལྟ་བས་བཅིང་། །བདེ་བ་ཆེན་པོ་སྲོག་དང་བྲལ། །བཀའ་རྟགས་དགུ་དང་བཅོ་ལྔ་ཡིས། །ལུས་སེམས་རྟོགས་པའི་ང་རྒྱལ་སྐྱེད། །ཏིང་འཛིན་སེམས་ཀྱི་སྨོན་པ་འདིས། །དངོས་པོ་སྨན་དང་སྔགས་སྦྱར་གྱིས། །


DNG025_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གསུམ་གྱི་བྱ་བ་བསྟན། །དོན་དང་སྤྱད་པ་མི་མཐུན་ཡང་། །བློ་ཡི་རིམ་པ་དྲང་བ་དང་། །ཐབས་ཀྱི་བདག་པོར་དབང་བསྐུར་བས། །གཙང་མའི་ལག་ན་རྡོ་རྗེ་དང་། །དཔལ་འབྱུང་ལག་ན་རྡོ་རྗེ་དང་། །དཔའ་བརྟུལ་སྟོབས་ཀྱི་རྡོ་རྗེར་སྤྲུལ། །རིགས་གསུམ་རིགས་བཞི་རིགས་ལྔ་དང་། །དེ་བཞིན་རིགས་གཅིག་རིགས་སྟོང་དང་། །འདོད་པའི་ལྷ་རུ་ང་སྤྲུལ་ཏེ། །བློ་དང་མཐུན་པའི་བསྟན་པ་བྱིན། །ཁ་བློན་ཆེན་པོ་སྒྱུར་ཚིག་དང་། །བཱ་ར་ཎ་སཱིའི་ཚོས་མ་བཞིན། །སྙིགས་མའི་ཞིང་འདུལ་དེ་བཞིན་ནོ། །འདི་རྒྱུད་པ་ཡི་སྦྱོར་བ་སྟེ། །དངོས་འཛིན་རྟོག་པ་སྤང་བར་བྱ། །བཱ་ར་ཎ་སཱིའི་བསིལ་ཁང་དུ། །གཙང་མའི་ལག་ན་རྡོ་རྗེ་ཡིས། །ལག་མཐིལ་གཙང་མའི་དྲིས་བྱུགས་ནས། །རིགས་གསུམ་སྟོབས་ཀྱི་དཀྱིལ་འཁོར་བྲིས། །དམ་པ་གསུམ་ལ་དག་པར་བསྟན། །འཕྲུལ་གྱི་མེ་ལོང་དགུ་བཀྲམ་སྟེ། །དམིགས་པས་དངོས་པོའི་རྟོག་པ་སྤང་། །ལྷ་ཡི་མངོན་རྟགས་ལག་ཏུ་གཏད། །གང་བའི་ས་ལ་ངེས་བཀོད་དེ། །དེ་ཡང་བཅོས་མའི་སྦྱོར་བ་ཡིན། །རིན་ཆེན་ལྷུན་གྲུབ་བརྩེགས་པའི་ཁང་། །རི་བོ་འབར་བའི་རྩེ་མོ་ལ། །དཔལ་འབྱུང་ལག་ན་རྡོ་རྗེ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འབར། །རང་བཞིན་དཀྱིལ་འཁོར་སྔོན་དུ་བྱུང་། །དམ་པ་ལྔ་ལ་སྔོན་དུ་བསྟན། །ལྷ་བྲག་རྡོ་རྗེའི་རྫོང་ཕུག་ཏུ། །གཙང་མའི་རིག་འཛིན་གྲལ་ལ་འཁོད། །དེ་ཡང་བཅོས་མའི་དཀྱིལ་འཁོར་ཡིན། །ཏིང་འཛིན་སྨོན་པའི་སྦྱོར་བ་སྟེ། །དབང་རྟགས་སྦྱོར་བས་ང་རྒྱལ་སྨིན། །མཉམ་ཉིད་ལྟ་བའི་ཚིག་འཛིན་ཅིང་། །སྤྱོད་པ་སྙམ་པའི་ཚིག་ལས་འདས། །དམ་ཚིག་ལྡན་པའི་ལམ་གཞི་ཅན། །ལྟ་དང་དགོད་དང་འཁྱུད་པ་ཡིས། །སྦྱོར་བའི་དམ་ཚིག་བསྟན་པ་ཡིན། །ཞིང་བཅས་བསྒྲལ་བའི་གནས་རྣམས་ནི། །ལྷ་རུ་སྒྱུར་དང་གཙོ་བོས་བསྒྲལ། །བདག་གི་ཏིང་འཛིན་སྦྱོར་བ་ཡིས། །བསྒྲལ་བས་སྤྱོད་པའི་དམ་པར་འདོད། །ཕྱི་བའི་རྣལ་འབྱོར་ཏིང་འཛིན་རྣམས། །རིམ་པ་ཇི་


DNG025_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མངོན་འདོད་དེ། །ལྷ་དང་བཅས་པའི་ཡན་ལག་རྣམས། །ཏིང་འཛིན་སེམས་ཀྱི་སྨོན་པ་སྟེ། །བཅོས་མའི་དཀྱིལ་འཁོར་ལ་བརྟེན་ནས། །ཕྱི་རྟགས་ཡིད་སྨོན་དབང་བསྐུར་ཡང་། །རང་བཞིན་ལམ་དང་འཕྲད་མི་འགྱུར། །བཅོས་མའི་སྦྱོར་བ་ཡན་ལག་གཞན། །རྣལ་འབྱོར་ནང་གི་རྟགས་བརྟག་པ། །བརྟུལ་ཤུགས་སྤྱོད་པ་གཙོར་བླངས་ནས། །གཉན་པོའི་སྦྱོར་བ་གཙོར་བཞག་སྟེ། །བླང་དོར་འཛིན་པའི་སེམས་ཀྱིས་སུ། །མཉམ་ཉིད་རྡོ་རྗེའི་ཚིག་ལ་གནས། །ལག་ན་རྡོ་རྗེའི་བརྟུལ་ཤུགས་ཀྱིས། །སེམས་དཔའ་རྡོ་རྗེ་ཆེ་ལ་གནས། །བློ་དང་མཐུན་པའི་དོན་བསྒྲགས་ཏེ། །སུམ་ཅུ་རྩ་གསུམ་ལྷ་ཡི་གནས། །ཆོས་བཟངས་ལྷ་ཡི་ཕོ་བྲང་དུ། །མཆོད་སྡོང་གཙུག་གི་མེ་ཏོག་དང་། །རྡོ་རྗེ་གསང་བའི་མེ་ཏོག་དང་། །ལྷ་མོ་བརྒྱད་ཀྱི་མེ་ཏོག་གིས། །རྡོ་རྗེ་འཛིན་ལ་མངོན་གཏོར་ཏེ། །དགྱེས་པས་ཕོག་སྟེ་འཛུམ་པ་ཡི། །མདངས་ཀྱིས་བལྟས་ཏེ་དཀྱིལ་འཁོར་ཡང་། །སྣོད་དང་འཚམས་པ་རིམ་པར་སྦྱར། །དད་དང་ལྡན་པའི་མོས་པ་ཅན། །སྨོན་པའི་སྦྱོར་བ་ངེས་འཕངས་པ། །དེ་བ་མ་ཧཱ་ཤྲི་ཅན་དང་། །བརྒྱ་བྱིན་འཁོར་གྱི་བུ་ཐུ་བོ། །ལྷ་ལྔ་རིགས་དང་མཉམ་སྦྱར་བས། །གཟུགས་བརྙན་དཀྱིལ་འཁོར་མངོན་དགའ་བའི། །ཡེ་ཤེས་གཟུགས་བརྙན་མངོན་ཤར་བ། །བུམ་པའི་དབང་བྱིན་སྲས་བུ་བྱས། །མི་ལྡོག་ས་ལ་དེ་ནས་བཀོད། །དེ་ནས་འཁོར་གྱི་གཙོ་བོ་ཡིས། །གནང་བ་ཞུས་ཏེ་བཀའ་བཞིན་སྒྲུབ། །སྣོད་བཅུད་རྟག་པ་ཐོས་བསམ་གྱིས། །གྲོལ་བའི་ཏིང་འཛིན་སྦྱོར་བ་སྐྱེད། །ལྡང་བའི་སེམས་ཀྱི་ངེས་སྐྱེད་ནས། །གསང་བའི་ཡེ་ཤེས་གུས་བསྟོད་ཞུས། །དེ་ནས་དབང་པོ་ཁྲི་ལ་འཛེགས། །ཚུལ་དང་མཐུན་པའི་མོས་པ་སྐྱེད། །གསང་བའི་མེ་ཏོག་འཐོར་འཐུང་མཆོད། །གསང་བའི་གཟུགས་བརྙན་དཀྱིལ་འཁོར་དུ། །མཚོན་པའི་གཟུགས་བརྙན་དེར་བཞག་སྟེ། །གསང་བ་ནང་གི་རིག་འཛིན་དུ། །ངེས་པར་ལུང་བསྟན་མིང་ཕོག་སྟེ། །བདུད་རྩིའི་སྤྱོད་པ་ཐམས་ཅད་བྱས། །མདོག་འགྱུར་ནུས་པའི་སྟོབས་


DNG025_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་ནས། །རྡོ་རྗེའི་ཁྲི་ཆེན་ཐོག་ཏུ་བསྐྱོན། །ལྷ་མོ་འབར་བའི་ཁ་ལ་བཞག །རོལ་པ་རྩེ་དགུ་སྤྱོད་པ་བསྟན། །ཁ་ན་མ་ཐོའི་ལས་རྣམས་ལ། །བག་མེད་སེམས་ཉིད་རོལ་པར་བྱ། །བདེ་བ་མྱུ་གུའི་རིག་འཛིན་ཏེ། །དོན་དམ་བདེན་པ་རྟོགས་པ་ཡིན། །སྟོང་ཉིད་བདེ་བའི་མན་ངག་སྦྱིན། །རོལ་པའི་ཀ་ར་བཅུ་གཉིས་བསྟན། །སྒྱུར་བའི་མན་ངག་རྣམ་གསུམ་བསྟན། །བཀུག་དང་མཉེ་དང་བསྡམས་པ་དང་། །གཟུང་དང་སྤྲད་དང་བཅིང་བ་དང་། །སྤྲད་དང་གར་གྱི་ཕྱག་རྒྱ་དང་། །གཉིས་བཞི་ལྡན་པའི་ཐབས་ཆེན་གྱི། །དམ་པའི་བདེན་པ་མངོན་དུ་བསྟན། །སྟོང་པ་དེ་ཉིད་ཚུལ་ལ་གནས། །སྔགས་ཀྱི་སྤྱོད་པར་བྱིན་གྱིས་རློབས། །ཚེ་ཡི་རིག་འཛིན་དབང་ཐོབ་སྟེ། །འཆི་བ་མེད་པའི་ཚེ་དང་སྦྱོར། །སྲས་ཀྱི་ཐུ་བོ་ཉེར་བཞག་ལྔ། །བུམ་པའི་ཁང་ཐོག་རྩིབས་བརྒྱད་འབར། །སུམ་ཅུ་རྩ་གསུམ་གནས་ཆེན་པོ། །སྤྲུལ་པ་བརྒྱ་བྱིན་གནས་སྒྱུར་ཏེ། །བརྒྱ་བྱིན་བུ་མོ་གྲགས་ཆེན་པོ། །ལྷ་རྒྱལ་ཀུན་གྱི་གཟུངས་ཆེན་ཏེ། །བདེ་བར་མཆོད་ནས་ཉེ་བར་བཞག །གཟུགས་བརྙན་གསང་བའི་དཀྱིལ་འཁོར་དེ། །ཆགས་པ་བདེ་བའི་ས་བོན་ཞིང་། །འདོད་པའི་ཡུལ་དུ་གདབ་པར་བྱ། །གཉིས་མེད་ཡེ་ཤེས་ཀློང་དུ་འཆར། །འདོད་ཆགས་སྲེག་པའི་མེ་ཡིན་ཏེ། །རྡོ་རྗེ་རླུང་གི་སྙིང་པོ་བསྐུལ། །དབྱིངས་ཕྱུག་འཁོར་ལོ་མེ་ཡི་བསྲོ། །ཐིག་ལེ་རྫོགས་པ་ཕྱེད་ནས་བསྐུལ། །རྩ་མདུད་དྭངས་མས་རྒྱས་འགྱུར་ན། །ཇི་ལྟར་འདོད་པ་བདེ་བ་འབྱུང་། །ཡེ་ཤེས་འདྲེས་པའི་ཐིག་ལེ་ཅན། །དབུགས་རྔུབ་བསྡུ་བའི་མན་ངག་སྦྱིན། །རྡོ་རྗེ་འཛིན་པའི་རིག་འཛིན་ཡིན། །ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ། །སེམས་དཔའི་བསྟན་པ་ལུང་ཕོག་སྟེ། །གནས་མེད་དཀྱིལ་འཁོར་དམ་པར་བཞུགས། །དེ་ཉིད་དཀྱིལ་འཁོར་དེར་ཞུགས་ནས། །རང་བཞིན་དཀྱིལ་འཁོར་ལ་གསལ་དུ། །དོན་གྲུབ་ལས་ཀྱི་དབང་བསྐུར་ཏེ། །རྒྱལ་ཚབ་སྐྱེས་བུའི་སར་བཞག་ནས། །འབུམ་ཕྲག་གསུམ་གྱི་བསྟན་པ་བསྒྲགས། །ཆོས་ཀྱི་འཁོར་ལོ་གསུམ་གསུངས་ཏེ། །བཅོས་མའི་སྦྱོར་བ་འདི་ཡིས་ནི། །རྣལ་


DNG025_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དངོས་གྲུབ་རྙེད་མ་ཡིན། །བརྟུལ་ཤུགས་སྤོང་ལེན་བྱེད་པའི་དབང་། །འདི་ཡིས་དེ་ཉིད་མི་ཐོབ་སྟེ། །དཔེར་ན་སྤྲེའུ་རྒྱལ་པོ་བཞིན། །སྦྱོར་བ་གཞན་གྱི་དངོས་མི་འགྱུར། །འདི་དག་བཅོས་མའི་སྦྱོར་བ་སྟེ། །སྨིན་ཀྱང་འབྲས་བུ་མི་འགྲུབ་སྟེ། །བུམ་པ་ར་ཡི་འབྲས་བུ་བཞིན། །བཅོས་མའི་སྦྱོར་བས་དངོས་མི་འགྱུ། །བཱ་ར་ཎ་སིའི་ཀློང་ཕུག་ཏུ། །ཤ་རི་བུ་ཡི་སྟོན་པའི་ས། །བ་ཏའི་བུ་གསུམ་དབང་བསྐུར་ཏེ། །ཚེ་སྟོད་དགྲ་བཅོམ་ཟག་པ་ཟད། །ཚེ་སྨད་ངན་སོང་གསུམ་དུ་ལྷུང་། །བྱ་རྒོད་ཕུང་པོའི་འགྲམ་ལོགས་འདབ། །དགོན་ཕུག་བྱེ་མའི་འདབས་སྣ་རུ། །དངོས་པོར་ལྟ་བའི་རིགས་ཅན་ཏེ། །བྲམ་ཟེ་ས་ལ་རྒན་མོའི་བུ། །དགེ་སློང་ས་རི་བྱ་བ་དེ། །ང་ནི་སྡུག་བསྔལ་ཟག་པ་ཟད། །རྒྱལ་ཚབ་སྐྱེས་བུའི་ས་འཛིན་ཟེར། །དགྲ་བཅོམ་ལྔ་བརྒྱ་སྟོང་གཅིག་འདུས། །སྐྱེས་བུ་ཆེན་པོར་དབང་བསྐུར་བས། །འཁོར་བའི་གནས་རབ་དགུ་རུ་རྒྱུད། །བརྟེན་པའི་ཚིག་གི་དབང་འདི་ནི། །འདོད་ལ་མོས་པའི་བརྐམ་ཆགས་ཅན། །རྒྱལ་ཚབ་མ་ཡི་བདེ་འཐོབ་པའོ། །གང་གཱའི་རྒྱ་མཚོ་མདོ་ལེ་ལ། །དེད་དཔོན་བློན་གྱི་བུ་ཐུ་བོ། །བྲམ་ཟེ་ནོར་གྱི་རྒྱལ་མཚན་འཛིན། །ཕྱི་ཡི་རྡོ་རྗེ་རྟགས་འཛིན་པ། །བཀའ་རྟགས་ཚིག་གི་དབང་བསྐུར་ཏེ། །བདེན་པ་ཚིག་གིས་ནུས་པ་བཞད། །འཁོར་བའི་རྒྱ་མཚོ་རྒལ་མ་ནུས། །བསྐུར་བས་ཐོབ་པའི་དབང་རྣམས་ནི། །ཟག་བཅས་ནུས་མཐུས་འཁོར་བའི་ཆོས། །ཤར་ཕྱོགས་ཨིན་ཏྲའི་ལུང་པ་ན། །རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྟྲ་བོ་དྷི་དང་། །ས་ག་རྒྱལ་པོའི་བུ་ཐུ་བོ། །ཀླུ་ཡི་བུ་མོ་རྒྱ་མཚོ་དང་། །སིང་ཧ་ཨུ་པ་ར་དང་ནི། །ལྷ་ཡི་བུ་ནི་དགེ་བ་ཅན། །དྲི་མ་མེད་པའི་འོད་ལ་སོགས། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་བསྒྲུབས་ཏེ། །སྤང་ལེན་བརྟུལ་ཤུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ནས་སྡིག་པ་མེད། །གནང་བ་སྒྲུབ་ཅིང་ལུང་ལ་བརྟེན། །དེ་ཡང་སྤྱོད་ལོག་དངོས་གྲོལ་ཏེ། །མཚན་མ་གཡོན་གྱི་ལམ་ལ་ཞུགས། །


DNG025_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བརྐམ་ཆགས་རང་ག་སྲེད་པ་སྤངས། །ཆགས་པ་གཡོན་གྱི་ལམ་གྱི་ཁྲིད། །བདེ་ཆེན་ལམ་དང་དེ་བྲལ་ལོ། །རྒྱ་ཕུག་འཁོར་ལོ་བརྩེགས་པའི་ཁང་། །འདའ་ན་ཀོ་ཤ་གླིང་ཕུག་ཏུ། །གསེར་གྱི་བྲག་ཕུག་ཡུ་བ་ཅན། །དེ་ནང་རྡོ་རྗེ་གདན་སྟེང་སྟེ། །རིན་ཆེན་འབར་བ་གསལ་བྱེད་ཀྱི། །ཕྱོགས་མཚམས་རྒྱས་པའི་གུར་ཕུག་སྟེ། །ཡི་གེ་མེད་པའི་འབྲུ་གསུམ་སྡིམ། །རྣམ་རྒྱུད་ལུང་གི་གཏེར་ཆེན་བཀྲོལ། །ཕྱོགས་མཚམས་བཅས་པའི་འཁོར་ལོ་བཅས། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །རྒྱུ་བ་མེད་པའི་རིག་པ་སྐྱེད། །རང་བཞིན་གསལ་བའི་འོད་ལ་ཞུགས། །ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན། །སྤྱི་བླུགས་ཚངས་པའི་དབང་བསྐུར་ཏེ། །བདེ་ཆེན་ས་ལ་བཀོད་པའོ། །བཅོས་མའི་སྦྱོར་བ་ལ་བརྟེན་ནས། །རྣལ་མའི་སྦྱོར་བ་རྟོགས་པར་བྱ། །འདྲ་འབག་ལྷའི་ལུས་བཞིན་དུ། །རྟགས་ཀྱི་དེ་ཉིད་དོན་མཚོན་བྱ། །བཅོས་མའི་དབང་བསྐུར་རྟགས་ཀྱི་བརྡའ། །མཚོན་ནས་རྟགས་ནི་སྤང་བར་བྱ། །རྣལ་མའི་དབང་བསྐུར་ཆེན་པོ་འདི། །བྲལ་བའི་རྣལ་འབྱོར་གང་དག་ནི། །གང་ཞིག་མིག་དང་བྲལ་བ་ཡིན། །འདི་ཉམས་རྣལ་འབྱོར་ལམ་འཚོལ་བ། །རྒྱ་མཚོ་འཇིང་ལ་སྟེགས་བཅས་ནས། །ནམ་མཁའི་དངོས་པོར་སྙེག་པ་འདྲ། །བདེ་བ་ཆེན་པོའི་མན་ངག་འདི། །དམུས་ལོང་མདུན་ནས་གཟུགས་སྣང་ཞིང་། །སྐལ་ངན་ལས་ཀྱིས་སྒྲིབས་པ་ལ། །སྲོག་ལུས་བྲལ་ཡང་ཁར་དབྱུང་མིན། །བློ་ངན་དད་པ་ཆུང་བ་དང་། །ངང་གི་བློ་འཕངས་དམའ་བ་དང་། །ཐོས་པ་ཆུང་བའི་བློ་སྦྲམ་དང་། །ཐེག་པ་དམན་ལ་ཞུགས་པ་དང་། །རང་རྐྱེན་ངན་པས་དྲེགས་པ་དང་། །ངར་འཛིན་དྲེགས་པས་གཙོར་འཆེལ་དང་། །འཇིག་རྟེན་བྱ་བའི་རྒྱུར་སྒྲུབ་དང་། །ཐབས་ཀྱི་བཅུད་ཆེན་འཛག་པ་དང་། །བརྐམ་ཆགས་ངན་པས་འཛིན་པ་དང་། །སྣོད་ཀྱི་དྲི་མ་མ་དག་པས། །བསྒྲུབ་བྱ་དམ་པར་མི་སེམས་དང་། །བླ་མ་སྲོག་ཏུ་མི་འཛིན་དང་། །ཐ་མའི་སྤྱོད་པ་ཉམས་པ་རྣམས། །གྲིབ་བཞིན་བྱུང་འཁོར་སྤང་


DNG025_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །སྲོག་ལུས་བྲལ་ཡང་ལས་ཀྱིས་བྲལ། །མཚོ་ཆེན་གསེར་གྱི་འོག་གཞི་ལྟར། །མི་འགྱུར་བརྟན་པའི་སེམས་ཀྱིས་བཟུང་། །གལ་ཏེ་བཅས་པའི་རྒྱ་རལ་ན། །ན་རག་རྡོ་རྗེའི་གདན་བཞི་སྟེ། །ཆད་པའི་རིགས་སུ་ངེས་པ་ཡིན། །རྣམ་སྨིན་འཇིག་རྟེན་འདི་ལས་བྱུང་། །དམ་ཅན་རྡོ་རྗེ་མཁའ་འགྲོའི་ཚོགས། །བོས་པ་བཞིན་དུ་འདུས་གྱུར་ནས། །ཤ་ཁྲག་ལ་སོགས་དངོས་སུ་ཟ། །དམ་ཤོད་གླིང་གི་དུར་ཁྲོད་བཞིན། །མཁའ་འགྲོ་རྣ་ཉན་ཀུན་གྱིས་སྡུད། །དེས་ན་ཐབས་ཆེན་མན་ངག་འདི། །རྗེས་སུ་མཐུན་པའི་དམ་བཅས་བཟུང་། །རིན་ཆེན་གཏེར་གྱི་སྙིང་པོ་འདི། །ཀུན་བཟང་རྒྱལ་བ་ཐམས་ཅད་ཀྱིས། །གསང་བའི་བདག་པོ་བཀའ་བསྒོ་བ། །གསང་འཛིན་རྡོ་རྗེ་སེམས་དཔའ་ནི། །སུམ་ཅུ་རྩ་གསུམ་བུམ་ཐོགས་ཏེ། །སྲོག་ཤིང་རྡོ་རྗེ་རྩེ་དགུ་འབར། །གསེར་གྱི་འཁོར་ལོ་འབར་ལ་བཞག །གསང་བའི་ཏིང་འཛིན་བདག་པོར་བསྒྲགས། །དགའ་རབ་རྡོ་རྗེ་བདག་ཉིད་ཀྱང་། །དེ་བ་བཟང་སྐྱོང་བུ་ཐུ་བོ། །ཀུན་དགའ་སྙིང་པོ་བྱ་བ་ཡིན། །ལག་ན་རྡོ་རྗེ་གསང་བདག་གིས། །འཁོར་ལོ་འབར་བའི་ལྟེ་བར་བཞག །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །ཀློང་དགུ་བམ་པོ་ཉི་ཁྲི་གསུངས། །སྤྱི་བླུགས་ཚངས་པའི་དབང་བསྐུར་ནས། །དུས་མཐའ་ཉིད་ཀྱི་ས་ལ་བཀོད། །འཛམ་གླིང་འཇིང་དུ་རྒྱལ་ཐེབས་བྱས། །སེམས་རྒྱུད་རིག་པའི་ཐོར་ཅོག་ཅན། །རྒྱལ་གྱི་རིགས་ཅན་དྲ་མའི་ཡུལ། །རྒྱ་ཕུག་ད་ན་ཀོ་ཤའི་གླིང་། །ཕྱག་ཏུ་གསང་བའི་གནས་རབ་བཅས། །ལུང་གསུམ་རྒྱུད་པའི་རྩ་བའི་དོན། །དགུ་གསུམ་སྦས་པའི་མན་ངག་འདི། །སེམས་ལ་གླེན་ཞིང་བདེ་ལ་འགོད། །ཡིད་ལ་བཅངས་ཤིང་ལུས་ལ་བཅངས། །བཀའ་ཡི་བདེ་ཆེན་མ་མཐོང་བ། །ཕྱི་ནང་རྒྱུད་པའི་ལུང་ལ་བརྟེན། །ལུས་ངག་སེམས་ཀྱི་བྱ་བཙལ་གྱིས། །བརྐམ་ཆགས་འདོད་པའི་ཆུ་བོ་སྐྱེད། །བདེ་ཆེན་སྲོགས་དང་བྲལ་མཐོང་ནས། །གསལ་བར་གནས་སུ་དབུགས་ཆེན་ཕྱུང་། །འཕྲུལ་མིག་རྡོ་རྗེ་ཟམ་པ་འདི། །བཀའ་ཡི་


DNG025_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་ཉིང་ཁུ་འདི། །ངང་པས་འོ་མ་བསྡུས་པ་འམ། །འཇོག་པོས་རིན་ཆེན་ཕྱུང་བ་སྟེ། །རྒྱ་མཚོ་གླིང་གི་ཁ་བྱབ་བཞིན། །བཀའ་ཡི་བདུད་རྩི་བསྡུས་པ་ཡིན། །སྤྱི་བླུགས་ཚངས་པའི་དབང་ཆེན་ནི། །ཐབས་ཀྱིས་རྒྱལ་བའི་རིམ་པར་བསྟན། །རྗེས་སུ་མཐུན་པའི་བཞི་དང་བཅས། །འཇུག་པ་རྒྱུ་ཡི་རིམ་པ་དང་། །སྨན་པའི་ཆད་པར་ཀུན་སྤངས་པའི། །ཀུན་རྫོགས་ཚངས་པའི་དབང་བསྟན་དང་། །བརྡ་དོན་འགྲོལ་བའི་རིམ་པ་ཡིན། །ཐུགས་བརྟོལ་རྣ་བརྒྱུད་མན་ངག་སྦྱིན། །འཕྲུལ་གྱི་མེ་ལོང་དགུ་བསྐོར་བཞིན། །རྒྱལ་བས་དངོས་གྲུབ་མན་ངག་སྦྱིན། །གསལ་བྱེད་རིན་ཆེན་རབ་འབར་བསྟན། །མི་འགྱུར་བསྟན་པའི་དབང་བསྐུར་ལ། །དྲན་པ་རྐྱེན་གྱི་མན་ངག་སྦྱིན། །དྲན་རྟོག་རླུང་གིས་སྐྱེད་བྱེད་པས། །གཡོ་འཛིན་རླུང་གི་མན་ངག་སྦྱིན། །སེམས་ཉིད་མི་བསྟན་སྤྲོས་འཚལ་བས། །བདེ་བ་ཐིག་ལེའི་མན་ངག་སྦྱིན། །བདེ་ཆེན་རང་བྱུང་བྱིན་རླབས་པས། །མི་འགྱུར་བརྟན་པའི་སྤྱོད་པ་བསྟན། །བརྟན་ནས་མི་འགྱུར་ལྷུན་གྱིས་ཚེ། །བདེ་ཆེན་རིག་པས་བསྒྲུབ་པར་བྱ། །དང་པོའི་ཡན་ལག་བསྟན་བྱས་པ། །གནས་དང་སློབ་དཔོན་དཀྱིལ་འཁོར་དང་། །སློབ་མ་དག་དང་འཇུག་རྣམས་དང་། །དུས་དང་འཇུག་པའི་ཡོན་ཏན་ནོ། །གནས་ནི་རྣམ་པ་གཉིས་གསུངས་ཏེ། །གཞི་ཡི་གནས་དང་རྟེན་པའི་གནས། །ཐམས་ཅད་རང་རིག་སེམས་ཉིད་དེ། །རྒྱུ་གཉིས་བྲལ་བའི་དངོས་གཞི་ཉིད། །བདེ་གཤེགས་རྒྱལ་བ་མ་ལུས་དང་། །རྒྱུ་དྲུག་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་རྨད་འབྱུང་ཁྱད་པར་ཅན། །ཚད་དང་བྲལ་བའི་རིན་ཆེན་ཁང་། །མི་འགྱུར་རྡོ་རྗེའི་རྒྱུ་ལས་བྱུང་། །རང་བྱུང་ཡེ་ཤེས་གཞལ་ཡས་ཁང་། །གནས་ཉིད་གནས་ལ་གནས་པ་མེད། །དེ་ལས་འབྱུང་ཞིང་དེ་རུ་འདུས། །དེ་ཉིད་དེ་ཡི་རང་བཞིན་གནས། །བྱང་ཆུབ་སེམས་ཉིད་བདེ་ཆེན་པོ། །རྨད་འབྱུང་ཐིག་ལེའི་གནས་ཞེས་བྱའོ། །རྟེན་གནས་


DNG025_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་བསྟན་བྱ་བ། །དོན་གྲུབ་རྡོ་རྗེ་རིགས་ཅན་འདི། །དང་པོ་བདེ་བའི་གཞི་ཡིན་པས། །ཡེ་ཤེས་རྒྱུ་ལས་བྱུང་བ་ཡི། །ཟ་མ་ཏོག་གི་རྒྱལ་མཚན་ནམ། །དཔལ་ཕུག་རྡོ་རྗེའི་རྒྱལ་མཚན་ནམ། །བ་ར་ཎཱ་སཱིའི་བསིལ་ཁང་ངམ། །དོན་གྲུབ་རིན་ཆེན་སུལ་མངས་སམ། །རྒྱ་ཕུག་ཀོ་ཤ་གླིང་ཕུག་གམ། །དོན་གྲུབ་བཀྲ་ཤིས་ཁང་བུའང་རུང་། །ཡེ་ཤེས་སྟོབས་དང་རིག་པའི་བྱིན་རླབས་དང་། །བདེ་བའི་གནས་སུ་བདུད་རྩི་བཅུད་སྤེལ་ན། །རྣལ་འབྱོར་ཚེ་འཛིན་རིག་པའི་བྱིན་རླབས་སྟོང་། །དེས་ན་སྙིགས་མའི་རྒྱུ་ཅན་དང་པོ་སྟེ། །རྐྱེན་ལྔ་རྣལ་འབྱོར་ཡིན་ན་རྟེན་བཞིར་གཟུང་། །དཀྱིལ་འཁོར་རང་འབྱུང་ཡེ་ཤེས་ཏེ། །མ་བཅོས་དངོས་གཞི་དཀྱིལ་འཁོར་གསུམ། །ཐམས་ཅད་ཡེ་ཤེས་རང་རིག་གསལ། །མཁའ་ལྟར་ཁྱབ་པའི་བདེ་ཆེན་པོ། །ཡེ་ཤེས་དཔག་མེད་ཡོན་ཏན་གསལ། །སྙིང་པོ་ལེན་པས་མ་དྷ་ལ། །རང་ལ་རྫོགས་པས་ལྷུན་གྱིས་གྲུབ། །ཡོན་ཏན་རྫོགས་པས་ཡོན་ཏན་རྫོགས། །ཐིག་ལེར་འདུས་པས་གཙོ་ཡི་རྒྱན། །སྣོད་བཅུད་འདུས་པས་ཐིག་ལེ་ཆེ། །འབར་བ་དཔག་མེད་གཞལ་ཡས་ཁང་། །གདོད་ནས་གྲུབ་པས་རབ་གནས་རྒྱས། །ངོ་བོ་གསལ་བར་འབྱུང་འཇུག་མེད། །བདག་ཉིད་གསལ་བས་སྐྱེད་པ་མེད། །རྒྱ་དབྱིབས་བྲལ་བས་ཡོངས་སུ་རྫོགས། །ཡོན་ཏན་ལྷུན་གྲུབ་གྲུ་བཞི་ཡིན། །རང་རིག་ཡེ་ཤེས་ཆེན་པོ་ལ། །མ་ལུས་ཀུན་འདུས་ཟླ་གམ་ཡིན། །མཚན་མའི་བག་ཆགས་མ་ལུས་འཇོམས། །གྲུ་གསུམ་དྲག་པོའི་གཞལ་ཡས་ཡིན། །འཛིན་རྟོག་བྲལ་བས་ངང་གིས་ཞི། །ཞི་བ་ཆེན་པོའི་གཞལ་ཡས་ཡིན། །ཡེ་ཤེས་འབར་བ་ལྷམ་མེ་བ། །དངོས་པོ་འཇོམས་པའི་ཁྲི་ཆེན་ཡིན། །ལྷན་ནེ་ལྷང་ངེ་འོད་དུ་ཞུ། །གཉིས་མེད་ཐིག་ལེའི་རང་བཞིན་ཅན། །རྡོ་རྗེ་ཉི་མ་ལྷ་ཆེན་པོ། །འདི་ནི་རང་བཞིན་རྣལ་མ་ཡི། །དཀྱིལ་འཁོར་ཆེན་པོ་འདོད་ཡིན་ཏེ། །ཁྲོ་དང་ཞི་བ་ལ་སོགས་པའི། །གནས་པའི་དཀྱིལ་དུ་ལུས་བདག་པ། །ལས་རྣམས་མ་ལུས་ཀུན་བསྒྲུབས་པའི། །རྣལ་མའི་དཀྱིལ་འཁོར་ཆེན་པོ་རུ། །ཞུགས་པ་མེད་


DNG025_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པར་དངོས་གྲུབ་པའི། །རྣལ་མའི་འབྱོར་པ་དམ་པ་ཙམ། །དང་པོར་སེམས་དཔའི་རྣལ་འབྱོར་པས། །བསྡོངས་ཏེ་སེམས་ཀྱི་མི་མཚོན་ན། །རྒྱལ་པོ་ཕྲུ་གུ་འཁྱམས་པ་བཞིན། །རང་གི་མཚན་ཉིད་མི་རྟོགས་སོ། །བདག་ཉིད་ཁམས་ཀྱི་རང་བཞིན་ཅན། །མྱ་ངན་འདས་པའི་བདག་ཉིད་ཅན། །མ་ལུས་གཅིག་རྫོགས་འཁོར་ལོ་ཡིན། །བདག་ཉིད་རྫོགས་པའི་དཀྱིལ་འཁོར་ནི། །ཀུན་གཞི་ཆོས་སྐུ་ཆེན་པོ་ཡིན། །ལོངས་སྤྱོད་རྫོགས་པ་མ་འདྲེས་ཡིད། །ཚོགས་དྲུག་སྤྲུལ་པ་རྒྱ་ཆེན་པོ། །བརྐམ་ཆགས་ལྔ་ཉིད་རིགས་ལྔ་ཡིན། །རྣམ་ཤེས་གཅིག་བདག་རིགས་གཅིག་ཉིད། །ཤེས་པའི་བྱེ་བྲག་རྣམས་མཐའ་ཡས། །རྒྱལ་བ་རྡུལ་སྙེད་འཇིག་རྟེན་སྒྲོལ། །ཙིཏྟ་རིན་ཆེན་དཀྱིལ་འཁོར་ནི། །འོག་མིན་གནས་ཆེན་མུ་མཐའ་ཡས། །སྒྲ་སྐད་མ་ལུས་རྣམས་མང་ཡང་། །མི་བཟད་རྒྱན་གྱི་འཁོར་ལོའི་གསུང་། །གསུང་མཆོག་སྐུ་ཡི་དཀྱིལ་འཁོར་རྫོགས། །དྲན་རྟོག་སེམས་ཀྱི་རྒྱུ་བ་ཀུན། །མི་ཟད་རྒྱན་གྱི་འཁོར་ལོ་ཐུགས། །སྣོད་བཅུད་ཡེ་ཤེས་དཀྱིལ་འཁོར་ཡིན། །སེམས་ཉིད་རབ་འབྱམས་དཀྱིལ་འཁོར་ཡིན། །དུས་གསུམ་ཁམས་གསུམ་བདག་ཉིད་ཅན། །བརྐམ་ཆགས་དྲུག་གི་མཚན་ཉིད་ནི། །རྒྱུ་དྲུག་གནས་པའི་སེམས་ཅན་ཡིན། །རྩ་དྲུག་ས་བོན་བདག་ཉིད་ཅན། །ཙིཏྟ་འཁོར་ལོ་རིན་པོ་ཆེ། །ཟག་པ་ཟད་པའི་མཚན་ཉིད་དེ། །རྩ་གསུམ་འདུས་པའི་ཐིག་ལེ་གཅིག །རྩ་བཞི་ཐིག་ལེར་བཅས་པ་ནི། །ཡེ་ཤེས་ལྔ་ཡི་བདག་ཉིད་སེམས། །རྩ་བརྒྱད་ཐིག་ལེའི་རང་བཞིན་ནི། །ཁྱད་པར་དབང་པོའི་ལམ་དང་འདྲེལ། །རྩལ་རྣམས་བདེ་བའི་ཐིག་ལེ་ལས། །དྭངས་མ་ཕྱི་ནང་མཚན་ཉིད་ཅན། །ནམ་མཁའི་ཁམས་ཀྱི་ཕྱོགས་ཆ་ན། །ཡེ་ཤེས་གཉིས་མེད་ཐིག་ལེའི་ངང་། །དབུས་ཀྱི་ཐིག་ལེ་ཆེན་པོའོ། །ཕྱོགས་མཚམས་བརྒྱད་ཀྱི་མདུན་སྒོ་ན། །ས་བོན་དྲུག་དང་སྒོ་དང་སོ། །ཐིག་ལེ་སོ་སོའི་ནུས་པ་ཅན། །དབུས་


DNG025_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐིག་ཐུང་ཨ་ཡི་རང་བཞིན། །དེ་དང་འདྲེལ་བའི་ཐིག་ལེ་བརྒྱད། །རང་འབྱུང་ཡེ་ཤེས་བདེ་བ་བཅུད། །ཐིག་ལེ་འཁྱིལ་པའི་ཚུལ་དུ་གནས། །རྩ་བརྒྱད་འཁོར་བའི་རྩེ་འཁོར་ལོ། །གཉེ་མོ་འཁྲིལ་བའི་ཚུལ་བཞིན་ཏེ། །དབང་པོ་དྭངས་མའི་བཅུད་དང་འདྲེལ། །བདེ་གཤེགས་དཀྱིལ་འཁོར་བརྗོད་ལས་འདས། །མཚན་དང་དཔེ་བྱད་རང་བཞིན་རྫོགས། །སྤྲུལ་པའི་འཁོར་ལོ་གཟུགས་ཁམས་ཏེ། །དབུས་ཀྱི་ཐིག་ལེ་སྒྲོན་མའི་ཁ། །སྤྱི་བོ་གཏད་ནས་འཁྱིལ་པའི་གཟུགས། །ཐིག་ལེ་བཞི་དང་ཡང་དག་འདྲེལ། །སྤྲོས་འཛིན་བདེ་བའི་སྒྱུ་མས་གང་། །མཁས་པས་བདེ་བ་སྤྱད་པར་བྱ། །རྩ་བཞི་འདྲེལ་བའི་ཐིག་ལེ་བརྒྱད། །བསམ་གཏན་བཞི་ཡི་སྡེ་པ་ཅན། །ཕྱི་རོལ་འཁོར་ལོ་འདབ་བརྒྱད་ཅན། །ཐིག་ལེ་བཅུ་དྲུག་དེ་དང་འདྲེལ། །དང་པོ་ཉིད་ནི་འདྲེན་མ་ཡིས། །བཞི་དང་བཅུ་ནི་འདོད་པ་ཡི། །ཐུན་མོང་བདེ་བ་ཉིད་ཡིན་ནོ། །གཉིས་ནི་རིག་པའི་རྫིང་གི་འགྲམ། །འདུས་པའི་མདུད་འཆད་མེ་ཡི་འགྲམ། །ཐིག་ལེ་གཉིས་ནི་སྒོ་མེད་ཡིན། །རྒྱུད་རྣམས་ཀུན་གྱི་ཐུན་མོང་གི། །བདེ་བ་མྱོང་བར་བྱ་བ་ཡིན། །གཡས་གཡོན་འདུས་པའི་ཐིག་ལེ་མཆོག །ལོངས་སྤྱོད་འདུད་པའི་རྩི་ཡིས་ཟིན། །ཆོས་ཀྱི་ཐིག་ལེ་དང་པོའི་བཅུད། །གཉིས་སུ་འཁྱིལ་ཞིང་འཛག་པའི་རྩི། །ཐིག་ལེ་འཁྱིལ་པ་བཞི་གནས་ཏེ། །བདེ་བ་ཆེན་པོས་འགེངས་དང་འཛག །འཁོར་ལོ་བཟློག་དང་རྩ་གསུམ་རྒྱས། །རང་བྱུང་བདེ་བ་རྒྱས་པར་བསྲེ། །རླུང་དང་ཡེ་ཤེས་དྭངས་མའི་བཅུད། །འདྲེས་པ་རྡོ་རྗེ་ཉི་མའི་ཚུལ། །འཁྱིལ་ནས་བདེ་བའི་རོས་གང་ན། །ཁམས་གསུམ་ཡེ་ཤེས་ཆེན་པོ་སྟེ། །ཇི་བཞིན་རླུང་བུས་ཕེབས་པ་ཡིན། །བར་གཅོད་རྐྱེན་དང་བྲལ་བ་ཡིན། །ལོངས་སྤྱོད་འཁོར་ལོ་འདོད་པའི་ཁམས། །བདེ་བ་ཆེན་པོའི་གཟུགས་མེད་པ། །དངོས་པོ་མེད་པའི་སྙིང་པོ་ཅན། །བདེ་བ་འབྱུང་བ་གུ་ལི་ཚོགས། །ལོངས་སྤྱོད་བདེ་བའི་ཐིག་ལེ་ཅན། །རྣམ་དག་ཆོས་སྐུའི་རང་


DNG025_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡིན། །རང་རིག་བདེ་བ་ཆེན་པོ་ལ། །རྒྱུ་དྲུག་ལོངས་སྤྱོད་གནས་ལ་སོགས། །མྱ་ངན་འདས་པའི་སྐུ་གསུང་ཐུགས། །མ་ལུས་རྫོགས་པའི་དཀྱིལ་འཁོར་ཏེ། །རང་གི་སྦྱོར་བའི་ཏིང་འཛིན་ལ། །སྤྱན་དྲངས་མོས་པའི་ཡིད་སྨོན་ཡིན། །བློ་ཡི་སྦྱོར་བ་རྟག་པ་སྟེ། །བཅོས་མའི་ཐབས་ཀྱིས་སྦྱོར་བ་ཡིས། །ཇི་བཞིན་དངོས་ལ་མི་འཇུག་པར། །བཅོས་མའི་བརྙན་མ་མངོན་བྱེད་ན། །དོན་དུ་དམིགས་ནས་འཇུག་བྱེད་ཀྱང་། །དཔེར་ན་སྤྲེའུ་དང་སྤྲེ་འབག་བཞིན། །དེ་ཡིས་དེ་ཡི་དོན་མི་འགྲུབ། །བཅོས་མའི་དཀྱིལ་འཁོར་སྤང་བར་བྱ། །དེས་ན་རང་འབྱུང་དཀྱིལ་འཁོར་འདི། །ཇི་བཞིན་མངོན་སུམ་ཁོ་ན་བས། །འདི་ལ་དེ་བཞིན་ནན་ཏན་བྱ། །བཀྲགས་ལ་གཟུགས་དང་བརྗོད་བྲལ་སྒྲ། །དངོས་བྲལ་རང་བཞིན་མེད་པའི་དྲི། །མུ་ཁ་ཐིག་ལེ་དབྱིངས་ཀྱི་ངང་། །སྣ་ཚོགས་དབྱིངས་ཉིད་བྷ་གའི་ཀློང་། །ཀུན་འདུས་བདེ་ཆེན་དཀྱིལ་འཁོར་དྲུག །བདེ་བ་ཆེན་པོ་གཅིག་གི་ངང་། །ཡེ་ཤེས་མུ་མཐའ་མེད་པར་འཇུག །འདི་ནི་རང་བཞིན་དཀྱིལ་འཁོར་ཡིན། །འདི་ལ་སློབ་དཔོན་རྣམ་གཉིས་ཏེ། །བརྡ་དོན་སྒྲོལ་བའི་སློབ་དཔོན་ཡིན། །ཤེས་རབ་མཆོག་ལྡན་ཏིང་ངེ་འཛིན་ཐོབ་པ། །དམན་པའི་བློ་སྤངས་ཁྱད་པར་ཀུན་ཤེས་ཅན། །བསྟན་པའི་བཅུད་ཕྱུང་ཐེག་པའི་ཡ་ཐོག་ལ། །བདེ་གཤེགས་སྲས་དང་སྨན་པའི་སངས་རྒྱས་དང་། །རེ་ཐག་ལས་ཤིང་མི་རྟོག་ཐུགས་རྗེ་བ། །ནང་གི་དྲི་མ་སྦྱངས་པས་འཇིག་རྟེན་ཆོས་བརྒྱད་སྤངས། །སྨོན་ལམ་མ་ནོར་དག་པས་བཀའ་ཡི་མངའ་བདག་ཅན། །ཤེས་རབ་དད་ལྡན་བརྩོན་འགྲུས་ཁྱད་པར་འཕགས། །མ་ནོར་དོན་རྟོགས་གདུང་རྒྱུད་མ་ཆད་པ། །སྣོད་བཅུད་རྟོག་ཅིང་གཞན་གྱི་སེམས་ཤེས་པ། །སྣོད་ལྡན་མཆོག་ཏུ་སྨིན་བྱེད་ཐུགས་རྗེའི་བདག །འདི་འདྲའི་བླ་མ་རྗེས་སུ་བཟུང་བྱས་ཏེ། །སྲོག་ལུས་བྲལ་ཡང་བླ་མ་ཡིད་ཀྱིས་བཟུང་། །རྒྱལ་བའི་


DNG025_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཆེན་ཆོས་ཀྱི་རྒྱལ་ཚབ་ཡིན། །མ་ནོར་དོན་གྱི་བླ་མ་ནི། །རང་སེམས་སློབ་དཔོན་ཀུན་གྱི་བདག །ཐམས་ཅད་རང་རིག་རྒྱལ་པོ་བས། །སེམས་ཉིད་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སློབ་དཔོན་རིན་ཆེན་བདག །རྒྱལ་བ་ཀུན་གྱི་བླ་མ་ནི། །རང་རིག་ཡེ་ཤེས་ཆེན་པོ་ཡིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །མཆོག་ཏུ་བཀུར་ཞིང་རྗེས་སུ་གཟུང་། །རང་རིག་ཡེ་ཤེས་རྒྱལ་པོ་འདི། །གསང་སྔགས་གཏེར་གྱི་མཛོད་འཛིན་ཅིང་། །བསྟན་པ་རྒྱ་མཚོ་སྒྲོགས་པའི་བདག །མན་ངག་རིན་ཆེན་གཏེར་གྱི་ཀློང་། །ཡེ་ཤེས་སྒྲོན་མ་ལྷམ་མེ་བ། །འཇིག་རྟེན་ཀུན་གྱི་སྟོན་པ་པོ། །བླ་མ་སངས་རྒྱས་རིན་ཆེན་སེམས། །མ་བཅོས་དེ་ཉིད་ལམ་སྟོན་པའི། །བླ་མ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སློབ་དཔོན་དམ་པ་ཡིན། །སློབ་མ་རིན་ཆེན་སེམས་རང་བཞིན། །ཀུན་གྱི་རང་བཞིན་དངོས་དེ་ཉིད། །དེ་ཉིད་དེ་ཡི་ཕྱག་རྒྱ་ཅན། །དེ་ཡི་དབང་གིས་དེ་ཐོབ་ཅིང་། །དེར་འདུས་དེ་ལ་རག་ལས་པས། །དེ་དག་དེ་ཡི་རིགས་ལས་བྱུང་། །བརྐམ་ཆགས་དྲུག་ལྡན་རྐྱེན་བཞིའི་བདག །རྣམ་དག་བདེ་ལམ་འཐོབ་དང་བཅས། །ཐམས་ཅད་སེམས་ཀྱི་དེ་དག་ཉིད། །སྤྱོད་ཡུལ་སེམས་ཀྱི་རང་བཞིན་ཅན། །སློབ་མ་རྡོ་རྗེའི་རིགས་ཅན་ཏེ། །ལྷུན་གྲུབ་བླ་མའི་རང་བཞིན་ཏེ། །དེ་ཡི་བཀའ་རྟགས་རྡོ་རྗེ་ཅན། །ཐམས་ཅད་མི་འགྱུར་རྡོ་རྗེའི་དབྱིངས། །དེས་ན་སློབ་མ་རྡོ་རྗེའི་བུ། །རིགས་སུ་ངེས་པའི་བཀའ་རྟགས་ཡིན། །ཐམས་ཅད་སློབ་མ་རྡོ་རྗེ་ཉིད། །དེ་ཉིད་བླ་མ་རྡོ་རྗེའི་སྟོབས། །རྡོ་རྗེའི་ངང་གཅིག་རྡོ་རྗེ་ཉིད། །རྡོ་རྗེའི་ཡེ་ཤེས་ཁྱབ་གདལ་པས། །དེས་ན་རྡོ་རྗེ་ལྷུན་གྲུབ་པའོ། །བླ་མའི་རིམ་པའི་རྣལ་འབྱོར་ཅན། །དེ་ཉིད་སྡུད་དང་འཐོར་བ་ཡི། །རིག་པ་ཉམས་སུ་དེར་བཞག་ན། །སྦྱོར་བ་མ་ནོར་རིགས་ཅན་ནམ། །རིགས་རྒྱུད་དག་པའི་རྣལ་འབྱོར་པ། །མན་ངག་རིན་ཆེན་གཏེར་དུ་འཆང་། །བླ་མ་རིན་ཆེན་སྲོག་ཏུ་འཛིན། །ཏིང་འཛིན་ཤེས་རབ་རྩལ་དུ་རྫོགས། །ལྷག་པའི་ཡེ་ཤེས་


DNG025_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ཤར། །དད་དང་བརྩོན་འགྲུས་རྒྱུ་འབྲས་རྫོགས། །རྩོལ་བས་ལུས་ངག་བརླག་སྟོང་དུ། །གྱུར་ཀྱང་དོན་གྱི་འདོན་མི་གཏོང་། །བདེ་བ་འབེབས་པའི་ཡན་ལག་ཡིན། །བླ་མ་རྡོ་རྗེ་སྲོག་གྱུར་ཏེ། །ལུས་ངག་སེམས་ཀྱི་རྒྱུ་མེད་པར། །རྡོ་རྗེའི་ལུས་སུ་གྱུར་ནས་འགྲུབ། །རྡོ་རྗེ་བླ་མ་གཞན་སེམས་ཅན། །རྒྱལ་སྲས་ཡིད་ཀྱི་བློ་ཅན་དེས། །ཁེངས་སེམས་འཇིག་རྟེན་སྤྱོད་ལུས་ངག །བགེགས་ཀྱིས་ཚོར་ན་བླ་མ་དེ། །གཏེར་ཁྱིམ་རིག་པའི་སྒོ་སྡོམ་སྟེ། །མན་ངག་ཉམས་པའི་རྒྱུ་ཡིན་པས། །ལུས་དང་བྲལ་བའི་ཡན་ལག་རྒྱུས། །གླང་ཆེན་ལུས་སུ་མི་ཐོབ་ལྟར། །མན་ངག་ཉམས་པའི་ཐབས་རྣམས་ཀྱིས། །བྱང་ཆུབ་ལུས་སུ་ཐོབ་མི་འགྱུར། །དེས་ན་བླ་མ་སྲོག་ཡིན་པས། །ལུས་ངག་སེམས་ཀྱི་དུས་གསུམ་དུ། །རང་སྲོག་བྲལ་བའི་ལས་མི་བྱེད། །གྲགས་དང་རྙེད་པའི་སེམས་ལོག་གིས། །ཉམས་པར་གྱུར་པའི་མཐུ་ཤེས་པ། །ནང་དང་ཕྱི་རྒྱུད་སེམས་སྦྱངས་པ། །འཁྲུལ་པའི་སེམས་བརྒྱད་རྣམས་སྤངས་ཤིང་། །དོན་མཐར་ཕྱིན་པའི་བརྩོན་འགྲུས་སོ། །མི་ལྡོག་ངེས་པའི་རིགས་རྒྱུད་ཅན། །རྡོ་རྗེའི་ལུས་ལ་རྒྱན་མཐོང་ན། །བདག་སེམས་དགའ་བའི་ཚོར་བ་སྐྱེ། །གྲགས་སེམས་རྒྱལ་བའི་ཆོས་ཐོས་ན། །རྗེས་སུ་མཐུན་པའི་ཡིད་ཀྱིས་མོས། །བླ་མ་རྡོ་རྗེ་སྐལ་ལྡན་དེས། །ལུས་ངག་སྤྱོད་པ་ཅི་བྱས་ཀྱང་། །གཡོ་སྒྱུ་མེད་པས་དགའ་བྱེད་ཅིང་། །མཐོང་དང་དྲན་པའི་ཤེས་རྒྱུད་ཀྱིས། །ཐུན་མོང་དྲི་མ་ཀུན་འཇོམས་ཤིང་། །ཉི་མའི་འོད་བཞིན་ཞི་བྱེད་པ། །བླ་མ་རྡོ་རྗེ་སྐུ་གསུང་ལ། །རྟག་ཏུ་རང་གི་ཡིད་འདོགས་ཤིང་། །ཐུགས་ཀྱིས་ཇི་ལྟར་སེམས་པ་བཞིན། །གུས་པའི་སེམས་ཀྱིས་མཉེས་བྱེད་ཅིང་། །རྟག་ཏུ་མཆོད་པ་འབུལ་བྱེད་པ། །དེ་ནི་རིགས་ཀྱི་བུ་ཡིན་ཏེ། །བདེ་བའི་ཞིང་གྱུར་སྐལ་ལྡན་དེ། །རྡོ་རྗེ་རིན་ཆེན་དག་ལ་བསྐྱོན། །བདེ་གཤེགས་ཉིད་དུ་ངེས་ལུང་བསྟན། །


DNG025_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མཐའི་འབྲས་བུ་ས་ལ་བཀོད། །དེ་ནས་རྡོ་རྗེ་བླ་མ་དེས། །དོན་རྟོགས་གསལ་བའི་མངོན་སུམ་མམ། །ལུས་དང་སེམས་ཀྱི་བརྡ་རྟགས་སམ། །ཆོས་སྐྱོང་མཁའ་འགྲོའམ་སེམས་དཔའ་ཡིས། །ཐབས་ཀྱི་གནས་པའམ་རྡོ་རྗེའི་གདན་ས་རུ། །རིག་ནས་སྐལ་ལྡན་དེ་ནི་སར། །སྨིན་པར་བྱ་ཕྱིར་རིམ་པར་བྱ། །འདི་ལ་ཅི་སྩལ་ཡན་ལག་དང་། །ཐབས་རིམ་ཕྲ་སླ་ཀྲིད་ཀར་མ། །རྩོལ་སྒྲུབ་ལུས་དང་སེམས་ཀྱི་ལས། །དངོས་གང་ཐིག་ལེའི་མཚན་ཉིད་ནི། །འདོད་རྩོལ་སྤྲོས་པ་ཐམས་ཅད་འགགས། །བརྗོད་པར་བྱ་བའི་ལུང་བསྟན་མིན། །སྐལ་ལྡན་སེམས་ཀྱི་དཀྱིལ་འཁོར་དུ། །བདེ་ཆེན་ཤར་བའི་རྣལ་འབྱོར་རམ། །དེ་རྟོགས་ཀླུང་དུ་འབེབས་འདོད་པས། །གསང་སྔགས་འཕྲུལ་གྱི་ལན་ཆེན་ནམ། །བསྟན་པ་བློ་ཡི་རིམ་པས་བསམ། །རང་འདོད་ཐ་མལ་སྨད་ལས་ཀྱི། །རིམ་པ་གང་ཅི་དེ་བཞིན་དུ། །ཐབས་ཀྱི་རྒྱལ་པོས་མཐར་ཕྱིན་བྱ། །གསལ་བ་རིན་ཆེན་འཕྲུལ་སྣང་ངམ། །བཅུད་ལེན་སྨན་དང་མ་གི་ཏ། །གང་ལྡན་དེ་ནི་འབད་རྩོལ་མེད་པའི་ལས། །རྩོལ་སྒྲུབ་འབད་རྩོལ་ཅི་བྱེད་ཀྱང་། །དེ་ནི་བྱ་རྩོལ་མེད་པ་ཡིན། །ཨཱོཾ་བཛྲ་སུ་ལཾ་མཾ་བཾ། མ་མ་རུ་རུ་ཙི་ཏ་ཨ་བེ་པྲ་བ་ལ་སྭཱ་ཧཱ། འདི་ནི་མཁའ་འགྲོ་སྟོན་པ་ཡི། །དང་པོ་རྟགས་ཀྱི་མངོན་ཤེས་ཡིན། །དོན་དང་ལྡན་པའི་གནོད་རིགས་ནས། །ཐབས་ཆེན་སྦྱོར་བ་བསྩལ་བར་བྱ། །སྐལ་ལྡན་བློ་ཡི་ཁྱད་པར་གྱིས། །སོ་སོའི་བསྟན་པ་རིམ་པ་བཞིན། །འདོད་པའི་སྨོན་པས་རྗེས་འཇུག་ན། །སོ་སོའི་གྲུབ་མཐའ་རིམ་པ་བཞིན། །དབང་བསྐུར་ཤེས་རབ་རིམ་པར་བསྐྱོད། །རྣམ་རྟོག་སྤྲོས་པ་ཐམས་ཅད་བཅད། །སེམས་ཀྱི་དམིགས་པ་ཟིན་འགྱུར་ཏེ། །རྣམ་རྟོག་སྨིན་པའི་དངོས་པོར་འགྱུར། །ཡང་ན་དང་པོ་དོན་ཅིག་ལ། །སེམས་ཀྱི་བྱེ་བྲག་ཀུན་སྐྱེ་ན། །སེམས་དཔའ་ལས་སུ་འཇུག་པ་སྟེ། །དེ་ནས་ཚངས་པ་ཆེན་པོའི་དབང་། །དམ་པ་འདི་ནི་སྐུར་གྱུར་ན། །འདི་ནི་སྐད་ཅིག་དུས་མཐའ་ཡིས། །སེམས་


DNG025_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་ཉིད་དུ་འགྱུར། །དངོས་སུ་ཡེ་ཤེས་ཀུན་ཁྱབ་ཅན། །ཟག་པ་མེད་པའི་རྩེ་མོར་ཕྱིན། །ཡོན་ཏན་མ་ལུས་རྫོགས་པའོ། །རྣམ་རྟོག་གྲུབ་མཐའ་མ་སྒྱུར་བའི། །ཐ་མལ་དངོས་འཛིན་རྟོག་པ་ཅན། །ལྷ་ཀླུ་གནོད་སྦྱིན་ལ་སོགས་པ། །འདོད་པའི་སྨོན་པས་རྗེས་སྒྲུབ་ན། །དངོས་མི་སྤོང་བ་མ་འདྲེས་པར། །སྦྱང་དང་སྲུང་བ་ལ་སོགས་པའི། །དྲག་པོའི་རྩོལ་བས་སེམས་སྟོབས་བསྒྱུར། །རང་གི་སེམས་རྟོགས་སྤྲོས་བྱེད་ན། །དེ་ནས་དེ་བདེ་ཆེན་པོ་སྦྱིན། །དེ་ནི་རིག་པའི་དུས་མཐའ་ཡིས། །རྒྱལ་བའི་སྲས་སུ་ངེས་པ་ཡིན། །བདེ་གཤེགས་ཉིད་དང་སྐལ་བ་མཉམ། །ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། །རིག་པའི་རྒྱལ་པོ་ཀླུ་ལྟར་བར། །སྔོན་དུ་འཇུག་པའི་སྟོབས་མེད་ཀྱང་། །རྩལ་ཆེན་རིག་པའི་ངང་ལ་རྫོགས། །སེང་གེ་ལྟེ་ཐག་བསྐྱིགས་པ་འམ། །བྱ་རྒོད་གཤོག་རུ་བཅུམ་པ་བཞིན། །སེམས་ལ་ཤར་ཡང་སྟོབས་མ་རྫོགས། །རྟོག་པ་རླུང་གིས་སྤར་བ་ཡིས། །སེམས་ཀྱི་རྒྱུ་བ་མ་ཟིན་ཏེ། །དངོས་པོ་ཀླུངས་སུ་མ་ཕེབས་ཤིང་། །རིག་པའི་རྩལ་ཆེན་མ་བྱང་བའོ། །འདི་ལ་རིམ་པ་མེད་པ་སྟེ། །དང་པོར་དངོས་གཞིའི་དཀྱིལ་འཁོར་བསྟན། །ཀུན་རྫོགས་དཀྱིལ་འཁོར་ལུས་ལ་རྫོགས། །འཕྲུལ་གྱི་མན་ངག་རྣ་བར་གཞུག །སེམས་ལུང་བསྒོམ་པའི་མན་ངག་བསྟན། །རྒྱ་རྟགས་གདབ་པའི་ཆོ་ག་བྱ། །བཀྲ་ཤིས་ཡན་ལག་ཀུན་ལྡན་པའི། །སེམས་དང་མཐུན་པའི་གནས་ཆེན་དེར། །གསལ་བྱེད་རིན་ཆེན་འབར་བ་དེ། །རྩི་སྟན་ར་ཡི་འོ་མས་བྱ། །གསེར་ཆུ་ཞུན་མས་རྩི་བཏབ་སྟེ། །བཻ་ཌཱུར་སོ་མ་ཏ་ཡི་རྩིས། །ཁ་བྱུགས་དྲི་མ་བྲལ་བར་བྱ། །ངན་ཤིང་དཀར་པོའི་སོལ་བ་ཡིས། །བཞུ་བའི་དངུལ་ཆུ་ཞུན་མས་བྱུག །སྐྱེ་བ་བདུན་པ་ཚངས་པའི་ཞག །འཕྲུལ་གྱི་འོ་མ་མར་མེ་ཡི། །དུད་པས་མིག་ལ་བྱུགས་གྱུར་ན། །མིག་སྤྲིན་བཏེག་ནས་བལྟས་གྱུར་ན། །སྟོང་ཆེན་མི་མཇེད་རྒྱུ་གཅིག་


DNG025_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གང་གི་ཕྱོགས་དེ་གསལ་བར་འགྱུར། །དེ་ནས་སྒོ་བརྒྱད་ལྡན་པའི་ཁྲི། །ཡིད་མཐུན་བྱུག་པ་ཀུན་བྱས་ཏེ། །ལག་ན་རྡོ་རྗེ་བྱིན་བརླབས་ཏེ། །རྩིབས་བརྒྱད་འཁོར་ལོ་གྲུ་བཞི་བྱ། །སྒོ་དབྱེ་ལས་རྣམས་ཐོབ་པར་བྱ། །དང་པོ་སེམས་བསྐྱེད་འཇུག་གི་བར། །བསྟན་པའི་ལུས་སུ་མ་རེག་པས། །ལག་ན་རྡོ་རྗེས་བྱིན་བརླབས་པའི། །བསྲུང་དང་གསད་པ་རིག་པ་གདགས། །ལོངས་སྤྱོད་ཀུན་ལའང་སྦྱོར་བས་གདབ། །ཨཱོཾ་བཛྲ་ཡཀྵ་ཀྲོ་ཏ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཡག་ཤ་ཀྲོ་ཏ་ཛྭ་ལ། ཧ་ལ་ཧ་ལ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཙཀྲ་རཀྵ་རཀྵ་མུ་རུ་ཙུ་རེ། རཀྵ་རཀྵ། ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་སྲོག་འཛིན་བླ་མ་ལ། །ལུས་དང་བཅས་པའི་ལོངས་སྤྱོད་འབུལ། །དངོས་དང་འདོད་པའི་སེམས་འཛིན་གཏང་། །མོས་དང་འདོད་པའི་བདེ་བ་སྐྱེད། །སྐལ་ལྡན་རིགས་ཀྱི་བུ་དེ་ནི། །དམ་པ་གཅིག་ལ་བསྟན་པར་བྱ། །འཇིག་རྟེན་ཁམས་ནི་མ་ལུས་ལས། །རབ་འབྱམས་ཀུན་ཏུ་དཀྲུགས་འགྱུར་ན། །རྐྱེན་དང་ལས་ཀྱིས་འཕྲད་གྱུར་ནས། །མང་ཡང་གསུམ་ལས་འདའ་མི་བྱ། །གདམས་ངག་རིམ་གྱིས་སོ་སོར་སྦྱིན། །རྒྱལ་ཐེབས་ཐུ་བོ་དེ་ལ་བསྐུར། །དང་པོར་དུས་དང་བྲལ་བ་ནས། །མཐར་ཕྱིན་ཐུན་མཚམས་བཅུ་ཕྲག་བདུན། །གཉིས་དང་ལྡན་པས་མཐར་ཕྱིན་འགྱུར། །ཟླ་ཕྱེད་འབྲིང་གི་ཐུན་མཚམས་ཏེ། །གཞན་དུ་ཡང་གྲགས་དེ་ཉིད་ཀྱིས་རྫོགས་སོ། །དེ་ལས་གཞན་པར་ཡང་ན་སྟེ། །སྤྱོད་པའི་ཡན་ལག་ཉམས་པའོ། །དང་པོར་བཅུ་གཅིག་ཞག་གི་དུས། །ནུས་པའི་ཚོགས་བསགས་བར་ཆོད་བསྲུང་། །རྡོ་རྗེ་གོ་ཆས་ལུས་སྲུང་ངོ་། །འཕོ་བའི་དུས་མཚམས་ཉི་ཤུ་དྲུག །ཐུན་མཚམས་བརྒྱད་དུ་སྒོམ་བྱ་བ། །དངོས་པོ་ཕྱི་ནང་ཐམས་ཅད་ལ། །བུ་དེས་ཇི་ལྟར་བཟུང་བ་ཡིས། །རྣམ་རྟོག་ཞེན་པའི་ཡུལ་དེ་ལ། །བརྟགས་པས་དེ་ཉིད་ངོས་བཟུང་བྱ། །དེ་བཞིན་ཐུན་མཚམས་བརྒྱད་ལ་ནི། །བཅུ་དྲུག་དག་ཏུ་རྣམ་ཕྱེ་སྟེ། །བདག་ཉིད་རྒྱན་དང་བཅས་པའི་ལུས། །གསལ་


DNG025_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡུལ་ལུས་བརྟག་བྱ་སྟེ། །མི་གཡོ་སེམས་དཔའ་ཐམས་ཅད་བཟུང་། །རྩེ་གཅིག་རྟོགས་པའི་དངོས་པོར་དམིགས། །དེ་ནས་ཐུན་ཕྱེད་བརྒྱད་པ་ལ། །སྟོང་པ་ནམ་མཁའི་འདུ་ཤེས་དངོས། །ཚད་པའི་སྟོང་པ་ཉི་ཚེ་དེ། །བརྟག་ཅིང་དེ་ཉིད་ངོས་གཟུང་བྱ། །དེ་དག་རིམ་པའི་དོན་རྣམས་ནི། །ཐུན་མོང་བློ་ཡིས་ངོས་ཟིན་ནས། །རྡོ་རྗེ་མི་ཟློག་གོ་བསྐོན་ཏེ། །བུ་ཁྱོད་རྨོངས་པའི་དྲི་མ་ཅན། །བསྐལ་པར་སྦྱོར་བའི་སྡུག་བསྔལ་ཉིད། །དངོས་ནས་དེ་ཉིད་བདེ་བར་གསལ། །དངོས་དང་གཅོང་རོང་འཁོར་བའི་མུན་པ་ཉིད། །དེ་ཉིད་ཡེ་ཤེས་སྒྲོན་མར་སྤར། །སྙིང་མའི་གནས་ངན་ཁམས་གསུམ་ཉིད། །རྒྱལ་བའི་ཞིང་ཁམས་བདེ་བར་བསྐྱར། །ང་ཡི་ཚིག་འདི་བདུད་རྩིའི་བཅུད། །ཡེ་ཤེས་སྒྲོན་མའི་འོད་འབར་ཅན། །རིག་པའི་སྟེང་དུ་ནན་ཏན་བྱའོ། །དེ་ནས་མཐར་ཕྱིན་ཐུན་མཚམས་ནི། །ཉི་ཤུ་རྩ་བཞིའམ་བཅུ་གཉིས་ལ། །འཇུག་ཅིང་ཞུགས་པའི་ཡོན་ཏན་སྟེ། །མཐོང་བའི་ལམ་དང་ལྡན་པར་བྱ། །ཕྱི་རོལ་ནང་ན་གནས་པ་ཡི། །ཐམས་ཅད་སྤངས་པའི་གཞི་མེད་དེ། །དེ་ཉིད་དོན་དེ་ཡིན་ཕྱིར་རོ། །ཕྱི་རོལ་ཡུལ་ལ་སོགས་པ་ཡིན། །གཉིས་པའི་དངོས་པོ་མི་དམིགས་པའི། །ཐམས་ཅད་སེམས་ཉིད་ཁོ་ན་སྟེ། །དེ་ཡང་དངོས་གྲུབ་ཡོད་མ་ཡིན། །དང་པོར་གཉིས་པ་མེད་པས་ན། །དེ་ནི་གཉིས་མེད་བརྟག་པ་ཡིན། །གཉིས་པར་གཉིས་སུ་མེད་པས་ན། །གཉིས་མེད་དྲག་པའི་དག་པ་ཡིན། །གསུམ་པ་ཀུན་མེད་ཐམས་ཅད་ལྡན། །བདེ་ཆེན་རང་རིག་ཡེ་ཤེས་ལ། །འདོད་པ་ཀུན་སྤངས་ཆགས་ཆེན་པོ། །ཡེ་ཤེས་ཀུན་གྲུབ་བདེ་བའི་ཀློང་། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །དེ་ནི་བཅོས་མེད་ཀུན་རྫོགས་པའོ། །དེ་ནི་རྣམ་པར་དེ་སྒྲུབ་ན། །ཡུལ་གྱི་རྣམ་པ་སེམས་ཉིད་དེ། །དེ་ཉིད་དེ་ལ་གསལ་བ་དང་། །དེ་མ་གྲུབ་པར་དེ་ལྡོག་པས། །དེ་ཉིད་དེ་ཡི་རང་བཞིན་ཏེ། །དེ་རིག་དེ་སྣང་དེ་ཁོ་ནའོ། །ཉི་མའམ་རིན་ཆེན་འབར་བ་བཞིན། །འོད་དང་ངོ་བོ་དེ་ཉིད་


DNG025_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཡུལ་དང་གཞན་གྱིས་བྱས་པ་ཡིན། །རིག་པའི་ཡེ་ཤེས་སྐུར་གསལ་བ། །སེམས་ཉིད་དྲི་མ་མེད་པ་ལ། །ནམ་མཁའི་ཁམས་དང་སྦྱོར་བའི་སེམས། །འཛིན་པའི་རླུང་དང་དེ་ཉིད་རླུང་། །ལས་རླུང་རྟེན་པས་སྤར་བ་བཞིན། །དེས་ན་དེ་བཞིན་བདེ་བར་སྣང་། །སྣང་ཡང་སྦྱོར་བ་མེད་པ་ཡི། །གཉིས་མེད་བདེ་བའི་ཡེ་ཤེས་ཡིན། །རང་འབྱུང་ཡེ་ཤེས་རྩལ་མེད་པས། །བདེ་བ་ཆེན་པོའི་ངང་དུ་འཆར། །ལུས་དང་བྲལ་བའི་ཡེ་ཤེས་ནི། །དུས་གསུམ་མཐར་ཐུག་འབྱུང་མི་འགྱུར། །དེ་བྲལ་དེ་ཉིད་མི་སྲིད་དེ། །ངོ་བོ་གཅིག་པས་མཉམ་རྫོགས་ཡིན། །འདུ་འབྲལ་མེད་པའི་ཡེ་ཤེས་ནི། །རྒྱུད་དང་བྲལ་བས་རང་བཞིན་ཅན། །དེ་ནི་སྲིད་པར་མི་རུང་སྟེ། །བདག་ལ་ཡོན་ཏན་རྫོགས་པ་དང་། །མེ་དང་ཚ་བར་འདྲེལ་བ་བཞིན། །མངོན་སུམ་བདེ་བ་ཆེན་པོར་གསལ། །བདེ་ཆེན་བདེ་བར་རྒྱས་འགྱུར་ན། །ཡུལ་དུ་སྣང་ཡང་ཐིག་ལེའམ། །རིག་པར་སྣང་ཡང་རྟོག་པ་སྟེ། །ཡུལ་དང་བྲལ་ཡང་རྟོགས་གེགས་ཡིན། །གཉིས་སུ་སྣང་ཡང་མཚན་མ་ཡིན། །སྤྲོས་པ་བཀག་ཀྱང་རྨུགས་པ་ཡིན། །རང་ལ་རྫོགས་ཀྱང་ང་རྒྱལ་ཡིན། །ཡོན་ཏན་བརྗོད་ཀྱང་བརྐམ་ཆགས་སྐྱེ། །དེ་ནས་བདེ་ཆེན་རོལ་པའི་རྒྱས། །ཐིག་ལེ་དབྱིངས་སུ་གདབ་པར་བྱའོ། །དེས་ན་ཡུལ་མེད་སེམས་མེད་པས། །ཡུལ་གྱི་མཚན་ཉིད་བསྟན་པར་བྱ། །རྟོག་མེད་ངང་ལ་ཤར་བ་ཡི། །ལུས་དང་བྲལ་བའི་ཡེ་ཤེས་ནི། །ཚིག་ལ་སྒྲོ་བཏགས་ཐ་སྙད་ཡིན། །བསྟན་བྱ་རྟོགས་པ་ལས་གྲོལ་བའི། །ཡེ་ཤེས་ཆེན་པོའི་མཚན་ཉིད་ཅན། །ཡུལ་འཛིན་རྟོག་པ་དག་བྱེད་པའི། །མ་བཅོས་ངང་གི་ཡེ་ཤེས་གསལ། །དེ་ཉིད་རྟོག་པ་རྣམས་སྤངས་ཏེ། །སེམས་ཉིད་གསལ་བས་ཡུལ་དང་བྲལ། །དོན་དུ་གསལ་བས་བག་ཆགས་བྲལ། །དེ་ཉིད་མཐོང་བས་ཐེ་ཚོམ་མེད། །རྒྱུ་བ་མེད་པར་ཀླུངས་སུ་ཕེབས། །ངང་གིས་གསལ་བས་རྟོག་སྒྲིབ་མེད། །གང་ཡང་ཡིན་པས་གོལ་ས་མེད། །རྣམ་དག་སེམས་ཀྱི་ཡེ་ཤེས་ཡུལ། །བདེ་བར་གཤེགས་པ་ཡེ་ཤེས་ཡུམ། །


DNG025_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཀུན་ལྡན་བུ་མོ་དེ། །ཐབས་ཀྱིས་མཉེས་པའི་སུམ་རྫོགས་ནས། །བདེ་ཆེན་ཕྱག་རྒྱ་མཚོན་པའི་རྒྱུ། །བདེ་བ་ཆེན་པོར་མངོན་དུ་བསམ། །བདེ་བ་ཆེན་པོར་བསྟུན་པར་བྱ། །རིན་ཆེན་གཏེར་གྱི་མན་ངག་སྦྱིན། །སྐལ་ལྡན་བདེ་བའི་རྒྱུ་ཅན་ཏེ། །ངན་རྟོག་འདོད་པའི་བག་ཆགས་ནི། །རང་འབྱུང་བདེ་བ་ཆེན་པོར་འབྱུང་། །རང་ལུས་འདོད་རྒྱལ་ཆེན་པོར་འབྱུང་། །རྣམ་རྟོག་ཡེ་ཤེས་ངང་ཉིད་ལ། །མ་བཅོས་བདེ་བའི་ཐིག་ལེར་ཤར། །རྡོ་རྗེ་མེ་ཏོག་ཐབས་ཆེ་རྩི། །སྒྱུར་བྱེད་ཨ་ཀར་རྟ་བཞིན་ནོ། །རང་འབྱུང་དཀྱིལ་འཁོར་ལུས་ལ་དགོད། །རླུང་དང་མེ་དང་བདེ་བའི་ཁམས། །འཁོར་ལོ་ལྔ་ནི་རིམ་དང་རིམ། །སྟོབས་དང་དྲག་པོའི་ཐབས་ཀྱིས་ཀྱང་། །བདེ་བའི་ལག་གི་འདུ་བྱེད་ཀྱིས། །དེ་ནི་རིམ་བཞིན་བདེ་བ་དབབ། །རྒོད་མའི་ཁ་དང་རྫོང་ཆེན་རྫོགས། །སྦྱར་ཞིང་རྩ་གསུམ་གྱེན་དུ་བརླབས། །འབར་བ་མྱུ་གུ་དྲང་ཞིང་ཞིབ། །ཉིང་ཁུའི་བདེ་བའི་རྫོང་དུ་དབབ། །བདེ་བ་ཆེན་པོའི་བཅུད་རླབས་པས། །ཙིཏྟ་རྒྱས་ཤིང་འཁོར་ལོ་དབབ། །རིན་ཆེན་རྫིང་གི་པད་མ་རྒྱས། །ཐུང་དུ་ཨ་ལ་འབབ་ཙམ་ཕོབ། །ལུས་འདར་མིག་མ་འཛུམ་ཞིང་འབར། །སེམས་ཀྱི་དམིགས་པ་སྡུས་གྱུར་པ། །སེམས་ཉིད་ཚོར་བ་བདེ་བ་སྟེ། །བདེ་བ་རང་འབྱུང་ཀློང་དུ་དབབ། །གཙུག་ཏོར་སྒྱུར་བ་རྡོ་རྗེ་ཡིས། །དེ་བ་རང་ཙ་འཇམ་དཔལ་མུ་ཏྲ་དང་། །བདེ་བྱེད་ཨིན་དྲ་བོ་དྷི་དང་། །ཨུ་བ་ར་ཧ་དེ་ཏ་ག་ཨ་ཀྵ། །དེ་བ་ཨ་མེན་ཙན་ཏྲ་ལྔས། །ཚིག་དབང་ནོས་ནས་ཐ་མའི་ལུས། །རྒྱལ་བ་ལྔའི་རིགས་སུ་བྱས། །མངོན་སུམ་བདེ་བའི་དབང་འདི་ནོས། །རྒྱལ་བའི་ཕྱག་རྒྱ་མངོན་དུ་བཏབ། །རྒྱལ་བ་ཉིད་ཀྱི་རོལ་པ་མཛད། །དེ་བཞིན་ཐ་མའི་སྐལ་ལྡན་གང་། །ཐོག་མར་རིན་ཆེན་ཚིག་དབང་བསྐུར། །ཐམས་ཅད་རང་འབྱུང་ཐུགས་སུ་དབང་། །དེ་ནས་བདེ་བའི་ཐབས་སྦྱིན་ཏོ། །ཡེ་ཤེས་བདེ་བའི་འཁོར་ལོ་ལས། །རིམ་གྱིས་ལས་ནི་སྤྱད་བྱ་བ། །ཀ་ར་ནི་ཡི་བསྟན་ཆོས་ལས། །གསུངས་པ་བདེ་བ་རྒྱས་པའི་


DNG025_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །བརྒྱ་ཕྲག་གཉིས་དང་བཅུ་ཕྲག་གསུམ། །དེ་ལ་སོགས་པའི་མ་ལུས་ཆོས། །མགོ་དང་ལུས་དང་ཡན་ལག་རྣམས། །བདེ་བའི་འཁོར་ལོ་རིམ་པས་རིམ། །གནས་དང་མཐུན་པའི་སྤྱོད་པ་བྱ། །བདེ་བ་ཆེན་པོའི་དབུགས་དབྱུང་ན། །བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི། །རང་བཞིན་བདེ་བའི་འཁོར་ལོ་ཉིད། །རྒྱལ་དང་བྲལ་བའི་མངོན་སུམ་པ། །ཐམས་ཅད་ཡེ་ཤེས་བདེ་བར་དབབ། །བདེ་མཆོག་མུ་ཁའི་མན་ངག་སྦྱིན། །མཚན་ལྡན་གང་རུང་རྒྱས་མ་དེས། །མགོ་ལ་བདེ་བའི་རོལ་པ་བྱ། །རྩ་མདུད་དགྲོལ་དང་བདེ་བ་བཀུག །བྲང་དང་ཨོག་ཀོ་སྦྱར་བྱས་ནས། །བདེ་བ་འདོད་པ་སུམ་ལག་གིས། །ཡེ་ཤེས་རྒྱལ་པོ་རིག་པར་བྱ། །མགོ་བོ་སྐྲུག་ཅིང་སྨིན་མ་ལངས། །མིག་དམར་དེ་བཞིན་མདོག་དམར་ཏེ། །ཡེ་ཤེས་རིམ་པ་སྤྲོ་བར་བྱ། །སྦྱོར་བའི་ཡན་ལག་སྔ་མ་བཞིན། །རྩ་མདུད་ལག་གི་བཟུང་བྱ་སྟེ། །ཀ་རའི་ཆོས་ཀྱང་རིམ་པར་བྱ། །རྩ་མགོ་ལག་གིས་གནན་བྱས་ཏེ། །འཕར་ལ་བཅད་ཅིང་རྒྱུ་བ་དབྲལ། །མྱུ་གུ་ཁ་ནི་ཤིན་ཏུ་དབྱེ། །སྔར་དང་བ་སྤུ་སྡང་བ་དང་། །ཆུ་ཡི་ཟིལ་པ་མདོག་བདེ་བ། །རང་ལུས་མཆོག་གི་ཐད་ཀར་དབྱུང་། །དེ་ནས་བདེ་བའི་རིམ་པ་བཞིན། །ལེགས་པའི་སེམས་ཀྱི་བཅད་པར་བྱ། །འདབ་བཞི་ལྟེ་བའི་ཡེ་ཤེས་གནས། །མ་ཕྱིན་བདེ་བས་གང་འགྱུར་ཞིང་། །མི་འཁྲུགས་བདེ་བས་གཡོས་འགྱུར་ཏེ། །རིན་ཆེན་ཡེ་ཤེས་རྫི་བརྒྱས་ཏེ། །འདོད་དང་བསམ་གཏན་བདེ་བའང་འབྱུང་། །འཁྱིལ་པའི་ཐིག་ལེ་བཞི་སྒོ་ནས། །འཇིག་རྟེན་སྤོང་བའི་བདེ་བའང་འབྱུང་། །རྡོ་རྗེ་སྒོ་རྩ་ཁམས་སའི་བཅུད། །བདེ་བའི་མ་ནུའི་རྩ་སྒོ་གསུམ། །འཕེལ་བ་ཟླ་བའི་གཟུགས་ཅན་གཉིས། །ཁ་སྦྱར་བདེ་བ་རྒྱས་པར་བྱ། །ལག་པ་གཉིས་ཀྱི་འཁྲིག་སྒོར་གསུམ། །འཕེལ་བ་ནུ་མ་མཆན་ཁུང་སྟེ། །ཙ་ན་ཀྲ་དང་སུ་ཀ་གླིང་། །འདུ་བྱེད་ལས་ཀྱི་སྦྱོར་བ་ཡིས། །བདེ་བ་འཕེལ་དང་ཐིག་ལེ་རྒྱས། །མུ་ཁ་བཞིན་དུ་འཛག་པར་འགྱུར། །འཁོར་


DNG025_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཁ་སྦྱོར་བཀུག་དང་དགུག །འདོད་ཀུན་བྲལ་བའི་ཡན་ལག་འཁྱུད། །ཀ་རའི་སྦྱོར་བའི་དམིགས་སྤྲོད་ཀྱིས། །སུ་ཀ་དང་ནི་སུ་ཀ་དབྱེ། །ཐིག་ལེ་འཁྱིལ་པའི་སྒོ་དབྱེ་ན། །དང་པོ་མི་སྲིད་དྲི་མའང་འཁྱོར། །ལུས་ཀྱང་ཁ་དོག་དམར་པོར་འགྱུར། །གཡོ་དང་འཕར་བ་ལ་སོགས་འབྱུང་། །ཤེས་པ་ལྷག་པ་སྐྱེ་བར་འགྱུར། །ཀུན་ཏུ་རྟོག་པ་ཉམས་པར་འགྱུར། །གང་གཏད་དམིགས་པའི་ཡུལ་དེ་ཟིན། །ལུས་ལ་རླུང་གི་འཕེན་པ་ཞུགས། །རླུང་གིས་ལས་རྣམས་འདོད་པ་འགྲུབ། །དེར་ནི་རྡོ་རྗེ་ཆུ་ལམ་གནས། །ཡེ་ཤེས་ཆེན་པོ་འབྱུང་བ་ཡིན། །ལུས་ནི་བསྐྱེད་ཅིང་སྨིན་པར་བྱ། །རྡུལ་ཕྲན་ཟིལ་པ་རླུང་གིས་བསྐྱོད། །གནས་གསུམ་བདེ་བའི་བསྡི་གནས་སུ། །ཐིག་ལེ་རྡོ་རྗེའི་གཟུགས་སུ་ཆགས། །སྤྲོས་ཀྱང་བདེ་བའི་གནས་སུ་བསྡུ། །རྡོ་རྗེ་རྒྱལ་པོ་ཐབས་ཆེན་ཡིན། །རྡོ་རྗེ་ཡིས་ནི་གཞིབ་བྱ་ཞིང་། །འབར་བས་རྩེ་མོ་དྲིལ་ཕྱི་བྱ། །ལག་གི་སྦྱོར་བའི་མུ་ཁ་དབྱེ། །རིག་མ་ལྷ་མོ་རྡོ་རྗེ་ཡི། །པད་མ་ཁ་དབྱེ་རྗེས་མཐུན་པར། །འཕྲད་སྦྱོར་ཨུཏྤལ་ཏ་ཀོས་བྱ། །ཨ་ཀར་རྒྱ་སྤོས་དུ་རུ་ཀ །ཀླུ་འབྲུག་འབྲས་བུའི་སྙིང་པོ་དང་། །ར་ཡི་མར་དང་དེ་བཞིན་བྱ། །སྒོ་ང་གཉིས་ཀྱི་སྦྱར་བྱ་སྟེ། །ལག་གི་སྦྱོར་ན་རྣ་ཕུར་བྱའོ། །རྩེ་གསུམ་འདོད་པའི་དབུས་སུ་གཟུང་། །དེ་བཞིན་གཡས་གཡོན་བླུག་པར་བྱ། །ན་ཡིད་བཞོན་ལ་རབ་ཏུ་བྱ། །སྨན་ནམ་གཞིབ་པས་སྣུམ་པར་བྱ། །གལ་ཏེ་བདེ་བར་འབྱུང་འགྱུར་ན། །རིན་ཆེན་རྫིང་དུ་མཆུ་བཙུགས་ཏེ། །རྔུབས་ཤིང་འཕར་བས་བརླབ་བྱ་ན། །དེས་ན་དེ་ཙམ་འགྲུབ་པར་འགྱུར། །འདར་དང་རྒྱལ་བ་ལ་སོགས་ཏེ། །མཐུན་པའི་རྟགས་རྣམས་བྱུང་གྱུར་ན། །འཁྲིལ་དང་འདོད་པའི་པྲ་ཀྲིད་བྱའོ། །རང་འབྱུང་བདེ་བ་མངོན་སུམ་བྱའོ། །ཐབས་ཀྱི་ཕ་རོལ་ཕྱིན་པར་བྱ། །ཐབས་ཀྱི་ཕྱག་རྒྱ་ཆེན་པོར་བསྟན། །བཅུད་ཆེན་འདྲེས་པ་རླུང་གི་བསྡུ། །ཐིག་ལེ་འཁྱིལ་པ་སྒོ་ཕྱེ་ན། །སྟོད་སྨད་རྒྱས་པའི་རླུང་བསྡུས་ཏེ། །བེམས་པོ་རླུང་གིས་འཕེན་སྡུད་བྱ། །གཡོ་བ་


DNG025_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་མྱོང་འགྱུར་ནས། །རྣ་ཆེན་རྫིང་གིས་རྔུབ་པར་བྱ། །རྡོ་རྗེའི་རྫིང་ལ་ཐུག་པ་རྔུབ། །རླུང་རྣམས་བསྡམས་པས་ཡེ་ཤེས་དྲང་། །བུ་གའི་གསུམ་འབབས་ཐིག་ལེ་ཡི། །བདེ་བས་རིན་ཆེན་བརྒྱུས་པ་བཞིན། །རྡོ་རྗེ་མེ་ཡི་གཟུགས་སུ་འབར། །བདེ་བའི་ཡེ་ཤེས་རང་འབར་སྐྱེ། །ཐིག་ལེ་རྡོ་རྗེ་ཁར་དབྱུང་མིན། །ཡེ་ཤེས་ལུས་ཅན་རྡོ་རྗེའི་གཟུགས། །ཐམས་ཅད་ཡེ་ཤེས་ལུས་ཅན་ཡིན། །བདེ་བ་ཆེན་པོར་ལྷུན་གྲུབ་པའོ། །འདོད་རྒྱལ་ཐབས་ཀྱི་རིམ་པ་ཡང་། །ཐམས་ཅད་རང་འབྱུང་ཡེ་ཤེས་པས། །ཡུལ་དང་ཤེས་པ་གང་སྒོ་ནས། །ཚངས་ཆེན་རྡོ་རྗེའི་དབང་བསྐུར་བྱ། །རང་ལ་རྫོགས་པའི་ལྷུན་གྲུབ་སྦྱིན། །བརྐམ་ཆགས་འདོད་ལ་མོས་པ་དང་། །སྤྱོད་ཡུལ་ཐམས་ཅད་སེམས་ཉིད་པས། །ཐམས་ཅད་སེམས་ཉིད་རེག་བྱར་བྱ། །རིག་མའི་རེག་བྱ་བདེ་བ་ཡིན། །བདེ་བ་རང་རིག་ཆེན་པོ་སྟེ། །དེ་ཉིད་མ་ལུས་ཀུན་དངོས་ཅན། །སྤང་ལེན་མེད་པའི་ཡེ་ཤེས་ཏེ། །མ་བཅོས་ལྷུན་གྲུབ་ཉིད་དུ་ཤར། །དུས་མཐའི་སྐད་ཅིག་དེ་ཉིད་ཀྱིས། །འཇིག་དང་རྟེན་དང་འཇིག་རྟེན་འདས། །བདེ་བ་ཏིང་འཛིན་ཐམས་ཅད་ཐོབ། །རྒྱུད་རྣམས་ལ་བསྟན་མ་ལུས་པའི། །ཆོས་ཀུན་མ་ལུས་དུས་གཅིག་རྫོགས། །དེ་ནི་སྤྱི་བླུགས་ཚངས་པའི་དབང་། །ཨེ་མ་ཧོ་རྡོ་རྗེའི་རིགས་ཀུན་བདག །གུས་པའི་སེམས་ཀྱིས་བླ་མ་ཟུང་། །ཚངས་པ་ཆེན་པོའི་ཡེ་ཤེས་ཀྱིས། །རང་འབྱུང་ཡེ་ཤེས་ཀློང་བརྟོལ་པའི། །མ་བཅོས་བདེ་བའི་དཀྱིལ་འཁོར་འདི། །སྤྲོས་མེད་རིག་པའི་མཁའ་ལ་ཞོག །བདེ་བ་ཆེན་པོའི་ཡེ་ཤེས་ཏེ། །རྒྱལ་བ་ཀུན་གྱི་གསང་བའི་ཡུམ། །རྡོ་རྗེ་འཕྲུལ་གྱི་ཐབས་ཆེན་རྩི། །འདི་ནི་སྤ་ཞིང་བརྣག་པར་བཟུང་། །སངས་རྒྱས་མ་ལུས་འདུས་པའི་མཁའ། །བྷ་ག་ཡངས་པའི་ཐིག་ལེ་ཀློང་། །དུས་གསུམ་རྒྱལ་བའི་གསང་མཆོག་དབྱིངས། །ཁམས་གསུམ་མ་ལུས་བདེ་བའི་ཞིང་། །ཡེ་ཤེས་རོལ་པའི་མཁའ་དབྱིངས་འདི། །མི་འགྱུར་བརྟན་པའི་སེམས་ཀྱིས་བཟུང་། །ཁམས་གསུམ་བདེ་བ་ཆེན་པོ་སྤྱོད། །


DNG025_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡེ་ཤེས་རོལ་པ་ཡི། །བདེ་བ་ཆེན་པོར་སྒྱུར་བྱེད་པ། །ཡེ་ཤེས་རོལ་པའི་ཐིག་ལེར་ཐིམ་ཧོ། །དེ་ཉིད་ཐབས་རྒྱལ་རྟོགས་པ་ཡིས། །ཡེ་ཤེས་དཀྱིལ་འཁོར་ལམ་དུ་གཞུག །བདེ་བ་ཆེན་པོའི་རོལ་པ་བྱ། །རང་བྱུང་རྫོགས་པའི་དཀྱིལ་འཁོར་དུ། །བདེ་བའི་ཡེ་ཤེས་མངོན་དུ་ཞུགས། །རིག་པའི་རྒྱལ་པོར་བདེ་བར་ཤར། །ཡེ་ཤེས་ཀློང་དུ་དམིགས་པ་སྒྲོལ། །མ་བཅོས་རང་སྣང་ལྷུན་གྲུབ་པའོ། །བཀྲ་གསལ་སྐུ་ཡི་དཀྱིལ་འཁོར་དུ། །རང་རིག་བདེ་བ་ཆེན་པོར་འཁྱིལ། །ཆགས་མེད་ཡེ་ཤེས་བརྗོད་དང་བྲལ། །ཚིག་གི་ལམ་ཆད་དགྲ་གཉེན་ཚུལ། །བརྟག་བྲལ་མ་ཆགས་རྡོ་རྗེའི་གསུང་། །རྣམ་དག་ཡེ་ཤེས་དཀྱིལ་འཁོར་དུ། །རྣམ་དག་ཡེ་ཤེས་གསུང་དུ་འཁྱིལ། །དངོས་བྲལ་རང་བཞིན་མེད་པའི་དྲི། །རྟོག་འཛིན་བྲལ་བའི་ཆགས་མེད་པས། །ཡོན་ཏན་དཀྱིལ་འཁོར་མཁའ་འདྲ་བར། །འཛིན་མེད་ཡེ་ཤེས་ཀློང་དུ་འཁྱིལ། །མུ་ཁ་བདེ་བ་ཆེན་པོའི་དབྱིངས། །འཛིན་མེད་ལོངས་སྤྱོད་རྣམ་དག་པའི། །མ་ལུས་སྒྲུབ་བྱེད་ཐིག་ལེ་ཡི། །ཡོན་ཏན་རྫོགས་པའི་དཀྱིལ་འཁོར་དུ། །རོལ་པའི་ཡེ་ཤེས་ཐིག་ལེར་འཁྱིལ། །བདེ་སྡུག་དབྱིངས་ཕྱུག་བྷ་གའི་ཀློང་དཀྱིལ་དུ། །ལས་ཀྱི་དཀྱིལ་འཁོར་ཡེ་ཤེས་སྒྲོན་མར་འབར། །བདེ་མཆོག་དབྱིངས་སུ་བསྡུས་པའི་ཐིག་ལེར་ཐིམ། །མ་ལུས་རྫོགས་པའི་དཀྱིལ་འཁོར་མཆོག །མི་རྟོགས་བདེ་བའི་དཀྱིལ་འཁོར་དུ། །མ་ལུས་དཀྱིལ་འཁོར་ཐིག་ལེར་ཐིམ། །གང་སྣང་རང་རིག་ཡེ་ཤེས་ཉིད། །མ་བཅོས་མཁའ་མཉམ་དཀྱིལ་འཁོར་དུ། །ཆགས་མེད་ཐིག་ལེའི་དབང་བསྐུར་ཏེ། །གསང་བའི་ཡེ་ཤེས་རྨད་པོ་ཆེ། །སྤྱོད་ཡུལ་མ་ལུས་ཐམས་ཅད་ཀུན། །ཡེ་ཤེས་ཆེན་པོའི་རོས་གང་པ། །རྣམ་པ་སྣ་ཚོགས་ཡེ་ཤེས་ཉིད། །ཡེ་ཤེས་ལྔ་ཡི་བདེ་བ་རྒྱས། །མི་འགྱུར་རྡོ་རྗེ་ཚངས་པའི་དབང་། །ཀུན་རྫོགས་བདེ་བ་ཆེན་པོར་ཐིམ། །ཐམས་ཅད་ཡེ་ཤེས་མཉམ་ཉིད་ལ། །ཕྱོགས་གཅིག་བདེ་བ་འདོད་པའོ། །ཕྱོགས་སུ་ལྟོས་པས་གྲུབ་པ་མེད། །རྣམ་པའི་མཚན་ཉིད་རང་བཞིན་རླུང་། །


DNG025_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོར་ལྷུན་གྲུབ་པ། །ཐམས་ཅད་རྒྱས་པའི་དབང་ཆེན་ཏེ། །ཡེ་ཤེས་རོལ་པའི་ཕྱག་རྒྱ་ཅན། །རང་ལུས་མ་བཅོས་དེ་བཞིན་ཉིད། །རྒྱལ་བའི་སྐུ་རུ་ལྷུན་གྲུབ་པ། །ཕྱག་རྒྱ་སྐུ་ཡི་དབང་ཆེན་ཡིན། །རྒྱུ་དྲུག་འཁོར་བའི་ལུས་རྣམས་དང་། །ཡེ་ཤེས་སྤྲུལ་པ་རྒྱ་མཚོའི་སྐུ། །མ་ལུས་རང་བཞིན་ལྷུན་གྲུབ་པ། །སྐུ་མཆོག་རྒྱན་གྱི་འཁོར་ལོའི་དབང་། །མྱ་ངན་འདས་དང་འཁོར་བ་ཡི། །སྒྲ་སྐད་རབ་འབྲིང་མ་ལུས་པ། །མ་ལུས་ལྷུན་གྲུབ་རྡོ་རྗེའི་གསུང་། །གསུང་གི་ཕྱག་རྒྱ་ཆེན་པོའི་དབང་། །དྲན་རྟོག་མ་ལུས་རྡོ་རྗེའི་སེམས། །ཐུགས་ཀྱི་ཡེ་ཤེས་མཁའ་མཉམ་པ། །ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས། །སྤྱི་བླུགས་ཡེ་ཤེས་རྒྱལ་པོའི་དབང་། །རང་རིག་ཡེ་ཤེས་རྒྱུན་མི་འཆད། །བདེ་བ་ཆེན་པོ་མི་འབྲལ་གཟུངས། །རང་ལུས་ཡེ་ཤེས་རིན་པོ་ཆེ། །མ་ལུས་བདེ་ཆེན་ལྔ་རྒྱས་བཏབ། །རྣམ་པ་མ་ལུས་མཆོག་ལྡན་པའི། །ཡེ་ཤེས་སྟོང་པ་ཆེན་པོའི་གོ། །ཡེ་ཤེས་འཁྱིལ་པ་རྡོ་རྗེ་བུམ། །བདེ་བ་ཆེན་པོའི་ཆོས་གང་བ། །མ་ལུས་དག་པས་ཆུ་ཡི་མཆོག །གསང་བའི་ཡེ་ཤེས་དཀྱིལ་འཁོར་ཆེ། །མ་ལུས་འདུས་པས་བཅུད་ཀྱི་བདག །གསལ་བའི་ཡེ་ཤེས་བདེ་ཆེན་པོ། །མ་ལུས་ཀུན་འདུས་རིག་པའི་དབང་། །རང་འབྱུང་རྒྱལ་པོའི་མིང་གི་མཚོན། །ཐམས་ཅད་རང་འབྱུང་བཙལ་གྱི་ཐོབ། །བསྐུར་བས་ཐོབ་པའི་དབང་རྣམས་བྲལ། །བསྐུར་མེད་གཞན་ནས་མ་ཡིན་ཏེ། །ཐོབ་མེད་མ་ལུས་མངོན་དུ་ཐོབ། །མི་འགྱུར་རྡོ་རྗེ་ཚངས་པའི་དབང་། །ཀུན་རྫོགས་བདེ་བ་ཆེན་པོར་ཐིམ་ཧོ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་ལ་བརྣག་པའི་མན་ངག་བཅུད། །ཐམས་ཅད་བསྟན་པ་རང་ལ་རྫོགས། །ལྷུན་གྲུབ་བདེ་ཆེན་མི་རྟོག་པ། །མ་བཅོས་དེ་ཉིད་བདེ་བའི་ཀློང་། །ལྷུན་གྲུབ་རང་བྱུང་ཡེ་ཤེས་མཁའ་ཁྱབ་པ། །མ་བཀག་རིག་པའི་མཁའ་ལ་རྫོགས། །རང་འབྱུང་རིག་པའི་བདེ་ཆེན་པོ། །ཡོན་ཏན་ལྷུན་གྲུབ་རྫོགས་པའི་ཀློང་། །སྤྲོས་མེད་ཐིག་ལེ་ཆེན་པོར་ཤར། །མི་རྟོག་ཡེ་ཤེས་མ་ལུས་གསལ། །འཛིན་རྟོག་བྲལ་བའི་ཆགས་


DNG025_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡུལ། །རང་རིག་ཅིར་ཡང་མི་རྟོག་པས། །ཡེ་ཤེས་རྒྱལ་པོ་མ་ལུས་གསལ། །ཅིར་ཡང་མི་རྟོག་བདེ་བ་ཆེན་པོར་མིན། །ཅིར་ཡང་མི་རྟོག་དམིགས་སུ་མེད། །ཡི་གེ་རྣམ་རྟོག་སེམས་ཀྱི་རྒྱུ་བ་མེད། །ཡེ་ཤེས་རང་རིག་མ་རིག་དཔྱད་ལུས་ཀུན་བྲལ་བའོ། །རང་རིག་རྣམ་པ་ཡེ་ཤེས་སྐུ། །བདེ་ཀློང་མངོན་དུ་གསལ་བ་ཉིད། །རྟོག་མེད་ཡེ་ཤེས་རོལ་པ་སྟེ། །རྣམ་དག་སྒྱུ་མའི་ཡེ་ཤེས་ཀློང་། །རང་རིག་ཡེ་ཤེས་སྒྱུ་མའི་ངང་། །རང་འབྱུང་སྒྱུ་མར་མངོན་དུ་གསལ། །ལྷུན་གྲུབ་སྒྱུ་མ་མ་བཅོས་པ། །བདེ་ཆེན་སྒྱུ་མའི་རང་རིག་གསལ། །རང་སེམས་ལྷུན་གྲུབ་རིན་པོ་ཆེ། །རང་རིག་མཁའ་ཁྱབ་རྡོ་རྗེའི་སྐུ། །སྒྱུ་མའི་ཡེ་ཤེས་སྤྲུལ་པའི་སྐུ། །གསལ་བྱེད་ཁམས་གསུམ་གཟུགས་བརྙན་འཆར། །མ་ཧཱ་རཀྵ་ཨ་བྱཀྵ་ཨ། །འབྲུ་གསུམ་ལྡན་པའི་སྔགས་དང་བཅས། །རྡོ་རྗེ་རིན་ཆེན་དབུགས་སུ་གཞུག །བར་ཆོད་རླུང་ཡང་དབྲལ་བར་བྱ། །བཅོ་ལྔ་ཐོ་རངས་དུས་སུ་བསྟན། །འཕྲུལ་ཚིག་རིག་པའི་ངང་གིས་བསྡེབ། །བརྡ་དོན་བྲལ་བའི་རྒྱལ་བུ་བཞིན། །ནོར་བུ་ས་ནས་བརྡ་བཀྲོལ་ཏེ། །འཁོར་ལོ་བཞི་ལ་དབང་བྱེད་ཅིང་། །སྟོབས་བརྒྱད་མཐུ་ཡི་བདག་པོར་བསྐུར། །དེ་བཞིན་སྐལ་ལྡན་རིགས་ཀྱི་བུ། །རང་སྣང་བརྡ་དོན་གྲོལ་ཐོབ་ནས། །རང་གི་མཚན་ཉིད་མ་བཅོས་པ། །སྔོན་དུ་བསྟན་པའི་མན་ངག་སྦྱིན། །ཁམས་གསུམ་མངོན་དུ་གསལ་བ་ཡི། །སྒྱུ་མའི་ཡེ་ཤེས་ལྷུན་གྲུབ་པ། །འཕྲུལ་གྱི་ཡེ་ཤེས་བསྟན་བྱ་ཞིང་། །ཆགས་མེད་ཡེ་ཤེས་ཀློང་དུ་གཞུག །ཐབས་ཀྱི་ཡེ་ཤེས་མངོན་སུམ་དུ། །སྐད་ཅིག་དུས་མཐའ་ལྷུན་གྱིས་གྲུབ། །ལྷུན་གྲུབ་བདེ་ཆེན་ཚངས་པའི་གསུང་། །ཐམས་ཅད་རྫོགས་པའི་བདེ་ཆེན་པོ། །རང་འབྱུང་ལྷུན་གྲུབ་རྡོ་རྗེ་སྟེ། །རྡོ་རྗེ་གསུམ་ལུས་ཀུན་གྱི་དངོས། །འདུས་པ་ཐིག་ལེ་དགུ་ཡི་བདག །སྙིང་པོ་ལ་འདུས་རྡོ་རྗེ་རྒྱལ། །བདེ་ཆེན་དྲུག་བསྡུས་རིག་པ་བརྒྱ། །ཀུན་གྲོལ་བདེ་བའི་ལམ་ལ་གཟུགས། །ལུང་གསུམ་བརྒྱུད་པའི་འོད་ཆེན་འདི། །ལྔ་དང་དགུ་དང་གསུམ་གྱི་འོད། །མ་ལུས་བཞིར་འགྱུར་དངོས་མེད་པ། །བརྗོད་བཞི་ཐ་སྙད་


DNG025_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བདག་ཉིད། །ཡི་གེ་རྣམ་རྟོག་རྒྱུ་བ་བྲལ། །ནམ་མཁའ་དངོས་མེད་སྟོང་པ་བཞིན། །བྲལ་ཀྱང་མ་ལུས་སེམས་ཀྱི་གཏེར། །འདོད་ཡོན་ལོངས་སྤྱོད་རྒྱལ་བའི་ཡུམ། །དེ་ཉིད་ལོངས་སྤྱོད་གཏེར་གྱི་བཅུད། །བདེ་བའི་ལོངས་སྤྱོད་རང་རིག་མཆོག །ཞིང་ཁམས་གཞལ་ཡས་བདེ་བའི་གནས། །གསང་བའི་གནས་ཆེན་གནས་པའི་བདག །རྒྱུ་དང་བྲལ་བའི་དངོས་གཞི་ཅན། །ངོ་མཚར་རྨད་འབྱུང་དེ་ཉིད་བཅུད། །མ་ལུས་འདུས་པའི་རིན་པོ་ཆེ། །བརྗོད་བྱ་མ་ལུས་ཀུན་འདུས་པའི། །རྒྱལ་བ་བསྟན་པ་ཀུན་གྱི་གཙོ། །ཐུགས་ཀྱི་བཅུད་འདུས་དེ་ཉིད་ལམ། །སྤྱོད་ཡུལ་བྲལ་བའི་རང་རིག་ཉིད། །བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས། །དངོས་གཞི་བྲལ་བའི་རང་རིག་ཉིད། །བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས། །མ་ལུས་འཕྲོས་པ་ཀུན་གྱི་རྒྱུ། །ཟག་པ་མེད་པས་འདུས་མ་བྱས། །བསྟན་པ་ཀུན་འདུས་ཐིག་ལེའི་བཅུད། །རིག་མའི་རང་གསལ་ཡེ་ཤེས་སྒྲོན། །འཕེལ་འགྲིབ་མེད་པས་ནམ་མཁའི་དབྱིངས། །སྡུག་བསྔལ་མེད་པས་བདེ་ཀློང་འཁྱིལ། །སྤང་དུ་མེད་པས་སླང་དང་བྲལ། །རེ་བ་མེད་པས་དོགས་པ་བཅོམ། །ཤེས་རྒྱུད་བཅད་པས་ཡུལ་དང་བྲལ། །བརྐམ་ཆགས་ལྔ་བྲལ་རང་འབྱུང་བས། །འཁོར་བ་རྣམ་དག་ཡེ་ཤེས་ཀློང་། །བྱེད་རྩོལ་ཏིང་འཛིན་རིམ་སྤངས་པས། །འབྲས་བུ་གཞན་འདོད་ཡུལ་དང་བྲལ། །དགེ་དང་མི་དགེ་རྣམ་རྟོག་སྤངས། །མཉམ་རྫོགས་ཆེན་པོའི་ཐིག་ལེ་ཅན། །གཙང་དང་སྨེ་བའི་ལོ་ཏོག་འདོད། །ཐམས་ཅད་མ་ལུས་ཡེ་ཤེས་ལ། །སྤྱོད་པ་རྣམ་དག་རྟོག་མེད་པ། །ཇི་ལྟར་འདོད་དགུ་བདེ་བ་སྤྱོད། །མི་རྟོག་བདེ་ཆེན་ཤར་བ་ཉིད། །དེ་ཉིད་སྤྱོད་པ་རྒྱ་མཚོ་སྟེ། །ལུས་ངག་གཙོ་རུ་འཇལ་བྱེད་པ། །དེ་ཡང་སྤྱོད་ཉིད་སྤྱོད་མེད་པ། །རང་འབྱུང་ལྷུན་གྲུབ་དེ་ཉིད་ལ། །ཡན་ལག་ཀུན་རྫོགས་ཁྱད་པར་ཆེ། །མི་དམིགས་སྒྱུ་མའི་བདེ་མཆོག་ནི། །གཉུག་མར་གསལ་ན་ལྟ་བ་ཡིན། །གདེང་དུ་ཕེབས་ནས་སྒོམ་པའི་མཆོག །སྙིང་པོར་ཆུབ་པས་དཀྱིལ་འཁོར་ཡིན། །རང་ལ་རྫོགས་ན་དབང་བསྐུར་ཡིན། །དེ་ཉིད་ཉམས་ལེན་སྤྱོད་པའི་མཆོག །བདེ་མཆོག་མི་གཡོ་འབར་བའི་ཀློང་། །མི་ལྡོག་བདེ་བའི་


DNG025_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་གྱུར་པ། །དེ་ནི་སྒྲུབ་པའི་དངོས་གྲུབ་མཆོག །མི་འདའ་བ་ཡི་དམ་ཚིག་སྟེ། །ཕྱག་རྒྱ་སྒྲུབ་པའི་ལུང་ཆེན་པོ། །མ་ལུས་ཐིམ་ཞིང་ཞུགས་འགྱུར་བས། །བདེ་བ་ཆེན་པོའི་མཆོད་པ་ཡིན། །རང་ལ་རྫོགས་པས་ཕུལ་བ་ཡིན། །བྱིན་གྱིས་བརླབས་པས་ཡེ་ནས་དག །རྟག་ཏུ་མཆོད་པས་རོལ་པའི་གནས། །གཉིས་མེད་གྱུར་པས་མཛེས་པའི་རྒྱན། །མ་ལུས་རྫོགས་པའི་རིན་པོ་ཆེ། །རྨད་བྱུང་ངོ་མཚར་དཀྱིལ་འཁོར་ཆེ། །ཀུན་རྫོགས་ཕོ་བྲང་སྙིང་པོ་དེར། །བླ་མ་རིན་ཆེན་སྲོག་འགྱུར་དེས། །ཐམས་ཅད་རྟོགས་པའི་གདེང་ལྡན་ན། །དབང་ཕྱུག་རྒྱལ་པོས་ཞུགས་པ་ཡིན། །བྱས་དང་ལྡན་པས་རབ་གནས་ཡིན། །རང་ཉིད་གསལ་བས་སྤྱན་དྲངས་ཡིན། །འཛིན་དང་བྲལ་ན་དྲི་མ་དག །མོས་དང་ལྡན་ན་སྨོན་ལམ་འཕངས། །ཆགས་དང་བྲལ་ན་བླ་མ་མཉེས། །དགུ་རུམ་སྦས་པའི་ཐིག་ལེ་དེ། །གདེང་དུ་བསྟན་ན་དེ་ཉིད་མཆོག །བསྲུང་མཚམས་མ་ཡིན་སྟོན་མཚམས་ཀྱི། །དམ་ཚིག་འདི་ཡང་རྨད་འབྱུང་གི། །ཐུན་མོང་དམ་ཚིག་ཁྱད་པར་ཅན། །བསྲུང་བ་མེད་པའི་སྡོམ་པ་ཅན། །རྟོགས་དང་ལྡན་པའི་རྣལ་འབྱོར་ལ། །དངོས་སུ་གྲུབ་པར་མི་དགོས་ཏེ། །རྡོ་རྗེ་ཚིག་གིས་བརྗོད་པར་བྱ། །རང་ལུགས་གླིང་གི་རིན་ཆེན་བྲོ། །རྒྱ་མདུད་སྣ་བཞི་སྒོ་དང་བཅས། །ཁྲོལ་ན་གཏེར་ཁྱིམ་བདག་པོ་མཛོད། །ལོངས་སྤྱོད་གཏེར་ལ་རོལ་པ་བཞིན། །རྡོ་རྗེ་ཚིག་གི་མདུད་ཁྲོལ་ན། །བྱང་ཆུབ་གཏེར་གྱི་མངའ་བདག་མཛོད། །དེ་ཉིད་ཁྲོལ་ན་དམིགས་ཕྱེ་བ། །བདེ་ཆེན་རྫོགས་ན་དཀྱིལ་འཁོར་མཐོང་། །ཐབས་ཀྱིས་ཟིན་ན་མངའ་བདག་སྟེ། །རྡོ་རྗེ་རྒྱལ་པོ་ཐོད་པ་ཡིན། །བདེ་གཤེགས་ཉིད་དང་སྐལ་བ་མཉམ། །བྱང་ཆུབ་རྡོ་རྗེའི་རིགས་ངེས་པའོ། །མཐར་ཕྱིན་ཏིང་འཛིན་རིམ་པའི་ས། །མ་བགྲོད་དམན་ལ་ཞུགས་པའམ། །གྲུབ་མཐའ་ཤེས་པར་མ་སྒྱུར་བའི། །ཐུན་མོང་བློ་ཅན་པ་ཏའི་གཟེབ། །སྒྲོལ་བའི་ཐབས་དང་དམ་ཚིག་བསྟན། །ཕྱག་རྒྱ་ཆེན་པོ་རྫོགས་པར་བསྐྱེད། །ཀུན་ཁྱབ་ཡེ་ཤེས་འབར་བའི་སྐུ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །ཁྲོ་དང་ཞི་བའི་དཀྱིལ་འཁོར་དང་། །འདུས་པའི་ཡེ་ཤེས་ལུས་ཆེན་


DNG025_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །གསལ་བར་བསྐྱེད་ལ་མངོན་དུ་བྱ། །བཟའ་དང་སྤྱོད་པའི་དམ་ཚིག་སྦྱིན། །བདེ་ཐོབ་ཐུན་མཚམས་བར་པའི་ས། །མངོན་སུམ་འཇུག་པའི་དབང་རྣམས་རྫོགས། །དགེ་སྡིག་ལས་ཀྱི་རྣམ་རྟོག་མེད། །རྣམ་སྨིན་ངན་པས་མི་གོས་པས། །རང་གི་ཆགས་མེད་བདེ་ཐོབ་པས། །ལྷུན་གྲུབ་མཉམ་རྫོགས་ཉིད་ལ་རལ། །རང་གསལ་བདེ་བའི་ལོངས་སྤྱོད་བསྒྲུབ། །མ་ཆགས་སྤྱོད་པའི་ཡེ་ཤེས་རྟོགས། །རང་སེམས་དུབ་བའི་སྟོབས་དང་ནི། །རྣམ་རྟོག་བྲལ་བའི་བྱང་ཆུབ་སེམས། །ཉིད་འགྱུར་བདེ་བའི་ལོངས་སྤྱོད་ཀྱིས། །འབྱུང་བ་བཞི་ལ་སྨིན་གྲུབ་པས། །ནམ་མཁའི་རྡོ་རྗེ་ཟས་སུ་གྱུར། །དེ་ནི་རྡོ་རྗེ་རྒྱལ་པོ་ཡི། །གཉིས་མེད་རྡོ་རྗེ་ཚིམ་པར་བྱའོ། །རྡོ་རྗེ་ཚིག་གི་ལམ་ནས་སྨྲ། །དོན་རྟོག་ཕྲ་བའི་ཚིག་གིས་དམན། །བཤང་གཅི་ཁུ་བ་ལ་སོགས་ཏེ། །རྟོག་དང་ཁ་ན་མ་ཐོའི་ཟས། །ས་ལ་སོགས་ཏེ་འབྱུང་བ་བཞི། །དངོས་པོའི་རྫས་ནི་ཐམས་ཅད་ལ། །སྦྲང་རྩི་བ་ཡི་འོ་མ་དང་། །བཟང་དྲུག་ལྕེ་པོག་དཀར་པོ་དང་། །ཚ་དང་རྡོའི་ཁྲུ་བར་བཅས། །ཆུ་ཡིས་གཏོར་ཏེ་ཟོས་འགྱུར་ན། །རྩི་རུ་ཆགས་ཤིང་གནོད་མི་ནུས། །དུག་ལའང་སྔགས་ཀྱིས་བཏབ་ལ་བཟའ། །དེ་ཡི་རྗེས་སུ་སེམས་འཇུག་པས། །སེམས་ཉིད་རྣམ་རྟོག་བྲལ་བས་བྱ། །དུས་གསུམ་ལུས་ངག་མི་འཇུག་སྟེ། །འཇུག་པའི་ཐུན་མཚམས་དུས་ཀྱིས་བྱའོ། །རྗེས་སུ་མཐུན་པའི་ལས་བྱས་ཏེ། །རང་རིག་ལྷུན་གྲུབ་རྡོ་རྗེའི་ངག །སྨྲ་བརྗོད་ཁ་ན་མ་ཐོའི་ལས། །འདོད་རྟོག་ངན་པའི་ཚིག་སྨྲས་ཀྱང་། །མ་ལུས་ཡེ་ཤེས་རྡོ་རྗེའི་སྒྲ། །མ་ལུས་སྒྲ་ལ་ཚིག་དོན་མེད། །དེ་སྐད་བརྗོད་དེ་བག་ཡངས་ཀྱི། །རྡོ་རྗེ་ངག་གི་སྤྱོད་པ་བྱའོ། །རྡོ་རྗེ་ལུས་ཀྱི་སྤྱོད་པ་ནི། །ཨེ་མ་ཧོ་མཉམ་རྫོགས་ཐིག་ལེ་སྐུ་ཡི་བཅུད། །ཆགས་མེད་རྡོ་རྗེ་ལུས་ཀྱི་ལས། །ལུས་ཀྱི་ལས་ལ་གཉིས་མེད་དེ། །ཐམས་ཅད་ཡེ་ཤེས་རང་རིག་བྱས། །གང་བྱེད་རྟོག་མེད་ངང་དུ་ཤར། །ཐམས་ཅད་སྒྱུ་མ་ལྷུན་གྲུབ་པས། །མ་ཆགས་འཛིན་མེད་ངང་གིས་བཅད། །དཔེར་ན་མིག་འཕྲུལ་སྒྱུ་མ་བཞིན། །དེ་ཡིས་དེ་ལ་དགོད་པ་བདེ། །དེ་ལ་རྒྱུ་དྲུག་ཐམས་ཅད་


DNG025_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས། །རྣམ་རྟོག་འཛིན་པ་དངོས་སུ་བསྒྲལ། །སྲོག་གཅོད་མ་བྱིན་ལེན་པ་དང་། །འདོད་ལོག་ལ་སོགས་ལུས་ཀྱི་ལས། །བག་ཚ་ཁ་ན་མ་ཐོ་དང་། །ཐམས་ཅད་དེར་ནི་ཉམས་སུ་བླང་། །མངོན་སུམ་བཤད་པའི་ལས་རྣམས་ཀྱིས། །ལ་ཐག་ཆོད་ཅིང་ཐེ་ཚོམ་བྲལ། །ཉམས་མྱོང་བདེ་བའི་རྒྱལ་པོའོ། །གང་ཟག་རྣལ་མའི་དོན་ཐོབ་པ། །འདོད་དང་ལྡན་པའི་ཐབས་ཆེན་གྱི། །བདེ་དེས་བྱང་ཆུབ་འཚོལ་བྱེད་པ། །ཐབས་ཀྱི་བྱ་བའི་ཚིག་གིས་མིན། །ཞི་དང་རྒྱས་པའི་རང་བཞིན་ཅན། །རྩོལ་བ་མེད་པས་རང་འབྱུང་ཡིན། །དེ་ནི་ཡུལ་བྲལ་ཡེ་ཤེས་སོ། །རང་འབྱུང་ཡེ་ཤེས་ཀུན་གྱི་བདག །ལུང་བཅུ་རྫོགས་པའི་ཐིག་ལེ་ཅན། །རང་ཡུལ་རྟོག་པའི་ཡེ་ཤེས་ཏེ། །དེ་བཞིན་ཡེ་ཤེས་བདག་བཞི་ཅན། །རྒྱུ་རྐྱེན་བྲལ་བས་དངོས་གྲུབ་མེད། །ཆོས་ཀུན་ནམ་མཁའི་རང་བཞིན་ཅན། །ལུས་དང་བྲལ་བས་ཡན་ལག་མེད། །དངོས་གཞི་བཅད་པས་རྟགས་དང་བྲལ། །ཀུན་སྤངས་ཀུན་གྱི་དངོས་གཞི་ཅན། །རྟོག་པའི་གསལ་རླུང་ཡེ་ཤེས་རྒྱུས། །བདེ་ཆེན་ཤར་བའི་ཡེ་ཤེས་རླུང་། །དེ་ཉིད་དེ་ལྡན་དེ་གྲུབ་སྟེ། །གཡོ་བ་མེད་པར་ཀུན་ཁྱབ་ཅན། །ཤར་བ་མེད་པར་ཀུན་ཏུ་གསལ། །འདི་ནི་སྨོན་ལམ་ཤེས་པ་བཞིན། །རྒྱུད་བཞི་བྲལ་བའི་རང་རིག་དེ། །རྒྱུ་ལ་རྩལ་འཛིན་ཐབས་སུ་འཕྲོ། །རིག་པའི་རང་གསལ་བདེ་བར་འཁྱིལ། །སྤྲོས་པ་མ་བཀག་ཐིག་ལེར་སྡུད། །མ་བཅོས་ལྷུན་གྲུབ་ཆེན་པོར་ཤར། །མ་སྐྱེས་སེམས་ཀྱི་ཐིག་ལེ་ལ། །རྩོལ་སྒྲུབ་བྲལ་བའི་ཏིང་འཛིན་གསལ། །བྱ་བ་མེད་པའི་དོན་ཀུན་རྫོགས། །རྒྱུ་འབྲས་རྡོ་རྗེའི་ངང་ལ་བསྡུས། །ཐམས་ཅད་རང་སེམས་ངོ་བོའི་ཕྱིར། །འཛིན་རྟོག་སྤྲོས་པ་ཐམས་ཅད་ཞི། །བྱེད་རྩོལ་རིག་པའི་ངང་གིས་འགྲུབ། །རྩོལ་སྒྲུབ་བྲལ་བའི་ལམ་མཆོག་ཡིན། །དགྱེས་ཆེན་སྡུད་པའི་ཐིག་ལེ་ཡིན། །རྒྱུ་དྲུག་རྟོགས་པ་ཐམས་ཅད་དང་། །མྱ་ངན་འདས་པས་རྒྱལ་བའི་ཐུགས། །མ་ལུས་བདེ་ཆེན་རིག་པའི་ངང་། །ཇི་བཞིན་མ་བཅོས་ངང་དུ་གསལ། །ལྷུན་རྫོགས་སྤྲོས་པ་མེད་པ་ཡི། །


DNG025_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འདུས་མ་ལུས་ཀུན་གྱི་བདག །རྣམ་པར་རྟོག་པའི་རྒྱུ་བ་བྲལ། །དུས་གསུམ་བྲལ་བའི་རང་རིག་ཉིད། །རྩོལ་དང་བྲལ་བས་རྒྱུན་མི་འཆད། །རྣམ་རྟོག་མཚན་མ་ཇི་སྙེད་པ། །ཇི་བཞིན་མི་འགྱུར་དེ་ཉིད་གསལ། །གནས་འགྱུར་རྒྱལ་པོའི་ལུང་ཆེན་ཡིན། །བྱེད་རྩོད་ཐམས་ཅད་མ་སྤངས་པས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སེམས་ཀྱི་རིག་པ་མ་ལུས་འདུས། །སྒྲུབ་པའི་ལམ་མཆོག་ཀུན་གྱི་བདག །འདོད་པའི་འབྲས་བུ་ཀུན་དངོས་ཅན། །རྩོལ་སྒྲུབ་དོར་བ་རྒྱུ་འབྲས་ཀྱི། །ལུས་ཅན་མ་ལུས་ཐམས་ཅད་འདུས། །འདོད་རྩོལ་བྱེད་པ་རྒྱུ་རྐྱེན་བྲལ། །བླང་དོར་མོས་འདོད་རྩོལ་དཀའ་བའི། །མཐར་ཕྱིན་ཆེ་བའི་འབྲས་འདོད་པ། །རྨོངས་པའི་ད་རྒོད་ནམ་མཁའ་ལ། །གསེར་གྱི་ཐེམས་ཀས་འཚོལ་དང་འདྲ། །སྡུག་བསྔལ་ལས་གྲོལ་འདོད་སེམས་ཀྱིས། །འདོད་པའི་ལོག་ལྟ་སྤྱི་འདྲེལ་བརྟག །འདི་ནི་རིན་ཆེན་གཏེར་གྱི་དངོས། །དོན་གཅིག་རྣམ་པ་ཀུན་སེམས་བདག །འགྲོལ་མེད་ལྷུན་གྲུབ་རྣམ་གྲོལ་ལམ། །ཀུན་རྫོགས་ཇི་བཞིན་འབྲས་བུའི་མཆོག །རྒྱུ་འབྲས་དབྱེར་མེད་ཐིག་ལེའི་ངག །བྱ་མེད་ལྷུན་རྫོགས་སེམས་ཀྱི་གཏེར། །དཔེ་བྱད་མཚན་ཆེན་རྒྱན་རྫོགས་ཏེ། །མཚོན་ཆའི་ཕྱག་རྒྱ་དྲི་མ་མེད། །དྲན་རྟོག་མི་འགྱུར་གསལ་བའི་ཐུགས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཅན། །འདོད་སོགས་ཏིང་འཛིན་བདེ་བའི་རོ། །ཡན་ལག་ཏིང་འཛིན་སྟོབས་དང་བཅས། །མི་རྟོག་བདེ་བ་གཅིག་ཏུ་འཁྱིལ། །མ་ལུས་ཀུན་གྲུབ་དབྱེ་བ་ཅན། །མི་རྟོག་ཡེ་ཤེས་བདེ་བའི་ཐུགས། །དཔག་མེད་ཏིང་འཛིན་འབུམ་ཕྲག་སྒོ། །སྐལ་ལྡན་དང་པོ་ཉིད་ནས་རྫོགས། །རྒྱུ་དྲུག་འགྲོ་བ་མ་ལུས་པའི། །ལུས་སྣང་རྣམ་པ་ཇི་སྙེད་པ། །གཟུགས་སྣང་རགས་པས་བསྡུས་པ་ཀུན། །ཐམས་ཅད་འཁྱིལ་པའི་ཡེ་ཤེས་སྐུ། །ཚད་ལས་འདས་པའི་སྐུ་རྫོགས་ཏེ། །མ་ལུས་འདུས་པ་སྐུ་ཡི་བཅུད། །གྲགས་སྟོང་འཛིན་པ་ཆགས་བྲལ་གསུང་། །རྒྱུ་དྲུག་སྒྲ་སྐད་ལ་སོགས་ཏེ། །རབ་འབྲིང་ཡི་གེ་བརྗོད་པ་རྣམས། །མ་ལུས་སྐྱེ་མེད་རྡོ་རྗེའི་གསུང་། །རྨད་འབྱུང་ལྷུན་གྲུབ་ཆེན་པོ་ཉིད། །མི་རྟོག་བརྡ་འཇལ་ཐམས་ཅད་གོ། །ཐམས་ཅད་སྟོན་པའི་རིག་པའི་སྒོ། །སྒྱུ་མ་ཆུ་ཟླ་བདེ་བའི་


DNG025_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་། །མི་རྟོག་ཐབས་ཀྱི་ཡེ་ཤེས་འདི། །མ་བཅོས་རང་བྱུང་ཆེན་པོ་ལ། །རྣམ་པའི་ཡེ་ཤེས་ཐབས་ཀྱི་རོལ། །རྒྱལ་བའི་དགོངས་པ་ཀློང་བརྡོལ་བའི། །རྣམ་པའི་ཡེ་ཤེས་བདེ་ཆེན་འདི། །མངོན་དུ་སྣང་ལ་མཐོང་བ་མེད། །རང་ལ་རྫོགས་ན་གྲུབ་པ་མེད། །འདི་དང་བྲལ་ན་རྟོག་པའི་བདག །མཚན་མའི་མདུད་པ་གྲོལ་མི་འགྱུར། །དེ་ནས་སྐལ་ལྡན་རིགས་ཅན་དེས། །བདེ་བ་ཆེན་པོའི་རྒྱས་བཏབ་པའི། །མི་རྟོག་ཡེ་ཤེས་ལྷུན་གྲུབ་པ། །བདེ་བའི་རོལ་པས་བསྒྲུབ་པ་བྱ། །རླུང་དང་རྟོག་པ་བསླད་པ་ཡིས། །རྒྱུན་དང་བཅས་པའི་ཡེ་ཤེས་ཏེ། །བདེ་ཆེན་ཡེ་ཤེས་རླུང་དུ་དབབ། །རླུང་ནི་རྣམ་པ་གཉིས་ཡིན་ཏེ། །རིག་པའི་རླུང་དང་བེམས་པོའོ། །བེམས་པོ་ལ་ནི་རྣམ་གསུམ་སྟེ། །སྲོག་འཛིན་ཤེས་པའི་རྟེན་ཉིད་དང་། །ལུས་ཟུངས་བཅུད་དང་འདྲེས་པ་དང་། །སྙིགས་མ་ལུས་ཀྱི་ལས་བྱེད་པ། །གྱེན་དུ་རྒྱུ་དང་ཐུར་དུ་རྒྱུ་བའོ། །རིག་པའི་རླུང་ནི་གཅིག་ཡིན་ཏེ། །བྱེ་བྲག་བརྒྱད་དང་དཔག་མེད་པའི། །རླུང་ནི་གཅིག་གི་འཕེན་པ་ཡིན། །རྟེན་པ་ལས་རླུང་ཟིན་གྱུར་ན། །ཀུན་ཀྱང་རིག་པ་ཟིན་པ་ཡིན། །བདེ་བའི་རོལ་པ་ཡེ་ཤེས་སྐུ། །འབད་རྩོལ་བྲལ་བའི་བདེ་ཆེན་ལས། །ལྷུན་གྲུབ་ཐབས་ལ་བརྟེན་པས་གྲུབ། །ཡེ་ཤེས་རང་རིག་ཆེན་པོ་སྟེ། །རང་གི་མི་ལྡོག་ཐབས་ཀྱི་མཆོག །སྐལ་ལྡན་ཡེ་ཤེས་རྒྱལ་པོ་དེས། །བར་པའི་ཐུན་མཚམས་བཅུ་གཉིས་ཀྱིས། །ཡེ་ཤེས་རིག་པའི་ཕུར་པས་ཐེབས། །རྟོག་པ་གཞོན་པའི་རླུང་དང་འཕྲད། །འདོད་པ་དམིགས་པའི་ཡུལ་དང་འཕྲད། །མཐར་ཕྱིན་དུས་མཚམས་གཅིག་གིས་ཀྱང་། །ཡེ་ཤེས་ཐིག་ལེའི་དངོས་གྲུབ་ཐོབ། །བདེ་བ་ཆེན་པོར་སྒྱུར་བའི་ཐབས། །འདི་ནི་ཐར་པའི་ལམ་མཆོག་སྟེ། །རྒྱུ་འབྲས་མེད་པའི་མཐར་ཕྱིན་ནི། །དང་པོ་རིག་བའི་རླུང་གཟུང་སྟེ། །ཉིན་དང་མཚན་གྱི་ཐུན་གཉིས་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བཅུ། །འཕོ་བའི་ཐུན་མཚམས་བཅུ་གཉིས་ཏེ། །ཀུན་འདར་འཕོ་བ་གཅིག་ཡིན་ཏེ། །སྙིགས་མ་བཅུ་ཡི་གཅིག་འཕོ་


DNG025_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དྭངས་མའི་འཕོ་བ་བསྟན་པར་བྱ། །འདི་ཉིད་རིམ་པ་འདི་ཡིན་ཏེ། །ཡེ་ཤེས་འཇའ་ཚོན་ལྟ་བུའི་འོད། །བདེ་བ་ཆེན་པོའི་ཡེ་ཤེས་ཏེ། །ཁམས་གསུམ་རང་འབྱུང་ཆེན་པོ་སྟེ། །མི་གཡོ་ཐིག་ལེ་དག་བྱས་ཏེ། །རྔུབས་པས་རྐྱལ་པ་དྲུད་པ་ལྟར། །སྤྲོས་པ་དེ་ཉིད་བཤོས་པ་ལྟར། །ཡེ་ཤེས་རླུང་གིས་སྟོང་པར་བྱ། །ཨ་པདྨ་འདས་ནས་ལྡང་གི་བར། །གཡོ་མ་རང་བྱུང་ཐིག་ལེ་བྱ། །དེ་ནས་ཐིག་ལེའི་རྟགས་འབྱུང་སྟེ། །ཁམས་སྙོམས་རང་ལུས་བདེ་བ་རྒྱས། །ཉམས་དང་བྲལ་ནས་མཁའ་ལ་འདུག །ཚོར་བ་བདེ་བ་ཆེན་པོར་སྐྱེ། །རྒྱུ་བ་གསལ་ཞིང་བྱེ་བྲག་ཤེས། །དེ་ནས་བདེ་བ་འཕྲོ་བ་ཡི། །ཡེ་ཤེས་རླུང་ལ་རྔུབ་པར་བྱ། །དེ་ཉིད་ཐབས་ཀྱི་ཡེ་ཤེས་དགུག །དཔེར་ན་རགས་པ་གྱེན་རྒྱུ་རླུང་། །ཀུན་འདར་ཕྲ་བའི་རླུང་བཞིན་དུ། །གསང་བའི་པདྨའི་ལྟོ་བ་ནས། །ན་ས་འདུས་པའི་ལྟོ་བ་ནས། །ཤིན་ཏུ་ཕྲ་ཞིང་དལ་བ་ཡི། །ཡེ་ཤེས་རླུང་གི་ལྷུན་གྲུབ་པ། །བདེ་བ་ཆེན་པོའི་རྒྱུ་བ་བྱ། །རླུང་ནི་ཐུན་ཕྱེད་ཕྱེད་དག་ཏུ། །སྟོབས་ཀྱིས་ལྡང་བར་ནུས་འགྱུར་ན། །དེ་ནས་རྒྱུ་བ་མེད་པ་བསླབ། །ལུས་བསྲང་བདེ་བའི་བག་ཡངས་ཀྱིས། །ཨོཾ་དང་ཧཱུཾ་དུ་སྦྱར་བྱས་ཏེ། །གསང་བར་ལྟེ་བར་དམིགས་བྱ་སྟེ། །རྔུབ་དང་འབྱུང་བའི་རིམ་གྱིས་ཏེ། །གནས་པའི་བདེ་བ་རྒྱས་པར་བཟུང་། །ལུས་ཟུངས་དབུགས་བཅུད་ཉིད་དུ་བསྲེ། །དེ་ལ་མཐུན་པའི་རྟགས་འབྱུང་སྟེ། །རེག་པས་ལུས་ཟུངས་རྒྱས་འགྱུར་ཏེ། །བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ། །ན་ས་སྒོ་དང་དབང་པོའི་ལམ། །ཀུན་ཏུ་སྤྱོད་ནུས་འཇུག་ལྡང་མེད། །འཕོ་བ་མེད་པའི་དགག་པའང་འགྲུབ། །དབང་པོའི་ལམ་ནས་རང་རིག་ཏུ། །ཡེ་ཤེས་ཆེན་པོའི་འདྲེས་ནས་འབར། །དེ་ཉིད་སྟོབས་ཀྱི་མ་ལུས་འདྲེས། །བསྐལ་པ་དུ་མའི་དབུགས་ཀྱང་བསྡུད། །གནོད་པ་མེད་པར་གདམས་པའང་འགྲུབ། །འདི་ནི་ཐབས་ཆེན་གང་བའི་ལས། །བདེ་བ་ཆེན་པོར་རྒྱས་ཐེབས་པས། །རོལ་པའི་ཀློང་དུ་ཕེབས་པ་ཡིན། །དེ་ནས་བདག་ཉིད་རང་འབྱུང་གི། །བདེ་བ་ཆེན་པོའི་ཐིག་ལེར་གསལ་འཆར་ཡང་། །


DNG025_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མཚན་ཉིད་མ་བཅོས་པའི། །བདེ་བའི་དཀྱིལ་འཁོར་རང་ལུས་གསལ། །རང་བྱུང་བདེ་བའི་ཕུར་པས་ཐེབས། །ཕྱོགས་བཅུ་མ་ལུས་ཐམས་ཅད་ཀུན། །ཡེ་ཤེས་ཆེན་པོའི་འོད་ཀྱིས་ཁྱབ། །ཡེ་ཤེས་སྐུ་ཡི་འོད་ལ་ཞུགས། །རང་བྱུང་གསུང་གི་ཟེར་ལ་རོལ། །ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས། །མི་འགྱུར་ཡེ་ཤེས་རླུང་དུ་ཕེབས། །དེ་ནས་བདེ་ཆེན་འཁོར་ལོ་བསྐོར། །རང་བྱུང་ཡེ་ཤེས་རྣམ་པའི་ལུས། །རང་གི་མཚན་ཉིད་མ་བཅོས་པ། །བདེ་བ་ཆེན་པོར་སྐུ་གསུམ་ཐིག་ལེར་ཤར། །བདེ་བ་ཆེན་པོར་རང་རིག་ཉིད་དུ་འགྲུབ། །མ་བཙལ་རྫོགས་པའི་ཡེ་ཤེས་སྐུ། །བཀྲག་གསལ་བདེ་བ་ཆེན་པོའི་གཟུགས། །རང་རིག་སྒྱུ་མའི་ཡེ་ཤེས་གསལ། །ཆགས་མེད་ཅིར་ཡང་མ་རྟོགས་པ། །ཐམས་ཅད་རང་བྱུང་ཡེ་ཤེས་སྐུ། །འགྱུར་མེད་མ་བཀག་ཀློང་དུ་ཤར། །དེ་ཉིད་མཐུན་པའི་ལས་ཅིག་ལ། །མཐུན་པའི་དམིགས་པ་བསྒོམ་པར་བྱ། །དེ་བཞིན་དངོས་པོ་མ་ལུས་པ། །དྲན་པའི་ཐག་པ་གདགས་བྱ་སྟེ། །རང་བྱུང་བདེན་པའི་ལུང་ཕོག་སྟེ། །སྤྱོད་ཡུལ་ཞིང་ལ་ཕྱག་རྒྱས་བཏབ། །གང་འདོད་དེ་དེའི་ལུང་གསལ་བྱས། །གང་ཞིག་གང་དང་ལྡན་འགྱུར་བ། །དེ་ཡང་དེ་དེས་སྨིན་པར་འགྱུར། །དེ་ཉིད་དེ་ཡི་ཕྱག་རྒྱ་ཅན། །དེ་ནི་དེ་མེད་དགྲོལ་བར་འགྱུར། །འདི་ནི་དེ་དེའི་ཐབས་ཆེན་ཡིན། །པདྨ་ཅན་གྱི་གསེར་གླིང་ཁང་། །གཟུགས་བརྙན་མཐོང་ཡང་སྐྲག་ཅིང་འབྲོས། །དྲན་ལས་སྡུག་བསྔལ་དྲག་པོ་བསྐྱེད། །དགའ་བའི་གླིང་དང་འཁྲུག་པའི་གླིང་། །གནས་པ་བདེ་དང་ཞེ་སྡང་བསྐྱེད། །དད་པའི་སྐལ་ལྡན་སྨིན་པར་བྱའོ། །དྲུག་གམ་ཐུན་མཚམས་བཅུ་གཉིས་ལ། །མན་ངག་འབད་པའི་རྩོལ་བས་བསྒྲུབ། །དེ་ནས་རང་བྱུང་བདེ་ཆེན་ཏེ། །སྤྱོད་ཡུལ་ཐམས་ཅད་མ་འདའ་ལ། །ཐམས་ཅད་ཡེ་ཤེས་རྣམ་པར་གསལ། །ཁྱབ་གདལ་ཆེན་པོའི་ངང་ལ་རྫོགས། །ཡེ་ཤེས་རིག་པའི་ཀློང་དུ་གདགས། །མཁའ་ལྟར་ཁྱབ་པས་མུ་མཐའ་མེད། །སྐྱེ་འགྲོ་རྡོ་རྗེའི་ས་རུ་ཆུབ། །མ་བཅོས་ཐིག་ལེ་མངོན་སངས་རྒྱས། །


