cover

གསུང་འབུམ་པོད་ལྔ་པ།

སྔ་འགྱུར་རྒྱལ་བ་ཕུག་ཁང་པའི་དཔེ་ཚོགས།

དཔལ་སྤྲུལ་ནམ་མཁའ་འཇིགས་མེད།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གནོད་སྦྱིན་དཀོར་གྱི་བདག་པོའི་རྩ་སྒྲུབ་བསྡུས་པ་དཔག་བསམ་ལྷུན་གྲུབ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་རྩ་སྒྲུབ་བསྡུས་པ་དཔག་བསམ་ལྷུན་གྲུབ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་གང་འདུལ་སྐུར་བསྟན་བ༔ དཀོར་བསྲུང་ཆེན་པོ་ཟླ་བའི་དབང་༔ བསྒྲུབ་པར་འདོད་པའི་སྐལ་བཟང་གིས༔ གཏོར་མ་དཀྱིལ་འཁོར་སྤྱི་དང་བསྟུན༔ དེ་ནས་ཡི་དམ་ང་རྒྱལ་གྱིས༔ དྲེགས་པ་རང་སེམས་ཉིད་ཤེས་པས༔ གྱེར་བསྒོམ་ལྷན་ཅིག་འདི་སྐད་དོ༔ ༼ ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་༴ སོགས་བརྒྱ་རྩ་བཟླས་ལ༔ ༽ཧཱུྃ༔ མདུན་དུ་དུར་ཁྲོད་རབ་བརྗིད་དབུས༔ པདྨ་ཉི་མ་བམ་ཆེན་སྟེང་༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་ནི༔ དབུས་སུ་ཀུན་གྱི་ཁྱབ་བདག་མཆོག༔ རྣལ་འབྱོར་ཆས་ཅན་གཡས་པ་ན༔ མི་མགོའི་ཅང་ཏེའུ་པདྨས་གཡོག༔ ལིངྐ་འབར་བའི་ཏོག་གིས་བརྡུང་༔ གཡོན་པས་དངུལ་དཀར་དྲིལ་བུ་བསྣམས༔ གྲི་རྐང་རིན་ཆེན་ཕྲ་སྤྲས་པ༔ རྐེད་ལ་འཆིང་ཞིང་ཕུར་བུ་དང་༔ ཧོམ་ཁུང་སྣ་ཚོགས་རྒྱན་གྱིས་སྤུད༔ དབུ་ལ་པདྨོའི་མཉེན་ཞུ་ཅན༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་རོལ༔ ཤར་དུ་རྒྱལ་པོ་ཆེན་པོ་ནི༔ སྐུ་མདོག་དཀར་དམར་བཀྲག་མདངས་རྒྱས༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་ལྡན༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ འདོད་འཇོའི་དཔལ་སྟེར་མ་ཎི་ཀ༔ གཡོན་པས་ནོར་གྱི་གཞོང་པ་འཛིན༔ ཟ་འོག་སྔོ་ཁྲའི་བེར་ཆེན་གསོལ༔ ལྷོ་རུ་སུ་ཝརྞ་ཡི་མདོག༔ གཡས་པས་བུམ་བཟང་གཡོན་པ་ཡིས༔ གསེར་གཞོང་རཏྣའི་སྤྲས་པ་བསྣམས༔ ཟ་འོག་སེར་ཁྲའི་བེར་ཆེན་གསོལ༔ རེ་འགའ་སྐུ་མདོག་དམར་པོ་ལ༔ ཕྱག་གཡས་འགུགས་པའི་ལྕགས་ཀྱུ་དང་༔ གཡོན་པས་ཟས་གཞོང་ལོ་ཐོག་སྤྲས༔ ཟབ་བེར་དམར་པོ་སྐུ་ལ་གསོལ༔ རེས་འགའ་སྐུ་མདོག་ཆར་སྤྲིན་མདོག༔ ཕྱག་གཡས་སྤེན་གྲི་ཡུ་བ་གཉིས༔ རྭ་གདེང་གྱིས་མཚན་གཡོན་ཕུར་བ༔ བེར་ནག་གསོལ་ཞིང་ཁྲོ་ཉམས་ཅན༔ ཀུན་ཀྱང་རཏྣ་མི་མགོའི་ཕྲེང་༔ ཞབས་གཉིས་བཞེངས་སྟབས་ཀྱིས་རོལ་ཞིང་༔ འཁོར་དུ་ཞི་རྒྱས་དབང་དྲག་གི༔ ཆ་ལུགས་འཆང་བ་མངོན་སུམ་བཞིན༔ མདུན་དུ་དམག་ཆས་སྤྲས་པ་འབུམ༔ གཡས་སུ་ཉན་ཐོས་ཚུལ་འཛིན་དང་༔ རྒྱབ་ཏུ་རྣལ་འབྱོར་སྔགས་ནག་འབུམ༔ གཡོན་དུ་བུད་མེད་ནག་མོ་འབུམ༔ དགྱེས་བསྐྱེད་གཟུངས་ཀྱི་ལྷ་མོའི་ཚུལ༔ སྟོང་ཕྲག་དག་གིས་འདུད་པའི་ཚུལ༔ སྤྲུལ་པ་ཡང་སྤྲུལ་བྱེ་བར་བཅས༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ སྤྱི་བོར་བཀའ་རྟགས་རྡོ་རྗེ་འབར༔ དེ་ཡི་སྦུབས་སུ་རྡོ་རྗེ་གསུམ༔ སྙིང་པོའི་ཡི་གེའི་འཕྲོ་འདུ་ལས༔ ས་དཀར་གནས་དང་བྷཾ་ག་བྱང་༔ ཤམ་བྷ་ལ་དང་གངས་རིའི་ཕྲེང་༔ ཁྱད་པར་མཆོད་རྟེན་དཀར་པོ་ནས༔ དམ་ཚིག་དབང་གིས་ས་མ་ཛ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཚན་མ་ཚིག་བྲལ་ལས༔ མི་བསྲུན་འདུལ་ཕྱིར་མི་བསྲུན་གཟུགས༔ ཞི་བརྗིད་སྒེགས་པ་ཐུགས་གསུང་སྐུའི༔ རང་མདངས་གར་གྱིས་རྣམ་རོལ་བ༔ ལན་མང་ཕན་བདེའི་གཞིར་གྱུར་བ༔ སྤེལ་དང་མི་ནུབ་འགོང་བྱེར་སླར༔ ཡིད་བཞིན་ནོར་བུ་དོན་གྲུབ་དཔལ༔ སྒྱུ་འཕྲུལ་རང་ལས་མི་གཞན་པའི༔ གར་མཛད་རུ་འདྲེན་ཆེན་པོར་བཅས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ སྔགས་འཆང་བུ་བཞིན་སྐྱོང་བ་དང་༔ ཁམས་གསུམ་དབང་དུ་བསྡུད་པ་དང་༔ སྐྱེ་འགྲོའི་ཕན་བདེ་སྤེལ་བ་དང་༔ སྲིད་གསུམ་ཟིལ་གྱིས་གནོན་པ་དང་༔ མོས་བཞིའི་མངའ་ཐང་བསྐྱེད་པ་དང་༔ སྲིད་ལ་ཆོས་བརྟེན་སྲིད་དཔལ་གྱིས༔ ཆོས་ལ་སྲིད་བརྒྱུད་སྤེལ་བའི་ཕྱིར༔ སྦྱིན་པའི་རྒྱགས་ཕྱེའི་གཞིར་གྱུར་བའི༔ ཕྱིན་དྲུག་ལང་ཚོ་བསྐྱེད་པའི་ཕྱིར༔ ཉམས་པ་རྡུལ་དུ་བརླག་པའི་ཕྱིར༔ སྐུ་ཡི་གནོད་སྦྱིན་དཀར་པོ་དང་༔ གསུང་གི་པདྨ་རཱ་ག་དང་༔ ཐུགས་ཀྱི་ག་བུར་དབང་པོ་དང་༔ ཡོན་ཏན་མཐར་ཕྱིན་སུ་ཝརྞ༔ ཕྲིན་ལས་རང་བཞིན་དབང་སྔོན་དང་༔ དཔུང་བཞིའི་འདེགས་པའི་རུ་འདྲེན་བཅས༔ སྟོང་ཆེན་སྙེམས་མ་ལ་རྒྱས་འདེབས༔ འཁོར་དང་བཅས་པ་ཐམས་ཅད་ཀུན༔ རང་བཞིན་ཆོས་དབྱིངས་མཉམ་པ་ལས༔ ཐུགས་རྗེ་སྣ་ཚོགས་གང་འདུལ་བ༔ གསལ་བརྟན་དམ་ཚིག་དཀྱིལ་འཁོར་དུ༔ བསྒྲུབ་པོའི་གདུང་ཤུགས་མི་བསྙེལ་ཕྱིར༔ གར་བསྒྱུར་མཚོ་ལ་ཁ་ཆར་བཞིན༔ དམ་ཚིག་གནས་ནས་གཤེགས་སུ་གསོལ༔ རཱ་ཛ་ཙནྡྲ་སརྦ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛཿཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བསྐྱེད་པ་མོས་བསྒོམ་དཀྱིལ་འཁོར་དུ༔ ངེས་རྫོགས་དམ་ཡེ་དབྱིངས་ཀྱི་ལྷ༔ དུ་མ་རོ་གཅིག་མཉམ་པའི་ངང་༔ དབྱེར་མེད་ཆེན་པོར་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དོན་ལ་དྲེགས་པ་རང་རྒྱུད་མེད༔ མཉམ་ཉིད་ལྷ་ལ་ཕྱག་འཚལ་ལོ༔ རྟགས་ལ་རྣམ་འགྱུར་འགགས་པ་མེད༔ བསྟན་པ་བསྲུང་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་མི་མཐུན་བསལ་བ་དང་༔ ཉམས་རྟོགས་སྤེལ་བའི་འཚོ་ཆས་ཀྱིས༔ ཕོངས་ཤིང་དབུལ་བ་སེལ་བའི་སླད༔ རྒྱལ་བའི་ཕྲིན་ལས་ཡིན་ཤེས་པའི༔ དམ་ཚིག་དབང་གིས་གུས་པས་འདུད༔ ན་མོ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དངོས་དང་ཏིང་འཛིན་སྒྱུ་མ་རུ༔ སྒྱུ་མ་ལྟ་བུའི་མཆོད་པའི་སྤྲིན༔ ཕྱི་ནང་གསང་དང་ཏན་གན་པ༔ ཁྱད་པར་ཐོད་པའི་ཅང་ཏེའུ༔ ཕྲ་གསང་སྒྲ་མའི་ཡོན་ཏན་ཅན༔ བམ་དང་གྲི་ཡི་གླིང་བུ་དང་༔ ཕྲན་དང་མཆོག་གི་ཤ་བཅུད་འཛིན༔ དཀྱིལ་འཁོར་ཡོངས་རྫོགས་དྲིལ་བའི་མཚན༔ རིགས་བཞིའི་རཏྣ་སྤུངས་པ་དང་༔ ལྷ་མོ་ཡིད་འོང་ཉེ་རེག་བདེ༔ ཕུབ་དང་ཁྲབ་བེམ་བཙན་པའི་གོ༔ རལ་གྲི་དགྲ་སྟྭ་རྡོ་རྗེ་ཕུར༔ ཐུན་རྫས་སྣ་ཚོགས་བསྒྲལ་བའི་ཆས༔ གཡུ་དམར་ལ་སོགས་སྣ་བདུན་དང་༔ ཀླུ་དབང་གཙུག་གི་གདེངས་ཀ་འབར༔ ཁྱད་པར་དབང་པོའི་ཡོན་ཏན་གྱི༔ བརྒྱ་ཕྲག་བཅུ་གཉིས་འཆར་བ་ཡི༔ མདངས་ཀྱི་རང་བཞིན་བསྐངས་བའི་རྫས༔ སྲིད་ཞིའི་དཔལ་ཡོན་གཅིག་བསྡུས་པ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་ཆེ༔ ཉེ་དང་བཅས་པའི་འཁོར་ལོ་སོགས༔ དཔུང་བཞིའི་རང་བཞིན་ཕུན་ཚོགས་འབུམ༔ ཆོས་སྐྱོང་ཆེན་པོ་ཁྱོད་ལ་འབུལ༔ ཐུགས་དམ་དགྱེས་པ་བསྐང་གྱུར་ཅིག༔ དཀར་དམར་ཕྲུམ་དང་བྷ་ལིངྟ༔ ཤ་ལྔ་བདུད་རྩི་གཟུགས་འགྲོས་དཀོར༔ སྤྱན་གཟིགས་ལ་སོགས་མཆོད་པ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐངས༔ དགྲ་ཤ་ཁྲག་གི་རྒྱ་མཚོ་དང་༔ དབང་ལྔའི་མེ་ཏོག་ཆུ་སེར་བསིལ༔ ལ་སོགས་དྲག་པོའི་མཆོད་པ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐངས༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐངས༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐངས༔ དགྱེས་སྡེ་ཡུམ་གྱི་ཐུགས་དང་བསྐངས༔ སྤྲུལ་དང་ཡང་སྤྲུལ་ཐུགས་དམ་བསྐངས༔ མཆོད་པའི་བྱེ་བྲག་དམ་པ་ཡིས༔ སྤྱན་སོགས་ཡུལ་ལ་དགྱེས་པ་བསྐྱེད༔ རཱ་ཛ་ཙནྡྲ་ས་པ་རི་ཝཱ་ར་སརྦ་ཨརྒྷཾ་སོགས། ཤ་བྟ་རུ་པ་སོགས་མ་ཧཱ་སརྦ་པཉྩ་རཀྟ་བྷ་ལིངྟ་ཏ་ན་ག་ན་ཀྲོ་དྷ་པཱུ་ཛ་སརྦ་པཱུ་ཙ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ བཻཿཙཿན་མོ་སྟྭ་དྲ༔ ཆོས་དབྱིངས་འགགས་མེད་རང་མདངས་ལས༔ རྩལ་སྣང་ཐབས་ཀྱིས་གདུལ་ཐབས་སུ༔ རོལ་བའི་གར་སྒྱུར་སྣ་ཚོགས་སྟོན༔ དཀོར་སྲུང་ཆེན་པོ་ཁྱོད་ལ་བསྟོད༔ དཀར་པོ་བྷཾ་ག་བྱང་ནས་རོལ༔ ཐལ་སྐྱོང་ཞི་བའི་སྐུ་ལ་བསྟོད༔ དམར་པོ་ཤམ་བྷ་ལ་ནས་རྒྱུ༔ ཝ་ཀི་པ་ལས་གསུང་ལ་བསྟོད༔ ནག་པོ་སྡེ་བཞིའི་གྲུ་ལ་གནས༔ སྟག་མདའི་གདོང་བའི་ཕྲིན་ལས་བསྟོད༔ སེར་པོ་དཔལ་སྤུང་དཀོར་ལ་བསྲུང་༔ དོན་གྲུབ་རྒྱལ་པོའི་ཡོན་ཏན་བསྟོད༔ སྣ་ཚོགས་མ་ངེས་ལྷུན་གྱིས་གྲུབ༔ རབ་འབྱམས་ཕྲིན་ལས་ཀུན་ལ་དབང་༔ ག་བུར་དབང་པོའི་མཚན་དཔེ་བཀོད༔ ཡིད་བཞིན་དབང་གི་རྒྱལ་པོར་བསྟོད༔ ཅེས་སོ༔ དེ་ནས་བསྙེན་པ་བཟླ་བ་ནི༔ བདག་ཉིད་དྲག་པོའི་ཐུགས་ཀ་ནས༔ འོད་ཟེར་ཁ་དོག་སྣ་ལྔ་འཕྲོས༔ དྲེགས་པའི་སྲོག་ཏུ་རཿཡིག་གནས༔ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་དེས་སྲོག་ལ་རྒྱས་གདབས་པས༔ ཁོ་ཡི་སྲོག་སྙིང་བདག་ལ་ཐོབ༔ ཐུགས་སྲོག་གདན་ལ་བཀོད་པ་དང་༔ རང་རང་ཁས་བླངས་མནའ་བོར་དེ༔ རབ་འབྱམས་ཕྲིན་ལས་བསྒྲུབ་བསམ་ཞིང་༔ སླར་ཡང་འོད་ཀྱི་རྡོ་རྗེ་འབར༔ སྤྱི་བོར་དབང་གི་བཀའ་རྟགས་བཀོད༔ བཀའ་དང་དམ་ལས་འདས་གྱུར་ན༔ སྙིང་ཁྲག་ཞོ་ལྟར་དཀྲུགས་བསམ་ཞིང་༔ ཨ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ ༴ སོགས། རཱ་ཛ་ཙནྡྲ་སརྦ་ས་མ་ཡ་ཛཿཛ༔ དེ་ནི་ཨར་ལ་གཏད་པའོ༔ ཡང་གཅིག་རྦད་སྔགས་ནི༔ རཱ་ཛ༴ སོགས། ཨ་ནྲི་ནཱ་ག་ཏྲི་བིགྣཾ་སརྦ་དུ་ཁ་མ་ར་ཡ་རྦད་རྦད༔ ཡང་གཅིག་བསད་སྔགས་ནི༔ རྩ་སྔགས་གཤམ་དུ༔ བིགྣཾ་མ་ར་ཡ་སོད་སོད༔ སརྦ་དུརྨིག་མ་ར་ཡ་སོད༔ སརྦ་པྲེ་ཏ་ཀ་མ་ར་ཡ་སོད༔ སརྦ་མ་མུ་ཀུ་ཁཱ་ཧི༔ ཅེས་བརྗོད་དོ༔ གོང་གནོན་དམིགས་པ་མ་ལྷོད་ན༔ ཆོས་དེ་ཟླ་གཅིག་བསྒྲུབ་པས་འགྲུབ༔ གྲུབ་པའི་རྟགས་མཚན་སྔར་བཞིན་ནོ༔ ཞག་བདུན་གྱིས་ནི་སྤྱི་མོས་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུགས་གསུང་སྐུའི་རྒྱ༔ ཅེས་པ་འདི་ཡང་པདྨ་ཆོས་དཔལ་གྱི་བཞེད་སྐོང་དུ༔ པདྨ་མཁའ་ཀློང་ཡངས་བས་སོ། །དགེའོ། །དགེའོ། །དགེའོ། །ཚེ་གཡང་ཁ་སྤྲོད་ལ༔ ལས་བྱང་ལས༔ རྡོ་རྗེ་འབར༔ དེ་ཡི་སྦུབས་སུ་རིགས་ཀྱི་བདག༔ ཚེ་དཔག་མེད་མགོན་སྤྱན་རས་གཟིགས༔ དབང་ཆེན་རྟ་མགྲིན་དམར་པོ་ཡི༔ ཐུགས་ཀར་སྙིང་པོའི་ཡི་གེ་ནི༔ ཨོཾ་དཀར་ཨཱཿ དམར་ཧཱུྃ་མཐིང་ལས༔ འོད་ཟེར་ཆེན་པོའི་འཕྲོ་འདུ་ལས༔ ས་དཀར་གནས༴ སོགས་གཞུང་ལ་འཇུག་གོ །

མདུན་དཀྱིལ་ཕྲིན་ལས་འོད་ཕྲེང་།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ དཀོར་སྲུང་ཡིད་བཞིན་དབང་རྒྱལ་གྱི་མདུན་དཀྱིལ་ཤིན་ཏུ་བསྡུས་པ་ཕྲིན་ལས་འོད་ཕྲེང་བཞུགས་སོ༔

ན་ནོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །རྒྱས་པར་སྤྲོ་ན་གཞུང་བཞིན་ལ༔ ཉེ་བར་བསྡུ་ན་འདི་ལྟ་སྟེ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱི༔ ཧཱུྃ༔ རང་ཉིད་ལྷ་ཡི་མདུན་ས་རུ༔ པད་ཉི་བམ་གྱི་གདན་སྟེང་དུ༔ ཆོས་སྐྱོངས་ཆེན་པོ་ཡིད་བཞིན་དབང་༔ ཞལ་གཅིག་ཕྱག་གཉིས་ཌ་དྲིལ་འཁྲོལ༔ པདྨའི་གཉེན་ཞུ་དབུ་ལ་གསོལ༔ རྣལ་འབྱོར་ཆས་རྫོགས་བཞེངས་སྟབས་སུ༔ མཛེས་བརྗིད་རྔམས་པའི་གར་གྱིས་འགྱིང་༔ བསྟན་པ་བསྲུང་བའི་བྱེད་པོར་ཤར༔ ཤར་དུ་ཐལ་སྐྱོང་སྐུ་མདོག་དཀར༔ ཕྱག་གཡས་ནོར་བུ་འབར་བ་བསྣམས༔ ལྷོ་རུ་དོན་གྲུབ་རྒྱལ་པོ་སེར༔ ཕྱག་གཡས་གཏེར་གྱི་བུམ་པ་བསྣམས༔ ནུབ་ཏུ་ཝ་ཀི་པ་ལ་དམར༔ ཁམས་གསུམ་འགུགས་པའི་ལྕགས་ཀྱུ་གཡས༔ བྱང་དུ་སྟག་མདའ་སྐུ་མདོག་ནག༔ ཕྱག་གཡས་སྤེན་གྲི་ཀླད་ལ་ཕྱར༔ ཀུན་ཀྱང་གཡོན་པས་འདོད་དགུ་ཡི༔ བཀང་བའི་རིན་ཆེན་གཞོང་བ་བསྣམས༔ ཞི་རྒྱས་དབང་དྲག་རྒྱན་ཆ་ལུགས༔ མ་ལུས་ཡོངས་སུ་རྫོགས་པར་གསལ༔ རུ་འདྲེན་སྡེ་བཞིའི་འཁོར་གྱིས་བསྐོར༔ ཡང་སྤྲུལ་ལྷ་སྲིན་སྡེ་བརྒྱད་དང་༔ བཀའ་ཉན་ལས་བྱེད་བསམ་མི་ཁྱབ༔ རང་རང་འཚམ་པའི་གདན་ལ་བཞེངས༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ གར་བཞུགས་གནས་ནས་སྤྱན་དྲང་བསྟིམ༔ དེ་ནས་སྤྱན་འདྲེན་བཞུགས་གསོལ་ནི༔ ཧཱུྃ༔ཆོས་སྐྱོང་ཆེན་པོ་འཁོར་དང་བཅས༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ མི་འབྲལ་ཐུགས་རྗེ་བརྩེ་བས་སྐྱོངས༔ རཱ་ཛ་ཙནྡྲ་བཛྲ་ས་མ་ཡ་ཛ་ཛ༔ ས་མ་ཡ་ཏིཥྛ་ལྷན༔དེ་ནས་ཕྱག་འཚལ་མཆོད་འབུལ་ནི༔ ན་མོ༔ སངས་རྒྱས་བསྟན་སྲུང་མཐུ་བོ་ཆེར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ མཆོད་ཆེན་དམ་པའི་བསྟི་སྟངས་བརྗིད༔ ན་མོ་སརྦ་མ་ཧཱ་པཱུ་ཛ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སྔོན་ཚེ་པདྨ་གར་དབང་ཕྱུག༔ རྣམ་སྲས་དབང་རྒྱལ་ཆོ་འཕྲུལ་གྱིས༔ འགྲོ་ཀུན་རྒྱུ་འབྲས་དབུལ་སེལ་ལྷ༔ འཁོར་དང་ཡང་འཁོར་བཅས་ལ་བསྟོད༔ དེ་ནས་འབོད་རྦད་ལས་སྔགས་ནི༔ ཧཱུྃ༔ བདག་ཉིད་ཡི་དམ་ཐུགས་ཀ་ནས༔ འོད་འཕྲོས་ཆོས་སྐྱོངས་ལ་བསྐུལ་ཏེ༔ ཐུགས་ཀར་སྲོག་མཐར་སྔགས་ཕྲེང་ལས༔ འོད་འཕྲོས་འཁོར་འདས་དཔལ་ཡོན་ཀུན༔ བསྡུས་ཏེ་ཞི་རྒྱས་དབང་དྲག་གི༔ དངོས་གྲུབ་ཆར་བཞིན་བབས་པར་བསམ༔ ཨ་རཱ་ཛ་ཙནྡྲ་ས་མ་ཡ་ཛ་ཛ༔ སརྦ་སིདྡྷི་ཕ་ལ་ཝ་ཤཾ་ཀུ་རུ་ཧོ༔ ས་མ་ཡཱ༔ དེ་ལྟར་རྒྱུན་དུ་བརྩོན་བྱས་ན༔ འགྲུབ་རྟགས་ཉི་མ་བདུན་ན་འབྱུང་༔ སྟན་གྱི་དྲོད་མ་ཡལ་བ་དང་༔ ཏིང་འཛིན་ལྷ་ཡི་གཟེར་ལྡན་པས༔ སྔགས་བཟླས་དག་ཀྱང་བར་མ་ཆད༔ དེ་ལྟར་མི་ལྡན་གྱི་ན་བས༔ ཆོས་སྐྱོང་འགྲུབ་པ་ཤིན་ཏུ་དཀའ༔ གནད་ལྡན་མི་འགྲུབ་མི་སྲིད་དེ༔ འཇིགས་སྐྲག་སློང་ན་ངེས་པའི་རྟགས༔ དེ་ནས་དངོས་ཉམས་རྨི་ལམ་དུ༔ རྗེས་བཟུང་རབ་འབྱམས་ཕྲིན་ལས་བསྒྲུབ༔ ས་མ་ཡཱ༔ གྲུབ་རིགས་ག་གཱ་ཨ་བྷྱེ་ཡིས། །སྐལ་བཟང་སློབ་མས་བསྐུལ་ངོར་སྨྲས༔ ཡི་གེའི་རིས་སུ་བཀོད་པ་ནི། །ཨ་བྷ་ཡ་ཡི་མིང་གིས་སོ། །སརྦ་མངྒ་ལཾ། །ཡག་སོ། །ཡག་སོ། །

ཚོགས་མཆོད་འདོད་ཡོན་རྒྱ་མཚོ།

ཡིད་བཞིན་པདྨ་བསྟན་སྐྱོང་གི༔ ཚོགས་མཆོད་འདོད་ཡོན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ༔

ཡིད་བཞིན་པདྨ་དབང་རྒྱལ་གྱི་ཚོགས་བསྐང་འདོད་ཡོན་རྒྱ་མཚོ་ཞེས་བྱ་བ༔ ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བསོད་ནམས་དམ་པའི་མཆོག་གྱུར་བ༔ སྤྱི་དམིགས་རྣམ་པ་བཅུ་དགུ་ལས༔ དང་པོ་ཚོགས་བསྐང་བྱིན་རླབས་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འབྱུང་བའི་ཡི་གེ་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་དངོས་འཛིན་སྦྱངས༔ ཨ་ཨཱཿཧཱུྃ་གི་འོད་ཟེར་གྱིས༔ ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ འདོད་ཡོན་ལྷ་མོའི་སྤྲིན་ཕུང་གཏིབས༔ རཾ་ཡཾ་ཁཾ༔ ཨ་ཨཱཿཧཱུྃ༔ གཉིས་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ དམ་ཚིག་ཐུགས་དམ་དབང་གིས་ནི༔ བླ་མ་རྒྱལ་བ་སྲས་བཅས་དང་༔ ཕྲིན་ལས་དབང་ཕྱུག་དབང་གི་རྒྱལ༔ འཁོར་བཅས་འདོད་ཡོན་ཚོགས་ལ་བྱོན༔ ག་ན་ཙཀྲ་ཛྙཱ་ན་ལོ་ཀ་དཱེ་ཝ་ས་པཱ་རི་ཝ་ར་ཕེཾ་ཛ༔ ཨེ་ཧྱ་ཧི༔ གསུམ་པ་ཚོགས་མཆོད་འབུལ་བ་ནི༔ ཧཱུྃ༔ ངོ་བོ་རང་རྩལ་འདུ་འབྲལ་མེད༔ གང་འདུལ་ཚུལ་གྱིས་འགྲོ་དོན་མཛད༔ བླ་མ་ལྷ་དང་བསྲུང་མར་བཅས༔ ཟག་མེད་འདོད་ཡོན་ཚོགས་མཆོད་འབུལ༔ ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བཞི་བ་ཐུགས་དམ་བསྐངས་བ་ནི༔ ཨོཾ༔ ཉེར་སྤྱོད་བཟང་དགུ་ཕྱི་ཡི་རྫས༔ ༼ བུམ་དབང་དང་མཐུན་པའི་མཆོད་པ། ༽ འདོད་ཡོན་ལྷ་མོ་ནང་གི་གར༔ ༼ གསང་དབང་དང་མཐུན་པའི་མཆོད་པ། ༽སྨན་རཀ་གཏོར་མ་སྦྱོར་སྒྲོལ་གླུ༔ ༼ ཤེར་དབང་དང་མཐུན་པའི་མཆོད་པ། ༽ཡེ་ཤེས་ཕྱག་ ༼ ཚིག་དབང་དང་མཐུན་པའི་མཆོད་པ། ༽རྒྱ་བླ་ན་མེད༔ རྩ་གསུམ་སྲུང་མར་བཅས་པ་ཡི༔ ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ༔ བརྟུལ་ཞུགས་ཆས་དང་བསྐོར་བའི་རྒྱ༔ ཏིང་འཛིན་ལྟ་བ་རྨད་དུ་བྱུང་༔ གྲོལ་ཡན་བྱང་ཆུབ་སེམས་གཉིས་ཀྱི༔ མཆོད་ཆེན་དམ་པའི་རྣམ་པར་ཐར༔ ཉམས་ཆགས་ཉེས་ལྟུང་སྐོངས་ཕྱིར་འབུལ༔ བརྩེ་ཆེན་ཐུགས་རྗེའི་བཞེས་སུ་གསོལ༔ ཨོཾ་སརྦ་པཱུ་ཛ་ར་ཏི་ཨ་ཧཾ་ཧོ༔ ཁཱ་ཧི་ཁཱ་ཧི༔ ལྔ་བ་ཉེས་པ་བཤགས་པ་ནི༔ ཨཱ༔ རང་བཞིན་མཉམ་པའི་ཆོས་སྐུ་ལས༔ བརྫུ་བག་ཐབས་ལ་མཁས་པའི་ཆར༔ ལྟ་བ་དམན་སོགས་སྤྱོད་པ་ཡི༔ ཚུལ་ཉམས་མཐའ་དག་མཐོལ་ལོ་བཤགས༔ དགོངས་པ་ཚད་དུ་མ་འཁྱོལ་བར༔ མཆོད་པ་ལོ་ཟླར་འདས་པ་དང་༔ སྔགས་བཟླས་གྲངས་ཀྱིས་མ་ལོང་བ༔ འདོད་ཡོན་མཆོད་པ་འདིའི་བསྐང་ངོ་༔ ལྷ་ལ་བརྙེས་སྨོད་རང་གི་སྐྱོན༔ བཀལ་ནས་ཡིད་ཆད་བྱས་པ་དང་༔ རྒྱུ་ཆུང་ཕུད་ཉམས་ལ་སོགས་པ༔ བཤགས་སོ་འཁོན་འདྲེས་དག་གྱུར་ཅིག༔ བཛྲ་ས་མ་ཡཱ་ཤུདྡྷེ་བི་ཤུདྡྷེ་ཨཱ༔ དྲུག་པ་བསྒྲལ་བའི་མཆོད་པ་ནི༔ ཕཊ༔ བདག་འཛིན་གདོན་གཟུགས་དོན་ཤར་བ༔ དགྲ་བགེགས་རེ་དོགས་ཕན་གནོད་ཀྱི༔ རྒྱུ་འབྲས་མཚན་མ་དབྱིངས་སུ་བཟློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ མ་ཧཱ་བིགྣན་ནྲ་ཏྲི་ཤ་ཏྲཾ་མ་ར་ཡ་ཕཊ༔ བདུན་པ་ཕུང་ཁམས་ཡབ་ཡུམ་སྦྱོར་མཆོད་ནི༔ ཝཾ༔ བདེ་ཆེན་རྡོ་རྗེ་ཡབ་ཀྱི་ངང་༔ ཨེ་དབྱིངས་ཡུམ་ལྔའི་སྙིགས་མ་ཡང་༔ དག་པས་དག་པ་མཉམ་སྦྱོར་བར༔ ཨ་ནུ་ཡོ་གའི་ཀློང་དུ་རོལ༔ མ་ཧཱ་ར་ག་པཱ་ལ་ཨ་རོ་ལིཀ༔ པཱུ་ཛ་ཁཱ་ཧི༔ ཞེས་བརྗོད་འདོད་ཡོན་ཚོགས་ལ་རོལ༔ བརྡའ་དང་བརྡའ་ལེན་འདི་ལྟར་རོ༔ ཀྱཻ༔ ལྷ་དང་བླ་མ་མཁའ་འགྲོ་མ༔ དམ་ཅན་རྒྱ་མཚོ་ངམ་ཟིན་གྱི༔ རྣལ་འབྱོར་ཕུང་ཁམས་རྡོ་རྗེའི་སྐུ༔ ཐེག་ཆེན་འདི་ཡི་རྒྱན་ལ་རོལ༔ ཨ་ཧོ་མ་ཧཱ་སུ་ཁ་པཱུ་ཛ་ཁཱ་ཧི༔ དེ་ནས་དབང་འབྱོར་ལས་དྲངས་ནས༔ ཧོ༔ བདུད་རྩི་ཡོན་ཏན་ཚིམ་པ་དྲུག་ལྡན་ནི༔ ཨ་ཧཾ་འབར་འཛག་ནང་གི་བསྲེགས་ཤིང་གྱུར༔ མཚན་དཔེ་དགའ་བ་བཅུ་དྲུག་རྡོ་རྗེའི་སྐུ༔ སྟོང་ཉིད་ལང་ཚོ་རྒྱས་པའི་དཔྱིད་དུ་ཤར༔ ཨ་ལ་ལ་ཧོ༔ ཞེས་རོལ་ལོ༔ ལྷག་མཆོད་འདོད་ཡོན་རྒྱ་མཚོར་བརླབས༔ ཧཱུྃ༔ དབང་ཕྱུག་མ་སོགས་སྔོན་བྱུང་གི༔ ལྷག་ལ་དབང་པའི་ཕོ་ཉ་དང་༔ འཁོར་གྱི་དྲེགས་པ་སྡེ་བརྒྱད་དང་༔ ཕྱག་བརྙན་རྒྱ་མཚོར་མཆོད་པ་འབུལ༔ མཆོག་ཐུན་དངོས་གྲུབ་གྲོགས་མཛོད་ཅིག༔ དམ་ལ་མ་འདའ་ས་མ་ཡཱ༔ ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ དེ་ནས་བསྐུལ་བསྡུས་བྱེད་ན༔ ཛ༔ ཆོས༵་སྐྱོངས་འགྲོ་འདུལ་ཐུགས་རྗེའི་བདག༔ ཆོས༵་དབྱིངས་ཀློང་ནས་སྐུར་བཞེངས་ཤིག༔ ཆོ༵ས་བཞིན་བསྒྲུབ་པའི་བར་ཆད་སོལ༔ ཆོས༵་སྲིད་དབང་ཐང་དར་རྒྱས་མཛོད༔ ཆོས༵་ལ་སྡང་བའི་བསྟན་དགྲ་སོད༔ ཆོས༵་འཁོར་གཉན་པོ་བསྲུང་སྐྱོབས་མགོན༔ ཆོས༵་ཉིད་བདེན་པའི་རང་ཀློང་དུ༔ ཆོས༵་ཅན་འཁོར་བ་དབྱིངས་སུ་བཟློག༔ ཨ་རཱ་ཛ་ཙནྡྲ་ས་མ་ཡ་ཀརྨ་སརྦ་ཧོ་ཡེ་སིདྡྷི༔ ཅེས་ཀྱང་ག་གཱས་སོ། །བཅུ་གཅིག་ཆད་མདོ་སྐྱོང་བ་ནི༔ ཧཱུྃ༔སྔོན་ཚེ་པདྨ་གར་དབང་ཕྱུག༔ ཀློང་གསལ་བདུད་འདུལ་ཁྲོ་བོ་ལོད༔ ཁྲག་འཐུང་ག་གཱ་ཨ་བྷྱེ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཆད་ལ་བརྩོན་པའི་དམ་ཅན་ཚོགས༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཕྲིན་ལས་རབ་འབྱམས་ཁྱོད་ཀྱིས་བསྒྲུབ༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོང་༔ རཏྣ་བྷ་ལིངྟ་མཾ་ས་རཀྟ་སརྦ་ནིརྟི་ཁཱ་ཧི༔ བཅུ་གཉིས་བསྟན་མའི་མཆོད་འབུལ་ནི༔ བྷྱོ༔ བོད་ཁམས་སྐྱོང་མཛད་མ་སྲིང་སྡེ༔ བསྟན་པ་བསྲུང་བར་ཞལ་བཞེས་པ༔ འཁོར་བཅས་འདིར་བྱོན་མཆོད་པ་བཞེས༔ མུ་སྟེགས་རྒྱུ་བའི་ལམ་སྲང་ཆོད༔ མ་ཧཱ་བྷ་ལིངྟ་ཁཱ་ཧི༔ དེ་ནས་དམ་སྲི་མནན་པ་ནི༔ དགུགས་གཞུགས་ལན་གསུམ་བགྱིས་པའི་མཐར༔ གཏོར་གཞོང་དགྲ་བགེགས་སྟེང་དུ་མནན༔ རི་རབ་ཆེན་པོའི་ལྷན་ནེར་བསྒོམ༔ སྟེང་དུ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ གླུ་བྲོ་གར་གྱི་བརྟུལ་ཞུགས་སྤྱོད༔ བྷྲཱུྃ༔ གཏོར་གཞོང་ཀེང་རུས་རི་རབ་དབྱིབས༔ ནང་ནི་མནར་མེད་ཁང་བ་རྔམ༔ སྟེང་རོལ་དཀྱིལ་འཁོར་བཀོད་པ་རྫོགས༔ གར་གྱིས་སྟོབས་བཅོམ་ཉོན་མོངས་མེད༔ སྡིག་ཟད་ཐེག་པ་རིམ་དགུ་རྟོགས༔ བྱང་ཆུབ་ཡང་དག་མ་སྐྱེས་པར༔ ལྡང་མེད་ཐབས་ཀྱི་གཡོ་བ་འདིའི༔ དེ་མ་ཐག་ཏུ་གྲོལ་ཐར་རྒྱ༔ སྟྭཾ་བྷ་ཡ་ནན༔ ཀ་ཡ་ཝཀྐ་ཙིཏྟ་བཛྲ་ནན༔ བཅུ་བཞི་དངོས་གྲུབ་བླངས་བ་ནི༔ ཧཱུྃ༔ རྩ་གསུམ་རྣམ་རོལ་དབང་གི་རྒྱལ༔ བསྒྲུབ་མཆོག་བདག་ལ་དགྱེས་ཞལ་སྟོན༔ མཆོག་ཐུན་དངོས་གྲུབ་མ་ལུས་པ༔ མྱུར་བའི་ཤུགས་ཀྱིས་ད་ལྟ་སྩོལ༔ ཧཱུྃ་ཧཱུྃ་རཱ་ཛ་ཙནྡྲ་པདྨ་དྷརྨཱ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧོ༔ བཅོ་ལྔ་ཐུགས་འགལ་བཤགས་པ་ནི༔ ཧཱུྃ༔ བདག་ནི་རྣལ་འབྱོར་བསྒྲུབ་པ་པོའི༔ རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི༔ གསང་བ་རྒྱལ་བོའི་ཁྱད་པར་བ༔ བསྲུང་མ་གཉན་པོའི་ལྷག་གང་གིས༔ ཉམས་ཆགས་རྟོག་སྒྲིབ་མཐོལ་ལོ་བཤགས༔ དག་ཚངས་སྙིང་རྗེས་བཟོད་པར་བཞེས༔ སརྦ་ཤུདྡྷེ་ཨཱ༔ བཅུ་དྲུག་དཀྱིལ་འཁོར་བསྡུ་བ་ནི༔ ཨེ༔ ཆོས་སྐུ་སྤྲོས་བྲལ་རོ་གཅིག་གིས༔ རྒྱ་མཚོ་ཆེ་ལ་ཆུ་བོ་འདུས༔ འཁོར་འདས་བཟང་ངན་འཛིན་ཞེན་གོལ༔ རང་གྲོལ་ལྟ་བ་རྒྱ་འབྱམས་ལྷུག༔ ཨ་ཨ་ཨཱ༔ སླར་ཡང་ལྡང་བའི་རིམ་པ་ནི༔ ཨོཾ༔ མཚན་མ་སྐུ་གསུང་ཐུགས་དབྱེར་མེད༔ ཡེ་ཤེས་སྤྲུལ་སྐུ་སྣང་བའི་དཔལ༔ ཕྲིན་ལས་འགྲོ་བའི་མགོན་པོ་ནི༔ ཕྱག་རྒྱ་གཅིག་སྐུ་འབྲས་བུར་བཞེངས༔ རཱ་ཛ་ཙནྡྲ་ཧོ༔ བཅོ་བརྒྱད་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ འདིའི་མཚོན་དམིགས་བཅས་དམིགས་མེད་ཀྱི༔ བསོད་ནམས་ཡེ་ཤེས་ཚོགས་རབ་མཐུས༔ འགྲོ་ཀུན་བདེ་ལེགས་ཕུན་སུམ་ཚོགས༔ པདྨ་ཧེ་རུའི་གནས་ཐོབ་ཤོག༔ བཀྲ་ཤིས་དཔལ་འབར་འདུན་སྨོན་ནི༔ ཧཱུྃ་ཧྲཱི༔ ངོ་བོ་དབྱིངས་མཉམ་དཀོན་མཆོག་དགུ་སྤྲུག་ལྷ༔ རྣམ་པ་སྣང་མཉམ་སྒྱུ་མ་རྟགས་ཀྱི་སྐུ༔ ཕྲིན་ལས་གཞོལ་མཉམ་རྣམ་མཁྱེན་མཆོག་ལ་འབབ༔ རྩ་གསུམ་བསྲུང་མར་བཅས་པའི་བཀྲ་ཤིས་ཤོག༔ མི་ལ་བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས༔ དཔལ་ལ་བཀྲ་ཤིས་འཕགས་ནོར་རྒྱན་གྱིས་སྤུད༔ ཟས་ལ་བཀྲ་ཤིས་ཏིང་འཛིན་ཟག་པ་མེད༔ སྲིད་གསུམ་གཞི་ལ་བཞེངས་བའི་བཀྲ་ཤིས་ཤོག༔ དེ་སྲིད་མི་མཐུན་ཕྱོགས་ཀུན་ཞི་བ་དང་༔ མཐོ་རིས་ཡོན་ཏན་འབྱོར་བ་དྲུག་ལྡན་རྒྱས༔ ཁམས་གསུམ་མོས་བཞིར་དབང་བསྡུད་བྲན་དུ་ཁོལ༔ གནོད་བྱེད་དྲག་ཐབས་སྣ་ཚོགས་ཐབས་ཀྱིས་འདུལ༔ བདེ་སྐྱིད་རྫོགས་ལྡན་གསར་བའི་སྒོ་འཕར་ཕྱེས༔ བཀྲ་ཤིས་བདེ་ལེགས་དམ་པ་མཛད་དུ་གསོལ༔ ས་མ་ཡཱ༔ ཐུགས་བསྐྱེད་དུས་བབས་པདྨ་བསྟན་སྐྱོང་གི༔ ཚོགས་མཆོད་འདོད་ཡོན་སྤྲིན་ཕུང་ཞེས་བྱ་བ༔ དུས་མཐའི་སྔགས་མིང་ག་གཱ་ཨ་བྷྱེ་ཡིས༔ སྐལ་བཟང་སློབ་མས་བསྐུལ་ངོར་གསལ་བར་བྱས༔ ཅེས་ཀྱང་དགའ་རབ་རྡོ་རྗེའི་ངོར་སྐལ་ག་གཱས་སོ། །དགེའོ། །དགེའོ། །དགེའོ། །