DNG025_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་སྙིང་པོ་རྡོ་རྗེའི་སྐུ། །ཡོན་ཏན་ལྷུན་གྲུབ་རྡོ་རྗེའི་རྒྱན། །བཀོད་པ་མེད་པར་རང་རྫོགས་པ། །ཁམས་གསུམ་བདེ་བའི་ལོངས་སྤྱོད་དང་། །རིན་ཆེན་ལྷུན་གྲུབ་བྱང་ཆུབ་ཞིང་། །རྒྱལ་བའི་དགོངས་པ་སེམས་ཀྱི་གཏེར། །མ་ལུས་འདུས་པའི་ཐིག་ལེ་ཅན། །བདག་ཉིད་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་རྒྱལ་པོ་ཀུན་ད་མེད། །ལོག་རྟོག་དངོས་པོ་ཐ་དད་པ། །ལྷུན་གྲུབ་བདེ་བ་ཀློང་ན་གསལ། །མ་འདྲེས་གསང་བའི་བདེ་ཆེན་པོ། །གང་དང་གང་གི་གང་རྣམས་ནི། །དེ་དེ་དེ་ཉིད་དེ་དེ་རུ། །དེ་ཉིད་དེ་ལ་དེ་དེར་སྣང་། །དེ་ཉིད་དེ་ཡི་རང་བཞིན་པས། །དེ་རྟག་དེ་ལ་ལྷུན་གྱིས་གྲུབ། །མ་ལུས་རྣམ་དག་ལྷུན་གྲུབ་པ། །རིག་པ་རང་འབྱུང་འང་དེ་རྫོགས་པར། །དང་པོའི་ཐུན་མཚམས་བཅུ་གཉིས་ཏེ། །གདོན་མི་ཟ་བར་བཅུ་ཡིས་འགྲུབ། །ཟླ་ཕྱེད་ཟླ་བ་ལྔ་ཡི་ཞག །རྣམ་པ་མཚན་ཉིད་འདོད་རྣམས་ལ། །རྒྱུ་བ་བྲལ་བའི་མངོན་སུམ་ལ། །རིམ་གྱིས་ཅིག་ཅར་གོམས་པར་བྱ། །སྤང་ལེན་འཛིན་རྟོག་རེ་དོགས་དང་། །བདེ་སྤྱོད་གཙང་སྨེ་ཟློག་སྲིད་པ། །གྲུབ་མཐས་ལོག་རྟོག་འདོད་རྩོལ་བ། །གྲགས་པའི་ཐ་སྙད་གཡོ་བའོ། །རང་འབྱུང་རྒྱལ་པོས་ཐོགས་མེད་པར། །སྤྱོད་པ་རྒྱ་མཚོར་ཅི་བདེར་སྤྱོད། །གང་ལྟར་སྤྱོད་པ་རྫོགས་ལོངས་སྤྱོད། །ལུས་ངག་བྱ་བ་མ་ལུས་པ། །ཡུལ་དང་གདུལ་བྱ་བློ་ཡི་རིམ། །ཉམས་པར་མི་འགྱུར་ཐབས་ཀྱིས་སྤྱད། །རང་བྱུང་སྤྱོད་པའི་རྒྱལ་པོར་བྱ། །ཁྱུང་ཆེན་ནམ་མཁའ་འཕུར་བ་བཞིན། །ཆགས་མེད་ཉམ་ངའི་སེམས་མེད་ཅིང་། །གནས་མེད་གནས་པར་མི་བྱའོ། །རིག་པ་རང་འབྱུང་མཁའ་ལྟར་ཁྱབ། །སྐྱེ་མེད་ལུས་ནི་རྡོ་རྗེའི་སྐུ། །བདེ་བའི་ཐབས་ཀྱིས་བསྒྲུབ་པར་བྱ། །བེམས་པོའི་རླུང་ཉིད་ལུང་བསྟན་པ། །སྡུད་དང་འདུས་པའི་རླུང་དེ་ཉིད། །ལུས་གཟུངས་རླུང་ལ་བསྡིམ་པར་བྱ། །དྭངས་མའི་ལུས་གཟུངས་བཅུད་དུ་འདྲེས། །མི་ཤིགས་རླུང་དང་གཅིག་ཏུ་གྱུར། །ཟ་བའི་ཁམས་དང་བྲལ་གྱུར་ནས། །ཐུན་མཚམས་ཟས་ལ་རྟེན་པས་ནི། །ཐིག་ལེ་འཁྱིལ་པའི་


DNG025_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཕྱེ་ནས། །སྲོག་གཟུངས་བཅུད་དང་འདྲེས་གྱུར་ཏེ། །རིན་ཆེན་རྫིང་གི་དན་རྒྱུའི་ལམ། །བུ་ག་གཉིས་པ་ཡན་ཆོད་དུ། །རྡོ་རྗེ་ཏིལ་འབྲུའི་གཟུགས་སུ་འཁྱིལ། །ཡེ་ཤེས་རླུང་དང་ཁུ་བ་ཁྲག །དྭངས་པ་འཁྱིལ་པ་བདེ་བའི་བཅུད། །ཡོངས་སུ་འཁྱིལ་པར་རང་འབར་གཟུགས། །སྙིགས་མ་བྲལ་ན་སྟོབས་དང་ལྡན། །རང་བྱུང་བདེ་བ་ཆེན་པོའི་ཟས། །མི་འགྱུར་བདེ་བ་ལྷུན་གྱི་ཚེ། །ཐོབ་ནས་རང་འབྱུང་ལྷུན་གྲུབ་ཏུ། །སྐད་ཅིག་དེ་ལ་འགྲུབ་པར་བྱ། །འདི་ནི་རབ་འབྲིང་ཐུན་མཚམས་ཀྱིས། །ངེས་པར་འགྲུབ་སྟེ་གཞན་དུ་ན། །ཟླ་བ་བཞི་ཡིས་གདོན་མི་ཟ། །འདི་ནི་ངོ་མཚར་ཡ་མཚན་གྱི། །རྨད་བྱུང་ཐབས་ཀྱི་འཕྲུལ་ཆེན་ཡིན། །བདེ་གཤེགས་མ་ལུས་དགོངས་པ་ཡི། །རྒྱལ་བ་རྣམས་ནི་ཀུན་གྱི་བཅུད། །རྡོ་རྗེ་ཟམ་པ་རྣ་བརྒྱུད་འདི། །བསྟན་པ་ཀུན་གྱི་ཉིང་ཁུ་འདི། །བཀའ་ཡི་རྒྱལ་པོར་ཕྱུང་བ་སྟེ། །རྒྱུད་ཀྱི་རྒྱལ་པོ་ལུང་གི་མདོ། །མན་ངག་སེམས་ཀྱི་ཚད་འཛིན་པ། །བསྟན་པའི་འཁོར་ལོ་འདུས་པའི་གཙོ། །རྒྱལ་བ་མངོན་དུ་སྟོན་པ་ཡི། །ངོ་མཚར་འཕྲུལ་གྱི་ལྡེ་མིག་ཡིན། །ཐབས་རྒྱལ་བ་དང་བྲལ་བ་ཡི། །སྐལ་ངན་རྣམས་ནི་མུན་པར་ལྷུང་། །བསྐལ་པ་བྱེ་བ་མཐའ་ཀླས་པར། །བཙལ་ཀྱང་འགྲུབ་པར་མི་འགྱུར་རོ། །འདི་ན་དངོས་གྲུབ་ཡ་མཚན་གྱི། །མངོན་སུམ་འཕྲུལ་གྱི་ལྡེ་མིག་སྟེ། །དུས་མཐའི་སྐད་ཅིག་དེ་ཉིད་ལ། །གང་ཡིན་དེ་ཡི་སྔོན་དུ་སྟེན། །རང་བྱུང་ཉག་གཅིག་མངོན་སུམ་ལས། །འདི་ལས་གཞན་པའི་ཤེས་པ་མེད། །མན་ངག་བསྟན་པས་རྒྱལ་བའི་གྲལ་དུ་འཇོག །འདི་ནི་ཚིག་དང་བྲལ་བས་ཏེ། །ཐུན་མཚམས་གསུམ་དང་ལྡན་པ་ཡིས། །རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ། །གཞན་དུ་བསྟན་པའི་མཚན་ཉིད་ཀྱིས། །ངེས་པར་གདོན་མི་ཟ་བར་འགྲུབ། །གནས་ནི་བྲག་དང་ཆུ་ལ་བཞག །སྲོག་དང་བྲལ་བའི་ཁ་བཞིན་སྡོམ། །འདི་གནས་ལྡན་པའི་སེམས་ཅན་ནི། །ཁམས་གསུམ་བྱུགས་ཀྱང་གཅིག་ལྡན་མིན། །འདི་ནི་སྲིད་བཞིན་དགྲ་ལ་སྟོན། །
དྲེགས་པའི་ཆོས་བརྒྱད་གཙོར་བཞག་ནས། །ཉམས་པའི་སེམས་ཀྱིས་འཆིལ་འགྱུར་ན། །འདི་ལ་རྡོ་རྗེ་དམྱལ་གནས་སུ། །ངེས་འགྱུར་ཐེ་ཚོམ་མེད་པར་ངེས། །དེས་ན་བསྟན་པའི་བཀའ་དང་བསྟུན། །བཀའ་ཡི་བཅུད་འདུས་ཐུགས་ཀྱི་ཉིང་ཁུ་འདི། །ལག་ན་རྡོ་རྗེས་རྣ་བརྒྱུད་སེམས་ལ་བསྡིམ། །རྡོ་རྗེའི་ཟམ་པ་བསྟན་ནས་འཕྲུལ་གྱི་ལུང་བཅུ་ཕོབ། །ལུང་བསྟན་སྐལ་ལྡན་རྣམས་ཀྱི་སེམས་ལ་ཐིམ། །རྣ་བརྒྱུད་སྤྱི་བུགས་ཚངས་པ་དབང་གི་རྒྱུད་རྫོགས་སོ།། །།

རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པ་ཞེས་བྱ་བའི་རྒྱུད།


DNG025_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཨ་ཏི་དྷརྨ་བོ་དྷི་ཙིཏྟ་བིནྡུ་ས་མུ་དྲ་ན་ཤ་ཨཱ་བརྟ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པ་ཞེས་བྱ་བའི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་གི་ཚེ། བྱིན་རླབས་ཆོ་འཕྲུལ་ཆེན་པོར་ཀུན་སྟོན་པ། །བཅོམ་ལྡན་རྒྱལ་བ་ཀུན་གྱི་སྙིང་པོ་མཆོག །ཡོན་ཏན་མ་འགགས་རྣམ་པར་འཕྲུལ་པའི་གཞི། །རང་གི་མཚན་ཉིད་གཞན་དང་དབྱེར་མེད་པས། །དཀྱིལ་འཁོར་གནས་ཀྱི་རྣམ་འཕྲུལ་ཀུན་སྟོན་བྱེད། །གསང་བ་གསང་མཆོག་གཞན་ལས་འཕགས་པའི་གནས། །དོན་ཉིད་སྒྲིབ་མེད་ཡོན་ཏན་ཀུན་སྣང་བ། །ཡེ་ཤེས་ཁང་བཟངས་རབ་ཏུ་བརྒྱན་པའི་ཚོགས། །ཐུགས་རྗེ་བྱང་སེམས་རྣམ་དག་དཀྱིལ་འཁོར་གནས། །ངོ་བོ་གཉིས་མེད་རང་ལས་རྣམ་འཕྲུལ་ཞིང་། །ཡོན་ཏན་ཕྲིན་ལས་བྱ་བཙལ་རྫོགས་པའི་ཆོས། །ཕྱོགས་དུས་མ་འགགས་རབ་ཏུ་བཀོད་པའི་ཁམས། །ཞི་དང་ཁྲོ་ཚོགས་སྤྲུལ་པ་ཡང་སྤྲུལ་བཅས། །གནས་སྐབས་གཞན་རྒྱུད་ཐ་དད་སོ་སོ་བའི། །རྒྱས་པའི་སྙིང་པོ་མི་གཉིས་རྫོགས་བྱེད་པ། །དད་བརྩོན་ཤེས་རབ་རྩེ་གཅིག་འདུས་པའི་ཚོགས། །རང་གི་ཆོས་ཀུན་གནས་རྣམས་སྟོན་པར་བྱེད། །ཐབས་ལྡན་བྱང་ཆུབ་སེམས་དཔའ་ཀུན་གྱིས་བསྟོད། །རིགས་ཀྱི་རྒྱལ་བ་མང་པོས་མཛེས་པར་བརྒྱན། །ཐེག་མཆོག་གསང་བའི་རྒྱུད་ཆེན་གནས་འཇུག་པའི། །སངས་


DNG025_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྲས་ཀྱི་ཞིང་ཁམས་རྡུལ་སྙེད་ཚོགས། །འདི་དག་ཉིད་ཀྱི་དཀྱིལ་འཁོར་ཇི་བཞིན་པར། །ལྷ་དང་ཀླུ་སོགས་སྡེ་བརྒྱད་འདུས་པ་དག །བྱིན་རླབས་སྔགས་ཀྱིས་རྣམ་གྲོལ་ཚོགས་བསྐྱེད་ཅིང་། །སྣང་བའི་མེ་ལོང་གསལ་བའི་དོན་སྟོན་འགྱུར། །བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ཡེ་ཤེས་གནས། །དངོས་ཚོགས་རྒྱུན་གྱིས་ཆོས་རྣམས་མ་འདྲེས་པར། །རབ་ཏུ་རྣམ་དག་གྲོལ་བར་བྱེད་པ་ཡི། །དེ་ཉིད་སངས་རྒྱས་ཐེག་པའི་མཆོག་ཏུ་འགྱུར། །རང་གི་ཡེ་ཤེས་ཡང་དག་ཆེར་རྒྱས་ཤིང་། །སྟོན་པའི་བྱིན་རླབས་བདེན་གཉིས་ཟུང་དུ་འཇུག །རིགས་ཚོགས་དཀྱིལ་འཁོར་ཀུན་ལ་ཡང་དག་བརྗོད། །ཕྱག་རྒྱའི་ཚོགས་བཅས་གཙོ་བོ་སྐུར་བར་བྱེད། །རང་དང་གཞན་གྱི་ཕྱོགས་རྣམས་སོ་སོར་གཟིགས། །དེ་བཞིན་དེ་ཡི་གནས་ཀུན་མངོན་འདོད་པས། །བཅོམ་ལྡན་སྙིང་པོ་ཡེ་ཤེས་ཡང་དག་བསྐུལ། །རིགས་རྣམས་ཀུན་གྱི་བདག་པོ་རྡོ་རྗེ་སེམས། །རང་གི་གདན་ལས་ཆོས་རྣམས་སྣང་བར་བྱེད། །རིགས་ཀྱི་བདེ་གཤེགས་རྣམས་དང་ཐབས་ཅིག་ཏུ། །དགོངས་པའི་དོན་གྱིས་ཡང་དག་གསོལ་གདབ་ཅིང་། །ཕྱག་རྒྱ་གསང་སྔགས་ཚོགས་རྣམས་རྒྱ་ཆེན་པོར། །སྲི་ཞུ་གུས་པའི་ཚུལ་གྱིས་འདུད་པར་འགྱུར། །སྟོང་གསུམ་འཇིག་རྟེན་ཁམས་རྣམས་མ་འདྲེས་པར། །གསང་ཆེན་ཕྱག་རྒྱའི་དཀྱིལ་འཁོར་སྣ་ཚོགས་ཉིད། །རིགས་དང་རིགས་ཀྱི་འཁོར་ལོས་སྒྱུར་རྣམས་ལས། །འཁོར་འདས་གཉིས་མེད་དོན་ཀུན་གསལ་བྱེད་པས། །རང་བཞིན་བྱིན་རླབས་སྤྲུལ་པའི་ཚུལ་གྱིས་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ་བར་སྟོན། །དེ་ཚེ་འཇིག་རྟེན་ཁམས་མང་གཡོ་གྱུར་ཞིང་། །ཆོ་འཕྲུལ་བཀོད་པའི་ངོ་མཚར་རྨད་དུ་བྱུང་། །བདེ་དང་སྡུག་བསྔལ་ཆོས་སུ་འཇུག་པའི་ཆོས། །དེ་དག་རང་གི་དོན་ཐོབ་བདེ་བར་གནས། །འོད་ཀྱི་དཀྱིལ་འཁོར་བྱ་བ་མཐའ་ཡས་ཀྱིས། །ཞིང་ཁམས་མཐའ་ཡས་རབ་ཏུ་གསལ་བྱེད་ཅིང་། །དེ་དག་ཐེག་པ་སོ་སོའི་ཆོས་རྣམས་ཀྱིས། །དེ་དག་


DNG025_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བྱེད་གསང་བའི་དོན་ཀུན་སྟོན། །ངོ་མཚར་དུས་གསུམ་ཕྱོགས་རྣམས་ཀུན་བསྡུས་པའི། །རྒྱུད་ཀྱི་སྙིང་པོ་འདི་དག་སྤྱོད་ལས་འདས། །ཐམས་ཅད་ཡང་དག་དོན་ལས་རྨོངས་འགྱུར་ཏེ། །ཨེ་མ་ཇི་ལྟར་སྤྱོད་པའི་མཐའ་བྲལ་བའི། །ཨེ་མ་ངོ་མཚར་རང་གནས་གསལ་ཞིང་རློངས། །ཨེ་མ་རྒྱལ་བ་མཛད་པ་སྣ་ཚོགས་སྟོན། །ཨེ་མ་ཧོ་དགོངས་པའི་དོན་ཉིད་འདི་ལྟ་བུ། །ཨེ་མ་ཆོས་རྣམས་ཀུན་གྱི་གནས་འཁྲུག་འགྱུར། །ཨེ་མ་རྒྱུ་དང་འབྲས་བུ་ཇི་ལྟར་འདྲེལ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལྷུན་རྫོགས་དག །སྟོན་པའི་དོན་ཀུན་རྒྱ་ཆེར་བསྟན་དུ་གསོལ། །དེ་ཚེ་འཁོར་གྱི་བྱང་སེམས་བློ་ལྡན་ཚོགས། །རང་གི་སེམས་རྩལ་ཆོས་ཀྱི་དབྱིངས་སྦྱོར་ཞིང་། །ཕྲ་བའི་གནས་ཀུན་བརྟགས་པའི་གནས་ལ་འཇུག །ངོ་མཚར་ཚོགས་རྨོངས་ཐམས་ཅད་དམས་པར་འགྱུར། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ཇི་ལྟ་བུ། །བརྗོད་པའི་གསང་སྔགས་ཚིག་རྣམ་འདྲེལ་བའི་དོན། །བྱིན་རླབས་ཐུགས་ཀྱི་འོད་ཟེར་སྣ་ཚོགས་པས། །འཇིག་རྟེན་འདི་དག་ངོ་མཚར་རྨད་དུ་བྱུང་། །ཞིང་ཁམས་ཀུན་གྱི་སངས་རྒྱས་རྒྱ་ཆེན་རྣམས། །ཟབ་མོ་གསང་ཚིག་བདེན་གཉིས་འཇུག་པས་རྨོངས། །ཐེ་ཚོམ་རྟོག་པའི་དྲི་མ་ཀུན་བསལ་མཛོད། །རིགས་ཀྱི་བདེ་བར་གཤེགས་པ་ཀུན་གྱི་གཙོ། །གཉིས་མེད་ཤེས་རབ་ཡུམ་དང་སྦྱོར་མཛད་དེ། །རྒྱལ་བའི་འཁོར་ཚོགས་རང་རིག་སྤྲུལ་པར་བཅས། །ཞིང་ཁམས་དག་པའི་གནས་རྣམས་སྡུད་མཛད་པའི། །བཅོམ་ལྡན་ལྷ་ཡི་ལྷ་མཆོག་དགོངས་སུ་གསོལ། །དེ་ཚེ་རིགས་ཀྱི་བདེ་གཤེགས་ཐམས་ཅད་ཀྱི། །གཉིས་ཚོགས་གཉིས་མེད་ཀུན་ཏུ་སྟོན་བྱེད་ཅིང་། །དང་པོ་མཆོག་ལས་བསྐུལ་བར་མཛད། །དེ་བཞིན་གཤེགས་པ་དགོངས་པ་ཀུན་གྱི་གཞི། །ཡེ་ཤེས་བསམ་ཡས་མ་འདྲེས་ཆོས་རྣམས་སྟོན། །ཐབས་ཀྱི་བྱེ་བྲག་འགྲོ་གནས་ཇི་ལྟ་བར། །གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོས། །རང་བཞིན་སྣང་བའི་དོན་ཀུན་བསྟན་དུ་གསོལ། །རྒྱལ་བ་མཉམ་ཉིད་བདེ་གཤེགས་ཀུན་གྱི་སྐུ། །དགོངས་པ་


DNG025_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལྡན་དགོངས་པས་མཉེས་གྱུར་ནས། །ཤེས་རབ་དབྱིངས་དང་གཉིས་མེད་སྦྱོར་བའི་མཐུས། །དཀྱིལ་འཁོར་སྣ་ཚོགས་ཀུན་ཏུ་སྤྲུལ་བྱེད་ཅིང་། །ཐབས་ཀྱི་ཕྱག་རྒྱ་ཐེག་པ་སྣ་ཚོགས་སྟོན། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་ལས། བསྟན་པའི་སྒོར་སྣང་མཛད་པའི་ཚུལ་དེ་ལེའུ་སྟེ་དང་པོའོ།། །།དེ་ནས་འཁོར་གྱི་གཙོ་བོ་མཆོག །རིགས་ཀྱི་རྒྱལ་བ་སངས་རྒྱས་ཀུན། །རང་གི་དཀྱིལ་འཁོར་སྣང་མཛད་ཅིང་། །གཉིས་མེད་སྦྱོར་བས་གཙོ་མཆོག་བསྐུལ། །མཆོག་བལྟས་མཆོག་ཏུ་གྱུར་པ་ཡིན། །རྩེ་མོ་རྒྱུད་འདི་ཇི་ལྟ་བུ། །བྱང་ཆུབ་སེམས་ཀྱི་ཆེ་བ་དང་། །རང་བཞིན་ཇི་ལྟར་གནས་པ་ཉིད། །ཆོས་རྣམས་ཀུན་གྱི་གཞིར་གྱུར་ཞིང་། །ལམ་རྒྱུད་དེ་ཡི་འཐད་པ་གང་། །ངོ་བོ་སྨྲ་བསམ་ལས་འདས་པ། །ལྟ་བ་རྣམ་དག་ཚུལ་ཇི་ལྟ་བར། །སྒོམ་པ་པོ་ལ་གདམས་པ་དང་། །སྤྱོད་པ་དོན་ཉིད་མི་སྐྱེ་བར། །མཚོན་བྱེད་དཔེ་ལས་ཡང་དག་འདས། །དེ་དག་བློ་གྲོས་དཔེ་གང་ཡིན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། །ལྟ་སྒོམ་འདྲེལ་བ་ཚུལ་ཇི་ལྟར། །འཐད་པ་གཏན་ཚིགས་དང་བཅས་པས། །ཁྱད་པར་དཀའ་དོན་སྒྲུབ་པར་བྱེད། །ལྟ་བ་ཀུན་ཏུ་བཟང་པོ་ཉིད། །སྤྱོད་པ་ལ་སོགས་རྒྱུད་འཇུག་པ། །མ་འདྲེས་ཡོངས་སུ་རྫོགས་པའི་ཚོགས། །ཐབས་ལ་མཁས་པས་ཡུལ་ཇི་ལྟར། །ཐེག་པའི་རིམ་པ་སྣ་ཚོགས་ཀུན། །རང་གི་འབྲས་བུ་ཇི་ལྟར་འགྲུབ། །ཡེ་ནས་ལྷུན་གྱིས་གྲུབ་པ་ལ། །རྩོལ་བཅས་བྱ་བ་མི་སྐྱེད་དམ། །ཐིག་ལེ་ཆེན་པོ་ལྷུན་གྲུབ་ཏུ། །ཆོས་རྣམས་མ་བཙལ་རྫོགས་པ་ཉིད། །དེ་ལས་དེ་བྱར་སྒྲུབ་པའི་ཆོས། །ངོ་བོ་གཅིག་པ་ཇི་ལྟར་འབྱུང་། །ཆོས་ཉིད་དབྱིངས་དང་དབྱིངས་རྣམ་དག །ཡེ་ཤེས་ཀུན་ཏུ་བཟང་པོའི་ཚོགས། །ལྷུན་གྱིས་གྲུབ་པའི་དོན་ཇི་ལྟར། །ཐིག་ལེ་ཆེན་པོར་ངང་རྫོགས་པ། །མི་འཇིགས་གཟུང་བ་རྣམ་བྲལ་བའི། །


DNG025_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བྲལ་ཆོས་ཀུན་ཇི་ལྟར་རྫོགས། །རྒྱུད་ཆེན་གསང་བ་འདིར་འཇུག་པའི། །བསྟན་པའི་སྒོ་རྣམས་ཇི་ལྟ་བུ། །དེ་ཡི་མཚན་དོན་ལས་རྣམས་དང་། །ལམ་ཟླ་ཐེག་པ་རྫོགས་པའི་དོན། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་ཚུལ། །དམ་པ་རྣམས་ཀྱིས་བརྟག་དཀའི་ཆོས། །དམན་འཇུག་གྲོལ་བ་བཟུང་བའི་གནས། །ཐམས་ཅད་ཐམས་ཅད་ལས་བྱུང་བ། །དུས་འདིར་བསྟན་པའི་གནས་ཆེན་ཡིན། །ཞེས་བློ་གྲོས་མཐུན་པའི་སྒོ་ནས་རྩེ་གཅིག་གསང་བའི་གསོལ་བ་བཏབ་པའོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་ལས། ཞུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སངས་རྒྱས་ཀུན་གྱིས་བསྟོད་བྱས་ཤིང་། །ཕྱོགས་རྣམས་དབང་བསྐུར་རང་གི་གསང་སྔགས་སྟོན། །ཞིང་ཁམས་མཐའ་ཀླས་མཆོག་གི་དཀྱིལ་འཁོར་སྦྱོར། །མྱ་ངན་རྦ་ཀློང་རྣམ་རྟོག་དྲ་བ་སེལ། །ཀུན་ཏུ་བཟང་པོ་རིགས་ཀྱི་འཁོར་ལོ་དག །ཕྱོགས་རྣམས་ཀུན་ཏུ་གཟིགས་ཤིང་དགོངས་མཛད་དེ། །རང་གི་གསང་བ་བླ་ན་མེད་པའི་ཚུལ། །སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་རབ་བསྔགས་པ། །ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུ་ཉིད། །རྣམ་དག་བྱང་ཆུབ་སེམས་ཀྱི་རང་བཞིན་གཉིས་མེད་སྒོམ་པ་ནི། །བྱ་བྲལ་བདེ་བའི་ཀློང་དུ་མ་བཅོས་ཇི་བཞིན་བཏང་སྙོམས་གནས། །ཚུལ་ཁྲིམས་ལ་སོགས་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཐ་དད་ཇི་སྙེད་ལམ་གྲོལ་ལམ་དུ་བཤད་པ་ཡང་། །བདེ་གཤེགས་ཡུམ་དུ་གྱུར་ཅིང་ཀུན་གྱི་མཚུངས་པའི་ལམ། །དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣལ་འབྱོར་མཆོག་གི་ལམ། །འགྲོ་ཞིང་ཤེས་དཀའ་ཀུན་གྱི་ལམ་སྟེ་མི་རྟོག་རྟོག་ལས་འདས། །མི་གནས་མི་དམིགས་སྤྲོས་མེད་བསམ་དང་བྲལ། །ཚིག་གིས་མི་ཐོགས་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མེད། །བརྟན་ཞིང་བརྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། །སྔོན་གྱི་དྲང་སྲོང་རྣམས་ཀྱི་ལམ་དུ་མེད། །སྔོན་གྱི་དྲང་སྲོང་རྣམས་ཀྱི་ལམ་དུ་གང་


DNG025_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ། །སྒོམ་ཆགས་རྩོལ་བའི་ལམ་གྱི་ནད་ཀྱིས་ཟིན་ཏ་རེ། །སྟོན་པའི་ལུང་བཞིན་ཚིག་གི་མཐའ་སྤྱོད་ལམ་དུ་དེ་མཐོང་ན། །དེ་ཉིད་རྟོགས་པའི་རྒྱུན་འབྲང་རི་དྭགས་སྨིག་རྒྱུ་བསྙེགས་པ་འདྲ། །བརྗོད་མེད་ཡང་དག་ལམ་ནི་ཚིག་གིས་མཚོན་དུ་མེད། །ཡང་དག་བསྟན་པ་ཚིག་ཉིད་ཙམ་དེ་འཁྲུལ། །དག་དང་མ་དག་གཉིས་མེད་འདྲེས་ཤིང་དབྱེར་མེད་མཚུངས། །དེ་བས་གཉིས་སྣང་སྤང་བླང་དགག་བསྒྲུབ་མེད་པའི་ཚུལ། །རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་དང་། །ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། །ངང་གི་གཡོ་རྨུགས་དྭངས་ཤིང་ཏིང་འཛིན་རྒྱལ་པོར་གནས། །མངོན་དུ་མཐོང་བས་མཐོང་བྱེད་དེ་ཉིད་ཐོབ་པའི་མིག །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱ། །དེ་བཞིན་དབང་པོ་དྲུག་གི་ཡུལ་གནས་དེ་ཉིད་འདས། །མཐའ་དང་དབུས་མེད་ཡངས་པའི་རང་བཞིན་ཏེ། །མི་ལེན་མི་སྤོང་མཉམ་པའི་རྒྱལ་པོར་གནས། །སེམས་དང་བག་ཆགས་གཉིས་མེད་འདྲེས་ཞིང་མཚུངས། །འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། །རང་གི་རྒྱན་དུ་སྣང་བས་མི་འདོར་སྤང་མི་བྱེད། །རྣམ་པ་སྤྱིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ། །ཀུན་དང་མི་མཐུན་ཡོངས་ཀྱིས་སྤང་བའི་ཆོས་དག་པས། །ཉོན་མོངས་ལྔ་དང་མཚམས་མེད་ལྔ་ཡི་དངོས་ཉིད་མེད། །རྣམ་དག་ལམ་དེར་ཞུགས་པས་མཉམ་པའི་རྒྱལ་པོ་ཐོབ། །འདུ་བྱེད་ལ་སོགས་ཀུན་ཀྱང་སྤང་བླང་དོར་མི་བྱེད། །ལོ་རྒྱུས་དོན་ཉིད་ཚད་མའི་བློར་བཞག་ནས། །ཏིང་འཛིན་གསུམ་ཚོགས་རྟགས་རྣམས་གྲུབ་འདོད་པས། །རྩོལ་བྲལ་ལུང་ལས་གོལ་ཏེ་འཁྲུལ་པ་ཡིན། །བྱ་བྲལ་ལྷུན་རྫོགས་བདེ་བའི་ཡུལ་ལ་གནས། །ཡེ་ཤེས་རང་བྱུང་ཆེ་བའི་སྙིང་པོ་ཉིད། །མི་གཡོ་མི་འགྱུར་བསྙད་པ་ཀུན་དང་བྲལ། །ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་འཇོམས། །བྱ་བྲལ་ཡུལ་ལ་ཀུན་ཏུ་དེ་


DNG025_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གནས། །མ་བཅོམ་མཚན་མའི་རྟོག་ཚོགས་མཐའ་རྣམས་ཀུན་དང་བྲལ། །ཟིན་པའི་མ་འགགས་ཡོན་ཏན་དུས་གསུམ་འབྲི་བ་མེད། །མ་སྤངས་ཉེས་ཚོགས་རྟོག་པའི་ཡུལ་རྣམས་དག །སྒྲིབ་མེད་ཕྱི་ནང་ཀུན་ཏུ་ཡེ་ཤེས་ཆེན་པོའི་གནས། །རྩོལ་སྒྲུབ་མཐའ་འདས་སངས་རྒྱས་ཀུན་ཏུ་བཟང་། །ཡེ་ནས་རྣམ་བཀོད་ལྷུན་གྱིས་གྲུབ་པའི་ཆོས། །དེ་དག་དེ་རྒྱུད་རང་གི་རྣམ་དག་སྟོན། །ཐིག་ལེ་ཆེན་པོར་ཆོས་རྣམས་སྤྲོས་པ་མེད། །དེ་དག་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རང་བཞིན་ངོ་བོ་ཡུལ་ཀུན་གསལ་བར་སྟོན། །ཐམས་ཅད་བྱེད་དང་བྱ་བའི་ཆོས་རྒྱུད་ལས། །སྐྱེ་འགག་རྣམ་བརྟགས་རང་བཞིན་དོན་གྱིས་བྲལ། །ཡུལ་དང་ཡུལ་ཅན་མཚན་མའི་ཐ་སྙད་དེ། །བསམ་རྟོག་ཀུན་ལས་འདས་པའི་ཡེ་ཤེས་ཉིད། །ཅེས་གསུངས་སོ། །རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་ལས། དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཁོར་གྱི་བདེ་གཤེགས་རྣམས། །སྟོན་པའི་བསྟན་པས་ཚིམ་གྱུར་ཞིང་། །དགའ་མགུ་ཡི་རང་བསྟོད་བྱས་ཏེ། །རྒྱུད་མཆོག་སྙིང་པོ་བཟུང་བར་བྱེད། །དེ་ཚེ་བྱང་ཆུབ་སེམས་དཔའི་འཁོར། །མང་པོ་འདུས་པ་ཐམས་ཅད་ཀུན། །ཐེ་ཚོམ་རྟོག་པའི་དྲ་བས་བསྒྲིབས། །དོན་ཀུན་སླར་ཡང་གསོལ་བ་འདེབས། །བཅོམ་ལྡན་སྙིང་པོའི་དཀྱིལ་འཁོར་འདིར། །རྒྱ་ཆེན་ཐེག་པའི་ཚུལ་རྣམས་ཀྱིས། །འགྲོ་རྣམས་ཁམས་དང་སྐྱེ་མཆེད་ཚོགས། །དབང་པོའི་བྱེ་བྲག་ཚིམ་འགྱུར་ཏེ། །རང་གི་འབྲས་བུ་རྫོགས་པར་སྣང་། །དེ་ལས་བསྟན་པའི་དོན་གསང་བའི། །རྒྱལ་བ་རྣམས་ཀྱི་དགོངས་པའི་མཆོག །རིགས་རྣམས་ཡེ་ཤེས་ཆེན་པོར་འགྱུར། །དེ་ཉིད་ཚུལ་རྣམས་ཇི་ལྟ་བུ། །བློ་གྲོས་ཞེན་པའི་འགྲོ་བ་དག །མ་འོངས་དུས་སུ་འཇུག་འགྱུར་ཅིང་། །བདེ་


DNG025_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཡུལ་ལ་སློབ་པ་རྣམས། །ཐབས་ཀྱི་ཕྱག་རྒྱ་གསང་བའི་སྒོས། །ཤེས་རབ་ཡེ་ཤེས་འདྲེལ་བའི་ཚོགས། །ངོ་བོ་ཉིད་པའི་དོན་སྟོན་མཛད། །དུས་འདིར་རྒྱས་པའི་ཚུལ་གྱིས་ནི། །དབང་བསྐུར་ལས་ནི་གསང་བའི་དོན། །ཁྱོད་ཀྱི་ཐུགས་རྗེ་བརྩེ་བ་ཅན། །རྗེས་འཇུག་འཁོར་རྣམས་གཟུང་བར་མཛོད། །དེ་ལྟར་ཡང་དང་ཡང་དག་ཏུ། །གསོལ་བཏབ་ཕྱག་འཚལ་བསྟོད་བྱེད་ཅིང་། །གསང་བ་བླ་ན་མེད་པའི་རྒྱུད། །དོན་ཀུན་ངོ་བོས་སྟོན་བྱེད་པ། །མཐར་ཕྱིན་ཆོས་ཀྱི་དོན་ལས་བྱུང་། །དེ་ཉིད་རྒྱས་པར་གསོལ་འདེབས་སོ། །དེ་ཕྱིར་ཐམས་ཅད་མཁྱེན་པ་གཙོ། །རང་བྱུང་བདེ་གཤེགས་རིགས་རྣམས་དང་། །དཀྱིལ་འཁོར་ཆེན་པོའི་ལོངས་སྤྱོད་ཅིང་། །རྒྱུད་འདི་ཀུན་ཏུ་རྒྱས་པར་སྟོན། །ཞིང་ཁམས་བསམ་གྱིས་མི་ཁྱབ་པར། །སྣོད་བཅུད་ཡེ་ཤེས་རང་སྣང་བ། །སངས་རྒྱས་དཀྱིལ་འཁོར་ཉིད་ཀྱི་གཟུགས། །ཇི་སྙེད་རབ་ཏུ་བརྟག་བྱས་པ། །དེ་རྣམས་རང་ལས་གཞན་དུ་མིན། །འཇིག་རྟེན་སྒྲོན་མ་དམ་པ་ཡིས། །རང་གི་བསྟན་པ་གསལ་བྱས་ཏེ། །དེ་དག་གནས་འཇུག་རྟོག་གྲོལ་ཡང་། །ཐབས་ཀྱི་ཕྱག་རྒྱ་གཞིར་སྣང་བའོ། །དུས་རྣམས་ཀུན་ཏུ་ང་ཡི་དབྱིངས། །ཡེ་ཤེས་ཆེ་ལས་གཞན་མི་བསྐྱོད། །དེ་དག་ཇི་ལྟར་འདུལ་བ་བཞིན། །ཐེག་ཀུན་རྒྱུད་ཆེན་འདི་ལས་འབྱུང་། །སངས་རྒྱས་ཞིང་ཁམས་བསམ་ཡས་སུ། །སངས་རྒྱས་ཀུན་སོགས་དཀྱིལ་འཁོར་ཆེ། །ཡེ་ནས་མ་བཅོས་བྱང་ཆུབ་སེམས། །རང་བཞིན་ངོ་བོ་སྣང་བ་ཉིད། །དུས་གསུམ་སངས་རྒྱས་ཀུན་གྱིས་ཀྱང་། །བྱང་ཆུབ་སེམས་ལ་ཕྱག་འཚལ་ཞིང་། །རང་བཞིན་མི་གཉིས་བཟུང་བྱེད་དོ། །མཆོད་བསྟོད་འདུད་ཅིང་ཆེ་བ་བརྗོད། །ཆོས་རྣམས་མ་ལུས་རྣམ་བརྟགས་ན། །ཁ་དོག་མེད་ཅིང་དབྱིབས་དང་བྲལ། །དེ་བཞིན་གཟུགས་བཅོས་ཆོས་རྣམས་དང་། །ཞེན་རྟོག་མཐའ་ལས་རྣམ་


DNG025_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཞིང་། །ཕྱི་རོལ་འབྱུང་སོགས་ཁམས་རྣམས་དང་། །ཡུལ་ཀུན་རང་གི་གནས་ཀྱིས་སྟོང་། །དེ་འཛིན་ཤེས་པ་དང་ལྡན་པའི། །འགྲོ་རྣམས་ཕུང་པོ་ཁམས་དག་དང་། །སྐྱེ་མཆེད་ཆོས་ཀུན་མཐའ་དག་དང་། །དུས་ཀུན་དུ་ནི་མ་གྲུབ་ཕྱིར། །སངས་རྒྱས་ཀུན་གྱིས་མ་གཟིགས་པས། །དེར་བཅས་ཆོས་རྣམས་ཐམས་ཅད་ཀུན། །རང་གི་ངོ་བོས་རྣམ་པར་དབེན། །འགྲོ་རྣམས་ཞེན་པ་བཟློག་པའི་ཕྱིར། །ཐ་སྙད་མཚན་མ་སྣ་ཚོགས་དགོངས། །ཐེག་པའི་དབྱེ་བ་གྲངས་མེད་བསྟན། །རང་བྱུང་སེམས་ཀྱི་རྣམ་འཕྲུལ་གྱིས། །ཐམས་ཅད་ངོ་བོ་གཅིག་པར་གནས། །དེ་དག་རྟོག་པ་ལས་བཟློག་ཅིང་། །དབྱིངས་ཀྱི་རང་གནས་མ་སྐྱེས་པས། །དོན་ཀུན་གསལ་བ་མཚན་མའི་སྒོ། །ཡོན་ཏན་སྣང་བའི་གཞིར་གྱུར་པའོ། །དེ་ཡང་ཕྱི་རོལ་ནང་དག་དང་། །འབྱུང་དང་འབྱུང་ལས་གྱུར་པའི་ཚོགས། །གཉིས་འཛིན་བློ་ཡིས་རྟོག་བྱེད་ཀྱང་། །རང་བཞིན་མི་གཉིས་ཡེ་ཤེས་ཆེ། །དེ་ལྟར་ཆོས་ཀུན་མྱ་ངན་འདས། །བྱང་ཆུབ་སྙིང་པོ་རྒྱན་གྱུར་པས། །འཇམ་དཔལ་གཞོན་ནུའི་ངོ་བོ་ཉིད། །བརྟག་པའི་ཡུལ་ལས་འདས་པའོ། །འདི་དོན་མཉམ་པ་ཆེན་པོའི་ཆོས། །རྣམ་དག་བྱང་ཆུབ་སེམས་ནི་སྒོམ་འདོད་པས། །དེར་གནས་དེ་ལས་འདའ་མེད་པས། །དེ་ཉིད་ཡང་དག་གྲོལ་བའི་མཆོག །དེ་ལྟར་ཡུལ་སེམས་གཉིས་མེད་པའོ། །བྱང་ཆུབ་སེམས་འདི་རྣམ་དག་ཉིད། །ཟུང་དུ་འཇུག་པའི་ཚུལ་གྱིས་ནི། །བདེ་བའི་ཡེ་ཤེས་ཟག་མེད་གནས། །དེ་ལས་དེ་སྐྱེས་དེ་ཉིད་ཆོས། །དེ་དག་དེ་ཡི་ཐ་སྙད་ལས། །རྟོག་པའི་རྒྱུན་དེ་རྟོག་པས་སྟོང་། །དུས་རྣམས་ཀུན་ཏུ་མི་འགྱུར་བས། །སྒོམ་པ་ཆེན་པོའི་ཐ་དད་དོ། །ཆོས་ཉིད་ཇི་བཞིན་འདི་གསལ་བར། །མ་བཅོས་བདེ་བའི་ཡེ་ཤེས་གནས། །བྱ་བྲལ་བདེ་བའི་ཀློང་ཉིད་དུ། །མ་བཅོས་ཇི་བཞིན་བཏང་སྙོམས་ཉིད། །ཅེས་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་


DNG025_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པའི་རྒྱུད་ལས། ཆོས་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་ཀུན་གྱིས། །སྡོམ་པ་གཉིས་མེད་རྒྱ་ཆེན་པོར། །ཐམས་ཅད་ཆོས་ཀྱི་དེ་བཞིན་ཉིད། །ཀུན་ཏུ་བཟང་པོ་ཆོས་རྣམས་ཀུན། །ཐབས་ཀྱིས་གྲོལ་བའི་དོན་ཇི་བཞིན། །ཚོགས་རྣམས་ཀུན་ལ་སྟོན་པར་མཛད། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འདི། །ཚུལ་ཁྲིམས་སྡོམ་པ་མ་ལུས་ཀུན། །སྤྱོད་ཚུལ་བཟང་པོ་རྫོགས་བྱེད་པས། །ཐབས་ཀྱི་ཐེག་པ་ཁྱད་པར་མཆོག །དེ་བཞིན་རྟགས་དང་རྣམ་བརྟགས་པའོ། །ལས་ཀྱི་བྱ་བས་ཇི་སྙེད་པར། །སོ་སོའི་ཐེག་པ་སྣ་ཚོགས་པས། །དོན་མཐུན་སྣོད་ཀྱི་རིམ་པ་བཞིན། །ལུས་ཀྱི་སྡོམ་པ་རྣམ་གསུམ་དང་། །ངག་གི་སྡོམ་པ་རྣམ་གསུམ་དང་། །ཡིད་ཀྱི་སྡོམ་པ་རྣམ་གསུམ་དང་། །རྣམ་གྲོལ་ཐེག་པ་ཀུན་གྱི་གཞི། །མ་བཅོས་ཁྱད་པར་ལས་བྱུང་བའི། །སྒོ་གསུམ་མངོན་པར་འདུ་བྱེད་པ། །འདི་ཡིས་རབ་ཏུ་གྲོལ་བྱེད་ཅིང་། །ཐེག་པ་ཀུན་གྱི་རྩ་བར་བསྔགས། །སོ་སོ་ཐར་པའི་སྡོམ་པ་དང་། །བྱང་སེམས་ཚུལ་ཁྲིམས་རྒྱ་ཆེན་པོ། །མ་ལུས་ཀུན་སྦྱོར་ཡུལ་དུ་གནས། །དེ་དག་ཐེག་པའི་ཁྱད་པར་མཆོག །སངས་རྒྱས་ཀུན་གྱིས་དགོངས་མཛད་དོ། །སྤྱོད་པ་ཐབས་བཅས་གསང་བའི་ཚུལ། །དེ་ལྟར་ཕ་རོལ་ཕྱིན་སྡོམ་པ། །སྔགས་ཀྱི་ཐེག་པ་གྲངས་མེད་རྣམས། །བསྟན་པ་སོ་སོར་སྣང་བའི་ཚུལ། །མ་ལུས་ཀུན་འདུས་རྣམ་པར་དག །ལམ་དུ་བསྙད་པ་ཐམས་ཅད་ལ། །དོན་ཀུན་ཐོག་མར་བྱུང་བས་ནི། །དེ་ལྟར་མ་འོངས་ཚོགས་གྲོལ་བྱེད། །དུས་གསུམ་རྒྱལ་བ་བདེ་གཤེགས་ཀྱི། །ཡུལ་གྱུར་ཀུན་གྱིས་མཚུངས་པ་ཡི། །གསང་བ་རྨད་དུ་བྱུང་བའི་རྒྱུད། །དེ་དག་རྒྱུ་འབྲས་ཀུན་གྱི་གཞི། །ཐམས་ཅད་དོན་ཀུན་སྟོན་བྱེད་པས། །དཀྱིལ་འཁོར་སྣ་ཚོགས་རོལ་པ་དང་། །ལྷ་མོའི་ཚོགས་བཅས་ལུས་ཀུན་སྤྱོད། །དེ་མེད་མི་འབྱུང་དེ་ཕྱིར་ནི། །རྣམ་པར་གྲོལ་བ་མཆོག་གི་ལམ། །ཆོས་


DNG025_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡོངས་སུ་གསལ་གྱུར་ན། །ཆོས་སྐུ་བཀོད་པ་མཐའ་ཡས་གྲོལ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཅིང་། །ལས་ཀུན་རྣམ་པར་དག་པས་ན། །སངས་རྒྱས་ཀུན་གྱིས་བསྟན་པའི་སྒོ། །ནམ་ཡང་འགག་པར་མི་འགྱུར་རོ། །འདི་དག་ཐ་དད་ལ་འཛིན་པས། །རང་གི་ཆོས་ཀུན་རྣམ་པར་བསྒྲིབས། །དེ་ལས་གཞན་དུ་སྤྱོད་བྱེད་ཅིང་། །སྐྱེ་བོའི་ཚོགས་རྣམས་རབ་ཏུ་འཆིང་། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་ལས། དབྱིངས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཆོས་དབྱིངས་རྣམ་དག་ལས། །རིགས་བཅས་དཀྱིལ་འཁོར་ཀུན་བཞེངས་ཏེ། །མ་བཅོས་བྱང་ཆུབ་སེམས་ཉིད་སྐུ། །ཐབས་དང་ཤེས་རབ་འདྲེལ་བར་གནས། །འདི་དག་གཉིས་མེད་ཟུང་འཇུག་པའི། །རང་བཞིན་བསྟན་པའི་དོན་གསལ་མཛད། །ཆོས་ཀུན་སྨྲ་བསམ་ལས་འདས་པ། །རང་བཞིན་གདོད་ནས་སངས་རྒྱས་གནས། །ལྟ་བ་སྨྲ་བསམ་ལས་འདས་ཕྱིར། །དེ་དག་མཐའ་ལས་རྣམ་པར་གྲོལ། །ཀུན་ཏུ་བཟང་པོ་གསང་བ་ཉིད། །དེ་ཉིད་ངེས་པ་གསུམ་གྱི་ཚུལ། །རང་བཞིན་ཕྲ་ཞིང་རྟགས་དཀའ་བས། །རྒྱལ་བ་རྣམས་ཀྱི་དགོངས་པ་ཉིད། །མི་རྟོག་རྟོག་པའི་ཡུལ་ལས་འདས། །མི་གཉིས་རྫུ་འཕྲུལ་དཔག་ཏུ་མེད། །ཞི་གནས་ལྷག་མཐོང་མངོན་ཤེས་སོགས། །ཡོན་ཏན་མ་འགགས་ཀུན་སྣང་བ། །ཐོག་མེད་རང་གི་བྱིན་རླབས་ཤུགས། །མི་གནས་མི་དམིགས་སྤྲོས་བྲལ་ཞིང་། །སོ་སོའི་མཚན་མ་ཀུན་སྤྱོད་ཡུལ། །ཐམས་ཅད་ཡེ་ཤེས་སྣང་བའི་རྒྱན། །དེ་དག་རང་གི་བྱིན་རླབས་ཆེ། །བསམ་བྱ་བསམ་བྱའི་རྟོག་ཚོགས་རྣམས། །ནོར་བུ་འོད་ཀྱི་སྣང་བ་བཞིན། །དཔེ་བཅས་མཚོན་པའི་སྒོ་རྣམས་ཀུན། །དེ་དག་རབ་ཏུ་རྒྱས་པ་ཉིད། །བྱང་ཆུབ་སེམས་ཉིད་བདེ་བའི་རྒྱ། །དཀྱིལ་འཁོར་རིགས་རྣམས་ཀུན་གྱི་གནས། །དུས་གསུམ་འགག་མེད་ཡེ་ཤེས་ཆེ། །ཁ་དོག་དབྱིབས་རྒྱན་གསལ་བ་ཉིད། །ཚིག་གིས་མི་ཕེབས་དབྱིབས་དང་རྒྱ། །ཁ་དོག་དབང་པོ་སྤྱོད་ཡུལ་མིན། །ཀུན་སྣང་གཅིག་ཏུ་རྣམ་བྲལ་བ། །


DNG025_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་དེ་དག་ཡུལ་ཀུན་དང་། །ཕྱོགས་དུས་ཕྱོགས་རྣམས་བསྟན་པའི་སྒོ། །ཐ་སྙད་ཚིག་ལས་འདས་པའོ། །འདི་ལྟར་བསྟན་ཅིང་བརྟག་དཀའ་ལ། །བརྗོད་བྱ་རྡུལ་ཙམ་གང་ལ་ཞིག །དེ་དག་མཚན་ཉིད་གཟུང་དཀའ་བས། །ཟུང་འཇུག་རྒྱལ་བ་ཀུན་གྱི་ཡུམ། །འདི་དག་སྒོམ་བྱེད་རྣལ་འབྱོར་པས། །སྔོན་གྱི་དྲང་སྲོང་ཆེན་པོ་ལྟར། །ལམ་ཀུན་རྣམ་པར་མངོན་བྱེད་པ། །དེ་ཉིད་ཡུལ་གྱིས་འཆིང་འགྱུར་ཞིང་། །སྒོམ་ཆགས་རྩོལ་རྩལ་དང་བཅས་པའི། །ལས་ཀྱི་ནད་ཆེན་འཁྲུལ་པའི་རྒྱུ། །དེ་དག་མཐའ་བཞི་རྣམ་སྤྱོད་ཅིང་། །བརྟགས་པའི་ཆོས་རྣམས་ཀུན་གྲོལ་བྱེད། །ཆ་ཤས་ཆ་ཤས་མེད་པའི་ཚུལ། །རང་བཞིན་བྱང་ཆུབ་སེམས་ཀྱི་གཞི། །བླ་མེད་ཐེག་པ་རྫོགས་འདོད་པས། །ཐམས་ཅད་རང་བཞིན་བྱང་ཆུབ་སེམས། །ནང་དུ་དམིགས་པའི་ཏིང་ངེ་འཛིན། །དེ་གསལ་ཡེ་ཤེས་ཆེན་པོ་མཐོང་། །སྤྱོད་པས་དོན་ཀུན་འཚེ་བྱེད་ཅིང་། །སྟོན་པའི་ལུང་བཅས་ཚིག་གི་རྒྱུན། །མཐའ་རྣམས་ཀུན་གྱི་ལས་སྤྱོད་པས། །ལམ་ཀུན་འཕྲུལ་ཞིང་གྲོལ་བའི་གནས། །དེ་ཉིད་རྟོག་པའི་རྒྱུན་འདྲེངས་པས། །རི་དྭགས་སྨིག་རྒྱུ་སྙེག་པ་འདྲ། །གལ་ཏེ་དེ་དག་ལ་གནས་ནས། །དོན་མཐུན་གསང་བ་འདི་སྐྱོ་ཞིང་། །དེ་དག་མཐའ་རྣམས་འགག་འགྱུར་ཏེ། །གཡེང་མེད་བརྩོན་འགྲུས་ཆེན་པོར་སྤྱོད། །མཚོན་དུ་མེད་པའི་ཆོས་རྣམས་ཀུན། །བགྲོད་མེད་ཡང་དག་ལམ་དུ་འཇུག །དེ་དག་མཐར་བཅས་མཚོན་བྱེད་པ། །དོན་མཐུན་གསང་བའི་གནས་མ་ཡིན། །འདི་ལྟར་འཁོར་དང་མྱ་ངན་འདས། །ཕྱི་ནང་དལ་སོགས་གཉིས་ཀྱི་ཆོས། །དག་དང་མ་དག་བསྟན་པ་ཀུན། །ཚིག་ཉིད་ཙམ་སྟེ་འཁྲུལ་པའི་གནས། །ཐམས་ཅད་མཉམ་ཉིད་ཟུང་འཇུག་པས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཉིད། །རྒྱུ་འབྲས་རྒྱུན་ཆགས་རྣམ་དག་ཅིང་། །བྱང་ཆུབ་སེམས་ཉིད་བདེ་བའི་གཞི། །རྣལ་འབྱོར་ཆེན་པོའི་དོན་སྤྱོད་པས། །འདི་དག་དགག་སྒྲུབ་མེད་པའི་ཚུལ། །སངས་རྒྱས་ཐེག་པ་བསམ་ཡས་མོད། །གཉིས་འཛིན་འཁྲུལ་པའི་གཉེན་པོ་སྟེ། །ཡང་དག་ལམ་ཉིད་མ་འཁྲུལ་པར། །བསྟན་པ་ཐེག་པའི་ཚུལ་རྣམས་བྲལ། །ཞེས་གསུངས་སོ། །རྫོགས་པ་ཆེན་


DNG025_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོའི་གནས་ལ་འཇུག་པའི་རྒྱུད་ལས། དབྱིངས་རྣམ་པར་དག་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀུན། །རང་བཞིན་མི་གཉིས་ཡེ་ཤེས་ཀྱིས། །ཆོས་ཀུན་གསལ་བར་སྟོན་བྱེད་ཅིང་། །རང་གི་ཡེ་ཤེས་རྣམ་པར་སྦྱོར། །དུས་གསུམ་རྣམ་པར་མཁྱེན་པའི་ཚུལ། །བསོད་ནམས་ཚོགས་མཆོག་མཐའ་ཡས་པ། །སྟོང་པ་བྱང་ཆུབ་སེམས་ཀྱི་ལུང་། །དུས་གསུམ་རྒྱུན་གཟེར་འདུ་འབྲལ་མེད། །ཡེ་ཤེས་ཚོགས་ཀྱི་གནས་འཇུག་ཅིང་། །ཟབ་མོ་རྒྱ་ཆེན་གཉིས་མེད་པའི། །ཐམས་ཅད་མཁྱེན་ཉིད་མ་འདྲེས་པའོ། །སྐུ་ཡི་ཡེ་ཤེས་ཆེན་པོ་ཡིས། །རྣམ་པ་ཅིར་ཡང་འབྱེད་པ་མེད། །དེ་དག་ཡུལ་ཀུན་རྣམ་དག་པས། །གཏི་མུག་ཀུན་གྱི་རང་བཞིན་ནོ། །ཐོག་མེད་གསལ་བའི་མར་མེ་བཞིན། །རང་གནས་ངོ་བོས་ཀུན་ཏུ་སྟོན། །དེ་དག་བསམ་པ་ཀུན་བྲལ་བའི། །ཐིག་ལེ་ཆེན་པོ་ཡེ་ཤེས་ཉིད། །ཕྱོགས་རྣམས་ཀུན་དུ་རྒྱ་ཆེན་ཚོགས། །ཞིང་ཁམས་བསམ་གྱིས་མི་ཁྱབ་པར། །སངས་རྒྱས་དཀྱིལ་འཁོར་གྲངས་མེད་དོ། །དུས་ཀྱི་བྱ་བ་མ་འདྲེས་པ། །ཀུན་གསལ་རང་གི་ཆོས་ལས་གྲོལ། །ལྟ་སྒོམ་འདྲེལ་བ་གཉིས་མེད་པའི། །ཡེ་ཤེས་ཆེན་པོའི་གནས་འཇུག་པའི། །རང་བཞིན་ཇི་ལྟར་དག་པ་ཡི། །ཚུལ་རྣམས་མཐའ་ཡས་རྣམ་པར་གྲོལ། །བྱ་བ་ཐམས་ཅད་སྤངས་པའི་ཆོས། །དེ་དག་བྱིན་རླབ་ནོར་བུའི་ཚུལ། །རང་བྱུང་རང་གིས་མི་གཡོ་བ། །རྒྱ་མཚོ་གསལ་བའི་ཏིང་ངེ་འཛིན། །བྱིང་རྨུགས་མཐའ་ལས་རྣམ་པར་དག །སངས་རྒྱས་ཀུན་གྱི་དགོངས་པ་ཉིད། །ཏིང་འཛིན་རྒྱལ་པོའི་གནས་བརྙེས་པས། །བདེ་བ་ཀུན་གྱིས་རབ་ཏུ་བརྒྱན། །མངོན་སུམ་མཐོང་མེད་མཐོང་བའི་ཚུལ། །དེ་དག་དེ་ཉིད་ཆོས་ལ་སྤྱོད། །ཕྱོགས་རྣམས་ཀུན་ནས་མ་འགགས་པའི། །དཀྱིལ་འཁོར་ཆེན་པོ་ཡེ་ཤེས་སྐུ། །དེ་ལས་དེ་སྣང་དེ་ཉིད་ལས། །དེ་དག་རྣམ་པར་བཀོད་པའོ། །འདི་ལྟར་ཁ་དོག་ལ་སོགས་རྫས། །ཆོས་རྣམས་དེ་ཉིད་སྣང་བའི་འོད། །མར་མེའི་སྡོང་པོ་མཐའ་ཡས་བཞིན། །ཐུགས་རྗེ་ཆེན་པོའི་


DNG025_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འོད་མཚུངས་སོ། །དེ་ཡི་ཐམས་ཅད་མཁྱེན་པའི་མཆོག །ཡུལ་བཅས་གཉིས་མེད་གཟིགས་པའི་སྤྱན། །ཤེས་རབ་སྙིང་རྗེ་གཉིས་མེད་པའི། །ཏིང་འཛིན་མཐའ་ཡས་རྩེ་གཅིག་པའོ། །འདི་ལྟར་རང་དང་གཞན་དག་ཏུ། །གཉིས་ཀའི་རྒྱུན་ལས་འབྱུང་བ་ཡི། །ཁམས་གསུམ་ཡེ་ཤེས་ཀུན་སྤྱོད་པས། །ཕུང་པོའི་ཆོས་རྣམས་དག་པར་བྱེད། །རྣམ་ཤེས་དབང་པོ་ཡུལ་གྱི་ཚོགས། །དེར་གནས་དེར་གསལ་དེ་ཉིད་འདས། །ཡེ་ཤེས་ཆེན་པོ་ཐིག་ལེ་ཡིས། །དོན་ཀུན་གསང་བ་སྟོན་བྱེད་པའོ། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་ལས། ཡེ་ཤེས་ཆེན་པོའི་ལེའུ་སྟེ་བདུན་པའོ།། །།དེ་ནས་སྲས་ཚོགས་ཐམས་ཅད་ཀྱིས། །མངོན་པར་བསྟོད་པའི་དཀྱིལ་འཁོར་ཉིད། །མཐའ་དང་དབུས་མེད་ཐམས་ཅད་ཀུན། །ཀུན་ཏུ་བཟང་པོ་རྒྱས་པ་ལས། །ཇི་ལྟར་རང་གི་རིགས་རྣམས་དང་། །དཀྱིལ་འཁོར་ཚོགས་རྣམས་འཁོད་པར་འགྱུར། །མཐའ་དབུས་མེད་པའི་སྙིང་པོ་འདི། །ཞིང་ཁམས་ཀུན་གྱི་ཆོས་ཉིད་དེ། །འདི་ལྟར་ཆོས་ཅན་མ་འགགས་པས། །རང་བཞིན་བྱང་ཆུབ་སེམས་ཀྱི་ལུང་། །ཐ་དད་མེད་ལས་ཐ་དད་པས། །ནང་དང་ཕྱི་རོལ་ཀུན་དུ་སྣང་། །མཐའ་དང་དབུས་མེད་སྤངས་པ་ཉིད། །རྣམ་གསུམ་ཚུལ་གྱིས་ཟུང་དུ་འཇུག །ཞིང་ཁམས་ཡོངས་སུ་དག་པས་ན། །རིགས་ཀྱི་དཀྱིལ་འཁོར་རྣམ་པར་དག །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པས། །མཐའ་དབུས་ཀུན་ཏུ་བཟང་པོའི་སྐུ། །རོལ་པ་སྣ་ཚོགས་ཅིར་ཡང་སྣང་། །དམིགས་པའི་རྣམ་པ་ལས་འདས་པའོ། །འདི་ལས་སྤང་ཡུལ་བླང་བ་དག །དགག་སྒྲུབ་དོར་བའི་གནས་མེད་པས། །དུས་ཀུན་མཉམ་པའི་རྒྱལ་པོ་ཡིས། །ཐམས་ཅད་ཆོས་ཚོགས་མཉམ་པར་སྦྱོར། །སེམས་དང་བག་ཆགས་གཅིག་མིན་ཅིང་། །དེ་བཞིན་གཉིས་སུའང་གཟུང་མེད་པས། །ཐ་དད་མིན་ལ་ཐ་དད་པའི། །སྣ་ཚོགས་ཆོས་ཀུན་འབྱུང་བའི་གཞི། །དེ་དག་འཛིན་པས་རྣམ་བརྟགས་ནས། །སྣང་བའི་ཆོས་རྣམས་ལ་སྤྱོད་ཅིང་། །


DNG025_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རྒྱན་གྱིས་སྣང་བ་ཀུན། །མི་འདོར་གཞན་ནས་སྒྲུབ་མི་བྱེད། །དེ་ལྟར་འདུ་བྱེད་རྒྱ་ཆེན་ཚོགས། །རྣམ་ཤེས་མཚན་མ་དང་བཅས་པ། །ཕུང་ཁམས་སྣ་ཚོགས་བསྐྱེད་པའི་གཞི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །གཅིག་ལ་དུ་མར་སྣང་བྱེད་པས། །དུ་མ་གཅིག་གི་ངོ་བོ་ཉིད། །རྣམ་ཤེས་སྒོ་རྣམས་ལ་བརྟེན་ཅིང་། །དབང་པོ་ཡུལ་དུ་རྒྱན་གྱིས་འབྱུང་། །དེས་ན་ཕྱི་ནང་མ་ལུས་པ། །ཐ་སྙད་རྟོག་པའི་རྒྱུན་བཅས་པའོ། །རྣམ་ཀུན་བདག་མེད་ཅིར་ཡང་སྣང་། །ཡུལ་འབྲས་གང་དུའང་མི་དམིགས་པས། །ཐབས་ཀྱི་ཕྱག་རྒྱ་སྣ་ཚོགས་ཀུན། །ལྟ་བ་ཀུན་ཏུ་བཟང་པོར་གསལ། །རྣལ་འབྱོར་རབ་ཏུ་འདྲེལ་བའི་མཐུས། །ཡུན་རིངས་རབ་ཏུ་སྤོང་བས་གྲོལ། །འདི་དག་དཀྱིལ་འཁོར་ཆེན་པོའི་གཞི། །རང་གི་ཆོས་ཀུན་རྟོགས་པས་གསལ། །མཐར་ཐུག་མིན་ལ་མཐར་ཐུག་ཅེས། །དེར་འཛིན་འཆིང་བས་བཅིངས་པ་དག །ནམ་མཁའི་མཐའ་ཡས་བསྐལ་པའི་བར། །ཡང་དག་ཡེ་ཤེས་ལ་གོལ་འགྱུར། །གཉིས་མེད་མཉམ་པའི་ཚུལ་གྱིས་ནི། །ཐམས་ཅད་སྤང་བླང་མེད་པར་སྤྱད། །སྐྱེ་བོ་ཀུན་གྱི་སྨོད་བྱེད་ཅིང་། །རྒྱུར་བཅས་ཐེག་པས་ཡང་དག་གོལ། །དེ་དག་རྣམ་པར་གྲོལ་བའི་ལམ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ང་རྒྱལ་ཕྲག་དོག་ཡུལ་བཅས་པས། །རང་བཞིན་དམན་རྣམས་འཆིང་བར་འགྱུར། །ཐེག་མཆོག་བླ་མེད་ཚུལ་གྱིས་ནི། །ཤེས་རབ་ཆེ་དང་སྙིང་རྗེ་ཆེ། །ཐབས་མཁས་རྣམ་པར་སྤྱོད་པའི་མཐུས། །དེ་དག་ཆོས་ཀྱིས་གྲོལ་བར་འགྱུར། །ཇི་ལྟར་རྣམ་པར་སྦྱངས་བྱས་པས། །རྫས་རྣམས་མཐུ་དང་ལྡན་པ་ལྟར། །རང་རྟོགས་ཡེ་ཤེས་སྦྱངས་པ་ཡི། །དངོས་པོ་ཐམས་ཅད་སྨོས་ཅི་དགོས། །རྣམ་དག་ལམ་དེར་ཞུགས་པས་ན། །དེ་ཀུན་རང་གི་གནས་རྣམས་སྤྱོད། །མཉམ་པའི་རྒྱལ་པོ་འགྲུབ་བྱེད་པའི། །ཕྱག་རྒྱ་གསང་ཚུལ་སྔགས་པའི་མཆོག །ཐབས་དང་ཤེས་རབ་ཆེར་ལྡན་པ། །དེ་གནས་དུས་ཀུན་འདྲེལ་བའི་གཟུང་། །ཐབས་ལས་ཐབས་ཀྱི་ཕྱག་རྒྱ་དང་། །ཤེས་རབ་ཤེས་རབ་ཕྱག་རྒྱ་ཉིད། །དེ་དག་ཟུང་དུ་འདྲེལ་བའི་རྒྱ། །དོན་ཀུན་གསང་བ་སྟོན་


DNG025_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའོ། །རང་རྒྱུད་ཕྱོགས་གཅིག་གྲོལ་བྱེད་པའི། །ཚུལ་རྣམས་ཆོས་ཀྱི་མཐར་འཛིན་པའོ། །མིང་ཚོགས་ཕུང་པོ་ཁམས་རྣམས་དང་། །སྐྱེ་མཆེད་ཀུན་གྱིས་བདག་གནས་འགྱུར། །དེ་དག་ཇི་བཞིན་རྣམ་སྤྱོད་པའི། །ཆོས་རྣམས་མཐར་ཐུག་རྟོགས་པའི་གཞི། །སྡུག་བསྔལ་ཀུན་འབྱུང་འགོག་ལམ་དང་། །དེ་དག་མཐའ་རྣམས་གྲོལ་བྱེད་པའི། །རབ་ཏུ་སྤྱོད་ལ་གནས་ཀུན་བརྒྱན། །མཐའ་བྲལ་ཡུལ་རྣམས་ཀུན་སྤྱོད་པས། །རང་གི་ཡང་དག་མངོན་སུམ་རྒྱས། །མ་རིག་འདུ་བྱེད་སྡུག་བསྔལ་ཚོགས། །འགྲོ་དྲུག་གནས་ཀུན་རིག་འཁོར་རོ། །ཐ་དད་དཀྱིལ་འཁོར་རོལ་པའི་རྫོགས། །ཐེག་པ་ཆེ་ལས་གཞན་སྣང་བ། །འབྲས་བུ་སངས་རྒྱས་ཀུན་གྱི་དངོས། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་ལས། ཀུན་ཏུ་བཟང་པོའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྒྱལ་བ་ཀུན་གྱི་གསང་། །ཡེ་ནས་ལྷུན་གྱིས་གྲུབ་པའི་དབྱིངས། །ཕྱག་རྒྱའི་དཀྱིལ་འཁོར་རང་སྣང་བ། །འདི་དག་འབྲས་བུ་རྫོགས་པའི་ཕྱིར། །ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས། །དེ་བཞིན་ཉིད་བཅས་རབ་ཏུ་སྟོན། །ཇི་སྙེད་སེམས་ཅན་ཐམས་ཅད་ཀྱི། །ཞེན་རྟོག་སྣང་འཛིན་མཐའ་ཡས་པས། །ཕྱོགས་རྣམས་ཀུན་ཏུ་རྟོག་པའི་རྒྱུན། །སྣ་ཚོགས་ཡུལ་བཅས་རྣམ་པར་འཛིན། །ཐོག་མ་ཐ་མ་མེད་པའི་དབྱིངས། །རང་བཞིན་ཡེ་ཤེས་གནས་འཇུག་པས། །རྒྱུ་འབྲས་ཐེག་པ་སྣ་ཚོགས་ཀྱི། །དོན་ཀུན་སོ་སོར་སྣང་བ་ཡིན། །བློ་བུར་འཁྲུལ་པས་བརྟགས་པ་ཡི། །ལོ་རྒྱུས་སྔ་མ་ལ་བརྟེན་ཏེ། །རྩོལ་བ་བརྒྱད་བཅས་བྱ་བའི་སྒོས། །བདེ་བ་ཆེན་པོའི་གནས་ཀུན་སྒྲིབ། །རང་གི་ལྟ་བ་ཏིང་འཛིན་དང་། །སྤྱོད་པ་ས་དང་ལམ་རིམ་དག །ཀུན་ཏུ་བརྟགས་པའི་འཁོར་ལོས་ཏེ། །དེ་ལས་དེ་བཞིན་ཉིད་མི་སྐྱེ། །རྩོལ་བྲལ་ལུས་ལས་གོལ་བའི་ཕྱིར། །འཁྲུལ་པའི་ངོ་བོས་བརྟགས་པའོ། །ཐིག་ལེ་ཆེན་པོའི་རང་བཞིན་ལ། །ཕྱི་ནང་


DNG025_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ལྷུན་གྲུབ་པས། །ཀུན་བཟང་སྐུ་གསུང་ཐུགས་ཀྱི་བདག །རིགས་རྣམས་ཀུན་གྱི་རྒྱན་གྱིས་མཛེས། །སྐུ་ཡི་སྐུ་སྟེ་སྐུ་ཡི་མཆོག །གསུང་གི་གསུང་སྟེ་གསུང་གི་མཆོག །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །རང་བཞིན་མ་བཅོས་སྔ་མའི་དབྱིངས། །བྱ་བྲལ་ལྷུན་རྫོགས་བདེ་བའི་ཞིང་། །ཡུལ་རྣམས་རྣམ་པར་དག་པའི་ཚོགས། །དེ་དག་སྣང་ལས་རྣམ་གྲོལ་ཞིང་། །སྟོང་པ་ཉིད་དབྱིངས་མི་གནས་པའོ། །དེ་ལྟར་སྣང་དང་སྟོང་པ་དང་། །ལས་གཞན་མཐའ་རྣམས་དག་པའི་གཞི། །ཡེ་ཤེས་རང་བྱུང་ཆེ་བའི་མཆོག །སྙིང་པོ་ཐེག་པ་བླ་མེད་པའོ། །དུས་རྣམས་ཀུན་དུ་མི་གཡོ་ཞིང་། །དེ་བཞིན་འགྱུར་བ་མེད་པའི་ཆོས། །ཐ་སྙད་རྟོག་པ་ལས་འདས་པའི། །རང་བྱུང་བྱང་ཆུབ་སེམས་ཀྱི་རྒྱ། །ཟིན་པས་ཀུན་དུ་འཁོར་འགྱུར་ཞིང་། །ཟིན་པས་དེ་མཐའ་རྣམ་པར་དག །བདུད་རྩི་ཆེན་པོ་རང་བཞིན་ནོ། །ཐབས་ཀྱི་རྩོལ་བ་གཞན་ནས་མེད། །གཉིས་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །སྡུག་བསྔལ་རྣམ་རྟོག་གཉིས་མེད་དོ། །བྱ་བྲལ་མཚན་མ་མེད་པ་ལ། །སྣང་བའི་དོན་ཀུན་རྣམ་པར་རོལ། །དེ་ལྟར་ཡེ་ནས་མ་འདྲེས་ཤིང་། །ཐེག་པའི་མཐའ་རྣམས་དག་བྱེད་པས། །ལྷུན་གྱིས་གྲུབ་པའི་དོན་ཀུན་ཉིད། །དུས་རྣམས་ཀུན་གྱི་རང་བཞིན་ནོ། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་ལས། ལྷུན་གྱིས་གྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །མཆོད་པའི་ཚོགས་རྣམས་བཀོད་པ་ལས། །ཕྱོགས་རྣམས་ཀུན་དུ་མཆོད་བྱེད་ཅིང་། །རང་གི་ཡེ་ཤེས་སྟོན་པར་མཛད། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱིས། །དོན་རྒྱས་གསང་བའི་རྒྱུད་བཟུང་ཞིང་། །དེ་རྣམས་ཡེ་ཤེས་ཟག་པ་མེད། །བྱིན་རླབས་སྐད་ཅིག་མཐུ་ཡིས་རྟོགས། །གསང་བའི་རྒྱུད་ཆེན་མཐར་ཕྱིན་པ། །དུས་གསུམ་རྒྱལ་བའི་བཀའ་བཞིན་དུ། །ཀུན་ཏུ་བཟང་པོའི་བསྟན་པ་ཉིད། །རང་གི་ཤེས་རབ་ཀྱིས་བཟུང་ཞིང་། །ངེས་པར་མཆོད་ཅིང་བསྟོད་པའི་གནས། །རྒྱུད་ཆེན་གསང་བ་མཐར་ཕྱིན་པ། །དོན་ཀུན་སྟོན་པའི་མཚན་ཇི་ལྟར། །ཀུན་


DNG025_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ལྷ་ལ་གསོལ་འདེབས་ཤིང་། །བྱང་ཆུབ་སེམས་ཀྱི་མཆོད་པར་རོལ། །དེ་དག་བསྟན་པའི་དོན་བཞིན་དུ། །མཐར་ཕྱིན་རབ་ཏུ་རྫོགས་པར་མཛད། །ཡོངས་ཀྱི་ཆོས་རྣམས་ཐམས་ཅད་ནི། །ཐིག་ལེ་ཆེན་པོའི་རང་བཞིན་ཉིད། །ཟབ་ཅིང་རྒྱ་ཆེ་གྲངས་མེད་མོད། །རྒྱ་མཚོ་ཆེན་པོའི་རང་བཞིན་ཏེ། །ཡོན་ཏན་ཚོགས་རྫོགས་སྒྲིབ་པ་མེད། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །སྐྱེ་བ་མེད་ཅིང་འགག་པ་མེད། །དངོས་མེད་མཚན་མ་ཅིར་མི་གནས། །དེ་ལྟར་དོན་ཀུན་གནས་འཇུག་པའི། །མི་གཉིས་ཏིང་འཛིན་ཡུལ་ལས་འདས། །ཐེག་པ་སྣ་ཚོགས་སྟོན་པའི་གཞི། །གསང་བའི་མཐའ་རྣམས་མ་འགགས་པའོ། །རྣམ་པར་མི་རྟོག་བསམ་གཏན་ནི། །ནམ་མཁའ་བཞིན་དུ་ཡེ་གནས་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་གསུངས་སོ། །དེ་ནས་རིགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས། ཕྱོགས་ཐམས་ཅད་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ཏེ། སྤྱི་བོས་བླངས་སོ། །ཐམས་ཅད་སྟོན་པ་བླ་ན་མེད། །ཐམས་ཅད་ཐེག་པ་བླ་ན་མེད། །གསང་སྔགས་ཕྱག་རྒྱའི་དཀྱིལ་འཁོར་དུ། །མ་ལུས་ཆོས་རྣམས་ཀུན་སྦྱོང་ཞིང་། །རིགས་ཀུན་མངོན་པར་རྫོགས་པ་དག །བཅོམ་ལྡན་སྙིང་པོ་ཁྱོད་ལས་བྱུང་། །ཡེ་ཤེས་ཆེན་པོ་ཀུན་སྤྱོད་པས། །རིགས་ཀྱི་རིགས་ཏེ་རིགས་ཀྱི་མཆོག །ཅེས་པ་དང་། རྒྱལ་བ་ཀུན་གྱིས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་དབང་བསྐུར་ཞིང་། བསྟན་པའི་སྙིང་པོ་དམ་པ་འདི་རྗེས་སུ་གདམས་སོ། །རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་ལས། ཡོངས་སུ་བསྡུ་བའི་ལེའུ་སྟེ་བཅུ་པའོ།། །།རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། གཡུ་སྒྲས་ཞུས་ཤིང་གཏན་ལ་ཕབ་པའོ།། །།

མན་ངག་ཐམས་ཅད་ཀྱི་སྡོམ།


DNG025_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨུ་པ་དེ་ཤ་སརྦ་སཱུ་ཏྲ། ཤྲི་མ་ཧཱ་སུ་ཁ་ན་མཿ། བོད་སྐད་དུ། མན་ངག་ཐམས་ཅད་ཀྱི་སྡོམ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །མན་ངག་སྤྱི་ཡི་རྒྱ་མདུད་འདི། །བློ་དམན་རྣམས་ཀྱིས་མ་ཁྲོལ་བ། །ཕོ་སྙུང་འདྲ་བའི་ལྟ་བས་བཀྲོལ། །མ་རིག་ཐ་རམས་སྔོན་པོ་འདི། །རྨོངས་པ་རྣམས་ཀྱིས་མི་ཕྱེད་པ། །འཕྲུལ་གྱི་ལྡེ་མིག་འདི་ཡིས་ཕྱེ། །དེ་ལ་ཐོག་མར་གསང་བའི་བདག་པོས། ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསོད་ནམས་ཀྱི་ངོ་བོ་ཡིན་པས།སེམས་དཔའ་རྡོ་རྗེས་རིག་ཅིང་རྟོགས་སམ། ཞེས་བྱ་བ་དྲི་བའི་ཕྱིར། འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་གཅིག་ནི། །ཡེ་ཤེས་ལྔ་ཡི་རང་བཞིན་པས། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་གསང་བའི་བདག་པོ་ལགས། །ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །ཡེ་ཤེས་ལྔ་ཡི་རང་བཞིན་པ། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །སེམས་ཉིད་དབྱིངས་ནས་མ་གཡོས་པ། །ཆོས་དབྱིངས་ཡེ་ཤེས་ཡིན་པར་རྟོགས། །གསལ་ལ་རྟོག་པ་མེད་པ་ནི། །མེ་ལོང་ཡེ་ཤེས་ཡིན་པར་རྟོགས། །སེམས་ལ་དབྱེ་བ་མེད་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་རྟོགས། །སེམས་ཉིད་ཅིར་ཡང་སྣང་བ་ནི། །ཀུན་རྟོག་ཡེ་ཤེས་ཡིན་པར་རྟོགས། །སེམས་ཀྱིས་ཀུན་ལ་དབང་བསྒྱུར་བ། །བྱ་གྲུབ་ཡེ་ཤེས་ཡིན་པར་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ང་ཡི་བྱང་ཆུབ་སེམས་གཅིག་ནི། །བདེ་གཤེགས་རིགས་ལྔའི་རང་བཞིན་ལ། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་གསང་བའི་བདག་པོ་ལགས། །ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །བདེ་གཤེགས་ལྔ་ཡི་རང་བཞིན་པ། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །སེམས་ཉིད་ཅིར་ཡང་སྣང་བ་ནི། །རྣམ་པར་སྣང་མཛད་ཡིན་པར་རྟོགས། །སེམས་ལ་འཕོ་འགྱུར་མེད་པ་ནི། །རྡོ་རྗེ་སེམས་དཔའ་ཡིན་པར་རྟོགས། །ཆེ་བའི་ཡེ་ཤེས་བྱུང་བས་ན། །རིན་ཆེན་འབྱུང་ལྡན་ཡིན་པར་རྟོགས། །སེམས་ཀྱིས་ཀུན་ལ་ཁྱབ་པས་ན། །སྣང་བ་མཐའ་ཡས་ཡིན་པར་


DNG025_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། །བྱ་བཙལ་མེད་པར་གྲུབ་པས་ན། །དོན་ཡོད་གྲུབ་པ་ཡིན་པར་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ང་ལ་བྱང་ཆུབ་སེམས་གཅིག་ནི། །སངས་རྒྱས་སྐུ་ལྔའི་རང་བཞིན་པ། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཀྱེ་གསང་བའི་བདག་པོ་ལགས། །ཉིད་ཀྱི་བྱང་ཆུབ་སེམས་ཉིད་ནི། །སངས་རྒྱས་སྐུ་ལྔའི་རང་བཞིན་པས། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །གཟུང་འཛིན་པ་ཡི་བྱང་ཆུབ་སེམས། །དེ་ནི་ཆོས་སྐུ་ཡིན་པར་རྟོགས། །གསལ་ལ་རྟོག་པ་མེད་པ་ནི། །ལོངས་སྤྱོད་རྫོགས་སྐུ་ཡིན་པར་རྟོགས། །སེམས་ལ་དབང་ཐོབ་བསྒྱུར་ནུས་པ། །དེ་ནི་སྤྲུལ་སྐུ་ཡིན་པར་རྟོགས། །རང་རིག་མངོན་དུ་གྱུར་པ་ནི། །མངོན་པར་བྱང་ཆུབ་སྐུ་རུ་རྟོགས། །སེམས་ལ་ཉེས་སྐྱོན་མེད་པ་ནི། །རྡོ་རྗེ་ལྟ་བུའི་སྐུ་རུ་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་གཅིག་ནི། །ཉོན་མོངས་དུག་ལྔའི་རང་བཞིན་པ། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །ཉོན་མོངས་དུག་ལྔའི་རང་བཞིན་པ། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །འདོད་པ་སྲིད་གསུམ་སངས་རྒྱས་འདོད། །ཆགས་པ་ཆོས་ཉིད་ངང་ལ་ཆགས། །སེམས་ནི་འདོད་ཆགས་ཡིན་པར་རྟོགས། །ཞེ་བ་བྱང་ཆུབ་དོན་ལ་ཞེ། །སྡང་བ་འཁོར་བའི་ཆོས་ལ་སྡང་། །སེམས་ནི་ཞེ་སྡང་ཡིན་པར་རྟོགས། །གཏི་བ་ཆོས་ཉིད་དོན་ལ་གཏི། །མུག་པ་འཁོར་བའི་ཆོས་ལ་མུག །སེམས་ནི་གཏི་མུག་ཡིན་པར་རྟོགས། །ང་ནི་བྱང་ཆུབ་སེམས་ཡིན་ལ། །རྒྱལ་ནི་ཐེག་པ་ཀུན་ལས་རྒྱལ། །སེམས་ནི་ང་རྒྱལ་ཡིན་པར་རྟོགས། །ཕྲག་ནི་ཆོས་ཉིད་དབྱིངས་ཀྱི་ཕྲག །དོག་པ་མཚན་མ་ཀུན་ལ་དོག །སེམས་ནི་ཕྲག་དོག་ཡིན་པར་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ང་ཡི་བྱང་ཆུབ་སེམས་འདི་ནི། །ཁ་དོག་དྲུག་གི་རང་བཞིན་ཏེ། །དེ་


DNG025_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། །ཉིད་ཀྱི་བྱང་ཆུབ་སེམས་ཉིད་ནི། །ཁ་དོག་དྲུག་གི་རང་བཞིན་པ། །དེ་ནི་བདག་གིས་རྟོགས་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །ཉོན་མོངས་སྐྱོན་གྱིས་མ་གོས་པས། །བྱང་ཆུབ་སེམས་ནི་དཀར་པོར་རྟོགས། །ཆེ་བའི་ཡེ་ཤེས་འབྱུང་བའི་ཕྱིར། །བྱང་ཆུབ་སེམས་ནི་སེར་པོར་རྟོགས། །ཐུགས་རྗེ་ཀུན་ལ་ཁྱབ་པའི་ཕྱིར། །བྱང་ཆུབ་སེམས་ནི་དམར་པོར་རྟོགས། །གང་ལའང་ཐོགས་པ་མེད་པའི་ཕྱིར། །བྱང་ཆུབ་སེམས་ནི་ལྗང་གུར་རྟོགས། །གཞན་གྱིས་བསྒྱུར་དུ་མེད་པའི་ཕྱིར། །བྱང་ཆུབ་སེམས་ནི་ནག་པོར་རྟོགས། །སྣ་ཚོགས་ཅིར་ཡང་སྣང་བའི་ཕྱིར། །བྱང་ཆུབ་སེམས་ནི་ཁྲ་བོར་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་གཅིག་ནི། །འདོད་སྤྱོད་ལྔ་ཡི་རང་བཞིན་པས། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །འདོད་སྤྱོད་ལྔ་ཡི་རང་བཞིན་པ། །དེ་དོན་བདག་གིས་རྟོགས་གྱུར་པས། །སྣང་བ་ཐམས་ཅད་སེམས་ལས་སྣང་། །དེས་ན་སེམས་ཉིད་གཟུགས་སུ་རྟོགས། །གྲག་པ་ཐམས་ཅད་སེམས་ལ་གྲག །དེས་ནི་སེམས་ཉིད་སྒྲ་རུ་རྟོགས། །རོ་ཕྱོགས་ཐམས་ཅད་སེམས་ལ་བྲོ། །དེས་ན་སེམས་ཉིད་རོ་རུ་རྟོགས། །དྲི་ཕྱོགས་ཐམས་ཅད་སེམས་ལ་བྲོ། །དེས་ན་སེམས་ཉིད་དྲི་རུ་རྟོགས། །རེག་ཚོགས་ཐམས་ཅད་སེམས་ལ་རེག །དེས་ན་སེམས་ཉིད་རེག་ཏུ་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་གཅིག་ནི། །འབྱུང་བ་ལྔ་ཡི་རང་བཞིན་ལ། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །འབྱུང་བ་ལྔ་ཡི་རང་བཞིན་


DNG025_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །བྱང་ཆུབ་སེམས་ཀྱིས་ཀུན་བསྡུས་པས། །བྱང་ཆུབ་སེམས་ལ་ཀུན་བརྟེན་པས། །བྱང་ཆུབ་སེམས་ནི་ཆུ་འདྲར་རྟོགས། །ཀུན་ལ་སྙོམས་ཤིང་སྨིན་མཛད་པའི། །བྱང་ཆུབ་སེམས་ནི་མེ་འདྲར་རྟོགས། །གཟུགས་མེད་ཁམས་ལ་རྒྱུ་བས་ནི། །བྱང་ཆུབ་སེམས་ནི་རླུང་འདྲར་རྟོགས། །སྣང་མེད་མཁའ་ལ་ཁྱབ་པས་ནི། །བྱང་ཆུབ་སེམས་ནི་མཁའ་འདྲར་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་གཅིག་ནི། །སྐུ་ལྔ་མངོན་དུ་ཕྱུང་གྱུར་པ། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །སྐུ་ལྔ་མངོན་དུ་ཕྱུང་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི། །འབྱུང་ཆེན་ལྔ་ཡི་སྐུར་ཕྱུང་ནས། །ཚིག་དང་ཡི་གེར་མི་སྟོན་ཏོ། །རང་གི་ངོ་བོས་ཆོས་སྟོན་ཏོ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་ཆོས་སྟོན་ཏོ། །ཞེས་གསོལ་ཏོ། །ཡང་གསུངས་པ། ཀྱེ་རྡོ་རྗེ་སེམས་དཔའ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་གཅིག་ནི། །ཁམས་གསུམ་དག་གི་རང་བཞིན་པ། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། །ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །ཁམས་གསུམ་དག་གི་རང་བཞིན་པ། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །མ་སྐྱེས་སྟོང་ལ་སྐྱེ་མེད་པས། །དེ་ནི་གཟུགས་མེད་ཁམས་སུ་རྟོགས། །དབང་པོ་ཡུལ་དུ་སྣང་བ་ནི། །དེ་ནི་གཟུགས་ཀྱི་ཁམས་སུ་རྟོགས། །དེ་ཉིད་ཞེན་པས་བཟུང་བ་ནི། །དེ་ནི་འདོད་པའི་ཁམས་སུ་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་གཅིག་ནི། །སྐུ་གསུང་ཐུགས་ཀྱི་རང་བཞིན་པ། །དེ་དོན་ཁྱོད་ཀྱིས་རྟོགས་


DNG025_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏམ། །སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །སྐུ་གསུང་ཐུགས་ཀྱི་རང་བཞིན་པ། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །རང་བཞིན་ངོ་བོ་ཐུགས་རྗེ་གསུམ། །སེམས་ཀྱི་སྐུ་ལས་སྐུ་གཞན་མིན། །དེས་ན་སེམས་ཀྱི་སྐུ་རུ་རྟོགས། །སྣོད་བཅུད་སྒྲ་སྐད་སྣ་ཚོགས་པ། །སེམས་ཀྱི་གསུང་ལས་གཞན་མི་གྲག །དེས་ན་སེམས་ཉིད་གསུང་དུ་རྟོགས། །ཀུན་གྱིས་མི་རྟོག་མཉམ་ཉིད་དེ། །བྱང་ཆུབ་སེམས་ཀྱི་ཐུགས་ཡིན་པས། །དེས་ན་སེམས་ནི་ཐུགས་སུ་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་གཅིག་ནི། །དུས་གསུམ་བཞུགས་པའི་རང་བཞིན་པ། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །ཡང་སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། །ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །དུས་གསུམ་བཞུགས་པའི་རང་བཞིན་པ། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །འདས་དང་མ་བྱོན་ད་ལྟར་གྱི། །དུས་གསུམ་དབྱེ་བ་མེད་པ་རུ། །བྱང་ཆུབ་སེམས་ནི་གནས་པའི་ཕྱིར། །སེམས་ཉིད་དུས་གསུམ་ཁྱབ་པར་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་གཅིག་ནི། །རྒྱུ་འབྲས་ལམ་གྱི་རང་བཞིན་པས། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་གསོལ་པ།ཀྱེ་གསང་བའི་བདག་པོ་ལགས། །ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །རྒྱུ་འབྲས་ལམ་གྱི་རང་བཞིན་པ། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །སེམས་རྟོགས་སངས་རྒྱས་བྱུང་བའི་ཕྱིར། །སེམས་ནི་སངས་རྒྱས་རྒྱུ་རུ་རྟོགས། །མ་ཡིས་གནས་པ་ལམ་ཡིན་པས། །སེམས་ནི་སངས་རྒྱས་ལམ་དུ་རྟོགས། །མངོན་དུ་གྱུར་པ་འབྲས་བུ་པས། །སེམས་ནི་འབྲས་བུ་ཡིན་པར་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་


DNG025_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནི། །ཕུན་སུམ་ཚོགས་པའི་རང་བཞིན་པ། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། །ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །ཕུན་སུམ་ཚོགས་པའི་རང་བཞིན་པ། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །རང་བྱུང་ཡེ་ཤེས་སྒྲིབ་མེད་པས། །སྟོན་པ་ཕུན་སུམ་ཚོགས་པར་རྟོགས། །རིག་པ་འདུ་འབྲལ་མེད་པ་ནི། །དེ་འཁོར་ཕུན་སུམ་ཚོགས་པར་རྟོགས། །སེམས་ཉིད་མ་བཅོས་རྣལ་བཞག་པས། །བསྟན་པ་ཕུན་སུམ་ཚོགས་པར་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ།ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་གཅིག་ནི། །ཚུལ་ནི་ཇི་ལྟར་ཡིན་པར་རྟོགས། །སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །ཚུལ་ནི་འདི་ལྟར་ཚོགས་གྱུར་ཏེ། །ཡིན་ཚུལ་ངེས་པ་མེད་པ་ལ། །སྣང་ཚུལ་ཅིར་ཡང་སྣང་བར་རྟོགས། །ཞེས་གསོལ་ཏོ། །ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག །ཡོད་པར་རྟོགས་སམ་མེད་པར་རྟོགས། །སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །མཚན་མའི་དངོས་པོར་མེད་པར་རྟོགས། །རིག་པའི་ངོ་བོར་ཡོད་པར་རྟོགས། །ཞེས་གསུངས་སོ། །ཡང་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་ཉོན་ཅིག །ང་ཡི་བྱང་ཆུབ་སེམས་རྟོགས་པས། །ཡིད་ཆེས་དད་པ་ཇི་ལྟར་སྐྱེ། །དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ། །སེམས་དཔའ་རྡོ་རྗེས་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཉིད་ཀྱི་བྱང་ཆུབ་སེམས་རྟོགས་པས། །ཡིད་ཆེས་དད་པ་འདི་ལྟར་སྐྱེ། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཀྱིས། །ཅི་ལྟར་སྣང་བའི་ཆོས་རྣམས་ཀུན། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས། །ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་


DNG025_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆེས། །རང་བཞིན་བཅུ་ཡིས་རྩལ་དུ་མེད་པའི་ཕྱིར། །མ་བཙལ་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས། །ཆོས་རྣམས་ཐམས་ཅད་གཏན་ལ་ཕབ་པའི་ཕྱིར། །བསྟན་པའི་སྒྲོན་མེ་ཡིན་པར་ཡིད་ཀྱང་ཆེས། །ཉམས་སུ་བླངས་ཤིང་བློ་ལ་བཞག་པའི་ཆོས་ཡིན་པས། །མན་ངག་ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་འབེབས་པས་ན། །ཀུན་གྱི་སྤྱི་འདྲེལ་ཡིན་པར་ཡིད་ཀྱང་ཆེས། །རྒྱུ་འབྲས་ཐེག་པ་ཅན་ལ་ཁྱད་འཕགས་པས། །ཐེག་པའི་ཉིང་ཁུ་ཡིན་པར་ཡིན་ཀྱང་ཆེས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ལམ་དུ་ཁྱེར་བའི་ཆོས་ཉིད་དེ། །བྱང་ཆུབ་སེམས་ལས་མེད་པའི་ཕྱིར། །བསྟན་པའི་ཡངས་ཆེན་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་ཉིད་དུ་འདུས་པའི་ཕྱིར། །ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་ཉིད་ཀྱིས་བྱས་པའི་ཕྱིར། །ཀུན་གྱི་མཁན་པོ་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་ཉིད་ལས་བྱུང་བའི་ཕྱིར། །ཀུན་གྱི་འབྱུང་གནས་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་ཉིད་ལ་གནས་པའི་ཕྱིར། །ཀུན་གྱི་གཞི་མ་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་ལས་ལ་གྱེས་པའི་ཕྱིར། །ཀུན་གྱི་སྡོང་པོ་ཡིན་པར་ཡིད་ཀྱང་ཆེས། །ཐམས་ཅད་ཉིད་ལས་མེད་པའི་ཕྱིར། །ཀུན་གྱི་ངོ་བོ་ཡིན་པར་ཡིད་ཀྱང་ཆེས། །སྣང་མེད་ཀུན་ལ་ཁྱབ་པས་ན། །བརྡལ་བ་ཆེན་པོ་ཡིན་པར་ཡིད་ཀྱང་ཆེས། །གཅིག་ལས་དུ་མར་བགྲང་དུ་མེད་པའི་ཕྱིར། །ཐིག་ལེ་ཉག་གཅིག་ཡིན་པར་ཡིད་ཀྱང་ཆེས། །དུས་གསུམ་འཕོ་འགྱུར་མེད་པར་བྱ་བའི་ཕྱིར། །མི་ནུབ་རྒྱལ་མཚན་ཡིན་པར་ཡིད་ཀྱང་ཆེས། །རང་ལ་ཡོད་ཅིང་རྟོགས་པར་དཀའ་བའི་ཕྱིར། །གསང་བའི་མན་ངག་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསོལ་ཏོ། །དེ་ནས་སེམས་དཔའ་རྡོ་རྗེས་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གསང་བའི་བདག་པོ་ལགས། །བླ་མེད་བྱང་ཆུབ་ཆེན་པོ་འདི། །བཅོས་པས་གྲུབ་བམ་མ་བཅོས་གྲུབ། །གསང་བའི་བདག་པོས་བསྟན་དུ་གསོལ། །


DNG025_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བླ་མེད་བྱང་ཆུབ་ཆེན་པོ་འདི། །བཅོས་པས་གྲུབ་པ་མ་ཡིན་ཏེ། །མ་བཅོས་རྣལ་དུ་བཞག་པས་གྲུབ། །སྔར་འདས་སངས་རྒྱས་ཐམས་ཅད་ཀྱང་། །ཇི་བཞིན་པ་ལ་བཅོས་པ་མེད། །ད་ལྟར་སངས་རྒྱས་ཐམས་ཅད་ཀྱང་། །ཇི་བཞིན་པ་ལ་བཅོས་མི་མཛད། །མ་འོངས་སངས་རྒྱས་ཐམས་ཅད་ཀྱང་། །ཇི་བཞིན་པ་ལ་བཅོས་མི་འགྱུར། །གསང་བའི་བདག་པོ་ང་ཡིས་ཀྱང་། །ཇི་བཞིན་པ་ལ་བཅོས་མ་མྱོང་། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་། །ཇི་བཞིན་པ་ལས་བཅོས་མ་བྱེད། །སེམས་དཔའ་ཆེན་པོ་རང་ལུས་མ་བཅོས་པ་ལ་ལྷ་མ་བསྒོམས། །སྨྲ་བའི་ཚིག་དང་ངག་མ་བཅོས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆུ་མ་སྙོགས་ན་དྭངས། སེམས་མ་བཅོས་ན་གསལ། ལམ་མ་བགྲོད་ན་ཉེ། འབྲས་བུ་མ་དམིགས་ན་ཐོབ། ཀྱེ་སེམས་དཔའ་ཆེན་པོ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །དེ་བཞིན་ཉིད་དུ་གཅིག་པ་ལ། །དེ་ལས་སུའང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་འདི་ལ་གནས། །ཅི་བཞིན་པ་ལ་བཅོས་མ་བྱེད། །ཇི་བཞིན་པ་ལ་སུས་བཅོས་པ། །དེ་ཡིས་རྣལ་དུ་འབྱོར་པ་མེད། །རྣལ་དུ་མ་འབྱོར་དོན་མི་འགྲུབ། །ཇི་བཞིན་པ་ལ་འཆོས་མ་བྱེད། །ཇི་བཞིན་པ་ལ་སུ་འཆོས་པ། །དེ་ཡི་མྱ་ངན་མི་འདའ་སྟེ། །དེ་ནི་འཁོར་བའི་སྙིང་པོ་འགྲུབ། །ཀྱེ་སེམས་དཔའ་ཆེན་པོ། རང་ལས་མེད་ཀྱི་གཞན་མ་བལྟ། །འགྲོ་ས་མེད་ཀྱི་ཅོག་གེ་སྡོད། །ཕུགས་ན་འདུག་གི་སྒོར་མ་འབྱུང་། །ཡེ་ནས་ཡིན་གྱིས་གཟོད་མ་འཚོལ། །རང་བྱུང་ཡེ་ཤེས་ཕུགས་ནས་སྒོར་ཕྱུང་བས། །མཚན་མ་སྣ་ཚོགས་ཆོས་དང་ཐུག་གིས་ཕྲད། །དེ་ལ་བརྟགས་ཤིང་དཔྱད་བྱས་པས། །ཁམས་གསུམ་འཁོར་བའི་སྙིང་པོ་འགྲུབ། །རང་བྱུང་ཡེ་ཤེས་ཕུགས་ནས་


DNG025_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་ཕྱུང་བས། །བལྟར་མེད་བལྟས་པས་མ་མཐོང་སྒྲིབ་པ་འབྱུང་། །བཙལ་མེད་བཙལ་བས་མ་གྲུབ་གོལ་ས་བྱུང་། །ཀྱེ་སེམས་དཔའ་ཆེན་པོའོ། །བྱས་པའི་སྤྱོད་པ་སྤྱོད་པ་ཟང་མ་མིན། །དམིགས་པའི་ཏིང་འཛིན་སྒོམ་པ་ཟང་མ་མིན། །གསལ་བའི་ཡེ་ཤེས་ཡེ་ཤེས་ཟང་མ་མིན། །བསྒྲུབས་པའི་འབྲས་བུ་འབྲས་བུ་ཟང་མ་མིན། །ཕྱོགས་ལྷུང་ཡོད་ན་ལྟ་བ་ཟང་མ་མིན། །འཕོ་འགྱུར་ཡོད་ན་ཆོས་ཉིད་ཟང་མ་མིན། །འབྱུང་བའི་སྤྱོད་པ་སྤྱོད་པ་ཟང་མ་མིན། །དམིགས་པ་མེད་ན་སྒོམ་པ་ཟང་མ་ཡིན། །གསལ་འགྲིབ་མེད་ན་ཡེ་ཤེས་ཟང་མ་ཡིན། །ལྷུན་གྱིས་གྲུབ་པ་ཡེ་ཤེས་ཟང་མ་ཡིན། །ཕྱོགས་ལྷུང་མེད་ན་ལྟ་བ་ཟང་མ་ཡིན། །འཕོ་འགྱུར་མེད་ན་ཆོས་ཉིད་ཟང་མ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་དེ་ལྟ་བས་ན། ཆོས་ཇི་བཞིན་པའི་ངང་ལ་བློ་ཇི་བཞིན་པ་བཞག་སྟེ། དབང་པོ་རྒྱ་ཡན། རིག་པ་ཁྱབ་གདལ། ལུས་སེམས་བཅོས་པ་མེད་པར་བཞག་གོ། །དབང་པོ་ཡུལ་ལ་ཡན་པ་བསྡུ་མི་བྱ། །ཡུལ་དང་དབང་པོ་མི་དབྱེ་ལྷུག་པར་བཞག །ཆོས་རྣམས་ངོ་ཡིས་མི་བཟུང་གྱི་ནར་བཞག །མཉམ་གཞག་ཡིན་ལ་གཞོག་ཅིག་རྗེས་ཐོབ་རྟ་ལྟར་བཙལ། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། དཔེ་མཚོན་ཚིག་གི་ལྡེ་མིག་གིས། །དོན་གྱི་གསང་སྒོ་དབྱེ་བྱ་སྟེ། །དེ་དོན་བདག་ལ་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དཔེ་མཚོན་ཚིག་གི་ལྡེ་མིག་གིས། །དོན་གྱི་གསང་སྒོ་དབྱེ་བྱ་སྟེ། །དེ་དོན་བསྟན་པ་འདི་ལྟ་སྟེ།མཁའ་ལ་ཤར་བའི་གཟུགས་སོགས་རྣམས། །དྭངས་པའི་རྒྱ་མཚོ་ཆེན་པོ་རུ། །དེ་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །གཉིས་མེད་ཡེ་ཤེས་ངོ་ཁ་ལ། །དེ་ཉིད་མ་འདྲེས་ཡོངས་སུ་རྫོགས། །མཁའ་ལ་ཤར་བའི་གཟུགས་སོགས་


DNG025_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །དྭངས་པའི་རྒྱ་མཚོ་ཆེན་པོ་ཡིས། །བླང་བ་མེད་ཅིང་དོར་བ་མེད། །གཟུང་བ་མེད་ཅིང་དོར་བ་མེད། །མཁའ་ལ་གཟུགས་སོགས་ཤར་བ་རྣམས། །ཆུ་ནང་གཟུགས་བརྙན་ཤུགས་ཀྱིས་འབྱུང་། །ཀུན་གཞི་མཁའ་ལ་རིག་ཤར་བས། །རིག་པའི་རྩལ་ཤུགས་ཤུགས་ཀྱིས་འབྱུང་། །མཁའ་ལ་ཤར་བའི་གཟུགས་སོགས་དང་། །ཆུ་ནང་དག་གི་གཟུགས་བརྙན་གཉིས། །གཅིག་པ་མ་ཡིན་ཐ་དད་མིན། །དེ་བཞིན་རིག་པའི་རྒྱལ་པོ་དང་། །རིག་པའི་རྩལ་དུ་སྣང་བ་གཉིས། །གཅིག་པ་མ་ཡིན་ཐ་དད་མིན། །དཔེར་ན་ནམ་མཁའི་གཟུགས་གཅིག་ལ། །ཆུ་ནང་གཟུགས་བརྙན་བསམ་མི་ཁྱབ། །དེ་བཞིན་རིག་པ་གཅིག་པ་ལ། །རིག་པའི་རྩལ་ཤུགས་བསམ་མི་ཁྱབ། །དཔེར་ན་ཆུ་ནང་ཟླ་བ་ཡང་། །སྣང་ཡང་དེ་ལ་རང་བཞིན་མེད། །དེ་བཞིན་རིག་པའི་རྩལ་སྣང་བ། །སྣང་ཡང་དེ་ལ་རང་བཞིན་མེད། །ཚོན་ལྔ་འདྲེས་པའི་ཁ་དོག་ལ། །འདི་ཞེས་གཅིག་ཏུ་ངོས་གཟུང་མེད། །དེ་བཞིན་སོ་སོར་དབྱེར་མེད་ཀྱང་། །ཀུན་བྲལ་ཅི་ཡང་མ་སྤངས་པའོ། །ཆོས་རྣམས་འདུས་པའི་ཡེ་ཤེས་ལ། །འདི་ཞེས་གཅིག་ཏུ་ངོས་གཟུང་མེད། །དེ་བཞིན་སོ་སོར་དབྱེ་བ་ཡང་། །ཀུན་བྲལ་ཅི་ཡང་མ་སྤངས་པའོ། །སྣ་ཚོགས་དར་གྱི་མིང་རྣམས་ཀྱང་། །ཟ་འོག་སྣམ་བུར་བྱས་ཙམ་ན། །སྣ་ཚོགས་དར་མེད་བྲལ་ནས་ཀྱང་། །སྣམ་བུར་བཏགས་པ་ཇི་བཞིན་དུ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །གཉིས་མེད་ཡེ་ཤེས་བསྡུས་ཙམ་ན། །སྣ་ཚོགས་ཆོས་ཀྱི་མིང་དང་བྲལ་ནས་ཀྱང་། །གཉིས་མེད་ཐིག་ལེ་ཆེན་པོར་གཅིག །གསེར་ལས་བྱས་པའི་རྫས་རྣམས་ཀུན། །མིང་དབྱིབས་ལ་སོགས་ཐ་དད་ཀྱང་། །ངོ་བོ་གསེར་དུ་གཅིག་པ་བཞིན། །སེམས་ཀྱིས་བཏགས་པའི་ཆོས་རྣམས་ཀུན། །མིང་དབྱིབས་ལ་སོགས་ཐ་དད་ཀྱང་། །ཆོས་ཉིད་ངོ་


DNG025_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བོར་དབྱེར་མེད་གཅིག །དཔེར་ན་རས་སྣམ་ཡུག་གཅིག་ལ། །ཚོན་གྱི་རྐྱེན་གྱིས་སོ་སོར་སྣང་། །སྣང་ཡང་རས་སུ་དབྱེར་མེད་གཅིག །དེ་བཞིན་ཆོས་ཀྱི་རྒྱུ་གཅིག་ལ། །དབང་པོ་རྐྱེན་གྱིས་སོ་སོར་སྣང་། །ཆོས་དེ་ངོ་བོར་དབྱེར་མེད་གཅིག །ཤེལ་སྒོང་དག་གི་དྲུང་དག་ཏུ། །ཁ་དོག་སྣ་ཚོགས་རས་བཞག་པས། །གང་བཞག་རྐྱེན་གྱིས་དེ་ལྟར་སྣང་། །སྣང་ཡང་ཤེལ་ལ་འགྱུར་བ་མེད། །དེ་བཞིན་སེམས་ཉིད་རྒྱུད་གཅིག་ལ། །འགྲོ་བ་རིགས་དྲུག་སོ་སོ་ནས། །ལས་བག་རྐྱེན་གྱིས་སོ་སོར་སྣང་། །ཆོས་ཉིད་ངང་ལས་འགྱུར་བ་མེད། །རྒྱུ་ཉིད་གསེར་དུ་གཅིག་པ་ལ། །བཟོ་ཡི་ལས་ཀྱིས་བསྒྱུར་བྱས་ཏེ། །སྐུ་གཟུགས་ཆེན་པོ་བྱས་པའི་ཚེ། །གསེར་ཡང་བཟོ་ཡི་རྫས་སུ་སྣང་། །ཆོལ་ཟངས་དྲི་སྣོད་བྱས་པའི་ཚེ། །གསེར་ཡང་ངན་པའི་རྫས་སུ་སྣང་། །དེ་བཞིན་ཆོས་ཉིད་རྒྱུ་གཅིག་ལ། །འཁྲུལ་པ་ཅན་གྱིས་བཏགས་ཙམ་ན། །ཡུལ་ཡང་མ་དག་འཇིག་རྟེན་ཁམས། །ངམ་གྲོག་གཡང་ས་ལུང་ཁུང་རྣམས། །ཡེ་ཤེས་ཅན་གྱི་ངོ་ཁ་ལ། །ཡུལ་གྱི་ཞིང་ཁམས་རྣམ་དག་སྟེ། །བདེ་བ་ཅན་གྱི་ཡུལ་དུ་སྣང་། །གཉིས་མེད་ཡེ་ཤེས་ངོ་ཁ་ལ། །སྣང་དང་མི་སྣང་གཉིས་སུ་མེད། །སྨན་དང་དུག་ཏུ་གཅིག་པ་ལ། །ལ་ལའི་སྨན་ཡང་ལ་ལའི་དུག །ཧ་ལ་ནག་པོའི་དུག་དག་ཀྱང་། །ཐབས་མཁས་བཟའ་ལེགས་སྨན་གྱི་མཆོག །སྨན་པའི་རྒྱལ་པོ་བཅུད་ལེན་ཡང་། །ཐབས་མ་མཁས་ཤིང་བཟའ་ཉེས་ན། །ཧ་ལ་ནག་པོའི་དུག་དང་མཚུངས། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བསྐྱེད་པ་མེད་པའི་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་ཡང་། །རྣམ་རྟོག་རླུང་གིས་བསྐྱོད་ཙམ་ན། །འདོད་ཆགས་ཞེ་སྡང་གཏི་མུག་ཡིན། །ས་འོག་གནས་པའི་གསེར་དག་ཀྱང་། །བདག་པོ་མེད་ན་རྡོ་དང་འདྲ། །དགོས་པ་ཅི་ཡང་ཆེ་རྒྱུ་མེད། །ཀུན་ལ་ཡོད་པའི་བྱང་ཆུབ་སེམས། །ཡེ་ཤེས་མེད་ན་འཁྲུལ་པ་ཡིན། །དགོས་པ་ཅི་ཡང་ཆེ་རྒྱུ་མེད། །མི་གཡོ་ཡེ་ཤེས་ལྡན་གྱུར་ན། །ཐིག་


DNG025_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ཉག་གཅིག་ཆོས་ཀྱི་སྐུ། །བྱིན་རླབས་ཡིད་བཞིན་ནོར་བུའི་ཚུལ། །དེ་ནས་སེམས་དཔའ་རྡོ་རྗེས་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གསང་བའི་བདག་པོ་ལགས། རྫོགས་པ་ཆེན་པོའི་ངེས་ཚིག་ཇི་ལྟར་ལགས། །དེ་ལ་བླང་དོར་ཡོད་དམ་མེད། །གསང་བའི་བདག་པོས་གསུངས་པ། ཇི་ལྟར་ནམ་མཁའི་མཚན་ཉིད་དུ། །སྣང་ཉིད་མ་བཀག་ཤོང་བ་ལྟར། །རྫོགས་པ་ཆེན་པོའི་མཚན་ཉིད་དུ། །མེད་པའི་ཆོས་དང་ཡོད་པའི་ཆོས། །དེ་བཞིན་སྲིད་དང་མི་སྲིད་པ། །སངས་རྒྱས་སེམས་ཅན་བདེ་སྡུག་བསྔལ། །བཟང་ངན་ཆེ་ཆུང་སྐྱོན་ཡོན་ཏན། །ལྷག་མ་མེད་པར་ཡོངས་རྫོགས་པས། །དེ་ཕྱིར་དེ་ལ་རྫོགས་ཞེས་བྱ། །རིན་པོ་ཆེ་ཡི་གསེར་གླིང་དུ། །ཐམས་ཅད་གསེར་ལས་མེད་པའི་ཕྱིར། །དོར་དུ་རུང་བ་ཡོད་མ་ཡིན། །རྫོགས་པ་ཆེན་པོའི་ཆོས་ཉིད་ལ། །སྤང་བ་གང་ཡང་མེད་པའི་ཕྱིར། །དོར་དུ་རུང་བ་ཡོད་མ་ཡིན། །གཉིས་མེད་ཡེ་ཤེས་ཁོ་ན་ལ། །མཚན་མ་ཅི་ཡང་མི་སྣང་ཕྱིར། །བླང་དུ་རུང་བ་ཡོད་མ་ཡིན། །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། མ་འདྲེས་ཡོངས་སུ་རྫོགས་ཞེས་བྱ། །དེ་དོན་བདག་ལ་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། མཁའ་ལ་གཟུགས་སོགས་མ་འདྲེས་པ། །ཆུ་ནང་ཕྱོགས་སུ་ཡོངས་སུ་རྫོགས། །འབྱུང་བ་རྣམ་བཞི་མ་འདྲེས་པ། །ནམ་མཁའི་ངང་དུ་ཡོངས་སུ་རྫོགས། །སྣ་ཚོགས་དར་སྣ་མ་འདྲེས་པ། །ཟ་འོག་སྣམ་བུར་ཡོངས་སུ་རྫོགས། །ཚོན་རྩི་རྣམ་ལྔ་མ་འདྲེས་པ། །དཀྱིལ་འཁོར་ཆེན་པོར་ཡོངས་སུ་རྫོགས། །རིན་ཆེན་སྣ་བཞི་མ་འདྲེས་པ། །རི་བོ་མཆོག་རབ་ཡོངས་སུ་རྫོགས། །ཀུན་རྫོབ་ཕྱོགས་ནས་མ་འདྲེས་པ། །དོན་དམ་ཕྱོགས་སུ་ཡོངས་སུ་རྫོགས། །ཆོས་ཅན་ཕྱོགས་ནས་མ་འདྲེས་པ། །ཆོས་ཉིད་ཕྱོགས་སུ་ཡོངས་སུ་


DNG025_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། །བསམ་དབང་ཕྱོགས་ནས་མ་འདྲེས་པ། །དངོས་དབང་ཕྱོགས་ནས་ཡོངས་སུ་རྫོགས། །འཁྲུལ་དབང་ཕྱོགས་ནས་མ་འདྲེས་པ། །གཉིས་མེད་ཕྱོགས་སུ་ཡོངས་སུ་རྫོགས། །བརྒྱད་ཀྱི་ལྟ་སྤྱོད་མ་འདྲེས་པ། །ཨ་ཏི་ཡོ་གར་ཡོངས་སུ་རྫོགས། །ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། སྤྱི་བཅིངས་རྒྱལ་པོ་ཞེས་བགྱི་བ། །དེ་དོན་བདག་ལ་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ལམ་གྱི་སྤྱི་ནི་གྲོངས་ཀྱིས་བཅིངས། །ཆུ་ཕྲན་སྤྱི་ནི་རྒྱ་མཚོས་བཅིངས། །རི་བདུན་སྤྱི་ནི་རི་བོས་བཅིངས། །འབྱུང་བཞིའི་སྤྱི་ནི་ནམ་མཁས་བཅིངས། །ཐེག་པའི་སྤྱི་ནི་ཨ་ཏིས་བཅིངས། །སྐུ་གསུམ་སྤྱི་ནི་གསང་ཆེན་སྐུ་ཡིས་བཅིངས། །ཡེ་ཤེས་ཀུན་གྱི་སྤྱི་དག་ནི། །རང་བྱུང་ཡེ་ཤེས་ཆེན་པོས་བཅིངས། །སྣང་སྲིད་ཆོས་ཀྱི་སྤྱི་དག་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱིས་བཅིངས། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། གང་ཟག་དག་གི་བསམ་དབང་དང་། །ཆོས་ཉིད་དག་གི་དངོས་དབང་གཉིས། །དེ་དོན་བདག་ལ་བསྟན་དུ་གསོལ། །གསང་བའི་བདག་པོས་ཡང་གསུངས་པ། །བཏགས་པ་ཐམས་ཅད་བློ་ཡིས་བཏགས། །གཟུང་བ་ཐམས་ཅད་བློ་ཡིས་བཟུང་། །ཕྱེ་བ་ཐམས་ཅད་བློ་ཡིས་ཕྱེ། །བརྗོད་པ་ཐམས་ཅད་བློ་ཡིས་བརྗོད། །སྣང་བ་ཐམས་ཅད་བློ་ལ་སྣང་། །གྲུབ་པ་ཐམས་ཅད་བློ་ལ་གྲུབ། །དངོས་དབང་དེ་ལས་ཟློག་པའོ། །རེ་ཞིག་བློ་ལ་བསྒོམ་བྱ་ན། །ཡིན་ཚུལ་ངེས་པ་མེད་པའི་ཕྱིར། །སྣང་ཚུལ་ཅིར་ཡང་སྣང་བ་ཡིན། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན། །མ་འདྲེས་ཡོངས་སུ་རྫོགས་པ་ཡིན། །ཀུན་བྲལ་ཅི་མ་བློང་བ་ཡིན། །ལྡན་ལྡོག་གཉིས་དང་བཅས་པ་ཡིན། །དེ་ལ་དབྱེ་བ་མེད་པ་ཡིན། །སྒྲོ་སྐུར་ཀུན་དང་བྲལ་བ་ཡིན། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཕྱོགས་ཆ་ཅན་གྱི་ལྟ་བ་ལ། །དེ་ལ་བསྟན་པར་


DNG025_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་མི་བགྱིད། །བདེ་གཤེགས་གསང་བའི་བདག་པོ་ཡིས། །ཕྱོགས་ཆ་ཅན་དུ་གསུངས་པ་དེ། །ངེས་དོན་ལགས་སམ་དགོངས་བཤད་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། ཕྱོགས་གཅིག་སྤངས་ན་ཕྱོགས་གཅིག་བླ། །ཕྱོགས་ལ་ཆགས་པས་ཕྱོགས་ཐུག་མཐའ། །ཕྱོགས་རིས་མེད་པའི་ལྟ་བ་ལ། །ཕྱོགས་ཆ་ཅན་དུ་གཟུང་བ་དེ། །ལྟ་བ་ངན་ཏེ་ལྡིང་བ་ཡིན། །དེ་ལ་བསྟན་པར་མི་བྱའོ། །ཁྱེད་ལ་སོགས་པའི་འཁོར་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ཏེ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ང་ཡི་བཀའ་ནི་དགོངས་པ་ཅན། །ཡོད་མཐའ་དགྲོལ་ཕྱིར་མེད་མཐའ་བསྟན། །མེད་མཐའ་དགྲོལ་ཕྱིར་ཡོད་ཅེས་བསྟན། །གཉིས་མེད་དགྲོལ་ཕྱིར་ཉག་གཅིག་བསྟན། །སྤྲོས་དགྲོལ་ཕྱིར་ན་བརྗོད་མེད་བསྟན། །བརྗོད་མེད་དགྲོལ་ཕྱིར་ཁ་འབྱམ་བསྟན། །ལྟ་བ་འཕྲུལ་གྱི་ཁ་འབྱམ་འདི། །ཇི་ལྟར་ནམ་མཁའི་མདུང་བསྐོར་བཞིན། །གང་ལྟར་སྐོར་ཡང་དོག་པ་མེད། །ཇི་ལྟར་འདམ་གྱི་ཕུར་པ་བཞིན། །གང་ལྟར་བསྐུལ་ཡང་སྒུལ་དུ་བཏུབ། །པགས་པ་རློན་པའི་མཐའ་བཞིན་དུ། །གང་ལྟར་འཐེན་ཡང་འཐེན་དུ་བཏུབ། །ཇི་ལྟར་སྨྱོན་པའི་ཚིག་བཞིན་དུ། །གང་ལྟར་སྨྲས་ཀྱང་རང་དབང་ཆེ། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་དང་རྣམ་པ་གསུམ། །གཅིག་པ་ལགས་སམ་ཐ་དད་ལགས། །ཆོས་ཀྱི་སྐུ་དང་ཆོས་དབྱིངས་སམ། །གཅིག་པ་ལགས་སམ་ཐ་དད་ལགས། །ཆོས་ཀྱི་སྐུ་དང་ཡེ་ཤེས་གཉིས། །གཅིག་པ་ལགས་སམ་ཐ་དད་ལགས། །རང་བྱུང་ཡེ་ཤེས་ཆེན་པོ་དང་། །མ་རིག་པ་ཡི་འཁྲུལ་པ་གཉིས། །གཅིག་པ་


DNG025_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སམ་ཐ་དད་ལགས། །ཆོས་ཅན་མཚན་མར་འཛིན་པ་དང་། །ཆོས་ཉིད་དོན་གྱི་ངོ་བོ་གཉིས། །གཅིག་པ་ལགས་སམ་ཐ་དད་ལགས། །ཁམས་གསུམ་འཁོར་བའི་སེམས་ཅན་དང་། །དུས་གསུམ་བཞུགས་པའི་སངས་རྒྱས་གཉིས། །གཅིག་པ་ལགས་སམ་ཐ་དད་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། བསམ་དབང་འཁྲུལ་པའི་ཕྱོགས་ནས་མི་གཅིག་ཐ་དད་ཀྱང་། །གཉིས་མེད་དངོས་དབང་ཕྱོགས་སུ་ཐམས་ཅད་དབྱེར་མེད་གཅིག །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་ནམ་མཁའི་དགོངས་པ་ཉིད་ཇི་ལྟར་ལགས། བྱང་ཆུབ་སེམས་ཀྱི་བཞུགས་ཚུལ་ནི། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ།དབང་པོའི་ངོ་ལ་གང་གསལ་བ། །རང་གསལ་དེ་ལ་མ་རྟོགས་པ། །དེ་བཞིན་ནམ་མཁའི་དགོངས་པར་བཤད། །ཡུལ་དང་དབང་པོ་མི་འབྱེད་ཅིང་། །ཆོས་ཉིད་ངོ་ཡིས་མི་འཛིན་ན། །དེ་བཞིན་ནམ་མཁའི་དགོངས་པར་བཤད། །རིག་པ་ནང་ནས་མི་གཡོ་ཞིང་། །དེ་བཞིན་ནང་དུ་མི་རྩོལ་ན། །དེ་ནི་ནམ་མཁའི་དགོངས་པར་བཤད། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །བྱང་ཆུབ་སེམས་སུ་ཞུགས་ཙམ་ན། །ཐམས་ཅད་འབྱུང་བའི་བདག་ཉིད་བུ། །ཆོས་རྣམས་ཀུན་གྱི་སྙིང་པོར་བཞུགས། །ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན། །གཟུང་འཛིན་གཉིས་དང་བྲལ་བར་བཞུགས། །ལོངས་སྤྱོད་རྫོགས་སྐུར་བཞུགས་ཙམ་ན། །འདོད་པའི་ཕུན་སུམ་ཚོགས་པར་བཞུགས། །སྤྲུལ་པའི་སྐུ་རུ་བཞུགས་ཙམ་ན། །གང་ལ་གང་དགོས་དེ་སྤྲུལ་ཞེས། །དགོངས་པ་ཕུན་སུམ་ཚོགས་པར་བཞུགས། །རང་བྱུང་ཡེ་ཤེས་བཞུགས་ཙམ་ན། །གང་ཡང་ཆགས་པ་མེད་པར་བཞུགས། །གསལ་ལ་གཞན་རྟོག་མེད་པར་བཞུགས། །འཁྲུལ་པའི་བློ་རུ་བཞུགས་ཙམ་ན། །ཅི་


DNG025_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་བའི་ཆོས་རྣམས་ཀུན། །བདེན་འཛིན་བློ་ཡིས་གཟུང་ནས་བཞུགས། །ཞེས་གསུངས་སོ། །ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། རང་བྱུང་ཡེ་ཤེས་ཞེས་བགྱི་བ། །ས་དང་ས་ཡི་རྣམ་པ་རྣམས། །དེ་དོན་བདག་ལ་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། རང་བྱུང་རྒྱུ་རྐྱེན་མེད་པར་ནི། །ཡེ་ཤེས་སྒྲིབ་པ་མེད་པ་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་ལ། །ཏིང་འཛིན་བག་ཆགས་མི་སོགས་འདི། །རྩོལ་སྒྲུབ་དག་ལས་མི་འབྱུང་བས། །རང་བྱུང་ལས་ཀྱི་དབང་མི་འགྱུར། །ཡུལ་འབྱུང་བྱས་འགྱུར་ཡེ་ཤེས་དེ། །ཡུལ་ལས་འབྱུང་ཞིང་གནས་འགྱུར་བས། །དེ་ལ་རང་བྱུང་མིང་མ་བཏགས། །ས་དང་ས་ཡི་རིམ་པ་དང་། །བསྡུས་རྒྱས་གསུམ་གྱི་རིམ་པར་བསྟན། །ཀུན་ཏུ་འོད་དང་པདྨ་ཅན། །འཁོར་ལོ་ཚོགས་ཆེན་བསྡུས་པའི་ཚུལ། །ཀུན་ཏུ་འོད་དང་རྡོ་རྗེ་འཛིན། །སྟུག་པོ་བཀོད་དང་རྡོ་རྗེ་འཆང་། །དབྱེར་མེད་རང་བཞིན་ལྷུན་གྲུབ་པ། །དེ་ནི་འབྲིང་དུ་བསྟན་པ་ཡིན། །བརྒྱད་དང་དགུ་དང་བཅོ་ལྔ་ནི། །རྒྱས་པར་བསྟན་པའི་ས་ཡིན་ཏེ། །རང་རང་སྐབས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །ཡང་གསུངས་པ། ཀྱེ་གསང་བའི་བདག་པོ་ལགས། ཆོས་ཀུན་རྩ་བ་སེམས་གཅིག་ལ། །དེ་དོན་གང་ལགས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སངས་རྒྱས་སྐུ་དང་ཡེ་ཤེས་དང་། །སེམས་ཅན་ལུས་དང་བག་ཆགས་དང་། །སྣང་སྲིད་ཆོས་དང་འབྱུང་ཆེན་ལྔ། །རྩ་བ་བྱང་ཆུབ་སེམས་སུ་གཅིག །སྤྲོས་པ་མེད་པའི་དོན་དུ་གཅིག །རྒྱུ་རུ་གཅིག་པས་འབྲས་བུར་གཅིག །དཔེ་རུ་གཅིག་པས་དོན་དུ་གཅིག །རྟགས་དང་གཏན་ཚིགས་མཐུན་པར་གཅིག །ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས། །སྐུ་དང་ཡེ་ཤེས་དོན་དམ་བདེན། །གང་གི་ཕྱོགས་ནས་གྲགས་པ་
ལགས། །སངས་རྒྱས་སེམས་ཅན་སྣང་སྲིད་ཆོས། །གང་ཞིག་ཕྱོགས་ནས་གྲགས་པ་ལགས། །གསང་བའི་བདག་པོས་བསྟན་དུ་གསོལ། །གསང་བའི་བདག་པོས་གསུངས་པ། སྐུ་དང་ཡེ་ཤེས་དོན་དམ་བདེན། །སངས་རྒྱས་སེམས་ཅན་སྣང་སྲིད་ཆོས། །བསམ་དབང་ཕྱོགས་ནས་གྲགས་ཤིང་སྣང་། །དངོས་དབང་ཕྱོགས་ནས་དེ་མི་བདེན། །ཞེས་གསུངས་སོ། །ལྟ་བ་ཐམས་ཅད་ཀྱི་གནད་མན་ངག་ཐམས་ཅད་ཀྱི་སྡོམ། ཏནྟྲ་ཐམས་ཅད་ཀྱི་བཅུད་ཕྱུང་ནས་དོན་བསྡུས་པ། བང་མཛོད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ། གསང་བའི་བདག་པོས་སེམས་དཔའ་རྡོ་རྗེ་ལ་གདམས་ངག་རིམ་པར་ཕོག་པ་རྫོགས་སོ།། །།

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྣལ་འབྱོར་པའི་རྒྱུད།


DNG025_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་སཏྭ་མ་ཧཱ་ཨ་ཀ་ཤ་པུཥྚི་ན་མ། ཡོ་གི་ནི་ཏནྟྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྣལ་འབྱོར་པའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། སྐུ་གསུང་ཐུགས་ཀྱི་རང་བཞིན། བདེ་བའི་མཆོག །བཙུན་མོ་དམ་པ་བདེ་བ་མཆོག་གི་པདྨ་ལ་རྣམ་པར་བཞུགས་སོ། །དེའི་བྱིན་གྱི་རླབས་ལས་བྱུང་བའི་ལོངས་སྤྱོད་པར་མཛད་པའི་ལོངས་སྤྱོད་ཆེན་པོ། བཙུན་མོ་དམ་པའི་པདྨོ་གཞལ་ཡས་ཁང་བརྩེགས་པ། དབྱིབས་དང་ཚད་དཔག་ཏུ་མེད་པ་ན། རྡོ་རྗེ་རྣམ་པར་སྣང་མཛད་དང་། རྡོ་རྗེ་མི་བསྐྱོད་པ་དང་། རྡོ་རྗེ་དཀོན་མཆོག་དཔལ་དང་། རྡོ་རྗེ་ཚེ་མཐའ་ཡས་པ་དང་། རྡོ་རྗེ་གྲུབ་པ་གདོན་མི་ཟ་བ་དང་། བཙུན་མོ་དམ་པ་ཡངས་པའི་སྤྱན་དང་། མི་བསྐྱོད་མ་དང་། རིན་ཆེན་མ་དང་། ཚེ་དཔག་མེད་པ་དང་། གྲུབ་པ་གདོན་མི་ཟ་བ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། བྱམས་པ་དང་། འཇམ་པའི་དབྱངས་དང་།


DNG025_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་དང་། བཙུན་མོ་དམ་པ་སྒེག་མོ་དང་། ཕྲེང་བ་མ་དང་། དབྱངས་མ་དང་། གར་བྱེད་མ་དང་། བདུག་སྤོས་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། དྲི་ཆབ་མ་དང་། དམ་པའི་སྒོ་སྲུང་གཤིན་རྗེ་གཤེད་པོ་དང་། རྣམ་པར་རྒྱལ་བ་དང་། པདྨ་མཐར་བྱེད་དང་། བདུད་རྩི་ཐབ་སྦྱོར་དང་། བཙུན་མོ་དམ་པ་གཤིན་རྗེ་གཤེད་མོ་དང་། རྣམ་པར་རྒྱལ་མ་དང་། པདྨ་མཐར་བྱེད་མ་དང་།བདུད་རྩི་ཐབ་སྦྱོར་མ་དང་། དེ་དག་ལ་སོགས་པ་འཁོར་རྣམས་དང་གཉིས་སུ་མེད་པར་བཞུགས་སོ། །དེ་ཡང་དཔེར་ན་ཏིལ་འབྲུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་པ་སྟེ། དེ་དག་གི་འོད་ཀྱིས་འཇིག་རྟེན་གྱི་ཁམས་སྣང་བར་བྱས། གང་བར་བྱས། ཁྱབ་པར་བྱས་ནས་ལྷན་ནེ་ལྷང་ངེ་བ་ཇི་ལྟ་བ་བཞིན་ཏུ་གནས་པར་གྱུར་ཏོ། །དེ་ནས་ལོངས་སྤྱོད་པར་མཛད་པའི་ལོངས་སྤྱོད་ཆེན་པོའི་བྱིན་གྱི་རླབས་ལས། ཐུབ་པ་ཆེན་པོ་རྣམས་སྟོང་གསུམ་གྱི་སྟོང་ཆེན་པོ་རྣམས་སུ་བྱུང་བར་གྱུར་ཏེ། དེ་དག་གི་མཐུས་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས་སོ། །ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར་འུར།ཀུན་ཏུ་འུར་འུར་རོ། །དེ་ནས་མཐའ་དང་དབུས་མཉམ་པར་གྱུར་ནས། སེམས་ཅན་རྣམས་འདུལ་བར་མཛད་དོ། །དེ་ཡང་སྨོན་ལམ་གྱི་དབང་གིས་སྐུ་སྣ་ཚོགས་པ་དང་། གསུང་སྣ་ཚོགས་པ་དང་། ཐུགས་སྣ་ཚོགས་པས་འདུལ་བར་མཛད་དེ། སྐུས་འདུལ་བ་ལ་མིའི་ཆ་བྱད་དུ་བྱུང་ནས། བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་དང་། གཞན་ཡང་སེང་གེའི་ཆ་བྱད་དང་། གླང་པོ་ཆེའི་ཆ་བྱད་ལ་སོགས་པས་འདུལ་བར་མཛད་དོ། །གསུང་གིས་འདུལ་བ་ནི། ལྷ་ལ་ལྷའི་


DNG025_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དང་། ཀླུ་ལ་ཀླུའི་སྐད་དུ་འདུལ་བར་མཛད་དོ། །ཐུགས་ཀྱིས་འདུལ་བ་ནི།ཏིང་ངེ་འཛིན་གྱི་འོད་ཟེར་དང་། རྫུ་འཕྲུལ་གྱི་ཆོ་གས་འདུལ་བར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་བ་རྒྱས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་པར་མཛད་པའི་ལོངས་སྤྱོད་ཆེན་པོ་དེ། རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་གྱི་ནང་དུ་ཞལ་འཛུམ་པ་མཛད་དེ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་མགྲིན་གཅིག་ཏུ་འདི་སྐད་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག །ཐབས་མཁས་ཐུགས་རྗེས་གཟུང་སླད་དུ། །སྐུ་ཡི་དབྱིག་ཏུ་བདག་སྦྱོར་ཅིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེ། ཀུན་ཏུ་བཟང་པོའི་གཟུགས་སུ་བྱུང་ནས། ཞལ་གསུམ་ཕྱག་དྲུག་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ལ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པས་ཕྱི་ནང་གསང་བའི་མཆོད་པས་ཡང་དག་པར་མཆོད་དེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བདག་ཅག་རྣམས་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བར་མཛད་དེ། མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་བརྗོད་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡོངས་སུ་མཉེས་པས་ཁྱབ་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མའོ་རྒྱུད་འདི་རྟོགས་དཀའ་བས། །དེ་དག་ཐམས་ཅད་ཞུ་


DNG025_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ། །ལེགས་སོ་ལེགས་སོ་བྱང་ཆུབ་ཆེ། །ལེགས་སོ་ལེགས་སོ་གུས་པས་ཉོན། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་དགའ་བའི་སྤྱན་རྒྱས་པས་ཡང་ནས་ཡང་དུ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། སངས་རྒྱས་ཀྱི་སངས་རྒྱས། །ཨེ་མ་ཧོ། སངས་རྒྱས་གསུངས་པ་ལེགས། །ཨེ་མ་ཧོ། བྱང་ཆུབ་ཆེན་པོའི་མཆོག །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཨེ་མ་ཧོ་སེམས་ཅན་ཐམས་ཅད་ནི། །བྱང་ཆུབ་ཏུ་ནི་སྒྲུབ་པའི་ཐབས། །ཤིན་ཏུ་སྦྱོར་བའི་ཏིང་འཛིན་མཆོག །གཟུ་བོ་ཆེན་པོས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་བྱང་ཆུབ་བསྒྲུབ་པའི་ཐབས། །ཡང་དག་ཤིན་ཏུ་རྣལ་འབྱོར་འདི། །མྱུར་དུ་བླ་མེད་འདོད་པའི་ཕྱིར། །ཉོན་ཅིག་ང་ཡིས་བཤད་པར་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཁོར་རྣམས་གསང་བའི་དཀྱིལ་འཁོར་དུ་བཅུག་ནས། དབང་བསྐུར་བར་མཛད་དོ། །དེ་ནས་གདོད་ཆོས་འཆད་དོ། །ཀུན་གྱི་རང་བཞིན་དེ་བཞིན་ཉིད། །ཀུན་གྱིས་བསྒྲུབ་པར་བྱ་བ་དེ། །ཐབས་སུ་ཡེ་ཤེས་བསྐྱེད་པ་ལས། །ཕྱོགས་སུ་བལྟས་པས་མཐོང་བ་མེད། །དེ་བཞིན་ཉིད་ཀྱི་རང་བཞིན་ནི། །སུས་ཀྱང་མཐོང་བར་མི་ནུས་ཏེ། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་པས། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །དེ་ཉིད་ཕྱིར་ན་རང་བཞིན་མེད། །མེད་པས་མེད་པའི་འབྲས་བུ་འབྱུང་། །ཡོད་དང་མེད་པ་གཉིས་མེད་པས། །རྟོག་མེད་དབུ་མ་ཞེས་བྱའོ། །རང་བཞིན་དེ་ཉིད་ཁོ་ན་ལ། །བརྗོད་པའི་རང་བཞིན་ཅི་ཡང་མེད། །དབང་པོའི་ཡུལ་དུ་གང་གྱུར་པ། །དེ་དག་ཚད་མ་མ་ཡིན་ནོ། །ཆོས་རྣམས་


DNG025_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཆོས་ཉིད་ནི། །སྐྱེ་བ་མེད་ཅིང་འགག་པ་མེད། །རྟག་དང་ཆད་པའང་ཡོད་མིན་ཏེ། །ཐ་དད་མ་ཡིན་དོན་གཅིག་མིན། །འོང་བ་མེད་ཅིང་འགྲོ་མེད་པ། །སྤྲོས་པ་ཉེ་བར་ཞི་བའོ། །དམ་པའི་དོན་ལ་དངོས་མེད་དེ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ལ་སོགས་པ་ཡི། །དབང་པོ་རྣམས་ཀྱིས་མཐོང་མིན་ཏེ། །མཐོང་བ་བློ་ཡིས་བསླད་པ་ཡིན། །ཡང་དག་མ་རྟོགས་འཁོར་བ་དང་། །མྱ་ངན་འདས་ལ་རློམ་སེམས་བྱེད། །ཡང་དག་རྟོགས་ན་འཁོར་བ་དང་། །མྱ་ངན་འདས་ལ་རློམ་སེམས་མེད། །དེ་བཞིན་ཉིད་ལ་གནས་བཅས་ན། །གཡོ་དང་མི་གཡོ་རྣམ་པར་དག །གཟུང་དང་འཛིན་པ་རྣམ་དག་ནས། །ཕྲ་རྒྱས་འགག་ཅིང་སྐྱེ་བ་མེད། །བརྗོད་མེད་རྣམ་པར་མི་རྟོག་པ། །ཡི་གེ་མེད་པའི་གསུང་མཆོག་སྟེ། །སྒྲ་ཡིག་རྣམ་པར་སྤངས་ནས་ནི། །སེམས་ཀྱི་རྒྱུ་བའང་བཀག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།རང་བཞིན་གནས་པའི་ངོ་བོ་ལས། །ཁྱད་པར་འགའ་ཡང་ཡོད་པ་མིན། །དེ་བཞིན་ཉིད་ནི་ཆགས་མེད་དེ། །མ་སྐྱེས་མི་གནས་མི་དམིགས་ཤིང་། །མི་རྟོག་བདེ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོས། ཉིད་ཀྱི་ཆེ་བ་དབྱུང་བར་བཞེད་ནས། སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་འདི་ལྟ་བུ་གསུངས་སོ། །ཀུན་ལ་ཁྱབ་པའི་རང་བཞིན་ནི། །སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །ཀུན་ཏུ་འོད་དོ་འདུས་མ་བྱས། །རྟག་པ་དེ་ཉིད་རྡོ་རྗེའི་སྐུ། །ཀཱ་མ་དག་པའི་རྒྱལ་མཆོག་སྟེ། །ཆོས་ཉིད་སྐུ་ཞེས་བཤད་པ་ཡིན། །དེ་རྟོགས་གསལ་བར་བྱེད་པ་ནི། །རང་བྱུང་ཡེ་ཤེས་ཆེན་


DNG025_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟེ། །ཀུན་གཞི་ལ་སོགས་གྱུར་པ་ནི། །ཐབས་ཀྱི་རིམ་པས་འབྱུང་བ་སྟེ། །པདྨ་སྤྱན་ཏེ་འདུས་བྱས་སོ། །མི་རྟག་མངོན་བྱང་ཆུབ་པའི་སྐུ། །ག་ཏྲ་བསགས་པའི་སྐུ་མཆོག་སྟེ། །སྟོང་པ་ཉིད་ཀྱི་ཡེ་ཤེས་པས། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །གཉིས་སུ་མེད་པ་ཆོས་ཀྱི་སྐུའོ། །བྱིན་གྱིས་རླབས་ལས་བྱུང་བ་ཡི། །རང་བཞིན་དཀྱིལ་འཁོར་ཆེན་པོ་ན། །ཀུན་རྫོབ་དོན་དུ་སེམས་བསྐྱེད་ནས། །སྣང་བ་མི་འགོག་པ་ཡི་ཐབས། །སྔགས་དང་ཕྱག་རྒྱས་རབ་བརྟན་པས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཤར། །ལོངས་སྤྱོད་སྐུ་དེས་རྟེན་འདྲེལ་མཆོག །ཡི་གེ་འཁོར་ལོ་ཚོགས་ཆེན་ཏེ། །མཚན་དང་དཔེ་བྱད་ལྡན་པར་གནས། །རྒྱུན་གྱིས་རྟག་པ་བསོད་ནམས་སྐུ། །ཡེ་ཤེས་རྣམས་དང་ཡང་དག་ལྡན། །མགོན་པོ་བདག་ཉིད་ཆེན་པོས་ནི། །རྡོ་རྗེ་འཁོར་ལོ་བསྐོར་བ་ན། །ལྗགས་ཀྱི་དབང་པོ་བཀྲམ་ནས་ནི། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། །རིག་པའི་སྐྱེས་བུ་ཆེན་པོ་ལས། །སྨོན་ལམ་ལས་ནི་རྟེན་འདྲེལ་བས། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སྤྲུལ་པའི་སྐུ་ནི་སྣང་བར་བྱེད། །ཡེ་ཤེས་རྣམས་དང་ཡང་དག་ལྡན། །མི་རྟག་དེ་ཉིད་འདུས་བྱས་པས། །བལྟམས་ནས་མྱ་ངན་འདའ་བར་སྟོན། །ལོག་པར་རྟོག་པ་ཐམས་ཅད་ལ། །ཐུགས་རྗེའི་ཞིང་དུ་འདྲེལ་བས་ན། །སྐུ་གསུང་ཐུགས་ཀྱི་རིམ་པ་ཡིས། །འགྲོ་བའི་རྒྱུད་རྣམས་སྨིན་པར་མཛད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། འབྲས་བུའི་བདག་ཉིད་སྐུ་དང་ཡེ་ཤེས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བསྒྲུབ་པར་བྱ་བའི་དོན་གྱི་ཐབས་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་འདི་རྣམས་གསུངས་སོ། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་