དཀོར་སྲུང་ཚོགས་བསྡུས་ཚོགས་གཉིས་མྱུར་རྫོགས།

སྒྱུ་འཕྲུལ་དྲྭ་བ་འཁྲིལ་བ་ལས༔ དཀོར་སྲུང་ཚོགས་བསྡུས་ཚོགས་གཉིས་མྱུར་རྫོགས་ཞེས་བྱ་བ་བཞུགས་སོ༔

རཾ་ཡཾ་ཁཾ༔ ཨ་ཨཱཿཧཱུཾ༔ ཟག་མེད་འདོད་ཡོན་ལྷ་མོའི་རྩེན༔ ཨེ་ཧྱ་ཧི་མ་ཧཱ་ཀ་རི་ཎི་ཀ་དྲ་ཤ་ཧོ༔ བསོད་ནམས་ཞིང་དུ་སྤྱན་འདྲེན་ནོ༔ བླ་མ་དཀོན་མཆོག་རྩ་བ་གསུམ༔ ཆོས་སྐྱོངས་འཁོར་བཅས་གཤེགས་སུ་གསོལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༔ ཐུགས་དམ་དགྱེས་པ་སྐོངས་བ་དང་༔ ཐུགས་འགལ་ཉམས་ཆགས་གསོ་ཕྱིར་འབུལ༔ དགྲ་བགེས་བསྒྲལ་བའི་ཤ་ཁྲག་གི༔ རྣམ་པ་ཡེ་ཤེས་ངོ་བོའི་མཆོད༔ ལྷག་སྐྱོང་ཕོ་མོའི་ལྷག་ལ་རོལ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ ག་ན་ཙཀྲ་ལ་ཁཱ་ཧི༔ ཞེས་གྲངས་བསགས་པ་དང་རྒྱུན་གསོལ་དང་བསྒྲག༔ འདི་ཡང་དགའ་རབ་རྡོ་རྗེའི་ངོར་ཁྲག་འཐུང་ག་གཱ་ཨ་བྷྱེས་སོ། །ཤིན་ཏུ་བསྡུ་ན༔ རཾ་ཡཾ་ཁཾ༔ ཨ་ཨཱཿཧཱུྃ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་སྤྲིན༔ ཡེ་ཤེས་བདུད་རྩིའི་ཚོགས་མཆོད་ནི༔ གཟུང་འཛིན་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ལྔ་བདུད་རྩི་དམ་པ་འདི༔ དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ ཐུགས་དམ་བསྐང་ལ་ཉམས་ཆགས་སྐོངས༔ ལྷག་སྐྱོང་ཕོ་མོར་བཅས་སུ་མཆོད༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ མ་ཧཱ་ག་ན་ཙཀྲ་ཁཱ་ཧི༔ ག་གཱས་སོ། །རབ་ཏུ་བསྡུ་ན༔ རཾ་ཡཾ་ཁཾ༔ ཨ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱི༔ ཚོགས་རྫས་མ་དག་མཚན་མ་སྦྱངས༔ དག་ཆེན་ཡེ་ཤེས་རོལ་མོ་ཆེར༔ མཆོད་ཡུལ་མགྲོན་ཀུན་སྤྱན་འདྲེན་གཤེགས༔ ཕྱི་ནང་དགྲ་བགེགས་བསྒྲལ་བའི་རྫས༔ ཕུད་དང་ལྷག་མར་བཅས་པ་འདི༔ སོ་སོའི་ཡུལ་ལ་འཚམས་པར་འབུལ༔ ཐུགས་དམ་གཉན་པོ་ཡར་སྐོངས་ལ༔ ཚེ་རབས་སྡིག་ལྟུང་ཉམས་ཆགས་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ ག་ན་ཙཀྲ་པཱུ་ཙ་ཧོ༔ ཅེས་བརྗོད་ག་གཱས་སོ། །ཚོགས་བསྡུས་ནི༔ རཾ་ཡཾ་ཁཾ༔ ཨ་ཨཱཿཧཱུྃ༔ ཕྱི་ནང་གསང་མཆོད་ཡོངས་རྫོགས་པའི༔ ག་ཎ་ཚོགས་ཀྱི་མཆོད་པ་འདི༔ རྩ་གསུལ་ལྷ་དང་བསྲུང་མར་བཅས༔ ཁྱད་པར་ཡིད་བཞིན་དབང་གི་རྒྱལ༔ འཁོར་བཅས་འདིར་གཤེགས་ཚོགས་ལ་རོལ༔ ཉམས་ཆགས་ཀུན་དག་དགྲ་བགེགས་སྒྲོལ༔ ཞལ་དུ་བསྟབ་པོ་ཁཱ་རཾ་ཁཱ་ཧི༔ ལྷག་མའི་མགྲོན་དང་བཅས་པ་ཀུན༔ མཆོད་ཆེན་སྦྱོར་བས་མཉེས་གྱུར་ནས༔ བདག་ཅག་ཚོགས་རྫོགས་མཆོག་ཐུན་གྱི༔ དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ འབྲོག་འཇིག་དགའི་ངོར་ཤྲཱི་བས་སོ། །ཚོགས་བསྡུས་ནི༔ རཾ་ཡཾ་ཁཾ༔ ཨ་ཨཿཧཱུྃ༔ འཁོར་གསུམ་གཞིར་བཞེངས་ཚོགས་ཡུལ་ངོ་བོར་སད༔ རྩ་གསུམ་བསྲུང་མར་མཆོད་འབུལ་ཉམས་ཆགས་བཤགས༔ ཐུགས་དམ་བསྐངས་གྱུར་དགྲ་བགེགས་སྒྲོལ་ཞིང་སྟོབས༔ ལྷག་གཏོར་བཞེས་ལ་ཚོགས་རྫོགས་དངོས་གྲུབ་སྩོལ༔ ཞེས་སམ་ཡང་ན༔ ཨ་ཨཱཿཧཱུྃ་མ་ཧཱ་ག་ན་ཙཀྲ་ཤུདྡྷེ་དེ་ཝ་བི་ཤྭ་ས་མ་ཡ་བི་ཤུདྡྷེ་སརྦ་བིགྣན་མ་ར་ཡ་ཁ་རཾ་ཁཱ་ཧི༔ ཨུཥྩི་ཊ་ཁཱ་ཧི༔ གཡོ་སྐྱའི་ང་རྒྱལ་ཞི། །འདོད་ཆགས་སོད་པར་གྱུར་ཅིག །ཤེས་རབ་བློ་འཕེལ་སྣ་བོ་ཆེ་སྭཱ་ཧཱ། །ག་གཱས་སོ། །

ཁམས་གསུམ་དབང་གི་རྒྱལ་བོའི་བསྐང་བསྡུས་འདོད་འཇོའི་བུམ་བཟང་།

ཁམས་གསུམ་དབང་གི་རྒྱལ་བོའི་བསྐང་བསྡུས་འདོད་འཇོའི་བུམ་བཟང་བཞུགས་སོ༔

རཾ་ཡཾ་ཁཾ༔ ཨ་ཨཱཿཧཱུྃ༔ ཀྱཻ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དང་དམ་ལ་ལེགས་གནས་ཤིང་༔ བསྟན་དང་དེར་འཛིན་སྐྱོངས་མཛད་པ༔ ཡིད་བཞིན་པདྨ་བསྟན་སྐྱོངས་ནི༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ བསྟན་པ་སྲུང་ཕྱིར་ཕྱག་ཀྱང་འཚལ༔ ཕྱི་ལྟར་ཉེར་སྤྱོད་རིན་ཆེན་བདུན༔ ནང་ལྟར་འདོད་ཡོན་སྣ་ལྔ་དང་༔ དྲག་པོའི་རྣམ་ལྔ་གསང་བ་ཡི༔ སྨན་གཏོར་རཀྟ་གྷ་ན་ཚོགས༔ དཀོར་ནོར་ཟས་གོས་རྒྱན་ཆེན་པོ༔ སྲིད་ཞིའི་འབྱོར་ཚོགས་མ་ཚང་མེད༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་རུ༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས༔ བྱིན་གྱིས་རླབས་ཏེ་མཆོད་པ་འབུལ༔ ཁམས་གསུམ་དབང་དུ་བསྡུད་པ་དང་༔ གསོལ་དོན་མ་ལུས་ལྷུན་གྲུབ་ཅིང་༔ མི་མཐུན་རྐྱེན་ངན་བར་ཆད་སོལ༔ རྟག་ཏུ་སྲུང་སྐྱོབས་མེལ་རྩེ་མཛོད༔ དགྲ་བགེགས་གདུག་པ་ཚར་ཆོད་ཅིག༔ ཟས་ནོར་ལོངས་སྤྱོད་སྤེལ་ཞིང་སྐྱོངས༔ དམ་ལ་མ་འདའ་དམ་ཚིག་ཅན༔ བཛྲ་ས་མ་ཡ་ཨེ་དམ་བྷ་ལིངྟ་ཁཱ་ཧི༔ ཞེས་ཀྱང་རྟ་མགྲིན་ངོར་ག་གཱས་སོ། །

དཀོར་བསྲུང་དབང་གི་རྒྱལ་པོའི་གསོལ་མཆོད་ཁམས་གསུམ་འགུགས་པའི་ལྕགས་ཀྱུ།

དཀོར་བསྲུང་དབང་གི་རྒྱལ་པོའི་གསོལ་མཆོད་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རིན་ཆེན་སྣོད་གཙང་ཡངས་བ་རུ༔ གཏོར་མ་བརྗིད་མཛེས་ཟླ་གམ་ལ༔ ལྟེ་བར་པདྨའི་ཕྲ་ཚོམ་བཀོད༔ དེ་ཡི་ཤར་དུ་རིན་ཆེན་གྲལ༔ ལྷོ་ཕྱོགས་ཐམས་ཅད་ཟས་སྣས་བརྡལ༔ ཀླུ་ཡི་ཕྱོགས་སུ་གོས་དར་ཟབ༔ གནོད་སྦྱིན་གོ་སར་མཚོན་ཆ་གཟེངས༔ མེ་ལ་དེ་ནི་སྨན་སྣའི་རིགས༔ སྲིན་པོར་གཡུ་བྱུར་སྣ་ཚོགས་དང་༔ རླུང་དུ་ཁྱད་འཕགས་རྐང་འགྲོའི་གཟུགས༔ དབང་ལྡན་ཀ་ཆ་དཀོར་ཆ་དང་༔ དེ་ཕྱིར་ཕྲེང་བ་ཉིད་ལ་ནི༔ མེ་ཏོག་དང་ནི་ནོར་བུའི་འཁོར༔ ཤར་འདབས་ཐམས་ཅད་སྒྲོན་གསུམ་གཟུགས༔ ལྷོ་འདབས་ཆུ་མཚོ་ལྡིང་ཀ་འཁྱིལ༔ ནུབ་འཁོར་ཐམས་ཅད་སྡེར་ཆགས་སོགས༔ སྤྱན་གཟིགས་མདངས་ལ་བར་མཚམས་མེད༔ བྱང་ཞོལ་ཀུན་ནས་བསུང་ཞིམ་དྲི༔ དེ་ཡི་མུ་མཐའ་ཀུན་ནའང་༔ གཟུགས་མཛེས་ཤར་དང་སྒྲ་སྙན་ལྷོ༔ དྲི་ཞིམ་ནུབ་དང་རོ་མངར་བྱང་༔ རིན་ཆེན་རི་དང་དཔག་བསམ་ཤིང་༔ འདོད་འཇོའི་བ་མོ་མ་རྨོས་པའི༔ ལོ་ཏོག་རྒྱལ་སྲིད་ཆེན་པོ་བདུན༔ ཉེ་བའི་རིན་ཆེན་ནོར་ཆ་བདུན༔ ཁྱད་པར་མཆོད་པའི་ཡོ་བྱད་མཆོག༔ ཕྱི་ནང་གསང་བའི་མཆོད་པ་དང་༔ དཔུང་བཞི་ལ་སོགས་ཚུལ་དུ་བཀོད༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟར་གཏིབས༔ རང་ཉིད་རྩ་གསུམ་ང་རྒྱལ་གྱིས༔ གནས་ཤིང་དངོས་འབྱོར་མཆོད་པ་ལ༔ ཡིད་དང་ཏིང་འཛིན་སྤྲུལ་བསྒྱུར་གྱིས༔ འཛད་མེད་གནམ་ས་གང་བར་དམིགས༔ ཆོས་སྐྱོང་གཞུང་བསྲང་གསལ་བརྟན་ལ༔ ༼ ཆོས་སྐྱོང་གཞུང་བཞིན་གསལ་བཏབས་ལ༔ ཞེས་དཔེ་གཅིག་ན་སྣང་། ༽བསོད་ནམས་མཆོད་པ་འདི་ལྟ་སྟེ༔ སྭ་བྷ་ཝ་ཡིས་སྟོང་བར་སྦྱངས༔ ཨ་ཨཱཿཧཱུྃ༔ གིས་མཆོད་པའི་སྤྲིན༔ ཧ་ཧོ་ཧྲཱི༔ ཡིས་མང་དུ་སྤེལ༔ ཧཱུྃ༔ རང་ཉིད་ལྷ་ཡི་མདུན་ངོས་སུ༔ དངོས་སུ་འབྱོར་བའི་མཆོད་པའི་རྫས༔ སྐད་ཅིག་ཉིད་ལ་གཟུངས་སྨོན་གྱིས༔ ཡོངས་རྒྱས་དམིགས་བསམ་མཐའི་རྒལ་བའི༔ འཇིག་རྟེན་ལས་འདས་སྲིད་པ་ཡི༔ དཔལ་དང་འབྱོར་བ་ཕུན་སུམ་ཚོགས༔ མ་ལུས་ལུས་པ་མེད་པར་གསལ༔ མཱཾ༔ སྣ་ཚོགས་ལྷ་དང་མི་ཡི་ཡུལ༔ ཀུན་ན་དྭངས་བསིལ་འཇམ་ཡངས་ཀྱི༔ ཡོན་ཏན་ཕུན་ཚོགས་མཆོད་ཡོན་དང་༔ འོ་མ་ཞོ་ཡི་རྒྱ་མཚོ་དང་༔ སྦྲང་རྩི་འཁྱིལ་དང་ཛ་གད་ཆང་༔ ཇ་དང་ལི་ཁར་ཀོ་ལ་དང་༔ དམར་ཆེན་རཀྟའི་རྦ་ཀློང་ཆབ༔ བྱང་ཆུབ་སེམས་ཀྱི་ཏི་ལ་ཀ༔ ལན་ཚྭ་ར་དང་མར་ཁུའི་མཚོ༔ དག་གཙང་དྲི་མེད་བསིལ་བྱེད་པའི༔ བདུད་རྩི་དམ་པ་ཡོན་ཏན་ལྡན༔ ཕུད་སྐྱེམས་གཙང་ཞིམ་མཆོད་ཡོན་ཀྱིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཏྲཱྃ༔ བསམ་འཕེལ་སེར་པོ་དབང་རྒྱལ་དམར༔ ཕ་རོལ་དཔུང་འཇོམས་ལྗང་སྔོན་པོ༔ ཆིང་བུ་དཀར་པོ་བརྒྱ་བྱིན་གྱིས༔ ཐོད་དང་ཀླུ་དབང་གཙུག་གི་ནོར༔ ཆ་བདུན་དབྱིག་གི་རིགས་བྱེད་ནི༔ ཆ་ཤས་རེ་དང་མཐའ་དག་པའི༔ རེ་སྐོང་ཚར་བུར་བརྒྱུས་པ་དང་༔ རུས་རྒྱན་སྐམ་རློན་རྙིད་པ་ཡི༔ ཐོད་དང་ཐེ་ཚོས་ནེ་ཚོས་བརྒྱན༔ མིག་སྙིང་ནང་ཁྲོལ་དོན་གྱི་ཕྲེང་༼ སྒྲེང་ཞེས་སྣང་། ༽༔ སོ་དང་རྣ་བ་ལ་སོགས་དང་༔ ཤེལ་དང་བཻཌཱུར་པདྨ་རག༔ ཨིནྡྲ་བྱུ་རུ་གཟི་དུང་འོལ༔ སྤུག་དང་མུ་མེན་ནལ་མཆོང་པ༔ སྤོས་ཤེལ་མརྒད་གཡུ་དམར་སོགས༔ སྤེལ་ལེགས་མཛེས་བརྗིད་འཕྱོར་རྒྱན་གྱིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧྲཱི༔ པདྨ་དང་ནི་ཨུཏྤ་ལ༔ ཧ་ལོ་ཨ་ཤོ་ཤིང་ཤིང་དྲིལ༔ བ་ཀུ་ལ་དང་ཀུ་མུད་ད༔ ཨུ་དུམ་ཝ་ར་ལ་སོགས་པ༔ ཆུ་དང་ཐང་ལས་སྐྱེས་པ་ཡི༔ ལྷ་མིའི་ཡུལ་གྱི་མེ་ཏོག་རིགས༔ དཀར་སེར་དམར་ལྗང་མཐིང་སྔོན་ནག༔ ཁྲ་བོ་ཅ་ཀ་ལེབ་རྒན་མདོག༔ དབང་པོ་ལྔ་ཡི་མེ་ཏོག་སོགས༔ དབྱིབས་ལེགས་དྲི་ཞིམ་ཡིད་འོང་མཛེས༔ དཔག་ཚད་མང་པོར་རྒྱས་པའི་འདབ༔ ཟེའུ་འབྲུར་སྦྲང་རྩིའི་རོ་མཆོག་ལ༔ རྐང་དྲུག་སྦྲང་མའི་སྙན་འཇེབས་འཁོར༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ པཱཾ༔ ཙནྡན་ས་མཆོག་སྦྲུལ་གྱི་སྙིང་༔ ཨ་ཀ་ར་དང་དུ་རུ་ཀ༔ རྒྱ་སྤོས་སྤང་སྤོས་ལྷན་སྐྱེས་དང་༔ སྦྱར་ནས་བྱུང་བའི་དྲིའི་བྱེ་བྲག༔ རླུང་ལ་ཞོན་པའི་རྫུ་འཕྲུལ་ཅན༔ སྨུགས་འཐིབ་སངས་ཤིང་དགའ་བ་བསྐྱེད༔ དཔག་ཚད་བརྒྱ་ཁྲིར་གདུགས་ཀྱིས་འགེབ༔ སྤྲིན་དང་ལྡིང་གུར་བླ་རེ་འཁྲིགས༔ ཤ་ཚིལ་བསྲེགས་པའི་གསུར་ཆེན་གྱིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ རཱཾ༔ ཉི་མ་དང་ནི་ཟླ་བ་རྒྱས༔ གདེང་ཀའི་ས་འོག་མུན་པ་སེལ༔ རྩི་མར་འབྲུ་མར་འབྲི་ཡི་མར༔ ཤིང་རས་འོད་མདངས་རིན་ཆེན་སྒྲོན༔ རྐང་ཚིལ་ཞུན་གྱི་མར་མེ་དང༔ ལྷ་ཡི་རང་འོད་ལ་སོགས་པ༔ སྟུག་པོའི་མུན་པ་བཅིལ་ལ་ཆས༔ སྐྱེ་འགྲོའི་མིག་གི་གསོས་སུ་གྱུར༔ འོད་ཀྱིས་གྲངས་མེད་འཇིག་རྟེན་ཁྱབ༔ མང་ཉུང་ཚད་ལ་གཞལ་དུ་མེད༔ ཁ་དོག་སྣ་ཚོགས་འབར་བ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ གོས་དར་རས་ཕྲུག་སྣམ་བུ་དང་༔ ཟ་འོག་སྣ་ཚོགས་དར་ཟབ་རས༔ མཆོག་གི་པཉྩ་ལི་ཀ་དང་༔ དྲོ་འཇམ་ལྤགས་པའི་རིགས་བྱེད་དང་༔ དངོམ་ཆེན་བགོ་བའི་གོས་གསུམ་སོགས༔ མཛེས་ཤིང་འཇའ་རིས་བཀྲག་ཏུ་འཚེར༔ སྲབ་ཡང་བསིལ་ལྡན་དྲི་མ་མེད༔ རྡུལ་མི་འབྱུང་ཞིང་དྲི་ཞིམ་འཐིབ༔ རྡོས་མི་རགས་ཅིང་སྙོགས་བག་མེད༔ བརྐྱང་ན་གླིང་བཞི་ཀུན་ནས་འགེབས༔ དྲིལ་ན་འཆིང་བའི་འུབས་སུ་འདུས༔ གྱོན་ན་རན་ཅིང་འཚམ་པར་འགྱུར༔ དྲོ་གྲང་གང་འདོད་ཁ་དོག་མཛེས༔ གོ་ཁྲབ་བེམ་དང་ཚེམ་ཚེམ་བསྟར༔ ཕབ་དང་རྨོག་སག་དབུ་ཡི་ཞྭ༔ ལྷམ་ཆ་གོས་ཀྱི་རིགས་བྱེད་འབུམ༔ སྟག་གཟིག་ཐུལ་བ་བེར་ཟླ་གམ༔ འདུང་མོ་ཕུ་དུང་ཆོས་གོས་གསུམ༔ ཕུ་དུང་ ༼ ཕོ་ལུང་དཔྱད། ༽ དར་གྱི་སྟོད་འབོགས་མཛེས༔ འཇམ་མཉེན་རེག་ན་བདེ་བསིལ་དྲོ༔ འཇིགས་བྲལ་སྲོག་སྐྱོབས་གོས་ཀྱི་རིགས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ བརྗིད་ལྡན་དམ་རྫས་གཏོར་ཆེན་འབར༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ འདོད་ཡོན་ལྷ་མོའི་རོལ་བར་རྩེན༔ ཞལ་ཟས་རོ་བརྒྱ་ནུས་སྟོང་ལྡན༔ དཀར་གསུམ་མངར་གསུམ་དམར་གསུམ་འཛོམ༔ འབྲས་དྲུག་འབྲས་བུ་ཕུན་སུམ་ཚོགས༔ ཕྲུམ་དང་ཚོགས་རྫས་བཟའ་བཅའ་བ༔ ལྡག་གཞིབ་མངར་སྐྱུར་ལན་ཚྭ་སྐ༔ ཤིང་ཏོག་རྩི་བཅུད་འབྲུ་སྨན་དང་༔ བདུད་རྩི་ཆེན་པོ་སུམ་ཅུ་གཉིས༔ དགྲ་བགེགས་ཤ་རུས་སྦས་པའི་རྫས༔ ཁྱད་པར་མཐུན་པ་ནལ་བུའི་ཤའི༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱིས་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ དུང་དང་ཆ་ལང་རྔ་བོ་ཆེ༔ རྔེའུ་ཆུང་ཅང་ཏེའུ་རྫ་རྔ་སྦིར༔ བསིལ་སྙན་རྒྱུད་མང་ཏམྦུ་ར༔ ཕེག་རྡོབ་གླིང་བུ་རྐང་གླིང་དང་༔ དུང་ཆེན་གཎྚི་འཕྲེད་གླིང་སྙན༔ གཅུང་དྲིལ་གཡེར་ཁ་འཁར་བའི་རྔ༔ སྙན་འཇིབ་ལྡིར་ཆེམ་འུར་མཐུག་གཡོ༔ ཕྲ་གསང་རྡོ་རྗེ་སྒྲ་མའི་གདངས༔ བསྟོད་དབྱངས་སྙན་སྤྲིན་དཔག་མེད་ཀྱི༔ ཡན་ལག་དྲུག་ཅུའི་འགྱུར་བ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ ཁྱུ་མཆོག་གླང་ཆེན་ཅང་ཤེས་རྟ༔ བོང་དྲིལ་མ་ཧེ་བ་མིན་ལུག༔ གནག་ཕྱུགས་མཛོ་དང་རྒྱ་ཚ་གཞོན༔ ཁྱད་པར་རྭ་བ་སྒོ་བཞི་དང་༔ སྟག་གཟིག་དོམ་དྲེད་སེང་གེ་ཁྲོས༔ རྔ་མོང་ཚེ་ཚེ་ཤ་རྐྱང་འབྲོང་༔ སྤོས་གླང་གཙོད་དང་རྣ་བ་རྒོ༔ ཁ་རྒྱ་བསེ་རུ་སྙན་ལ་སོགས༔ རྐང་འགྲོའི་རྣམ་པ་སྣ་ཚོགས་ནི༔ རྩེ་བྲོ་རྒྱུག་འཕྱོང་རོལ་བ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ ཁྱད་པར་རིན་ཐང་ཆེ་བ་དང་༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་ནོར༔ འཁོར་ལོ་རིན་ཆེན་འདོད་དགུའི་གཏེར༔ བུམ་བཟང་དཔག་བསམ་ལྗོན་པ་དང་༔ མ་རྨོས་ལོ་ཐོག་རྒྱས་པ་འབུམ༔ ཕུན་ཚོགས་འདོད་འཇོའི་བ་ལང་མོ༔ རྒྱལ་སྲིད་ཆེན་པོ་སྣ་བདུན་དང་༔ ཉེ་བའི་རིན་ཆེན་རྫས་རྟགས་བརྒྱད༔ བརྟན་གཡོའི་དྭངས་མ་བཅུ་བཞི་སོགས༔ འཇིག་རྟེན་ཀུན་ཏུ་དཀོན་ནོར་གྱིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧྲཱི༔ མདའ་གྲི་མདུང་དང་མེའི་འཁྲུལ་འཁོར༔ རྡོ་སྒྱོགས་རལ་གྲི་གཏུན་ཤིང་འབར༔ བེ་ཅོན་ཕུར་བུ་ཐོ་བ་ལྕིད༔ དབྱུག་ཏོ་གྲི་གུག་ལྕགས་ཀྱུ་ཞགས༔ ལྕགས་སྒྲོག་དྲིལ་བུ་དུག་ཐུན་ཟོར༔ ཆུ་གྲི་འབར་བ་དགྲ་སྟྭ་གཟི་ ༼ གཟེ་དཔྱད། ༽༔ གནམ་ལྕགས་ཐོག་དང་གསལ་ཤིང་དང་༔ ཏྲི་ཤུལ་ཁ་ཊྭཱཾ་འཁོར་ལོ་རྣོན༔ འགུགས་འཆིང་སྡོམ་མྱོས་བརྡབས་བརྡེག་བཏོག༔ འགོ་བའི་ལྷ་དང་བྲལ་བའི་རྫས༔ གསོད་གཅོད་དབང་འཐག་བཅོམ་གཏུབ་འབིགས༔ ཐལ་འབྱིན་མཚོན་ཆའི་རིགས་བྱེད་ཀྱིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དང་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ རིན་ཆེན་ཁང་བ་དབྱིབས་ལེགས་ཡངས༔ མཁར་ཐབས་མཆོད་རྟེན་གྲོང་ཁྱིམ་ཚུལ༔ སྒོང་དང་ཕྲིན་ལས་བཞི་ཡི་དབྱིབས༔ གུར་ཐབས་བླ་གབ་མེད་པ་ཡི༔ ཁྲུས་ཀྱི་ཁང་བུ་རྩིགས་མེད་དང་༔ ཚ་གདུང་སྐྱོབས་བྱེད་ཐོག་ཁེབ་བརྐྱང་༔ བྷནྡྷའི་རྩིགས་པ་ཞིང་ལྤགས་ཁེབ༔ སྙིང་གི་ཏོག་ལ་བམ་རྒྱལ་མཚན༔ རྒྱུ་མའི་དྲྭ་བ་ཡན་ལག་རྒྱན༔ སྐྱེས་བུའི་གདུང་འདེགས་ཆུ་སྲིན་གྱི༔ ཀ་ཞུ་རུས་སྦལ་ཀ་གདན་སོགས༔ ཞི་ཁྲོ་ཐ་མལ་གང་འཚམས་ཀྱི༔ གཞལ་ཡས་ཁང་པ་བསྒྲངས་ལས་འདས༔ རྣམ་རྒྱལ་བཟང་པོའི་བཀོད་པ་འབུམ༔ སྦྲ་གུར་ཁྲ་ལིང་ལ་སོགས་པ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཆོས་སྐྱོང་ཆེན་པོའི་ཐུགས་དང་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ སྒྲོམ་བུ་རིན་ཆེན་གཏམ་པ་འབུམ༔ ཀ་ཆ་སྐྱེམས་བརྒྱའི་བཀང་བ་འབུམ༔ སྣོད་སྤྱད་ཟས་སྣས་རླིད་བུ་འབུམ༔ ཟ་མ་ཏོག་དང་དྲ་ཕད་མཛེས༔ དེམ་དང་བྱ་བུམ་ཟ་འོག་ཁུག༔ སྟག་གཟིག་སྒྲོ་བ་འབྲུ་བརྒྱས་དགངས༔ གཞོང་བ་ནོར་བུའི་སྤུང་བ་འབུམ༔ བསེ་ཕོར་བཀྲ་ཤིས་མཚན་དང་ལྡན༔ བྷནྡྷ་ལྕང་ལོ་ཅན་དང་ནི༔ སྒམ་བརྒྱ་གྱ་ནོམ་དངོས་པོས་བཀང་༔ ཡོ་བྱད་ཆ་མ་ཆོ་དགུ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དང་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཏྲཱྃ༔ ཁྲི་རྐང་མཛོད་མིག་བདུན་པ་དང༔ མལ་ཆ་གཟིམ་ཁྲི་འབོལ་འཇམ་སྟན༔ ངལ་སྟེགས་ཐེག་པ་ཁྱོགས་ཤིང་རྟ༔ སྒ་སྟན་སྲབ་མཐུར་གོང་སྨེད་དང་༔ གནས་སྐབས་གནས་སྐབས་བསྟུན་པ་ཡི༔ མཁོ་ཆས་བཟོ་མགར་དམག་ལ་སོགས༔ གདུགས་དང་རྒྱལ་མཚན་བ་དན་གཡོ༔ སྐྱེད་ཚལ་མུ་ཤིང་བཟའ་ཤིང་སོགས༔ འདོད་དགུ་ལྷུན་གྱིས་གྲུབ་པ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དང་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ དེ་ལྟར་མཆོད་པ་ཕུལ་བ་ཡིས༔ བསྲུང་མའི་ཐུགས་དམ་གཉན་པོ་བསྐང་༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ཤིང་༔ ལྷ་མིའི་མཁོན་འདྲེས་ཉམས་ཆགས་དག༔ རྒྱུ་ཆུང་ཕུད་ཉམས་མ་འབྱོར་དང་༔ ལེ་ལོ་བག་མེད་དབང་གྱུར་དེ༔ དུས་ལས་གཡེལ་དང་དམ་རྒྱ་རལ༔ བསྒོམ་བཟླས་གནད་འདས་ལ་སོགས་པ༔ ཐམས་ཅད་མ་ལུས་འདིའི་སྐོངས་ཤིང་༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག༔ ཡིད་ལ་གང་སྨོན་འགྲུབ་པ་དང་༔ བསྲུང་མ་གཉན་པོ་ཐོད་བཞིན་དུ༔ མི་འབྲལ་གྲོགས་སུ་རྟག་བཞུགས་ནས༔ འཕྲལ་ཕུག་དགའ་བདེའི་དཔལ་ཐོབ་ཤོག༔ ཅེས་ཀྱང་ག་གཱ་ཨ་བྷྱེ་ནས་སྨྲས་པ་དགེའོ། །ཨེ་མ་ཧོ། །ཀ་དག་གདོད་མའི་གཤེས་ལས་མ་གཡོས་ཀྱང་། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་གར་སྟོན་པའི༔ དཀོར་སྲུང་ཟླ་བའི་དབང་པོའི་གསོལ་མཆོད་འདི། །གཅིག་ལས་དུ་མར་མཆར་བའི་སྤར་གྱི་འཕྲུལ། །ལྷག་བསམ་བཟང་པོས་ཚུལ་ཁྲིམས་མིང་གིས་བཀོད། །དགེ་བའི་སྟོབས་ཀྱི་བརྒྱུད་འཛིན་བུ་སློབ་གྱིས། །ལས་བཞི་ལྷུན་གྲུབ་འགལ་རྐྱེན་ཀུན་ཞི་ནས། །འཇའ་ལུས་འཕོ་ཆེན་འགྲུབ་པའི་གྲོགས་མཛོད་ཅིག །སརྦ་མངྒ་ལཾ། ཞེས་པའང་ཤི་ལས་སོ། །དགེའོ། །

བརྒྱུད་འདེབས་དངོས་གྲུབ་བང་མཛོད།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ དཀོར་བསྲུང་ཡིད་བཞིན་དབང་རྒྱལ་གྱི༔ བརྒྱུད་འདེབས་དངོས་གྲུབ་བང་མཛོད་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གསོལ་འདེབས་འདི་ལ་རྟག་ཏུ་བརྩོན༔ ཨེ་མ་ཧོ༔ སོ་སོར་རྟོགས་པའི་ཡེ་ཤེས་ཆོས་ཀྱི་སྐུ༔ སྣང་བ་མཐའ་ཡས་ཞབས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ སྙིང་རྗེ་ཆེན་པོའི་འགྲོ་ཁམས་དོང་ནས་སྤྲུག༔ སྤྱན་རས་གཟིགས་དབང་ཞབས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ སྦྱོར་སྒྲོལ་ཐབས་ཀྱིས་དྲེགས་པ་ཀུན་འདུལ་དཔལ༔ པདྨ་དབང་ཆེན་ཞབས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ སངས་རྒྱས་མཛད་པས་དམན་འགྲོའི་རེ་བ་སྐོངས༔ རིན་ཆེན་མང་དབང་ཞབས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ རིགས་སྔགས་འཆང་བའི་གར་གྱིས་མི་བསྲུན་འདུལ༔ པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ གནོད་སྦྱིན་ནོར་ལྷའི་སྐུར་བཞེངས་དབུལ་ཕོངས་སྐྱོབས༔ མ་ཧཱ་དེ་ཝའི་ཞབས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ འདོད་པའི་ཁམས་སུ་ཡིད་བཞིན་གཏེར་དབང་སྩོལ༔ རྣམ་མང་ཐོས་སྲས་ཞབས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ སླར་ཡང་དྲེགས་པའི་སྐུར་བསྟན་རྣལ་འབྱོར་སྐྱོངས༔ ཡིད་བཞིན་དབང་གི་རྒྱལ་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ལྟ་བའི་གདེངས་ལྡན་ཆོས་སྐྱོང་སྐྱེ་བརྒྱུད་མཁྱེན༔ ཀློང་གསལ་སྙིང་པོའི་ཞབས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་གནོན༔ བདུད་འཇོམས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ མངོན་སུམ་བྲན་ཁོལ་ཕྲིན་ལས་ཐོགས་མེད་རྩལ་༼ སྩལ་དཔྱད། ༽༔ ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ གཞན་ཡང་སྒྲུབ་བརྟེན་མཆོད་ཅིང་དོན་གཉིས་གྲུབ༔ རྡོ་རྗེ་འཛིན་པའི་ཚོགས་ལ་གསོལ་བ་འདེབས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེན་པོ་རུ༔ དུས་གསུམ་བདེ་གཤེགས་དགོངས་པ་དབྱེར་མེད་དུ༔ ཡོངས་གྲུབ་སྐུ་གཉིས་འབྲས་བུ་མངོན་གྱུར་ཤོག༔ གནས་སྐབས་མི་མཐུན་རྒུད་པ་ཀུན་ཞི་ནས༔ ཕུན་ཚོགས་དྲུག་ལྡན་ཁམས་གསུམ་དབང་དུ་འདུས༔ བསྟན་ལ་གནོད་བྱེད་ཡིད་བསྲུབ་ཚར་ཆོད་ནས༔ ཨ་བྷི་ཙརྱ་མཐའ་རུ་ཕྱིན་པར་ཤོག༔ ཅེས་ཀྱང་འབྲོག་འཇིག་ཞེས་བྱ་བས། །ཡང་དང་ཡང་དུ་བསྐུལ་བ་ལས། ཁྲག་འཐུང་ག་གཱ་ཨ་བྷྱེ་ཡིས། །མཁའ་འགྲོའི་གསང་མཛོད་ཉིད་ལས་བཤུས། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།

འདི་ལའང་སྔོན་འགྲོ་དངོས་གཞི།

འདི་ལའང་སྔོན་འགྲོ་དངོས་གཞི་རྗེས༔ རིམ་པ་གསུམ་དུ་མཆིས་པ་ལས༔ སྔོན་དུ་འགྲོ་བ་རྣམ་གྲངས་བདུན༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སྐྱབས་གནས་མཆོག་གྱུར་དཀོན་མཆོག་གསུམ༔ སྐུ་གསུམ་རྩ་གསུམ་ཆོས་སྐྱོང་ལྷ༔ ཡེ་ཤེས་གཅིག་གི་ཆོ་རོལ་དུ༔ རང་ཤར་ཆེན་པོར་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་ནི༔ ཧོ༔ མ་གྱུར་འགྲོ་བ་ཀུན་དོན་དུ༔ བྱམས་དང་སྙིང་རྗེའི་གང་འདུལ་བའི༔ སངས་རྒྱས་ཕྲིན་ལས་མཛད་པའི་ཕྱིར༔ ཡེ་ཤེས་འཇིག་རྟེན་ཚུལ་དུ་བསྒྲུབ༔ གསུམ་པ་བདུན་རྣམ་དག་མཆོད་པ་ནི༔ ན་མོ༔ དཀོན་མཆོག་ཕྲིན་ལས་དབང་ཕྱུག་ལ༔ བསྟན་པ་བསྲུང་ཕྱིར་གུས་ཕྱག་འཚལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་གཏིབ༔ ཐུགས་འགལ་ཉམས་ཆགས་ཉེས་ལྟུང་བཤགས༔ གང་འདུལ་མཛད་ལ་རྗེས་ཡི་རང་༔ ཆོས་འཁོར་བསྲུང་སྐྱོབས་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བརྟན་བཞུགས་གསོལ༔ དགེ་ཚོགས་བྱང་ཆུབ་རྒྱུ་རུ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག༔ བཞི་བ་བགེགས་བསྐྲད་བཀའ་བསྒོ་བ༔ ཧཱུྃ༔ ང་ནི་ཁྲོ་བོ་ཆེན་པོ་སྟེ༔ ཕྲིན་ལས་མཚོན་ཐུན་དྲག་ཐབས་སྤྱོད༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ བརྔན་པ་འདི་ཡིས་ཚིམ་བྱོས་ལ༔ རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས༔ ཅི་སྟེ་ད་དུང་འཚེར་སྤྱོད་ན༔ གསོད་གཅོད་རྡུལ་དུ་བརླག་པར་བྱེད༔ དེ་བས་ད་ལྟ་ཉིད་དུ་སོང་༔ ཧཱུྃ་བཞིའི་སྔགས་བརྗོད་ཉུང་ཐུན་བྲབ༔ ལྔ་བ་མཚམས་གཅོད་བསྒོམ་པ་ནི༔ བྷྲཱུྃ་ཧཱུྃ༔ འོད་ཟེར་ཚུར་འདུས་ཡོངས་གྱུར་ལས༔ བསྲུང་བའི་འཁོར་ལོ་རིམ་ལྔའི་བསྐོར༔ ཕྱི་རིམ་སྟག་མདའི་དམག་ཚོགས་ཀྱིས༔ བསྲུང་བཟློག་ཕྲིན་ལས་ལྷུན་གྱིས་གྲུབ༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་བྷྲཱུྃ་རཀྵ་རཀྵ༔ དྲུག་པ་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ འཇིག་རྟེན་འཇིག་རྟེན་འདས་པ་ཡིས༔ སྣ་ཚོགས་གར་མཛད་ཧེ་རུ་ཀའི༔ གསང་གསུམ་དགེ་མཚན་བཀྲ་ཤིས་ཀྱི༔ བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས༔ ཨོཾ་མ་ཧཱ་མངྒ་ལཾ་སིདྡྷི་ཕ་ལ་ཕེམ་ཕེམ༔ བདུན་པ་མཆོད་རྫས་བྱིན་རླབས་ནི༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་མཆོད་རྫས་ཉེས་སྐྱོན་སྦྱངས༔ ཕྱི་ནང་གསང་བ་རྨད་བྱུང་གི༔ ངོ་མཚར་སྤྲིན་གྱི་ཕུང་པོར་འབར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་རུ་པ༴ ནས་སྤརྴེ་ཨཱཿཧཱུྃ༔ སརྦ་པཉྩ་རཀྟ་བྷིང་ཏ་བྷོ་དྷི་ཙིཏྟ་ཛྙཱ་ན་ཙཀྲ་ཨཱཿཧཱུྃ༔ ཞེས་ཀྱང་འཇིག་དགའི་ཡི་རང་ཞིང་། །པདྨ་བློ་གྲོས་བསྐུལ་དོན་དུ། །སྨྱོན་པ་ག་གཱ་ཨ་བྷྱེས་སོ། །

དཀོར་བསྲུང་གསོལ་བསྡུས།

དཀོར་བསྲུང་གསོལ་བསྡུས་འགོར་ལས༔ ཧཱུྃ༔ རང་ཉིད་པདྨ་ཐོད་ཕྲེང་རྩལ༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་འབར༔ ཕྱག་གཡས་རྡོ་རྗེ་གཡོན་ཚེ་བུམ༔ མགུལ་ལ་རྡོ་རྗེ་ཐོད་ཕྲེང་གསོལ༔ ཧེ་རུ་ཀ་པའི་ཆ་བྱད་རྫོགས༔ ཐུགས་ཀར་རྡོ་རྗེ་ཧཱུྃ་གི་མཐར༔ ཐུགས་སྲོག་ཏིང་འཛིན་སེམས་དཔའ་ནི༔ གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཟླས་པས་སྣང་སྲིད་དྲེགས་པ་ཀུན༔ འོད་ཀྱིས་དབང་བསྡུད་ཟིལ་གྱིས་གནོན༔ བཀའ་ཉན་གསུང་སྡོད་ཅི་བཅོལ་བའི༔ རབ་འབྱམས་ཕྲིན་ལས་བསྒྲུབ་བསམ་ཞིང་༔ ཡར་འཕྲོས་སངས་རྒྱས་བྱང་སེམས་སོགས༔ འོད་ཀྱི་རྣམ་པར་སྤྱན་དྲང་བསྟིམ༔ འཁོར་འདས་སྲོག་སྙིང་དུས་གཅིག་ཐོབ༔ ཆེ་མཆོག་དཔལ་གྱི་ང་རྒྱལ་ལས༔ ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༴ པདྨ་བློ་གྲོས་ངོར་ག་གཱས་སོ། །དང་པོ་སྐྱབས་ཡུལ་སྤྱན་འདྲེན་ནི༔ རང་གི་སྙིང་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྐྱབས་སེམས་ཚོགས་ཞིང་གི་རྟེན་དུ་བཛྲ་ས་མ་ཡཱ་ཛཿཛ༔ བྱིན་འབེབས་འགོར༔ མོས་གུས་གདུང་བའི་ཤུགས་དྲག་པོ་བསྐྱེད་པས་རྩ་གསུམ་ཆོས་སྐྱོང་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་ཡོན་ཏན་དང་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བྱོན་ནས་བདག་གནས་ཡོ་བྱད་གཡང་རྫས་སྲོག་རྟེན་བླ་རྡོ་རྣམས་ལ་སིབ་སིབ་ཐིམ་པས་ཞིང་ཁམས་རབ་འབྱམས་རྟེན་དང་བརྟེན་པར་བཅས་པའི་དཔལ་ཡོན་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས་པར་བསམ་ལ༔ ཞེས་བྱིན་འབེབས་ལ་འཇུག་གོ༔ ཅེས་ཀྱང་ཤེས་རབ་བློ་འཕེལ་དང་འཇིག་དགའ་གཉིས་ཀྱི་ངོར་ནམ་མཁའ་འཇིགས་མེད་ནས་སོ། །

གནོད་སྦྱིན་དཀོར་གྱི་བདག་པོའི་གསང་སྒྲུབ་དངོས་གྲུབ་གཏེར་མཛོད།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་གསང་སྒྲུབ་དངོས་གྲུབ་གཏེར་མཛོད་བཞུགས་སོ༔