DNG025_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །སྐུ་གསུང་ཐུགས་ཀྱི་རྒྱུ་ཡིན་ཏེ། །མེད་པ་མ་ཡིན་མེད་པ་ཡི། །འབྲས་བུ་འབྱུང་བས་སྙིང་པོ་ཡོད། །ཀུན་ལ་ཁྱབ་པའི་དབྱིངས་ཉིད་ལས། །དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། །ཆོས་དང་ལོངས་སྤྱོད་རྫོགས་སྐུ་དང་། །བསམ་ཡས་སྤྲུལ་སྐུ་སྣ་ཚོགས་པའི། །རྣམ་པར་འཕྲོ་བའང་སྤྲོས་པ་མེད། །རྣམ་དག་སྐུ་སྟོན་མ་ཡིན་ཏེ། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །ཇི་ལྟར་འདུལ་བའི་སྐུ་ཡང་སྟོན། །སྟོང་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་བརྗོད་པས། སྐུའི་དཀྱིལ་འཁོར་ཐམས་ཅད་ཡང་མི་སྣང་བར་གྱུར་ཏེ། དེ་ནས་ཡང་གསུང་གི་དཀྱིལ་འཁོར་འདི་དག་གསུངས་སོ། །བརྗོད་དུ་མེད་པའི་བདག་ཉིད་ལས། །འདུལ་བའི་དབང་གིས་ཇི་སྙེད་པ། །རྟོག་འདུལ་སྒྲ་སྐད་དེ་སྙེད་འཕྲོ། །ཐེག་གཅིག་ཐེག་གཉིས་ཐེག་དང་གསུམ། །ཐེག་པ་ལྔ་དང་བསམ་མི་ཁྱབ། །ཐེག་པ་མཐའ་དག་ངས་བསྟན་ཏེ། །དབུས་མཐའ་རྣམ་པར་བཀག་པའོ། །གསུང་གཅིག་དཀྱིལ་འཁོར་ཡང་དག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་འཕྲོ། །ཐམས་ཅད་གསུང་གི་དཀྱིལ་འཁོར་མཆོག །བརྒྱད་ཁྲི་བཞི་སྟོང་མཐའ་ཡས་པ། །གསང་བའི་དབྱིངས་སུ་ཐིམ་མཛད་དོ། །ཞེས་བརྗོད་པས། གསུང་གི་དཀྱིལ་འཁོར་དེ་དག་ཐམས་ཅད། ཆོས་ཀྱི་དབྱིངས་སུ་ཐིམ་ནས་མི་གསལ་བར་གྱུར་ཏོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །དེ་བཞིན་ཉིད་ཀྱི་ཕྱག་རྒྱ་ལས། །ཕྱག་རྒྱ་ཆེན་པོ་རྣམ་འཕྲོས་ཏེ། །དེ་བཞིན་རིགས་དང་རྡོ་རྗེའི་རིགས། །རིན་ཆེན་རིགས་ལ་སོགས་པ་ཡི། །ཕྱག་རྒྱ་ཆེན་པོ་འོད་དུ་འབར། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་འགའ་འོ། །སྒྱུ་མའི་དཀྱིལ་འཁོར་ཐམས་ཅད་ཀྱང་། །རང་སྣང་བ་ཡི་རིག་པ་སྟེ། །གཞན་ན་ཡོད་པ་མ་ཡིན་ནོ། །ཞེས་བརྗོད་པས། ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་མི་དམིགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་


DNG025_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བའི་རྒྱུད་ལས། སྐུ་དང་། གསུང་དང་། ཐུགས་ཀྱི་དཀྱིལ་འཁོར་མི་རྟོག་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། ཕྱག་བཙལ་ནས། འདུན་པས་མགྲིན་གཅིག་ཏུ། འདི་སྐད་ཅེས་གསོལ་ཏོ། །སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག །མ་འོངས་རྣམས་ཀྱི་དོན་སླད་དུ། །ཐབས་ཀྱི་མཆོག་ཏུ་གང་གྱུར་པ། །གཟུ་བོ་ཆེན་པོས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཞལ་འཛུམ་པ་མཛད་དེ། ཤིན་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསང་བ་དམ་པ་འདི་ལྟ་བུ་གསུངས་སོ། །གང་ཞིག་བསྒྲུབ་པར་འདོད་པ་ནི། །ཐོས་བསམ་བསྒོམ་ལ་རབ་གནས་ཤིང་། །ཤེས་རབ་ཅན་དུ་གང་གྱུར་པ། །སྙིང་རྗེའི་མཐུ་ལས་བྱུང་བ་ལ། །བྱང་ཆུབ་སེམས་དང་ཡང་དག་ལྡན། །གཏོར་དང་ཚུལ་ཁྲིམས་ལ་སོགས་པ། །སྤྱོད་པ་རྒྱ་མཚོའི་གཞིར་གྱུར་ཏེ། །དབང་སྐུར་ཆོ་ག་ཕུན་སུམ་ལྡན། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་ལས། །ཐབས་ཀྱི་རིམ་པར་གང་གྱུར་པ། །རིན་ཆེན་རིགས་སུ་གང་ལྡན་པས། །བླ་མའི་ཁ་ནས་རྟོགས་པར་བྱ། །ཡང་དག་བསྒྲུབ་པར་འདོད་པ་ལ། །ཇི་སྐད་གསུངས་པའི་ཡོན་ཏན་ལྡན། །མང་དུ་ཐོས་ཤིང་ཤེས་རབ་ལྡན། །འཁོར་གྱི་འཇིགས་བྲལ་སྐྱོ་བ་མེད། །སེང་གེ་ཐུགས་རྗེ་རབ་ལྡན་པས། །དམ་པའི་དོན་ཉིད་མ་ནོར་བསླབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐེག་པའི་མཆོག་སྟེ་བླ་ན་མེད། །མཆོག་ཏུ་གྱུར་པ་བསྒྲུབ་པར་བྱ། །ཡང་དག་མཐོང་བས་རྟོགས་འགྱུར་ན། །རང་བཞིན་མེད་པར་ཅིར་ཡང་སྣང་། །རང་བཞིན་མེད་པའི་དོན་དེ་ནི། །བླུན་པོ་རྟོག་གེའི་སྤྱོད་


DNG025_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མིན། །རང་བཞིན་རང་བཞིན་མ་མཐོང་ན། །སྒྲིབ་པ་ཀུན་ལས་ངེས་གྲོལ་ཏེ། །ཏིང་ངེ་འཛིན་གྱི་བདེ་བ་ལས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །དངོས་པོའི་དབང་གིས་འདི་ཞེས་ནི། །རྡོ་རྗེ་སེམས་དཔས་མ་གསུངས་ཏེ། །སེམས་ཅན་བསམ་པའི་དབང་གིས་ན། །གསང་བ་རྣམ་པ་དུ་མ་གསུངས། །གསང་བ་དབྱིངས་ཀྱི་དབུས་དག་ཏུ། །ཉི་ཟླ་པདྨར་བཅས་པའི་གདན། །བསྐྱེད་དང་རྫོགས་པ་གང་ལྡན་པས། །དཀྱིལ་འཁོར་ཐམས་ཅད་བསྒོམ་པར་བྱ། །མཚོན་ཆ་རྣམས་ཀྱིས་དྲངས་ནས་ནི། །ས་ཆུང་འཁྲིལ་བའི་བདེ་བར་གནས། །རིམ་པ་རིམ་པ་མ་ཡིན་པའི། །རིན་ཆེན་སྟེང་དང་འོག་གི་སྒོ། །རབ་ཏུ་བརྟན་པའི་ཨ་དཀར་ཏེ། །ཏིལ་འབྲུ་ཙམ་དུ་བསྒོམ་པར་བྱ། །ཡང་དུ་ཉུང་དཀར་ཚད་དུ་སྟེ། །མཁས་པས་ཆོ་ག་ཇི་བཞིན་བསྒོམ། །ཡང་དག་ཉིད་དེ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཡང་དག་མ་མཐོང་འཇིག་རྟེན་སེམས། །མི་ཤེས་བླུན་པས་བྱིས་པ་འདྲ། །བྱིས་པ་རྣམས་ལ་བརྗོད་པར་བཤད། །རྣལ་འབྱོར་པ་ལ་གདམས་ངག་གོ། །ཤེས་རབ་ཐབས་ལ་བརྟེན་ནས་ནི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པ་ཡིན། །གསང་བ་དག་ལ་འཇུག་པ་ན། །འདོད་པའི་དགའ་བ་མ་ཡིན་ཏེ། །ཏིང་ངེ་འཛིན་ལས་སྐྱེས་པ་ཡི། །དགའ་བ་དང་ནི་བླང་བར་བྱ། །འདི་ནི་དགའ་བ་ཆེན་པོ་སྟེ། །ཡང་དག་བདེ་བ་ཆེན་པོ་ཡིན། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་ལས་འགྲུབ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་རོལ་མོ་རྣམ་འཕྲོ་བས། །འོད་ཟེར་ལྕགས་ཀྱུས་དྲངས་པ་རྣམས། །རིམ་པ་རིམ་པ་མ་ཡིན་པས། །སྙིང་གི་པདྨར་ཡང་དག་གཞུག །ཡང་དག་མུཾ་ནི་དྲི་མེད་དཀར། །ཙ་ན་ཀ་ཡི་འབྲུ་ཙམ་ལ། །འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས། །དབང་པོ་ལ་སོགས་གཡོ་བ་ཀུན། །དྲི་མེད་ཉིད་དུ་ངེས་སྦྱར་ན། །ཐུགས་ཀྱི་ཡེ་ཤེས་ལྔ་བལྟ་ཞིང་། །ཡང་དག་དྲི་མ་


DNG025_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཐོང་ན། །དེ་བཞིན་ཉིད་པས་དེ་བཞིན་གཤེགས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །དྲི་མེད་འདྲི་ལས་གཞན་མི་མངའ། །འདས་དང་ད་ལྟར་བྱུང་བ་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྔགས་ཀྱི་སྙིང་པོ་ཀུན་བསྡུས་པ། །ཨོཾ་ཧཱུཾ་སྭཱ་ཨཾ་ཧཱ་སྟེ། གནས་ལྔ་དག་ཏུ་རྣམ་བཀོད་ནས། །འོད་ཟེར་ལྕགས་ཀྱུས་དྲངས་ནས་སུ། །ཡེ་ཤེས་རྣམས་ཀྱིས་གཟུགས་སུ་བསྒྱུར། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཐམས་ཅད་རྫོགས་པའི་དཀྱིལ་འཁོར་ལ། །ཏིང་ངེ་འཛིན་གྱི་མཆོད་པ་འབུལ། །མཉེས་ནས་གྲུབ་པའི་ཚུལ་འཆང་བ། །ཡོན་ཏན་མི་ཟད་གཏེར་གྱུར་ཏེ། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་དང་ཡེ་ཤེས་ཐོབ་པར་འགྱུར། །ཤེས་རབ་གསུམ་ལ་སྦྱངས་པ་ཡིས། །ཡེ་ཤེས་མྱུ་གུ་སྐྱེད་པར་བྱེད། །ས་ཐོབ་འཇིགས་པ་ལྔ་དང་བྲལ། །འཁོར་བ་ལས་ནི་མྱ་ངན་འདས། །སྒྲིབ་པ་མཐའ་དག་གཅོད་བྱེད་པ། །དྲི་མ་མེད་པའི་ཡེ་ཤེས་ཀྱིས། །ད་ལྟ་ཉིད་དུ་སངས་རྒྱས་འགྱུར། །ཡེ་ནས་གནས་པའི་དེ་བཞིན་ནི། །རྒྱལ་བས་མཛད་པ་མ་ཡིན་ལ། །འགྲོ་བས་བྱས་པ་མ་ཡིན་ཏེ། །ཡེ་ནས་སངས་རྒྱས་ཆེན་པོའོ། །དེ་བཞིན་ཉིད་དེ་འདུས་མ་བྱས། །རང་བྱུང་ཡིན་ཏེ་ཀུན་ངོ་བོ། །མེད་པ་མ་ཡིན་མེད་པ་ཡོད། །ཡོད་པ་མིན་ཏེ་དངོས་ཡོད་མིན། །བྱ་མེད་བྱ་དང་རྣམ་པར་བྲལ། །ལྷུན་གྲུབ་བདེ་བའི་ངང་དུ་གནས། །དེ་བཞིན་པ་ཞེས་མི་རྟོག་ཀྱང་། །གཞག་ཏུ་མེད་པའི་ངང་ལ་བཞག །དེ་ཡང་རྣལ་འབྱོར་རྒྱུད་རྣམས་དང་། །བླ་མའི་ཁ་ནས་ཤེས་པར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །དམ་པ་འདི་ཉིད་གང་བསྒྲུབ་པས། །བླ་མ་མཉེས་ན་གྲུབ་པའི་མཆོག །ཐོག་མར་བླ་མ་མཉེས་བྱས་ཏེ། །དབང་བསྐུར་བ་ཡང་ཐོབ་བྱས་ཏེ། །སྐུ་གསུང་ཐུགས་ཀྱི་གསང་བ་རྣམས། །ལྡན་པར་བྱས་ཏེ་སྔགས་བསྒྲུབ་


DNG025_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཤིན་ཏུ་དབེན་པའི་རི་དགོན་དང་། །རྣམ་པའི་མཆོག་རྣམས་ལྡན་པ་དང་། །རྣམ་པ་སྣ་ཚོགས་ཆུ་ཀླུང་དང་། །སྒྲ་ཡི་ཚེར་མ་མེད་པ་ཡི། །ཉམས་དགའི་གནས་སུ་བསམ་གཏན་བྱ། །ཤིན་ཏུ་སྦྱངས་ཤིང་གོམས་འགྱུར་བས། །བདེ་ཆེན་ཉིན་མཚན་དགུ་ཡིས་ནི། །བྱང་ཆུབ་ཐོབ་པར་གདོན་མི་ཟ། །ཀུན་ཏུ་འོད་ཀྱི་ས་ལ་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་རང་བཞིན་ཕྲ་མོའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེ་ཡང་། ཤིན་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྒྲུབ་པའི་ཐབས་ཐིག་ལེའི་རྣལ་འབྱོར་དུ་བྱ་བ་འདི་གསུངས་སོ། །རི་རྩེ་ཉམས་ནི་དགའ་བ་དང་། །ཤིན་ཏུ་གསང་བའི་བྲག་ཕུག་ཏུ། །བདེ་བའི་སྟན་ལ་འདུག་ནས་སུ། །གསང་བ་དམ་པ་འདི་བསྒོམ་མོ། །གསང་བ་དབྱིངས་ཀྱི་དབུས་དག་ཏུ། །གཞལ་ཡས་བརྩེགས་པ་བསྒོམས་ནས་ནི། །རང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཡན་ལག་བཞི་དང་རབ་ལྡན་ཞིང་། །དཀྱིལ་འཁོར་བཞི་ནི་བསྐྱེད་བྱ་སྟེ། །ཙཀྲ་བཞི་དང་གང་སྦྱོར་བས། །ཕྱག་རྒྱ་བཞི་པོ་རྣམ་པར་བསྒོམ། །དེ་ཉིད་གསུམ་དང་རབ་ལྡན་ཏེ། །ཤེས་རབ་མ་ཡི་རྗེས་འབྲངས་ནས། །སྦྱོར་བའི་ཆོ་ག་མཁས་པར་བསླབ། །སྦྱོར་བའི་ཆོ་ག་ལས་བྱུང་བའི། །ཡང་དག་དྲི་མེད་དབུས་སུ་བལྟ། །ཤིན་ཏུ་ཕྲ་བའི་དམ་ཚིག་སྟེ། །མི་གསལ་གསལ་བའི་བདག་ཉིད་ཅན། །དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཡིན། །ཡོན་ཏན་ཀུན་གྱི་གཏེར་འགྱུར་ཏེ། །མཆོག་ཏུ་གྱུར་པ་འགྲུབ་པར་བྱེད། །གསང་བ་དབྱིངས་ཀྱི་དབུས་དག་ཏུ། །བསྐྱེད་པའམ་རྫོགས་པར་གང་འདོད་པས། །རང་གི་དཀྱིལ་འཁོར་རྣམ་བསྒོམས་ཏེ། །ཐུགས་ཀའི་གསུང་གི་ཕྱག་རྒྱ་ལས། །རྡོ་རྗེ་ཀྱོ་བ་མང་འཕྲོས་ཏེ། །ཡེ་ཤེས་འཁོར་ལོ་རབ་


DNG025_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ནས། །མཆོད་རྟེན་རྩེ་མོར་གསུང་དུ་གྱུར། །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁར། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །དེ་ཉིད་བཟུང་བས་བཟུང་བ་ནི། །རིན་ཆེན་འཛིན་པ་ཞེས་བྱའོ། །གཟུང་བ་རྡོ་རྗེ་འཛིན་པ་སྟེ། །དེ་ལ་རྟོག་དང་དཔྱོད་པ་དང་། །དགའ་དང་དེ་བཞིན་བདེ་བ་དང་། །རྩེ་གཅིག་པ་ནི་རྣམ་ལྡན་པའོ། །རིན་ཆེན་རྒྱུན་གྱི་ཤེས་པ་ནི། །མི་རྟོག་པ་ཡི་ཤེས་རབ་སྟེ། །མོས་ལས་བྱུང་བའི་མི་དམིགས་པའོ། །ཤེས་རབ་དབང་དང་རྣམ་ལྡན་པས། །ཤེས་རབ་གྱུར་པ་ཡེ་ཤེས་སོ། །དོན་དམ་མཐོང་བར་འདོད་པ་ནི། །འདི་མ་མཐོང་བར་ང་མི་མཐོང་། །འདི་ཡིས་ཡེ་ཤེས་བསྐྱེད་པ་སྟེ། །དེ་ཡིས་དོན་དམ་རྣམ་པར་མཐོང་། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་ཐབས་ཟབ་མོ་འདི་ལྟ་བུ་གསུངས་སོ། །ནམ་མཁའི་དབྱིངས་ནས་འབྱུང་བ་ཡི། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་ཕྲ་མོའི་འབྲུ་ཙམ་སྟེ། །ཕྱི་ནང་གསུམ་གྱི་སྣ་རྩེར་ནི། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ། །རང་སྣང་བ་ཡི་ཏིང་འཛིན་ཏེ། །གཟུགས་བརྙན་སྒྱུ་མ་སྒྲ་བརྙན་དང་། །སྨིག་རྒྱུ་ལ་སོགས་རྣམ་པ་ཅན། །སྣང་དང་མི་སྣང་དབྱེར་མེད་དེ། །ཡོད་དང་མེད་པའང་དབྱེར་མེད་པའོ། །སྣང་དུ་འདྲ་ཡང་ཐ་དད་དོ། །དོན་དང་རྟགས་ལ་སོགས་པ་རྣམས། །སྣང་བ་ཐ་དད་གཉིས་སུ་སྣང་། །ཡང་དག་ཡང་དག་མ་ཡིན་པས། །བསམ་པའི་དབང་གིས་དེར་འགྱུར་ཏོ། །དེ་ནི་དེ་བཞིན་གཤེགས་པ་ཡི། །བརྡའ་ཞེས་རྣམ་པར་བསྟན་པ་ཡིན། །གང་ཞིག་རྩེ་གཅིག་མ་གྱུར་པས། །མཐའ་རུ་མ་སྐྱེས་ཏིང་འཛིན་བསྒོམ། །དངོས་པོ་འདི་རྣམས་མ་སྐྱེས་པས། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པས། །ཡེ་ནས་སྟོང་པའི་རང་བཞིན་ནོ། །སྟོང་པའི་རང་བཞིན་མཚན་མ་མེད། །དེ་བས་སྨོན་པ་དེས་བྲལ་ལོ། །རྣམ་


DNG025_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་པ་གསུམ་དང་ལྡན། །ཆགས་མེད་བཞི་ཡི་ལམ་གནས་འཇུག །སྟོང་པ་ཉིད་དུ་རྣམ་རིག་ནས། །རང་བྱུང་ཡེ་ཤེས་ངང་གིས་འཆར། །འབྲས་བུ་ཀུན་ཏུ་འོད་ས་ཐོབ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཆེ་བས་ཆེ་བའི་ཟབ་མོ་ལ། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་ཉིད་ལས། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །ཀུན་ཏུ་འོད་ཀྱི་ས་ཐོབ་ནས། །ཞིང་ཁམས་བརྒྱ་དང་བྲལ་བ་ཡི། །དཀྱིལ་འཁོར་ཐམས་ཅད་འབར་བར་སྣང་། །དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱང་། །རེག་ཅིང་གཟུང་དུ་མེད་པ་ལ། །འཇའ་ཚོན་ལྟ་བུར་ཀུན་ཏུ་སྣང་། །སྣ་ཚོགས་ཡོན་ཏན་བརྗོད་མི་ལང་། །མི་ཟད་རྒྱན་གྱི་འཁོར་ལོ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཐིག་ལེའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཤིན་ཏུ་རྣལ་འབྱོར་འདི་ལྟ་བུ་གསུངས་སོ། །ཡེ་ཤེས་རྣམ་པར་གྲོལ་བའི་ལམ། །ལྷུན་གྱིས་གནས་པའི་བདེ་ཆེན་ཏེ། །དགེ་དང་སྡིག་ལས་རྣམ་པར་གྲོལ། །སངས་རྒྱས་བྱང་ཆུབ་སྙིང་པོ་འདི། །ལྷག་མ་མེད་པས་ཡོངས་སུ་རྫོགས། །འགྱུར་བ་མི་ཡིན་དྲང་པོར་གནས། །དཔག་ཅིང་མཚོན་དུ་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་མེད། །གང་ལ་བསོད་ནམས་སྡིག་མེད་ན། །དེ་ལ་བྱང་ཆུབ་རབ་ཏུ་གསུངས། །ཨེ་མ་ཧོ་ཤིན་ཏུ་ངོ་མཚར་ཆེ། །གཟུགས་མེད་གཟུགས་སྐུ་འབྱུང་བ་རྨད། །འདི་མ་མཐོང་བར་གཞན་མི་མཐོང་། །སྙིང་པོ་འདི་ལ་མ་ལུས་རྫོགས། །དེ་ཕྱིར་རྫོགས་ཆེན་ཞེས་བྱ་སྟེ། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཉོན་མོངས་པ་འདི་བྱང་ཆུབ་ལམ། །ཅིར་ཡང་མི་དམིགས་གཏི་མུག་སྟེ། །མ་རིག་པ་ཉིད་ཡེ་ཤེས་གསལ། །རིག་པའི་ཡེ་ཤེས་གང་ལྡན་པས། །ཡི་གེ་མེད་པའི་དོན་ལ་བལྟ། །


DNG025_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མེད་དོན་ལ་དཔག་མི་ལང་། །སྣང་མེད་སྙིང་པོ་མཆོག་གི་སྐུ། །འབྲས་བུ་ཀུན་གྱི་ལམ་གྱུར་པ། །སྟོན་པ་རྡོ་རྗེ་ཀུན་གྱི་ཐུགས། །མཚོན་དུ་མེད་པས་རྒྱལ་བའི་ལམ། །བྱར་མེད་སྒྲོས་སྤངས་ཐིག་ལེ་ལ། །མི་རྟོག་བཏང་སྙོམས་གཞག་པར་གཞག །སྣང་བ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་ན་བསྒོམ་པ་ཡིན། །གཞན་ལ་བསྟན་དུ་མེད་པའི་ཕྱིར། །རང་རིག་རང་བྱུང་རང་ཞིར་བཞག །མི་ཆགས་མི་རྟོག་མི་གནས་པས། །ཏིང་འཛིན་རོ་ལ་ཆགས་མི་བྱ། །དངོས་མེད་མིང་ཡང་མེད་པས་ན། །ཡི་གེས་བསྟན་ཅིང་མཚོན་དུ་མེད། །སྟོང་ཉིད་བསྒོམ་མེད་ཞི་གནས་ལ། །འདུ་ཤེས་མེད་པར་མཉམ་གཞག་པ། །ཞི་གནས་ལྷག་མཐོང་འདྲེལ་བའོ། །མོས་པས་སྤྱོད་པའི་ས་ལ་གནས། །མི་རྟོག་པ་ཡི་ཤེས་རབ་སྟེ། །བསླབ་པ་གསུམ་དང་རྣམ་ལྡན་པའོ། །ཟག་པ་མེད་པའི་ཕུང་པོར་ལྡན། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི། །མཚོན་ཅིང་དཔག་ཏུ་དཀའ་བ་སྟེ། །གསང་བ་དམ་པ་འདི་ལྟ་བུས། །མཉམ་པར་བཞག་སྟེ་བསྒྲུབ་པར་བྱ། །རང་བཞིན་ཉིད་ནི་ནམ་མཁའ་སྟེ། །ཀུན་གྱི་རྗེས་སུ་སོང་བའོ། །དེ་ནི་རྡོ་རྗེའི་སྐུ་མཆོག་སྟེ། །སེམས་དཔའ་ཉིད་ཀྱང་ནམ་མཁའ་འོ། །ནམ་མཁའ་ནམ་མཁའ་ལས་བྱུང་བ། །ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །སྤྱི་དང་འཇིག་རྟེན་ནམ་མཁའ་དང་། །ནང་དང་ཕྱི་ཡི་ནམ་མཁའ་དང་། །ལུས་དང་ཤེས་པའི་ནམ་མཁའ་འོ། །ནམ་མཁའ་ཉིད་ལ་ནམ་མཁའ་བསྒོམ། །འབྲས་བུ་ནམ་མཁའ་ཆེན་པོ་འབྱུང་། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །དམ་པ་འདི་ལས་གཞན་མི་མདའ། །འདས་དང་ད་ལྟར་འབྱུང་བ་ཀུན། །འདི་ཉིད་མཉེས་ནས་ལྷུན་གྱིས་གྲུབ། །ཐབས་དང་


DNG025_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྲལ་བ་ནི། །ནན་གྱི་མཁའ་ལ་མདུད་པ་འདོར། །ཞེས་བརྗོད་དོ། །དེ་ནས་ཡང་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེ། མི་རྟོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།ཡང་ཐབས་ཟབ་མོ་འདི་ལྟ་བུ་གསུངས་སོ། །དངོས་པོ་མེད་པར་བསྒོམ་བྱ་བ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ངོ་བོ་སེམས་ཀྱི་རང་བཞིན་ཏེ། །དངོས་པོ་གང་ཡང་ཡོད་མ་ཡིན། །སེམས་དང་སེམས་ལས་བྱུང་བ་རྣམས། །ནམ་མཁའ་ཉིད་དེ་རང་བཞིན་མེད། །ཀུན་ལ་ཁྱབ་པས་ཀུན་དུ་འོད། །སེམས་ལ་སེམས་ཀྱིས་ཡོངས་སུ་བསྒོམ། །བལྟས་པས་མཐོང་བ་མེད་པ་ནི། །དེ་ཉིད་མཐོང་བ་ཆེན་པོ་སྟེ། །ཤེས་བྱེད་དམ་པར་གྱུར་པའོ། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །སངས་རྒྱས་གཞན་ནས་ཚོལ་བ་ནི། །མར་འདོད་ཆུ་ཉིད་བསྲུབས་པ་འདྲ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་དམ་པ་འདི་མེད་པས། །གང་ཞིག་ལམ་གཞན་འཇུག་པ་དེ། །བསྐལ་པ་དག་ནི་སྟོང་དུ་ཡང་། །སྔགས་ཀྱི་འབྲས་བུ་མི་འཐོབ་བོ། །དབང་དང་དམ་ཚིག་ལྡན་པ་ལ། །ཐབས་མཁས་སྙིང་རྗེར་རབ་ལྡན་པས། །ཡིད་གཉིས་ཐེ་ཚོམ་མེད་པ་ན། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །འདི་ལ་མི་བྱ་ཅི་ཡང་མེད། །མི་བཟའ་བ་ནི་ཡོངས་མེད་དེ། །སྨྲ་བར་མི་བྱ་ཅུང་ཟད་མེད། །བདུད་རྩི་ལྔ་དང་ཤ་ལྔ་དང་། །བཟའ་བཏུང་ཐམས་ཅད་རིས་མེད་བྱ། །དབང་པོ་གཡོ་བ་ནང་དུ་སྦྱར། །མཉམ་པར་བཞག་པས་བཏུལ་ནས་སུ། །ལུས་སེམས་ཁོག་སློད་གྱི་ནར་བཞག །ལུས་སེམས་ཚད་མར་གང་འཇོག་པ། །དེ་ལ་འཛིན་པའི་ཕུར་པ་དམ། །དངོས་གྲུབ་མཆོག་ཏུ་གྱུར་པའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེས། ཉིད་ལ་ཉིད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དངོས་པོའི་རང་བཞིན་སྐྱེ་མེད་ཅིང་། །སྟོང་པ་ཉིད་ཀྱི་རང་བཞིན་ལས། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །འཁོར་བ་ལ་སོགས་འབྲས་བུ་རྣམས། །སྐད་ཅིག་མས་ནི་བྱེད་འགྱུར་ཏེ། །རྟེན་ཅིང་འདྲེལ་བར་


DNG025_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའོ། །སྐད་ཅིག་རྒྱུ་འབྲས་མེད་པར་དབྱིངས། །དེར་མྱོས་རྒྱུན་དེ་འཆད་མི་བྱ། །བབས་ན་དེ་བཞིན་ཉིད་མིན་གཞག །གལ་ཏེ་དེ་བཞིན་དེ་ལ་སྒྲིབ། །དེ་ཡི་སྙིང་པོ་དེ་བས་ན། །དེ་ལས་དེ་འབྱུང་ངོ་མཚར་ཆེ། །འཁོར་བ་དང་ནི་མྱ་ངན་འདས། །སྐད་ཅིག་མ་ལ་བརྟེན་འགྱུར་ཏེ། །ནུས་པ་བསྐྱེད་པ་གདོན་མི་ཟ། །རྟོག་པའི་རྒྱུ་ནི་ཇི་སྙེད་པས། །སྐད་ཅིག་མས་ནི་བྱེད་འགྱུར་ཏེ། །རྒྱུ་འབྲས་རྣམ་པར་ཞི་བ་ནི། །ངེས་སྒོམ་ཡིན་ཏེ་མཆོག་གི་ས། །སྔ་མའི་རྒྱུན་ནི་འགག་པ་ལས། །ཕྱི་མའི་སྟོབས་ནི་ཆུང་བྱེད་པ། །སྐད་ཅིག་མ་ལ་བརྟག་པར་བྱ། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །ཐབས་ཀྱི་མཆོག་ཏུ་གསུངས་པ་དེ། །བསྒོམ་ལམ་བྱུང་བའི་ཤེས་པར་ལྡན། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ། །དེ་དང་དེ་ཡི་ཁྱད་པར་ལས། །ནམ་མཁའི་དངོས་གྲུབ་ཆེན་པོ་འཐོབ། །སྐུ་དང་གསུང་དང་ཐུགས་ཀྱི་མཆོག །ཡོན་ཏན་མི་ཟད་ཐོབ་པར་བྱེད། །དེ་ཉིད་སངས་རྒྱས་ཀུན་དང་མཉམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །སྲས་དང་སྤུན་དུ་དགོངས་པར་འགྱུར། །ཞིང་ཁམས་དཀྱིལ་འཁོར་ཐམས་ཅད་ཀྱི། །ཟད་མི་ཤེས་པའི་གཏེར་དུ་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཤིན་ཏུ་རྣལ་འབྱོར་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོ་དེ། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཤིན་ཏུ་རྣལ་འབྱོར་གྱི་ཐབས་འདི་གསུངས་སོ། །དངོས་པོ་མེད་པ་དངོས་པོར་གྲགས། །དངོས་རྣམས་ཉིད་ན་དངོས་མེད་པའོ། །ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡི། །རྡོ་རྗེ་སྐུ་དང་གསུང་དང་ཐུགས། །སྐྱེ་བ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གང་ཞིག་གཡོ་དང་མི་


DNG025_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །མི་ཟད་རྒྱན་གྱི་འཁོར་ལོ་ལྡན། །ཟད་པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨཱོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། གྲུ་བཞི་པ་ལ་སྒོ་བཞི་པ། །ལྟེ་བ་རྩིབས་སུ་བཅས་པ་ལ། །དཀྱིལ་འཁོར་འབར་བ་བསྒོམ་པར་བྱ། །རྒྱན་དུ་དཀྱིལ་འཁོར་མ་ལུས་བསྒོམ། །སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཡན་ལག་བཞི་དང་རབ་ལྡན་པས། །གསང་བའི་པདྨར་མེ་ཏོག་བརླན། །བྱང་ཆུབ་སེམས་ནི་འབྱུང་བའི་ཚེ། །མཁས་པས་སྔགས་ནི་ཕཊ་ཅེས་བརྗོད། །ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱ་ནུཏྤནྣ་ཏྭད། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། སྔགས་དེ་རྣམས་ནི་གསུངས་མ་ཐག །སྣང་བའི་དངོས་པོ་ཀུན་འགགས་ནས། །ཐ་མར་ཉམས་སུ་མྱོང་བར་བྱེད། །ཆོས་རྣམས་གང་ཡང་མཐོང་བར་བྱེད། །བཙལ་བ་མེད་པར་བྱང་ཆུབ་ཆེ། །དེ་ཉིད་དངོས་གྲུབ་མཆོག་གི་ས། །ཐམས་ཅད་ལྟ་བས་རྒྱས་བཏབ་ནས། །སྤྱོད་པས་ཅི་ལ་ཆགས་མེད་པའོ། །ལྟ་བ་དང་ནི་སྤྱོད་པ་དང་། །གཉིས་སུ་མེད་པར་བྱས་ཏེ་བསྒྲུབ། །ཐམས་ཅད་ཟིལ་གྱིས་གནོན་པ་ཡི། །ངོ་བོ་ཉིད་ཀྱི་རང་བཞིན་གྱིས། །ཐམས་ཅད་མ་ལུས་ཕྱག་རྒྱས་བཏབ། །ངོ་བོ་ཉིད་ཀྱི་རང་བཞིན་ལ། །དམིགས་སུ་རྡུལ་ཕྲ་མེད་པས་ན། །དེ་དམིགས་ཤེས་པའང་ཡོད་མི་རུང་། །རང་བཞིན་རང་བཞིན་མེད་པ་ལ། །རང་བཞིན་མེད་པ་ཡོངས་སུ་བསྒོམ། །རང་བཞིན་མེད་པའི་རྒྱུ་ཉིད་ལས། །འབྲས་བུ་རང་བཞིན་མེད་པ་འབྱུང་། །སྤྲོས་པ་ཉེ་བར་ཞི་བ་དེ། །གསང་བ་དམ་པ་འདི་ཡིས་བསྒྲུབ། །དེ་མ་ཐག་ཏུ་ཡེ་ཤེས་འགྱུར། །དབྱིངས་དང་ཡེ་ཤེས་གཉིས་མེད་ན། །ཆོས་སྐུ་བདེ་བ་ཆེན་པོར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་དེས། དམ་པའི་དོན་བསྒྲུབ་པའི་ཐབས་གསང་བ་ཆེན་པོ་འདི་གསུངས་སོ། །ཀུན་ལ་ཁྱབ་པའི་རང་བཞིན་ནི། །ཐ་དད་དུ་མ་མེད་པ་སྟེ། །ཅིར་ཡང་དམིགས་སུ་མེད་པའོ། །


DNG025_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཐབས་ཀྱིས་ཕྱག་རྒྱ་ལྡན། །བདག་གི་དེ་ཉིད་རིམ་གྱིས་ནི། །རླུང་གི་རིམ་པ་ཡང་དག་འཇུག །སྦྱོར་བའི་ཡན་ལག་བཞི་དང་ལྡན། །མཚམས་ཀྱི་འོད་ཟེར་ལྕགས་ཀྱུ་ཡིས། །རྒྱལ་བའི་ཚོགས་དྲངས་ཀྵུཾ་དུ་གྱུར། །ཆོས་ཀྱི་དབྱིངས་སུ་ཞུ་མཛད་དོ། །ཞུ་བ་མྱོས་ནས་མི་རྟོག་བདེ། །འཁོར་བ་མྱ་ངན་འདས་པ་ཡི། །མཐའ་ནི་གང་ལ་ཡང་མི་གནས་པའོ། །ཤེས་རབ་ཡེ་ཤེས་དབང་ཆེན་དེ། །ཤེས་རབ་ཅེས་པར་མྱ་ངན་འདས། །ཡེ་ཤེས་ཞེས་པ་འཁོར་བར་གསུངས། །དགའ་དང་གཞན་དགའ་དཔའ་བོའི་དགའ། །དགའ་བ་འདུས་པའི་བདག་ཉིད་ཅན། །དགའ་བ་ཡང་དག་ལས་བྱུང་བའི། །མི་རྟོག་བདེ་དང་ལྡན་པའོ། །སྟོང་པ་ཤིན་ཏུ་སྟོང་པ་སྟེ། །དངོས་མེད་སྟོང་པ་ཆེན་པོ་ལ། །དངོས་དང་དངོས་མེད་གཉིས་ཀ་མེད། །ཐམས་ཅད་སྟོང་པ་ཞེས་བྱའོ། །སྟོང་པའི་རང་བཞིན་མཚན་མ་མེད། །དེ་ཡི་ཕྱིར་ན་སྟོང་པ་མིན། །མི་སྟོང་པ་ཡང་མ་ཡིན་ཏེ། །མཐའ་དབུས་གང་ཡང་མ་ཡིན་པའོ། །མཚན་ཉིད་མེད་པའི་ཕྱག་རྒྱ་དང་། །ལྡན་པས་ཡོན་ཏན་སྐྱེད་པར་བྱེད། །གསང་བའི་པདྨ་ལས་བྱུང་བ། །མེ་ཏོག་ཉི་ཟླར་བཅས་པ་ལས། །དབྱིབས་དང་ཁ་དོག་ལྡན་པ་ཡི། །ཕྱག་རྒྱ་ཆེན་པོ་རྫོགས་པའོ། །ལྷུན་གྲུབ་བདེ་བའི་ངང་གནས་ན། །ཅི་ལ་ཡང་ཐོགས་པ་མེད་པར་སྤྱད། །རང་བཞིན་གྲུབ་པ་མེད་པས་ན། །ཆོས་རྣམས་གང་ཡང་གྲུབ་པར་བྱེད། །ཀུན་ཏུ་བཟང་མོའི་བྷ་ག་ལ། །ཀུན་ཏུ་བཟང་པོ་རོལ་པ་ཡིས། །སྒྱུ་མ་ལྷུན་གྲུབ་ཡུལ་ལས་རོལ། །བླུན་པོ་རྟོག་གེའི་ཤེས་པ་ནི། །ཡོད་དང་མེད་པའི་ཆོས་ལ་སྤྱོད། །དེ་ཡིས་རྣམ་པར་མི་འགྲོལ་ཏེ། །འདོད་པ་དངོས་སུ་སྤྱོད་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། དེ་བཞིན་ཉིད་དང་ཤིན་ཏུ་རྣལ་འབྱོར་དམ་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་


DNG025_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོ་དེས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།གསང་བའི་དོན་འདི་ལྟ་བུ་རྡོ་རྗེའི་ཚིག་ཏུ་གསུངས་སོ། །བརྗོད་དུ་མེད་པའི་བདག་ཉིད་ཆོས། །ཡི་གེའི་ཐ་སྙད་རྣམ་པར་དག །མིང་དང་ཚིག་ལས་འདས་པ་ཡི། །དེ་ཁོ་ན་ཉིད་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསྒྲུབ་པའི་ཐབས། །ཐོས་བསམ་སྒོམ་ལ་རབ་སྦྱངས་པས། །མཉམ་པའི་དོན་ལ་དམིགས་པར་བྱ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཀུན་རྫོབ་སེམས་བསྐྱེད་ཚད་མེད་བཞི། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཉན་ཐོས་བྱང་ཆུབ་སེམས་དཔའ་དང་། །བླ་ན་མེད་པའི་ཐེག་པ་ཡིས། །ཚད་མེད་བཞི་པོ་ཐ་དད་འགྱུར། །བླ་མེད་ཐེག་པའི་ཆད་མེད་དག །དོན་ལ་དམིགས་པ་ཞེས་བྱ་སྟེ། །བཏང་སྙོམས་ཆེན་པོར་བསྒོམ་པར་བྱ། །ཡོད་དང་མེད་པ་དབྱེར་མེད་ཅིང་། །ཆགས་སྡང་གཉིས་དང་བྲལ་བ་ཡི། །དབུ་མ་ཆེན་པོ་བསྒོམ་པར་བྱ། །བླ་མེད་དོན་ལ་གནས་བཅས་ལ། །ཉོན་མོངས་ལས་རྣམས་ཀུན་སྤྱད་ཀྱང་། །བྱས་ལ་མི་སོག་ཚོགས་འགྱུར་ཏེ། །ཕྱི་ནང་སྣོད་བཅུད་རྣམ་པར་དག །གང་ལའང་ཆགས་དང་མ་ཆགས་མེད། །བཏང་སྙོམས་ཆེན་པོའི་ངང་གནས་ན། །ཡུལ་གྱིས་མྱོས་སྐྲག་མི་འབྱུང་ཞིང་། །མཉམ་ཉིད་མི་འཕྲོག་བྱ་དང་བྲལ། །བསྒོམ་པ་མ་རྙེད་འགྲུབ་མི་འགྱུར། །དེ་ཕྱིར་གསང་བ་འདི་བསྒོམ་མོ། །རྣམ་ཐར་གསུམ་པོའང་བདུད་ཀྱི་ལས། །འཁོར་བ་ཉིད་ཀྱི་རང་བཞིན་ལས། །དོན་དམ་བཙལ་བས་རྙེད་མི་འགྱུར། །དྲུག་གིས་ཡང་དག་དོན་མི་མཐོང་། །ཤེས་རབ་ཐབས་སུ་གང་འདྲེལ་བས། །ཡོད་མེད་དབུ་མ་མི་དམིགས་ཤིང་། །མཉམ་བཞག་བཏང་སྙོམས་ཆེན་པོར་བསྒོམ། །ཞེས་བརྗོད་པས། དངོས་པོ་ཐམས་ཅད་སྒྱུ་མ་དང་འདྲ་བར་གཟིགས་ཏེ། གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམས་དང་། རང་བཞིན་གྱིས་སྟོང་པའོ། །ཐ་མི་དད་པའོ། །དབྱེར་མེད་པའོ། །བདེན་པའོ། །ཞི་བའོ། །སྤྲོས་པ་དང་བྲལ་བའོ། །དེ་ལྟ་བས་ན་ཆོས་ཐམས་


DNG025_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །ཞེས་གསུངས་སོ། །སྤྲོས་པ་ཉེ་བར་ཞི་བ་ཡི། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ཏུ་ཁྱབ། །ཐ་དད་དུ་མ་མེད་པས་ན། །ཀུན་ཏུ་ཁྱབ་པའི་སྤྱི་ཉིད་སྟེ། །སེམས་ཉིད་ཡེ་ཤེས་གཟུགས་བསྒྱུར་བ། །ཐབས་ཀྱི་རིམ་པས་འབྱུང་བའོ། །ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །འདྲེལ་བ་བདུན་གྱི་རིམ་པ་ཡིས། །སྐུ་དང་ཡེ་ཤེས་རྫོགས་པར་འགྱུར། །ཐབས་དང་བརྟེན་པའི་ཏིང་ངེ་འཛིན། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །དོན་དམ་བླ་མེད་བསྒྲུབ་པའི་ཐབས། །སྲོག་དང་རྩོལ་བ་ཞེས་བྱ་སྟེ། །དབུགས་དགག་སྟོང་པ་ཞེས་སུ་བཤད། །དགག་པ་དང་ནི་སྟོང་པ་དང་། །གཉི་ག་གཉི་ག་མ་ཡིན་པ། །བརྟག་པ་རྣམ་པ་གསུམ་ཞེས་བྱ། །ཕྱི་རོལ་རྩོལ་བའི་དུས་སུ་ནི། །ཕྱི་མའི་ནམ་མཁར་ཐིམ་པ་སྟེ། །སྲོག་གི་ནང་གི་དུས་སུ་ནི། །གཞི་རླུང་ཉིད་ལ་ཐིམ་པར་བྱ། །གཞི་རླུང་དེ་ཉིད་ནམ་མཁའ་ཡི། །དབྱིངས་ཀྱི་དབང་ཕྱུག་ཅེས་བྱ་སྟེ། །རྣམ་པ་བཅུ་པའི་རྒྱུད་ཡིན་ནོ། །དེ་ནི་དབང་ཕྱུག་ལྔ་གཉིས་ཏེ། །ཕྱི་རོལ་གཡོ་བའི་རྣམ་པ་ཀུན། །དབུགས་ཉིད་ལས་ནི་ངེས་སྦྱར་ཏེ། །རྟེན་དང་བརྟེན་པའི་བདག་ཉིད་པས། །རྩ་དང་རྒྱལ་པོའི་ཚུལ་དུ་གནས། །ཐམས་ཅད་གཡོ་བ་རླུང་དུ་སྦྱར། །རླུང་ཉིད་ཕྱི་ནང་མཁའ་ལ་བསྡིམ། །དེ་ཉིད་རྡོ་རྗེ་སེམས་དཔའ་སྟེ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ནམ་མཁའ་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་བྱ་བ་ཅི་ཡང་མེད། །མཁའ་ལས་རླུང་བྱུང་ན་བུན་ཚུལ། །བྱུང་ཡང་ནམ་མཁའ་ལས་བྱུང་སྟེ། །མཐར་ཡང་ནམ་མཁའ་ཉིད་ལ་ཐིམ། །གཉིས་དང་དྲུག་ལ་སོགས་པ་ཡི། །རྣམ་པ་ཐ་དད་དུ་མ་ཡང་། །སྲོག་དང་རྩོལ་བ་ཉིད་དུ་འདུ། །རླུང་གི་རྒྱུ་འདུལ་རླུང་གཞི་ཉིད་ལ་བསྡིམ། །ལངས་ནས་མཁའ་རླུང་ཉིད་ལ་བརྟག །བརྟགས་པས་དངོས་པོ་མེད་མཐོང་བ། །དེ་ཉིད་ཡང་དག་མཐོང་བ་ཡིན། །དེ་ནས་སྟོན་པ་ཀུན་མཁྱེན་གྱིས། །རྡོ་རྗེའི་གསུང་དུ་བཀའ་སྩལ་པ། །དོན་གྱི་རང་གི་ངོ་བོ་ཉིད། །དངོས་པོའི་དབང་གི་ཆོས་དབྱིངས་ཏེ། །སེམས་ཅན་བསམ་པའི་དབང་གིས་ན། །ཆོས་ཀྱི་དབྱིངས་དང་ཞི་གནས་དང་། །ཡེ་ཤེས་


DNG025_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རྣམ་བཞིར་སྣང་། །དངོས་པོའི་དབང་གིས་ཀུན་ཏུ་འོད། །བསམ་པས་ཐ་དད་དུ་མར་སྣང་། །རྣམ་གྲངས་དོན་དམ་ཞེས་བྱ་སྟེ། །རིམ་པ་རིམ་པས་འཇུག་པའོ། །ཤིན་ཏུ་རྣལ་འབྱོར་འདི་ཉིད་ནི། །གཞན་ལ་བརྟེན་པ་མ་ཡིན་ཏེ། །ལམ་གྱི་ནང་ནས་ཉེ་ལམ་སྟེ། །ཐབས་ཀྱི་མཆོག་ཏུ་གྱུར་པས་ན། །ཅིག་ཆར་འཇུག་པ་ཞེས་བྱའོ། །ཡེ་ནས་གནས་པའི་དེ་བཞིན་ཉིད། །ཡེ་སངས་རྒྱས་པ་ཞེས་བྱ་སྟེ། །ཆོས་རྣམས་མ་ལུས་དབྱིངས་སུ་རྫོགས། །ཐམས་ཅད་ཀུན་འདུས་རྣམ་པར་དག །ཡོད་མེད་དབུ་མ་མི་དམིགས་ཤིང་། །མི་འགྱུར་མི་ཤིགས་རྡོ་རྗེ་སྟེ། །ཡངས་ལ་རྒྱ་ཆེ་ཀུན་ཏུ་བཟང་། །འགྱུར་བ་མ་ཡིན་དྲང་པོར་གནས། །རྣལ་འབྱོར་ལྟ་བ་དེ་ཞེས་བྱ། །བར་དུ་སྒོམ་པའི་ཐབས་གསུངས་པ། །ཏིང་ངེ་འཛིན་དང་སྤྱོད་པའོ། །ཏིང་ངེ་འཛིན་ཅེས་བྱ་བ་ནི། །གསང་བའི་དོན་ལ་འཇུག་པ་སྟེ། །སྤྱོད་པ་དངོས་སུ་གསུངས་པ་ནི། །མ་དང་བུ་མོ་སྲིང་མོ་སོགས། །རྟག་ཏུ་སེམས་ནི་སྦྱར་བར་བྱ། །གླང་ཆེན་ཤ་དང་ཤ་ཆེན་དང་། །རྟ་ཤ་ཁྱི་ཤ་བ་གླང་ཤ །བྱང་ཆུབ་སེམས་ལ་སོགས་པ་རྣམས། །བཟའ་ཞིང་སྤྱད་པར་བྱ་བ་སྟེ། །དེ་ལ་མི་བྱ་ཅི་ཡང་མེད། །མི་བཟའ་བ་ཡང་ཅི་ཡང་མེད། །ཐམས་ཅད་ལྟ་བས་གཉིས་མེད་ཅིང་། །ཏིང་ངེ་འཛིན་ལ་གནས་གྱུར་ན། །མི་སྤྱད་པ་ནི་གང་ཡང་མེད། །ཐབས་དང་བརྟན་པར་གྱུར་པ་དང་། །མ་མར་སེམས་ནི་བཅོས་དགོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཟབ་མོའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དགྱེས་པ་ཆེན་པོ་དེས། མ་འོངས་པ་ཡི་རྣལ་འབྱོར་པ། ཤེས་རབ་ཀྱི་རྒྱགས་པ་རྣམས་དང་། ཚུལ་བཞིན་དུ་དབང་བསྐུར་བའི་སྒྲུབ་པ་པོ་རྣམས་ཀྱི་དོན་དུ།གསང་བ་དང་གསང་ཆེན་དང་། ཡེ་ཤེས་སྙིང་པོ་གསུམ་རྫོགས་པར་བྱ་སྟེ།ཐབས་ཟབ་མོ་འདི་གསུངས་སོ། །རང་བཞིན་གནས་པའི་དེ་བཞིན་ཉིད། །ཡེ་ནས་གནས་པའི་ཆོས་ཉིད་དེ། །ས་ལ་མི་བགྲོད་སྦྱང་དུ་མེད། །ལྷུན་རྫོགས་རང་བྱུང་གཅིག་པུར་གནས། །དཔའ་བོ་དངོས་པོ་ཐམས་ཅད་ཟ། །སྟོང་པ་ཉིད་ཀྱི་རང་བཞིན་ལས། །


DNG025_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་དུ་མཉམ་གཞག་པ། །ལུས་ཀྱི་ཆོས་ཀྱི་རང་བཞིན་ལ། །ཀླད་པ་དང་ནི་ཀླད་རྒྱས་དང་། །སྐྲ་དང་སྤུ་དང་སེན་མོ་དང་། །ཤ་དང་པགས་པ་ཚིལ་བུ་དང་། །རྒྱུ་མ་གཉེ་མ་ལ་སོགས་པ། །མི་མི་གཙང་བའི་རང་བཞིན་ཅན། །བལྟས་པས་དངོས་པོ་མཐོང་མེད་སྟེ། །སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང་། །བདེན་པ་གཉིས་སུ་མ་མཐོང་སྟེ། །དེ་ཉིད་ཡང་དག་མཐོང་བ་ཡིན། །མི་རྟོག་ཤེས་རབ་གང་སྐྱེས་པ། །གསང་བའི་དོན་ལ་ཞུགས་པ་ཡིན། །ངག་གི་ཆོས་སུ་སྣང་བ་ཀུན། །ཇི་སྙེད་སྒྲ་དང་ཐ་སྙད་དང་། །ཡི་གེའི་སྐད་དང་བརྡའ་ལ་སོགས། །གདགས་བྱ་དང་ནི་འདོགས་བྱེད་དང་། །གདགས་པའི་ཚིག་ལ་སོགས་པ་ཡི། །དངོས་པོ་གང་ཡང་མ་རྙེད་དེ། །འགའ་ཡང་མཐོང་བ་མེད་པ་ནི། །དེ་ཉིད་མཐོང་བ་ཆེན་པོ་ཡིན། །ཚིག་ལས་མི་རྟོག་ཤེས་རབ་བསྐྱེད། །དངོས་པོ་མེད་པར་གྲགས་པ་ཡིན། །སེམས་ཀྱི་ཆོས་སུ་གང་གསུངས་པ། །སེམས་དང་སེམས་ལས་བྱུང་བ་ཡི། །དྲན་དང་རྟོག་པ་ལ་སོགས་པའི། །བརྟགས་པས་དངོས་པོ་མེད་མཐོང་བ། །ཟག་པ་མེད་པའི་ཤེས་རབ་སྟེ། །ཡེ་ཤེས་མྱུ་གུ་བསྐྱེད་པའོ། །ལམ་ལྔ་རྫོགས་པའི་རིམ་པ་ལ། །སྟོང་ཉིད་ཡེ་ཤེས་ཆེན་པོ་སྟེ། །པདྨའི་སྤྱན་དུ་རྣམ་པར་གྲགས། །ཤིན་ཏུ་སྦྱོར་བ་དེས་མཐོང་བས། །ཆོས་སྐུ་བདེ་བ་ཆེན་པོ་འཐོབ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་འདི་སྐད་གསུངས་སོ། །ཕྱོགས་བཅུ་ན་བཞུགས་ཤིང་།དུས་གསུམ་དུ་གཤེགས་པའི། རྒྱལ་བ་ཐུགས་རྗེ་རོ་གཅིག་པ་རྣམས་ཀྱང་། ཟབ་མོའི་ཐབས་འདི་ལྟ་བར་འཚལ་ལོ། །འདས་པའི་སངས་རྒྱས་དང་། ད་ལྟར་དང་མ་འོངས་པའི་སངས་རྒྱས་རྣམས་ཀྱང་། ཐབས་ཟབ་མོ་འདིས་མངོན་པར་རྫོགས་པ་འཚང་རྒྱའོ། །རིགས་ཀྱི་བུ་རྣམས་ཀྱིས་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱའོ། །ལྟ་བ་ངན་པས་ཀྱང་དམན་པའི་འདུ་ཤེས་མ་སྐྱེད་ཅིག །ཤེས་རབ་འཆལ་བ་ལ་


DNG025_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་གྱུར་ཏ་རེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་དགོངས་པ་ནི་ནམ་མཁའ་དང་མཉམ་པའོ། །ཟླ་མེད་པའོ། །གཞན་གྱིས་མི་དཔོགས་པའོ། །མི་མཉམ་པ་དང་མཉམ་པའོ། །ཆོས་ཉིད་དང་འདྲ་བའོ། །དེ་བས་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། ཀུན་ལ་ཁྱབ་པའོ། །སངས་རྒྱས་ཀྱི་བདག་ཉིད་དོ། །དེ་བཞིན་ཉིད་དོ་མཐོང་བ་ནི་སངས་རྒྱས་སོ། །ངའོ། ང་དང་འདྲ་བ་ཉིད་དོ། །གྱ་ནོམ་པའོ། །བླ་ན་མེད་པའོ། །དེ་ནས་སངས་རྒྱས་པ་བདག་ཉིད་ཆེན་པོ་སྒྲུབ་པ་འདི་གསུངས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ། རྫོགས་པ་ཆེན་པོ་སློབ་པར་འདོད་པས། ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་བསྒོམ་པར་བྱའོ། །དེ་བས་ན་ཆོས་ཐམས་ཅད་ནི་རང་གིས་རང་མི་ཤེས་ཏེ། གཟུགས་ཀྱིས་གཟུགས་མི་ཤེས་སོ། །སྒྲ་ཡིས་སྒྲ་མི་ཤེས་སོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་རང་རང་གི་ངོ་བོ་ལ་བལྟ་བར་བྱའོ། །དེ་ཉིད་མཐོང་བ་ནི་མ་རིག་པའི་སྒྲིབ་པ་བྲལ་ཏེ། བཏགས་པའི་ཚིག་མི་སྐྱེ་བའོ། །བདེན་པ་མཐོང་བའོ། །བྱང་ཆུབ་སེམས་དཔའི་ས་ལ་གནས་པའོ། །དེ་ཉིད་མ་མཐོང་བའི་ཚུལ་གྱིས་མཐོང་བ་ན། སངས་རྒྱས་ཀྱི་ས་ལ་གནས་པའོ། །བདེ་བར་གཤེགས་པའོ། །མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགའ་བའི་སྤྱན་རྒྱས་པར་གཟིགས་མོས་མཉེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་དེ་དག་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་


DNG025_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ཏོ། །གཡོ་དང་མི་གཡོ་དངོས་པོ་ཀུན། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། །སྲིད་དང་ཞི་བ་དབྱེར་མེད་ཕྱིར། །ཐམས་ཅད་ནམ་མཁའི་རང་བཞིན་ནོ། །དང་པོ་གནས་ཁང་ཉམས་དགའ་བར། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །འདུ་འཛི་ཐམས་ཅད་སྤངས་ནས་སུ། །ལུས་ཀྱི་བཅའ་བ་རྣམ་ལྡན་བྱ། །ལུས་ངག་ལྟེང་ཀ་བཞིན་གནས་པ། །སེམས་ཀྱང་ལྟེང་ཆུ་བཞིན་དུ་གནས། །གཟུགས་ལ་སོགས་པའི་དངོས་པོ་རྣམས། །རང་བཞིན་གྱིས་ནི་སྟོང་པ་སྟེ། །དངོས་པོའི་མཐའ་ནི་མེད་ཅེས་བྱ། །གང་ཡང་རང་བཞིན་མེད་བརྟགས་ན། །ཐམས་ཅད་ཆོས་ཀྱི་ཕྱག་རྒྱ་ཡིས། །ལྟ་བའི་རྒྱ་ནི་བཏབ་བྱས་ལ། །དེ་ནས་གཞི་ཡི་སྙིང་པོ་བསྒོམ། །སྤྱོད་པས་གང་ཡང་ཐོགས་མེད་ཅིང་། །ཏིང་ངེ་འཛིན་དུ་མཉམ་གཞག་ན། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །སེམས་ལ་དམིགས་པ་བདག་མེད་པར། །ས་ལེ་ས་ལེ་བསམ་བྱས་ལ། །རང་བཞིན་གྱིས་ནི་འོད་གསལ་ཏེ། །སྟོང་པ་ཉིད་ཀྱི་བདག་ཉིད་སྟེ། །འཇིག་རྟེན་པ་ཡི་ལམ་དུ་ནི། །རྗེས་སུ་དཔགས་པའི་ཤེས་པ་སྟེ། །ཤེས་པ་གསུམ་པོ་གྱུར་པ་ནི། །བསམ་མེད་དྲན་མེད་སྒྱུ་མའང་མེད། །ཏིང་འཛིན་ཚུལ་ཁྲིམས་ཤེས་རབ་པོ། །དེ་ཉིད་མོས་པས་སྤྱོད་པའི་ས། །ས་ཡི་རིམ་པ་ཐ་དད་སྟེ། །ས་རྣམས་ཡོངས་སུ་བཀོད་པ་ཡང་། །སྟོང་ཉིད་ཡེ་ཤེས་བསྐྱེད་པ་སྟེ། །ཏིང་ངེ་འཛིན་གྱི་རིམ་པ་ཡིན། །ཏིང་ངེ་འཛིན་གྱི་ཁྱད་པར་ལས། །ས་ནས་ས་འཕར་མངོན་བྱང་ཆུབ། །དེ་དང་དེ་ཡི་རིམ་པ་ཡིས། །ཀུན་ཏུ་བཏགས་པའི་མ་རིག་དང་། །ལྷན་ཅིག་སྐྱེས་པའི་མ་རིག་པ། །སྒྲིབ་པ་གཉིས་ནི་ཞེས་བྱ་སྟེ། །བྱང་ནས་ཚོགས་གཉིས་རྫོགས་པ་ཡི། །སྐུ་ལྔ་ཡེ་


DNG025_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྣམ་ལྡན་པ། །ད་ལྟ་ཉིད་དུ་ཐོབ་པར་འགྱུར། །ཡོན་ཏན་རྣམ་པར་ཕྱེ་བ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཟབ་མོའི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་གང་ཡིན་པ། །དོན་དམ་ཅི་ཡང་མེད་པ་ལས། །ཀུན་རྫོབ་དག་ཏུ་བཤད་པ་མཛོད། །ཅེས་བརྗོད་པས། དེ་བཞིན་ཉིད་ཀྱི་དོན་ལ་རོལ་ཅིང་དགྱེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁ་ཅིག་ཀུན་གྱི་རང་བཞིན་ཞི་བ་ལ། །ཕྱོགས་སུ་བལྟས་པས་གྲུབ་མེད་དེ། །རང་བཞིན་གྱིས་ནི་རྟོགས་པ་དང་། །གཉེན་པོའམ་ཡང་ན་གཏན་ཚིགས་ཀྱིས། །ཤིན་ཏུ་ཞིབ་པར་བརྟག་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་བདག་པོས། གཏན་ཚིགས་ཀྱི་སྒོ་ནས་བསྒྲུབ་པའི་དབུ་མའི་བརྟགས་པ་འདི་གསུངས་སོ། །ཁ་ཅིག་གཡོ་དང་མི་གཡོ་ཀུན། །དམ་པ་ཉིད་དུ་རང་བཞིན་མེད། །རང་བཞིན་མེད་ལས་ཅིར་ཡང་སྣང་། །བདག་དང་གཞན་དང་གཉི་ག་དང་། །རྒྱུ་མེད་པ་ལས་རྐྱེན་བྲལ་ཕྱིར། །ནམ་མཁའི་མེ་ཏོག་ཇི་བཞིན་དུ། །ནམ་ཡང་སྐྱེ་བར་མི་འགྱུར་རོ། །གང་ཞིག་རྫོགས་ཆེན་འདོད་པ་ཡིས། །ཏིང་ངེ་འཛིན་དུ་མཉམ་གཞག་ན། །སྤྱོད་པ་མ་རབས་ལྡན་པ་ལ། །གསང་བའི་དོན་ཉིད་བསྒོམ་པར་བྱ། །ལངས་ནས་ཕྱི་རོལ་ཡུལ་རྣམས་ལ། །འཁོར་ལོ་ཉིད་དུ་ཤེས་པར་བྱ། །དོན་དམ་ཀུན་རྫོབ་


DNG025_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ནས། །མཚན་མེད་མཚན་མ་རྣམས་བསྒོམས་པས། །ཆོས་ཀྱི་སྐུ་དང་གཟུགས་སྐུ་འགྲུབ། །ཞིང་དང་ཐུགས་རྗེས་འདྲེལ་བའོ། །ཡང་ན་གཅིག་དང་དུ་མ་ཡི། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །དངོས་པོ་གང་དང་གང་ལ་ཡང་། །མཚན་མ་ཡོད་པ་མ་ཡིན་ནོ། །རང་བཞིན་རང་བཞིན་མེད་མཐོང་བ། །ངོ་བོ་ཉིད་དུ་གནས་པ་ཡིན། །མུ་བཞི་སྐྱེ་བ་རྣམ་བྲལ་ཕྱིར། །རང་བཞིན་མེད་དེ་སྐྱེ་མེད་བལྟ། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྟེན་ཅིང་འདྲེལ་བར་གང་བྱུང་བ། །རང་བཞིན་མེད་པས་གཟུགས་བརྙན་འདྲ། །སྔོན་དང་ཕྱི་མའི་མཐའ་སྤངས་ཏེ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །ངོ་བོ་ཉིད་ཀྱིས་མ་སྐྱེས་པས། །སྐྱེ་དང་འགག་པར་མི་འགྱུར་ཏེ། །མཐོང་བས་ཆོས་ཉིད་དེ་བཞིན་གཤེགས། །རྟེན་ཅིང་འདྲེལ་འབྱུང་ཟབ་མོའི་དོན། །དམ་པའི་དོན་དུ་བསྒོམ་པར་བྱ། །སྲིད་གསུམ་རང་བཞིན་མེད་མཐོང་ན། །ཁམས་གསུམ་འགྲོ་རྣམས་སྔོན་དུ་འགྱུར། །གསང་བ་ཟབ་མོའི་དོན་ཉིད་ལ། །འཛིན་པ་མེད་པ་མེད་པ་ཡིས། །ཡོད་པ་མེད་པར་ཤེས་འདུག་ན། །ད་ལྟ་ཉིད་དུ་ས་གསུམ་རྫོགས། །བྱ་མེད་བྱ་དང་རྣམ་པར་བྲལ། །ཁམས་གསུམ་ལས་འདས་རིན་པོ་ཆེ། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཟད་མི་ཤེས་པའི་གཏེར་དུ་འགྱུར། །མི་རྟོག་གསང་བར་ཀུན་འདུས་ཕྱིར། །རྟོག་པ་ཐམས་ཅད་དག་པ་ཡིན། །གཟུང་དང་འཛིན་པ་ལས་བྱུང་སྟེ། །ཕྲ་རྒྱས་ཐམས་ཅད་གང་ཡིན་པ། །ལྷུན་གྱིས་གནས་པས་བཀག་པ་ཡིན། །འདི་ནི་ཨ་དང་མཛེས་པའི་ཏ། །ཏ་ལས་ཡན་


DNG025_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལས། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །སྲོག་དང་རྩོལ་བ་ལས་བྱུང་བའི། །སྤྲོ་དང་བསྡུ་བ་དེ་བཞིན་ཏེ། །དབུགས་ནི་ཕྲ་མོ་ཉིད་དུ་བྱ། །དེ་ནས་མ་སྐྱེས་ཏིང་འཛིན་བསྒོམ། །ཀུན་གྱིས་བགྲོད་པའི་ལམ་རྒན་ཕྱིན། །ཅིག་ཆར་འཇུག་པའི་དོན་ཉིད་པས། །གཞན་དུ་འཇུག་པར་མི་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐེག་པ་གཞན་རྣམས་ངོ་མཚར་དུ་གྱུར་རྨད་དུ་གྱུར། འདུས་པ་རབ་ཏུ་འདུས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་ནི་ནམ་མཁའ་དང་མཉམ་པ་སྟེ། སངས་རྒྱས་ཀྱི་སྤྱོད་ཡུལ། ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ལགས་པ། མཆོག་ཏུ་གསང་བ་ཉིད་ལས། ཁྱེད་རྣམས་ཀྱང་མ་སྐྲག་དངངས་པར་མ་བྱེད་ཅིག །སྤྱོད་ཡུལ་འདི་ལས་འདའ་བར་དཀའོ། །དེ་བཞིན་ཉིད་དང་ཀུན་ལ་གནས་སུ་ཟིན་ཀྱང་། ཤེས་རབ་དང་སྙིང་རྗེར་མི་ལྡན་ཞིང་།སྐལ་བ་མེད་པ་རྣམས་འཇུག་པར་མ་བྱེད་ཅིག །དེ་ནི་ཉམས་པར་གྱུར་ཏེ།ཟབ་མོའི་དོན་མི་རྟོགས་གནས་མེད་པ་ཡིན་ཏེ། དཔེར་ན་དེ་པི་པུ་ཏྲ་བཞིན་ནོ། །དེ་བས་ན་རིགས་གང་ཡིན་པ་མཚན་མ་ལས་ཡོངས་སུ་གཟུང་བ་ཞེས་བརྗོད་པས། ཐམས་ཅད་རང་རང་གི་གནས་ག་ལ་བར་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཤིན་ཏུ་རྣལ་འབྱོར་གྱི་དོན་དུ། རྩོལ་བ་དང་བྲལ་བའི་ཐབས་


DNG025_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསུངས་སོ། །ཐམས་ཅད་ལྟ་བས་བཀག་ནས་སུ། །སྙིང་རྗེའི་མཐུ་ལས་བྱུང་བ་ཡི། །བྱང་ཆུབ་སེམས་ལྡན་གསང་སྔགས་པས། །སྣང་བ་དགག་པ་མ་ཡིན་ཏེ། །དབང་པོ་ཡུལ་ལ་ཡན་པར་བཞག །བལྟས་པས་མ་མཐོང་ཅི་ཡང་མེད། །དངོས་ཀུན་སྒྱུ་མ་འདྲར་ཤེས་ན། །མ་མཐོང་མཐོང་བའི་རྣམ་པ་ཅན། །བྱ་བྲལ་ལྷུན་གྲུབ་ཇི་བཞིན་གནས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཇི་བཞིན་པ་ཞེས་མི་རྟོག་ཀྱང་། །རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །རྣམ་པར་མི་རྟོག་ཀུན་འདུས་ཕྱིར། །ཚོར་བ་བསྒོམ་ན་ཅི་ཞིག་བྱ། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །བསྒོམས་པས་རྩོལ་བའི་ནད་ཡིན་ཏེ། །རྩོལ་སེམས་བདེ་བར་རང་ལས་འབྱུང་། །སྣང་བ་མེད་པའི་ཆོས་ཉིད་ནི། །བཙལ་བ་མེད་པའི་བཙལ་བས་འགྲུབ། །ཕྱི་ནང་གཡོ་དང་མི་གཡོ་ཀུན། །བྱང་ཆུབ་སྙིང་པོ་ཉིད་ཡིན་པས། །རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད། །མ་བཙལ་བཞག་ན་བསྒོམ་པ་ཡིན། །དེ་དང་དེ་རུ་རྣམ་བཙལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །དེ་ནི་སྙིང་པོ་དེ་བས་ན། །དེ་བས་དེ་འབྱུང་ངོ་མཚར་ཆེ། །ཕུང་པོ་ལྔ་ཉིད་སངས་རྒྱས་གཙོ། །འབྱུང་བ་ལྔ་ཉིད་རིགས་ཀྱི་ཡུམ། །དབང་པོ་ཡུལ་དུས་རིག་པ་རྣམས། །བྱང་ཆུབ་སེམས་དང་ཁྲོ་བོའི་ཚོགས། །ཉོན་མོངས་ལྔ་པོ་བྱང་ཆུབ་ལམ། །ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་། །སངས་རྒྱས་ཉིད་ལས་གཞན་མ་ཡིན། །དམ་པ་ཉིད་དུ་བཙལ་མེད་སྟེ། །ཀུན་རྫོབ་ཏུ་ཡང་བཙལ་མ་ཡིན། །དམ་པའི་དོན་ལ་གང་འཇུག་པས། །གསང་བ་ཨ་ཡི་དོན་ཉིད་ལ། །གསང་བ་ཨོཾ་ཉིད་དམིགས་པ་ན། །གདམས་


DNG025_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ངེས་པ་ཟབ་མོ་ཡིས། །བཙལ་བ་མེད་པའི་བཙལ་བ་དང་། །མི་བསྒོམ་པ་ཡི་བསྒོམ་པ་དང་། །མི་གནས་པ་ཡི་ཚུལ་དུ་གནས། །མཉམ་གཞག་མེད་པའི་ཚུལ་གྱིས་ནི། །རྟག་པ་ཉིད་དུ་རྣམ་པར་གཞག །དགེ་དང་མི་དགེ་གཉིས་མེད་དེ། །བྱང་ཆུབ་ནམ་མཁའི་མཚན་ཉིད་དོ། །བྱང་ཆུབ་བཙལ་བས་རྙེད་མིན་ཏེ། །བྱང་ཆུབ་འདོད་ལ་བྱང་ཆུབ་མེད། །ཡང་དག་དོན་གྱི་སྙིང་པོ་འདི། །བསྒོམས་པས་རྙེད་པར་མི་འགྱུར་ཏེ། །མ་བསྒོམས་པས་ཀྱང་རྙེད་མི་འགྱུར། །བཙལ་བ་མེད་པའི་བསྒོམ་པ་ཡིས། །ཉལ་བའི་འཁོར་ལོ་ཉིད་དུ་བྱ། །ཆོས་རྣམས་མ་ལུས་སེམས་ཀྱི་ངང་། །སེམས་དེ་རང་བཞིན་བཞག་ནས་བསྒོམ། །དངོས་མེད་བྱང་ཆུབ་སེམས་ཀྱི་ངང་། །འདུས་མ་བྱས་པས་བདེ་བའི་ཀློང་། །སེམས་ཉིད་བསམ་མེད་བརྗོད་ལས་འདས། །ཡེ་སངས་རྒྱས་པས་བསྒོམ་དུ་མེད། །དྲང་སྲོང་མཁས་པའི་རིག་པ་ཡིས། །དེ་ལ་མ་བཙལ་ཕབ་ན་བསྒོམ། །རིག་པ་དབྱིངས་ལ་ཡན་པ་ནི། །བཙལ་བའི་ནད་བྲལ་བསྒོམ་པ་ཡིན། །དེ་བས་གསང་བ་དྲི་མ་མེད། །ཡང་དག་འོད་གསལ་བསྒོམ་པར་བྱ། །འོད་གསལ་ཟུང་འཇུག་གནས་གྱུར་ན། །མཚན་མ་སྣ་ཚོགས་བག་ལ་སད། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཀུན་ཏུ་བཟང་པོའི་རོལ་པ་འགྲུབ། །དངོས་མེད་དངོས་ལ་མི་གནས་ཤིང་། །དབུ་མ་མི་དམིགས་མིང་ཡང་མེད། །སེམས་ཀྱི་རྒྱུ་བ་མེད་པས་ན། །ཐམས་ཅད་ཐམས་ཅད་སྟོང་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཟབ་མོའི་མན་ངག་རྩོལ་བ་དང་བྲལ་བས། བསྒོམ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། བདེན་


DNG025_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་སོ་སོར་བསྟན་པའི་ཆེད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་པ་ཡི་ངོ་བོ་ཉིད། །ཐ་དད་དུ་མ་མ་ཡིན་ཏེ། །སེམས་ཅན་བསམ་པའི་དབང་གིས་ན། །ཐབས་ཀྱི་རིམ་པ་དུ་མར་འགྱུར། །ལོག་པར་རྟོག་པའི་བདག་ཉིད་ཅན། །བྱེད་པ་པོ་ལ་སོགས་པ་ཡི། །རྒྱུར་འདོད་མཐའ་རུ་འཛིན་པ་དང་། །ལྟ་བ་དྲུག་ཅུ་རྩ་གཉིས་ལྡན། །ཀུན་རྫོབ་ཡིན་ཏེ་དོན་དམ་མིན། །ཚིག་ཏུ་སྤྲོས་བྲལ་ཞེས་བྱའོ། །ཕྱི་རོལ་དོན་དུ་ལྟ་བ་གཉིས། །བདག་ཏུ་འཛིན་པ་ལ་སོགས་པ། །ཀུན་རྫོབ་ཡིན་ཏེ་དོན་དམ་མིན། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྟེན་ཅིང་འདྲེལ་བ་ལ་སོགས་པ། །ཡང་དག་རྫས་སུ་འདོད་པ་སྟེ། །རྡུལ་ལས་གྲུབ་པའི་བདག་ཉིད་དོ། །དེ་ལས་དེ་བྱུང་ཆོས་བདག་ཉིད། །དོན་དམ་པ་ཡི་རང་བཞིན་ནོ། །གཟུང་དང་འཛིན་པ་རྣམ་སྤངས་ནས། །ཤེས་བྱ་ནང་གིར་འདོད་པ་དག །རྡུལ་ཉིད་ཕྱོགས་ཆས་མི་འགྲུབ་ཅིང་། །གཅིག་མིན་དུ་མ་མ་ཡིན་ནོ། །ཀུན་ཏུ་བརྟགས་པའི་བདག་ཉིད་ནི། །ཡང་དག་མིན་ཏེ་ཀུན་རྫོབ་ཡིན། །གཞན་གྱི་དབང་གི་ངོ་བོ་ཉིད། །ཡོངས་སུ་གྲུབ་པ་ཞེས་བྱ་བ། །དོན་དམ་བདེན་པ་ཞེས་བྱ་བའོ། །སྟོང་པ་ཆེན་པོའི་རང་བཞིན་ནི། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །རང་བཞིན་ཅན་ནི་ཀུན་རྫོབ་སྟེ། །དོན་དམ་སྟོང་པ་ཉིད་ཡིན་པས། །རང་བཞིན་རང་བཞིན་མེད་པའོ། །བྱ་བ་དང་ནི་གཉི་ག་རྒྱུད། །ཕྱི་རོལ་སྤྱོད་པའི་བྱ་བ་དག །ཁྲུས་དང་གཙང་སྦྲ་ལ་སོགས་པ། །ཀུན་རྫོབ་ཡིན་ཏེ་དོན་དམ་མིན། །མཚན་མ་དག་ལ་རྟེན་བཅས་ནས། །མཚན་མ་མེད་པ་སྒྲུབ་པ་


DNG025_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ནང་ཉིད་དག་པར་སྦྱོར་བ་ནི། །ཡང་དག་བདེན་པ་ཞེས་བྱའོ། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་ཀུན། །རང་ལ་རང་བཞིན་མེད་པ་སྟེ། །འཁོར་ལོ་བདག་ཉིད་ཐམས་ཅད་དུ། །ཀུན་རྫོབ་ཡིན་ཏེ་འགོག་པ་ཡིན། །དོན་དམ་བདེན་པ་ཞེས་བྱ་བ། །གསང་བ་ཡིན་ཏེ་རང་བཞིན་མེད། །གསང་བའི་ཐིག་ལེ་ཀུན་གྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་དམ་པ་དྲི་མ་མེད། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐམས་ཅད་རང་བཞིན་མེད་པའོ། །ཤིན་ཏུ་རྣལ་འབྱོར་ཆེན་པོ་ནི། །ཏིང་ངེ་འཛིན་དང་སྤྱོད་པ་དང་། །ཐབས་ཀྱི་རིམ་པ་ཀུན་རྫོབ་སྟེ། །ཐེག་པ་ཐེག་པ་ཞེས་བྱའོ། །དོན་དམ་སྟོང་པ་ཉིད་ཡིན་པས། །རང་བཞིན་རང་བཞིན་མེད་པའོ། །ལྷ་དང་ཏིང་འཛིན་སྤྱོད་པ་འགྲེལ། །ལམ་གྱི་ནང་ན་ཉེ་ལམ་སྟེ། །ཐབས་ཀྱི་མཆོག་ཏུ་གྱུར་པས་ན། །རྫོགས་པ་ཆེན་པོ་ཞེས་བྱའོ། །ཕྱི་རོལ་ཡུལ་ལས་ལོག་ནས་ནི། །ཇི་བཞིན་པ་ཡི་ངང་ལ་འཇུག །འདུ་ཤེས་མེད་པའི་ཤེས་པ་ཅན། །ནང་དུ་འདུ་བའི་རྟོག་མེད་སྒོམ། །རྩོལ་བ་མེད་པའི་སེམས་དཔའ་ཡིས། །བཙལ་བ་མེད་པའི་རྡོ་རྗེ་བསྒོམ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། བདེན་པ་གཉིས་སོ་སོར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཤིན་ཏུ་རྣལ་འབྱོར་གྱི་དོན་གསང་བ་བསྡུས་པ་འདི་གསུངས་སོ། །དངོས་པོའི་རང་བཞིན་ཐམས་ཅད་ནི། །ཆོས་ཀྱི་དབྱིངས་ཀྱི་ཐིག་ལེ་སྟེ། །དེ་ཉིད་བསྒྲུབ་པའི་ཐབས་སུ་ནི། །མེ་ཤེལ་གཟུགས་བརྙན་ལ་སོགས་བརྟག །བརྟགས་


DNG025_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པས་དངོས་པོ་མེད་མཐོང་སྟེ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །གཟུགས་དང་སྒྲ་ལ་སོགས་པ་རྣམས། །ཡང་དག་མ་ཡིན་ཀུན་རྟོག་ཡིན། །ཤེས་རབ་ཐབས་ལས་ཐམས་ཅད་འབྱུང་། །གང་ཞིག་དངོས་མེད་ཤེས་རབ་སྟེ། །རང་གི་མཚན་ཉིད་ཐབས་ཡིན་ནོ། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །བདེ་བའི་བསམ་གཏན་ཆེན་པོ་ཡིན། །སྒྱུ་མའི་རོ་ལ་མ་ཆགས་ན། །དེ་ནི་ཆགས་པ་ཆེན་པོ་ཡིན། །སྲོག་དང་མ་བྱིན་ལེན་པ་དང་། །རྫུན་དང་རྩུབ་པའི་ངག་ལ་སོགས། །ཐམས་ཅད་མ་ལུས་སྤྱད་པ་སྟེ། །སྤྱད་ན་ཡེ་ཤེས་ཐོབ་པར་འགྱུར། །སྐུ་གསུང་ཐུགས་སུ་གང་བསྒྲུབས་པས། །ཕྲ་མོའི་ཐིག་ལེ་རྫོགས་པར་བསྒོམ། །དེ་ནས་གྲུབ་པ་མཐོང་མ་ཐག །མ་སྐྱེས་པ་ཡི་ཏིང་འཛིན་བསྒོམ། །དེ་ཡང་རང་བཞིན་མཚན་མ་མེད། །གཉིས་མེད་གཉིས་སུ་མེད་མིན་ཞི། །མི་འགྱུར་བ་དང་དྲི་མ་མེད། །ནམ་མཁའ་ལྟ་བུར་བདག་མེད་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་ཞུགས་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །རིགས་ཀྱི་བུ་གང་ལ་ལས་ཤིན་ཏུ་རྣལ་འབྱོར་གྱི་དོན་འདི་ཐོས་པ་མེད་པའི་ཚུལ་དུ་ཐོས་པ་དང་། མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་ལ་སོགས་པའི་རྟོགས་ཤིག །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དོན་ཟབ་མོ་ཡི་གེ་མེད་པའི་རྒྱུད་ཅེས་བྱའོ། །འདི་ཡི་དོན་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །དངོས་གྲུབ་ཀྱང་བླ་མ་ལ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། ཤིན་ཏུ་རྣལ་འབྱོར་གྱི་དོན་བསྡུས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཆེན་པོ་ལ་འཁོར་རྣམས་ཀྱིས་


DNG025_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་གཅིག་ཏུ་བསྟོད་པ། ཐམས་ཅད་སྐུ་ཡི་བདག་པོ་མཆོག །མཚན་དང་དཔེ་བྱད་རྫོགས་པར་ལྡན། །ཤིན་ཏུ་རྣལ་འབྱོར་དོན་འཆང་བ། །ཐམས་ཅད་སྐུ་ཁྱོད་ཕྱག་འཚལ་ལོ། །ཐམས་ཅད་གསུང་གི་བདག་པོ་མཆོག །ཡི་གེ་མེད་པའི་གསུང་མཆོག་སྟེ། །གསང་བ་ཟབ་མོའི་དོན་འཆང་བ། །ཐམས་ཅད་གསུང་ཁྱོད་ཕྱག་འཚལ་ལོ། །ཐམས་ཅད་ཐུགས་ཀྱི་བདག་པོ་མཆོག །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །རྫོགས་པ་ཆེན་པོའི་དོན་འཆང་བ། །ཐམས་ཅད་ཐུགས་ཁྱོད་ཕྱག་འཚལ་ལོ། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་མཉེས་པར་གྱུར་ཏེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བོས་ནས། ཁྱོད་ཀྱིས་ཤིན་ཏུ་རྣལ་འབྱོར་གྱི་དོན་འདི། བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་འགྲོ་བ་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་ཅིག་ཅེས་གསུངས་པས། ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་དུ་བགྱིའོ། །ཞེས་བརྗོད་དོ། །དེ་ནས་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་དབང་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་ཤིན་ཏུ་རྣལ་འབྱོར་གྱི་དོན་ལ་ཞུགས་ཏེ་མི་སྣང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལས། བདག་པོ་མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་སྟེ། མན་ངག་གི་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ལས།རྫོགས་པའི་ཡང་རྫོགས་པ། ཟབ་མོའི་ཡང་ཟབ་མོ། ཤིན་ཏུ་རྣལ་འབྱོར་གྱི་དོན་མཐར་ཐུག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང་། བོད་ཀྱི་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཅིང་གཏན་ལ་ཕབ་པ། ཕྱིས་སྐད་གསར་བཅད་ཀྱིས་བཅོས་པའོ།། །།

བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། མཐའི་མུན་སེལ་ཆེན་པོ་ཞེས་བྱ་བ།


DNG025_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོད་སྐད་དུ། བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། མཐའི་མུན་སེལ་ཆེན་པོ་ཞེས་བྱ་བ། ནམ་མཁའ་རྣམ་པར་དག་པར་བྱེད་པ། བཅོམ་ལྡན་འདས་འཇམ་དཔལ་འོད་སྲུངས་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་སུ། སངས་རྒྱས་བྱེ་བ་རྣམ་པར་གཟིགས་ཞེས་བྱ་བ། མཐའ་མའི་མུན་སེལ་ཆེན་པོ་རལ་གྲི་ཁ་མངས་ལྟ་བུས། ལྟ་བ་ཡོངས་སུ་གཅོད་པར་བྱེད་པ། སྨྲས་པ་གསང་སྔགས་འབྲས་བུ་ཐེག་པ་བླ་ན་མེད་པ་འདི་ལ། སྤྱི་དོན་ལྔས་བསྟན་ཏེ། ལེའུ་དང་པོ་རང་བཞིན་རྣམ་པར་དག་པའི་སྐུ། མི་གནས་པའི་ཡེ་ཤེས་ཆེན་པོ་བསྟན་པ་དང་། ལེའུ་གཉིས་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་རང་ཤར་བར་བསྟན་པ་དང་། ལེའུ་གསུམ་པ་རྡོ་རྗེ་སེམས་དཔའ་རྟོགས་པ་མངོན་དུ་གྱུར་པར་བསྟན་པ་དང་། ལེའུ་བཞི་པ་བྱང་ཆུབ་སེམས་དཔའ་རྗེས་སུ་འཇུག་པ་བསྟན་པ་དང་། ལེའུ་ལྔ་པ་སངས་རྒྱས་ཀྱི་ཆེ་བ་བསྟན་པའོ། །སེམས་ཅན་མེད་པའི་སྔོན་རོལ་ན། །འབྱུང་བ་ཆེན་པོ་ཡེ་ནས་འཕགས། །འབྱུང་བ་ཆེན་པོའི་སྔོན་རོལ་ན། །ནམ་མཁའ་ཆེན་པོ་ཡེ་ནས་འཕགས། །ནམ་མཁའ་ཆེན་པོའི་སྔོན་རོལ་ན། །ཆོས་ཉིད་རྣམ་དག་ཀློང་ཡངས་ནས། །ཆེན་པོ་ལྔ་ཉིད་རྣམ་པར་དག །ཆེན་པོ་ལྔ་ཡི་སྙིང་པོ་རུ། །ང་ཉིད་གཅིག་པུ་མངོན་དུ་བྱུང་། །ང་མེད་ང་ནི་མ་རིག་པ་ཡི་ཀློང་། །ཀུན་ཏུ་བཟང་པོ་གཙོ་བོ་སྟེ། །མི་འབྱེད་དཔྱོད་པའི་ཤེས་རབ་ང་། །མི་གནས་མྱ་ངན་འདས་པའོ། །བདག་མེད་ཕྱོགས་བྲལ་མི་གནས་ཡེ་ཤེས་སྐུ། །སྒྱུ་མ་ལྟ་བུའི་འོད་ཅེས་བྱ་སྟེ། འདུས་མ་བྱས་པས་ནམ་མཁའ་ལྟ་བུ་ཐོས་བཞིན་དུ་མི་གནས་པ་རྩོལ་བ་མེད་པར་གྲུབ་པ། རྣོ་བ་མྱུར་བ་གསེར་གྱི་ཐུར་མ་ལྟ་བུ། གསལ་བ་མི་གཡོ་བ་མར་མེ་ལྟ་བུའོ། །ཡིད་བཞིན་དུ་མི་འཇིགས་པ་འདམ་ལྟ་


DNG025_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བུ། ཡུལ་མ་འགགས་པ། མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །ཞེས་བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་མཐའི་མུན་སེལ་གྱི་རྒྱུད་ལས། རང་བཞིན་རྣམ་པར་དག་པའི་སྐུ་མི་གནས་པའི་ཡེ་ཤེས་ཆེན་པོ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ཞུས་པ། ཨེ་མ་ཧོ་རང་བྱུང་བཅོམ་ལྡན་འདས་ནམ་མཁའི་མཐོངས་ནས་གསལ་བའི་ཉི་མ་ཤར་ནས། འཛམ་བུ་གླིང་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས་པ། དབྱེར་མེད་རྣམ་དག་དབྱིངས་ཀྱི་ཞིང་ཁམས་ནས། །རང་བྱུང་ཡེ་ཤེས་འགག་མེད་འོད་དུ་ཤར། །སྐུ་གཉིས་མི་སྣང་གཟུགས་སྐུའི་འོད་གསལ་བ། །དཔག་མེད་སྙིང་པོ་སྐུ་ལྔ་ཡ་མ་བརླ། །ཆོས་སྐུ་རྩལ་མ་འགགས་པས་ཅིར་ཡང་ས་ལེར་མཁྱེན། །གཞན་གྱིས་མ་བྱས་རང་བྱུང་བཅོམ་ལྡན་འདས། །ཞེས་བྱའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་རང་བྱུང་གི་རིག་པ་ལས་བྱུང་ཞིང་། རང་རིག་པ་ཤེས་པས་རང་རིག་པའི་ཡེ་ཤེས་ཞེས་བྱའོ། །རང་བྱུང་ཡེ་ཤེས་ཞེས་བྱ་བའི་དོན་ནི། བདེ་གཤེགས་རྒྱལ་བའི་དགོངས་པ་མཐར་ཕྱིན་པས། །རང་བྱུང་ཡེ་ཤེས་མི་རྟོག་ཆོས་ཀྱི་སྐུ། །བྱ་བྲལ་ལྷུན་རྫོགས་བདེ་བའི་ཡུལ་ལ་གནས། །མ་བཅོས་ཆོས་སྐུ་བྱང་ཆུབ་སེམས། །སྣང་མེད་བརྗོད་བྲལ་སྨྲ་བསམ་ཡུལ་ལས་འདས། །སྐྱེ་མེད་དབྱིངས་ནས་སྐྱེ་བའི་སྐུར་བསྟན་པ། །རང་བྱུང་ཡེ་ཤེས་བདག་མེད་སྙིང་པོའི་སྐུ། །རྒྱུ་དང་རྐྱེན་གྱིས་མི་གནས་མྱ་ངན་འདས། །སྙིང་པོ་ལྷུན་གྲུབ་ཤེས་རབ་རང་བྱུང་སྐུ། །ཡེ་ཤེས་ཚོགས་རྫོགས་སྤྲུལ་སྐུའི་མཐར་ཕྱིན་པ། །མཁའ་ལ་གཞའ་ཚོན་འདྲ་སྟེ་རང་བཞིན་རྣམ་པར་དག །མ་བཅོས་འགག་མེད་རིག་པའི་ཡེ་ཤེས་གསལ། །ཤེས་རབ་མཐར་ཕྱིན་ཐ་སྙད་རྣམ་པར་དག །རིག་པའི་ཁུ་བྱུག་གསུང་གི་སྒྲ་སྒྲོགས་པ། །རང་བྱུང་མ་འགགས་ཕྱོགས་བཅུར་འཕྲོ། །ཐབས་མཁས་ཐུགས་རྗེའི་སྟོབས་ཀྱི་མཁྱེན་མངའ་བ། །རྡོ་རྗེ་


DNG025_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རང་བྱུང་དབྱིངས་ཀྱི་ཕོ་བྲང་གཞལ་ཡས་ན། །ཐུགས་རྗེའི་སྤྲུལ་སྐུ་སངས་རྒྱས་རྣམ་པ་ལྔ། །བྱམས་པའི་ཆོས་སྟོན་སངས་རྒྱས་རྣམ་པ་བཞི། །རང་བཞིན་ལྷུན་གྱིས་གྲུབ་པ་སྟེ། །འགྲོ་བ་རྣམས་ལ་སྤྲུལ་སྐུར་འཐོན། །ཐུགས་ཀྱི་དཔལ་བེའུ་ཡིད་བཞིན་ཟུར་བརྒྱད་ནས། །སངས་རྒྱས་བྱམས་པ་མི་མཉམ་མགོན་པོ་རང་བྱུང་སྐུ། །དབུ་ཡི་གཙུག་ཏོར་འཁོར་ལོ་རྩིབས་བརྒྱད་ནས། །སངས་རྒྱས་འཇམ་དཔལ་དྲི་མེད་སྙིང་པོ་རང་བྱུང་སྐུ། །མཛོད་སྤུའི་བུ་ག་ཡེ་ཤེས་གསང་ལམ་ནས། །སངས་རྒྱས་བདེ་ལྡན་མགོན་པོ་སྤྱན་གཟིགས་རང་བྱུང་སྐུ། །ཤངས་ཀྱི་རླུང་སྒྲོམ་གསུང་གི་བརྡའ་སྒོ་ནས། །སངས་རྒྱས་ཕྱག་ན་རྡོ་རྗེ་རང་བྱུང་སྐུ། །ལྗགས་ཀྱི་པད་མོ་འདབ་བརྒྱད་གེ་སར་ནས། །སངས་རྒྱས་བྱེ་བ་རྣམ་གཟིགས་མཁྱེན་པ་རང་བྱུང་སྐུ། །ཕྱག་གཡས་འཁོར་ལོ་རིན་ཆེན་ཟུར་བརྒྱད་ནས། །སངས་རྒྱས་གཙུག་ཏོར་དྲི་མེད་རང་སངས་རྒྱས། །ཕྱག་གཡོན་པདྨ་འདབ་བརྒྱད་གེ་སར་ནས། །སངས་རྒྱས་བྱམས་པ་ཀུན་གཟིགས་རང་བྱུང་སྐུ། །ཞབས་གཡས་རྡོ་རྗེ་རྒྱ་གྲམ་གདན་སྟེང་ནས། །སངས་རྒྱས་ཀུན་ཏུ་བཟང་པོ་རང་བྱུང་སྐུ། །ཞབས་གཡོན་ཨུཏྤལ་གདམས་པའི་གདན་སྟེང་ནས། །འཕགས་པ་ཀུན་ཏུ་བཟང་པོ་རང་བྱུང་སྐུ། །རྟོགས་པའི་ཡེ་ཤེས་ཆོས་ལ་དབང་བསྐུར་བས། །རང་བྱུང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཡིན། །སྡོང་པོ་ཡལ་ག་མེ་ཏོག་འབྲས་བུའི་ཚུལ། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ཐུགས་རྗེ་སྤྲུལ་སྐུ་ཤེས་རབ་རང་བྱུང་སྐུ། །བྱམས་པའི་ཆོས་སྟོན་གང་ཡང་ཅིས་འདུལ་བ། །མོས་པ་རྒྱན་གྱི་དཀྱིལ་འཁོར་ཆེན་པོ་ཡིན། །བདག་ཉིད་ཆེན་པོ་རྡོ་རྗེ་སེམས་དཔའི་སྐུ། །སྐུ་གཅིག་ཀུན་ཏུ་ཁྱབ་པས་ཉག་གཅིག་ཀུན་ཏུ་གྲགས། །ཞེས་རྡོ་རྗེ་སེམས་དཔའ་ལ་ཐུགས་རྗེ་རང་བྱུང་དུ་ཤར་བར་བསྟན་པའོ། །ཞེས་བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་མཐའི་


DNG025_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མུན་སེལ་གྱི་རྒྱུད་ལས། རང་བྱུང་གི་ཡེ་ཤེས་ཤར་བའི་ལེའུ་སྟེ་གཉིས་པའོ།། །།མངོན་དུ་རྟོགས་པའི་སངས་རྒྱས་རང་བྱུང་གི་ཡེ་ཤེས། ཡེ་ཤེས་ཆེན་པོ་ལ་ཕྱག་འཚལ་ལོ། །དངོས་དག་དངོས་མེད་རང་བྱུང་བདེ་བ་ཆེན་པོ་འདི། །སྐྱེ་བ་མེད་པས་སྐྱེ་སྣང་ཚུལ། །སྐྱེ་སྣང་ཉིད་ནི་སྐྱེ་འགག་མེད། །འགག་མེད་རྣམ་དག་ཡེ་ཤེས་སྐུ། །དང་པོར་སྐྱེ་བར་བྱེད་པའི་གཞི། །དངོས་མེད་མི་གནས་མྱ་ངན་འདས། །སངས་རྒྱས་ཀུན་གྱི་མྱ་ངན་འདས། །སངས་རྒྱས་ཀུན་གྱི་འབྱུང་གནས་ཏེ། །རང་བྱུང་ཡེ་ཤེས་རྟོག་མེད་གསལ། །གཟུགས་སུ་མཉམ་པ་མ་འདྲེས་པས། །ནམ་མཁའི་རི་མོའི་ཚུལ་དུ་སྣང་། །སྣང་མེད་ཡེ་ཤེས་གསལ་བ་སྟེ། །བརྗོད་མེད་སྤྲོས་བྲལ་ཀློང་དུ་ཤར། །རྒྱུ་རྐྱེན་རྟོག་མེད་ཡེ་ཤེས་གསལ། །དེ་ལས་འཁྲུལ་པའི་རྐྱེན་བཞི་ཤར། །མ་རིག་བདག་ཏུ་རྟོག་པའི་བློས། །ནམ་མཁའ་སྤྲིན་གྱི་ཚུལ་བཞིན་དུ། །ཐུན་མོང་འཁྲུལ་པའི་སྣང་བ་ཤར། །སྐྱེ་བ་མེད་ལས་བཞིར་སྣང་ཚུལ། །རང་བྱུང་ཡེ་ཤེས་བདག་མེད་སྐུ། །ཉི་མའི་སྙིང་པོ་བཞིན་དུ་གསལ། །པདྨ་ཁ་འབུའི་ཚུལ་བཞིན་དུ། །རང་བྱུང་ཡེ་ཤེས་རང་གསལ་བས། །ཐོག་མའི་སངས་རྒྱས་ཉག་གཅིག་སྐུ། །རྡོ་རྗེ་སེམས་དཔའ་སྐུ་གསུམ་རྫོགས། །ཨུ་དུམ་ཝཱ་རའི་མེ་ཏོག་ལས། །སྙིང་པོ་རང་བྱུང་གཟུགས་སྐུར་ཤར། །ཆོས་ཉིད་དག་པའི་སྣང་བ་ལ། །རང་བྱུང་གཟུགས་སྐུའི་འོད་གསལ་བ། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །སྐད་ཅིག་དེ་ལས་མངོན་སངས་རྒྱས། །མཐོང་མ་མྱོང་བའི་ཡུལ་མཐོང་བས། །ཆོས་ཉིད་མ་དང་ཕྲད་པ་ཡིན། །ལེན་མ་མྱོང་བའི་ལུས་བླངས་པས། །ཡེ་ཤེས་རང་ས་ཟིན་པ་ཡིན། །ཤེས་མ་མྱོང་བའི་གཏམ་ཤེས་པས། །རང་དབང་མངོན་དུ་གྱུར་པ་ཡིན། །སྒྱུ་ལུས་སྒྱུ་མའི་སྐུ་ལ་ཐིམ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །


DNG025_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ། །མི་གནས་ཡེ་ཤེས་བདག་མེད་མྱ་ངན་འདས། །འབྲས་བུ་སྐུ་གཉིས་མི་སྣང་མཐར་ཕྱིན་སྐུ། །རྟོག་འཛིན་ཆོས་ལ་མི་གནས་མྱ་ངན་འདས། །རྣམ་གྲོལ་ཟག་མེད་ཐམས་ཅད་དབྱེར་མེད་ཐིམ། །འདུ་འབྲལ་མེད་པའི་མཁའ་ཀློང་དག་པ་ནས། །བདག་མེད་ཆེན་པོ་མི་འགྱུར་མི་བྲལ་བས། །བདེ་བ་ཆེན་པོ་འདུ་འབྲལ་མེད་པའི་སྐུ། །སྐུ་གསུམ་ཡོན་ཏན་མཐར་ཕྱིན་དབྱེར་མེད་རང་བཞིན་རྫོགས། །གཅིག་པུ་ལྷུན་གྲུབ་གཉིས་མེད་མཐའ་ལས་འདས། །ཞེས་གསུངས་སོ། །ཀྱེ་རྡོ་རྗེ་སེམས་དཔའ་ཉོན་ཅིག །ངས་མ་འོངས་པའི་སྔོན་རོལ་ནས། གཞི་སྣང་ཆེན་པོར་དེ་ལྟར་གནས་སོ། །རང་བྱུང་དུ་བྱུང་བའི་དུས་སུ་དེ་ལྟར་ངས་ཤེས་སོ། །མྱ་ངན་ལས་འདས་པའི་འོག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ལ་དེ་ལྟར་སྣང་གིས། རིགས་ཀྱི་བུ་དེ་བཞིན་དུ་དེ་ལྟར་བྱོས་ཤིག །ཅེས་གདམས་ནས། དབུའི་ཐོར་གཙུག་དང་། མཛོད་སྤུའི་བུ་ག་དང་། ཤངས་ཀྱི་རླུང་སྒྲོམ་དང་། ལྗགས་ཀྱི་པད་མོ་དང་།ཐུགས་ཀྱི་དཔལ་བེའུ་དང་། ཕྱག་དང་ཞབས་ཀྱི་མཐིལ་རྣམས་དང་། བ་སྤུའི་བུ་ག་ནས། འོད་ཟེར་བྱེ་བ་དྲུག་སྟོང་བྱུང་ནས། དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་འཐོན་ཏེ། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་བཀའ་སྩལ་ནས། རི་མེ་རི་འབར་བའི་རྩེ་མོ་ལ་ལྷ་མོ་འོད་ཟེར་ཅན་གྱི་ཀློང་དུ་མྱ་ངན་ལས་འདས་སོ། །དེ་དང་གཉིས་སུ་མེད་པར་སངས་རྒྱས་སོ། །ཞེས་བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་མཐའི་མུན་སེལ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་སྔོན་དུ་གྱུར་པའི་རྟོགས་པའི་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་ཆེན་པོས། ཀྱེ་ཀྱེ།མཁྱེན་རབ་ཀྱི་བདག་པོ། དེ་ལྟར་མཁྱེན་པ་མངའ་བ། མཁྱེན་པ་གཟིགས་པ།མཁྱེན་པ་ཐབས་དང་ལྡན་པ། མཁྱེན་རབ་ཀྱི་བདག་


DNG025_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཇམ་དཔལ་གཞོན་ནུ་འོད་སྲུངས་ལ་ཕྱག་འཚལ་ལོ། །ཀྱེ་ཐུགས་རྗེ་ཆེན་པོ་བདག་གིས་སེམས་ཅན་གྱི་དོན་དུ། རྟོགས་པ་མངོན་དུ་གྱུར་པར་བྱ་བའི་ཐབས་བསྟན་དུ་གསོལ། ཅེས་ཞུས་སོ། །ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་། སྙིང་པོ་བྱང་ཆུབ་ལ་མངོན་པར་ཞུགས་པར་གནས་སོ། །ཤེས་ཀྱང་གཞི་ཕྱི་མོ་རང་བཞིན་རྣམ་པར་དག་པ་མན་ཤེལ་གྱི་སྐུ་ལྟ་བུ། སྣ་ཚོགས་ཕྱོགས་འཛིན་མེད་པ་རང་གནས་པ། ཆོས་ཐམས་ཅད་ཀྱི་མཐའ་ལ་གནས་པ།རང་བཞིན་རྟོག་མེད་གསལ་བ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཤེས་བཞིན་དུ་མི་གནས་པ། ཡུལ་ལས་འདས་པ། ཡུལ་མེད་པའི་ཡུལ་སྐུ་ལས་འདས་པ།སྐུ་མེད་པའི་སྐུ། གྲངས་ལས་འདས་པ། གྲངས་མེད་པའི་གྲངས་ཤེས་རབ་ལས་འདས་པ། ཤེས་རབ་མེད་པའི་ཤེས་རབ། ཡེ་ཤེས་ཁྱབ་གདལ་ཆེན་པོ་སྐུ་རུ་མེད་པའི་ཆོས་ཉིད། དངོས་མེད་བྱང་ཆུབ་ཆེན་པོ་རང་རིག་བྱང་ཆུབ་སྙིང་པོའི་ཚོགས། མཚོན་པ་མྱ་ངན་ལས་འདས་པ། མཚོན་དུ་མེད་དོ། །ཞེས་པའི་ཚིག་གིས་མཚོན་ཏེ། མཚོན་བྱེད་ཆོས་སུ་བཞག་ནས། སྙིང་པོ་བྱང་ཆུབ་ལ་མངོན་པར་ཞུགས་པར་གནས་སོ། །དེ་ཡང་མཚོན་བྱེད་ཀྱི་རྟོགས་པས་ཤེས་བྱ་ལས་བཞག་ནས། དེའི་སྐུ་མངོན་པར་བསྟན་པའི་དུས་སུ། རྟོགས་པའི་དོན་མངོན་སུམ་དུ་གཏན་ལ་ཕབ་ནས། ཤེས་བྱ་ལ་ཉམས་པ་མེད་པའི་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔས་དོན་ངེས་པ་རྙེད་ནས། བཅོམ་ལྡན་འདས་ཀྱི་ཞལ་མངོན་སུམ་གཟིགས་ཏེ། མཛད་པ་མཁྱེན་ནས་རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོ་དང་། གཉིས་སུ་མེད་པར་མྱ་ངན་འདས་སོ། །ཞེས་བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་མཐའི་མུན་སེལ་གྱི་རྒྱུད་ལས།རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་རྟོགས་པ་མངོན་དུ་གྱུར་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།


DNG025_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ཞུས་པ། བཅོམ་ལྡན་འདས་མི་མཉམ་མགོན་པོས་སངས་རྒྱས་དང་སྐུ་མི་མཉམ་པས། སྐུའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང་། གསུང་མི་མཉམ་པས་གསུང་གི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང་། ཐུགས་མི་མཉམ་པས་ཐུགས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཉིད་མི་མཉམ་པས་ཆོས་སྤྱི་ཐམས་ཅད་ལས་གྲོལ་བར་བསྟན་པ་དང་། སྟོབས་མི་མཉམ་པས་རྟོགས་པ་སྐད་ཅིག་མ་ལ་ཡེ་ཤེས་མཐར་ཕྱིན་པའོ། །ཞེས་ཞུས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཞུ་བ་ཞུས་པ་དེ་ལེགས་སོ། །ཤེས་རབ་ཀྱི་མཐའ་ཆོད་པར་རྟོགས་པའི་མཐའ་མི་ཆོད་དོ། །ཤེས་རབ་ལ་ཉམ་ང་བ་དང་བག་ཚ་བ་མེད་ན། འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་སྐྱེ་བ་ལ་རག་མ་ལུས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཐུགས་རྗེ་སྤྲུལ་པའི་སྐུ་ལྔ་ཤར་བའི་དུས་སུ། རང་བྱུང་གི་ཡེ་ཤེས་ཆེན་པོ་ལྔ་ཞེས་བྱ་སྟེ།སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ཞེས་གྲགས་པས། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་ཐུགས་རྗེ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱར་འབྱུང་བར་འགྱུར་ཏེ། རྫུ་འཕྲུལ་གྱི་སྟོབས་ཁྱད་པར་ཅན་གཞན་ལས་འཕགས་པས། འཕགས་པ་ནམ་མཁའི་སྙིང་པོ་ཞེས་གྲགས་ཏེ་ཆེ་བའོ། །ཨ་ཏི་ཡོ་ག་རྫོགས་པ་ཆེན་པོས་ཆོས་ཐམས་ཅད་ཟིལ་གྱིས་མནན་ཅིང་། བདུད་དང་མུ་སྟེགས་ཐམས་ཅད་དབང་དུ་བསྡུས་པས། འཕགས་པ་གཙུག་ཏོར་ཅན་དྲི་མ་མེད་པ་ཞེས་གྲགས་སོ། །སངས་རྒྱས་ཀྱི་ཆེ་བའོ། །འཁོར་བ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ།བཟང་ངན་དང་ཡིན་མིན་མི་འབྱེད་ཅིང་། དོན་མཉམ་པ་ཆེན་པོར་ལ་བཟླ་བའི་དུས་སུ། འཕགས་པ་ཀུན་ཏུ་བཟང་པོ་ཞེས་གྲགས་ཏེ་ཆེ་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཚད་མེད་པ་བཞི་དང་། ཕྲིན་ལས་རྣམ་པ་བཞིའི་སྒོ་ནས། ཇི་ལྟར་འཚམས་པའི་དོན་བྱེད་
ནུས་པའི་སངས་རྒྱས་བྱམས་པ་བཞི་བྱུང་བས། བྱང་ཆུབ་སེམས་དཔའ་བྱམས་པ་ཀུན་གཟིགས་ཞེས་གྲགས་ཏེ་ཆེ་བའོ། །ཞེས་བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་མཐའི་མུན་སེལ་གྱི་རྒྱུད་ལས། འབྲས་བུ་བླ་ན་མེད་པའི་ཐེག་པ་བསྟན་པའི་ནང་ནས། རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོ་དང་། སྤྲུལ་པའི་སངས་རྒྱས་རེ་རེས་མཛད་པས། སོ་སོའི་དོན་བསྟན་ཚུལ་གྱི་ལེའུ་སྟེ་ལྔ་པའོ།། །།རྨ་བྱ་མཇིང་བསྣོལ་མཐའི་མུན་སེལ་ཅེས་བྱ་བ་རྫོགས་སོ།། །།

ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད།


DNG025_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྲྀཥྚ་སརྦ་རཱ་ཛ་ས་མན་ཏ་བྷ་དྲ་ཨད་མ་བྷུར་པ་ཏནྟྲ། བོད་སྐད་དུ། ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ། །འདི་སྐད་གོ་ཞིང་རྟོགས་ནས་ཤེས་པའི་དུས་གཅིག་ན། སངས་རྒྱས་དང་སེམས་ཅན་དང་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ཆེ་བའི་འཁོར་དུ་སངས་མ་རྒྱས་པ་མེད་པ་ལ། དེ་ནས་ཐམས་ཅད་ཉིད་ལས་མི་གཞན་པའི་ཀུན་ཏུ་བཟང་པོའི་འཁོར་དུ་གྱུར་པས་འདི་སྐད་དུ་ཉིད་ལ་གླེང་བསླང་ངོ་། །དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་སེམས་ཀུན་ཏུ་བཟང་པོ་ལ་ཞུགས་ནས་ཆོས་ཉིད་ཀུན་ཏུ་བཟང་པོ་ལ་ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་འདི་བཀའ་སྩལ་ཏོ། །རྣལ་འབྱོར་གང་ཞིག་རྟོགས་འདོད་པས། །ཀུན་ཏུ་བཟང་པོའི་རྒྱུད་འདི་ཉོན། །འདི་དག་ཤེས་པར་སུ་འདོད་པ། །ངེས་པར་ལུང་འདི་བསྟན་པར་བྱའོ། །དེ་ནས་ཡང་དེ་ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱིས་གསོལ་པ། ཆོས་རྣམས་སེམས་ཀྱི་སྤྱོད་ཡུལ་ལས། །ཐམས་ཅད་སངས་རྒྱས་ཉིད་དུ་བསྟན། །ཀུན་ཏུ་བཟང་པོའི་རང་བཞིན་ལས། །རྣལ་འབྱོར་ཀུན་གྱི་དབང་ཕྱུག་ཆེ། །གསང་བའི་གསང་ཆེན་ངེས་པའི་དོན། །ཉིད་ཀྱི་ཐུགས་ལས་ཕྱུང་བ་འདི། །སྣོད་ལྡན་རྣམས་ལ་བསྟན་དུ་གསོལ། །དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་


DNG025_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། འཇིགས་པ་ལ་ཡ་ང་བའི་ཆོས་སྡུག་བསྔལ་སྣ་ཚོགས་ཀྱིས་ཁ་བརྒྱུད་ནས་ཉམ་ཐག་པ་ཉིད། དགའ་སྐྱིད་ཆེན་པོ་མྱ་ངན་ལས་འདས་པའི་ཆོས་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་སྟེ་འགྱུར་བ་མེད་པའི་ཕྱིར། ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་འདྲིལ་བའི་དོན། ཀུན་ཏུ་བཟང་པོ་རྣམ་ལྔ་དང་། ཆེ་བ་བཅུ་དྲུག་དང་། རང་གནས་ཆེན་པོ་དགུར་བཀའ་སྩལ་ཏོ། །དེ་ལ་ཀུན་ཏུ་བཟང་པོ་མན་ངག་གི་རྒྱུད་འདི་རྟོགས་པར་འདོད་པ་རྣམས་ཀྱིས། ངེས་པར་ཀུན་ཏུ་བཟང་པོ་ལྔ་པོ་འདི་ཡིད་ལ་ཟུང་ཞིག །དེ་ལ་ཀུན་ཏུ་བཟང་པོ་ལྔ་གང་ཞེ་ན།ལྟ་བ་ཀུན་ཏུ་བཟང་པོ་དང་། སྤྱོད་པ་ཀུན་ཏུ་བཟང་པོ་དང་། ཕྲིན་ལས་ཀུན་ཏུ་བཟང་པོ་དང་། དམ་ཚིག་ཀུན་ཏུ་བཟང་པོ་དང་། རང་བཞིན་ཀུན་ཏུ་བཟང་པོ་དང་ལྔའོ། །དེ་ལ་ལྟ་བ་ཀུན་ཏུ་བཟང་པོ་འདི་བཀའ་སྩལ་ཏོ། །ཐམས་ཅད་ཀུན་ཏུ་བཟང་པོ་ལ། །འཁོར་བའི་ཆོས་དང་མྱ་ངན་འདས། །རྣམ་རྟོག་ཉིད་ཀྱང་ཡེ་ཤེས་པས། །ལོག་རྟོག་ཞེ་སྡང་ག་ལ་ཡོད། །ཕྱོགས་རིས་མེད་པ་ཆོས་ཉིད་ཀློང་། །ཕྱི་ནང་གཉིས་མེད་ཡེ་ཤེས་ངང་། །བཟང་ངན་ཆེ་ཆུང་མེད་པར་མཉམ། །སྐྱེ་ཤི་འགྱུར་མེད་བྱང་ཆུབ་སེམས། །འཁོར་བའི་ལོག་རྟོག་མཚན་མའི་ཆོས། །མཁའ་ལ་འཇའ་ཚོན་སྣང་བཞིན་འདས། །ཨ་ཨ་རྒོད་རེ་བྲོ། གཉིས་སུ་འཛིན་པས་གོལ་བས་ན། །དབྱེར་མེད་མཉམ་པ་ཉིད་དུ་གསུངས། །ཆོས་རྣམས་ཐམས་ཅད་ཐོག་མ་ནས། །རྒྱུ་དང་རྐྱེན་གྱིས་མ་བཙལ་ཏེ། །ཡེ་ནས་ལྷུན་གྱིས་གྲུབ་པ་ལ། །བཙལ་ཞིང་བསྒྲུབ་པར་བྱ་བ་མེད། །རང་བཞིན་ཡོངས་ཀྱིས་དག་པ་ལ། །འཁོར་བ་བཙལ་ཡང་མི་རྙེད་པས། །མ་བཅོས་ཡེ་ནས་དག་པ་ལ། །མ་བཙལ་གནས་པས་སངས་རྒྱས་ཡིན། །ཀུན་ཏུ་བཟང་པོའི་རང་བཞིན་ལ། །རྒྱུ་དང་འབྲས་བུར་བརྟགས་པས་གོལ། །ཡེ་ནས་གཉིས་མེད་


DNG025_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལ། །དོན་དེ་གཉིས་ནི་བཙལ་དུ་མེད། །སངས་རྒྱས་སེམས་ཅན་ལ་སོགས་པ། །ཐམས་ཅད་སེམས་ལས་གཞན་མ་ཡིན། །བདེ་ཆེན་ཉིད་ཡིན་བཅོས་སུ་མེད། །མ་བཙལ་མ་བསྒྲུབས་ཡེ་ནས་དག །རྒྱུ་ཉིད་དག་པའི་སངས་རྒྱས་ལ། །སྐྱེ་ཤི་མེད་པ་སུས་ཤེས་པ། །ལྟ་བ་ཀུན་ཏུ་བཟང་པོ་ཡིན། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། ལྟ་བ་ཀུན་ཏུ་བཟང་པོའི་ལེའུ་སྟེ་དང་པོའོ།། །།དེ་ནས་སྤྱོད་པ་ཀུན་ཏུ་བཟང་པོ་འདི་གསུངས་སོ། །བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །ཕྱི་དང་ནང་དུ་བཟུང་བས་ནོར། །རྒྱུ་དང་འབྲས་བུར་བརྟགས་པས་འཁོར། །ལོངས་སྤྱོད་ཐར་པ་བདེ་བ་མེད། །ཆགས་དང་མ་ཆགས་ལ་སོགས་པ། །བདེ་དང་སྡུག་བསྔལ་གཉིས་མེད་པས། །གཅིག་སྟེ་ཕྱོགས་རིས་མེད་པ་ལ། །དེ་བཞིན་གང་སྤྱོད་བདེ་བ་ཆེ། །མཚན་ཉིད་འདུ་བྱེད་ཕྱོགས་ཆ་ལ། །ཡོད་མེད་ཆགས་པས་འཆིང་བའི་རྒྱུ། །བྱར་མེད་ལྷུན་རྫོགས་འབྲས་བུ་ཉིད། །གོ་བའི་ངང་ལས་བདེ་བ་ཆེ། །འཇིག་རྟེན་འཁོར་བའི་ཆོས་ཅན་ལ། །རྟག་ཆད་མཚན་མར་བརྟགས་པས་ནོར། །དེ་ཉིད་བདག་མེད་གཞན་མེད་པར། །གཉིས་མེད་སྤྱད་པས་བདེ་བ་ཆེ། །དགེ་དང་མི་དགེ་ལས་རྣམས་ཀུན། །མ་ཆགས་གཉིས་མེད་ཐབས་ཀྱིས་སྤྱོད། །གང་ལ་རོལ་པས་ཡོན་ཏན་སྣང་། །རྒྱུ་རྐྱེན་རྟེན་འདྲེལ་ལྟོས་པ་ཡིན། །འདོད་སྤྱོད་ཡོན་ཏན་རྣམ་པ་ལྔ། །ཐབས་དང་ཤེས་རབ་ལ་སོགས་ཀྱང་། །སྤྱད་ན་སྐྱེ་མེད་རྟོགས་པ་གསལ། །མ་སྤྱད་ན་ཡང་ཉེས་མེད་རྫོགས། །ཡོད་མེད་རྟག་ཆད་ཐམས་ཅད་ནི། །མ་སྐྱེས་རང་བཞིན་ངང་ལ་མེད། །བདེ་དང་སྡུག་བསྔལ་གཉིས་འཛིན་པ། །ཐ་དད་མེད་དེ་བྱང་ཆུབ་སེམས། །མྱ་ངན་འདས་དང་འཁོར་བའི་ཆོས། །སྐྱོན་དང་ཡོན་ཏན་ཐམས་ཅད་ནི། །བཅིང་གྲོལ་མེད་པར་གང་སྤྱོད་པ། །སྤྱོད་པ་ཀུན་ཏུ་བཟང་པོའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། སྤྱོད་པ་ཀུན་


DNG025_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་པོའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཕྲིན་ལས་ཀུན་ཏུ་བཟང་པོ་འདི་གསུངས་སོ། །ཀུན་རྫོབ་དངོས་པོར་སྣང་བ་ཡིན། །སྣོད་བཅུད་རྫས་སུ་སྣང་བ་ཀུན། །ཆོས་ཉིད་མ་སྐྱེས་རང་བཞིན་ལ། །མིང་དང་ཚིག་ཏུ་བརྟགས་པས་འགལ། །ཅིར་སྣང་ཀུན་ཏུ་བཟང་པོ་ལ། །དེ་གཉིས་སེམས་སུ་རོལ་པ་ཡིས། །ཇི་ལྟར་མཛེས་པ་འགལ་བ་མེད། །ཕྲིན་ལས་བྱ་བཙལ་མེད་པའོ། །དགེ་བ་དང་ནི་སྡིག་པའི་ལས། །ལས་ཀྱི་བྱེ་བྲག་ཐམས་ཅད་ལ། །སེམས་ཡིན་གཉིས་མེད་ལྷུན་གྲུབ་པས། །བྱང་ཆུབ་སེམས་ཀྱི་ཕྲིན་ལས་པ། །རྟོག་དང་མི་རྟོག་ལས་འདས་པ། །སངས་རྒྱས་མཛད་དང་ཁྱད་པར་ཆེ། །ཅིར་ཡང་མེད་ལ་ཅིར་སྤྱོད་པ། །བདེ་བ་ཆེན་པོའི་མཛད་སྤྱོད་ཡིན། །ཀུན་གཞི་མ་བྱུང་མ་སྐྱེས་པ། །སྦྱོར་སྒྲོལ་ལ་སོགས་ཅིར་སྤྱད་པ། །གང་ཡང་སྤང་ལེན་མེད་པ་ནི། །བླང་དོར་མེད་པས་ཕྲིན་ལས་བཟང་། །ཕྲིན་ལས་ཀུན་ཏུ་བཟང་པོ་ཡིན། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། ཕྲིན་ལས་ཀུན་ཏུ་བཟང་པོའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དམ་ཚིག་ཀུན་ཏུ་བཟང་པོ་འདི་བཀའ་སྩལ་ཏོ། །ང་དང་བདག་དང་ཕྱོགས་དང་རིས། །མི་མཐུན་སྐྱོན་གྱི་བྱེ་བྲག་ཀྱང་། །ཀུན་ཏུ་བཟང་པོར་དབྱེར་མེད་པ། །ལེགས་ཉེས་རྟོག་པས་བསྲུང་དུ་མེད། །མཐའ་དབུས་མེད་པའི་ཀློང་བརྡལ་བས། །ཆོས་ཉིད་ཀུན་ཏུ་བཟང་པོ་ལ། །མཉམ་པའི་ཀློང་ལས་འགྱུར་བ་མེད། །འཐབ་རྩོད་མ་བསྐྱེད་འཆལ་པ་ཡིན། །ཆགས་པའི་བདེ་དང་ཉོན་མོངས་དགྲ། །གཉིས་སུ་མེད་དེ་རང་གི་སེམས། །སེམས་ཀྱིས་སེམས་ལ་དགྲར་མེད་ལ། །བདག་ཉིད་སངས་རྒྱས་གཅིག་པུ་ཁྱོད། །བདེན་པའི་ལྷ་དང་བར་གཅོད་བདུད། །གཉིས་སུ་མེད་དེ་རྟོག་ལས་འདས། །རིས་སུ་བཙལ་ཡང་མི་རྙེད་པས། །ལྷུན་གྱིས་གྲུབ་པའི་དམ་ཚིག་ཡིན། །ཀུན་ཏུ་བཟང་པོ་བྱང་ཆུབ་སེམས། །མི་འགྱུར་འདའ་བ་མེད་པ་ལ། །


DNG025_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེངས་ཕྱོགས་རིས་མེད་སྲུང་བ། །དམ་ཚིག་ཀུན་ཏུ་བཟང་པོ་ཡིན། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། དམ་ཚིག་ཀུན་ཏུ་བཟང་པོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རང་བཞིན་ཀུན་ཏུ་བཟང་པོ་འདི་གསུངས་སོ། །སེམས་ཀྱི་ཆོས་ཉིད་རང་བཞིན་འདི། །མ་སྐྱེས་ཡེ་ནས་སངས་རྒྱས་ཏེ། །ཀུན་ལ་བརྡལ་ཞིང་སྣང་བ་འདི། །རྒྱལ་བས་མཛད་ཅིང་བཅོས་པ་མེད། །བཟང་དང་ངན་པ་ཐམས་ཅད་དང་། །གཙང་སྨེ་ཆེ་ཆུང་ལ་སོགས་པ། །རང་བཞིན་དབྱེར་མེད་བྱང་ཆུབ་སེམས། །མཁས་པས་བཅོས་ཤིང་བཙལ་དུ་མེད། །བཟང་ངན་ཆེ་ཆུང་གཙང་སྨེ་མེད། །སྐྱོན་དང་ཡོན་ཏན་དུག་དང་རྩི། །འཛིན་རྟོག་བྱིས་པའི་སྤྱོད་འདྲ་བ། །རང་བཞིན་ཡོངས་ཀྱིས་དངོས་པོ་མེད། །དེ་བཞིན་ཆོས་རྣམས་རང་བཞིན་དང་། །ཀུན་གཞི་ཀུན་ཏུ་བཟང་པོ་ལ། །རྒྱུ་འབྲས་བདེ་སྡུག་བཙལ་མི་རྙེད། །རང་བཞིན་ཀུན་ཏུ་བཟང་པོ་ཡིན། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། རང་བཞིན་ཀུན་ཏུ་བཟང་པོའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ། །འདི་སྐད་ཅེས་གོ་ཞིང་རྟོགས་ནས་ཤེས་པའི་དུས་གཅིག་ན། སྟོན་པ་ཀུན་ཏུ་བཟང་པོས་སེམས་ཀུན་ཏུ་བཟང་པོ་ལ་བཞུགས་ནས།ཆོས་ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་འདི་དག་བཀའ་སྩལ་ཏོ། །རྣལ་འབྱོར་གང་ཞིག་རྟོགས་འདོད་པས། །ཀུན་ཏུ་བཟང་པོའི་རྒྱུད་འདི་ཉོན། །དོན་རྟོགས་ལྡན་པའི་སྐྱེས་བུ་གང་། །འདི་དག་ཤེས་པར་སུ་འདོད་པ། །ངེས་པར་ལུང་འདི་བསྟན་པར་བྱའོ། །དེ་ལ་ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་འདི་རྟོགས་པར་འདོད་པ་རྣམས་ཀྱིས། ངེས་པར་ཆེ་བ་བཅུ་དྲུག་པོ་འདི་ཡིད་ལ་ཟུང་ཞིག །དེ་ལ་ཆེ་བ་བཅུ་དྲུག་པོ་གང་ཞེ་ན། སེམས་ཡེ་ནས་ཆེ་བ་དང་། ཆོས་ཉིད་ཡེ་ནས་ཆེ་བ་དང་། འབྱུང་བ་ཡེ་ནས་ཆེ་བ་


DNG025_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡེ་ཤེས་ཡེ་ནས་ཆེ་བ་དང་། སྐུ་ཡེ་ནས་ཆེ་བ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ནས་ཆེ་བ་དང་། སྐྱོན་དང་ཡོན་ཏན་ཡེ་ནས་ཆེ་བ་དང་། འཁོར་བ་དང་ངན་སོང་ཡེ་ནས་ཆེ་བ་དང་། མཐོ་རིས་དང་མྱ་ངན་ལས་འདས་པ་ཡེ་ནས་ཆེ་བ་དང་། ཐབས་ཡེ་ནས་ཆེ་བ་དང་། ཤེས་རབ་ཡེ་ནས་ཆེ་བ་དང་། སྐྱོན་གྱི་རྒྱུ་ཡེ་ནས་ཆེ་བ་དང་། ཡོན་ཏན་གྱི་རྒྱུ་ཡེ་ནས་ཆེ་བ་དང་། སངས་རྒྱས་ཡེ་ནས་ཆེ་བ་དང་། སེམས་ཅན་ཡེ་ནས་ཆེ་བ་དང་། རྟོག་པ་ཡེ་ནས་ཆེ་བའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། ངེས་པར་ཆེ་བ་བཅུ་དྲུག་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སེམས་ཡེ་ནས་ཆེ་བ་འདི་བཀའ་སྩལ་ཏོ། །ཀུན་ཏུ་བཟང་པོ་ང་ཡི་སེམས། །རྒྱ་ཆེན་རོལ་པ་ཀུན་བསྟན་པ། །གཏི་མུག་ཆེན་པོ་ང་ཡི་སེམས། །གཏི་མུག་གོང་ན་སངས་རྒྱས་མེད། །གཏི་མུག་ཆེན་པོའི་ཡེ་ཤེས་ཀྱི། །བྱུང་ཚོར་རྟོག་པ་ཀུན་བྲལ་ནས། །དམིགས་མེད་ཤེས་རབ་ཕ་རོལ་ཕྱིན། །ཆེ་བའི་རྒྱལ་པོར་གཏི་མུག་ཤར། །སངས་རྒྱས་རྗེ་བཙན་དམ་པ་ཡིན། །འདོད་ཆགས་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །འདོད་ཆགས་ཆེན་པོ་ང་ཡི་སེམས། །ཞེ་སྡང་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཞེ་སྡང་ཆེན་པོ་ང་ཡི་སེམས། །ང་རྒྱལ་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ང་རྒྱལ་ཆེན་པོ་ང་ཡི་སེམས། །ཕྲག་དོག་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཕྲག་དོག་ཆེན་པོ་ང་ཡི་སེམས། །ཉོན་མོངས་ང་ལས་མ་བྱུང་བའི། །གཞན་ནས་སངས་རྒྱས་ཡོངས་མེད་པས། །སེམས་ཀྱི་རྒྱལ་པོ་དུག་ལྔ་ལ། །ཀུན་བཟང་ཡེ་ཤེས་རྒྱལ་པོར་སྤྱོད། །ཐབས་ཀྱི་འབྲས་བུ་སེམས་ཆེ་བས། །རྒྱལ་བ་ཐབས་སུ་སེམས་ལ་བསྔགས། །ང་མེད་བདག་དང་བྲལ་བ་ཡི། །ཀུན་གཞི་སེམས་ཀྱི་རྒྱལ་པོ་ལ། །ཐར་


DNG025_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་དོན་འཆར་བས། །འཕགས་ལམ་ངེས་པར་སངས་རྒྱས་ཏེ། །བདག་ཉིད་ཆེན་པོ་རྒྱལ་བའི་བཀའ། །མི་དམིགས་པ་ལ་དམིགས་པ་མེད། །དམིགས་པ་ལ་ཡང་དམིགས་པ་མེད། །དམིགས་མེད་སེམས་ཀྱི་ངེས་པ་ལ། །ཡང་དག་གསང་མཛོད་གསུམ་དུ་བསྟན། །འབྱུང་བའི་བླ་མ་བླ་མ་ཆེ། །ཐམས་ཅད་འབྱུང་བའི་སྟོན་པ་མཆོག །སྣང་བ་ཀུན་ལ་རབ་གནས་པ། །ང་ཉིད་ཐབས་ཀྱི་ལོངས་སྤྱོད་དེ། །གང་ལའང་ཆགས་པའི་རྒྱུ་མེད་པས། །ཟིན་ཆགས་མེད་པའི་ཡེ་ཤེས་ལ། །ཐབས་ཀྱི་ཐུགས་རྗེས་འདྲེལ་བ་སྐྱོང་། །ཆོས་རྣམས་ཐམས་ཅད་སེམས་ལས་བྱུང་། །སེམས་ཀྱིས་བསྟན་པའི་ལུང་ལ་ཉོན། །ཕྱོགས་བཅུའི་སངས་རྒྱས་ང་ཡི་སེམས། །ཕྱི་ནང་སྣོད་བཅུད་ང་ཡི་སེམས། །ཕྱོགས་དང་སྣང་བ་ང་ཡི་སེམས། །ཕྱི་དང་ནང་ཡང་ང་ཡི་སེམས། །མཐོ་རིས་ངན་སོང་ང་ཡི་སེམས། །སེམས་ཀྱི་སངས་རྒྱས་ཀུན་བཟང་ལ། །སྤྲུལ་པ་ཕྱོགས་བཅུ་སངས་རྒྱས་ཉོན། །ང་ལ་ང་བསྟན་རྒྱུ་མེད་ན། །འཛིན་རྟོག་ཆོས་འདི་སུ་ཡི་ཆོས། །བདག་ལ་ཕྱོགས་དང་རིས་མེད་ན། །ཕྱི་དང་ནང་འདི་སུ་ཡི་ཆོས། །དོན་ལ་རྒྱུ་འབྲས་ཡོངས་མེད་ན། །བཟང་དང་ངན་པ་སུ་ཡི་ཆོས། །བཅོས་པ་མེད་པའི་སེམས་མེད་ན། །ཁ་དོག་ལྔ་པོ་གང་ནས་འབྱུང་། །བཟང་ངན་ཆེ་ཆུང་སུ་ལས་བྱུང་། །ཚོར་བ་བདེ་སྡུག་གང་གིས་སྨྲས། །ཕྱོགས་དང་ས་མཚམས་སུ་ལ་ཡོད། །འཁྲུལ་པའི་སེམས་འདི་ཡོངས་རེ་འཁྲུལ། །རྨོངས་པའི་བློ་ཡི་ཡོངས་རེ་འཁྲུལ། །རྟོག་པའི་བློ་འདི་ཡོངས་རེ་ཉེན། །ཇི་ལྟར་སྣང་བའི་ཆོས་རྣམས་ལ། །བདག་གི་སེམས་ཀྱིས་དབང་བསྒྱུར་ནས། །བདག་པས་དྲག་པ་གང་ན་ཡོད། །སངས་རྒྱས་སེམས་ཅན་སེམས་ཡིན་ན། །སེམས་པས་ཆེ་བ་གང་ན་ཡོད། །འཛིན་རྟོག་འདས་པའི་ཆོས་ཉིད་ནི། །སེམས་ཀྱི་ཆེ་བ་དེ་ལ་ཡོད། །སྤང་ལེན་མེད་པའི་འབྲས་བུ་


DNG025_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སེམས་ཀྱི་ཆེ་བ་ཡེ་གནས་ལ། །འདི་ལ་རྒྱུ་ཡིས་བཙལ་མེད་པ། །འདི་ལ་རྒྱུ་འབྲས་སྦྱང་དུ་མེད། །ནམ་མཁའ་བཞིན་དུ་ཡེ་གསལ་ལ། །འཛིན་རྟོག་བཅོས་པའི་རྒྱུ་ཅི་ཡོད། །ཆོས་དང་སངས་རྒྱས་འཚོལ་འདོད་ན། །སེམས་ཀྱི་ཆེ་བ་འདི་ལ་བཙལ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། སེམས་ཡེ་ནས་ཆེ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཆོས་ཉིད་ཡེ་ནས་ཆེ་བ་འདི་བཀའ་སྩལ་ཏོ། །ཀུན་ཏུ་བཟང་པོ་ང་ཡི་ཆོས། །རྒྱ་ཆེར་རོལ་པ་བསྟན་པ་ནི། །ཇི་ལྟར་སྣང་བ་ང་ཡི་ཆོས། །རང་བཞིན་མེད་པའི་སྔོན་རོལ་ན། །ཆོས་ཉིད་བྱ་བའི་མིང་ཡང་མེད། །གང་ཟག་རྣལ་འབྱོར་སུ་ཡོད་པ། །ཆོས་ཉིད་འབྲས་བུ་སུ་འདོད་པ། །རང་བཞིན་མེད་པས་བཙལ་བར་བྱ། །སེམས་ཀྱི་རང་བཞིན་ཡིན་པ་ལ། །དེ་ལ་རྟོག་པ་ཆེར་བསྐྱེད་ན། །ཆོས་ཉིད་ཆེ་བ་བྱ་བ་ཡིན། །ཡང་དག་ངེས་པའི་ཆོས་ཉིད་ལ། །ཆོས་ཉིད་ཆེ་བས་མུ་མཐའ་མེད། །ཆོས་ཉིད་ཆེ་བས་བཟང་ངན་མེད། །ཆོས་ཉིད་ཆེ་བས་མཐའ་དབུས་མེད། །ཆོས་ཉིད་ཆེ་བས་ཕྱི་ནང་མེད། །ཆོས་ཉིད་ཆེ་བས་སྟེང་འོག་མེད། །ཆོས་ཉིད་ཆེ་བས་ཕྱོགས་རིས་མེད། །ཆོས་ཉིད་ཆེ་བས་སྤང་ལེན་མེད། །ཆོས་ཉིད་ཆེ་བས་ཡོད་མེད་མེད། །མེད་པའང་མ་ཡིན་ཁྱབ་པར་བརྡལ། །ཁྱབ་པར་བརྡལ་ཀྱང་རྫས་སུ་མེད། །འདི་འདྲའི་མཚན་ཉིད་གང་ཤེས་པ། །དེ་ནི་ཆོས་ཉིད་ཆེ་བ་སྟེ། །ཆོས་ཉིད་མེད་པའི་སྔོན་རོལ་ན། །སངས་རྒྱས་སེམས་ཅན་མིང་ཡང་མེད། །ཆོས་ཉིད་ཆེ་བའི་བྱིན་བརླབས་ལས། །ཇི་ལྟར་སྣང་བ་དེ་ལྟར་སྣང་། །གང་ལྟར་ཡིན་པ་དེ་ལྟར་ཡིན། །ཡང་དག་པར་ཡང་བཀའ་སྩལ་ཏོ། །དེ་དག་ལ་སོགས་ཆོས་རྣམས་ལ། །ཆོས་རྣམས་ལ་ཡང་ཆོས་རྣམས་མེད། །རང་བཞིན་ཆ་ཕྲ་གང་འཛིན་པ། །འཛིན་པ་དེ་ལ་ཆོས་མེད་དེ། །ཆོས་ཀྱི་འབྲས་བུ་དེ་ལ་མེད། །ཆོས་ཀྱི་འབྲས་བུ་གང་ཡིན་པ། །རིག་པའི་དོན་ནི་


DNG025_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་སོ། །ཆེ་བའི་ཡེ་ཤེས་ཡོད་མ་ཡིན། །ཆེ་བའི་ཆེ་བར་བདག་སྣང་ན། །ཆེ་མཆོག་ཐབས་ཀྱི་རྒྱལ་པོར་རོལ། །ཐམས་ཅད་འབྱུང་བ་ལྔ་ཡིས་བསྐྱེད། །འབྱུང་བ་ཆེ་བའི་དོན་རྟོགས་ན། །ཐམས་ཅད་ཆེ་བའི་རྒྱལ་བ་འགྲུབ། །ཆེ་བའི་རྫུ་འཕྲུལ་ཅིར་ཡང་སྟོན། །བདག་ཉིད་ཐབས་ཀྱི་བྱིན་བརླབས་ལས། །འབྱུང་ལྔའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །མ་རིག་རྟོག་པའི་ལིང་ཏོག་ལ། །ང་དང་བདག་ཏུ་འབྱེད་པ་བཅོམ། །ཕྱོགས་དང་རིས་སུ་བལྟ་བ་བསལ། །མཚན་མ་འཛིན་རྟོག་གནས་པ་བཀྲོལ། །ཡང་གསང་ངེས་པའི་ལམ་དུ་གཞག །ཐར་པའི་ལམ་ཞེས་དེ་ལ་གསུངས། །གང་ཞིག་མ་སྐྱེས་དོན་འདོད་པས། །སྔོན་དང་ཕྱི་མར་མ་གྱུར་ཞིང་། །ཕྱོགས་དང་རིས་སུ་མ་ཕྱེ་བར། །འཛིན་ཆགས་འཛིན་རྟོག་སྐྱོན་སྤངས་ན། །དེ་ནི་ཆོས་ཉིད་ཆེ་བ་ཞེས་བྱའོ། །གཞན་ཡང་ཆོས་ཉིད་ཆེ་བ་ནི། །རྣལ་འབྱོར་གང་ཞིག་རྟོགས་འདོད་ན། །རྒྱ་ཆེར་ཤེས་རབ་ཕྱོགས་བརྡལ་ནས། །ཆོས་ཉིད་ཡེ་ནས་ཆེ་བ་ཡི། །ལེའུ་འདི་ལས་བཅལ་བར་བྱའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། ཆོས་ཉིད་ཡེ་ནས་ཆེ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་འབྱུང་བ་ཡེ་ནས་ཆེ་བ་འདི་བཀའ་སྩལ་ཏོ། །ནམ་མཁའ་ཡེ་ནས་ཆེ་བ་དང་། །ས་གཞི་ཡེ་ནས་ཆེ་བ་དང་། །མེ་ཆུ་ཡེ་ནས་ཆེ་བ་དང་། །རླུང་ཉིད་ཡེ་ནས་ཆེ་བ་དང་། །འབྱུང་བ་མེད་པའི་སྔོན་རོལ་ན། །སངས་རྒྱས་སེམས་ཅན་མིང་ཡང་མེད། །འབྱུང་བ་ལྔ་ཡི་སངས་རྒྱས་ཡིན། །སངས་རྒྱས་ཀུན་གྱི་རྗེ་བཙན་ཡིན། །འབྱུང་བ་ལྔ་པོ་མ་ཡི་དབྱིངས། །མ་ལ་སྐྱེས་པས་སངས་རྒྱས་སྲས། །འབྱུང་བ་ལྔ་པོ་རིགས་ཀྱི་ཡུམ། །དེ་ལ་བདག་རོལ་ཐབས་ཀྱི་ཡབ། །འབྱུང་བ་ཡེ་ནས་གནས་ཀྱི་ཆེ། །འབྱུང་བ་ཡེ་ནས་དུས་ཀྱི་ཆེ། །འབྱུང་བ་ཡེ་ནས་གསལ་བས་ཆེ། །འབྱུང་བ་ཡེ་ནས་དག་པས་ཆེ། །འབྱུང་བའི་གནས་ནི་ནམ་མཁའ་ལ། །འབྱུང་བའི་རྒྱུ་ནི་ས་གཞིའོ། །འབྱུང་བའི་ལོངས་སྤྱོད་མེ་ཆུ་སྟེ། །འབྱུང་


DNG025_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྤྲུལ་པ་རླུང་ཡིན་ནོ། །འབྱུང་བའི་མཚན་ཉིད་རྟོག་པ་མེད། །འབྱུང་བའི་རང་བཞིན་འདུས་མ་བྱས། །འབྱུང་བའི་འབྲས་བུ་དམིགས་པ་མེད། །འབྱུང་བའི་ཡོན་ཏན་གོ་ཞིང་རྟོགས། །འབྱུང་བའི་དོན་ལ་འགྱུར་བ་མེད། །ཆོས་ཉིད་ངང་ལས་ཀུན་འབྱུང་བས། །ཐམས་ཅད་འབྱུང་བས་འབྱུང་བའོ། །འབྱུང་བའི་རང་བཞིན་དངོས་མེད་པས། །དེས་ན་འབྱུང་བ་སྟོང་པའོ། །འབྱུང་བ་ཤེས་རབ་ཕ་རོལ་ཕྱིན། །འབྱུང་བ་ལྔ་ཡི་འཕྲོ་འདུ་ཡིས། །ཆོས་ཀྱི་དབྱིངས་ཀྱི་ཆེ་རོལ་བསྟན། །སྟོང་པའི་དོན་རྟོགས་འབྱུང་བ་ལ། །ངེས་པའི་རིག་པས་གསལ་བརྟགས་ན། །ཐབས་དང་ལྡན་པའི་བྱིན་བརླབས་ཀྱིས། །ཡང་དག་གྲུབ་པར་བསྟན་པར་ཟད། །དོན་ལའང་དེ་ལས་བསྟན་དུ་མེད། །རྟོགས་པའི་ཆེ་བ་ཆེན་པོ་ལས། །མ་རྟོགས་སྦྱོར་བའི་ལས་བྱེད་ན། །ཆེ་བའི་ཡེ་ཤེས་ཡོད་མ་ཡིན། །ཆེ་བའི་ཆེ་བར་བདག་སྣང་བ། །ཆེ་མཆོག་ཐབས་ཀྱི་རྒྱལ་པོར་སྣང་། །ཐམས་ཅད་འབྱུང་བ་ང་ཡིས་བསྐྱེད། །འབྱུང་བ་ཆེན་པོའི་དོན་རྟོགས་ན། །ཐམས་ཅད་ཆེ་བའི་རྒྱལ་པོར་འགྲུབ། །ཆེ་བའི་རྫུ་འཕྲུལ་ཅིར་ཡང་སྟོན། །བདག་ཉིད་ཐབས་ཀྱི་བྱིན་བརླབས་ལས། །འབྱུང་བ་ལྔ་ཡི་ཆོ་འཕྲུལ་གྱིས། །མ་རིག་རྟོག་པའི་ལིང་ཏོག་བསལ། །ང་དང་བདག་ཏུ་འབྱེད་པ་བཅོམ། །ཕྱོགས་དང་རིས་སུ་བལྟ་བ་བཅོམ། །མཚན་མའི་འཛིན་རྟོག་གནས་པ་དགྲོལ། །ཡང་གསང་ངེས་པའི་ལམ་དུ་གཞག །ཐར་པའི་ལམ་ཞེས་དེ་ལ་གསུངས། །གང་ཞེས་མ་སྐྱེས་དོན་འདོད་པས། །འབྱུང་བ་ཡེ་ནས་ཆེ་བ་ཡི། །ལེའུ་འདི་ལས་ནི་བཙལ་བར་བྱ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། འབྱུང་བ་ཡེ་ནས་ཆེ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡེ་ཤེས་ཡེ་ནས་ཆེ་བ་འདི་སྐད་བཀའ་སྩལ་ཏོ། །ཡེ་ཤེས་རྒྱལ་པོ་གང་འདོད་པ། །རང་གི་སེམས་ལས་བཙལ་བར་གྱིས། །