ན་མོ་གུ་རུ་པདྨ་སཾ་བྷ་ཝེ༔ བརྡ་ཡིག །སྒྲུབ་གཏོར་རིན་ཆེན་འོད་འབར་ལ༔ པདྨ་དཀར་བོའི་ཞལ་རིས་ཅན༔ མི་ནུབ་རྒྱལ་མཚན་བཙུགས་པས་བརྒྱན༔ མཆོད་གཏོར་དཀར་གཏོར་འདབ་བཞིའི་མཚན༔ གཡང་གཏོར་གཏེར་ཆེན་བུམ་པའི་གཟུགས༔ ཕྱི་ནང་མཆོད་སྣ་མདོས་མདངས་དཀོར༔ སྤྱན་གཟིགས་འབྱོར་ཚོགས་ཡོ་བྱད་བརྒྱན༔ འབྱོར་ཚོགས་དང་བསྟུན་རང་ཉིད་ནི༔ པདྨ་དྲག་པོའི་ང་རྒྱལ་གནས༔ དེ་ཡི་མདུན་དཀྱིལ་འདི་ལྟར་བསྐྱེད༔ ཧཱུྃ༔ རང་ཉིད་ཡི་དམ་ལྷར་གསལ་མདུན༔ སུ་ཝརྞ་ཡི་གཞལ་ཡས་དབུས༔ པདྨ་རཱ་གའི་ཁྲི་སྟེང་དུ༔ སྣ་ཚོགས་གེ་སར་འབོལ་བརྩེགས་དང་༔ ཟླ་སྟེང་ཙཿཡིག་ཡོངས་གྱུར་ལས༔ ཡིད་བཞིན་པདྨ་དབང་གི་རྒྱལ༔ སྐུ་མདོག་དམར་སེར་ཉི་གཞོན་ལྟར༔ འོད་དང་འོད་ཟེར་སྟོང་དུ་འཚེར༔ ལྷུན་ཆགས་གཟི་བརྗིད་ལྡན་པ་ལ༔ ཞི་མ་ཁྲོ་འཛུམ་ཚུལ་གྱི་ཞལ༔ ཕྱག་གཉིས་ལྕགས་ཀྱུ་གཏེར་བུམ་ལ༔ འོད་འབར་ནོར་བུའི་ཁ་རྒྱན་ཅན༔ ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས༔ པཉྩ་ལི་ཀའི་ནང་གོས་གསོལ༔ རིན་ཆེན་སྣ་ཚོགས་རྒྱན་ཕྲེང་ནི༔ བསམ་འཕེལ་སེར་བོའི་རྣ་ཆ་དང་༔ དབང་རྒྱལ་དམར་པོའི་མགུལ་ཆུན་ལ༔ ཕ་རོལ་དཔུང་འཇོམས་སེ་མོ་དོ༔ མུ་ཏིག་དཀར་པོའི་དོ་ཤལ་དང་༔ རིན་ཆེན་གསེར་གྱི་ཕྱག་ཞབས་གདུབ༔ བཻཌཱུར་སྔོན་པོའི་འོག་པག་ལ༔ ཨནྡྷ་སྙིལ་དང་གཡུ་བྱུར་སྤུག༔ པད་རག་གཟི་དུང་ཆུ་ཤེལ་དང་༔ རྡོ་རྗེ་ཕ་ལམ་སྤེལ་མ་ཡིས༔ རྒྱན་ཕྲེང་དཔག་ཏུ་མེད་པས་ཕྱུག༔ ཟ་འོག་བེར་ཆེན་ཕྱི་ནས་བསྒོས༔ དབུ་ལ་དར་ཐོད་མཐོན་མཐིང་བཀྲིས༔ ཆོས་འབྱུང་པདྨའི་འདབས་ལྡན་གཡོ༔ བརྒྱ་བྱིན་གཙུག་གི་ནོར་བུ་ཡིས༔ མདུན་ངོས་ནས་ནི་གསལ་བར་བྱས༔ རྩེ་ལ་དབང་རྟགས་རྡོ་རྗེའི་བརྒྱན༔ དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན༔ ཐོ་ཕྱི་ཉེ་འཁོར་ཐམས་ཅད་དུ༔ ཟས་ནོར་དབྱིག་གི་ཆར་ཆེན་འབེབས༔ གཟུགས་འགྲོའི་དཀོར་ནོར་ཡོ་བྱད་ཕྱུག༔ ལྕང་ལོ་ཅན་ལྟར་ཕུན་སུམ་ཚོགས༔ ཕྱོགས་བཞིའི་རྒྱལ་ཆེན་སྡེ་བཞི་དང་༔ དཔུང་དང་རུ་འདྲེན་འཁོར་ཚོགས་ནི༔ ནམ་མཁའི་སྐར་ཚོགས་ལྟ་བུ་བཀྲ༔ དབང་རྟགས་སྦུབས་ཀྱི་ཧཱུྃཿཡིག་དང་༔ དྲེགས་པའི་ཐུགས་ཀར་ཀླུ་དབང་གི༔ གཙུག་ནོར་ཉིན་བྱེད་སྣང་བའི་སྦུབས༔ སྙིང་པོའི་ཙཿལས་འོད་དམར་གྱི༔ འཕྲོ་འདུས་འཁོར་འདས་སྣང་སྲིད་ཀྱི༔ ཡེ་ཤེས་འཇིག་རྟེན་ནོར་ལྷའི་ཚོགས༔ མ་ལུས་སྤྱན་དྲངས་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རིན་ཆེན་བརྒྱན་སོགས་དབྱིངས་ཀྱི་དཀྱིལ་འཁོར་ནས༔ འགྲོ་བའི་རྒྱུ་འབྲས་དབུལ་སེལ་བཅོམ་ལྡན་འདས༔ ས་དཀར་གནས་སོགས་དམ་ཚིག་ས་སྤྱོད་དང་༔ མ་ངེས་གར་མཛད་སྤྲུལ་པའི་མི་མཇེད་དུ༔ བསམ་ཡས་ནོར་ལྷའི་ཁྱབ་བདག་ཟླ་བའི་རྒྱལ༔ འཁོར་བཅས་དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ རཱ་ཛ་ཙནྡྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཡེ་ནས་འདུ་འབྲལ་མེད་པའི་ཡེ་ཤེས་ཀྱི༔ རྩལ་སྣང་རོལ་པའི་ཆོ་འཕྲུལ་དྲེགས་པའི་ཚུལ༔ གཉིས་སྣང་གློ་བུར་དྲི་མའི་ཤན་ཞུགས་པ༔ གཉིས་མེད་དགོངས་པ་བརྟན་པོའི་ཆིངས་ཀྱིས་བཅིངས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་ནི༔ ཧཱུྃ༔ མ་དག་སྤྲུལ་བར་སྣང་བའི་འཁྲུལ་བ་ལ༔ ཞི་ཁྲོ་ཕྲ་མེན་རྣམ་པས་འདུལ་ཐབས་མཁས༔ ད་ནི་རང་སྣང་སྟོན་པའི་མངའ་དབང་ཆེར༔ རང་ཤེས་གཉིས་སྣང་བྲལ་བའི་ལྟ་བས་བཏུད༔ ཨ་ན་མོ་ན་མ༔ མཆོད་པ་ནི༔ ཨ་ཨཱཿཧཱུྃ༔ རང་ཤར་རྡོ་རྗེ་བཀོད་པའི་མཆོད་སྤྲིན་ཆེ༔ མ་བཤམས་མངའ་དབང་རྫོགས་པའི་རྒྱན་དུ་བརྗིད༔ འཁོར་འདས་ཁམས་ཀྱི་བཞེད་དགུ་མ་ཚང་མེད༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་འདུམ་ཕྱིར་མཆོད༔ ཨ་བཛྲ་ཨརྒྷཾ༴ རཱུ་པ༴ སྤརྴེ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ ཆོས་སྐུའི་དབྱིངས་བཞུགས་རྒྱན་སྣང་ཀུན་ཏུ་བཟང་༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རིན་ཆེན་འབྱུང་༔ ཐུགས་རྗེ་སྤྲུལ་པ་སངས་རྒྱས་རིན་ཆེན་མང་༔ ངོ་བོ་དབྱེར་མེད་ཁྱོད་ལ་མངོན་པར་བསྟོད༔ སྔོན་ཚེ་ནོར་བདག་ཨཱརྱ་ཛམྦྷ་ལ༔ རྣམ་སྲས་ཨ་པར་དབང་ཕྱུག་ཆེན་པོ་ཉིད༔ སླར་ཡང་དྲེགས་པའི་ཚུལ་གྱིས་དབུལ་ཕོངས་སྐྱོབས༔ ཡིད་བཞིན་པདྨ་བསྟན་སྐྱོངས་ཁྱོད་ལ་བསྟོད༔ གསང་གསུམ་ཡོན་ཏན་ནམ་མཁའི་མཐའ་དང་མཉམ༔ ཐུགས་བསྐྱེད་ཕྲིན་ལས་ཞིང་ཁམས་ཡོངས་ལ་ཁྱབ༔ མྱུར་མགྱོགས་མཐུ་སྟོབས་སྲིད་ཞིའི་ཁམས་ན་འཕགས༔ ཟླ་བའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ བསྟན་འགྲོའི་མགོན་བཞུགས་ཡིད་སྲུབ་རྨེགས་མེད་འཇོམས༔ བཀའ་དང་དམ་ཚིག་གཉན་པོའི་གཡར་དམ་འཛིན༔ སྒྲུབ་མཆོག་བུ་བཞིན་སྐྱོངས་བའི་བྱམས་བརྩེའི་བདག༔ ཡིད་བཞིན་དབང་རྒྱལ་འཁོར་དང་བཅས་ལ་བསྟོད༔ དེ་ནས་འཛབ་ནི༔ བདག་ཉིད་ཡི་དམ་གྱི་འོད་ཟེར་འཕྲོས་པས་ཆོས་སྐྱོང་ཆེན་པོའི་ཐུགས་ཀའི་སྙིང་པོ་ལ་རྩ་སྔགས་ཀྱི་བསྐོར་བ་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ནས་འོད་ཟེར་འཕྲོ་འདུས་འཁོར་འདས་སྣང་སྲིད་ཁམས་ཀྱི་དཔལ་ཡོན་དྭངས་བཅུད་གཟི་བྱིན་བརྟན་གཡོའི་དྭངས་མ་བཅུ་བཞི་ཐམས་ཅད་འོད་དམར་སེར་གྱི་རྣམ་པར་བསྡུས་ནས་ཐུགས་ཀར་ཐིམ་པས་བཀྲག་མདངས་གཟི་མདངས་དང་ལྡན་ཞིང་༔ དམ་ཚིག་གཉན་པོའི་དཔང་དྲན་ནས་ཅི་བཅོལ་ཐོགས་མེད་དུ་བསྒྲུབ་པར་བསམ་ལ༔ ཨོཾ་རཱ་ཙ་ཙནྡྲ་ས་མ་ཡ་ཛ་ཛ་ཕེམ་ཕེམ༔ ཁྱད་པར་རྒྱས་དབང་གི་ལས་སྔགས་ནི༔ སླར་ཡང་ཐུགས་ཀའི་འོད་ཟེར་འདོད་དགུ་དཔལ་ཡོན་གྱི་ཚུལ་དུ་འཕྲོས་པ་བདག་ལ་ཐིམ་པས་ཚེ་བསོད་རྣམ་ཐོས་སྲས་དང་མཉམ་པར་བསམ་ལ༔ ཨ་མ་ཧཱ་པདྨ་ཤ་ས་ན་པཱ་ལ་ཡ༔ པུཎྱེ་ཨཱ་ཡུ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བཟླས་གྲུབ་རྟགས་མཚན་མ་འབྱུང་༔ རྒྱལ་སར་འདོན་དང་རིན་ཆེན་བརྒྱན༔ མེ་ཏོག་སེར་པོའི་ཆར་བ་བབས༔ རི་རབ་རྩེ་ལ་ཕྱིན་པ་དང་༔ སྦྱིན་པ་རྒྱ་ཆེར་གཏོང་བ་ནི༔ དངོས་ཉམས་རྨི་ལམ་གང་རུང་འབྱུང་༔ ཚེ་བསོད་དཔལ་འབྱོར་ཤེས་རབ་རྩལ༔ ཡར་ངོས་ཟླ་ལྟར་འཕེལ་ཞིང་རྒྱས༔ མཐོ་རིས་ཡོན་ཏན་བདུན་དང་ལྡན༔ ཆོས་དོན་ལས་དང་མངའ་ཐང་གི༔ སྡེ་བཞིའི་དཔལ་གྱི་ཕྱུག་འཛིན་ལ༔ རྒྱལ་བློན་ཕ་མ་མཁན་སློབ་ཀྱི༔ མོས་པ་རྣམ་བཞིའི་དབང་དུ་འདུ༔ དེ་དག་ཐུན་མོང་དངོས་གྲུབ་པོ༔ དྲེགས་པ་སེམས་སུ་རྟོགས་པ་དང་༔ སེམས་ཉིད་སྟོང་པར་རིག་པ་ཡིས༔ བདག་འཛིན་མཚན་མས་དབེན་པ་ནི༔ མཆོག་གི་དངོས་གྲུབ་གཉེན་གྱུར་རྟགས༔ ས་མ་ཡཱ༔ བྱེ་བྲག་གཡང་སྒྲུབ་བྱེད་པ་དང་༔ ཁམས་གསུམ་དབང་དུ་བསྡུད་འདོད་པས༔ རྒྱས་པར་གཞན་ལས་ཤེས་པར་བྱ༔ སྤྲོས་ཆུང་རྒྱུན་དུ་ཁྱེར་བདེ་བ༔ ཅུད་ཟད་ཙམ་ཞིག་འདི་ན་བཀོད༔ རྣམ་རྟོག་རེ་དོགས་མཚན་འཛིན་ཞིང་༔ ཡིད་གཉིས་ཐེ་ཚོམ་རྒྱར་ཚུད་ན༔ སྤྱིར་གྱི་ཆོས་སྐྱོང་མི་འགྲུབ་ལ༔ ཁྱད་པར་དངོས་གྲུབ་རྒབ་འདྲེའི་འཚེ༔ ལྟ་བ་མི་འགྱུར་གཟེར་ལྡན་པས༔ འཕྲོ་འདུ་ཕྲིན་ལས་བསྐུལ་མཁས་ན༔ ཐེའུ་བྲང་ཐལ་སྐྱ་ཞིག་གིས་ཀྱང་༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་གསུངས༔ ཨ་ལ་ལ་ཧོ༔ རང་ཅིག་བུམ་གཏེར་བཞག་འདོད་པས༔ དེ་ཡི་ལྟ་གོན་འདི་ལྟར་བྱ༔ གཏན་དུ་སྡོད་པའི་ཁང་ཁྱིམ་དང་༔ ཞིང་དཀྱིལ་ཕྱུག་གི་སླས་མལ་དང་༔ བང་མཛོད་ནང་སོགས་གཞག་པ་ན༔ རིན་པོ་ཆེའམ་སོ་ཕག་ནི༔ རང་རང་འབྱོར་བའི་ཚོད་དང་བསྟུན༔ རྒྱ་ཁྱོན་ཁལ་ཚད་ཤོང་བ་དགོས༔ གལ་ཏེ་འབྲོག་པ་ལྟ་བུ་ལ༔ མཛོད་ཕུག་གཡང་སྒམ་ནང་ཤོངས་བའི༔ གསེར་དངུལ་ཟངས་རྫ་ངེས་མེད་ལ༔ ཆེ་ཆུང་སེམས་ལ་ལྡན་པས་ཆོག༔ རྫ་སོགས་ཆག་གྲུམ་གྱུར་བ་ན༔ རྟེན་འབྲེལ་མི་ལེགས་དེ་ཕྱིར་སྤངས༔ རིན་ཆེན་བུམ་པ་བཟོ་དབྱིབས་ནི༔ རྐེད་པ་མན་ཆད་པདྨའི་མཚན༔ དེ་སྟེང་རིན་ཆེན་འཁོར་ལོ་རིས༔ ཁ་ཁྱེར་དཔག་བསམ་ལྗོན་ཤིང་དང་༔ ཁ་ཁེབ་རྒྱན་ནི་ནོར་བུ་སྟེ༔ སྔར་ནི་བརྡ་འཁྲུགས་གྱུར་བའི་དོན༔ དམ་ཉམས་འགྲིམ་སྒོ་མང་བས་ལན༔ ཡིད་བཞིན་ནོར་བུའི་ནང་སྟོང་ཆར༔ སྲོག་ཤིང་ཙན་དན་དམར་པོ་བྱ༔ རིང་བསྲེལ་རྩེ་ལ་བཞག་པའི་མཐར༔ སྟོད་དུ་རྩ་གསུམ་རྐེད་ཆ་ལ༔ འདི་ཡི་སྲོག་འཁོར་དེ་ཡི་གཤམ༔ ཇི་ལྟར་འདོད་པའི་གསོལ་སྨོན་རྣམས༔ སྲོག་གི་སྙིང་པོ་དབུས་བཞག་སྟེ༔ དྲིལ་སྟབས་འཁོར་ལོའི་ངང་ཚུལ་གྱིས༔ དར་ཚོན་ལྔ་ཡིས་བཏུམ་སྟེ་བཞག༔ མཐའ་བསྐོར་བརྟེན་བསྒྲུབ་བཅིངས་རྒྱ་རྣམས༔ རི་མོར་བྲིས་དང་བླ་རྡོར་བཅས༔ རིན་ཆེན་ཕྱེ་མས་ཁ་བཀང་བྱ༔ ཞབས་རྒྱ་ཤེལ་ནི་ཟླུམ་འཁྱིལ་ལ༔ དཀྱིལ་དུ་བུག་པ་ཡོད་པ་བྱ༔ བུམ་པའི་མཐིལ་ནི་ལྔ་བརྩེགས་པར༔ ཆོས་འབྱུང་རྒྱ་གྲམ་རྒྱ་མཚོ་དང་༔ དབང་ཆེན་རི་མོའི་ལྟེ་བ་ལ༔ ཨེ་ཡཾ་བཾ་ལཾ་ཡི་གེ་བྲིས༔ མེ་ནི་ཤེལ་ཁེབ་ངོས་ལ་རཾ༔ བུམ་པའི་དཀྱིལ་དྲང་དཔག་བསམ་ཤིང་༔ ཡོངས་འདུས་ཙནྡན་དམར་པོ་ཡི༔ ཤེལ་སྦུག་ནང་ནས་རང་བཏོན་ཏེ༔ ཁ་བཀང་གཡུ་ཤུག་ལོ་ལྡན་ལ༔ ཤིང་ཐོག་རྒྱས་པ་ཕྱོགས་ནས་བརྒྱན༔ དེ་ཡི་ཕྱི་རིམ་རིན་ཆེན་ཕྱེ༔ ལི་བཞུའི་ ༼ མི་བཞུའི་ཞེས་དཔེ་གཅིག་ན་སྣང་དཔྱད། ༽ཁམས་དང་གསེར་བསྲེས་པ༔ ལྷ་ཁང་བཟང་པོའི་རྟེན་དུ་བཀོད༔ ཟངས་སྦུབས་ནང་དུ་མ་འཁྲུགས་བཀང་༔ ཡང་ན་རྒྱ་ཤོག་དག་གིས་བཏུམ༔ ཤར་དུ་ཤེལ་དང་ལྷོ་རུ་སྤུག༔ ནུབ་ཕྱོགས་རཱ་ག་བྱང་དུ་གཡུ༔ དབྱས་སུ་བཻཌཱུརྱ་དང་ནི༔ མ་རྙེད་མུ་མེན་ཡིན་ཀྱང་རུང་༔ གཟི་དུང་བྱུ་རུ་ཨིནྚ་ནི༔ མུ་ཏིག་སྦུར་ལེན་རྡོའི་སྙིང་པོ༔ ནལ་འཕྱོང་ཛཱ་ཏི་རྡོ་རྗེ་དང་༔ མརྒད་པི་རག་༼ པད་རག་དཔྱད། ༽ཆུ་སྙིང་པ༔ ཙི་ཏཱ་ཀུ་བནྡྷ་ཡིད་བཞིན་ནོར༔ ལ་སོགས་ཁ་དོག་ཕྱོགས་བསྟུན་བཀོད༔ མ་རྙེད་མིང་བྲིས་རིན་ཆེན་ཕྱེ་མས་བསབས༔ ཤར་ལྷོ་ནས་ནི་རིམ་པ་བཞིན༔ དངུལ་དང་ལྗོན་ནམ་ཟི་ཁྲེམ་༼ ཁྱིམ་དཔྱད། ༽པ༔ ཟངས་དམར་ལྕགས་རྣམས་མཚམས་བཞིར་བཀོད༔ དེ་མཐར་ལྕགས་ཆེན་ལྷག་མ་རྣམས༔ ཁ་དོག་གོང་བསྟུན་གྲོང་ཚུལ་ལོ༔ དབང་རྒྱལ་ལ་སོགས་ཕུག་ནོར་རྒྱུ༔ ཟ་འོག་ལ་སོགས་གོས་གྱི་རྒྱུ༔ རས་ཕྲུག་སྣ་ཚང་ཡོད་ན་དང་༔ སྟག་གཟིག་ལ་སོགས་རས་མ་ནི༔ སྤྱན་གཟིགས་དཀོར་ལ་མ་ཚང་མེད༔ ཕྱུག་༼ ཕྱུགས་དཔྱད། ༽མ་སྣ་སྟོང་སྤུ་མཚན་ཀྱང་༔ སྐུ་བལ་རིང་བསྲེལ་ཚུལ་དུ་བླུག༔ དམག་ཆས་རྒྱན་ཕྲེང་ཡོ་བྱད་དང་༔ ཀ་ཆ་མཁོ་ཆས་ལ་སོགས་པ༔ ཀུན་ཀྱང་རི་མོའི་ལམ་དུ་བཀོད༔ མ་འཛོམ་སོ་སོའི་མིང་བྲིས་ཏེ༔ དེ་མཐར་འབྲུ་སྣ་སྨན་སྣ་༼ དྲི་བཟང་མཆན། ༽དང་༔ དཀར་གསུམ་མངར་གསུམ་དམར་གསུམ་རིགས༔ སྣ་ཚོགས་ཟས་སྣ་ཚང་བ་རིལ་བུར་དྲིལ༔ མ་རུལ་མ་སུང་བ་ཞིག་དགོས༔ དམ་གཙང་རྡོ་རྗེའི་མཆེད་ཀྱིས་སམ༔ ཡང་ན་རང་གིས་བསགས་ཏེ་དགང་༔ དེ་ནས་ཞབས་རྒྱ་ལྔ་བོ་བསྡམས༔་ཡང་ན་ཤེལ་ལ་མིག་མ་ཕུག༔ སྲོག་ཤིང་གོང་འོག་གཉིས་བྱས་རུང་༔ སྲོག་ཤིང་འོག་མའི་སྟེང་ཆར་ལ༔ ཤེལ་དཀར་ཁ་འདན་ལ་ཀྵའི་སྦྱར༔ དཀྱིལ་ནས་ནང་ལ་མཐོང་བར་བྱ༔ ནོར་བུའི་མཐིལ་ཀྱང་ཤེལ་གྱིས་བྱས༔ ནང་མཐོང་ཚུལ་དུ་རྒྱ་བསྡམས་ཀྱི༔ གཉིས་ཀ་ཡ་བྲལ་བྱས་ཀྱང་རུང་༔ བསྒྲུབ་དུས་སྟེང་འོག་བཀོད་པས་འཐུས༔ རྒྱན་བཞག་ཡུལ་བ་ལྟ་བུ་ཡིས༔ དེ་གཉིས་སྟེང་འོག་སྲིབ་མེད་བསྡམས༔ ས་མ་ཡཱ༔ དེ་ནས་གཏེར་བུམ་བྱིན་རླབས་ནི༔ ཡི་དམ་ཆོས་སྐྱོང་གཞུང་བཞིན་བསྲིངས༔ དེ་ཡི་ལྷ་ཚོགས་བརྟན་བཞུགས་ནི༔ གཏེར་བུམ་སྲོག་འཁོར་སོགས་ལ་བྱ༔ དེ་ནས་མཆོད་༼ གཏེར་བུམ་མཆན། ༽གསོལ་རྐྱང་པ་འདོན༔ དེ་ནི་རྒྱུན་དུ་ཉམས་ལེན་བདེ༔ ཁྱད་པར་དགོས་སྒྲུབ་བྱེད་པ་ན༔ ཡི་དམ་གཞུང་བསྲིངས་མཆོད་བསྟོད་བྱ༔ དེ་ནས་གཏེར་བུམ་སྒྲུབ་པ་ལ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་རྫོགས་པའི་རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པ༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞིང་ཁམས་ཀྱི་བཀོད་པ་གང་འདོད་གང་འོས་སུ་འཆར་བའི་ཡིད་བཞིན་གྲུབ་པའི་ཡོན་ཏན་དང་ལྡན་པའི་དབུས་སུ༔ གངས་ཆེན་མཚོ་རིགས་ལྔའི་ཐུགས་བསྐྱེད་དང་གཟུངས་སྨོན་ཕྱག་རྒྱ་ཏིང་ངེ་འཛིན་གྱི་རྣམ་པར་ཐར་བ་ལས་བྱུང་བའི་གཞལ་ཡས་ཁང་སྟེང་འོག་ལོགས་ཟུར་གྱི་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པ་མང་པོ་དང་༔ གཞན་ཡང་ལྷའི་ཁང་བཟང་རྨིང་གཞི་རྡོ་རྗེ་རིན་པོ་ཆེ་ལས་འདིངས་བ་ལ༔ དབུས་སུ་སུ་ཝརྞ་བཙོ་མའི་རྩིགས་ཐབས་སུ་ཡོད་པ༔ བ་གམ་གཅིག་ནས་སྟོང་ཕྲག་དང་ལྡན་པ་ལ༔ དངུལ་དང་༔ ཟངས་དང་༔ དུང་བྱུ་རུ་པདྨ་རཱ་ག་བཻཌཱུརྱ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བརྩེགས་པ༔ ཁ་ཅིག་གཡུ་ཡི་རྨིངས༔ བྱུ་རུའི་བརྩིགས་པ༔ ཤེལ་གྱི་སྐར་གླེགས༔ ཨིནྚའི་ཐོག་ཁེབས་སུ་བྱས་པ་ལ་སོགས་པ་གྲངས་མེད་པས་མཛེས་ཤིང་བལྟ་ན་སྡུག་པ་གྲངས་མེད་པ༔ དེའི་འཁོར་ཡུག་གི་ཕྱོགས་མཚམས་ཐམས་ཅད་དུ༔ སྟོང་གསུམ་བྱེ་བ་ཕྲག་བརྒྱ་ཁྲག་ཁྲིག་གི་བཀོད་པའི་ཁྱད་པར་དང་དཔལ་འབྱོར་ལོངས་སྤྱོད་མ་ཚང་བ་མེད་པ་ལ་དེ་ལས་ཀྱང་བརྒྱ་སྟོང་གྲངས་མེད་ཀྱི་གཡང་ཆགས་པ༔ རྔོམ་ཆེ་བ༔ བཀྲག་འཚེར་བ༔ ལྷུན་སྟུག་པ༔ རྒྱ་ཆེ་བ༔ གྲངས་མང་བ༔ བརྗིད་ཆགས་པ༔ གཏིང་ཟབ་པ༔ གཅིག་ལས་གྲངས་མེད་འཆར་བ༔ བཀོད་ལེགས་པ༔ རྒྱུ་བཟང་བ༔ སྤུས་གཙང་བ༔ གང་ལ་གང་འདོད་དུ་རྣམ་པར་འཕྲུལ་བ༔ ནད་གསོས་ཀྱི་སྨན༔ འཆི་གསོས་ཀྱི་བདུད་རྩི༔ རོ་བརྒྱ་ལྡན་པའི་བཟའ་བཏུང་༔ ཐུགས་དམ་བསྐང་བའི་དམ་རྫས༔ ལྷ་རྫས་ཀྱི་ཡོན་ཏན་ཚང་པའི་པཉྩ་ལི་ཀའི་གོས༔ ཉེ་བར་མཁོ་བའི་ཡོ་བྱད༔ ལོངས་སུ་སྤྱོད་པའི་འདོད་ཡོན༔ མཛེས་པར་བྱེད་པའི་ལྷའི་མེ་ཏོག་དང་རིན་པོ་ཆེའི་རྒྱན་ཕྲེང་དང་ཆས་ཀ༔ དམག་ཆས༔ ཀ་ཆ༔ དཀོར་ཆ༔ སྙིང་ཟོག་གི་ནོར་བུའི་གཏེར་ཁ༔ གོས་དར་རས་ཕྲུག་ཟ་འོག་ལ་སོགས་པའི་བཟང་དགུའི་ནོམས་པ༔ གསེར་དངུལ་ལ་སོགས་རིན་པོ་ཆེའི་བང་འཛོད༔ ཨ་མོ་ནི་ག་སོགས་འདོད་འབྱུང་གི་རྡོ་ལེབ༔ སྐྱེད་མོའི་ཚལ༔ དཔག་བསམ་གྱི་ཤིང་༔ འདོད་འཇོའི་བ་མོ༔ མ་རྨོས་པའི་ལོ་ཐོག༔ སྨན་སྣ་རྣམ་པ་སྣ་ཚོགས༔ འབྲུ་སྣ་རྣམ་པ་སྣ་ཚོགས༔ ཅང་ཤེས་ཀྱི་རྟ༔ ས་བསྲུང་གི་གླང་ཆེན༔ རྟ་ནོར་ར་ལུག་མ་ཧེ༔ གཡང་ར་བ་སྒོ་བཞིའི་མཚོན་པའི་གཡུང་དྭགས་རྣམ་པ་སྣ་ཚོགས༔ སྟག་སེང་ཁྱུང་འབྲུག་གི་གཙོས་རི་དྭགས་ཆུ་གནས་བྱ་རིགས་གཅན་ཟན་ལ་སོགས་སྤྱན་གཟིགས་རྣམ་པ་སྣ་ཚོགས༔ མཆོད་རྫས་བརྟེན་རྫས་སྒྲུབ་རྫས་མདོངས་གསོལ་ཀྱི་ཆ་ཀ་ལ་སོགས་པ་རེ་རེ་ལའང་རྩིས་ལས་འདས་པ༔ ནམ་མཁའ་མཛོད་ཀྱི་དཔལ་ཡོན་ཆེན་པོ་དང་༔ ཀུན་ཏུ་བཟང་པོའི་རྣམ་པར་ཐར་བ་ལྟ་བུ་བློས་དཔག་ཏུ་མེད་པ་འབྱུང་བའི་རང་བཞིན་དུ་གྱུར༔ སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་ལ༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་ལས༔ རིན་ཆེན་བུམ་པ་ཁ་གཡེལ་ཞབས་ཞུམ་ལ༔ ལྟོ་བ་རྒྱ་ཆེ་མགྲིན་པ་ལྷུན་མཐོ་བའི༔ ཚད་དང་མཚན་ཉིད་རབ་ཏུ་རྫོགས་པ་ཡི༔ རྣམ་པར་དག་པའི་ཞིང་ཁམས་ཆེན་པོ་ནི༔ འབྱུང་བའི་དྭངས་མ་འོད་ལྔ་བརྩེགས་པའི་དཀྱིལ༔ རིན་ཆེན་འོད་འབར་ལྷུན་པོ་བརྗིད་ཆགས་སྟེང་༔ ཡོངས་འདུས་ས་བརྟོལ་དཔག་བསམ་ལྗོན་བཟང་མདུན༔ རིན་ཆེན་བུམ་པ་རྩེ་མོ་མཛེས་པའི་ཏོག༔ མཚན་ཉིད་ཡོངས་རྫོགས་ཡེ་ཤེས་གཞལ་ཡས་ནང་༔ རང་རང་འཚམས་པའི་གདན་ཁྲི་མཐོ་བ་ལ༔ བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དཀོན་མཆོག་རྒྱ་མཚོའི་སྤྲིན་དཔུང་འཁྲིགས་པར་ནི༔ མཆོད་པའི་ཡུལ་དང་དངོས་གྲུབ་གཏེར་དུ་རོལ༔ མདུན་དུ་པདྨ་རཱ་གའི་ཁྲི་སྟེང་དུ༔ སྣ་ཚོགས་གེ་སར་འབོལ་བརྩེགས་དང་༔ སོགས་ནས། ལྟ་བུར་བཀའི་བར་དང་༔ ཧཱུྃ༔ སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་ཇི་བཞིན༔ རིན་ཆེན་བུམ་པའི་ཞིང་ཁམས་རྒྱ་ཆེ་བར༔ གངས་ཆེན་རིགས་ལྔའི་བཀོད་པའི་གནས་ཡུལ་གྱི༔ མངའ་ཐང་ལོངས་སྤྱོད་དཔལ་འབྱོར་བསམ་མི་ཁྱབ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་བརྟེན་པའི་གནས༔ བཞུགས་པའི་སྐུ་མཁར་སྒྲུབ་པའི་བླ་རྡོ་དང་༔ འཁྲུགས་པ་བཅོས་ཤིང་འཁོན་པ་སྦྱོངས་བ་དང་༔ འདྲིས་པ་བཤགས་ལ་ཉམས་གྲིབ་ཡོངས་སུ་བསངས༔ ཐུགས་དམ་བསྐང་བའི་མཆོད་སྤྲིན་འབྱུང་བའི་གཏེར༔ རྣལ་འབྱོར་བདག་དང་ཁམས་གསུམ་ཡིད་ཅན་ལ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ ཡེ་ཤེས་བུམ་སྐུའི་ཐུགས་རྗེའི་གཟི་འོད་ལས༔ ས་ཡི་བཅུད་དང་སྐྱེ་འགྲོའི་གཡང་དུ་གྱུར༔ ཆོས་དང་སྲིད་ཀྱི་དངོས་གྲུབ་ཆར་ཆེན་པོ༔ འདོད་བཞིན་ནམ་ཡང་སྩོལ་བའི་དགེ་མཚན་གྱི༔ མཆོད་སྡོང་ཆེན་པོ་འཇིག་རྟེན་གསོས་སུ་གྱུར༔ ཞེས་པའི་མཚམས་སུ་གོང་གི་བྱིན་རླབས་འདོན་ལ༔ དེའི་རྗེས་སུ༔ དེ་ལྟར་སྐྱབས་གནས་དཀྱིལ་འཁོར་ལྷ་ཚོགས་དང་༔ དམ་ཚིག་ཏིང་འཛིན་བཀད་པའི་བུམ་བཟང་གི༔ སྐུ་གསུང་ཐུགས་ནི་ ༼ ཨོཾ་ཨཱཿཧཱུྃ༔ མཆན། ༽ རྡོ་རྗེའི་སྙིང་པོར་ཤར༔ འོད་འཕྲོས་དབྱིངས་ནས་ཡེ་ཤེས་གཡང་སྤྱན་དྲངས༔ ཧཱུྃ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་༔ བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ༔ དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི༔ བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་༔ ནོར་དང་གཡང་གི་ལྷ་ཚོགས་མ་ལུས་པ༔ འདིར་གཤེགས་བསོད་ནམས་སྐྱབས་སུ་གཤེགས་སུ་གསོལ༔ ཧཱུྃ༔ རིན་ཆེན་བརྒྱན༴ སོགས་ནས། ཛ་ཛ༔ རྒྱས་པར་སྤྲོ་ན་གཡང་གི་བྱིན་འབེབས་ལ་ཁ་བསྒྱུར་ཅན་དུ་བྱས་ལ༔ དེའི་རྗེས་སམ་གོ་རུ༔ ཧཱུྃ༔ དབུས་ཕྱོགས་སྡུག་༼ སྟུག་དཔྱད ༽པོ་བཀོད་པའི་ཞིང་ཁམས་ནི༔ རྣམ་པར་སྣང་མཛད་ཆེན་པོའི་མངའ་དབང་ལས༔ ཡ་མཚན་བཀོད་པ་འཇིག་རྟེན་གང་ནའང་༔ ཆ་ཙམ་མཚོན་དུ་མེད་པའི་ངོ་མཚར་འབར༔ བཅོམ་ལྡན་མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས༔ འདིར་གཤེགས་གཏེར་གྱི་བུམ་པའི་བཅུད་དུ་ཕོབ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནི༔ རྡོ་རྗེ་སེམས་དཔའ་ཆེན་པོའི་མངའ་དབང་ལས༔ དགའ་སྐྱིད་དཔལ་འབྱོར་འཇིག་རྟེན་གང་ནའང་༔ ཆ་ཙམ་མཚོན་དུ་མེད་པའི་ངོ་མཚར་འབར༔ བཅོམ་ལྡན་མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས༔ འདིར་གཤེགས་གཏེར་གྱི་བུམ་པའི་བཅུད་དུ་ཕོབ༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནི༔ རིན་ཆེན་འབྱུང་ལྡན་ཆེན་པོའི་མངའ་དབང་ལས༔ དཔལ་འབྱོར་གཟི་བརྗིད་འཇིག་རྟེན་གང་ནའང་༔ ཆ་ཙམ་མཚོན་དུ་མེད་པའི་ངོ་མཚར་འབར༔ བཅོམ་ལྡན་མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས༔ འདིར་གཤེགས་གཏེར་གྱི་བུམ་པའི་བཅུད་དུ་ཕོབ༔ ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་ནི༔ སྣང་བ་མཐའ་ཡས་ཆེན་པོའི་མངའ་དབང་ལས༔ བདེ་སྐྱིད་ལོངས་སྤྱོད་འཇིག་རྟེན་གང་ནའང་༔ ཆ་ཙམ་མཚོན་དུ་མེད་པའི་ངོ་མཚར་འབར༔ བཅོམ་ལྡན་མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས༔ འདིར་གཤེགས་གཏེར་གྱི་བུམ་པའི་བཅུད་དུ་ཕོབ༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནི༔ དོན་ཡོད་གྲུབ་པ་ཆེན་པོའི་མངའ་དབང་ལས༔ དགེ་ལེགས་མཛད་ཕྲིན་འཇིག་རྟེན་གང་ནའང་༔ ཆ་ཙམ་མཚོན་དུ་མེད་པའི་ངོ་མཚར་འབར༔ བཅོམ་ལྡན་མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས༔ འདིར་གཤེགས་གཏེར་གྱི་བུམ་པའི་བཅུད་དུ་ཕོབ༔ ཕྱོགས་བཅུའི་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི༔ གྲངས་མཉམ་སངས་རྒྱས་ཞིང་ཁམས་བསམ་ཡས་ན༔ དགེ་མཚན་ཡོན་ཏན་དཔལ་འབྱོར་ཚད་ལས་འདས༔ རྒྱ་ཆེ་ཁྱོན་ཡངས་བདེ་དགའ་ཕུན་སུམ་ཚོགས༔ དོག་པ་མེད་ཅིང་གཙེར་བ་མེད་པའི་གཡང་༔ སངས་རྒྱས་སྲས་བཅས་ཐུགས་བསྐྱེད་བསོད་ནམས་མཐུའི༔ འདིར་གཤེགས་གཏེར་ཆེན་བུམ་བཟང་བཅུད་དུ་ཕོབ༔ ཞིང་གི་ཁྱད་པར་ཅི་ཙམ་སྟོན་པ་དང་༔ བསོད་ནམས་ཚོགས་གཉིས་མཐའ་རུ་རྫོགས་པ་དང་༔ རྒྱུ་འབྲས་དབུལ་བ་ནམ་ཞིག་སེལ་ནས་ཀྱང་༔ འགྲོ་ཀུན་མངའ་དབང་རྫོགས་པར་སངས་རྒྱས་པར༔ མཆོད་སྦྱིན་རྫས་ཀྱི་ཕོང་བ་མེད་པ་དང་༔ བཟའ་བཏུང་གོས་རྒྱན་ལོངས་སྤྱོད་དཔལ་འབྱོར་གྱི༔ དགོས་འདོད་འབྱུང་བའི་སྐྱབས་དང་རྟེན་མཆོག་དང་༔ ཐུན་མཆོག་དངོས་གྲུབ་རྒྱ་མཚོའི་འབྱུང་གནས་སུ༔ འདིར་གཤེགས་གཏེར་ཆེན་བུམ་བཟང་བཅུད་དུ་ཕོབ༔ ཨོཾ་སརྦ་ཏ་ཐཱ་ག་ཏ༔ དེ་ཝ་མཎྜ་ལ་ཤྲཱི་གུ་ཎ༔ སུ་ཁ་ཤརྨ༔ བྷུ་ཏི༔ མ་ཧཱ་ཀ་རུ་ཎི་ཀ་དྲ་ཤྱ་ཧོ༔ ས་མ་ཡ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་ཀུན༔ ཡེ་ནས་རང་བྱུང་རིག་པའི་རྒྱན་དུ་ཤར༔ གཉིས་སྣང་༴ སོགས་ནས་བསྟོད་པའི་མཐར༔ འཛབ་ཀྱི་ཤམ་དུ་དམིགས་གསལ་ནི༔ སླར་ཡང་ཐུགས་ཀའི་འོད་ཟེར་ཡར་སངས་རྒྱས་ཀྱི་ཞིང་དང་མར་འཇིག་རྟེན་གྱི་ཁམས་རབ་འབྱམས་སུ་འཕྲོས་པས་གངས་ཆེན་མཚོ་རིགས་ལྔ་ལ་སོགས་དཔལ་ཡོན་དང་༔ འཇིག་རྟེན་ལྷ་ཀླུ་མིའི་གཡང་ཕུད་ཐམས་ཅད་བསྡུས་ནས་ཆར་ལྟར་བབས་པས་བདག་གི་གནས་ཁང་དང་བང་མཛོད༔གཡང་རྫས་མཛོད་རྣམས་གང་༔ དྭངས་མ་ཐམས་ཅད་གཡང་རྟེན་དག་གི་བཅུད་དུ་འདྲིལ༔ ལྷག་མ་ནམ་མཁའི་གར་ཁྱབ་ཏུ་མཆེད་པས་ཡི་དྭགས་ཀྱི་སྡེའི་གཙོ་བྱས་པའི་ནམ་མཁའི་གར་ཁྱབ་པའི་འགྲོ་བ་ཐམས་ཅད་ཀྱི་རྒྱུ་འབྲས་ཀྱི་དབུལ་བ་མཐའ་དག་བསལ་ནས་ནམ་མཁའ་མཛོད་ཀྱི་གཏེར་ལ་དབང་བའི་དངོས་གྲུབ་ཀྱི་མཆོག་ལ་བཀོད་པར་དམིགས་ལ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ གུ་རུ་དཱེ་ཝ་ཊཱ་ཀྐི་ནི༔ ན་མོ་པདྨ་ཤ་ས་ན་མནྠ༔ ཏདྱ་ཐཱ༔ ཨ་མ་ཧཱ་ནི་ཏི་གྷ་ཌ་ཕ་ལ༔ ཏ་ཏྭ་ཝ་ནི་ད་ཤ་ཏི༔ མ་ཎི་རཏྣ་དཱ་ན་བསྟྲ་བ་སུ་ཨཱ་མི་ཥ་བྷོ་ག་པ་ཏི་སྐ་ར༔ ཨཱ་ལངྐ་ར་ཤྲཱི་ལཀྵི་ཏེ་ཛོ་ཤསྟ་གུ་ཎ་པུཎྱ་ ཨཱ་ཡུར་པྲཛྙཱ་ཛྙཱ་ན་ད་རུ་ཎ༔ པྲ་པྲི་ཏི་ལཀྵིཾ་ཨཱ་ཡི་ཏ་སྠཱ་བི་ར་པུཥྚཾ་ཨ་དྷིཥྛ་ནཾ་སིདྡྷི་བྷུ་ཏ་ནི་སྭཱ་ཧཱ༔ ཐུན་ཕྱེད་དུ༔ ཨ་ཨཱཿཧཱུྃ༔ བྷྲཱུྃ་ན་མོ་རཏྣ་ཏྲ་ཡ་ཡ༔ སརྦ་སིདྡྷི་ཕ་ལ་ཧོ༔ རཱ་ཛ་ཙནྡྲ་སརྦ་ས་པཱ་རི་ཝ་ར༔ སརྦ་དྷེ་ཝ་མ་ནུ་ནཱ་ག་ལོ་ཀ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་ཟས་ནོར་ལོངས་སྤྱོད་འདོད་དགུའི་དཔལ་ཡོན་ཐམས་ཅད་དབང་དུ་བསྡུས་ཤིག༔ ཅེས་འདོད་གསོལ་མ་གཏོགས་པའི་སྔགས་ཅི་འགྲུབ་བྱ༔ གཡང་ཆོག་ལྟ་བུ་ལ་སྔར་ཡོད་ཀྱི་རྟེན་ལ་ཁ་གསོས་ཕྲན་བུས་རྒྱུ་ལས་གོང་བཤད་རྒྱས་པར་མེད་ཀྱང་ཆོག་གོ༔ སླར་མཆོད་པ་དང་གཏེར་བཙུགས་གང་གི་དུས་སུའང་འདི་ལྟར༔ ཧཱུྃ༔ རྒྱལ་བའི་མགུལ་མཚན་ལས་བྱང་བཀྲ་ཤིས་པ༔ དགོས་འདོད་ཀུན་འབྱུང་གཏེར་ཆེན་གྱིས་གཏམས་ཤིང་༔ འཕགས་པ་ཀུན་མཆོད་འགྲོ་བའི་ཕོངས་དགུ་སེལ༔ ཡིད་བཞིན་འདོད་པ་འཇོ་བའི་ཞིང་ཁམས་སུ༔ གངས་ཆེན་བཀོད་པའི་བྱད་ལས་གཟུགས་བརྙན་དུ༔ འཕོས་པ་ཇི་ལྟའི་ངོ་མཚར་དཔལ་ཡོན་ཅན༔ ཕྱོགས་བཞི་མཚམས་བརྒྱད་འདས་དང་མ་འདས་ཀྱི༔ ཞིང་དང་གནས་ཡུལ་འབྱོར་བ་འབུམ་དུ་སྤུངས༔ རྒྱ་ཆེ་བཀོད་ལེགས་ཞིང་ཁམས་དང་རེ་སྤྲོ༔ གཞལ་ཡས་ལྷ་ཡི་ཁང་བཟང་དཔང་རེ་མཐོ༔ ཟས་ནོར་རིན་ཆེན་བང་མཛོད་གྲངས་ལས་འདས༔ འཕན་གདུགས་ནམ་མཁའི་རྒྱན་གྱུར་མཐའི་མི་ཐུག༔ ཁྲི་རྐང་པད་ཟླ་འབོལ་གདན་བརྩེགས་རེ་ལེགས༔ ཟ་འོག་པཉྩའི་ན་བཟའ་བཀྲག་རེ་གསལ༔ མེ་ཏོག་རཏྣའི་རྒྱན་ཕྲེང་ཚར་རེ་དངར༔ ཕྱི་ནང་མཆོད་པའི་སྤྲིན་ཕུང་ལྷུན་རེ་སྟུག༔ རིན་ཆེན་སྣ་ཚོགས་བྲག་རི་སྤུངས་སེ་སྤུང་༔ འདབས་ཞོལ་ཐམས་ཅད་སྨན་གྱི་སྤངས་རིའི་བསྐོར༔ ཨུ་དུམ་ཝ་ར་མནྡྷ་ར་བ་དང་༔ པདྨ་དཀར་དམར་སྦྲང་རྩའི་བཅུད་ཀྱི་རྒྱས༔ མི་འགྲེང་བདུན་སྲིད་མེ་ཏོག་ཆར་གྱི་འགྲེམས༔ དཔག་བསམ་ཤིང་རྒྱལ་བཟའ་ཤིང་ལྗོན་པའི་ཚལ༔ རོ་བརྒྱ་ནུས་སྟོང་བདའ་དགུའི་ཤིང་ཐོག་རྒྱས༔ ས་མཆོག་སྦྲུལ་སྙིང་ཨ་ག་རུ་ལ་སོགས༔ སྨན་ཤིང་ལོ་འབྲས་ཕུན་སུམ་ཚོགས་པས་བརྒྱན༔ བསིལ་སྐྱོབས་བསུངས་ཞིམ་དར་དང་རིན་པོ་ཆེ༔ དྲིལ་བུ་གཡེར་ཁའི་འཕྱང་འཕྲུལ་གཡོ་བ་ཅན༔ ཡོངས་འདུ་བཟང་པོ་འབུམ་དུ་བརྡལ་བའི་ཚུལ༔ གང་ལྟར་གསོལ་བ་བཏབ་བཞིན་འབད་མེད་འབྱུང་༔ བལྟ་ན་སྡུག་ལས་བརྒྱ་སྟོང་ཁྱད་དུ་འཕགས༔ དག་གཙང་ཡན་ལག་བརྒྱད་དང་ལྡན་པ་ཡི༔ མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་༔ བསིལ་ཞིང་དྭངས་པའི་འཆི་མེད་བདུད་རྩིའི་ཀླུང་༔ གསེར་གྱི་ཕྱེ་མར་ནོར་བུའི་གྲམ་ཁྲོད་བརྡལ༔ ཆུ་ཤིང་རི་བྲག་འཁོར་བའི་བྱ་ཚོགས་ནི༔ ཀ་ལ་པིང་ཀ་ངང་ངུར་རི་སྐེགས་དང་༔ རྨ་བྱའི་བུ་མོའི་ཟློས་གར་བསྒྱུར་བ་སོགས༔ སྤུ་སྡུག་ཁ་དོག་སྣ་ཚོགས་མདངས་བཀྲ་བས༔ སྙན་འཇེབས་ཡིད་ལ་འཇུག་པའི་ལྷའི་རྔ་སྒྲའི༔ རྟག་ཏུ་ཆོག་མི་ཤེས་པས་བསྟི་སྟངས་བགྱིད༔ ཉི་ཟླ་རིན་ཆེན་འབུམ་བརྡལ་སྣང་གསལ་བཀྲ༔ ས་སྲུང་ཅང་ཤེས་ལ་སོགས་བཞོན་པའི་རིགས༔ མ་ཧེ་གནག་ཕྱུགས་ལ་སོགས་གཡུང་དྭགས་རིགས༔ སྟག་གཟིག་དོམ་དྲེད་ལ་སོགས་གཅན་གཟན་རིགས༔ སྤོས་གླང་ཤ་རྐྱང་ལ་སོགས་རི་དྭགས་རིགས༔ ཆུ་སྲིན་ཉ་སྲམ་ལ་སོགས་ཆུ་གནས་རིགས༔ འབྲུག་སེང་ཁྱུང་ཆེན་ལ་སོགས་མཁའ་འགྲོའི་རིགས༔ ནམ་མཁའི་སྐར་ཚོགས་ལྟ་བུའི་རུ་འདྲེན་དཔུང་༔ བདེ་སྟོང་སྙོམས་འཇུག་དམ་ཚིག་ཕྱག་རྒྱ་ཡུམ༔ བསྟི་སྟངས་གླུ་གར་མཆོད་བསྟོད་ལྷ་མོའི་སྤྲིན༔ མ་ཚང་མེད་ཅིང་སྣ་རེའི་གྲངས་མཐའ་ཡང་༔ གང་གཱི་ཕྱེ་མའི་སྙེད་ཀྱིས་བཟུང་དུ་མེད༔ གཏེར་ཁ་ཁྲག་ཁྲིག་འབུམ་དུ་རྡོལ་བ་ལས༔ ཕོངས་རྒུད་འདོད་པས་ནམ་ཡང་བྲེལ་བ་མེད༔ གཞན་ཡང་འཚོ་བྱེད་དམག་ཆས་དཀོར་ཀ་ཆ༔ གོས་དར་རས་ཕྲུག་དཀར་གསུམ་དམར་གསུམ་དང་༔ ཟླ་རྒྱས་ཟླ་ཕྲུམ་ཁུར་བ་རྨུགས་བསངས་རྫས༔ རི་ཐང་མཚོ་དང་བྲག་རི་སྤྲིན་ལྟར་གཏིབས༔ ཉི་མ་རེ་བཞིན་འདོད་དགུའི་ཆར་གྱིས་སིམ༔ རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་སོགས༔ ཕུན་ཚོགས་དགེ་མཚན་དཔལ་གྱི་བུམ་པ་ནི༔ ཆུང་བ་ཉུང་འབྲུ་ཙམ་གྱི་ཁོངས་སུའང་༔ ཆེས་ཏེ་འཁོར་འདས་རབ་འབྱམས་འུབས་སུ་ཆུབ༔ འཇིག་རྟེན་ཀུན་ན་མེད་པའི་ཁྱད་ནོར་བཟང་༔ སྐྱབས་གནས་མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་༔ ཁྱད་པར་ཡིད་བཞིན་དབང་གི་རྒྱལ་བོ་ནི༔ འཁོར་དང་དཔུང་ཚོགས་བཅས་པ་ཐམས་ཅད་ལ༔ མཆོད་དོ་འབུལ་ལོ་ཐུགས་དམ་གཉན་པོ་བསྐང་༔ སྤྱིར་ན་སྙིགས་མའི་སྐྱེ་བོ་ཐམས་ཅད་དང་༔ ཡང་དགོས་རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱིས༔ མི་དགེ་སྡིག་སྤྱོད་དགེ་བཅུ་རྒྱབ་ཏུ་བོར༔ འཐབ་རྩོད་རྒྱུ་རྐྱེན་ངན་བའི་དམེ་གྲིབ་ཀྱིས༔ ཡེ་ཤེས་ལྷ་མནོལ་དཀར་ཕྱོགས་སྲུང་མ་འཁྲུགས༔ རྡོ་རྗེའི་དམ་ཚིག་ཉམས་པའི་དམ་གྲིབ་ཕོག༔ རང་བཞིན་གཙང་སྦྲ་མེད་དང་ཉམས་པ་དང་༔ རྒྱུ་ཆུང་ཕུད་ཉམས་དམ་རྫས་འབགས་རྩོག་གྲིབ༔ དམེ་མགར་ནལ་ཡུག་ཐབ་མཁོན་བང་རོ་གྲིབ༔ སྨེ་རྩོག་མི་གཙང་དྲི་མས་གྲིབ་ཕོག་པ༔ དག་བྱེད་ཁྲུས་དང་བསངས་ཀྱི་ངོ་བོར་འབུལ༔ ཁྱད་གསོད་བརྙེས་བཙུགས་ལྟ་བ་ངན་པ་དང་༔ གཞན་གྱི་གཡེམ་རྒྱུག་ཆོས་སྐྱོངས་སྤངས་ལེན་བྱས༔ བསོད་ནམས་ཟད་པས་ཡིད་ཆད་ལྷ་ལ་འགེལ༔ སྨོད་ཅིང་སྒྲོ་བསྐུར་གྱིས་ནི་གཡེང་བ་དང་༔ སྲུང་མའི་ཁྱད་པར་དམ་ཚིག་ཉམས་གྱུར་ཞིང་༔ རྦད་བསྐུལ་བྱད་བྱས་མཐུན་འཇུག་འཁོན་སྡུམ་བསྲུང་༔ སངས་རྒྱས་བསྟན་ལ་གནོད་པའི་གཞུང་བསྲིང་བས༔ ཆོས་སྐྱོང་སྲུང་མའི་ཐུགས་དང་འགལ་གྱུར་ཞིང་༔ ལེ་ལོ་བག་མེད་སེར་སྣ་ཕྱི་བཤོལ་གྱིས༔ དུས་སུ་མ་མཆོད་ལོ་ཟླ་འདས་པ་དང་༔ ཕྲིན་ལས་མྱུར་མགྱོགས་གཏང་རག་མ་འཚལ་སོགས༔ འཁོན་འཁྲུགས་གཡེལ་འགྱང་ཞུད་པའི་ལས་བགྱིས་པ༔ ཀུན་གྱི་ཉེས་བཤགས་འཁོན་སྦྱངས་འཁྲུགས་བསྐང་དང་༔ མཆོད་པའི་ཚབས་སུ་རིན་ཆེན་གཏེར་འདིས་མཆོད༔ བརྟེན་པའི་གནས་དང་བཞུགས་པའི་སྐུ་མཁར་རྫོང་༔ སྒྲུབ་བརྟེན་བསྐང་མཆོད་མཐུན་པའི་དམ་ཚིག་རྫས༔ གདན་དང་བགོ་བ་ཡོ་བྱད་སྙིང་ནོར་གཏེར༔ བང་མཛོད་དཔལ་འབྱོར་རྒྱན་ཕྲེང་ལོངས་སྤྱོད་ཆེ༔ འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོར་འབུལ༔ འཛད་མེད་གོང་ནས་གོང་དུ་བརྒྱ་སྟོང་ཁྲི༔ བྱེ་བ་གྲངས་མེད་འཕེལ་བའི་ལང་ཚོ་ཡིས༔ ཕྱིན་ཆད་མཆོད་པའི་ཐེབས་སུ་གཏེར་འདི་འཛུག༔ ཐུགས་བརྩེ་དགྱེས་པས་དེང་དུ་བཞེས་ནས་ཀྱང་༔ རྟེན་འདིར་རྟེན་ཆོས་རྟག་བཞུགས་བྱམས་བརྩེའི་སྐྱོངས༔ ཉམས་ཆགས་སོར་ཆུད་ཚངས་པའི་དངོས་གྲུབ་སྩོལ༔ དེ་ལྟར་གཏེར་ཆེན་དམ་པའི་རྟེན་བཙུགས་པས༔ སྔར་བྱས་ངན་པའི་ནོངས་པ་ཀུན་དག་ནས༔ ནམ་ཡང་འཁོན་གྲིབ་སེལ་གྱིས་མི་འཇུག་ཞིང་༔ ཆོས་སྐྱོང་སྲུངས་མ་མི་འབྲལ་རྟག་ཏུ་མགོན༔ གང་དུ་བཞུགས་པའི་ཡུལ་ཕྱོགས་གཙོར་བྱས་པའི༔ མ་ལུས་འཇིག་རྟེན་ཁམས་ཀྱི་རྡུལ་སྙེད་དུ༔ གཅིག་ལས་གྲངས་མེད་འདོད་དགུའི་གྲུ་ཆར་འབེབས༔ ས་བརྐོས་རྡོ་རློག་ཤིང་བཅད་ཆུ་གཉན་རྙོགས༔ ལུང་གཉན་ཀྭའི་དཀྲུགས་དུར་ཤིད་ས་ཉེས་པ༔ ས་བཅུད་བླ་གཏེར་བཏོན་དང་ཕྱྭ་གཡང་ཉམས༔ སྔར་བྱས་གཏང་རག་དང་བཅོལ་གཉེར་བརྔན་པ༔ དགྲ་ལྷའི་དཔང་བསྟོད་ཡུལ་ལྷའི་ཆེ་བཀྱགས་དང་༔ ཕྱུག་གི་རུ་མ་གཡང་གི་རྟེན་མཁར་དུ༔ རིན་ཆེན་རིན་ཐང་བྲལ་བའི་རྟེན་བཙུགས་པས༔ སྟོང་གསུམ་འཁྲུགས་པ་འཆོས་ཤིང་ཉམས་རྒུད་གསོས༔ དབང་ཆེན་ཀུན་ཀྱང་བྱམས་པའི་ཡིད་གྱུར་ཅིག༔ དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་བསྐྱེད་དང་༔ དབང་ཕྱུག་ནོར་གྱི་བདག་པོའི་མཐུ་སྟོབས་དང་༔ རྟེན་འབྱུང་རྒྱུ་འབྲས་བསླུ་བ་མེད་པ་ཡིས༔ མི་མཐུན་བར་ཆད་འགལ་རྐྱེན་ཀུན་ཞི་ཞིང་༔ མཐུན་རྐྱེན་བསམ་དོན་ཆོས་བཞིན་འགྲུབ་གྱུར་ཅིག༔ ཕྲིན་བཅོལ་བཀྲ་ཤིས་ཅི་རིགས་ཀྱིས་མཐའ་བརྒྱན་པར་བྱའོ༔ ཅེས་ཀྱང་ག་གཱ་ཨ་བྷྱེས་མཁའ་འགྲོའི་བརྡ་ལས་བཤུས་པའོ། །དགེའོ། །དགེའོ། །དགེའོ། །