DNG025_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་བླ་མེད་བྱང་ཆུབ་པ། །རྟོག་པའི་རྒྱུད་ལ་རང་རིག་པ། །དེ་ནི་ཡེ་ཤེས་ཆེ་བའོ། །སྟོང་གསུམ་ཡེ་འབྱམས་དོན་ཤེས་ཤིང་། །བརྡལ་བ་ཆེན་པོར་ཕྱོགས་མེད་ན། །ཡེ་ཤེས་ཆེ་བའི་དམ་པ་སྟེ། །བཟང་ངན་མེད་པར་དོན་ཤེས་པ། །ཀུན་ཏུ་བཟང་པོའི་དོན་ཤེས་ཏེ། །ཆོས་ཉིད་ཡེ་ནས་མ་བཅོས་པ། །དོན་དེ་ཤེས་པ་ཡེ་ཤེས་ཡིན། །སེམས་ཉིད་ཡེ་ནས་མ་བཅོས་པ། །དོན་དེ་ཤེས་པ་ཡེ་ཤེས་ཡིན། །ནམ་མཁའ་ཡེ་ནས་མ་བཅོས་པ། །དོན་དེ་ཤེས་པ་ཡེ་ཤེས་ཡིན། །ཡེ་ཤེས་དམ་པ་འཚོལ་འདོད་པས། །གང་ལ་ཐེ་ཚོམ་མི་སྐྱེ་བར། །རྟོགས་པའི་ཀློང་དུ་དོན་སྤྱོད་དང་། །རང་བྱུང་ཡེ་ཤེས་དེ་ལ་འཆར། །མི་གནས་ཡེ་ཤེས་ཕྱི་ནང་མེད། །ལྷུན་གྲུབ་ཡེ་ཤེས་ཕྱོགས་རིས་མེད། །སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་ཆེ་ཆུང་མེད། །སོ་སོར་རྟོག་པ་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །རང་བྱུང་ཡེ་ཤེས་བཙལ་བ་མིན། །ཅི་སྟེ་བཙལ་བས་འགྲུབ་འགྱུར་ན། །རང་བྱུང་ཡེ་ཤེས་ཡོངས་མི་བདེན། །རིག་པའི་ཡེ་ཤེས་བསྒོམ་པ་མིན། །ཅི་སྟེ་བསྒོམ་པ་ཡིན་གྱུར་ན། །རིག་པའི་ཡེ་ཤེས་ཡོངས་མི་བདེན། །རིག་པའི་ཡེ་ཤེས་ནང་ཤར་ན། །བཙལ་བ་མེད་པ་ལྷུན་གྱིས་གྲུབ། །རང་བྱུང་ཡེ་ཤེས་དོན་རྟོགས་ན། །བསྒྲུབ་པ་མེད་པ་ཡོངས་སུ་གྲུབ། །བདག་ཉིད་ཡེ་ཤེས་དོན་རྟོགས་ན། །ཆོས་རྣམས་ཐམས་ཅད་བདག་ལ་གསལ། །ཡངས་སོ་བདེའོ་ཡེ་ཤེས་མཆོག །གསལ་ལ་དག་པས་དྲི་མ་མེད། །གཉིས་སུ་མེད་པས་རྟོག་པ་སྤངས། །སངས་རྒྱས་སེམས་ཅན་སོ་སོ་ན། །ཡེ་ཤེས་ཆེན་པོས་ཡོངས་མ་ཟིན། །ཕྱོགས་བཅུ་སངས་རྒྱས་ཐམས་ཅད་པས། །ཡེ་ཤེས་ཆེན་པོ་འདི་དག་དཔགས། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ། །སངས་རྒྱས་སྲས་པོ་དམ་པ་སྟེ། །ཉག་གཅིག་ཡབ་ལས་མ་


DNG025_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ། །གཉིས་སུ་སྣང་བར་བསྟན་པ་མིན། །མཉམ་པའི་དོན་དང་མ་ལྡན་ན། །མི་མཉམ་བླང་བའི་ཆོས་ཅི་དགོས། །ཐེག་པའི་བྱེ་བྲག་བསམ་ཡས་ཀྱང་། །ཡེ་ཤེས་རྟོགས་ན་གཅིག་ལས་མེད། །ཆོས་དབྱིངས་གཅིག་ལས་མེད་པ་ལ། །ཡེ་ཤེས་རྟོགས་པ་མ་བཞག་པར། །མང་པོར་འབྱེད་པ་སྙིང་རེ་རྗེ། །སོ་སོར་རྟོག་པ་ཉོན་རེ་མོངས། །ཕྱོགས་ཆར་འཛིན་པ་ཡོངས་རེ་སྡུག །ལེན་ཅིང་བྱེ་བྲག་ཕྱེ་བ་ཡང་། །ཡེ་ཤེས་མ་གོས་དྲང་བ་ཙམ། །དོན་ལ་འབྱེད་པ་རྒྱ་རེ་ཆུང་། །ངེས་པ་གཅིག་པོའི་ཚིག་འདི་ཉོན། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། ཡེ་ཤེས་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སྐུ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །རང་བཞིན་སྤྲོས་པ་མེད་པ་ལ། །གཡོས་པ་མེད་པའི་ཡེ་ཤེས་གཞག །གཉིས་སུ་མེད་པའི་ཐབས་ཤེས་པས། །དེ་ནི་ཆོས་སྐུ་དང་པོའོ། །ཐམས་ཅད་འདུས་མ་བྱས་པའི་ངང་། །མི་འགྱུར་མི་ཤིགས་རྡོ་རྗེ་སྟེ། །གཉེན་པོ་ཅིས་ཀྱང་མི་ཚུགས་པའི། །ཐམས་ཅད་ཀུན་ལྡན་ཡེ་ཤེས་སྐུ། །རྡོ་རྗེའི་སྐུ་སྟེ་གཉིས་པའོ། །རིག་པ་རང་སྣང་མངོན་སུམ་སྣང་། །ཉེས་པ་གང་གིས་མི་ཚུགས་པའི། །ལེགས་པའི་ཡེ་ཤེས་རང་སྣང་བ། །མངོན་པར་བྱང་ཆུབ་སྐུ་བསྟན་པའོ། །གཉིས་མེད་ཆོས་ལ་ལོངས་སྤྱོད་ཅིང་། །མ་སྤངས་ཡེ་ཤེས་ལོངས་སྤྱོད་རྒྱན། །ཐམས་ཅད་ཆེ་བའི་རོལ་པ་ལ། །ལོངས་སྤྱོད་རྫོགས་སྐུ་མཐར་ཕྱིན་པའོ། །གཉིས་མེད་སེམས་ཀྱི་སྤྲུལ་པ་ལ། །ཡོངས་སུ་མ་ཁྱབ་གཅིག་ཀྱང་མེད། །དོན་དམ་ཐབས་ཀྱི་སྤྲུལ་པ་འཆར། །སྤྲུལ་པའི་སྐུ་སྟེ་ཀུན་ཁྱབ་པའོ། །སྐུ་ཡི་སྐུ་སྟེ་ཀུན་སྒྲུབ་པ། །སྐུ་ཡི་བདག་ཉིད་སྐྱེ་ཤི་མེད། །རོལ་པས་སངས་རྒྱས་ཉིད་ཀྱི་རྒྱན། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །འཕོ་འགྱུར་མེད་པ་སྐུ་ཡི་མཆོག །


DNG025_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རང་བཞིན་མེད་པ་སྐུ་ཡི་མཆོག །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རྟག་ཆད་མེད་པ་སྐུ་ཡི་མཆོག །སྐུ་མཆོག་དྲི་མེད་དག་པ་ལ། །སེམས་ཀྱི་ཡེ་ཤེས་མཐར་ཕྱིན་པས། །རིག་པའི་བློ་ཡི་བརྟུལ་ཞུགས་ཀྱིས། །སྟོང་གསུམ་སྐུ་ཡི་དབང་དུ་སྡུད། །དབང་དུ་མ་གྱུར་གང་ཡང་མེད། །མི་གཡོ་བྱང་ཆུབ་མཆོག་གི་རྒྱ། །རྣམ་པར་སྣང་མཛད་ང་ཡི་ལུས། །ཟླ་བ་དྲི་མེད་དག་པའི་ལུས། །སྟོང་གསུམ་ཀུན་སྣང་ཁྱབ་པའི་དབྱིངས། །མཐའ་ལས་ཐུག་མེད་ཇི་བཞིན་དུ། །ཤེས་རབ་ཐབས་ལ་དེ་ལྟར་སྣང་། །མན་ངག་རྒྱ་མཚོ་ཆེན་པོ་འདི། །ཡོངས་ལ་བསྟན་པའི་ཤེས་རབ་སྟེ། །ཆོས་སྐུ་བདག་པོས་སྐུ་བཅོམ་ན། །དཀྱིལ་འཁོར་འཕྲོ་འདུ་ཉོན་རེ་མོངས། །ཡོངས་ལ་ཤར་བའི་དོན་བྱུང་ན། །རྟོག་པའི་རླུང་སྒོམ་སྙིང་རེ་རྗེ། །མཁའ་ལྟར་མཉམ་པ་ཉིད་ལ་མནོས། །རང་སེམས་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བ་རྟོག་པ་ཡིན། །ཀུན་ཏུ་བཟང་པོ་བདག་ལ་འདྲི། །སངས་རྒྱས་གནས་པ་བདག་ལ་མཛད། །བྱང་ཆུབ་དམ་པ་འདི་བསྟན་པས། །བཟོད་ཅིག་འཁོར་བ་སྐྱར་དུ་དབྱུང་། །འཇིག་རྟེན་ཉོན་མོངས་གླེང་ཐག་ཆོད། །མ་རིག་རྨོངས་པ་སྨོས་ཅི་དགོས། །མན་ངག་རྒྱལ་པོ་འདི་བསྟན་པས། །བལྟ་བ་དམན་པའི་མིང་ཡང་མེད། །ཐམས་ཅད་ཀུན་ཏུ་བདག་ཡིན་པས། །སྐུ་ཡི་རྒྱལ་པོས་དངོས་གྲུབ་འབྱིན། །མཐའ་དབུས་ཆེ་ཆུང་མེད་པར་ཐོབ། །བཟོད་ཅིང་སྔོན་གྱི་སངས་རྒྱས་ཡིན། །ཆོས་རྣམས་ཐམས་ཅད་ཁོང་ནས་ཤར། །འཕགས་པའི་འཕགས་པས་འཕགས་པར་བསྔགས། །ཕྱོགས་བཅུའི་སངས་རྒྱས་ཐུགས་ངན་སངས། །དེ་ཚེ་ལས་བྱུང་མ་ཟོས་ལ། །བདག་སེམས་ངལ་ཚིག་མ་ཆད་དོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། སྐུ་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྐུ་གསུང་


DNG025_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཡོན་ཏན་ཕྲིན་ལས་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐུ་ཡི་དཀྱིལ་འཁོར་བསམ་ཡས་ཀྱང་། །ཧེ་རུ་ཀ་ནི་སྐུ་ཡི་མཆོག །དེ་ཡང་སྐལ་ལྡན་ང་ཡི་སྐུ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །གསུང་གི་དཀྱིལ་འཁོར་བསམ་ཡས་ཀྱང་། །ཡི་གེ་འབྲུ་བརྒྱད་གསུང་གི་མཆོག །དེ་ཡང་སྐལ་ལྡན་ང་ཡི་གསུང་། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཐུགས་ཀྱི་སྤྲུལ་པ་བསམ་ཡས་ཀྱང་། །ཡེ་ཤེས་སེམས་དཔའ་ཐུགས་ཀྱི་མཆོག །དེ་ཡང་སྐལ་ལྡན་ང་ཡི་ཐུགས། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཡོན་ཏན་དཀྱིལ་འཁོར་བསམ་ཡས་ཀྱང་། །རིན་ཆེན་ཟུར་བརྒྱད་ཡོན་ཏན་མཆོག །དེ་ཡང་སྐལ་ལྡན་ང་ཡི་ཡིན། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྲིན་ལས་དཀྱིལ་འཁོར་བསམ་ཡས་ཀྱང་། །རྣམ་བཞི་ནན་ཏན་ཕྲིན་ལས་མཆོག །དེ་ཡང་སྐལ་ལྡན་ང་ཡི་ལས། །གཞན་ཡང་ང་ཡི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་བས་ཀྱང་ནི་སེམས་ཡིན་ཏེ། །སྐུ་ཡི་དཀྱིལ་འཁོར་ཡང་དག་པ། །ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད། །གསུང་གི་དཀྱིལ་འཁོར་ཡང་དག་པ། །ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད། །ཐུགས་ཀྱི་དཀྱིལ་འཁོར་ཡང་དག་པ། །ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད། །ཡོན་ཏན་དཀྱིལ་འཁོར་ཡང་དག་པ། །ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད། །ཕྲིན་ལས་དཀྱིལ་འཁོར་ཡང་དག་པ། །ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད། །དེ་ཡི་མཚན་ཉིད་གང་ཤེས་པ། །ཡང་དག་ངེས་པར་ཉན་པར་གྱིས། །སེམས་ཀྱི་རང་བཞིན་སྐྱེ་བ་མེད། །སེམས་ཀྱི་མཚན་ཉིད་དངོས་པོ་མེད། །སེམས་ཀྱི་འབྲས་བུ་མ་བཅོས་པ། །སེམས་ཀྱི་སྐུ་ནི་སངས་རྒྱས་ལ། །སེམས་ཀྱི་གསུང་ནི་བརྟགས་པ་ཡིན། །སེམས་ཀྱི་ཐུགས་ནི་གོ་བ་སྟེ། །སེམས་ཀྱི་ཡོན་ཏན་


DNG025_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་པ། །སེམས་ཀྱི་ལས་ནི་ལྷུན་གྲུབ་པའོ། །དེ་ཡང་མི་འགྱུར་རྡོ་རྗེ་སྟེ། །འཕགས་པའི་འཕགས་པ་རྡོ་རྗེའི་སྐུ། །སྐུ་ཡི་རྡོ་རྗེ་བརྗིད་པ་ཆེ། །གསུང་གི་རྡོ་རྗེ་བསྟན་པ་ཆེ། །ཐུགས་ཀྱི་རྡོ་རྗེ་འཛིན་པ་ཆེ། །ཡོན་ཏན་རྡོ་རྗེ་ལེགས་པ་ཆེ། །ཕྲིན་ལས་རྡོ་རྗེ་གྲུབ་པ་ཆེ། །དེ་ཡི་གོང་ན་སངས་རྒྱས་མེད། །ཆེ་བ་འདི་ལ་སུ་གནས་པ། །རྣལ་འབྱོར་དེ་ནི་སྐལ་བ་བཟང་། །བཟང་བ་མ་ཡིན་དེ་ཉིད་ཡིན། །ངེས་པའི་སངས་རྒྱས་གཅིག་ལས་མེད། །དོན་ལ་ངེས་པའི་ས་ཚད་ལ། །སེམས་ཀྱི་མཚན་ཉིད་ཅི་འདྲ་བ། །དེ་ལ་བཅོས་པ་མེད་པར་གཞོག །དེ་ཡི་གང་ན་ཆེ་བ་མེད། །ཡང་དག་ངེས་པར་དེ་ལ་གནན། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སྐྱོན་དང་ཡོན་ཏན་ཡེ་ནས་ཆེ་བ་འདི་བཀའ་སྩལ་ཏོ། །རྣམ་པར་དག་པའི་སྤྱོད་ཡུལ་ལ། །སྐྱོན་དང་ཡོན་ཏན་གཉིས་མེད་སྟེ། །སྐྱོན་ཉིད་དག་པར་མ་རྟོགས་ན། །ཡོན་ཏན་དག་པ་གང་ནས་རྙེད། །སྐྱོན་ཉིད་ཡོན་ཏན་ཡིན་ཤེས་ན། །སྤང་ཞིང་བསལ་བར་བྱ་བ་མེད། །སྐྱོན་རྣམས་སྤངས་པའི་ཕ་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །དུས་གསུམ་སངས་རྒྱས་སྐྱོན་ལས་བྱུང་། །རྡོ་རྗེ་སེམས་དཔའ་སྐྱོན་གྱི་བུ། །སྐྱོན་ཉིད་སངས་རྒྱས་ཡིན་ཤེས་ན། །སངས་རྒྱས་མིན་པ་གཅིག་ཀྱང་མེད། །ཡོན་ཏན་ཉིད་ཀྱང་སྐྱོན་ཡིན་ན། །སྤང་བར་བྱ་བ་གང་ཡང་མིན། །ཅིར་སྣང་སངས་རྒྱས་མཛད་སྤྱོད་ལ། །དེ་ལ་སྨད་པར་ཅི་སྟེ་བྱ། །བདུད་ཉིད་སངས་རྒྱས་ཡིན་ཤེས་ན། །དེ་ལ་རྟོགས་པའི་རྫས་ཅི་ཡོད། །མ་རིག་པ་ཡང་ང་བྱང་ཆུབ་ཀྱི་སེམས་ཡིན་པས་མ་རིག་པ་ཡང་དག་པའོ། །རྨོངས་པ་ཐམས་ཅད་ང་བྱང་ཆུབ་ཀྱི་སེམས་ཡིན་པས་རྨོངས་པ་ཡང་དག་པའོ། །འཁྲུལ་པ་ཐམས་ཅད་ང་བྱང་ཆུབ་ཀྱི་སེམས་ཡིན་པས་འཁྲུལ་པ་ཡང་དག་པའོ། །བསླད་པ་ཐམས་


DNG025_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ང་བྱང་ཆུབ་ཀྱི་སེམས་ཡིན་པས་བསླད་པ་ཡང་དག་པའོ། །ཉེས་པ་ཐམས་ཅད་ང་བྱང་ཆུབ་ཀྱི་སེམས་ཡིན་པས་ཉེས་པ་ཡང་དག་པའོ། །དུག་ལྔ་ཡང་ང་བྱང་ཆུབ་ཀྱི་སེམས་ཡིན་པས་དུག་ལྔ་ཡང་དག་པའོ། །འཁོར་བ་དང་ངན་སོང་ཡང་ང་བྱང་ཆུབ་ཀྱི་སེམས་ཡིན་པས་འཁོར་བ་དང་ངན་སོང་ཡང་དག་པའོ། །དེ་ལྟར་ན་སྐྱོན་ཐམས་ཅད་ཀྱང་ང་བྱང་ཆུབ་ཀྱི་སེམས་ཡིན་པས་སྐྱོན་ཐམས་ཅད་ཡང་དག་པའོ། །རིག་པ་ཡང་ང་བྱང་ཆུབ་ཀྱི་སེམས་སོ། །ཡེ་ཤེས་ཀྱང་ང་བྱང་ཆུབ་ཀྱི་སེམས་སོ། །ཡོན་ཏན་ཀྱང་ང་བྱང་ཆུབ་ཀྱི་སེམས་སོ། །ལེགས་པ་ཐམས་ཅད་ཀྱང་ང་བྱང་ཆུབ་ཀྱི་སེམས་སོ། །སངས་རྒྱས་ཀྱང་ང་བྱང་ཆུབ་ཀྱི་སེམས་སོ། །སེམས་ཅན་ཡང་ང་བྱང་ཆུབ་ཀྱི་སེམས་སོ། །མཐོ་རིས་དང་མྱ་ངན་ལས་འདས་པ་ཡང་ང་བྱང་ཆུབ་ཀྱི་སེམས་སོ། །སྐྱོན་དང་ཡོན་ཏན་མེད་པའི་སྔོན་རོལ་ན།སངས་རྒྱས་བྱ་བའི་མིང་ཡང་མེད་དོ། །མ་རིག་པ་ཉིད་རིག་པ་ཡིན་པར་ཤེས་ན། རིག་པ་གང་ནས་བཙལ། མ་དག་པ་ཉིད་དག་པ་ཡིན་པར་ཤེས་ན། དག་པ་གང་ནས་བཙལ། ཉེས་པ་ཉིད་ལེགས་པ་ཡིན་པར་ཤེས་ན། ལེགས་པ་ཉིད་གང་ནས་བཙལ། འཁོར་བ་ཉིད་མྱ་ངན་ལས་འདས་པར་ཤེས་ན། མྱ་ངན་ལས་འདས་པ་གང་ནས་བཙལ། ངན་སོང་ཉིད་མཐོ་རིས་ཡིན་པར་ཤེས་ན། མཐོ་རིས་གང་ནས་བཙལ། སེམས་ཉིད་སངས་རྒྱས་ཡིན་པར་ཤེས་ན། སངས་རྒྱས་གང་ནས་བཙལ། རྒྱུ་ཉིད་འབྲས་བུ་ཡིན་པར་ཤེས་ན། འབྲས་བུ་གང་ནས་བཙལ། རྟོག་པ་ཉིད་ཆོས་ཀྱི་དབྱིངས་ཡིན་པར་ཤེས་ན། ཆོས་ཀྱི་དབྱིངས་གང་ནས་བཙལ། སྐྱོན་ཉིད་ཡོན་ཏན་ཡིན་པར་ཤེས་ན། ཡོན་ཏན་གང་ནས་བཙལ། དེ་ཡང་རང་གི་སེམས་ཡིན་ན། སྤང་ཞིང་དོར་བ་དང་བླང་ཞིང་སྤྱད་པའི་རྒྱུ་ཅི་ཡོད། སྐྱོན་ཡེ་ནས་ཆེ་བས་ནི་འབྲས་བུ་ལ་རག་མ་ལུས་སོ། །ཡོན་ཏན་ཡེ་ནས་ཆེ་བས་ནི་འབྲས་བུ་ལ་རྟེན་མི་འཆའོ། །ཆེ་བའི་ཆེ་བས་ཆུང་ངུའི་


DNG025_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

མིང་མེད་དོ། །བཟང་པོའི་བཟང་པོ་ཡིན་པ་ལ། རྒྱལ་པོའི་རྒྱལ་པོ་ཡིན་པས་ངན་པ་དང་ཞེན་པའི་མིང་མེད་དོ། །བདེའོ་སྐྱེས་བུ་ཆེན་པོའི་ཐུགས། །དག་གོ་རྣམ་དག་བྱང་ཆུབ་སེམས། །རང་གི་དོན་དུ་རང་སྦྱོར་བས། །མཆོད་པ་བཀུར་སྡི་རང་ལ་བྱ། །རང་གི་དགོངས་པ་རང་གསལ་བས། །རྣམ་དག་སྐྱེས་བུ་ཆེན་པོའི་ངང་། །རྣལ་འབྱོར་རྣམ་དག་ངེས་པ་ཞེས། །འདི་ལ་བསྐྱར་ན་ངེས་པ་བསྟན། །འདི་ནི་རྣམ་དག་ངེས་པའི་ས། །གང་ཞིག་ཚོལ་འདོད་འདི་ལ་ཉོན། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། སྐྱོན་དང་ཡོན་ཏན་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འཁོར་བ་དང་ངན་སོང་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཁོར་བ་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བ་ཡོད་མ་ཡིན། །ངན་སོང་མེད་པའི་སྔོན་རོལ་ན། །དེ་བཞིན་གཤེགས་པ་ཡོངས་མི་བཞུགས། །སངས་རྒྱས་ཡང་དག་བསྟན་པ་ནི། །འཁོར་བ་ངན་སོང་ནང་ན་ཡོད། །སངས་རྒྱས་མིང་དུ་བཏགས་པ་ཡང་། །འཁོར་བ་འདི་ལ་བཏགས་པ་ལས། །གཞན་དུ་སངས་རྒྱས་ཡོད་མ་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཁམས་གསུམ་འཁོར་བ་མ་ཡིན་པ། །གཞན་ལ་སངས་རྒྱས་གང་བསྒོམ་པ། །ལུས་ངག་ཡིད་གསུམ་མ་ཡིན་པ། །སྐུ་གསུང་ཐུགས་གསུམ་གང་ལས་བྱུང་། །དེ་དག་འབྱུང་བར་ངས་མ་བསྟན། །ངན་སོང་འདི་དག་སུས་ཤེས་པ། །སྤྱོད་དང་རྣམ་དག་སེམས་ལ་ཁྱེ། །རྣལ་འབྱོར་གང་ཞིག་འདི་འདྲར་བྱེད། །ངན་སོང་འཁོར་བ་མི་ཉན་པར། །ངན་སོང་འཁོར་བ་ལིངས་བོར་ནས། །དེ་དག་སྤངས་པའི་ཕ་རོལ་ན། །གཉན་ཞིང་བསྟོད་པའི་སངས་རྒྱས་དང་། །བདེ་ཞིང་སྐྱིད་པའི་མཐོ་རིས་གཅིག །ལོགས་ན་བདག་གིས་ཐོབ་འདོད་པས། །ཐར་དུ་རེ་སྟེ་མི་ཐར་རོ། །འགྲུབ་པར་རེ་སྟེ་མི་འགྲུབ་པོ། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཤེས་དེ་ལ་


DNG025_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ངན་སོང་ཡོངས་སུ་ཤེས་པ་ན། །ཐར་པ་ཐོབ་ཅེས་དེ་ལ་བྱ། །ཡང་དག་བདེ་བའི་དོན་རྟོགས་ན། །སངས་རྒྱས་པས་ཀྱང་འཁོར་བ་བསྔགས། །བསྔགས་སུའང་མེད་དེ་དེ་ཉིད་ཡིན། །མཐོ་རིས་བས་ཀྱང་ངན་སོང་བདེ། །བདེར་ཀྱང་མེད་དེ་དེ་ཉིད་ཡིན། །དོན་དམ་བདེན་པ་མ་རྟོགས་ཤིང་། །རང་བྱུང་ཡེ་ཤེས་མ་ཤར་ན། །དུག་ཏུ་མ་སོང་གང་ཡང་མེད། །དགྲར་ཡང་མི་གནོད་གང་ཡང་མེད། །བདེ་བ་ཆེན་པོའི་དོན་རྟོགས་ཤིང་། །བྱང་ཆུབ་སེམས་ཀྱི་སྒོ་ཕྱེ་ནས། །འབྲས་བུ་མ་ཐོབ་གཅིག་ཀྱང་མེད། །སངས་རྒྱས་མིན་པ་གང་ཡང་མེད། །ཆེ་བ་འདི་ལས་ཆེ་བ་མེད། །བརྟགས་ཤིང་གཞིགས་ཤིང་རང་སེམས་བཟང་། །ཕྱིན་ཞིང་བཙལ་ཞིང་ཐོག་མ་ཉིད། །སུ་ཞིག་འཆད་ཅིང་སྟོན་འདོད་པ། །གང་ལ་མ་འཆད་བདག་ལ་ཤོད། །གང་ལ་མ་རྟོགས་བདག་ལ་རྟོགས། །འབྲས་བུ་དམ་པ་འདི་ན་ཡོད། །སེམས་ལ་ཐོག་ཏུ་མ་ཕེབས་ཤིང་། །ཡིད་ལ་གསལ་བར་མ་རྟོགས་ན། །ཁ་བཤད་མང་པོས་དོན་མི་འགྲུབ། །དུས་གསུམ་སངས་རྒྱས་ཐམས་ཅད་པས། །འཁོར་བ་ངན་སོང་བསྔགས་པར་གྱིས། །དུས་གསུམ་སངས་རྒྱས་དེ་ན་ཡོད། །ཐར་པ་ཆེན་པོའི་སྒོ་འབྱེད་ཀྱིས། །ཕྱོགས་བཅུའི་སངས་རྒྱས་གསན་དུ་གསོལ། །རྒྱུ་ནི་མ་བཅོས་ཉིད་དུ་གཞག །འབྲས་བུ་རང་བཞིན་མེད་པར་བླང་། །དོན་དུ་ཐིག་ལེ་ཆེན་པོར་བསྟན། །འདི་ལ་འགལ་བ་ཡོད་མ་ཡིན། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། འཁོར་བ་དང་ངན་སོང་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་མཐོ་རིས་དང་མྱ་ངན་ལས་འདས་པ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐར་པ་ཐོབ་པའི་ཐེམ་སྐས་དང་། །མྱ་ངན་འདས་པའི་ཆོས་ཉིད་རྣམས། །ཡང་དག་ཆེ་བར་བསྟན་པ་ནི། །རྣམ་ཤེས་དབང་པོ་གསལ་བར་བྱ། །འདི་ཡང་མཐོ་རིས་ཆེ་བ་ཡིན། །


DNG025_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྟོགས་པས་ལོངས་སྤྱོད་པས། །འདི་ཡང་མཐོ་རིས་ཆེ་བའོ། །གཞན་ཡང་མཐོ་རིས་ཆེ་བ་ནི། །ཇི་ལྟར་གནས་པ་དེ་ལྟར་རྟོགས། །གང་ལྟར་ཡིན་པ་དེ་ཤེས་ཤིང་། །ཀུན་གྱི་འབྲས་བུར་བདག་རྟོགས་པས། །མཐོ་རིས་དམ་པ་བླ་ན་མེད། །མྱ་ངན་འདས་པའི་ཆེ་བ་ནི། །ཆོས་ཉིད་ཕྱོགས་བཅུར་བརྡལ་བ་ལ། །རིག་པ་མཐའ་དབུས་མེད་པ་དང་། །ཀུན་གཞི་བཟང་ངན་མེད་པ་དང་། །ཤེས་པ་ཕྱི་ནང་མེད་པ་དང་། །ཡེ་ཤེས་སྤང་ལེན་མེད་པ་ཡིས། །མྱ་ངན་འདས་ལ་དགོངས་པ་འགྲུབ། །མ་གཡོས་པ་ལ་རིག་པ་ཤར། །སངས་རྒྱས་སེམས་སུ་མྱ་ངན་འདས། །ཡུལ་ནི་ཆོས་སུ་མྱ་ངན་འདས། །རྟོགས་པ་ཡེ་ཤེས་མྱ་ངན་འདས། །སྣོད་བཅུད་ཆོས་སྐུར་མྱ་ངན་འདས། །སེམས་ཅན་གཅིག་པར་མྱ་ངན་འདས། །དོན་དམ་བདེན་པར་མྱ་ངན་འདས། །མྱ་ངན་འདས་པའི་དོན་རྟོགས་ན། །འཁོར་བ་ངན་སོང་མིང་ཡང་མེད། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། མྱ་ངན་ལས་འདས་པ་ཡེ་ནས་ཆེ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཐབས་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐབས་ཀྱི་རྒྱལ་པོར་བདག་གནས་པས། །ཐམས་ཅད་མ་གྲུབ་གང་ཡང་མེད། །ཐབས་ཆེན་མེད་པའི་སྔོན་རོལ་ནས། །སངས་རྒྱས་ཡོད་པ་ཡོངས་མ་ཡིན། །འགྲོ་ལ་ཐབས་ཀྱི་རྒྱུ་ཡོད་པས། །ཐབས་མཁས་ཡེ་ནས་ཆེ་བ་ཡིན། །ཀུན་ཏུ་བཟང་པོ་སྤྱོད་པ་ལ། །བྱེད་དང་སྤྱོད་པ་རྣམ་འཛིན་པ། །དེ་ཉིད་ཐབས་ཀྱི་ཆེ་བ་སྟེ། །ཐབས་མཁས་ཡོན་ཏན་ཀུན་ལྡན་ན། །སངས་རྒྱས་ཀུན་གྱི་བླ་མར་བསྔགས། །རྣལ་འབྱོར་ཆེན་པོའི་སྤྱོད་པ་བདེའོ། །འཕགས་པའི་འཕགས་པ་ཐབས་ལ་གནས། །རྒྱལ་བའི་རྒྱལ་བ་ཐབས་ལས་བྱུང་། །ང་ཉིད་ཐབས་ཀྱི་རྒྱལ་པོ་ལ། །འཁོར་བའི་རྟོག་པ་ཀུན་བྲལ་ནས། །རྫོགས་སངས་རྒྱས་པའི་ཐབས་ལ་བསྔགས། །ཐབས་དང་བྲལ་བའི་སྙིང་རྗེ་ནི། །སྐྱེས་


DNG025_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ངལ་བ་དོན་མེད་ལ། །འདི་དག་ཐབས་ཀྱི་མཆོག་ཤེས་ན། །ཡང་དག་སྤྱོད་པ་བླ་ན་མེད། །སངས་རྒྱས་བྱང་ཆུབ་གདོན་མི་ཟ། །ཐབས་ལས་མཁས་བྱུང་ཐབས་རེ་ཆེ། །ཐབས་ཀྱི་ཐབས་འདུལ་ཐབས་བསམ་ཡས། །རྟོགས་པ་ཐམས་ཅད་ཐབས་སུ་གསལ། །ཐབས་ཀྱི་ཏིང་ངེ་འཛིན་བསྒོམ་ན། །ངན་སོང་འཁོར་བ་ཐབས་ཀྱི་ཞིང་། །ཉོན་མོངས་དུག་ལྔ་ཐབས་ཀྱི་ལམ། །ཐབས་ཆེན་པོ་ཡི་མཛད་སྤྱོད་ཀྱིས། །ཐམས་ཅད་མ་ལུས་སངས་རྒྱས་སོ། །ཐར་པ་ཆེན་པོ་ང་ཡི་སྐས། །མུན་པར་འཐིབས་པའི་སེམས་ཅན་ལ། །ཐབས་ཀྱི་སྒྲོན་མ་འདི་བཏེག་པས། །ཀུན་གྱིས་གོ་ཞིང་གསལ་བར་ཤོག །ང་ནི་རང་བཞིན་མེད་པ་སྟེ། །སྤྲོས་བྲལ་འཛིན་པས་ཀློང་བརྡལ་བས། །མཚན་མར་འཛིན་པ་ང་ཡི་དགྲ། །རང་སེམས་ཀུན་ཏུ་བཟང་པོ་ལ། །ཕྱོགས་དང་རིས་སུ་མི་སྣང་ན། །ང་དང་བདག་ཏུ་རྟོག་པ་ནི། །འཁྲུལ་པ་ཡིན་ཏེ་ངན་སོང་རྒྱུ། །བདག་གི་སེམས་ཉིད་བཟང་པོ་ལ། །སངས་རྒྱས་ཐོག་མ་ཐ་མ་མེད། །རྒྱུ་ལ་བཟང་དང་ངན་པ་མེད། །འབྲས་བུ་གྲུབ་དང་མ་གྲུབ་མེད། །ཁོམ་ལྡན་ཆེན་པོའི་བདེ་སྐྱིད་ལ། །སྡུག་བསྔལ་ཉེན་པོའི་འཕོ་འཇུག་ཅིང་། །ཆོས་ཉིད་མཉམ་པའི་བདེ་བ་ལ། །གཟུང་འཛིན་རྟོག་པའི་རྫས་ཅི་ཡོད། །སངས་རྒྱས་དཀྱིལ་འཁོར་མ་ལུས་ཀྱང་། །ང་ཡི་ཐབས་ལ་རབ་ཏུ་གནས། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། ཐབས་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཤེས་རབ་ཡེ་ནས་ཆེ་བ་འདི་བཀའ་སྩལ་ཏོ། །དོན་དམ་སྤྲོས་པ་མེད་པ་ཡི། །མ་གཡོས་ཆོས་ཉིད་སྐྱེ་འགག་མེད། །ཤེས་རབ་ཡེ་ནས་ཆེ་བ་ཡི། །འདི་ཡི་གོང་ན་སངས་རྒྱས་མེད། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་རྣམས་ཁོང་དུ་ཆུད་པར་བྱེད། །སྐྱེ་བ་མེད་པས་འགག་པ་མེད། །དམིགས་པ་མེད་པས་སྤྲོས་པ་


DNG025_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །འདུས་མ་བྱས་པས་རྣམ་དག་དབྱིངས། །རང་བཞིན་མེད་པས་བརྗོད་དང་བྲལ། །ཀུན་ལ་ཁྱབ་པས་ཡབ་ཀྱི་ངང་། །ཐམས་ཅད་བསྐྱེད་པས་ཡུམ་གྱི་དབྱིངས། །བརྗོད་པ་མེད་པའི་ཤེས་རབ་ལ། །དམིགས་པ་མེད་པའི་ཏིང་འཛིན་གསལ། །ཀུན་གཞི་ཡུམ་གྱི་ཤེས་རབ་ལ། །རང་བྱུང་ཐབས་ཀྱི་ཡེ་ཤེས་ཤར། །འདུས་མ་བྱས་པའི་ཀློང་དཀྱིལ་ན། །སེམས་ཀྱི་རྒྱལ་པོ་ཡེ་ཤེས་འཕྱོ། །སྐྱེ་འགག་མེད་པའི་ཀློང་དཀྱིལ་ན། །ཤེས་རབ་མི་གཅིག་གསལ་བ་ནི། །ཡོངས་ལ་དབང་བསྒྱུར་རྒྱལ་པོ་སྟེ། །ཐམས་ཅད་རོལ་པའི་དབང་ཕྱུག་སྟེ། །མ་འགགས་པར་ཡང་ཡེ་ཤེས་གསལ། །དེས་ན་དུག་རྣམས་ཀུན་སེལ་བ། །ནད་དོ་ཅོག་དང་བྲལ་བ་ཡིས། །བདུད་རྩི་རང་བྱུང་དཀྱིལ་འཁོར་གསལ། །དབང་པོ་ཡུམ་གྱི་ཤེས་རབ་ལ། །ཐབས་ཀྱི་ཞགས་པས་འདྲེལ་བ་སྐྱོང་། །འབྱུང་བའི་རྒྱལ་པོ་གདོད་ནས་དག །དུས་གསུམ་བདེ་གཤེགས་བསྐྱེད་པའི་ཡུམ། །ཡུམ་ནི་ཤེས་རབ་ཕ་རོལ་ཕྱིན། །མི་སྐྱེ་མི་འགག་བརྡལ་བ་ལ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །དག་གོ་ཤེས་རབ་ཆེན་པོའི་དབྱིངས། །འཛིན་དང་བྲལ་ལོ་ཤེས་པ་མེད། །རྟོག་པ་མེད་པས་སྨྲ་བསམ་འདས། །བརྗོད་པ་མེད་པས་ནམ་མཁའི་ཚུལ། །རང་བཞིན་མེད་པས་ཆོས་ཀྱི་དབྱིངས། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའོ། །ཕྱི་ནང་མེད་པར་ཀུན་ཏུ་སྣང་། །དག་ལ་དྲི་མ་མེད་པའོ། །སྣང་ལ་རང་བཞིན་མེད་པ་ཡི། །ཆུ་ཟླ་སྒྱུ་མ་སྨིག་རྒྱུ་བཞིན། །མེད་པ་ཟང་མ་མ་ཡིན་ཏེ། །ཡོད་པར་ཡང་ནི་མ་ཡིན་ནོ། །ཡོད་མེད་གཉིས་ལ་འདས་པ་ཡི། །རང་བཞིན་མེད་པས་ཡིད་ལ་དྲན། །ཤེས་རབ་ཆེན་པོས་རྟོགས་པའི་རྟགས། །མཁའ་ལྟར་མཉམ་པ་ཉིད་གནས་ན། །ཤེས་རབ་ཆེན་པོས་ཁྱབ་པའི་རྟགས། །མི་གཡོ་མཉམ་གཞག་འདུས་མ་བྱས། །ཤེས་རབ་ཆེན་པོར་གྲུབ་པའི་རྟགས། །མ་ཆགས་ཐབས་ཀྱིས་ཀུན་སྤྱོད་ན། །ཤེས་རབ་ཆེན་


DNG025_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐོབ་པའི་རྟགས། །རྣལ་འབྱོར་ཆེན་པོ་སུ་ཡོད་པ། །ཤེས་རབ་ཆེ་བ་རྟོགས་འདོད་ན། །ལེའུ་འདི་ལས་བཙལ་བར་བྱའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། ཤེས་རབ་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སྐྱོན་གྱི་རྒྱུ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱོན་གྱི་རྒྱུ་ལས་མ་གཏོགས་པ། །སངས་རྒྱས་གཞན་ནས་ཡོངས་མེད་དེ། །སྨན་མཆོག་བདུད་རྩི་འབྱུང་བ་ཡང་། །དུག་ཡོད་པ་ལ་སྨན་དུ་འབྱུང་། །དུག་ལ་སྨན་གྱི་རྒྱུ་མེད་པས། །ཐམས་ཅད་སྨན་ལ་སྨན་མིང་མེད། །ལེགས་པ་ཐམས་ཅད་འབྱུང་བ་ཡང་། །སྐྱོན་གྱིས་ལེགས་པ་འབྱུང་བར་བྱེད། །སྐྱོན་གྱི་མཚན་མ་ཅི་བྱུང་ཡང་། །དེ་ཉིད་ལེགས་པ་ཡིན་ཤེས་ན། །གཞན་དུ་ལེགས་པ་བསྒྲུབ་མི་དགོས། །དུག་ཉིད་སྨན་གྱི་དོན་ཤེས་ན། །གཞན་ནས་བདུད་རྩི་བཙལ་མི་དགོས། །སྐྱོན་ཉིད་དག་པར་མ་རྟོགས་ཤིང་། །རྒྱུ་ལ་འབྲས་བུར་མ་རིག་ན། །དོན་དང་ངེས་པའི་གཏན་ཚིགས་མེད། །སྨྱོན་པ་གྲིབ་མ་བསྙེགས་པ་བཞིན། །བདས་ཀྱང་སླེབ་ཅིང་ཟིན་པ་མེད། །དེ་བཞིན་སྐྱོན་རྒྱུ་མི་ཤེས་པས། །བསྒོམས་པས་འབྲས་བུ་མི་རྙེད་ལ། །བརྟགས་པས་ཆོས་ཉིད་རྫས་སུ་གོལ། །བསྒྲུབས་པས་རྟགས་སུ་མི་སྣང་སྟེ། །དེ་ཉིད་གླེན་པའི་རང་བཞིན་ཅན། །དེ་བས་དོན་འདི་གོམས་པར་བྱོས། །བྱང་ཆུབ་སེམས་ཀྱང་སྐྱོན་གྱི་རྒྱུ། །སངས་རྒྱས་ཐམས་ཅད་སྐྱོན་གྱི་རྒྱུ། །སྐྱོན་གྱི་རྒྱུ་འདི་མི་ཤེས་ན། །ཡོན་ཏན་རྒྱུ་འདི་སུ་ལ་ཡོད། །སྐྱོན་གྱི་རྒྱུ་འདི་མ་རིག་པ། །མ་རིག་པ་ནི་དབྱིངས་ཀྱི་མཛོད། །དེ་ཡི་གོང་ན་ཆེ་བ་མེད། །སྐྱོན་གྱི་རྒྱུ་ནི་འཛིན་རྟོག་གཉིས། །འཛིན་རྟོག་ཐབས་དང་ཤེས་རབ་ནི། །སྐྱོན་གྱི་རྒྱུ་ལས་ཆེ་བ་མེད། །སྐྱོན་གྱི་རྒྱུ་ནི་ཉོན་མོངས་ལྔ། །ཉོན་མོངས་ཡེ་ཤེས་ལྔར་སྣང་ན། །སྐྱོན་གྱི་རྒྱུ་ལས་ཆེ་བ་མེད། །སྐྱོན་གྱི་རྒྱུ་ནི་རྟག་ཆད་གཉིས། །རྟག་ཆད་


DNG025_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དང་ཡེ་ཤེས་ན། །སྐྱོན་གྱི་རྒྱུ་ལས་ཆེ་བ་མེད། །སྐུ་དང་ཡེ་ཤེས་བཤད་པ་ཡང་། །སྐྱོན་གྱི་རྒྱུ་ལས་མ་གཏོགས་པ། །གཞན་ནས་བཤད་པ་ཅི་ཡང་མེད། །ཡང་དག་ངེས་པར་དོན་བསྟན་པ། །འོང་མེད་འགྲོ་མེད་འཕོ་མེད་པ། །སངས་རྒྱས་བྱང་ཆུབ་དེ་ལ་ཡོད། །བཅོས་མེད་འགྱུར་མེད་མ་བཅོས་པ། །ཡེ་ཤེས་ཆོས་ཉིད་དེ་ལ་ཡོད། །མ་བསླད་མ་བཙལ་མཉམ་གཞག་པ། །མཉམ་པའི་ཡེ་ཤེས་དེ་ལ་ཡོད། །དག་པའི་རྒྱུ་དེ་སྔོན་ནས་གསལ། །གྲུབ་པའི་མཐུ་དེ་ནང་ནས་ཤར། །ཐར་པའི་ལམ་དེ་གཞི་ལ་བཞག །མཁྱེན་པའི་རྒྱུ་དེ་སེམས་ལ་སྤྱད། །བཟང་དང་ལམ་ནི་ཐིག་ལེར་བཅའ། །ཀུན་ཏུ་བཟང་པོ་བཅོམ་ལྡན་འདས། །ཤེས་པར་གྱིས་ལ་སྐྱོན་ལ་ཞོག །སྐྱོན་རྒྱུ་ཡེ་ནས་ཆེ་བ་མེད། །རྣལ་འབྱོར་གཞུང་མཐུན་གང་ཞིག་ཡོད། །སྐྱོན་རྒྱུ་ཆེ་བར་རྟོགས་འདོད་ན། །ལེའུ་འདི་ལས་བཙལ་བར་བྱའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། སྐྱོན་གྱི་རྒྱུ་ཡེ་ནས་ཆེ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡོན་ཏན་གྱི་རྒྱུ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་ཆེ་བའི་རང་བཞིན་ལ། །དག་པ་ཉིད་དུ་འདི་ལྟར་བཤད། །སངས་རྒྱས་ཀུན་གྱི་ཡོན་ཏན་ནི། །ང་ཡི་སེམས་ལས་བྱུང་བ་སྟེ། །ང་ཡི་སྐུ་ནི་མི་འགྱུར་བའོ། །ང་ཡི་གསུང་ནི་མི་འགག་པའོ། །ང་ཡི་ཐུགས་ནི་མ་བཅོས་པའོ། །ང་ཡི་མཛད་པ་ཁྱད་པར་ཆེ། །ང་ཡི་རོལ་པ་ཐབས་ལ་མཁས། །ང་ཡི་བྱིན་རླབས་འདུས་མ་བྱས། །ང་ཡི་མཐུ་སྟོབས་འཛིན་རྟོག་བཅོམ། །ང་ལ་ང་ཞེས་བྱ་བ་མེད། །ང་མེད་བདག་མེད་ཕྱོགས་མེད་པའི། །འཛིན་རྟོག་མེད་པའི་ཤེས་རབ་བརྡལ། །རྟག་ཆད་མེད་པའི་ཡེ་ཤེས་ཤར། །ཡོན་ཏན་ཡེ་ནས་ཆེ་བ་ཡི། །འདི་ཡི་གོང་ན་སངས་རྒྱས་མེད། །འཁོར་བ་མེད་པའི་ཕ་རོལ་ན། །མྱ་ངན་འདས་པའི་མིང་ཡང་མེད། །འཁོར་བ་ཉིད་ན་ཡོན་ཏན་ཆེ། །ངན་སོང་མེད་པའི་ཕ་རོལ་ན། །མཐོ་རིས་


DNG025_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་མིང་ཡང་མེད། །ངན་སོང་ཉིད་ན་ཡོན་ཏན་ཆེ། །སེམས་ཅན་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །སེམས་ཅན་ཉིད་ན་ཡོན་ཏན་ཆེ། །ཉོན་མོངས་མེད་པའི་ཕ་རོལ་ན། །ཡེ་ཤེས་བྱ་བའི་མིང་ཡང་མེད། །ཉོན་མོངས་ཉིད་ན་ཡོན་ཏན་ཆེ། །ཆོས་ཅན་མེད་པའི་ཕ་རོལ་ན། །ཆོས་ཉིད་བྱ་བའི་མིང་ཡང་མེད། །ཆོས་ཅན་ཉིད་ན་ཡོན་ཏན་ཆེ། །རྣམ་པར་དག་པ་རྒྱུ་ནས་དག །རང་སྣང་འབྲས་བུ་དང་པོ་གནས། །འཕགས་པའི་རང་བཞིན་རྒྱུ་ལ་རྫོགས། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །འདི་ནི་ཡོན་ཏན་ཆེ་བའི་རྒྱུད། །ཡེ་ནས་ཆེ་བའི་དོན་ཡིན་ཏེ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ལྷ་རྣམས་དང་། །གང་དག་ཕོ་མོ་མ་ནིང་རྒྱུད། །འཁྲུལ་པས་བཏགས་པའི་རྒྱུ་ཙམ་དང་། །ཤེས་རབ་དམན་ལ་བསྟན་པའི་ཕྱིར། །རྨོངས་པའི་བློ་ལ་སྣང་བར་ཟད། །ཀུན་ཏུ་བཟང་པོའི་རང་བཞིན་ལ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །ཆེ་ཆུང་མ་ཡིན་རིགས་རྒྱུད་མིན། །རྟག་ཆད་མ་ཡིན་མཚན་མར་མིན། །ཕྱི་ནང་མ་ཡིན་དངོས་པོར་མིན། །རིགས་དང་ཁ་དོག་བསྟན་པར་མེད། །མེད་པ་མ་ཡིན་སྙིང་པོའི་དོན། །རྣལ་འབྱོར་སྐལ་ལྡན་རྣམས་ཀྱིས་རིག །དོན་དང་ལྡན་པའི་སེམས་ལ་གསལ། །རང་བཞིན་ཡོངས་ཀྱིས་དག་པ་ལ། །གཉེན་པོས་བཅོས་ཤིང་དག་ཏུ་མེད། །མཚན་ཉིད་ཡོངས་ཀྱིས་ཞི་བ་ལ། །སྟོབས་ལྡན་ཚད་མས་དེ་ལྟར་གསལ། །རྒྱུ་དང་འབྲས་བུ་དབྱེར་མེད་ལ། །མཚན་ཉིད་འཛིན་ཅིང་རིགས་སུ་འབྱེད། །དོན་དང་འགལ་ཞིང་བརྟག་པར་དཀའ། །རང་སེམས་གདོད་ནས་མ་སྐྱེས་ན། །འཕོ་ཞིང་འགྱུར་བའི་གནས་ཀྱང་མེད། །བཙལ་ཞིང་སྒྲུབ་པའི་ས་ཡང་མེད། །མེད་པའང་མ་ཡིན་འགྱུར་མེད་སྐུ། །འདུ་འབྲལ་མེད་པའི་དབྱིངས་ཉིད་ལ། །བཟང་ངན་སྤང་ལེན་རྣམ་རྟོག་


DNG025_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དབྱེར་མེད་ཆེ་ཆུང་རིམ་པ་མེད། །སྐྱེ་ཤི་གཉིས་ཀྱི་མཚན་མ་མེད། །མེད་པའང་མ་ཡིན་ཁྱབ་པའི་སྐུ། །མི་འབྱེད་མཉམ་པའི་སྤྱོད་པ་ལ། །རང་སྣང་ཐབས་ཀྱི་རྒྱལ་པོར་རོལ། །འདུས་མ་བྱས་པའི་ཀློང་ཉིད་ན། །བཅོས་པ་མེད་པའི་ཡེ་ཤེས་ཤར། །འཛིན་རྟོག་མེད་པའི་ཆོས་ཉིད་ལ། །བཙལ་བ་མེད་པའི་སེམས་ཉིད་གནས། །གནས་ཙམ་ཉིད་ན་རྟོག་པ་མེད། །རྟག་མེད་ཆད་མེད་བདེ་བ་ཆེ། །འགྱུར་མེད་རྩལ་མེད་རང་བྱུང་གནས། །ང་མེད་བདག་མེད་ཕྱོགས་རིས་མེད། །ཆེ་མེད་ཆུང་མེད་གསང་བའི་ཁྲ། །བཟང་མེད་ངན་མེད་ཀུན་བཟང་ཆེ། །མ་སྤྱོད་ཇི་བཞིན་དབྱིངས་ན་གསལ། །མ་བསྐྱེད་རྫོགས་པས་རྫོགས་ཆེན་དང་། །བྱ་བྲལ་མེད་པས་འདུས་མ་བྱས། །སྨོན་དུ་མེད་པས་རང་ལ་རྫོགས། །ཁམས་གསུམ་སྣོད་བཅུད་མ་ལུས་ཀུན། །བདེ་བ་ཆེན་པོ་ཉིད་ཀྱི་རྒྱན། །ཡོན་ཏན་ཆེ་བའི་ཞིང་ཁམས་ལ། །མ་ལུས་པར་ཡང་སངས་རྒྱས་སོ། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །རང་བྱུང་དག་པའི་དབྱིངས་ཉིད་ལ། །རྣམ་དག་ཀློང་དུ་སངས་རྒྱས་པས། །ཡོན་ཏན་ཆེན་པོ་དེ་ལྟར་གསལ། །བཙལ་དང་བཅས་པས་མ་གྲུབ་སྟེ། །མ་བཙལ་བཞག་པས་བཙལ་བས་གྲུབ། །སྒྲོ་བཏགས་མཚན་མའི་སྐྱོན་རྣམས་སྤངས། །ཐམས་ཅད་ཡོངས་སུ་བདེ་བརྡལ་ན། །ཡོན་ཏན་ཆུང་བ་གང་ཡང་མེད། །ཐམས་ཅད་ཀུན་བཟང་ཡོན་ཏན་ལ། །སྐྱོན་དུ་བྱ་བ་གང་ཡང་མེད། །ཤིན་ཏུ་རྣལ་འབྱོར་གང་ཡོད་པས། །ཡོན་ཏན་རྒྱ་ཆེན་རྟོགས་འདོད་པས། །ལེའུ་འདི་ལས་བཙལ་བར་བྱ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། ཡོན་ཏན་གྱི་རྒྱུད་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་སངས་རྒྱས་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་ཡེ་ནས་ཆེ་བ་ནི། །འཁོར་བ་སངས་པས་བདེ་ཆེན་རྒྱས། །སྣང་སྲིད་སངས་པས་བདེ་ཆེན་རྒྱས། །མ་རིག་སངས་པས་ཡང་དག་རྒྱས། །གཏི་མུག་སངས་པས་ཤེས་རབ་རྒྱས། །


DNG025_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རྩོལ་བས་མ་ཡིན་ཏེ། །རྟོགས་པ་ཉིད་ཀྱི་ཀློང་ནས་སངས། །རིག་པ་ཉིད་ཀྱི་དབྱིངས་ན་རྒྱས། །སངས་རྒྱས་ཡེ་ནས་ཆེ་བ་ཡི། །འདི་ཡི་གོང་ན་སངས་རྒྱས་མེད། །ཕུང་པོ་ལྔ་པོ་རིགས་ལྔའི་ངང་། །རིགས་ལྔ་སངས་རྒྱས་ཡེ་ཤེས་ཀློང་། །ཡེ་ཤེས་ཆེན་པོ་བཙལ་མེད་པས། །སངས་རྒྱས་ཡེ་ནས་ཆེ་བ་ཡིན། །འབྱུང་བ་ལྔ་ཡི་ཡུམ་ལྔའི་ངང་། །ཡུམ་ཆེན་ལྔ་པོ་དབྱིངས་ཀྱི་ཀློང་། །ཆོས་དབྱིངས་ཆེན་པོ་བཙལ་མེད་པས། །སངས་རྒྱས་ཡེ་ནས་ཆེ་བ་ཡིན། །རྣམ་པར་ཤེས་པ་སེམས་དཔའི་ངང་། །སེམས་དཔའ་ཆེན་པོ་སྤྲུལ་པའི་ཀློང་། །སྤྲུལ་པ་ཆེན་པོ་བཙལ་མེད་པས། །སངས་རྒྱས་ཡེ་ནས་ཆེ་བ་ཡིན། །ཡུམ་གྱི་རྣམ་པར་ཤེས་པའི་ངང་། །འཁོར་གྱི་སེམས་མ་ཁྱབ་པའི་ཀློང་། །སྤྲུལ་པ་ཆེན་པོ་བཙལ་མེད་པས། །སངས་རྒྱས་ཡེ་ནས་ཆེ་བ་ཡིན། །ཡན་ལག་ཁྲོ་བོ་ཁྲོ་མོའི་ངང་། །ཁྲོ་བོ་ཁྲོ་མོ་རོལ་པའི་ཀློང་། །རོལ་པ་ཆེན་པོ་བཙལ་མེད་པས། །སངས་རྒྱས་ཡེ་ནས་ཆེ་བ་ཡིན། །འཇིག་རྟེན་དྲུག་པོ་ཐུབ་པའི་ངང་། །ཐུབ་པ་ཆེན་པོ་འདུལ་བའི་ཀློང་། །འདུལ་བ་ཆེན་པོ་བཙལ་མེད་པས། །སངས་རྒྱས་ཡེ་ནས་ཆེ་བ་ཡིན། །དབྱིངས་དང་རིག་པ་བཟང་མོའི་ངང་། །ཀུན་བཟང་ཡབ་ཡུམ་གནས་པའི་ཀློང་། །གནས་པ་ཆེན་པོ་བཙལ་མེད་པས། །སངས་རྒྱས་ཡེ་ནས་ཆེ་བ་ཡིན། །སངས་རྒྱས་ཡེ་ནས་ཆེ་བ་ཡི། །འདི་ཡི་གོང་ན་སངས་རྒྱས་མེད། །གང་ཞིག་མཚན་མ་རྟག་འཛིན་ལ། །གྲངས་དང་སངས་རྒྱས་སྦྱར་བ་ཙམ། །བགྲངས་ཀྱང་སངས་རྒྱས་བགྲངས་ལས་འདས། །བགྲངས་ཀྱང་མུ་མེད་བརྗོད་ལས་འདས། །དོན་དམ་དུ་ནི་གང་ཡང་མེད། །ཇི་སྲིད་མཚན་མ་ཡོད་ཀྱི་བར། །དེ་བཞིན་སངས་རྒྱས་སྐུ་ཡང་ཡོད། །ཇི་སྲིད་མཚན་མ་མེད་པ་ནི། །དེ་བཞིན་སངས་རྒྱས་སྐུ་ཡང་མེད། །ཇི་སྲིད་གྲངས་རྣམས་ཡོད་ཀྱི་བར། །དེ་བཞིན་ལྷ་ཡི་གྲངས་ཀྱང་ཡོད། །ཇི་སྲིད་གྲངས་རྣམས་མེད་ནས་ནི། །དེ་བཞིན་ལྷ་ཡི་གྲངས་


DNG025_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མེད། །མ་རིག་འཁྲུལ་པའི་སྒོ་ཙམ་དུ། །གྲངས་ལ་བརྟགས་ཀྱི་མཚོན་པར་ཟད། །དོན་དམ་བཅོས་པ་མེད་པ་ལ། །བརྡལ་བའི་སྐུ་གཅིག་བསྡུས་པ་ལས། །རིགས་དང་རྟགས་སུ་གང་ལ་བསྟན། །སངས་རྒྱས་ཡེ་ནས་ཆེ་བ་ནི། །ཡོད་དེ་དངོས་པོ་མ་ཡིན་ཏེ། །ཆུ་ཟླ་བཞིན་དུ་རང་བཞིན་མེད། །མེད་དེ་ཆད་པ་མ་ཡིན་ཏེ། །ནམ་མཁའི་དབྱིངས་ལྟར་ཅིར་ཡང་སྣང་། །གཅིག་སྟེ་རྟག་པ་མ་ཡིན་ཏེ། །དོན་དམ་གཅིག་ཏུ་ཐམས་ཅད་འདུས། །གཉིས་ཏེ་ཕྱལ་པ་མ་ཡིན་ཏེ། །ཡོངས་ལ་ཁྱབ་པས་བརྡལ་བའི་སྐུ། །ཕྱོགས་ཆར་མི་འཛིན་རིགས་མི་འབྱེད། །གཉིས་སུ་མི་རྟོག་ངར་མི་འཛིན། །ཡོངས་ལ་ཕྲ་ཡང་དོགས་པ་མེད། །ཀུན་ལ་མཐུན་ལ་དོན་དང་འཚམས། །བདག་ཏུ་ཤེས་ལ་གཞན་སྡུད་པ། །སངས་རྒྱས་ཡེ་ནས་ཆེ་བ་ཡིན། །སངས་རྒྱས་ཡེ་ནས་ཆེ་བ་ནི། །བཙལ་བ་མ་ཡིན་རྟོགས་པ་ཡིན། །གྲུབ་པ་མ་ཡིན་གནས་པ་མིན། །གཞན་དུ་མ་ཡིན་བདག་ཉིད་ཡིན། །བདག་ཉིད་མ་ཡིན་གཞན་མ་ཡིན། །གཞན་མ་མ་ཡིན་ཕྱོགས་རིགས་མིན། །ནུས་མཐུ་མ་ཡིན་བྱིན་རླབས་ཡིན། །སྤྲུལ་པ་མ་ཡིན་རྩལ་གཅིག་སྤྱོད། །ཉོན་མོངས་མི་སྣང་འཕྲོ་འདུའི་ཚུལ། །ཅིར་ཡང་བསྟན་ཏེ་ཅིར་མ་བསྟན། །གང་ལྟར་སྣང་ཡང་གང་དུ་མེད། །གང་ལྟར་བརྟགས་ཀྱང་གང་ཡང་མེད། །མེད་པ་མ་ཡིན་དྲན་ཅིང་རིག །ཆད་པར་མ་སོང་རིག་ཅིང་རྟོགས། །རྟག་པར་མ་སོང་དངོས་པོ་མེད། །གཉིས་སུ་མ་སོང་རྟག་པ་མེད། །གཅིག་ཏུ་མ་སོང་ཀུན་ལ་ཁྱབ། །དང་པོ་བསྐྱེད་པའི་རྒྱུ་མེད་པས། །ཐ་མ་འཆི་ཞིང་འཕོ་བ་མེད། །ད་ལྟར་དངོས་པོ་རྫས་མེད་པས། །རྟག་པས་ཆགས་ཤིང་གཟུང་བ་མེད། །འཁོར་བ་སྒྱུ་མའི་རྫས་འདྲ་བས། །བདེ་སྡུག་བཟང་ངན་དོན་ལ་མེད། །མི་རྟག་སྡུག་བསྔལ་རྨི་ལམ་འདྲ། །གང་ལ་བརྟགས་ཀྱང་དེ་ལ་འཁྲུལ། །བརྟགས་པས་ཆོས་ནི་གཅིག་ཀྱང་མེད། །མེད་པའང་མ་ཡིན་རིག་པ་ཙམ། །ཆུ་ནི་རྒྱ་མཚོ་ཉིད་དུ་རྒྱུ། །སངས་རྒྱས་རྟོག་པ་ཉིད་ལས་བྱུང་། །ཆོས་ནི་


DNG025_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པ་མེད་པའི་ཆོས། །རྟགས་ནི་མ་འདྲེས་གསལ་བའི་རྟགས། །དོན་ནི་འགྱུར་བ་མེད་པའི་དོན། །དེ་ལྟར་ཐོབ་པ་སངས་རྒྱས་ཞེས། །ཡེ་ནས་ཆེ་བ་ཡིན་པར་བཤད། །རྣལ་འབྱོར་འདི་རྟོགས་བཅོམ་ལྡན་འདས། །ཤེས་པར་གྱིས་ལ་དེ་ལ་ཞོག །སངས་རྒྱས་ཡེ་ནས་ཆེ་བའོ། །རྣལ་འབྱོར་སྐྱེས་བུ་གང་ཡོད་པ། །སངས་རྒྱས་ཆེ་བ་འདི་རྟོགས་ན། །ལེའུ་འདི་ལས་བཙལ་བར་བྱའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། སངས་རྒྱས་ཡེ་ནས་ཆེ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་སེམས་ཅན་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །སེམས་ཅན་ཡེ་ནས་ཆེ་བ་ཡི། །དོན་འདི་བསྟན་པ་འདི་ཡིན་ནོ། །འབྱུང་བའི་གཏོས་སུ་ནམ་མཁའ་ཆེ། །ཆོས་ཉིད་གཏོས་སུ་ཆོས་ཅན་ཆེ། །སངས་རྒྱས་སེམས་ཅན་བསྐྱེད་པས་ནི། །དེ་ཕྱིར་སེམས་ཅན་སངས་རྒྱས་ཡུམ། །སངས་རྒྱས་ཐམས་ཅད་འབྱུང་བས་ན། །དེ་ཕྱིར་སེམས་ཅན་སངས་རྒྱས་ཡབ། །སྔ་རབས་འདས་པའི་སངས་རྒྱས་ཀྱང་། །སྔ་རབས་འདས་པའི་སེམས་ཅན་ཡིན། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །ད་ལྟར་བཞུགས་པའི་སེམས་ཅན་ཡིན། །སླད་ཀྱི་འབྱོན་པའི་སངས་རྒྱས་ཀྱང་། །སླད་ཀྱི་འབྱོན་པའི་སེམས་ཅན་ཡིན། །དེས་ན་སངས་རྒྱས་སེམས་ཅན་པས། །སངས་རྒྱས་པས་ཀྱང་སེམས་ཅན་ཆེ། །བརྟགས་པས་སེམས་ཅན་ཐམས་ཅད་གཅིག །སེམས་ཅན་གཅིག་པས་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ཡང་སེམས་ཅན་ཡིན། །སེམས་ཅན་བརྟགས་པས་དངོས་པོ་མེད། །དངོས་པོ་མེད་པས་ཆོས་ཀྱི་དབྱིངས། །ཆོས་ཀྱི་དབྱིངས་ཀྱང་སེམས་ཅན་ཡིན། །སེམས་ཅན་ཤེས་པས་གསལ་བར་གོ། །གསལ་བར་གོ་བ་ཡེ་ཤེས་ཏེ། །ཡེ་ཤེས་ཉིད་ཀྱང་སེམས་ཅན་ཡིན། །སངས་རྒྱས་ཀུན་གྱི་འབྱུང་གནས་མཛོད། །དེ་ཕྱིར་སངས་རྒྱས་སེམས་


DNG025_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མེད། །སངས་རྒྱས་སྤྲུལ་པ་ཅིར་ཡང་སྟོན། །དེ་ཕྱིར་སེམས་ཅན་སངས་རྒྱས་སྲས། །ཁམས་གསུམ་སེམས་ཅན་སྐུ་གསུང་ཐུགས། །སྲིད་པ་གསུམ་གྱི་དབྱིངས་ཀྱི་ཀློང་། །རྒྱུད་དྲུག་སེམས་ཅན་དོན་དམ་དང་། །མཐའ་ཡས་སེམས་ཅན་ལམ་གྱི་མཆོག །ཐབས་ཀྱི་རྒྱལ་པོར་གང་ཤེས་པ། །དེ་ཉིད་དོན་རྫོགས་ཆོས་ཀྱི་སྐུ། །མ་སྐྱེས་ཤེས་རབ་དོན་ཤེས་ལ། །དེ་ཉིད་བཅོས་མེད་མན་ངག་འཆང་། །རང་བྱུང་རྒྱལ་པོའི་སེམས་ཅན་ལ། །རིག་པའི་རྒྱལ་པོ་རྣམ་ཤེས་ཤར། །ཕུང་པོ་ཐིག་ལེ་ཆེན་པོར་རོལ། །རྣམ་པར་དག་པའི་བདེ་བ་བརྡལ། །སྐྱེ་མཆེད་ཏིང་འཛིན་གསལ་བ་ལ། །ཐབས་ཀྱི་འཕྲོ་འདུ་གསལ་བར་སྟོན། །གང་ལ་དཔེ་བསྟན་དེ་བཞིན་དུ། །དེ་བཞིན་སེམས་ཅན་དཔེར་བསྟན་པས། །བདེ་བ་ཆེན་པོའི་མན་ངག་འབྱུང་། །དག་པས་བརྟགས་པ་ཀུན་ཀྱང་གཙང་། །རྟོགས་པས་བསམ་ན་གང་ཡང་འགྲུབ། །ལྟ་བ་ཡངས་པའི་ནམ་མཁའ་ལ། །འཛིན་རྟོག་མེད་པའི་འོད་བརྡལ་བས། །གང་ཡང་མ་སྤངས་ལྷུན་གྱིས་གྲུབ། །མུ་མཐའ་མེད་པའི་ཤེས་རབ་ལ། །སྐྱེ་བ་མེད་པའི་ཀློང་བརྡལ་བས། །རྣམ་པར་དག་པའི་དབྱིངས་སུ་མཁྱེན། །མ་བྱུང་མ་སྐྱེས་སྐྱེ་བ་མེད། །སྐྱེ་མེད་ཐ་སྙད་སྒྲོ་བཏགས་པ། །ནན་གྱི་མཁའ་ལ་འཛིན་པ་ལྟར། །དེ་དག་རྟགས་སུ་མི་སྣང་བས། །ཤེས་རབ་ཆུང་ལྡན་འཁྲུལ་པར་འགྱུར། །ཚིག་དང་ལྡན་ཡང་དོན་ལས་གོལ། །མན་ངག་གདེང་དུ་ཡོངས་མི་ཆུད། །གང་ཞིག་ཤེས་རབ་ཞན་པ་ཡིས། །སྒྲོ་བཏགས་ཆོས་ལ་ཡི་རང་བ། །ལོང་བ་ལམ་ནོར་འཁྲུལ་པ་ལྟར། །ངམ་གྲོག་གཅོང་རོང་ངེས་པར་ལྟུང་། །དེས་ན་ཐེག་རྒྱལ་ངེས་པ་འདི། །ཤེས་རབ་དམན་ལ་བསྟན་མི་བྱ། །དོན་དུ་མི་འོང་སྐུར་པ་འདེབས། །གང་ཞིག་བཀའ་སྨོད་འགལ་བྱེད་པ། །དོན་དུ་མི་འགྱུར་ལོག་པའི་ལམ། །ཐར་པའི་གནས་མེད་ལྟུང་བའི་ས། །ནོར་པའི་ལམ་འཚོལ་འཁྲུལ་པའི་


DNG025_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །ཀུན་བཟང་སྟོན་པས་ཡོངས་མ་བཤད། །གང་ཟག་སྒྲིན་ཚིག་མཚན་མ་ཅན། །བདེ་བའི་དོན་མེད་ཡུག་པའི་ཚིག །མ་རིག་རྨོངས་ལ་འཁྲུལ་པའི་སེམས། །ལོག་པའི་ལམ་ཚོལ་ང་བོར་འཛིན། །རང་ཤེད་མན་ལ་ཕྱོགས་ཆར་འཛིན། །དོན་ལྡན་སྣོད་ཅན་མ་ཡིན་པས། །བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ། །ངེས་པར་དོན་ལ་གཞུག་མི་བྱ། །མཁས་པས་དོན་དང་མི་ལྡན་ཞིང་། །བདེན་པའི་དོན་བོར་ཕྱོགས་ཆར་འཛིན། །ཚིག་ཏུ་མཁས་ལ་དོན་དུ་གཡེལ། །ལོག་པའི་ལས་དགའ་བཀའ་འཆོལ་ན། །དེ་ནི་བདུད་ཀྱི་སླུ་བ་ཡིན། །སྐྱེ་བོའི་གཟུགས་ལ་སྡིག་ལ་སྤྱོད། །སྡིག་པ་དོན་དང་མི་འགལ་ཞིང་། །ཀུན་ལ་སྤྱོད་ལ་ཀུན་སྤོང་ཞིང་། །གང་དང་མཐུན་ཞིང་དུལ་བའི་སེམས། །སྤྱོད་ཅིང་གང་ལའང་མ་ཆགས་པའི། །ཇི་ལྟར་སྤྱོད་དང་བཀའ་དང་མཐུན། །གདེང་ཆེན་དོན་དང་རྟོགས་པས་མཐུན། །ངེས་པའི་བསྟན་པའི་གཞུང་འཚོལ་ན། །དེ་ནི་སངས་རྒྱས་སྤྲུལ་པ་ཡིན། །ཡང་དག་བདེན་པ་སེམས་ཅན་ནོ། །མཉམ་པ་ཉིད་ཀྱང་སེམས་ཅན་ནོ། །སྤང་ལེན་མེད་པའི་སྤྱོད་པ་ལ། །འདུ་འབྲལ་མེད་པའི་དམ་ཚིག་བསྲུང་། །བཟང་ངན་མེད་པའི་ལྟ་བ་ལ། །ཕྱོགས་རིས་མེད་པའི་སྒྲུབ་པ་སྒྲུབ། །བདེན་པའི་དོན་དང་ཚུལ་ཤེས་ན། །སེམས་ཅན་ཡིན་ན་ཡིན་དུ་ཟད། །ཡིན་ཀྱང་སེམས་ཅན་ཆེ་བ་ཡིན། །དོན་ལྡན་སྐྱེས་བུས་ཤེས་པར་གྱིས། །ཤིན་ཏུ་རྣལ་འབྱོར་ཡང་ཡོད་པ། །སེམས་ཅན་ཆེ་བར་རྟོགས་འདོད་ན། །ལེའུ་འདི་ལས་བཙལ་བར་བྱའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། སེམས་ཅན་ཡེ་ནས་ཆེ་བའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་རྟོགས་པ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྟོགས་པ་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །རྟོགས་པ་ཡེ་ནས་ཆེ་བ་ཡི། །དོན་འདི་བསྟན་པས་འདི་ཡིན་ནོ། །


DNG025_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་མི་གཙོ་རྟོགས་པ་གཙོ། །མཁས་པའི་ཚིག་ནི་ཐན་པ་ཡིན། །རྟོགས་པ་ཆོས་ཉིད་ཀློང་ན་འཕྱོ། །བཤད་པ་མི་གཙོ་བསྒོམ་པ་གཙོ། །བཤད་པའི་ཚིག་ནི་བཤད་ར་མཁན། །སྒོམ་པ་ལྷ་དང་གཉིས་སུ་མེད། །སྒྲུབ་པ་བས་ཀྱང་རྟོགས་པ་རིངས། །རྟོགས་པ་གདེང་དུ་མ་ཆུད་ན། །སྒྲུབ་པས་རྟོགས་པའི་རྒྱུན་ལ་བསྒྲུབ། །སྒོམ་པས་མཚན་མའི་ངང་ལ་བསྒོམ། །རྩོལ་བ་ཉོན་མོངས་ཞེན་པས་རྩོལ། །རྟོགས་པ་ཡེ་ནས་ཆེ་བ་ནི། །སྣང་སྲིད་རྟོགས་པས་ཡེ་ཤེས་ཆེ། །ཕྱི་ནང་རྟོགས་པས་ཐིག་ལེ་ཆེ། །ཆེ་ཆུང་རྟོགས་པས་མཉམ་ཉིད་ཆེ། །ཡངས་དོག་རྟོགས་པས་ཀློང་ཆེན་ཆེ། །བཟང་ངན་རྟོགས་པས་བདེ་ཆེན་ཆེ། །བྱ་བཙལ་རྟོགས་པས་བདེ་ཆེན་ཆེ། །བདེ་སྡུག་རྟོགས་པས་བྱང་ཆུབ་ཆེ། །རྟོགས་པའི་ཀློང་ཆེན་ཕྱོགས་རིས་མེད། །མན་ངག་དོན་ལྡན་དབྱེ་བྲི་མེད། །བདེན་པའི་དོན་འཆང་འཛིན་རྟོག་མེད། །རང་བྱུང་རང་ཤར་བྱ་བཙལ་མེད། །ཐར་པའི་གནས་རིགས་སྤང་ལེན་མེད། །དབྱིངས་ཀྱི་བདེ་བརྡལ་ཕྱོགས་རིས་མེད། །རྟོགས་ན་བཅོས་མེད་སྙིང་པོར་རྟོགས། །སྟོན་ན་རང་བྱུང་འབྲས་བུར་སྟོན། །ཐོབ་ན་རྣམ་དག་བཅོས་མེད་ཐོབ། །ཉི་མ་ཤར་བས་མུན་པ་སངས། །རྒྱུ་ནི་ཐོབ་པས་འདི་བ་ནུབ། །ལུང་འདི་བྱུང་བས་རྟག་ཆད་བྲོས། །སྟོང་གསུམ་མ་ལུས་གཡུལ་ངོར་རེད། །ཁམས་གསུམ་མ་ལུས་ཚར་ལ་བཏོན། །སྲིད་གསུམ་མ་ལུས་ཐོ་ལེས་བཏབ། །འཛིན་རྟོག་གཉིས་ནི་འཆོར་མེད་བཟུང་། །ཆགས་སྡང་གཉིས་ནི་དབང་དུ་བྱས། །རྟག་ཆད་གཉིས་ནི་རྡུལ་དུ་བརླག །སྤང་ལེན་གཉིས་ནི་ཕྱེ་མར་བཏགས། །བཟང་ངན་གཉིས་ནི་སྤུགས་ཀྱིས་བསྲེས། །སངས་རྒྱས་སེམས་ཅན་གཅིག་ཏུ་བྱས། །མཐོ་རིས་ངན་སོང་གཅིག་ཏུ་གནས། །བདེ་བ་ཆེན་པོའི་ཞལ་དུ་གསོལ། །དམྱལ་བ་ཆོས་ཉིད་ངང་དུ་སྦྱངས། །ཡི་དྭགས་བཀྲེས་སྐོམ་རཾ་གྱིས་བསྲེགས། །


DNG025_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བྱོལ་སོང་གཏི་མུག་ཡཾ་གྱིས་བུས། །མི་ཡི་སྡུག་བསྔལ་ཁཾ་གྱིས་བཀྲུས། །ལྷ་མིན་འཐབ་རྩོད་ལཾ་གྱིས་ཞི། །ལྷ་ཡི་ཕྲག་དོག་ཨ་ཡིས་སྦྱངས། །ཐམས་ཅད་བདེ་ཆེན་དབྱིངས་སུ་བཙུད། །བདག་ཉིད་ཆེན་པོར་སངས་རྒྱས་པར། །གཞན་དུ་བྱ་བ་མིང་ཡང་མེད། །སངས་རྒྱས་མཛད་པ་དེ་ལྟར་མཛད། །རྟོགས་པ་སྤྱད་པ་དེ་ལྟར་སྤྱོད། །ནམ་མཁའ་ཡངས་པའི་མཚན་ཉིད་ལ། །དངོས་པོ་མཚན་མ་ཀུན་ཤོང་ལྟར། །རྟོགས་པ་ཡངས་པའི་ལྟ་བ་ལ། །འཛིན་རྟོག་མཚན་མ་ཅི་ཡང་ཤོང་། །ཤོང་པ་བས་ཀྱང་ཡངས་ཀྱང་ཡངས། །སྣང་སྲིད་རྟོགས་པས་ཕྱི་རུ་བདེ། །དོན་དམ་རྟོགས་པས་ནང་དུ་བདེ། །དབྱེར་མེད་རྟོགས་པས་གཉིས་མེད་བདེ། །སེམས་ཅན་སངས་རྒྱས་ཡིན་རྟོགས་ན། །གཞན་ནས་སངས་རྒྱས་ནོར་བའི་ལམ། །སྣང་སྲིད་སངས་རྒྱས་ཡིན་རྟོགས་ན། །གཞན་ནས་ཆོས་ཉིད་ནོར་བའི་ལམ། །ཐམས་ཅད་འདུས་པའི་དབྱིངས་ཉིད་ཆེ། །མ་ལུས་འདུས་པའི་ཐིག་ལེ་ཆེ། །ཀུན་ལ་རྟོགས་པའི་ཡེ་ཤེས་ཆེ། །གང་ཞིག་རྟོག་མེད་ཤེས་རབ་འཆལ། །རྨོངས་པ་འཁྲུལ་པའི་བྱ་བ་ནོར། །དོན་དང་མི་ལྡན་ནོར་པ་དེས། །གང་ཡང་མི་ཤེས་དོན་མི་ཤེས། །ཅི་ཡང་མི་རྟོགས་དོན་མི་རྟོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། །གང་མ་རྟོགས་ན་དེ་ཡི་བདུད། །བདུད་དང་ལོག་པའི་ཕྱོགས་རྣམས་ཀྱང་། །གང་གིས་རྟོགས་ན་དེ་ཡི་ལྷ། །ལྟ་བའི་རྒྱལ་པོའི་དམག་དཔུང་དྲངས། །སྐྱེ་ཤི་མེད་པས་གཡུལ་ངོ་སྤྲད། །བཟང་ངན་མེད་པར་ལྷུན་གྱིས་བསྐྱེད། །ཕྱོགས་རིས་མེད་པར་ཐོ་ཡིས་བཏབ། །དངོས་པོ་མཚན་མ་གཏན་ནས་བརླག །རིགས་ལྔའི་སངས་རྒྱས་ཐུགས་ངལ་སངས། །རྟོགས་པའི་རྒྱལ་པོ་འགྱོད་པ་མེད། །ལམ་ནི་ཉེ་ལམ་བདེར་རྫོགས་པ། །བཅོས་པ་མེད་པའི་ཆོས་ཉིད་ལམ། །ས་ནི་རང་བཞིན་ལྷུན་རྫོགས་པ། །ཀུན་ཏུ་བཟང་


DNG025_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཅོས་མེད་པ། །དོན་འདི་ངང་ལ་སུ་གནས་པ། །རྟོགས་པ་ཆེ་ནས་ཆེ་བའོ། །དོན་རྟོགས་རྣལ་འབྱོར་ཤེས་པར་གྱིས། །དོན་འཆང་རྣལ་འབྱོར་གང་ཡོད་པ། །རྟོགས་པ་ཆེ་བ་འཚོལ་འདོད་ན། །ལེའུ་འདི་ལས་བཙལ་བར་བྱའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། རྟོགས་པ་ཡེ་ནས་ཆེ་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་ཡང་ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་འདི་རྟོགས་པར་འདོད་པ་རྣམས་ཀྱིས། རང་གནས་ཆེན་པོ་དགུ་ཡི་དོན་འདི་ཡིད་ལ་ཟུང་ཞིག །དེ་ཡང་གང་ཞེ་ན། རྒྱུ་དང་འབྲས་བུ་མེད་པར་ཡེ་ཤེས་སུ་གནས་པ་དང་།འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་མ་སྐྱེས་པར་རང་གནས་པ་དང་། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་ཆོས་ཀྱི་སྐུར་གནས་པ་དང་། སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པར་རང་གནས་པ་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་བཅོས་པ་མེད་པར་རང་གནས་པ་དང་། བཟང་ངན་ཐམས་ཅད་མ་བཅོས་པར་རང་གནས་པ་དང་། མཐོ་དམན་ཆེ་ཆུང་ཐམས་ཅད་མ་བཅོས་པར་རང་གནས་པ་དང་། སྐྱེ་ཤི་དང་འཕོ་འགྱུར་ཐམས་ཅད་མི་འགྱུར་བར་རང་གནས་པ་དང་། བླང་དོར་ཆགས་སྡང་ཕྱོགས་རིས་མེད་པར་རང་གནས་པའོ། །རྒྱུ་དང་འབྲས་བུ་བཙལ་བ་མེད་པར་ཡེ་ཤེས་སུ་གནས་པ་ནི། བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་དང་། །རྒྱུ་འབྲས་ཆོས་རྣམས་ཐེག་པ་ཅིར་བསྟན་པ། །གསང་ཉིད་ངེས་པར་དབྱིངས་གཅིག་པས། །རིམ་པས་བཙལ་ཞིང་བསྒྲུབ་ཏུ་མེད། །དབྱར་དགུན་སྟོན་དཔྱིད་ལ་སོགས་པ། །རྒྱུ་འབྲས་རིམ་གྱིས་གསུང་བ་ཡང་། །དུས་གསུམ་འགྱུར་བ་མེད་པའི་ཕྱིར། །རྒྱུ་དང་འབྲས་བུར་བསྟན་པ་མེད། །རང་སེམས་སངས་རྒྱས་མ་ཡིན་ན། །མཆིང་བུ་ནོར་བུར་མི་འགྱུར་བཞིན། །ལས་དང་ལས་མིན་ཅིར་བཙལ་ཡང་། །སངས་རྒྱས་བྱང་ཆུབ་ཐོབ་པ་མེད། །རྒྱུ་ཉིད་འབྲས་བུ་ཡིན་ཤེས་ན། །ས་གསེར་བཞིན་དུ་ཡེ་དག་པས། །སངས་རྒྱས་ཡེ་ནས་ཡིན་པ་ལ། །བཙལ་


DNG025_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསམ་པས་དབྱིངས་མི་བསྐྱོད། །སངས་རྒྱས་མ་འཚོལ་སེམས་ལ་ཡོད། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཉེས་པ་སྤྱད་ཀྱང་དཔལ་དུ་ཆེ། །བྱ་བཙལ་མེད་པར་ལྷུན་གྱིས་གྲུབ། །རྒྱུ་ཉིད་མ་བཙལ་འབྲས་བུར་གནས། །ཐམས་ཅད་དབྱེར་མེད་རང་བཞིན་དག །བསྒྲུབ་ཅིང་གྲུབ་པའི་འབྲས་བུ་ནི། །བཙལ་མེད་རང་ལ་རྫོགས་པར་གནས། །རྒྱུ་དང་འབྲས་བུ་བཙལ་བ་མེད། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། བཙལ་བ་མེད་པར་ལྷུན་གྱིས་གྲུབ་པ་ཡེ་ཤེས་སུ་རང་གནས་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་འཁོར་བ་དང་མྱ་ངན་ལས་འདས་པ་བཙལ་བ་མེད་པར་རང་གནས་པ་གསུངས་པ། འཁོར་བའི་ཆོས་དང་མྱ་ངན་འདས། །གཉིས་སུ་བསྟན་པ་ཚིག་ལ་ནོར། །མ་སྐྱེས་རང་བཞིན་རྣམ་པར་དག །ཀུན་ཏུ་བཟང་པོ་ཉིད་ཀྱིས་གསུངས། །ཐར་པ་ཐོབ་ཅེས་བཏགས་པ་ཡི། །སྐུ་དང་ཡེ་ཤེས་ཆེ་བ་ཡང་། །ངན་སོང་འཁོར་བའི་སྡུག་བསྔལ་ཡིན། །མ་སྐྱེས་དབྱིངས་སུ་ཡོན་ཏན་གསལ། །ཁམས་གསུམ་འཁོར་བའི་ཆོས་འདི་ལ། །ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །རང་བཞིན་ཡེ་ནས་གཉིས་མེད་པས། །སྒྱུ་མ་འདྲ་སྟེ་གྲུབ་པ་མེད། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །དབྱེར་མེད་ངོ་བོ་ཚུལ་གཅིག་པས། །རང་བཞིན་གདོད་ནས་མ་སྐྱེས་ཕྱིར། །བཅོས་པ་མེད་པར་རང་བཞིན་གནས། །སྐྱེ་དང་མི་སྐྱེ་ལ་སོགས་པ། །སྨིག་སྒྱུ་འདྲ་སྟེ་རང་བཞིན་མེད། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །དབྱེར་མེད་ངོ་བོ་ཚུལ་གཅིག་པས། །རང་བཞིན་གདོད་ནས་མ་སྐྱེས་ཕྱིར། །བཅོས་པ་མེད་པར་རང་བཞིན་གནས། །སྐྱེ་དང་མི་སྐྱེ་ལ་སོགས་པ། །སྒྱུ་མ་འདྲ་སྟེ་རང་བཞིན་མེད། །དེ་བཞིན་བརྟན་གཡོ་ལ་སོགས་ཀུན། །དོན་གཅིག་གཉིས་མེད་ཐ་མི་དད། །ཐམས་ཅད་དེ་ཡང་བྱང་ཆུབ་སེམས། །སངས་རྒྱས་ཉིད་ལས་རིམ་གཉིས་མེད། །མ་སྐྱེས་པ་ཡི་རང་བཞིན་ལ། །མ་


DNG025_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པ་ཉིད་བླ་མ་ཡིན། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། འཁོར་བ་དང་མྱ་ངན་ལས་འདས་པ་མ་བཙལ་བ་རང་གནས་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་ཕྱི་ནང་སྣོད་བཅུད་ཆོས་ཀྱི་སྐུར་མ་བཙལ་བ་རང་གནས་པའི་དོན་འདི་གསུངས་སོ། །ཕྱི་ཡི་འབྱུང་བ་ལ་སོགས་པ། །ཡུལ་གྱི་སྣང་བ་ཐམས་ཅད་ནི། །མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས། །མི་སྐྱེ་མི་འགག་སྤྲོས་དང་བྲལ། །རང་བཞིན་ཡོངས་ཀྱིས་ཞི་བ་ལ། །རྒྱུ་དང་རྐྱེན་ལ་མ་ལྟོས་ཏེ། །དུས་གསུམ་འདུས་མ་བྱས་པའི་ངང་། །མཐའ་དབུས་ཕྱོགས་རིས་མེད་པའི་ངང་། །ཆོས་ཉིད་མ་སྐྱེས་ཀློང་དུ་བརྡལ། །དེ་བཞིན་ཉིད་ཀྱི་གར་ཁྱབ་པ། །རང་རིག་ཡེ་ཤེས་ཆེན་པོར་རོལ། །དངོས་མེད་དངོས་བྲལ་བྱང་ཆུབ་སེམས། །ཆོས་ཉིད་དེ་བཞིན་ཉིད་དེ་ལ། །རིག་པའི་དེ་བཞིན་ཉིད་གནས་པ། །དབྱེར་མེད་གཉིས་སུ་མེད་པ་ནི། །ཆོས་ཀྱི་སྐུ་ཞེས་དེ་ལ་བྱ། །དུས་གསུམ་འཕོ་འགྱུར་མེད་པ་ལ། །སྐྱེ་ཤི་མེད་པའི་གཡུང་དྲུང་དུ། །ཡེ་ནས་ཆོས་སྐུར་གནས་པ་ལ། །སངས་རྒྱས་གཞན་ནས་བཙལ་མི་དགོས། །ཆོས་སྐུ་སེམས་སུ་བྱིན་བརླབས་པས། །སྐུ་ཡི་ཁྱད་པར་ཅི་སྣང་ཡང་། །བྱང་ཆུབ་སེམས་ལས་གཞན་མེད་པས། །བཙལ་མི་དགོས་པ་རང་བཞིན་གནས། །དེ་བཞིན་ཐམས་ཅད་སངས་རྒྱས་པས། །ཆོས་སྐུ་བྱང་ཆུབ་སེམས་གནས་པ། །མ་བཙལ་མ་བསྒྲུབས་ཡེ་ནས་དག །དེ་ལ་བཅོས་མེད་ཡེ་གནས་པའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། ཕྱི་ནང་སྣོད་བཅུད་ཐམས་ཅད་ཆོས་ཀྱི་སྐུར་མ་བཙལ་བར་རང་གནས་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།དེ་ནས་སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པར་མ་བཙལ་བར་རང་གནས་པའི་དོན་འདི་གསུངས་པ། ཐམས་ཅད་མཁྱེན་པའི་སངས་རྒྱས་དང་། །མ་རིག་འཁྲུལ་པའི་སེམས་ཅན་གཉིས། །ཆེ་ཆུང་ཁྱད་པར་བྱུང་བ་ཡང་། །གསེར་མགར་འདྲ་སྟེ་གཞི་སྣང་གཅིག །


DNG025_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་འཁྲུངས་ནགས་ཚལ་ཐམས་ཅད་ཀྱང་། །སྦྱོར་ཤེས་ན་ནི་སྨན་ཡིན་ལ། །སྦྱོར་མ་ཤེས་པས་དུག་འགྱུར་བཞིན། །སངས་རྒྱས་སེམས་ཅན་དེ་བཞིན་ནོ། །མ་བཅོས་སེམས་ཀྱི་ཆོས་ཉིད་ལ། །བྱང་ཆུབ་སེམས་ལ་འགྱུར་མེད་ན། །རིན་ཆེན་གླིང་དུ་ཕྱིན་པ་ལྟར། །སངས་རྒྱས་སེམས་ཅན་བཙལ་དུ་མེད། །ཆོས་དང་སེམས་དང་ནམ་མཁའ་ལ། །རྣམ་པའི་མཚན་མ་ཅིར་བརྟགས་ཀྱང་། །ཅིས་ཀྱང་མི་འགྱུར་འགྲུབ་མེད་པས། །མ་བཅོས་གཉིས་མེད་ཡེ་སངས་རྒྱས། །འབྲས་བུ་སྨིན་པའི་སྙེ་མ་ལ། །ས་བོན་ཉིད་ལས་གཞན་མ་ཡིན། །བླ་ན་མེད་པའི་སངས་རྒྱས་ཀྱང་། །སེམས་ཅན་སེམས་ལས་གཞན་མ་ཡིན། །དེ་བཞིན་རྒྱུ་འབྲས་རྣམ་པ་ཡང་། །ཡེ་ནས་གཉིས་མེད་བྱང་ཆུབ་སེམས། །བདེ་བ་ཆེན་པོར་ཡེ་གདལ་བས། །ཡེ་ནས་གཉིས་མེད་ཀུན་ཏུ་བཟང་། །གསེར་བཞིན་མ་བཅོས་རང་བཞིན་གནས། །རང་བཞིན་གདོད་ནས་དག་པ་ལ། །ཚིག་དང་ཡི་གེས་བཅོས་སུ་མེད། །གང་ལྟར་སྤྱད་ཀྱང་ཐོག་མ་མེད། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། སངས་རྒྱས་སེམས་ཅན་གཉིས་སུ་མེད་པར་མ་བཙལ་བར་རང་གནས་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།དེ་ནས་བདེ་བ་དང་སྡུག་བསྔལ་མ་བཅོས་པར་རང་གནས་པའི་དོན་གསུངས་པ། བདེ་དང་སྡུག་བསྔལ་གཉིས་མེད་པ། །རང་འདོད་བཅོས་པའི་སྨོན་པ་ཡིན། །ཡེ་ནས་དེ་ལྟར་གནས་པ་ནི། །ཀུན་གཞི་ཀུན་ཏུ་བཟང་པོར་གསུངས། །ནམ་མཁའ་བཞིན་དུ་ཡེ་གསལ་བ། །རྟོག་དང་མི་རྟོག་གཉིས་མེད་པས། །མཐོ་རིས་ངན་སོང་བཙལ་དུ་མེད། །དེ་རྟོགས་བྱིས་པའི་སྤྱོད་ཡུལ་ཡིན། །རང་བཞིན་མེད་པའི་ཆོས་ཉིད་སེམས། །ཡེ་ནས་ཀུན་ཏུ་བཟང་པོ་ལ། །གཙང་དང་སྨེ་བ་གཉིས་མེད་ལྟར། །བདེ་སྡུག་རྟོག་པ་ཉིད་དུ་གསལ། །རང་སེམས་འགྱུར་བའི་ཆོས་ཅན་ངན། །བདེ་དང་སྡུག་བསྔལ་རིམ་པར་ངེས། །


DNG025_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ཆོས་ཉིད་འགྱུར་མེད་པས། །བདེ་སྡུག་བཙལ་ཡང་རྙེད་མི་འགྱུར། །ཐམས་ཅད་རང་གི་སེམས་ཡིན་ན། །སྡུག་བསྔལ་ཉིད་ཀྱང་བདེ་བའི་ཀློང་། །རང་བྱུང་ཡེ་ཤེས་ཡིན་པས་ན། །ངན་སོང་ཉིད་ཀྱང་སངས་རྒྱས་ཞིང་། །མཉམ་པ་ཉིད་དུ་ལྷུན་གྲུབ་པས། །ཕྱོགས་དང་རིས་སུ་བཙལ་དུ་མེད། །མ་བཅོས་ཡེ་ནས་ཀུན་ཏུ་བཟང་། །བདེ་དང་སྡུག་བསྔལ་གཉིས་སུ་མེད། །བྱང་ཆུབ་སེམས་ཉིད་བདེ་ཆེན་པོ། །རྒྱུ་ཉིད་དག་པས་འབྲས་བུ་ཆེ། །ཚིག་དང་ཡི་གེ་ལས་འདས་པས། །བཙལ་མེད་ལྷུན་གྲུབ་རང་གནས་པའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། བདེ་བ་དང་སྡུག་བསྔལ་མ་བཙལ་བར་རང་གནས་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་ཡང་བཟང་ངན་དང་གཙང་སྨེ་མེད་པར་རང་གནས་པའི་དོན་གསུངས་སོ། །མ་རིག་མུན་པའི་གཡུང་དྲུང་ལ། །ཡེ་ཤེས་ཉི་མ་ཤར་བ་ལྟར། །རྟོག་དང་མི་རྟོག་རང་བཞིན་ལ། །བྱང་ཆུབ་སེམས་གསལ་བཟང་ངན་མེད། །བདུད་རྩི་ཆེན་པོའི་རང་བཞིན་ལ། །དུག་དང་བདུད་རྩི་གཉིས་མེད་ལྟར། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །སྐྱོན་དང་ཡོན་ཏན་མིང་ཡང་མེད། །ངན་པ་ཉིད་དང་བཟང་བ་མེད། །སྐྱོན་རྣམས་ཡོན་ཏན་ཉིད་དུ་དག །མི་གཙང་བ་ལས་གཙང་བ་མེད། །དུག་ཉིད་བདུད་རྩིའི་རང་བཞིན་པས། །གཉིས་མེད་དོན་འཆང་ཡེ་ནས་དག །བྱ་མེད་དོན་དུ་མེད་པ་ལ། །འདུ་བྱེད་བཙལ་བ་ཤིན་ཏུ་རྨོངས། །མ་བཅོས་ཐིག་ལེར་ཡེ་ནས་དག །མེད་ལ་ཡོད་པར་འཛིན་པའི་ཆོས། །ནམ་མཁའ་བགོ་བཤའ་བྱེད་པ་བཞིན། །ཚེ་ཚད་ལས་ལ་གྲུབ་མེད་པས། །གཞན་དུ་རྣལ་འབྱོར་མ་རྩོལ་ཅིག །དོན་མེད་སྒྲིན་ཚིག་སྒྲ་ཕྱིར་འབྲང་། །ཐེག་པ་ངེས་མེད་ས་མ་ཟིན། །ངེས་པའི་མན་ངག་རྟོག་པར་གོལ། །དོན་མེད་དེ་འདྲ་གནས་ངན་འཁྱམ། །དེ་བས་འགྱུར་མེད་བྱང་ཆུབ་སེམས། །རྫོགས་ཆེན་འདི་ལ་གང་སྤྱོད་པ། །དེ་ནི་ཀུན་བཟང་ཉིད་ཡིན་པས། །བཟང་དང་གཙང་སྨེ་གཉིས་སུ་མེད། །མན་ངག་


DNG025_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང་ལྡན་པའི་ཀློང་། །སེམས་མ་ཡེངས་པ་དགོངས་པའི་དོན། །འདི་ལྟར་སྤྱོད་པའི་རྣལ་འབྱོར་པས། །སངས་རྒྱས་ཉིད་དུ་རང་གནས་པའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། བཟང་ངན་དང་གཙང་སྨེ་མེད་པར་རང་གནས་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་མཐོ་དམན་དང་ཆེ་ཆུང་མེད་པར་མ་བརྩལ་བར་རང་གནས་པ་འདི་ཆེད་དུ་བརྗོད་དོ། །ཐེག་པའི་རིམ་པ་མཐོ་དམན་དང་། །ཤེས་རབ་རྟོགས་པ་ཆེ་ཆུང་ནི། །གར་མཁན་ལག་གི་འདུ་བྱེད་བཞིན། །ཅིར་ཡང་བསྟན་ཏེ་ཅིར་ཡང་མེད། །རང་བཞིན་གཅིག་ཏུ་མ་ངེས་ན། །སྐུ་གསུང་ཐུགས་ཀྱང་སོ་སོར་སྣང་། །ཤེས་པ་གཅིག་ཏུ་མ་གྱུར་ན། །བྱང་ཆུབ་སེམས་ཀྱང་སོ་སོར་གོ། །དེ་བཞིན་ཉིད་ལས་གཞན་མེད་ན། །མི་མཐུན་རྣམ་པ་ཅིར་བསྟན་ཡང་། །ཡེ་ཤེས་ཉིད་ལ་མཉམ་པ་མེད། །ཚིག་དང་ཡི་གེ་བརྗོད་ལས་འདས། །སྟོང་གི་འཇིག་རྟེན་ནམ་མཁའི་ཁམས། །ཇི་སྙེད་ཐུག་པ་མེད་པ་དང་། །ཏིལ་འབྲུ་རྟ་རྔ་བཅུར་གཤགས་རྣམས། །མ་སྐྱེས་ཀློང་དུ་ཆེ་ཆུང་མེད། །ཀུན་གཞི་མ་བྱུང་མ་སྐྱེས་པ། །ཡེ་ནས་རྣམ་པར་དག་པ་ལ། །སངས་རྒྱས་ཆེ་བ་མ་བཅོས་ལ། །སེམས་ཅན་ཆུང་བས་བཅོས་སུ་མེད། །ཆོས་རྣམས་སེམས་སུ་སངས་རྒྱས་པས། །ཇི་ལྟར་འདོད་པ་གསིལ་བར་འགྱུར། །མྱ་ངན་འདས་དང་འཁོར་བའི་ཆོས། །ཆེ་ཆུང་མེད་པར་རང་གནས་པའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། མཐོ་དམན་དང་ཆེ་ཆུང་མེད་པར་རང་གནས་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་སྐྱེ་ཤི་དང་འཕོ་འགྱུར་མེད་པར་མ་བཙལ་བར་ཡེ་ཤེས་སུ་རང་གནས་པ་འདི་བརྗོད་དོ། །སེམས་དང་ཆོས་དང་ནམ་མཁའ་ལ། །དང་པོར་བསྐྱེད་པའི་རྒྱུ་མེད་པས། །ཐ་མར་འཆི་ཞིང་འཕོ་མི་འགྱུར། །དེ་བཞིན་ཐོག་མ་ཐ་མ་མེད། །འདས་དང་མ་འོངས་ད་ལྟར་དུས། །ཐ་ཚིག་རྟག་པར་གང་ལ་འགྱུར། །དུས་གསུམ་དུས་


DNG025_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མེད་པའི་ཕྱིར། །སྔོན་དང་ཕྱིས་མེད་གདོད་ནས་དག །སྐད་ཅིག་ཡུད་ལ་བསྐལ་པའི་གྲངས། །རིང་ཐུང་བྱེ་བྲག་གྲངས་བསྟན་པ། །རྣམ་རྟོག་རྨོངས་པར་འགྱུར་སྣང་ཡང་། །ཆོས་ཉིད་དུས་ལས་འགྱུར་སྣང་མེད། །དེ་བཞིན་ཚེ་ཚད་ལ་སོགས་པ། །ལུས་མེད་གྲངས་ཀྱིས་གྲངས་བསྟན་ཡང་། །རྨི་ལམ་ཕམ་རྒྱལ་བགྲུངས་པ་བཞིན། །གྲངས་དང་རིང་ཐུང་བརྟགས་པས་ནོར། །བདག་གི་བསྐལ་པ་བགྲངས་གྱུར་ཀྱང་། །ཐོག་མ་ཉིད་ལས་འགྱུར་བ་མེད། །མཐའ་དབུས་ཕྱོགས་རིས་ཅིར་བསྟན་ཡང་། །ཐིག་ལེའི་ངང་ལས་ཉམས་པ་མེད། །འཇིགས་པའི་བདུད་དང་དགྲར་སྣང་ཡང་། །སེམས་ལ་གཟུང་འཛིན་གསད་དུ་མེད། །སྣང་སྲིད་མེ་དང་ཆུར་གྱུར་ཀྱང་། །བྱང་ཆུབ་སེམས་ལ་འགྱུར་བ་མེད། །མེད་པ་མ་ཡིན་ཅིར་ཡང་གསལ། །གསལ་ཙམ་ཉིད་ན་ཕྱོགས་རིས་མེད། །ཡོད་མེད་བརྗོད་པའི་ཚིག་འདས་པས། །མི་འགྱུར་གཡུང་དྲུང་ཉིད་གནས་པའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། སྐྱེ་ཤི་དང་འཕོ་འགྱུར་མེད་པར་ཡེ་ཤེས་རང་གནས་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་བླང་དོར་དང་ཕྱོགས་རིས་མེད་པར་རང་གནས་པ་འདི་ཆེད་དུ་བརྗོད་དོ། །སྐྱོན་རྣམས་བྱང་ཆུབ་སེམས་ཡིན་པས། །སྐྱོན་པས་སེམས་ཀྱང་ཡོད་མིན་ཏེ། །ཇི་ལྟར་ལེགས་པར་སྤྱད་པ་ཆེ། །ཀུན་བཟང་དོན་གྱི་སྤྱོད་ཡུལ་ཡིན། །ཡོན་ཏན་ཉིད་ཀྱང་གཞན་མེད་དེ། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །ཡེ་ནས་བཙལ་མེད་དེ་བཞིན་ཉིད། །གཞན་ནས་རྒྱལ་བས་བཙལ་དུ་མེད། །ཚད་མེད་བླང་དོར་སྤྱོད་པའི་ཆོས། །ནམ་མཁའ་འདྲ་སྟེ་གྲུབ་པ་མེད། །མཁས་པ་ཡེ་ནས་ཡོད་མི་འཛིན། །དེ་ལ་ཅིར་ཡང་འགྱུར་བ་མེད། །མ་བཙལ་རང་སེམས་སངས་རྒྱས་པས། །བདེ་ཆེན་གཞན་དུ་འཚོལ་བ་ནི། །བརྟགས་ཤིང་བཙལ་ཀྱང་མི་རྙེད་པས། །དེ་བས་མ་རྟོགས་སེམས་ཉིད་འཚོལ། །རྣམ་རྟོག་ཉིད་ཀྱང་ཡེ་ཤེས་པས། །ལོག་རྟོག་ཞེ་སྡང་གང་


DNG025_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོད། །ཕྱོགས་རིས་མེད་པར་ཞེ་སྡང་ཀློང་། །ཕྱི་ནང་མེད་པར་ཡེ་ཤེས་དང་། །བཟང་ངན་ཆེ་ཆུང་མཉམ་པ་ཉིད། །སྐྱེ་འཆི་འགྱུར་མེད་བྱང་ཆུབ་སེམས། །འཁོར་བའི་ལོག་རྟོག་མཚན་མའི་ཆོས། །མཁའ་ལ་འཇའ་ཚོན་སྣང་བ་བཞིན། །བརྟགས་ཤིང་བཙལ་བས་མི་རྙེད་པས། །དེ་བས་མ་རྟོགས་སེམས་ཉིད་ལ། །ཇི་ལྟར་བསྟན་པ་བདེ་བ་ཆེ། །གང་ལྟར་སྤྱད་པ་ཀུན་ཏུ་བཟང་། །ངེས་པའི་དོན་དུ་ཉིད་གནས་པས། །དོན་འདི་མ་རྟོགས་མེད་པའོ། །ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། བླང་དོར་དང་ཕྱོགས་རིས་མེད་པས་མ་བཙལ་བས་ཡེ་ཤེས་སུ་རང་གནས་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོས་སྐྱེ་ཤི་མེད་པའི་སེམས་ཀྱི་འཁོར་བ་ལ་སོགས་པ་རྣམས་མ་གསུངས་པར་ཚིག་འདི་ཆེད་དུ་བརྗོད་དོ། །ཀུན་ཏུ་བཟང་པོའི་མན་ངག་འདི། །མིང་ཙམ་འཛིན་པར་གང་བྱེད་པ། །ཆོས་ཉིད་རྟོགས་པ་ཤར་བས་ན། །སངས་རྒྱས་ཀུན་གྱི་རྗེ་བཙན་ཡིན། །འདི་ཐོས་སངས་རྒྱས་ལག་ཏུ་ལེན། །ཐམས་ཅད་ཀུན་གྱི་བདག་ཉིད་དུ། །རྒྱུད་འདི་འཛིན་པའི་ཤེས་རབ་གནས། །མན་ངག་འདི་ཉིད་ཡིན་ཤེས་ན། །ཀུན་ཏུ་བཟང་པོ་ངས་བཤད་དེ། །གང་ཞིག་གང་ལ་རྟོགས་འདོད་པས། །མན་ངག་འདི་ལ་བལྟ་བར་གྱིས། །དེ་སྐད་ཅེས་གསུང་བ་མེད་པའི་ཀུན་ཏུ་བཟང་པོས་བཀའ་སྩལ་པས། ཕྱོགས་རིས་མེད་པའི་སྣང་སྲིད་ཐམས་ཅད་གཉེན་པོས་མ་བཅོས་པའི་ཐབས་ཀྱིས་རྟོགས་པ་གཅིག་ཏུ་མེད། ཐོབ་པ་མེད་པའི་སྐུ་ཐོབ་པ། གྲུབ་པ་མེད་པའི་འབྲས་བུ་ཐོབ་པས། རང་བཞིན་བཙལ་བ་མེད་པར་སངས་རྒྱས་པའི་དོན་དུ་སུས་ཀྱང་མ་བསླབས་པར་ཤེས་སོ། །མན་ངག་གིས་ཀྱང་མ་བསྟན་པར་རིག་གོ། །ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ཆེན་པོ་རྫོགས་སོ།། །།བར་འདིར་དམ་ཚིག་རྒྱལ་པོ་དམ་ཚིག་བཀོད་པའི་རྒྱུད་དཔེ་མ་དག་པས་བཞག་ཡོད།

སྐུ་གདུང་འབར་བ་ཚ་ཚ་དང་མཆོད་རྟེན་གྱི་རྒྱུད་ཅེས་བྱ་བ།


DNG025_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀཱ་ཡ་ཤཱ་རི་རཾ་ཛྭ་ལ་ཙི་ཏི་ཀཀྣི་ཀ་ཏནྟྲ་ནཱ་མ།བོད་སྐད་དུ། སྐུ་གདུང་འབར་བ་ཚ་ཚ་དང་མཆོད་རྟེན་གྱི་རྒྱུད་ཅེས་བྱ་བ།བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོ་སེང་གེའི་ཟ་འགྲམ་ལྟ་བུའི་གནས་ན། བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་འཛིན་ཆེན་པོ་ལ། ལང་ཀའི་བདག་པོ་བློ་གྲོས་ཐབས་ལྡན་དང་། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་བློ་གྲོས་རྒྱ་མཚོ་དང་། ཚངས་པ་གཙུག་ཕུད་འཛིན་བློ་གྲོས་མཐའ་ཡས་དང་། གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ་དང་། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་བློ་གྲོས་རབ་ཞི་དང་། ཆོས་ཀྱི་རྒྱལ་པོ་ཆེན་པོའི་ཕོ་བྲང་ན་ཐམས་ཅད་ཐེག་པ་ཆེན་པོའི་དོན་ལ་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་དགེ་སློང་ཆེན་པོ་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་རང་གི་གདན་ལས་བཞེངས་ནས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་རྡོ་རྗེ་འཛིན་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་འདེབས་སོ། །སེམས་ཅན་སངས་རྒྱས་ལམ་འདོད་ན། །དགེ་བའི་ལས་ལས་ཁྱད་འཕགས་དང་། །བདེ་གཤེགས་ཞབས་ཏོག་བྱ་བའི་ཕྱིར། །མཆོད་རྟེན་བཞེང་ན་ཇི་ལྟར་བྱ། །རྙིང་ནས་གསར་པར་བཞེང་ན་ཅི། །བདག་གིས་སྤྲུལ་པའི་སྟོན་པ་ལ། །ཐོས་བཞིན་ཁྱོད་ཀྱིས་ཁྱད་པར་དུ། །གསང་སྔགས་ལམ་གྱི་མཆོད་རྟེན་གསུངས། །ཞེས་ཞུས་སོ། །དེ་ནས་གདུལ་དཀའ་འདུལ་བའི་དེད་དཔོན་ཆེན་པོ་གསང་བའི་བདག་པོས་འདི་སྐད་ཅེས་གསུངས་སོ། །ཐེག་པ་ཐུན་མོང་མཆོད་རྟེན་དང་། །ཁྱད་པར་རྒྱུད་ལུང་མན་ངག་ལུགས། །ཐུན་མོང་བྱུང་ཚུལ་མན་ངག་ལས། །ཁྱད་པར་གསང་བའི་ལུགས་རྣམས་ནི། །གཟུགས་སྐུ་གཉིས་ཀྱི་མན་ངག་རྣམས། །ཁྱེད་ལ་བཤད་ཀྱིས་རབ་ཏུ་ཉོན། །ཅེས་གསུངས་སོ། །ཚ་ཚ་དང་མཆོད་རྟེན་གྱི་རྒྱུད་སྐུ་གདུང་འབར་བ་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་


DNG025_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་ཐེག་པ་ཐུན་མོང་གི་མཆོད་རྟེན་གྱི་བྱུང་ཚུལ་འདི་དག་གསུངས་སོ། །མཆོད་རྟེན་ལོ་རྒྱུས་ལྔ་ཡོད་དེ། །དེ་ཡང་གང་དང་གང་ཞེ་ན། །མཆོད་རྟེན་བླ་ན་མེད་པའི་རྒྱུ། །ཡིད་ཀྱི་མཆོད་རྟེན་ཞེས་བྱ་དང་། །རང་བཞིན་གྱིས་གྲུབ་མཆོད་རྟེན་དང་། །སྤྲུལ་པར་བྱུང་བའི་མཆོད་རྟེན་དང་། །གཟུགས་བརྙན་རྩིགས་པའི་མཆོད་རྟེན་ནོ། །བླ་མེད་མཆོད་རྟེན་ཞེས་བྱ་བ། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡི། །སྐུ་གསུང་འཛམ་གླིང་ཕྲག་བརྒྱ་ལས། །གླིང་བཞིར་ཆགས་པས་མཆོད་རྟེན་སྣང་། །ཤར་དུ་བྱམས་པ་བརྩེགས་པ་ལ། །ལྷོ་ཕྱོགས་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་དོན་ཡོད་གྲུབ། །འདི་དུས་ཤཱཀྱ་ཐུབ་པ་ནི། །སྲིད་རྩེར་བྱང་སེམས་བཅུ་དྲུག་དང་། །དགྲ་བཅོམ་བསྐོར་ནས་བཞུགས་པའོ། །ཡིད་ཀྱི་མཆོད་རྟེན་ཞེས་བྱ་ནི། །ནམ་མཁའི་དབྱིངས་སམ་རྒྱ་མཚོའི་གླིང་། །མཁས་པས་དཀྱིལ་འཁོར་མཆོད་རྟེན་ནི། །བྱང་ཆུབ་སེམས་ཀྱི་ཡིད་ཀྱིས་བྲི། །ཕྱག་གིས་རྒྱས་གདབ་གྲངས་བཟུང་ཞིང་། །ངག་གིས་སྔགས་བརྗོད་བྱིན་གྱིས་བརླབས། །ཡིད་ཀྱིས་རིན་ཆེན་མཆོད་རྟེན་བསམ། །སྣང་ཞིང་སྟོང་ལ་སྟོང་ཞིང་གསལ། །རང་བཞིན་གྲུབ་པའི་མཆོད་རྟེན་ནི། །སྲིད་པས་གྲུབ་དང་སྤྲུལ་པས་གྲུབ། །སྲིད་པས་གྲུབ་པས་རི་རབ་ཉིད། །དེ་ཡང་ཇི་ལྟར་གྲུབ་ཅེ་ན། །ཆོས་རྣམས་སྟོང་པའི་རང་བཞིན་ལས། །ཨཀྵོ་བྷྱའི་བྱིན་རླབས་དང་། །ནམ་མཁས་གསལ་བའི་གོ་ཡང་འབྱེད། །དམྱལ་བའི་འཇིག་རྟེན་གནས་སར་ཆགས། །དོན་ཡོད་གྲུབ་པའི་བྱིན་རླབས་ལས། །དེ་ལས་རླུང་གི་དཀྱིལ་འཁོར་ཆགས། །རླུང་ལྷ་བ་དན་ཐོགས་རྣམས་གནས། །རིན་ཆེན་འབྱུང་ལྡན་བྱིན་རླབས་ལས། །དེ་སྟེང་མེ་ཡི་དཀྱིལ་འཁོར་ཆགས། །མེ་ལྷའི་ཚོགས་རྣམས་དེ་ན་གནས། །སྣང་


DNG025_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཐའ་ཡས་བྱིན་རླབས་ལས། །ཆུ་ཡི་དཀྱིལ་འཁོར་རྒྱ་མཚོར་གྱུར། །ཀླུ་ཡི་གནས་ཀྱང་དེ་ན་ཡོད། །རྣམ་པར་སྣང་མཛད་བྱིན་རླབས་ལས། །ས་གཞི་ཆེན་པོ་ཆགས་པ་ལ། །གླིང་བཞི་རི་རབ་གྲུབ་པ་ན། །གླིང་བཞི་གླིང་ཕྲན་མི་ཡི་གནས། །རི་རབ་རྒྱལ་ཆེན་རིགས་བཞི་སོགས། །གནོད་སྦྱིན་གཟའ་སྐར་ལྷ་ཆེན་གནས། །རྩེ་ལ་འཐབ་བྲལ་མན་ཆད་ནས། །གཟུགས་ཁམས་གནས་རིས་བཅུ་བདུན་དང་། །གཟུགས་མེད་མིང་བཞི་ཕུང་པོར་གནས། །ཉན་ཐོས་རྣམས་ཀྱང་དེ་ན་བཞུགས། །བཀྲི་བའི་དོན་དུ་མཛད་པའི་གནས། །སྤྲུལ་པས་གྲུབ་པའི་མཆོད་རྟེན་ནི། །ཤཱཀྱ་ཐུབ་པ་ལྷུམས་ཞུགས་དུས། །ཨུ་དུམ་ཝ་ར་སྦུ་གུར་གྱུར། །འཛམ་གླིང་སྤྲུལ་པའི་མཆོད་རྟེན་གཅིག །ཤཱཀྱ་ཐུབ་བྱང་ཆུབ་ཤིང་དྲུང་བལྟམས། །ཨུ་དུམ་ཝ་ར་ཁ་ཡང་འབུས། །ཡིད་བཞིན་ལྷུན་གྲུབ་མཆོད་རྟེན་བྱུང་། །ཤཱཀྱ་ཐུབ་པ་རབ་བྱུང་མཛད། །ཨུ་དུམ་ཝ་ར་ལྡུམ་བུར་གྱུར། །ནུབ་ཏུ་དཔེ་མེད་བསམ་འདས་བྱུང་། །ཆུ་འགྲམ་བྱང་ཆུབ་དཀའ་ཐུབ་མཛད། །ཨུ་དུམ་ཝ་ར་སྡོང་པོར་འདྲིལ། །ནུབ་ཏུ་རྨད་གྲགས་ཆོས་དབྱིངས་མཛད། །རྩྭ་མཆོག་གྲོང་ཁྱེར་གཤེགས་པའི་ཚེ། །སྡོང་པོ་ལས་ནི་ཡལ་ག་གྱེས། །བྱང་ཕྱོགས་ཡོན་ཏན་རིན་ཆེན་བརྩེགས། །ལང་ཀ་པུ་རེར་གཤེགས་པའི་ཚེ། །ཡལ་ག་ལས་ནི་ལོ་མར་གྱུར། །ཁམས་གསུམ་བདེ་རྒྱས་སྒྲོན་མ་བྱུང་། །བདུད་བཏུལ་ཐོ་རངས་སངས་རྒྱས་དུས། །ལོ་མ་ལས་ནི་མེ་ཏོག་ཤར། །ཤར་དུ་བྱམས་ལྡན་བསོད་ནམས་གཏེར། །མྱ་ངན་འདའ་བའི་ཚུལ་བསྟན་པ། །མཐར་ལེགས་གཡུང་དྲུང་རྫོགས་པ་ཤར། །རང་བཞིན་མཆོད་རྟེན་ཡེ་ཤེས་སྐུ། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །མཚན་མའི་སྡུག་བསྔལ་ཡོངས་བསལ་ཞིང་། །སེམས་ཅན་ཀུན་ལ་བྱམས་ཐུགས་ལྡན། །སྤྲུལ་པར་འབྱུང་བའི་མཆོད་རྟེན་ནི། །བྱང་ཕྱོགས་རྣམ་ཐོས་སྲས་ཀྱི་སྤྱན། །གཡས་མཐོད་སྲེག་ལ་


DNG025_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་མཐོད་འཇིག །མིག་མི་བཟང་གིས་གར་བལྟས་སར། །མི་ནད་ཕྱུགས་ནད་མུ་གེ་འབེབས། །རྒྱལ་པོས་བཅོམ་ལྡན་འདས་ལ་ཞུས། །བདག་གིས་མ་བསྒྲུབས་གནོད་པའི་མིག །ཇི་ལྟར་ཐབས་ཀྱིས་བསྒྱུར་དུ་གསོལ། །བཅོམ་ལྡན་འདས་ཀྱིས་རྣམ་ཐོས་བུའི། །ཕྱག་ཏུ་རིང་བསྲེལ་མཆོད་རྟེན་བྱིན། །མིག་ངན་སྨིན་མཚམས་ཤཱ་རི་རཱམ། །མཆོད་འབུལ་བྱས་པས་ཤིན་ཏུ་དགེ། །སྤྲུལ་པའི་མཆོད་རྟེན་ཏིང་འཛིན་སྐུ། །བྱམས་ཤིང་སྙོམས་པའི་ཀུན་གྱི་མགོན། །ཐུགས་རྗེ་ཆེན་པོས་བསྐྱོད་དུ་མེད། །ནུབ་བྱང་རྒྱལ་པོའི་མིག་ནད་སེལ། །གཟུགས་ཆེན་མཆོད་རྟེན་བརྩིགས་པ་ནི། །རྒྱལ་པོ་དྷརྨ་ཨ་ཤོ་ཀས། །རི་གསུམ་རྩེ་གདོང་ལུང་གསུམ་མདོ། །རི་ལུང་མང་པོ་འདུས་པའི་རྒྱུན། །ཕོ་བྲང་བཏབ་པས་བསྙུན་ནད་ཟིན། །རྨི་ལམ་འབྱུང་ཞིང་མཆོད་རྟེན་བཞེངས། །ནད་ལས་ཐར་ཏེ་རྒྱལ་སྲིད་འཛིན། །ཐ་ཆུང་སྲས་གྲོངས་ཕུང་པོ་བསྲེགས། །ཚ་ཚ་བཏབ་ཅིང་མཆོད་རྟེན་བཞེངས། །དགྲ་བཅོམ་འབྲས་བུ་ཐོབ་པར་གྱུར། །སྲས་འབྲིང་ནད་ཀྱིས་ཟིན་དེ་འདས། །བདུན་ཚིགས་བདུན་གྱིས་རིགས་དྲུག་དྲུངས། །ཐལ་བ་ཚ་ཚ་བཏབ་ནས་ནི། །བླ་ན་མེད་པའི་བྱང་ཆུབ་ཐོབ། །ལི་ཙ་བི་ཡིས་མི་ཤེས་སམ། །དེ་ནས་ལི་ཙ་བི་དགྱེས་ནས། །ད་ལྟར་ཤར་གྱི་ཕྱག་རྡོར་ཁྱོད། །དུས་དེར་བཞུགས་པ་ངས་མ་མཐོང་། །བག་ཆགས་སོལ་ལ་གསང་བར་ཤོད། །ཅེས་གསུངས་སོ། །སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། )མཆོད་རྟེན་བྱུང་ཚུལ་ལོ་རྒྱུས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གསང་བའི་བདག་པོས་དམ་པའི་རིགས་ཅན་རྣམ་པ་ལྔ་ལ་ཐུན་མོང་མཆོད་རྟེན་གྱི་མན་ངག་འདི་དག་གསུངས་སོ། །མཆོད་རྟེན་བྱ་བའི་ས་བཙལ་བ། །སྣུམ་ཞིང་འབོལ་ལ་མཉེན་པའི་སར། །ཡུངས་ཀར་དག་ལ་སྔགས་འདི་ཡིས། །ལན་བདུན་བརྗོད་ལ་མཚམས་བཅད་དོ། །ཨོཾ་ཨ་མྲྀ་ཏ་ཧ་ན་ཧ་ན་ཧཱུཾ་ཕཊ། སེང་


DNG025_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་ལྕགས་ཕུར་སོར་བརྒྱད་ལ། །རྡོ་རྗེ་ཕུར་པར་བསམས་ནས་ནི། །ལན་བདུན་སྔགས་བརྗོད་དབུས་དང་ནི། །གྲྭ་བཞིར་བཏབ་ལ་གཞག་པར་བྱ། །ཨོཾ་བཛྲ་ཀཱི་ལ་ཡ་སརྦ་དུཥྚཱཾ་ཧཱུཾ་ཕཊ། དེ་ནས་ཐིག་སྐུད་རིན་ཆེན་ལ། །རྡོ་རྗེ་སྐུད་པར་རབ་བསམ་ནས། །རྒྱ་ཁྱོན་ཅིར་ན་ཐིག་གིས་བསྐོར། །སྔགས་འདི་ལན་ནི་གསུམ་བརྗོད་པས། །ས་གཞི་རིན་ཆེན་གྱུར་པར་བསམ། །ཨོཾ་བཛྲ་སཱུ་ཏྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུཾ་ཕཊ། དེས་ནི་རྡོ་རྗེར་བསམ་པ་ཡི། །ལག་ཆས་ས་ནི་རྐོ་བའི་སྔགས། །ཚར་ནས་གནས་གཙང་ཕྱིན་ནས་ནི། །བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ནི། །རྡོ་རྗེ་རྩེ་གསུམ་མནན་ནས་ནི། །ལན་བདུན་སྔགས་བཟླས་ཐོ་བས་བརྡུང་། །ཨོཾ་བཛྲ་མུངྒར་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། ཙནྡན་གུར་གུམ་དྲི་ཆབ་ཆུས། །འཇིམ་པ་སྦྲུས་བྱས་ལན་བདུན་བརྗོད། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨ་དཀར་བདུད་རྩིའི་ཆུ་རུ་དམིགས། །ཆུ་དེ་གཏོར་ལ་འཇིམ་པ་བརྫི། །སྔགས་འདི་ལན་བདུན་གཏོར་བར་བྱ། །ཨོཾ་ཤུདྡྷེ་བི་ཤོ་དྷ་ནཱ་ཡ་སྭཱ་ཧཱ། དེ་ནས་འཇིམ་པ་བརྫི་བའི་དུས། །དེ་ཉིད་རྡོ་རྗེ་རིན་ཆེན་བསམ། །ཨོཾ་བཛྲ་པྲ་མར་ཏ་ན་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་འཇིམ་པའི་གོང་བུ་ལ། སྔགས་འདི་གསུམ་བརྗོད་བྱིན་བརླབས་པས། །འོད་ལྔས་དོན་མཛད་འཕྲོས་འདུས་ནས། །རིན་ཆེན་ལྔར་ནི་གྱུར་པར་བསམ། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཱན། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱན།ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དེ་ནས་འཇིམ་པ་བྱིན་རླབས་ཀྱི། །སྔགས་འདི་ཉི་ཤུ་རྩ་གཅིག་བཟླས། །མཆོད་རྟེན་གཅིག་བྱས་ཙམ་གྱིས་ནི། །བྱེ་བ་བྱས་པར་འགྱུར་བའོ། །ཨོཾ་ན་མོ་བྷ་ག་ཝཱ་ཏེ་བེ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཨ་ར་ཧ་ཏེ་སཾ་མྱག་སཾ་བུདྡྷཱ་ཡ། ཨོཾ་སཱུཀྵྨེ་ས་མེ་ས་མ་ཡེ། ས་མ་ཏེ་ས་མ་རོ་སེ། ཨ་ན་པ་ར་ནེ་ཏ་རམ་བེ་ཡ་ཤོ། མ་ཧཱ་ཏེ་ཛོ་རཱ་ཛ་ཀུ་ལེ་ནི་རྦཱ་ནི། སརྦ་ཏ་ཐཱ་ག་ཏོ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན་ཨ་དྷི་ཥྣྲཱ་ཏེ་སྭཱ་ཧཱ། རིགས་ལྔ་སོ་སོའི་སྔགས་གཞུག་གམ། །ཡི་དམ་སྔགས་


DNG025_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སམ་གང་བྱེད་སྔགས། །བྲིས་ཏེ་ཚ་ཚའི་ནང་དུ་གཞུག །གྲོ་གར་གུར་གུམ་དག་གིས་བྲི། །ཨོཾ་དྷ་ར་དྷ་ར་དྷ་ར་ཡ་དྷ་ར་ཡ་བཛྲ་དྷྲྀག །ཨོཾ་ཤ་ཤྭ་ཏ་བ་རེ་ཤ་ཤྭ་ཏོ་ཨེ་ཧྱེ་ནི་ཛི་ན་ཛིག །ཨོཾ་བཛྲ་སཱུརྱ་ཏ་ཏྲ་མོ། བམ་དྷ་མ་ན་མ་ས་མ་ཡ་ཏྭམ་ཨ་ཧཾ་རཏྣ་དྷྲྀག །ཨོཾ་བཛྲ་དྷརྨ་ས་མ་ཡ་ཧཱུཾ་ལུ་ཧཱུཾ་ལུ་ཨ་རོ་ལྀཀ །ཨོཾ་ཕུ་ཕུ་ཧི་ཧི་དྷ་ར་དྷ་ར་པྲཛྙཱ་དྷྲྀག །ཡང་ན་སྔགས་ཐུང་འདི་བྲིས་ཏེ། །ཚ་ཚ་ཆུང་ངུའི་ནང་དུ་གཞུག །ཨོཾ་ཏྲཻ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱན། ཏདྱ་ཐཱ། ཨོཾ་སཱུཀྵྨེ་སཱུཀྵྨེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། ནི་ར་ཀུ་ལེ། ཡ་ཤོ་ཡ་ཤོ། ཏེ་ཛོ་བ་ཏི། སརྦ་བུཌྜྷ། ཨ་དྷིཥྛི་ཏེ་སྭཱ་ཧཱ། དེ་ནས་འབི་འབི་གཞུག་པའི་སྔགས། །གསུམ་བརྗོད་ཐབས་དང་ཤེས་རབ་འདྲེལ་བ་ཡི། །ཆོས་དབྱིངས་ཉིད་དུ་གྲུབ་པར་བསམ། །དེ་ཡི་སྔགས་ནི་འདི་ཡིན་ནོ། །ཨོཾ་ཨ་མྲྀ་ཏཱ་ཡུ་ཤེ་སྭཱ་ཧཱ། དེ་ནས་འབི་འབི་བྱ་བའི་སྔགས། །མ་ཟིན་བར་དུ་བརྗོད་པར་བྱ། །ཨོཾ་ཏྲཻ་ཡཏྟེ་སརྦ་ཏ་ཐཱ་ག་ཏོ་ཧྲྀ་ད་ཧ་ཡ། གརྦྷེ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ་སང་ཧ་ར་ན། ཨཱ་ཡུ་ན་སཾ་ཤོ་དྷ་ཡ་པཱ་བམ། སརྦ་ཏ་ཐཱ་ག་ཏས་མནྟོ་བི་མ་ལ་བི་ཤུདྡྷེ་སྭཱ་ཧཱ། མར་དང་ཉུང་རྩི་འབུལ་བའི་སྔགས། །ཉོན་མོངས་རྡུལ་བྲལ་བྱང་ཆུབ་བསམ། །ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཀོལ་ཕོར་ནང་དུ་གཞུག་པའི་སྔགས། །ཐབས་དང་ཤེས་རབ་འདྲེལ་བ་ཆོས་དབྱིངས་བཞུགས། །ཨོཾ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། རྐོལ་ཕོར་ས་ལ་བརྡབ་པའི་སྔགས། །མཆོད་རྟེན་གྲུབ་པས་འགྲོ་དོན་བསམ། །ཨོཾ་དྷ་ར་མ་ར་ཏེ་བཛྲ་མུད་ག་ར་ཨ་ཀོ་ཊ་ཡ་ཧཱུཾ། དེ་ནས་མཆོད་རྟེན་དབྱུང་བའི་སྔགས། །ཤེལ་སྒོང་དག་པ་ལྟ་བུར་བསམ། །ཨོཾ་བཛྲ་དྷ་རོད་པྲ་བ་ཡ་སྭཱ་ཧཱ། རྒྱུ་ཡི་ཆོས་རྣམས་རྫོགས་པ་ལ། །གཟུགས་ཀྱི་སྐུ་ནི་རྣམ་པ་གཉིས། །འབྲས་བུའི་ཆོས་རྣམས་རྫོགས་པ་ལས། །ཆོས་ཀྱི་སྐུ་རུ་བྱིན་གྱིས་བརླབས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནིརྨ་ཀཱ་ཡ་ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་བྷོ་ག་ཀཱ་ཡ་ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་ཀཱ་ཡ་མ་ཧཱ་སུ་ཁ་བཛྲ་སུ་ཏ་


DNG025_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་སྟྭཾ། དེ་ནས་སྲོག་ཤིང་གཟུག་པས་ནི། །མི་ནུབ་བརྟན་པར་གྱུར་པར་བསམ། །ཨོཾ་བཛྲ་ཨཱ་ཡུ་ཤེ་སྭཱ་ཧཱ། འཁོར་ལོ་བཅུ་གསུམ་གཟུག་པས་ནི། །ས་ནི་བཅུ་གསུམ་གྱུར་པའོ། །ཨོཾ་པྲ་མརྔྷ་ནཱ་ཡ་སྭཱ་ཧཱ། དར་གྱི་ཅོད་པན་བཏགས་པ་ཡིས། །ཐབས་དང་ཤེས་རབ་ལྡན་པར་བྱ། །ཨོཾ་པ་ཏ་ཀ་ལམ་བ་སྭཱ་ཧཱ། བ་དན་སྣ་ཚོགས་འཕྱར་བ་ཡིས། །སེམས་ཅན་ཆོས་ཀྱི་སྙན་པ་སྒྲོགས། །ཨོཾ་པ་ཏ་ཀ་སྭཱ་ཧཱ། ཆུ་སྲིན་རྒྱལ་མཚན་བཙུགས་པ་ཡིས། །བདུད་བཞི་ལས་རྒྱལ་འཁོར་བ་འཛིན། །ཨོཾ་ཀུམ་བྷི་ར་རཱ་ཛ་སྭཱ་ཧཱ། གདུགས་ཀྱིས་སེམས་ཅན་མ་ལུས་ཀུན། །བླ་ན་མེད་པའི་སྐྱབས་དང་ལྡན། །ཨོཾ་པྲ་ཧ་མ་ཏ་ནཱ་ཡ་སྭཱ་ཧཱ། མེ་ཏོག་ཕྲེང་བ་བཅིངས་པ་ཡིས། །སེམས་ཅན་མི་བརྗེད་གཟུངས་རྣམས་འཛིན། །ཨོཾ་རཏྣ་མཱ་ལེ་ཏྲཾ་ཧཱུཾ།མཚན་དང་དཔེ་བྱད་རབ་ལྡན་པས། །བལྟ་བས་མི་ངོམས་ལྡན་པའི་སྔགས། །ན་མ་སྟྲཻ་ཡ་ཏེ་དྷ་ནུ་ག་ཏེ། པྲ་ཏི་ཏ་ཤྲུ་ས་གེ་ཏ་བེ་ཏ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ་པུཥྛི་སྭཱ་ཧཱ། གདན་རྣམས་མ་ལུས་དབུལ་བའི་སྔགས། །རིན་ཆེན་ཉི་ཟླ་སེམས་ཅན་པད། །ཨོཾ་སུནྡྷ་རི་ཛ་ཡ་སྭཱ་ཧཱ། གཞལ་ཡས་ཁང་དུ་གཤེགས་པའི་སྔགས། །ཨོཾ་ད་ར་ད་ར་ཀུ་ཏ་ཀར་ཛ་ཡེ་སྭཱ་ཧཱ། རིན་ཆེན་གཞལ་ཡས་ཆོས་ཀྱི་ཕོ་བྲང་དུ། །ཉི་ཟླ་རིན་ཆེན་གདན་ལ་བཞུགས་སུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ལ་དབང་རྣམས་མ་ལུས་པ། །རྫོགས་པར་བསྐུར་ཏེ་གནས་པར་བྱའོ། །ཨོཾ་བཛྲ་དྷཱ་ཏུ་ཤྭ་རི་ཨ་དྷིཥྛི་ཏེ་ཨ་བྷི་ཥིཉྩ་མཱ་མ། སྐུ་དང་གསུང་ཐུགས་ཡོན་ཏན་ལས། །ཕྲིན་ལས་རྡོ་རྗེ་ཉིད་གྱུར་བསམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྐ་ཙིཏྟ་མ་ཧཱ་ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུན་ཀརྨ་མ་ཧཱ་ས་མ་ཡ་སྟྭཾ། དེ་ནས་མཆོད་པ་སྣ་ཚོགས་རྣམས། །མཉེས་པར་མ་ལུས་དབུལ་བར་བྱ། །ཨོཾ་བཛྲ་ཨ་མྲྀ་ཏེ་ཨརྒྷ་མ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་བཛྲ་པུཥ྇་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཨོཾ་བ་ལིནྟ་ཏེ་ཛོ་བ་ལིན་ཏ་སྭཱ་ཧཱ།ཞེས་གསུངས་སོ། །སྐུ་གདུང་


DNG025_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་མཆོད་རྟེན་གྱི་རྒྱུད་ལས། མཆོད་རྟེན་གདབ་ཐབས་མན་ངག་གི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་ཐུན་མོང་གི་མཆོད་རྟེན་ལས་ཀྱི་རིམ་པ་འདི་དག་གསུངས་སོ། །ཆོས་དབྱིངས་མངོན་གྱུར་ཡེ་ཤེས་སྐུ་བརྙེས་ཤིང་། །སྐུ་གསུང་ཐུགས་ཀྱིས་འགྲོ་བའི་དོན་མཛད་པ། །ཐུགས་རྗེའི་ཅི་འདུལ་ཡིད་བཞིན་རེ་སྐོང་བའི། །ཕྱོགས་བཅུའི་སངས་རྒྱས་མ་ལུས་གཤེགས་སུ་གསོལ། །ཉོན་མོངས་དུག་སེལ་ཡོན་ཏན་འབྱུང་བའི་གནས། །གསུང་རབ་བཅུ་གཉིས་འཕགས་ལམ་རྒྱལ་བའི་བཀའ། །བཅོམ་ལྡན་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །རྣམ་དག་དབྱིངས་ཀྱི་དམ་ཆོས་གཤེགས་སུ་གསོལ། །ཆོས་སྐུ་གཟུགས་བརྙན་བྱང་ཆུབ་སེམས་ཀྱི་ངང་། །གླིང་བཞི་འདུལ་མཛད་མཆོད་རྟེན་ཆེན་པོ་བརྒྱད། །བསོད་ནམས་ཞིང་དང་འགྲོ་བ་འདྲེན་པའི་གཙོ། །སྐུ་གདུང་རིང་བསྲེལ་མ་ལུས་གཤེགས་སུ་གསོལ། །ས་བཅུ་རྒྱལ་སྲས་ཆེ་ལ་མངའ་བརྙེས་ཤིང་། །བྱམས་དང་སྙིང་རྗེས་བརྩོན་འགྲུས་གོ་བགོས་ནས། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་མཛད་པ། །བྱང་ཆུབ་སེམས་དཔའ་མ་ལུས་གཤེགས་སུ་གསོལ། །བདེན་བཞིའི་དོན་རྟོགས་ལོག་ལྟའི་སྐྱོན་སྤངས་ཤིང་། །ཚུལ་ཁྲིམས་དྲི་མེད་དུག་ལྔའི་སྐྱོན་བསལ་ནས། །འཕགས་ལམ་དོན་བརྩོན་ཡོན་ཏན་རྒྱན་མངའ་བ། །དགྲ་བཅོམ་རང་རྒྱལ་མ་ལུས་གཤེགས་སུ་གསོལ། །བྱང་ཆུབ་སེམས་ལྡན་བདེ་བར་གཤེགས་པའི་འཁོར། །ཁམས་གསུམ་ས་དྲུག་གནས་ལ་མངའ་མཛད་པ། །བཅོམ་ལྡན་འདས་ཀྱི་བསྟན་པ་སྲུང་མཛད་པ། །སྲིད་གསུམ་སྲུང་མའི་ཚོགས་གྱུར་གཤེགས་སུ་གསོལ། །ཞེས་སྤྱིར་སྤྱན་དྲང་བར་གསུངས་སོ། །ཆོས་དབྱིངས་རྣམ་དག་བཟང་མོའི་དཀྱིལ་འཁོར་འདིར། །ཉོན་མོངས་མ་གོས་ནམ་མཁའི་རང་བཞིན་ལ། །རྟོགས་པའི་ཏིང་འཛིན་ཆགས་པའི་སྐུར་བསྟན་ནས། །ཆོས་


DNG025_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཟབ་མོའི་མཆོད་རྟེན་གཤེགས་སུ་གསོལ། །བྱམས་པ་ཆེན་པོ་དཔག་ཚད་མེད་པའི་ཆོས། །གདུག་པའི་ཚོགས་རྣམས་ཐམས་ཅད་འདུལ་སླད་དུ། །མེ་ལོང་ལྟ་བུ་ཆོས་ཀྱི་དོན་རྟོགས་ནས། །རྡོ་རྗེ་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ། །དགའ་རབ་དོན་ཕྱིར་འཁྲུལ་པ་ཀུན་སྤངས་ཤིང་། །འཇིགས་མེད་རིན་ཆེན་བང་རིམ་བརྩེགས་པ་ལ། །སྤྲུལ་པའི་ཡོན་ཏན་ཚོགས་ཀྱི་ཕྲེང་བས་བརྒྱན། །རིན་ཆེན་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ། །ཉོན་མོངས་སྐྱོན་བྲལ་པདྨའི་གདན་སྟེང་ན། །དགའ་བ་བརྩེགས་པའི་བང་རིམ་བདུད་བཞི་འཇོམས། །བུམ་པ་ཆོས་དབྱིངས་སྤྲོས་པ་མེད་པའི་དབྱིངས། །པདྨ་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ། །ཉོན་མོངས་འཁོར་བའི་སྡུག་བསྔལ་ལས་ཀྱིས་སྦྱངས། །རྣམ་པར་རྟོག་པའི་མཚན་མ་ཀུན་བཅོམ་ནས། །བསོད་ནམས་དགེ་ཚུལ་བསགས་པའི་མཆོད་རྟེན་བརྩེགས། །བྱང་ཆུབ་རྫོགས་པའི་མཆོད་རྟེན་གཤེགས་སུ་གསོལ། །ཤཱཀྱ་ཐུབ་པ་སྤྲུལ་པའི་སངས་རྒྱས་ཀྱིས། །སྐུ་ཡི་འོད་ཟེར་སྤྲུལ་པས་སྒྲིབ་པ་སྦྱོང་། །ཡོན་ཏན་ཚོགས་ཀྱི་ཆ་ལས་སྐུར་བརྟེན་པ། །འོད་འབྱུང་སྤྲུལ་པའི་མཆོད་རྟེན་གཤེགས་སུ་གསོལ། །བྱང་ཆུབ་ཚོགས་ཀྱིས་རབ་ཏུ་བརྒྱན་པའི་སྐུ། །འཛམ་གླིང་ཀུན་ནས་བསོད་ནམས་སྤྲིན་ཚོགས་འདུ། །བཀྲ་ཤིས་དགེ་བ་བསོད་ནམས་ཚོགས་བསགས་ཤིང་། །མི་མཐུན་སྒྲིབ་པའི་བག་ཆགས་བསལ་བའི་ཕྱིར། །བཀྲ་ཤིས་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ། །དགེ་ཚུལ་བསོད་ནམས་མཆོད་རྟེན་གཤེགས་སུ་གསོལ། །ཡོན་ཏན་ཚོགས་ཀྱི་མཆོད་རྟེན་གཤེགས་སུ་གསོལ། །ཉོན་མོངས་མུན་སེལ་མར་མེ་གཤེགས་སུ་གསོལ། །ཞེས་སོ་སོའི་སྤྱན་དྲང་བར་གསུངས་སོ། །དེ་ནས་བཞུགས་སུ་གསོལ་བར་གསུངས། །འཇའ་ཚོན་སྤེལ་ལེགས་བཀོད་འདྲ་བའི། །དགེ་བཅུ་དག་པའི་པདྨའི་གདན་སྟེང་དུ། །རིམ་བཞིན་འཚམས་པར་བཞུགས་སུ་


DNG025_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཆོས་དབྱིངས་ཕོ་བྲང་རིན་ཆེན་གཞལ་ཡས་འདིར། །འཇའ་ཚོན་སྤེལ་འདྲའི་གདན་བཟང་བཏིང་ལགས་ཀྱི། །བླ་མེད་ཡིད་དང་རང་བཞིན་མཆོད་རྟེན་དང་། །སྤྲུལ་པའི་གཟུགས་ཅན་མ་ལུས་མཆོད་རྟེན་ཀུན། །དོག་ཅིང་ཚོར་བ་མི་མངའ་བར། །སྐུ་གསུང་རྡོ་རྗེ་ལྟ་བུར་བྱིན་བརླབས་ནས། །འགྲོ་བ་སེམས་ཅན་རྣམས་ལ་སྨན་སླད་དུ། །བརྟན་པར་བཞུགས་ནས་ཐུགས་རྗེས་དགོངས་སུ་གསོལ། །དེ་ནས་ཕྱག་འཚལ་རིམ་པ་གསུངས། །ཆོས་སྐུ་མཁའ་ལ་ཡེ་ཤེས་དཀར་བཀྲམ་ཞིང་། །ཐུགས་རྗེའི་ཕྲིན་ལས་གཟུགས་སྐུའི་ཆར་འབེབས་པ། །འཁོར་བའི་མུན་སེལ་བདུད་བཞི་འཇོམས་མཛད་པ། །དུས་གསུམ་བདེ་གཤེགས་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆགས་བྲལ་བདུད་རྩི་འདུས་མ་བྱས། །རྒྱུ་འབྲས་བསྟན་དང་ལམ་དང་གཉེན་པོའི་ཆོས། །སྡུག་བསྔལ་ཟད་མཛད་སྲིད་པའི་མུན་སེལ་བ། །དམ་ཆོས་བདུད་རྩི་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཤཱཀྱ་སེང་གེའི་བྱིན་རླབས་ལས། །སྲིད་རྩེ་རིན་ཆེན་སྣ་ལྔའི་གཞལ་ཡས་ན། །རིགས་བཞིའི་ཕྱག་རྒྱ་མཆོད་རྟེན་བཞིར་སྣང་བ། །འགྲོ་དོན་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །ཇི་ལྟར་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར། །བདེ་གཤེགས་མཛད་པ་མཐར་ཕྱིན་གྲུབ་པའི་རྟགས། །འཁོར་བ་ཟད་མཛད་ཐར་ལམ་འདྲེན་པའི་གཙོ། །བླ་མེད་མཆོད་རྟེན་བརྒྱད་ལ་ཕྱག་འཚལ་ལོ། །རྣམ་དག་དབྱིངས་ཀྱི་བྱིན་བརླབས་རྒྱལ་བའི་གདུང་། །མ་རིག་མུན་སེལ་ངེས་པར་ལེགས་པའི་གཞི། །སྤྲུལ་པའི་མཆོད་རྟེན་སྲིད་པས་བཀུར་བའི་གནས། །རིང་བསྲེལ་འཇིག་རྟེན་རྒྱན་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་འགྲོ་བའི་དོན་མཛད་ཅིང་། །བདེན་གཉིས་དོན་རྟོགས་ས་བཅུ་མཆོག་བརྙེས་ཤིང་། །གཞན་དོན་རྣམ་པར་གྲོལ་བའི་སྐུ་མངའ་བ། །བྱང་ཆུབ་སེམས་དཔའ་རྣམ་ལ་ཕྱག་འཚལ་ལོ། །ཉོན་མོངས་དུག་སྤངས་ཚུལ་ཁྲིམས་རྒྱན་མངའ་


DNG025_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །སློབ་དང་མི་སློབ་འཕགས་ལམ་དོན་བསྒོམས་ཏེ། །རིག་པ་གསུམ་གྱི་མཚན་མའི་དགྲ་བཅོམ་པ། །ཉན་ཐོས་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་གྱི་བདག་པོའི་གཟུགས་འཛིན་ཅིང་། །ལྷ་ཀླུ་གནོད་སྦྱིན་བདག་པོར་ཞལ་འཆེས་པའི། །རྣམ་བཞི་འཁོར་དུ་གཏོགས་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་མངོན་དགའི་སངས་རྒྱས་ཞིང་ཁམས་ན། །རྡོ་རྗེ་རི་བོ་ལྷུན་པོའི་མཆོད་རྟེན་བཞུགས། །འོད་ཟེར་འབར་བ་ཉི་མ་སྟོང་གི་གཟི། །སངས་རྒྱས་རྡོ་རྗེའི་འཁོར་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་དཔལ་ལྡན་ཡིད་བཞིན་ཞིང་ཁམས་ན། །རིན་ཆེན་རི་བོ་ལྷུན་པོའི་མཆོད་རྟེན་བཞུགས། །འོད་ཟེར་འབར་བ་ཉི་མ་སྟོང་གི་གཟི། །སངས་རྒྱས་རིན་ཆེན་འཁོར་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་བདེ་ལྡན་དགའ་བའི་ཞིང་ཁམས་ན། །པདྨ་རི་བོ་ལྷུན་པོའི་མཆོད་རྟེན་བཞུགས། །འོད་ཟེར་འབར་བ་ཉི་མ་སྟོང་གི་གཟི། །སངས་རྒྱས་པདྨའི་འཁོར་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་རྣམ་པར་དག་པའི་ཞིང་ཁམས་ན། །ལས་ཀྱི་རི་བོ་ལྷུན་པོའི་མཆོད་རྟེན་བཞུགས། །འོད་ཟེར་འབར་བ་ཉི་མ་སྟོང་གི་གཟི། །སངས་རྒྱས་དོན་གྲུབ་འཁོར་ལ་ཕྱག་འཚལ་ལོ། །སྔར་འདས་རྒྱལ་བའི་རིང་བསྲེལ་ཡུམ་གྱི་དབྱིངས། །འགྲོ་དོན་ལྷུན་གྲུབ་བསོད་ནམས་དབྱིངས་ཀྱི་གཙོ། །མཚན་མ་མེད་ལས་མཚན་མའི་སྐུར་ཡང་གསལ། །སངས་རྒྱས་རབ་བདུན་ད་ལྟར་བསྟན་པའི་སྐུར། །འཁོར་ལོ་བདུན་ཏེ་ཕྱག་རྒྱའི་མཚན་མར་གསལ། །ལོག་པར་དད་སེལ་གསེར་ཐུབ་འཁོར་བ་འཇིགས། །ཐམས་ཅད་སྐྱོབས་དང་འོད་སྲུངས་མར་མེ་མཛད། །ཤཱཀྱ་ཐུབ་པ་ལ་སོགས་སངས་རྒྱས་སྐུ། །འགྲོ་དོན་ལྷུན་གྲུབ་མཛད་ལ་ཕྱག་འཚལ་ལོ། །རྩིང་པོའི་བློ་ཡིས་མཆོད་རྟེན་འཛིན་པ་ཡང་། །ངེས་པར་མཁྱེན་པའི་ཁྱད་པར་ཀ་ཎི་ཀ །འཇིག་རྟེན་ཡེ་ཤེས་མུན་སེལ་ཟླ་ལྟར་གསལ། །འདི་ལྟའི་རྨད་མཆོག་དམ་པ་ཆོས་ཀྱི་དབྱིངས། །དེ་ཕྱིར་བླ་ན་མེད་པའི་མཆོད་རྟེན་ལ། །ལུས་རབ་བཏུད་དེ་སྲི་


DNG025_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་བདག་ཕྱག་འཚལ། །དང་བའི་ཡིད་ཀྱིས་དམིགས་ཏེ་མཆོད་པ་འབུལ། །འདི་དག་ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །འགྲོ་དོན་ཡོན་བདག་སེམས་ཅན་མ་ལུས་རྣམས། །མཐོ་རིས་བགྲད་ནས་སངས་རྒྱས་འགྲུབ་པར་ཤོག །དེ་ནས་མཆོད་པ་འབུལ་བ་གསུངས། །ཡེ་ཤེས་ཚོགས་རྫོགས་སྐུ་གསུམ་ལྷུན་གྱིས་གྲུབ། །བཞི་བཅོམ་དྲུག་ལྡན་མི་གནས་མྱ་ངན་འདས། །ཐུགས་རྗེ་སྤྲུལ་པས་འཁོར་བའི་འདམ་སྐེམས་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་འབུལ། །ཡེ་ཤེས་ཉི་མས་མ་རིག་མུན་སེལ་བའི། །དྲི་མེད་བདུད་རྩིས་འཁོར་བའི་ནད་རྣམས་འཇོམས། །དོན་དམ་དམིགས་མེད་བདེ་བར་གཤེགས་པའི་གནས། །འཕགས་པའི་ལམ་གྱུར་ཆོས་ལ་མཆོད་པ་འབུལ། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཚུལ། །བདེ་གཤེགས་རྡོར་རིན་པདྨོ་ལས་ཀྱི་རྟགས། །རིན་ཆེན་བཞི་ལས་མངོན་དུ་གྱུར་པའི་སྐུ། །རིགས་བཞི་མཆོད་རྟེན་རྣམས་ལ་མཆོད་པ་འབུལ། །ལྷོ་ཕྱོགས་འཛམ་གླིང་རིན་ཆེན་དཀྱིལ་འཁོར་འདིར། །ཡེ་ཤེས་དཔག་ཡས་ཐུགས་རྗེས་འདྲེལ་བའི་སྐུ། །རང་བྱུང་སྤྲུལ་པའི་མཆོད་རྟེན་ཆེན་པོ་དང་། །ཡིད་བཞིན་ལྷུན་གྱིས་གྲུབ་ལ་མཆོད་པ་འབུལ། །ནུབ་ཕྱོགས་བདེ་ལྡན་པདྨོའི་དཀྱིལ་འཁོར་ན། །ཐབས་ཀྱི་བྱེ་བྲག་རིང་བསྲེལ་སྐུར་བསྟན་པ། །དཔེ་རྣམས་བསམ་ལས་འདས་པའི་མཆོད་རྟེན་དང་། །རྨད་གྲགས་ཆོས་ཀྱི་དབྱིངས་ལ་མཆོད་པ་འབུལ། །བྱང་ཕྱོགས་དཔག་ཡས་ཡིད་བཞིན་དཀྱིལ་འཁོར་ན། །ཐམས་ཅད་དག་འབྱེད་དཔལ་ཞིང་ཆོས་ཀྱི་གདུང་། །ཡོན་ཏན་རིན་ཆེན་བརྩེགས་པའི་མཆོད་རྟེན་དང་། །ཁམས་གསུམ་བདེ་རྒྱས་སྨོན་ལ་མཆོད་པ་འབུལ། །ཤར་གྱི་ལུས་འཕགས་ཡེ་ཤེས་དཀྱིལ་འཁོར་ན། །བྱམས་པས་འཁོར་བ་འདྲེན་མཛད་རིང་བསྲེལ་སྐུ། །བྱམས་ལྡན་བསོད་ནམས་གཏེར་གྱི་མཆོད་རྟེན་དང་། །མཐར་ལེགས་གཡུང་དྲུང་རྫོགས་ལ་མཆོད་པ་


DNG025_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཁྲི་འཕང་དང་པོར་དྲན་པ་ཉེར་གཞག་བཞི། །ལུས་དྲན་སེམས་དྲན་ཆོས་དྲན་རྗེས་སུ་དྲན། །སྤྱི་དང་རང་གི་མཚན་ཉིད་མངོན་རྟོགས་པའི། །རིག་པ་ཤེས་རབ་མཁྱེན་ལ་མཆོད་པ་འབུལ། །བང་རིམ་གཉིས་པར་ཡང་དག་སྤོང་བ་བཞི། །སྡིག་རྣམས་མི་བསྐྱེད་དགེ་བའི་ཆོས་སྤེལ་ཞིང་། །དགེ་བའི་ཆོས་བསྐྱེད་ཆོས་དོན་རྫོགས་མཛད་པ། །རྟོག་པའི་བག་ཆགས་བྲལ་ལ་མཆོད་པ་འབུལ། །བང་རིམ་གསུམ་པར་རྫུ་འཕྲུལ་རྐང་པ་བཞི། །འདུན་དང་སེམས་དང་དཔྱོད་དང་བརྩོན་འགྲུས་རྣམས། །སྤོང་བའི་འདུ་བྱེད་ལྡན་པའི་རྫུ་འཕྲུལ་གྱིས། །ཐོགས་མེད་འགྲོ་དོན་མཛད་ལ་མཆོད་པ་འབུལ། །བང་རིམ་བཞི་པར་སྣང་བ་དབང་པོ་ལྔ། །དད་བརྩོན་དྲན་དང་ཏིང་འཛིན་དབང་པོ་དང་། །ཤེས་རབ་དབང་པོས་ཆོས་ལ་དབང་བསྒྱུར་ནས། །འདོད་དགུ་དགེ་རྩ་སྤྱོད་ལ་མཆོད་པ་འབུལ། །འགྱུར་མེད་བུམ་རྟེན་འདེགས་པའི་སྟོབས་ལྔ་སྟེ། །དད་དང་བརྩོན་འགྲུས་དྲན་དང་ཏིང་འཛིན་སྟོབས། །ཤེས་རབ་སྟོབས་ཀྱིས་ཉོན་མོངས་ཟིལ་གྱིས་གནོན། །མཐུ་དབང་མངོན་དུ་གྱུར་ལ་མཆོད་པ་འབུལ། །བུམ་པར་མངོན་འཕགས་བྱང་ཆུབ་ཡན་ལག་བདུན། །དྲན་དང་ཚོར་བྱེད་བརྩོན་འགྲུས་དགའ་བ་དང་། །ཤིན་ཏུ་སྦྱངས་དང་ཏིང་འཛིན་བཏང་སྙོམས་ཀྱིས། །འགྲུབ་འགྱུར་ཐོགས་པ་མེད་ལ་མཆོད་པ་འབུལ། །ཁ་ཁྱེར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །ལྟ་དང་རྟོགས་དང་ངག་དང་ལས་ཀྱི་མཐའ། །འཚོ་དང་རྩོལ་དང་དྲན་དང་ཏིང་འཛིན་གྱིས། །འཕགས་ལམ་གནས་རབ་འཇུག་ལ་མཆོད་པ་འབུལ། །སྲོག་ཤིང་མཁྱེན་པ་བཅུ་ཡི་བདག་ཉིད་དེ། །ཐབས་དང་ཤེས་རབ་རིག་པའི་རྩལ་མཆོག་གིས། །དམ་ཆོས་བདུད་རྩི་འཛིན་ལ་སྲོག་ཏུ་གྱུར། །ཤེས་རབ་དོན་ཀུན་རག་ལ་མཆོད་པ་འབུལ། །འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་གཞག་གསལ། །ཤེས་རབ་སྤྱན་ལྡན་ཐམས་ཅད་མངོན་གཟིགས་པའི། །ཤེས་བྱའི་བག་ཆགས་སྦྱོང་ལ་ཐོགས་པ་མེད། །ཡེ་ཤེས་ཕུན་སུམ་ཚོགས་ལ་མཆོད་པ་འབུལ། །ཆར་ཁེབས་


DNG025_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ། །འདུལ་བའི་དུས་དང་སེམས་ཅན་རྒྱུད་མཁྱེན་རྣམས། །འཇིག་རྟེན་རྣམས་ལ་ཕན་འདོགས་རབ་བརྩོན་པའི། །ཕྱི་མཐར་ཡུན་རིང་བཞུགས་ལ་མཆོད་པ་འབུལ། །དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་བཏུད་དེ། །བརྩོན་འགྲུས་དྲག་པོས་རིན་ཆེན་སྣ་ལྔ་དང་། །འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་སོགས། །སྐུ་གདུང་རིང་བསྲེལ་རྣམས་ལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་རྒྱལ་བའི་སྲས། །ཐུགས་རྗེའི་ཤུགས་ཀྱིས་ཕྱི་མཐའ་གཞན་དོན་མཛད། །སྐྱེ་འགག་མེད་པའི་དོན་གྱི་བློ་སྦྱངས་ལ། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་འབུལ། །རྣམ་གྲོལ་ཐར་ལམ་མཆོག་ཏུ་རབ་བརྩོན་པ། །ཟུང་བཞི་ཡ་བརྒྱད་རིག་པའི་སྐྱེས་བུའི་ཚོགས། །རྟེན་ཅིང་འདྲེལ་བ་རིག་པའི་སངས་རྒྱས་པས། །འཕགས་པའི་དགེ་འདུན་རྣམས་ལ་མཆོད་པ་འབུལ། །དགེ་བ་བཅུ་བསྐྱེད་སྐལ་ལྡན་སངས་རྒྱས་ཞིང་། །ཚངས་པའི་སྐལ་ཀྱིས་ངན་སོང་མཐར་སྤངས་ཏེ། །རྫུ་འཕྲུལ་ཤུགས་ཀྱིས་འགྲོ་བའི་དོན་མཛད་པ། །འཇིག་རྟེན་སྲུང་མའི་ཚོགས་ལ་མཆོད་པ་འབུལ། །རྡོ་རིངས་ཐེམ་སྐས་ཆུ་སྲིན་རྒྱལ་མཚན་དང་། །གདུགས་དང་བ་དན་དར་གྱི་ཅོད་པན་དང་། །པདྨ་ཉི་ཟླ་སིལ་སྙན་ལྷ་ཡི་རྫས། །ཚངས་པའི་དབྱངས་ལྡན་དམིགས་པ་དག་པས་མཚན། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུ་གྱུར་པའོ། །ཡོན་ཆབ་བདུག་སྤོས་མེ་ཏོག་མར་མེ་དང་། །བཤོས་གཙང་དྲི་ཆབ་ལ་སོགས་སྦྱར་བ་དག །མཆོད་ཡོན་རྣམ་ལྔའི་ཚོགས་ཀྱི་མཆོད་པ་འབུལ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས། །ཀུན་བཟང་རྣམ་དག་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའ་གང་བར་དམིགས་ཏེ་མཆོད་པ་འབུལ། །འཇིག་རྟེན་འཁོར་བའི་གནས་ནས་དྲང་བ་དང་། །འགྲོ་དོན་མཛད་པའི་ཐུགས་དམ་བསྐང་སླད་དུ། །ཡེ་ཤེས་ཉི་


DNG025_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

མས་མཚན་མའི་སྐྱོན་སྤངས་ནས། །བྱམས་པའི་ཐུགས་རྗེས་མཆོད་པ་བཞེས་སུ་གསོལ། །རྒྱལ་བ་འཁོར་བཅས་རིང་བསྲེལ་མཆོད་འོས་རྣམས། །སྤྱན་དྲངས་ཕྱག་འཚལ་མཆོད་ཅིང་བཀུར་བའི་མཐུས། །སྔོན་བསགས་ལས་ཀྱི་སྒྲིབ་པ་ཀུན་སྦྱངས་ནས། །འགྲོ་དྲུག་ཚོགས་རྣམས་མངོན་པར་སངས་རྒྱས་ཤིག །དེ་ནས་ཨརྒྷའི་གསོལ་མཆོད་བཤད། །མཆོད་རྟེན་སྐུ་ཡི་ཆ་ལུགས་ནི། །འོག་གི་རྨང་བཏིང་ཡེ་ཤེས་བཞི། །གྱེན་དུ་ཁྲི་འཕང་རྣམ་ཐར་གསུམ། །ཆགས་མེད་པདྨའི་གདན་སྟེང་ན། །བུམ་པ་བཟང་པོ་ཆོས་ཀྱི་རྗེ། །གསེར་གྱི་དྲེ་ཕུལ་འོད་ཟེར་འཕྲོ། །སྲོག་ཤིང་དྲང་སྲོང་བླ་ན་མེད། །འཁོར་ལོ་བཞི་དང་ཡེ་ཤེས་བརྒྱད། །འབར་བ་མེ་དཔུང་རྡོ་རྗེས་བསྐོར། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་གདན་བཤམས་ཤིང་། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་འགོངས་ནས་བཞེས་སུ་གསོལ། །མཆོད་རྟེན་གསུང་གི་ཆ་ལུགས་ནི། །མན་ངག་ཚིག་གི་སྙིང་པོ་བརྗོད། །བཟླས་བརྗོད་གསུང་རབ་བཅུ་གཉིས་བརྗོད། །དོན་དམ་སྒྲ་སྐད་ཀུན་ལ་མཁས། །རྒྱལ་བ་རྒྱ་མཚོ་འཁོར་དང་བཅས། །གསུང་གི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །མཆོད་རྟེན་ཐུགས་ཀྱི་ཆ་ལུགས་ནི། །དཔེ་མེད་བསམ་འདས་ནམ་མཁའ་ཆེ། །ཏིང་འཛིན་ཉིད་ལས་ཅིར་ཡང་གསལ། །ཡེ་ཤེས་ཉིད་ཡིན་ཅིར་ཡང་རྟོགས། །ཤེས་རབ་ཉིད་དཔལ་མཁྱེན་རབ་གསལ། །ཐམས་ཅད་མཁྱེན་པས་ལྷུན་གྱིས་གྲུབ། །དོན་དམ་སེམས་རྟོག་ཡིད་ལས་འདས། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་


DNG025_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བླ་མེད་མཆོད་རྟེན་ཆ་ལུགས་ནི། །རིན་ཆེན་འབར་བའི་སྲིད་རྩེ་ནི། །ཙིནྟ་མ་ཎི་ཡེ་ཤེས་བཞི། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ཤིང་། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཡིད་ཀྱི་མཆོད་རྟེན་ཆ་ལུགས་ནི། །ནམ་མཁའི་དབྱིངས་དང་རྒྱ་མཚོའི་འཇིང་། །བྱང་ཆུབ་སེམས་ཀྱི་མཆོད་རྟེན་བྲིས། །སྣང་ཞིང་སྟོང་ལ་སྟོང་ཞིང་གསལ། །ཡིད་ཀྱི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་ན། །བླ་མེད་མཆོད་པའི་རྒྱན་བཤམས་ཤིང་། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །རང་བཞིན་མཆོད་རྟེན་ཆ་ལུགས་ནི། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །མཚན་མའི་སྡུག་བསྔལ་རབ་བསལ་ནས། །སེམས་ཅན་ཀུན་ལ་བྱམས་ཐུགས་ལྡན། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །སྤྲུལ་པའི་མཆོད་རྟེན་ཏིང་འཛིན་སྐུ། །བྱམས་ཤིང་སྙེམས་པས་ཀུན་གྱི་མགོན། །ཐུགས་རྗེ་ཆེན་པོས་སྐྱོ་དུབ་མེད། །ནུབ་བྱང་རྒྱལ་པོའི་མིག་ནད་སེལ། །སྤྲུལ་པའི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ཤིང་། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་


DNG025_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །གཟུགས་འཛིན་མཆོད་རྟེན་ཤེས་རབ་སྐུ། །བདུད་ཀྱི་འཁོར་དང་གཤིན་རྗེའི་འཁོར། །སྲིན་པོའི་ཚོགས་དང་ལྷ་མ་ཡིན། །གནོད་སྦྱིན་མ་ལུས་ཐམས་ཅད་ཀྱི། །གཟི་བྱིན་མཐུ་སྟོབས་འཕྲོག་མཛད་པའི། །གནོད་སྦྱིན་སྲིན་པོའི་རྒྱུ་སྲང་གཅོད། །གཟུགས་ཆེན་མཆོན་རྟེན་ཐམས་ཅད་ལ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ཤིང་། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །དེ་ནས་མཆོད་རྟེན་བསྟོད་པ་གསུངས། །བླ་མེད་མཆོད་རྟེན་བསྟོད་པ་ནི། །ཚོགས་ཆེན་རྫོགས་པ་ཆོས་ཀྱི་སྐུ། །བླ་མེད་བྱང་ཆུབ་ཐུགས་རྗེའི་གནས། །ཁམས་གསུམ་འགྲོ་རྣམས་དོན་གྱི་ཕྱིར། །ཡེ་ཤེས་གཟུགས་སྤྲུལ་མཆོད་རྟེན་འདི། །གཞི་རྨང་དགེ་བཅུ་པདྨ་དག་པས་འཇམ། །དྲན་པ་ཉེར་གཞག་རྨང་གི་ཁྲི་འཕང་བརྟན། །སྡིག་པ་སྤངས་པའི་བང་རིམ་གཉིས་པ་ལས། །རྫུ་འཕྲུལ་རྐང་པ་བང་རིམ་གསུམ་པ་སྟེ། །རྣམ་གྲོལ་དབང་པོ་བང་རིམ་བཞི་པ་བཟང་། །ཐུགས་རྗེའི་ཚད་མེད་ཆོས་ཀྱི་ཆར་ཁེབས་ལྡིང་། །བདེན་བཞིའི་བསྟན་པ་འཇིག་རྟེན་སྐྱོང་བཞིས་བཙུགས། །སྟོབས་ལྔའི་བུམ་པའི་དབྱིངས་སྡུག་ཀུན་ཏུ་ཟླུམ། །བྱང་ཆུབ་ཡན་ལག་པདྨ་ཤིན་ཏུ་མཛེས། །ཏིང་འཛིན་བསླབས་པས་གང་ཚེ་དྲེ་ལེགས་པ། །འཕགས་ལམ་དྲེ་ལགས་གྲུ་བཞི་རིམ་པས་སྡུག །ཤེས་བཅུ་སྲོག་ཤིང་གཞུང་ཚུགས་མེད་པར་དྲང་། །སྟོབས་བཅུའི་འཕང་ལོ་གཤིབ་པས་སྒྲིབ་པ་སྤངས། །བླ་མེད་བརྙེས་པའི་གདུགས་མཆོག་མཁའ་ལ་འཕགས། །ཡང་དག་རྫོགས་པའི་བྱང་ཆུབ་ཅོད་པན་ལྡེམ། །མ་འདྲེས་ཉེར་གཞག་གདུགས་ཀྱིས་རྣམ་པར་མཐོ། །དབྱངས་རབ་ཡན་ལག་གསུང་སྙན་དྲིལ་བུ་འཁྲོལ། །ཆོས་འཁོར་བསྐོར་བའི་གསར་བྱེའུ་བ་དན་


DNG025_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

འཕུར། །མི་འཇིགས་བག་སྐྱོང་རྡོ་རིངས་སེང་གེ་བརྗིད། །ཐབས་ལྡན་སྤྲུལ་པས་སྐྱེ་བོ་འདུལ་བར་མཛད། །རྫོགས་པ་ཆེན་པོའི་ཚུལ་དུ་ལྷམ་མེ་བ། །བྱང་ཆུབ་སྙིང་པོའི་རྟེན་ལ་ཕྱག་འཚལ་བསྟོད། །ཡིད་ཀྱི་མཆོད་རྟེན་བསྟོད་པ་ནི། འཁོར་ལྡོག་མེད་པའི་གནས་དང་སྤྱོད་ཡུལ་ནི། །ནམ་མཁའ་ས་གཞི་ལ་ནི་གཞི་བླངས་ཏེ། །ཡེ་ཤེས་བཞི་ཡི་ཁྲི་འཕང་བཞི་ནི་བརྩིགས། །མཚན་མེད་བུམ་རྟེན་ལ་ནི་གཞི་བླངས་ཏེ། །ཆོས་དབྱིངས་མཁའ་ལས་འཕགས་པའི་བུམ་པ་བགྱིས། །དཔག་ཏུ་མེད་པའི་སྲོག་ཤིང་ལེགས་བཙུགས་ནས། །ཕ་རོལ་ཕྱིན་བཅུའི་འཁོར་ལོ་ལེགས་བཏགས་ནས། །མཐའ་གཉིས་བུམ་པའི་གདུགས་ནི་ཡས་འབུབས་ལ། །མཉམ་ཉིད་དར་དཔྱངས་ཀྱིས་ནི་རབ་བརྒྱན་ཏེ། །མཐའ་དང་དབུས་མེད་མི་དམིགས་མི་རྟོག་པ། །མ་བཅོས་ལྷུན་གྲུབ་གནས་པའི་ཆོས་ཀྱི་སྐུ། །སྐྱོན་བྲལ་ཡང་དག་ཉིད་ལ་ཕྱག་འཚལ་བསྟོད། །རང་བཞིན་མཆོད་རྟེན་ལ་བསྟོད་པ་ནི། །ཡིད་བཞིན་ལྷུན་གྲུབ་བཀྲ་ཤིས་གཞལ་ཡས་ཁང་། །ཆགས་མེད་ཡེ་ནས་དག་པ་ཆོས་ཀྱི་དབྱིངས། །སྲིད་གསུམ་མི་འཁོར་མཆོད་རྟེན་ཀ་ནི་ཀ །གཞི་ཡི་རྨང་བཏིང་ཡ་མཚན་རྡོ་རྗེ་བྲག །གྱེན་དུ་ཁྲི་འཕང་ཁྱད་པར་དཀོན་མཆོག་གསུམ། ། ཧ་འདབ་དམར་སྨུག་འཁྱིལ་ཅིང་ལྡེམ་པ་ལ། །ཤེལ་གྱི་བུམ་པ་དྲི་མེད་རྣམ་པར་དག །གསེར་གྱི་དྲེ་ཕུལ་ཡངས་པས་ཆོས་ཀྱི་དབྱིངས། །སྲོག་ཤིང་མ་སྐྱེས་སེམས་ཀྱི་ངོ་བོ་ཉིད། །མ་འཁོར་མ་བྱུང་ཆོས་ཀྱི་དབྱིངས་དང་འདྲ། །རྨ་བྱ་ཆེན་མོ་ཡིད་འོང་གཟུགས་སྒྲ་སྒྲོགས། །སྟོང་ཞིང་གསལ་བའི་མེ་ལོང་འོད་པོ་ཆེ། །སྐུ་གསུམ་དབྱེར་མེད་བྱམས་སྙོམས་ཀུན་གྱི་མགོན། །མི་གཡོ་མཉམ་ཉིད་ཆོས་མཆོག་དཔེ་ལས་འཕགས། །སྐུ་གསུང་ཐུགས་ཀྱི་ཆོས་ཚུལ་རབ་ཀྱི་དབྱིངས། །རིན་ཆེན་སངས་རྒྱས་སྐུ་མཆོག་མངོན་བསྟན་ནས། །ཐུགས་རྗེས་སྤྲུལ་པས་འོད་ཟེར་སྤྱི་གཙུག་རྫོགས། །


DNG025_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་ཉོན་མོངས་སྡུག་བསྔལ་ཞི་མཛད་པ། །ཁམས་གསུམ་མི་ལྡོག་གཡུང་དྲུང་བྱང་ཆུབ་མཁར། །དགྲ་བཅོམ་བ་གམ་བཞི་པོ་སྤྱི་རྫོགས་ཡངས། །ཡེ་ཤེས་གློ་སྐར་ཐབས་ཀྱི་མདའ་འཕངས་པས། །འཆི་བདག་གཤིན་རྗེ་མ་རིག་སེམས་ཅན་གཅོད། །བསམ་གཏན་སྐྱོགས་སྒོ་ཡངས་པས་སྲིད་པའི་འཁོར་རྣམས་འཇོམས། །ལྕོག་དམར་དཔེ་མེད་སྲིད་གསུམ་རྩེ་ལས་ཡང་དག་འཕགས། །མདའ་ཡབ་རྟག་པར་རྡོ་རྗེ་མེ་ལྟར་འབར། །དབྱར་ཞིང་ས་བརླན་དྲོད་གཤེར་ཟིལ་མི་འགོ། །དགུན་ཞིང་སྤྲིན་ཕུང་རླུང་འཚུབས་རྡུལ་མི་འགོ། །གཉན་ཏེ་ཀླུ་རྒྱལ་ཆེན་པོ་སྦྲུལ་མི་འཁྲི། །གཟར་ཏེ་ཧ་ལུ་མནྠ་སྤྲེའུ་མི་འཛེག །ཡེ་ཤེས་མཆོད་རྟེན་ཆོས་དབྱིངས་རྣམ་དག་སྐུ། །དེ་བཞིན་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །སྤྲུལ་པའི་མཆོད་རྟེན་ལ་བསྟོད་པ། བླ་མེད་ཡེ་ཤེས་སྲིད་གསུམ་མུན་སེལ་བ། །ཀུན་ལ་སྒྲིབ་པ་མི་མངའ་ཐུགས་རྗེ་དཔལ་ལྡན་པ། །སྐྱེ་དགུ་རྣམས་ལ་སྨན་སླད་རྒྱལ་བའི་རིང་བསྲེལ་སྣོད། །ཆོས་སྐུར་བྱིན་གྱིས་བརླབས་ནས་མཆོད་རྟེན་ཚུལ་བསྟན་པ། །རྣམ་པར་འགྲོ་བའི་རིགས་ལྡན་ས་གཞི་ལྟ་བུ་ལ། །བྱང་ཆུབ་སེམས་མཆོག་རྡོ་རྗེ་གདན་བསྒྲུབས་ཏེ། །ཆོས་ལ་དྲན་པ་ཉེར་གཞག་བང་རིམ་ནི། །སྡུག་བསྔལ་ཚོགས་ལས་ཡིད་བྱུང་ལམ་གྱི་ཐོག་མར་བཤད། །བང་རིམ་གཉིས་པ་ཉོན་མོངས་ཡང་དག་སྤོང་བ་བཞི། །མི་དགེ་ཆོས་རྣམས་རབ་སྡོམ་རྣལ་འབྱོར་རྟེན་ཡང་བྱེད། །བང་རིམ་གསུམ་པ་ཏིང་འཛིན་རྫུ་འཕྲུལ་རྐང་པ་སྟེ། །སེམས་ཀྱི་ཐ་བ་འདུལ་ཞིང་བཟོད་པའི་མཆོག་ཏུ་གྱུར། །བང་རིམ་བཞི་པ་བསམ་གཏན་དབང་པོ་ལྔ་རྣམས་ནི། །མཐོང་བའི་ལམ་གྱི་གནས་ཡིན་དེ་ཉིད་སྟོབས་ཐོབ་པ། །བུམ་རྟེན་ཁྱད་པར་ཚུལ་གྲུབ་འཇིག་རྟེན་ཆོས་མཆོག་སྟེ། །ཐར་པའི་རྒྱུ་མཚན་དམ་པ་དེ་ལས་ལྷག་པ་མེད། །བུམ་པ་བྱང་ཆུབ་ཡན་ལག་དབྱིབས་སྡུག་སྙིང་པོའི་དོན། །ཤིན་ཏུ་སྤྲས་པ་མེད་ཕྱིར་ཀུན་ནས་ཟླུམ་པོར་གནས། །དེ་ལ་བརྟེན་པའི་འཕགས་པའི་ཡན་ལག་ལམ་རྣམས་ནི། །དྲེ་ལེགས་


DNG025_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཕྱིན་ལྟ་བུར་ཡོན་ཏན་རྫོགས་པར་སྣང་། །སྲོག་ཤིང་དཔག་བསམ་ཡེ་ཤེས་སྨོན་ལམ་ཆེན་པོ་ཡིན། །ཤིན་ཏུ་བརྟེན་པར་གནས་པ་རྨད་བྱུང་ཆོས་ཀྱི་སྐུ། །འཁོར་ལོ་རིམ་པར་བརྩེགས་ལེགས་ཤེས་བཅུའི་རིམ་གསུམ་སྟེ། །མ་འདྲེས་བཅོ་བརྒྱད་ཆོས་ཀྱང་དེ་འདྲའི་ཚུལ་དུ་སྣང་། །རྣམ་ཐར་བརྒྱད་ཀྱིས་ཟུར་བསམ་རིན་ཆེན་མགུར་ཆུ་བཟང་། །ཕན་འདོགས་སྐྱོན་མ་མཆིས་པས་ཉོན་མོངས་མེད་པའི་ཚུལ། །རྣམ་གྲོལ་ཤེས་རབ་ཡེ་ཤེས་འོད་ལྡན་གཟུགས་ཀུན་ཟིལ་གནོན་པ། །བླ་མེད་ཡོན་ཏན་རྒྱན་གཅིག་ཆོས་སྐུ་བཟང་ལ་འོས། །སྟེང་གི་རིན་ཆེན་གདུགས་མཛེས་རྣམ་ཀུན་མཁྱེན་པའི་མཆོག །བསྙེལ་བ་མེད་པའི་རྒྱུས་བཟུང་ཐུགས་རྗེ་ཁྱད་པར་བྱུང་། །དེ་ཕྱིར་ཡང་དག་རིམ་བཞིན་དམ་ཆོས་སྒྲ་སྒྲོགས་པ། །མི་ཤེས་གཉིད་ལས་སད་མཛད་ཡན་ལག་བཅུ་གཉིས་ལྡན། །ནོར་བུའི་ཕྲེང་བ་སྤེལ་ལེགས་ཕ་རོལ་ཕྱིན་བཅུ་སྟེ། །འཇིག་རྟེན་འདས་པའི་དཔལ་དང་བཀྲ་ཤིས་ཀུན་མངའི་ཞིང་། །ས་སྟེང་གདུགས་ཀྱིས་སྐྱབས་ལྟར་ཚད་མེད་བཞིས་ཁྱབ་པ། །རྒྱལ་བ་མི་རྣམས་ལ་ཡང་དགོངས་པ་མཉམ་པར་འགྱུར། །ཡིད་བཞིན་ནོར་བུའི་འོད་འབར་མངོན་པར་མཁྱེན་པ་དྲུག །འཁོར་བའི་མངའ་ལ་རྟག་གསལ་ཀུན་ཏུ་སྣང་མཛད་པ། །མི་འགྱུར་ཁ་ལོ་སྒྱུར་མཆོག་ཚོགས་ཆེན་ཡོངས་རྫོགས་ཕྱིར། །དམ་ཆོས་རྒྱལ་པོར་མངའ་གསོལ་གསེར་གྱི་ཅོད་པན་འཕུར། །བྱང་ཆུབ་སེམས་ཀྱི་ཟླ་ཚེས་དཀར་པོའི་ཆོས་རྒྱུ་དང་། །ཡེ་ཤེས་ཆེན་པོའི་མེ་ལོང་དུས་གསུམ་སྒྲིབ་མེད་དག །རྒྱུ་འབྲས་བཟང་པོར་འདྲེལ་བས་བསྟན་པ་ཡོངས་ཀྱི་དབུས་གནས་པ། །འགྲོ་བའི་སྐྱོན་རྣམས་སེལ་ལ་ཕྱག་འཚལ་བསྟོད། །རྒྱལ་ཆེན་ཕྱོགས་བཞིར་བཀོད་པ་སྙེམས་པ་མི་མངའི་ཚུལ། །བསྲུང་མེད་སྟོབས་བཅུའི་རྩལ་ཡངས་བརྗིད་པ་སེང་གེ་སྟེ། །རྒྱལ་བས་བདུད་ཀྱི་ཚོགས་བཏུལ་མཁྱེན་ལྡན་པའི། །ཡེ་ཤེས་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་བསྟོད། །ཐེག་གསུམ་ཐར་


DNG025_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐས་བཙུགས་རྣམ་ཐར་སྒོ་ལྡན་པ། །སོ་སོའི་དབང་པོ་རིམ་བཞིན་བསྒྲལ་ནས་ཀྱང་། །བྱང་ཆུབ་ཆེན་པོའི་གདུང་རྒྱུད་འཕེལ་མཛད་པ། །སྤྱན་མངའ་རྣམ་པར་སྦྱངས་ལ་ཕྱག་འཚལ་བསྟོད། །རང་བཞིན་བཟོད་མཐར་རྣམ་དག་དེ་བཞིན་ཉིད། །སྤྲོས་པའི་དྲི་མས་མ་གོས་དཀར་བའི་ཚུལ་གཅིག་ཀྱང་། །རིན་ཆེན་རྣམ་པར་སྤྲས་པའི་མཚན་མཆོག་རྫོགས་པའི་སྐུ། །འགྲོ་དོན་ལྷག་པར་མཛད་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་སྐུ་གདུང་དབྱིབས་བཅས་ཆོས་སྐུ་རྣམ་པར་དག །གང་གིས་མཐོང་ཐོས་དྲན་གུས་མཆོད་ཅིང་རེག་པས་ཀྱང་། །མཐོ་རིས་ངེས་དཔལ་ཐར་མཆོག་བདེ་ཐོབ་པས། །ཡོན་ཏན་རྨད་བྱུང་ཚོགས་མངའ་ཁྱོད་ལ་ཕྱག་འཚལ་བསྟོད། །བསམ་གྱིས་མི་ཁྱབ་གནས་ཏེ་བརྗོད་པར་མི་ནུས་བཞིན། །དད་པས་འོལ་བྱི་ཆ་ཤས་གུས་པར་བསྟོད་པ་ལ། །དོན་མེད་སྐུ་རྨོངས་འཕང་སྨད་ནོངས་པར་གྱུར་ཏོ་འཚལ། །བདེ་གཤེགས་མངོན་སུམ་སྤྱན་ལ་ནོངས་སྐུར་ཤིན་ཏུ་བཤད། །ཡོན་ཏན་རྒྱ་མཚོ་མངའ་ལས་གལ་ཏེ་ཐིགས་ཙམ་ཞིག །དོན་དང་ཚིག་གི་སྒོ་ནས་ཚུལ་འདྲ་བརྗོད་ཞེ་ན། །དགེ་བ་བཟང་པོ་དེ་ནི་བདག་གི་གཏེར་ཆེན་དེ། །སྐྱེ་དགུ་མགྲོན་དུ་གཉེར་ཕྱིར་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་ནི་ཕྱི་རབས་འབྱུང་རྣམས་ལུང་བསྟན་ཏོ། །དེ་འདྲའི་ཚུལ་དུ་ཤེས་རབ་ཀྱིས་གུས་པར་བསྟོད་དོ། །གཟུགས་ཆེན་མཆོད་རྟེན་ལ་བསྟོད་པ། །བཅོམ་ལྡན་ཤཱཀྱ་སེང་གེའི་རིང་བསྲེལ་སྣོད། །སྲིད་གསུམ་མཆོད་གནས་བླ་མེད་ཡུལ་གྱི་རྒྱན་བཞུགས་པ། །འོད་བཟང་འཚེར་བས་ཤེལ་གྱི་དཀར་པོ་བཞིན་དུ་སྦ། །གཟི་ཆེན་ལྷམ་མེ་ལྷན་ནེ་ལྷག་གེ་ཕྱོགས་བཅུ་གར་ཡང་གསལ། །བཀྲ་ཤིས་བྱིན་ཆགས་རྒྱང་རིངས་སུ་མཐོང་ཡང་། །སྡིག་སྦྱང་དཔལ་བསྐྱེད་ཡིད་འོང་སྤྲོ་ཀུན་བདེ་བ་ཐོབ། །མཐུ་ཆེན་གཉན་པོས་ཡུལ་ལྗོངས་སྟོང་ཁམས་བྱིན་ཆགས་ཤིང་། །ལྷ་མི་འཇིག་རྟེན་གསུམ་གྱི་མགོན་སྐྱབས་རྟེན་གྱི་མཆོག །ཡེ་ཤེས་ཚོགས་ཆེན་


DNG025_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པས་བདེ་གཤེགས་ཆོས་ཀྱི་སྐུ། །རྣམ་རྟོག་མཐའ་དང་བྲལ་བས་ཡོན་ཏན་ཀུན་གྱི་གཞི། །དྲན་པ་ཉེ་བར་གཞག་པ་རྨང་གི་ཁྲི་འཕང་དང་པོ་བརྟན། །བརྩོན་འགྲུས་ཡང་དག་སྤོང་བའི་ཁྲི་འཕང་གཉིས་པ་ལེགས། །ཏིང་འཛིན་རྫུ་འཕྲུལ་རྐང་པའི་ཁྲི་འཕང་གསུམ་པ་དགེ། །རྣམ་གྲོལ་དབང་པོ་ལྔ་ཡི་ཁྲི་འཕང་བཞི་པ་བརྗིད། །བུམ་རྟེན་སྟོབས་ལྔ་བུམ་པ་བྱང་ཆུབ་ཡན་ལག་བདུན། །དྲེ་ལེགས་གྲུ་བཞི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །སྲོག་ཤིང་སྟོབས་བཅུ་གདུགས་ཀྱི་འཕྲེང་བ་བཅུ། །གདུགས་ཕྲེང་གསུམ་པོ་མ་འདྲེས་དྲན་པ་ཉེ་བར་གཞག་པ་ལ། །སྙིང་རྗེ་ཆེན་པོས་འཕགས་པའི་ཆོས་ཀྱི་ཆར་ཁེབས་ལྡིང་། །བླ་མེད་གོ་འཕང་བརྙེས་པའི་གདུགས་ཀྱི་གནས་འཕང་མཐོ། །འཇིག་རྟེན་མུན་སེལ་དག་པའི་ཡེ་ཤེས་ཟླ་བ་གསལ། །དབྱངས་སྙན་ཚངས་པའི་གསུང་གི་དྲིལ་བུ་སྒྲ་སྙན་འཁྲོལ། །ཡང་དག་རྫོགས་པའི་བྱང་ཆུབ་དར་གྱི་ཅོད་པན་འཕུར། །བདེན་བཞི་བཤད་པའི་འཇིག་རྟེན་སྐྱོང་ཞིང་བཙུན། །རྣམ་དག་ཚུལ་ཁྲིམས་ཕུང་པོ་མེ་ཏོག་འཕྲེང་བ་བཟང་། །སྐྱོན་བྲལ་བསྲུང་བ་མེད་གཞི་ཆོས་ཀྱི་ཐེམ་སྐས་མཛེས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་བ་དན་དཀར་པོ་སྦ། །བདུད་བཞི་རྒྱལ་མཚན་སྙེལ་བའི་རྟགས་སུ་ཆུ་སྲིན་རྒྱལ་མཚན་གྲགས། །མི་འཇིགས་བཞི་ཡི་རྡོ་རིངས་སེང་གེས་བརྗིད། །འདི་འདྲའི་དམ་ཆོས་ངོ་མཚར་རྨད་དུ་བྱུང་། །ཐབས་མཁས་ཐུགས་རྗེའི་དབང་གིས་མཆོད་རྟེན་ཚུལ་དུ་སྤྲུལ། །ནམ་མཁའི་དབྱིངས་ནས་འཇའ་ཚོན་གསལ་བ་ཇི་བཞིན་དུ། །ཡོན་ཏན་བློ་ཡི་ཁྱད་པར་ཁ་དོག་དབྱིབས་སུ་སྒྱུར། །དཔལ་ལྡན་རིན་ཆེན་འབྱུང་གནས་ཡ་མཚན་ཆེན་པོ་ལ། །དུས་གསུམ་རྒྱལ་བ་རྣམས་ཀྱི་མཆོད་རྟེན་སྐུར་བྱུང་ཚུལ། །དཔལ་འབྱུང་ཀ་ནི་ཀ་དང་ཏིང་འཛིན་ཚུལ་གཅིག་ལ། །བསོད་ནམས་གཟི་བརྗིད་ཆེན་པོས་ཡུལ་ཁམས་བྱིན་བརླབས་ཤིང་། །སངས་རྒྱས་སྤྲུལ་པ་ཆེན་པོའི་མཆོད་རྟེན་རྣམས། །ཕྲིན་ལས་


DNG025_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་ནས་སྐུ་ཁྲུས་གསོལ་བ་ནི། །རྣམ་དག་སྐྱོན་བྲལ་བྱང་ཆུབ་སེམས་ཀྱི་དབྱིངས། །རྣམ་དག་སྐྱོན་བྲལ་ཡོན་ཏན་ཚོགས་ཀྱི་གཏེར། །བཀྲ་ཤིས་བསྟོད་ཅིང་ཕྱག་འཚལ་མཆོད་པའི་གནས། །བདུད་བཞིའི་དཔུང་རྣམས་རབ་ཏུ་ཚར་གཅོད་ཕྱིར། །ཆོས་དབྱིངས་དག་པའི་སྐུ་ལ་སྐུ་ཁྲུས་གསོལ། །ཉོན་མོངས་འཁྲུལ་པའི་རྟོག་པ་དག་གྱུར་ཅིག །ཇི་ལྟར་མེ་ལོང་ངོས་ལ་གཟུགས་བརྙན་སྣང་འགྱུར་ཡང་། །ཆོས་ཀྱི་སྐུ་ལས་རྡུལ་ཙམ་གཡོས་པ་མེད། །རིན་ཆེན་སྣ་ལྔས་བསྒྲུབས་པའི་མཆོད་རྟེན་དང་། །སའམ་ཆུའམ་འོན་ཏེ་བར་སྣང་ལ། །སེམས་ཅན་དོན་དུ་རིན་ཆེན་སྐུར་བསྟན་པ། །མཆོད་པ་དམིགས་པར་བཅས་ཏེ་སྐུ་ཁྲུས་གསོལ། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །དད་རྨང་གཞི་བཙུགས་རྣམ་དག་དབུ་མ་འཇོམས། །དྲན་པ་ཉེར་གཞག་རྨང་གི་ཁྲི་འཕང་མཐོ། །ཐེག་པ་རྣམས་ཀྱི་བང་རིམ་བརྩེགས་པ་ལ། །ཆོས་དབྱིངས་སྤྲོས་མེད་བུམ་པ་ཟླུམ་པོ་སྟེ། །སྨོན་ལམ་ཆེན་པོའི་ཏིང་འཛིན་སྲོག་ཤིང་བཙུགས། །དགེ་བའི་ལོངས་སྤྱོད་ནམ་མཁའ་གདུགས་ཀྱིས་བཀང་། །བྱང་ཆུབ་སེམས་དཔའ་ཟླ་ཚེས་རྣམ་པར་དག །མདོ་སྡེ་བཅུ་གཉིས་འཁོར་ལོའི་ཕྲེང་བས་བརྒྱན། །སྣང་དབྱིངས་ཆོས་ཀྱི་སྐུ་ལ་སྐུ་ཁྲུས་གསོལ། །ཤར་ཕྱོགས་བྱམས་པའི་འཁོར་ལོ་སྐུ་ཁྲུས་གསོལ། །ཞེ་སྡང་གདུག་པའི་སྐྱོན་རྣམས་ཀུན་བསལ་ནས། །རྟག་ཏུ་བྱམས་པའི་ཏིང་འཛིན་ཐོབ་པར་ཤོག །ལྷོ་ཕྱོགས་རིན་ཆེན་ཆོས་སྐུ་བརྩེགས་པ་ལས། །ང་རྒྱལ་གདུག་པའི་ཚོགས་ཀུན་བསལ་བའི་ཕྱིར། །བྱང་ཆུབ་མཆོག་གི་ཆུ་བོས་སྐུ་ཁྲུས་གསོལ། །ཁམས་གསུམ་འཁོར་བའི་ང་རྒྱལ་སྐྱོན་བྲལ་ནས། །རྟག་ཏུ་འདོད་པའི་ཡོན་ཏན་ཚོགས་དང་ལྡན་གྱུར་ཤོག །ནུབ་ཕྱོགས་རྣམ་དག་པདྨ་བྱང་ཆུབ་ཆོས་ཀྱི་དབྱིངས། །འདོད་ཆགས་སྐྱོན་བྲལ་པདྨའི་ཁྲི་


DNG025_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ན། །ཁམས་གསུམ་གནས་པའི་བག་ཆགས་བྱང་བར་བྱ། །ཆོས་ཀྱི་སྐུ་ལ་ཡེ་ཤེས་སྐུ་ཁྲུས་གསོལ། །སེམས་ཅན་རྣམས་ཀྱི་འདོད་ཆགས་བྱང་གྱུར་ཅིག །བྱང་ཕྱོགས་རྣམ་དག་ལས་ཀྱི་ཞིང་ཁམས་ནས། །འདོད་ཆགས་སྲེད་སྤངས་ཡོན་ཏན་རྫོགས་པར་སྟོན། །རིན་ཆེན་ཨིནྡྲ་ལྟ་བུའི་མཆོད་རྟེན་ལ། །ལས་ཀྱི་སྒྲིབ་པ་སྦྱང་ཕྱིར་སྐུ་ཁྲུས་གསོལ། །སེམས་ཅན་རྣམས་ཀྱི་འདོད་པ་འགྲུབ་གྱུར་ཅིག །དེ་ནས་མཆོད་རྟེན་དབང་སྐུར་བ། །རྟོག་པ་ཡེ་ཤེས་དབང་མཆོག་གིས། །དབང་མཆོག་དམ་པ་བསྐུར་བ་ནི། །སྲོག་ཤིང་ཚུགས་པ་ཤེས་པ་བཅུ་ཡི་དབང་། །འཁོར་ལོ་ཕ་རོལ་ཕྱིན་པ་བཅུ་ཡི་དབང་། །ཆར་ཁེབས་ཐུགས་རྗེ་ཆེན་པོའི་དབང་། །གདུགས་ནི་མཐའ་གཉིས་སྐྱོབ་པའི་དབང་། །རྒྱལ་མཚན་བདུད་བཞི་ལས་རྒྱལ་དབང་། །བ་དན་ཁམས་གསུམ་མ་ཆགས་དབང་། །མེ་ཏོག་ཕྲེང་བ་ཚུལ་ཁྲིམས་དག་པའི་དབང་། །ཅོད་པན་ཁམས་གསུམ་དབང་དུ་སྡུད་པའི་དབང་། །རིན་ཆེན་སྣ་བརྒྱད་རྒྱུད་ལས་བྱས་པའི་དབང་། །སེམས་ཅན་མ་ལུས་རེ་འདོད་སྐོང་བའི་དབང་། །སྐུ་མདོག་མུ་ཏིག་དཀར་པོ་དྲི་མེད་ལྟར། །གདུགས་མཆོག་ཤ་རི་རམ་གྱི་དབང་བསྐུར་རོ། །གཟུགས་སུ་སྣང་བ་རྣམ་པར་སྣང་མཛད་སོགས། །ཕྱག་རྒྱ་ཆེན་པོའི་ཚོགས་ཀྱིས་དབང་བསྐུར་རོ། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །ཡེ་ཤེས་ལྔ་ཡི་དབང་བསྐུར་རོ། །ཐམས་ཅད་དུ་ཡང་སྐྱེ་བ་མེད། །ཆོས་ཉིད་ཀུན་བཟང་དབང་བསྐུར་རོ། །ཞེས་གསུངས་སོ། །སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། ཐུན་མོང་ལས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་ཁྱད་པར་དུ་གདབ་པ་འདི་གསུངས་སོ། །ལྷ་ཉིད་སྒོམ་དང་རྒྱུ་བྱིན་བརླབ། །གདབ་ཅིང་རབ་གནས་བྱ་བའོ། །དེ་ནས་བདག་ཉིད་བྱིན་བརླབ་པ། །བདག་ཉིད་ཕ་མ་ལྟ་བུའི་སེམས། །ཁམས་


DNG025_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གནས་པའི་སེམས་ཅན་རྣམས། །བུ་ཡི་འདུ་ཤེས་ཉེར་གཞག་ནས། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །ཚོགས་ཆེན་ཟུང་ལ་ལམ་སྦྱང་ཕྱིར། །དངོས་རྣམས་རང་བཞིན་མི་རྟོགས་པས། །བདག་ཀྱང་སྟོང་པ་ཉིད་དུ་གནས། །དེ་ལས་བདག་ཉིད་ལས་ཀྱི་ལྷ། །རིགས་ལྔ་ཞི་ཁྲོ་གང་མོས་སུ། །བསྐྱེད་ལ་ཐུགས་ཀ་ཡེ་ཤེས་སེམས། །དབང་བསྐུར་སྐུ་གསུང་ཐུགས་བྱིན་བརླབ། །སྤྱན་དྲང་གཞུག་ཅིང་བརྟན་པར་བྱ། །དེ་ནི་བདག་ཉིད་བསྒོམ་པར་གསུངས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། དེ་ལྟར་གསལ་བའི་རྣལ་འབྱོར་ལས། །འབྱུང་ལྔའི་རྒྱུ་རྣམས་བྱིན་གྱིས་བརླབས། །ཕྱག་རྒྱ་ཁོང་སྟོང་རབ་སྦྱར་ནས། །ཨ་ཡིས་འབྱུང་བ་རྣམ་པ་ལྔ། །སྟོང་ཉིད་ངང་ལས་ཅིར་ཡང་སྣང་། །ཡེ་ཤེས་སྒྱུ་མ་གང་འདོད་གྱུར། །ནམ་མཁའ་དག་ལ་འདེབས་འདོད་ན། །ཕྱག་རྒྱ་ཐལ་མོ་ཁོང་སྟོང་སྦྱར། །གང་ཞིག་ས་ལ་འདེབས་པ་ནི། །ཕྱག་རྒྱ་སྤྱན་གྱིས་འདུལ་བྱེད་བྱ། །ཆུ་ལ་འདེབས་ན་མཱ་མ་ཀཱིའི། །རྡོ་རྗེ་བསྡམས་ནས་མཐེའུ་ཆུང་བསྒྲེང་། །མེ་ལ་འདེབས་པར་འདོད་པ་ན། །ཕྱག་རྒྱ་ཐལ་མོ་ཁོང་སྟོང་ལས། །སོར་མོ་མེ་དཔུང་ཚུལ་དུ་བྱ། །རླུང་ལ་འདེབས་པར་འདོད་པ་ན། །ཕྱག་རྒྱ་ཐལ་མོ་གཡབ་པར་བྱ། །འབྱུང་ལྔའི་བྱིན་གྱིས་བརླབ་པའི་སྔགས། །ཡུམ་ཆེན་རྣམ་པ་ལྔ་ཡི་སྔགས། །ཨོཾ་བི་ར་ཛ་བཛྲ་སྭཱ་ཧཱ། དབྱིངས་ཕྱུག་མས་ནམ་མཁའ་བྱིན་གྱིས་བརླབ་པའོ། །ཨོཾ་བཛྲ་དྷཱ་རི་ཛ་ཨ་ཏ་ཀ་ར་སྭཱ་ཧཱ། སངས་རྒྱས་སྤྱན་གྱིས་ས་བྱིན་གྱིས་བརླབ་པའོ། །ཨོཾ་རྨ་རིན་ནི་བཛྲ་དྷཱ་ར་སྭཱ་ཧཱ། མཱ་མ་ཀཱིས་ཆུ་བྱིན་གྱིས་བརླབ་པའོ། །ཨོཾ་བཛྲ་ཨགྣི་གར་ཤ་སྭཱ་ཧཱ། གོས་དཀར་མོས་མེ་བྱིན་གྱིས་བརླབ་པའོ། །ཨོཾ་བཛྲ་ཨ་ན་ལི་ཨ་ནོ་ལ་པྲ་ཙ་ལ་མོ་ཧཱུཾ་ལི་ཏྱ་ད་དར་སྭཱ་ཧཱ། དམ་ཚིག་སྒྲོལ་མས་རླུང་བྱིན་གྱིས་བརླབ་པར་བྱ་བའི་སྔགས་སོ། །འབྱུང་བ་རྣམ་པ་ལྔ་པོ་ཡང་། །ཡེ་ཤེས་རྡོ་རྗེའི་རང་བཞིན་ལས། །ཅིར་ཡང་སྣང་དུ་རུང་བར་


DNG025_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ། །བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་གི་ཡི་གེ་ལས། །བརྐོས་ཕོར་སྦྱངས་ནས་གཞལ་ཡས་ཁང་། །ཉི་ཟླ་གདན་དང་བཅས་པར་བསམ། །གདབ་ལུགས་རྣམ་པ་ལྔར་ཤེས་ཏེ། །ཡི་དམ་ཕྲིན་ལས་རྟེན་འདྲེལ་དང་། །ལྷ་རྣམས་བསྒྲུབས་ཤིང་ཚེ་འདས་སྦྱང་། །ཕྱི་ནང་འབྱུང་བ་རྣམ་ལྔ་ལ། །གཡོན་པས་ཕྲེང་བའི་གྲངས་བཟུང་ཞིང་། །གཡས་པས་བརྐོས་ཕོར་བཏབ་པ་ཡིས། །གཞལ་ཡས་ལྷ་དང་བཅས་པར་བསྒོམ། །ཧཱུཾ་བཛྲ་དྷྲྀག་མུཾ་དྷཱ་ཏྭེ་ཤྭ་རཱི། ཨོཾ་ཛི་ན་ཛྀག །ལམ་དྭེ་ཤ་ར་ཏེ། སྭ་རཏྣ་དྷྲྀག །མཾ་མོ་ཧ་ར་ཏི། ཨཾ་ཨ་རོ་ལིག པྱཾ་རཱ་ག་ར་ཏི། ཧ་པྲཛྙཱ་དྷྲྀག །ཏཾ་བཛྲ་ར་ཏེ། ནམ་མཁའ་མི་བསྐྱོད་ཡབ་ཡུམ་ཉིད། །ས་ནི་རྣམ་པར་སྣང་མཛད་ལ། །ཆུ་ནི་རིན་འབྱུང་ཡབ་དང་ཡུམ། །མེ་ནི་སྣང་བ་མཐའ་ཡས་ཏེ། །རླུང་ནི་དོན་གྲུབ་ཡབ་ཡུམ་ལ། །འབྱུང་ལྔ་རིགས་ལྔ་སངས་རྒྱས་པའོ། །གང་ཞིག་ཕྲིན་ལས་སྒྲུབ་འདོད་ན། །ཞི་བ་རྣམ་པར་སྣང་མཛད་ལ། །རྒྱས་པ་རིན་ཆེན་འབྱུང་ལྡན་དེ། །དབང་ལ་སྣང་བ་མཐའ་ཡས་ལ། །དྲག་པོ་དོན་ཡོད་གྲུབ་པའོ། །ཡང་ན་བདེ་གཤེགས་ཧེ་རུ་ཀ །རིན་ཆེན་ཁྲག་འཐུང་པདྨ་ལས། །གཏི་མུག་ཅན་ནི་ཞི་བ་ལ། །ང་རྒྱལ་ཆེ་ལ་རྒྱས་པ་དེ། །འདོད་ཆགས་དབང་དུ་འདུས་པ་དང་། །ཕྲག་དོག་ཞེ་སྡང་དྲག་པོར་སྣང་། །ཆུ་རླུང་རྒྱུ་བ་ཞི་བ་ལས། །ས་རླུང་རྒྱུ་དུས་རྒྱས་པ་གྲུབ། །མེ་ཡི་རླུང་གིས་དབང་དུ་འགྱུར། །རླུང་གི་རླུང་ལ་དྲག་པོར་སྣང་། །སྲོག་འཛིན་ལས་རྣམས་ཀུན་ལ་བསྔགས། །ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བ་ཤང་ཀུ་རུ་སྭཱ་ཧཱ། ཨོཾ་མཱ་ར་ཡ་ཕཊ། འོད་དཀར་བཀུག་ནས་གདུག་པ་ཞི། །སེར་པོས་ཚེ་


DNG025_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསོད་ནམས་འཕེལ། །དམར་པོས་འགྲོ་བ་བཟང་མོ་དབང་། །ནག་པོས་དགྲ་བགེགས་གསོད་པར་བྱེད། །ཡེ་ཤེས་ལྷ་རྣམས་བསྒྲུབ་པ་ནི། །སྙིང་པོ་བྲིས་ལ་ཚ་ཚར་གཞུག །བསྐྱེད་བསྡིམ་མཆོད་བསྟོད་བཟླས་པར་བྱ། །མཆོག་གི་དངོས་གྲུབ་སྟེར་བར་འགྱུར། །འཇིག་རྟེན་ལྷ་རྣམས་སྒྲུབ་འདོད་ན། །གང་བསྒྲུབ་སྲོག་སྔགས་ཚ་ཚར་བཞུགས། །བསྐྱེད་ལ་སྤྱན་དྲང་མཆོད་པ་འབུལ། །ལྷ་ལྔ་ངེས་པར་འགྲུབ་འགྱུར་ལ། །ཐུན་མོང་དངོས་གྲུབ་སྟེར་བ་དང་། །སྲོག་སེར་གཏད་སོགས་འགྲུབ་པའོ། །སེར་བ་བཅད་དམ་ངག་མནན་ནམ། །ཕས་ཀྱི་རྦོད་གཏོང་བཟློག་པ་སོགས། །ལས་རྣམས་མ་ལུས་འགྲུབ་པ་ཡིན། །ཐམས་ཅད་ཀུན་གྱི་གཞིར་འགྱུར་རོ། །གང་ཞིག་ཚེ་ལས་འདས་པ་ལ། །རུས་པ་གོས་སམ་དྲི་མ་ལ། །གུར་གུམ་ལ་སོགས་ཆུས་བཀྲུས་ནས། །མཆོད་རྟེན་ནང་ན་ཡི་དམ་ལྷ། །མདུན་ན་སྒྲིབ་པ་སྦྱོང་བ་གནས། །ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིར་ཡ་ཀ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། དེ་ནས་སྐུ་གདུང་བྱིན་བརླབས་ལ། །མེ་ལོང་ངོས་ལ་ཙནྡན་གྱིས། །སྔགས་ནི་ཚར་ཡང་བདུན་བྲིས་ལ། །རེ་རེ་ལ་ནི་བརྒྱ་རྩ་བརྒྱད། །བཟླས་ནས་བུམ་པའི་ནང་དུ་བླུགས། །དེ་བཞིན་བུམ་པ་ཁེངས་པའི་ཆུ། །དཀར་རྩི་སྦྱར་ནས་མཆོད་རྟེན་བྱུག །ཡང་ན་འདག་པའི་གསེབ་ཏུ་བཏང་། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། རྒྱུ་འབྲས་ཆོས་རྣམས་རྫོགས་པ་རུ། །སྔགས་འདིས་བྱིན་གྱིས་བརླབ་པར་བྱ། །ཨོཾ་བཛྲ་ཀུ་ཤ་མྲྀ་ཏི་ཨུད་པ་ཏ་ས་མྱེག་ཨ་རིད་ཏི། ཨི་ཏྲ་པ་ཡ་མ་བོ་དྷི་ཨང་


DNG025_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཏྱ་ཨཱརྱ་བ་ཏི་ཨུ་རྣམ་ག་པ་རི་སུ་ར་ན་རུ་ཕྱི་ཏི་ཀུ་རུ་སྭཱ་ཧཱ། འབྲས་བུའི་ཆོས་རྣམས་རྫོགས་བྱའི་ཕྱིར། །མཉམ་པའི་ཕྱག་རྒྱས་འོད་འཕྲོས་ལས། །ཆོས་རྣམས་རྫོགས་པར་བྱིན་གྱིས་བརླབས། །སྐུ་དང་ཡེ་ཤེས་གཉིས་སུ་གསལ། །ཨོཾ་བཛྲ་ཛྙཱ་ན་པཉྩ་ཀཱ་ཡ། གྷུ་ཡ་གར་བྷ་མ་ཏྲ་ཤུ་ཏྲི་ནི། ཀུ་རུ་ཛྙཱ་ས་རྦ་བག །ཨ་མོ་ཀ་ཡ་སྭཱ་ཧཱ། ཞེས་གསུངས་སོ། །སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། གསང་བ་ཆེན་པོ་ལས་ཀྱི་རིམ་པ་སྣ་ཚོགས་པ་གྲུབ་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ཆེན་པོས་ལུས་ཀྱི་མཆོད་རྟེན་འདི་གསུངས་སོ། །ཧེ་རུ་ཀ་ཡི་གནས་བཅུ་ནས། །གདུག་པ་ཐབས་ཀྱིས་བསྒྲལ་བའི་ཕྱིར། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །རང་བྱུང་མཆོད་རྟེན་ཆེན་པོ་ནི། །ཤར་ཕྱོགས་རྒྱ་གར་ཡུལ་ན་ནི། །མ་ག་དྷ་ཡི་ལྗོངས་དག་ན། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །ལུམ་བའི་ཚལ་དུ་སུ་བལྟམས་ནས། །བ་སུ་ཀི་དང་སྒྲོགས་པ་དང་། །ཤིར་ཤའི་ཤིང་དང་ལྷ་དབང་དང་། །ཡིད་བཞིན་ལྷུན་གྲུབ་བདེ་བྱེད་བསྟན། །དུས་གསུམ་སངས་རྒྱས་རབ་བདུན་བྱུང་། །མཁས་ཤིང་སྙིང་སྟོབས་ཆེ་བའི་གནས། །གཏུམ་དྲག་ཨིནྡྲ་བོ་དྷིའི་གནས། །འབྱུང་པོ་རག་ཤ་སེང་མདོག་བཞུགས། །ཤར་ལྷོ་མཚམས་ནི་བལ་པོའི་ཡུལ། །ཏ་ན་ཡ་མ་ཁ་བྱང་ཀྲི། །ལྷུན་གྲུབ་དུར་ཁྲོད་བྱིན་ཟ་དང་། །ཤི་བུ་ཀ་རན་ཙ་ཏ་འབིམ་པ་དད། །མཆོད་རྟེན་ཁ་ཤོར་བྱ་ཁི་ཁ། །སྟོན་པ་དཀའ་ཐུབ་མཛད་པ་དེ། །བ་ལ་རྗེ་ན་ལོ་འབེབ་ཡོད། །དེ་ན་ཟས་ཀྱི་ལོངས་སྤྱོད་ཆེ། །བཀྲ་ཤིས་མཆོད་རྟེན་ཧུ་ལུ་ཀ །འབྱུང་པོ་གུ་གུ་ཏ་ནག་གནས། །ལྷོ་ཕྱོགས་སིང་ཧའི་ཡུལ་དག་ན། །དུར་ཁྲོད་ཆེན་པོ་སྐུ་


DNG025_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྫོགས། །ཙུ་ཏའི་ཤིང་ན་གཤིན་རྗེ་དང་། །ཀེང་རུས་ཅན་ཏེ་སིནྡྷའི་མཚོ། །སྟོན་པ་རབ་ཏུ་བྱུང་བའི་གནས། །མཐོང་ཐོས་རྫུ་འཕྲུལ་མང་པོ་ལྡན། །པདྨ་དྲག་པོ་གཡོ་བ་དང་། །མཆོད་རྟེན་རི་བོ་ཏ་ལ་ཉིད། །འབྱུང་པོ་སེར་སྐྱ་རལ་པ་ཅན། །ལྷོ་ནུབ་མཚམས་ཀྱི་ཐོ་གང་ཡུལ། །དུར་ཁྲོད་ཆེན་པོ་གསང་ཆེན་ན། །རིགས་ལྡན་དང་ནི་གཏུམ་པ་དང་། །ཤར་ནི་རལ་ཏྭ་སྲིན་པོ་དང་། །སྟོན་པས་བདུད་རྣམས་བཏུལ་བའི་གནས། །མཐུ་དབང་རབ་ཏུ་ཆེ་བའི་ཡུལ། །ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་། །རྒྱལ་པོ་ཀུ་ཀུ་རཱ་ཛའི་གནས། །མུན་པ་དྲག་པོ་དྲག་གྱད་ཡུལ། །མཆོད་རྟེན་མགོ་མངས་བསོད་ནམས་གཏེར། །འབྱུང་པོ་ནག་པོ་དབང་ལྡན་བཞུགས། །ནུབ་ཀྱི་ཕྱོགས་ན་ཟ་ཧོར་ཡུལ། །དུར་ཁྲོད་ཁུ་བྱུག་ཀོང་དགུ་ན། །ཤིང་བུ་ཀང་ཀོལ་ཀླུ་དབང་གནས། །ཀར་ཀོ་ཏ་དང་གཡོ་བསྟན་དང་། །རྒྱ་མཚོ་རྦ་ཀློང་ཅན་དག་ན། །རྒྱལ་པོ་ཚངས་པ་བྱིན་གྱི་དབང་། །རྡོ་རྗེ་འབར་བ་མྱ་ངན་འདས། །མཆོད་རྟེན་བདེ་བྱེད་གཞོན་ནུ་བཞུགས། །རིན་ཆེན་སྣ་བརྒྱད་ཡོད་པའི་གནས། །འབྱུང་པོ་རྡོ་རྗེ་སྣ་ཡོན་ཡོད། །ནུབ་བྱང་མཚམས་སུ་ཁ་ཆེའི་ཡུལ། །དུར་ཁྲོད་ཆེན་པོ་ཧེ་ཆེན་རོལ། །ཀླུ་བདག་དུང་སྐྱོང་སྤྲིན་དབང་ཕྱུག །བར་ཀ་པར་ཏའི་ནགས་ཚལ་ན། །སྟོན་པ་ཁབ་ཏུ་བཞེངས་པའི་གནས། །རྒྱལ་པོ་མ་སྐྱེས་དགྲ་ཡི་ཡུལ། །འདོད་པའི་ཡོན་ཏན་ཕུན་སུམ་ཚོགས། །ཀི་ལི་ཀི་ལ་སྒྲ་ཡང་སྒྲོགས། །མཆོད་རྟེན་ཐར་ལེགས་ཆེན་པོ་ཡིན། །འབྱུང་ཆེན་གཅེར་བུ་རལ་པ་ཅན། །བྱང་གི་ཕྱོགས་ན་ཨུ་རྒྱན་ཡུལ། །དུར་ཁྲོད་པདྨ་བརྩེགས་པ་ན། །ཨ་ཤྭད་ཤིང་ལ་གནོད་སྦྱིན་དང་། །འཇོག་པོ་དང་ནི་ཆེར་སྒྲོགས་དང་། །སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར། །ཨུ་རྒྱན་ཐོར་ཅོག་ཅན་གྱི་


DNG025_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ། །བྱིང་ཆུའི་རྒྱ་མཚོ་ཆེན་པོ་ནི། །ཨུ་རྒྱན་རྒྱལ་པོ་ཨུ་པ་རཱ། །ཚང་ཚིང་ན་ནི་ཆོས་ཀྱི་གཏེར། །གཟི་ཡི་མཆོད་རྟེན་ཆོས་འཁོར་ཅན། །འབྱུང་པོའི་ཙ་ན་དབུས་ན་ཡོད། །བྱང་ཤར་མཚམས་ན་ལི་ཡི་ཡུལ། །དུར་ཁྲོད་འཇིག་རྟེན་མངོན་རྫོགས་ན། །དཔལ་ལྡན་པདྨ་ཆེན་པོ་དང་། །མི་བཟད་དྲག་པོ་གང་བ་དང་། །མཆོད་རྟེན་གཽ་ཏེ་ཤན་ཞེས་བྱ། །སྟོན་པས་ཆོ་འཕྲུལ་བསྟན་པའི་གནས། །ཆུ་བྱིན་མེ་འབར་འཕྲུལ་སྣང་མང་། །ལི་རྗེ་བཙན་པོའི་རྒྱལ་ཁམས་ཡིན། །དེ་ལྟར་དུར་ཁྲོད་ཆེན་པོ་བརྒྱད། །མཆོད་རྟེན་ཆེན་པོ་བརྒྱད་རྣམས་བཞུགས། །སངས་རྒྱས་སྐུ་ཡི་རྟེན་ཡིན་ཏེ། །རིགས་ལྔའི་སངས་རྒྱས་སྐུ་གདུང་དང་། །སྤྲུལ་པ་སྐུ་ཡི་སྐུ་གདུང་དང་། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །མྱ་ངན་འདས་པའི་སྐུ་གདུང་སྣོད། །མཆོད་རྟེན་བུམ་པར་གནས་པ་ཡིན། །སྐུ་གདུང་རྣམས་ཀྱི་རྒྱུ་བཤད་ན། །དེ་རྒྱུའི་སྙིང་པོ་བྱང་ཆུབ་སེམས། །རྐྱེན་ནི་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་བཟང་མོས་འགྲུབ་པ་དེ། །མདོར་ན་བསྐྱེད་དང་རྫོགས་པར་སྣང་། །སྟོང་ཉིད་རབ་ཏུ་འབྱོངས་ལས་བྱུང་། །འབྲས་བུ་རྒྱུ་དང་འདྲེལ་བ་ནི། །བྱང་ཆུབ་སེམས་རྟོག་རིང་བསྲེལ་བྱུང་། །གཟུགས་སྐུ་འབྱོངས་ན་ཡི་དམ་སྐུ། །ཡེ་ཤེས་རྟོགས་ན་འཇའ་ཚོན་འོད། །བླ་མ་མཉེས་ན་ཡི་གེའི་འབྲུ། །མཁའ་འགྲོ་འདུས་ན་སྒྲ་ཡང་སྒྲོགས། །སྐུ་རྣམས་འབྱོངས་ན་སྐུ་གདུང་ཉིད། །གསུང་རྣམས་འཐེབས་ན་ཡི་གེ་སྔགས། །ཐུགས་ཉིད་འབྱོངས་ན་རིང་བསྲེལ་ཤར། །མཚན་རྟགས་མཐར་ཕྱིན་ཚོགས་རྫོགས་ནས། །དུང་གི་གཟུགས་སུ་སྣང་བ་ཡིན། །མདོ་བཟླས་ངག་ལ་འཐེབས་པ་ནི། །མེ་ཏོག་གཟུགས་ཀྱང་འབྱུང་བ་ཡིན། །མདོར་ན་དགེ་བའི་ལས་བརྩོན་


DNG025_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དགེ་རྟགས་ཅི་ཡང་སྣང་བ་ཡིན། །སྐུ་གསུམ་འགྲུབ་པའི་རྒྱུ་ཡིན་པས། །མ་འོངས་ཆོས་ལ་བསྒོམ་བསྒྲུབ་རྣམས། །བརྩོན་པས་བྱས་ནས་འབད་པས་འགྲུབ། །རང་ལུས་མཆོད་རྟེན་ཆེན་པོར་ཤར། །ལྟོ་བ་རྨང་གཞི་ལེགས་པ་ལ། །ཡན་ལག་བཞི་པོ་བང་རིམ་ཉིད། །མགོ་ནི་བུམ་པར་གནས་པ་ཡིན། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །དབང་པོ་རྣམ་ཤེས་མཆོད་རྟེན་ལྷ། །ལུས་ཀྱི་ཚུལ་དུ་སངས་རྒྱས་པའོ། །རྫོགས་པ་ཨ་ནུ་ཡོ་ག་ཡི། །སྲོག་ཤིང་གསུམ་གྱི་མཆོད་རྟེན་ལ། །མེ་རླུང་གཉིས་ཀྱི་རྨང་གཞི་བཏིང་། །འཁོར་ལོ་བཞི་ཡི་བང་རིམ་ལ། །དབུ་ཡི་གཙུག་ཏོར་བུམ་པར་ཤར། །ཁམས་ཀྱི་བདུད་རྩི་ལྷ་ཡི་བུ། །དྲི་ཆེན་རྣམ་སྣང་བྱང་ཆུབ་སེམས། །མི་བསྐྱོད་ཤ་ཆེན་རིན་ཆེན་འབྱུང་། །པདྨ་རཀྟ་སྣང་མཐའ་ཡས། །དྲི་ཆུ་ལས་ཏེ་འབྱུང་བཞི་ཡུམ། །སྔགས་ཀྱི་ཡི་གེ་ངག་ཏུ་གནས། །འོད་ཀྱིས་འགྲོ་བའི་སྒྲིབ་པ་སྦྱངས། །སྙིང་པོ་རླུང་ནི་ཐུགས་སུ་གནས། །འགྲོ་བ་མ་ལུས་གནས་འདིར་གནས། །འགྲོ་བ་མ་ལུས་གནས་འདིར་འདུས། །ཨོཾ་ཨཱཿཧཱུཾ། འཇུག་དང་ལྡན་དང་གནས་པ་ཡིས། །སྐུ་གསུམ་མི་ཟད་རྒྱན་འཁོར་འགྲུབ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ལྔ་ཡི་བདག་ཉིད་བཅུ་མིང་ཅན། །འདི་ནི་རྣམ་ཤེས་གཞོལ་བའི་ལྷ། །རིགས་ལྔ་འཁོར་བཅས་སངས་རྒྱས་པའོ། །ཨ་ནྲྀ་སུ་ཏྲི་པྲེ་དུ། འདོད་པའི་ཁམས་ན་གནས་པ་རྣམས། །ཡི་གེ་དྲུག་གིས་རབ་ཏུ་སྦྱངས། །ཨོཾ་གཟུགས་ཁམས་བསམ་གཏན་གནས་པ་ཀུན། །སྔགས་ཀྱི་མཆོད་རྟེན་ཉིད་དུ་ངེས། །གཟུགས་མེད་སངས་རྒྱས་ཨ་རུ་སངས་རྒྱས་པ། །ཁམས་གསུམ་ཡེ་ནས་མཆོད་རྟེན་སྦྱངས། །ཞེས་གསུངས་སོ། །སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། རང་ལུས་མཆོད་རྟེན་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།


DNG025_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་མན་ངག་རྫོགས་པའི་མཆོད་རྟེན་འདི་གསུངས་སོ། །ཀུན་གཞིའི་རྣམ་ཤེས་མཆོད་རྟེན་ལ། །ཉོན་མོངས་ཡིད་ཀྱི་བང་རིམ་བཅས། །ཡིད་ཀྱི་རྣམ་ཤེས་བུམ་པ་ལ། །སྒོ་ལྔའི་རྣམ་ཤེས་འཁོར་ལོར་གསལ། །ཀུན་གཞི་རྣམ་དག་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་རྫོགས་པའི་ཡིད། །ཉོན་མོངས་རྣམ་ལྔ་ཡེ་ཤེས་འཁོར། །སྒོ་ལྔ་སྣང་བ་རོལ་པར་བཤད། །འཁོར་བ་ཉིད་ནི་མྱ་ངན་འདས། །སྣང་སྲིད་གཞི་བཞེངས་ཆོས་ཀྱི་སྐུ། །བྱས་པ་མེད་པར་ངང་གིས་གྲོལ། །རང་བྱུང་ཡེ་ཤེས་མཆོད་རྟེན་དུ། །འཁོར་འདས་མ་ལུས་རྫོགས་པར་གནས། །མ་བྱས་ལྷུན་གྱིས་གྲུབ་པའོ། །སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། མན་ངག་རྫོགས་པའི་མཆོད་རྟེན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་གསང་བའི་བདག་པོ་ལ་དགེ་སློང་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་ཞུས་པ། བཅོམ་ལྡན་འདས་མ་འོངས་པའི་སེམས་ཅན་སྐལ་བ་དམན་པ་རྣམས་ཀྱི་དོན་དུ། མཆོད་རྟེན་གྱི་སྨོན་ལམ་རྒྱ་ཆེན་པོ་ཡོན་གྱི་བདག་པོ་རྣམས་ཀྱིས་གོ་བར་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྩོད་དུས་ཀྱི་བློ་དམན་པ་རྣམས་ཀྱིས་གོ་བར་བྱ་བ་འདི་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དང་། བཅོམ་ལྡན་འདས་མི་འཁྲུགས་པ་དང་། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང་། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་ཏེ། སྟོན་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྐུ་གསུམ་དང་ཡེ་ཤེས་བཞི་མངའ་བ། སྟོབས་དང་མ་འདྲེས་པས་བརྒྱན་པ་ཐམས་ཅད་ལ། མིང་འདི་ཞེས་བགྱི་བ་ལུས་ངག་ཡིད་དང་བས་གུས་པར་ཕྱག་འཚལ་ལོ། །དོན་དམ་པའི་ཆོས་གསུང་རབ་མདོ་སྡེ་བཅུ་གཉིས་དང་། སྡེ་སྣོད་གསུམ་གྱིས་བསྡུས་པ་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་དགེ་འདུན་འཕགས་པ་བྱམས་པ་དང་། འཇམ་


DNG025_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་ལ་སོགས་ཏེ་ས་བཅུ་རིམ་པར་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཉན་ཐོས་ཀྱི་དགེ་འདུན། འཕགས་པ་ཤཱ་རིའི་བུ་དང་། འཕགས་པ་མོའུ་འགལ་གྱི་བུ་དང་། འཕགས་པ་རབ་འབྱོར་དང་འོད་སྲུངས་ལ་སོགས་ཏེ། སྐྱེས་བུ་ཟུང་བཞི་དང་། གང་ཟག་ཡ་བརྒྱད་ཀྱིས་བསྡུས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །མཆོད་རྟེན་དང་སྐུ་གདུང་དང་རིང་བསྲེལ་ལ་སོགས་པ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སླད་དུ། སེམས་ཅན་རྣམས་ཀྱིས་བསོད་ནམས་ཐོབ་པར་བགྱི་བའི་སླད་དུ། ཐུགས་རྗེ་ཆེན་པོས་ཁྱབ་པའི་བྱིན་གྱིས་བརླབས་ཏེ། བཞུགས་པ་ཐམས་ཅད་ལ་ཡང་གུས་པར་ཕྱག་འཚལ་ལོ། །དཔལ་ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བཅུ་ལ་སོགས་པ་ལ་ཡང་གུས་པར་ཕྱག་འཚལ་ལོ། །དམ་པའི་ཆོས་བསྲུང་ཞིང་ལྷ་དང་མིའི་སྲིད་པར་སྦྱོར་བའི་སྲུང་མ་དམ་ཚིག་ཅན་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་ཐམས་ཅད་མིང་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། མཆོད་རྟེན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གཟུགས་བརྙན་རྒྱུ་དང་འབྲས་བུར་བསྟན་ཏེ། རྒྱུའི་ཆོས་བང་རིམ་དང་པོ་དྲན་པ་ཉེ་བར་གཞག་པ་བཞི་དང་།བང་རིམ་གཉིས་པ་ཡང་དག་པར་སྤོང་བ་བཞི་དང་། བང་རིམ་གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། བང་རིམ་བཞི་པ་དབང་པོ་ལྔ་དང་། བུམ་རྟེན་གྱིས་སྟོབས་ལྔ་དང་། བུམ་པ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། ཁ་ཁྱེར་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་དང་། འབྲས་བུའི་ཆོས་ཀྱི་འཁོར་ལོ་བཅུ་གསུམ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཆར་ཁེབས་ཀྱིས་ཐུགས་རྗེ་བསྟན་པ་དང་སྲོག་ཤིང་གི་ཤེས་པ་བཅུ་བསྟན་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུའི་གཟུགས་ཅན་དེ་ལྟ་བུ་བགྱི་བའི་རྒྱུ་ནི། དེ་ལྟར་གྱི་ས་དང་འཇིམ་པ་འདི་དག་གསེར་དང་དངུལ་དང་ཤེལ་ལ་སོགས་པ། རིན་


DNG025_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་སྣ་ཚོགས་སུ་དམིགས་ཏེ་དེ་དག་ལས་གྲུབ་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ་རྒྱར་དཔག་ཚད་ཕྱེད་ཙམ་གྱི་ནང་ན། སྐུའི་གཟུགས་བརྙན་ཚ་ཚ་བཏབ་པ་རྣམས། དཔལ་རྣམ་པར་སྣང་མཛད་ལ་སོགས་པ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཤ་སྟག་བཞུགས་པའི་ཞལ་ནས། གསང་སྔགས་དང་། རིག་སྔགས་དང་གཟུངས་སྔགས་ཀྱི་འོད་ཟེར་བྱུང་སྟེ། སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱོང་ཞིང་དོན་མཛད་པ་དེ་ལྟ་བུས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟར་མཉམ་པ་ཐམས་ཅད་དུ་གང་བར་མོས་ཤིང་དེ་བཞིན་དུ་གྱུར་ཅིག །དེ་ལྟར་བཞུགས་པའི་འཕགས་པ་ཐམས་ཅད་ལ་མིང་འདི་ཞེས་བགྱི་བ་དང་བདག་ཅག་ལ་སོགས་པས། ལུས་རྡུལ་སྙེད་དུ་གྱུར་པའི་ལུས་དང་ངག་དང་ཡིད་རབ་ཏུ་དང་བར་གུས་པའི་ཕྱགས་འཚལ་ལོ། །དཔལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་རྒྱས་པ་ཐམས་ཅད་ཀྱིས་མཆོད་དོ། །སྐུ་དང་གསུང་དང་ཐུགས་དང་ཕྲིན་ལས་ཀྱི་ཡོན་ཏན་ཁྱད་པར་ཅན་མངའ་བ་རྣམས་ལ། སེམས་དང་བས་དམིགས་ཏེ་ཆགས་པ་མེད་པའི་དབྱངས་སྙན་པས་བསྟོད་དོ། །འཕགས་པ་ཐམས་ཅད་མིང་འདི་ཞེས་བགྱི་བ་དང་། བདག་ཅག་ལ་སོགས་པ་ལ་དགོངས་སུ་གསོལ། མིང་འདི་ཞེས་བགྱི་བ་དང་བདག་ཅག་ལ་སོགས་པས།ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་མཐོང་ཞིང་ཐོབ་པར་བགྱི་བ་ལ། སྡིག་པ་མི་དགེ་བའི་ཆོས་ཅི་མཆིས་སོ་འཚལ་འཐོལ་ཞིང་བཤགས་སོ། །འཕགས་པ་རྣམས་ཀྱི་སྐུ་དེ་དག་མཉེས་པ་དང་། སྐུ་དེ་དག་ཐོབ་པར་གྱུར་པའི་སོ་སོ་སྐྱེ་བོ་ཡན་ཆད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཐུགས་རྗེའི་དབང་གི་སྤྲུལ་པའི་སྐུ་འབྱུང་བ་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ལོ། །གང་གིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་གྱི་དོན་མཛད་ནས། འདུལ་བའི་ཆེད་དུ་ཐབས་ཀྱིས་མྱ་ངན་ལས་འདས་པར་སྟོན་པར་བཞེང་པ་དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པོ། །ཇི་ལྟར་འཕགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཏུ་ཐུགས་


DNG025_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅིང་། དེ་དགེ་བའི་རྩ་བ་བླ་ན་མེད་པར་བསྔོས་པ་དེ་ལྟར། མིང་འདི་ཞེས་བགྱི་བ་དང་བདག་ཅག་ལ་སོགས་པས་ཀྱང་། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དགེ་བའི་བླ་ན་མེད་པར་བསྔོའོ། །སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་ལས། སྨོན་ལམ་དགེ་བ་བསྔོ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གསང་བའི་བདག་པོས་རྙིང་པ་སྤོ་བ་འདི་གསུངས་སོ། །སྐུ་གདུང་རྙིང་པ་སྤོ་བ་ནི། །སྦྱོར་བ་དངོས་གཞི་རྗེས་ཡིན་ནོ། །དེ་ལ་སྦྱོར་བའི་བསམ་པ་ནི། །བགྲེས་ཤིང་གནས་ནས་འོ་བརྒྱལ་བས། །དེ་བརྟེན་གཞན་ལ་སྡིག་སོད་པས། །མོས་པས་བཟང་པོར་བཞེང་བར་བྱ། །དངོས་གཞི་འདི་ལྟར་བྱ་བ་སྟེ། །རྙིང་པ་གཤེགས་ལ་གསར་པ་བཞེངས། །གཤེགས་པའི་ཆོ་ག་རབ་གནས་གསོ། །མཆོད་ཅིང་མངའ་གསོལ་གཤེགས་པར་ཞུ། །སྡིག་སྒྲིབ་ཉམས་བཤགས་གཤེགས་སུ་གསོལ། །རྟེན་འདྲེལ་སྙིང་པོས་འཇིག་པར་བྱ། །ས་རྡོ་དཀོར་ཡིན་མ་ཡར་བར། །བཞེངས་པའི་གནས་སུ་མ་ལུས་བསྐྱལ། །དེ་ནས་གསར་པ་བཞེངས་པ་ནི། །དུས་རིངས་མ་ལོན་སྔར་ཚད་ལྷག །སྡིག་བསགས་སྤངས་ཏེ་དགེ་ལ་གནས། །བཞེངས་ནས་རབ་གནས་ལྡན་པར་བྱ། །རྗེས་ལ་བཀུར་སྡི་ཕུ་དུད་སོགས། །མཆོད་རྟེན་མཆོད་པ་རྒྱས་པར་བྱའོ། །ཞེས་གསུངས་པས། དམན་པའི་ལུས་ཀྱི་སེམས་དཔའ་རྣམས། །གསང་བའི་བདག་པོ་ལ་བསྟོད་པ། ཀྱེ་གསང་བའི་བདག་པོ་ཁྱོད། །བླ་མེད་རང་བཞིན་ཡིད་གཟུགས་སྤྲུལ། །སྔགས་དང་མཆོད་རྟེན་ཀུན་ཚང་བའི། །མཆོད་རྟེན་འབར་བའི་རྒྱུད་གསུངས་པས། །མཐའ་ཡས་སེམས་ཅན་ཚོགས་རྣམས་རྫོགས། །སངས་རྒྱས་ཉིད་དུ་འདི་འགྱུར་རོ། །ཞེས་བསྟོད་དོ། །དེ་ནས་སྟོན་པས་གསུངས་པས། དམ་པའི་རིགས་ཅན་དྲི་མ་རྣམས། །སྐུ་གདུང་འབར་བའི་རྒྱུད་འདི་ནི། །བློ་དམན་རྣམས་ཀྱིས་གོ་བར་བྱ་བའི་ཕྱིར། །བྱེད་ལ་མན་ངག་གཉིས་སུ་གཏད། །ཅེས་གསུངས་པ་ལ་རྗེས་སུ་ཡི་རང་ངོ་། །སྐུ་གདུང་འབར་བའི་རྒྱུད་ལས། རྟེན་སྤོ་བ་དང་རྗེས་སུ་ཡི་རང་བའི་ལེའུ་སྟེ་དགུ་པའོ།། །།སྐུ་གདུང་འབར་བ་མཆོད་རྟེན་གྱི་རྒྱུད་རྫོགས་སོ།། །།

ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད།


DNG025_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཀྱི་དབུ་བཞུགས། ཨོ་རྒྱན་དྷཱ་ཀིའི་སྐད་དུ། མ་ཧོ་བྷ་དྲ་ཤུ་ནྱ་ཏཱ་ཏི་ལ་ཀ་གྷུ་ཡ་ཏནྟྲ་ནཱ་མ། བསྒྱུར་ཏེ་བོད་ཀྱི་སྐད་དུ། ཀུན་ཏུ་བཟང་པོ་སྟོང་གསལ་ཐིག་ལེ་སྙིང་པོ་གསང་བའི་རྒྱུད་ཅེས་བྱ་བ། ཊིཌྷཱ་མ་མ་ན་ཏྲ་ཐ་ཨ་ཅ་ཤཊ་ཏྱཿ། ཡང་གསང་དག་པ་ཀློང་གསལ་སྐད་དུ་ན། ཧ་ཨ་ཨོཾ་ཧཱུཾ་ཀི་ལ་ས་མི་ཁྱེ། དོན་རྒྱུད་རང་གསལ་ཤར་བའི་སྐད་དུ་ན། །སྟོང་གསལ་མདངས་ལྔ་མ་སྐྱེས་མི་འགག་པ། །ངོ་བོ་རང་རིག་ཡེ་ཤེས་ཆེན་པོ་ཉིད། །རྟོག་ཚོགས་རང་གྲོལ་མཁའ་ལ་ཉི་ཤར་དང་། །ཀུན་ཏུ་བཟང་མོ་ཡངས་པའི་ཀློང་ལ་ཕྱག་འཚལ་ལོ། །རྒྱ་གར་སཾ་སྐྲི་ཏ་ཡི་སྐད་དུ་ན། བྷ་དྲ་ཕ་ལ་དྷརྨ་ཨ་བྷི་སཱུརྱ་གྷུ་ཡ་ཏནྟྲ། དགོངས་ཏེ་རྣམ་གྲོལ་བོད་ཀྱི་སྐད་དུ་ན། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད། རང་བྱུང་རང་གསལ་ངང་ལ་ཕྱག་འཚལ་ལོ། །འདི་སྐད་ཀློང་ནས་ཤར་བའི་དུས་གཅིག་ན། །ཁྱད་པར་ཕུན་སུམ་ཚོགས་པ་དག་པའི་གནས། །ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་དུ། །སྟོན་པ་ཁྱད་འཕགས་ཕུན་སུམ་ཚོགས་པ་ནི། །ཅིར་ཡང་མ་གྲུབ་ཡེ་ཤེས་རང་གསལ་ཡུམ། །འཁོར་ནི་ཁྱད་འཕགས་ཕུན་སུམ་ཚོགས་པ་སྟེ། །སྐུ་དང་ཡེ་ཤེས་སྟོང་གསལ་མ་འགགས་པ། །དུས་ནི་ཁྱད་འཕགས་ཕུན་སུམ་ཚོགས་པ་སྟེ། །རྟག་པ་རྒྱུན་གྱི་ཐོག་མཐའ་མེད་པའོ། །བསྟན་པ་ཁྱད་འཕགས་ཕུན་སུམ་ཚོགས་པ་ནི། །བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པའོ། །ཐོག་མཐའ་བྲལ་བ་དེ་ཉིད་དུས་ཀྱི་ཚེ། །ཀུན་ཏུ་བཟང་མོ་རིགས་བཞིའི་མཁའ་འགྲོ་དང་། །དབྱིངས་དང་ཡེ་ཤེས་གདངས་ལས་གྲུབ་པ་ཡི། །དྷཱ་ཀི་གྲངས་ལས་འདས་པའི་འཁོར་ཚོགས་དང་། །སྤྲུལ་པ་ཡང་སྤྲུལ་ཕོ་ཉ་མགྱོགས་མའི་ཚོགས། །འདས་དང་མ་འདས་འོད་ལུས་འཕྲུལ་མོ་ཆེ། །དྷཱ་ཀི་གྲངས་ལས་འདས་པ་ཐམས་ཅད་དང་། །མཉམ་ཉིད་རོལ་པ་ཆེན་པོའི་ངང་ཉིད་དུ། །དགོངས་པ་བཞི་ལྡན་ཚུལ་དུ་རབ་བཞུགས་སོ། །དེ་ནས་སྟོང་པའི་ངང་ལས་གསལ་བའི་དབྱངས་དང་བཅས། །དགུ་འགྱུར་ཁུག་པའི་གདངས་སུ་


DNG025_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཤར་བ། །ཚིག་བརྗོད་རིམ་པའི་གསང་རྒྱུད་འདི་ཉིད་ནི། །འཁོར་ཚོགས་རང་རང་དགོངས་པ་ཚིག་ཏུ་གསལ། །ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་རྒྱུད། །སུམ་བརྒྱ་དྲུག་ཅུ་བྱེ་བ་ཕྲག་བརྒྱའི་སྐད། །ཚངས་དབྱངས་ང་རོའི་སྐད་ཅི་ཡོངས་གྲགས་སོ། །དེ་ནས་འཁོར་རྣམས་རྗེས་སུ་ཡི་རང་སྟེ། །ཀུན་ཏུ་བཟང་མོ་གསང་བའི་རང་སྒྲ་ལས། མངོན་པར་དད་སྟེ་རབ་ཏུ་དང་བར་བསྟོད། །ས་མ་ཡ། རྒྱ་རྒྱ་རྒྱ། མན་ཏྲ་གྷུ་ཡ། ཐུན་མོང་ཡིན་པའི་བརྗོད་གཞི་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཆོས་དབྱིངས་གསལ་བ་ཡི། །ཡུམ་མཆོག་ཀུན་ཏུ་བཟང་མོ་ལ། །སྟོན་པ་ཀུན་ཏུ་བཟང་པོ་དང་། །རིགས་བཞིའི་ཌཱ་ཀིས་འདི་སྐད་གསོལ། །ཀྱེ་མ་ཀྱེ་ཀློང་ཀྱེ་མ་ཧོ། །འདི་ལྟ་བུ་ཡི་གསང་རྒྱུད་ལས། །དགོངས་པ་དཔག་པར་མི་ནུས་པས། །རིམ་པ་བཞིན་དུ་གསལ་དུ་གསོལ། །མ་གྲུབ་ཐོག་མའི་ཀ་དག་ནས། །ཀུན་ཁྱབ་ཡེ་ཤེས་གནས་པ་ལས། །འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ། །ལམ་དང་འཆར་སྒོ་ཡུལ་གང་གསལ། །ཉམས་ལེན་གོང་འཕེལ་གྲོལ་བའི་རྟགས། །རྐྱེན་གྱིས་བར་ཆད་ཇི་ལྟ་བུ། །ཆོས་དབྱིངས་བཟང་མོས་བཤད་དུ་གསོལ། །དེ་སྐད་ཅེས་ནི་ཞུས་པའི་ལན། །ཀུན་བཟང་ཡུམ་གྱི་གདམས་ངག་ལ། །ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །མ་གྲུབ་ཐོག་མའི་ཀ་དག་ནས། །དངོས་པོ་གཤིས་ཀྱི་འདུག་ཚུལ་ནི། །ངོ་བོ་སྟོང་པ་རང་བཞིན་གསལ། །ཐུགས་རྗེ་ཀུན་ལ་སྣང་ནུས་པ། །བྱས་པ་མེད་པར་རང་གསལ་བ། །དེ་ཉིད་ནས་ནི་རང་བཞིན་གནས། །སྟོང་པའི་ངོས་ནས་རྟག་མཐའ་བྲལ། །གསལ་བའི་ངོས་ནས་ཆད་མཐའ་བྲལ། །གསལ་སྟོང་ངང་ནས་འཛིན་ཆ་བྲལ། །ཐོག་མའི་ཀ་དག་གསལ་སྟོང་ཁྱབ། །སུས་ཀྱང་བྱས་པ་མེད་པ་ཉིད། །དེ་ནི་ཐོག་མའི་སྤྱི་གཞིའོ། །ཞེས་རང་ཤར་བའོ། །ཨ་ཧོཿའདུས་པའི་འཁོར་ཚོགས་ཉོན། །གཞི་གཉིས་ལ་ནི་རྣམ་པ་གཉིས། །ཤེས་བྱའི་གཞི་དང་གནས་ལུགས་གཞི། །ཤེས་བྱ་འདོད་གཞུང་བསམ་ལས་འདས། །གནས་ལུགས་གཞི་


DNG025_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསུམ་དུ་སྟོན། །ཐོག་མའི་གནས་པ་སྤྱི་གཞི་དང་། །དེ་ལས་མ་རིག་འཁྲུལ་གཞི་དང་། །དེ་ཉིད་རྟོག་པའི་གྲོལ་གཞིའོ། །ཐོག་མ་ལ་ཡང་གཉིས་སུ་སྟོན། །ཡེ་ཐོག་དང་པོའི་གནས་ལུགས་དང་། །རང་གི་རིག་པའི་གནས་ལུགས་གཉིས། །ཡེ་ཐོག་གནས་ལུགས་གོང་དང་མཐུན། །སྟོང་དང་གསལ་བ་ཁྱབ་པ་གསུམ། །དབྱེར་མེད་ཉག་གཅིག་རང་བྱུང་ངོ་། །ཀུན་ཁྱབ་ཡེ་ཤེས་འདི་ལྟར་གནས། །སྟོང་གསལ་ཡེ་ཤེས་ཆེན་པོ་ནི། །ཡེ་ནས་རྣམ་པ་གསུམ་དུ་གནས། །ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་མདངས་ཉིད་དུ་གནས། །ཐུགས་རྗེས་ཀུན་ཁྱབ་ཡེ་ཤེས་ནི། །འགག་མེད་སྣང་སྟོང་ཉིད་དུ་གནས། །ཆོས་སྐུའི་ཡེ་ཤེས་ཀ་དག་བསམ་བརྗོད་བྲལ། །ལོངས་སྐུའི་ཡེ་ཤེས་འོད་ལྔ་མ་འདྲེས་གསལ། །སྤྲུལ་སྐུའི་ཡེ་ཤེས་སྣ་ཚོགས་ཟེར་དུ་ཤར། །ལྟ་བའི་ཡེ་ཤེས་དཔྱད་པའི་ཡུལ་དང་བྲལ། །སྒོམ་པའི་ཡེ་ཤེས་དམིགས་མེད་ཟང་ཐལ་ལོ། །སྤྱོད་པའི་ཡེ་ཤེས་འཆར་སྒོ་མ་འགགས་པ། །མ་འགགས་ཡེ་ཤེས་ཆེན་པོ་ཉིད། །རང་གསལ་ཕྱོགས་རིས་འཛིན་དང་བྲལ། །རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད། །ཡེ་ཤེས་གསུམ་པོ་དེ་དག་ལས། །བཏགས་པ་མིང་གིས་བསྒྲིབས་པ་སྟེ། །ཆོས་དབྱིངས་ཡེ་ཤེས་ངོ་བོས་སྟོང་། །མེ་ལོང་ཡེ་ཤེས་རང་བཞིན་གསལ། །མཉམ་ཉིད་ཡེ་ཤེས་དབྱེ་བསལ་བྲལ། །སོར་རྟོགས་ཡེ་ཤེས་མ་འདྲེས་གསལ། །བྱ་གྲུབ་ཡེ་ཤེས་བྱས་པ་མེད། །ཀུན་ཁྱབ་ཡེ་ཤེས་གནས་ལུགས་དང་། ཡེ་ཐོག་གཞིའི་གནས་ལུགས་གསལ་བར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །ཡེ་ཤེས་དེ་ལྟར་གནས་པ་ལ། །འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ། །ལེགས་པར་བཤད་ཀྱིས་གུས་པས་ཉོན། །ཐོག་མ་ཉིད་ནི་འདི་ལྟ་སྟེ། །ཡེ་ཐོག་སྟོང་པ་ནམ་མཁའ་ལ། །ཆོས་སྐུ་ཞེས་ནི་མིང་དུ་བཏགས། །དེ་ཡི་རང་བཞིན་གསལ་


DNG025_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ལ། །ལོངས་སྐུ་ཞེས་ནི་མིང་དུ་བཏགས། །འོད་གསལ་འཁྲུལ་པའི་རང་གཟུགས་ལས། །སྤྲུལ་སྐུ་ཞེས་ནི་མིང་དུ་བཏགས། །སྟོང་གསལ་མདངས་ལྔ་ལྡན་པ་ལས། །ལྷུན་གྲུབ་ཞེས་ནི་མིང་དུ་བཏགས། །སྟོང་པ་དེ་ལ་ངོ་བོ་ཟེར། །གསལ་བ་དེ་ལ་རང་བཞིན་ཟེར། །འོད་སྣང་དེ་ལ་ཐུགས་རྗེ་ཟེར། །མིང་ཡང་འཁྲུལ་པའི་གཞི་མར་བཤད། །ཡེ་ཤེས་རང་བཞིན་གནས་པ་ལ། །གྲངས་དང་རིས་སུ་བཅད་པ་ལ། །ཁ་དོག་རྣམ་དབྱེ་ཕྱེ་བ་ཀུན། །ཐ་སྙད་ཚིག་ཕྱིར་འབྲངས་པའོ། །འཁྲུལ་པ་ཡིན་པས་དོན་ལ་སྒྲིབ། །ཡེ་ཤེས་ཉིད་གསལ་རིག་པ་འཁྲུལ། །མ་རིག་སངས་ནས་ཡེ་ཤེས་ཉིད། །འཁྲུལ་པ་དག་པ་ཀ་དག་ཡིན། །ཀ་དག་ཟང་ཐལ་འགག་མེད་ལ། །ཆོས་སྐུའི་རིག་པ་མིང་དུ་བཏགས། །གསལ་མདངས་ལྷུན་གྲུབ་ཀུན་ཁྱབ་ལ། །ལོངས་སྐུའི་རིག་པར་མིང་དུ་བཏགས། །མ་འགགས་རང་བྱུང་ཤར་བ་ལ། །སྤྲུལ་སྐུའི་རིག་པར་མཚན་དུ་གསོལ། །ཆོས་སྐུའི་རིག་པ་སྟོང་པ་ཡིན། །ལོངས་སྐུའི་རིག་པ་གསལ་བ་ཡིན། །སྤྲུལ་སྐུའི་རིག་པ་ཁྱབ་གསལ་ལོ། །སྟོང་པའི་རིག་པ་གསལ་བ་ཡིན། །གསལ་བའི་རིག་པ་འོད་སྐུ་ཡིན། །འོད་སྐུའི་རིག་པ་སྣང་སྟོང་ཡིན། །གཞི་ཡི་རིག་པ་ཀ་དག་ཡིན། །ལམ་གྱི་རིག་པ་ལྷུན་གྲུབ་ཡིན། །ལྷུན་གྲུབ་རིག་པ་སྐུ་དང་ཡེ་ཤེས་ཡིན། །སྐུ་དང་ཡེ་ཤེས་རིག་པ་ལུག་རྒྱུད་ཡིན། །རིག་པ་ཡེ་ཤེས་གཉིས་སུ་མེད། །གཉིས་འཛིན་འཁྲུལ་པ་འདི་ཉིད་དོ། །སྲིད་པའི་རྩ་བ་བདག་འཛིན་ཡིན། །དང་པོ་མ་རིག་དྲུག་ལས་བྱུང་། །རྒྱུ་དང་རྐྱེན་གཉིས་ཚོགས་པའོ། །རྒྱུ་ཡི་རྐྱེན་ལས་རྣམ་པ་གསུམ། །བདག་རྟོག་གཞན་རྟོག་དེར་འཛིན་གསུམ། །རྐྱེན་ལ་དེ་བཞིན་རྣམ་པ་གསུམ། །བདག་རྐྱེན་གཞན་རྐྱེན་དམིགས་པའི་རྐྱེན། །རྩ་བ་མ་རིག་མུན་པས་བསྒྲིབས། །ནམ་མཁའི་ངོ་བོ་སྟོང་གསལ་དང་། །ཉི་མའི་ངོ་བོ་སྒྲིབ་བྲལ་གཉིས། །མ་རིག་ཐིབས་པའི་མུན་པས་བསྒྲིབས། །དེ་ལ་སྟོང་གསལ་རང་མདངས་ལས། །འོད་ཁྱིམ་ཚུལ་དུ་གནས་པ་དེ། །དེ་ལས་འཛིན་བྱེད་ཤེས་པ་ནི། །རྟ་


DNG025_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་ཙམ་གཅིག་འགྱུས་པ་སྟེ། །བྱུང་ནི་འོད་ཁྱིམ་རང་ལས་བྱུང་། །སྟོང་གྲོགས་ཡེ་ཤེས་རླུང་རིག་བྱས། །དོན་ལ་རིག་པའི་རྩལ་ཡིན་ནོ། །ཡེ་ཤེས་གསལ་བའི་ཡུལ་དྲུག་ལས། །གཉིས་འཛིན་སེམས་དེ་བྱུང་བའོ། །འོད་ཁྱིམ་ཁ་དོག་ལྔ་ལྡན་དེ། །དངོས་པོ་ཅན་དུ་འདུག་སྙམ་ནས། །བདག་ནི་ཕ་གི་ཡིན་ནམ་སྙམ། །ཕ་གི་བདག་ལས་བྱུང་ངམ་ཅི། །རྟོག་བྱེད་སྲིད་པ་གསུམ་དུ་འགྱུས། །དེ་ཡང་འཁྲུལ་པའི་གཞི་མར་བཤད། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །སྟོང་གསལ་འགག་པ་མེད་པ་ལས། །དངོས་པོ་མཚན་མ་ཅན་དུ་བཟུང་། །རང་རིག་ཡེ་ཤེས་ཟང་ཐལ་ལ། །བདག་དང་གཞན་དུ་འཛིན་པའི་སེམས། །མ་རིག་པ་ཡི་རྒྱུ་ཡི་རྐྱེན། །རྒྱུ་ལས་ཨ་འཐས་དམིགས་པའི་རྐྱེན། །ཡུལ་སྣང་དག་ལས་ཨ་འཐས་པས། །ཡེ་ཤེས་མ་རིག་ཡུལ་ལས་བཟུང་། །དེར་འཛིན་རླུང་སེམས་འདུས་པ་ལས། །འབྱུང་བ་ལྔ་ཡི་སྦུབས་སུ་ཚུད། །ཡེ་ཤེས་རང་རྩལ་འབྱུང་བ་ལྔ། །ཁ་དོག་རིམ་པ་ལྔ་རུ་ཤར། །གོང་གི་རྟོག་བྱེད་གསུམ་པོ་ལས། །ཕྲ་རབ་རྡུལ་གྱི་ཆ་ཙམ་དུ། །རྟོག་དཔྱོད་རྣམ་པ་མང་དུ་ཤར། །འོད་ཁྱིམ་ཁ་དོག་ལྔ་པ་ལ། །མིང་རིས་དངོས་པོ་ཅན་དུ་བཟུང་། །འོད་ལྗང་བྱ་གྲུབ་ཡེ་ཤེས་ལས། །དེར་འཛིན་ཞུགས་པས་རླུང་གི་གཞི། །བྱི་བའི་ཁ་རླངས་ཙམ་དུ་བྱུང་། །འོད་དཀར་མེ་ལོང་ཡེ་ཤེས་ལས། །དེར་འཛིན་ཞུགས་པས་ཆ་ཡི་གཞི། །དཀར་པོ་སྲན་འབྲུ་ཙམ་གཅིག་ཆགས། །འོད་སེར་མཉམ་ཉིད་ཡེ་ཤེས་ལས། །དེར་འཛིན་ཞུགས་པས་ས་ཡི་གཞི། །སེར་པོ་ར་རིལ་ཙམ་གཅིག་གྲུབ། །འོད་དམར་སོར་རྟོགས་ཡེ་ཤེས་ལས། །འཛིན་པ་ཞུགས་པས་མེ་ཡི་གཞི། །དམར་པོ་མཐེབ་མོ་ཙམ་གཅིག་བྱུང་། །མཐིང་ག་ཆོས་དབྱིངས་ཡེ་ཤེས་ནི། །གདོད་མ་ཉིད་ནས་ཡེ་ཤེས་དང་། །མཉམ་དུ་གནས་ཏེ་འཕོ་འགྱུར་མེད། །འབྱུང་ལྔའི་གཞི་མ་དཔེ་ལྔ་ལས། །རང་འོད་ཡེ་ཤེས་ལྔ་རུ་གསལ། །ཡཾ་རཾ་ལཾ་གསུམ་ཨེ་རུ་ཤར། །འབྱུང་བ་ལྔ་པོ་དེ་དག་ནི། །གཅིག་


DNG025_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཅིག་བསྐྱེད་བྱས་པ་ལས། །མི་མཇེད་འཇིག་རྟེན་ཁམས་སུ་ཆགས། །དེ་ཡང་རྒྱུ་རྐྱེན་མ་རིག་ཉིད། །ཡེ་ཤེས་རང་མདངས་འོད་ལྔ་ལས། །དེར་འཛིན་ཞུགས་པས་འབྱུང་བཞི་གྲུབ། །དེ་ཡང་འཁྲུལ་པའི་གཞི་མར་བཤད། །ལྔ་ལ་རླུང་ཆགས་རྒྱ་གྲམ་ཚུལ། །རླུང་ལ་ཆུ་ཆགས་རྒྱ་མཚོར་འཁྱིལ། །ཆུ་ལས་ས་ཆགས་ད་ལའི་ཚུལ། །མེ་ནི་རླུང་གི་རྩལ་ཡིན་པས། །འབྱུང་བ་གསུམ་ལས་མཉམ་པར་ཁྱབ། །རླུང་ཡང་ཀུན་གྱི་གྲོགས་ཡིན་ནོ། །ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། མ་རིག་འཁྲུལ་པ་གཏན་ལ་དབབ་པ། ལྷུན་གྲུབ་ཀྱི་སྦུབས་སུ་འཛིན་བྱེད་ཀྱི་ཤེས་པ་བསྟན་ནས། ཕྱི་སྣོད་ཀྱི་འཇིག་རྟེན་འཁྲུལ་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །ཕྱི་ཡི་སྣོད་ལ་བརྟེན་ནས་ཀྱང་། །ནང་བཅུད་སེམས་ཅན་འདི་ལྟར་བྱུང་། །འབྱུང་བཞི་འདུས་པའི་རང་བཞིན་གྱིས། །འོག་གི་འབྱུང་བ་རླུང་འགུལ་བས། །རྒྱ་གྲམ་རླུང་གི་ལྟེ་བ་ལ། །ཡེ་ཤེས་རང་རྩལ་དྲོད་བྱུང་བས། །སྟེང་གི་ཆུ་འདི་ས་ལ་ཕོག །ཆུ་ལ་རླངས་པ་མདུང་གང་བྱུང་། །དེས་ནི་ས་ཡི་ད་ལ་ཆགས། །ཁ་གཏིང་མེད་པར་བུན་ནེ་བ། །དེ་ལས་འབྱུང་བཞི་མདོངས་འོད་འབར། །ཡེ་ཤེས་རང་འོད་ཤར་བ་དང་། །འོད་རྣམས་འདྲེས་པའི་འོད་སྐོར་ནི། །རྦ་ཕུབ་ཙམ་པ་གསུམ་དུ་བྱུང་། །གཅིག་ནི་སྣང་ལ་རང་བཞིན་མེད། །དེ་ལས་འོད་གསལ་ལྷ་གནས་ཆགས། །ལྷ་ཡི་འོད་ཟེར་ཚུལ་དུ་ནི། །གཟུགས་མེད་སྐྱེ་མཆེད་མུ་བཞི་བྱུང་། །དེ་ཡི་རིག་རྩལ་ཆོ་འཕྲུལ་ལ། །གཟུགས་ཁམས་གནས་རིགས་བཅུ་བདུན་བྱུང་། །གནས་རིགས་དེ་རྣམས་ཐམས་ཅད་དུ། །ཡེ་ཤེས་སྣང་བ་གནས་གྱུར་ཀྱང་། །མ་རིག་བདག་འཛིན་དབང་གིས་ན། །རིགས་དྲུག་སེམས་ཅན་དཔག་མེད་བྱུང་། །མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །དེ་ལ་དུག་ལྔ་དུག་གསུམ་བྱུང་། །དེ་ལས་ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་བྱུང་། །རྩ་བ་འཛིན་བྱེད་ཤེས་པ་བུན་པ་


DNG025_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དེ་ལས་དེ་སྐྱེས་འཁྲུལ་པའོ། །ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། ནང་གི་བཅུད་ཀྱི་སེམས་ཅན་འཁྲུལ་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །འདི་ལྟར་སྟེང་དུ་འོད་སྐོར་གཉིས་ལ་ནི། །ཉི་མ་དང་ནི་ཟླ་བ་བྱུང་། །དེ་ཡང་ནམ་མཁའི་བཅུད་ཡིན་པས། །འོད་ཚོགས་ཚུལ་དུ་དབྱིངས་ལ་ཤར། །དེ་ཡང་ཡེ་ཤེས་རྩལ་ཡིན་ཕྱིར། །ཀུན་ལ་གསལ་བར་ནུས་པའོ། །རླུང་མདངས་ཡིན་པས་འགྲོ་བར་ནུས། །མེ་མདངས་ཡིན་པས་དྲོད་དང་ལྡན། །ཉི་མ་མེ་ཡི་དྭངས་མ་ཡིན། །ཟླ་བ་ཆུ་ཡི་དྭངས་མ་ཡིན། །དེ་ཡི་རྩལ་ལས་གཟའ་སྐར་ཤར། །འབྱུང་གཞི་གཅིག་གྲོགས་གཅིག་ཡིན་ནོ། །འབྱུང་བཞི་རྒྱས་དུས་ཉི་མ་རིང་། །འབྱུང་བཞི་སྙོམས་དུས་ཉིན་མཚན་མཉམ། །འབྱུང་བཞི་འཁྲུགས་དུས་ཉི་མ་ཐུང་། །དྲོད་མདངས་ཐམས་ཅད་ཉི་མའོ། །འབྱུང་བཞི་བྱེད་དུས་ཉི་མ་འཆི། །ཁ་ཆར་བུ་ཡུག་ཐམས་ཅད་ཀུན། །དྲོད་བྱུང་འབྱུང་བའི་རྩལ་ཡིན་ནོ། །དབྱར་ནི་འབྱུང་བ་རྒྱས་པའི་དུས། །མདངས་ལས་རྩི་ཤིང་མྱུ་གུ་དང་། །མེ་ཏོག་ལོ་འབྲས་ཐམས་ཅད་སྨིན། །སྟོན་ནི་འབྱུང་བ་སྙོམས་པའི་དུས། །འབྲས་བུ་ཐམས་ཅད་བཅུད་དུ་སྨིན། །དགུན་ནི་འབྱུང་བ་འཁྲུགས་པ་སྟེ། །རྩི་བཅུད་ཐམས་ཅད་ཉམས་པའོ། །དཔྱིད་ལ་འབྱུང་བ་བྱེར་བ་སྟེ། །མདངས་སྟོབས་ཐམས་ཅད་ཉམས་པའོ། །དེར་ཡང་མ་རིག་རྒྱུ་ལས་བྱུང་། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། ཉི་ཟླ་ འབྱུང་བཞི་འཕེལ་འགྲིབ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཀུན། །མ་ཡེངས་དགོངས་པས་ལེགས་པར་ཉོན། །འཁྲུལ་ལུགས་རྣམ་པ་མང་བཤད་ཀྱང་། །ཡེ་ཤེས་ལྔ་ཡི་རྩལ་ཉིད་ཡིན། །རྩལ་གྱིས་ཡེ་ཤེས་ངོ་མ་ཤེས། །དངོས་པོ་འཛིན་པ་ཅན་དུ་འཁྲུལ། །


DNG025_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་ལས་འབྱུང་བ་ལྔ། །འབྱུང་བ་ལྔ་ལས་སྐྱེ་གནས་བཞི། །རིགས་དང་སེམས་ཅན་དཔག་མེད་འབྱུང་། །ཁམས་གསུམ་འཁོར་བའི་ཁང་པ་རུ། །རྒྱུད་དྲུག་སེམས་ཅན་རེ་མོས་འཁོར། །ཡིད་དང་གཟུགས་ཀྱི་འདམ་ལས་ཆགས། །རང་ངོ་མ་ཤེས་རང་རྒྱུད་འཁྲུལ། །འཁྲུལ་པ་ལུས་ཀྱི་གྲུབ་ཚུལ་ནི། །ཡང་དག་པ་ནི་ངས་བཤད་དོ། །ལྔ་འདུས་མཚན་མ་སྦྱོར་བ་ལས། །ཉོན་མོངས་ལྔ་དང་ཡིད་དྲུག་དང་། །ཡེ་ཤེས་ལྔ་ཡི་བདག་ཉིད་དོ། །ཆོས་ཉིད་གསལ་མདངས་འོད་ཁྱིམ་ལས། །འོད་ཟེར་ཚུལ་དུ་ཡེ་ཤེས་ལ། །འགག་པ་མེད་པ་ཤར་བ་དེ། །ཆོས་ཉིད་གཞི་མདངས་ཡིན་པས་ངོ་མ་ཤེས། །དེར་འཛིན་དྲི་མ་མ་རིག་པས། །འཛིན་བྱེད་ཤེས་པ་དྲེད་པ་གཅིག །བདག་དང་གཞན་དུ་བཟུང་བ་དེ། །བདག་དང་ཉོན་མོངས་ལྔ་དང་ཡིད་དྲུག་དང་། །བསྡོངས་ནས་ཤེས་པ་དྲེད་པ་གཅིག །ཕོ་མོ་སྦྱོར་བ་བྱེད་པ་ལ། །བདེ་བ་གཉིས་སྙོམས་འདྲེས་པའི་དུས། །ཡེ་ཤེས་རང་རྩལ་མ་རིག་པ། །གཉིས་འཛིན་སེམས་དེ་མངལ་དུ་འཐུམས། །ཕ་མ་གཉིས་ཀྱི་ཐིག་ལེ་དང་། །རྒྱུ་རྐྱེན་འདི་དག་རབ་ཏུ་འདྲེས། །མཚལ་དང་ཞོ་ཡི་ཚུལ་ལྟར་རོ། །འབྱུང་བ་བཞི་ཡི་ལུས་སུ་འོང་། །ཞག་ནི་བདུན་ཚན་བརྒྱད་དག་ཏུ། །མེར་མེར་ནུར་ནུར་གོར་གོར་དང་། །ལྟར་ལྟར་མཁྲང་གྱུར་ཁྱབ་འཇུག་དང་། །རུས་སྦལ་སྦལ་བ་ལྟ་བུ་དེ། །རིམ་པ་བཞིན་དུ་ལུས་རྒྱས་སོ། །ཞག་ནི་བདུན་ཚན་དང་པོ་ལ། །འབྱུང་བ་ཆུ་ཡིས་རབ་བསྡུས་ཏེ། །མེར་མེར་པོ་ཡི་ཐིག་ལེ་ནི། །ཡུངས་འབྲུ་བརྒྱ་ཡི་ཆ་ཙམ་ཆགས། །འབྱུང་བཞི་རླུང་སེམས་འདུས་པ་ཡིས། །ལུས་པོ་ཆགས་པའི་རྟེན་སེམས་ཡིན། །ཞག་ནི་བདུན་ཕྲག་གཉིས་པ་ལ། །འབྱུང་བ་ས་ཡིས་རབ་བརྟེན་ཏེ། །ཡུངས་འབྲུ་བཅུ་ཡི་ཆ་ཙམ་ཆགས། །ཞག་ནི་བདུན་ཕྲག་གསུམ་པ་ལ། །འབྱུང་བ་མེ་ཡིས་རབ་སྨིན་ཏེ། །ཡུངས་འབྲུ་བརྒྱད་ཆ་ཙམ་དུ་ཆགས། །ཞག་ནི་བདུན་ཕྲག་བཞི་པ་ལ། །འབྱུང་བ་རླུང་གིས་རབ་གཏོར་ཏེ། །ཐིག་ལེ་དཀར་པོ་དངུལ་ཆུ་བཞིན། །ཡུངས་འབྲུ་ཕྱེད་པ་གཅིག་ཏུ་ཆགས། །ཞག་ནི་བདུན་


DNG025_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ལྔ་པ་ལ། །འབྱུང་བ་ཆུ་ཡིས་རབ་བསྡུས་ཏེ། །ཡུངས་འབྲུ་གཅིག་གི་ཚད་དུ་ཆགས། །ཞག་ནི་བདུན་ཕྲག་དྲུག་པ་ལ། །མེ་རླུང་གཉིས་ཀྱིས་རབ་སྨིན་ཏེ། །ཡུངས་འབྲུ་གཉིས་ཀྱི་ཆ་ཙམ་ཆགས། །ཞག་ནི་བདུན་ཕྲག་བདུན་པ་ལ། །འབྱུང་བཞི་འདུས་ནས་མེར་མེར་པོ། །ཡུངས་འབྲུ་གསུམ་གྱི་ཆ་ཙམ་ཆགས། །མིག་གཉིས་རབ་ཏུ་འཕྲོ་བར་འགྱུར། །ཞག་ནི་བདུན་ཕྲག་བརྒྱད་པ་ལ། །འབྱུང་བཞི་རབ་ཏུ་འཁྲུགས་པ་ཡི། །ཆུས་བཤིགས་སས་མནན་མེས་བསྡུས་བསྲེགས། །རླུང་གིས་གཏོར་ཞིང་མེད་པར་བྱས། །དེ་ནས་ཆུ་ཡིས་རབ་བསྡུས་ཏེ། །ནུར་ནུར་སྲན་མ་བཅུ་ཆ་ཆགས། །ཤར་གྱི་རྩ་ནི་རི་བོང་རྡུལ། །སྟོང་དུ་བཏང་བའི་ཆ་ཙམ་ཆགས། །ཞག་ནི་བདུན་ཕྲག་དགུ་པ་ལ། །འབྱུང་བ་ས་ཡིས་སྲ་བར་བྱས། །སྲན་མ་དགུ་ཡི་ཆ་ཙམ་དང་། །ལྷོ་ཡི་རྩ་ནི་གོང་ལྟར་ཆགས། །ཞག་ནི་བདུན་ཕྲག་བཅུ་པ་ལ། །མེ་ཡིས་དྲོད་བསྐྱེད་བརྟན་པར་བྱས། །སྲན་མ་བདུན་ཆ་ཙམ་པ་དང་། །ནུབ་ཀྱི་རྩ་ཡང་གོང་ལྟར་ཆགས། །ཞག་ནི་བདུན་ཕྲག་བཅུ་གཅིག་ལ། །འབྱུང་བ་རླུང་གིས་རབ་གཏོར་ནས། །སྲན་མ་ལྔ་ཆ་ཙམ་གཅིག་ཆགས། །བྱང་གི་རྩ་ཡང་གོང་ལྟར་བསྐྱེད། །ཞག་ནི་བདུན་ཕྲག་བཅུ་གཉིས་ལ། །ལུས་ནི་སྲན་མ་རྡོག་པོ་ཙམ། །ནུར་ནུར་པོ་དང་ས་ཐག་ལྟར། །ཁྱད་པར་མིག་གཉིས་གསལ་བར་ཆགས། །ཞག་ནི་བདུན་ཕྲག་བཅུ་གསུམ་ལ། །འབྱུང་བཞི་འཁྲུགས་ཏེ་སླར་བཤིག་གོ། །ཞག་ནི་བདུན་ཕྲག་བཅུ་བཞི་ལ། །རབ་ཏུ་འདུས་ཏེ་མཐེ་བོང་ཙམ། །རྩ་ཡང་ཤིན་ཏུ་རགས་པ་བསྐྱེད། །ཞག་ནི་བདུན་ཕྲག་བཅོ་ལྔ་ལ། །རླུང་གིས་ཕྱེ་ཞིང་ཆུ་ཡིས་བཀྲུས། །ས་ཡིས་བཟུང་ཞིང་མེ་ཡིས་སྨིན། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །རྩ་འདབ་དྲུག་ཅུ་རྩ་བཞི་ཆགས། །རླུང་སེམས་འདུས་པའི་སྤྱན་གཉིས་ཆགས། །ཞག་ནི་བདུན་ཕྲག་བཅུ་དྲུག་ལ། །སྙིང་ག་ཆོས་ཀྱི་འཁོར་ལོ་སྟེ། །རྩ་འདབ་སུམ་ཅུ་རྩ་གཉིས་ཆགས། །


DNG025_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ནི་བདུན་ཕྲག་བཅུ་བདུན་ལ། །མགྲིན་པ་ལོངས་སྤྱོད་འཁོར་ལོར་ཆགས། །རྩ་འདབ་བཅུ་དྲུག་སྤྱན་གཉིས་ཆགས། །ཞག་ནི་བདུན་ཕྲག་བཅོ་བརྒྱད་ལ། །སྤྱི་བོ་བདེ་ཆེན་འཁོར་ལོར་ནི། །རྩ་འདབ་སུམ་བརྒྱ་དྲུག་ཅུ་དང་། །རླུང་སེམས་འདུས་པའི་སྤྱན་གཉིས་ཆགས། །ཞག་ནི་བདུན་ཕྲག་བཅུ་དགུ་ལ། །རླུང་གིས་བསྐྱེད་ནས་སོ་སོར་ཆེ། །ཆུ་ཡིས་བསྡུས་ཤིང་ས་ཡིས་བཟུང་། །མེ་ཡིས་སྨིན་ཅིང་མཁྲང་བར་བྱས། །དབུས་སུ་རྩ་གསུམ་ཀ་བ་དང་། །འཁོར་ལོ་བཞི་ལ་དྲིལ་ཏེ་ཆགས། །ཞག་ནི་བདུན་ཕྲག་ཉི་ཤུ་ལ། །འབྱུང་བཞིའི་ལས་ཀྱིས་མཁྲང་གྱུར་ཞིག །ཁྱབ་འཇུག་ཉ་ལྟར་གྱུར་པའོ། །ཞག་ནི་བདུན་ཕྲག་ཉེར་གཅིག་ལ། །སས་བཟུང་མེས་སྨིན་དབང་པོ་དོད། །ཞག་ནི་བདུན་ཕྲག་ཉེར་གཉིས་ལ། །ཆུས་བསྐྱེད་པས་སུ་ལུས་གྲུབ་སྟེ། །རུས་སྦལ་ལྟ་བུར་ཁྱུད་གང་གྱུར། །ཞག་ནི་བདུན་ཕྲག་ཉེར་གསུམ་ལ། །མེ་ཡིས་སྨིན་ཅིང་ཡན་ལག་སྐྱེ། །ཞག་ནི་བདུན་ཚན་ཉེར་བཞི་ལ། །རླུང་གིས་བསྐྱེད་ནས་དབུ་མར་ཚུད། །དེ་དུས་ལུས་ཀྱི་འབྱུང་བ་སྙམས། །ཡེ་ཤེས་དག་ཀྱང་བསྐྱེད་པའོ། །ཞག་ནི་བདུན་ཕྲག་ཉེར་ལྔ་ལ། །ཆུ་ཡིས་སྨིན་ཅིང་ས་ཡིས་ཐེན། །ཤ་དང་ཁྲག་ཀྱང་གྲུབ་པའོ། །ལུས་ནི་སྦལ་པ་ལྟ་བུ་སྟེ། །མཐོ་གང་ཚད་དུ་བསྐྱེད་པའོ། །ཞག་ནི་བདུན་ཕྲག་ཉེར་དྲུག་ལ། །མེ་ཡིས་མིག་དང་ཤེས་པ་གསལ། །རླུང་གིས་ཡན་ལག་དོན་སྙིང་ཐམས་ཅད་དང་། །རྣམ་ཤེས་ཕུང་པོ་ཁམས་དང་སྐྱེ་མཆེད་གསལ། །ཞག་ནི་བདུན་ཕྲག་ཉེར་བདུན་ལ། །ཟས་ཀྱི་དྭངས་མ་བཅུད་དྲིལ་བས། །པགས་པ་བ་སྤུ་སྐྲ་རྣམས་བསྐྱེད། །ཉོན་མོངས་རླུང་གིས་འཕྲིག་འགུལ་བྱེད། །ཕལ་ཆེར་ཟླ་གསུམ་ཉེར་གཅིག་ན། །འཕྲིག་འགུལ་བྱེད་པར་བཤད་པའོ། །ས་དང་ཆུ་དང་མེ་དང་གསུམ། །རླུང་གིས་ཕྱེ་ཤིང་ལུས་སྨིན་ནོ། །དེ་ནས་བདུན་ཚན་དགུ་ལ་ནི། །རླུང་གིས་ཕུལ་ནས་ཕྱིར་འབྱོན་ཏེ། །གཞུག་ནས་ཐོན་ཏེ་སྤྲུལ་པའི་སྐུ། །ཐོག་མར་རིག་རྩལ་ཡེ་


DNG025_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྔ། །མ་རིག་འཁྲུལ་པས་བྱུང་བ་སྟེ། །འབྱུང་བ་ལྔ་ལས་བྱུང་བའོ། །དེས་ན་ལུས་འདི་སྤྲུལ་སྐུ་དངོས། །ཡེ་ཤེས་ཆེན་པོའི་འབྱུང་གནས་ཉིད། །ལུས་ཅན་ཀུན་ལ་བཟང་དོན་མེད། །བདེ་གཤེགས་ངོ་བོ་འགྲོ་ཀུན་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །མ་རིག་གྲོལ་ཚེ་འབྱུང་བའི་ལུས། །ལྷག་མེད་ཡེ་ཤེས་ངང་དུ་ཟློག །ལུས་འདི་སྐུ་གསུམ་ཉིད་ཡིན་ནོ། །རྩ་ཁམས་ཐམས་ཅད་ལྷ་ཡི་སྐུ། །ལྟེ་བ་དག་ནས་རིམ་བཞིན་ཉིད། །གཟུང་འཛིན་སྲིད་པའི་སྦྱོར་མཚམས་སུ། །ལྟེ་བ་གྲུ་གསུམ་རྩ་རུ་ཆགས། །རླུང་སེམས་ཐིག་ལེ་རྣམ་པར་འཕྲོ། །མིག་གི་རྣམ་པ་ལྟ་བུ་རུ། །མེར་ནུར་གོར་དང་རུས་སྦལ་ལྟར། །ལྟེ་བ་དག་ནས་འབྱུང་བཞི་བསྐྱེད། །རིམ་གཉིས་བསྐྱེད་ནས་སྤྲུལ་སྐུའི་ཚུལ། །ཟླ་དགུ་ངོ་བཅུ་ཞག་གི་གྲངས། །ཉིས་བརྒྱ་བདུན་ཅུ་དག་ལ་འབྱོན། །བདུན་ཚན་སུམ་ཅུ་རྩ་དགུ་ལ། །ལུས་རྫོགས་རླུང་གིས་ཕུལ་བའོ། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། འཁྲུལ་པ་ལུས་ཀྱི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཀུན། །ལེགས་པར་བཤད་ཀྱི་ཡིད་ལ་ཟུང་ཞིག་ཉོན། །གནས་ལུགས་སྤྱི་ཡི་གཞི་མ་ལས། །རྣམ་པ་གཉིས་སུ་ངས་བཤད་དོ། །ཐོག་མའི་སྤྱི་གཞི་གོང་དུ་བསྟན། །རང་རིག་གནས་ལུགས་འདི་ལྟར་རོ། །རིག་པ་ཡེ་ཤེས་ཁྱབ་གདལ་ཆེ། །འཁོར་འདས་ཀུན་གྱི་སྲོག་ཡིན་ནོ། །ཁྱད་པར་ལུས་དང་སེམས་ལ་ཁྱབ། །རིག་པ་ཉིད་ནི་འདི་ལྟར་རོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན། །སེམས་ཅན་ཀུན་ལ་ཁྱབ་པར་གནས། །ལུས་ཅན་ཐམས་ཅད་རིག་པའི་རྩལ། །མངལ་ཞུགས་བྱང་ཆུབ་ལྔ་ལྡན་ཏེ། །ཟླ་བ་དགུ་ནི་ཐིག་ལེ་སྟེ། །ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེས་ནས་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །རང་བྱུང་ཡེ་ཤེས་འབྱུང་བའི་མདངས། །ཡེ་


DNG025_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་ལུས་ཡེ་ཤེས་ལ། །ད་ལྟ་འཁྲུལ་ཀྱང་ཡེ་ཤེས་རྩལ། །རང་ངོ་ཤེས་ན་ཡེ་ཤེས་ཉིད། །སེམས་ཅན་རང་རྒྱུད་རྟོག་ཚོགས་ནི། །བཞི་བཅུ་རྩ་གཉིས་སངས་རྒྱས་ཏེ། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། །དུག་ལྔ་སེར་སྣ་ཐུབ་པ་དྲུག །ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད། །སྒོ་བཞི་སྒོ་བ་ཡབ་ཡུམ་བཞི། །གཡས་གཡོན་ཉི་མ་ཟླ་བ་གཉིས། །རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིག་པ་འོད་ལྔ་རླུང་གི་ལྔ། །ཤེས་རབ་ལྔ་ལ་སོགས་པ་གནས། །རིག་པ་ཡེ་ཤེས་སྐུ་ལྔ་སྟེ། །རང་གི་རིག་རྩལ་སྐུ་ལྔར་ཤར། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་བ་མཐའ་ཡས་དོན་ཡོད་གྲུབ། །རིག་པ་ཡེ་ཤེས་རྟེན་ལྡན་ཉིད། །རིག་པའི་ཡོན་ཏན་འོད་ལྔར་ཤར། །རིག་པའི་རྩལ་ལས་ཡེ་ཤེས་གསུམ། །ངོ་བོ་སྟོང་པའི་ཡེ་ཤེས་དང་། །རང་བཞིན་གསལ་བའི་ཡེ་ཤེས་དང་། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་སོ། །རིག་པ་སྐུ་གསུམ་འོད་གསུམ་ལྡན། །དམིགས་སུ་མེད་པ་ཆོས་སྐུའི་འོད། །མ་འགགས་གསལ་བ་ལོངས་སྐུའི་འོད། །སྣང་བ་སྣ་ཚོགས་སྤྲུལ་སྐུའི་འོད། །སྐུ་དང་ཡེ་ཤེས་འོད་གསུམ་ནི། །དབྱེར་མེད་སུམ་བརྩེགས་ཚུལ་དུ་གནས། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །ཡེ་ཤེས་རིག་པའི་གནས་ཡིན་ནོ། །ལུས་ཅན་ཀུན་ལ་ཁྱབ་པར་གནས། །ལུས་ནི་རྣམ་པ་ལྔ་རུ་བསྟན། །རང་བཞིན་ལྷུན་གྲུབ་འོད་ཀྱི་ལུས། །ཐོག་མེད་ཀུན་ཁྱབ་ཡིད་ཀྱི་ལུས། །དྭངས་སྙིགས་འབྱེད་པ་མི་ཡི་ལུས། །དམིགས་པའི་རྟེན་བྱེད་སེམས་དཔའི་ལུས། །སྣ་ཚོགས་འགྱུར་བ་སྤྲུལ་པའི་ལུས། །ལུས་ནི་ཡེ་ཤེས་སྙིང་པོ་ཅན། །རང་བྱུང་ལྷུན་གྲུབ་རྩལ་ཡིན་ནོ། །ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། གནས་ལུགས་གཞི་ལས་རང་གི་རིག་པ་གནས་པའི་ལེའུ་སྟེ་བདུན་པའོ།། །།ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །ཕྱི་རོལ་ཡུལ་སྣང་ཐམས་ཅད་ཀུན། །སེམས་ལ་འདི་ལྟར་ཚང་བའོ། །རིག་པའི་རབ་རྩལ་རྒྱས་པ་ལས། །


DNG025_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཞེས་མིང་དུ་བཏགས་པའོ། །སེམས་ཅན་ཀུན་རིག་དྲི་མ་མེད། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། །རྩ་ཁམས་སྐྱེ་མཆེད་སེམས་དཔའི་ཚོགས། །སྲིད་པ་གསུམ་དང་ལུས་སེམས་སོ། །སེམས་ནི་དྲན་སེམས་རིག་པའི་རྩལ། །སྣང་ཤེས་དག་ཏུ་གྱུར་ཚད་ཀུན། །རིག་པ་ཉིད་ལས་ལོགས་ན་མེད། །ཁྱད་པར་རིག་པའི་ཡེ་ཤེས་ཉིད། །ལུས་ཅན་ཀུན་ལ་ཁྱབ་པ་སྟེ། །ཁྱད་པར་འདི་ལྟར་ཉིད་དུ་གནས། །སྙིང་དང་རྩ་དང་དུང་ཁང་དང་། །མིག་དང་བཞི་ཡི་གཞལ་མེད་དུ། །ཡེ་ཤེས་ཆེན་པོ་དེ་ན་གནས། །སེམས་ཅན་ཀུན་གྱི་ལུས་ཀྱི་ནང་། །ཙིཏྟ་དུང་ཁང་རྩ་ནང་སྒོ། །དེ་ནི་རིག་པའི་གནས་ཡིན་ནོ། །སེམས་ཀྱང་རིག་པའི་རབ་རྩལ་ཡིན། །ངོ་བོ་སེམས་ནི་ཝལ་པོ་རྗེས་མེད་ཡིན། །རང་བཞིན་སེམས་ནི་གསལ་རིག་སྟོང་པ་ཡིན། །ཐུགས་རྗེའི་སེམས་ནི་ཕྲ་རགས་ཐོགས་པ་མེད། །སེམས་ནི་རྟོག་བྱེད་གསལ་ལ་ངོ་བོ་སྟོང་། །རིག་པ་ཉིད་དང་གཉིས་སུ་མེད། །རིན་ཆེན་ལུས་ཀྱི་ནང་དག་ན། །ཡོངས་ལ་ཁྱབ་པའི་སེམས་གཅིག་པོ། །ངོ་བོ་སྟོང་གསལ་སྐུ་རུ་གནས། །རང་བཞིན་སྟོང་གསལ་ཐིག་ལེའི་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མ་འབར། །རང་རིག་ངོ་བོ་སྐུར་གནས་ཏེ། །གསལ་ལ་རང་བཞིན་མ་གྲུབ་པས། །སྙིང་ནང་ཞི་བ་ཡབ་ཡུམ་ཚུལ། །དུང་ཁང་ཁྲོ་བོའི་ཚུལ་དུ་གནས། །ལུས་ལ་གནས་པའི་རིག་པ་ཡང་། །ཕྱི་ལྟར་ཁྲོ་བོའི་རང་བཞིན་ལ། །ནང་ལྟར་ཌཱ་ཀི་ཡབ་ཡུམ་མོ། །གསང་བ་ལྟར་ན་ཡི་གེ་ལྔ། །ཡང་གསང་ཐིག་ལེ་ཉག་གཅིག་གོ། །ཐམས་ཅད་རང་བྱུང་ཀ་དག་ཉིད། །རིག་པ་སྐུ་ཡི་རང་མདངས་ནི། །ཙིཏྟའི་ནང་ན་ཐིག་ལེ་དང་། །འོད་ཟེར་ལྟ་བུར་གནས་པའོ། །རིག་པ་ཡེ་ཤེས་ཐིག་ལེའི་སྐུ། །སྟོང་གསལ་རང་མདངས་ཉིད་དུ་གནས། །རིག་པ་