གནོད་སྦྱིན་དཀོར་གྱི་བདག་པོའི་སྔགས་བྱང་ཕྲིན་ལས་ལྷུན་གྲུབ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་སྔགས་བྱང་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔

དང་པོ་མཆོད་པ་ཡིན་ན༔ ཨ་སརྦ་དྷ་རྨཱ་པཱ་ལ་མ་ཧཱ་ཙནྡྷ་ཤཱ་ཁྱ་རཱ་ཛ་པཉྩ་རཀྟ་བྷ་ལིངྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པདྨ་ཤ་ས་ན་རཀྵ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ ཙནྡྲ་མོཙྪ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ བྷསྨ་པ་ལ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ སིདྡྷརྠཱ་རཱ་ཛ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ ཝ་ཀི་པ་ལ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ བྱཱ་གྷ་པ་ཐམ་སྱེ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ སཱུརྦ་བི་ར་སརྦ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ དཀྵི་ཎ་ཤྲ་བ་ཀ་ཨརྷ་ཏེ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ པྲིཥྛ་ཡོ་ཀ་མནྟྲ་ཀ་ལ་སརྦ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ བཱ་མསྟྲི་ཀཱ་ལི་སརྦ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ དྷཱ་ར་ཎི་དེ་ཝི་སརྦ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ ཀཱ་ལ༔ བི་ཤ་ཙི༔ མ་ཏྲི་ཀ༔ ཡཀྵ་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ ཨེ་པི་ཙ་ཙཉྩ་དེ་ཝཱ་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིངྟ་པཉྩ་རཀྟ་པཱུ་ཛ་ཁཱ་ཧི༔ མཐར་བསྐུལ་སྔགས་ནི༔ ཨ་བཛྲ་དྷརྨཱ་པཱ་ལ་མ་ཧཱ་ཙིནྡྷ་ཤཱ་ཁྱ་རཱ་ཛ༔ པདྨ་ཤ་ས་ན་རཀྵ༔ ཙནྚ་མོཙྪ་ཨ་རི་པུ་ར་དྷཱ་ས༔ བྷསྨ་པ་ལ་མ་ཧཱ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ སིདྡྷརྠ་རཱ་ཛ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ ཝ་ཀི་པ་ལ་ཡ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ བྱཱ་གྷ་པ་ཐམ་སྱེ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ སཱུརྦ་བི་ར་སརྦ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ དཀྵི་ཎ་ཤྲ་བ་ཀ་ཨརྷ་ཏེ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ པྲིཥྛ་ཡོ་ཀ་མནྟྲ་ཀཱ་ལ་སརྦ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ བཱ་མསྟྲི་ཀཱ་ལི་སརྦ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ དྷཱ་ར་ཎཱི་དེ་ཝི་ལཀྵ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ ཀཱ་ལ་པ་ཧ་པྲ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ བི་ཤ་ཙི་ལཀྵི་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ མཱ་ཏྲ་ཀཱ་ལ་ཀྵཾ་ད་ཤ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ ཡཀྵ་པཱི་ཋ་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ ཨེ་པི་ཙ་ཙཉྩ་དེ་ཝ་པུ་ནུ་བ་ར་ནི་ཁི་ལེ་སརྦ་ཁ་ལ་ཤཱ་ས་ན་ཨ་རི་པུ་ར་དྷ་ས་ཀ་རེ་རྦད་རྦད༔ སརྦ་ཤ་ཏྲུན་རཱཥྚཾ་སེ་ན་པ་ཏི་བརྒ་ཏུ་ན་ཀ༔ ཨ་པ་ཀཱ་ར༔ པ་ར་བ་དི་ཨ་རི་ཐམས་ཅད་ཀྱི་སྟེང་དུ་རྒྱུག་ཅིག་རྒྱུག་ཅིག༔ བཛྲ་ས་མ་ཡཱ་ཨོཾ་ཨཱཿཧཱུྃ༔ གཞན་ཡང་བསྡུ་ན༔ ཨ་པ་ཀ་ར༔ བི་ཤཱ་ཙ༔ གྲ་ཧ་མཱ་ར་བིགྷྣན་བྷུ་ཏ་ཐམས་ཅད་ཀྱི་སྟེང་དུ་རྒྱུག་ཅིག་རྦད་རྦད༔ དགྲ་ལ་རྦད་རྦད༔ བགེགས་ལ་རྦད་རྦད༔ ཅེས་སོ༔ ཐུན་དང་བསད་མནན་ཟོར་འགུགས་སོགས་ལ་བསྐུལ་བྱང་སྔགས་ཚར་རེའི་རྗེས་སུའམ་མ་གྲུབ་ན༔ ཨ་རཱ་ཛ་ཙནྡྲི་ས་པཱ་རི་ཝ་ར་དགྲ་ལ་རྦད་རྦད༔ བགེགས་ལ་རྦད་རྦད་རྒྱུག་སོད་ཡ༔ ཡོ་ཀ་མ་ཡ་ཀཱ༔ ཨ་ཙརྱ་པྲཊ༔ ཡ་ཛ་མཱ་ན༔ ཨརྷ་ཏ༔ ན་ར༔ བ་སུ༔ པུ་ནུ་བ་ར་སརྦ་ཐམས་ཅད་ལ༔ བྱཱ་པཱ་དར་ཨུརྦ་ཧནྟཾ་མཱ་ར་ཡ་སོད་སོད༔ ཨ་པ་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ གྷ་ཏ་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ དྭིཥྚ་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ ཧ་ཏ་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ གྷཱ་ཏི་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ ཙཱ་ར་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ དྷྭ་ཛ་ཧྲ་ཏ་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ ཨ་བ་མ་ཏི༔ སོ་ནྱཾ་ཙཽ་ར་ན༔ ད་པྱུ་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ ཀ་ཁཾ་དྷ་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ བི་ཥ་ཨོ་ཧག་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ཛ་ཡ་ཤ་ས་ན་ན་ཤི་ཏ་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ ས་ཏྭ་སུ་ཁ་ཤརྨ་དཱ་ར་ཤི་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ བྱཱ་དྷ༔ པརྱནྟ་ནསྟྲི་ཀུ་པ་ཀཱ་ར་ཎི་མཱ་ར་ཡ་སོད་སོད༔ སརྦ་ཤཱ་ཏྲུཾ་བིགྷྣན་མ་ར་ཡ་སོད་སོད༔ ཅེས་བཟླའོ༔ ཡང་བཟློག་པ་ཡིན་ན༔ མ་རཱ་ཡ་མན་ཆད་བཞག་པའི་ཚབ་བྷྱོ་བྷྱོ་བཟློག་བཟློག༔ ཅེས་བྱས་ན་འཐུས་སོ༔ མནན་པའི་དུས་སམ་དགྲ་ཆོས་མཐར་སྔགས་འདི་བཏགས་ན༔ ཀཱ་ར་ཎི་རྣྲ་ཏྲི་མཱ་ར་ཡཱ་རྦད་ནན་ནན༔ ཆིང་ཆིང་༔ ཞེས་དང་༔ བླ་འགུགས་གི་དུས༔ ཀཱ་ར་རྣྲ་ཏྲི་ཨ་ཀརྴཱ་ཡ་ཛ༔ ཅེས་གདགས་པས་འཐེར༔ ཟོར་དུས༔ མཱ་ར་ཡ་ཕོབ་ཛ༔ བེ་དྷ༔ ཧ་ན༔ བེ་དྷ༔ ཧ་ན༔ བྷ་ཛ་བ་ཀ་རེ༔ པྲ་ར་མ་ཎུ་ཁུ་ཁ་མ་ཐུ་ར་ཀ་རེ༔ པཎྚི་ནསྟི་ཀུ་རུ་དགྲ་བགེགས་མཱ་ར་ཡ་ཕཊ་བྷྱོ༔ ཅེས་བཏགས་སོ༔ ཟོར་མཇུག་རྫོགས་པའི་གཏོར་ཟོར་ཙམ་ལས་མ་གྲུབ་ཀྱང་རུང་ངོ་༔ བཟློག་སྔགས་ཡན་ཀར་དུ་བྱེད་པར་སྤྲོ་ན༔ ཨུ་པ་རི་དེ་ཝ་ཨཱ་ཛྙཱ་ཨརྒུ་ར་ཎ་ཀ་ཁོ་དྷ་ནི་ར་པྲ་ཏྱཾ་གི་ར༔ མ་དྷྱ་སུ་ར་རཀྵ་ཨཎྚ་སེ་ན་ཀ་ཁོ་དྷ་ནཱི་ར་པྲ་ཏྱཾ་གི་ར༔ ཨ་དྷ་ར་ནཱ་ག་པཱརྠི་བ་ཨ་ཡོ་དྷ་ནཾ་ཀ་ཁོ་དྷ་ནཱི་ར་པྲ་ཏྱཾ་གི་ར༔ དེ་བ་ཨཱ་ཀསྨི་ཀཾ་པྲ་ཏྱཾ་ཡ་ནཱི་ར་ཀ་ཁོ་དྷ་པྲ་ཏྱཾ་གི་ར༔ ཀ་པ་ཊ་ནི་ར་པྲ་ཏྱཾ་གི་ར༔ མ་ཧཱ་བྷཱ་ཡ་ཨཥྚ་པྲ་ཏྱཾ་གི་ར༔ བྱཱ་དྷ་ཙ་ཏུར་ཤ་ཏཾ་པྲ་ཏྱཾ་གི་ར༔ གྲ་ཧ༔ ས་ཧ་སྲ་ཨ་ཤི་ཏི་པྲ་ཏྱཾ་གི་ར༔ ཨརྦུ་ཀ་ན་བ་ཏི་བྷ་ཡས་པྲ་ཏྱཾ་གི་ར༔ ཀ་ལ་དཎྜ་མྲ་རྱུ་ཨཥྚ་པྲ་ཏྱཾ་གི་ར༔ པྲ་ཏྱ་ཡ༔ ནཱི་ར་སྭསྣ་པྲ་བྷེ་པྲ་ཏྱཾ་གི་ར༔ ཏིརྐ་ཀུ་ཌིཥྚི་ཧེ་རུ་པྱ་ཏྱ་ཡ་ཀརྨ་ཕ་བྱཱ་དྷ་ནསྟྲི་ཨ་པརྱནྟ་སརྦ་པྲ་ཏྱཾ་གི་ར༔ བྷོ་དྷི་ཨཱ་ད་ཡ་ས་རི་པནྠ་སརྦ་པྲ་ཏྱཾ་གི་ར༔ སྲ་ཛཱ་སུ་སཽ་ཁྱ་ཧ་ར་སརྦ་པྲ་ཏྱཾ་གི་ར༔ སརྦ་སྭསྣི་ཤ་ཀུ་ནི་ཙིཧྣ་ནི་རཱ་སརྦ་པྲ་ཏྱཾ་གི་ར༔ སརྦ་པྲ་ཏི་ཀུ་ལ་ཏ་ཨ་ནིཥྛ་ཨ་ཤ་ཡ་པྲ་ཏྱཾ་གི་ར༔ སརྦ་ཨ་ཏི་ཛྭ་ར་སཾ་ཙ་ར་བྱཱེ་དྷི་པྲ་ཏྱཾ་གི་ར༔ སརྦ་ཨཱ་བ་ཧ་ཤ་ཏྲུཾ་བིགྷྣན་པྲ་ཏྱཾ་གི་ར་ཀུརྦནྟུ་༔ བན་བྱད་བོན་བཙོ་སྣང་སྲིད་ལྷ་འདྲེའི་བྱད་ཁ་གདུག་རྩུབ་དམོད་མཆུ༔ མི་མཐུན་པའི་ཕྱོགས་མི་འདོད་པའི་ནད་གདོན་དགྲ་ཇག་ཆོམ་རྐུན་ཐན་ལྟས་རྨི་ལམ་མཚན་རྟགས་ངན་པ་ཐམས་ཅད་སངས་རྒྱས་བསྟན་པའི་སྤྱི་དགྲ་དང་༔ དགོས་སུ་བྱད་མ་ལྷ་སྲུང་དང་བཅས་པའི་སྟེང་དུ་བྷྱོ་བྷྱོ་བཟློག་བཟློག༔ ཅེས་བརྗོད་དོ༔ སྤྱི་ལྟར་བདེན་བརྗོད་རེའི་རྗེས་སུ་སྔགས་འདི་བཏགས་ཀྱང་རྒྱུན་གྱི་ཁ་ཏོན་ལ་བཟང་༔ ན་མོ་དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་ཆོས་སྐྱོངས་བསྲུང་མའི་བདེན་སྟོབས་ཀྱིས༔ ཞེས་པ་ལ་བཏགས་ན་བཟློག་སྟོང་སོགས་ལ་བདེ་མྱུར་དུ་འདུག་གོ༔ བསྲུང་བ་ལ༔ རྩ་སྔགས་མཐར༔ ཨ༔ ཡོ་ག་ཧ་མི་ཨ་པ་ན་ཡ་ཛ་མ་ན་པུ་ནུ་པ་ར་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ༔ སུརྱ་པུརྦ་དཾ༔ དཀྵི་ཎ༔ པྲ་ཏཱི་ཙཱི༔ ཨརྟ་ར་ཏི༔ ད་ཤ་དིཀཱ་སརྦ་ཀ་ཁོ་དྷ༔ པྲེ་ཥ་ཀ༔ སརྦ་ཤཱ་ཏྲུཾ་ཙཽ་ར་སྟྱ་ན་མཱ་ར་བིགྞན་བི་ན་ཡ་ག་བྱཱ་དྷ་གྲ་ཧ༔ པྲ་ཏྱ་ཡ་ནཱི་ར་ནན་ཏ་ཡ༔ པྲ་ཏི་ཀུ་ལ་ཨ་ནིཥྛ་པྲ་ཏེ་ཤི་ཀ༔ སརྦ་རཀྵ་རཀྵ་ཀུརྦནྟུ༔ ཅེས་བཏགས་བཟླས་པས་བཀྲ་ཤིས་བྱེད༔ རྐྱེན་བགེགས་མཐུ་བྱད་ནད་གདོན་གྱི༔ ནམ་ཡང་མི་ཚིགས་རྡོ་རྗེའི་གོ༔ འདི་ལས་ལྷག་པ་ས་སྟེང་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ རྣོ་མདེའུ་ཟབ་མོ་འདི་མེད་ན༔ ལས་སྦྱོར་རི་མོའི་ཟས་ནོར་འདྲ༔ འདི་ལྡན་གནམ་ལྕགས་ཐོག་མདའ་དངོས༔ དེ་ཕྱིར་གསང་བ་དམ་པའོ༔ ༈ གཏེར་བུམ་བསྒྲུབ་སྔགས་ནི༔ ན་མོ་རཏྣ་ཡཱ་ཡ༔ གུ་རུ་དེ་ཝ་ཊཱ་ཀྐི་ནི༔ ན་མོ་པདྨ་ཤ་ས་ན་མནྠ༔ ཏདྱ་ཐཱ༔ ཨོཾ་མ་ཧཱ་ནི་ཏི་གྷ་ཌ་ཕ་ལ༔ ཏ་ཏྭ་ཝ་ན་ད་ཤ་ནི་ཏི༔ མ་ཎི་རཏྣ་ད་ན་བསྟྲ་བ་སུ་ཨཱ་མི་ཥ་བྷོ་ག་པ་ཏི་སྐ་ར༔ ཨཱ་ལངྐ་ར་ཤྲཱི་ལཀྵི་ཏེ་ཛྭ་ཤསྲ་གུ་ཎ་པུཎྱ་ཨ་ཡུར་པྲཛྙཱ་ཛྙཱ་ན་ད་རུ་ཎ༔ པྲ་བྲི་ཏི་ལཀྵིཾ་ཨཱ་ཡ་ཏ་སྠཱ་བི་ར་པིཥྚཾ་ཨ་དྷིཥྛ་ནཾ་སིདྡྷི་བྷཱུ་ཏ་ནི་སྭཱ་ཧཱ༔ ཉིན་ཐ་མར་གཡང་བུམ་མཆོད་པ་ནི༔ ཨོཾ་མ་ཧཱ་ནི་ཏི་གྷ་ཌ་ཕ་ལ་ཨ་ཏིཥྛ་ནཾ༔ སིདྡྷི་ཀཱ་མཱ་སཱ་བྷུ་ཏ་ནི༔ སརྦ་མ་ཧཱ་བ་ལ་དྷརྨཱ་པཱ་ལ་ཙིནྡྷ་ཝ་ཤཾ་རཱ་ཛ༔ ཨུདྡཱེ་ཤ་པ་ལ་པུ་ར་ཏཀྵ་ཀ་ཨ་ཎ་པཱརྠཱི་བ་སརྦ་ཨཱ་ན་ན་པུ་ཛ༔ ཧ་ས་པ་མ་ཡཱ་པ་དྷ་ནཾ༔ ཨ་བྷེ་ཏམཱ་བྷོ་ག་ཨུཏྟ་མ་ནིརྱ་ཏ་ཡ་མཱ༔ དེ་ཝ་རཀྵི་བརྒ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཏིཥྛ་ཏེ་ག་ཏི་ཀུ་རུ༔ ཨུ་པ་ན་ཧ་ཨུཏྟསྟ༔ ཨ་ཡོ་དྷ་ནཾ་པུརྞ་གམྦྷ་ཤ་མ་ལི༔ པྲོཀྵོ་ཎཾ་ཤུདྡྷེ༔ ཨ་བ་ཏ་སེ་ན༔ དོ་ཥ་པྲ་ཏི་དེ་ཤ་ན་ཨ་བ་ས་ར་ཎཾ་ཨོཾ་ཀ་པཱ་ནརྱི་ཏ་ཡ་མཱ༔ སུ་སཾ་སྐྲ་ཏ་མ་ཧཱ་མནྡྷ་ཏརྵ་ཀུརྦནྟུ༔ པ་ར་ཨུརྤརྒ་ཀརྨ་པྲ་པ་ར་ཡཱ་དྲ་ཤ་ནྱ་ཡ་སརྦ་ཨ་བ་ཏི་ཧ་ར་པྲ་ཏི་དྱ་ཀུརྦནྟུ༔ ཅེས་ཀྱང་དུས་བབས་ཕྲིན་ལས་ཀྱི་མྱུར་བྱང་༔ གལ་ཆེ་བར་རིག་སྟེ་ཁྲག་འཐུང་ག་གཱ་ཨ་བྷྱེས་མཁའ་འགྲོའི་བརྡ་ལས་བཤུས་པ་ཟབ་རྒྱའོ། །བརྡ་ཡིག །བརྡ་ཡིག་འདི་ན་ད་དུང་ཡོད་ལགས༔

བདུད་རྩི་སྨན་མཆོད།

ཞི་རྒྱས་ཀྱི་ལས་ལ་བདུད་རྩི་སྨན་མཆོད་དང་གསང་ནན་གཙོ་བོར་ཆེ་བས་ན་ལྷ་ཚོགས་དང་མཐུན་པར་ཁཱ་ཧི་གདགས་སོ༔ དེ་ཡང་༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས་དབང་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ སྤྲུལ་པའི་སྐུ་མཆོག་པདྨ་དབང་ཆེན་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ ནམ་མཁའ་མཛོད་བརྙེས་རིན་ཆེན་མང་དབང་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ རིགས་སྔགས་འཆང་དབང་པདྨ་ཐོད་ཕྲེང་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ ཁམས་གསུམ་དབང་བསྒྱུར་མ་ཧཱ་དེ་ཝ་ལ༔མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ དབུལ་ཕོང་ཀུན་སེལ་རྣམ་མང་ཐོས་སྲས་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ འདོད་དགུའི་གཏེར་མཛོད་ཡིད་བཞིན་དབང་རྒྱལ་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ པདྨ་དྲག་པོ་ཀློང་གསལ་སྙིང་པོ་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ ཟབ་གཏེར་མངའ་བདག་བདུད་འཇོམས་དཔའ་བོ་ལ༔མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ ལྷ་སྲིན་བྲན་ཁོལ་ནམ་མཁའ་འཇིགས་མེད་ལ༔མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ མཆོག་ཐུན་གྲུབ་བརྙེས་རིག་འཛིན་ཚོགས་རྣམས་ལ༔མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ མཐར་དངོས་གྲུབ་བླངས་བ་ནི༔ ཧོ༔ བདུད་རྩིའི་ངོ་བོ་རང་བྱུང་ཡེ་ཤེས་ཏེ༔ བདུད་རྩིའི་འབྱུང་གནས་ཆོས་སྐུ་བདེ་བ་ཆེ༔ བདུད་རྩིའི་རྒྱུ་ནི་མེ་ལོང་ཡེ་ཤེས་བརྡལ༔ བདུད་རྩིའི་དངོས་པོ་རྩ་བརྒྱད་སྟོང་ལ་སྦྱར༔ བདུད་རྩིའི་སྙིང་པོ་དམིགས་མེད་སྙིང་རྗེ་མཆོག༔ བདུད་རྩིའི་དམ་ཚིག་སྡུག་བསྔལ་བདེ་བར་སྦྱོར༔ བདུད་རྩིའི་བྱེད་ལས་གཞན་ཕན་རྒྱུན་ཆད་མེད༔ བདུད་རྩིའི་འབྲས་བུ་གཟུགས་སྐུ་རྣམ་གཉིས་འགྲུབ༔ གཙང་སྨེ་གཉིས་འཛིན་བྲལ་བའི་ངང་སྤྱོད་པས༔ རང་གྲོལ་བདེ་བ་ཆེན་པོ་ལྷུན་གྲུབ་ནས༔ སྐུ་གསུམ་ཡོངས་རྫོགས་མཆོག་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཀ་ཡ་ཝཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དང་༔ ཁྱད་པར་དྲག་པོའི་དཀྱིལ་འཁོར་ལ༔ རཀྟ་བསྒྲེང་ཞིང་ཁཱ་ཧི་གདགས༔ ཨ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས་དབང་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ སྤྲུལ་པའི་སྐུ་མཆོག་པདྨ་དབང་ཆེན་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ནམ་མཁའ་མཛོད་བརྙེས་རིན་ཆེན་མང་དབང་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ རིགས་སྔགས་འཆང་དབང་པདྨ་ཐོད་ཕྲེང་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཁམས་གསུམ་དབང་བསྒྱུར་མ་ཧཱ་དེ་ཝ་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ དབུལ་ཕོང་ཀུན་སེལ་རྣམ་མང་ཐོས་སྲས་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ འདོད་དགུའི་གཏེར་མཛོད་ཡིད་བཞིན་དབང་རྒྱལ་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ པདྨ་དྲག་པོ་ཀློང་གསལ་སྙིང་པོ་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཟབ་གཏེར་མངའ་བདག་བདུད་འཇོམས་དཔའ་བོ་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ལྷ་སྲིན་བྲན་ཁོལ་ནམ་མཁའ་འཇིགས་མེད་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ མཆོག་ཐུན་གྲུབ་བརྙེས་རིག་འཛིན་ཚོགས་རྣམས་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡིས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ དེ་ལྟར་རཀྟ་དམར་གྱི་མཆོད་འབུལ་བས༔ བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ཤེས་སྒྲིབ་ཆོས་ཀྱི་བདག་འཛིན་རུ་ཏྲ་ཀུན༔ རྣམ་པ་གྷིརྟི་དམར་མོའི་སྐུ་རུ་དག༔ ངོ་བོ་སྐྱེ་མེད་ཀ་དག་མངོན་གྱུར་ཤོག༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཧོ༔ རཀྟའི་ངོ་བོ་ཆོས་ཉིད་དེ་བཞིན་ཉིད༔ རཀྟའི་འབྱུང་གནས་བདེ་ཆེན་ཡུམ་ཀྱི་མཁའ༔ རཀྟའི་རྒྱུ་ནི་སོར་རྟོགས་ཤེས་རབ་བརྡལ༔ རཀྟའི་ལྷ་ནི་ཆགས་བྲལ་གྷིརྟི་དམར༔ རཀྟའི་དངོས་པོ་རྩ་བརྒྱད་སྟོང་ལ་སྦྱར༔ རཀྟའི་སྙིང་པོ་སྟོང་ཉིད་ལྷན་ཅིག་སྐྱེས༔ རཀྟའི་དམ་ཚིག་འཁོར་བ་དབྱིངས་སུ་སྒྲོལ༔ རཀྟའི་བྱེད་ལས་མཆོག་དངོས་རྒྱུད་ལ་འདེབས༔ རྣལ་འབྱོར་ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ ཆོས་སྐུ་དོན་གྱི་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ ག་གཱས་ཁ་བསྐང་ངོ་། །༈ ལར་མཆོག་ཐུན་གྱི་དངོས་གྲུབ་ལ་སྨོན་པ་ཡིན་ཀྱང་༔ ཁྱད་པར་བའི་ལས་ལ་སྦྱར་ན་ཞི་རྒྱས་ཀྱི་ལས་ལ་སྨན་དང་༔ དབང་དྲག་གི་ལས་ལ་རཀྟའི་མཆོད་པ་དང་དངོས་གྲུབ་བླང་བ་གཙོ་ཆེར་དགོས་པས་སྨན་གྱི་ཁ་བསྒྱུར་ལ༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ནད་གདོན་བར་ཆད་མི་མཐུན་ཞི་བ་དང་༔ ཚེ་བསོད་དཔལ་ཡོན་རྒྱས་པའི་ཕྲིན་ལས་མཛོད༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ ཞེས་ལྷ་གྲངས་དང་མཐུན་པར་གདགས་མཐར༔ ཡང་ན༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ལ༔ མྱོང་གྲོལ་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཚེ་བསོད་དཔལ་ཡོན་འཕེལ་རྒྱས་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ ཞེས་ལྷ་གྲངས་དམ་མཐུན་པར་གདགས་མཐར༔ ཞེས་བཏགས་སོ༔ རཀྟའི་དབང་ལ༔ ཨ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཞེས་ལྷ་གྲངས་དང་མཐུན་པར་གདགས་མཐར༔ ཞེས་ཁ་བསྒྱུར༔ དབང་དྲག་གཉིས་ཀ་ལ༔ ཨ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ལ༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པ་དང་༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ཞེས་ལྷ་གྲངས་དང་མཐུན་པར་གདགས་མཐར༔ ཞེས་བྱས་ཀྱང་ཆོག་གོ༔ ག་གཱས་སོ། །

བསྙེན་དམིགས།

བསྙེན་དམིགས་ནི༔ སྔ་དྲོ་ཞི་བའི་དུས་སུ༔ བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་མདུན་བསྐྱེད་སྐུའི་ཆོས་སྐྱོང་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་གནོད་སྦྱིན་ཐལ་བ་སྐྱོང་གི་ཐུགས་ཀ་ནས་འོད་ཟེར་ཡར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་༔ ཁྱད་པར་དུ་སྨན་གྱི་ལྷ་དྲང་སྲོང་རིག་འཛིན་གྱི་ཚོགས་དང་བཅས་པའི་དབང་མཆོག་དངོས་གྲུབ་ཐམས་ཅད་བསྡུས་ནས་བདག་ཅག་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་ཐིམ་པས་ནད་གདོན་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་མི་འདོད་པའི་ཉེ་བར་འཚེ་བ་ཐམས་ཅད་ཞི་ཞིང་༔ འོད་ཟེར་མར་འཕྲོས༔ ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་བསལ་ཏེ༔ སྣོད་བཅུད་ཁམས་ཀྱི་སྨན་དང་འཚོ་བྱེད་ཀྱི་བཅུད་བསྡུས་ནས་བདག་ལ་ཐིམ་པས་ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མོས་ལ༔ རཱ་ཛ་ཙནྡྲ་ས་མ་ཡཱ་སརྦ་དུ་ཁ༔ ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་རྒྱས་པའི་ལས་ལ་ཉིན་གུང་དུ༔ བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་མདུན་བསྐྱེད་ཡོན་ཏན་གྱི་ཆོས་སྐྱོང་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས༔ གནོད་སྦྱིན་དོན་གྲུབ་རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་ཡར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་ཁྱད་པར་དུ་ཡོན་ཏན་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་པའི་ཞིང་ཁམས་རྟེན་དང་བརྟེན་པའི་ཡོན་ཏན་དང་བཀོད་པ་དབང་བྱིན་ཐམས་ཅད་ཚུར་བསྡུས་ནས་བདག་ཅག་བསྲུང་བྱ་ཡོན་མཆོད་མི་ནོར་འཁོར་བཅས་ལ་ཐིམ་པས་ཚེ་བསོད་དཔལ་འབྱོར་ཆོས་སྲིད་མངའ་ཐང་དང་བཅས་པ་རྒྱས་པར་བསམ༔ འོད་ཟེར་མར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་རྒྱུ་འབྲས་ཀྱི་དབུལ་བ་མཐའ་དག་བསལ་ནས༔ སྣོད་བཅུད་ཀྱི་དཔལ་ཡོན་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པས་ལོངས་སྤྱོད་རྣམ་ཐོས་ཀྱི་སྲས་དང་མཉམ་པའི་དངོས་གྲུབ་ཐོབ་པར་བསམ༔ རཱ་ཛ་ཙནྡྲ་ས་མ་ཡ་ཚེ་བསོད་དཔལ་ཡོན་པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་ལ་དགོང་མོའི་དུས་ཉིད་དུ༔ ཧཱུྃ༔ བདག་དང་མདུན་བསྐྱེད་གཙོ་བོ་ནི༔ ཝ་ཀི་པ་ལའི་ཐུགས་ཀ་ནས༔ འོད་ཟེར་དམར་པོ་ཕྱོགས་བཅུར༴ཞེས་གཡང་འབོད་འགོའི་དེ་ལ་སྔགས་དབང་གི་ཕྲིན་བཅོལ་མཇུག་གི་སྔགས་གཤམ་བཏགས་ལ་བཟླའོ༔ དྲག་པོ་ལ་སྲོད་ཀྱི་དུས་སུ༔ བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཕྲིན་ལས་གྱི་ཆོས་སྐྱོང་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས༔ གནོད་སྦྱིན་སྟག་མདའ་གདོང་བའི་ཐུགས་ཀ་ནས་འོད་ཟེར་ཡར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་༔ ཁྱད་པར་དུ་ཁྲོ་བོ་རྨད་དུ་བྱུང་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་ནུས་མཐུ་སྟོབས་རྩལ་ཕྲིན་ལས་ཐམས་ཅད་ཚུར་བསྡུས་ནས་བདག་ཅག་བསྲུང་བྱ་མི་ནོར་འཁོར་བཅས་ལ་ཐིམ་པས༔ ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བའི་དབང་བྱིན་དངོས་གྲུབ་ཐོབ་པར་བསམ༔ ཡང་འོད་ཟེར་མར་འཕྲོས་འཇིག་རྟེན་ཁམས་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ཏེ་བྲན་དུ་ཁོལ༔ དམ་ཉམས་པ་དང་དམ་ལས་ལོག་པ་དམ་ལ་འཁུ་བའི་ངང་ཚུལ་ཅན་རྣམས་འོད་ཟེར་གྱི་ལྕགས་ཀྱུའི་སྙིང་ཁ་ནས་དྲངས་ཏེ༔ དམ་ཚིག་གི་ཁས་བླང་ཅི་ནས་བྲན་དུ་བཀོལ༔ མ་རུང་དྲག་རྩལ་ཅན་རྣམས་འོད་ཟེར་མཚོན་ཆའི་འཁྲུལ་འཁོར་བསམ་གྱི་མི་ཁྱབ་པ་འཕྲོས་པས་བཅད་གཏུབ་བསྲེག་གཏོར་རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་རྡུལ་དུ་བརླག་པར་བསམ་ལ༔ ལས་བྱང་མཇུག་གི་རྦད་བསད་ཀྱི་སྔགས་ཅི་རིགས་བརྗོད༔ ཡང་ཟོར་ལས་དགོས་ན་ཟོར་བསྒྲུབ་པའི་ཆེད་ཟོར་སྔགས་དང་༔ བཟློག་པའི་ལས་ལ་བཟློག་གཏོར་ལྷར་གསལ་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་རྗེས་སུ་མཆོད་པ་ལ་རཀྟ་བསྒྲེང་ནས་བསྟོད་དེ༔ བདག་མདུན་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་བཟློག་བྱེད་ཡེ་ཤེས་ཀྱི་ཁྲོ་བོའི་ཚྭ་ཚྭ་གྲངས་མེད་པ་འཕྲོས་ནས་གནོད་བྱེད་བྱད་མ་ལྷ་སྲུང་སྡེ་བརྒྱད་ལྷ་འདྲེའི་ཆོ་འཕྲུལ་རྨི་ལམ་མཚན་མ་ངན་པ་ཕུང་དཀྲོལ་གཡོ་བའི་མཁན་པོ་རྣམས་ཀྱི་སྟེང་དུ་ཕྱིར་བཟློག་ཅིང་སྤུ་གྲིའི་འཁོར་ལོ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པས་གཏུབ༔ ཡེ་ཤེས་ཀྱི་མེ་དཔུང་གིས་བསྲེགས༔ ཆོ་འཕྲུལ་གྱི་རླུང་གིས་གཡེང་པར་བྱས་ཏེ་མིང་གི་ལྷག་མ་ཙམ་ཡང་མེད་པར་གཏན་ནས་བརླག་པར་བསམ༔ རྩ་སྔགས་མཐར༔ གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པའི་སྟེང་དུ་བྷྱོ་བྷྱོ་བཟློག་བཟློག༔ ལུས་ངག་ཡིད་གསུམ་ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ གཏུབ་གཏུབ༔ ཙིཏྟ་བརླག་བརླག༔ ཀ་ཡ་ཝཀྐ་ཨིནྡྲ་པཉྩ་མ་ནུ་ཥེ་བ་སུ་ཤྲཱི་སརྦ་མ་ར་ཡ་བྷྱོ་བྷྱོ༔ ཨེ་ས་མ་ཡཱ་བཟློག་བཟློག༔ ཞེས་མང་དུ་བཟླས་ནས་གཏོར་མ་གཟི་བྱིན་བསྐྱེད༔ འདིའི་ཟོར་གྱི་སྔགས་ཀྱང་འོང་སྟེ༔ ཟོར་ཡིན་ན་ཟོར་བསྐུལ་གྱི་མཐར༔ དྲག་པོའི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཐུན་རྫས་དང་མཚོན་ཆའི་རང་བཞིན་རྣམ་པ་སྣ་ཚོགས་སུ་གྱུར་ནས་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་ལ་ཆས་ཏེ༔ གང་ལ་དམིགས་པའི་ཡུལ་དེར་ས་མཁར་ལ་སྒྱོག་རྡོ་བབས་པ་བཞིན་དུ་ཕོག་སྟེ༔ བྲག་དམར་ཐོག་གིས་གཏོར་བ་བཞིན་ཐལ་བའི་རྡུལ་ཕྲན་ཙམ་ཡང་མ་ལུས་པར་རྨེག་མེད་དུ་བྱས་པར་བསམ་ལ༔ ཟོར་རྐོང་རྣམས་གདབས༔ དེའི་རྗེས་སུ་གཏོར་ཆེན་ཀྱང་འཕང་ནས༔ གཏོར་མ་ཞུགས་ལ་འབུལ་ཏེ༔ དེའི་ཤུལ་དུ་ལུ་གུ་རྒྱུད་ཀྱིས་དལ་བསྐོར་ནས་བྲོ་བརྡུང་ངོ་༔ དེའི་ལས་མི་འཇིག་ཅིང་དྲག་པོའི་འཕྲིན་ལས་ཚར་ཕྱིན་པའི་དགོས་པ་ཡོད་དོ༔ ཅེས་པ་འདི་ཡང་འཇིག་དགའི་བསྐུལ་ངོར་ག་གཱ་ཨ་བྷྱེས་སོ། །ཡི་གེ་པ་ནི་དེ་ཉིད་དོ། །ཡང་དྲག་པོར་བསྒོམ་ན་མངོན་སུམ་དུ་དགྲ་ལ་ཆས་པར་བསམ་ནས་རཱ་ཛ་ཙནྡྲ་ས་མ་ཡ་དགྲ་བགེགས་མ་ར་ཡ་ཕཊ༔ ཧུར་ཐུམ་སོད༔ བརྗོད་གསུངས༔ བདུད་འཇོམས་རྡོ་རྗེས་ནམ་མཁའི་ངོར་གསུངས་སོ། །