DNG025_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་རང་མདངས་ཉིད། །རྩ་ཡི་ནང་དུ་ཉི་ཟེར་བཞིན། །དབང་པོའི་སྒོ་ལ་ངེས་ཐོན་ཏེ། །ཐིག་ལེའི་སྒྲོན་མ་ནམ་མཁའི་དབྱིངས་སུ་གསལ། །རིག་པའི་སྐུ་ནི་བུམ་སྐུ་བཞིན། །ཡེ་ཤེས་བུམ་པའི་མར་མེ་འདྲ། །ཐིག་ལེ་མེ་ལོང་ངོས་ལྟར་གསལ། །རྩ་ཡི་གཙོ་བོ་གསུམ་ལ་ནི། །ཡན་ལག་གྲངས་ལས་འདས་པ་གྱེས། །སོ་སོའི་དབང་པོའི་སྒོར་སྟོན་བྱེད། །དེ་ཡིས་ཆོས་སྐུ་སྟོན་པར་བྱེད། །ཁྱད་པར་སྙིང་ནས་འདྲེལ་བ་ཡི། །དར་སྐུད་བ་མན་ར་འདྲའི་ཁ། །དབང་པོ་མིག་ལ་ཟུག་པ་སྟེ། །དེ་ནི་ཆོས་ཉིད་གསལ་བའི་ལམ། །ཡིད་དཔྱོད་ཚིག་ཕྱིར་མ་ལུས་པ། །མངོན་སུམ་འཆར་བའི་སྒོ་ནི་མིག །གཞན་ལ་དེ་ལྟར་མ་ཡིན་ནོ། །དེ་ཡང་ཕྱི་ནང་གསང་བ་གསུམ། །དབང་པོ་ཕྱི་ཡུལ་གནས་དང་གསུམ། །རྐྱེན་བྲལ་གསུམ་ལ་འཆར་བར་འགྱུར། །ལུས་ངག་ཡིད་གསུམ་གནད་གཟིར་ཅིང་། །མངོན་སུམ་གནད་དེ་བལྟ་བའི་ཐབས། །བླ་མས་དེ་ལྟར་ངོ་སྤྲད་པས། །རྒྱང་ཞགས་ལ་ནི་སྒྲོན་མ་ཤར། །ཡུལ་སྣང་རང་མདངས་ཉིད་དུ་གསལ། །དེ་ཉིད་ཤེས་རབ་སྒྲོན་མ་ཡིན། །ཉམས་ཀྱི་སྣང་བ་གོང་འཕེལ་ལོ། །ཡུལ་དུ་སྒྲོན་མ་དག་པ་ནི། །ལམ་སྣང་རིག་པ་ལུ་གུ་རྒྱུད། །ལམ་སྣང་ལྷུན་གྲུབ་རིག་མདངས་ལྔ། །ལམ་སྣང་ཐུགས་རྗེས་དབང་པོ་གསལ། །དེ་ལྟར་དབང་པོ་མངོན་སུམ་དུ། །གང་གིས་གོམས་པ་སངས་རྒྱའོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཕྱི་རོལ་ཡུལ་སེམས་ལ་ཚང་བ་དང་། རིག་པ་ཡེ་ཤེས་གནས་ལུགས་དང་། ལམ་དང་འཆར་སྒོ་ཡུལ་གང་གསལ་ལེགས་པར་གཏན་ལ་ཕབ་པ་སྟེ་ལེའུ་བརྒྱད་པའོ།། །།ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ། །ཡེ་ནས་རྣམ་དག་ཡེ་ཤེས་གནས། །དེ་ལ་ངོ་བོ་འདི་ལྟར་སྤྲོད། །ཐོག་མའི་ཀ་དག་ཡེ་ཤེས་ལྔ། །དེ་ལ་དབྱེར་མེད་སྐུ་ལྔ་སྟེ། །དེ་གསལ་འོད་ལྔ་དེ་ཡུལ་ལྔ། །ཡེ་ཤེས་མཁའ་འགྲོ་ཤེས་རབ་ལྔ། །ཀུན་ཀྱང་ཡེ་ཤེས་རྩལ་ཡིན་ནོ། །དེ་ལྟར་ལུས་དང་སེམས་ལ་གནས། །རང་རིག་དྲི་མ་མེད་པ་འདི། །མེ་ལོང་ཡེ་ཤེས་


DNG025_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཟང་ཐལ་ཡིན། །རང་རིག་དབྱེ་བསལ་བྲལ་བ་འདི། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདི། །རང་རིག་གསལ་སྟོང་འགག་མེད་འདི། །སོ་སོར་རྟོགས་པའི་ཡེ་ཤེས་ཡིན། །རང་རིག་སྒྲུབ་རྩོལ་བྲལ་བ་འདི། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །རང་རིག་གྲུབ་པ་མེད་པ་འདི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །ལམ་ལྔ་དག་ཀྱང་ངང་ལ་ཚང་། །རང་རིག་དྲི་མེད་གསལ་བ་འདི། །མེ་ལོང་ཡེ་ཤེས་ལམ་ཉིད་དོ། །སྟོང་པ་ཕྱོགས་ཆ་བྲལ་བ་འདི། །མཉམ་ཉིད་ཡེ་ཤེས་ལམ་དུ་འདོད། །རང་རིག་གསལ་སྟོང་སོ་སོར་ཤར། །སོ་སོར་རྟོགས་པའི་ཡེ་ཤེས་ལམ། །རང་རིག་ཤར་གྲོལ་སྣང་ཚུལ་འདི། །བྱ་བ་གྲུབ་པའི་ཡེ་ཤེས་ལམ། །ཡེ་ནས་རང་རིག་བསྒོམ་བྲལ་འདི། །ཆོས་དབྱིངས་ཡེ་ཤེས་ལམ་ཡིན་ནོ། །འདི་ལྟར་རང་རིག་ཡེ་ཤེས་འདི། །ཕྱི་ལྟར་འབྱུང་བ་ལྔ་རུ་སྣང་། །ནང་ལྟར་ཕུང་པོ་ལྔ་ཡིན་ནོ། །གསང་བ་ལྟར་ན་དྭངས་མ་ལྔ། །ཡང་གསང་ལྟར་ན་ཡིག་འབྲུ་ལྔ། །བླ་མེད་ལྟར་ན་མཁའ་འགྲོ་ལྔ། །རིག་རྩལ་ཡེ་ཤེས་སེམས་ཉིད་དོ། །རྟེན་པ་ཕྱི་ཡི་ལུས་ལ་བརྟེན། །ཁྲག་ནི་ཡུམ་ཆེན་མཱ་མ་ཀཱི། །དྲོད་ནི་ཡུམ་ཆེན་གོས་དཀར་མོ། །ས་ནི་སངས་རྒྱས་སྤྱན་མ་སྟེ། །དབུགས་ནི་དམ་ཚིག་སྒྲོལ་མ་སྟེ། །སེམས་ནི་ནམ་མཁའི་དབྱིངས་ཕྱུག་མ། །གཟུགས་ཕུང་རྡོ་རྗེ་སེམས་དཔའ་ཡིན། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་། །འདུ་ཤེས་ཕུང་པོ་སྣང་མཐའ་ཡས། །འདུ་བྱེད་ཕུང་པོ་དོན་ཡོད་གྲུབ། །རྣམ་ཤེས་ཕུང་པོ་རྣམ་སྣང་མཛད། །ཐུབ་པ་དྲུག་ཀྱང་རིག་རྩལ་དང་། །ང་རྒྱལ་ལྷ་ཡི་ཐུབ་པ་ཡིན། །ཕྲག་དོག་ལྷ་མིན་ཐུབ་པ་ཡིན། །འདོད་ཆགས་མི་ཡི་ཐུབ་པ་ཡིན། །གཏི་མུག་བྱོལ་སོང་ཐུབ་པ་ཡིན། །སེར་སྣ་ཡི་དྭགས་ཐུབ་པ་ཡིན། །ཞེ་སྡང་དམྱལ་བའི་ཐུབ་པ་ཡིན། །སྐྱེ་མཆེད་བཅུ་དྲུག་སེམས་དཔའ་སེམས་མའི་ཚོགས། །ཆུ་ཡི་སྒོ་ནི་ལྕགས་ཀྱུ་ཡབ་ཡུམ་ཡིན། །ས་ཡི་སྒོ་ནི་ཞགས་པ་ཡབ་ཡུམ་


DNG025_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །མེ་ཡི་སྒོ་ནི་ལྕགས་སྒྲོག་ཡབ་ཡུམ་ཡིན། །རླུང་གི་སྒོ་ནི་དྲིལ་བུ་ཡབ་ཡུམ་ཡིན། །ཕ་ཡི་སྒོ་ནི་ཐིག་ལེ་ཟླ་བ་ཡིན། །མ་ཡི་ཐིག་ལེ་ཉི་མ་ཡིན། །རིག་པ་ཡེ་ཤེས་སྐུ་ལྔ་སྟེ། །རིག་པ་ཅིར་ཡང་སྣང་བས་རྣམ་སྣང་ཡིན། །རིག་པ་འགྱུར་བ་མེད་པ་མི་བསྐྱོད་སྐུ། །རིག་པ་ཐོག་མཐའ་མེད་པས་སྣང་མཐའི་སྐུ། །རིག་པ་དགོས་འདོད་འབྱུང་བས་རིན་འབྱུང་སྐུ། །རིག་པ་ལྷུན་གྲུབ་ཡིན་པས་དོན་གྲུབ་སྐུ། །རིག་པ་རང་ཉིད་ཡིན་པར་རྟོགས་པས་བདེ་གཤེགས་རིགས། །རང་རིག་འགྱུར་བ་མེད་པས་རྡོ་རྗེའི་རིགས། །རིག་པ་ཡོན་ཏན་འབྱུང་བ་རིན་ཆེན་རིགས། །རིག་པ་སྐྱོན་དང་བྲལ་བ་པདྨའི་རིགས། །རིག་རྩལ་མ་འགགས་ལས་ཀྱི་རིགས། །རིག་པ་ཡེ་ཤེས་འོད་ལྔ་ཤར། །རིག་པ་དྲི་མེད་རང་འོད་དཀར། །རིག་པ་ཀུན་འབྱུང་རང་འོད་ཟེར། །རིག་པ་རྩལ་རྫོགས་རང་འོད་དམར། །རིག་པ་རང་གྲོལ་རང་འོད་ལྗང་། །རིག་པ་ཀུན་ཁྱབ་རང་འོད་མཐིང་། །ཡང་ནི་རིག་པ་ཤེས་རབ་ཡེ་ཤེས་ལྔ། །འཁོར་འདས་གཉིས་སུ་ཕྱེ་བས་ན། །འབྱེད་པའི་ཤེས་རབ་རིག་པ་ཡིན། །ཐམས་ཅད་རིག་པ་རང་ཡིན་པས། །བསྡུས་པའི་ཤེས་རབ་རིག་པ་ཡིན། །རིག་པའི་རྩལ་ལས་ཐམས་ཅད་ཤར། །བསྐྱོད་པའི་ཤེས་རབ་རིག་པ་ཡིན། །རིག་པས་འཁོར་འདས་སྲོག་གཅོད་པ། །སྒྲོལ་བའི་ཤེས་རབ་རིག་པ་ཡིན། །ཐམས་ཅད་རིག་པ་ཉིད་ཡིན་པས། །རང་བྱུང་ཤེས་རབ་རིག་པ་ཡིན། །རླུང་ལྔ་དག་ཀྱང་རིག་པ་སྟེ། །རིག་པ་ཡེ་ཤེས་རང་དྲོད་ལྡན། །མེ་དང་མཉམ་པའི་རླུང་ཡང་ཟེར། །རིག་པས་འཁོར་འདས་སྲོག་འཛིན་པས། །སྲོག་འཛིན་རླུང་ཡང་རིག་པའོ། །རིག་པ་འཁོར་འདས་ས་མཚམས་འབྱེད། །འབྱེད་པའི་རླུང་ཡང་རིག་པ་ཡིན། །རིག་པ་འཁོར་འདས་ཡོངས་ལ་ཁྱབ། །ཀུན་ལ་ཁྱབ་བྱེད་རླུང་ཞེས་ཟེར། །རིག་པ་འཁོར་འདས་མྱང་འདས་སྒྲོལ། །སྙིང་རྗེ་མེད་པའི་རླུང་ཞེས་ཟེར། །རིག་པ་ཡེ་ཤེས་མཁའ་འགྲོ་མ། །རིག་པ་མི་འགྱུར་རང་བྱུང་སྐུ། །རྡོ་རྗེ་མཁའ་འགྲོ་རིག་པ་ཉིད། །


DNG025_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཟང་ཐལ་སྣ་ཚོགས་འཆར། །རིན་ཆེན་མཁའ་འགྲོ་རིག་པ་ཉིད། །རིག་པ་སྐྱོན་བྲལ་རིག་མདངས་ལྔ། །པདྨ་མཁའ་འགྲོ་རིག་པ་ཡིན། །རིག་པ་ཐོག་མེད་ཀུན་ལ་ཁྱབ། །ལས་ཀྱི་མཁའ་འགྲོ་རིག་པ་ཡིན། །རིག་པ་རང་བྱུང་སྐྱེ་གནས་བྲལ། །སངས་རྒྱས་མཁའ་འགྲོ་རིག་པ་ཡིན། །བདག་མེད་ཆོས་ཀྱི་སྐུ་གསལ་སྟོང་། །རིག་པ་ཡིག་འབྲུ་རིགས་ལྔར་གསལ། །ཕྱི་དང་ནང་དང་གསང་བའོ། །ཕྱི་ལྟར་ཨོཾ་ཧཱུཾ་ཏྲཾ་ཧྲཱྀ་ཨ། །ནང་ལྟར་ཧ་རི་ནི་ས་ཧཱུཾ། །གསང་བ་ཨོཾ་དང་ཨཱཿདང་ཧཱུཾ། །རིག་པ་སྐུ་གསུམ་ཉིད་ཡིན་ཏེ། །སྟོང་པ་འགག་མེད་ཆོས་ཀྱི་སྐུ། །གསལ་སྟོང་འཛིན་མེད་ལོངས་སྐུ་སྟེ། །རིག་རྩལ་འགག་མེད་སྤྲུལ་པའི་སྐུ། །སྟོང་གསལ་འགག་མེད་རིག་པའོ། །རིག་པ་འགྱུར་བ་མེད་པའི་གཞི། །རིག་པ་འགག་པ་མེད་པའི་ལམ། །རིག་པ་རང་རིག་སྟོང་པ་སྟེ། །འབྲས་བུ་ཞེས་སུ་བཏགས་པའོ། །རིག་པ་ལྟ་སྤྱོད་སྒོམ་གསུམ་སྟེ། །དམིགས་སུ་མེད་པར་ལྟ་བ་སྟེ། །རང་བབ་གནས་པ་སྒོམ་ཞེས་སོ། །ངང་ལ་བཞག་པ་སྤྱོད་པའོ། །རིག་པ་ཡེ་ཤེས་ཉག་གཅིག་སྐུ། །མ་རིག་ཕུགས་དེད་ཡེ་ཤེས་དང་། །དུག་གསུམ་ངོས་བཟུང་སྐུ་གསུམ་དང་། །དུག་ལྔ་ཕུགས་དེད་ཡེ་ཤེས་ལྔ། །ཡེ་ནས་རང་ལ་ཚང་བ་སྟེ། །གཞན་ནས་བཙལ་བས་ག་ལ་རྙེད། །ཡེ་ཤེས་རླུང་དེ་ཀུན་ལ་ཁྱབ། །འགྱུ་བ་དལ་རྟེན་ཡེ་ཤེས་རླུང་། །རང་བབ་ངང་གནས་རླུང་དུ་འདུས། །རྩ་དང་རླུང་དང་ཐིག་ལེ་དང་། །སྐུ་དང་ཡེ་ཤེས་འདུ་བྲལ་མེད། །ཡེ་ནས་ཡེ་ཤེས་རྩལ་ཉིད་དོ། །ཡེ་ཤེས་རྩལ་གྱིས་ལུས་གྲུབ་པས། །རྩ་གྲུབ་དེ་ལ་ཐིག་ལེས་ཁྱབ། །རྒྱུ་ཡི་ཐིག་ལེ་ཡི་གེར་གནས། །དེ་ལ་སྐུ་དང་ཡེ་ཤེས་ཀྱི། །ཐིག་ལེ་དག་ནི་གནས་པའོ། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ནི། །འབྱུང་བ་ལྔ་ཡི་དྭངས་མ་ཡིན། །འཁོར་འདས་ཀུན་གྱི་སྲོག་འདུའོ། །ཐིག་ལེ་ཉིད་ཀྱང་ཡེ་ཤེས་སོ། །ཡེ་ཤེས་ཉིད་ཀྱང་ལྷུན་གྲུབ་པོ། །


DNG025_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཉིད་ཀྱང་གསལ་སྟོང་ངོ་། །གསལ་སྟོང་ཉིད་ཀྱང་རང་རིག་གོ། །ཐམས་ཅད་རིག་པའི་རང་རྩལ་ཡིན། །རང་རིག་རྩལ་སྣང་ཤར་བ་ལ། །སེམས་ཞེས་མིང་དུ་བཏགས་པའོ། །སེམས་ཞེས་མིང་དུ་བཏགས་པས་ནི། །འདི་ཡིན་མེད་པས་གསལ་སྟོང་སྟེ། །རྟོག་བྱེད་གསལ་ཡང་མཁན་པོ་སྟོང་། །རྩལ་སྣང་རླུང་གི་རྟ་ལ་ཞོན། །རླུང་ཡང་རིག་པའི་རང་རྩལ་ཡིན། །རིན་ཆེན་ཟུར་བརྒྱད་སྙིང་གི་དཀྱིལ། །ཀུན་ཁྱབ་ཡེ་ཤེས་ངོ་བོ་ནི། །ས་བོན་ཡི་གེའི་ཚུལ་དུ་གནས། །དེ་ཉིད་ངོ་བོ་ཤེས་པས་ཆོག །གཞི་ཡང་ཡེ་ཤེས་རང་ལས་བྱུང་། །ཡེ་ཤེས་མ་རིག་འཁྲུལ་པ་ལས། །འགྱུར་བའི་མདངས་དང་ཡེ་ཤེས་འདྲེས། །དེ་འཛིན་རྐྱེན་གྱིས་ཤ་ལུས་གྲུབ། །ཡེ་ཤེས་ཙིཏྟ་སྙིང་ནང་དུ། །ཐིག་ལེ་དག་དང་མཉམ་དུ་གནས། །རྩ་སྒོར་གསལ་ཙམ་མ་ཡིན་པ། །ནང་གསལ་ཤ་ཁྲག་རྒྱ་ཡིས་འཐུམས། །དེ་ལྟར་ཡེ་ཤེས་གཏིང་གསལ་དེ། །རྐྱེན་གྱིས་ཉམས་སུ་སུས་བླངས་པ། །ལྷག་མེད་དག་ཏུ་མྱ་ངན་འདས། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཐིམ། །ལྷུན་གྲུབ་ཉིད་ཀྱང་སྦུབས་སུ་ནུབ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རང་ལ་གནས་པའི་ཡེ་ཤེས་ངོ་སྤྲད་པའི་ལེའུ་སྟེ་དགུ་པའོ།། །།ཨ་ཧོ་འདུས་པའི་འཁོར་ཚོགས་ཀུན། །མ་ཡེངས་དགོངས་པས་ལེགས་པར་ཉོན། །མ་གྲུབ་ཐོག་མའི་འོག་དག་ཏུ། །ཀུན་ཁྱབ་ཡེ་ཤེས་གནས་པ་ལ། །འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ། །ལམ་དང་འཆར་སྒོ་ཡུལ་གང་གསལ། །ལེགས་པར་དགོངས་ནས་རིམ་བཞིན་བསྟན། །ད་ནི་འདི་ལྟར་བཤད་པར་བྱ། །ཉམས་ལེན་གོང་འཕེལ་གྲོལ་བའི་རྟགས། །རྐྱེན་གྱི་བར་ཆད་ཇི་ལྟ་བུ། །དྲིས་པའི་ལན་དུ་ངས་བཤད་དོ། །ཐོག་མའི་ཀ་དག་སྟོང་གསལ་ལས། །འོད་ཀྱིས་ཁ་དོག་ལྔ་ལྡན་ལས། །གསལ་འཚེར་ལྷུན་སྡུག་འོད་ཟེར་འཕྲོ། །དེ་ཡང་ཡེ་ཤེས་རྩལ་ཉིད་དོ། །


DNG025_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་ཡེ་ཤེས་ངང་ལས་བྱུང་། །དེ་ཤེས་ཡེ་ཤེས་རྩལ་དུ་བརྗོད། །ཡེ་ཤེས་ལྔ་ལས་འབྱུང་བར་འཁྲུལ། །འབྱུང་བཞིའི་དྭངས་མ་སེམས་ཅན་གྲུབ། །སེམས་ཅན་སངས་རྒྱས་གཉིས་མེད་ཀྱང་། །མ་རིག་རྟོག་པའི་རྒྱ་ཡི་འཐུམས། །རྟོག་པའི་དྲི་མ་བསལ་དཀའ་བས། །རིམ་བཞིན་ཉམས་སུ་ལེན་པ་གཅེས། །སེམས་ལ་ཡེ་ཤེས་གནས་གྱུར་ཀྱང་། །མ་སྦྱངས་བར་དུ་གསལ་མི་འགྱུར། །ཏིལ་འབྲུ་འམ་ནི་ཡུངས་འབྲུ་ལ། །མར་ནི་ཡེ་ནས་ཁྱབ་གྱུར་ཀྱང་། །མ་བཙིར་བར་དུ་མར་མི་འབྱུང་། །འོ་མ་མར་གྱི་རང་བཞིན་ཏེ། །མ་བསྲུབས་པ་ལ་མར་མི་འབྱུང་། །ས་གཞི་ས་བོན་ལྡན་གྱུར་ཀྱང་། །སོ་ནམ་རིམ་བཞིན་མ་བྱས་ན། །འབྲས་བུ་སྨིན་པར་ག་ལ་འགྱུར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀུན། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །ཡེ་ནས་སངས་རྒྱས་རྒྱུ་ཡིན་ཀྱང་། །བསྒོམ་བྱ་སྒོམ་བྱེད་ཐབས་ཀྱིས་བསྒོམ། །རིམ་བཞིན་ཉམས་སུ་མ་བླངས་ན། །འབྲས་བུ་ཀ་དག་ག་ལ་ཐོབ། །ཡེ་ཤེས་རང་ངོར་གནས་གྱུར་ཀྱང་། །འཁྲུལ་འཁོར་རིམ་པར་མ་གཅུན་ན། །ཡུལ་སྣང་བཞི་ལ་འཆར་མི་ནུས། །དེ་ལྟར་ཤར་བའི་ཡེ་ཤེས་དེ། །ངོ་བོ་རིག་ཐོག་དོན་འཕྲོད་ན། །གང་ཤར་སྦྲུལ་མདུད་བཞིན་དུ་གྲོལ། །ཤར་གྲོལ་དུས་མཉམ་འཛིན་པ་བྲལ། །རིག་པ་རྟོག་ཚེ་འཛིན་པ་གྲོལ། །ཀུན་འབྱུང་སྲིད་རྩ་རྟོགས་པས་གྲོལ། །ཤེས་པ་ཀློད་པས་གནད་རྣམས་གྲོལ། །གནས་ལུགས་གཅུན་པས་རང་ངོ་ཤེས། །ཀྱེ་མ་ཀྱེ་མ་རིག་མཆོག་རྣམས། །ཀུན་ཏུ་བཟང་མོ་ཀློང་གསལ་གྱི། །གསང་བ་ཡང་གསང་བླ་མེད་ཀྱི། །དགོངས་པ་མཐའ་རུ་ཕྱིན་པའི་ཕྱིར། །སངས་རྒྱས་གནད་རྣམས་གཅིག་ཏུ་དྲིལ། །ཟབ་མོ་དགོངས་པའི་ཡང་བཅུད་འདི། །ཉམས་སུ་འདི་ལྟར་རང་བཞིན་ལོངས། །བླ་མ་མཚན་ཉིད་ལྡན་པ་ནི། །བློ་ཆེ་ཁོག་ཡངས་རང་རྒྱུད་དུལ། །བརྩེ་བའི་སེམས་ལྡན་རང་སྣང་དག །གནས་ལུགས་རྟོགས་


DNG025_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁོང་དུ་ཚུད། །ཤེས་རབ་རྒྱུད་སྨིན་དབང་པོ་དྭངས། །ཡོ་བྱད་རྫས་འཛོམ་སྣང་བ་འགྱུར། །དེ་ལྟ་བུ་ཡི་བླ་མ་ཡིས། །མཚན་ཉིད་ལྡན་པའི་སློབ་མ་ལ། །དབང་ཁྲིད་དམ་པ་རིམ་བཞིན་དབོག །མཚན་ཉིད་ལྡན་པའི་སློབ་མ་ནི། །ལེགས་པར་འདི་ལྟར་བརྟག་པར་བྱ། །གསང་སྔགས་སྙིང་པོའི་དོན་འདི་སྟོན་པ་ལ། །སྣོད་ཀྱི་དམ་པ་བསྟན་པ་མཆོག་ཏུ་གཅེས། །སྣོད་ཀྱི་མཚན་ཉིད་འདི་ལྟ་སྟེ། །དམ་ཚིག་གཙང་ལྡན་དག་སྣང་ཆེ། །དུག་ལྔའི་ཤུགས་ཆུང་བློ་ཁོག་ཡངས། །དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །རྒྱུད་དལ་སྡིག་འཇོམ་དབང་པོ་རྣོ། །གསང་ཐུབ་ཉམས་ལེན་བརྟུལ་ཞུགས་ཆེ། །སྐྱོ་ཤས་སྡུག་སྲན་སྙིང་རུས་ལྡན། །རང་རྒྱུད་དུལ་ཞིང་སྙིང་རྗེར་ལྡན། །དེ་ལྟ་བུ་ཡི་སློབ་གྲོགས་མཆེད། །གསང་སྔགས་སྙིང་པོའི་སྣོད་དུ་རུང་། །འགྲོ་བ་འདྲེན་པའི་གྲུ་ཆེན་མཆོག །སྣོད་དང་མི་ལྡན་སློབ་མ་ནི། །ཤེས་ཆུང་ཁ་སོང་སྟོང་སྐད་ཆེ། །ཁ་མཁས་ལ་གདམ་གཡོ་ཟོག་ཆེ། །བླ་མའི་གསུང་གཅོག་དྲིན་དུ་རྩོད། །ཡོན་ཏན་མི་མཐོང་སྐྱོན་རྣམས་འདོགས། །བླ་མ་དམན་ནས་རང་ལ་བསྟོད། །དོན་དམ་ཚིག་དང་ཉམས་ལེན་འཆལ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོ་འདི་དག་ནི། །དོན་དམ་གདམས་པ་བསྟན་མི་བྱ། །སྣོད་ངན་རྣམས་སུ་བླུག་པ་ལ། །སྣོད་ཆག་བཅུད་འབོ་དམྱལ་བར་ལྟུང་། །སྣོད་ངན་རྣམས་ལ་དོན་འདི་སྨྲོས། །ས་མ་ཡ། རྒྱ་རྒྱ་རྒྱ། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། གདམས་པ་ཉམས་སུ་བླངས་པ་གལ་ཆེ་བས། བླ་མ་མཚན་ཉིད་དང་ལྡན་པ་ཡིས། སློབ་མ་སྣོད་དང་ལྡན་མི་ལྡན་བརྟག་པའི་ལེའུ་སྟེ་བཅུ་པའོ།། །།ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །སྣོད་བཅུད་ལྡན་པའི་དཔོན་སློབ་རྣམས། །གདམས་པ་ཉམས་སུ་ལེན་པ་ལ། །གནས་ཀྱི་ཁྱད་པར་གལ་ཆེ་བས། །ལེགས་པར་མཚན་ཉིད་


DNG025_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པ་གཅེས། །བཀྲ་ཤིས་བྱིན་ཆགས་ཡོན་ཏན་འབྱུང་བའི་ས། །གྲུབ་ཐོབ་གོང་མ་རྣམས་ཀྱི་ཞབས་ཀྱིས་བཅགས་པ་ཡི། །གངས་ཁྲོད་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུས་ཉམས་སུ་ལེན་པའི་གནས། །ཡོ་བྱད་འཛོམ་ཞིང་མི་རྒོད་གཙེ་བ་མེད། །དེ་ལྟ་བུ་ཡི་གནས་ཉིད་བསྟེན་པར་བྱ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་བ་ཉི་མའི་གསང་རྒྱུད་ལས། གནས་བརྟག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཨོཾ་ཨཱཿཧཱུཾ། རྒྱ་རྒྱ་རྒྱ། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །གསང་སྔགས་སྙིང་པོ་ཉམས་སུ་ལེན་པ་ལ། །དུས་ཀྱི་མཚན་ཉིད་རིམ་པ་བསྟན་པར་བྱ། །བདག་གཞན་གནས་རྐྱེན་འཛོམ་པ་དང་། །དུས་ཚོད་ཚེས་གྲངས་ཡར་ངོ་ལ། །ཚེས་བརྒྱད་བཅོ་ལྔ་སྟོང་གི་དུས། །ཁྱད་པར་ཐོད་རྒལ་དབང་ཁྲིད་ངོ་སྤྲོད་ནི། །དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །དེ་སྒོ་ཡུལ་བདག་གཞན་རྐྱེན་བྲལ་བའི་དུས། །གསང་བ་ཡང་གསང་ཉམས་སུ་ལེན་པའི་དུས། །ཡང་གསང་དོན་འདི་ཉམས་སུ་ལེན་པ་ལ། །གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ལྟར། །གྲུ་ཡིས་ཕ་རོལ་བགྲོད་པར་ག་ལ་འགྱུར། །སྤྲོས་བཅས་ཕྱི་ཡི་བུམ་དབང་དང་། །སྤྲོས་མེད་ནང་གི་གསང་དབང་དང་། །རབ་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་དབང་། །ཤིན་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ། །སྣོད་ལྡན་བུ་ལ་བསྐུར་ཕྱིར་རིམ་པར་བསྟན། །དབང་དང་དུས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །གསང་བ་ཡང་གསང་སྙིང་པོའི་བཅུད་ཉིད་སྟེ། །ནོར་འཁྲུལ་མེད་པ་ཉམས་སུ་ལེན་པ་ལ། །ཡོ་བྱད་ཕུན་སུམ་ཚོགས་པ་ཤིན་ཏུ་གཅེས། །བླ་མ་མཚན་ཉིད་ལྡན་ཞིང་རྒྱུ་དྲུག་ཚང་། །སློབ་གྲོགས་སྣོད་ལྡན་རྒྱུད་དྲུག་


DNG025_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ལ། །གནས་དུས་ཡུལ་རྐྱེན་བྲལ་བ་དང་། །མེ་ཏོག་དབང་ཡོན་གཏོར་ཚོགས་དང་། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གསོང་སྩལ། །དབང་རྫས་རོལ་མོ་སྒྲ་སྙན་ཡིད་འོང་བཅས། །དེ་ལྟར་ཡོ་བྱད་ཐམས་ཅད་ཚོགས་གྱུར་ན། །བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ། །མཚན་ལྡན་རྫས་བྲལ་རྐྱེན་དབང་ཉིད་དུ་གྱུར། །ཅེས་སོ། །ཡོ་བྱད་ཀྱི་རྫས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །གསང་སྔགས་ཕྱི་ནང་བར་གསུམ་དང་། །ཡང་གསང་ཐིག་ལེ་ཉག་གཅིག་ཏུ། །ཐམས་ཅད་དྲིལ་ནས་སྙིང་པོའི་བཅུད། །ཉམས་སུ་འདི་ལྟར་ལེན་པར་བྱ། །ཡོན་ཏན་འབྱུང་བའི་གནས་ཉིད་དུ། །ནང་ཚངས་ཅན་གྱི་སྟན་ལ་ནི། །མཉམ་བཞག་སྐྱིལ་མོ་ཀྲུང་དུ་བྱ། །ལུས་ངག་ཡིད་གསུམ་སྔོན་འགྲོ་ནི། །མི་རྟག་སྙིང་རྗེ་བྱམས་སེམས་སྒོམ། །སྟོང་ཉིད་སྙིང་རྗེའི་ངང་ཅན་དེས། །སེམས་ཅན་ཀུན་ལ་བརྩེ་བར་བྱ། །ཡང་ཡང་སེམས་སྦྱང་མི་རྟག་བསྒོམ། །དེ་ཡང་སྔོན་དུ་འགྲོ་བ་གཅེས། །ཉམས་ལེན་ཉིད་ཀྱི་རྩ་བ་ནི། །གདམས་པ་སྦྱོར་དངོས་མཇུག་གསུམ་མོ། །སྦྱོར་བ་གོང་དུ་བསྟན་ནས་ཀྱང་། །དངོས་གཞི་འདི་ལྟར་བཤད་པར་བྱ། །ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་རྐང་མཐིལ་དྲུག །ཨ་ཏྲི་ནྲྀ་སུ་པྲེ་དུ་དྲུག་གནས་སོ། །ཁ་དོག་དཀར་མཐིང་ལྗང་གུ་དང་། །སེར་པོ་དམར་ནག་དུད་ཁ་དྲུག །ས་བོན་དྲུག་པོ་མ་དག་པས། །རྒྱུན་དུ་རིགས་དྲུག་འཁོར་བ་འཁྱམས། །ས་བོན་དེ་དྲུག་སྦྱང་སླད་དུ། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་གནས། །ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །དབྱེ་བ་དངོས་ནི་འདི་ལྟར་རོ། །བདག་ཉིད་ཐ་མལ་པ་ཡི་ལུས། །གནས་དྲུག་ཡིག་དྲུག་གསལ་བར་བསྒོམ། །བདག་ཉིད་སྤྱི་གཙུག་ཨོཾ་དཀར་བསྒོམ། །


DNG025_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཨཱཿདམར་སྙིང་གར་ཧཱུཾ་མཐིང་བསྒོམ། །ཡི་གེ་གསུམ་ལ་ཡེ་ཤེས་མེ། །དཀར་དམར་མཐིང་ག་གསུམ་འབར་བས། །རིགས་དྲུག་ས་བོན་དྲུག་པོ་དང་། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་དང་། །མ་རིག་པ་ཡི་བག་ཆགས་རྣམས། །གཞོབ་ཏུ་ཐུལ་དུ་བསྲེག་པར་བསྒོམ། །ཨོཾ་ཨཱཿཧཱུཾ་གསུམ་བདུན་འབུམ་བཟླས། །དེ་ལྟར་སུ་ཡིས་བྱས་པའི་མི། །ལུས་ངག་ཡིད་གསུམ་རུ་ཤན་ཕྱེད། །རིགས་དྲུག་འཁོར་བའི་སྐྱེ་སྒོ་ཆོད། །ཐུན་མོང་མཆོག་ལ་སྦྱོར་བར་ནུས། །ས་མ་ཡ། ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཨོཾ་ཨཱཿཧཱུཾ་རྩལ་སྦྱང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།ཨ་ཧོ་འདུས་པའི་འཁོར་ཚོགས་ཉོན། །དངོས་གཞི་ཟག་མེད་ཡེ་ཤེས་འདི། །རྒྱུད་ལ་བརྟེན་ཅིང་ལྟ་འདོད་ན། །ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ལུས་ནི་རྣམ་སྣང་ཆོས་བདུན་རྟེན། །ཕྱག་རྒྱ་མཉམ་གཞག་སྐྱིལ་ཀྲུང་བཅས། །གཞུང་བསྲང་མགྲིན་དགུག་མཇིང་པ་དགྱེ། །བསྒུལ་བསྐྱོད་མི་བྱ་ལྷན་ནེར་གནས། །ངག་ནི་སྨྲ་བ་རྒྱུན་བཅད་ནས། །སྒྲ་སྐད་གང་ཡང་མི་བྱའོ། །སེམས་ནི་དྲན་གསལ་མི་སྤྲོ་ཞིང་། །མིག་གཉིས་སྣ་ཡི་རྩེ་ལ་གཏད། །སྣ་ཡང་སེམས་ཀྱི་རྩེ་ལ་གཏད། །གཅིག་ཏུ་དྲིལ་ལ་མཉམ་པར་གཞག །དེ་ལྟར་ཉན་ཐོས་ཞི་བ་ཡི། །ལྟ་སྟངས་ཉིད་ཀྱིས་ལུས་ངག་ཡིད། །རྣལ་དུ་ཕབ་སྟེ་བསྒོམ་པའི་ཐབས། །ཡང་དག་པ་ནི་དེ་ལྟར་རོ། །ཡང་གཅིག་འདུས་པའི་འཁོར་ཚོགས་ཉོན། །ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དབབ་ཅིང་། །རྣམ་པ་གསུམ་དུ་ཤེས་པར་བྱ། །སུས་ཀྱང་གཡོ་འགུལ་མེད་པར་འགྱིང་། །རི་བོ་ལྟ་བུར་བརྟན་པར་བྱ། །ནམ་མཁའ་ལྟ་བུར་ཁྱབ་པར་བྱ། །རྒྱ་མཚོ་ལྟ་བུར་གང་བར་བྱ། །ངག་ནི་ཁྲོ་བོའི་གད་རྒྱངས་ཚུལ། །ཧ་ཧ་ཧི་ཧི་ཧཱུཾ་དང་བཅས། །ཕཊ་དང་བཅས་


DNG025_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྗོད་པར་བྱ། །སེམས་ནི་མིག་གི་ནང་དུ་གཏད། །མིག་གཉིས་བར་སྣང་དབྱིངས་སུ་བགྲད། །མི་འགུལ་བར་ནི་མདུང་ཚུགས་གཏད། །རྣམ་རྟོག་ཐམས་ཅད་ཟིལ་གྱིས་གནོན། །གསལ་སྟོང་ཆེན་པོའི་ཉམས་སྣང་འཆར། །ཐུན་མོང་མཆོག་ལ་སྦྱོར་བར་འགྱུར། །ས་མ་ཡ། རྒྱ་རྒྱ་རྒྱ། ཨ་ཧོ་འདུས་པའི་འཁོར་ཚོགས་ཉོན། །ཉན་ཐོས་ཉིད་ཀྱི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དབབ་ཅིང་། །ཁྲེགས་ཆོད་ཉིད་ཀྱི་དངོས་གཞིའོ། །ལུས་ནི་མི་འགུལ་དལ་བར་བྱ། །ངག་ནི་མི་སྨྲ་རང་སར་བཞག །སེམས་ནི་མི་སྤྲོ་རང་སར་ཀློད། །མིག་གཉིས་ཟིམ་བུ་སེམས་ལ་གཏད། །ཁ་ནི་ཡུད་ཙམ་གདངས་པ་ལ། །སོ་ཡི་བར་དུ་ནས་ཐར་ཙམ། །སྒོ་གསུམ་རླུང་གིས་དལ་བ་ལ། །ཡིད་ཙམ་ཕྱིར་ལ་འདུར་བའོ། །དེ་ལྟར་ཡུན་དུ་ཡང་ཡང་སྦྱངས། །དེ་ནས་རྟོག་པ་རྩད་གཅོད་པ། །རྣམ་རྟོག་སྔ་ཕྱི་དབུས་གསུམ་ནི། །གཟུགས་དང་ཁ་དོག་ཇི་ལྟར་འདུག །དང་པོ་བྱུང་ས་གང་ནས་བྱུང་། །བར་དུ་གནས་ས་གང་ན་གནས། །ཐ་མར་འགྲོ་ས་གང་དུ་འགྲོ། །སྐྱོན་དང་ཡོན་ཏན་ཅི་འདྲ་འདུག །ལེགས་པར་བརྟག་ཅིང་ཡང་ཡང་བསྒོམ། །དེ་ལྟར་བསྒོམ་པས་རྣམ་རྟོག་ཀུན། །ཐམས་ཅད་ལུས་དང་སེམས་ལས་བྱུང་ས་རུ། །ལེགས་པར་ཐག་བཅད་སེམས་སུ་དྲིལ། །ལུས་འདི་མ་རིག་རྒྱུས་བསྐྱེད་པས། །སེམས་ཀྱི་གནས་ས་རྩལ་དུ་འདོད། །སེམས་མེད་ལུས་འདི་ཅི་འདྲ་བརྟག །བེམས་པོ་འདྲ་བར་ཐག་ཀྱང་བཅད། །སེམས་སྟོང་ཐོག་མཐའ་སེམས་དང་སྦྱར། །ལུས་མེད་སེམས་འདི་ཅི་འདྲ་བརྟག །རླུང་དང་ནམ་མཁའ་ངོས་ཡང་བཟུང་། །སེམས་སུ་ཐག་བཅད་ཚར་རྗེས་སུ། །རྣམ་རྟོག་ཐམས་ཅད་སེམས་ལ་སྦྱར། །སེམས་དང་རྣམ་རྟོག་གཅིག་ཏུ་དྲིལ། །དེ་ནས་སེམས་ཀྱི་བྱུང་ས་དང་། །གནས་ས་འགྲོ་ས་འགྲོ་མཁན་དང་། །གཟུགས་དང་ཁ་དོག་དངོས་པོ་དང་། །སྐྱོན་དང་ཡོན་ཏན་ཅི་འདུག་བརྟག །ཡང་ཡང་དམིགས་པ་


DNG025_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ཅིང་བསྒོམ། །སེམས་ལ་བྱུང་ས་མ་རྙེད་ན། །སེམས་ཉིད་སྟོང་པར་ཐག་ཀྱང་བཅད། །སྟོང་པ་ངོས་བཟུང་བྲལ་བ་དེ། །ཆོས་ཀྱི་སྐུ་རུ་ངོ་ཡང་སྤྲད། །རྒྱུན་དུ་དེ་ལ་གནས་པར་བྱ། །དེ་ནས་སེམས་ལ་གནས་པ་ནི། །ཡོད་དམ་བྱས་ན་དངོས་པོ་སྟོང་། །མེད་དམ་བྱས་ན་རྟོག་བྱེད་གསལ། །སྟོང་གསལ་ངོས་བཟུང་བྲལ་བ་དེ། །ལོངས་སྤྱོད་རྫོགས་པའི་སྐུ་རུ་ནི། །སྟོང་གསལ་འགག་མེད་ངོ་ཡང་སྤྲད། །རྒྱུན་ཏུ་དེ་ཉིད་ངང་གནས་བྱ། །དེ་ནས་སེམས་ཀྱི་འགྲོ་ས་ནི། །མེད་དོ་བྱས་ན་ཡོད་པ་སེམས། །དགེ་བཅུ་སྤྱད་པས་ཐར་པ་ཐོབ། །མི་དགེ་སྤྱད་པས་ངན་སོང་ལྷུང་། །དེ་ལྟར་ལེགས་ཉེས་ལས་རྣམས་ཀུན། །སེམས་ཀྱིས་བྱས་པ་གང་དུ་འགྲུབ། །དེ་ནས་སྤྲུལ་པའི་སྐུ་དང་འདྲ། །ད་ལྟའི་ཤེས་པ་སྐད་ཅིག་ལ། །སེམས་དང་དྲན་བསམ་དཔག་མེད་འཆར། །སེམས་ཀྱིས་སེམས་ལ་ཕར་བལྟས་པས། །ཐོགས་མེད་དངོས་པོར་མ་གྲུབ་པས། །འགྱུ་བ་དྭངས་སངས་བསེར་བུ་འདྲ། །དེ་བཞིན་སེམས་ཀྱི་མིང་དང་གཟུགས། །ཁ་དོག་སྐྱེ་མཆེད་བཅས་པ་ནི། །འགྲོ་བྱ་འགྲོ་བྱེད་མཁན་པོ་མེད། །དེས་ན་སེམས་ཉིད་སྐྱེ་འགག་མེད། །སྤྲུལ་པའི་སྐུ་དང་ངོ་ཡང་སྤྲད། །དེ་ལྟར་སྐུ་གསུམ་སེམས་ལ་འཆང་། །སེམས་ལ་ངོས་གཟུང་མེད་པ་དེ། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །སེམས་ཀྱི་རྟོག་བྱེད་གསལ་བས་ན། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །སེམས་ཀྱི་རྩལ་སྣང་ཐོགས་མེད་འགྱུ། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ། །སྐུ་གསུམ་རང་བཞིན་བྱང་ཆུབ་སེམས་ཉིད་ཡིན། །གསལ་སྟོང་འགག་མེད་ངང་དུ་ནི། །བཅོས་བསླད་མེད་པར་ལྷན་ནེ་བ། །གཡོ་འགུལ་མེད་པ་ཝ་ལེ་བ། །བོ་ཟག་མེད་པ་མེ་རེ་བ། །གསལ་སྟོང་མེད་པར་འཁྱིལ་ལེ་བ། །ལྷན་ནེ་ཁྱབ་ལེ་མེ་རེ་བ། །ས་ལེ་སིང་ངེ་ཧྲིག་གེ་བ། །ཝ་ལེ་ཁྱུག་གེ་ཁྲོལ་ལེ་བ། །འབོལ་ལེ་ཤིག་གི་ངང་ལ་གནས། །དེ་ལྟར་བྱས་པ་མེད་


DNG025_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ། །རང་བྱུང་རང་ཤར་རང་གྲོལ་ཉིད། །རྣམ་རྟོག་སེམས་སུ་ངོ་སྤྲད་པས། །སེམས་ཀྱི་ངོ་བོ་སྟོང་པར་རྟོགས། །སྟོང་པ་གསལ་བར་ངོ་སྤྲད་པས། །སྟོང་གསལ་གཉིས་མེད་དོན་ཀྱང་རྟོགས། །གཉིས་མེད་རང་གྲོལ་ངོ་སྤྲོད་པས། །ཐམས་ཅད་འཛིན་པ་མེད་པར་རྟོགས། །དུག་ལྔ་ཉིད་ཀྱང་རང་སར་གྲོལ། །ཚོགས་དྲུག་ཉིད་ཀྱང་རང་སར་གྲོལ། །ཕྱི་ནང་ཀུན་རྟོག་ཡེ་སྟོང་གྲོལ། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཡེ་གྲོལ་ཡིན་པས་དཔྱད་གཞི་མེད། །གཅེར་གྲོལ་ཡིན་པས་མཐོང་སར་ཡལ། །ཡང་གྲོལ་ཡིན་པས་འབད་རྩོལ་ཟད། །རང་ངོ་ཤེས་པས་རང་སར་གྲོལ། །སྣ་ཚོགས་རིག་པའི་རྩལ་ཡིན་ཕྱིར། །རིག་པ་ཉིད་ཀྱང་རང་སར་གྲོལ། །སྟོང་པ་ཐིག་ལེ་ཉག་གཅིག་ཡིན། །ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །གཞི་ཡང་གསལ་སྟོང་ངང་དུ་གྲོལ། །གསལ་སྟོང་ཆོས་རྣམས་ཀུན་གྱི་གཞི། །གཞི་ཡང་ཕྱོགས་རིས་འཛིན་པ་བྲལ། །ངང་ཉིད་འདི་ལ་རྒྱུན་དུ་གནས། །ཞེས་སོ། །ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། གཞི་ཁྲེགས་ཆོད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།ཨ་ཧོ་འདུས་པའི་འཁོར་ཚོགས་ཉོན། །གོང་ལྟར་སྔོན་འགྲོའི་རིམ་པ་ནས། །གཟིགས་སྟངས་གསུམ་གྱིས་རྣལ་དབབ་ནས། །དངོས་གཞི་ཁྲེགས་ཆོད་ཉིད་ལ་ནི། །གནས་ས་རྟེན་ས་གྲོལ་ས་གསུམ། །ལུས་ངག་ཡིད་གསུམ་གདེང་ཐོབ་ནས། །ཐོད་རྒལ་ཉིད་དུ་འཇུག་པ་སྟེ། །ཕྱི་ནང་བྱ་བ་ཀུན་བཏང་ལ། །འདི་ལྟར་རིམ་བཞིན་བསླབ་པར་བྱ། །ལུས་ནི་སྐུ་གསུམ་ལུས་ཡིན་པས། །འཁྲུལ་འཁོར་གསུམ་དང་འབྲལ་མི་བྱ། །དང་པོ་ཆོས་སྐུའི་འཁྲུལ་འཁོར་ནི། །སེང་གེ་ཁྱི་ཚུག་འདུག་པ་ལྟར། །ཡན་ལག་མཐིལ་བཞི་ས་ལ་བཙུགས། །སྒལ་པ་བསྲང་ལ་དཔུང་གཉིས་བརྒྱང་། །མཇིང་པའི་ལྗིད་ནི་རྒྱབ་ཏུ་བོར། །མིག་གཉིས་སྨིན་ཕྲག་མཁའ་ལ་གཏད། །འགྱུར་ལྡོག་མེད་པར་ཧ་རེ་བགྲད། །


DNG025_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་གཅིག་ཏུ་དྲིལ། །དེ་ལྟར་བྱས་པའི་ཡོན་ཏན་ནི། །འཁྲུལ་སྣང་འཇིགས་པ་ཀུན་བྲལ་ནས། །དབྱིངས་རིག་འདུ་འབྲལ་མེད་པའི་ཉམས། །མངོན་སུམ་རང་ཐོག་ཕེབས་པར་འགྱུར། །ས་མ་ཡ་རྒྱ་རྒྱ་རྒྱ།། །།ད་ནི་ལོངས་སྐུའི་འཁྲུལ་འཁོར་ནི། །གླང་ཆེན་ཉལ་བ་ལྟ་བུ་སྟེ། །གཞོགས་གཡས་ས་ལ་ཟིལ་ཕབ་སྟེ། །པུས་མོ་གཉིས་པོ་བྲང་ལ་སྦྱར། །ལག་མཐིལ་གཉིས་པོ་འགྲམ་ལ་སྦྱར། །གྲུ་མོ་གཉིས་པོ་ས་ལ་བཙུགས། །རྐང་སོར་ཐམས་ཅད་ཕྱིར་ལ་ཕུལ། །མིག་གཉིས་ཆེ་ཆུང་འགྱུར་ལྡོག་མེད། །གཡས་དང་གཡོན་དུ་གཟིགས་ཤིང་བལྟ། །སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །ལུས་ངག་ཡིད་གསུམ་གཅིག་ཏུ་དྲིལ། །དེ་ལྟར་བྱས་པའི་ཡོན་ཏན་ནི། །གནས་ལུགས་གཏན་ལ་ཕེབས་ནས་སུ། །ཆོས་ཉིད་རྣམས་ལ་ལོངས་སྤྱོད་རྫོགས། །རིགས་མདངས་ལུག་རྒྱུད་མཐོང་བར་འགྱུར། །ད་ནི་སྤྲུལ་སྐུའི་འཁྲུལ་འཁོར་ནི། །དྲང་སྲོང་ཙོག་པུ་ལྟ་བུ་སྟེ། །མགྲིན་དགུག་གཞུང་བསྲང་ཙོག་ཕུར་གཏད། །པུས་གཉིས་བྲང་སྦྱར་ཕྱག་རྒྱ་གདབ། །མིག་གཉིས་ཟིམ་བུས་སཱུརྱ་བལྟ། །ཤར་གྱི་རྒྱུ་སྐར་བཞིན་དུ་གསལ། །གཡས་དང་གཡོན་དུ་ཁྲིད་པ་གཅེས། །དེ་ལྟར་བྱས་པའི་ཡོན་ཏན་ནི། །སྣ་ཚོགས་རྣམ་པར་རང་སྤྲུལ་ཏེ། །སྐུ་དང་ཐིག་ལེའི་ཞིང་ཁམས་ནི། །དབང་པོའི་ཡུལ་དུ་གསལ་བར་འགྱུར། །ས་མ་ཡ། དེ་ལྟར་ལུས་ཀྱི་འཁྲུལ་འཁོར་བཞུགས་སྟངས་གསུམ། །ངག་ནི་ལྐུགས་པ་ལྟ་བུ་སྟེ། །སེམས་ནི་སྨིན་ཕྲག་དབྱིངས་ལ་གཏད། །མིག་ནི་ལྟ་སྟངས་གསུམ་དང་ལྡན། །རླུང་ནི་ཤིན་ཏུ་དལ་བ་ལས། །ཕྱིར་ལ་ཟུར་ཙམ་འདུ་བར་བྱ། །སོ་ཡི་བར་དུ་ནས་ཐར་ཙམ། །ཁ་ཡང་ཅུང་ཙམ་གདངས་པར་བྱ། །རྐྱེན་བྲལ་ནམ་མཁའ་དྭངས་པ་ལ། །ཟིམ་བུ་ཚག་གིས་བལྟ་བར་བྱ། །ནུབ་མོ་ཙནྡྲ་བལྟ་བར་བྱ། །


DNG025_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བར་སྣང་རྐྱེན་བྲལ་བལྟ། །འཁྲུལ་པ་ཐམས་ཅད་ཞིང་ཁམས་སུ། །བཀྲག་དང་གཟི་མདངས་ལྡན་པར་འཆར། །ཕྱི་ནང་དབྱིངས་རིག་སྒྲོན་མ་རྣམས། །དབང་པོས་མངོན་དུ་མཐོང་བར་འགྱུར། །རིག་པ་རང་མདངས་གནས་ལུགས་ནི། །རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཕྱི་ནང་དབྱིངས་རིག་དཀྱིལ་འཁོར་ནི། །རང་རིག་ལུག་རྒྱུད་འདི་བཞིན་གསལ། །ཡེ་ཤེས་ལྔ་ལྡན་འོད་ཀྱི་ལུས། །སྐུ་དང་ཐིག་ལེ་ཐིག་ཕྲན་གསལ། །སྟོང་མདས་འགག་མེད་ལུ་གུ་རྒྱུད། །གསལ་ཏེ་སྣང་རིག་སྟོང་པ་ཉིད། །དབྱེར་མེད་གསལ་ལ་མ་འདྲེས་སྣང་། །དེ་ལྟར་ཤར་བའི་གསལ་མདངས་དེ། །མ་ཡེངས་རྒྱུན་དུ་བརྟན་པར་བྱ། །ལུས་ནི་རི་བོ་ལྟ་བུར་བྱ། །ངག་ནི་ལྐུགས་པ་ལྟ་བུ་སྟེ། །སེམས་ཉིད་དབྱིངས་ལ་གཏད་པའོ། །རིག་གནས་ལུག་རྒྱུད་བཙོན་དུ་གཟུང་། །སྔོན་གནད་དལ་བ་ཉིད་དུ་སྟོན། །ཁྱད་པར་དྲུང་གནད་དལ་བ་གཅེས། །དེ་ལྟར་སུ་ཡིས་བྱས་པའི་མི། །ཐོག་མའི་ཀུན་ཏུ་བཟང་མོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ས་མ་ཡ། མཇུག་གི་དོན་ལ་འདི་ལྟ་སྟེ། །སྣང་བ་བཞི་ཡི་འཆར་ལུགས་ནི། །ཆོས་ཉིད་མངོན་སུམ་སྣང་བ་དང་། །ཉམས་སྣང་གོང་འཕེལ་སྣང་བ་དང་། །རིག་པ་ཚད་མེད་ཕེབས་སྣང་དང་། །ཆོས་ཉིད་ཟད་པའི་སྣང་བ་བཞི། །སྣང་བ་བཞི་ཡི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །ཆོས་ཉིད་མངོན་སུམ་སྣང་བ་ནི། །ཡིད་དཔྱོད་ཚིག་ཕྱིར་མ་འབྲངས་པར། །སྐྱོན་བྲལ་ནམ་མཁའ་ལྟ་བུ་ཡི། །གཟིགས་སྟངས་བཅུ་བཞི་ངོ་སྤྲད་པས། །དབང་པོའི་སྒོ་ལ་སྒྲོན་མ་འདི། །འཇའ་འམ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུག་རྒྱུད་འདྲེལ་བ་ལས། །འགུལ་འཕྲིག་རྒྱུ་བའི་རྣམ་པ་རྒྱུ། །ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །སྟོང་གསལ་མདངས་དང་ལྡན་པར་མངོན། །དེ་ལྟར་གསལ་བའི་དབྱིངས་རིག་ནི། །ཉི་མའི་འོད་ཀྱི་ཚུལ་དུ་གནས། །དེ་ཡང་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་


DNG025_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཉིད་དུ་སྟེ། །ཐུགས་རྗེ་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དག་ནས་རྩ་ལ་ཤར། །ངོ་བོ་མངོན་སུམ་སྒོ་ལ་གསལ། །ཆོས་ཉིད་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བའོ། །དེ་ལྟར་མཐོང་བའི་ཡོན་ཏན་ནི། །རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་ཟློག་པ་མ་ཡིན་ནོ། །མངོན་སུམ་རིག་པ་མ་མཐོང་ན། །ཆོས་ཉིད་ཡིད་དཔྱོད་མུན་པས་མཐའ་འཁོར་ནས། །འཁོར་བ་ཉིད་དུ་རྣམ་པར་རྒྱུ། །གཉིས་པ་ཉམས་སྣང་གོང་འཕེལ་ནི། །ཤེས་ཉམས་སྣང་ཉམས་གཉིས་ཡིན་ཏེ། །ཤེས་ཉམས་བློ་ཡི་འཛིན་ཆ་སྟེ། །གཏད་པ་མེད་དེ་མི་རྟོག་གོ། །བློ་ནི་ཀུན་རྫོབ་འཁྲུལ་པར་བཤད། །བློ་ཅན་མྱ་ངན་འདའ་དོན་དུ། །འདི་ནི་སྣང་ཉམས་སྟོང་པར་བྱ། །སྣང་ཉམས་རིག་པ་མངོན་སུམ་སྟེ། །ངོ་བོ་རྗེན་པར་རིམ་བཞིན་འཆར། །འཁྲུལ་འཁོར་དྲང་སྲོང་ཙོག་པུ་ལྟར། །གཟིགས་སྟངས་ཟིམ་བུས་སཱུརྱ་ཡི། །གཡས་དང་གཡོན་དུ་ཁྲིད་ཅིང་བལྟ། །དབྱིངས་རིག་གསལ་དང་མི་གསལ་འཆར། །དེ་ཡང་ཉམས་སུ་བླངས་པའི་མིས། །ཐིག་ལེ་སྨིན་མཚམས་བྲལ་བ་སྟེ། །ཐིག་ལེ་སྲན་མ་ཙམ་པ་ལས། །ཡེ་ཤེས་ལྔ་ལྡན་འོད་ཟེར་འབར། །དུམ་བུར་སྣང་དང་གྱེན་འགྲེང་དང་། །རྩིབ་ཤར་དང་ནི་མདུང་རྩེ་དང་། །ཟ་འོག་གུར་ཁྱིམ་རེ་ལྡེ་དང་། །མིག་ཚགས་ལྟ་བུའི་འོད་སྐོར་དང་། །རྣམ་པ་སྣ་ཚོགས་ཉིད་དུ་འཆར། །དེ་ཡང་ཉམས་སུ་བླངས་པ་ཡིས། །འོད་ལྔ་མདུན་རྒྱབ་ཁྱབ་པ་དང་། །ཐིག་ལེ་མེ་ལོང་ཙམ་དུ་འཆར། །རིག་པ་འདབ་ཆགས་འཕུར་བ་ཙམ། །དེ་ཡང་ཉམས་སུ་བླངས་པ་ཡིས། །དབྱིངས་ཀྱི་སྣང་བ་དེ་དག་ནི། །རིན་པོ་ཆེ་ཡི་དྲ་བ་དང་། །འོད་ཀྱི་དྲ་བ་ཕྱེད་མ་དང་། །མིག་མངས་རིས་དང་མཚོན་ཆ་དང་། །ཉི་ཟླ་པདྨ་མཁར་ཐབས་རིས། །རིན་ཆེན་འབར་བ་ཕྱེད་པ་དང་། །མེ་ཕྱེ་ཉ་མིག་ཕུབ་སྒོར་དང་། །རྨ་བྱའི་མདོངས་དང་སྣ་ཚོགས་སྐུ། །རིམ་པ་བཞིན་དུ་འཆར་བར་འགྱུར། །


DNG025_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྣང་རང་གི་གནས་ཡུལ་དང་། །ཁྱབ་ཅིང་བེམ་སྣང་མི་མཐོང་ངོ་། །ཐིག་ལེ་མཁར་ཕོར་ཙམ་དུ་འགྱུར། །རིག་པ་རི་དྭགས་རྒྱུག་པ་ཙམ། །དེ་ཡང་ཉམས་སུ་བླངས་པ་ཡིས། །འོད་ཕུང་ཡུལ་ཁམས་གང་བར་འཆར། །ཐིག་ལེ་བསེ་ཕུབ་ཙམ་དུ་འགྲོ། །རིག་པ་བུང་བ་བཅུད་ལྡིང་ཙམ། །དེ་ཡང་ཉམས་སུ་བླངས་པ་ཡིས། །འོད་ཕུང་སྟོང་གསུམ་གང་བ་ཙམ། །དབྱིངས་རིག་ཉིན་མཚན་མེད་པ་དང་། །ཐིག་ལེའི་ནང་དུ་སྐུ་ཡང་རེ། །ཕྱེད་སྐུ་དང་ནི་སྐུ་ཕྲན་དང་། །ལྔ་ལྡན་ཚོམ་བུ་རིས་སུ་འཆར། །རིག་པ་འགུལ་འཕྲིག་མེད་པར་སྡོད། །རིག་པ་སྣང་བའི་ཡུལ་ལ་གསལ། །དེ་ལྟར་ཤར་བའི་དུས་ཚོད་དེར། །བར་དོའི་སྣང་བ་ཚེ་འདིར་རྫོགས། །ཕྱི་མར་བར་དོ་མེད་པ་རུ། །མངོན་པར་རྫོགས་པར་སངས་རྒྱའོ། །གསུམ་པ་རིག་པ་ཚད་ཕེབས་ནི། །གོང་གི་ཐིག་ལེ་རེ་རེའི་ནང་། །རིགས་ལྔ་ཡབ་ཡུམ་ལྔ་ལྔར་འཆར། །དེ་དག་གྲངས་ལས་འདས་པ་སྟེ། །འགྱུར་བ་མེད་དོ་ཚད་ལ་ཕེབས། །དེ་ལྟར་ཤར་བའི་དུས་ཚོད་དུ། །ཉམས་སུ་ལེན་ཀྱང་མི་དགོས་ཏེ། །ལོངས་སྐུའི་སྣང་བ་རང་ཆས་སོ། །རིག་པ་ཚད་ཕེབས་སྣང་བ་ཡིན། །ལོངས་སྐུའི་མཚན་དཔེ་གསལ་བ་དེས། །ཁ་དོག་མ་ངེས་འཇའ་ལྟར་གསལ། །རིགས་ལྔ་ཡབ་དང་ཡུམ་དུ་བཅས། །དེ་ནས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བ་ཐིག་ལེ་འདྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་རྒྱས། །འབྱུང་ལྔ་རང་སར་དག་ནས་སུ། །རྡོས་བཅས་ལུས་ཀྱང་འོད་སྐུར་གྲོལ། །བཞི་པ་ཆོས་ཉིད་ཟད་པ་ཡིས། །སྣང་བ་ཞེས་ནི་འདི་ལྟར་རོ། །གོང་གི་ཉམས་སྣང་དེ་དག་གི། །འཕེལ་བ་ཉིད་ནི་ཟད་པ་སྟེ། །ཉམས་ཟད་གསལ་སྟོང་ངང་ལ་ཟད། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་གཉིས་འཛིན་འཁྲུལ་པ་ཟད། །བརྗོད་པའི་ཚིག་ཀྱང་ཟད་པའོ། །ཉམས་རྟགས་ཐམས་ཅད་རྫོགས་པ་སྟེ། །དེ་ཡི་འཛིན་པ་རང་སར་གྲོལ། །ཆོས་


DNG025_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཟད་པའི་སྣང་བ་ནི། །ཐ་སྙད་མིང་གི་བླ་དྭགས་སོ། །དོན་ལ་ཐོག་མའི་གཞི་དག་ཏུ། །ངོ་བོ་རང་སར་ཟློག་པའོ། །རང་གི་ལུས་ཀྱང་མེད་པ་རུ། །ཆོས་སྐུ་ཉིད་དུ་མངོན་སངས་རྒྱས། །ཐམས་ཅད་བརྗོད་གཞི་བྲལ་བ་སྟེ། །སྟོང་གསལ་ཉིད་དུ་རང་ལོག་གོ། །དེ་ལྟར་ཟད་སར་མ་འཁྱོལ་ན། །འཁོར་བ་ཉིད་དུ་འཁྱམས་པའོ། །ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་གསང་རྒྱུད་ལས། དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་དེ། རྒྱུད་ལ་བརྟེན་ཅིང་ཉམས་སུ་ལེན་པ་སྟེ། ལམ་ཐོད་རྒལ་དུ་འཇུག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཟབ་རྒྱ། གཉན་རྒྱ། གཏེར་རྒྱ། སྦས་རྒྱ། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །གོང་གི་ཁྲེགས་ཆོད་ཐོད་རྒལ་གྱི། །མཐའ་རྟེན་རྒྱབ་རྟེན་འདི་ཡིན་ཏེ། །མན་ངག་བཞིན་དུ་ཤེས་པར་བྱ། །མི་འགུལ་གསུམ་ལ་གཞི་བྱས་ལ། །རླུང་སེམས་གནད་དུ་ཕེབས་པར་འགྱུར། །ལུས་ནི་འཁྲུལ་འཁོར་བཞུགས་སྟངས་གསུམ། །མིག་གི་གཟིགས་སྟངས་གསུམ་དང་ལྡན། །སེམས་ནི་མངོན་སུམ་དབྱིངས་ལ་གཏད། །ལུས་མི་འགུལ་བས་རྩ་མི་འགུལ། །རྩ་མི་འགུལ་བས་མིག་མི་འགུལ། །མིག་མི་འགུལ་བས་རླུང་མི་འགུལ། །རླུང་མི་འགུལ་བས་སེམས་མི་འགྱུ། །སེམས་མི་འགུལ་བས་རྣམ་རྟོག་ཆད། །རྣམ་རྟོག་ཆད་པས་དབྱིངས་རིག་དང་། །དེ་ལྟར་གསུམ་པོ་མི་འགུལ་གསུམ་དུ་བསྟན། །ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །དེ་ནས་སྡོད་པ་ཚད་བཟུང་བ། །མི་འགུལ་གསུམ་ལ་གཞི་བཅས་ཤིང་། །དབྱིངས་རིག་གཉིས་ལ་ཡུན་དུ་གནས། །རིག་པ་གར་གཏད་འདུག་པ་དང་། །ལུས་ཀྱང་འགུལ་བ་མེད་པར་སྡོད། །རླུང་སེམས་གཉིས་ལ་མི་འགྱུར་སྡོད། །དེ་ལྟར་སྡོད་པ་གསུམ་བྱུང་ནས། །ཚད་ནི་རྨི་ལམ་དག་གིས་བཟུང་། །རྟགས་ནི་ལུས་ངག་ཡིད་ལ་འབྱུང་། །རབ་ནི་རྨི་ལམ་དབྱིངས་སུ་ཐིམ། །འབྲིང་ནི་རྨི་ལམ་འོད་གསལ་དུ། །རྨི་ལམ་རྨི་ལམ་ངང་དུ་ཤེས། །ཐ་མ་རྨི་ལམ་བཟང་རྟོག་འཆར། །དེ་ལྟར་ཚད་ནི་རྨི་ལམ་ཉིད་ཀྱིས་གཟུང་། །རྟགས་ཚད་ལུས་ངག་ཡིད་ལ་འཆར། །སྣང་བ་


DNG025_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་རེ་རེ་ལ། །རྟགས་ནི་གསུམ་གསུམ་ཉིད་དུ་འཆར། །དེ་ལ་དང་པོ་ཆོས་ཉིད་མངོན་སུམ་གྱི། །རྟགས་ནི་རྣམ་པ་གསུམ་འཆར་ཏེ། །ལུས་ནི་བྱ་བྱེད་མེད་པ་རུ། །རུས་སྦལ་འབར་གཞོང་བཅུག་པ་འདྲ། །ངག་ནི་སྨྲ་སྙིང་མི་འདོད་དེ། །ལྐུགས་པ་ལྟ་བུར་གྱུར་པའོ། །སེམས་ནི་འདབ་ཆགས་སྙི་ཟིན་འདྲ། །རྣམ་རྟོག་འཕྲོ་ཡང་གར་གཏད་འདུག །དེ་ནི་ཆོས་ཉིད་མངོན་སུམ་རྟགས་གསུམ་ཡིན། །ཐ་མ་ཊ། ད་ནི་ཉམས་སྣང་གོང་འཕེལ་གྱི། །སྣང་བ་ཐོབ་པའི་རྟགས་གསུམ་ནི། །ལུས་ལ་གཅེས་ལོང་མེད་པ་སྟེ། །སྐྱེས་བུ་ནད་ཀྱིས་གདུངས་པ་ལྟ་བུར་འཆར། །ངག་ནི་སྨྱོན་པ་ལྟ་བུ་སྟེ། །གཏམ་ལ་དོན་ཏིག་མེད་པར་འཆར། །སེམས་ནི་འཁོར་བར་མི་ལྟུང་ཐག་ཆོད་དེ། །སྐྱེས་བུ་དུག་གིས་ཐེབས་པ་ལྟ་བུར་འགྱུར། །རིག་པ་ཚད་ཕེབས་རྟགས་གསུམ་ནི། །ལུས་ནི་འབྱུང་བ་ལྔ་པོ་ལ། །ཐོགས་པ་མེད་པ་ཟང་ཐལ་འགྲོ། །གླང་ཆེན་འདམ་དུ་བྱིང་བ་འདྲ། །ངག་ནི་ཇི་ལྟར་སྨྲས་པ་བཞིན། །གཞན་རྣམས་ཉན་ཅིང་ནུས་པ་འབྱུང་། །དཔེ་ནི་གྲུལ་བུམ་བུ་ཚ་འདྲ། །སེམས་ནི་འཁོར་བར་མི་ལྟུང་བར། །དོན་ཐག་ཆོད་པས་ཉག་གཅིག་རྟོགས། །སྐྱེས་བུ་འབྲུམ་ནད་བྱང་བ་འདྲ། །ཆོས་ཉིད་ཟད་པའི་སྣང་བ་ནི། །གདེང་ཚད་གྲོལ་བའི་རྟགས་སུ་ནི། །ལུས་ནི་དུར་ཁྲོད་མི་རོ་འདྲ། །ཉམ་ང་མེད་པར་རང་གྲོལ་ལོ། །ངག་ནི་བྲག་ཆ་ལྟ་བུ་སྟེ། །གཏམ་གྱི་ཟུང་ཟད་གཞན་ལེན་སྨྲ། །སེམས་ནི་ན་བུན་ལྟ་བུ་སྟེ། །སྐད་ཅིག་མི་འདུག་རང་ཡལ་ལོ། །བག་ཆགས་ཕུང་པོ་རང་ཡལ་ལོ། །ད་ནི་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། སྐྱེ་འཇུག་རླུང་སེམས་དབང་ཐོབ་སྟེ། །ཟག་བཅས་ཕུང་པོ་མེད་པ་རུ། །ཡང་དག་མངོན་པར་སངས་རྒྱས་སོ། །དང་པོ་སྐྱེ་བ་དབང་ཐོབ་པས། །རྡོས་བཅས་ལུས་འདི་མེད་པའི་དུས། །སེམས་ཅན་གཞན་གྱི་དོན་འདོད་ན། །རང་གི་ལག་པའི་སོར་མོ་ལ། །ཤེས་པ་བཀུག་ནས་བལྟས་པ་


DNG025_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སྣང་བ་འཛིན་པ་རང་ལོག་སྟེ། །བེམས་པོས་འབྱུང་བའི་སྒྲ་ཐོས་ཤིང་། །མིའམ་སེམས་ཅན་གང་རུང་ལ། །རིག་པ་བཅུག་པས་དེ་ཉིད་དང་། །དབྱེར་མེད་ཡིད་དེ་གཅིག་ཏུ་འདྲེས། །གཞན་དོན་གང་བསམ་འགྲུབ་པའོ། །འདི་ལྟར་རང་དབང་ཐོབ་དུས་སུ། །བེམས་པོ་ཀུན་ལ་རིག་པ་བཅུག །གང་བཅུག་དེ་ཡང་འགུལ་བ་དང་། །སྒྲ་སྐད་སྣ་ཚོགས་འབྱིན་པར་ནུས། །མཚམས་མེད་ལྔ་སྤྱད་གཅིག་ལ་ཡང་། །རིག་པ་བཅུག་པས་དེ་ཉིད་ཀྱང་། །རང་བྱུང་ཡེ་ཤེས་གནས་པས་ན། །ལས་ལ་བཟང་ངན་མེད་པ་རུ། །འབྱུང་བཞི་དག་ནས་མངོན་སངས་རྒྱས། །གཞན་དོན་དཔག་མེད་འབྱུང་བར་འགྱུར། །ད་ནི་གཞི་ཡི་ཀློང་དུ་ནི། །འཇུག་པ་དག་ལ་དབང་ཐོབ་པ། །རང་གི་ལག་པའི་སོར་མོ་ལ། །རིག་པ་གཏད་ནས་རང་ལུགས་གཞག །དེ་ཉིད་ཟག་བཅས་མི་སྣང་བར། །ལྷུན་གྲུབ་སྦུབས་སུ་རང་ནུབ་པོ། །ད་ནི་རླུང་སེམས་གཉིས་ལ་དབང་ཐོབ་པས། །རླུང་སེམས་ལས་སུ་རུང་བས་ན། །རླུང་སེམས་ཡོན་ཏན་ཐམས་ཅད་འབྱུང་། །སེམས་ཅན་གང་དག་ཚེ་འཕོས་པ། །དེ་དག་རྣམས་ལ་རིག་པ་བཅུག །རིག་པ་གང་ལ་གཏད་པ་རྣམས། །སྔོན་གྱི་མཚམས་མེད་ལྔ་སྤྱད་ཀྱང་། །ལས་ལ་བཟང་ངན་མེད་པ་རུ། །རང་དང་མཉམ་པོར་སངས་རྒྱའོ། །མངོན་པར་ཤེས་པ་ཐོགས་མེད་ཅིང་། །རི་རབ་རྣམས་ལ་ཟང་ཐལ་རྒྱུ། །འབྱུང་བཞིའི་གནོད་པས་ཚུགས་མི་འགྱུར། །དེ་ནི་ཐོབ་པ་གསུམ་གྱི་གཟེར་གསུམ་ཡིན། །ས་མ་ཡ། གཏེར་རྒྱ། སྦས་རྒྱ།ཟབ་རྒྱ། དེ་ལྟར་ཉམས་སུ་བླངས་པ་ཡིས། །རྟགས་དང་ཚད་དང་གདེང་བཞི་ཉིད། །ཇི་ལྟར་རྟགས་ཚད་བསམ་འདས་ཀྱང་། །མི་འགྱུར་གདེང་ཆེན་བཞི་རུ་འདུས། །མི་རྟོག་ཡེ་ཤེས་ཚད་བཟུང་བ། །ཡར་མར་གདེང་ཆེན་བཞི་རུ་འདུས། །དང་པོ་ཡར་


DNG025_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གདེང་གཉིས་ནི། །དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། །དཔག་མེད་ཐོབ་ཀྱང་དགའ་བྲོད་མི་སྐྱེད་དོ། །ཡར་གྱི་སངས་རྒྱས་ཐམས་ཅད་ལ། །རེ་བ་མེད་དེ་རང་རིག་གདེང་། །མར་གྱི་འགྲོ་བ་རིགས་དྲུག་གི། །སྡུག་བསྔལ་མཐོང་ཡང་འཇིགས་པ་མེད། །རིག་པ་འཁྲུལ་པ་མེད་པའི་གདེང་། །མར་གྱི་ངན་སོང་གསུམ་པོ་ལ། །ལྷུང་གི་དོགས་པ་མེད་པ་སྟེ། །མཁན་པོ་མ་གྲུབ་རང་བྱུང་སྟེ། །རྒྱ་རྒྱ་རྒྱ། གདེང་ཆེན་བཞི་ཡི་མཐར་ཐུག་ནི། །ཡང་དག་རྫོགས་པའི་སངས་རྒྱས་དང་། །མངོན་པར་རྫོགས་པའི་སངས་རྒྱས་གཉིས། །ཡང་དག་རྫོགས་པའི་སངས་རྒྱས་ནི། །ཕུང་པོ་ལྷག་མ་མེད་པར་རྒྱས། །མངོན་པར་རྫོགས་པའི་སངས་རྒྱས་ནི། །འོད་དང་སྐུ་དང་སྒྲ་དང་གདུང་། །ས་གཡོས་ལ་སོགས་འཆི་རྟགས་འབྱུང་། །མངོན་པར་སྟོན་ཏེ་སངས་རྒྱའོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མའི་རྒྱུད་ལས། ཐོད་རྒལ་ཉིད་ཀྱི་རྒྱབ་སྐྱོར་མཐའ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ས་མ་ཡ། གཏེར་རྒྱ། སྦས་རྒྱ། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །གོང་ལྟར་ཉམས་སུ་བླངས་པ་ཡིས། །ཡོན་ཏན་འབྲས་བུ་འདི་ལྟར་ཐོབ། །རྒྱས་སུ་མེད་པའི་སངས་རྒྱས་དང་། །འདའ་རུ་མེད་པའི་མྱ་ངན་འདས། །ཡང་དག་སངས་རྒྱས་མངོན་སངས་རྒྱས། །མངོན་སངས་རྒྱས་པ་དེར་སངས་རྒྱས། །སྤྲུལ་པ་པོ་རྣམས་ཡང་སངས་རྒྱས། །རིག་རྩལ་ཡེ་ཤེས་ངང་ལ་ཐིམ། །འོད་ལྔ་སྟོང་གསལ་ངང་ལ་ཐིམ། །སྟོང་གསལ་མ་འགགས་རང་རང་རྫོགས། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡོན་ཏན་དང་འབྲས་བུ་ཐོབ་ཚུལ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །གང་ཞིག་རྣལ་འབྱོར་དང་ལྡན་ནི། །གལ་ཏེ་རྐྱེན་གྱིས་བར་ཆད་ནས། །ཚེ་འདི་འདུ་བྱེད་བྱུང་གྱུར་ན། །གསང་སྔགས་རྒྱུད་འདི་ཐོབ་པའམ། །


DNG025_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སམ་འཆང་ངམ་མངོན་སུམ་བརྟེན། །ཡེ་ཤེས་རང་བཞིན་ཡིན་པ་རུ། །རིག་དང་མངོན་སུམ་སྣང་བ་མཐོང་། །འཇའ་འོད་ཟེར་གསུམ་རང་སྨྲས་ཏེ། །མ་རིག་རིག་ན་རིག་པ་ཡིན། །རིག་པ་ཡེ་ཤེས་ལོགས་ན་མེད། །མངོན་སུམ་མཐོང་ན་ལྟ་བ་ཡིན། །དེ་ལ་གནས་ན་སྒོམ་པ་ཡིན། །དེ་ལྟར་སྤྱོད་ན་སྤྱོད་པ་ཡིན། །ངང་ལས་མ་གཡོས་འབྲས་བུ་ཡིན། །དེ་ལྟར་མངོན་སུམ་སུས་ཤེས་པ། །འོད་ལྔའི་སྣང་བ་བར་དོ་འཆར། །དེ་ཉིད་ངོ་ཤེས་ཟུང་དུ་འདྲེལ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་གྲོལ་བར་འགྱུར། །སུ་ཡིས་མཐོང་ཀྱང་ངན་སོང་དུ། །རྡོག་པས་ཕུལ་ཡང་འགྲོ་མི་སྲིད། །བར་དོའི་འཇིགས་པ་གང་ཤར་བ། །སྔར་འདྲིས་མི་དང་འཕྲད་པ་བཞིན། །རང་སྣང་ངོ་བོ་ཤེས་པས་བར་དོར་གྲོལ། །དེས་ན་འདི་ཉིད་མཐོང་བས་ཆོག །ཨ་ཏི་ཀློང་གསལ་སྙིང་ཏིག་འདི། །ཐེག་པ་བརྒྱད་ཀྱིས་དོ་ཟླ་མིན། །ཅེས་སྟོང་གསལ་མ་འགགས་པའི་ཀློང་ནས་ཤར་ཏེ།སྟོན་པ་ཀུན་ཏུ་བཟང་མོ་དང་། དབྱིངས་དང་ཡེ་ཤེས་ལས་གྲུབ་པའི་མཁའ་འགྲོ་སྡེ་ལྔ་ལ་སོགས་པ་རྣམས་སུ་ཡི་རངས་ཏེ། ཆོས་ཉིད་ཀུན་ཏུ་བཟང་མོ་ལ་མངོན་པར་བསྟོད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ས་མ་ཡ། གཏད་རྒྱ། སྦས་རྒྱ། ཟབ་རྒྱ། འདི་ལྟར་ཤར་བའི་གསང་རྒྱུད་ལས། མོན་ཡུལ་སྤ་གྲོའི་ལུང་གསུམ་དུ། །ཁྱད་པར་སྟག་ཚང་སེང་ཕུག་ཏུ། །ཨོ་རྒྱན་པདྨའི་གསུངས་བཞིན་ལྷག་ཆད་མེད་པ་རུ། །འཚོ་རྒྱལ་བདག་གིས་ཡི་གེར་བྲིས་པ་རྫོགས།། །།ས་མ་ཡ། རྒྱ་རྒྱ་རྒྱ། བདག་འདྲ་པདྨ་འབྱུང་གནས་ངས། །ཕྱི་རབས་དོན་དུ་ཤོག་བུའི་ལོགས་ལ་བཏབ། །སྐལ་ལྡན་ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག །ཀློང་གསལ་ཉི་མའི་གསང་རྒྱུད་མ་རྒྱུད་ལ། །རྒྱུད་ཀྱི་དཔེ་ཚར་གསུམ་དུ་ཕྱེ་ནས་ཀྱང་། །མ་རྒྱུད་ལེའུ་བརྒྱ་དང་སུམ་ཅུ་ཡོད། །


DNG025_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱུད་ལེའུ་བཅུ་གསུམ་དེ་ཕྱི་རྒྱུད། །དོན་རྒྱུད་ལེའུ་བཅོ་བརྒྱད་འདི་ཉིད་ལས། །འདི་ནི་སྙིང་པོའི་གསང་བ་དོན་རྒྱུད་ཡིན། །འདི་ནི་གསང་གཏེར་གསུམ་དུ་སྦས་ཏེ་བཞག །པདྨ་བདག་གི་ཐུགས་བཅུད་དམ་པ་འདི། །འདི་འདྲའི་རྒྱུད་མཆོག་རྒྱ་བོད་གཉིས་ན་དཀོན། །འཕང་ཚད་མིག་ལ་གཅེས་ཚད་སྙིང་དང་འདྲ། །མ་རྒྱུད་ལུས་འདྲ་ལས་རྒྱུད་སྙིང་འདྲ་ཞིང་། །འདི་ནི་ཡང་གཅེས་སྲོག་གི་དྭངས་མ་འདྲ། །འདི་ལས་ཡང་ཟབ་བདག་འདྲ་པདྨས་ཀྱང་། །རྒྱ་ནས་བོད་དུ་བསྒྱུར་བ་ཡོད་རེ་སྐན། །འདི་ནི་ཆིག་བརྒྱུད་མ་གཏོགས་སྤེལ་མི་རུང་། །མན་ངག་ནོར་ཕྱིར་འཚོང་བ་མ་ཡིན་ཀྱང་། །གསེར་སྲང་རེ་ཡི་མཎྜལ་མེད་པ་རུ། །འདི་ཉིད་བྱིན་ན་གསང་གཏམ་ཉམས་པ་ཡིན། །པདྨ་འབྱུང་གནས་རྔ་ཡབ་གླིང་འགྲོ་ཡང་། །ཐུགས་བཅུད་སྙིང་པོའི་རྒྱུད་དོན་འདི་འདྲ་བཞག །ཨེ་མ་སྐུ་དྲིན་སེམས་མཛོད་རྗེས་འཇུག་རྣམས། །རྒྱུད་དོན་འདི་ལ་དུམ་བུ་རིམ་གསུམ་ཕྱེ། །ངེས་དོན་སྙིང་གི་གསང་རྒྱུད་འདི་ཁོ་ན། །མ་འོངས་དུས་སུ་རྒྱུད་གསུམ་དུས་འཇོལ་ཡང་། །ཕྱོགས་སྡེབ་མ་བྱེད་རང་རྒྱུད་སོ་སོར་ཞོག །འདི་ཉིད་བཀའ་ལུང་བུ་ལ་བསྟོད་པའི་དུས། །ཚོགས་སྐོངས་བརྒྱ་རྩ་སྔོན་དུ་མ་སོང་ནས། །མཁའ་འགྲོའི་བཀའ་ཆད་རང་སྲོག་ངེས་པར་ཆོད། །བཀའ་བཞིན་སྒྲུབ་མཛོད་ང་ཡི་རྗེས་འཇུག་རྣམས། །མ་འོངས་རྩུབ་འགྱུར་དུས་ཀྱི་ཐ་མ་ལ། །རཏྣའི་མིང་ཅན་ལས་ཅན་སྐྱེས་བུ་གཅིག །ངེས་པར་འབྱུང་གི་དེ་དང་འདི་འཕྲད་ཤོག །ས་མ་ཡ། ཁ་ཐམ། བྷུ་ཡ། རྒྱ་རྒྱ་རྒྱ། སྤྲང་པོ་རཏྣ་གླིང་པ་ཡིས། །གུང་ཐང་མཁར་ནས་བཏོན་པ་ཡིན། །ཐེམ་ཡིག་མེད་པའི་གསང་རྒྱུད་ཡིན། །ཆིག་བརྒྱུད་མ་གཏོགས་སྤེལ་བ་མིན། །ཁ་ཐཾ།། །།

ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཅེས་བྱ་བ།


DNG025_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

སཾ་སྐྲི་ཏ་ལྷའི་སྐད་དུ། སརྦ་བྷ་དྲ་ས་མནྟ། བོད་སྐད་དུ། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་རྒྱུད། ཧ་ཤང་སྐད་དུ། དུ་རན་ཧ་སིང་དྷ་ར། རྒྱ་ནག་སྐད་དུ། ཨ་བྷ་ལ་ས་རྒྱ་ནམ་པ། ཨུ་རྒྱན་གྱི་སྐད་དུ། དྷ་ན་སཾ་གྷ་ལ། བྱ་ཀ་ལནྡྷ་ཀའི་སྐད་དུ། ཨེ་དུ་ར་བྷག་ཤ་ནཾ་བྷ། ཁ་ཆེའི་སྐད་དུ། ས་ཏུ་ར་བྷ་དུ་ལིང་ཀ །མན་སིངྒ་ལའི་སྐད་དུ། སྤོས་ཧ་ར་ན་ཧྲི། རྒྱ་གར་སྐད་དུ། ས་མུན་ཏནྟྲ་ནཱ་མ། བོད་སྐད་དུ། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ཅེས་བྱ་བ། ཀུན་འདུས་རིག་སྟོང་གི་ཀློང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །འཁོར་འདས་ཀུན་གྱི་ཐོག་མར་ནི། །རང་བྱུང་བྱས་པ་མེད་པ་ལས། །ཀུན་ཏུ་བཟང་མོ་རིག་སྟོང་ཀློང་། །སྟོང་པ་ཉིད་ཀྱི་གཞི་མ་ནི། །ཚད་མེད་གསལ་བའི་དཀྱིལ་འཁོར་ཆེ། །ཀུན་བཟང་བྷ་ག་ཡངས་པའི་ཀློང་། །མི་འབྱེད་འབྱེད་པ་མེད་པའི་ཆོས། །སོ་སོ་མ་ཡིན་ཐ་མི་དད། །སྣང་བ་བཀོད་པ་ཆེན་པོའི་ཡུལ། །ཡེ་ནས་རང་གསལ་རིག་པའི་སྐུ། །སྟོང་གསལ་མདངས་ལྔ་རྫོགས་པའི་ལྷ། །ཀུན་ཏུ་བཟང་མོ་ཞལ་ཕྱག་རྫོགས། །ཐིག་ལེ་སྟོང་པའི་ཀློང་དཀྱིལ་དུ། །ཉག་གཅིག་ཟང་ཐལ་ཆེན་པོའི་སྐུ། །ཀུན་ཏུ་བཟང་པོ་འོད་མི་འགྱུར། །རིག་སྟོང་གསལ་བའི་སྐུ་རུ་ཤར། །མ་འགགས་རང་རྩལ་ཀུན་ཏུ་སྣང་། །འགག་མེད་གསལ་བའི་སྒྲ་ཚིག་ཏུ། །བརྗོད་དུ་མེད་པའི་དོན་འདི་གསུངས། །ཨེ་མ་ཉོན་ཅིག་སྣང་བ་རྣམས། །མཚན་མ་མེད་པའི་ཀློང་ཡངས་སུ། །འདས་ཤིང་བཤད་དུ་མེད་པར་གསལ། །སྤྲོས་པ་གཟུང་འཛིན་བྲལ་བའི་ཀློང་། །ཆོས་རྣམས་སྨྲ་བརྗོད་བྲལ་ལ་གདགས། །ལུང་དང་རྟོགས་པ་བསྟན་དུ་མེད། །མ་བཅོས་པ་ཡི་ཀློང་ཉིད་དུ། །འདུས་ཤིང་རྩོལ་སྒྲུབ་མེད་པར་གསལ། །མན་ངག་ཐམས་ཅད་བཙལ་དུ་མེད། །མ་བསླད་པ་ཡི་ཀློང་ཡངས་སུ། །ལྟ་སྒོམ་སྤྱོད་འབྲས་མེད་པར་གསལ། །སྣང་བ་ཐབས་ཀྱི་རིག་ཀློང་ལ། །གནས་ལུགས་ཟང་ཐལ་སྐུ་རྣམས་ཤར། །དུས་


DNG025_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཕོ་འགྱུར་མེད་པའི་ཀློང་། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་གསལ། །ཀུན་འབྱུང་འགག་པ་མེད་པའི་ཀློང་། །སྣ་ཚོགས་རོལ་པ་མ་འགགས་གསལ། །འབར་བ་ཡེ་ཤེས་ཆེན་པོ་ལ། །ཉི་མ་ལྟ་བུའི་གསང་རྒྱུད་འདི། །སྟོང་པའི་ཀློང་ན་གསལ་བའི་ཆོས། །ཅོ་ག་དགུ་འགྱུར་སྐད་ཀྱི་ཚུལ། །སྒྲ་བཞི་ལྡན་པའི་དོན་ནི་གསུམ། །ཀྲ་ཐ་ནི་ཀྲ་ཐ་ནི། ཅེས་པ་སྒྲའི་དབྱངས་ཉིད་བསྟན་པའོ། །ཏྲ་ཐ་མ་ནི་ཏྲ་ཐ་མ་ནི། དེས་ནི་སྒྲ་ཡི་སྒྲུབ་བྱེད་བསྟན། །མ་ན་ཏྲ་ཐ་མ་ན་ཏྲ་ཐ། དེས་ནི་སྒྲ་ཡི་རང་བཞིན་གསལ། །ཏི་ཏི་ཏི་ཏི་ཏི་དྲི། དེས་ནི་སྒྲ་བཞི་ཕན་སྐྱེད་བསྟན། །སྒྲ་དོན་བཞི་པོ་དེ་དག་ལ། །སྤྱི་དང་རང་གི་མཚན་ཉིད་ཆོས། །སྣང་བ་རྣམས་ཀྱི་ཐུགས་སུ་ཆུད། །ཅེས་ནི་སེམས་མེད་རིག་སྟོང་གི། །དགུ་འགྱུར་ཅོ་གའི་སྐད་ཀྱིས་འདི་གསུངས་སོ། །འདི་སྐད་སྣང་བའི་བདག་པོ་ཉིད་ཀྱིས་ཐོས་པའི་དུས་གཅིག་ན།ཆོས་ཉིད་བདེ་ཆེན་ཀུན་བཟང་ཡུམ། །བྷ་ག་ཆོས་འབྱུང་ཡངས་པ་རུ། །ཐབས་ཀྱི་ཐིག་ལེ་ཉག་གཅིག་སྐུ། །རིག་པ་མ་འགགས་སྣང་སྟོང་གཟུགས། །ནམ་མཁའི་དཀྱིལ་དུ་ནམ་མཁའི་སྐུ། །ཆོས་དབྱིངས་ཡེ་ཤེས་སྙིང་པོ་ཅན། །མེ་ལོང་ཡེ་ཤེས་གསལ་སྟོང་སྐུ། །མཉམ་ཉིད་ཡེ་ཤེས་སྣང་སྟོང་དངོས། །སོར་རྟོགས་ཡེ་ཤེས་མ་འགགས་རྫོགས། །བྱ་གྲུབ་ཡེ་ཤེས་རྩལ་རྫོགས་ལྷུན། །རིན་ཆེན་གསང་བའི་སྦུབས་སུ་གསལ། །སྟོང་པའི་ཡུལ་དུ་གསལ་བའི་མདངས། །སྟོང་གསལ་ལྔ་ལྡན་སྣང་བའི་སྐུ། །ཡུམ་ཆེན་ཀུན་ཏུ་བཟང་མོར་བཞུགས། །དེ་ཚེ་དེ་ཡི་དུས་ཉིད་དུ། །ཆོས་སྐུའི་འཁོར་ནི་འདི་ལྟར་རོ། །མི་སྣང་བ་ཡི་སྣང་བ་ནི། །སྣང་བ་ཆེན་པོ་བཀོད་པའི་འཁོར། །རིག་པ་རྡོ་རྗེ་རྣོན་པོ་དང་། །རིག་པ་རྡོ་རྗེ་ལུག་རྒྱུད་དང་། །རིག་པ་རྡོ་རྗེ་རང་སྣང་དང་། །རིག་པ་རྡོ་རྗེ་ཅོག་བཞག་དང་། །རིག་པ་ཐོགས་པ་མེད་པ་དང་། །རིག་པ་ཅིར་སྣང་སྐུ་གསུང་ཐུགས། །དེ་དག་ཐམས་ཅད་ངོ་བོའི་སྐུ། །རིག་པ་ཉག་གཅིག་ཀུན་བཟང་མོ། །


DNG025_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོའི་འཁོར་ནི་བསམ་ལས་འདས། །གསལ་སྟོང་སྣང་སྟོང་བདེ་སྟོང་དང་། །གྲག་སྟོང་རིག་སྟོང་རྣམ་པ་ལྔ། །དཀར་དམར་སེར་དང་ལྗང་གུ་དང་། །མཐིང་ག་ལྔ་པོ་ཡེ་ཤེས་ལྔ། །འོད་ལྔ་ལ་སོགས་ངོ་བོའི་འཁོར། །ཡེ་ཤེས་གསུམ་ལྡན་ཚུལ་དུ་སྣང་། །ཕྱི་ཡུལ་ཡུལ་སྣང་དག་པའི་འཁོར། །བདེ་གཤེགས་རིགས་དང་རྡོ་རྗེའི་རིགས། །རིན་ཆེན་རིགས་དང་པདྨའི་རིགས། །ལས་ཀྱི་རིགས་དང་རྣམ་པ་ལྔ། །རིགས་གསུམ་མགོན་པོ་ལ་སོགས་པ། །རིག་སྟོང་ཀུན་ཏུ་བཟང་མོ་དང་། །གསལ་སྟོང་ཀུན་ཏུ་བཟང་མོ་དང་། །སྣང་སྟོང་ཀུན་ཏུ་བཟང་མོ་དང་། །བདེ་སྟོང་ཀུན་ཏུ་བཟང་མོ་དང་། །གྲག་སྟོང་ཀུན་ཏུ་བཟང་མོ་དང་། །མཁའ་འགྲོ་སྡེ་ལྔ་ལ་སོགས་དང་། །ཡུལ་སྣང་འདུས་པའི་ཐུབ་དྲུག་དང་། །འགྲོ་འདུལ་ཐུགས་རྗེ་སྤྲུལ་པའི་སྐུ། །མང་ཞིང་དཔག་ཏུ་མེད་པ་དང་། །གཟུང་འཛིན་འཁོར་ནི་འདི་ལྟ་སྟེ། །མ་རིག་པ་དང་སེམས་དང་ནི། །ཡིད་དང་ཉོན་མོངས་འཛིན་པ་དང་། །རྣམ་རྟོག་མི་དགེ་བཅུ་ལ་སོགས། །དེ་དག་སྣང་བའི་འཁོར་རྣམས་ནི། །ཡུལ་ དང་ཤེས་པ་དྲན་པ་དང་། །མཐོང་བྱེད་ཉན་བྱེད་སྣོམ་བྱེད་དང་། །མྱོང་བྱེད་འདུ་བྱེད་ལ་སོགས་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ལྷ་དང་ལྷ་མིན་དྲི་ཟར་བཅས། །འདུལ་བ་མདོ་སྡེ་མངོན་པ་དང་། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུ་དང་། །ཉན་རང་བྱམས་སེམས་ཀྲྀ་ཨུ་ཡོག །མ་ཧཱ་ཨ་ནུ་ཨ་ཏི་དང་། །སྣང་བ་མ་འགགས་པ་ཡི་འཁོར། །རྣམ་པ་སྣ་ཚོགས་ཉིད་དུ་སྣང་། །ཡུལ་དང་ཡུལ་ཅན་ཐམས་ཅད་དང་། །ཐབས་ཅིག་ཏུ་ནི་བཞུགས་པའོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རིག་སྟོང་ཉག་གཅིག་སྐུ། །ཀུན་བཟང་ཡུམ་ལྔ་འདུས་པ་ལས། །འཁོར་རྣམས་ཀུན་ལས་ལྷག་པ་ཡི། །འོད་ཟེར་གཞོན་ནུ་ཁྲོ་གཉེར་མས། །སྒྲ་བཞི་འདུས་པའི་རང་


DNG025_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཀྱིས། །ཚིག་བརྗོད་རིམ་པ་འདི་གསོལ་ཏོ། །ཀྱེ་ཀྱེ་རིག་སྟོང་ཀུན་བཟང་མོ། །ཆོས་སྐུའི་གནས་ལུགས་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་ཡེ་ཤེས་མཁའ་འགྲོ་མ། །ཉི་མའི་སྙིང་པོ་ཁྲོ་གཉེར་མ། །ཆོས་སྐུའི་གནས་ལུགས་ངས་བསྟན་གྱི། །ལེགས་པར་ཡང་དག་ཉིད་དུ་ཟུང་། །ཆོས་སྐུའི་མཚན་ཉིད་འདི་ལྟར་རོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཡེ་ཤེས་གསུམ་ལྡན་ཚུལ་དུ་བཞུགས། །ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །ངོ་བོ་མི་འགྱུར་ལྷང་ངེ་བ། །ཁ་དོག་མཚན་མའི་ཡུལ་དང་བྲལ། །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་སྟེ། །མཐའ་དབུས་རྒྱ་ཁྱོན་ཀུན་ལས་འདས། །སྐྱེ་མེད་ཡངས་པ་ཆེན་པོའི་ཀློང་། །ནམ་མཁའ་ལྟ་བུར་ཤེས་པར་གྱིས། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གདངས་རང་གསལ་རྗེན་པར་གནས། །རང་བཞིན་སྙིང་པོ་སང་ངེ་བ། །ཟང་ཐལ་དབྱེར་མེད་ཚུལ་དུ་བཞུགས། །སྟོང་པ་ངོས་བཟུང་བྲལ་བ་ལ། །གསལ་བ་བདག་འཛིན་མེད་པ་རུ། །ཡེ་ཤེས་ལྔ་ཡི་རང་མལ་བཞུགས། །སྟོང་པའི་ཡེ་ཤེས་མཚོན་དུ་མེད། །གསལ་བའི་ཡེ་ཤེས་དགག་སྒྲུབ་བྲལ། །གཉིས་མེད་ཡེ་ཤེས་དབྱེ་བསལ་བྲལ། །སོར་རྟོགས་ཡེ་ཤེས་འོད་ཀྱི་ཁྱིམ། །ཀུན་གྲུབ་ཡེ་ཤེས་གཞི་ལ་རྫོགས། །ཕྱི་རྒྱ་མ་རལ་འོད་ཀྱི་ཁྱིམ། །ནང་དུ་འོད་ལྔ་མ་འགགས་གསལ། །སྟོང་གསལ་ཆོས་སྐུའི་ངང་དུ་གསལ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །རིག་རྩལ་ཡེ་ཤེས་འོད་ལྔ་ཤར། །མེ་ལོང་སོར་རྟོགས་མཉམ་པ་ཉིད། །བྱ་གྲུབ་ཆོས་དབྱིངས་ངང་དུ་ཁྱབ། །ཐུགས་རྗེ་ཀུན་ཁྱབ་ལམ་མེ་བ། །སྟོང་དང་གསལ་དང་མ་འགགས་པ། །ཀུན་བཟང་ཡུམ་གྱི་ཀློང་དུ་ཤར། །ཤར་བ་མེད་པའི་ཡེ་ཤེས་ལྔ། །ནུབ་པ་མེད་པའི་དབྱིངས་སུ་གསལ། །གསལ་བ་མེད་པའི་རིག་པ་ནི། །སྒྲིབ་གཡོགས་མེད་པའི་ཀློང་དུ་གསལ། །རྟག་པ་མ་ཡིན་ངོ་བོ་རང་


DNG025_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སར་སྟོང་། །ཆད་པ་མ་ཡིན་ཡེ་ཤེས་ནང་དུ་གསལ། །གཉིས་ཀ་མ་ཡིན་གཉིས་མཐའ་ཟད། །དེས་ནི་ཆོས་སྐུའི་གནས་ལུགས་བཞུགས་ཚུལ་གཏན་ལ་ཕབ་པའི་ལེའུ་སྟེ་གཉིས་པའོ།། །།ཡང་གཅིག་ཀུན་ཏུ་བཟང་མོ་ལ། །ཁྲོ་གཉེར་མ་ཡིས་ཡང་གསོལ་པ། །ཆོས་སྐུའི་གནས་ལུགས་དེ་ལྟར་ན། །ཀུན་གཞི་གཏན་ལ་ཕབ་པ་ལོངས་སྐུའི་གནས་ལུགས་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཉོན་ཅིག་སྣང་བ་ཁྲོ་གཉེར་མ། །ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྣང་བ་འདུལ་ཕྱིར་ཁྲོ་མོར་ཤར། །ཡེ་ཤེས་ལྔ་ཡི་གཉེར་མས་བརྒྱན། །ཁྱོད་ནི་ང་ཡི་གསལ་སྣང་སྐུ། །ལེགས་པར་ཡང་དག་ཡིད་ལ་ཟུང་། །སྟོང་པའི་ཡུལ་ལ་གསལ་བའི་མདངས། །ཡེ་ཤེས་ལྔ་ཡི་མུ་ཁྱུད་ལྡན། །རང་བཞིན་བབས་ཀྱིས་སྣང་བའི་ཞིང་། །ལྷུན་གྲུབ་གདལ་བ་ཆེན་པོའི་དབྱིངས། །སྣ་ཚོགས་མ་འདྲེས་ཡོངས་རྫོགས་ཤིང་། །འཐུག་པོ་བཀོད་པའི་གནས་ཉིད་དུ། །ཤར་མཐོ་ལྷོ་གཞོལ་ནུབ་འབུར་བ། །བྱང་དམའ་དབུས་སྤུངས་ལྷུན་འཐུག་པ། །དབུས་སུ་བསྡུས་ནས་མཐའ་རུ་ཡལ་བ་ལྟར། །མཐའ་རུ་བསྡུས་ནས་དབུས་སུ་ཡལ། །གདོས་བཅས་མེད་པར་སྤྲིན་འཁྲིགས་ལྟར། །རྒྱ་ཞོ་མནན་ལྟར་རྒྱ་མཚོ་ལྟར། །མེར་མེར་ཁྱོམ་ཁྱོམ་འགུལ་འགུལ་འཕྲིག །ཡོམ་ཡོམ་ལྡེག་ལྡེག་སྤར་སྤར་འཕར། །འཇའ་འོད་སྨིག་རྒྱུ་ཟ་འོག་གུར། །གཉིས་ཀ་མ་ཡིན་གཉིས་འཛིན་བྲལ། །དེ་ནི་ལོངས་སྐུའི་གནས་ ལུགས་སོ། །རྒྱུད་ཆེན་ཀློང་གསལ་འབར་མ་ལས། ལོངས་སྐུ་ལྷུན་གྲུབ་ཆེན་པོའི་གནས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ཡང་གཅིག་ཀུན་ཏུ་བཟང་མོ་ལ། །ཁྲོ་གཉེར་མ་ཡིས་ཡང་གསོལ་པ། །ལོངས་སྐུའི་གནས་ལུགས་དེ་ལྟར་ན། །སྤྲུལ་སྐུའི་གནས་ལུགས་གསུང་དུ་གསོལ། །ཞུས་


DNG025_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་ཁྲོ་གཉེར་མ་ཁྱོད་ཉོན། །ངས་བསྟན་ཡིད་ལ་ལེགས་པར་ཟུང་། །སྤྲུལ་སྐུའི་གནས་ལུགས་འདི་ལྟར་རོ། །སྤྱིར་ན་ཆོས་སྐུའི་སྤྲུལ་པ་ནི། །འགག་མེད་ཡེ་ཤེས་ལོངས་སྐུར་ཤར། །ལོངས་སྐུའི་རིག་རྩལ་མ་འགགས་པས། །སྤྲུལ་པ་གང་ལ་གང་འདུལ་དུ། །ཞི་དང་ཁྲོ་དང་རབ་ཏུ་ཁྲོ། །འོད་ཟེར་སྤྲུལ་པ་བསམ་ལས་འདས། །བྱ་བ་བྱེད་དང་བྱ་བ་རྫོགས། །ཉོན་མོངས་འདུལ་བའི་གཉེན་པོར་ཤར། །ཚད་མེད་བཞི་དང་ཕར་ཕྱིན་དྲུག །དབང་པོ་རབ་འབྲིང་ཐ་མ་གསུམ། །དོན་སྦྱོར་སྐུ་གསུམ་རང་ངོ་སྤྲད། །སྡེ་གསུམ་རིམ་དགུའི་ཆོས་རྣམས་ཀུན། །ཉོན་མོངས་ཟད་པར་བྱ་ཕྱིར་བཤད། །ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྤྲུལ་སྐུ་སྣ་ཚོགས་ཀུན་ཁྱབ་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཀུན་ཏུ་བཟང་མོ་ལ། །འོད་ཀྱི་སྙིང་པོ་ཐབས་ཀྱི་ཆ། །སྣང་བའི་ཆོ་འཕྲུལ་རིག་པའི་སྐུ། །མཁའ་འགྲོ་ལྔ་ཡིས་ཡང་ཞུས་པ། །ཀྱེ་ཀྱེ་རིག་སྟོང་ཀུན་བཟང་མོ། །སྐུ་གསུམ་བཞུགས་ཚུལ་དེ་ལྟར་ན། །སྐུ་གསུམ་གཅིག་རྫོགས་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་ཡེ་ཤེས་མཁའ་འགྲོ་མ། །མ་ཡེངས་བརྟན་པོར་ཡིད་ལ་ཟུང་། །ཆོས་སྐུའི་ངོ་བོ་སྟོང་པ་ཡིན། །དཔེར་ན་ནམ་མཁའི་དཀྱིལ་དང་འདྲ། །ལོངས་སྐུའི་ངོ་བོ་གསལ་བ་ཡིན། །དཔེར་ན་བར་སྣང་ཁམས་དང་འདྲ། །སྤྲུལ་སྐུའི་ངོ་བོ་ཐུགས་རྗེ་ཡིན། །དཔེར་ན་ཉི་ཟླ་གཟའ་སྐར་འདྲ། །དེ་ལྟར་སྐུ་གསུམ་འདུ་འབྲལ་མེད། །སྙིང་པོ་ཡེ་ཤེས་གསུམ་དང་ལྡན། །ཆོས་སྐུ་ཡེ་ཤེས་བསམ་འདས་བརྗོད་མེད་དང་། །ལོངས་སྐུ་ཡེ་ཤེས་མ་འདྲེས་སོ་སོར་གསལ། །སྤྲུལ་སྐུའི་ཡེ་ཤེས་གང་ཡང་སྒྱུར་དུ་བཏུབ། །དེ་ལྟར་ཡེ་ཤེས་ལྔ་དང་ལྡན། །སྟོང་དང་གསལ་དང་ཁྱབ་པ་གསུམ། །དབྱེར་མེད་ཉག་གཅིག་ངང་དུ་རྫོགས། །དེ་ལྟར་སྐུ་གསུམ་དེ་དག་ལ། །འདས་པའི་སྐུ་གསུམ་ལ་སྣ་གཏད། །མ་འོངས་


DNG025_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་ལ་རྒྱབ་བསྟན། །ད་ལྟར་གྱི་སྐུ་གསུམ་ལ་ལོངས་སྤྱོད། །དེ་ལྟར་དུས་གསུམ་སྐུ་གསུམ་ཉིད། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ཐོག་མའི་ཀ་དག་གསལ་སྟོང་ཁྱབ། །དེ་ཡི་དོན་ཀྱང་སྐུ་གསུམ་སྟེ། །ཐོག་མ་ཞེས་པ་འཁོར་འདས་མེད། །ཀ་དག་ཅེས་པས་ཆོས་ཀྱི་སྐུ། །གསལ་སྟོང་ཞེས་པས་ལོངས་སྤྱོད་རྫོགས། །ཁྱབ་ཅེས་པ་ནི་སྤྲུལ་པའི་སྐུ། །དབྱེར་མེད་གཅིག་གི་ཚུལ་དུ་གནས། །རྐྱེན་མེད་པ་ཡི་སྣང་བ་གསུམ། །དུ་མ་རོ་གཅིག་ཚུལ་དུ་བཞུགས། །དེ་ལྟར་སྐུ་གསུམ་གཅིག་ཏུ་དྲིལ། །མ་གཡོས་པ་ཡི་ཆོས་སུ་དང་། །མ་འཁྲུལ་པ་ཡི་སངས་རྒྱས་དང་། །མ་འགགས་པ་ཡི་སྤྲུལ་སྐུ་དང་། །རྣམ་པ་གསུམ་གྱི་ངོ་བོ་ནི། །ངོ་བོ་ཉིད་འགྱུར་ལྷང་ངེ་བ། །དང་པོ་རང་ནས་མ་གཡོས་པ། །རིག་པ་ཉིད་ཀྱང་མ་གཡོས་པ། །སྣང་བ་ཐམས་ཅད་དུས་གཅིག་རྫོགས། །སྣང་བའི་ཡུལ་རྣམས་ཁྱབ་པར་གསལ། །རང་བཞིན་ལྷུན་གྲུབ་ཆེན་པོ་ཡིན། །དེ་ཡི་ཀློང་ནས་བཀྲག་ཤར་བ། །ལྔ་ལྡན་ཚོམ་བུའི་དཀྱིལ་འཁོར་རྒྱས། །ཐིག་ལེ་རྣམ་དག་དམིགས་སུ་མེད། །དཔག་མེད་དམིགས་མེད་གྲངས་ལས་འདས། །དེ་ཡི་དཀྱིལ་དུ་རིག་པའི་སྐུ། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །སྐུ་རྐྱང་ཕྱེད་སྐུ་དབུ་རྒྱན་དང་། །སྨིན་དང་མ་སྨིན་སྨིན་པའི་རྒྱུ། །ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད། །ལྕགས་ཚགས་འབར་བ་ཉ་མིག་རིས། །རྒྱ་མཚོ་གཟའ་སྐར་ཟ་འོག་གུར། །མཛེས་པའི་རི་མོ་སྣ་ཚོགས་བརྒྱན། །སྤྱིར་ཡང་ལོངས་སྐུའི་ཆ་ལུགས་ནི། །ཡེ་ཤེས་རྣམ་པ་ལྔ་དང་ལྡན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་ལྷ། །གསལ་སྟོང་དག་པ་འཇའ་འོད་སྐུ། །སྣང་ལ་རང་བཞིན་མེད་པས་རྡོས་བཅས་དག །ཡེ་ཤེས་ཞལ་ཕྱག་རྫོགས་པའི་ཞི་ཁྲོར་གསལ། །ཞལ་ནི་ཀུན་ཏུ་ཞལ་ལ་མདུན་རྒྱབ་མེད། །ཡེ་ཤེས་རང་གསལ་མཁྱེན་པའི་མཛད་པ་མཛད། །ལར་ཡང་ལོངས་སྐུའི་


DNG025_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ནི། །ཡབ་ལྔ་ཡུམ་ལྔ་ཚོམ་བུ་ལྔ། །ཡི་གེ་ཤེས་རབ་རྟོག་པ་ལྔ། །གཞི་ལྔ་ལམ་ལྔ་འབྲས་བུ་ལྔ། །གནས་ལྔ་ཡུལ་ལྔ་ངོ་བོ་ལྔ། །སྟོང་གསལ་འགག་པ་མེད་པས་ལོངས། །ཡེ་ཤེས་ལྔ་ལ་སྤྱོད་པས་སྤྱོད། །བྱ་རྩལ་ཀུན་ལས་འདས་པས་རྫོགས། །རྟག་པ་མ་ཡིན་རྡོས་བཅོས་བྲལ། །གཟུང་དུ་མེད་ཅིང་བཅང་དུ་མེད། །གཅད་དུ་མེད་ཅིང་གཅད་དུ་མེད། །ཆད་པ་མ་ཡིན་དངོས་སུ་གསལ། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཡེ་ཤེས་ཐམས་ཅད་སྐད་ཅིག་རྫོགས། །རང་བཞིན་བབ་ཀྱི་སྣང་བ་འདི། །ཡངས་པར་ལྷུང་ལ་ཕྱོགས་ལྷུང་མེད། །དཀར་བར་སྣང་ལ་རིགས་མི་འཛིན། །སེར་བར་སྣང་ལ་ཡོན་ཏན་རྫོགས། །དམར་བར་སྣང་ལ་སྒོ་མ་འགགས། །ལྗང་གུར་སྣང་ལ་མ་བཙལ་གྲུབ། །མཐིང་གར་སྣང་ལ་ཆ་ཆེ་བ། །སྟོང་པར་སྣང་ལ་ཕྱོགས་རིས་མེད། །གསལ་བར་སྣང་ལ་དངོས་པོ་མེད། །ལྔ་རུ་ཡེ་ཤེས་སྣང་ལ་ཁ་དོག་མེད། །ཟླུམ་པོར་སྣང་ལ་གཟུགས་སུ་མེད། །མ་འགགས་པ་ལ་སྐྱོན་མཚང་མེད། །སྐུ་ལྔར་སྣང་ལ་གཟུགས་མེད་པ། །སྟོང་པར་སྣང་ལ་བེམ་པོ་མེད། །འོད་ལྔར་གསལ་ལ་ཁ་དོག་མེད། །སྟོང་པའི་ངང་ལ་བེམ་མ་འགགས། །བེམ་པོའི་ངང་ལ་སྟོང་མ་འགགས། །གསལ་བའི་ངང་ལ་མུན་མ་འགགས། །མུན་པའི་ངང་ལ་གསལ་མ་འགགས། །བག་གི་སྟོང་ལ་ཀུན་ཏུ་འཆར། །མ་འདྲེས་པ་ལ་འདྲེས་སུ་སྣང་། །ཀུན་ལ་ཁྱབ་ཅིང་གཅིག་ཏུ་འདུས། །དག་གསལ་འཁྲུལ་པ་མ་འགགས་པ། །འཁྲུལ་ལ་དག་པ་མ་འགགས་པ། །སྟོང་ལ་སྣང་བ་མ་འགགས་པ། །སྣང་ལ་སྟོང་པ་མ་འགགས་པ། །སྣང་སྟོང་གཉིས་སུ་མེད་ལ་གཅིག་མ་ཡིན། །གཅིག་ཏུ་བསྡུས་ཤིང་གཉིས་སུ་ཤར། །གནས་འགྱུ་ལ་སོགས་དེ་དང་འདྲ། །དེ་ལྟར་སངས་རྒྱས་སེམས་ཅན་གཉིས། །གཅིག་གི་ངོ་ལ་གཅིག་མ་འགགས། །ཐབས་ཤེས་ཐུགས་རྗེ་གོ་མ་འགགས། །གཞི་སྣང་ཆེན་པོའི་གནས་ལུགས་སོ། །ཀུན་


DNG025_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་པོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། )གཞི་སྐུ་གསུམ་གཅིག་དྲིལ་གྱི་བཞུགས་ཚུལ་གྱི་ལེའུ་སྟེ་ལྔ་པའོ།། །།ཡང་གཅིག་ཀུན་ཏུ་བཟང་མོ་ལ། །ཡེ་ཤེས་མཁའ་འགྲོས་ཡང་གསོལ་པ། །ཀྱེ་ཀྱེ་རིག་སྟོང་ཀུན་བཟང་མོ། །འཁོར་འདས་གཉིས་སུ་མེད་གང་དུ། །སྐུ་གསུམ་ཡེ་ཤེས་གསུམ་ལྡན་ལ། །ཀ་དག་སྒྲིབ་མེད་ཟང་ཐལ་བཞུགས། །དེ་ལྟར་གསུངས་པ་མ་འཁྲུལ་པ། །སེམས་ཅན་འཁྲུལ་ལུགས་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཉོན་ཅིག་ཡེ་ཤེས་མཁའ་འགྲོ་ལྔ། །ཀྱེ་མ་ང་ལ་འཁྲུལ་མེད་ཀྱང་། །ང་ཡི་རྩལ་ལས་འཁྲུལ་པ་ལྟར་དུ་བྱུང་། །དཔེར་ན་ནམ་མཁའ་དྭངས་པ་ལ། །སྤྲིན་དང་ཁུ་རླངས་མེད་མོད་ཀྱང་། །གློ་བུར་སྤྲིན་དང་ཁུ་རླངས་བྱུང་། །གཞི་ལ་མ་རིག་མེད་མོད་ཀྱང་། །ཐུགས་རྗེ་རྩལ་དུ་ཤར་བ་ལས། །མ་རིག་པ་ཞེས་གློ་བུར་བྱུང་། །གཞི་ཡི་ངོ་བོ་རང་རྩལ་ཤར། །ཕྱི་རྒྱ་དུམ་གཅིག་རལ་པ་ལ། །ལྷུན་གྲུབ་ཅེས་བྱའི་གཞི་མ་ཤར། །ཐུགས་རྗེའི་རང་རྩལ་རྫོགས་པ་ལ། །སྣང་བ་ཆེན་པོ་ཞིག་ཏུ་གནས། །དེ་ལྟར་ཤར་ལུགས་ཆེན་པོ་བརྒྱད། །ཐུགས་རྗེ་ལྟར་ཤར་གོ་མ་འགགས། །འོད་ལྟར་ཤར་བས་སྣང་མ་འགགས། །ཡེ་ཤེས་ལྟར་དུ་ཤར་བས་ན། །ལོངས་སྤྱོད་རྫོགས་པའི་ཡུལ་མ་འགགས། །སྐུ་ལྟར་ཤར་བས་དངོས་མ་འགགས། །གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། །གཉིས་སུ་མ་ཡིན་གཅིག་མཐའ་ཟད། །གཉིས་མེད་ལྟར་ཤར་ངེས་པ་མེད། །མཐའ་གྲོལ་ལྟར་ཤར་ཐབས་མ་འགགས། །དག་པ་ལྟར་དུ་ཤར་བས་ན། །ཡེ་ཤེས་འཇུག་པའི་སྒོ་མ་འགགས། །མ་དག་པ་ལྟར་ཤར་བ་ཡིན། །ཐུགས་རྗེ་འདོད་ཡོན་སྒོ་མ་འགགས། །དེ་ལྟ་བུ་ཡི་སྣང་བ་སྣ་ཚོགས་པ། །སྐུ་ཡི་འོད་ཟེར་ལ་ཆགས་ཏེ། །ནང་གི་གཞོན་ནུ་བུམ་པའི་སྐུ། །ཤེས་བྱ་རྒྱ་ནི་རལ་པ་སྟེ། །ཕྱི་ལྷུན་


DNG025_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་པོར་གནས་པའོ། །དེ་རྩལ་ལོངས་སྤྱོད་རྫོགས་སྣང་འཆར། །དེ་རྩལ་ཡོན་ཏན་མ་འགགས་པས། །རང་བཞིན་སྤྲུལ་པའི་སྐུ་རྣམས་སྲིད། །དེ་ཡི་ཐུགས་ལ་མ་འགགས་པས། །མ་དག་པ་ཡི་སྣང་ལུགས་བྱུང་། །དེ་ལས་སྣང་བའི་འཁྲུལ་ཚུལ་མང་། །དག་པ་རྣམས་ལ་ལྷུན་གྲུབ་སྟེ། །མ་དག་རྣམས་ལྔ་རིགས་དྲུག་ཤར། །དེ་ལྟར་ལྷུན་གྲུབ་གཅིག་པོ་ལ། །སྣང་ལུགས་རྣམ་པ་བཞི་རུ་སྣང་། །ཡེ་ཤེས་གསལ་བའི་ཡུལ་ལྔ་ལས། །གཉིས་འཛིན་སེམས་ཅན་བྱུང་བའོ། །དེ་ཚེ་རྐྱེན་བཞི་འདུས་པ་ལས། །འཁྲུལ་པའི་གཞི་མ་བཞི་རུ་འབྱུང་། །རྒྱུ་ཡི་རྐྱེན་ནི་ལྷུན་གྲུབ་དང་། །དམིགས་པའི་རྐྱེན་ནི་འོད་སྣང་ཉིད། །བདག་པོའི་རྐྱེན་ནི་ཐུགས་རྗེ་རང་། །དེ་གསུམ་དུས་གཅིག་མཚུངས་པས་ན། །མཚུངས་པ་དེ་མ་ཐག་གི་རྐྱེན། །རྐྱེན་བཞིས་འཁྲུལ་པའི་དུས་ཚོད་ནི། །རིག་དང་མ་རིག་གཉིས་འཛིན་གཉིས། །ལྷུན་གྲུབ་ཡུལ་ལ་ཤར་དུས་འཁྲུལ། །འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་། །ལྷུན་གྲུབ་དང་ནི་ཐུགས་རྗེའོ། །དེ་ཡང་འདི་ལྟར་འཁྲུལ་ལུགས་བཤད། །ལྷུན་གྲུབ་ཆེན་པོའི་ནང་དབྱིངས་སུ། །མ་རིག་འགྱུ་བ་རིག་རིག་པོ། །ཐུགས་རྗེ་སྤྲུལ་པའི་རྩལ་དུ་ཤར། །ནང་དུ་འགྱུ་བྱེད་དེ་ཤེས་ནི། །ཕྱི་ཡི་ཡུལ་སྣང་རྣམས་ལ་བརྟགས། །འོད་ཁྱིམ་ཡེ་ཤེས་ལྔ་པོ་ལ། །རེ་རེ་བཞིན་དུ་རྟོག་དཔྱོད་བཏང་། །འོད་ཁྱིམ་ཕ་གི་ང་ཡིན་ནམ། །ཡང་ན་གཞན་མ་ཞིག་ཡིན་ནམ། །ང་ནི་འོད་ལས་བྱུང་བའམ། །ཡང་ན་རང་ལ་འོད་བྱུང་ངམ། །སྣང་བ་ཐམས་ཅད་རང་ཡིན་ནམ། །ཡང་ན་བཞིན་སྣང་ཡིན་ནམ་བསམ། །དེ་ལ་ཡིད་དུ་འགྱུས་པ་ལས། །རྣམ་རྟོག་གཅིག་ལ་གཅིག་མཐུད་ནས། །རྣམ་རྟོག་ལུ་གུ་རྒྱུད་དུ་འདྲེལ། །ལྷུན་གྲུབ་དག་ཀྱང་རྟོག་པས་བསྐུམས། །འབྱུང་བཞིའི་ས་བོན་རྣམ་བཞི་ཆགས། །འབྱུང་བཞི་རེས་འདུས་རེས་བྱེར་པས། །འབྱུང་བ་དེ་རྣམས་ནགས་སུ་སོང་། །ལྷུན་གྲུབ་


DNG025_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་བེམ་པོའི་ནང་དུ་འཐུམས། །བེམ་པོ་དག་ཀྱང་རིགས་དྲུག་རྒྱ་ཡི་འཐུམས། །སྡུག་བསྔལ་རེས་མོས་འཁོར་བའོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། གཞི་ལས་འཁྲུལ་པ་བྱུང་ཚུལ་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་འབྱུང་ལྔའི་བདག་མོ་རིགས་བཞིའི་མཁའ་འགྲོ་མས་ཞུས་པ། ཀྱེ་ཀྱེ་ཀུན་བཟང་ཉི་མའི་ཀློང་། །གཞི་ལ་འཁྲུལ་ཚུལ་བཤད་ན་ཡང་། །ཕྱི་སྣོད་འཇིག་རྟེན་འཁྲུལ་ཚུལ་དུ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་འབྱུང་བཞིའི་བདག་མོ་ཉོན། །གཞི་ཡི་རླུང་དང་རིག་པའི་རྩལ། །ཤེས་པ་བདག་ཏུ་བཟུང་བའི་སེམས། །ནང་ནས་ཡེ་ཤེས་ལྔ་ལ་བཟུང་། །མེ་ལོང་ཡེ་ཤེས་ཆུ་ཡི་གཞི། །མཉམ་ཉིད་ཡེ་ཤེས་ས་ཡི་གཞི། །སོར་རྟོགས་ཡེ་ཤེས་མེ་ཡི་གཞི། །བྱ་གྲུབ་ཡེ་ཤེས་རླུང་གི་གཞི། །ཆོས་དབྱིངས་ཡེ་ཤེས་ནམ་མཁའ་གཞི། །ཡེ་ཤེས་ལྔ་ལ་བདག་བཟུང་དང་། །ང་མིན་ང་འདྲ་གཉིས་འཛིན་བྱུང་། །གཉིས་འཛིན་རྟོག་པའི་ཆ་ལ་ནི། །ཨེ་རཾ་ཡཾ་ཁཾ་སུ་རུ་གསལ། །འབྱུང་བཞི་གཞི་མ་རྣམ་ལྔ་ནི། །དེར་འཛིན་བདག་ཏུ་སོང་བ་ལས། །འབྱུང་ལྔ་བེམ་པོ་ཅན་དུ་གྲུབ། །ཡེ་ཤེས་ལྔ་པོ་གསལ་མ་ནུས། །འབྱུང་ལྔས་ཧྲིལ་གྱིས་འཐུམས་པའོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཕྱི་སྣོད་དུ་འཁྲུལ་པའི་ལེའུ་སྟེ་བདུན་པའོ།། །།ཡང་གཅིག་ཀུན་ཏུ་བཟང་མོ་ལ། །རྟོག་ཚོགས་མཁའ་འགྲོ་ལྔས་གསོལ་པ། །ཡེ་ཤེས་ལྔ་པོ་འབྱུང་ལྔར་འཁྲུལ། །དེ་ཡི་འཁྲུལ་ལུགས་བཤད་ན་ཡང་། །ནང་བཅུད་འཁྲུལ་ལུགས་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཀྱེ་འབྱུང་ལྔའི་བདག་མོ་ནི། །རྟོག་ཚོགས་གཉིས་འཛིན་མཁའ་འགྲོ་ཉོན། །ཡེ་ཤེས་རྩལ་


DNG025_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུགས་རྗེ་ལས། །རླུང་སེམས་ཡིད་དུ་འགྱུས་པ་ལས། །བེམ་སྟོང་ནམ་མཁའ་ཆོས་འབྱུང་བཤད། །ནམ་མཁའི་རྩལ་ཤུགས་རྫོགས་པ་ལས། །ཤུགས་ལྡན་བརྒྱད་ཁྲི་འབྱུང་བཞི་བཟུང་། །དེ་ནི་ལྟེ་བར་དྲོད་རླན་བྱུང་། །རླན་ལ་དྲོད་ཀྱི་ངར་ཡང་བཏགས། །དྲོད་ལ་རླན་གྱི་རྩལ་རྒྱས་པས། །ཟིལ་པ་ཕྲོམ་ཕྲོམ་ལ་སོགས་ཀྱང་། །རེས་བསྡུས་རེས་བཤིགས་བྱས་པ་ལས། །རྒྱ་མཚོ་ཆེན་པོ་ཆགས་པའོ། །རྒྱ་མཚོ་རླུང་གིས་བསྐྱོད་པ་ལས། །བསྲུབས་ཤིང་རླངས་པའི་ལྦུ་བ་ལ། །དབང་ཆེན་གསེར་གྱི་ས་གཞི་བརྡལ། །དྭངས་མ་རྣམས་ལ་རིན་ཆེན་ལྔ། །སྙིགས་མ་རྣམས་ལ་ས་དང་རྡོ། །རིམ་པ་བཞིན་དུ་ཆགས་པའོ། །འབྱུང་བ་ལྔ་ཡི་ནང་ཤེད་ནས། །དྭངས་མ་དུད་རླངས་ལག་ངར་ཙམ། །ཡར་ལ་ཆད་ཅིང་འདྲིལ་བ་ལས། །འོད་སྐོར་རྦ་ཕུབ་ཙམ་པ་གཉིས། །གཅིག་ནི་སྣང་ལ་རང་བཞིན་མེད། །དེ་ལ་སྐྱེ་མཆེད་མུ་བཞི་ཆགས། །འོད་གཉིས་པ་ལ་མཐོ་རིས་གནས་བཅུ་ཆགས། །དེ་ནས་འོད་གསུམ་གྱི་རྩལ། །འགྱུ་བ་སེམས་ཡིད་སྣ་ཚོགས་འགྱུ། །ཡིད་ཀྱི་སྤྱན་གྱིས་ཀུན་ལ་གཟིགས། །གཟིགས་པས་སྲིད་པ་འོད་ཀྱི་གཟུགས། །སྒོ་ང་ཁ་དོག་ལྔ་ལྡན་མཐོང་། །དེ་ཉིད་མཛེས་པར་མཐོང་ནས་སུ། །ཡིད་ཀྱིས་སྦྱོར་བ་བྱས་པ་ལ། །མཛེས་པའི་ཆགས་སེམས་སྒོ་ངར་འཐུམས། །ཉི་མ་རབ་སྣང་མ་ཡི་ཚུལ། །ཟླ་བ་དྲི་མེད་ཕ་ཡི་ཚུལ། །ཕྱི་ལྟར་ཤེད་བུ་ཤེད་ལ་སོགས། །ནང་ལྟར་འདོད་ཆགས་བྱ་སྒོང་དང་། །ཞེ་སྡང་སྦྲུལ་གྱི་སྒོ་ང་དང་། །གསང་བ་ལྟར་ན་ཐབས་ཤེས་གཉིས། །དེ་དུས་ཟ་བའི་ཟས་མེད་པས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱད། །ས་ཆུ་མེ་རླུང་བཞི་པོ་ལ། །གཟུགས་སྒྲ་དྲི་རོ་འདོད་ཡོན་བཞི། །ནམ་མཁའ་དག་ལ་རེག་དང་ལྔ། །འདོད་པའི་ཁ་ལོ་ཕྱིར་མ་ལོག །འདོད་ཡོན་ལྔ་ཡང་ཡུལ་ལྔར་འཁྲུལ། །འདོད་པའི་ཁ་ལོ་ནང་དུ་ལོག །ནང་དུ་འཛིན་པའི་སེམས་


DNG025_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོང་། །ཕྱི་རུ་བཟུང་བའི་ཡུལ་ལྔ་དང་། །ནང་དུ་བཟུང་བའི་དུག་ལྔ་གཉིས། །གཟུང་འཛིན་གཉིས་ལ་ཉོན་མོངས་བྱུང་། །ཆུ་ལ་བདག་བཟུང་ཞེ་སྡང་བྱུང་། །ས་ལ་བདག་བཟུང་ང་རྒྱལ་བྱུང་། །མེ་ལ་བདག་བཟུང་འདོད་ཆགས་བྱུང་། །རླུང་ལ་བདག་བཟུང་ཕྲག་དོག་བྱུང་། །ནམ་མཁའ་བདག་བཟུང་གཏི་མུག་བྱུང་། །གཟུང་འཛིན་གཉིས་ལ་ཁོང་ཁྲོ་བྱུང་། །དེ་དྲུག་འབྲས་བུ་རིགས་དྲུག་སྨིན། །ཞེ་སྡང་ཆ་ལ་དམྱལ་བ་རྣམས། །ང་རྒྱལ་ཆ་ལ་ལྟ་རྣམས་དང་། །འདོད་ཆགས་ཆ་ལ་ཡི་དྭགས་རྣམས། །ཕྲག་དོག་ཆ་ལ་ལྷ་མ་ཡིན། །ཁོང་ཁྲོའི་ཆ་ལ་ལྷ་མི་གཉིས། །གཏི་མུག་ཆ་ལ་བྱོལ་སོང་ངོ་། །འགྲོ་བ་རིགས་དྲུག་དཔག་ཏུ་མེད། །དམྱལ་བ་རྣམས་ལ་གཤིན་རྗེ་བྱུང་། །ལྷ་ལ་ཕྱ་དང་དབང་ཕྱུག་བྱུང་། །ཡི་དྭགས་རྣམས་ལ་མོ་འདྲེ་བྱུང་། །ཕོ་འདྲེ་རྣམས་ཀྱང་ཞོར་ལ་བྱུང་། །ལྷ་མ་ཡིན་ལ་གཟའ་སྲིན་བྱུང་། །བྱོལ་སོང་རྣམས་ལ་ཀླུ་གཉན་བྱུང་། །འགྲོ་བ་རིགས་དྲུག་དེ་དག་ལ། །ང་དང་བདག་ཏུ་བཟུང་བ་ལ། །ལྷ་ལ་ཕམ་ལྷུང་སྡུག་བསྔལ་དང་། །ལྷ་མ་ཡིན་ལ་འཁྲུག་རྩོད་དང་། །མི་ལ་དྲེལ་ཕོངས་སྡུག་བསྔལ་དང་། །བྱོལ་སོང་རྣམས་ལ་གླེན་ལྐུགས་དང་། །ཡི་དྭགས་རྣམས་ལ་བཀྲེས་སྐོམ་དང་། །དམྱལ་བ་རྣམས་ལ་བཙོ་བསྲེག་དང་། །འཁོར་བ་ཉིད་དུ་འཁོར་བའོ། །སྲིད་པའི་རྩ་བ་གཟུང་འཛིན་གྱིས། །ནང་བཅུད་སེམས་ཅན་བསྡུས་པའོ། །ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། སྣང་བ་བཅུད་དུ་འཁྲུལ་པའི་ལེའུ་སྟེ་བརྒྱད་པའོ།། །།ཡང་གཅིག་ཀུན་ཏུ་བཟང་མོ་ལ། །འབྱུང་ལྔའི་བདག་མོས་འདི་སྐད་གསོལ། །སྣོད་བཅུད་དེ་ལྟར་འཁྲུལ་པ་ལས། །མ་འཁྲུལ་ཡེ་ཤེས་གནས་ལུགས་སྟོན། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་འབྱུང་ལྔའི་བདག་མོ་ཉོན། །ས་རྡོ་རི་བྲག་སྙིགས་མ་


DNG025_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དེ་ཡི་དྭངས་མ་རྩི་ཐོག་ཡིན། །འབྱུང་བ་ཆུ་འདི་སྙིགས་མ་ཡིན། །དེ་ཡི་དྭངས་མ་ཟླ་ཆུ་ཡིན། །འབྱུང་བ་མེ་འདི་སྙིགས་མ་ཡིན། །དེ་ཡི་དྭངས་མ་ཉི་མ་ཡིན། །འབྱུང་བ་རླུང་འདི་སྙིགས་མ་ཡིན། །དེ་ཡི་དྭངས་མ་རང་རྩལ་ཡིན། །འབྱུང་བ་ནམ་མཁའི་སྙིགས་མ་ཡིན། །དེ་ཡི་དྭངས་མ་འཇའ་ཚོན་ཡིན། །ཕྱི་ལྟར་འབྱུང་བ་རྣམ་པ་ལྔ། །ནང་ལྟར་ཡེ་ཤེས་རྣམ་པ་ལྔ། །གསང་བ་ལྟར་ན་འཇའ་ཚོན་ལྔ། །ཡང་གསང་ལྟར་ན་མཁའ་འགྲོ་ལྔ། །བླ་མེད་ལྟར་ན་སྲོག་ཡིག་ལྔ། །དེ་ལྟར་འབྱུང་ལྔ་ལ་སོགས་ལྔ། །བྱས་པ་མེད་པའི་ནམ་མཁའ་ལ། །བྱུང་བ་མེད་པའི་ཡེ་ཤེས་ཤར། །དོན་གྱི་སྙིང་པོ་མ་འདྲེས་པ། །ལྔ་ལྡན་ཆུ་ཡི་དཀྱིལ་འཁོར་རྒྱས། །གཟུང་འཛིན་བྲལ་བའི་བར་སྣང་ལ། །མ་འདྲེས་ཡོངས་རྫོགས་སྐུ་གསུམ་ཤར། །འཁྲུལ་སྣང་ཐམས་ཅད་ཞིང་ཁམས་ལྔ། །ཆོས་ཉིད་བརྡལ་བ་ཆེན་པོའི་ཞིང་། །དག་དང་མ་དག་གཉིས་འཛིན་བྲལ། །སྟོང་གསལ་མདངས་ལྔ་རྫོགས་པ་རུ། །ལྷུན་གྲུབ་འོད་ཀྱི་གོང་བུར་གསལ། །ཁམས་གསུམ་ཐམས་ཅད་དག་པའི་ཞིང་། །སྲིད་གསུམ་ཐམས་ཅད་དག་པ་ཡི། །སྟོང་གསུམ་ཐམས་ཅད་སྐུ་གསུམ་དང་། །ཞེས་ཀུན་ཏུ་བཟང་མོས་བཀའ་སྩལ་ཏོ། །ཡང་གཅིག་ཕྱི་སྣོད་ཞིང་ཁམས་ལ། །དག་པའི་ཞིང་ཁམས་གནས་ཚུལ་བཤད། །འབྱུང་བཞིའི་བདག་མོ་ཡང་ཉོན་ཅིག །འདི་ནས་ཤར་ཕྱོགས་འཇིག་རྟེན་ཁམས། །ཞིང་ཁམས་མིང་ནི་མངོན་པར་དགའ། །སྤྲུལ་སྐུའི་ཞིང་ཁམས་ཡངས་པ་དེར། །གཞལ་ཡས་ཁང་ནི་འདི་ལྟ་སྟེ། །ཤར་རི་དཀར་པོ་ཤེལ་ལས་གྲུབ། །གྲུ་བཞི་སྒོ་བཞི་རྟ་བབས་ལྡན། །ས་གཞི་ཐམས་ཅད་རིན་པོ་ཆེ། །ཡིད་དུ་འོང་ཞིང་ལྟ་ན་སྡུག །རིན་པོ་ཆེ་ཡི་ཐེམ་སྐས་དང་། །ཕྱོགས་བཞིར་གསེང་སྐར་ཆེན་པོ་བཞི། །གསེང་ཀའི་ནང་དུ་ཉི་མ་ཤར། །རིན་ཆེན་ཤེལ་གྱི་ཁྱིམ་དང་འཐབ། །ནང་དུ་ཡེ་ཤེས་འོད་ལྔར་ལྡན། །གཞལ་ཡས་དེ་ཡི་ཕྱི་


DNG025_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དུ། །ཡན་ལག་བརྒྱད་ལྡན་ཆུ་བོ་དང་། །དྲི་ཞིམ་ཁྲུས་ཀྱི་རྫིང་བུ་དང་། །འཚོ་བྱེད་སྨན་གྱི་ལྡུམ་ར་ཡོད། །དེ་ལ་ནད་ཀྱིས་ཉེན་པ་རྣམས། །འཐུངས་བཀྲུས་ཟོས་པས་ནད་རྣམས་བྱང་། །དེ་ཡི་ཕྱི་མ་ལྕགས་རི་ལ། །མཚོ་ལུ་ཆེན་པོ་བརྒྱད་ཡོད་དེ། །དེ་ཡི་ནང་ན་བྱ་ཡི་རིགས། །རྣམ་པ་སྣ་ཚོགས་ཉིད་དུ་སྟེ། །བྱ་ཡི་རྒྱལ་པོ་ངང་པ་དང་། །འཐིང་རིལ་དག་དང་ཀ་ཏི་དང་། །རྨ་བྱ་ནེ་ཙོ་ཤང་ཤང་དང་། །ཁུ་བྱུག་རི་སྐེགས་ལ་སོགས་པ། །བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །ཡིད་འོང་བྱ་ནི་འདི་ལྟ་སྟེ། །ཀང་ཀ་རི་དང་ཟེར་མོ་དང་། །ལྦ་བ་དང་བྱ་སྐད་དྲིའུ་སྐད། །ཀི་ཏིང་གསེར་གྱི་རྡོ་རྗེའི་གཟུགས། །དེ་ལ་སོགས་པ་བྱ་ཡི་རིགས། །གཡུ་ལྟར་སྔོ་ལ་དུང་ལྟར་དཀར། །བྱེ་རུ་ལྟར་དང་ཨིན་དྲ་དང་། །རིགས་ལྡན་བྱ་ལ་ཡིད་དུ་འོང་། །གསུང་སྙན་རྣམ་པ་སྣ་ཚོགས་སྒྲོགས། །དེ་དག་རྣམས་ཀྱི་ཕྱི་རིམ་དུ། །རིན་ཆེན་བདུན་གྱི་ལྕགས་རི་ཡོད། །དེ་དག་རྣམས་ཀྱི་དབུས་སུ་ནི། །རིན་ཆེན་བདུན་གྱི་ཁྲི་རྐང་ཡོད། །ཆོས་འཆད་པ་ཡི་བསྟན་པ་ཡོད། །ཕོ་བྲང་དེ་ཡི་གཙོ་བོ་ནི། །སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཞེས། །མཚན་དང་དཔེ་བྱད་ལྡན་པ་ལ། །རྡོ་རྗེ་རིགས་ཀྱི་འཁོར་གྱིས་བསྐོར། །སྲོད་ལ་རྒྱུ་ཡི་ཆོས་རྣམས་གསུང་། །ཉིན་ཕྱེད་འབྲས་བུའི་ཆོས་རྣམས་གསུང་། །དེ་ལྟར་དུས་བཞིར་ཐུན་བཞིའོ། །དེ་རུ་གནས་པའི་བྱང་སེམས་རྣམས། །སྐྱེ་བ་གཅིག་གིས་ཐོགས་པའོ། །ལོ་ཡང་ལྔ་བརྒྱ་ལྔ་བཅུ་ཐུབ། །ཞིང་ཁམས་དེ་ནི་ཁྱད་པར་འཕགས། །སྐོམ་རྣམས་བདུད་རྩིའི་ཆུ་འཐུངས་པས། །སྐོམ་པའི་ཚད་པ་མེད་པའོ། །ཏིང་འཛིན་གཙང་མའི་ཟས་ཟ་བས། །ཟས་ཞེས་བྱ་བའི་མིང་ཡང་མེད། །འདོད་ཡོན་ལྔ་ལ་ལོངས་སྤྱོད་པས། །ལྟོགས་འཕྱུགས་བྱ་བའི་མིང་ཡང་མེད། །གཞལ་ཡས་དེ་ཡི་ཟུར་བཞི་ལ། །མུ་ཏིག་ཆེན་པོ་རྣམ་བཞི་ཡོད། །བར་སྣང་ཐམས་ཅད་


DNG025_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

གཡེར་ཁས་སྦྲེལ། །སྦྲེལ་ཐག་རླུང་གིས་བསྐྱོད་ཙམ་ལས། །ཡིད་འོང་སྣ་ཚོགས་སྒྲ་དང་ལྡན། །ཕྱོགས་བཞིར་རབ་བརྟན་སྣ་ཚོགས་བཞི། །རླུང་གིས་བསྐྱོད་པའི་དྲི་ཞིམ་འཐིབ། །ཞིང་ཁམས་དེ་ཡི་ཡོན་ཏན་ནི། །དཔག་མེད་བསམ་ལས་འདས་པའོ། །ཞིང་ཁམས་གནས་དང་བཅས་པ་དེ། །འདི་ནས་ཤར་གྱི་ཕྱོགས་རོལ་དུ། །དཔག་ཚད་ལྔ་བརྒྱ་འདས་པའི་སྟེང་། །རིག་པ་རང་སྣང་ཡུལ་ན་བཞུགས། །དེ་རུ་སྐྱེས་པའི་བྱང་སེམས་རྣམས། །སུམ་ཅུ་རྩ་གསུམ་དག་དང་ནི། །ལོངས་སྤྱོད་ཐམས་ཅད་མཉམ་པའོ། །དེ་ནི་ས་ལ་གནས་པ་ཡིས། །ཤར་ཕྱོགས་མངོན་དགའི་ཞིང་འཁོད་དོ། །ཡང་གཅིག་རིགས་བཞིའི་བདག་མོ་དང་། །འབྱུང་ལྔའི་བདག་མོ་ཐམས་ཅད་ཉོན། །འདི་ནས་ལྷོ་ཡི་ཕྱོགས་རོལ་དུ། །དཔལ་དང་ལྡན་པའི་ཞིང་ཁམས་ནི། །རིན་ཆེན་གསེར་ལས་གྲུབ་པ་ལས། །ཡོན་ཏན་ཐམས་ཅད་ཤར་དང་གཅིག །རིགས་ཀྱི་སྤྲུལ་སྐུ་རིན་ཆེན་འབྱུང་། །འཁོར་དུ་རིན་ཆེན་མཁའ་འགྲོས་བསྐོར། །ཁ་དོག་གཙོ་བོ་མ་གཏོགས་པ། །གོང་དང་འདྲ་བས་རིགས་པར་བྱ། །ཡང་གཅིག་འབྱུང་ལྔའི་བདག་མོས་ཉོན། །འདི་ནས་ནུབ་ཕྱོགས་ཕྱོགས་རོལ་ན། །པདྨ་བརྩེགས་པའི་ཞིང་ཁམས་ན། །པདྨ་རཱ་ག་དག་ལས་གྲུབ། །སྟོན་པ་སྣང་བ་མཐའ་ཡས་སོ། །འཁོར་ནི་པདྨའི་རིགས་མཆོག་གོ། །ཡོན་ཏན་གྲུབ་ཚུལ་ཐམས་ཅད་ཀུན། །ཤར་དང་འདྲ་བར་རྫོགས་པའོ། །ཡང་གཅིག་འབྱུང་ལྔའི་བདག་མོ་ཉོན། །འདི་ནས་བྱང་གི་ཕྱོགས་རོལ་ན། །ལས་རབ་བརྩེགས་པའི་ཞིང་ཁམས་ཡོད། །ཨིནྡྲ་ནཱི་ལའི་གཞལ་ཡས་ཁང་། །སྤྲུལ་སྐུ་དོན་ཡོད་གྲུབ་པ་ལ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །གནས་ཀྱི་ཡོན་ཏན་བརྗོད་ཚུལ་རྣམས། །མངོན་དགའ་དག་དང་མཚུངས་པའོ། །ཡང་གཅིག་འབྱུང་ལྔའི་བདག་མོ་ཉོན། །འདི་ནས་དབུས་ཀྱི་ཕྱོགས་རོལ་ན། །འཐུག་པོ་བཀོད་པའི་ཞིང་ཁམས་ན། །


DNG025_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་ཌཱུརྱ་ལས་གྲུབ་པ་སྟེ། །སྤྲུལ་སྐུ་རྣམ་སྣང་ཆེན་པོ་ལ། །བུཌྜྷ་རིགས་ཀྱི་འཁོར་གྱིས་བསྐོར། །ཡོན་ཏན་ཐམས་ཅད་ཤར་དང་གཅིག །རིགས་ལྔའི་ཞིང་ཁམས་ལྔ་པོ་ནི། །ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་མཐིང་། །ཀུན་ཀྱང་མ་འདྲེས་མཚན་ཉིད་འཛིན། །ཞིང་ཁམས་ལྔ་པོ་འདི་དག་ལ། །སེམས་རིགས་རྣམ་པ་གསུམ་མེད་དོ། །འཇིག་རྟེན་པ་ཡི་སེམས་མེད་དོ། །དྲི་མ་དྭངས་པས་སེམས་མེད་དོ། །མཐའ་བཞི་དྲི་མའི་སེམས་མེད་དོ། །རིགས་དྲུག་ཉོན་མོངས་དྲུག་མེད་དོ། །རྐྱེན་བཞི་རྐྱེན་གསུམ་ལ་སོགས་མེད། །ཅེས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཕྱི་སྣོད་དུ་འཁྲུལ་པའི་ཡུལ་ལྔ་ལ་མ་འཁྲུལ་པའི་སྤྲུལ་སྐུའི་ཞིང་ཁམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གནས་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།ཡང་གཅིག་ཀུན་ཏུ་བཟང་མོ་ལ། །རྩལ་སྣང་མཁའ་འགྲོ་ལྔས་གསོལ་པ། །ཞི་བའི་གནས་ཚུལ་གསུངས་ན་ཡང་། །ཁྲོ་བོའི་གནས་ཚུལ་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཉོན་ཅིག་རིགས་མདངས་མཁའ་འགྲོ་ལྔ། །ཞི་བའི་ཞིང་ཁམས་ལྔ་པོ་ཡིས། །རང་རང་མདུན་གྱི་བར་སྣང་དུ། །སྤྲུལ་སྐུ་ཁྲོ་བོའི་ཞིང་ཁམས་ཡོད། །མིང་ནི་དུར་ཁྲོད་མེ་རི་འབར། །དེ་རུ་གཞལ་ཡས་ཁང་ཆེན་པོ། །ཐོད་པའི་ཁང་པ་གྲུ་བཞི་པ། །ཐོད་སྐམ་ཀུན་གྱིས་འགྲམ་བཞི་བྱས། །རྙིང་པ་ཀུན་གྱིས་པར་རྩིགས་བྱས། །ལྕང་ལོ་ཅན་གྱིས་ཁ་བད་བྱས། །རྒྱ་དང་འཕང་དུ་དཔག་ཏུ་མེད། །གནམ་ལྕགས་གཟེར་བཏབ་རཀྟས་བྱུག །ཉི་ཟླའི་ཀ་གདན་འོད་དང་བཅས། །ཆུ་སྲིན་ཀ་ཞུ་ལྷ་བརྒྱད་གདུང་། །གཟའ་བརྒྱད་ཀ་བ་རྒྱུ་སྐར་ཕྱམ། །མཆོག་གི་བྲལ་མ་ཞིང་ཆེན་གཡོགས། །ཉིན་བཞིན་རླུང་འཚུབ་མཚན་མེ་འབར། །གཞལ་ཡས་དེ་ཡི་ཟུར་བཞི་རུ། །ཞིང་ཆེན་གདུགས་དང་ཐོད་པའི་གཡོག །


DNG025_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ལྷ་ནི་གར་སྟབས་སྒྱུར། །ས་གཞི་ཐམས་ཅད་རཀྟའི་མཚོ། །ཞིང་ཆེན་ཞིང་ཆུང་བརྡལ་བའི་ཀློང་། །གཞལ་ཡས་དེ་ཡི་ནང་ཉིད་དུ། །གཞོན་ནུ་དཔའ་བོ་སྟོབས་དང་ལྡན། །ཐུགས་རྗེ་ཞི་བར་མ་གཡོས་ཀྱང་། །སྐུ་ནི་ཁྲོ་བོའི་ཆ་ལུགས་བསྟན། །མཁའ་འགྲོ་ཁྲོ་བོའི་ཚོགས་ཀྱིས་བསྐོར། །མཁའ་འགྲོ་པཱུརྣ་ཉེར་ཞི་དང་། །ཚངས་པ་ཉིད་ནི་དུང་མགྲིན་ཅན། །དྲང་སྲོང་ཟླ་འོད་གཞོན་ནུ་དང་། །ཨེ་ཀ་ཙ་ཏི་སྤུན་དྲུག་དང་། །དེ་ཡི་བྲན་མོ་བཅུ་བཞི་དང་། །གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་། །ཡང་གཡོག་འབུམ་ཁྲི་འབུམ་སྟོང་དང་། །མཁའ་འགྲོ་མ་ཡི་འདུ་ཚོགས་ནི། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །བྱེ་བ་དུང་ཕྱུར་གྲངས་མེད་བསྐོར། །ཁྲོ་བོ་དེ་ཡི་ཐུགས་སྤྲུལ་ནི། །ཕྱག་ན་རྡོ་རྗེ་ལ་སོགས་ཏེ། །ཁྲོ་བོ་དཔག་ཏུ་མེད་པས་བསྐོར། །འཁོར་གྱི་སྡེ་ཚོགས་དག་ལ་ཡང་། །ཡང་གསང་བླ་ན་མེད་པའི་ཆོས། །ཀློང་གསལ་ཉི་མ་འདི་ཉིད་ཀྱིས། །ཞི་བ་སྤྲུལ་པའི་སྐུ་རྣམས་ནི། །གྲོལ་བའི་བྱེད་པ་ཐམས་ཅད་ཀྱང་། །ཁྲོ་བོ་རྣམས་ཀྱི་གཉེར་མ་ནི། །ཡེ་ཤེས་ལྡན་པ་ཤ་སྟག་གོ། །དབང་པོ་ཐ་མ་ཐམས་ཅད་ནི། །འདི་ལ་དྲེད་ཅིང་དངངས་པས་ན། །ཞི་བ་རིགས་ལྔའི་ཞིང་ཁམས་སུ། །སྐྱེ་བ་ལེན་པ་ཤ་སྟག་གོ། །དེ་ནི་དབྱིངས་དང་ཡེ་ཤེས་དང་། །ཐུགས་རྗེའི་དགོངས་སྤྱོད་ བསྟན་པའོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། དབྱིངས་ལ་ཁྲོ་བོ་གནས་པའི་ལེའུ་སྟེ་བཅུ་པའོ།། །།ས་མ་ཡ། ཡང་གཅིག་ཀུན་ཏུ་བཟང་མོ་ལ། །མཁའ་འགྲོ་རིགས་ལྔས་ཡང་ཞུས་པ། །ཀྱེ་ཀྱེ་ཀུན་ཏུ་བཟང་མོ་ཆེ། །ཕྱི་སྣོད་འབྱུང་བ་ལྔ་པོ་ལ། །མ་འཁྲུལ་ཞི་ཁྲོ་གནས་པ་ལ། །ནང་བཅུད་སེམས་ཅན་ཅིར་མི་གྲོལ། །ཞུས་པའི་ལན་དུ་བཀའ་སྩོལ་ཅིག །ཀྱེ་ཧོ་མཁའ་འགྲོ་རིགས་ལྔ་ཉོན། །ནང་བཅུད་རང་གྲོལ་ཉིད་ཡིན་ཏེ། །མ་རིག་པ་ཡི་སྣང་བ་ལས། །ཞིང་ཁམས་དེ་དག་དགྲར་ལངས་ཏེ། །ཞིང་


DNG025_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གཞན་དུ་འདོད་པ་ལས། །གོང་གི་ཞིང་ཁམས་དེ་དག་འོག །དཔག་ཚད་གཅིག་གི་ཆ་རུ་ནི། །ལམ་མ་དག་པའི་ཞིང་ཁམས་ཡོད། །མི་གཙང་བ་ཡི་ཁང་པ་ནི། །རྒྱ་ཁྱོན་དཔག་ཏུ་མེད་པའོ། །རོ་མྱགས་ལམ་ལ་འཁྱིལ་པའི་ནང་། །སེམས་ཅན་གཟུགས་ནི་སྣ་ཚོགས་ཡོད། །དུག་གསུམ་ནད་ཀྱིས་གདུངས་པའོ། །སེམས་ཅན་ལ་ལ་ཕར་ལ་འཕོ། །སེམས་ཅན་སྣ་ཚོགས་ཚུར་ལ་འཇུག །ཟས་ནོར་ལོངས་སྤྱོད་སྡུག་པ་ཡོད། །གཏིང་རུམ་མཚོན་ཆར་རྣག་ཁྲག་འབབ། །དུག་གསུམ་དག་ལས་བྱུང་བ་ཡི། །མ་དག་པ་ཡི་ཁམས་ལྔ་ཆོས། །དེ་ལ་སྐྱེས་པའི་ཉོན་མོངས་ནི། །སྟོང་ཕྲག་བརྒྱད་ཅུ་རང་ཁར་སྤྱོད། །རྩ་བ་མ་རིག་རྒྱུ་ལས་བྱུང་། །དེ་ལྟ་བུ་ཡི་གནས་ཉིད་དུ། །སེམས་ཅན་མ་དག་ལྷུང་བའི་གནས། །དེ་དང་རིག་དང་མ་རིག་གཉིས། །རིག་པ་རྣམས་ལ་སྐུ་དང་ཡེ་ཤེས་དང་། །ཞི་ཁྲོའི་ཞིང་ཁམས་དྲུག་པོ་དང་། །དག་པའི་ཞིང་ཁམས་བསམ་ལས་འདས། །སྣང་བ་ཐམས་ཅད་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་སེམས་མ་དང་། །ལྷ་དང་ལྷ་མོའི་ཞིང་དུ་གསལ། །མ་རིག་པ་ལ་མ་དག་ཡུལ། །དུག་ལྔ་དུག་གསུམ་ཡུལ་དུ་ཤར། །དེ་ཡང་དཔེར་ན་འདི་ལྟ་སྟེ། །གང་གིས་གང་ཉིད་མ་རིག་ན། །རང་གིས་རང་ཉིད་མ་རིག་གོ། །རིག་ན་སངས་རྒྱས་མ་རིག་འཁོར། །རྟོགས་ན་མྱང་འདས་མ་རྟོགས་སྡུག །སེམས་ཅན་སངས་རྒྱས་གཉིས་བར་དུ། །རྟ་རྔ་བརྒྱར་གཤགས་ཆ་གཅིག་ཙམ། །ས་འོག་གསེར་གྱི་རླངས་པ་འམ། །བྱི་བའི་ཁ་རླངས་ཙམ་པ་འམ། །བྱ་ཕོད་རྐྱེན་མེད་འགུལ་བ་ཙམ། །དེ་ནི་རིག་དང་མ་རིག་དཔེ། །བར་དུ་དེ་ཙམ་གཅིག་ལས་མེད། །ཅེས་ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། དག་པའི་ཞིང་ཁམས་དྲུག་ལ་དངངས་ནས། མ་དག་པའི་ཞིང་ཁམས་སུ་གྱུར་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཡང་


DNG025_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཀུན་ཏུ་བཟང་མོ་ལ། །འཁོར་ཚོགས་ཀུན་གྱིས་ཡང་ཞུས་པ། །ཀྱེ་ཀྱེ་བཟང་མོ་ཡངས་པའི་ཀློང་། །དག་དང་མ་དག་གཉིས་བར་དང་། །རིག་དང་མ་རིག་གཉིས་བར་དང་། །རྟོགས་དང་མ་རྟོགས་གཉིས་བར་དུ། །ཁྱད་པར་ཅང་ཡང་མི་འདུག་པས། །བདག་ལ་དེར་རྟོག་དེར་བཟུང་སྟེ། །རང་ལ་རང་སྐྱེས་རང་བྱས་པས། །བདག་རྐྱེན་དེར་རྐྱེན་དེར་འཛིན་གྱིས། །འཛིན་པའི་རྒྱ་དང་བཅས་པའོ། །དཔེར་ན་མེ་སྟག་ངན་པས་ཀྱང་། །རྐྱེན་དང་བསྡོངས་ན་སྟོང་གསུམ་འཚིག །དེ་བཞིན་རང་རིག་མ་རིག་རྐྱེན། །མ་རིག་རིག་ན་རིག་པར་འདུག །རིག་པ་རྐྱེན་དང་བྲལ་གྱུར་ན། །སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་། །གཅིག་ཤེས་ཀུན་གྲོལ་རིག་སྣང་ཉིད། །དེ་ལྟར་གཅིག་ཏུ་འདུག་པ་ལ། །བཅུད་ཀྱི་སེམས་ཅན་ཐམས་ཅད་ལ། །སྐུ་དང་ཡེ་ཤེས་གནས་ཚུལ་ཞུ། །དེ་སྐད་ཅེས་ནི་ཞུས་པ་དང་། །ཆོས་ཉིད་ཀུན་ཏུ་བཟང་མོ་ཉིད། །ལྷུན་གྲུབ་གནས་ནས་སྐུ་བཞེངས་ཏེ། །ཞལ་ཕྱག་རྣམ་པར་སྐུ་སྤྲུལ་ཏེ། །སྐུ་ཡི་མཁའ་ལ་གསུང་གི་ཟེར། །ཐུགས་ཀྱི་དབྱིངས་ནས་རང་ཤར་ཏེ། །འདུས་པའི་འཁོར་ལ་འདི་སྐད་དོ། །ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །སེམས་ཅན་ལུས་ལྟར་གནས་པ་ལ། །བདེ་བར་གཤེགས་པའི་ས་བོན་གནས། །དེ་ཡང་དྭངས་སྙིགས་གཉིས་སུ་དབྱེ། །ཕྱི་འབྱུང་ལྔ་པོ་ནང་དང་སྦྱར། །ཤ་འདི་ས་ཡི་རང་བཞིན་ཏེ། །ཤ་རུས་སྤུ་ལྤགས་སྙིགས་མ་ཡིན། །དེ་ཡི་དྭངས་མ་རྩ་གསུམ་སྟེ། །དབུ་མ་ཆོས་ཉིད་སྤྱི་བོར་གནས། །ཁྲག་འདི་ཆུ་ཡི་རང་བཞིན་ཏེ། །ཁྲག་དང་ཆུ་སེར་སྙིགས་མ་ཡིན། །དེ་ཡི་དྭངས་མ་བཞི་བསྟན་ཁྲག །རང་བཞིན་ཐིག་ལེ་སྙིང་ལ་གནས། །དྲོད་འདི་མེ་ཡི་རང་བཞིན་ཏེ། །རང་དྲོད་འདི་ནི་སྙིགས་མ་ཡིན། །དེ་ཡི་དྭངས་མ་བདེ་བྱེད་མེ། །ར་སྣའི་རྣམ་པར་ལྟེ་བར་གནས། །དབུགས་འདི་རླུང་གི་རང་བཞིན་ཏེ། །འགྱུ་བྱེད་འདི་ཉིད་སྙིགས་མ་ཡིན། །དེ་ཡི་དྭངས་མ་ཀུན་གྱི་རྩལ། །ལུས་རྣམས་


DNG025_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཁྱབ་པར་གནས། །སེམས་འདི་ནམ་མཁའི་རང་བཞིན་ཏེ། །སྟོང་པ་ཧད་པོ་སྙིགས་མ་ཡིན། །དེ་ཡི་དྭངས་མ་བཞི་ཡི་རྟེན། །ཐིག་ལེ་སྟོང་གསལ་སྙིང་དཀྱིལ་གནས། །ལར་ནི་ཕྱི་ནང་འབྱུང་བ་ལྔ། །ལྔ་འདུས་མཚན་མ་སྦྱར་བ་ལ། །ཉོན་མོངས་ལྔ་དང་ཡིད་དྲུག་ལ། །ཡེ་ཤེས་ལྔ་ཡི་བདག་ཉིད་དོ། །འབྱུང་བཞིས་བསྡུས་པའི་ལུས་པོ་ལ། །སེམས་ཀྱི་རྒྱུ་བྱས་རླུང་གི་རྟ། །ས་ཡིས་ གཞི་བྱས་ཁྲག་གིས་བསྐྱེད། །མེ་ཡིས་སྨིན་པའི་སྒྱུ་ལུས་འདི། །ཕྱི་འབྱུང་ལྔ་དང་སྦྱར་བ་ལ། །གཉིས་མེད་སྐུ་དང་ཡེ་ཤེས་ལྔ། །མ་འགགས་རང་རྩལ་རྫོགས་པར་འཆར། །ཅེས་སོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ནང་བཅུད་སེམས་ཅན་གྱི་འབྱུང་བའི་དྭངས་སྙིགས་ཕྱེ་བ་དང་། ཡེ་ཤེས་ངོས་བཟུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡང་གཅིག་ཀློང་ནས་བཀའ་སྩལ་པ། །ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །སྲིད་པའི་རྩ་བ་བདག་འཛིན་ཉིད། །ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །སྟོང་པ་ཉིད་ཀྱི་སྙིང་པོ་ནི། །ཐིག་ལེ་ཉག་གཅིག་སྐུ་རུ་རྫོགས། །དེ་ཡང་བདག་འཛིན་རྒྱ་ཡིས་འཐུམས། །རྒྱ་འདི་བཀྲོལ་བའི་མན་ངག་ནི། །སྟོང་ཉིད་རྣམ་པ་བཅུ་དྲུག་ཡིན། །ཕར་ཕྱིན་དྲུག་ལ་བཅོ་བརྒྱད་ཡིན། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ནང་འཛིན་སེམས་ཀྱིས་སྟོང་པས་ན། །ནང་གི་སྟོང་པ་ཉིད་ཡིན་ནོ། །ཕྱི་ཡི་ཡུལ་དུ་འཛིན་པས་སྟོང་པས་ན། །ཕྱི་ཡི་སྟོང་པ་ཉིད་ཡིན་ནོ། །ཕྱི་ནང་བར་གྱི་དབང་པོ་ལྔར། །འཛིན་པ་སྟོང་པས་གཉིས་སུ་མེད། །ཕྱི་ནང་མེད་པའི་སྟོང་པ་ཉིད། །དེ་དག་ཐམས་ཅད་སྤངས་པ་རུ། །འཛིན་པ་དག་ཀྱང་སྟོང་པས་ན། །གཉིས་སུ་མེད་པའི་སྟོང་པ་ཉིད། །འབྱུང་བ་ཆེན་པོ་གླིང་བཞི་དང་། །རི་རབ་དག་ཀྱང་ལྷག་པར་ཡང་། །ཆགས་པ་འཛིན་པས་སྟོང་པས་ན། །ཆེན་པོ་སྟོང་པ་ཉིད་དུའོ། །དེ་ལ་ཀུན་རྫོབ་སྒྲིབ་གཡོགས་ཀྱི། །སྟོང་པས་དོན་དམ་སྟོང་ཉིད་དོ། །


DNG025_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྩའི་བློ་སེམས་རྣམ་པ་སྟོང་། །འདུས་བྱས་སྟོང་པ་ཉིད་དུའོ། །འདུས་མ་བྱས་ཀྱི་དགེ་བ་ཡང་། །རློམ་སེམས་དག་གིས་སྟོང་པས་ན། །འདུས་མ་བྱས་ཀྱི་སྟོང་ཉིད་དོ། །མཐའ་ལས་འདས་ཀྱི་འཛིན་པས་སྟོང་། །མཐའ་ལས་འདས་ཀྱི་སྟོང་པ་ཉིད་དོ། །ཐོག་མ་བར་དང་ཐ་མ་རུ། །སེམས་ཅན་རྣམས་ཀྱི་དོན་བྱེད་པར། །འཛིན་པ་ཐམས་ཅད་སྟོང་པས་ན། །ཐོག་མ་དང་ནི་ཐ་མ་མེད། །སྟོང་པ་ཉིད་དུ་ཤེས་པར་བྱ། །མྱ་ངན་དག་ལས་འདས་པའི་ཚེ། །སེམས་ཅན་ཀུན་གྱི་དོན་མི་འདོར། །དོར་བ་སྟོང་སྟེ་དོར་བ་མེད། །སྟོང་པ་ཉིད་ཅེས་ཡང་དག་གོ། །སྣང་བ་ཐམས་ཅད་རང་བཞིན་གྱིས། །གནས་པའི་རིགས་ནི་སྟོང་པས་ན། །རང་བཞིན་སྟོང་པ་ཉིད་དུའོ། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །ཡོད་པར་འཛིན་པ་སྟོང་པས་ན། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དོ། །སངས་རྒྱས་རྣམས་ལ་མཚན་དཔེ་བྱད། །རང་གི་མཚན་ཉིད་ཡོད་པ་རུ། །འཛིན་པ་སྟོང་པས་རང་གི་མཚན་ཉིད་སྟོང་། །ཆོས་རྣམས་མི་དམིགས་པ་རུ་ནི། །སྤུ་ཙམ་འཛིན་པ་སྟོང་པས་ན། །མི་དམིགས་པ་ཡི་སྟོང་པ་ཉིད་དོ། །དངོས་པོ་མེད་པའི་འཛིན་པ་རྣམས། །མཐའ་དེ་སྟོང་པས་དངོས་པོ་མེད། །ངོ་བོ་ཉིད་ཀྱིས་སྟོང་པའོ། །དེ་དག་ཐམས་ཅད་གཅིག་ཏུ་དྲིལ། །ནང་གི་དྭངས་མའི་དྭངས་མ་ཡིན། །ཡང་གཅིག་བཅུད་དུ་དྲིལ་བ་ཡིས། །དེ་ལ་ཐིག་ལེ་ཉག་གཅིག་ཟེར། །དོན་དུ་སྐུ་གསུམ་ངོ་བོ་ཡིན། །ཐིག་ནི་ཆོས་སྐུ་ཀ་དག་གོ། །ལེ་ནི་ལོངས་སྐུ་རང་སྣང་ངོ་། །ཉག་ནི་སྤྲུལ་སྐུ་ཀུན་ཁྱབ་པོ། །གཅིག་ནི་སྐུ་གསུམ་འདུ་འབྲལ་མེད། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །ཞེས་དོན་དམ་པའི་སྐུ་གསུམ་གཅིག་ཏུ་དྲིལ་བ་གནས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཡང་གཅིག་ཀུན་ཏུ་བཟང་མོ་ལ། །འཁོར་ཚོགས་འདུས་པས་ཡང་ཞུས་པ། །ཀྱེ་ཀྱེ་བདེ་སྟོང་ཀུན་བཟང་ཡུམ། །མ་གྲུབ་ཐོག་མའི་གོང་དག་ཏུ། །ཀུན་ཁྱབ་ཡེ་ཤེས་གནས་པ་ལ། །འཁྲུལ་མེད་འཁྲུལ་དང་


DNG025_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཚུལ། །སྤྱི་སྡོམ་རིམ་པ་གསུང་ན་ཡང་། །སེམས་ཅན་ཀུན་གྱིས་མི་གོ་བས། །བྱེ་བྲག་རྒྱས་པར་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །ཐོག་མའི་ཀ་དག་གསལ་སྟོང་ཁྱབ། །འཁྲུལ་པ་ཀ་ནས་དག་པ་ལ། །ཡེ་ཤེས་ཉིད་ལམ་མ་རིག་འཁྲུལ། །ཡེ་ཤེས་གསལ་བའི་ཡུལ་ལྔ་ལས། །གཉིས་འཛིན་སེམས་ཅན་བྱུང་བའོ། །བདག་རྟོག་དེར་རྟོག་དེར་འཛིན་གྱིས། །ཡེ་ཤེས་ལྔ་ལ་ཡུལ་ལྔར་འཁྲུལ། །ཡུལ་དང་རྐྱེན་བཞི་ཤར་བ་ལས། །འབྱུང་བ་ལྔ་ཡི་ས་བོན་རྒྱས། །ཡེ་ཤེས་ལྔ་ཡང་འབྱུང་བཞིས་འཐུམས། །འབྱུང་བཞིའི་རྩལ་ལས་སྣོད་བཅུད་ཆགས། །སྣོད་བཅུད་ཀུན་གྱི་དྭངས་མ་ལས། །ཉི་མ་དང་ནི་ཟླ་བ་གཉིས། །ཡབ་ཡུམ་ཚ་གྲང་ཉིན་མཚན་འབྱེད། །དེ་ཡང་སྣོད་བཅུད་རྩལ་ཡིན་ཕྱིར། །འཛམ་གླིང་བྱེ་བ་ཕྲག་བརྒྱར་ཁྱབ། །ཉི་མ་མེ་ཡི་དྭངས་མ་ཡིན། །ཟླ་བ་ཆུ་ཡི་དྭངས་མ་ཡིན། །གཟའ་སྐར་ས་ཡི་དྭངས་མ་ཡིན། །རླུངས་དྭངས་ཡིན་པས་རྒྱུ་བའོ། །འབྱུང་བཞི་གཅིག་གྲོགས་གཅིག་ཡིན་པས། །འབྱུང་བཞི་རྒྱས་དུས་ཉི་མ་རིང་། །འབྱུང་བཞི་སྙོམས་དུས་ཉིན་མཚན་མཉམ། །འབྱུང་བཞི་འཁྲུག་དུས་ཉི་མ་ཐུང་། །དྲོད་མདངས་ཐམས་ཅད་ཉམས་པའོ། །འབྱུང་བཞི་བྱེར་དུས་ཉི་ཟླ་འགྲིབ། །ཁ་ཆར་བུ་ཡུག་ཐམས་ཅད་ཀུན། །འབྱུང་བ་བཞི་ཡི་རྩལ་ཡིན་ཕྱིར། །དབྱར་ནི་འབྱུང་བ་རྒྱས་པའི་དུས། །རྩི་ཐོག་ལོ་འབྲས་རྒྱས་པའོ། །སྟོན་ནི་འབྱུང་བཞི་སྙོམས་པའི་དུས། །འབྲས་བུ་ཐམས་ཅད་བཅུད་དུ་སྨིན། །དགུན་ལ་འབྱུང་བཞི་འཁྲུགས་པ་སྟེ། །རྩི་བཅུད་ཐམས་ཅད་ཉམས་པའོ། །དཔྱིད་གསུམ་འབྱུང་བ་བྱེར་པ་སྟེ། །མདངས་སྟོབས་ཐམས་ཅད་ཉམས་པའོ། །དེ་རྣམས་འབྱུང་བཞིའི་དར་གུད་དོ། །བྱེར་ཟུག་རྣམས་ཀྱང་དེ་དང་འདྲ། །བསྐལ་པ་ལོ་ཟླ་ཞག་ཟ་མ། །བྱེར་དང་ཟུག་དང་སྙོམས་པའོ། །འཁྲུགས་པ་དག་ཀྱང་བཞི་རུ་འདུས། །བསྐལ་


DNG025_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱེར་ཟུག་འདི་ལྟ་སྟེ། །བསྐལ་པ་འཇིག་དུས་བྱེར་པ་ཡིན། །བསྐལ་པ་ཆགས་དུས་ཟུག་པ་ཡིན། །བསྐལ་པ་གནས་དུས་སྙོམས་པ་ཡིན། །བསྐལ་པ་སྟོངས་དུས་འཁྲུགས་པའོ། །ལོ་ཡི་བྱེར་ཟུག་འདི་ལྟར་རོ། །བྱ་སྤྲེལ་ཁྱི་ཡི་ལོ་ལ་བྱེར། །སྟག་ཡོས་རྟ་ཡི་ལོ་ལ་ཟུག །བྱི་ཕག་གླང་གི་ལོ་ལ་སྙོམས། །འབྲུག་སྦྲུལ་ལུག་གི་ལོ་ལ་འཁྲུགས། །ཟླ་བའི་བྱེར་ཟུག་འདི་ལྟར་རོ། །དཔྱིད་ཟླ་གསུམ་ལ་འབྱུང་བཞི་བྱེར། །དབྱར་ཟླ་གསུམ་ལ་འབྱུང་བཞི་ཟུག །སྟོན་ཟླ་གསུམ་ལ་འབྱུང་བཞི་སྙོམས། །དགུན་ཟླ་གསུམ་ལ་འབྱུང་བཞི་འཁྲུགས། །ཞག་གི་བྱེར་ཟུག་འདི་ལྟར་རོ། །ནམ་ལངས་ཉི་ཤར་འབྱུང་བཞི་བྱེར། །ཉིན་པར་འབྱུང་བཞི་སྙོམས་པའོ། །དགོང་མོ་འབྱུང་བཞི་འཁྲུགས་པ་དང་། །ནམ་ཕྱེད་འབྱུང་བ་ཟུག་པའོ། །ཞི་རྒྱས་དབང་དྲག་ལས་རྣམས་ཀུན། །འབྱུང་བཞི་དག་གི་བྱེད་ལ་སོགས། །དེས་ན་བྱེར་ཟུག་བརྩི་བར་བྱ། །བྱེར་བའི་དུས་སུ་ཞི་བ་འགྲུབ། །ཟུག་པའི་དུས་སུ་རྒྱས་པ་འགྲུབ། །སྙོམས་པའི་དུས་སུ་དབང་རྣམས་འགྲུབ། །འཁྲུགས་པའི་དུས་སུ་དྲག་པོའོ། །དེ་ལྟར་དུས་རྣམས་སྦྱར་ཤེས་ན། །འབྱུང་བཞི་ཐམས་ཅད་དབང་དུ་སྡུད། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། འབྱུང་བཞི་རྣམས་ཀྱི་བྱེད་ལས་ཀྱིས་དར་གུད། འཕོ་འགྱུར་ཡོང་བའི་རྒྱུ། བྱེར་ཟུག་སྙོམས་འཇུག་རྩི་བའི་ལེའུ་སྟེ་བཅུ་བཞི་པའོ།། །།ཡང་གཅིག་ཀུན་ཏུ་བཟང་མོ་ཡིས། །འཁོར་གྱི་ཚོགས་ལ་ཡང་གསུངས་པ། །ཀྱེ་མ་སྣང་བའི་འཁོར་ཚོགས་ཉོན། །ད་ནི་འབྱུང་བཞི་བཤད་པར་བྱ། །དེ་ཡང་བཤད་ལུགས་འདི་ལྟར་རོ། །འབྱུང་བ་ཕྱི་ནང་བར་གསུམ་ལ། །ཕྱི་དང་ནང་དང་གསང་བ་གསུམ། །དར་གུད་འཕོ་འགྱུར་ཡོང་བའི་རྒྱུ། །བེམ་པོ་དག་ནི་འདོད་གཡོས་པས། །ཤེད་བུ་ཤེད་ལ་རོག་ཅེས་པ། །ཐབས་ཤེས་ཉི་ཟླ་ཁ་སྦྱོར་བར། །འབྱུང་བཞི་དམིགས་པའི་རྐྱེན་གཡོས་ཏེ། །འབྱུང་བ་ལྔ་ལ་སྐྱེ་གནས་བཞི། །རིགས་དྲུག་སེམས་ཅན་དཔག་མེད་སྐྱེད། །


DNG025_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

སས་ནི་ལུས་ཀྱི་གཞི་བྱས་ཏེ། །འཕེལ་བས་ཤ་རུས་པགས་པར་སྨིན། །ཆུས་ནི་ལུས་ཀུན་བསྡུས་པ་སྟེ། །འཕེལ་བས་ཁྲག་དང་ཆུ་སེར་སྨིན། །མེས་ནི་ལུས་ཀུན་སྨིན་པའོ། །འཕེལ་བས་དྲོད་ནི་རྒྱས་པར་འདོད། །རླུང་གིས་ལུས་ཀུན་འདེགས་པ་སྟེ། །འཕེལ་བས་སྦུབས་སུ་སྨིན་པར་འདོད། །ནམ་མཁའ་རང་བཞིན་འཕེལ་འགྲིབ་མེད། །དེ་ལྟར་འབྱུང་བཞིའི་བྱེད་ལས་ཀྱིས། །ཁམས་གསུམ་པ་ཡི་ཁང་པ་རུ། །རྒྱུད་དྲུག་སེམས་ཅན་རེ་མོས་འཁོར། །མིང་དང་གཟུགས་ཀྱི་འདམ་ལ་ཆགས། །རང་ངོ་མ་ཤེས་རང་རྒྱུད་འཁྲུལ། །འཁྲུལ་པའི་ལུས་ཀྱི་གྲུབ་ཚུལ་ནི། །མ་རིག་འགྱུ་བ་རིག་རིག་པོ། །དོན་ལ་རིག་པའི་རྩལ་ཡིན་ཀྱང་། །རླུང་ལ་རྟ་བྱས་ཡིད་དུ་འགྱུར། །དེར་འཛིན་རླུང་སེམས་འགྱུས་པ་ལས། །ཉོན་མོངས་ལྔ་དང་ཡིད་དྲུག་དང་། །འདོད་པའི་ཆགས་སེམས་བསྡོངས་ནས་སུ། །གཏི་མུག་དག་གིས་གཞི་བཅས་ནས། །ཞེ་སྡང་དག་གིས་དཔུང་བསྐྱེད་དེ། །ང་རྒྱལ་དག་གིས་ང་བདག་ནས། །འདོད་ཆགས་དག་གིས་རབ་སྦྱར་ཏེ། །ཕྲག་དོག་དག་གིས་རབ་བསྒྲིམས་ནས། །སེམས་ཞེས་བྱ་བ་ཧྲིག་ཧྲིག་པོ། །མེ་དང་འདྲ་བ་ཧུར་ཧུར་པོ། །ས་དང་འདྲ་བ་ཏིག་ཏིག་པོ། །ཆུ་དང་འདྲ་བ་མྱུར་མྱུར་པོ། །ནམ་མཁའ་འདྲ་སྟེ་ཕྱལ་ཕྱལ་པོ། །ལྔ་འདུས་ལུས་སེམས་སྦྱོར་བ་ལ། །འདོད་ཆགས་དག་ནི་རབ་གཡོས་ཏེ། །ཕ་མའི་བདེ་བ་འབར་བའི་དུས། །ཕ་ཡི་ཐིག་ལེ་ཞོ་ལྟར་ལུག །རྒྱུ་ཡི་ཐིག་ལེ་ཡུངས་འབྲུ་ཙམ། །ཟླ་བའི་ཚུལ་དུ་མངལ་ལ་བབས། །མ་ཡི་རཀྟ་དཀར་དམར་གཉིས། །རྒྱུ་ཡི་རཀྟ་སྲན་མ་ཙམ། །དམར་ལ་དྭངས་པ་ཉི་མའི་ཚུལ། །ཟླ་ཉི་གཉིས་ནི་ཐབས་ཤེས་ཏེ། །གའུ་ཁ་སྦྱོར་ཚུལ་དུ་གནས། །དེ་གཉིས་བར་དུ་རླུང་སེམས་གཉིས། །དོན་ལ་ཡེ་ཤེས་རང་རྩལ་ཏེ། །གའུ་ཁ་སྦྱོར་བར་དུ་འཐུམས། །ཡི་གེ་ཨ་ཡི་ཚུལ་དུ་ཚུད། །དྲན་པ་བྱུང་ཚོར་ཐམས་ཅད་འགགས། །ལྷ་ཁང་ནང་དུ་ཚུད་པར་སེམས། །


DNG025_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་ངང་དུ་གནས། །སེམས་ཡིད་ཐོགས་པ་ཅན་དུ་སོང་། །མངལ་རྒྱར་མ་འཐུམས་བར་དུ་ནི། །སྲིད་པའི་བར་དོ་ཞེས་བྱ་སྟེ། །སྔོན་དུ་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཡིད་ཀྱི་ལུས། །ཐོགས་མེད་པ་རུ་ཀུན་ཏུ་རྒྱུ། །དེ་ཡང་དག་དང་མ་དག་གཉིས། །མངལ་དང་རྒྱུ་རྐྱེན་གཅིག་པའོ། །དག་པ་ཡེ་ཤེས་འཁོར་ལུགས་དང་། །མ་དག་རིགས་དྲུག་འཁོར་ཚུལ་ལོ། །དེ་ཡང་རང་དབང་ཅན་དང་ནི། །རང་དབང་མེད་པའི་འཇུག་ཚུལ་ལོ། །རང་དབང་ཅན་དུ་འཐུམས་པ་ནི། །དྲན་བཞིན་མངལ་སྒོར་བལྟམས་པ་དང་། །དྲན་བཞིན་འགྲོ་དོན་དགོངས་པ་དང་། །དྲན་བཞིན་སྦུབས་སུ་འཚང་རྒྱ་དང་། །དྲན་བཞིན་ལྷུན་གྲུབ་འཚང་རྒྱ་དང་། །དྲན་བཞིན་མངལ་དུ་འཚང་རྒྱ་དང་། །དྲན་བཞིན་རང་དབང་ཅན་ལ་ངེས་པ་མེད། །རིགས་དྲུག་ལ་སོགས་ངེས་པ་མེད། །སྐྱེ་བ་རྣམ་བཞི་གང་ཡང་རུང་། །དག་པ་ཡེ་ཤེས་འཇུག་སྒོའོ། །རང་དབང་མེད་པའི་འཁོར་ལུགས་ནི། །ལས་ངན་དབང་གིས་ལུས་ངན་ལེན། །མངལ་སྒོ་བསྡམ་པའི་དབང་མེད་པས། །སྲིད་པ་ལས་ཀྱི་འཕེན་ལེན་གྱིས། །མ་རབས་རིགས་ངན་མཛེ་ཡུགས་སམ། །ཁྱི་ཕག་བྱོལ་སོང་གཅན་གཟན་རྣམས། །འབུ་སྦྲང་ལ་སོགས་སྲོག་ཆགས་རྣམས། །མི་གཙང་འདམ་སྐྱག་མ་རུངས་པར། །སྐྱེ་བ་རྣམ་བཞི་གང་ཡང་རུང་། །རང་ངོ་མ་ཤེས་རང་རྒྱུད་འཁྲུལ། །མ་དག་པ་ཡི་མངལ་རྒྱར་འཐུམས། །དེ་ནི་དབང་མེད་འཁོར་ལུགས་སོ། །དེ་ལྟར་རྣམ་པ་ཡར་མར་གཉིས། །ཡར་གྱི་ཀ་དག་ཆོས་སྐུ་ཡིན། །མར་གྱི་ཀ་དག་རྡོ་རྗེ་དམྱལ། །དེ་བཞིན་སྐྱེ་བ་རྣམ་པ་བཞི། །ཡར་དང་མར་གཉིས་ཤེས་པར་བྱ། །ཡར་གྱི་སྒོང་སྐྱེས་རྡོ་རྗེ་སེམས། །མར་གྱི་སྒོང་སྐྱེས་བྱ་དང་སྲིན། །ཡར་གྱི་བརྫུས་སྐྱེས་སྤྲུལ་སྐུ་ལྔ། །མར་གྱི་བརྫུས་སྐྱེས་ཡི་དྭགས་ཚོགས། །ཡར་གྱི་དྲོད་སྐྱེས་མི་ལྷ་ཚོགས། །མར་གྱི་དྲོད་སྐྱེས་འབུ་སྲིན་ཚོགས། །ཡར་གྱི་རླན་སྐྱེས་ཆུ་ཡི་ལྷ། །མར་གྱི་རླན་


DNG025_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་གྲང་དམྱལ་དང་། །ཡར་གྱི་མངལ་སྐྱེས་སྤྲུལ་སྐུ་དྲུག །མར་གྱི་མངལ་སྐྱེས་ཉོན་མོངས་དྲུག །འདྲ་བ་འདྲ་སྟེ་ནོར་ལ་རེ། །དེ་ལྟར་མངལ་དུ་མ་ཞུགས་པར། །རླུང་སེམས་དབྱེར་མེད་ཡེ་ཤེས་ལྔ། །མངོན་པར་ཤེས་པ་དྲུག་དང་ལྡན། །དེ་ཚེ་རྗེས་དྲན་དྲུག་པོ་གཅེས། །རྗེས་དྲན་མངལ་རྒྱར་འཐུམས་པ་ནི། །མི་ལུས་ལེན་པའི་རླུང་སེམས་དང་། །ཕ་མའི་ཐིག་ལེ་དཀར་དམར་དང་། །རྒྱུ་རྐྱེན་བཞི་པོ་འཛོམ་པ་ལ། །འབྱུང་བ་བཞི་ཡི་ལུས་སུ་སོང་། །མཚལ་དང་ཞོ་གཉིས་བསྲེས་པ་ལྟར། །འབྱུང་བཞིས་རེས་བསྡུས་རེས་བཤིགས་པས། །མེར་མེར་པོ་དང་ནུར་ནུར་པོ། །གོར་གོར་པོ་དང་ལྟར་ལྟར་པོ། །མཁྲང་འགྱུར་ཁྱབ་འཇུག་རུས་སྦལ་ལྟར། །རིམ་པ་བཞིན་དུ་ལུས་སེམས་ཆགས། །ཞག་ནི་བདུན་ཚན་བཅུ་བཞིའི་བར། །འབྱུང་བཞི་ལུས་རྣམས་རིམ་བཞིན་བསྐྱེད། །ལུས་ལ་རྩ་ཆགས་རྩ་ལ་ཐིག །དེ་ལ་སྐུ་དང་ཡེ་ཤེས་སོ། །རླུང་ནི་ཀུན་ལ་ཁྱབ་པར་ཆགས། །དེ་ལྟར་ཟླ་དགུ་ངོ་བཅུ་ལ། །མངལ་དེ་བཙོག་པའི་འདུ་ཤེས་ཀྱི། །ལུས་རྫོགས་མངལ་ནས་ཕྱི་ལ་འབྱོན། །འཕུལ་བྱེད་རླུང་གིས་མར་ལ་འཕུལ། །མགོ་མཇུག་ལོག་ནས་ཕྱིར་ལ་འབྱུང་། །དེ་ནས་མངལ་གྱི་རྒྱ་དང་བྲལ། །སྔར་གྱི་བག་ཆགས་སྲབ་ཏུ་སོང་། །ཕྱིས་ཀྱི་ཉེར་ལེན་ངོ་མ་ཕྲད། །ཤེས་པ་སྔར་ལས་མི་གསལ་ཅིང་། །རྩ་རླུང་ཀུན་གྱི་སྟོབས་མ་སྐྱེས། །ཁམས་ཀྱི་དྭངས་སྙིགས་མ་ཕྱེ་བས། །ནད་གདོན་མི་མཐུན་སྣ་ཚོགས་སྡང་། །དེ་ནས་ཁམས་ཀྱི་ཟས་སྐོམ་གསོས། །དྭངས་མས་ཁམས་ཀྱི་ནུས་པ་བསྐྱེད། །སྙིགས་མས་ལུས་ཀྱི་སྟོབས་བསྐྱེད་དེ། །ལུས་སེམས་རིམ་བཞིན་བསྐྱེད་པ་དང་། །དུག་ལྔ་དུག་གསུམ་ཉོན་མོངས་རྣམས། །རིམ་བཞིན་རྫ་དྲེག་ལྟ་བུར་ཆགས། །རིག་རྩལ་ཉིད་ཀྱང་དུག་ལྔས་འཐུམས། །དཔེར་ན་མར་མེ་རྫ་ཕུབ་འདྲ། །ལུས་རྫོགས་མེ་ཡི་ལུས་དེ་ཉིད། །དང་པོ་འབྱུང་བཞིས་སྐྱེད་པར་བྱེད། །བར་དུ་འབྱུང་བཞི་སྙོམས་པར་གནས། །ཐ་མ་འབྱུང་འཁྲུག་བྱེར་པས་འཇོམས། །


DNG025_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ནང་བཅུད་སེམས་ཅན་གྱི་ཆགས་ཚུལ་ནང་འབྱུང་བཞིས་བསྡུས་པའི་ལུས་རང་དབང་ཅན་དང་། རང་དབང་མེད་པའི་འཁྲུལ་ཚུལ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །།ཀུན་ཏུ་བཟང་མོས་ཡང་གསུངས་པ། །ཀྱེ་མ་འདུས་པའི་འཁོར་ཚོགས་ཉོན། །རྟེན་གཞི་ལུས་ཀྱི་འཁྲུལ་ཚུལ་ལས། །དེ་བཞིན་གཤེགས་པའི་ས་བོན་དང་། །སྐུ་དང་ཡེ་ཤེས་གསུམ་བརྩེགས་ནས། །འབྱུང་བཞིས་གར་ཁྱབ་ལུས་ཀྱིས་ཁྱབ། །ལུས་ཀྱིས་གར་ཁྱབ་རྩ་ཡིས་ཁྱབ། །རྩ་ཡིས་གར་ཁྱབ་རླུང་གིས་ཁྱབ། །རླུང་གིས་གར་ཁྱབ་ཐིག་ལེས་ཁྱབ། །ཐིག་ལེས་གར་ཁྱབ་སྐུ་ཡིས་ཁྱབ། །ལུས་ནི་སྐུ་གསུམ་ལུས་ཡིན་ཏེ། །སྐུ་གསུམ་ཡི་གེ་གསུམ་དང་ལྡན། །མི་ལུས་རིན་ཆེན་དེ་དག་ནི། །མངལ་ཞུགས་བྱང་ཆུབ་ལྔ་ལྡན་ནོ། །ཟླ་བ་དགུ་ནི་ཐེག་དགུ་སྟེ། །ངོ་བཅུ་ས་བཅུའི་ཚུལ་དུའོ། །སྐྱེ་གནས་རང་བཞིན་སྤྲུལ་པའི་སྐུ། །ཡེ་ཤེས་ཆེན་པོའི་འབྱུང་གནས་ཡིན། །ལུས་ཅན་ཀུན་ལ་བཟང་ངན་མེད། །བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །ཡེ་ནས་རང་རིག་ཡེ་ཤེས་ལ། །ད་ལྟ་འཁྲུལ་ཀྱང་ཡེ་ཤེས་རྩལ། །མ་རིག་གྲོལ་ཚེ་འབྱུང་བཞིའི་ལུས། །ལྷ་མེད་ཡེ་ཤེས་ལྔ་རུ་ཟློག །སེམས་ཅན་རང་རྒྱུད་རྟོག་ཚོགས་རྣམས། །སངས་རྒྱས་གྲངས་ལས་འདས་པའོ། །ཕུང་པོ་འབྱུང་བ་ཡབ་ཡུམ་བཅུ། །དུག་ལྔ་སེར་སྣ་ཐུབ་པ་དྲུག །ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད། །སྒོ་བཞི་སྒོ་བ་ཡབ་ཡུམ་བཞི། །མིག་གཉིས་ཉི་མ་ཟླ་བ་གཉིས། །རང་བྱུང་རིག་པའི་རང་རྩལ་ལ། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །འོད་ལྔ་ཁ་དོག་རླུང་ལྔ་དང་། །ཡི་གེ་ཤེས་རབ་རྟོག་པ་ལྔ། །གཞི་ལྔ་ལམ་ལྔ་འབྲས་བུ་ལྔ། །རིག་པའི་ཡེ་ཤེས་སྐུ་ལྔ་ཤར། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་བ་མཐའ་ཡས་དོན་ཡོད་གྲུབ། །ཕུང་པོ་བཞི་དང་སྐྱེ་མཆེད་ཀུན། །རྒྱལ་བའི་དཀྱིལ་འཁོར་


DNG025_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གནས། །ཞེས་ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རྟེན་ལུས་ཀྱི་དཀྱིལ་འཁོར་ལ། སྐུ་དང་ཡེ་ཤེས་གནས་ཚུལ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཡང་གཅིག་འདུས་པའི་འཁོར་ཚོགས་ལ། །ཀུན་ཏུ་བཟང་མོས་ཡང་གསུངས་པ། །ཀྱེ་ཀྱེ་རིག་པའི་འཁོར་ཚོགས་ཉོན། །ད་ནི་རྩ་ཡི་ངོ་སྤྲོད་བསྟན། །སྤྱིར་ན་རྩ་བཤད་ཐམས་ཅད་ཀུན། །དོན་ལ་ཡོད་པ་མ་ཡིན་ཏེ། །དམིགས་པའི་རྟེན་དུ་བཤད་པར་བྱ། །ལུས་ལ་གནས་པའི་རྩ་རྣམས་ནི། །བྱེ་བ་ཐེར་འབུམ་གནས་པའོ། །དེ་རྣམས་ཚུར་ལ་བསྡུས་པ་ཡིས། །སྟོང་ཕྲག་བརྒྱ་དང་བཅུ་གཉིས་གནས། །དེ་ཡང་ཚུར་ལ་བསྡུས་པ་ཡིས། །ལུས་ཀྱི་དཀྱིལ་འཁོར་ལྔ་རུ་འདུས། །སྤྱི་བོ་བདེ་ཆེན་འཁོར་ལོ་རུ། །རྩ་འདབ་སུམ་བརྒྱ་དྲུག་ཅུ་གནས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །རྩ་འདབ་བརྒྱད་གཉིས་བཅུ་དྲུག་གནས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །རྩ་འདབ་སུམ་ཅུ་སོ་གཉིས་གནས། །ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། །རྩ་འདབ་དྲུག་ཅུ་རྩ་བཞི་གནས། །གསང་གནས་བདེ་ཆེན་འཁོར་ལོ་རུ། །རྩ་འདབ་ཉི་ཤུ་རྩ་བརྒྱད་གནས། །འཁོར་ལོ་ལྔ་པོ་དེ་ཡི་དབུས། །རྩ་གསུམ་ཀ་བ་སྲོག་ཤིང་ཚུལ། །རོ་མ་གཡས་ལ་རྐྱང་མ་གཡོན། །ཀུན་འདར་མ་ནི་དབུས་སུ་གནས། །རོ་མ་ཆུ་ལ་རྐྱང་མ་ས། །ཀུན་འདར་མ་ནི་རླུང་གིས་སྐྱེད། །ཤེལ་སྦུབས་ཅན་ནི་ཞོར་ལའོ། །ཕྱི་ལྟར་འཁོར་ལོ་ལྔ་པོ་རུ། །དབུས་སུ་འབྱུང་ཡིག་ལྔ་ལྡན་གནས། །ལཾ། རཾ། ཨེ། བྷྲཱུཾ། སུ། ཁཾ། ནང་ལྟར་ཁམས་གསུམ། ཨོཾ། རཾ། ཡཾ། གསང་བ་ལྟར་ན་མཁའ་འགྲོ་ལྔ། །ཧ་རི་ནི་ས། ཡང་གསང་ལྟར་ན་ཡབ་ཡུམ་གཉིས། ར། ཙ། ཧྲི། ཡ། བླ་མེད་ལྟར་ན་གྲངས་ལས་འདས། །ལར་ནི་རྩ་མདུད་དེ་དག་ལས། །ཡེ་ཤེས་འོད་ཀྱི་གོང་བུ་ནི། །བསམ་ཡུལ་འདས་པ་གནས་པའོ། །དེ་རྣམས་རྩ་ཡི་ཕྱི་ཤར་ཡིན། །ཉུང་ངུ་བསྡུས་ན་སྙིང་ལ་འདུས། །སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། །ཙིཏྟ་རིན་ཆེན་གཞལ་ཡས་སུ། །རྩ་ནི་སྟོང་ཕྲག་གྲངས་མང་ཡང་། །ཁྱད་པར་རྩ་ཆུང་བཞི་རུ་འདུས། །


DNG025_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྐྱང་མ་ཀུན་འདར་མ། །ཀ་རི་ཤེལ་སྦུབས་ཅན་དང་བཞི། །འདི་བཞིའི་ནང་དུ་ཁྱད་པར་དུ། །སྣང་རིག་མངོན་སུམ་ཡེ་ཤེས་ནི། །གནས་ཤིང་རླུང་གི་རྟ་ལ་ཞོན། །འོད་ཟེར་ཉི་ཟེར་ཚུལ་དུ་ནི། །རྩ་ལ་ལམ་བྱས་མིག་ལ་ཞུགས། །ནམ་མཁའི་དབྱིངས་སུ་རྒྱ་རལ་ནས། །སྐུ་གསུམ་ངོ་བོ་རྗེན་པར་སྣང་། །ཞེས་ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ལུས་ཀྱི་རྩ་གནད་བཤད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ཡང་གཅིག་འདུས་པའི་འཁོར་ཚོགས་ལ། །ཀུན་ཏུ་བཟང་མོས་བཀའ་སྩལ་པ། །ཀྱེ་མ་འདུས་པའི་འཁོར་ཚོགས་ཉོན། །རྩ་ཡི་ནང་དུ་རྒྱུ་བའི་རླུང་། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ཡིན། །འགྱུ་བ་ཆེན་པོའི་རླུང་དུ་འདོད། །དེ་ཡི་བྱེད་ལས་རྣམ་པ་གཉིས། །གྱེན་རྒྱུ་ཐུར་སེལ་ལས་རྣམས་བྱེད། །རྩ་ནས་ངེས་པར་འགྱུ་བ་ནི། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས། །སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག །རྩ་ནས་ངེས་པར་འགྱུ་བ་སྟེ། །འགྱུ་བ་ཆུང་བའི་རླུང་དུ་འདོད། །མཁས་པས་རླུང་གནད་བརྟག་པ་གཅེས། །ཡེ་ཤེས་རླུང་ལ་ཁ་དོག་མེད། །འོན་ཀྱང་འདི་ལྟར་ཤེས་པར་བྱ། །ས་ཆུ་མེ་རླུང་ཆུ་རླུང་དང་། །ནམ་མཁའི་རླུང་དང་རྒྱུ་རླུང་དང་། །རྣམ་པ་ལྔ་ལ་མིང་ལྔ་སྟེ། །སྲོག་འཛིན་རླུང་དང་མེ་རྣམས་རླུང་། །ཁྱབ་བྱེད་རླུང་དང་སྲོག་འཛིན་རླུང་། །དྭངས་སྙིགས་འབྱེད་པའི་རླུང་དང་ལྔ། །རེ་རེ་ལ་ཡང་ལྔ་ལྔ་སྟེ། །འཁོར་ལོ་ལྔ་ལ་རྩ་ལྔ་གནས། །ཡིན་ཀྱང་ཡེ་ཤེས་ལྔ་རུ་འདུས། །ཡེ་ཤེས་ལྔ་ཡང་བྱ་གྲུབ་དང་། །དོན་ལ་རེག་པའི་ངོ་བོར་གནས། །རླུང་ཞེས་རིག་པའི་རང་རྩལ་ཡིན། །ཐམས་ཅད་རླུང་གི་བྱེད་ལས་སོ། །རྩ་དང་རླུང་དང་སེམས་དང་གསུམ། །ཐ་དད་བཤད་ཀྱང་གཅིག་ཏུ་འདུས། །ཁྱབ་པའི་རླུང་ལྔ་སྙིང་ལ་གནས། །ཁྱབ་ནི་ལུས་རྣམས་ཀུན་ལ་ཁྱབ། །རླུང་ནི་སེམས་ཀྱི་རྟ་ཕོ་ཡིན། །འགྱུ་ནི་རྩ་གསུམ་ནང་དུ་འགྱུ། །ཁྱབ་ནི་སྟོང་གསུམ་ཡོངས་ལ་ཁྱབ། །ཅེས་རླུང་གི་གནས་ལུགས་ངོ་སྤྲད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཡང་གཅིག་འདུས་པའི་འཁོར་ཚོགས་ལ། །ཀུན་ཏུ་བཟང་མོས་བཀའ་སྩལ་པ། །ཀྱེ་ཀྱེ་


DNG025_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་སྣང་རིག་ཉོན། །ཡེ་ཤེས་རྩལ་གྱིས་ལུས་གྲུབ་པས། །དེ་ལ་རྩ་གྲུབ་ཐིག་ལེས་ཁྱབ། །རྒྱུ་ཡི་ཐིག་ལེ་ཡི་གེར་གནས། །དེ་ལ་སྐུ་དང་ཡེ་ཤེས་ཀྱི། །ཐིག་ལེ་དག་ནི་གནས་པའོ། །ཁྱད་པར་རྩ་གསུམ་འཁོར་ལོ་ལྔར། །གཞི་ཡི་ཐིག་ལེ་བཟང་པོ་དང་། །ལམ་གྱི་ཐིག་ལེ་བཟང་པོ་དང་། །བཟང་པོ་རྣམས་ཀྱི་རྩེ་མོ་དང་། །བཟང་པོ་རྒྱན་དང་ལྡན་པ་ཡང་། །རྩ་རྣམས་ཀུན་གྱི་ནང་ན་གནས། །སྤྱིར་ན་ཐིག་ལེ་འོད་ལྟར་གནས། །རྩ་རེའི་ནང་ན་རླུང་རེ་གནས། །རླུང་རེའི་རྩ་ལ་ཐིག་ལེ་རེ། །ཐིག་ལེ་སྐུ་དང་ཡེ་ཤེས་སོ། །ཐིག་ལེ་ཆོས་ཉིད་ལྟ་འདོད་ན། །དོན་དམ་དང་ནི་ཀུན་རྫོབ་གཉིས། །དོན་དམ་ཐིག་ལེ་ཆོས་ཀྱི་སྐུ། །ཐིག་ལེ་སྟོང་པའི་སྒྲོན་མའོ། །ཐིག་ནི་ཆོས་སྐུ་འཕོ་འགྱུར་མེད། །ལེ་ནི་ལོངས་སྐུར་གསལ་བ་དང་། །ཉག་ནི་སྤྲུལ་སྐུ་ཀུན་ལ་ཁྱབ། །གཅིག་ནི་སྐུ་གསུམ་གཅིག་ཏུ་འོང་། །ཀུན་རྫོབ་ཐིག་ལེ་འདི་ལྟར་རོ། །ཕོ་ལ་ཐིག་ལེ་དངོས་སུ་འབབ། །མོ་ལ་བདེ་བ་རྒྱས་པའི་དུས། །རྣ་བུག་གཡས་སུ་འབབ་པར་འགྱུར། །ཀུན་རྫོབ་ཐིག་ལེ་དེ་ཉིད་ནི། །འབྱུང་བ་ལྔ་ཡི་དྭངས་མ་ཡིན། །དེ་ལ་ཡི་གེ་ཐིག་ལེ་གནས། །ཀུན་རྫོབ་ཐིག་ལེ་སྦྱངས་པ་ཡིས། །དོན་དམ་ཡི་གེ་ཐིག་ལེ་མཇལ། །འདོད་ཆགས་ཅན་གྱི་རྣལ་འབྱོར་པས། །རིག་མ་མཚན་ཉིད་ལྡན་པ་ལ། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ནི། །ཕབ་ཅིང་གཟུར་དང་ཟློག་པ་དང་། །རྩ་ལ་བཏབ་ཅིང་རླུང་ལ་བསྲེ། །སྟོང་ཉིད་བརྟེན་བྱ་བློ་བྱ་བློ་རྗེས་བཅད། །ལུས་དང་སེམས་གཉིས་གོ་བཟློག་བྱ། །དེ་ལྟར་བྱས་པའི་ཡོན་ཏན་ནི། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཐོབ། །སྐུ་གསུམ་རྡོ་རྗེ་གནས་པར་མཐོང་། །སྤྱིར་ཡང་ཐིག་ལེའི་མཚན་ཉིད་ནི། །གྲངས་ཅན་རྣམ་པ་བཅུ་དྲུག་སྟེ། །གྲངས་མེད་སྤུ་ཡི་གྲངས་དང་མཉམ། །འདས་དང་མ་འདས་གཉིས་ཀྱི་སྲོག །དོན་དམ་ཀུན་རྫོབ་གཉིས་སུ་མེད། །རྒྱུ་ཡི་ཐིག་ལེ་ཡི་གེར་གནས། །རྩ་དང་རླུང་དང་ཐིག་ལེ་གསུམ། །ཕྱི་ལྟར་འབྱུང་བ་རྣམ་ལྔ་ཡིན། །ནང་ལྟར་ཡུམ་ཆེན་རྣམ་ལྔ་ཡིན། །གསང་བ་ལྟར་ན་ཁྲོ་བོ་ཡིན། །ཡང་གསང་ལྟར་ན་ཡེ་ཤེས་ལྔ། །ཡང་


DNG025_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་རྒྱུ་ཡི་ཐིག་ལེ་ནི། །ཕྱི་ལྟར་འཁོར་ལོ་ལྔ་ཡིན་ནོ། །ནང་ལྟར་ཐིག་ལེ་ལྔ་ཡིན་ནོ། །གསང་བ་ལྟར་ན་ཡེ་ཤེས་ལྔ། །ཨ་ཧ་རི་ནི་སརྦ་ཅེས་པའོ། །ཡང་གསང་ལྟར་ན་མཁའ་འགྲོ་ལྔ། །ཡང་གཅིག་རྒྱུ་ཡི་ཐིག་ལེ་ནི། །ཕྱི་ལྟར་འབྱུང་བ་ལྔ་ཡིན་ནོ། །ནང་ལྟར་ཉོན་མོངས་དུག་ལྔ་ཡིན། །གསང་བ་ལྟར་ན་སྐུ་ལྔ་སྟེ། །ཡང་གསང་ལྟར་ན་ཡེ་ཤེས་ལྔ། །དེ་ལྟར་རིག་ཐོག་ངོ་ཡང་སྤྲད། །ཅེས་ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཐིག་ལེ་ངོ་སྤྲད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ཡང་གཅིག་ཀུན་ཏུ་བཟང་མོ་ཡིས། །རིག་སྣང་འཁོར་ལ་འདི་སྐད་དོ། །ཀྱེ་ཀྱེ་འདུས་པའི་འཁོར་ཚོགས་ཉོན། །ད་ནི་ཡི་གེའི་གནས་ལུགས་བཤད། །རྩ་རླུང་ཐིག་ལེ་གསུམ་གྱི་རྩལ། །ཡེ་ཤེས་འོད་ཀྱི་གོང་བུ་གནས། །ཡི་གེའི་གྲངས་ནི་བསམ་ལས་འདས། །བྱེ་བ་ཐེར་འབུམ་ས་ཡ་སྟེ། །བསྡུས་ན་གྲངས་ཅན་འདི་ལྟར་རོ། །ཨ། ཧ། འ། ས། ཤ །མ། ཨོཾ་ཨཱཿཧཱུཾ། དེ་ལྟར་ཡི་གེ་རྣམ་པ་དགུ། །འགག་མེད་ལམ་ལ་དེ་བཞིན་གཤེགས། །ཡི་གེའི་སྒྲ་ནི་སྟོང་པས་ཚིག་ལས་འདས། །ཨ། ཧ། འ། ས། ཤ །མ། ཨོཾ་ཨཱཿཧཱུཾ། ཆོས་ཐམས་ཅད་སྐྱེ་འགག་གཉིས་སུ་མེད་པའི་ཡི་གེ་རང་ཤར་བའོ། །ཨ། མ། འ། ས། ཤ །ན། དྷ་མ། སརྦ། ཀ་མ། བྷ་ནི། སརྦ། གྷ་ཏ། དྷ་ས་ནི། སརྦ། ཡ་ཤོ། དྷ་ནི། སརྦ། ས། སཾ། འུ། བྷ། བྷ་སུ། དྷ་ན། སརྦ། པན་ཏྲི། པར། སརྦ། ཌ་དུ་ཎ། ཡེ། སརྦ། ཤ །སརྦ། ཨ། ཀ་དུ། གླ། ཨོཾ་སྭ་ར། ཤོ་ཏ་ནི། ཨཱོུཾ། སྐུ་གསུམ་འདུས་མ་བྱས་པའི་ཡེ་ཤེས་ནམ་མཁའ་ནས་རང་ཤར་བའོ། །ཨཱོཾ། ཀོ་ཤོ་མ་ཏི་ཡཱི། ཨ་པྲ་བྷ་ན་སརྦ་ཉ་ན་དུ་ཡ་ཡཱ། དོན་མཚོན་དུ་མེད་པའི་ཡི་གེའོ། །ད་ནི་ཇི་ཙམ་མོ་སྟམ་མ་ནུས་པ། སརྦ་དྷརྨ་ཀཱ་ཡ་མ་ཏི་སཾ་བྷ་ར། སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་ཡི་གེ་རང་ཤར་བའོ། །འོ་དེ་དྲེག་མི་ལྷ་ཧ་ཨད་མ་ཀོ་ཤ་ཙཀྲ་ལ་ཀཾ། གསུང་རྣམ་པར་དག་པའི་ཡི་གེས་ངག་ཡོངས་སུ་དག་པ་མྱ་ངན་ལས་འདའ་བའོ། །ཤྲི་བཛྲ་མུ་ཏད་ཏེ་སེ་ཉ། པྲད་ཉ་པ་ར་ས་དུས་སྟན་ཀ་ཏི། ཐུགས་མཉམ་པ་ཉིད་ཀྱི་ཡེ་ཤེས་


DNG025_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཤར་བའོ། །མཾ་གྷཾ་ཧ་ས་ཧཱུཾ། ཡོན་ཏན་མི་ཟད་པའི་ཡེ་ཤེས་རང་ཤར་བའོ། །སཾ་ཏ་ཀ་ཕུ་མུ་སྐའུ་མ་ཧ་དུ་བྷ་རི་ཀེ་ཏ་ཀེ་ཏ། དྷ་ཐིཾ། ཨ་དྷ་ཐིཾ། ཕྲིན་ལས་ཐོགས་པ་མེད་པའི་ཡི་གེ་རང་ཤར་བའོ། །ཨ། འ། ཧ། ཤ །ས་མ། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །སངས་རྒྱ་བ་ཡི་ཐབས་བསྟན་པའོ། །ཨ་བག་ཀྱ། ཨེ་མ་ཀི་རི། མ་ཏ་བྷ། སི་ཥ་སི་ཏ་ས་མི་ཏ། སུ་རུ་སུ་རུ་ཀུན་དྷ་ལི། མ་སུ་མ་སུ། ཨི་ཀཱ་ར་ལི་སུ། བྷ་ས་ཏི་ཨི། ཙ་ཀར་བྷུ་ལི་ཡེ། ས་མུན་ཏ། ཙརྱ་སུ་གྷ་ཡཱེ། བྷི་ཏ་ས་ན། འབྱང་བྷུ་ལི་ཡཱེ། ས་ཀ་རི་རུ་ཀ་ན། མ་ཏ་སི་བི་ཏ་ནི། པ་ར་ཁི་ཧི་ས་ཧ། ལ་ས་ཁ་ར་ཏ་ཀ་ལ་ན། ས་བྷུ་ད་ར་ཏ། མེ་གྷེ་ཙར་ས་སྟཾ་ཕུ་རྒྱ་གྷ་ཏ་ར་ཨཱེ། པ་ཤ་སྦྱང་པ་ར་ན། བྷ་ཧི་ཏི། སཾ་མ། སྨིན་ས་གྷུ་ཏི་ཏ་བ་ལ། གུ་ར་གྷ་ཏ། སག་ཁར་ས་ན་ལཾ། ན་ར་ན་ར་ན་ཨཱིཾ་ཐ་ར་བ་ཏི་ལཾ། སིད་དྷ་སིད་དྷ། བྷེ་ས་ཏ་ཡ་ས་ལཾ། བྷུད་དྷ་བྷུད་དྷ། ཚ་ཚ་ཤ་བ་གེ་ལཾ། ས་ས་རི་རཱི། ལི་ལཱི། ཨི་ཨཱིཾ། མ་མར་ར་རྭ། ཀུན་ཏུ་བཟང་མོའི་གཟུངས་ཞེས་བྱ་བ། བཏགས་པས་སངས་རྒྱ་བའི་གདམས་ངག་ཡང་དག་པའོ། །ཨཱོཾ་ཨག་ན་ཡ་མ། ཨི་ཡིན་ན་མོ་ས་ཉི་ཙམ་ས་ཙ་ས་རཾ་ས་ཧཱ། བཏགས་པས་གྲོལ་བའི་ཡི་གེ་རྣམས། །བསྟན་པ་གང་ལ་བབས་པ་ཡིན། །རིན་ཆེན་བཞུ་བའི་ཁུ་བས་བྲི། །སུ་ཡི་ལུས་ལ་བཏགས་པ་རྣམས། །ངེས་པར་གྲོལ་བར་འགྱུར་བའོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཡི་གེའི་ངོ་སྤྲོད་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།ཡང་གཅིག་ཀུན་ཏུ་བཟང་མོ་ཡིས། །སྣང་སྲིད་འཁོར་ལ་འདི་སྐད་དོ། །ཉོན་ཅིག་སྣང་སྲིད་འཁོར་རྣམས་ཉོན། །ཡེ་ཤེས་ལྔ་ལས་འབྱུང་ལྔ་གྲུབ། །འབྱུང་བ་ལྔ་ལས་ལུས་གྲུབ་སྟེ། །ལུས་ལ་རྩ་གྲུབ་རྩ་ནང་རླུང་། །རླུང་ལ་ཐིག་ལེ་ཡི་གེའི་ཚུལ། །དེ་རྣམས་ཀུན་གྱི་རང་རྩལ་ལ། །སྐུ་དང་ཡེ་ཤེས་སྨིན་པའོ། །དེ་ཡང་གནས་ཚུལ་འདི་ལྟར་རོ། །འཇིག་རྟེན་ཁམས་ཀྱི་སེམས་ཅན་ལ། །དེ་བཞིན་གཤེགས་པའི་སྙིང་པོ་ནི། །སྐུ་དང་ཡེ་ཤེས་རྩ་དང་རླུང་། །ཐིག་ལེ་


DNG025_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཉག་གཅིག་སྐུ་རྣམས་ནི། །རང་ཆས་སུ་ནི་འདི་ལྟར་གནས། །ཏིལ་ལ་མར་གྱིས་ཁྱབ་བཞིན་ནོ། །ལུས་ཅན་རྣམས་ལ་བསྟན་ནས་ནི། །གནས་ནི་སྙིང་གི་དཀྱིལ་དུ་གནས། །ཕྱི་ནི་རྒྱ་ཡང་མ་བདལ་ལ། །ནང་དུ་འོད་ལྔ་མ་འགགས་པ། །ཀུན་བཟང་གའུ་ཁ་སྦྱོར་དུ། །དཔེར་ན་བསེ་ཡི་གའུ་བཞིན། །ཁ་སྦྱོར་ཚུལ་དུ་གནས་པའོ། །གའུ་དེ་ཡི་དཀྱིལ་ཤེད་དུ། །འོད་ལྔའི་དཀྱིལ་དུ་ཞི་བའི་སྐུ། །ཡུངས་འབྲུ་ཙམ་གཅིག་འོད་དུ་གནས། །དེ་ནི་རིགས་པའི་གནས་ལུགས་སོ། །རིག་པའི་སྐུ་ནི་བུམ་སྐུ་འདྲ། །ཡེ་ཤེས་བུམ་ནང་མར་མེ་འདྲ། །ཐུགས་རྗེ་ཉི་མའི་འོད་ཟེར་འདྲ། །དེ་ལས་འབྱུང་བ་ཡེ་ཤེས་ནི། །ཁྲོ་བོ་སྐུ་ནི་ཡུངས་འབྲུ་ཙམ། །མ་འགགས་སྤྱན་ནི་ཕུལ་དག་ཙམ། །འོད་དང་འོད་ཟེར་ཚུལ་དུ་བཞུགས། །གནས་ནི་ཀླད་པའི་ནང་དུ་གནས། །སྐུ་དང་ཡེ་ཤེས་དེ་དག་ནི། །ཐོག་མ་དག་དང་གནས་པའོ། །དེ་ལས་བྱུང་བའི་འོད་ཟེར་ནི། །ཉི་མའི་དཀྱིལ་འཁོར་ལྟ་བུའོ། །མེ་ལོང་དཀྱིལ་འཁོར་དྭངས་པ་ཡིས། །ཉ་ཡི་མིག་བཞིན་གནས་པའོ། །དེ་ཡང་རིག་པ་དག་དང་འདྲེལ། །ཙིཏྟ་སྙིང་གི་རྩེ་མོ་ནས། །རྩ་ནི་དར་དཀར་སྐུད་པ་ཙམ། །སྒལ་ཚིགས་འདབ་ནས་ཡར་ལ་ཡོད། །དེ་ནས་རྩེའུ་ཆུང་གཡས་སུ་ཞུགས། །མགོ་བོ་ཀླད་པའི་རྒྱ་དང་འདྲེལ། །དེ་ཡང་སྣ་འདབ་གཡོན་ནས་གཉིས། །ཚང་ཚིང་ནང་ནས་མིག་དང་འདྲེལ། །དར་སྐུད་བ་མེན་རྭ་འདྲའི་དཀྱིལ། །རྒྱལ་མོའི་དཀྱིལ་དུ་རྩ་དེ་ཟུག །སྣང་བ་ཡི་ནི་འཆར་བྱེད་ལམ། །རྐྱེན་གྱིས་མ་བསྒྲིབས་སེམས་ཅན་མིག །མིང་ནི་རྒྱང་ཞགས་ཆུ་སྒྲོན་ཟེར། །སྙིང་ལ་ཡེ་ཤེས་གནས་པ་དེ། །ལམ་ནི་རྩ་ལ་ཞུགས་ནས་སུ། །ཐོན་ནི་ཡེ་ཤེས་མིག་ལ་ཐོན། །གསལ་ནི་ནམ་མཁའི་དབྱིངས་སུ་གསལ། །དཔེར་ན་མེ་ལོང་དཀྱིལ་འཁོར་དྭངས་པ་ལ། །གང་བསྟན་རྐྱེན་ནི་འཆར་བ་བཞིན། །དེ་བཞིན་རྣམ་དག་སྟོང་པའི་ནམ་མཁའ་ལ། །དོན་ནི་སྙིང་པོ་མ་འདྲེས་ཚོམ་བུ་ལྔ། །མ་སྐྱེས་རྫོགས་པའི་ཚུལ་དུ་གསལ། །འདི་རྣམས་རང་ཆས་ཡིན་པས་གཞན་དུ་མ་ཚོལ་ཞིག །རང་བྱུང་རང་ཤར་ཡེ་ཤེས་འོད། །རྐྱེན་གྱིས་མ་བསྒྲིབས་ཟང་ཐལ་ཉིད། །ཐིག་ལེ་ཐིག་ཕྲན་འོད་ཀྱི་མུ་ཁྱུད་


DNG025_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །ཉི་ཟླས་བརྒྱན་པའི་རིན་ཆེན་ཁང་པ་རུ། །འོད་ལྔ་མ་འདྲེས་ཡེ་ཤེས་ཚོམ་བུར་གསལ། །ལྔ་ལྡན་ཚོམ་བུའི་ལྷ་ཚོགས་རྣམས། །དཔག་མེད་དམིགས་མེད་བསམ་ཡུལ་བྲལ། །ཕྱི་ནང་མེད་པར་ཟང་ཐལ་སྣང་། །ཞི་ཁྲོ་སྤྲུལ་པ་ཡང་སྤྲུལ་ཚོགས། །རང་གི་འོད་དང་ཟེར་བཞིན་དུ། །རང་ཆས་རྣམས་སུ་རྣམ་པར་སྣང་། །འཆར་བྱེད་འབྱུང་ཚུལ་མི་འགག་པ། །དབང་པོ་རྣམས་དང་འདྲེལ་བའི་ཚུལ། །སྣང་བའི་ཡུལ་དང་གསལ་བར་སྣང་། །ཀུན་གྱི་སྤྱན་ལ་འཆར་བའོ། །ཆོས་ཉིད་སྟོང་པའི་ནམ་མཁའ་ལ། །རིག་པ་ཡེ་ཤེས་ཟང་མ་གདལ། །ཡེ་ཤེས་འོད་སྣང་ཀུན་ཏུ་གདལ། །རིགས་དྲུག་ལུས་ཀྱང་འོད་ཀྱི་སྐུ། །བེམ་པོ་རྣམས་ཀྱང་ཡེ་ཤེས་ལུས། །ཟང་ཐལ་ཉིད་དུ་གནས་པའོ། །ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། རྩ་དང་རླུང་གི་ཐིག་ལེ་དང་། སྐུ་དང་ཡེ་ཤེས་གནས་ཚུལ་དང་། ལམ་དང་འཆར་སྒོ་ཡུལ་གང་གསལ་ངེས་པར་གསུངས་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་འབྱུང་ལྔའི་འཁོར་ཚོགས་དང་། །སྣང་བ་ཆེན་པོའི་འཁོར་ལ་སོགས། །འཁོར་ཚོགས་འདུས་པས་ཡང་གསོལ་པ། །ཀྱེ་ཧོ་ཀྱེ་ཧོ་ཀྱེ་མ་ཀློང་། མ་སྐྱེས་པའི་ནམ་མཁའ། མ་འགགས་པའི་སྣང་བ། ཀུན་ལ་ཆགས་པའི་རིག་པ། སྐུ་གསུམ་གཅིག་ཏུ་རྫོགས་པའི་མཁའ་ཀློང་། དེ་ལྟ་བུའི་སྐུ་དང་ཡེ་ཤེས། སྐུའི་སྐུ་མཆོག །དེ་ལྟ་བུའི་སངས་རྒྱས་རང་ལ་རང་ཆས་སུ་གནས་པ་ལས། མ་རིག་པ་ཡོད་ལགས་སམ་ཞུས་པའི་ལན་དུ་བཀའ་སྩལ་པ། ཀྱེ་ཀྱེ་འབྱུང་བའི་བདག་མོ་ཉོན། །ལེགས་པར་དགོངས་ལ་ཐུགས་སུ་ཆུད། །སྲོག་གིས་བསྡུས་པའི་སེམས་ཅན་ལ། །ཉོན་མོངས་མ་རིག་ཤས་ཆེར་གནས། །རྟེན་ནི་གཟུགས་ཕུང་དག་ལ་བརྟེན། །གནས་ནི་གློ་སྙིང་བར་དུ་གནས། །མ་རིག་པ་དང་སེམས་དང་ཡིད། །རྣམ་པ་གསུམ་དུ་གནས་པའོ། །མ་རིག་རྐྱང་པ་མེད་པ་སྟེ། །སེམས་ཀྱིས་བག་ཆགས་ཐམས་ཅད་སྡུད། །ཡེ་ཤེས་ཉིད་ལ་སྒྲིབ་པར་བྱེད། །


DNG025_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་ཡུལ་རྟོག་གཉིས་སུ་འཛིན། །རིག་སྣང་ཉིད་ལ་སྒྲིབ་པར་བྱེད། །དེ་གསུམ་གཅིག་ཏུ་འདུས་པ་ལས། །མ་རིག་པ་ཞེས་བྱ་བ་སྟེ། །དེ་ནི་འཁོར་བའི་ངོ་བོ་ཡིན། །དེ་ལ་དུག་ལྔ་ཁོང་ཁྲོ་དྲུག །ཉོན་མོངས་བག་ཆགས་ཐམས་ཅད་ཆགས། །ཀུན་གཞི་དང་ནི་འཛིན་པ་བྱུང་། །ཉོན་མོངས་རྣམ་རྟོག་དེ་རྣམས་ནི། །ལམ་ནི་གང་དུ་བྱུང་བ་ནི། །གློ་སྙིང་གཉིས་སུ་འདྲེལ་བའི་བར། །རྩ་སྲོག་དམར་པོ་ཞེས་བྱ་བ། །སོག་སྦུག་ཙམ་གྱི་ནང་ནས་ཡར། །མ་རིག་རྣམ་རྟོག་ཐམས་ཅད་འགྱུ། །དེ་ནི་སྒལ་ཚིགས་གཡོན་ནས་ཡར། །རྩེའུ་ཆུང་གཡོན་པ་དག་ནས་འདྲེལ། །དེ་ནས་སྣ་འདབ་གཡོན་པ་ནས། །གྱེས་ཏེ་ཁ་སྣ་གཉིས་ལ་ཟུག །རྣམ་པར་རྟོག་པ་ཐམས་ཅད་ནི། །དབུགས་ཀྱི་རྟ་ལ་ཞོན་བྱས་ནས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འགྱུ། །དུག་ལྔ་ཁོང་ཁྲོ་རང་གར་སྤྱོད། །ཡུལ་རྐྱེན་རྣམས་ལ་བརྟེན་བྱས་ནས། །གཟུང་བའི་ཡུལ་དང་འཛིན་པའི་སེམས། །ཐམས་ཅད་སོགས་པའི་གཞི་མ་ནི། །རྣམ་པ་གསུམ་དུ་དབྱེ་བ་སྟེ། །ཡེ་ཐོག་དང་པོའི་ཀུན་གཞི་ནི། །རིག་པའི་སྣང་བ་སྡུད་ཅིང་བསོགས། །སྦྱོར་བ་དོན་གྱི་ཀུན་གཞི་ནི། །ཉོན་མོངས་སྣ་ཚོགས་སོགས་པར་བྱེད། །ཉོན་མོངས་སོགས་པའི་ཀུན་གཞི་ནི། །ཕུང་པོ་ཁམས་ལ་བརྟེན་བྱས་ནས། །ཉོན་མོངས་དུ་མའི་རྟེན་གནས་བྱེད། །དཔེར་ན་རིགས་ངན་ཁྱེའུ་བཞིན། །སྒོ་ངའི་ཡུལ་ལ་སེམས་ཀྱིས་བཟུང་། །སྣང་ཡུལ་དུ་མ་ཉིད་དུ་བཟུང་། །དེ་ཕྱིར་ཁམས་གསུམ་ཁང་པ་རུ། །འཁོར་བ་ཉིད་དུ་འཁོར་བའོ། །དེ་རྣམས་དབང་དུ་མ་ཤོར་བས། །རིག་པ་ནམ་མཁར་བརྡལ་བར་བྱ། །བར་སྣང་ཁམས་སུ་ཡེ་ཤེས་ངོས་བཟུང་ངོ་། །ཞེས་མ་དག་པའི་སེམས་ཅན་ཐམས་ཅད་ལ། ཉོན་མོངས་པ་རང་ཁར་ཤས་ཆེ་བས་ན། མ་རིག་པ་དང་སེམས་དང་། ཡིད་གསུམ་གྱི་གནས་ལམ་ཡུལ་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།


DNG025_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་ཉེར་གསུམ་པ་འདི་ཉིད་ལ། རྒྱུད་ཐམས་ཅད་ཀྱི་མཐའ་བསྡུས་པ་སྟེ། །ཀློང་གསལ་གསུམ་དང་ཟླ་ཤེལ་དང་། །ཁྱད་པར་ཀུན་ཏུ་བཟང་མོའི་རྒྱུད། །ཀློང་གསལ་འབར་མའི་རྒྱུད་དག་ལས། །མ་གྲུབ་ཐོག་མའི་གོང་དག་ཏུ། །ཀུན་ཁྱབ་ཡེ་ཤེས་གནས་པ་ལས། །འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ། །ལམ་དང་འཆར་སྒོ་ཡུལ་གང་གསལ། །རྐྱེན་གྱི་བར་ཆད་ཇི་ལྟ་བུ། །ཞེས་པའི་ཚིག་རྐང་དགུ་པོ་ལ། །ད་ནི་རྐྱེན་གྱི་བར་ཆད་བསྟན། །གལ་ཏེ་རྣལ་འབྱོར་གང་ཞིག་རྣམས། །རང་ངོ་མ་ཤེས་རང་རྒྱུད་འཁྲུལ། །སྣང་བ་རྟོག་པའི་ཡུལ་ལ་ཤོར། །སྟོང་པ་དངོས་པོ་མཚན་མར་ཤོར། །བདག་འཛིན་གཉིས་ཀྱི་བར་ཆད་ནས། །བག་ཆགས་རིམ་པ་བསལ་དཀའ་བས། །དེ་ལ་ཉམས་ལེན་འདི་ལྟར་གཅེས། །ཉམས་ལེན་གོང་འཕེལ་གྲོལ་བའི་རྟགས། །བར་ཆད་བྱུང་ན་རྒྱུད་འདི་ཉིད། །རིམ་པ་ལྟར་དུ་ངོ་ཡང་སྤྲད། །ལེགས་པར་ངོ་ནི་མ་འཕྲོད་ན། །བག་ཆགས་གར་སྤྱིན་འབྱར་སླ་བས། །འགོགས་པར་དཀའ་བ་ཉིད་དུ་འགྱུར། །སེམས་ལ་སངས་རྒྱས་གནས་གྱུར་ཀྱང་། །མ་བསྒོམས་བར་དུ་བྷུ་ནི་ཐ། །རང་རིག་ཡེ་ཤེས་ཡིན་གྱུར་ཀྱང་། །མ་བལྟས་བར་དུ་གསལ་མི་འགྱུར། །དཔེར་ན་ཏིལ་འབྲུ་ཡུངས་འབྲུ་ལ། །མར་ནི་ཡེ་ནས་གནས་གྱུར་ཀྱང་། །མ་བཙིར་བར་དུ་མར་མི་འབྱུང་། །འོ་མ་མར་གྱི་རང་བཞིན་ཏེ། །མ་བསྲུབས་བར་དུ་མར་མི་འབྱུང་། །ས་ལ་དྲོད་རླན་ལྡན་གྱུར་ཀྱང་། །སོ་ནམ་མ་བྱས་འབྲུ་མི་འཁྲུངས། །ལུས་པོ་སངས་རྒྱས་ཞིང་ཁམས་ཀྱང་། །མ་སྦྱངས་བར་དུ་ལས་མི་དག །ངག་རྣམས་ཆོས་ཀྱི་རང་སྒྲ་སྟེ། །མ་གསལ་བར་དུ་དོན་མི་རྟོགས། །ཡིད་ནི་ཀུན་ཏུ་བཟང་མོ་སྟེ། །མ་རྟོགས་བར་དུ་བརྡ་མི་འཇལ། །དེ་ལྟར་དོན་ནི་བསྒོམ་པར་བྱ། །ཞེས་སོ། །ཀུན་ཏུ་བཟང་མོ་ཉི་མའི་གསང་རྒྱུད་ལས། ཞལ་གདམས་གནད་དུ་བསླབ་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་སྟོན་པ་ཀུན་ཏུ་བཟང་མོ། ཡུམ་གྱི་མཁའ་ནས་ཀློང་རྡོལ་ཏེ། །སྐུ་ཡི་དབྱིངས་ནས་གསུང་གི་ཟེར། །


DNG025_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་ཀློང་ནས་རིག་པའི་ལྗགས། །དགུ་འགྱུར་ལྕོག་ཆུང་གྲོ་མོའི་སྐད། །སྣང་བའི་ཡུལ་ན་ཆོས་ཀྱི་སྒྲ། །རང་སྐད་དུ་ནི་འདི་སྐད་དོ། །ཀྱེ་མ་འབྱུང་ལྔའི་བདག་མོ་ཉོན། །སྣང་བ་གཟུགས་ཀྱི་སྐུ་ཤར་བས། །ངོ་བོ་ཉིད་ཀྱི་འཁོར་ཚོགས་དགོངས། །དུས་གསུམ་སངས་རྒྱས་ཐུགས་ཀྱི་བཅུད། །གསང་བ་ཡང་གསང་བླ་ན་མེད། །ཀུན་ཏུ་བཟང་མོ་སྙིང་གི་ཐིག །མཐར་ཐུག་ཨ་ཏིའི་དགོངས་པ་འདི། །ཚིག་དང་ཡི་གེར་མི་འོས་ཀྱང་། །སྙིགས་མའི་སེམས་ཅན་འཇུག་པའི་ཕྱིར། །མ་བཅོས་ལྷུག་པར་མཐོང་ཞེས་པས། །པད་འབྱུང་བདག་གིས་གསལ་བར་བཀོད། །ལྷ་ལྕམ་པད་གསལ་ཡི་དམ་མཛོད། །རྡོ་རྗེ་སྤྲེ་ཆུང་ཐུགས་ལ་འཆང་། །རྒྱལ་པོ་ཡབ་ཡུམ་གསང་མཛོད་ཅིག །ནམ་ཞིག་རྐྱེན་གྱིས་བར་ཆོད་ན། །རྒྱུད་འདི་འགྲོ་བ་ཡོངས་ཀྱི་དཔལ། །ཁྱད་པར་གླང་ལུག་ཁྱི་འབྲུག་བཞི། །སྟག་སྤྲེལ་བྱ་ཡི་ལོ་པ་དང་། །རིགས་ལྔ་ཕ་རོལ་ཕྱིན་དྲུག་མིང་། །རྣམ་པ་བཅུ་གཅིག་དཔལ་དུ་ཤོག །སྨོན་ལམ་རེ་རེ་བཅུགས་པ་དབྱིངས་ལ་གསོལ། །དེ་ནས་ཡུམ་གྱིས་གསུངས་པའི་ཆོས་རྣམས་ནི། །སྙིང་པོ་གཅིག་ཏུ་བསྡུས་པའོ། །ཟབ་མོ་གནད་ཀྱི་གདམས་པ་འདི། །དུས་གསུམ་སངས་རྒྱས་དགོངས་པ་ཡིན། །མཁའ་འགྲོ་རྣམས་ཀྱི་སྙིང་ཁྲག་ཡིན། །ཡུམ་ཆེན་བཞི་ཡི་སྙིང་བཅུད་དོ། །མཁའ་འགྲོ་སྡེ་ལྔའི་ཐུགས་ལ་སྦོས། །རྡོ་རྗེ་འཆང་གིས་དོན་འདི་ཤོད། །ལོངས་སྐུ་རིགས་ལྔས་རྒྱ་འདི་ཁྲོལ། །དགའ་རབ་རྡོ་རྗེས་རྒྱུད་འདི་ཟུང་། །སིང་ཧ་ཉིད་ཀྱིས་ཆོག་དོན་ཤོད། །པདྨའི་མཚན་གྱིས་ཡི་གེར་ཐོབ། །སྙིགས་མའི་དུས་སུ་ཆོས་འདི་དར། །ཀུ་སུ་ལུ་ཡི་དོན་ཆེད་དུ། །ང་ཡིས་དོན་འདི་བཤད་པར་བྱ། །སྣང་བ་ཡེ་ཤེས་བལྟ་བའི་ཕྱིར། །ཉམས་ལེན་རིམ་པ་འདི་ལྟར་རོ། །མ་རིག་སེམས་ཡིད་རྣམ་པ་གསུམ། །ནམ་མཁའ་གར་ཁྱབ་གསུམ་གྱིས་ཁྱབ། །གསུམ་པོ་གར་ཁྱབ་ཉོན་མོངས་ཁྱབ། །སེམས་ཅན་ཉོན་མོངས་གསུམ་སྡོང་ཡིན། །དེ་དག་ཐམས་ཅད་བསྡུ་བ་ན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡིན། །དེ་ཡང་བསྡུས་ན་དུག་ལྔར་འདུས། །དེ་ཡང་བསྡུས་ན་དུག་གསུམ་ཡིན། །


DNG025_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བསྡུས་ན་གཟུང་འཛིན་གཉིས། །དེ་ཡང་རྣམ་རྟོག་གཅིག་ཏུ་འདུས། །རྣམ་རྟོག་ཉིད་ཀྱང་མ་རིག་པ། །མ་རིག་པ་ལ་རྟེན་བྱས་ནས། །གཟུང་འཛིན་ཐག་པ་དམ་དུ་བསྡམས། །ངན་སོང་གསུམ་གྱི་སྒྲོག་ཏུ་བཅུག །འཁོར་བ་ཉིད་དུ་འཁོར་བའོ། །འཁོར་བ་དེ་ལ་སྐྱོབ་པའི་ཐབས། །དཀོན་མཆོག་གསུམ་པོ་མ་གཏོགས་པ། །གཞན་མ་སྐྱོབ་གཞན་མི་འདུག་པས། །ཉོན་མོངས་རྣམ་རྟོག་སྡུག་བསྔལ་གྱིས། །གང་དུ་ཁྱབ་པ་ཐམས་ཅད་ཀུན། །འཕགས་པའི་ཐུགས་རྗེས་ཁྱབ་པའོ། །ཐུགས་རྗེས་གར་ཁྱབ་སྐུ་ཡིས་ཁྱབ། །སྐུ་ཡིས་གར་ཁྱབ་ཟེར་གྱིས་ཁྱབ། །དེ་རྣམས་བསྡུས་པར་གྱུར་པ་ན། །གསང་སྔགས་ཀུན་གྱི་གནད་འདུས་པས། །གསང་སྔགས་གནད་རྒྱུད་ཅེས་སུ་གྲགས། །འདི་ནི་ནོར་བུ་རིན་པོ་ཆེ། །འདི་ནི་མུན་པའི་སྒྲོན་མེའོ། །མངོན་སུམ་རང་གནད་བཅར་ཕོག་ཏུ། །སྟོན་པར་བྱེད་པའི་རྒྱུད་འདི་ལ། །ཐུགས་ནས་ཐུགས་སུ་བརྒྱུད་པའི་ཕྱིར། །རྒྱལ་བ་དགོངས་པའི་བརྒྱུད་པ་ཚང་། །བརྡའ་ནས་བརྡ་རུ་བརྒྱུད་པས་ན། །བརྡའ་ཡི་བརྒྱུད་པ་ཟམ་མ་ཆད། །སྙན་ནས་སྙན་དུ་བརྒྱུད་པས་ན། །སྙན་ཁུང་བརྒྱུད་པ་ཟམ་མ་ཆད། །གཏེར་ནས་གཏེར་དུ་བརྒྱུད་པའི་ཕྱིར། །གཏེར་གྱི་བརྒྱུད་པ་ཟམ་མ་ཆད། །འདི་མེད་དབང་གཞི་བསྐུར་བ་ཀུན། །ལག་རྡུམ་གསེར་གླིང་ཕྱིན་པ་འདྲ། །ཁ་བྲག་ལམ་ལ་ཞུགས་པ་འམ། །བྲག་སྐམ་སོ་ནམ་བྱས་པ་འདྲ། །རྒྱུད་འདི་རིན་ཆེན་གསེར་གྱིས་བྲིས། །རྟག་ཏུ་མི་འབྲལ་ལུས་ལ་བཅང་། །རྒྱུན་དུ་མ་ཡེངས་དོན་རྣམས་བསྒོམ། །རྒྱུད་འདི་རེག་པ་ཙམ་གྱིས་ཀྱང་། །ཡུམ་ཆེན་ང་དང་འདུ་འབྲལ་མེད། །འཛིན་ཆགས་སྐྱེས་བུ་བུཌྜྷའོ། །རྒྱུན་དུ་གུས་པའི་མཆོད་པ་ཡིས། །ཁྱིམ་མམ་ཡུལ་གནས་ས་ཕྱོགས་དེར། །མཐུན་རྐྱེན་ཡོན་ཏན་དཔག་མེད་འབྱུང་། །ཕྱི་མ་བར་དོ་མེད་པར་གྲོལ། །རྒྱུད་འདི་སུ་ཡིས་ཀློག་པ་དེ། །ལྟ་བའི་དོན་ནི་ཁོང་དུ་ཆུད། །རྒྱུད་འདི་སུ་ཡིས་བྲིས་པའི་མི། །ཕྱི་མ་སྤྲུལ་པའི་སྐུ་ཐོབ་འགྱུར། །རྒྱུད་འདི་གང་ན་གནས་པ་ན། །མཁའ་འགྲོ་


DNG025_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་སྤྲིན་ལྟར་འཁྲིགས། །ལྷ་དང་ལྷ་མོས་མཆོད་པ་བྱེད། །དེ་ལྟ་བུ་ཡི་རྒྱུད་ཆེན་འདི། །བླ་མ་མི་འཁུར་རང་ཆེ་འཛིན། །དམ་ཚིག་ཉམས་དང་རྫུན་པོ་ཆེ། །བྲིལ་མོ་ནོར་ཆུང་ཚང་རྫིང་སོ། །སྒོམ་སྒྲུབ་མི་ནུས་ཆང་ནག་སྲིད། །ཤེས་རབ་ཆེ་ཡང་ཉམས་ལེན་དོར། །འབུལ་པ་མི་ནུས་སྟོང་ཞུས་བྱེད། །དད་གུས་མེད་ཅིང་གཡོ་ཁྲམ་སྒྱུར། །བློ་མི་བརྟན་ཅིང་སྙིང་རུས་མེད། །དེ་ལྟ་བུ་ལ་བཀའ་འདི་གསང་། །བློ་ཆུང་བརྐམ་དྲེད་ཅན་ལ་གསང་། །སྐལ་མེད་རང་འདོད་ཅན་ལ་གསང་། །དམ་ཉམས་ལག་ཏུ་ཤོར་བ་ན། །གསང་སྔགས་ཐམས་ཅད་བཀའ་འཆོལ་ནས། །མཁའ་འགྲོ་འཁྲུགས་ཏེ་མི་དགེ་འབྱུང་། །བཀའ་སྲུང་འཁྲུག་ཅིང་སྲིད་མི་སྲེག །དེ་བས་རབ་གསང་ནན་ཆགས་བྱ། །གཏད་པར་བྱ་བའི་སྣོད་ལྡན་ནི། །མཁའ་འགྲོ་སྡེ་ལྔ་རྣམས་ལ་གཏད། །རིག་རྩལ་མཁའ་འགྲོ་ཁྱེད་རྣམས་ཀྱིས། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་མཆོག །པདྨ་ཐོད་ཕྲེང་རྩལ་ལ་གཏོད། །དེས་ཀྱང་རིན་ཆེན་གཏེར་དུ་གདམས། །ནམ་ཞིག་དུས་ཀྱི་ཐ་མ་ལ། །སེམས་ཅན་ཉོན་མོངས་རང་གར་སྤྱོད། །ཆོས་ཞུགས་མང་ཡང་ཆོས་བརྒྱད་སྒྲུབ། །སྒོམ་ཆེན་སྒོམ་སྒྲུབ་ཡལ་བར་དོར། །དགེ་བཤེས་ཐམས་ཅད་བཟང་རྫུས་འདེབས། །གསང་སྔགས་ཁྲོམ་བཤད་རང་གར་སྤྱོད། །མཚན་ཉིད་སྡེ་གསུམ་ཆོས་ལ་ཡང་། །དགེ་བཅུ་ཕ་རོལ་ཕྱིན་དྲུག་དང་། །ལམ་ལྔ་ས་བཅུ་སྤྱོད་མཁན་མེད། །བདག་འཛིན་རྟོག་པས་ཁེངས་པའི་ཚེ། །འདུས་བྱས་སྐྱེས་བུ་ལས་འཕྲོ་ཅན། །རྒྱུ་འབྲས་ཆོས་མཁྱེན་རིག་གནས་མཁས། །བློ་ཆེ་བློ་ལྡན་བློ་གསལ་བ། །འཇམ་དཔལ་ཉིད་ཀྱི་སྤྲུལ་པ་མཆོག །ཐེག་ཆེན་ཨ་ཏིའི་དོན་སྤྱོད་པ། །བླ་མེད་ཏི་ལའི་བདག་པོ་ལ། །བཀའ་འདི་གཏོད་ཅིག་ས་མ་ཡ། །དེས་ཀྱང་དོན་བཅུད་ལྔ་ལྡན་པའི། །བུ་མཆོག་རྣམས་ལ་རིམ་གྱིས་གཏོད། །ཅེས་གསུངས་སོ། །དེ་ནས་ཡུམ་ཆེན་ཉིད་ཆོས་སྐུ་སྐྱེ་མེད་ཀྱི་མཁའ་ཀློང་དུ་དམིགས་མེད་དུ་ཡལ་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རིགས་ལྔ་ཡང་ཡི་རངས་ཏེ། འཁོར་རྣམས་ཀྱིས་ཀྱང་མངོན་པར་བསྟོད་དེ། དབང་བཞི་ཐོབ་སྟེ་འཁོར་བཅས་
ཀྱིས་ཡོན་ཏན་ཐམས་ཅད་རྫོགས་ནས། སླར་ཡང་འཁོར་བ་དོང་ནས་སྤྲུག་པ་ལ་འཇུག་ཅིང་། སེམས་ཅན་རྣམས་སྨིན་གྲོལ་ལ་བཀོད་དོ། །ཐེག་པ་ཀུན་གྱི་མཐར་ཐུག །རྨད་བྱུང་སྙིང་པོའི་བསྟན་པ། མཁའ་འགྲོ་གསང་ཐིག་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ལེའུ་བརྒྱ་དྲུག་ཅུ་རྩ་དྲུག་པ་ལས། དབང་བཞིའི་ལེའུ་གསང་སྔགས་གནད་རྒྱུད་ཅེས་བྱ་བའི་མཇུག་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། དམ་རྒྱ། སྔགས་སྲུང་ཤན་པ་ནག་པོ་དང་། གཟའ་བདུད་དུག་གི་སྤུ་གྲི་འབར་བ། དམ་ཅན་རྡོ་རྗེ་ལེགས་པ་གསུམ་གྱིས་བཀའ་འདི་ཡི་སྲུང་མ་གྱིས་ཤིག །ཐུབ་པས་སྲུངས་ཤིག། །།

རྫོགས་པ་ཆེན་པོའི་ཆིག་ཆོད་ཀུན་གྲོལ་ཆེན་པོ་ཞེས་བྱ་བའི་རྒྱུད།


DNG025_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་རྒྱན་གྱི་སྐད་དུ། ཧྲཻཾ ་ཥྚ་དྷུ ་ཧ་མཱ་ཧ་ན། མཱ་ནཾ་ཧྭ། བོད་སྐད་དུ། རྫོགས་པ་ཆེན་པོའི་ཆིག་ཆོད་ཀུན་གྲོལ་ཆེན་པོ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་ལྷུན་གྲུབ་འདུས་མ་བྱས་པའི་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ལྷུན་གྲུབ་འདུས་མ་བྱས་པའི་དཔལ་ཆེན་པོ། དེ་བཞིན་ཉིད་ཀྱི་གནས་ཆོས་ཀྱི་དབྱིངས་སྤྲོས་ཐམས་ཅད་དང་བྲལ་བའི་ཕོ་བྲང་ན། རང་བྱུང་སྤྲུལ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་ཌཱཀྐི་སེམས་ཅན་ཉིད་ལས་མི་གཞན་པ་རྣམས་དང་། དུས་གསུམ་མཉམ་པ་ཉིད་ལྷུན་གྱིས་གྲུབ་པའི་ངང་དུ་བཞུགས་སོ། །དེའི་ཚེ་འཁོར་གྱི་ནང་ནས་རང་བཞིན་ཐུགས་རྗེའི་ངང་གདངས་ལས། རང་བྱུང་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ཞུ་བ་པོར་ལངས་ཏེ། འཁོར་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །འཁོར་འདས་ཀུན་ལ་མ་ལུས་ཁྱབ་པ་ཡི། །རང་བྱུང་ཆིག་ཆོད་བྱང་ཆུབ་སེམས་ཀྱི་དོན། །རང་བྱུང་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ལྷུན་གྲུབ་འདུས་མ་བྱས་པའི་དཔལ་གྱིས་བཀའ་སྩལ་པ། ཀྱེ་མ་ཉོན་ཅིག་


DNG025_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་སྤྲུལ་པའི་འཁོར་ཚོགས་རྣམས། །སྣང་སྲིད་ཀུན་ལ་ཁྱབ་པའི་བྱང་ཆུབ་སེམས། །རང་བྱུང་ཡེ་ཤེས་ཆིག་ཆོད་ཆེན་པོ་སྟེ། །འདི་ཞེས་མཚོན་བྱའི་ཚིག་ལས་འདས་མོད་ཀྱང་། །མཚོན་བྱེད་ཚིག་གིས་མ་བསྟན་མི་གོ་བས། །མཚོན་མེད་ཆོས་དེ་བརྡའ་དོན་ཚིག་གིས་སྟོན། །ལོག་ན་སྟོན་རྒྱུ་ཡོད་པ་མ་ཡིན་ཏེ། །རྒྱལ་བའི་ཐུགས་ཀྱི་དགོངས་པ་གཅིག་ལ་ནི། །རང་བྱུང་རང་གི་ངོ་བོ་བསྟན་པ་ཡིན། །ཞེས་བཀའ་སྩལ་ཏོ། །རང་བྱུང་ཡེ་ཤེས་རྡོ་རྗེས་ཡང་གསོལ་པ། །རང་བྱུང་ཆིག་ཆོད་བྱང་ཆུབ་སེམས་ཉིད་དེ། །རང་རང་ངོ་བོས་ཇི་ལྟར་སྟོན་པ་ལ། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་བྱུང་ཆིག་ཆོད་བྱང་ཆུབ་སེམས་ཉིད་དེ། །ངོ་བོ་རང་རྩལ་མ་འགགས་འཆར་ཚུལ་ལས། །རང་བྱུང་རྣམ་པ་སྣང་སྲིད་ཐམས་ཅད་འབྱུང་། །མདོར་བསྡུས་རིག་དང་མ་རིག་ལམ་གསུམ་སྟེ། །རང་བྱུང་མ་རིག་ཉོན་མོངས་སེམས་དཀྲུགས་ནས། །བདག་འཛིན་སྡུག་བསྔལ་འཁོར་བའི་སེམས་ཅན་བྱུང་། །རང་རིག་ཡེ་ཤེས་འཛིན་མེད་རྟོགས་པ་ཡིས། །བདག་མེད་མྱ་ངན་འདས་པའི་སངས་རྒྱས་བྱུང་། །འཁོར་འདས་གཉིས་པོ་དབྱེར་མེད་རྟོགས་པའི་ཐབས། །ལམ་གྱི་ཐེག་པ་ཕྱི་ནང་གསང་གསུམ་བྱུང་། །དེ་རྣམས་རང་རང་ངོ་བོས་བསྟན་པ་ཡིན། །དོན་ལ་ཐམས་ཅད་སེམས་རྒྱུད་གཅིག་པའི་ཕྱིར། །ཡང་གསང་ཆིག་ཆོད་ཨ་ཏིར་རྫོགས་པ་ཡིན། །དེ་དོན་བཤད་པའི་ཐབས་ནི་ཐུག་གིས་སྟོན། །གང་ཟག་ཡིད་ཆེས་སྐྱེད་ཕྱིར་ལོ་རྒྱུད་བཤད། །ཆོས་ཀྱི་བྱུང་ས་བསྟན་ཕྱིར་རྩ་བས་བཤད། །འཆར་ཚུལ་ཐ་དད་བྱུང་ཕྱིར་ཐེག་རྣམས་བཤད། །དེ་རྣམས་ཐབས་སུ་གོལ་ཕྱིར་དགོས་ཆེད་བཤད། །དགོས་ཆེད་དོན་གྱིས་སྒྲོལ་ཕྱིར་མན་ངག་བཤད། །དེ་དོན་ཆེ་བའི་ཡོན་ཏན་གཏད་རྒྱས་བཤད། །ཅེས་བཀའ་སྩལ་ཏོ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། གླེང་གཞི་གླེང་སློང་གི་ལེའུ་སྟེ་དང་པོའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེས་ཡང་གསོལ་པ། ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་


DNG025_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ། །རང་བྱུང་ཆིག་ཆོད་བྱང་ཆུབ་སེམས་ཉིད་དེ། །དང་པོ་ལོ་རྒྱུས་དོན་གྱིས་ཇི་ལྟར་བཤད། །མ་བཤད་སྐྱོན་ཅི་བཤད་པའི་ཡོན་ཏན་གང་། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་བྱུང་ཆིག་ཆོད་བྱང་ཆུབ་སེམས་ཉིད་དེ། །དང་པོ་ལོ་རྒྱུས་དོན་གྱིས་མ་བཤད་ན། །དཔེར་ན་རྒྱལ་རིགས་རྒྱལ་ས་འཛིན་པའི་དུས། །རྒྱལ་རིགས་མ་བཤད་དམངས་རྣམས་ཡིད་མི་ཆེས། །དེ་བཞིན་རང་བྱུང་ཆིག་ཆོད་བྱང་ཆུབ་སེམས་ཉིད་ལས། །སེམས་རྒྱུད་མ་བཤད་གང་ཟག་ཡིད་མི་ཆེས། །རྒྱལ་རིགས་བཤད་པས་དམངས་རྣམས་ཡིད་ཆེས་ལྟར། །དེ་ཕྱིར་གང་ཟག་ཡིད་ཆེས་སྐྱེད་ཕྱིར་བཤད། །དང་པོ་ཆོས་སྐུའི་ཐུགས་ཀྱིས་དགོངས་ནས་བཤད། །བསྟན་ནས་མཐོང་བ་མ་ཡིན་རང་བཞིན་དགོངས་པས་ན། །དཔེར་ན་ཉི་འོད་ཆུ་ནང་ཤར་བ་བཞིན། །བྱིན་གྱི་བརླབས་ཀྱི་དགོངས་པས་བཤད་པ་ཡིན། །ལོངས་སྐུས་སྐུ་ཡི་སྒོ་ནས་བཤད་པ་སྟེ། །བཤད་ནས་ཐོས་པ་མ་ཡིན་མཚན་དང་དཔེ་བྱད་ཀྱི། །དཔེར་ན་གཟུགས་མཐོང་དེ་ཡིས་ཁ་དོག་ཤེས་པ་བཞིན། །རང་རང་ངོ་བོའི་སྒོ་ནས་དཔེ་དོན་བཤད་པ་ཡིན། །སྤྲུལ་པའི་སྐུ་ཡིས་གསུང་གི་སྒོ་ནས་བཤད། །དུ་མ་བཤད་པ་མ་ཡིན་ཚངས་པའི་དབྱངས་གཅིག་གསུངས། །དཔེར་ན་པི་ཝང་སྒྲ་བཞིན་རང་རང་སྐད། །མཐུན་པའི་ཆོས་སུ་གསུངས་ནས་བཤད་པ་ཡིན། །དེ་ལྟར་རྒྱལ་བ་རྣམས་ནི་དགོངས་པས་བཤད། །བྱང་ཆུབ་རིག་འཛིན་རྣམས་ནི་བརྡ་ཡིས་བཤད། །གང་ཟག་སྒྲུབ་པ་པོ་ལ་ཚིག་གིས་བཤད། །ཐམས་ཅད་སེམས་རྒྱུད་གཅིག་ལས་བརྒྱུད་པ་ཨེ་མ་ཧོ། །ཞེས་བཀའ་སྩལ་ཏོ། །རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། ལོ་རྒྱུས་དོན་གྱིས་བཤད་པའི་ལེའུ་སྟེ་གཉིས་པའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེས་ཡང་གསོལ་པ། ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །ལོ་རྒྱུས་དོན་གྱིས་བརྒྱུད་པའི་བྱང་ཆུབ་སེམས། །རྩ་བ་ཡིན་པའི་


DNG025_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་ཇི་ལྟར་ཡིན། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་བྱུང་བྱང་སེམས་རྩ་བ་ཡིན་པ་ནི། །དཔེར་ན་ནམ་མཁའ་ཆེན་པོའི་ཀློང་ཡངས་ལས། །སྣོད་བཅུད་སྐྱེ་འགྲོ་ཐམས་ཅད་སྐྱེད་པ་བཞིན། །རང་བྱུང་ཆིག་ཆོད་བྱང་ཆུབ་སེམས་སུ་ལས། །སངས་རྒྱས་སེམས་ཅན་ཐམས་ཅད་བྱུང་བ་ཡིན། །དེ་ཡང་ཐོག་མར་འཁོར་འདས་གང་དུ་ཡང་། །ཅི་ཡང་གྲུབ་པ་མེད་པའི་དུས་ཚོད་དུ། །ཀུན་གཞི་བྱང་ཆུབ་སེམས་ཀྱི་རང་རྩལ་ལས། །བསྐལ་པ་སྲིད་པ་འདེགས་བྱེད་གཅོད་བྱེད་འཕེན། །རླུང་ལྔ་བྱུང་ནས་རང་གིས་འབྱུང་ལྔ་ཆགས། །དེ་ཡི་རང་སྒྲ་ལྔ་ལས་རྒྱུད་ལྔ་བྱུང་། །དེ་ཉིད་མ་རིག་བདག་འཛིན་སེམས་ཅན་བྱུང་། །དེ་ཡིས་དུག་ལྔ་རང་རྒྱུད་བཅས་པས་འཁོར། །རིག་པའི་ཡེ་ཤེས་སངས་རྒྱས་རང་ལས་བྱུང་། །སྣང་སྲིད་འཁོར་འདས་སེམས་ལས་རང་བྱུང་བྱུང་། །ཐམས་ཅད་བྱུང་བས་ཀུན་གྱི་རྩ་བ་ཡིན། །དེ་ཕྱིར་ཀུན་གཞི་བྱང་ཆུབ་སེམས་ཞེས་བཏགས། །དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ་བོ་ནི། །ཕྱོགས་སུ་བབས་ནས་རྒྱ་མཚོར་འདུ་བ་བཞིན། །ཐམས་ཅད་སེམས་ལས་སྐྱེས་ཤིང་སེམས་སུ་འདུས། །རང་གྲོལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན། །སེམས་ལས་མ་རྟོགས་སྣོད་བཅུད་འཇིག་རྟེན་མེད། །སངས་རྒྱས་སེམས་ཅན་མེད་ཅིང་འཁོར་འདས་མེད། །ཉོན་མོངས་མེད་ཅིང་དགག་སྒྲུབ་མེད། །སྟོང་དང་མི་སྟོང་རྟོགས་དང་མི་རྟོག་མེད། །གཟུགས་དང་སྒྲ་དང་དྲི་དང་རོ་རེག་མེད། །རིག་དང་མ་རིག་ཡོད་མེད་གང་ཡང་མེད། །སེམས་ཀྱིས་མ་བཟུང་དེ་རྣམས་གང་ཡང་མེད། །སེམས་ཀྱིས་བྱས་པ་ཐམས་ཅད་བྱུང་བ་ཡིན། །དེ་ཕྱིར་རྣམ་རྟོག་སེམས་ཞེས་མིང་དུ་བཏགས། །ཐམས་ཅད་སེམས་ལས་རང་ཤར་རང་གྲོལ་དུ། །དབྱེར་མེད་གཅིག་ཏུ་རིག་ན་རིག་པའི་ཡེ་ཤེས་ཏེ། །དེ་ལ་འཛིན་རྟོག་མེད་པའི་གསལ་བ་དེ། །ཀུན་ལ་ཁྱབ་པའི་ཆོས་སྐུར་མིང་དུ་བཏགས། །ཡོད་ནི་གཅིག་ལས་མེད་པར་ཐེག་པ་སྣ་ཚོགས་བྱུང་། །སྣ་ཚོགས་བྱུང་ཡང་བྱང་ཆུབ་སེམས་སུ་འདུས། །


DNG025_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་བསྟན་དུ་དངོས་པོ་མཚན་མ་མེད། །བཞག་དུ་མ་འགགས་ཅིར་ཡང་ཤར་ཅིང་སྣང་། །སྣང་ཙམ་ཉིད་ན་སྣང་བ་རང་སར་གྲོལ། །རང་གྲོལ་རང་བྱུང་ཡིན་ཕྱིར་ཆིག་ཆོད་དུ། །ཐམས་ཅད་སེམས་ལ་རྫོགས་པས་རྫོགས་ཆེན་ཞེས། །དོན་ལ་མཚན་ཏུ་བཏགས་པ་ཨེ་མ་ཧོ། །ཞེས་བཀའ་སྩལ་ཏོ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། རྩ་བ་དོན་གྱི་ལེའུ་སྟེ་གསུམ་པའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེས་ཡང་གསོལ་པ། ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །རྩ་བ་བྱང་ཆུབ་སེམས་ནི་གཅིག་ཉིད་ལ། །ཐེག་པའི་རིམ་པ་ཇི་ལྟར་བྱུང་བ་ཡིན། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྱང་ཆུབ་སེམས་ལ་ཐེག་པའི་བྱུང་ལུགས་ནི། །དཔེར་ན་དཔག་བསམ་ཤིང་སྡོང་གཅིག་ལས་སུ། །ཡལ་འདབ་མེ་ཏོག་འབྲས་བུ་སྐྱེས་པ་བཞིན། །སེམས་ཉིད་གཅིག་ལ་ཐེག་པ་སྣ་ཚོགས་པ། །ཐེག་དམན་ཉན་ཐོས་རང་རྒྱལ་ཐེག་པ་བྱུང་། །ཐེག་ཆེན་བྱང་ཆུབ་སེམས་དཔའ་གསང་སྔགས་དང་། །ཐེག་མཆོག་བླ་མེད་མ་ཧཱ་ཨ་ནུ་བྱུང་། །དེ་རྣམས་ཐམས་ཅད་རྫོགས་པས་རྫོགས་ཆེན་ཡིན། །ཞེས་བཀའ་སྩལ་ཏོ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། ཐེག་པའི་རིམ་པ་དོན་གྱིས་བཤད་པའི་ལེའུ་སྟེ་བཞི་པའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེས་ཡང་གསོལ་པ། ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །གཅིག་ལས་ཐེག་པ་དུ་མ་བྱུང་བ་རྣམས། །དེ་རྣམས་འབྲས་བུ་གཅིག་གམ་ཐ་དད་བསྒྲུབ། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཅིག་ལས་དུ་མ་བྱུང་བས་འཁྲུལ་པ་ཡིན། །དཔེར་ན་སྤོས་ཀྱི་གླང་པོ་གཅིག་ཉིད་ལ། །དམུས་ལོང་རྣམས་ཀྱིས་གླང་པོར་འདོད་པ་ལ། །གླང་པོ་མ་ཡིན་སྣ་ཚོགས་མཐོང་བ་བཞིན། །ཐུན་མོང་ཐེག་པ་འབྲས་བུ་མི་གཅིག་སྟེ། །འཇིག་རྟེན་པ་རྣམས་ཚེ་འདིའི་


DNG025_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་འབྲས་འདོད། །ཕྱི་རོལ་པ་རྣམས་ཕྱ་དང་དབང་ཕྱུག་སྒྲུབ། །ཉན་ཐོས་དགྲ་བཅོམ་རང་རྒྱལ་འདོད་པ་སྒྲུབ། །བྱང་ཆུབ་སེམས་དཔའ་ལམ་སྦྱངས་སངས་རྒྱས་སྒྲུབ། །ཀྲྀ་ཡ་ཨུ་པ་བསྐྱེད་རྫོགས་སངས་རྒྱས་སྒྲུབ། །མ་ཧཱ་ཨ་ནུ་དབྱིངས་དང་ཡེ་ཤེས་སྒྲུབ། །ངོ་བོ་གཅིག་ལ་ཐེག་པ་སྣ་ཚོགས་བྱུང་། །འབྲས་བུ་མི་གཅིག་འདོད་པ་སོ་སོར་སྒྲུབ། །དེ་རྣམས་གཅིག་ཏུ་མ་རྟོགས་བླ་མེད་ཀྱི། །འབྲས་བུ་མི་ཐོབ་སྣང་བའི་ལམ་ཙམ་ཡིན། །མིག་ལྡན་གླང་པོ་རྟོགས་པར་མཐོང་བ་བཞིན། །རྫོགས་ཆེན་ཐམས་ཅད་ཀྱི་ནི་དོན་རྟོགས་པས། །འབྲས་བུ་ཀུན་རྫོགས་ཨ་ཏི་ཆིག་ཆོད་ཡིན། །དེ་ཕྱིར་ཐེག་པའི་མཐར་ཐུག་རྫོགས་ཆེན་པོ། །ཞེས་བཀའ་སྩལ་ཏོ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། ཐེག་པའི་རིམ་པ་བྱུང་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེས་ཡང་གསོལ་པ། ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །ཐེག་པའི་མཐར་ཐུག་རྫོགས་ཆེན་ཆིག་ཆོད་དོན་ནི་ཇི་ལྟར་ཡིན། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐེག་པའི་མཐར་ཐུག་ཨ་ཏིའི་དགོས་ཆེད་ནི། །དཔེར་ན་གླེན་པ་གཅིག་གིས་མི་མང་ཁྲོད། །ལྟས་མོ་བྱས་པས་རང་ཉིད་སྟོར་ནས་སུ། །རང་ངོ་མ་ཤེས་གཞན་དུ་མཐོང་བ་བཞིན། །ཐུན་མོང་ཐེག་པ་སྣ་ཚོགས་འདོད་པ་ཡང་། །རང་སེམས་སངས་རྒྱས་མ་ཤེས་གཞན་དུ་འཁྲུལ། །སེམས་ལས་མ་གཏོགས་སངས་རྒྱས་གཞན་དུ་འཚོལ། །འཇིག་རྟེན་པ་ནི་ཉོན་མོངས་རང་གར་སྤྱོད། །ཉན་ཐོས་རང་རྒྱལ་སེམས་ཀྱིས་ཉོན་མོངས་སྤངས། །བྱང་ཆུབ་སེམས་དཔའ་ཉོན་མོངས་ལམ་གྱིས་སྤྱོད། །གསང་སྔགས་ཐུན་མོང་ཉོན་མོངས་གཞི་ལས་བསྒྱུར། །གདོད་ཀྱིས་བླ་མེད་འབྲས་བུ་ཐོབ་པར་འདོད། །སྤང་བླང་ཆོས་ཀྱིས་བསྐལ་པར་བསྒོམས་གྱུར་ཀྱང་། །སེམས་མ་རྟོགས་པས་སངས་རྒྱས་ཐོབ་མི་འགྱུར། །ཐེག་པ་སྣ་ཚོགས་ཐབས་སུ་ཞེན་པས་བསྒྲིབས། །ཨ་ཏི་ཤེས་རབ་ཆེན་པོའི་སྤྱན་མིག་གིས། །ཀུན་ཤེས་ཀུན་རིག་ཆོས་ཀུན་མངོན་པར་རྟོགས། །སྤང་བླང་མེད་དེ་འཁོར་འདས་དབྱེར་མེད་གྲོལ། །དེ་ཕྱིར་བླ་མེད་རྟོགས་ཕྱིར་ཨ་ཏི་


DNG025_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །ཞེས་བཀའ་སྩལ་ཏོ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། དགོས་ཆེད་དོན་གྱི་ལེའུ་སྟེ་དྲུག་པའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེས་ཡང་གསོལ་པ། ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །ཨ་ཏི་མ་རྟོགས་ཐེག་པ་གཞན་རྣམས་ཀྱིས། །ཐབས་སུ་གྲོལ་བས་དོན་ལ་ཇི་ལྟར་བསྒྲིབས། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འཁོར་བའི་སེམས་ཅན་རང་སེམས་མ་རིག་འཁྲུལ། །དགེ་བཅུ་སྤྱད་ཅིང་མི་དགེ་བཅུ་སྤངས་ཀྱང་། །ཐད་ཀའི་འབྲས་བུ་ཙམ་ལས་སངས་རྒྱས་མ་མཐོང་བསྒྲིབས། །འཁྲུལ་པ་བཟློག་འདོད་མུ་སྟེགས་ཐེག་པ་ཡིན། །རྟག་ཆད་མཐའ་ལ་ཞེན་པས་དོན་ལ་བསྒྲིབས། །མི་དགེ་སྦྱངས་པས་འབྲས་བུ་ངན་སོང་འགྲོ། །དེ་ཕྱིར་མུ་སྟེགས་ལོག་པའི་ཆོས་སུ་གོལ། །ཉན་ཐོས་རང་རྒྱལ་གཟུང་འཛིན་ཞེན་པས་བསྒྲིབས། །ངན་རྟོག་འགྱུ་བྱེད་རྟོག་པ་འགག་ཙམ་ལས། །རྣམ་མཁྱེན་སངས་རྒྱས་ནམ་ཡང་མི་ཐོབ་གོལ། །དབུ་མ་བདེན་གཉིས་མཐའ་ལ་ཞེན་པས་བསྒྲིབས། །ཚོགས་བསགས་སྒྲིབ་སྦྱངས་བསྐལ་པར་འབད་བྱས་ནས། །ས་ལམ་རྟོགས་འདོད་སངས་རྒྱས་རེ་བས་འགྱངས། །ཀྲྀ་ཡོག་བསྙེན་བསྒྲུབ་མཐའ་ལ་ཞེན་པས་བསྒྲིབས། །དོན་དམ་རྟོགས་ནས་ཀུན་རྫོབ་བསྒོམས་པས་གོལ། །ཀུན་རྫོབ་མ་གྲོལ་བར་དུ་སངས་མི་རྒྱ། །མ་ཧཱ་ཨ་ནུ་དབྱིངས་རིག་མཐའ་ཞེན་བསྒྲིབས། །གཉིས་མེད་དོན་ལ་གཉིས་སུ་ཕྱེ་བས་གོལ། །གཉིས་མེད་གཅིག་ཏུ་མ་གྱུར་སངས་མི་རྒྱ། །ཨ་ཏི་མཐའ་ཡས་ཕྱོགས་ཆ་ཅན་དུ་གོལ། །ཐམས་ཅད་རང་སེམས་འཁོར་འདས་དབྱེར་མེད་ལ། །སྤང་བླང་བྱེད་པའི་ཐེག་པས་འཁོར་བར་འཁྱམས། །ཐིག་ལེ་ཉག་གཅིག་རྩོལ་མེད་ལྷུན་གྲུབ་ལ། །ས་ལམ་རྩི་བའི་རྨོངས་པ་དོན་ལ་གཡེལ། །སངས་རྒྱས་དགོངས་པ་བློ་ལས་འདས་པ་ལ། །དམིགས་སྟོང་མཚན་མའི་བཟླས་སྒོམ་བྱེད་པ་འཁྲུལ། །


DNG025_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་གཞན་གྱིས་མ་རྟོགས་བླ་ན་མེད། །རྒྱུ་མེད་རྐྱེན་གྱིས་མ་བྱུང་ཨ་ཏི་རུ། །ཀུན་ཤེས་རྩིས་གདབ་བྲལ་བའི་བྱང་ཆུབ་སེམས། །ཐེག་པ་མ་ལུས་ཀུན་ཀྱང་འདི་རུ་གྲོལ། །ཕྱོགས་བྲལ་ཀུན་ཀྱང་རང་བྱུང་གདོད་ནས་དག །མཚོན་པའི་ཡུལ་འདས་མ་བཅོས་ཆོས་ཀྱི་སྐུ། །གྲོལ་བའི་མཐའ་བྲལ་བླ་མེད་མངོན་སངས་རྒྱས། །དེ་ཕྱིར་ཡང་གསང་ཆིག་ཆོད་ཡིད་རེ་ཆེས། །ཐེག་པ་ཐམས་ཅད་འདི་ལས་བྱུང་བས་ན། །ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས། །ཐེག་པ་ཐམས་ཅད་འདི་རུ་རྫོགས་པས་ན། །ཀུན་གྱི་ཡང་རྩེ་ཡིན་པར་ཡིད་ཀྱང་ཆེས། །ཐེག་པ་ཀུན་གྱི་དོན་ནི་འདིར་ཐུག་པས། །ཀུན་གྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །སངས་རྒྱས་ཐམས་ཅད་འདི་ཡི་དགོངས་པར་གྲོལ། །ད་ལྟ་སངས་རྒྱས་ཐོབ་པར་ཡིད་ཆེས་སོ། །ཀུན་ལ་ཁྱབ་ཅིང་མཚོན་པའི་ཡུལ་ལས་འདས། །ཀུན་ཤར་ཀུན་གྲོལ་ཆོས་ཉིད་ཡངས་པའི་ཀློང་། །གོལ་བ་མེད་དེ་མཐའ་བྲལ་བློ་འདས་དོན། །བླ་མེད་མངོན་སངས་རྒྱས་ལ་ཨ་ཏི་དགོས། །ཞེས་བཀའ་སྩལ་ཏོ། །རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། དགོས་ཆེད་བསྟན་པའི་ལེའུ་སྟེ་བདུན་པའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེས་ཡང་གསོལ་པ། ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །དགོས་ཆེད་དོན་ལྡན་ཨ་ཏི་ཆིག་ཆོད་ལ། །མཐར་ཐུག་མན་ངག་དོན་གྱིས་ཇི་ལྟར་བཤད། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྫོགས་ཆེན་ཆིག་ཆོད་བྱང་ཆུབ་སེམས་ཉིད་དེ། །མ་རྟོགས་རྟོགས་ཕྱིར་མན་ངག་དོན་གྱིས་བཤད། །དཔེར་ན་རྒྱ་མཚོའི་ནོར་བུ་ལེན་པ་ལ། །དེད་དཔོན་མཁས་པ་མ་བརྟེན་མི་ལོན་བཞིན། །འདིར་ཡང་བླ་མ་མ་བརྟེན་དོན་མི་རྟོགས། །བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བླ་མའི་གསུང་། །ཆོས་ཉིད་ཡངས་པའི་ཐུགས་རྗེས་ཀུན་ལ་ཁྱབ། །བླ་མ་མེད་པའི་སངས་རྒྱས་


DNG025_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མ་བྱུང་། །དེ་ཕྱིར་བླ་མ་མཆོག་ལ་བརྟེན་པས་འགྲུབ། །ཆོས་སྐུའི་ངང་ནས་གྲོལ་ལ་ཕན་གདགས་ཕྱིར། །རང་སྣང་མ་དག་གདུལ་བྱའི་སྣང་བ་རུ། །གཟུགས་སྐུར་བྱོན་ནས་དེ་ཡིས་སྣང་བར་མཛད། །ངེས་མེད་སྣ་ཚོགས་རང་གིས་རྟོག་པ་ལ། །བླ་མའི་སྐྱོན་ལ་མི་བལྟ་ཡོན་ཏན་བསམ། །སྐུ་ཡིས་ཅི་མཛད་ལེགས་པ་ཉིད་དུ་བལྟ། །ཅི་གསུང་བདེན་པར་བཀའ་བཞིན་རྗེས་སུ་སྒྲུབ། །ཅིར་དགོངས་ཐམས་ཅད་མཁྱེན་པར་ཡིད་ཆེས་བྱ། །དངོས་པོ་རྟོག་པ་ཞེན་མེད་མ་ལུས་དབུལ། །སྒོ་གསུམ་སྲོག་ལ་མི་བལྟ་བླ་མའི་ཕྱོགས། །ཅི་མཉེས་ཞབས་རྟོག་བྱས་ཤིང་ཕུལ་བ་ཡིས། །སངས་རྒྱས་ཆོས་རྗེས་དུས་འདིར་འཛིན་པར་འགྱུར། །བླ་མ་ལ་ལོག་དམ་ཉམས་བདུད་ཀྱི་བུ། །ཚེ་འདིར་བར་ཆོད་ས་ཕྱོགས་བཀྲ་མི་ཤིས། །མནར་མེད་སེམས་ཅན་རྡོ་རྗེ་དམྱལ་བར་འགྲོ། །དེ་བས་བླ་མ་གུས་པས་བརྟེན་བྱས་པས། །ཙནྡན་ག་པུར་རེག་པས་དྲི་འགོ་ལྟར། །བརྟེན་ཅིང་གུས་པ་ཙམ་གྱིས་བྱིན་རླབ་འབྱུང་། །རང་བྱུང་ཆོས་ཉིད་དོན་དེ་རྩོལ་མེད་འཆར། །བཅུད་ལྡན་བླ་མས་མན་ངག་གནད་ལྡན་ནི། །སྣོད་ལྡན་སློབ་མ་སྐྱེ་ཤིས་འཇིགས་པ་ཡིས། །འཇིག་རྟེན་འཁོར་བའི་ཆོས་ལ་རྒྱབ་ཀྱིས་ཕྱོགས། །གཅིག་གམ་བདུན་ནམ་དགུ་ལས་མང་མི་རུང་། །ཟང་ཟིང་བྱ་བ་ཐམས་ཅད་བློས་སུ་བསྐྱུར། །མི་མེད་དུར་ཁྲོད་རི་ཕུག་དབེན་པ་རུ། །མི་རྟག་སྐྱོ་ཤས་སྐྱེ་བའི་ཆོས་བཤད་ལ། །ཐབས་ཀྱིས་མན་ངག་ཤེས་རབ་དོན་རྟོགས་བྱ། །ཤེས་རབ་མན་ངག་ཐབས་ཀྱི་དོན་རྟོགས་བྱ། །གཉིས་སུ་མ་ཡིན་མཐའ་བྲལ་ཡེ་ཤེས་ཆེ། །དཔེར་ན་ཝ་ལ་དྲངས་པའི་ཆུ་བཞིན་དུ། །རྫོགས་ཆེན་ས་ལ་འཆུགས་ཐབས་མེད་པ་ཡིན། །སྔོན་འགྲོའི་མན་ངག་སེམས་ཉིད་སྲང་དུ་གཞུག །སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་བཞིན། །ཆོས་ཉིད་དོན་དེ་མངོན་གསུམ་གསལ་བ་ཡིན། །དངོས་གཞིའི་མན་ངག་སེམས་ཉིད་གཏན་ལ་དབབ། །འགྲོན་པོ་ལམ་ནས་རང་ཡུལ་སླེབས་པ་བཞིན། །རྗེས་ཀྱི་མན་ངག་འབྲས་བུ་ལ་བཟླ་བའི། །ཐོག་མ་བར་དང་མཐར་དགེ་ཆོས་སྤྱོད་པས། །རྫོགས་


DNG025_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བྱར་མེད་ལྷུན་གྲུབ་མངོན་སངས་རྒྱས། །ཞེས་བཀའ་སྩལ་ཏོ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་རྒྱལ་པོའི་རྒྱུད་ལས། མན་ངག་གནད་དོན་མདོར་བསྡུས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེས་ཡང་གསོལ་པ། ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །མན་ངག་གནད་ཀྱི་དོན་གསུམ་བསྟན་པ་ལ། །ཐོག་མར་སྔོན་འགྲོ་གནད་ཀྱིས་ཇི་ལྟར་སྟོན། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་སྔོན་འགྲོ་ཐུན་མོང་ཁྱད་པར་གཉིས། །ཐུན་མོང་སྔོན་འགྲོ་སྐྱབས་ཡུལ་བླ་མ་ལ། །བདག་གཞན་བླ་མེད་འབྲས་ཐོབ་བསམ་པ་ཡིས། །སྒོ་གསུམ་གུས་པའི་དད་པ་ཞེ་ཐག་པས། །བདེ་གཤེགས་མ་ལུས་ཐམས་ཅད་འདུས་པའི་སྐུ། །བླ་མ་སངས་རྒྱས་འགྲོ་མགོན་སྐྱབས་མཆོག་ལ། །བདག་སོགས་སེམས་ཅན་སངས་རྒྱས་མ་ཐོབ་པར། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི། །ཞེས་པས་ཚིག་དོན་སྐྱབས་འགྲོ་གསོལ་འདེབས་བྱ། །བར་ཆོད་སེལ་ཞིང་བྱིན་རླབ་འཇུག་པ་ཡིན། །འགྲོ་དྲུག་གནས་པའི་མ་རྒན་སེམས་ཅན་ལ། །བདག་གཞན་བདེ་སྡུག་བརྗེ་བའི་སྙིང་རྗེ་ཡིས། །བདེ་ཐོབ་སྡུག་བསྔལ་བྲལ་ནས་སངས་རྒྱས་པར། །བྱའོ་མཉམ་པའི་བྱང་ཆུབ་སེམས་མཆོག་བསྐྱེད། །རང་འདོད་གྲོལ་ནས་གཞན་ཕན་འགྲོ་དོན་འབྱུང་། །གཉིས་པ་ཁྱད་པར་སྔོན་འགྲོ་ལུས་ངག་ཡིད་གསུམ་གྱི། །འཁོར་འདས་རུ་ཤན་འབྱེད་པའི་མན་ངག་ནི། །ལུས་ཀྱི་རུ་ཤན་འབྱེད་པ་ཕྱག་བསྐོར་དང་། །རྡོ་རྗེ་སྐྱིལ་ཀྲུང་བྱས་ལ་གྲིམས་ཀྱིས་སྒྲིམ། །དེས་ནི་འཁོར་བའི་ལུས་ལ་ཞེན་ལོག་སྐྱེ། །ངག་གི་རུ་ཤན་འབྱེད་པ་ཧཱུཾ་ཕཊ་དང་། །མི་སྨྲ་བརྗོད་མེད་ལྐུགས་པ་རླུང་དྲག་བཟུང་། །དེས་ནི་འཁོར་བའི་རག་ལ་ཞེན་པ་ཟློག །ཡིད་ཀྱི་རུ་ཤན་འབྱེད་པ་སྐྱོ་ཤས་དང་། །དམིགས་པ་གཏན་པའི་འབེན་ལ་མ་ཡེངས་བྱ། །དེས་ནི་འཁོར་བའི་ཡིད་ལ་ཞེན་ལོག་སྐྱེ། །གྲིམས་ཀྱིས་བསྒྲིམས་པས་འཁོར་བའི་སྡུག་བསྔལ་ཡིན། །དེ་ཡིས་འཁོར་བའི་རུ་ཤན་ཕྱེད་པ་ཡིན། །དེ་ནས་


DNG025_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ངལ་བ་བྱ་བྱེད་སྤང་། །བྱར་མེད་ངང་དུ་ལུས་ཀྱི་འཛིན་པ་སྟོང་། །འཛིན་པ་བྱུང་ཚེ་ལུས་ལ་བདེ་བ་སྐྱེ། །ངག་གི་ངལ་བ་སྨྲ་བརྗོད་ཐམས་ཅད་སྤང་། །བརྗོད་མེད་ངང་དུ་ངག་གི་འཛིན་པ་སྟོར། །ཡིད་ཀྱི་ངལ་བ་དམིགས་གཏད་ཐམས་ཅད་སྤང་། །དམིགས་མེད་ངང་དུ་ཡིད་ཀྱི་འཛིན་པ་སྟོར། །ལུས་ངག་ཡིད་གསུམ་བདེ་བར་ངང་གིས་འགྲོ། །ལྷོད་ཀྱིས་སློད་པ་མྱང་འདས་བདེ་བ་སྟེ། །སློད་པས་གྲོལ་བས་མྱང་འདས་རུ་ཤན་ཕྱེ། །དེ་ཡིས་གང་ཟག་ཚོགས་རྫོགས་བྱིན་རླབས་འཇུག །གྲིམས་ཀྱིས་བསྒྲིམས་ལ་ལྷོད་ཀྱིས་སློད་པ་ཡིན། །འཁོར་འདས་གཉིས་ཀྱི་བདེ་སྡུག་རུ་ཤན་ཕྱེད། །མན་ངག་གནད་ཀྱི་ཆིག་ཆོད་ཚིག་གཅིག་ཡིན། །ཅེས་བཀའ་སྩལ་ཏོ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། མན་ངག་སྔོན་འགྲོའི་ལེའུ་སྟེ་དགུ་པའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེས་ཡང་གསོལ་པ། ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །དེ་ལྟར་སྔོན་འགྲོའི་མན་ངག་རྫོགས་བྱས་ནས། །དངོས་གཞི་གནད་ཀྱི་མན་ངག་ཇི་ལྟར་སྟོན། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དངོས་གཞིའི་གནད་ཀྱི་མན་ངག་དོན་ལ་ནི། །དབང་བཞིའི་བརྡའ་བསྟན་སྣང་བའི་ཉམས་བཞི་འཆར། །ཉམས་ལེན་གནད་བཞིས་རྟོགས་པའི་ངོ་སྤྲད་པས། །གྲོལ་བའི་འབྲས་བུ་སྐུ་བཞི་ལྷུན་གྲུབ་སྟེ། །དབྱེར་མེད་ཟང་ཐལ་ཡང་གསང་ཆིག་ཆོད་དོན། །མིང་ཚིག་ཐ་སྙད་ཀུན་ལས་འདས་མོད་ཀྱང་། །མིང་ཚིག་བརྡ་ཡིས་མ་བསྟན་མི་གོ་བས། །དེ་ཕྱིར་གང་ཟག་རབ་འབྲིང་ཐ་མ་ལ། །བརྡ་དང་གནད་ཀྱི་མན་ངག་ཚིག་གིས་བསྟན། །གང་ཟག་རབ་ལ་བརྡ་ཡིས་བསྟན་པ་ནི། །སྣང་བ་ཐམས་ཅད་སེམས་ལས་བྱུང་བ་སྟེ། །སེམས་ཉིད་ཆིག་ཆོད་རྟོགས་ཕྱིར་བླ་མ་ལ། །སྤྲོས་བཅས་སྣང་བའི་དབང་བསྐུར་ཞུ་ཞེས་པས། །ཉི་མ་འཆར་ཁའི་དུས་སུ་གསོལ་བ་གདབ། །བླ་མ་ཉི་མ་