ཡིད་བཞིན་དབང་གི་རྒྱལ་པོའི་བསྟོད་དབྱངས་ཚངས་པའི་སྒྲ་ཆེན།

ཡིད་བཞིན་དབང་གི་རྒྱལ་པོའི་བསྟོད་དབྱངས་ཚངས་པའི་སྒྲ་ཆེན་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །སྐུ་གསུང་ཐུགས་ཡོན་རྣམ་ཐར་ལ༔ བཅོས་མིན་མོས་གུས་གདུང་ཤུག་གིས༔ སྒོ་གསུམ་འཇུག་པ་གཅིག་དྲིལ་དུ༔ བསྟོད་པའི་གླུ་མཆོད་འདི་སྐད་འབུལ༔ ཨེ་མ་ཧོ༔ སྟོབས་ཀྱི་སྟོབས་འཕགས་བདུད་འཇོམས་ཧེ་རུ་ཀ༔ སྤངས་རྟོགས་མཐར་ཐུག་དོན་གཉིས་ལྷུན་གྲུབ་དཔལ༔ སངས་རྒྱས་ཀུན་འདུས་མགོན་པོ་འོད་དཔག་མེད༔ བདེ་ལྡན་ཞིང་གི་དབང་པོ་ཁྱོད་ལ་བསྟོད༔ སྒྲུབ་སྡེ་ཆེན་པོ་བརྒྱད་ལ་བཞུགས་པའི་ཚེ༔ འཁོར་འདས་ཐམས་ཅད་གསུང་གི་ཁྱབ་བྱེད་མགོན༔ གསུང་ཆེན་ཐེངས་གསུམ་འདུལ་གླུའི་ཁམས་གསུམ་ཀུན༔ གསུང་རྔམས་སྲིད་པ་གཞི་ལ་གཞིག་པར་བསྟོད༔ དཔལ་ཆེན་རྒྱུད་སྡེ་རྒྱ་མཚོའི་ད་ལ་ནས༔ བཅོམ་ལྡན་ཁྲག་འཐུང་པདྨ་ཧེ་རུ་ཀ༔ ཁམས་གསུམ་དབང་བསྡུད་དབང་གི་འཁོར་ལོ་སྡོམ༔ ཆགས་མེད་ཆགས་པས་འདུལ་ཚུལ་ཁྱོད་ལ་བསྟོད༔ མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེན་པོ་རུ༔ དབང་ཕྱུག་འདོད་རྒྱལ་ཚོགས་ཀྱི་བདག་པོ་ཆེ༔ ཕྱི་ནང་ཐུན་མོང་ལྷ་ཆེན་རྩོད་པ་མེད༔ སྡེ་དཔོན་ཡོངས་ཀྱི་འཕྲོ་གཞི་ཁྱོད་ལ་བསྟོད༔ འདོད་པའི་ཁམས་ཀྱི་སུམ་ཅུ་རྩ་གསུམ་དུ༔ འདོད་དགུའི་ཆར་འབེབས་རྣམ་མང་ཐོས་སྲས་དབང་༔ རི་རབ་བྱང་གི་བ་གམ་ཀུན་དབང་བསྒྱུར༔ མགོན་པོ་དངོས་གྲུབ་གཏེར་བདག་ཁྱོད་ལ་བསྟོད༔ གླིང་བཞི་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་ན༔ ཁྱོད་ཀྱི་སྒྱུ་འཕྲུལ་མ་ངེས་ཅིར་ཡང་བསྒྱུར༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན་བསྒྲུབ་མཛད༔ བསྟན་འགྲོའི་གཉེན་གྱུར་ཁྱོད་ལ་ཕྱག་འཚལ་བསྟོད༔ ནཱ་ག་ཀླུ་ཡི་ཡུལ་དུ་འདུལ་སྤྱོད་ཚེ༔ རཏྣའི་བང་མཛོད་མི་མགོན་དཀར་པོ་ཞེས༔ གྲགས་སྙན་འཇིག་རྟེན་གསུམ་གྱི་མཐར་ཁྱབ་པའི༔ ས་འོག་སྐྱོང་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཁྱད་པར་སྙིགས་མ་ལྔ་ཡི་ཡང་མཐའ་འདིར༔ གནས་ཡུལ་དུར་ཁྲོད་ཧེ་རུའི་ཞིང་ཁམས་སུ༔ རྟེན་དང་བརྟེན་པའི་བཀོད་པ་མཐའ་ཡས་པ༔ ཁྱོད་གཅིག་འདོད་དོན་སྒྱུ་འཕྲུལ་ཅིར་ཡང་བསྒྱུར༔ བྱེ་བྲག་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྒྱལ་ཆེན་ལྔ་དང་རུ་འདྲེན་ཕོ་ཉར་བཅས༔ བེ་དཀར་བེ་ནག་ཙི་དམར་སྐུ་འཁོར་ལྔ༔ ཅིར་ཡང་བསྒྱུར་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཁྱོད་སྐུ་འཇིག་རྟེན་གསུམ་ན་མངོན་པར་འཕགས༔ སྔགས་ཀྱི་ཡེ་ཤེས་གཟུགས་ལས་སྐྱེས་པའི་ཕྱིར༔ ཁྱེད་གསུངས་བརྡ་དག་ཀུན་ལས་མཆོག་བླར་ཕྱིན༔ ལུང་རྟོགས་ཆོས་ཀྱི་གཏེར་མཛོད་ཁྱོད་ལ་བསྟོད༔ ཐུགས་ནི་ཤེས་བྱའི་གནས་ལ་ཆགས་ཐོགས་མེད༔ མཁྱེན་གཉིས་ཡེ་ཤེས་ཉི་ཟླའི་སྤྱན་རས་གསལ༔ ཡོན་ཏན་སྲིད་ཞིའི་ཆེ་བ་མཐའ་དག་རྫོགས༔ ཕྲིན་ལས་རྩོལ་མེད་ལྷུན་གྲུབ་ཁྱོད་ལ་བསྟོད༔ མཐུ་སྟོབས་ལྷ་བརྒྱའི་དཔུང་བ་དུས་གཅིག་བསྟོད༔ ཡིད་སྲུབ་བུ་ལོ་མ་དགྲའི་བརྟན་པ་འཕྲོགས༔ ཞིང་བཅུའི་སྲིད་པ་ཡུད་ཙམ་གཅིག་གིས་བསྣུབས༔ ཧེ་རུ་ཀ་དཔལ་ཆེ་མཆོག་ཁྱད་ལ་བསྟོད༔ བསྟན་དང་བསྟན་འཛིན་ཡོངས་ཀྱི་མགོན་དུ་ཆེ༔ བསྟན་བཤིག་དམ་ཉམས་སྲོག་གི་གཤེད་པོར་ཆས༔ དཀར་ཕྱོགས་རྒྱལ་བློན་ཡུལ་སྡེའི་སྐྱོངས་བྱེད་པོ༔ ཆོས་འཁོར་སྤེལ་དང་འཛིན་བསྲུང་བདག་པོར་བསྟོད༔ ཁྱད་པར་ལྷ་སྔགས་ཏིང་འཛིན་མཐུ་ཐོབ་པས༔ གང་སྒྲུབ་ཡེ་ཤེས་ལས་གྲུབ་རང་དབང་ཀྱང་༔ སྟོབས་ཕྲའི་སྐྱེ་བོ་བདག་འདྲ་ཡོངས་བཟུང་བའི༔ སྙིང་རྗེའི་མངའ་བདག་ཁྱོད་ལ་ཕྱག་འཚལ་བསྟོད༔ དགའ་ན་གདོད་མའི་མགོན་པོའི་རང་ཞལ་སྟོན༔ ཁྲོས་ན་སྲིད་པ་ཡོ་ལོག་གཡོ་འཁྲུགས་སྦྱོར༔ འཁོར་འདས་སྣང་སྲིད་ཡོངས་ཀྱི་ཁྱབ་བདག་ཆེ༔ གནོད་སྦྱིན་རྗེ་བོ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྟོང་ན་ནད་གདོན་སྡིག་སྒྲིབ་རྨིགས་ ༼ རྨེག་དཔྱད། ༽མེད་མཛད༔ གང་ན་སྲིད་དང་ཞི་བའི་བཀྲ་ཤིས་དཔལ༔ བསྐྱེད་བྱེད་མ་མའི་ཟོལ་གྱིས་ཀུན་བཀྲུན་པ༔ ས་གསུམ་སྐྱོངས་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྔོན་ཚེ་གསང་ཆེན་བབས་སོ་དང་བོ་ལ༔ འོག་མིན་རྣམ་མཛེས་གྲགས་བའི་གནས་བཟང་དུ༔ གྲུབ་པའི་རྒྱལ་པོ་གྲགས་པ་མཐའ་ཡས་ཞེས༔ དངོས་གྲུབ་བརྙེས་པ་ཁྱོད་ལ་ཕྱག་འཚལ་བསྟོད༔ དེ་འོག་བབས་སོ་གཉིས་པའི་དུས་ཚིགས་ལ༔ དགའ་ལྡན་བརྩེགས་པར་པདྨ་ལས་གྲུབ་ཀྱི༔ རྡོ་རྗེ་ཐེག་པའི་སྟོན་པའི་བསྟན་བཞུགས་སྐྱངས༔ བཀའ་བབས་རིག་འཛིན་ཁྱོད་ལ་ཕྱག་འཚལ་བསྟོད༔ དེ་རྗེས་སུམ་རྩེན་ལྷ་ཡི་གྲལ་མདུན་འདོན༔ སེམས་དཔའ་རྡོ་རྗེའི་ཀུན་སྙིང་གཅུང་གྲགས་བཙུན༔ དབང་བསྐུར་དབུགས་དབྱུང་ཁྱོད་ལ་ཕྱག་འཚལ་བསྟོད༔ སླར་ཡང་འཛམ་གླིང་ཡངས་བའི་གྲུ་ཆར་དུ༔ དབང་བསྒྱུར་མ་ངེས་ཆོ་རོལ་གར་བསྒྱུར་བ༔ དངོས་གྲུབ་གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧོ༔ རྡོ་རྗེ་རིགས་ཀྱི་བཀའ་སྡོད་དྲེགས་པའི་རྗེ༔ དགྲ་གདོན་མེ་ཆུ་དུག་མཚོན་ཐོག་གཅན་ཟན༔ སྡིག་སྒྲིབ་མི་འདོད་མི་མཐུན་སྦབ་ ༼ རྦབ་དཔྱད། ༽ གཡང་ནད༔ ཞི་མཛད་ཟླ་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧོ༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་བཀའ་སྡོད་པ༔ ཚེ་དཔལ་ཐབས་ཤེས་དཔལ་ཡོན་ཆོས་སྲིད་མཐུ༔ སྲོག་ལུས་དབང་རླུང་གཟི་བརྗིད་བཀྲག་ཟས་ནོར༔ རྒྱས་མཛད་དོན་གྲུབ་མགོན་པོའི་ཡོན་ཏན་བསྟོད༔ ཧོ༔ ནུབ་ཕྱོགས་པདྨའི་རིགས་ཀྱི་བཀའ་སྡོད་པ༔ ཁམས་གསུམ་ལྷ་འདྲེ་མི་ཡི་ཟས་ནོར་གཡང་༔ དབང་ཕྱུག་བརྒྱད་དང་མོས་པ་རྣམ་བཞིའི་དཔལ༔ དབང་བསྡུད་ཝ་ཀི་པཱ་ལའི་གསུང་ལ་བསྟོད༔ ཧོ༔ བྱང་ཕྱོགས་ལས་ཀྱི་རིགས་ཀྱི་བཀའ་སྡོད་ཚུལ༔ བསད་དབྱེ་བསྡིགས་བསྐྲད་རྨོངས་བསྲེགས་བརྡུང་གཏུབ་བརྡེག༔ འབིགས་མནན་གཟིར་གཅིངས་ཟ་གསོད་བསྒྲལ་འདྲེན་པ༔ སྟག་མདའ་མགོན་པོའི་ཕྲིན་ལས་མཆོག་ལ་བསྟོད༔ ཤར་དང་ཤར་ལྷོའི་དཔུང་དང་རུ་འདྲེན་གྱི༔ དྲི་ཟ་མེ་ལྷའི་དཔལ་གཡང་ཡོན་ཏན་འགུགས༔ མི་མཐུན་སྦྱོར་བ་ངན་པ་དབྱིངས་སུ་སྡོམ༔ ལུས་འཕགས་གླིང་ཕྲན་མངའ་བདག་ཁྱོད་ལ་བསྟོད༔ ལྷོ་དང་ལྷོ་ནུབ་རུ་འདྲེན་དཔུང་བཅས་ཀྱི༔ གཤིན་རྗེ་སྲིན་པོའི་དཔལ་གཡང་ཡོན་ཏན་འགུགས༔ མི་མཐུན་བསམ་སྦྱོར་ངན་པ་དབྱིངས་སུ་སྡོམ༔ འཛམ་བུའི་གླིང་ཕྲན་མངའ་བདག་ཁྱོད་ལ་བསྟོད༔ ནུབ་དང་ནུབ་བྱང་རུ་འདྲེན་དཔུང་བཅས་ཀྱི༔ བཙན་དང་རླུང་ལྷའི་དཔལ་གཡང་ཡོན་ཏན་འགུགས༔ མི་མཐུན་བསམ་སྦྱོར་ངན་པ་དབྱིངས་སུ་སྡོམ༔ བ་ལང་ཕྲན་བཅས་མངའ་བདག་ཁྱོད་ལ་བསྟོད༔ བྱང་དང་བྱང་ཤར་རུ་འདྲེན་དཔུང་བཅས་ཀྱི༔ གནོད་སྦྱིན་རླུང་ལྷའི་དཔལ་གཡང་ཡོན་ཏན་འགུགས༔ མི་མཐུན་བསམ་སྦྱོར་ངནཔ་དབྱིངས་སུ་སྡོམ༔ སྒྲ་མི་སྙན་པའི་མངའ་བདག་ཁྱོད་ལ་བསྟོད༔ གཞན་ཡང་ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཚོགས་གྱིས༔ སྟེང་འོག་ཕྱོགས་མཚམས་དཔལ་གཡང་ཡོན་ཏན་འགུགས༔ མི་མཐུན་བསམ་སྦྱོར་ངན་པ་དབྱིངས་སུ་སྡོམ༔ མིང་གི་བརྗོད་ཚུལ་འཁོར་འདས་གཉིས་ཀྱི་ཆོས༔ དོན་དམ་ཁྱོད་དབྱིངས་གཅིག་དང་དུ་མས་དབེན༔ ཆོས་ཉིད་ཆིངས་སུ་ཡེ་ཤེས་རྒྱ་མཚོར་འདུ༔ འཁོར་འདས་མངའ་བདག་དཔོན་འཁོར་བཅས་ལ་བསྟོད༔ ཧོ༔ ཁྱོད་མཆོག་གསང་གསུམ་ཡོན་ཏན་མཛད་ཕྲིན་ལས༔ ཆོས་ཀྱི་དབྱིངས་དང་ནམ་མཁའི་རྗེས་འགྲོ་བས༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་ལས༔ བརྗོད་དུ་མ་ཟད་བསམ་པའི་ཡུལ་ལས་འདས༔ མཁྱེན་བརྩེ་ནུས་སྟོབས་ཐུགས་རྗེའི་ཚད་གྲངས་རིམ༔ ས་ཆེན་རྡུལ་གྱི་ཕྲ་རབ་ལས་འདས་པས༔ ཉི་ཚེའི་ཡིད་དང་ངག་གི་སྙིམ་པའི་ཚད༔ བཟུང་དུ་མ་དམིགས་མོད་དེ་རང་ཉིད་ཀྱིས༔ གུས་རྟགས་སྲིད་ཞི་ ༼ སྲི་ཞུ་དཔྱད། ༽ ཙམ་ཞིག་དཔང་པོར་བགྱིས༔ འོན་ཀྱང་མཁའ་མཐའ་སྦྲང་བུའི་གཤོག་རླབས་ཀྱིས༔ ཆོད་དུ་རེ་བ་གཞན་དག་གནམ་པོར་འགྱུར༔ རང་ཉིད་འབའ་ཞིག་ངལ་བ་བསྐྱེད་པར་རིགས༔ ལུས་ཀྱི་གུས་པས་ཕྱག་འཚལ་བསྟོད་པར་བྱ༔ ངག་གི་གུས་རྟགས་ཡོན་ཏན་བརྗོད་པས་བསྟོད༔ ཡིད་ཀྱི་ཟོལ་མེད་དད་ཅིང་ཡི་རང་བསྟོད༔ མཆོད་ཚོགས་འབྱོར་དགའི་བསྟི་སྟངས་བཅས་ཏེ་བསྟོད༔ རོལ་མོ་སྙན་པའི་སྒྲ་དབྱངས་བསྒྲགས་ཏེ་བསྟོད༔ མིག་གི་གདུང་ཤུགས་མཆིལ་མ་འཁྲིགས་ཤིང་བསྟོད༔ ལག་པའི་ཐལ་མོ་སྙིང་ཁར་གཡོ་ཞིང་བསྟོད༔ བཀའ་དྲིན་རྗེས་སུ་བསྐྱང་བ་དྲན་ཅིང་བསྟོད༔ འདོད་དོན་ཕྲིན་ལས་འགྲུབ་པ་དྲན་ཅིང་བསྟོད༔ མི་འདོད་ཉེར་འཚེ་སེལ་བ་དྲན་ནས་བསྟོད༔ དགྲ་གདོན་འཇིགས་ལས་སྐྱོབས་པ་དྲན་ཅིང་བསྟོད༔ སྡོང་གྲོགས་རྒྱབ་བརྟེན་རགས་པ་དྲན་ཅིང་བསྟོད༔ ད་དུང་སྲིད་འཚོའི་བར་དུ་ཁྱེད་ལ་རེ༔ ནམ་ཡང་ཡལ་ཡོལ་བཏང་སྙོམས་མེད་བྱམས་པས༔ བདག་ལ་བདེན་པ་མངོན་སུམ་བསྟན་ནས་ཀྱང་༔ འཇིག་རྟེན་སྨོན་དགུའི་བཀྲ་ཤིས་བདེ་ལེགས་སྩོལ༔ ཨོཾ་ཀཱ་ཡ་བཛྲ་གུ་ཎ་ན་མོ་སྟྭོ་ཏྲ༔ ཝཀྐ་བཛྲ་གུ་ཎ་ན་མོ་སྟྭོ་ཏྲ༔ ཙིཏྟ་བཛྲ་གུ་ཎ་ན་མོ་སྟྭོ་ཏྲ༔ ཛྙཱ་ན་བཛྲ་གུ་ཎ་ན་མོ་སྟྭོ་ཏྲ༔ སྭ་སྟི་སིདྡྷི་རིསྨུ་ ༼ རིསྶུ་ ༽ མངྒ་ལཾ༔ ཅེས་པ་འདི་ཡང་བཀའ་དྲིན་བྱས་པ་གཟོ་ཕྱིར་འདི་འདྲ་དགོས་ཞེས་འབྲོག་འཇིག་རྟེན་ཀུན་ཏུ་དགའ་བས་བསྐུལ་བ་དོན་ཡོད་པར་བྱ་ཕྱིར་མཁའ་འགྲོའི་གསང་མཛོད་བདག་པོ་ག་གཱ་ཨ་བྷྱེ་ནས་དད་གསུམ་གཡོ་བ་མེད་པའི་ལག་པད་སྤྱི་བོར་བགྱིས་པའོ། །དགེའོ། །མངྒ་ལཾ། །

གནོད་སྦྱིན་ནོར་ལྷའི་རྒྱལ་པོ།

གནོད་སྦྱིན་ནོར་ལྷའི་རྒྱལ་པོ་ཡི༔ དབང་གི་མངའ་གསོལ་དངོས་གྲུབ་འདུས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལས༔ རང་ཤར་ཆེན་པོ་འདི་ཉིད་དོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ གང་ཟག་དམ་ལྡན་སྒྲུབ་པ་པོའི༔ ལྷ་ཡི་ཡོན་ཏན་དྲན་པའི་ངང་༔ སྲིད་ཞིའི་མཆོད་པ་སྣ་ཚོགས་བཀྲམ༔ བསྟོད་ཅིང་མངའ་གསོལ་འདི་ལྟར་བྱ༔ ཧོ༔ འཁོར་འདས་དབྱིངས་གཅིག་ཀ་དག་གདོད་མའི་མགོན༔ བསམ་གྱིས་མི་ཁྱབ་རྣམ་ཐར་སྒོ་གསུམ་ལྡན༔ ཐམས་ཅད་ཀུན་མཉམ་མ་གྲོལ་མིང་ཙམ་མེད༔ ཐིག་ལེ་ཆོས་ཀྱི་སྐུ་རུ་དབུ་འཕང་བསྟོད༔ དབྱིངས་དང་འདུ་འབྲལ་མེད་པའི་ཡེ་ཤེས་སྐུ༔ གནས་དོན་ལུས་ཀྱི་སེལ་དུ་གྱུར་བ་ལས༔ མ་དག་མཚན་མར་གནས་པ་རྡུལ་ཙམ་མེད༔ སངས་རྒྱས་ལོངས་སྤྱོད་ཆེན་པོར་དབུ་འཕང་བསྟོད༔ ཡེ་ཤེས་རང་རྩལ་དྲང་པོར་ཤར་བ་ལས༔ སྙིང་རྗེའི་ཞི་ལ་འགོང་བར་མ་གཡུར་བར༔ བདེ་གཤེགས་སྙིང་པོའི་རང་གཟུགས་ཆུ་ཟླ་བཞིན༔ རང་སྣང་སྟོན་པ་སྤྲུལ་བར་དབུ་འཕང་བསྟོད༔ མ་དག་སེམས་ཅན་ཐུགས་རྗེའི་གཟུངས་བའི་གཟུགས༔ སྣ་ཚོགས་བེམ་པོ་སྐྱེ་བར་གང་འདུལ་ལས༔ གཟུགས་པོར་དྲེགས་པའི་ཚུལ་མང་བརྒྱུད་མར་སྟོན༔ འགྲོ་འདུལ་སྤྲུལ་བ་མཆོག་གི་དབུ་འཕང་བསྟོད༔ འདི་ན་སྤྱི་བརྟོལ་སྨོན་པའི་འཁོར་ལོའི་བསྒྱུར༔ མཚུངས་དཔེར་འདྲེན་པའི་དབུ་འཕངས་བསྟོད་མོད་དེ༔ ལས་དང་ཐུགས་རྗེའི་འཕེན་པས་ཕྱོགས་མི་མཚོན༔ མཚོན་མིན་མཚོན་དཔེའི་ཉེར་འཇལ་མངའ་གསོལ་ལོ༔ ཡེ་ཤེས་ལྷ་ནི་འགྲུབ་ཐག་རིང་བར་འཛིན༔ སྔོན་གྱི་དྲེགས་ཚོགས་མཐའ་བཞིའི་བསྡུས་པར་འཛིན༔ སེམས་ཀྱི་སར་བ་གྱད་དུ་གྱུར་བ་ལས༔ དགོས་པ་གཞན་དབང་བསྟན་པའི་ཐབས་མཁས་པོ༔ མི་མཐུན་ཉེར་འཚེ་ཕྲིན་ལས་རྩིབས་ཀྱིས་གཅོད༔ འགྲོ་ཆོས་བཅུ་ཡི་ཕན་བདེའི་ཤུལ་ཀྱང་མཚོན༔ མཐར་ཐུག་གོ་འཕང་མཆོག་ལ་དཀྲི་མཁས་པའི༔ འཁོར་ལོ་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ༔ གཤིས་ལ་སྒྲིབ་གཉིས་མེད་པའི་ཆོ་རིགས་བཙུན༔ མཚན་དཔེ་འདུ་འབྲལ་མེད་པའི་ལང་ཚོའི་སྒེགས༔ ཆོས་འབྱོར་དབང་ཐང་བཀྲུན་པའི་མ་ཆེན་མོ༔ ཤེས་རབ་མཛངས་མ་མཆོག་ཏུ་མངའ་གསོལ་ལོ༔ གང་ཞིག་བསོད་ནམས་མེད་ལ་སྙད་དེ་བཏགས༔ དངོས་གྲུབ་སྩོལ་བར་མ་ནུས་ནོར་བུ་ཕལ༔ དཀོན་མཆོག་ཁྱོད་ཉིད་སྒྲིབ་གསུམ་ཅན་ལའང་༔ དགོས་འབྱུང་ཡིད་བཞིན་རིན་ཆེན་མངའ་གསོལ་ལོ༔ རང་དོན་ནམ་མཁའི་མཛོད་ཀྱི་ཏིང་འཛིན་ཐོབ༔ གཞན་དོན་གཏན་པ་མེད་པའི་མཆོད་སྦྱིན་གྱིས༔ བསྡུ་བཞིའི་དབུ་འདྲེན་ཡང་དག་གནས་སུ་སྦྱོར༔ ཁྱིམ་བདག་རིན་པོ་ཆེ་རུ་མངའ་གསོལ་ལོ༔ སངས་རྒྱས་བསྟན་ལ་འགོང་པའི་ཀླ་ཀློའི་དཔུང་༔ རྣལ་འབྱོར་དབུ་འཕང་སྨད་པའི་ཞིང་བཅུའི་དཔུང་༔ རྣམ་དཀར་ངང་ཚུལ་ཉམས་པའི་བདུད་སྡེས་དཔུང་༔ མཐར་བྱེད་དམག་དཔོན་ཆེན་པོར་མངའ་གསོལ་ལོ༔ ཡིད་མགྱོགས་ཕལ་གྱི་རྫུ་འཕྲུལ་རྩེ་མོ་རུ༔ རྐང་བཞིའི་འདེགས་པའི་རླུང་ཤུགས་ཐུན་མོང་མིན༔ སྤྱན་ལྔའི་དབང་བཀྲ་མངོན་ཤེས་ཅིང་ངག་འབྱིན༔ རྟ་མཆོག་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ༔ ཡོན་ཏན་ཕུན་ཚོགས་རིན་ཐང་གཞལ་དུ་མེད༔ སྙིང་རྗེའི་སྣ་ཞགས་འདོད་དགུའི་བུམ་པ་འཛིན༔ སྒྲུབ་པ་པོ་ལ་དབྱིག་གིས་རྒྱལ་ཐབས་དབང་༔ སྤྱི་བོའི་བསྐུར་བའི་གླང་བོར་མངའ་གསོལ་ལོ༔ ལན་གཅིག་དངོས་གྲུབ་སྩོལ་ཀྱང་བྲི་གང་རྐྱེན༔ འཇིག་རྟེན་ཁམས་སུ་རྒྱུ་བའི་ཐེའུ་བྲང་གཟུགས༔ ཁྱོད་ཀྱི་ཡེ་ཤེས་བདག་རྐྱེན་གོང་དུ་འཕེལ༔ འཛད་མེད་གཏེར་གྱི་བུམ་པར་མངའ་གསོལ་ལོ༔ ནོར་བུའི་རྡོ་ཁམས་ཡོན་ཏན་ཉེ་ཚེ་བས༔ རྗེས་སུ་བྱེད་པའི་འབྲས་བུ་ཙམ་མིན་པར༔ བློ་དང་ཡིད་ཀྱིས་དཔག་བསམ་ལྷུན་གྱི་གྲུབ༔ རེ་སྐོང་ལྗོན་པའི་མཆོག་ཏུ་མངའ་གསོལ་ལོ༔ སྔོན་སྨོན་བསོད་ནམས་བཟང་པོའི་ས་བོན་ལ༔ བརྡོག་དགུའི་འབྲས་བུ་འབྱུང་བ་ཆོས་ཉིད་ན༔ ཁྱོད་བརྟེན་མ་བཏབས་ཕུན་ཚོགས་གཡུལ་དུ་ཟ༔ མ་རྨོས་འཁྲུངས་པ་མཆོག་ཏུ་མངའ་གསོལ་ལོ༔ ནོར་ལྷ་ཕལ་ལས་ཐོབ་བའི་འབྱོར་བའང་༔ སྡིག་དང་བརྡོས་པས་ལོག་འཚོས་མ་འདྲེས་མེད༔ ཆོས་དང་མཐུན་པའི་ཁ་ཟས་དངར་བོའི་སྐྱེས༔ སྩོལ་མཁས་འདོད་འཇོའི་བ་རུ་མངའ་གསོལ་ལོ༔ ལྷ་ཡི་ཕྱྭ་དང་སྣོད་དང་བཅུད་ཀྱི་ཁམས༔ བརྟན་གཡོས་དྭངས་མ་གཟུངས་སྨོན་དག་པའི་བྱིན༔ མ་ལུས་བཙན་ཐབས་ཉིད་དུ་འགུགས་པ་ཡི༔ འཁོར་འདས་དབང་བསྡུད་ལྕགས་ཀྱུར་མངའ་གསོལ་ལོ༔ ཚེ་བསོད་ཉམས་པ་གསོ་ཞིང་ཡལ་བ་བཀུགས༔ འཐོར་བ་སྡུད་ཅིང་ཟད་པ་བསྲིང་བ་དང་༔ ཕྱིན་ཆན་ཟག་སྡོམ་འགྱུར་མེད་བརྟན་པོར་བཅིང་༔ བྱམས་པའི་ཞགས་པ་མཆོག་ཏུ་མངའ་གསོལ་ལོ༔ གནོད་བྱེད་མུ་ལ་བསེ་རག་འགོང་པོའི་སྡེ༔ ཆགས་འཇུངས་ཀུན་ནས་མནར་བའི་འདུ་ཤེས་ཅན༔ སྟོབས་ནུས་དབང་བོ་ཡན་ལག་བཅས་པ་ཀུན༔ གྲུམ་ཆིངས་སྒྲོག་གི་མཆོག་ཏུ་མངའ་གསོལ་ལོ༔ བསོད་ནམས་ཚོགས་ཆེན་དག་པའི་འབྲས་བུ་ཡིས༔ ཕ་རོལ་སེར་སྣའི་ཉེས་དམིགས་སྟོང་རྒྱས་འདེབས༔ དབང་བཅུའི་མངོན་རྟགས་རྗེས་འཛིན་སྙན་པར་སྒྲོགས༔ རྒྱས་འདེབས་དྲིལ་བུའི་མཆོག་ཏུ་མངའ་གསོལ་ལོ༔ རྒྱུ་འབྲས་འཆོལ་བའི་མུན་པའི་རུམ་དུ་འཁྱམས༔ སྡུག་བསྔལ་ཚ་བས་བསིལ་བའི་སྐབས་མེད་ལ༔ ཡང་དག་ལམ་མཚོན་བདེ་བས་སིམ་པའི་སྐུ༔ གདུང་སེལ་ཟླ་བའི་དབང་པོར་མངའ་གསོལ་ལོ༔ འགྱུར་མེད་རྟགས་༼ རྟག་དཔྱད། ༽པ་ཐུགས་ཀྱི་ཡེ་ཤེས་དབྱིངས༔ བསམ་གྱིས་མི་ཁྱབ་ཕ་མཐའ་གཞལ་དུ་མིན༔ དཔེ་དོན་སྒོ་བསྟུན་ཆོས་འབྱུང་བདེ་ཆེན་གདལ༔ ཚད་མེད་ནམ་མཁའ་ཡངས་པར་མངའ་གསོལ་ལོ༔ གང་གསུང་གནས་སྐབས་མཐར་ཐུག་བདེན་པའི་འབྲས༔ ལམ་དང་ལམ་གྱི་རྟེན་དུ་དངོས་བརྒྱུད་འབྲེལ༔ དབུལ་སེལ་སྨོན་ལམ་ཤུགས་ཀྱི་བརྒྱན་པས་མཛེས༔ པདྨ་མ་ཆགས་མཆོག་ཏུ་མངའ་གསོལ་ལོ༔ ཡོན་ཏན་གཏིང་རྟོགས་མེད་པར་ཟབ་པའི་སྤྲིན༔ སྲིད་དང་འདས་པའི་རྡུལ་ཕྲན་བསྒྲང་དུ་མེད༔ དགོས་འདོད་བསམ་འཕེལ་གཏེར་ཆེན་གྱིས་གཏམས་པའི༔ རྒྱ་མཚོ་བཞི་བའི་མཆོག་ཏུ་མངའ་གསོལ་ལོ༔ ཕྲིན་ལས་ཀུན་ཏུ་རྟགས་ཐོགས་མི་མངའ་ཞིང་༔ རབ་འབྱམས་ངང་བྱུང་རྫོགས་པའི་ཆོ་འཕྲུལ་ལ༔ བར་ཆད་ཉེར་འཚེའི་མཚན་མས་མི་བརྫི་པའི༔ རྡོ་རྗེ་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ༔ སྲིད་པ་འདི་ན་ཆེ་བཙན་དྲེགས་ལྡན་པ༔ བརྡོག་གོ་ཅོག་གི་གསེར་རིའི་ཕྲེང་བ་ལས༔ ཀུན་གྱི་གཙུག་ན་ལྷང་ངེར་གཅིག་དུ་སྤོ༔ རིན་ཆེན་ལྷུན་པོའི་མཆོག་ཏུ་མངའ་གསོལ་ལོ༔ སྒྲོན་མེའི་ཉི་ཚེ་ཟླ་བའི་ཆ་ཤས་ལྟར༔ སུས་ཀྱང་ཉེ་རིང་མུན་ལྟའི་མཐའ་དག་གདུང་༔ བསལ་བར་མི་སྤྱོད་ཁྱོད་གཅིག་ནུས་བྱིན་འབར༔ ཉིན་མོའི་མགོན་པོའི་བླ་མར་མངའ་གསོལ་ལོ༔ ཧཱུྃ༔ ཡང་ཅིག་ཁྱོད་ལ་སྔོན་རབས་མངའ་གསོལ་བས༔ རྣམ་པའི་རྒྱ་རྟགས་ད་དུང་མ་ཞིག་ཏུ༔ བདེ་གཤེགས་མངའ་གསོལ་ཆོས་འབྱུང་དབུ་རྒྱན་རྫོགས༔ རང་རིག་གསུང་གི་ཐུགས་མཆོག་ཆེན་པོ་མཚོན༔ དུས་གསུམ་བླ་མ་རྣམས་ཀྱི་མངའ་འབུལ་དུ༔ སྣ་ཚོགས་རྡོ་རྗེ་འབར་བའི་དབང་རྟགས་ཀྱིས༔ རིག་སྟོང་མི་འགྱུར་མེ་ལོང་ཡེ་ཤེས་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ རྒྱུད་སྡེ་བཞི་དྲུག་ཡི་དམ་མངའ་གསོལ་བས༔ སྲིད་ལ་མི་གནས་ཕུར་བ་ཆེ་མཆོག་འདུས༔ མཉམ་པ་ཉིད་ལ་ཆེ་བའི་ཡོན་ཏན་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ མ་རྒྱུད་མཁའ་འགྲོ་རྣམས་ཀྱིས་མངའ་འབུལ་བས༔ བརྟུལ་ཞུགས་རོལ་བའི་ཅང་དྲིལ་མཛེས་པར་སྤུད༔ སོར་རྟོགས་ཡེ་ཤེས་ཆགས་པ་མེད་པར་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ཆོས་སྐྱོངས་བསྲུང་མ་རྣམས་ཀྱིས་མངའ་འབུལ་བས༔ སྒྲོལ་བའི་ཆས་རྒྱན་ཧོམ་དང་སྤེན་གྲིའི་བརྒྱན༔ བྱ་བ་གྲུབ་པའི་ཕྲིན་ལས་ཐོགས་མེད་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ དཀར་བོའི་ལྷ་རྣམས་ཀུན་ཀྱིས་མངའ་འབུལ་བས༔ པཉྩ་ལི་ཀའི་གཟན་ཁྲ་སྐུ་ལ་གསོལ༔ ཆོས་དབྱིངས་ཡེ་ཤེས་ལྷུན་གྲུབ་དོན་རྟགས་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ནཱ་ག་ཀླུ་ཡི་ཚོགས་ཀྱིས་མངའ་འབུལ་བས༔ སྐུ་སྨད་ཐིང་ཤམ་སྔོན་པོའི་མཛེས་པར་དཀྲིས༔ འདའ་དཀའ་ཡེ་ཤེས་འགྱུར་མེད་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ དམར་བོ་བཙན་རྣམས་ཀུན་གྱིས་མངའ་འབུལ་དུ༔ ལེབ་རྒན་དར་གྱི་སྐུ་རགས་ལྷོད་པ་མེད༔ ཀློང་གྱུར་ཡེ་ཤེས་སྤྱི་ཆིངས་ཕྱག་རྒྱ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ འཕན་པོ་གཉན་གྱི་སྡེ་དཔོན་མངའ་འབུལ་དུ༔ ཐུན་དུག་རྫས་ཀྱི་གཉན་རྭ་གཡས་སུ་བཅིང་༔ དབྱིངས་གྲོལ་ཡེ་ཤེས་ཆུད་མི་ཟ་བར་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ཆེ་བཙུན་རྒྱལ་བོའི་ཚོགས་ཀྱིས་མངའ་འབུལ་དུ༔ འཁོར་དུ་དཔུང་ཚོགས་རུ་འདྲེན་ཤ་ར་ར༔ མཐའ་གྲོལ་ཡེ་ཤེས་བཟང་ངན་མཉམ་ཉིད་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ལྕམ་མོ་སྨན་བཙུན་ཡོངས་ཀྱིས་མངའ་འབུལ་དུ༔ རིན་ཆེན་རྒྱན་གྱི་སིལ་མ་ཁྲོ་ལོ་ལོ༔ འདོད་ཡོན་རྒྱན་དུ་ཤར་བའི་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ དཔའ་བོ་རིག་འཛིན་རྣམས་ཀྱིས་མངའ་འབུལ་དུ༔ ལྕང་ལོ་རལ་བས་སྐུ་རྒྱབ་ཁེབ་པར་སྤུད༔ གདུལ་བྱ་རྗེས་སུ་འཛིན་པའི་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ རིན་ཆེན་རྣམ་པ་གསུམ་གྱིས་མངའ་འབུལ་དུ༔ ཆོས་གོས་རྣམ་གསུམ་ནང་གོས་ཚུལ་དུ་མནབ༔ འཁོར་བའི་སྐྱོན་གྱི་མ་གོས་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ གཡུང་དྲུང་བོན་པོ་ཡོངས་ཀྱིས་མངའ་འབུལ་དུ༔ བེར་དང་སག་ལྷྭམ་རྔམ་པའི་ཡོན་གྱི་བསྟབས༔ ངན་སྔགས་ཐོག་རྡུག་ནག་པོར་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ མུ་སྟེགས་ལོག་ལྟ་རིངས་བས་མངའ་འབུལ་དུ༔ ཐོད་འཕྲེང་ཚར་དུ་བརྒྱུས་པའི་རྒྱན་དུ་སྤེལ༔ འདིས་ཀྱང་དུག་གསུམ་སྒྲོལ་བའི་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ནོར་ལྷ་ལྷ་ཆེན་ཀུན་གྱིས་མངའ་འབུལ་དུ༔ ཕྱག་གཡོན་ཟས་གཞོང་རིན་ཆེན་སྙིང་པོར་བཀྲམ༔ འདིས་ཀྱང་རང་བྱུང་ཡེ་ཤེས་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ཧཱུྃ༔ དགྲ་ཚིལ་དྲོན་མོར་བཞུས་པའི་སྣང་གསལ་འདི༔ སྤྱན་ལ་མངའ་འབུལ་སྒྲིབ་མེད་མངོན་ཤེས་སྩོལ༔ ཡེ་ཤེས་སྤྱན་དང་ལྡན་པར་མངའ་གསོལ་བས༔ ཉམ་ཉེས་གཡང་ལས་ཐུགས་རྗེའི་ལམ་སྟོན་ཅིག༔ གྲི་རྐང་ཕྲ་གསང་རྔམ་པའི་ཐོད་རྔའི་སྒྲ༔ སྙན་ལ་མངའ་འབུལ་ལྷ་ཡི་རྣ་བ་སྩོལ༔ མངོན་ཤེས་དྲུག་དང་ལྡན་པར་མངའ་གསོལ་བས༔ གྲགས་སྙན་ཐེག་ཆེན་སེང་གེའི་སྒྲ་སྒྲོགས་ཤིག༔ ཤ་ཚིལ་གསུར་དུད་འཁྲིགས་པའི་སྤོད་སྦྱར་གྱིས༔ ཤངས་ལ་མངའ་གསོལ་ཚུལ་ཁྲིམས་བསུངས་ཞིམ་སྩོལ༔ བསླབ་གསུམ་ཡོན་གྱི་འབྱུངས་གནས་མངའ་གསོལ་བས༔ འགལ་འཁྲུལ་ཉམས་ཆགས་བག་མེད་གཉིད་ལས་སློང་༔ ཉམས་དགྲ་ཞིང་བཅུའི་ཤ་སྣ་སྦྱར་བའི་ཟས༔ ལྗགས་ལ་མངའ་འབུལ་ཏིང་འཛིན་རོ་མཆོག་སྩོལ༔ འགོགས་ལམ་མཐར་ཐུག་མགོན་པོར་མངའ་གསོལ་བས༔ དྲེགས་པ་རང་བརྒྱུད་བརྙེས་བཙུགས་རྟོག་སྒྲིབ་སོལ༔ ཆེ་རྔམས་བསྒོ་བའི་གོས་གསུམ་ལ་སོགས་རེག༔ སྐུ་ལ་མངའ་འབུལ་རྡོ་རྗེའི་གོ་བཙན་སྩོལ༔ ཆོས་བདུན་ལྡན་པའི་ཁྲོ་བོར་མངའ་གསོལ་བས༔ སྲིད་གསུམ་མཐུ་རྡུགས་ཟིལ་གནོན་ཚར་ཕྱིན་ཅིག༔ ཧཱུྃ༔ ཕྱི་ལྟར་ཉེར་སྤྱོད་རྣམ་པ་བདུན་གྱིས་མཆོད༔ འཕགས་པའི་ནོར་བདུན་རྒྱན་གྱི་བརྒྱན་པར་བཀུར༔ རྒྱལ་སྲིད་ནོར་བུ་ཟུང་བདུན་ལྡན་པའི་མཆོད༔ བྱང་ཆུབ་ཡན་ལག་གྲུབ་པའི་ངོ་བོར་བཀུར༔ བཀྲ་ཤིས་རྫས་རྟགས་ཟུང་རྣམས་བརྒྱད་ཀྱི་མཆོད༔ འཕགས་ལམ་རྣམ་ཐར་དབང་འབྱོར་མཆོག་ཏུ་བཀུར༔ ཧཱུྃ༔ ནང་ལྟར་འདོད་ཡོན་རྣམ་པ་ལྔ་ཡི་མཆོད༔ སྐུ་ལྔ་ལྷུན་གྱི་གྲུབ་པོའི་མཆོག་ཏུ་བཀུར༔ དྲག་པོ་རྒྱན་གྱི་དབང་པོའི་མེ་ཏོག་མཆོད༔ གསུང་ལྔ་ལྷུན་གྱི་གྲུབ་པོའི་མཆོག་ཏུ་བཀུར༔ དུག་ལྔ་རང་གྲོལ་མཉམ་པ་ཉིད་ཀྱིས་མཆོད༔ ཐུགས་ལྔ་མ་བརྩལ་ལྷུན་རྫོགས་ཆེན་པོར་བཀུར༔ ཧཱུྃ༔ གསང་བ་བདུད་རྩི་སྨན་རཀ་གཏོར་མའི་ ༼ མས་དཔྱད། ༽མཆོད༔ སྐུ་གསུམ་ལྷུན་གྱི་གྲུབ་པོའི་མཆོག་ཏུ་བཀུར༔ ཡང་གསང་གཉིས་ཤོར་གཉིས་མཉམ་བདེ་སྒྲའི་གདེང་༔ དབྱིངས་ཡེ་ཟུང་འཇུག་བུམ་པའི་སྐུ་རུ་བཀུར༔ མཆོག་གསང་དགྲ་བགེགས་ཤ་ཁྲག་རུས་པས་མཆོད༔ དུག་གསུམ་དབྱིངས་སུ་སྒྲོལ་བའི་དཔའ་བོར་བཀུར༔ ཨོཾ༔ ལྷ་ཁྱོད་སྤྱི་བོའི་གཙུག་ཏུ་མི་བཀུར་དུ༔ མཆོག་དང་དཔལ་སྟེར་ཡོན་ཏན་སྩོལ་བའི་ཕྱིར༔ སྒྲིབ་པོའི་གདུང་ཤུགས་གསོལ་བ་མི་འདེབས་སུ༔ བསྐུལ་བའི་ཐུགས་རྗེ་ཉེ་བའི་རྐྱེན་སད་སླད༔ དབུ་འཕང་ཆོས་ཀྱི་དབྱིངས་སུ་མི་བསྟོད་དུ༔ མཉམ་ཉིད་དོན་ལས་ཞེན་གོལ་དཔྲལ་བའི་ཕྱིར༔ ཆོས་ཅན་སྨོན་པའི་སྐུ་རུ་མི་བསྟོད་དུ༔ ངེས་དངོས་ངེས་ཤེས་སྒྲོ་བསྐུར་མི་འཁྱམས་སླད༔ ཚུར་མཐོང་ཟོལ་ལ་བྱེ་བྲག་སྒེར་བསྟོད་དུ༔ ཕྲིན་ལས་ཁྱད་ཆོས་རིག་ཤིང་ནུས་འབྱིན་ཕྱིར༔ བཀུར་བསྟི་རིམ་གྲོར་བཅས་ཏེ་མངའ་གསོལ་དུ༔ ཚིག་གི་ཕ་མཐར་འཁྱམས་ལས་བཟུང་བས་ཕྱིར༔ རྟགས་ཀྱི་དོན་མཚོན་རྩལ་འདོན་མི་བྱེད་དུ༔ མུ་ཅོར་རྒྱན་གྱི་བཅིངས་ལས་སྤག་པའི་ངང་༔ མངའ་གསོལ་བྱས་སོ་དགྱེས་པའི་ཞལ་བཟང་སྟོན༔ མངའ་གསོལ་བགྱིས་སོ་འཛུམ་པའི་མདངས་ཀྱང་ཕྱུངས༔ མངའ་གསོལ་བྱས་སོ་གསུང་གིས་དབུགས་དབྱུང་ཕོབ༔ མངའ་གསོལ་བྱས་སོ་སྙིང་རྗེའི་ཐུགས་ཀྱི་དགོངས༔ མངའ་གསོལ་བྱས་སོ་ཕྲིན་ལས་རྣམ་བཞི་བསྒྲུབ༔ མངའ་གསོལ་བྱས་སོ་དབང་ཕྱུག་རྣམ་བརྒྱད་སྩོལ༔ མངའ་གསོལ་བྱས་སོ་གྲུབ་གཉིས་ཕུན་ཚོགས་མཛོད༔ མངའ་གསོལ་བྱས་སོ་མ་འགྱང་མ་གཡེལ་ཞིག༔ མངའ་གསོལ་བྱས་སོ་མ་འཁུ་མ་ཞུད་ཅིག༔ མངའ་གསོལ་བྱས་སོ་ལུས་དང་གྲིབ་བཞིན་འགྲོགས༔ སྔོན་ནས་ཐུགས་བསྐྱེད་ཡལ་གམ་བཙན་པ་དང་༔ བར་དུ་ཚུལ་བསྟན་བཀའ་དམ་བཙན་པ་དང་༔ ཐ་མ་བསྒྲུབ་པོའི་ཆད་ལ་བཙན་པ་ཡིས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལྟར་གུས་གདུང་ཤུགས་བསྐྱེད་དེ༔ རྣམ་ཀུན་བསྟོད་པའི་སྐལ་བཟང་གིས༔ རང་འབྱམས་ལས་ཀུན་ཐོག་མེད་དུ༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་བྲལ༔ ས་མ་ཡཱ༔ ཚུལ་འདི་ག་གཱ་དཔའ་བོ་ཡིས། །བརྒྱུད་འཛིན་སྙིང་པོའི་བསྒྲུབ་བརྩོན་རྣམས། །ལོག་འཚོའི་འཇིགས་ལས་སྐྱོབས་བའི་ཕྱིར། །ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །

མཚན་མ་བྲལ་བ་དབུ་མ་ཆེན་པོ།

མཚན་མ་བྲལ་བ་དབུ་མ་ཆེན་པོ་ཉིད༔ ཟབ་ཞི་སྤྲོས་བྲལ་སོ་སོ་རང་རིག་པ༔ སྒྲོ་འདོག་སོ་གཉིས་ཟད་པའི་རྣམ་པར་ཐར༔ མི་ཕྱེད་སེམས་ཀྱི་རྡོ་རྗེར་མངའ་གསོལ་ལོ༔ ཟག་བཅས་དམིགས་པ་ཞི་བའི་བརྡལ་ཁྱབ་ཏུ༔ ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས༔ ཟག་འབྲས་ལྷག་མར་བཅས་ཀུན་རྣམ་གཅོད་པའི༔ འོད་ཟེར་ལྡན་པའི་ཉི་མར་མངའ་གསོལ་ལོ༔ ག་བུར་དབང་བོའི་ཡུལ་ནས་ཆས་པ་ལྟར༔ སེམས་ཀྱི་གདུང་བའི་སྟུག་པོ་གཞིལ་ནུས་པའི༔ དང་པོའི་དཔལ་སྟེར་ཟིལ་ཐིག་སྟོང་འཕྲོ་བའི༔ དབང་བཅུར་ནོར་བའི་སྐལ་ནོད་མངའ་གསོལ་ལོ༔ རྣམ་པར་དབུལ་བའི་རང་མཚན་ངོམ་པའི་དུས༔ ཡིད་བཞིན་ནོར་ལ་འཁུ་བའི་རྣམ་རོལ་བརྒྱའི༔ སྐྱེ་དགུའི་དྲུག་པའི་སྨོན་ལམ་དབང་མེད་དུ༔ དགུགས་པའི་བྱེད་པོ་མཆོག་ཏུ་མངའ་གསོལ་ལོ༔ གཞན་དག་ལོག་ལྟའི་སྨོད་པར་གྱུར་བའི་དུས༔ ཕྱིར་ཞིང་ཡོན་ཏན་ཉིད་དུ་དག་དྲན་ནས༔ གཅིག་དུ་ལྟ་བ་ཟབ་མོར་དཀྱིལ་འཁོར་གྱིས༔ འཁོར་ལོར་འབྱམས་སུ་ཀླས་པར་མངའ་གསོལ་ལོ༔ རྣལ་འབྱོར་སྤྱོད་པ་ཟབ་མོར་གཞོལ་བའི་ཚེ༔ སྡིག་ཅན་བདུད་ཀྱི་རྒྱུ་བ་མི་སྦྱིན་པར༔ རྣམ་བཅས་རྣམ་མེད་ཉམས་སུ་བལྟར་བ་ཀུན༔ མཐར་ཕྱིན་གྲོགས་པོ་ཆེ་རུ་མངའ་གསོལ་ལོ༔ ཁྱོད་ནི་རྒྱལ་སྲིད་བདུན་དང་ལྡན་པ་སྟེ༔ ལོག་སྨྲ་རྩིབས་ཀྱིས་གཅོད་པའི་འཁོར་ལོ་ཆེ༔ རྣམ་དཔྱོད་ཕུན་ཚོགས་བཀྲ་བའི་བློན་པོ་སྟེ༔ མངའ་འབྱོར་ཁྱིམ་གྱི་བདག་པོར་མངའ་གསོལ་ལོ༔ ཤེས་རབ་ཟབ་མོའི་ཆོས་འབྱེད་བཙུན་མོ་ལ༔ ཟབ་རྒྱས་ཕུན་ཚོགས་མ་ཎིའི་རྒྱན་འཕྱང་འཕྲུལ༔ ཉམས་སུ་ཆུད་པའི་ཐབས་ཤེས་རྟ་མཆོག་གིས༔ འཁོར་བའི་གྲོང་ལས་རྒྱང་བསྲིང་མངའ་གསོལ་ལོ༔ མཐུ་སྟོབས་ཟབ་མོའི་སྣ་ཞགས་དྲག་ཤུལ་གྱི༔ ཕྲིན་ལས་མཚོན་ཆའི་དགྲ་དཔུང་གཞོམ་པའི་སྒྲས༔ བསྟན་ལ་འགོང་བའི་སྡེ་རིགས་ཚར་ཆོད་པའི༔ སྟོབས་ཆེན་ལྡན་པའི་གླང་པོར་མངའ་གསོལ་ལོ༔ ཤེས་རབ་ཡུལ་དུ་དྲན་པ་ཉེར་བཞག་པའི༔ གཞན་དུ་བདག་པོའི་སྟོང་བའི་རང་རྩལ་ཉིད༔ རང་སྣང་དབང་དུ་འདུས་པའི་རྣལ་འབྱོར་བས༔ གཞན་སྣང་ཟིལ་གནོན་གྲོགས་སུ་མངའ་གསོལ་ལོ༔ ཡང་དག་དགེ་ཆོས་མ་སྐྱེས་སྐྱེ་བ་དང་༔ སྐྱེས་པ་གོང་འཕེལ་སྡིག་ཕྱོགས་དེ་ལས་ལྡོག༔ བརྩོན་འགྲུས་དྲག་པོའི་ཉམས་སུ་ལོན་པ་ཡི༔ ཚོགས་ཀྱི་ལམ་བཟང་གྲོགས་སྦྱོར་མངའ་གསོལ་ལོ༔ ཞི་བའི་བསམ་གཏན་སྟོབས་སུ་འདྲེན་པ་ཡིས༔ རྐང་བཞིའི་བསྒྲོད་པའི་རྫུ་འཕྲུལ་ལ་དབང་ནས༔ དབང་ལྔ་སྟོབས་སུ་རྒྱས་པའི་སྦྱོར་མཆོག་གི༔ དྲོད་རྩེ་བཟོད་ཐོབ་གྲོགས་སུ་མངའ་གསོལ་ལོ༔ མཐོང་བའི་བདེན་དོན་བསྒོམ་པའི་རྣལ་འབྱོར་ལ༔ བྱང་ལག་བདུན་དང་འཕགས་ལམ་ཀླུ་དབང་གིས༔ ས་བཅུ་ཅིག་ཆར་བསྒྲོད་བྱེད་ཉེ་རྒྱུ་ཡིས༔ སྣང་བཞི་འབྱུང་ལྡོག་གྲོགས་སུ་མངའ་གསོལ་ལོ༔ ཁྱད་པར་རིག་སྟོང་ཐིག་ལེ་ཉག་གཅིག་ཏུ༔ རང་སྣང་རང་ངོ་ཤེས་པའི་ཤེས་རབ་ཀྱི༔ སྐད་ཅིག་བྱེ་བྲག་བྱེད་པའི་གཞན་བྱུང་མིན༔ རང་གནས་འབྲས་བུ་སྐུར་སྨིན་ཁྱད་ཆོས་ཅན༔ རྣལ་འབྱོར་བདག་གིས་ཡང་དག་གཉེར་བ་ལ༔ བར་ཆད་ཉེར་འཚེ་ཞི་བར་འགྱུར་བ་ཡིས༔ གྲོགས་པོར་ཁྱོད་ནི་རྟག་ཏུ་བརྟེན་ལགས་ཏེ༔ གཉིས་མེད་དོན་གྲུབ་གྲོགས་སུ་མངའ་གསོལ་ལོ༔ མཐར་ཐུག་སྐུ་གཉིས་འབྲས་བུ་གྲུབ་པ་ན༔ གང་འདུལ་འགྲོ་བའི་དོན་དུ་ལྷག་པའི་ཚེའང་༔ ཕྲིན་ལས་ཕྱོགས་བཅུར་རབ་ཏུ་འབར་བ་ཡིས༔ ཆོས་སྐྱོང་ཆེ་རུའང་ཁྱོད་ནི་མངའ་གསོལ་ལོ༔ མངའ་གསོལ་བྱས་སོ་རང་དོན་ཕུན་ཚོགས་མཛོད༔ མངའ་གསོལ་བྱས་སོ་གཞན་དོན་ཕུན་ཚོགས་མཛོད༔ མངའ་གསོལ་བྱས་སོ་གཉིས་དོན་ཕུན་ཚོགས་མཛོད༔ མངའ་གསོལ་བྱས་སོ་བཀྲ་ཤིས་ཕུན་ཚོགས་མཛོད༔ ཞེས་ཀྱང་ནམ་མཁའ་འཇིགས་མེད་པས་བྲིས།

དབང་གི་མངའ་གསོལ་ཞེས་པ་ནི་སྔར་གྱིས་དེ་དག་གང་མོས་ཀྱིས་འཐུས་སོ༔

དབང་གི་མངའ་གསོལ་ཞེས་པ་ནི་སྔར་གྱིས་དེ་དག་གང་མོས་ཀྱིས་འཐུས་སོ༔ འོན་ཀྱང་ཤིན་ཏུ་བསྡུས་བའི་འདོད་སྨོན་ཙམ༔ ཧོ༔ སོར་རྟོགས་ཡེ་ཤེས་རྒྱལ་ཀུན་གསུང་དབང་ཕྱུག༔ གཞི་ལམ་རྣལ་འབྱོར་འབྲས་བུས་ཁྱོད་ཉིད་ལ༔ རང་ཆས་ལྷུན་གྱིས་གྲུབ་པའི་ངེས་ཤེས་ཀྱིས༔ མྱ་ངན་འདས་པའི་དབང་པོར་མངའ་གསོལ་ལོ༔ ཡེ་འབྲེལ་ཐུགས་རྗེའི་འཆར་བྱེད་མ་འགགས་པས༔ སེམས་ཅན་ཀུན་གྱི་མགོན་པོར་ཁྱོད་བཞེངས་ལས༔ སྲིད་ན་ཆེ་བའི་ལྷ་ཡི་ལྷ་མཆོག་ཏུ༔ དེང་ནས་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཁྱད་པར་ཕྱི་ནང་དཀོར་ནོར་བདག་པོ་དང་༔ བསྟན་དང་བསྟན་འཛིན་ཡོངས་ཀྱི་སྲུང་མ་དང་༔ བསྟན་བཤིག་བདུད་རིགས་སྡེར་བཅས་འདུལ་མཛད་ཀྱི༔ ཕྲིན་ལས་ཕོ་ཉ་མཆོག་ཏུ་མངའ་གསོལ་ལོ༔ སྔོན་ཀྱི་ཆོས་སྐྱོངས་སྲུང་མ་ཐམས་ཅད་ཀྱང་༔ ཁྱོད་གཅིག་དུས་བབས་དབང་གིས་ཚུལ་བསྟན་ཟོལ༔ དོན་ལ་ངོ་བོ་དབྱེར་མེད་ཆེན་པོ་རུ༔ རྒྱལ་བའི་ཕྲིན་ལས་དབང་པོར་མངའ་གསོལ་ལོ༔ ཁམས་གསུམ་དབང་བསྡུད་དབང་གི་རྒྱལ་བོ་དང་༔ དབང་ཕྱུག་ཕྱི་ནང་གཏེར་གྱི་བུམ་པ་བཟང་༔ དབང་བཅུ་དབང་མཛད་དཔག་བསམ་ལྗོན་པ་རྒྱས༔ དབང་གི་མཆོད་སྡོང་མཆོག་ཏུ་མངའ་གསོལ་ལོ༔ གང་ཞིག་དམ་ཆོས་ཚུལ་བཞིན་བསྒྲུབ་པ་ཡི༔ འཚོ་བ་སྦྱོར་ཞིང་རྟག་ཏུ་བུ་བཞིན་སྐྱོངས༔ བསྟན་དང་གུས་པའི་སྦྱིན་བདག་འཁོར་སློབ་དང་༔ དཀོར་ནོར་ལོངས་སྤྱོད་བདག་པོར་མངའ་གསོལ་ལོ༔ མདོར་ན་འཁོར་བའི་རྒྱ་མཚོ་མ་སྟོངས་བར༔ ཐུགས་དམ་མཐའ་ལ་ཐུག་པ་མ་དམིགས་པས༔ གང་ལ་གང་འདུལ་རྣམ་པའི་ཆོ་རོལ་གྱིས༔ བྱ་གྲུབ་ཡེ་ཤེས་སྤྲུལ་སྐུར་མངའ་གསོལ་ལོ༔ དེ་མཐུས་བདག་ཅག་རྣལ་འབྱོར་བསྒྲུབ་པ་པོའི༔ དཔུང་དང་དགྲ་ལྷར་རྟག་བཞུགས་ས་མ་ཡཱ༔ ཅེས་ཀྱང་རྟ་མགྲིན་ངོར་ག་གཱས་སོ། །འཕྲིན་བཅོལ་ནི་དེ་དག་གི་ཞོར་ལ་འཐུས་སོ། །སརྦ་མངྒ་ལཾ། ། ཨེ་མ་ཧོ༔ སྲིད་ཞིའི་ཆེ་བའི་ཡོན་ཏན་ཡོངས་རྫོགས་དཔལ༔ ཟླ་བྲལ་སྤྱི་ཕུད་པདྨ་བསྟན་བསྲུངས་རྒྱལ༔ འཁོར་འདས་དབང་ཕྱུག་ཀུན་གྱིས་མངའ་གསོལ་བཞིན༔ དངོས་པོ་སྟོབས་ཞུགས་ངེས་ཤེས་ཡི་རང་གིས༔ དབུ་འཕང་ཆོས་ཀྱི་དབྱིངས་སུ་བདག་བསྟོད་ཀྱིས༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཅེས་ཀྱང་ཤེས་རབ་ངོར་ག་གཱས་སོ། །

གནོད་སྦྱིན་དཀོར་གྱི་བདག་པོའི་མངའ་གསོལ་གཞན་སྣང་དབང་བསྒྱུར།

གནོད་སྦྱིན་དཀོར་གྱི་བདག་པོའི་མངའ་གསོལ་གཞན་སྣང་དབང་བསྒྱུར་བཞུགས་སོ༔

དང་པོར་གསོལ་མཆོད་རྒྱས་སུ་གྲུབ༔ དེ་ནས་ཕྲིན་ལས་གང་བཅོལ་བའི༔ རྟགས་མཚན་མངོན་ནའམ་སྔ་ཐོག་རུང་༔ ༼ རྟགས་མཚན་མངོན་པའི་སྔ་ཐོག་ཏུ༔ ཞེས་དཔེ་གཅིག་ན་སྣང་། ༽ འདི་ལྟར་གུས་གདུང་ཤུགས་ཀྱིས་ཟློ༔ ཨེ་མ་ཧོ༔ མཚ༵ན་མ་ཚིག་བྲལ་རྫོགས་པ་ཆེན་པོའི་དབྱིངས༔ མཚ༵ན་བཅས་འཛིན་པ་ཞིག་པའི་ཡེ་ཤེས་དཔལ༔ མཚ༵ན་དཔེའི་བྱད་ལས་ལེགས་འཕོས་མཚུངས་པའི་རྒྱན༔ མཚ༵ན་མཚོན་མི་གཉིས་འཁྲུལ་སྟོབས་དཀྲུགས་ལྟར་མངོན༔༡ རང༵་སྤྱི་སྣ་ཚོགས་གར་ལའང་འགོད་ཀྱང་༔ རང༵་རྩལ་དབང་བསྒྱུར་རྒྱལ་པོ་སྟོབས་པོ་ཆེ༔ རང༵་བཞིན་ཉམས་མེད་ཀུནྡྷའི་རྟེན་འབྲེལ་གྱི༔ རང༵་གི་མངོན་བརྗོད་སྲིད་པ་འདི་ན་འཆང་༔ ༢ནང༵་དབྱིངས་རང་གསལ་ག་བུར་དབང་པོ་ཁྱོད༔ ནང༵་སེལ་ཁྲག་ཁྲིག་འཁོར་འདས་གཡོན་བལྟས་ངོར༔ ནང༵་དང་ནང་གི་དེ་ཉིད་ལ་སྦྱོར་ཕྱིར༔ ནང༵་ཕྱིར་རང་ཤར་གཞོམ་མེད་ཀྱིས་བསྟི་སྟངས༔ ༣དུས༵་ཀྱང་སྨ་འབེབས་ལ་དམན་བག་ཡངས་ཀྱིས༔ དུས༵་གསུམ་གྲུབ་པའི་འདོད་ལྟ་ལས་བསྐལ་ཏེ༔ དུས༵་མེ་ཟ་ལ་རྔམས་ལྟའི་སྒྱུ་འཕྲུལ་གྱི༔ དུས༵་བསྟབས་ཉམས་ལ་དོར་དུ་མངའ་གསོལ་ལོ༔ ༤ཀཻ་ལ་ཤ་ཡི་རྟག་ཅིང་བརྟན་པའི་སྤོར༵༔ མགོ་བོའི་མར་གད་བསིལ་གྱི་བརྟན་པ་སྤོར༵༔ སྡེར་ཆགས་ལ་སྦྱིན་ཚུར་ཏེ་བརྟེན་ལ་སྤོར༵༔ སྤག་པའི་རང་བཞིན་ཡ་ནའི་ཐབས་ལ་སྤོར༵༔ ༥ རིགས་བཞིའི་རེ་སྐོངས་པདྨའི་ངང་ཚུལ་ཅ༵ན༔ འཁོད་པའི་དགེ་མཚན་དྲུག་གི་སྨོན་ལམ་ཅ༵ན༔ མཐར་དགྲམ་ཁྱབ་བརྡལ་བྲེལ་རྒྱུ་མི་དགོས་ཅ༵ན༔ སྟེར་བའི་སྨིག་ ༼ རྨུགས་དཔྱད། ༽ འཛིན་དཔལ་ཀྱང་གནོན་པ་ཅ༵ན༔ ༦ དེ༵་འབྲས་རེ་བཅས་གདུང་ཤུག་གིས་བརྟེན་ལ༔ དེ༵་ཡི་ཡུད་ཙམ་སུམ་ཅུར་བསྒོས་གྲངས་ལས༔ དེ༵་ཉིད་བར་དོར་བོར་བའི་གནས་མིན་པས༔ དེ༵་ལྟས་མཛེས་གཟུགས་རྫིངས་ལ་འཕོས་ལྟ་འཚལ༔ ༧ མཆོ༵ག་ཏུ་འཕགས་གྲགས་འཇིག་རྟེན་ལྷ་ཚོགས་ལས༔ མཆོ༵ག་བལྟས་གུས་གདུང་ཤུགས་ཅན་རང་བཞིན་ལ༔ མཆོ༵ག་གི་་ཁྱད་པར་བླར་ཕྱིན་འགྱུར་མེད་ཀྱི༔ མཆོ༵ག་སྦྱིན་རྡོ་རྗེ་ཆེན་པོར་མངའ་གསོལ་ལོ༔ ༨ ཁྱད༵་པར་འགྱུར་བརྗོད་རལ་གྲིའི་རིག་འཛིན་གྱི༔ ཁྱད༵་འདོན་མཉམ་ལའང་བཤོལ་སྙེམས་འཆང་གཞན༔ ཁྱད༵་དུ་གསོད་ལས་ཕྱིར་ཞིང་ངམ་གྱུར་བས༔ ཁྱད༵་འཕགས་ཕྲིན་ལས་ལྡན་པར་མངའ་གསོལ་ལོ༔ ༩ ཁྲིམས་ཀྱི་བཙུན་མོ་དད་སོགས་རི་ཟུང་གིས༵༔ འཁྱུད་པའི་ནོར་བཟང་སྲིད་ཀྱི་ཡང་ཐོག་གིས༵༔ བཀད་པས་སྟེང་ན་གནས་པའི་མངའ་བདག་གིས༵༔ ཕུན་ཚོགས་མཐོང་གྱུར་གཟུ་བོའི་རྣམ་རིག་གིས༵༔ ༡༠ སྟོབས་མཆོག་མངའ་བའི་ཡུད་ལྟར་མགྱོགས་པ་ལས༵༔ ལས༵་གྱི་གཞན་དབང་མ་ཡིན་ཟག་མེད་འཕ༵གས༔ འཕ༵གས་པ་གསུམ་གྱིས་བླ་མའི་བྱ་བྱེད་སྤྲུལ༵༔ སྤྲུལ༵་བསྒྱུར་སྣ་ཚོགས་འཆར་བོར་མངའ་གསོལ་ལོ༔ ༡༡ཁྱད་གཅིག་ངོ་བོའི་བཞུགས་ཚུལ་དུ་དཔག་ན༵༔ ན༵་རྒ་འཆི་བའི་སྡུག་བསྔལ་བདེན་པ་བྲལ༵༔ བྲལ༵་བའི་ཡོན་ཏན་ཐོབ་པ་མ་འདྲེས་ཆོས༵༔ ཆོས༵་ཉིད་གཟིགས་པའི་རྟོགས་མངར་དབུ་འཕང་བསྟོད༔ ༡༢ རྒྱུར༵་གྱུར་བཟུང་བས་འབྲས་ལ་བཤོལ་མེད་ཅིང་༔ རྒྱུར༵་ལྡོག་མེད་པ་བསེ་ཤིང་འབྲས་བུ་བཞིན༔ རྒྱུར༵་འཁུའི་ངང་ཚུལ་པྲཛྙཱའི་ཞུགས་གི་སྟོབས༔ རྒྱུར༵་བྱས་མ་སྨིན་མངོན་མཛད་མངའ་གསོལ་ལོ༔ ༡༣ སྤྱན་དང༵་མངོན་ཤེས་གཟུངས་དང༵་ཟད་པར་གྱི༔ དབང་དང༵་གནས་གྱུར་རིག་དང༵་ཆོས་ཀྱིས་སྤྲིན༔ གསོགས་དང༵་མ་ཡིན་ཕྱི་དང༵་ནང་གི་ཚོགས༔ གྲུབ་དང༵་མངོན་གྱུར་གང་ད༵ང་སྲིད་ཟླར་མིན༔ ༡༤ སྐུ་མདོག་དུས་བཞིའི་རྒྱལ་མོ་ལས༵་ཐལ་པའི༔ རི་དྭགས་རྟགས་ཀྱི་དལ་འཁོར་ལས༵་འབུམ་བརྩེགས༔ འཇིག་རྟེན་འདིར་སྙེམས་དཔུང་ཚོགས་ལས༵་ལྷག་པའི༔ མཚོ་ཡི་གུས་པའི་ཆེར་འདུད་ལས༵་མངའ་གསོལ༔ ༡༥ ཕྱག་གཡས་སྤེན་གྲི་ཡུ་བ་ཟུང༵་གཤིབ་ཏུ༔ རྭ་གདེངས་ཀྱིས་བརྒྱན་དེའི་ཟླ་ཟུང༵་ལ་ནི༔ དབྱིག་མཆོག་འོད་འབར་སྟེང་འོག་ཟུང་འཇུག་གི༔ བརྡ་རྟགས་ངོམས་པའི་སྒྱུ་མ་ཟུང༵་དེ་ངམ༔ ༡༦ སྲིད་ཞི་གཉིས༵་ལ་མི་གནས་ཐབས་ཤེས་ཀྱི༔ སྟབས་གཤེགས་གཉིས༵་ཀྱིས་ཆུ་ཤེལ་ལ་རོལ་ཚུལ༔ དག་འགྱུར་གཉིས༵་ལས་ཕྱི་མའི་ཁ་དོག་ཆགས༔ ཞི་བསྡུད་གཉིས༵་ལ་བསྒྱུར་མཛད་མངའ་གསོལ་ལོ༔ ༡༧གཞན༵་ཡང་མི་སྣང་ཕྱེད་ཀྱི་སྒོར་བསྟུན་ལ༔ གཞན༵་དབང་མ་དག་ཚུལ་ཅན་ལས་རིང་བས༔ གཞན༵་ངོར་ཡེ་ཤེས་སྒྱུ་མའི་འཕྲུལ་བཞད་རྩེན༔ གཞན༵་གང་ཡོན་ཏན་བརྗོད་ལ་ཁྲེལ་བར་མཆི༔ ༡༨ འོན་ཀྱང༵་རྒྱལ་བའི་ཕྲིན་ལས་རབ་འབྱམས་ཀྱི༔ ཕྱོགས་ཀྱང༵་ཆོས་ཉིད་དོན་གྱི་གནས་ལུགས་སུ༔ འདུམ་ཀྱང༵་མ་རིག་གསལ་བྱེད་འདིར་སྤོར་བས༔ བདག་ཀྱང༵་འཕྲལ་ཕུག་བཀྲ་ཤིས་བདེ་ལེགས་མཛོད༔ ༡༩ ཅེས་ཀྱང་ག་སྨྱོན་པས་ཁ་འབར་རོ། །