DNG025_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཁར་མཎྜལ་བཤམ། །པདྨ་འདབ་བརྒྱད་ལྟེ་བ་གཅིག་པ་ལ། །ཚོན་སྣ་ལྔ་ཡིས་མུ་ཁྱུད་མཛེས་པ་བྲི། །དེ་ཡི་དབུས་སུ་བུམ་པ་ཁ་རྒྱན་ཅན། །མེ་ཏོག་མཛེས་པ་ཚོགས་གཏོར་མཆོད་ཡོན་བཤམ། །བླ་མ་དཀོན་མཆོག་ཌཱཀྐི་མཉེས་པར་བྱ། །དེ་ནས་སློབ་མས་གོས་གོན་ཕྱག་བཙལ་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་འདི་སྐད་གདབ། །ཨེ་མ་ཧོ། ཀུན་བཟང་བླ་མ་སྤྲུལ་པའི་སྐུ་མཆོག་ལ། །དེང་ནས་བཟུང་སྟེ་གུས་པས་གསོལ་བ་འདེབས། །སྣང་བ་བདེ་ཆེན་སྤྲོས་བྲལ་དཀྱིལ་འཁོར་དུ། །རིག་པ་མངོན་སུམ་རྟོགས་པའི་དབང་བསྐུར་ཞུ། །ཞེས་པས་ལན་གསུམ་བར་དུ་གསོལ་བ་གདབ། །དེ་ནས་བླ་མས་དད་ལྡན་རིགས་ཀྱི་བུ། །རྫོགས་ཆེན་ཆོས་ལ་འཇུག་པར་སྤྲོ་ལགས་སམ། །སྤྲོ་ལགས་ཞེས་སློབ་མས་ལན་དུ་གདབ་པར་བྱ། དེ་ནས་སློབ་མའི་དམ་བཅའ་དཔོག་པ་ནི། །ཁྱོད་ཀྱི་འཁོར་བ་བློ་ཡིས་བཏང་ནས་སུ། །བྱར་མེད་མངོན་སུམ་དོན་ལ་མ་ཡིན་པར། །རང་བྱུང་དཀྱིལ་འཁོར་བལྟ་བར་དམ་ཆོས་ཤིག །དེ་ལས་འགལ་ན་ཁྱོད་ཉིད་རླག་པར་འགྱུར། །ཅེས་པས་རྡོ་རྗེ་བདུད་རྩིའི་མནའ་ཆུ་བླུད། །དམ་ལས་འགལ་ན་བདུད་ལ་མ་འགལ་སྨན། །དེས་ན་བདུད་རྩི་བཏུང་ལ་དམ་བཅའོ། །དེ་ནས་དཀྱིལ་འཁོར་བསྟན་ལ་ཅི་འདུག་དྲི། །བག་ཆགས་རྗེས་མ་འདྲེངས་ན་སྣང་བ་གྲོལ། །རྩེ་གཅིག་མིག་གིས་དཀྱིལ་འཁོར་འདི་ལ་ལྟོས། །བརྡ་ཡི་དོན་ལ་ངོ་སྤྲོད་བྱ་བ་ནི། །ལྟེ་བ་གཅིག་ལས་གྱེས་པའི་པད་འདབ་བརྒྱད། །རྣམ་ཤེས་ཚོགས་བརྒྱད་སེམས་ལས་བྱུང་བའི་བརྡ། །ཁ་དོག་དཀར་དམར་སྣ་ཚོགས་བྱུང་བ་འདི། །སྣང་བ་མ་འགགས་ཅིར་ཡང་འཆར་བའི་བརྡ། །དེ་ཡི་དཀྱིལ་འཁོར་དུ་མ་འབྱུང་བ་ནི། །བྱང་ཆུབ་སེམས་ལས་ཐམས་ཅད་བསྐྱེད་པའི་བརྡ། །ནང་དུ་བུམ་རྫས་སྣ་ཚོགས་བླུགས་པ་ནི། །རྣམ་རྟོག་སྣ་ཚོགས་སེམས་སུ་འདུས་པའི་བརྡ། །ཁ་རྒྱན་མེ་ཏོག་མཆོད་གཏོར་བཤམས་པ་ནི། །སྣང་བ་སེམས་ཀྱི་ལོངས་སྤྱོད་བརྡ་རུ་བསྟན། །དེ་ནས་བླ་མས་བུ་ཁྱོད་སུ་ཡིན་དྲི། །ང་ནི་སྐལ་ལྡན་རིགས་ཀྱི་བུ་ཡིན་བྱ། །ཁྱོད་ཀྱིས་གོས་འདི་ཅི་ལ་གོན་པ་ཡིན། །ལུས་ལ་གོན་ཟེར་གོན་པ་ཅི་ལ་བརྟེན། །དྲིས་པས་


DNG025_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་བརྟེན་ནས་བྱུང་བར་ཤེས། །དེ་བཞིན་སྣང་བ་འདི་ཡང་སེམས་ལས་བྱུང་། །སྣང་བ་སྣ་ཚོགས་འདུག་ཀྱང་སེམས་སུ་གཅིག །དེ་ལྟར་སེམས་ཀྱི་དོན་དེ་རིག་པར་གྱིས། །ཞེས་པས་བརྡ་བསྟན་དབང་བསྐུར་བྱ་བ་ནི། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། སྐྱེ་མེད་ཆོས་སྐུའི་དཀྱིལ་འཁོར་ཀློང་ཡངས་སུ། །འགག་མེད་སྣང་བ་བུམ་པའི་ལྷ་ཚོགས་ཀྱིས། །མངོན་སུམ་ཞལ་སྟོན་རྡོ་རྗེ་ལུ་གུ་རྒྱུད། །སྣང་བ་དབང་དུ་འདུས་པར་བྱིན་གྱིས་རློབས། །ཞེས་པས་སྤྲོས་བཅས་བརྡ་ཡི་དབང་བསྐུར་བས། །སློབ་མས་ཡོན་དབུལ་དགའ་སྟོན་ཆེན་པོ་བྱ། །སྣ་ཚོགས་གཅིག་ཏུ་རྟོགས་ཕྱིར་བླ་མ་ལ། །རྟ་དང་གླང་པོ་རིན་ཆེན་འབྲུ་སོགས་དབུལ། །ནོར་མཆོག་ཕུལ་བས་དོན་མཆོག་རྟོགས་པར་འགྱུར། །གང་ཟག་འབྲིང་པོ་བརྡ་ཡིས་མ་གྲོལ་ན། །ལྟ་བ་ཆིག་ཆོད་གནད་ཀྱི་མན་ངག་ནི། །ལུས་གནད་འདུག་སྟངས་རྡོ་རྗེ་སྐྱིལ་ཀྲུང་བྱ། །གཉུག་མའི་གནས་ལུགས་རྟོགས་ཕྱིར་དྲང་པོ་གཅེས། །ངག་གི་རླུང་སྟངས་མི་སྨྲ་དལ་བར་བྱ། །འཁྲུལ་པའི་སྣང་བ་གྲོལ་ཕྱིར་བརྗོད་མེད་གཅེས། །ཡིད་ཀྱི་ལྟ་སྟངས་རིག་པ་མིག་ལ་གཅུན། །མངོན་སུམ་མཐོང་ཕྱིར་ནམ་མཁའི་དབྱིངས་ལ་བལྟ། །བལྟ་རུ་མེད་པའི་ལྟ་བ་ཆེན་པོ་སྟེ། །མི་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཉིད། །ཕྱི་ཡི་ནམ་མཁའ་དག་པའི་ཡེ་དྭངས་དང་། །ནང་གི་སེམས་ཉིད་དག་པའི་རང་དྭངས་དང་། །བར་གྱི་རྩལ་མ་དག་པའི་ངང་དྭངས་གསུམ། །དབྱེར་མེད་འདྲེས་ནས་ནམ་མཁའ་ལྟ་བུ་རུ། །མཐོང་བ་ཆོས་ཉིད་མངོན་སུམ་སྣང་བ་ཡིན། །གསུམ་རིག་དོན་གསུམ་ཐེ་ཚོམ་མེད་པ་ཡིས། །རིག་པ་རང་གསལ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་སྣང་དེ་ལྟར་ཤེས་པའི་ཉམས་མྱོང་དུ། །འབྱུང་བཞི་ཐམས་ཅད་ནམ་མཁའི་ངང་ལས་བྱུང་། །ནམ་མཁའ་ལ་ནི་འབྱུང་བ་ཐམས་ཅད་དག །དག་པའི་ནམ་མཁའ་ཕྱི་ཡི་སེམས་སུ་རིག །དུག་ལྔ་ཐམས་ཅད་རང་གི་སེམས་ལས་བྱུང་། །སེམས་ཉིད་ལ་ནི་དུག་ལྔ་ཐམས་ཅད་དག །དག་པའི་ཡིད་དེ་ནང་དུ་སེམས་སུ་རིག །སྣང་བ་ཐམས་ཅད་སྐུ་ལྔའི་ལམ་ལས་བྱུང་། །སྒོ་ལྔའི་ལམ་ནི་ལུས་ཀྱི་སྙིང་རྩར་འདུས། །


DNG025_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་རྩ་སྒོ་བར་གྱི་སེམས་སུ་རིག །དེ་ལྟར་ཕྱི་ནང་གསང་གསུམ་གཅིག་ཏུ་རིག །སྣང་རིག་སེམས་གསུམ་དབྱེར་མེད་གཅིག་ཏུ་རྟོགས། །མ་རྟོགས་འཁྲུལ་པ་སེམས་ལས་གསུམ་དུ་བཟུང་། །ཕྱི་ཡི་སྣང་བ་ནང་གི་འཛིན་མཁན་སེམས། །བར་གྱི་ལུས་ལ་སྒོ་ལྔར་བལྟས་པས་འཁྲུལ། །འཁྲུལ་པའི་རྟོག་པས་གསུམ་དུ་ཕྱེད་གྱུར་ཀྱང་། །སེམས་ཉིད་གཅིག་ལས་གཞན་གྱི་བར་ཆད་མེད། །ཕྱི་ནང་གསང་གསུམ་དབྱེར་མེད་འདྲེས་པ་ལས། །རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བཏགས། །ངོ་བོ་ཆོས་ཉིད་ཡིན་ཏེ་མངོན་སུམ་དུ། །གསལ་བས་ཆོས་ཉིད་མངོན་སུམ་རྟོགས་པའོ། །དེ་ཡི་དོན་ལ་མ་ཡེངས་ལྟ་བ་ཡིན། །ཡང་དག་ཉིད་ལ་ཡང་དག་ལྟ་བ་སྟེ། །ཡང་དག་མཐོང་ན་རྣམ་པར་གྲོལ་བའོ། །དེ་ཉིད་གཏན་ལ་ཕེབས་པའི་རྟགས་ཚད་ནི། །དངོས་ཀྱི་རྟགས་སུ་ལུས་ངག་ཡིད་གསུམ་ལ། །རང་གཞན་ཀུན་གྱིས་མཐོང་བའི་ཞེན་ལོག་སྐྱེ། །ཚེ་འདིའི་ལུས་དང་བྱ་བ་བློས་སུ་གཏོང་། །ངག་གིས་མི་སྨྲ་ལྐུགས་པ་ལྟ་བུར་འགྱུར། །ཡིད་ནི་འཁོར་བའི་ཆོས་ལ་སྐྱོ་ཤས་སྐྱེ། །བླ་མ་རྗེས་སུ་དྲན་ཅིང་འགྲོ་ལ་སྙིང་རྗེ་འཆར། །རྒྱུ་འབྲས་ཡིད་ཆེས་སྡིག་སྤང་དགེ་བ་སྒྲུབ། །ཉམས་རྟོགས་ལུས་པོ་ཡང་དུ་སོང་བ་དང་། །ངག་གི་དབུགས་ནི་རྒྱུ་བ་མི་དྲན་དང་། །ཡིད་ལ་མཐོང་ཐོས་དྲན་རིག་ཐམས་ཅད་པ། །རང་སེམས་ནམ་མཁའ་ལྟ་བུའི་དོན་འདི་ཡིན། །སྙམ་པ་རང་གི་ཤེས་པའི་རྟགས་ལའང་། །སྣང་སེམས་ཆོས་ཉིད་དོན་ལ་འབྱོར་བའི་ཚད། །མཐོང་བའི་ལྟ་བ་རང་རིག་མངོན་སུམ་དོན། །དབྱིངས་རིག་གཉིས་མེད་ནམ་མཁའི་ཀློང་ན་གསལ། །དེ་ལ་སྣང་བ་མི་འགྲོ་མཐོང་སྣང་ཚད། །ཤེས་པའི་རྟགས་ནི་སྣང་སྲིད་ཐམས་ཅད་ཀུན། །རང་གི་སེམས་སུ་རིག་ཅིང་སེམས་ཉིད་ནི། །རིག་ཅིང་གསལ་བས་ནམ་མཁའ་ལྟ་བུར་རྟོགས། །རྨི་ལམ་དུ་ཡང་བཟུང་ན་ཟིན་པ་ནི། །སྣང་བ་སེམས་སུ་གཏན་ཕེབས་ལོ་བདུན་ན། །ཕུང་པོ་མི་སྣང་ལྷག་མེད་སངས་རྒྱས་འཐོབ། །རྨི་ལམ་མི་ཟིན་སེམས་སུ་ཤེས་ཙམ་ལ། །བར་དོ་དང་པོ་ལ་ནི་གྲོལ་བར་འགྱུར། །དོན་ལ་འགྱུར་ལྡོག་མེད་ན་ཚད་ལ་ཕེབས། །


DNG025_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དབང་དུ་འདུས་པས་སྤྲུལ་སྐུ་ཡིན། །ཡིད་དཔྱོད་སངས་རྒྱས་མི་རེ་མངོན་སུམ་ཨེ་མ་ཧོ། །སྣང་བ་ཐམས་ཅད་རང་སེམས་ཡིན་པ་ལ། །གང་ཟག་ཐ་མ་གནད་ཀྱིས་མ་གྲོལ་ན། །མན་ངག་ཚིག་ཏུ་བཀྲོལ་ནས་བསྟན་པ་ནི། །དངོས་པོ་གཤིས་ཀྱི་གནས་ལུགས་མ་མཐོང་བས། །སྣང་བ་སེམས་སུ་མ་ཤེས་འཁོར་བར་གོལ། །རང་སེམས་སངས་རྒྱས་མ་རྟོགས་མྱང་འདས་བསྒྲིབས། །འཁོར་འདས་གཉིས་ལ་རིག་དང་མ་རིག་གིས། །སྐད་ཅིག་གཅིག་གི་བྱེ་བྲག་པར་ལས་མེད། །རང་གི་སེམས་ལ་གཞན་དུ་མཐོང་བས་འཁྲུལ། །འཁྲུལ་པ་དེ་ཉིད་སེམས་སུ་མ་རིག་ན། །ཆོས་ཉིད་དོན་དེ་ནམ་ཡང་མ་རྟོགས་པས། །ལྟ་བ་འཁྲུལ་པས་སེམས་ཀྱི་ཕུ་དག་དཀྲུགས། །རང་བྱུང་རང་ཤར་རང་གིས་རང་ལ་བལྟ། །སྣང་བ་འདི་དག་དང་པོ་གང་ལས་བྱུང་། །བར་དུ་གང་ན་གནས་ཤིང་མཐར་གར་འགྲོ། །བལྟས་པས་དཔེར་ན་གཟིངས་ཀྱི་བྱ་རོག་གིས། །གཟིངས་ནས་འཕུར་ནས་གཟིངས་སུ་ལོག་པ་བཞིན། །སྣང་བ་སེམས་ལས་ཤར་ཞིང་སེམས་སུ་གྲོལ། །སེམས་ཉིད་ཀུན་ཤེས་ཀུན་རིག་དྲི་མེད་འདི། །གསལ་སྟོང་ནམ་མཁའ་ལྟ་བུར་གདོད་མ་ནས། །རང་བྱུང་ཡེ་ཤེས་མངོན་སུམ་གསལ་བ་རུ། །གཏན་ལ་ཕེབས་ན་དེ་ཀ་ཆོས་ཉིད་ཡིན། །ཡེངས་སུ་མེད་ཀྱི་དེ་ཀའི་ངང་ལ་ཞོག །སྣང་བ་སེམས་ཀྱི་ངང་དུ་ལྟས་མོ་ལྟོས། །བལྟས་པས་མ་མཐོང་བཞག་པས་མ་ཞོགས་པ། །ནམ་མཁའ་ལྟ་བུའི་ཆོས་ཉིད་རང་ངོ་སྤྲད། །དེ་ལྟར་མ་རྟོགས་འཁྲུལ་པའི་སྣང་བ་བྱུང་། །དཔེར་ན་སྐྱེས་བུ་གཉིད་ལོག་རྨི་ལམ་ན། །སྐྱེས་པ་བུད་མེད་བདེ་སྡུག་ལོངས་སྤྱོད་སྣང་། །གཉིད་སད་དུས་ན་རང་སེམས་ཡིན་པར་ཤེས། །དེ་བཞིན་སྣང་སྲིད་མ་ལུས་ཐམས་ཅད་ཀུན། །རང་སེམས་རྨི་ལམ་ལྟ་བུར་འཁྲུལ་པར་ཤར། །ཤར་ཡང་སེམས་ལས་ལོགས་ན་སྣང་བ་མེད། །དོན་ལ་རྨི་ལམ་ལྟ་བུ་ཡིན་པ་ལ། །མེད་བཞིན་མངོན་སུམ་ལོག་པར་བལྟས་པ་ཡིན། །དཔེར་ན་མཐོ་མི་ཐག་པ་སྦྲུལ་དུ་མཐོང་། །མཐོང་བ་ཙམ་གྱིས་དངངས་སྐྲག་བརྒྱལ་བར་བྱེད། །བརྟགས་ཤིང་དཔྱད་ན་མཐོང་དེ་ཐག་


DNG025_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས། །སེམས་ལ་སེམས་ཀྱིས་སྐྲག་པ་འཁྲུལ་སྣང་སེམས། །དཔེར་ན་རླུང་མཁྲིས་བད་ཀན་མིག་སྐྱོན་གྱིས། །བར་སྣང་སྟོང་པར་སྐྲ་འཛིངས་སྣང་བ་བཞིན། །རང་སེམས་མ་རྟོགས་ཉོན་མོངས་ལས་རྐྱེན་དབང་། །ཁམས་གསུམ་སྣོད་བཅུད་རིགས་དྲུག་སྡུག་བསྔལ་གྱིས། །མ་དག་སྣང་བ་ངན་རྟོག་སྣ་ཚོགས་ཤར། །ཤར་ཡང་སེམས་ལས་ལོགས་ན་གྲུབ་པ་མེད། །སེམས་ལ་སེམས་ཀྱིས་ངན་པར་བཟུང་བ་ཡིན། །དཔེར་ན་རླུང་དང་ཉི་ཟེར་ཆར་རྒྱུན་ལས། །བར་སྣང་འཇའ་ཚོན་གསལ་བར་སྣང་བ་བཞིན། །རང་གི་ཚོགས་གཉིས་བསགས་པའི་བསམ་པ་ཡིས། །རྒྱལ་བའི་ཞིང་ཁམས་ལྷ་དང་ལྷ་མོ་རུ། །དག་པའི་སྣང་བ་བཟང་རྟོག་སྣ་ཚོགས་འབར། །ཤར་ཡང་སེམས་ལས་ལོགས་ན་གྲུབ་པ་མེད། །སེམས་ལས་སེམས་ཀྱིས་བཟང་པོར་བྱས་པ་ཡིན། །དོན་ལ་སྣང་བ་དངོས་པོ་གྲུབ་པ་མེད། །དཔེར་ན་ཆུ་ཟླ་མེ་ལོང་གཟུགས་བརྙན་ལ། །སྣང་ཡང་དེ་ལ་དངོས་པོ་མེད་པ་བཞིན། །རང་སེམས་མ་འགགས་སྣང་བ་ཅི་ཤར་ཡང་། །དངོས་པོ་དཀྲུག་པ་ཅི་ཡང་མེད་པ་ཡིན། །དངོས་པོ་མེད་བཞིན་ཡུན་རིང་ཨ་འཐས་པས། །ས་རྡོ་རི་བྲག་ལ་སོགས་བེམ་པོར་སྣང་། །སྣང་ཙམ་ཉིད་ན་དོན་ལ་བདེན་མེད་རྫུན། །དཔེར་ན་སྒྱུ་མ་མཁན་གྱི་སྒྱུ་མའི་གཟུགས། །སྤྲུལ་པ་སྣ་ཚོགས་སྟོན་ཡང་རྫུན་པ་བཞིན། །སྣང་བ་ཀུན་རྫོབ་ཆོས་འདི་སྣ་ཚོགས་ཀྱང་། །གཅིག་ཀྱང་བདེན་པར་མ་གྲུབ་འཇིགས་པ་ཡིན། །དེས་ན་སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །རང་གི་སེམས་ཉིད་གཅིག་གི་མཐོང་སྣང་ཡིན། །གང་ཚེ་རང་གི་སེམས་རྒྱུད་འགྱུར་ཙམ་ན། །ཕྱི་རུ་འགྱུར་བ་དེ་ཡི་མཐོང་སྣང་འབྱུང་། །དེས་ན་ཐམས་ཅད་སེམས་ཀྱི་མཐོང་སྣང་སྟེ། །རིགས་དྲུག་རྣམས་ཀྱིས་སོ་སོའི་ལས་སུ་མཐོང་། །མུ་སྟེགས་པ་ཡིས་རྟག་ཆད་གཉིས་སུ་མཐོང་། །ཐེག་པ་རིམ་དགུས་རང་རང་ཐེག་པར་མཐོང་། །སྣ་ཚོགས་མཐོང་ཞིང་སྣ་ཚོགས་མི་གཅིག་པ། །ཐ་དད་བཟུང་བས་ཆགས་སྡང་འཁོར་བར་འཁྲུལ། །རྟོག་ཚོགས་ཉོན་མོངས་ལས་ཀྱིས་སེམས་དཀྲུགས་ཤིང་། །དེ་ཉིད་མ་ཤེས་སྡུག་བསྔལ་འདམ་དུ་བྱིང་། །སྣང་བ་ཐམས་ཅད་སེམས་སུ་རིག་པ་ན། །མཐོང་སྣང་ཤར་


DNG025_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཛིན་མེད་སངས་རྒྱས་ཡིན། །དེས་ན་སྣང་བ་སེམས་སུ་ཕུ་ཐག་ཆོད། །སྣང་བ་སེམས་སུ་གཞི་རྩ་མ་ཆོད་ན། །སྡོང་པོའི་ཡལ་ག་བཅད་ཀྱང་ཡལ་ག་སྐྱེ། །རྩ་བ་གཅིག་ཆོད་ཡལ་ག་མི་སྐྱེ་བཞིན། །རྣམ་རྟོག་བཀག་ཀྱང་རྣམ་རྟོག་སྣ་ཚོགས་སྐྱེ། །རྣམ་རྟོག་སེམས་སུ་ཤེས་ན་ངང་གིས་གྲོལ། །སྣོད་ཀྱི་འཇིག་རྟེན་བེམ་པོར་སྣང་བ་སེམས། །བཅུད་ཀྱི་སེམས་ཅན་རིགས་དྲུག་སྣང་བ་སེམས། །མཐོ་རིས་ལྷ་མིའི་བདེ་བ་སྣང་བ་སེམས། །ངན་སོང་གསུམ་གྱི་སྡུག་བསྔལ་སྣང་བ་སེམས། །མ་རིག་ཉོན་མོངས་དུག་ལྔའི་སྣང་བ་སེམས། །རང་བྱུང་རིག་པའི་ཡེ་ཤེས་སྣང་བ་སེམས། །ངན་རྟོག་འཁོར་བའི་བག་ཆགས་སྣང་བ་སེམས། །བཟང་རྟོག་མྱ་ངན་འདས་པར་སྣང་བ་སེམས། །བདུད་དང་འདྲེ་ཡི་བར་ཆད་སྣང་བ་སེམས། །ལྷ་དང་སིདྡྷི་ལེགས་པར་སྣང་བ་སེམས། །རྣམ་པར་རྟོག་པ་སྣ་ཚོགས་སྣང་བ་སེམས། །མི་རྟོག་རྩེ་གཅིག་སྟོང་བར་གནས་པ་སེམས། །དངོས་པོ་མཚན་མའི་ཁ་དོག་སྣང་བ་སེམས། །མཚན་མ་མེད་ཅིང་ཅིར་མི་དགོངས་པ་སེམས། །གཅིག་དང་གཉིས་གསུམ་གཉིས་མེད་སྣང་བ་སེམས། །ཡོད་མེད་གང་དུ་མ་གྲུབ་སྣང་བ་སེམས། །སེམས་ལས་མ་གཏོགས་སྣང་བ་གང་ཡང་མེད། །སེམས་ཉིད་མ་འགགས་སྣང་བ་གང་ཡང་འཆར། །ཤར་ཡང་མཚོ་ཡི་ཆུ་དང་ཆུ་རླབས་བཞིན། །གཉིས་སུ་མེད་དེ་སེམས་ཀྱི་ངང་དུ་གྲོལ། །གདགས་བྱ་མ་འགགས་མིང་ཙམ་ཅིར་བཏགས་ཀྱང་། །དོན་ལ་སེམས་ཉིད་གཅིག་ལས་ཡོད་མ་ཡིན། །གཅིག་པོ་དེ་ཡང་གཞི་རྩ་བྲལ་བ་ཡིས། །སྣང་བ་གང་ལྟར་ཤར་ཡང་ཕན་གནོད་མེད། །སྣང་བ་ཐམས་ཅད་སེམས་ཀྱི་ཀློང་ཡངས་ཡིན། །སྐྱེ་འགག་གནས་གསུམ་བྲལ་བས་ཀུན་ལ་ཁྱབ། །མ་སྐྱེ་མི་འགག་ནམ་མཁའ་ལྟ་བུར་བལྟ། །བལྟས་ཙམ་ཉིད་ན་མཐོང་བ་གཅིག་ཡང་མེད། །མ་མཐོང་བ་དེ་དོན་གྱི་ལྟ་བ་ཡིན། །གང་ཚེ་ནམ་མཁའ་བལྟས་པས་མ་མཐོང་ན། །དེ་ཚེ་ནམ་མཁའ་མཐོང་ཞེས་ཐ་སྙད་བཏགས། །དེ་བཞིན་སེམས་ཀྱི་གནས་ལུགས་རྟོགས་པ་ནི། །དོན་དམ་ཆོས་ཉིད་མཐོང་ཞེས་ཐ་སྙད་བཏགས། །མཐོང་བའི་ལྟ་བ་ཕྱོགས་


DNG025_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལྟ་བ་ཡིན། །མ་མཐོང་མཐོང་བ་ཕྱོགས་བྲལ་ལྟ་བ་ཡིན། །དེས་ན་བྱང་ཆུབ་སེམས་ཀྱི་གནས་ལུགས་ནི། །གསལ་ལ་དངོས་མེད་ནམ་མཁའ་ལྟ་བུ་ཡིན། །རང་ཤར་རང་གྲོལ་ཨ་ཏི་ཆིག་ཆོད་ཡིན། །དེ་ལྟར་ཐམས་ཅད་རང་བྱུང་ཡེ་ཤེས་ཏེ། །སྣང་བ་ཐམས་ཅད་སེམས་ཉིད་ཆིག་ཆོད་ཡིན། །དེ་ལྟ་ཐམས་ཅད་རང་བྱུང་ཡེ་ཤེས་ཏེ། །སྣང་བ་ཐམས་ཅད་སེམས་ཉིད་ཆིག་ཆོད་དུ། །ཨ་ཏི་ཡང་གསང་མངོན་སུམ་ངོ་སྤྲོད་དོ། །སེམས་ཉིད་གཅིག་ལ་རོལ་པ་སྣ་ཚོགས་ཤར། །ཤར་ཙམ་ཉིད་ན་རྟོག་མེད་ངང་གིས་གྲོལ། །རྣམ་པ་ཀུན་ལྡན་རྣམ་པ་མེད་པའི་དོན། །ཡོད་མེད་གང་དུ་མི་གནས་རང་བཞིན་གསལ། །གསལ་སྣང་སྣ་ཚོགས་འཛིན་པ་མེད་པའི་སེམས། །རང་སེམས་སྤྲུལ་པའི་སྐུ་རུ་ལྷུན་གྱིས་གྲུབ། །སངས་རྒྱས་སྤྲུལ་པས་ཕྲིན་ལས་སྣ་ཚོགས་བྱེད། །མཚན་དཔེ་བཟང་པོ་དྲུག་ཅུའི་ཆོ་འཕྲུལ་ཚོགས། །དེ་དང་དེ་ཡིས་སྣང་བ་སྟོན་པར་འགྱུར། །རྩོལ་རྟོག་མེད་པའི་ཐུགས་རྗེས་ཀུན་དོན་མཛད། །བྱ་བ་ཐམས་ཅད་ཆོས་ཀྱི་དབྱིངས་ནས་སྤྱོད། །འདི་ཉིད་ཉམས་སུ་བླངས་ན་ཀུན་གྲོལ་ཏེ། །དབང་པོ་དག་ལ་རྣོ་རྟུལ་མེད་པས་རྟོགས། །ཏིལ་དང་འོ་མ་མར་གྱི་རྒྱུ་ཡིན་ཀྱང་། །མ་བསྲུབས་མ་བཙིར་མར་ནི་མི་འབྱུང་བཞིན། །འགྲོ་ཀུན་སངས་རྒྱས་སྙིང་པོའི་རྒྱུ་ཡོད་ཀྱང་། །ཉམས་སུ་མ་བླངས་སེམས་ཅན་སངས་མི་རྒྱ། །ཉམས་སུ་བླངས་ན་བ་གླང་རྫི་ཡང་གྲོལ། །འཆང་མི་ཤེས་ཀྱང་མངོན་སུམ་གཏན་ལ་ཕེབས། །རང་གི་ཁ་རུ་མྱོང་བའི་བུ་རམ་ལ། །གཞན་གྱིས་དེ་ཡི་རོ་བཤད་མི་རྟོགས་བཞིན། །འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ། །ཐེག་དགུ་བཤད་པ་ཤེས་བྱ་མཁས་གྱུར་ཀྱང་། །མ་མཐོང་རྒྱང་གི་གཏམ་རྒྱུད་བསྙད་པ་བཞིན། །སངས་རྒྱས་ལ་ནི་སྐད་ཅིག་ཉེར་མ་རེག །དེས་ན་ཨ་ཏི་ཡང་གསང་ཆིག་ཆོད་དོན། །མངོན་སུམ་གནད་ཀྱི་མན་ངག་ཤིན་ཏུ་ཟབ། །ཀུན་བཟང་ཐུགས་ཀྱི་མེ་ལོང་ས་མ་ཡ། །ཞེས་སོ། །ཨེ་མ། གང་ཟག་རབ་ལ་བརྡ་ཡིས་བསྟན་ནས་སུ། །སྣང་བ་སེམས་སུ་རྟོགས་པ་རྣལ་འབྱོར་པ། །མངོན་སུམ་རང་གི་ཐོག་ཏུ་ངོ་སྤྲད་པས། །ཉམས་སྣང་གོང་དུ་འཕེལ་བའི་སྣང་བ་ཡི། །སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཡིན་དེ། །


DNG025_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཆིག་ཆོད་རྟོགས་ཕྱིར་བླ་མ་ལ། །སྤྲོས་མེད་སྟོང་པའི་དབང་བསྐུར་ཞུ་ཞེས་པའི། །ཉི་མ་ཤར་བའི་དུས་སུ་གསོལ་བ་གདབ། །བླ་མས་དབེན་པའི་གནས་སུ་མཎྜལ་བཤམ། །དེ་སྟེང་མེ་ལོང་ཤེལ་གོང་དག་པ་བཞག །རྨ་བྱའི་མདོངས་གཟུགས་ཚོགས་གཏོར་དཀོན་མཆོག་མཆོད། །སློབ་མས་སྟོད་ཀྱི་གོས་ཕུད་ཕྱག་བཙལ་ནས། །ལངས་ཏེ་ཐལ་སྦྱར་གསོལ་བ་འདི་སྐད་གདབ། །ཨེ་མ་ཧོ། ཀུན་བཟང་བླ་མ་ལོངས་སྤྱོད་རྫོགས་སྐུ་ལ། །བདག་ཉིད་ཁྱེད་ལ་གུས་པས་གསོལ་བ་འདེབས། །ཆོས་ཉིད་སྐྱེ་བ་མེད་པའི་ཕོ་བྲང་དུ། །ཟག་མེད་ཉམས་རྩལ་ཆིག་རྫོགས་དབང་བསྐུར་ཞུ། །ཞེས་པས་གསོལ་བ་ལན་གསུམ་གདབ་པར་བྱ། །དེ་ནས་བླ་མས་རིག་པ་སེམས་ཀྱི་བུ། །ཆིག་ཆོད་དོན་ལ་འཇུག་པ་སྤྲོ་ལགས་སམ། །ཞེས་བརྗོད་སློབ་མས་ལན་དུ་སྤྲོ་ཞེས་བྱ། །དེ་ནས་སློབ་མའི་དམ་བཅའ་དཔོག་པ་ནི། །ཁྱོད་ཀྱིས་མཚན་མའི་འཁྲུལ་ཕྱིར་མ་འདྲེངས་པར། །རྩོལ་མེད་ཆོས་ཉིད་དོན་ལ་མ་ཡེངས་པའི། །དམིགས་མེད་སྒོམ་པའི་ཉམས་ལེན་དམ་ཆོས་ཤིག །དེ་ལས་ལོག་ན་ཁྱོད་ཉིད་རླག་པར་འགྱུར། །ཅེས་པས་དམ་ཆུ་བླུད་ལ་དམ་འཆར་གཞུག །དེ་ནས་བརྡ་ཡི་དཀྱིལ་འཁོར་བསྟན་པ་ནི། །སྣང་བ་སེམས་སུ་འཛིན་པའི་སྒྲིབ་གཡོགས་ཕུད། །སེམས་ཉིད་སྟོང་གསལ་ཡེ་ཤེས་མིག་ཕྱེ་ལ། །སྣང་སྟོང་རིག་པའི་དཀྱིལ་འཁོར་འདི་ལ་ལྟོས། །མེ་ལོང་དེ་ལ་གསལ་ཡང་འཛིན་རྒྱུ་མེད། །དེ་བཞིན་སྣང་བ་འཆར་ཡང་སྟོང་པའི་བརྡ། །ཤེལ་ལ་སྒྲོ་ཡི་འོད་ལྔ་ཤར་བ་འདི། །སྟོང་པའི་རང་རྩལ་ཡེ་ཤེས་འཆར་བའི་བརྡ། །ཤར་ཡང་དངོས་པོར་མ་གྲུབ་སྣང་སྟོང་ཡིན། །དེ་ནས་བླ་མས་བུ་ཁྱོད་སུ་ཡིན་དྲི། །ང་ནི་རིག་པ་སེམས་ཀྱི་བུ་ཡིན་བྱ། །ཁྱོད་ཀྱི་སྟོད་ཀྱི་ལུས་འདི་ཅི་ཡིན་དྲི། །སྟོད་ནི་གཅེར་བུ་སྨད་ནི་གོས་ཡོད་ཟེར། །དེ་བཞིན་སེམས་ཉིད་འདི་ཡང་ཤེས་པར་གྱིས། །ལུས་ལ་བརྟེན་ནས་གོས་བྱུང་སྣང་བ་འདི། །སེམས་ལ་བརྟེན་ནས་བྱུང་བར་ཤེས་པའི་བརྡ། །གོས་ཀྱིས་གཏུམས་པས་ལུས་འདི་མི་མཐོང་བཞིན། །སེམས་ཉིད་སྣང་བས་འཁྲུལ་པས་སེམས་མ་མཐོང་། །གོས་ཕུད་ལུས་དེ་གང་


DNG025_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མཐོང་བ་བཞིན། །སྣང་བ་གང་དག་དེ་རུ་སེམས་ཉིད་མཐོང་། །དེ་ལྟར་བརྡ་བསྟན་དབང་བསྐུར་བྱ་བ་ནི། །ཧཱུཾ་ཧཱུཾ་ཧཱུཾ། སྣང་བ་ལོངས་སྐུའི་དཀྱིལ་འཁོར་མཛེས་པ་རུ། །གསལ་བ་འཛིན་མེད་ཤེལ་འོད་སྣ་ཚོགས་ཀྱིས། །སྐུ་དང་ཡེ་ཤེས་སྟོང་པའི་སྒྲོན་མ་མཆོག །སེམས་ཉིད་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །ཞེས་པས་སྤྲོས་མེད་བརྡ་ཡིས་དབང་བསྐུར་ལ། །སློབ་མས་ཡོན་དབུལ་ཉམས་མྱོང་དགའ་སྟོན་བྱ། །སྣང་བ་སྟོང་པར་རྟོགས་ཕྱིར་བླ་མ་ལ། །བུ་དང་ཆུང་མ་ཉེ་འཁོར་ཚོགས་རྣམས་དབུལ། །མི་མཆོག་ཕུལ་བས་དོན་མཆོག་འགྲུབ་པར་འགྱུར། །གང་ཟག་འབྲིང་པོ་བརྡ་ཡིས་མ་གྲོལ་ན། །བསྒོམ་པ་ཆིག་ཆོད་གནད་ཀྱི་མན་ངག་ནི། །སྟངས་གསུམ་སྔོན་བཞིན་བྱས་པའི་མིག་གིས་བལྟ། །ལོངས་སྐུའི་གཟིགས་སྟངས་ཐད་ཀའི་དབྱིངས་ལ་བལྟ། །དབྱིངས་རིག་གཉིས་སུ་མེད་པའི་མངོན་སུམ་ལ། །མ་ཡེངས་ཁྲེལ་ལེ་གནས་ལུགས་རང་སར་གཞག །སེམས་ཉིད་སྟོང་པ་ཉིད་དུ་གྲོལ་ནས་སུ། །མངོན་ཤེས་སྣང་བ་ཐམས་ཅད་དངོས་མེད་དུ། །ཆོས་ཉིད་སྟོང་པའི་རང་དྭངས་ཉམས་སྣང་དུ། །འོད་དང་འོད་ཁྱིམ་འཇའ་འོད་སྣང་བར་འཆར། །ཉམས་སྣང་དེ་ཉིད་གོང་ནས་གོང་དུ་འཕེལ། །ཐིག་ལེ་ཐིག་ཕྲན་རྩིབས་ཤར་གྱེན་འགྲེང་དང་། །ཐིག་ལེའི་ནང་དུ་སྐུ་དང་འོད་ཀོར་འཆར། །ཤར་ཡང་སྣང་བ་ཙམ་ལ་དངོས་པོ་མེད། །དེ་ཉིད་ཡུན་དུ་བརྐྱངས་པས་ཟག་བཅས་ཀྱི། །སྣང་བ་མེད་པར་ཡེ་ཤེས་སྣང་བར་འཆར། །འཇའ་འོད་ལ་སོགས་མཐོང་སྣང་ཐམས་ཅད་ལ། །འཛིན་པ་མེད་པར་གྲོལ་ནས་སྟོང་གསལ་དུ། །ཡེ་ཤེས་སྣང་བར་ལམ་མེ་ཞེན་པ་ཞེན། །རང་སྣང་སྟོང་པའི་དབྱིངས་ལ་རིག་པའི་ངང་། །ཡེ་ཤེས་གཉིས་མེད་ཚུལ་འཆང་རྟོག་མེད་ཉམས། །གང་ལྟར་བྱས་ཀྱང་དེ་བཞིན་ཀུན་ཏུ་སྣང་། །སྣང་བ་ཙམ་ལས་འཛིན་མེད་ནམ་མཁའི་ངང་། །གསལ་འགྲིབ་མེད་པས་དབྱིངས་རིག་འདྲེས་པ་སྟེ། །རང་སེམས་སྣང་བ་སྟོང་པ་ཉིད་དུ་གྲོལ། །སྟོང་པ་ཉིད་ལ་སྒོམ་རྒྱུ་ཅི་ཡང་མེད། །སྒོམ་རྒྱུ་མེད་པ་དམིགས་མེད་དོན་གྱི་སྒོམ། །སྒོམ་རྒྱུ་ཅན་ནི་དམིགས་གཏད་མཚན་མའི་ཆོས། །བསྒོམ་པ་མ་ཡིན་གཟུང་འཛིན་འཁྲུལ་པ་


DNG025_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དམིགས་གཏད་མཚན་མ་མེད་པའི་ངང་བསྒོམ་དེ། །འོད་གསལ་འཛིན་པ་མེད་པའི་ལོངས་སྐུ་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་མངོན་གྱུར་པའོ། །དེ་ཉིད་གཏན་ལ་ཕེབས་པའི་རྟགས་ཚད་ནི། །དངོས་ཀྱི་རྟགས་སུ་ལུས་ངག་ཡིད་གསུམ་ལ། །རང་བཞིན་ཀུན་གྱིས་མཐོང་བར་ལུས་པོ་ཡང་། །ངག་ནི་གསོང་པོར་མ་བསླབས་ཆོས་སྐད་འོང་། །ཡིད་ལ་མངོན་པར་ཤེས་པ་ཐོགས་རེ་འཆར། །བླ་མའི་མོས་གུས་ལྷག་པར་ཆེ་བ་འོད། །ཉམས་ཀྱི་རྟགས་སུ་རང་ལུས་འོད་དུ་འགྲོ། །རང་གི་སྒྲ་རྣམས་བྲག་ཆ་ལྟ་བུར་འཆར། །སེམས་ནི་འོད་གསལ་གྱུར་ནས་ལུས་ནི་སྣང་། །ཉམས་སྣང་སྟོང་པ་དོན་ཐོག་གྲོལ་བའི་ཚད། །སྣང་བའི་འཕེལ་ཉམས་དངོས་པོར་མི་སྣང་བར། །འོད་སྣང་འབའ་ཞིག་ངང་དུ་མཐོང་བ་ཚད། །ཅིར་ཡང་འཛིན་མེད་སྟོང་པའི་རང་བཞིན་དུ། །ངོ་བོ་ཉིད་ཀྱིས་རང་སར་གྲོལ་བར་རྟོགས། །ཉིན་མཚན་མེད་དེ་རྨི་ལམ་དུ་ཟིན་ན། །ཆོས་ཉིད་སྟོང་པར་ཉམས་ཀྱི་ཚད་ལ་ཕེབས། །དེ་ཉིད་བསྐྱུངས་ན་ལོ་གསུམ་ཟག་བཅས་ཀྱི། །ཕུང་པོ་མི་སྣང་ལོངས་སྐུར་སངས་རྒྱའོ། །ཚད་ལ་མ་ཕེབས་བར་དོར་གྲོལ་བར་འགྱུར། །ཉམས་སྣང་འཕེལ་འགྲིབ་ཟད་ནས་ཚད་ལ་ཕེབས། །ཆོས་ཉིད་སྟོང་གསལ་ལོངས་སྐུ་མངོན་གྱུར་པས། །ཆོས་ཉིད་གོ་ཡུལ་མི་འཇོག་མྱོང་བས་གྲུབ་པ་ཨེ་མ་ཧོ། །སེམས་ཀྱི་ངོ་བོ་སྟོང་པ་ཡིན་པ་ལ། །གང་ཟག་ཐ་མལ་དེ་ཉིད་མ་རྟོགས་ན། །དེ་ཡི་མན་ངག་ཚིག་ཏུ་སྒྲོག་པ་ནི། །སེམས་ཉིད་སྟོང་པའི་ཉམས་སྣང་རང་ཤར་ལ། །དབྱིངས་རིག་གཉིས་མེད་ཉམས་སུ་མི་ཤེས་པར། །ཉམས་ལ་མངོན་པར་ཞེན་ན་མཚན་མར་གོལ། །མཚན་མར་བཟུང་ན་ཆོས་སུ་བཟུང་ཡང་འཁྲུལ། །ཞེན་པ་ཡོད་ན་སྟོང་པ་ཉིད་ཀྱང་གཟུགས། །སྣང་བ་སྟོང་པ་ཉིད་དུ་མི་གྲོལ་བས། །སྣང་སྟོང་གཉིས་མེད་དོན་དེ་མ་རྟོགས་ན། །ཀུན་རྫོབ་ཡིན་ཏེ་རྟག་ཆད་མཐའ་ལ་ཤོར། །སྣང་བ་སེམས་སུ་ཤེས་ཀྱང་མ་གྲོལ་བས། །གསལ་སྟོང་རང་བྱུང་ཡེ་ཤེས་མ་མཐོང་སྒྲིབས། །དེ་དོན་རྟོགས་ཕྱིར་བསྒོམས་པས་གཏན་ལ་དབབ། །མཐོང་ཉམས་ཚོར་ཉམས་ཤེས་ཉམས་གང་ཤར་ལ། །དེ་ཡི་སྟེང་དུ་མ་ཡེངས་


DNG025_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བསྒོམ། །བསྒོམ་པས་དེ་ཉིད་གཏད་མེད་ཡལ་ནས་འགྲོ། །འཁྲུལ་དང་མ་འཁྲུལ་ངོ་བོ་གཅིག་པ་སྟེ། །འགྲོ་ལ་སེམས་རྒྱུད་གཉིས་སུ་མ་གྲུབ་པས། །སེམས་ཉིད་མ་བཅོས་རང་སར་བཞག་པ་ཡིས། །དཔེར་ན་སྨིག་རྒྱུའི་ཆུ་ལ་སྟེང་དུ་ཕྱིན་པ་ཙམ། །ཆུ་མེད་སྨིག་རྒྱུ་ཡིན་པས་ཡལ་ནས་འགྲོ། །ཆུ་ཡོད་ན་ནི་མེད་པར་མི་འགྲོ་བཞིན། །ཉམས་སྣང་འཆར་ཚུལ་དངོས་པོར་ཤར་ན་ཡང་། །དེ་ཉིད་རང་ལ་བརྟགས་ཤིང་དཔྱད་པ་ཙམ། །གཞི་མེད་རྩ་བྲལ་སྟོང་པར་གྲོལ་ནས་འགྲོ། །དངོས་པོ་ཡིན་ན་འཆར་དུ་ག་ལ་བཏུབ། །ཆུ་ཟླ་གསལ་བར་སྣང་ཡང་འཛིན་རྒྱུ་མེད། །ཉམས་སྣང་གསལ་ཡང་འཛིན་པའི་ཡུལ་མ་གྲུབ། །འཛིན་པ་མེད་པ་གསལ་ཡང་སྟོང་པ་ཡིན། །སྟོང་པ་ཡིན་པས་མ་འགགས་ཅིར་ཡང་འཆར། །ཤར་ཡང་སྟོང་པ་ཉིད་ལ་སྟོང་པར་ཤར། །རང་ཤར་རང་གྲོལ་ཆུ་དང་ཆུ་རླབས་བཞིན། །སྣ་ཚོགས་ཤར་ཡང་སེམས་ཉིད་སྟོང་པར་གྲོལ། །སྟོང་པ་ཉིད་ལ་དངོས་པོ་མཚན་མ་མེད། །མེད་བཞིན་གསལ་བས་ནམ་མཁའ་ལྟ་བུ་ཡིན། །ནམ་མཁའ་མ་འགགས་སྤྲིན་དང་འཇའ་ཚོན་ཤར། །ཤར་ཡང་ནམ་མཁའི་ངང་ལ་ནམ་མཁར་གྲོལ། །དེ་བཞིན་སྣང་བ་འདི་དག་སེམས་ལ་ཤར། །སེམས་ཀྱི་ཀློང་ན་གནས་ཤིང་སེམས་སུ་གྲོལ། །སེམས་ཉིད་ཅི་ཡང་མ་གྲུབ་ངོ་བོས་སྟོང་། །སྟོང་པའི་རང་བཞིན་གསལ་ལ་འགག་པ་མེད། །འགག་མེད་རྣམ་པར་དག་པ་སེམས་ཉིད་དེ། །དང་པོ་བྱུང་ས་མེད་དེ་རྒྱུ་ཡིས་སྟོང་། །བར་དུ་སྐྱེ་ས་མེད་དེ་རྐྱེན་གྱིས་སྟོང་། །ཐ་མར་འགག་པ་མེད་དེ་ངོ་བོས་སྟོང་། །དུག་གསུམ་སྔ་ཕྱི་མེད་པར་མཉམ་པས་སྟོང་། །དབྱིབས་དང་ཁ་དོག་མེད་དེ་ངོ་བོས་སྟོང་། །ཐོག་མཐའ་འགྲོ་འོང་མེད་དེ་རང་བཞིན་སྟོང་། །སྣང་བ་ངོས་གཟུང་མེད་དེ་མཚན་མས་སྟོང་། །སེམས་ལ་ཕྱི་ནང་མེད་པས་གཟུང་འཛིན་སྟོང་། །སེམས་ལ་དངོས་པོ་མེད་པས་རྟག་ལྟ་སྟོང་། །གསལ་ལ་འགག་པ་མེད་པས་ཆད་ལྟ་སྟོང་། །མཐའ་དབུས་ཕྱོགས་ཆ་མེད་པས་གཉིས་ཀ་སྟོང་། །ཕྱོགས་མེད་རྩིས་ལས་འདས་པ་གཉིས་ཀས་སྟོང་། །ཉེ་སྐྱོན་ཡངས་པ་མེད་


DNG025_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཉེན་པོས་སྟོང་། །གདོད་ནས་གྲུབ་པ་མེད་པ་བདག་གིས་སྟོང་། །ཡེ་ནས་འཕོ་འགྱུར་མེད་པ་སྟོང་པས་སྟོང་། །དེ་ལྟར་སྟོང་པ་ཉིད་ཀྱི་རང་བཞིན་ལ། །སེམས་ཅན་བློ་ལ་ཉམས་མྱོང་གསལ་རིག་ཀྱང་། །དེ་ལ་མཚན་མའི་དངོས་པོ་རྡུལ་ཙམ་མེད། །འདས་པའི་སྣང་བ་ནམ་མཁའི་བྱ་རྗེས་འདྲ། །ད་ལྟའི་སྣང་བ་དངོས་མེད་བར་སྣང་འདྲ། །མ་འོངས་སྣང་བ་ཆ་མེད་ཡུལ་དང་འདྲ། །དུས་གསུམ་སྐྱེ་འགག་མེད་པ་གདོད་མ་ནས། །ཡེ་ནས་ཡིན་པའི་གནས་ལུགས་ཤེས་པར་བྱ། །དུས་གསུམ་མཉམ་པ་ཉིད་དུ་སྟོང་པའི་སེམས། །སྐྱེ་འཇིག་འཕོ་འགྱུར་མེད་པས་ནམ་མཁའ་འདྲ། །མཐའ་དབུས་ཕྱོགས་ཆ་བྲལ་བས་ནམ་མཁའ་འདྲ། །གང་སྟོང་གསལ་འགྲིབ་མེད་པས་ནམ་མཁའ་འདྲ། །ཀུན་ཁྱབ་ངོས་གཟུང་མེད་པས་ནམ་མཁའ་འདྲ། །སྣ་ཚོགས་རིས་མེད་འཆར་བས་ནམ་མཁའ་འདྲ། །དོན་ལ་འགྲོ་འོང་མེད་པས་ནམ་མཁའ་འདྲ། །ནམ་མཁའ་ལྟ་བུའི་སེམས་ལ་ཅི་ཤར་ཡང་། །དཔེར་ན་རྨི་ལམ་དག་གི་བདེ་སྡུག་རྣམས། །སད་སད་སྟོང་སྟེ་བདེ་སྡུག་རང་གྲོལ་བཞིན། །རྣམ་པར་རྟོག་དང་མི་རྟོག་སྣ་ཚོགས་ཀྱང་། །གནས་ལུགས་དྲན་པས་སྟོང་སྟེ་རྩོལ་བ་མེད། །མདོར་ན་གཟུང་འཛིན་མཚན་མའི་ཉམས་སྣང་ཀུན། །ཇི་ལྟར་སྣང་ཡང་རིག་སེམས་ཡིན་ཏེ་སྟོང་། །སེམས་ཉིད་གདོད་ནས་མ་སྐྱེས་སྐྱེ་མེད་པ། །དུས་གསུམ་དུས་མེད་སྟོང་པ་ཅིག་ཆོད་དུ། །ཡེ་ཤེས་མིག་གཅིག་དྲི་མེད་ཤེས་པར་གྱིས། །གཟུང་འཛིན་ཞེན་པ་བྲལ་བའི་རིག་པ་ཡིས། །སྟོང་འཛིན་དྲི་མ་བྲལ་བའི་ངང་ཉིད་དུ། །གཉིས་མེད་ཡེ་ཤེས་རོལ་པར་སྤྱོད་པ་ཡིས། །རང་སེམས་ལོངས་སྤྱོད་རྫོགས་སྐུར་ལྷུན་གྱིས་གྲུབ། །ཀུན་སྣང་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །བདེ་ཆེན་རྒྱལ་པོ་གཉིས་མེད་རོལ་པའི་དཔའ། །སྟོང་ཉིད་སྙིང་རྗེའི་མངའ་བདག་ཡང་དག་དོན། །རྣམ་པར་རྟོག་པ་རང་བྱུང་འོད་པོ་ཆེ། །དེ་ཉིད་རྟོགས་ན་དགེ་སྡིག་མེད་པར་གྲོལ། །འདི་ཉིད་མ་རྟོགས་དགེ་སྡིག་གང་སྤྱད་ཀྱང་། །མཐོ་རིས་ངན་སོང་འཁོར་བ་ལས་མི་འཕགས། །འདི་ཉིད་རྟོགས་ན་སྡིག་པས་གནོད་མི་སྐྱེལ། །


DNG025_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་སྟོང་པར་ཆུ་ནི་མི་འཆགས་བཞིན། །སྟོང་པ་ཉིད་ལ་སྡིག་པའི་ཡུལ་མ་གྲུབ། །དགེ་བ་དག་གིས་ཕན་པར་མི་ནུས་ཏེ། །མཚན་མོ་མུན་པའི་གླིང་དུ་མར་མེ་གཅིག །ཁྱིམ་གང་ཙམ་གྱི་མུན་པ་སེལ་གྱུར་ཀྱང་། །ཁྲི་གདུགས་ཉི་མ་མཁའ་ལ་གདལ་བའི་ཚེ། །མར་མེས་འཕེལ་འགྲིབ་གང་ཡང་མི་ནུས་བཞིན། །རང་སེམས་སྟོང་གསལ་ཡེ་ཤེས་རྟོགས་ཙམ་ན། །དགེ་བས་ཕན་གནོད་གང་ཡང་མ་གྲུབ་པོ། །དེ་བས་ཨ་ཏི་ཡང་གསང་ཆིག་ཆོད་དེ། །ཙིཏྟར་ཕུལ་ཅིག་ས་མ་ཡ་ཧོ། །ཨེ་མ་གང་ཟག་རབ་ལ་བརྡ་ཡིས་བསྟན་པས་གྲོལ། །སྣང་སེམས་སྟོང་པར་རྟོགས་པའི་རིགས་ཀྱི་བུ། །སྟོང་པ་ཆོས་ཉིད་དོན་ལ་ངོ་སྤྲད་པ། །རིག་པ་ཚད་ལ་ཕེབས་པའི་སྣང་བ་ཡིས། །རང་གྲོལ་ཆིག་ཆོད་རྟོགས་ཕྱིར་བླ་མ་ལ། །གཉིས་མེད་རང་གྲོལ་དབང་བསྐུར་ཞུ་ཞེས་པའི། །སྔ་དྲོའི་དུས་སུ་སློབ་མས་གསོལ་བཏབ་ལ། །བླ་མས་ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཏིང་ངེ་འཛིན་གྱི་མཆོད་པ་རྒྱས་པར་དབུལ། །དེ་ནས་སློབ་མས་གཅེར་བུར་ཕྱག་བཙལ་ལ། །འགྲེང་ཚུག་ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཨེ་མ་ཧོ། ཀུན་བཟང་བླ་མ་ཆོས་སྐུ་རང་གྲོལ་ལ། །དུས་གསུམ་དུས་མེད་གུས་པས་གསོལ་བ་འདེབས། །སྟོང་གསལ་འགག་མེད་སྤྲོས་བྲལ་དཀྱིལ་འཁོར་དུ། །རང་གྲོལ་གཉིས་མེད་ཆེན་པོའི་དབང་བསྐུར་ཞུ། །ཞེས་གསོལ་བ་ལན་གསུམ་གདབ་པར་བྱ། །དེ་ནས་བླ་མས་སྟོང་ཉིད་སེམས་ཀྱི་བུ། །རང་གྲོལ་དོན་ལ་འཇུག་པར་སྤྲོ་ལགས་སམ། །ཞེས་བརྗོད་སློབ་མས་ལན་དུ་སྤྲོ་ཞེས་བྱ། །དེ་ནས་སློབ་མས་དམ་བཅའ་དབོག་པ་ནི། །ཁྱོད་ཀྱིས་སྣང་སྟོང་ཞེན་འཛིན་སྤངས་ནས་སུ། །སྟོང་གསལ་རང་གྲོལ་ཆོས་སྐུའི་དོན་ལ་ནི། །རང་བཞིན་ལྷུག་པར་སྤྱོད་པར་དམ་ཆོས་ཤིག །དེ་ལས་ལོག་ན་ཁྱོད་ཉིད་བརླག་པར་འགྱུར། །ཅེས་པ་དམ་ཆུ་བྱིན་ལ་དམ་བཅའོ། །དེ་ནས་བརྡ་ཡི་དཀྱིལ་འཁོར་བསྟན་པ་ནི། །སྟོང་པ་སྟོང་འཛིན་ཞེན་ཉམས་ཕྱིར་ཕུད་ལ། །རང་གྲོལ་དྲི་མེད་མིག་གིས་དལ་ལ་ལྟོས། །དཀྱིལ་འཁོར་ཆེན་པོ་ནམ་མཁའ་ཡངས་པ་ཡིན། །ནམ་མཁའ་གསལ་ཡང་དངོས་པོ་མེད་པ་བཞིན། །སེམས་ཉིད་གསལ་ལ་དངོས་པོ་མེད་པའི་བརྡ། །


DNG025_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དངོས་མེད་དབྱིངས་ན་གསལ་བ་བཞིན། །སེམས་ཉིད་སྟོང་པ་ཅི་ཡང་འཆར་བའི་བརྡ། །ནམ་མཁའ་གསལ་རྫོགས་དབྱེ་རུ་མེད་པ་བཞིན། །སེམས་ཉིད་གསལ་སྟོང་དབྱེ་རུ་མེད་པའི་བརྡ། །ནམ་མཁའ་མཐའ་བྲལ་ཨེ་སྟོང་ཡིན་པ་བཞིན། །སེམས་ཉིད་མ་བཅོས་སྤྲོས་བྲལ་ཡིན་པའི་བརྡའོ། །དེ་ནས་བླ་མས་བུ་ཁྱོད་སུ་ཡིན་དྲི། །ང་ནི་རང་བྱུང་ཡེ་ཤེས་ཡིན་བྱའོ། །ཁྱོད་ཀྱི་གཅེར་བུའི་ལུས་ནི་ཅི་ཡིན་དྲི། །ང་ཡི་ལུས་འདི་གོས་མེད་གཅེར་བུའོ། །ཞེས་པ་སློབ་མས་བརྗོད་པ་བླ་མ་ཡིས། །ལུས་པོ་གཅེར་བུ་གདོད་ནས་ཡིན་པ་ལ། །དེ་ལ་གོས་བསྐོན་ངོ་ཚའི་འཛིན་པ་བྱུང་། །དེ་བཞིན་སེམས་ཉིད་གདོད་ནས་ཡེ་སྟོང་ལ། །དེ་ལ་སྣང་བར་བཟུང་བས་འཁྲུལ་པ་བྱུང་། །ལུས་པོ་ཆས་མེད་ངོ་ཚའི་འཛིན་པ་བྲལ། །ལུས་ཀྱི་ངོ་བོ་གང་ཡིན་གཅེར་བུར་གསལ། །དེ་བཞིན་སེམས་ལ་འཛིན་མེད་འཁྲུལ་པ་གྲོལ། །སེམས་ཀྱི་ངོ་བོ་ཟང་ཐལ་གཅེར་བུར་རྟོགས། །དེ་ལྟར་བརྡ་བསྟན་དབང་བསྐུར་བྱ་བ་ནི། །ཧཱུཾ་ཧཱུཾ། རང་གྲོལ་ཆོས་སྐུའི་དཀྱིལ་འཁོར་རྣམ་དག་ཏུ། །གསལ་སྟོང་ནམ་མཁའ་དོན་གྱི་ལྷ་ཚོགས་ཀྱིས། །རང་བྱུང་ཡེ་ཤེས་རྩོལ་མེད་ཀུན་ཏུ་བཟང་། །མ་བཅོས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་པས་རང་གྲོལ་བརྡ་ཡི་དབང་བསྐུར་ལ། །སློབ་མས་ཡོན་དབུལ་རྟོགས་པའི་དགའ་སྟོན་བྱ། །བདག་འཛིན་རང་སར་གྲོལ་ཕྱིར་བླ་མ་ལ། །རང་གི་ལུས་ངག་ཡིད་གསུམ་ཐམས་ཅད་དབུལ། །སྒོ་གསུམ་ཕུལ་བས་སྐུ་གསུམ་འབྲས་བུ་ཐོབ། །གང་ཟག་འབྲིང་གིས་བརྡ་ཡིས་མ་གོ་ན། །དེ་ལ་མན་ངག་གནད་ཀྱིས་བསྟན་པ་ནི། །སྟོང་གསུམ་སྔོན་བཞིན་བྱས་པའི་གཟིགས་སྟངས་ནི། །སྤྲུལ་སྐུའི་གཟིགས་སྟངས་མིག་གཉིས་མར་ལ་བལྟ། །གསལ་སྟོང་གཉིས་སུ་མེད་པའི་ངང་ལ་བཞག །དེ་ཉིད་དོན་ལ་ཡུན་དུ་བསྐྱངས་པ་ལས། །སྣང་བ་ཉམས་ཀྱི་འཕེལ་ཉམས་འཆར་ཚུལ་ཡང་། །རང་བཞིན་མེད་པའི་སྟོང་པ་ཉིད་དུ་གྲོལ། །སྟོང་པ་ཉིད་ལ་སྟོང་ཉིད་ཞེན་པ་མེད། །ཞེན་འཛིན་མེད་པའི་སྟོང་གསལ་ཆེན་པོ་རུ། །གསལ་ལེ་སེང་ངེ་ཡེ་རེ་ཅིར་མི་དགོངས། །གཟུང་འཛིན་མཚན་མའི་བག་


DNG025_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་གང་ཡང་མེད། །འོད་གསལ་བར་ནི་དུས་གསུམ་དུས་མེད་པར། །གཉུག་མ་རང་གྲོལ་བདེ་བ་ཆེན་པོའི་ངང་། །ཇི་ལྟར་བྱས་ཀྱང་གསལ་འགྲིབ་མེད་པར་རྟོགས། །སྣང་སྟོང་གཉིས་འཛིན་རང་སར་གྲོལ་བ་ཡིས། །རང་འབྱུང་རིག་པའི་ངོ་བོ་ལྷག་མཐོང་བས། །མ་བཅོས་ལྷུན་གྲུབ་ཆོས་སྐུ་དེ་ཀ་ཡིན། །དེ་ཉིད་དོན་ཐོག་ཚད་ལ་ཕེབས་པའི་རྟགས། །དངོས་རྟགས་རང་བཞིན་ཀུན་གྱིས་མཐོང་སྣང་དུ། །ལུས་ཀྱི་དངོས་འཛིན་མེད་ཅིང་ཆུར་མི་འབྱིང་། །ལུས་ལ་དེ་ལྟར་མེད་པའི་མཚན་རྟགས་དང་། །ངག་གིས་མ་བསླབས་ཆོས་དང་གཞན་ཕན་འོང་། །ཡིད་ལ་ཟག་པ་མེད་པའི་མངོན་ཤེས་འཆར། །ཁྱད་པར་རང་ཉམས་ལུས་ངག་ཡིད་གསུམ་ལ། །གང་ཡང་འཛིན་པ་མི་དྲན་བརྗེད་ནས་སུ། །སྟོང་གསལ་འཛིན་མེད་ངང་དུ་ཅི་བྱུང་ཡང་། །ཐམས་ཅད་དེ་ཀར་ཁྲོལ་ཁྲོལ་སོང་ནས་སུ། །རི་བྲག་ལ་སོགས་ཟང་ཐལ་སྣང་བ་ཡོད། །དེ་ཉིད་ངང་ལ་ཉིན་མཚན་བྱེ་བྲག་མེད། །རྨི་ལམ་འཁྲུལ་པ་གཏན་ནས་ཆད་ནས་འགྲོ། །འདི་ཉིད་བསྐྱངས་ན་ལོ་གཅིག་མངོན་སངས་རྒྱ། །འབྲས་བུ་ཕྱོགས་སུ་མ་གོལ་ཀུན་གྲོལ་སེམས། །རང་གྲོལ་ཆིག་ཆོད་ལྷུན་གྲུབ་ཨེ་མ་ཧོ། །གང་ཟག་ཐ་མ་གནད་ཀྱིས་མ་གྲོལ་ན། །མན་ངག་ཆིག་ཆོད་བཀྲོལ་ནས་བསྟན་པ་ནི། །སེམས་ཉིད་ཡེ་ནས་རང་གྲོལ་ཆེན་པོ་ལ། །སྟོང་དང་མི་སྟོང་བསྒོམས་པས་གོལ་སར་ལྷུང་། །སྣང་བར་བལྟས་ན་མཚན་མའི་ཕྱོགས་སུ་འཁྲུལ། །དེ་ལ་བཟུང་ན་རྟག་པར་ལྟ་བར་གོལ། །སྟོང་པར་བལྟས་ན་ཡེ་ཤེས་གསལ་ཆ་མེད། །དེ་ལ་ཞེན་ན་ཆད་པར་ལྟ་བར་གོལ། །གཉིས་མེད་བལྟས་ན་གཅིག་ཏུ་ངོས་འཛིན་བྱུང་། །གཅིག་ཏུ་གྲུབ་ན་མང་པོ་དག་ཀྱང་འོང་། །དེས་ན་སྟོང་དང་མི་སྟོང་ཡུལ་ལས་འདས། །མ་བཅོས་རང་གྲོལ་འདི་ཀ་ཆོས་ཉིད་ཡིན། །འདི་ལ་ཕྱོགས་ཆའི་འཛིན་པ་ཅི་ཡང་མེད། །འཛིན་མེད་ཤུགས་འབྱུང་ངང་དེ་སྐྱོང་བ་ཡིན། །གལ་ཏེ་འཆར་ཚུལ་དགག་ཏུ་མེད་པ་ཡིས། །ཇི་ལྟར་ཤར་ཡང་འཛིན་མེད་རང་གྲོལ་དུ། །དཔེར་ན་ཆུ་ལ་རི་མོ་བྲིས་པ་བཞིན། །དྲན་སྟོང་སྐད་ཅིག་སྔ་ཕྱི་གྲོལ་ནས་འགྲོ། །གདོད་ནས་ངོ་བོ་ཡེ་


DNG025_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཡིན་པ་ལ། །སྟོང་ཉིད་བསྒོམས་པས་ཆོས་སྐུ་མ་མཐོང་བསྒྲིབས། །སྟོང་ཉིད་འཛིན་རྒྱུ་མེད་པར་བསྒོམ་པ་ནི། །སྒོམ་དུ་ཡོད་པས་གཟུང་འཛིན་འཁྲུལ་པས་བཅིངས། །ཆུ་རྙོག་བསལ་བས་སླར་ལ་རྙོག་པ་བཞིན། །རྟོག་པ་བསལ་ཕྱིར་རྟོག་མེད་སྒོམ་པས་སློང་། །རྟོག་པ་ཞེན་པས་སྟོང་ཉིད་སྒོམ་པས་ཕུང་། །ཆུ་རྙོག་མ་བཅོས་བཞག་པས་དྭངས་པ་བཞིན། །སྣང་བ་མ་བཅོས་རྗེས་མ་འབྲངས་པས་གྲོལ། །སེམས་ཉིད་གཞི་མེད་རྩ་བྲལ་དོན་རྟོགས་ནས། །དངོས་འཛིན་ཞིག་པས་སྣང་བས་འཆིང་མི་ནུས། །ཆུ་ཟླ་སྣང་ཡང་སྣང་སྟོང་དུས་མཉམ་ཞིང་། །གློ་བུར་ཐོལ་སྐྱེས་རྣམ་རྟོག་སྣང་བ་ཡང་། །སྣང་ཙམ་ཉིད་ན་གྲོལ་བ་མངོན་དུ་གསལ། །སེམས་ཉིད་སྟོང་ནས་རང་གྲོལ་གཞི་རྩ་མེད། །གཞི་མེད་དོན་ལ་སྟོང་ཉིད་མིང་དུ་བཏགས། །ཇི་ལྟར་མོ་གཤམ་བུ་ཡི་མཚན་ཉིད་བཞིན། །མིང་ལ་སྟོང་པ་དོན་དུ་གྲུབ་པ་མེད། །སྟོང་པ་མ་ཡིན་གསལ་བར་ཤར་བ་ཡིན། །ཤར་ཡང་དངོས་མེད་ནམ་མཁའི་མེ་ཏོག་བཞིན། །གསལ་བ་ཙམ་ལས་འཛིན་པའི་ཡུལ་མ་གྲུབ། །ཡེ་སྟོང་ཡེ་གྲོལ་རང་བཞིན་ལྷུན་གྲུབ་ཡིན། །གཅིག་ཏུ་མ་གྲུབ་དུ་མ་བྲལ་བ་ལ། །ཀུན་རྫོབ་དོན་དམ་སྣང་སྟོང་གཉིས་སུ་ཕྱེ། །མིག་ནད་ཅན་ལ་མཁའ་ཟླ་གཉིས་སྣང་བཞིན། །ལོག་ལྟ་ཅན་གྱིས་སྣང་སྟོང་གཉིས་སུ་རྟོགས། །རབ་རིབ་ཅན་གྱིས་མཁའ་ལ་སྐྲ་མཐོང་ཡང་། །སྐྱོན་མེད་མིག་གིས་ཅིའང་མཐོང་བ་མེད། །ཀུན་རྫོབ་འཁྲུལ་པ་ཡོད་མེད་གཉིས་སྣང་ཡང་། །དོན་དམ་ངང་དུ་ཡོད་མེད་གཉིས་སུ་མེད། །དོན་དམ་གཉིས་མེད་མཐའ་བྲལ་བརྗོད་འདས་ལ། །སྣང་བསམ་བསྒོམ་བྱ་ཤེས་བྱའི་ཡུལ་མ་ཡིན། །དེ་ལ་ཆོས་ཀུན་སྟོང་པར་རྟོགས་པ་ཀུན། །ཕྱོགས་རྟོགས་ཡིན་ཕྱིར་ཆོས་ཉིད་དོན་མ་ཡིན། །རང་སེམས་གཉིས་མེད་མཐའ་བྲལ་སྟོང་པ་ལ། །སྟོང་པས་སྟོང་པ་བསྒོམ་དུ་ག་ལ་ཡོད། །མིག་གིས་མིག་ནི་མཐོང་བར་མི་ནུས་བཞིན། །བསྒོམ་བྱ་སྒོམ་བྱེད་གཉིས་སུ་མ་གྲུབ་སྟེ། །རང་ཤར་རང་གྲོལ་རང་བྱུང་ལྷན་སྐྱེས་ཡིན། །སྦྲུལ་གྱི་མདུད་པ་བཞིན་དུ་རང་བཞིན་གྲོལ། །རྒྱུ་ཡིས་མ་བསྐྱེད་རང་བཞིན་ཉིད་དུ་གྲོལ། །རྐྱེན་གྱིས་མི་འཇིག་འགྱུར་


DNG025_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པར་གྲོལ། །སྟོང་པར་མ་ཞེན་རང་གསལ་ཉིད་དུ་གྲོལ། །དངོས་པོར་མ་གྲུབ་སྐྱེ་བ་མེད་པར་གྲོལ། །ཡོད་པར་མ་གྲུབ་སྐྱེ་བར་མེད་པར་གྲོལ། །མེད་པར་མ་སྟོར་འགག་པ་མེད་པར་གྲོལ། །ཕྱོགས་སུ་མ་ལྷུང་དབྱེར་མེད་གཅིག་ཏུ་གྲོལ། །གཅིག་ཏུ་མ་གྲུབ་མཐའ་དང་བྲལ་བར་གྲོལ། །ཡིན་པ་མ་ཡིན་མིན་པ་མེད་པར་གྲོལ། །བཅོས་མ་མ་ཡིན་ལྷུན་གྲུབ་ཉིད་དུ་གྲོལ། །གྲོལ་དང་མ་གྲོལ་བརྗོད་དུ་མེད་པར་གྲོལ། །བརྗོད་མེད་བློ་འདས་རང་གྲོལ་ཆེན་པོ་སྟེ། །བློ་འདས་ཡིད་ཆེས་བྲལ་བའི་དོན་དེ་ཉིད། །མཐའ་བརྒྱད་སྐྱོན་གྱིས་མ་གོས་མཉམ་པ་ཉིད། །རྣམ་པར་རྟོག་མེད་ཆོས་སྐུ་ལྷུན་གྱིས་གྲུབ། །སངས་རྒྱས་ཐོག་མ་ཐ་མ་མེད་པ་རུ། །ངོ་བོ་ཉིད་དུ་ཀུན་ཏུ་བཟང་པོར་གྲོལ། །འདི་ཉིད་རྟོགས་ནས་བསྒོམས་དང་མ་བསྒོམས་མེད། །བསྒོམས་ཀྱང་ཡོན་ཏན་སྐྱེ་རྒྱུ་རྡུལ་ཙམ་མེད། །དཔེར་ན་ནམ་མཁའ་ཡེ་སྟོང་སྟོང་པར་བསྒོམ་མི་དགོས། །བསྒོམས་ཀྱང་དེ་ལས་སྟོང་དུ་མི་འགྲོ་བཞིན། །སེམས་ཉིད་ཆོས་སྐུ་སྟོང་གསལ་འཛིན་མེད་ལ། །བསྒོམས་ཀྱང་དེ་ལས་བཟང་དུ་འགྲོ་རྒྱུ་མེད། །མ་བསྒོམས་བཞག་ཀྱང་ངན་དུ་འགྲོ་རྒྱུ་མེད། །ཉི་མའི་སྙིང་པོ་ས་ཡིས་བྱིབས་གྱུར་ཀྱང་། །ཉི་མའི་ངོ་བོ་གསལ་འགྲིབ་མེད་པ་བཞིན། །སེམས་ཉིད་འཁྲུལ་སྣང་མཚན་མའི་ཆོས་སྤྱད་ཀྱང་། །སྟོང་གསལ་ཆོས་སྐུའི་ངང་ལ་གསལ་འགྲིབ་མེད། །འབྲས་བུ་རྒྱུ་རུ་མི་ཟློག་རྡུལ་བཞིན་དུ། །རྣམ་དག་ཆོས་ཀྱི་སྐུ་ལ་འགྱུར་བ་མེད། །འགྱུར་མེད་ཀུན་ལ་ཁྱབ་པའི་ཐུགས་རྗེ་ཅན། །སྒོམ་དུ་མེད་དེ་ཤེས་བྱའི་ཡུལ་ལས་འདས། །ཡེངས་སུ་མེད་དེ་ངོ་བོ་ཉིད་ཀྱིས་གསལ། །སྣང་སྟོང་རང་གྲོལ་ཆོས་ཉིད་ཆོས་ཀྱི་སྐུ། །སངས་རྒྱས་ལས་ཀྱིས་མ་བསྒྲུབ་སྔོན་གྱུར་པ། །རྡོ་རྗེ་སེམས་དཔའ་དུས་འདིར་མཐོང་བ་ཡིན། ས་མ་ཐ། ཨེ་མ་ཧོ། སྟོང་པ་རང་སར་གྲོལ་བའི་སྐྱེས་བུ་མཆོག །གང་ཟག་རབ་ལ་བརྡ་ཡིས་བསྟན་པ་ནི། །རང་གྲོལ་ལྷུན་གྲུབ་དོན་ལ་ངོ་སྤྲད་པས། །ཆོས་ཉིད་ཟད་སར་སྐྱོལ་བའི་སྣང་བ་ཡིས། །ལྷུན་གྲུབ་ཆིག་ཆོད་རྟོགས་ཕྱིར་བླ་མ་ལ། །ལྷུན་གྲུབ་དེ་ཉིད་དབང་བསྐུར་ཞུ་ཞེས་པའི། །ཉིན་གུང་དུས་སུ་བླ་མ་ལ་


DNG025_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ལ། །བླ་མས་དབེན་པའི་གནས་སུ་སློབ་མ་ཁྲིད། །སློབ་མར་གཅེར་བུ་ཉིད་དུ་ཕྱག་བཙལ་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་འདི་སྐད་གདབ། །ཨེ་མ་ཧོ། ཀུན་བཟང་བླ་མ་བདེ་བ་ཆེན་པོ་ལ། །རང་གསལ་ཆོས་སྐུའི་ངང་ནས་གསོལ་བ་འདེབས། །ལྷུན་གྲུབ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ། །ཀུན་མཁྱེན་རྫོགས་སངས་རྒྱས་པར་བྱིན་གྱིས་རློབས། །ཞེས་པས་གསོལ་བ་ལན་གསུམ་གདབ་པར་བྱ། །དེ་ནས་བླ་མས་རང་གྲོལ་ཆོས་ཉིད་བུ། །ལྷུན་གྲུབ་དོན་ལ་འཇུག་པ་སྤྲོ་ལགས་སམ། །ཞེས་བརྗོད་སློབ་མས་ལན་དུ་སྤྲོ་ཞེས་བྱ། །དེ་ནས་བླ་མས་དམ་བཅའ་དབོག་པ་ནི། །ཁྱོད་ཀྱིས་གྲོལ་རྒྱུའི་འཛིན་པ་ཟད་ནས་སུ། །ཟག་མེད་སངས་རྒྱས་ལྷུན་གྲུབ་བདེ་བ་ཡི། །རྟོག་མེད་མཁྱེན་པའི་དོན་ལ་དམ་ཆོས་ཤིག །དེ་ལས་འགལ་ན་ཁྱོད་ཀྱི་འཚིག་པར་འགྱུར། །ཅེས་པས་དམ་ཚིག་འགྱུར་མེད་བསྟན་བྱས་ལ། །དེ་ནས་བརྡ་ཡི་དཀྱིལ་འཁོར་བསྟན་པ་ནི། །ཁྱོད་ཀྱིས་འདོད་ཞེན་བློ་འཛིན་རང་གྲོལ་ལ། །སྒྲིབ་མེད་ཡེ་ཤེས་མ་བལྟས་མ་མཐོང་བའི། །བཅོས་པ་མེད་པའི་ལྷུན་གྲུབ་དཀྱིལ་འཁོར་ལྟོས། །བལྟ་རུ་མེད་དེ་གསལ་བ་འདི་ཀ་ཡིན། །གསལ་ལ་མི་རྟོག་ཆོས་སྐུའི་དཀྱིལ་འཁོར་ལ། །ཕྱོགས་རིས་མེད་དེ་ཀུན་ཁྱབ་གཟུགས་མ་གྲུབ། །གསལ་འགྲིབ་མེད་དེ་ཟང་ཐལ་འདི་ཀ་རུ། །ཐམས་ཅད་ངོ་བོ་ཉིད་དུ་རྫོགས་པ་ཡིན། །མཉམ་ཡངས་ལྷུན་གྱིས་གྲུབ་པའི་དལ་ལ་ལྟོས། །ཞེས་པས་ཆོས་ཉིད་བརྡ་ཡི་དཀྱིལ་འཁོར་བསྟན། །དེ་ནས་བླ་མས་བུ་ཁྱོད་སུ་ཡིན་དྲི། །ང་ནི་བདག་མེད་ཀུན་གྲོལ་ཡིན་བྱས་ལ། །ཁྱོད་ཀྱི་ལུས་འདི་ཅི་ཡིན་དྲི་བར་བྱ། །ང་ཡི་ལུས་འདི་གཅེང་བུ་ཟང་ཐལ་ཏེ། །ཅེས་པ་སློབ་མས་བརྗོད་པ་བླ་མ་ཡིས། །ཁྱོད་ཀྱི་ལུས་འདི་སྔ་ཕྱི་བར་གསུམ་དུ། །མ་བཅོས་རང་བྱུང་གཅེར་བུ་ཡིན་པ་བཞིན། །སེམས་ཉིད་དུས་གསུམ་དུས་མེད་ཐམས་ཅད་དུ། །ངོ་བོ་མ་བཅོས་རང་གསལ་ཆོས་སྐུ་ཡིན། །ལུས་ལ་གོས་ཀྱི་གོས་ཕུད་ངོ་ཚ་བཅོས། །གོས་མེད་གདོད་ནས་གཅེར་བུ་ངོ་ཚ་བྲལ། །སེམས་ཀྱི་འཛིན་པ་སྣང་སྟོང་འཁྲུལ་པར་བཅིངས། །འཛིན་མེད་སེམས་ལ་རྟོག་དང་འཁྲུལ་པ་མེད། །ཀུན་གྲོལ་མཉམ་ཡངས་བདེ་བ་ཆེན་པོ་ཡིས། །


DNG025_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་མེད་པའི་འཆར་ཚུལ་མཁྱེན་པ་ཡིན། །དེ་ལྟར་བསྟན་པ་བརྡ་དབང་བསྐུར་བ་ནི། །ཧཱུཾ་ཀུན་གྲོལ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ། །འཛིན་མེད་ཅིར་མི་དགོངས་ཀྱི་ལྷ་ཚོགས་ཀྱིས། །ཤུགས་འབྱུང་ཡོན་ཏན་གདོད་ནས་རབ་རྫོགས་པའི། །ལྷུན་གྲུབ་བདེ་བ་ཆེན་པོར་བྱིན་གྱིས་རློབས། །ཞེས་པས་ལྷུན་གྲུབ་བརྡ་ཡི་དབང་བསྐུར་ལ། །སློབ་མས་ཡོན་དབུལ་དགའ་སྟོན་ཆེན་པོ་བྱ། །ཀུན་དོན་ཡོན་ཏན་རྫོགས་ཕྱིར་བླ་མ་ལ། །བདག་གཞན་མ་ལུས་ལོངས་སྤྱོད་ཐམས་ཅད་དབུལ། །ཐམས་ཅད་ཕུལ་བས་ཐམས་ཅད་མཁྱེན་ཉིད་ཐོབ། །གང་ཟག་འབྲིང་བོས་བརྡ་ཡིས་མ་གོ་ན། །མན་ངག་གནད་ཀྱི་སྒོ་ནས་བསྟན་པ་ནི། །ལུས་ངག་ཡིད་ཀྱི་འདུག་སྟངས་གང་བདེ་ལ། །དབྱིངས་རིག་གཉིས་མེད་རང་གྲོལ་ཆོས་ཉིད་ངང་། །བཅོས་པ་མེད་པར་གནས་ལུགས་བསྐྱངས་པ་ཡིས། །སེམས་ཉིད་སྟོང་པར་གྲོལ་ནས་ཉམས་སྣང་ཟད། །སྟོང་ཉིད་མ་འགགས་ཕྱོགས་མེད་ཀུན་ཏུ་གསལ། །གསལ་ལ་ངོ་བོ་ཅིར་ཡང་མ་གྲུབ་པའི། །འདི་ཞེས་བསམ་བརྗོད་ཡུལ་ལས་འདས་པའི་དོན། །མིན་པར་བྱས་ཀྱང་དེ་ཉིད་བྱེད་མ་ཤེས། །ཡིན་པར་བྱས་ཀྱང་གསལ་དུ་འགྲོ་རྒྱུ་མེད། །གང་ལྟར་བྱས་ཀྱང་འཛིན་པ་མེད་པ་ཡི། །ཀ་དག་ལྷུན་གྲུབ་བདེ་ཆེན་མངོན་གྱུར་ནས། །རྣམ་པར་རྟོག་མེད་ཅིར་ཡང་གསལ་བའོ། །ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་སྟེ། །སྣང་བར་མིང་དུ་བཏགས་ཀྱང་གསལ་ཆ་ཡིན། །གསལ་ལ་འཛིན་མེད་འཆར་བ་མཁྱེན་པ་ཡིན། །དེ་ལ་རྣམ་རྟོག་རྡུལ་ཙམ་མ་མཆིས་པས། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །མཁྱེན་པའི་ཡེ་ཤེས་བྱང་ཆུབ་མངོན་སངས་རྒྱས། །ལམ་རྟགས་ཡོན་ཏན་ཆོས་དང་ཡེ་ཤེས་ཟད། །གདོད་ནས་མ་བཅོས་ཀུན་ཏུ་བཟང་པོའི་སྐུ། །གྲུབ་ཏུ་མེད་པའི་ལྷུན་གྲུབ་ཡོན་ཏན་རྫོགས། །སངས་རྒྱས་འདི་ཀ་ཡིན་ནོ་ཆིག་ཆོད་དོན། །མ་བཅོས་ཐ་མལ་ཤེས་པ་ཆོས་ཉིད་ལ། །ཐམས་ཅད་ལྷུན་གྱིས་གྲུབ་པས་ཆོས་ཀྱི་སྐུ། །ས་ལམ་སྦྱང་བགྲོད་མེད་པའི་རྫོགས་པ་ཆེ། །ཐམས་ཅད་རང་གྲོལ་ལྷུན་གྲུབ་ཡིན་པ་ལ། །གང་ཟག་ཐ་མས་དེ་ལྟར་མ་རྟོགས་ན། །གནད་ཀྱི་མན་ངག་ཚིག་གིས་སྒྲོལ་བ་ནི། །སེམས་


DNG025_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གདོད་ནས་སྐྱེ་འགག་མེད་པ་ཡི། །རྒྱུ་མེད་རྐྱེན་ཟད་འབྲས་བུ་མ་གྲུབ་པའི། །རང་བཞིན་ལྷུན་གྲུབ་ཆོས་སྐུ་ཡིན་པ་ལ། །སྣང་དང་སྟོང་དང་གྲོལ་རྒྱུ་མ་གྲུབ་སྟེ། །རྒྱུ་མེད་ཆོས་ལ་སྣང་སྟོང་བློས་བཏགས་ཙམ། །བཏགས་པ་ཐམས་ཅད་མིང་སྟེ་དོན་མེད་ལ། །གྲོལ་རྒྱུའི་ཆོས་དང་གྲོལ་མཁན་གཉིས་སུ་བྱས། །ཉོན་མོངས་ཡེ་ཤེས་གྲོལ་བའི་འབྲས་བུ་འདོད། །ཡེ་ཤེས་ལམ་ཡིན་མཐར་ཐུག་དོན་མ་ཡིན། །ཤེས་བྱའི་ཆོས་རྣམས་གཟུང་འཛིན་འཁྲུལ་པ་སྟེ། །མཐར་ཐུག་དོན་ལ་གྲོལ་རྒྱུ་གྲོལ་ས་མེད། །ཐམས་ཅད་ཆོས་ཉིད་སྐྱེ་མེད་རང་བཞིན་ཡིན། །གསེར་གྱི་གླིང་ན་ས་རྡོའི་མིང་ཡང་མེད། །ཇི་ལྟར་བྱས་ཀྱང་གསེར་ལས་མ་འདས་བཞིན། །ཆོས་ཉིད་ངང་ལས་གར་ཡང་གོལ་ས་མེད། །དེ་ཉིད་མེད་པས་འཛིན་པའི་ཡུལ་མ་གྲུབ། །བྱ་ཡིས་གར་འཕུར་ནམ་མཁའ་ལས་མ་འདས། །ཅི་ཤར་ཅི་བྱུང་ཅི་སྣང་ཆོས་ཉིད་ངང་། །ཆོས་ཉིད་དབྱིངས་ལ་སྟོང་པར་མིང་བཏགས་ཀྱང་། །དབྱིངས་དང་རིག་པ་གཉིས་མེད་ཆོས་སྐུ་ཡིན། །ཆོས་ཀྱི་སྐུ་ལ་གཉིས་མེད་གཅིག་མ་གྲུབ། །མཐའ་ལས་འདས་ཏེ་ཕྱོགས་མེད་མཉམ་པ་ཉིད། །ཡོད་མེད་གང་དུའང་མ་ཡིན་ངོ་བོ་ཉིད། །ངོ་བོ་ཉིད་ལ་འདི་ཞེས་མཚོན་དུ་མེད། །གལ་ཏེ་མཚོན་བྱ་མཚོན་བྱེད་ཡོད་སྲིད་ན། །དངོས་པོ་ཡིན་ཕྱིར་ཆོས་ཉིད་དོན་མ་ཡིན། །ཆོས་ཉིད་ཀ་དག་མཚོན་པའི་ཡུལ་ལས་འདས། །མི་སྟོང་དོན་དེ་སྨྲ་བསམ་བརྗོད་ལས་འདས། །ལུང་རིགས་ཚིག་དང་བརྡ་ཡིས་མཚོན་མི་ནུས། །ཚིག་དང་ཐ་སྙད་གློ་བུར་སྒྲོ་བཏགས་ཙམ། །དེ་ནས་སེམས་དོན་ཚིག་གིས་མཚོན་དུ་མེད། །ཆོས་ཉིད་མཚོན་པའི་ནམ་མཁའ་དཔེར་བཞག་ཀྱང་། །རེ་ཞིག་ཕྱོགས་ཙམ་མཚོན་པའི་བརྡ་ཙམ་སྟེ། །སེམས་ཉིད་རིག་བཅས་སྟོང་པ་མཐའ་བྲལ་ཏེ། །ནམ་མཁའ་རིག་མེད་སྟོང་པས་མཚོན་མི་ནུས། །ནམ་མཁའ་ཉིད་ཀྱང་རང་གི་སེམས་ཡིན་པས། །དེ་ཕྱིར་སེམས་དོན་ནམ་མཁའ་མཚོན་དུ་མེད། །མཚོན་བྱ་མཚོན་བྱེད་བློ་ལས་འདས་པའི་དོན། །མེད་པ་མ་ཡིན་རིག་ཅིང་


DNG025_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་དངོས། །ཡོད་པ་མ་ཡིན་ཅིར་ཡང་མ་གྲུབ་སྟོང་། །སྟོང་གསལ་འཛིན་མེད་ཉམས་ཀྱི་སྣང་བ་དང་། །ཤེས་དང་ཤེས་བྱའི་ཆོས་ཀྱི་བློ་ཟད་ནས། །འཛིན་མེད་གསལ་བ་འདི་ཀ་སངས་རྒྱས་ཡིན། །དེ་ལས་ལོགས་ན་སངས་རྒྱས་ཡོད་མི་སྲིད། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སྟེ། །མཁྱེན་དང་བརྩེ་དང་ནུས་མཐུ་ལྡན་པ་ཡིས། །སྐུ་དང་ཡེ་ཤེས་གཞན་གྱི་སྣང་བ་ཙམ། །མཁྱེན་པའི་སྟོབས་ལས་ཤུགས་ཀྱིས་འཆར་བ་ཡིན། །གཟུགས་སྐུའི་འགྲོ་དོན་གདུལ་བྱའི་སྣང་ངོར་བྱོན། །མེ་ལོང་དག་ལ་གཟུགས་བརྙན་གསལ་བ་བཞིན། །དག་པའི་གདུལ་བྱར་དག་པའི་སྐུ་རུ་བྱོན། །མེ་ལོང་གཡས་སྒྲིབ་གཟུགས་བརྙན་མི་གསལ་བཞིན། །མ་དག་གདུལ་བྱར་མ་དག་སྐུ་རུ་འབྱོན། །གཟུགས་སྐུའི་འགྲོ་དོན་གདུལ་བྱའི་སྣང་ངོ་སྟེ། །ཉི་མ་ཤར་ཚེ་མུན་པ་སེལ་བ་བཞིན། །རྩོལ་བ་མེད་པར་རང་བཞིན་འགྲོ་དོན་རྫོགས། །རྫོགས་པའི་སངས་རྒྱས་སྟོང་གི་དགོངས་པ་གཅིག །ཡང་གསང་ཆིག་ཆོད་ལྷུན་གྲུབ་རྡོ་རྗེའི་གདན། །ཐམས་ཅད་ཀུན་གྱི་སྙིང་པོ་འདི་རྟོགས་ན། །བླ་མེད་འབྲས་བུ་རེ་དོགས་མེད་པ་སྟེ། །དཔེར་ན་དོན་གཉེར་སྒྲུབ་པོ་ཡུལ་སླེབ་ནས། །ལམ་གྱི་དགྲ་ཡི་རེ་དོགས་བྲལ་བ་བཞིན། །དེ་ལྟར་རང་སེམས་ཆོས་ཉིད་མངོན་གྱུར་པས། །མྱང་འདས་རེ་བ་འཁོར་བའི་དོགས་པ་བྲལ། །འདི་ཉིད་མ་རྟོགས་བསྐལ་པར་བསྒྲུབས་གྱུར་ཀྱང་། །འབྲས་བུ་མི་ཐོབ་ཐོབ་འདོད་འགྱངས། །འདི་ཉིད་མྱུར་དུ་ལམ་བགྲོད་དཔེར་ན་ནི། །བསྐལ་པར་བསགས་པའི་མུན་ནག་འཐུག་པོས་འགྱངས། །སྐད་ཅིག་སྒྲོན་མ་གཅིག་གིས་སེལ་བ་བཞིན། །སྐད་ཅིག་རྟོགས་པའི་ཤེས་རབ་ཆེན་པོ་ཡིས། །ཚོགས་རྫོགས་སྒྲིབ་པ་མ་ལུས་རང་སར་དག །ཆོས་ཉིད་མངོན་གྱུར་འཁོར་བ་དོང་ནས་སྤྲུགས། །འབྲས་བུ་མ་བཅོས་སྐུ་གསུམ་ལྷུན་གྱིས་གྲུབ། །དེ་ཕྱིར་ཨ་ཏི་ཡང་གསང་ལ་བཟླའི་ཆོས། །འདི་ཉིད་མ་རྟོགས་གཞན་རྣམས་གྲུབ་མཐས་བཅིངས། །གཟུང་འཛིན་རྟོག་པ་རིགས་པས་བདུད་ཀྱིས་ཁྱེར། །དགེ་སྡིག་གཉིས་ཀྱིས་ཆགས་སྡང་འཁོར་བར་འཁྱམས། །ཕྱི་རོལ་པ་རྣམས་ལོག་པའི་ལམ་དུ་གོལ། །ཡང་དག་དོན་ལ་སྒྲིབ་


DNG025_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཐུག་པོ་བསགས། །ཉན་ཐོས་རང་རྒྱལ་གཟུང་འཛིན་མཐའ་རུ་གོལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་གཏན་དུ་སྒྲིབ། །ཕར་ཕྱིན་དབུ་མ་བདེན་གཉིས་མཐའ་རུ་གོལ། །ཆོས་སྐུ་མངོན་གྱུར་ལམ་གྱི་ཆོས་ཀྱིས་སྒྲིབ། །གསང་སྔགས་ཐེག་པ་བསྐྱེད་རྫོགས་མཚན་མར་གོལ། །དོན་དམ་དམིགས་མེད་ཀུན་རྫོབ་དམིགས་པས་སྒྲིབ། །ཨ་ཏི་ཕྱོགས་གཅིག་སྣང་བའི་ཉམས་ལ་ཞེན། །ལ་ལ་བཤོས་ཀྱིས་སྟོང་པར་བལྟས་པས་གོལ། །འགའ་ཞིག་བློས་བྱས་རྒྱས་བཏབ་སྟོང་པར་གོལ། །ཕྱོགས་མེད་དོན་ལ་ཕྱོགས་སུ་ཞེན་པས་བསྒྲིབས། །ཨ་ཏི་ཆིག་ཆོད་གོལ་སྒྲིབ་ཀུན་ལས་གྲོལ། །རིན་ཆེན་གླིང་ན་རྡོ་ཡི་མིང་མེད་བཞིན། །རང་བཞིན་མེད་པ་གང་ཡང་མེད་པས་ན། །གོལ་རྒྱུ་གོལ་ས་ཅི་ཡང་ཡོད་མིན་ཏེ། །ཆོས་རྣམས་ཐམས་ཅད་མིང་ཙམ་བརྡ་བཏགས་ཙམ། །ཡང་དག་དོན་ལ་ཆོས་ཉིད་ངང་དུ་གཅིག །འབྱུང་བ་ཐམས་ཅད་ནམ་མཁའི་ངང་དུ་གཅིག །ཁམས་གསུམ་མ་ལུས་སྐུ་གསུམ་ཞིང་ཁམས་ཡིན། །མཐའ་གོལ་སྒྲིབ་མེད་ཡེ་དག་ཆོས་སྐུ་ཡི། །ཐིག་ལེ་ཉག་གཅིག་ཨ་ཏི་ཡང་གསང་མཆོག །ཐེག་པའི་མཐར་ཐུག་རྒྱུད་ཀྱི་སྙིང་པོ་སྟེ། །སངས་རྒྱས་དགོངས་པ་ཆིག་ཆོད་ཨེ་མ་ཧོ། །ཞེས་བཀའ་སྩལ་ཏོ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། དངོས་གཞི་མན་ངག་གི་ལེའུ་སྟེ་བཅུ་པའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེ་ཡང་གསོལ་པ། །ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །དེ་ལྟར་དངོས་གཞི་གནད་ཀྱིས་རྟོགས་བྱས་ནས། །མཐར་འདོན་རྗེས་འཇུག་མན་ངག་ཇི་ལྟར་སྟོན། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་བྱུང་ཆིག་ཆོད་ཐིག་ལེ་ཉག་གཅིག་ལ། །ཀུན་རྫོབ་བཞི་འམ་སྣང་སྟོང་སེམས་གསུམ་བྱུང་། །དེ་གསུམ་སོ་སོར་བཟུང་བས་མ་རིག་འཁྲུལ། །དེ་རྣམས་དབྱེར་མེད་གཅིག་ཏུ་རྟོགས་པ་ལ། །དབྱིངས་རིག་གཉིས་མེད་ལྟ་སྒོམ་སྤྱོད་གསུམ་བྱུང་། །དེ་


DNG025_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འབྲས་བུ་སྐུ་གསུམ་མཐར་ཐུག་སྟེ། །སྐུ་གསུམ་ལྷུན་གྲུབ་ཆིག་ཆོད་རྫོགས་སངས་རྒྱས། །འབྲས་བུ་མ་ཐོབ་བར་དུ་རྩལ་སྦྱངས་ནས། །བག་ཆགས་གཟུང་འཛིན་ཕྲ་མོ་དག་བྱའི་ཕྱིར། །དེ་ཉིད་མཐར་འདོན་རྗེས་ཀྱི་མན་ངག་གི། །རང་སྣང་དང་ནི་གཞན་སྣང་གཉིས་ལས་སུ། །རང་སྣང་སྣང་སྲིད་འཁོར་འདས་མ་ལུས་པ། །ཡེ་ནས་རང་སེམས་མཐའ་བྲལ་རྟོགས་པ་ཡིས། །བལྟ་རུ་མེད་པའི་ལྟ་བ་ཕྱོགས་མེད་ལ། །ཡེངས་པ་མེད་པའི་གནས་ལུགས་བལྟས་པ་ཡིས། །མཐོང་བ་མེད་པའི་ཆོས་ཉིད་རང་སར་མཐོང་། །བསྒོམ་དུ་མེད་པའི་རང་གསལ་ངང་སྒོམ་གྱིས། །དམིགས་སུ་མེད་པའི་ཆོས་སྐུ་མངོན་དུ་གྱུར། །ཆོས་སྐུ་རྩོལ་མེད་རང་བཞིན་ལྷུག་པར་སྤྱོད། །ལྷུག་པ་མ་བཅོས་རང་དག་སངས་རྒྱས་ཡིན། །ཡེ་ནས་ཡིན་ཏེ་བློ་ཡིས་དཔྱད་མི་དགོས། །གནས་ལུགས་ཤེས་པ་མ་བཅོས་རང་ལུགས་ལ། །རྟག་ཆད་མེད་པའི་རང་ལ་རང་སར་ཞོག །བྱ་བཙལ་མེད་པའི་རང་ལ་ལྷག་པར་སྐྱོངས། །དེ་ཀའི་རང་ལ་བྱ་རྒྱུ་ཅི་ཡང་མེད། །དབེན་པའི་གནས་སུ་འདུག་གམ་གཏན་ལ་དབབ། །རྫོགས་པ་ཆེན་པོ་བྱ་བྲལ་ཀློང་ཆེན་ཡིན། །ལུས་ཀྱི་བྱ་བྲལ་གཅེར་ཉལ་འཕྲིག་མེན་ཡིན། །ལུས་ཀྱི་དངོས་འཛིན་དག་ཚེ་བྱ་བྲལ་ཡིན། །འཛིན་པ་མ་དག་བྱ་རྒྱུ་ཡོད་པས་ན། །གཅིག་པུར་དབེན་པར་སྡོད་ལ་རྣལ་དུ་ཕོབ། །འཛིན་མེད་ལུས་དེ་ལུས་མེད་ལུས་ཀྱི་མཆོག །གང་དུ་མི་གནས་ཟང་ཐལ་ངེས་མེད་སྤྱོད། །རྫོགས་ཆེན་དོན་ལ་བརྗོད་དུ་མེད་པ་ཡིན། །ངག་གི་བརྗོད་མེད་རང་གསོང་ལྷུག་པར་སྨྲོས། །ཇི་སྐད་སྨྲས་ཀྱང་འཛིན་བྲལ་བརྗོད་མེད་ཡིན། །ངག་ལ་འཛིན་པ་འདུག་ན་བརྗོད་བྱ་ཡིན། །མི་སྨྲ་དགོས་དོན་གཞན་དང་བློ་མི་བསྲེ། །འཛིན་མེད་ངག་དེ་ཚངས་པའི་སྐད་ཀྱི་མཆོག །ཅིར་ཡང་མ་ངེས་ཟང་ཐལ་གསོང་པོར་སྨྲ། །རྫོགས་པ་ཆེན་པོ་བསྒོམ་དུ་མེད་པ་ཡིན། །ཡིད་ཀྱིས་སྒོམ་མེད་གཏད་མེད་རང་གསལ་སྐྱོངས། །ཡིད་ཀྱི་གཟུང་འཛིན་དག་ཚེ་སྒོམ་མེད་ཡིན། །ཇི་སྲིད་གཟུང་འཛིན་ཡོད་ཚེ་སྒོམ་དུ་ཡོད། །མ་


DNG025_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་ལྟ་སྒོམ་དག་པ་བརྩོན་འགྲུས་ཀྱིས། །གཟུང་འཛིན་མེད་པའི་སེམས་དེ་སེམས་དཔའ་མཆོག །ཅི་ཡང་མི་རྟོག་ཟང་ཐལ་ཡེ་ཤེས་གསལ། །རྫོགས་པ་ཆེན་པོ་ཀུན་གྲོལ་ཆིག་ཆོད་ཡིན། །ལུས་ངག་ཡིད་གསུམ་རང་གྲོལ་ལྷུག་པར་སྐྱོངས། །གང་དུ་འཛིན་པ་མེད་ན་རང་གྲོལ་ཡིན། །འཛིན་མེད་ལུས་ངག་སངས་རྒྱས་སྐུ་གསུང་ཐུགས། །འཛིན་པ་འདུག་ན་མ་གྲོལ་སེམས་ཅན་ཡིན། །དབེན་པར་གཅིག་པུར་ལྟ་སྒོམ་གཏན་ལ་ཕོབ། །གཟུང་འཛིན་མེད་ན་རྣལ་འབྱོར་དབང་ཕྱུག་ཆེ། །ཧེ་རུ་ཀ་དང་གཉིས་མེད་བཅོམ་ལྡན་འདས། །མངོན་པར་སངས་རྒྱས་ལྷུན་གྲུབ་ཟང་ཐལ་ལོ། །ཆིག་ཆོད་དོན་ལ་གཉིས་སུ་མ་གྲུབ་ཀྱང་། །གཉིས་པོ་གཞན་སྣང་ཐབས་ལ་སྤྱོད་པ་ནི། །མི་དགེ་སྤང་ཞིང་དགེ་ལ་ཤུགས་ཀྱིས་སྤྱོད། །དགེ་སྡིག་འབྲས་བུ་འདོད་པའི་བློ་མ་གྲུབ། །དམ་ཚིག་བསྲུང་སྡོམ་སྤྱོད་པ་ཤུགས་ཀྱིས་ལེགས། །ཉེས་ལྟུང་ཉམས་ཆག་སྐྱོན་དང་འཛིན་པ་མེད། །བླ་མའི་མོས་གུས་འགྲོ་ལ་སྙིང་རྗེ་བསྐྱེད། །བདག་དང་སེམས་ཅན་བླ་མའི་ལོག་ལྟ་མེད། །འགྲོ་ཀུན་དོན་དུ་ཐབས་ཀྱིས་སྨོན་ལམ་གདབ། །དམིགས་མེད་ཤེས་རབ་སྟོང་ཉིད་ངང་དུ་བསྔོས། །དཔེར་ན་སྒྱུ་མ་མཁན་གྱི་སྤྲུལ་པ་བཞིན། །བདེན་རྫུན་མེད་པའི་གཞན་སྣང་ཐབས་ལ་སྤྱོད། །སྤྱོད་ཀྱང་ཐབས་ཀྱིས་མི་འཆིང་དུག་ལ་སྔགས། །ཐབས་ཤེས་དུག་གིས་མི་འཆི་དུག་ཀྱང་སྨན། །སྔགས་ཀྱིས་མ་ཐེབས་དུག་ཅན་ཁ་ཟས་ནི། །ཆེ་ཟོས་ཆུང་ཟོས་ཐམས་ཅད་འཆི་བ་བཞིན། །དངོས་པོ་གཤིས་ཀྱི་གནས་ལུགས་མ་རྟོགས་ན། །དགེ་བའི་ཆོས་ལ་སྤྱད་ཀྱང་འཁོར་བར་འཁྱམས། །སེམས་ཉིད་ཉག་གཅིག་རྩ་བྲལ་དོན་རྟོགས་ན། །ཐབས་ཤེས་གཉིས་མེད་ཟུང་འཇུག་ཆོས་སྐུ་ཡིན། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཡངས་པ་ཡིན། །པདྨ་ལྟ་བུའི་གར་གྱི་རྣམ་འཕྲུལ་གྱིས། །ཐབས་ཀྱིས་མི་མངའ་ཤེས་རབ་


DNG025_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཡིན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན་དུ་སྤྱོད། །སྤྱོད་པ་མཐར་ཕྱིན་འཁྲུལ་པ་མེད་པ་ཡིན། །ཆོས་སྐུ་བདེ་བ་ཆེན་པོ་ཨེ་མ་ཧོ། །རྫོགས་ཆེན་ཉམས་ལེན་གྱི་ཆ་ལག་ཏུ། རང་གཞན་གཉིས་དོན་དུག་ལྔ་ལམ་དུ་ཁྱེར། །འདོད་ཆགས་ལམ་ཁྱེར་འདོད་ཡུལ་གཟུངས་མ་ལ། །དང་པོ་འདོད་ཆགས་བསྐྱེད་པ་རང་ཉིད་ནི། །བདེ་བའི་རང་བཞིན་གཟུངས་མ་མཛེས་ལ་བལྟ། །རྡོ་རྗེ་པདྨ་བསྐྱོད་པས་འདོད་ཆགས་འཆར། །རྣམ་པ་ལྟེ་བའི་གནས་སུ་ཐིག་ལེ་འབབ། །དེ་ནས་འདོད་ཆགས་བཟུང་བ་ཐིག་ལེ་རྣམས། །ཧིག་གིས་གསང་བའི་གནས་སུ་ཕབ་ལ་གཟུང་། །བཤང་བ་བསྡམས་ལ་དམིགས་པ་ཨུ་རྒྱན་གཏད། །དེ་ཡིས་འདོད་ཆགས་བདེ་བ་ཆེན་པོར་ཟིན། །བདེ་བ་མ་སྐྱེས་བསྐྱོད་པས་ཚད་མེད་སྐྱེ། །དེ་ནས་མ་ཟིན་འདོད་ཆགས་ནང་དུ་སྒྲོམ། །ཧིག་ཅེས་བརྗོད་པས་རླུང་སེམས་སྤྱི་བོར་དྲང་། །གསང་གནས་ཧིག་དེ་ཡར་ལ་སྤྱི་བོར་སིམ། །ལུས་ངག་བདེ་བའི་ཐིག་ལེས་གང་བར་བསམ། །ཡན་ལག་སྤྲུག་ཅིང་ལུས་པོ་བསིག་པར་བྱ། །དེ་ཡི་ངང་ལ་ཀ་དག་དོན་ལ་བཞག །འདོད་ཆགས་བདེ་སྟོང་ཡེ་ཤེས་ཆེན་པོར་འཆར། །ཐུན་མོང་ཡོན་ཏན་རྒས་སྲ་གཉེར་མ་མེད། །སྟོབས་རྒྱས་ཚེ་ཡི་དངོས་གྲུབ་ཐོབ་པར་འགྱུར། །ཞེ་སྡང་དྲོད་ཀྱི་ལམ་ཁྱེར་བསྟན་པ་ནི། །དང་པོ་ཞེ་སྡང་བསྐྱེད་པ་སྐྱིལ་ཀྲུང་བྱ། །ཞེ་སྡང་སྐྱེ་ཡུལ་ཐམས་ཅད་བསམ་བྱས་པས། །ཞེ་སྡང་འབར་ནས་ལུས་པོ་དྲོད་དུ་འབར། །རྣམ་པ་སྙིང་གི་ཁ་རུ་འབར་ནས་ཡོང་། །དེ་ནས་ཞེ་སྡང་སྙིང་གར་འདུས་པ་དེ། །རཾ་དུ་བསམས་ལ་ལྟེ་བར་ཕབ་ལ་གཟུང་། །སྟེང་འོག་རླུང་གཉིས་ལྟེ་བར་བསྡུས་བྱས་ལ། །རཾ་ལས་མེ་བྱུང་ལུས་རྣམས་འབར་བར་བསམ། །དེ་ཡིས་ཞེ་སྡང་དྲོད་ཀྱི་ངོ་བོར་གྲོལ། །དེ་ནས་ཞེ་སྡང་མ་ཟིན་རང་སར་གཞིལ། །རཾ་ཞེས་བརྗོད་པས་རླུང་སེམས་རང་སར་གཞིལ། །ལུས་པོ་མེ་ཡི་གོང་བུར་


DNG025_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པར་བསམ། །དེ་ཡི་ངང་ལ་ཀ་དག་དོན་ལ་བཞག །ཞེ་སྡང་དྲོད་ཀྱིས་གསལ་སྟོང་ཡེ་ཤེས་འཆར། །ཐུན་མོང་ཡོན་ཏན་ལུས་ཡང་དྲོད་སྐྱེས་ཤིང་། །གོས་མེད་གཅེར་བུར་ཚུགས་ཤིང་འཕུར་ཤེས་འགྱུར། །གཏི་མུག་གཉིད་ཀྱི་ལམ་ཁྱེར་བསྟན་པ་ནི། །དང་པོ་གཏི་མུག་བསམ་པ་དུས་གསུམ་གྱི། །རྟོག་པ་བཅད་ལ་རྩེ་གཅིག་ངང་དུ་སྡུད། །རྣམ་པ་སྨིན་མཚམས་ཉིད་དུ་འདུས་ནས་འོང་། །དེ་ནས་གཏི་མུག་གཉིད་དུ་འཐིབས་པ་དེ། །ཡི་གེ་ཨ་རུ་སྙིང་གར་ཕབ་ལ་བཟུང་། །གློ་གཡས་ཕབ་ལ་བདེ་བར་ཉལ་བྱས་ཏེ། །རླུང་སེམས་སྐྱེ་མེད་ཨ་ཡི་ངང་ལ་བཞག །དེ་ཡི་གཏི་མུག་རིག་སྟོང་འོད་གསལ་འཆར། །དེ་མ་ཟིན་ན་གཏི་མུག་གསར་བ་ནི། །ཨ་ཞེས་བརྗོད་པས་རླུང་རིག་ནམ་མཁར་འཕང་། །ནམ་མཁའ་ལྟ་བུའི་སྟོང་གསལ་ཆེན་པོར་གསལ། །དེ་ཀའི་ངང་ལ་ཀ་དག་དོན་ལ་བཞག །དེ་ཡིས་གཏི་མུག་ཡེ་ཤེས་ཆེན་པོར་འཆར། །ཐུན་མོང་ཡིད་གཟུགས་མངོན་ཤེས་འཆར་པར་འགྱུར། །ང་རྒྱལ་ན་ཚ་ལམ་དུ་ཁྱེར་བ་ནི། །དང་པོ་ནད་བསྡུ་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཐམས་ཅད་བདག་ལ་འདུས་པར་བསམ། །རྣམ་པར་རང་རེའི་གར་ན་ལྷངས་ཀྱིས་འོང་། །དེ་ནས་ནད་བཟུང་ན་སར་ཐལ་མོ་བརྡེག །ནད་རྣམས་ཕཊ་ཏུ་བསམས་ལ་མགྲིན་པར་བཟུང་། །རླུང་སེམས་གཅིག་ཏུ་དྲིལ་ལ་མ་ཡེངས་བྱ། །དེ་ནས་མ་ཟིན་ནད་དཀྲུག་ཕྱིར་གཏོར་ཏེ། །གང་ན་དཀྲུག་ཅིང་མཉེས་པས་ནད་དེ་རྣམས། །སྔོན་དམར་དུད་པ་བཞིན་དུ་འཁྲུག་བསམ་ཞིང་། །ཕཊ་ཅེས་བརྗོད་པར་གང་ནར་གསེང་ཕུག་ལ། །ཕྱི་རུ་རང་བཞིན་མེད་པར་ཐོན་པར་བསམ། །དེ་ཀའི་ངང་ལ་ཀ་དག་དོན་ལ་བཞག །དེ་ཡིས་ང་རྒྱལ་ནད་དེ་ཆོས་ཉིད་འཆར། །ཐུན་མོང་ཡོན་ཏན་ལུས་ཀྱི་ཟོ་མདོག་བདེ། །ཕྲག་དོག་ལྷ་འདྲེ་ལམ་དུ་ཁྱེར་བ་ནི། །དང་པོ་ལྷ་འདྲེ་གདུག་པ་གང་གནོད་འདྲེ། །གང་ན་ཡོད་པའི་


DNG025_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་བསམ་བྱས་པ། །ཡིད་ལ་ཁུགས་ནས་རྣམ་པ་སྙིང་ལའང་། །དེ་ནས་ལྷ་འདྲེ་འཛིན་པ་ཧ་རུ་བསམ། །རླུང་སེམས་རྩེ་གཅིག་དེ་ལ་མ་ཡེངས་གཏད། །ལྷ་འདྲེ་མ་བཟོད་ལྷང་ལྷང་བྱེད་དུ་འོང་། །དེ་ནས་མ་ཟིན་ལྷ་འདྲེ་རྒྱང་དུ་ནི། །ཧ་ཞེས་བརྗོད་པས་རླུང་སེམས་རྒྱང་དུ་འཕང་། །ལྷ་འདྲེ་ནམ་མཁའི་དབྱིངས་སུ་ཡལ་བར་བསམ། །དེ་ཀའི་ངང་དུ་ཀ་དག་དོན་ལ་བཞག །ཕྲག་དོག་ལྷ་འདྲེ་འོད་གསལ་ཆེན་པོར་འཆར། །ཐུན་མོང་ཡོན་ཏན་དངོས་གྲུབ་ཐམས་ཅད་སྟེར། །རྫོགས་ཆེན་དུག་ལྔ་མི་སྤང་ལམ་དུ་ཁྱེར། །དུག་ལྔ་སེམས་སུ་གཞི་རྩ་ཆོད་གྱུར་ན། །དུག་ལྔ་སྐྱེས་ཀྱང་དུག་མེད་ཆོས་ཉིད་ཡིན། །འདོད་ཆགས་ཆོས་ཉིད་རང་རྩལ་ཤར་བ་ཡིན། །ཞེ་སྡང་ཆོས་ཉིད་གསལ་བའི་རང་སངས་ཡིན། །གཏི་མུག་ཆོས་ཉིད་གནས་པའི་ངོ་བོ་ཡིན། །ང་རྒྱལ་ཕྲག་དོག་ཆོས་ཉིད་རོལ་པ་ཡིན། །ཆོས་ཉིད་ངང་ལས་བདག་གཞན་གཉིས་མེད་ཕྱིར། །དུག་ལྔ་རང་གྲོལ་མན་ངག་ཨེ་མ་ཧོ། །ཞེས་བཀའ་སྩལ་ཏོ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། མཐར་འདོན་རྗེས་ཀྱི་མན་ངག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།རང་བྱུང་ཡེ་ཤེས་རྡོ་རྗེ་ཡང་གསོལ་པ། །ཨེ་མ་ཧོ། བཅོམ་ལྡན་ལྷུན་གྲུབ་འདུས་མ་བྱས་པའི་དཔལ། །ཨ་ཏི་ཡང་གསང་རང་བྱུང་ཆིག་ཆོད་དེ། །ཆེ་བའི་དོན་གྱིས་ཇི་ལྟར་བཤད་པ་ལགས། །དེ་དོན་འདུས་པའི་འཁོར་ལ་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོ་འདི། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པ་སྟེ། །འདི་ཉིད་ལ་ནི་མ་རྫོགས་གང་ཡང་མེད། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསུངས་པའི་ཆོས། །ཐམས་ཅད་མཐར་ཐུག་འདི་རུ་བསྟན་པ་ཡིན། །འདི་ཉིད་གཞན་དང་མི་འདྲ་ཁྱད་པར་ཆེ། །ཚིག་རྒྱུད་མ་ཡིན་དོན་རྒྱུད་སྙིང་པོ་ཡིན། །བྱས་བཅོས་ཚིག་གི་རྒྱུད་པའི་ཐེག་པ་རྣམས། །བསྐལ་


DNG025_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀའ་སྤྱད་མངོན་གྱིས་སངས་རྒྱས་དེ། །འདི་ཉིད་མཐོང་བ་ཙམ་གྱིས་གྲོལ་བ་སྟེ། །བླ་མའི་དྲིན་ཐོབ་དབེན་པའི་གནས་ཉིད་དུ། །ཞག་བདུན་དོན་རྟོགས་ཟླ་བདུན་ཕྱིར་མི་བཟློག །མཐོང་བས་གྲོལ་ཏེ་ལོ་བདུན་མངོན་སངས་རྒྱས། །ཐེག་པ་གཞན་རྣམས་སྡིག་སྤང་དགེ་སྤེལ་ཡང་། །སྤང་བླང་ཆོས་ཀྱིས་སངས་རྒྱས་ཐོབ་པར་རེ། །དོན་རྒྱུད་འདི་ལ་དགེ་སྡིག་ཕན་གནོད་མེད། །མཚམས་མེད་ལྔ་ཡི་ལས་བྱས་སྡིག་ཅན་སྤང་། །བསྐལ་པའི་མུན་ནག་སྒྲོན་མེ་གཅིག་འཇོམས་བཞིན། །འདི་ཉིད་མཐོང་ན་སྡིག་མེད་མངོན་སངས་རྒྱས། །འདི་ཉིད་མ་རྟོགས་དགེ་བ་བཅུ་སྤྱོད་ཀྱང་། །ཐད་ཀའི་བདེ་ལས་འཁོར་བ་ལས་མི་འཕགས། །དེ་ཕྱིར་འདི་ཉིད་མཐོང་བས་གྲོལ་བ་སྟེ། །སྡིག་པ་མ་སྤང་ཡེ་དག་ཆེན་པོ་ཡིན། །དགེ་བ་མ་བྱས་ཡེ་རྫོགས་ཆེན་པོ་ཡིན། །སངས་རྒྱས་མ་བསྒྲུབས་ལྷུན་གྲུབ་ཆེན་པོ་ཡིན། །ཐེག་པ་གཞན་རྣམས་གཞོན་དུས་སྒོམ་པ་ལས། །རྒས་ནས་མི་ནུས་སྒོམ་པ་མི་འོང་ཟེར། །འདི་ཉིད་ལ་ནི་ན་སོ་རྒན་གཞོན་མེད། །རྒྱུད་པ་ལྡང་མི་ཤེས་པའི་རྒས་པོ་ཡང་། །དགོས་པའི་གཏམ་དེ་ཐོས་པས་གོ་བ་བཞིན། །འདི་ཉིད་ཐོས་པ་ཙམ་གྱིས་གྲོལ་བར་འགྱུར། །འདི་ཉིད་མ་གཏོགས་ན་སོ་དར་གྱུར་ཀྱང་། །བྱིས་པ་ཡིན་ཏེ་སངས་རྒྱས་དོན་མ་རྟོགས། །འབྲུག་གམ་ས་གཡོས་ཉི་ཟླ་གཟས་ཟིན་དུས། །བླ་མའི་དྲིན་ཐོབ་རྒྱུད་འདི་ཀློག་པ་ན། །རྟགས་དེ་གང་མཐོང་སེམས་ཅན་ཐམས་ཅད་ཀྱིས། །འདི་ཉིད་ཐོབ་ནས་བྱང་ཆུབ་མངོན་དུ་བྱེད། །དེ་ཕྱིར་འདི་ཉིད་ཁྱད་པར་འཕགས་པ་སྟེ། །བསྒོམ་མི་དགོས་ཏེ་ཐོས་པས་སྒོམ་དུ་འཆར། །མ་བསྒོམས་བཞག་ཀྱང་མི་གསལ་དགག་ཏུ་མེད། །ཐོས་པ་ཙམ་གྱིས་ཡེ་སྒོམ་ཆེན་པོ་ཡིན། །འདི་ཉིད་བཅངས་པ་ཙམ་གྱིས་གྲོལ་བ་སྟེ། །མཐིང་ཤོག་དག་ལ་གསེར་གྱིས་ཡི་གེ་བྲི། །བླ་མའི་དྲིན་ཐོབ་དར་སྣ་ལྔ་ཡིས་གྲིལ། །


DNG025_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་རྟོགས་པའི་སེམས་ཅན་སངས་རྒྱས་ཏེ། །རྒྱལ་བ་ཀུན་གྱི་འགྲོ་དོན་ཕྲིན་ལས་འགྲུབ། །དེ་ཕྱིར་འདི་ཉིད་གཞན་ལས་ཁྱད་པར་འཕགས། །ཐེག་པ་གཞན་རྣམས་མིག་དང་སྣ་དང་ལྕེ། །དབང་པོ་འགག་ན་དོན་མེད་ཆོས་མི་འོང་། །འདི་ལ་དབང་པོ་དག་ལ་རྣོ་རྟུལ་མེད། །གླེན་ལྐུགས་འོན་པ་དམུས་ལོང་དག་ལ་ཡོང་། །ཙནྡན་ག་པུར་རེག་པས་དྲི་འགོ་ལྟར། །གང་གི་མགུལ་དུ་བཏགས་པས་གྲོལ་བར་འགྱུར། །ཐོས་བསམ་མི་དགོས་རྟོགས་གྲོལ་ངོ་མཚར་ཆེ། །བསྒོམ་བསྒྲུབ་མི་དགོས་རྩོལ་བའི་ནད་དང་བྲལ། །འདི་ཉིད་འཆང་བ་སངས་རྒྱས་སྲས་ཡིན་ནོ། །དགོས་འདོད་ཐམས་ཅད་འབྱུང་བའི་ནོར་བུ་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་འདི་ལས་བྱུང་། །འདི་འཛིན་རྣལ་འབྱོར་སྐལ་བ་ཆེན་པོ་ཡིན། །ཨེ་མ། ཀེ་རི་ཀེ་རི། ས་མནྟ། བྷ་ལི་བྷ་ལི། སྭ་ཏི་སྭ་ཏི། སུ་རུ་སུ་རུ། ཀུན་དྷ་ལི་མ་སུ་མ་སུ། ཨི་ཀ་རི་ལི་སུ་བྷ་ས་ཏ་ཡཱེ། ཙ་ཀི་རི། བྷུ་ལིང་ཏ་ཀི་ཏ། ཙ་ཡེ་ས་མུནྟ། ཙརྱ་སུ་ཀ་མེ། བྷི་ད་ས་ནེ་བྱ་གུ་ལི། ཀ་རེ་ཀེ་འདུ་ཀ་ན། མ་ཏ་ནི་བེ་ཏ་ནི། པ་ར་ལ་མ་ཏ་ཧི་སི་ནི། ས་མ་བྷུད་ར་ཏ་མ། གྷ་ཙ་ར་ཏ་ས། སཱུརྱ་བྷ་ཏ་ས། ཨེ་བ་ཤ་ན་ས་རན་པ་ཏི་ས། གུ་སི་ཏི་ཡ་ཐ་མ། གྷུ་ར་གྷུ་ར་ས་ག །ཁ་ར་ན་ལཾ། ན་ར་ན་ར། ཨི་ཐ་ར་བྷུཌྜྷ་བྷུཌྜྷ་ཚི། ཤ་བ་གྱེ་ལཾ། ས་ར་རི་རི་ལ་ཁེ། པ་ཏ་ལ་ས་སིརྣ། བེ་ས་བེ་ས་ར་ས་ས་ལཾ། ཨཱིཾ་ཨཱིཾ། མཱ་མཱ། རྭ་རྭ། ཨཱཿ། རང་བྱུང་ཀུན་བཟང་ཡབ་དགོངས་སོ། །ཨོཾ་ཨཱཿཧཱུཾ། ཨེ་མ། ཀེ་རི་ཀེ་རི། མ་ཏ་བུ་ལི། ས་མི་ཏ། སུ་རུ་སུ་རུ། ཀུན་དྷ་ལི་མ་སུ་ཨ་ཀ་རི་ལི་བྷ་ལེ། ཙ་ཀ་བྷུ་ལེ་ཏ། ལྕེ་ཡེ་ས་མུནྟ། ཙརྱ་སུ་གྷ་ཏེ། ས་མ་བྱད་གྷུ་ཡེ། ཀ་རི་དྷ་ཀ་རི། ཏྲ་ཀ་མ།


DNG025_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་རི་བེ། ཧ་ཏ་བ་ར་ལི་ཧྲཱྀཿ། ས་ནམ་ཁ་ར་ཀ་ཏེ་ལན། ས་བྷུད་ར་ཏ་མེ་ཀ་ར་ཙ་བ་ཏི། དྷ་ས་ཧ་པ་སུརྱ་གྷ་ཏ་ར་ཨཱ། ན་མ་པ་ར་བྷི་ཧི། ཏིས་གུ་ར་ལཾ། མ་སྨིན་ས་གུ་ཏི་ལ། ར་ན་ལཾ་ངན་ར་ན་ར། ཨི་ཐ་ར་པ་ཏ་ལམ། སིརྣ་སིརྣ་གྷེ་ས་ར་ལཾ། ས་གྷེ་ལཾ། བ་སཱ། རི་རྭི་ལི་ལྭི། ཨི་ཨཱིཾ། མ་མཱི། ར་རྭ། ཨཱ། ཀུན་བཟང་ཡུམ་གྱི་དགོངས་པའོ། །དབང་པོའི་ཞེན་པ་བཟློག་པའི་ཕྱིར། །ཀརྨ་རཀྴ་གྷི་ཧཾ་ཧི། ཕུང་པོའི་ཞེན་པ་བཟློག་པའི་ཕྱིར། །བེ་ག་ར་ཎ་སོ་གར་གླིང་། །ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར། །སྤུ་ཏི་རི་ལ་བྷ་ཏུ་ཏྲི། །སེམས་ཀྱི་དངོས་པོ་སྤྲུག་པའི་ཕྱིར། །རཾ་པ་ཀ་ལ་ས་མཾ་ཁྱེ། །བྱུང་ཚོར་གནས་སུ་དགག་པའི་ཕྱིར། །མ་ཏད་ལ་ཕཊ་ར་མེ་ཏ། །འདུ་ཚོགས་སྣང་བ་ངོས་གཟུང་ཕྱིར། །ཁ་དྷ་རཀྵ་ས་སྨིག་ཀླུ། །རིག་པ་བཙོན་རར་གཞག་པའི་ཕྱིར། །ཨེ་ཁ་ར་ན་བྷེ་ཙག་ཤ །འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར། །ཡ་རི་མུ་ཏ་ས་གུ་ལི། །རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར། །ཡ་སིང་ང་སྟུང་བ་ལ་ཡ། །འཁོར་བ་དོང་ནས་གདོན་པའི་ཕྱིར། །མ་མ་ཀོ་ལིང་ས་མི་ཏ། །ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར། །གྷ་རིང་ཡཾ་བྷ་རི་མ་ཏི། །རོ་ཡི་ཡུལ་ཁུངས་སྤུང་བའི་ཕྱིར། །བུ་ག་སི་ཧ་ས་གྷ་ལཱ། །ཞེན་པའི་ཕྲེང་ཐག་གཅད་པའི་ཕྱིར། །ར་མི་ལི་བི་ལེ་ཏ་ས། །ལུགས་རྒྱུད་ཨར་ལ་གཏད་པའི་ཕྱིར། །བི་ག་གུ་མ་ལས་ཏི་ཀི། །ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར། །ས་མ་ཏི་ལཾ་དྷི་ར་ས། །ལྟ་སྒོམ་ལོག་པ་དག་བྱའི་ཕྱིར། །བཛྲ་སྭ་ཏ་ཏྲི་ཏོ་མེ། །ས་ལམ་དུས་གཅིག་གཅད་པའི་ཕྱིར། །གྷེ་བྷ་སྤུར་གྷ་རྣ་མ་ཡེ། །ཡིད་དཔྱོད་ལྟ་བ་ཁུངས་གཅད་ཕྱིར། །དྷརྨ་ཨ་ཏོམ་སཾ་གུ་ལི། །སྐུ་གསུམ་ལམ་དུ་བླང་བའི་ཕྱིར། །ར་མི་ས་མ་ཁ་གད་ཚེ། །སྣང་བ་དངོས་སུ་བླང་བའི་ཕྱིར། །རུ་པ་ས་མི་མི་


DNG025_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལཾ། །སྒྲ་ཡི་ཞེན་པ་མཐའ་གཅད་ཕྱིར། །འདི་ཏེག་པ་ལ་ཀི་ལི་ས། །བསམ་གཏན་ཆེན་པོའི་ས་གནོན་ཕྱིར། །གྷ་ཙ་པ་ལ་ཨི་ཏཾ་ས། །ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །ཀ་ར་ཨེ་མ་ཨ་ནུ་ས། །སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར། །ས་དྲི་མ་མ་ཀརྨ་པ། །རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར། །ང་ལ་དེ་པ་ཀི་ལི་བ། །ཨ་ཨཱ། ཀུན་བཟང་ཡབ་ཡུམ་གཉིས་མེད་དགོངས་པའོ། །རང་བྱུང་དོན་རྒྱུད་སྲས་གཅིག་འདི། །མཐོང་ཐོས་རེག་པ་ཙམ་གྱིས་འགྲོ་བ་རྣམས། །སྐུ་གསུམ་འབྲས་བུ་ཚེ་འདིར་ཐོབ་པའི་རྟགས། །འདི་འཛིན་སྐྱེས་བུ་ནམ་ཞིག་ཚེ་འཕོས་དུས། །ང་ཡི་སྐུ་གསུང་ཐུགས་ཀྱི་རྟེན་ལྔ་ནི། །སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ་ན་ཡོད། །འོད་ལྔ་འབར་ཏེ་ཕྱི་རྟགས་དཀར་སེར་དང་། །འཇའ་འོད་དམར་ལྗང་མཐིང་ག་འོང་བ་ཡིན། །ནམ་མཁའ་དྭངས་ན་ངེས་པར་ཐུགས་ཐོབ་རྟགས། །ནང་རྟགས་ཕུང་པོ་བསྲེགས་པའི་དུད་པ་ནི། །སྔོ་དཀར་གྱེན་འགྲེང་གཡོན་དུ་འཁྱིལ་པ་དང་། །མེ་འོད་དཀར་གསལ་མདངས་དང་ལྡན་པ་འབྱུང་། །སྲེག་པའི་ཤིང་ནི་ཙནྡན་རྒྱ་ཤུག་བྱ། །གསང་རྟགས་བསྲེགས་ཤུལ་གདུང་རིགས་ལྔ་འབྱུང་སྟེ། །ཤ་རི་རཾ་ནི་མགོ་བོ་དག་ལས་འབྱུང་། །ཤ་ཡི་རྟེན་དུ་རྡོ་རྗེའི་གདུང་དུ་བཞག །ཡོན་ཏན་སྐྱེ་མེད་ཆོས་སྐུ་ཐོབ་པའི་རྟགས། །ཆུ་རི་རཾ་ནི་ཁྲག་གི་དྭངས་མར་འབྱུང་། །ཁྲག་གི་རྟེན་དུ་རཏྣའི་གདུང་དུ་བཞག །དེ་ནི་ཡོན་ཏན་སྣ་ཚོགས་འཕེལ་བའི་རྟགས། །བ་རི་རཾ་ནི་སྙིང་དགོངས་དག་ལས་འབྱུང་། །རུས་པའི་རྟེན་དུ་པདྨའི་གདུང་དུ་བཞག །དེ་ཡི་ཡོན་ཏན་ལོངས་སྐུ་ཐོབ་པའི་རྟགས། །ཉ་རི་རཾ་ནི་རྐང་གི་ནང་ལས་བྱུང་། །ཡན་ལག་རྟེན་དུ་ལས་ཀྱི་གདུང་དུ་བཞག །དེ་ཡི་ཡོན་ཏན་སྤྲུལ་སྐུ་ཐོབ་པའི་རྟགས། །པཉྩ་རཾ་ནི་དོན་སྙིང་ལྔ་ལས་བྱུང་། །འགྱུར་འདུས་རྟེན་དུ་ཡང་དག་གདུང་དུ་བཞག །དེ་ཡི་ཡོན་


DNG025_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་སྐུ་ལྔ་ཐོབ་པ་ཡིན། །གདུང་གི་གྲངས་ཚད་མ་ངེས་གཅིག་པ་ཡང་། །གཞན་རྐྱེན་ངན་པའི་གྲིབ་ཀྱིས་ཡལ་ཡང་འགྲོ། །གདུང་རིགས་ལྔ་བྱུང་རབ་ཡིན་ཐུགས་ཐོབ་རྟགས། །ཡི་གེ་བྱུང་ན་འབྲིང་ཡིན་གསུང་ཐོབ་རྟགས། །ལྷ་སྐུ་བྱུང་ན་ཐ་མ་སྐུ་ཐོབ་རྟགས། །དེ་ལྟར་དངོས་དང་དངོས་མེད་རང་གཞན་ལ། །རྟགས་དང་ཡོན་ཏན་བྱུང་སྟེ་སྐུ་གསུང་ཐུགས། །ད་ལྟ་མངོན་གྱུར་དོན་རྒྱུད་ཁྱད་པར་འཕགས། །འདི་ཡོད་འགྲོ་བ་ཐམས་ཅད་སངས་རྒྱས་ཡིན། །དེ་ཕྱིར་སངས་རྒྱས་བསྟན་པའི་སྲོག་ཤིང་སྟེ། །འདི་མ་རྟོགས་པའི་སངས་རྒྱས་སྔར་མ་བྱུང་། །ཆིག་ཆོད་བྱང་ཆུབ་སེམས་རྒྱུད་གཅིག་ལ་ནི། །འདྲེལ་དང་མ་ཚང་མེད་པས་ཕུན་ཚོགས་རྒྱུད། །རིན་ཆེན་སྣ་ལྔས་བྲིས་ལ་གཙུག་ཏུ་བཅིང་། །ཡང་གསང་ཀུན་གྲོལ་རང་བྱུང་རྒྱུད་ཆེན་འདི། །དུས་གསུམ་རྒྱལ་བའི་རིག་འཛིན་སྤྲུལ་པའི་སྐུ། །དགའ་རབ་རྡོ་རྗེས་ཨུ་རྒྱན་ཀོ་ཤའི་གླིང་། །བསྐལ་བཟང་སངས་རྒྱས་སྟོང་གི་བསྟན་པ་སྐྱོང་། །མཚོ་སྐྱེས་པདྨ་ཐོད་ཕྲེང་ཉིད་ལ་གཏད། །མི་མཇེད་འཛམ་བུ་གླིང་གི་རྡོ་རྗེ་གདན། །བྱང་ཕྱོགས་ཆུ་འཁྱགས་ཡུལ་དུ་ལྷ་སྲིན་འདུལ། །གསང་སྔགས་དར་དུས་སྐལ་ལྡན་བུ་ལ་གཏད། །དེ་ཡིས་འགྲོ་ཀུན་གང་ལ་གང་འདུལ་བྱ། །སྐལ་ལྡན་འགའ་ཡིས་སྤྱོད་ཡུལ་ཡིན་པས་གཏད། །སྐལ་མེད་བློ་ཆུང་ཐེག་དམན་སྲེག་འགྱུར་བས། །སྟེར་བའི་སྣོད་ནི་རབ་ཏུ་བརྟག་པ་གཅེས། །ལོག་ལྟ་ཅན་ལ་མི་བསྟན་སྙིང་དུ་བསྡིམ། །ཞེས་བཀའ་སྩལ་ཏོ། །དེར་རང་བྱུང་སྤྲུལ་པའི་འཁོར་ཚོགས་རྣམས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རང་རང་གི་ཆོས་ཉིད་དུ་ཡིད་རང་བྱུང་ཆིག་ཆོད་ཡེ་ཤེས་རང་དུ་ཀུན་གྲོལ་ལོ། །རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་ལས། ཡོན་ཏན་གཏད་རྒྱའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཐེག་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པའི་


DNG025_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཏིག །ཡང་གསང་ཆིག་ཆོད་ཀུན་གྲོལ་ཆེན་པོ་ཞེས་བྱ་བའི་རྒྱུད། ཨུ་རྒྱན་གྱི་པཎྜི་ཏ་པདྨ་འབྱུང་གནས་བཟང་པོས་ཨུ་རྒྱན་གྱི་སྐད་ལས་བོད་སྐད་དུ་སྒྲ་རང་འགྱུར་དུ་བསྒྱུར་བ་རྫོགས་སོ།། །།ཨེ་མ་ཧོ། ངོ་མཚར་རྨད་ཀྱི་རྒྱུད་ཆེན་གསང་བ་འདི། །དེ་སྔ་འཇིག་རྟེན་ཁམས་ན་སྲིད་པ་ཙམ། །རྒྱུད་སྡེ་གཞན་རྣམས་བྱས་བཅོས་ཚིག་གི་རྒྱུད། །འདི་ནི་དོན་རྒྱུད་བྱར་མེད་སེམས་ཀྱི་རྒྱུད། །ཤིན་ཏུ་ཟབ་སྟེ་ཡོད་པས་གྲོལ་བ་འདི། །ཡི་གེར་མི་བྲི་སྙིང་གི་དཀྱིལ་དུ་བཅང་། །གཞན་ལ་སྤེལ་ན་དོན་རྒྱུད་ཁྲིད་དུ་སྤེལ། །དཔེ་རྒྱུད་མི་སྦྱིན་གསང་བའི་བཀའ་རྒྱས་གདབ། །ཐུགས་གཏེར་མང་སྟེ་ཡང་གཏེར་གསུམ་ལས་མེད། །ཡང་གཏེར་མང་གི་དགོངས་གཏེར་གཅིག་པོ་འདི། །བདག་འདྲ་ཨུ་རྒྱན་པདྨ་ཐོད་ཕྲེང་གིས། །རྒྱལ་བས་ལུང་བསྟན་བོད་ཡུལ་དབུས་སུ་འོང་། །ལྷ་སྲིན་བཏུལ་ནས་མངའ་བདག་བསམ་པ་བསྒྲུབས། །སྤྲུལ་པ་བསྟན་ནས་ལྷོ་ནུབ་སྲིན་པོ་འདུལ། །གཏེར་མར་སྦས་ནས་མ་འོངས་འགྲོ་དོན་བྱས། །ཁྱད་པར་ཡང་གསང་དགོངས་གཏེར་སྙིང་བཅུད་འདི། །སྙིགས་མའི་འགྲོ་བ་དྲང་དོན་རྒྱ་མོན་མཚམས། །ཀླུ་བདུད་རུས་སྦལ་ནག་པོའི་ལྟོ་བར་སྦས། །ལྔ་ལྡན་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན། །ཨུ་རྒྱན་ཐུགས་ཀྱི་སྲས་དང་འདི་འཕྲད་ཤོག །ས་མ་ཡ། གྷུ་ཧྱ། ཁ་ཐམ། གཏད་རྒྱ། གཏེར་རྒྱ། སྦས་རྒྱ། གསང་རྒྱ། དམ་རྒྱ། རྒྱ་རྒྱ་རྒྱ་རྒྱ་རྒྱ་རྒྱ་རྒྱ། ཨེ་མ་བདག་འདྲ་རིན་ཆེན་གླིང་པ་ཡིས། །ལུས་སྲོག་བློས་སུ་བཏང་ནས་སུ། །དཀའ་ལས་ཚོགས་ལ་མ་ལྟོས་པར། །ལུང་བསྟན་རྒྱ་གར་ཡུལ་དུ་ཕྱིན། །ཨུ་རྒྱན་ཐུགས་ཀྱི་དགོངས་གཏེར་


DNG025_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །མཁའ་འགྲོས་ལུང་བསྟན་བདག་གིས་རྙེད། །ཟབ་མོའི་ཆོས་ཕྱུང་གཏེར་དཔེ་བཤུས། །འདྲེལ་ཚད་དོན་ལྡན་དམ་ཆོས་འདི། །བོད་ཡུལ་ཕྱོགས་སུ་འགྲོ་དོན་བྱེད། །སངས་རྒྱས་བསྟན་པ་དར་བར་ཤོག །ཨྠྀི། ཨེ་མ་ཀུན་གྱི་མཐར་ཐུག་ཡང་གསང་རྫོགས་ཆེན་འདི། །དྲིན་ཅན་བླ་མ་དུས་གསུམ་སངས་རྒྱས་ཀྱིས། །བློ་དམན་སྐྱེས་བུ་ཤཱནྟི་ཕ་ལ་ལ། །བཀའ་ལུང་མན་ངག་གཏད་རྒྱ་རྫོགས་པར་གནང་། །སྔོན་གྱི་སྨོན་ལམ་འཕྲལ་རྐྱེན་ཚོགས། །བདག་གཞན་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །དམིགས་མེད་ཆོས་སྐུའི་ངང་དུ་སངས་རྒྱས་ཤོག །བླ་མའི་ཕྱག་དཔེ་ལ་བཤུས་ཤིང་། ཤོག་སེར་ལའང་གཏུགས་པ་ལགས་སོ། །མནྟྲ་གུ་ཧྱ། ཆོས་འདིའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་འཆང་ཆེན། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། གུ་རུ་ཤྲཱི་སིངྷ། ཨུ་རྒྱན་པདྨ་འབྱུང་གནས། ཆོས་རྒྱལ་རིན་ཆེན་གླིང་པ། དེས་ཤཱནྟི་ཕ་ལ་བདག་ལ་གདམས་པ་ཡོངས་སུ་རྫོགས་པར་གནང་བའོ། །དེས་ཟུར་ཧཱཾ་ཤཱཀྱ་འབྱུང་གནས་ལ། དེས་བདག་ལའོ། །གསང་སྔགས་སྔ་འགྱུར་རྒྱུད་འབུམ་འདི། །སྙིང་སྟོན་གཞོན་ནུ་དཔལ་བཟང་པོས། །ལྷག་བསམ་རྣམ་པར་དག་པས་བཞེངས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོའོ།། །