ཨོ་རྒྱན་པདྨའི་བསྟན་བསྲུང་ཡིད་བཞིན་དབང་རྒྱལ་ཀྱི་ཕྲིན་བཅོལ་འདོད་དགུའི་སྙེ་མ།

ཨོ་རྒྱན་པདྨའི་བསྟན་བསྲུང་ཡིད་བཞིན་དབང་རྒྱལ་ཀྱི་ཕྲིན་བཅོལ་འདོད་དགུའི་སྙེ་མ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །དུས་རྣམ་ཀུན་ཏུ་འདོད་དགུ་ལྷུན་གྲུབ་ཕྱིར༔ ཕྱི་ནང་མཆོད་སྐོངས་ཚང་བར་བཀོད་བྱས་ཏེ༔ ལྷ་བསྐྱེད་གསོལ་མཆོད་མངའ་གསོལ་བཅས་པའི་མཐར༔ དོན་སྟོངས་སེམས་ཀྱི་འདེགས་པའི་མོས་ངེས་བཅས༔ ས་མ་ཡཱ༔ ཨེ་མ་ཧོ༔ རིག་སྟོང་གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ༔ འདོད་འབྱུང་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ༔ རྩལ་སྣང་སྤྲུལ་སྐུའི་རྣམ་རོལ་གདོན་ཆེན་བགེགས༔ མཛད་པའི་འདུལ་དགོངས་རྒྱལ་ཆེན་སྤྲུལ་འཁོར་བཅས༔ ཚུལ་བཞིན་བསྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ སྨོན་དགུའི་རེ་བ་མཆོག་དང་ཐུན་མོང་སྟེ༔ གོ་འཕང་ཀུན་གྱི་ཕོངས་བ་མེད་པ་ལ༔ ད་ལྟ་ཉིད་དུ་ཁྱོད་ཀྱིས་འགོད་པར་མཛོད༔ གཅན་གཟན་ཁྲོ་བོ་གཉིས་འཐུང་ཆང་གིས་མྱོས༔ ཞུགས་དང་སྦྲུལ་གདུག་ཙོ་ར་མི་རྒོད་རྔམས༔ ལྕགས་སྒྲོགས་མཁའ་ལྡིང་ཆུ་བོ་གནམ་ལྕགས་ཐོག༔ ནད་དང་དབུལ་ཕོངས་བགེགས་ཀྱི་རིགས་བྱེད་འབུམ༔ མཚོན་ཆ་ལ་སོགས་འཇིགས་དང་སྡུག་བསྔལ་ཕྱོགས༔ མི་འདོད་ཉེ་བར་འཚེ་བ་མཐའ་དག་ཀུན༔ མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ༔ ཆོས་སྐྱོངས་ཆེན་པོ་ཁྱོད་ལ་རེ་ལྟོས་འཆའ༔ ཚེ་དང་བསོད་ནམས་དཔལ་དང་བདེ་སྐྱིད་དང་༔ དབང་ཕྱུག་བརྒྱད་དང་གྲགས་དང་སྐལ་བ་བཟང་༔ ཟས་གོས་འཕྱོར་རྒྱན་རྟ་ཕྱུགས་གནག་ལུག་དཀོར༔ ནོར་དང་བང་མཛོད་བུ་དཔལ་རིན་པོ་ཆེ༔ ཕྲིན་ལས་མངའ་ཐང་རླུང་རྟ་བླ་གཟའ་སྟོབས༔ ཕུན་ཚོགས་དྲུག་དང་བདེ་ཆེན་བདུན་གྱི་གཟི༔ ཁ་དབང་ཤེས་རྒྱལ་བློ་སྤོབས་གཟུངས་ལ་སོགས༔ ཡར་ངོས་ཟླ་ལྟར་གོང་དུ་འཕེལ་རྒྱས་མཛོད༔ པཎྚི་ཏ་དང་དེ་བཞིན་ལོ་ཙ་༼ ཙཱ་དཔྱད། ༽བ༔ རྒྱལ་བློན་མོ་བཙུན་ཕོ་སྐྱེས་བན་བོན་དང་༔ མུ་སྟེགས་ལྷ་ཀླུ་གཉན་དང་བྲན་གཡོག་སྡེ༔ འདྲེ་སྲིན་མི་མིན་འབྱུང་པོ་གདུག་པ་ཅན༔ བརྟན་གཡོས་དྭངས་མ་རྭ་བ་སྒོ་བཞིའི་གཡང་༔ འཇིག་རྟེན་ཁམས་ན་ཡོད་དགུའི་སྣོད་བཅུད་དཔལ༔ སྐྱེ་འགྲོ་ཕོ་མོའི་བློ་ཡིད་དབང་དུ་བསྡུས༔ རྒྱལ་བློན་ཕ་མའི་མོས་བཞི་བརྟན་པར་མཛོད༔ གནོད་བྱེད་སྡང་པའི་དགྲ་དང་གདུག་པའི་འདྲེ༔ བཀའ་དམ་ཁྱད་གསོད་བསམ་སྦྱོར་གནག་པའི་རིགས༔ གཟུགས་ཅན་གཟུགས་མེད་སྔ་ཕྱི་ད་ལྟ་བ༔ རྣལ་འབྱོར་ཡོན་མཆོད་རིགས་བརྒྱུད་སློབ་མར་བཅས༔ ཉེས་སྤྲོད་ལེགས་ལ་སྡང་བྱེད་ཐམས་ཅད་ཀྱང་༔ ཚར་བཅད་བསད་གཏུབ་བརྡེག་བཏོགས་གྲོགས་དང་ཕྲོལ༔ འགུགས་འཆིང་སྡོམ་མྱོས་སྲིད་པའི་མཐའ་ཆོས་ཅིག༔ དྲག་པོ་སྒྲོལ་བའི་ཀིང་ཆེན་ཁྱོད་ལ་བཅོལ༔ གཞན་ཡང་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་བསྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་རྣལ་འབྱོར་སྐུ་ཚེ་བསྲིངས༔ སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ༔ ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད༔ སྔུན་ནས་སུན་མ་རྒྱབ་ཀྱི་སྐྱེལ་མ་དང་༔ ཟས་ལྷ་གྲོགས་ལྷ་ནོར་ལྷ་གཡང་ལྷ་དང་༔ དགྲ་ལྷ་སྲོག་ལྷ་ལུས་ལྷ་ཡུལ་གཞིའི་ལྷ༔ གོས་དང་ལོངས་སྤྱོད་ལྷ་མཆོག་ཁྱོད་ཀྱི་གྱིས༔ དགྲ་སོད་རྐྱེན་བཟློག་འགལ་བ་མཐའ་དག་སོལ༔ བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་མཛོད༔ ཧཱུྃ༔ ཁྱད་པར་མཆོག་གི་རྡོ་རྗེ་སེམས་དཔའི་སྐུ༔ སྨན་དང་འཆི་མེད་འབྱུང་བའི་ཡན་ལག་གིས༔ ལེགས་གྲུབ་ལྷན་ཅིག་སྐྱེས་པའི་འོད་གསལ་ལ༔ རྟགས་ཀྱི་ཕྱག་རྒྱ་སྟོང་གཟུགས་མཐར་ཐུག་པ༔ ཟུང་འཇུག་སློབ་དང་མི་སློབ་སིདྡྷིའི་དངོས༔ གཞན་ཕན་ཕྲིན་ལས་རྣམ་བཞིའི་སྤྲུལ་བའི་སྐུ༔ རྡོ་རྗེ་རིན་ཆེན་པདྨ་ཀརྨ་དང་༔ འཁོར་ལོའི་ཕྱག་རྒྱ་ཆེན་པོའི་རིག་པ་འཛིན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་༔ རིགས་གསུམ་རིགས་བཞི་རིགས་ལྔ་རྡོ་རྗེ་འཛིན༔ ཁྱད་པར་རྡོ་རྗེ་ཐེག་པའི་བཅུ་དྲུག་སས༔ ཡེ་ཤེས་བླ་མའི་དབུ་འཕང་བསྟོད་པ་ཡི༔ སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ས༔ གྲུབ་པའི་མཐུན་རྐྱེན་དམ་ཅན་ཁྱོད་ཀྱིས་བསྒྲུབ༔ རང་དོན་ཆོས་སྐུ་གཞན་དོན་གཟུགས་ཀྱི་སྐུ༔ སྤངས་རྟོགས་བྲལ་སྨིན་འབྲས་བུ་མངོན་གྱུར་གྱི༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཅེས་ཀྱང་ནཱ་ཐའི་ངོར་ག་གཱས་སོ། །དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཆོས་སྐྱོངས་ཆེན་པོ་བདག་ལ་དགོངས་སུ་གསོལ༔ དེང་གི་དུས་སུ་ཕྱོགས་འདིར་བསྒྲུབ་པོ་བདག༔ གང་ཟག་གཞན་གྱིས་མཉམ་པར་ཟླ་འོས་ན༔ ཁྱེད་ཀྱིས་བདག་ཉིད་ཡལ་བར་དོར་རམ་ཅི༔ གལ་ཏེ་ང་ཉིད་ཡལ་བར་དོར་བ་ན༔ སྒྲུབ་པ་དོན་མེད་གྱུར་བ་མ་ལགས་སམ༔ དེ་ལྟ་ན་ནི་བདག་ཉིད་ཡིད་བཅད་པས༔ ཀུན་ཀྱང་ཉིད་ལ་ནུས་སྟོབས་མེད་པར་བལྟ༔ དེ་ཕྱིར་བརྩེ་བའི་ཞལ་བཟང་བསྟན་ནས་ཀྱང་༔ བདག་ཅག་ཁྱོད་བརྟེན་པ་ལ་དངོས་གྲུབ་སྩོལ༔ སྔོན་དུས་རིག་འཛིན་པདྨའི་ཞལ་སྐྱིན་པ༔ ཀློང་གསལ་སྙིང་པོའི་ཐ་ཚིག་དྲན་པར་གྱིས༔ དེ་རྗེས་པདྨ་མདོ་སྔགས་གླིང་བ་དང་༔ བློ་གྲོས་མཐའ་ཡས་ཤྲཱི་རྒྱལ་པོ་དང་༔ བདུད་འཇོམས་དཔལ་གྱི་རྡོ་རྗེའི་བཀའ་དམ་བཞིན༔ དེང་འདིར་རྣལ་འབྱོར་བདག་ལ་སྡོང་གྲོགས་མཛོད༔ སྔོན་དུས་ཆོས་རྒྱལ་སྡེ་དགེ་པ་དེ་ཡིས༔ དཀོར་བསྲུང་རྒྱལ་པོ་ཆེན་པོ་ཁྱོད་བརྟེན་ན༔ དེ་ཡང་ཆོས་སྲིད་ཕུན་ཚོགས་རྒྱས་པ་དང་༔ བསྟན་པའི་མངའ་ཐང་ཕྱོགས་བཅུར་སྤེལ་མིན་ནམ༔ དེ་རྗེས་འོད་གསལ་མདོ་སྔགས་གླིང་བས་བརྟེན༔ དེ་ཡང་ཆོས་སྲིད་ཕུན་ཚོགས་རྒྱས་པ་དང་༔ བསྟན་པའི་མངའ་འཐང་ཕྱོགས་བཅུར་སྤེལ་མིན་ནམ༔ དེ་རྗེས་ཤུ་བྷཾ་ཤྲཱིའི་ཁྱོད་བརྟེན་ན༔ དེ་ཡང་ཆོས་སྲིད་ཕུན་ཚོགས་རྒྱས་པ་དང་༔ བསྟན་པའི་མངའ་ཐང་ཕྱོགས་བཅུར་སྤེལ་མིན་ནམ༔ དེ་རྗེས་ནུས་ལྡན་དངོས་སྣང་བས་བརྟེན་ན༔ དེ་ཡང་ཆོས་སྲིད་ཕུན་ཚོགས་རྒྱས་པ་དང་༔ བསྟན་པའི་མངའ་ཐང་ཕྱོགས་བཅུར་སྤེལ་མིན་ནམ༔ དེ་རྗེས་གསང་སྔགས་གླིང་བས་ཁྱོད་བརྟེན་ན༔ དེ་ཡང་ཆོས་སྲིད་ཕུན་ཚོགས་རྒྱས་པ་དང་༔ བསྟན་པའི་མངའ་ཐང་ཕྱོགས་བཅུར་སྤེལ་མིན་ནམ༔བདུད་འཇོམས་རྡོ་རྗེ་ཆེ་ལ་འདི་སྐད་དུ༔ དཔལ་ཆེན་སྤུང་ངམ་མཆོད་རྟེན་དཀར་བོ་རུ༔ ཉིད་ཀྱི་བུ་སློབ་གང་གིས་བདག་བརྟེན་ ༼ བོད་དཔྱད། ༽པ༔ ཡིད་ལྟར་མགྱོགས་བྱས་གྲོགས་དན་ཁས་བླངས་བས༔ རིག་འཛིན་དེ་ཡི་བརྒྱུད་པར་བདག་གྱུར་ཅིང་༔ ཐ་ཚིག་བསྒྲགས་ནས་གདུང་ཤུགས་གིས་འབོད་ན༔ འདིར་གཤེགས་རབ་འབྱམས་ཕྲིན་ལས་ལྷུན་གྲུབ་མཛོད༔ བསྟན་པའི་མངའ་ཐང་ཕྱོགས་བརྒྱར་སྤེལ་བར་མཛོད༔ ཆོས་སྲིད་ཕུན་ཚོགས་པད་མོ་རྒྱས་ནས་ཀྱང་༔ ཀུན་ཀྱང་སྨོན་ལམ་དབང་མེད་སློང་པར་མཛོད༔ ལྷ་ཁྱོད་བརྩེ་བའི་ཐུགས་དང་ལྡན་པས་ན༔ སྔ་མོ་བཟང་དགུ་དེ་དག་བསྐྱང་ནས་སུ༔ ཉམ་ཆུང་བདག་ཉིད་ཡལ་བར་མ་འདོར་བར༔ བདེ་དགའི་ཉིན་བྱེད་དབང་བོ་དེང་སྤོར་ཅིག༔ ལོངས་སྤྱོད་དབྱར་གྱི་ཀླུང་ཆེན་ད་སྩོལ་ཅིག༔ སྙན་གྲགས་ལག་ན་ནོར་འཛིན་དུ་བརྡུང་ཅིག༔ ཁྱིམ་དུ་རཏྣའི་གཏེར་ཆེན་ད་བརྡོལ་ཅིག༔ བཟའ་བཏུང་ཟས་ཀྱི་ཆར་ཆེན་ད་ཕོབ་ཅིག༔ ཚེ་ཡི་ལྗོན་པ་སྲིད་པའི་མཐར་བར་སྤེལ༔ རླུང་རྟའི་བ་དན་དགའ་ལྡན་གནས་སུ་ཕྱོར༔ མཐུ་སྟོབས་ཕྱག་ན་རྡོ་རྗེའི་རྗེས་སུ་བསྙེགས༔ ཐོས་བསམ་བསྒོམ་པའི་ཤེས་རབ་ཟླ་བྲལ་བའི༔ འགྲོ་བ་འདྲེན་པའི་དཔལ་དུ་བསྒྲུབ་པ་ལ༔ བར་ཆད་ཉེ་བར་འཚེ་བས་མི་བརྫི་ཞིང་༔ དཔལ་ལྡན་བླ་མ་ཞབས་པད་བརྟན་པར་མཛོད༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔ ཕྱོགས་བཅུའི་བསྟན་འཛིན་ཐམས་ཅད་ཐུགས་བཞེད་འགྲུབ༔ ཕན་བདེའི་འབྱུང་གནས་བསྟན་ལ་འགོང་བའི་སྡེ༔ དེ་ཡང་དྲག་པོའི་དབལ་གྱིས་རྡུལ་དུ་མཛོད༔ མངོན་མཐོའི་རྒྱལ་བོ་ལ་སོགས་ཆེ་དགུ་ཡང་༔ བདག་གི་བྲན་དུ་ཁོལ་བའི་ཕྲིན་ལས་མཛོད༔ དུག་བྱུང་བྱ་དང་དགྲ་བྱུང་མགོ་ཁོས་ལ༔བྱད་དང་རྦོད་གཏོང་ཐམས་ཅད་ཕྱིར་བཟློག་མཛོད༔ ནམ་ཡང་བདག་ལ་ཉེ་བར་འཚེ་མེད་པར༔ ཟླ་རྒྱས་བཞིན་དུ་འགྲོ་བློས་ཉོན་མོངས་མུན༔ བསལ་ལ་བདག་གི་ཕྲིན་ལས་དཔལ་འབར་ནས༔ བཀྲ་ཤིས་སྲིད་གསུམ་ཀུན་ཏུ་ཁྱབ་པར་མཛོད༔ ཅེས་ཀྱང་གདུང་ཤུག་གིས་ཕྲིན་ལས་བཅོལ་བ་པོ་ནི་རྣལ་འབྱོར་བ་ག་གཱ་ཨ་བྷྱེའོ། །སརྦ་མངྒ་ལཾ། །

ཡང་ཅིག་ཕྲིན་བཅོལ་བསྡུས་པ་ནི༔ ཀྱཻ༔ དབང་བཅུའི་མངའ་བདག་ཆོས་སྐྱོང་རྒྱལ༔ བརྩེ་བའི་ཐུགས་རྗེས་བདག་ལ་དགོངས༔ བསམ་པའི་དོན་རྣམས་མ་ལུས་པ༔ ཆོས་སྐྱོང་ཆེན་པོ་ཁྱོད་ཀྱིས་བསྒྲུབ༔ མི་ནོར་རིགས་བརྒྱུད་འཕེལ་བ་དང་༔ ཁ་རྗེ་དབང་ཐང་སྙན་གྲགས་སྟོབས༔ འཇིག་རྟེན་སྨོན་པའི་གནས་སུ་སྤེལ༔ འགལ་རྐྱེན་དགྲ་གདོན་བརྡུལ་དུ་རློག༔ མ་འདའ་བཛྲ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཀྱང་ག་གཱས་སོ། །

གནོད་སྦྱིན་དཀོར་གྱི་བདག་པོའི་ཕྲིན་བཅོལ་བསྡུས་པ་བསམ་དོན་ལྷུན་གྲུབ།

གནོད་སྦྱིན་དཀོར་གྱི་བདག་པོའི་ཕྲིན་བཅོལ་བསྡུས་པ་བསམ་དོན་ལྷུན་གྲུབ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གཏོར་མ་དམར་གྱི་བརྒྱན་པ་ལ༔ ཟུར་གསུམ་མཆོད་རྫས་དྲག་པོའི་བསྐོར༔ དེ་ནས་གདུང་ཤུགས་གུས་བསྐུལ་གྱིས༔ རྣམ་པ་ཀུན་ཏུ་འདི་ལྟར་བྱེད༔ ན་མོ༔ དུས་གསུམ་རྒྱལ་བའི་གསུང་དབང་ཕྱུག༔ ཁྱབ་བདག་པདྨ་ཧེ་རུ་ཀ༔ རྟ་མཆོག་རོལ་བ་གདུལ་ཐབས་གར༔ མཛད་པ་རྨད་བྱུང་དབང་གི་རྒྱལ༔ དྲེགས་པའི་གཟུགས་ཀྱིས་བསྟན་པ་སྐྱོངས༔ རྣལ་འབྱོར་བདག་གི་ལེའུའི་ལྷ༔ བརྩེ་བ་ཆེན་པོའི་ཐུགས་རྗེའི་དགོངས༔ རྒྱུན་གྱི་གཏོར་མ་ཆད་མདོ་བཞེས༔ ཐུགས་འགལ་ཉམས་ཆགས་བག་རྡུལ་གྱིས༔ ཡེ་ཤེས་དྲི་བྲལ་ཤེལ་སྒོང་ལ༔ གཤིས་ལ་ཞུགས་པ་མི་སྲིད་མོད༔ འོན་ཀྱང་རང་རྒྱུད་ནོངས་པ་བཤགས༔ ལྷ་ལ་རྣམ་རྟོག་མི་མངའ་ཡང་༔ རྟེན་འབྲེལ་དབང་གིས་ཕྱུག་པས་ན༔ ལས་ལ་སྲ་ལྟས་ཤེས་མིན་གྱིས༔ འབྲས་བུ་བསྐྱེད་པའི་ནུས་སོ་གཞོམ༔ ལྔ་བདོའི་རྒུད་པའི་ཉོན་མོངས་ཀྱིས༔ འཁྲུལ་བ་རང་བརྒྱུད་ཤོར་བའི་ཕྱིར༔ ལྷ་དང་དགོངས་སྤྱོད་མ་འདྲེས་པའི༔ ཉམས་ཆགས་ཞེན་སྣང་གོལ་སྒྲིབ་བཤགས༔ ཁ་ན་མ་ཐོ་སྨྲ་གཞན་གྱིས༔ རྣམ་པར་རྟོག་པ་སླངས་པ་ཡི༔ རྒྱུད་འཁྲུལ་རྟོག་པ་གདོན་དུ་ལྡང་༔ དེ་ཡི་ལྷ་ལ་སྙད་བཏགས་བཤགས༔ འཁོར་གྱི་དྲེགས་པ་ཐམས་ཅད་ཀྱང་༔ ལེགས་ཉེས་སྟངས་འཛིན་དམ་ཚིག་ཅན༔ ཐུགས་འགལ་རྟོག་སྒྲིབ་ཉེས་སྤྱོད་ཀུན༔ གནོང་འགྱོད་དྲག་པོའི་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པ་དབང་བཙན་ལ༔ ཆོས་ཅན་རྒྱུ་འབྲས་བཀའ་བཙན་པས༔ ཆོས་སྐྱོང་བསྲུང་མ་ཐུགས་དཀྱིལ་ཡངས༔ ཆོས་བཞིན་སྤྱོད་ལ་དགོངས་པར་མཛོད༔ ཁྱད་པར་དགྲ་ལ་དཔའ་རྟགས་འདི༔ སངས་རྒྱས་བསྟན་བའི་རྭ་བ་ཡིན༔ སྒྲུབ་པ་པོ་ལ་བརྩེ་བྱམས་དེ༔ བྱང་ཆུབ་སེམས་ཀྱིས་མངོན་རྟགས་ཡིན༔ ཕྲིན་ལས་རྣམ་བཞི་རྫོགས་པ་དེ༔ དབང་བཅུ་གྲུབ་པའི་སྤྱི་གཟུགས་ཡིན༔ འཁུ་ལྡོག་གདུག་རྩུབ་ཚ་བ་ན༔ གཞུང་ངན་སྐྱེ་བོའི་ཆ་ལུགས་ལགས༔ ཚར་གཅོད་རྗེས་འཛིན་གོ་ལྡོག་ན༔ གང་ཟག་ངན་པའི་ངང་ཚུལ་ལགས༔ དགྲ་ལ་རྦད་རྟགས་མ་ཡོད་ན༔ ལང་ཤོར་བསྟན་འཛིན་སྤྱི་ལ་གཟེ༔ རང་ལ་ཤོང་རྒྱ་མ་ཆེ་ན༔ ཆོས་ཉིད་མཉམ་པའི་དོན་ལ་གཟེ༔ ཡང་གཞན་ཚིག་གཞར་རྒྱུར་གྱུར་ན༔ ཁྲེལ་དང་ངོ་ཚའི་གནས་སུ་གཟེ༔ ཀྱཻ༔ སྔོན་ཚེ་པདྨ་ཐོད་ཕྲེང་དང་༔ རྗེས་འཇུག་ཀློང་གསལ་བདུད་འཇོམས་གླིང་༔ གྲུབ་ཐོབ་ག་གཱ་ཨ་བྷྱེ་ཡི༔ སྟོང་ཉིད་གྲུབ་པའི་གཟི་བྱིན་གྱིས༔ བཀའ་བསྒོས་དམ་བཞག་གཡར་དམ་འདི༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཐོགས་མེད་ལྷར་དག་གཟི་བྱིན་དང་༔ དམ་ཚིག་དེ་ཡི་རྒྱུད་སྦྲེལ་བ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ བཟང་ངན་རྣམ་རྟོག་དབྱེ་བསལ་རྐྱེན༔ ཐམས་ཅད་ལྟག་ཤལ་རྒྱན་གྱི་བཀྲམ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ བྱ་བྱེད་ཐམས་ཅད་ཕྱག་རྒྱར་བབས༔ ཡེ་ནས་དོན་མ་ཡིན་མེད་དམ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཉམས་འདའ་བྲལ་བའི་དམ་ཚིག་བྱིན༔ རྫོང་དུ་རྡོ་རྗེའི་མཁར་གྱི་བཟུང་༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ སེམས་དང་སེམས་བྱུང་སྒྱུ་མའི་ངང་༔ དབུ་མ་ཆེན་པོའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཐམས་ཅད་རྡོ་རྗེ་སེམས་དཔའི་བསྡུས༔ ཕྱག་རྒྱ་ཆེན་པོའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ འཁོར་འདས་རང་གྲོལ་གཞི་སྣང་རྫོགས༔ ཤིན་ཏུ་རྣལ་འབྱོར་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ མི་ནུབ་རྒྱལ་མཚན་རྩེ་མོ་ན༔ ཁད་མཉམ་ཉི་ཟླ་བརྡལ་བའི་དམ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཀྱཻ༔ འཁོར་འདས་གཞི་ལམ་འབྲས་བུའི་ཆོས༔ ལུས་དང་སེམས་ལ་ལྷུན་གྱིས་གྲུབ༔ སེམས་དང་ཡེ་ཤེས་རང་སྣང་གཉིས༔ མཐའ་སྡུད་རྒྱལ་པོ་ང་རྒྱལ་རྒྱལ༔ ཆོས་ཅན་རང་ངོའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ལུས་དང་སྐུ་ཡི་ད་ལ་ན༔ ན་དཱ་ངག་གི་རང་སྒྲ་བརྟེན༔ འགྲོ་འོང་ཁྱབ་འཇུག་ཨ་ལི་ཀ༔ སྡོམ་པ་འཁོར་ལོའི་དབང་ཆགས་ཆགས༔ ཆོས་ཅན་བསྐྱོད་མའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཁྱབ་འཇུག་སྣང་དང་སྟོང་པ་ཉིད༔ ཐིག་ལེ་ཆེན་པོ་བཅུ་དྲུག་མགོན༔ མི་འབྱེད་གཏི་མུག་ལ་གཏི་མུག༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཀྱཻ༔ དགོངས་ཤིག་དམ་ཅན་མཐུ་བོ་ཆེ༔ སྙིགས་མ་ལྔ་བརྡོའི་སེམས་ཅན་ཉིད༔ གསར་ངེས་ཆེ་བའི་དབང་ཕྱུག་གི༔ ལྷ་ལ་སྤངས་ལེན་བྱས་པ་བཤགས༔ རྣམ་རྟོག་ཆེ་བའི་བྱེད་ལས་ཀྱི༔ ཤ་ལྔ་བདུད་རྩི་དང་མ་ལོན༔ ཡང་ན་ཁྱི་ཕག་བག་ཆགས་ཀྱིས༔ ཐ་མལ་ཆགས་ཞེན་སྐྱེ་བ་བཤགས༔ སེར་སྣའི་དབང་དུ་གྱུར་བ་ཡི༔ མཆོད་རྫས་རྒྱུ་ཆུང་ཕུད་ལྷག་ཉམས༔ ལེ་ལོ་ཆེ་བའི་གཞན་དབང་གིས༔ རྒྱུན་མཆོད་ཕྲིན་གཏོར་ཆགས་པ་བཤགས༔ འཆོལ་སྙོགས་སྤྱོད་དང་ཁ་ཚར་ཤོར༔ ཕོ་མོ་གྲངས་མ་འཁྱོལ་བ་དང་༔ མཚན་འཛིན་རང་དགར་སྤྱོད་པ་དང་༔ དམ་ཚིག་བསྲུང་མཚམས་ཉམས་པ་བཤགས༔ བཟླས་བརྗོད་བསྙེན་གསོལ་མ་བྱས་པས༔ ཞུད་དང་འགྱངས་དང་གཡེལ་བ་ཡི༔ རང་གི་ཉེས་པ་མ་ཤེས་ཤིང་༔ ལྷ་ལ་མཐུ་མེད་སེམས་པ་བཤགས༔ ཡེ་ཤེས་ཏིང་འཛིན་དམན་པ་ཡི༔ མཆོད་གཏོར་བྱིན་གྱིས་མ་རློབས་དང་༔ ལྟ་བ་དམན་པའི་བྱེད་ལས་ཀྱིས༔ གཉའ་ནོན་ཚོལ་བ་མཐོལ་ལོ་བཤགས༔ བློ་དམན་འཁོར་འདས་རང་བརྒྱུད་བལྟས༔ དྲེགས་པ་འདྲེ་རུ་གོལ་བ་དང་༔ སྐྱེ་བརྒྱུད་དགོངས་པ་མ་ཤེས་པས༔ དེ་ལས་བརྙེས་པར་བྱས་པ་བཤགས༔ སངས་རྒྱས་སྐྱེ་བརྒྱུད་གནོད་སྦྱིན་ཀྱང་༔ རུ་ཏྲར་བརླན་པ་སྙིང་རྗེའི་གནས༔ ལྟ་བ་ངན་པས་བློ་བཅོས་ཏེ༔ འཁུ་འཁྲུགས་ཟ་བ་མཐོལ་ལོ་བཤགས༔ ཅོལ་ཆུང་ངག་འཁྱལ་བྲེ་མོ་ཡི༔ ཚིག་འཁྱལ་བག་མེད་མཐོལ་ལོ་བཤགས༔ དེ་ལྟར་བཤགས་བསྐང་བྱས་པ་ཡི༔ མི་འཁོན་ལྷ་ལ་ཕོག་པ་དང་༔ ལྷ་འཁོན་མི་ལ་གནོད་པ་དང་༔ བརྟེན་རྫས་མནོལ་དང་སྒྲུབ་རྫས་འགོངས༔ བསྐང་རྫས་འཆལ་དང་དམ་སྡོམ་རལ༔ དམེ་ཡུལ་ནལ་དང་བང་གྲིབ་སོགས༔ འཁྲུགས་བཅོས་འཁོན་སྡུམ་རྨུགས་པ་བསངས༔ འཐིབ་པ་དྭངས་ནས་དངོས་གྲུབ་སྩོལ༔ དུས་གསུམ་དགེ་བའི་བཀྲ་ཤིས་མཆོག༔ རྟག་ཏུ་བདག་ལ་ཉེ་བར་མཛོད༔ སྔོན་གྱི་ཐུགས་དམ་མ་དོར་ཅིག༔ བཀའ་དང་དམ་ལས་མ་འདའ་ཞིག༔ འཁུ་ལྡོག་གདུག་རྩུབ་མ་ཆེ་ཞིག༔ བྲོ་བོར་ཐ་ཚིག་མ་དོར་ཞིག༔ མཐུ་རྩལ་དཔའ་རྟགས་མ་ཆུང་ཞིག༔ ཁ་མགོན་བྱམས་སྐྱོངས་མ་གཡེལ་ཞིག༔ བདག་གི་བྱ་བ་ཅི་ཉེས་ཀྱང་༔ བསམ་མེད་བུ་ཡི་སྤྱོད་པ་ལ༔ མ་བཞིན་ཁྲོ་འཁྲུགས་མི་མཛད་ཞུ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཀྱང་བླ་མ་འདུས་ཆུང་ནས་བསྐུལ་བ་དོན་ཡོད་ཕྱིར་དུས་མཐའི་སྔགས་པ་ག་གཱ་ཨ་བྷྱེ་ནས་བྲིས་པ་དུས་གསུམ་དགེ་བའི་འཁྲི་ཤིང་དུ་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ཡང་ཅིག་བསྡུ་ན༔ ཀྱཻ༔ གནོད་སྦྱིན་ཆེན་པོ་དགོངས་སུ་གསོལ༔ མ་ཤེས་བག་མེད་ནོར་འཁྲུལ་དང་༔ དམ་ཅན་བསྲུང་མའི་ཐུགས་འགལ་ལས༔ མཐོལ་ལོ་བཤགས་སོ་དག་ཚངས་སྩོལ༔ ཨོཾ་རཱ་ཛ་ཙནྡྲ་ས་མ་ཡཱ༔ སརྦ་ཤཱུདྡྷེ་ཡེ་སྭཱ་ཧཱ༔ ཅེས་ཀྱང་བླ་མ་དམ་པ་ཤི་ལའི་གསུང་འཕྲོ་དོན་ཡོད་པའི་ཕྱིར་ག་གཱས་སོ། །

ཡིད་བཞིན་དབང་རྒྱལ་གྱི་དབང་གི་གསོལ་མཆོད་ཕྲིན་བཅོལ་བསྡུས་པ་འདོད་འཇོའི་དཔལ་སྟེར།

ཡིད་བཞིན་དབང་རྒྱལ་གྱི་དབང་གི་གསོལ་མཆོད་ཕྲིན་བཅོལ་བསྡུས་པ་འདོད་འཇོའི་དཔལ་སྟེར་བཞུགས༔

གཏོར་མ་རྒྱལ་མཚན་དབྱིབས་སུ་བྱ༔ དེ་མཐར་རུ་འདྲེན་དཀར་དམར་དང་༔ བཤོས་ཟླུམ་ནོར་བུའི་དབྱིབས་ཅན་གྱི༔ མཐར་ནི་འདོད་དགུའི་རྫས་ཀྱི་གཏམས༔ ཟག་མེད་བདུད་རྩིར་བྱིན་གྱིས་བརླགས༔ དེ་ནས་ལྟ་བ་གྱད་ཀྱི་ལྷར༔ ཡུལ་གསུམ་འཕོས་པས་ངང་མདངས་ཀྱི༔ གདེང་ལྡན་འདི་ལྟར་གསོལ་མཆོད་བྱ༔ ཧཱུྃ༔ སྟོང་ཉིད་ལས་སུ་རང་ཤར་བཀོད་པའི་སྤྲིན༔ ཟག་མེད་ཀུན་བཟང་མཆོད་ཚོགས་ཟིལ་གནོན་ལྟའི༔ ཏིང་འཛིན་རོལ་མོའི་མཛེས་འབར་ཁྱད་པར་གྱིས༔ རྒྱལ་བའི་ཕྲིན་ལས་དབང་གི་རྒྱལ་པོ་དང་༔ སྤྲུལ་འཁོར་རུ་འདྲེན་སྡེ་བཞི་ཡང་སྤྲུལ་བའི༔ དྲེགས་ཚོགས་འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་རབ་འབྱམས་པ༔ ཕྱི་ནང་གསང་བ་མཐའ་དག་ཁྱོད་ཀྱིས་སྒྲུབ༔ ཁྱད་པར་འཇིག་རྟེན་ཁམས་ཀྱི་དྭངས་མའི་བཅུད༔ ཉི་ཟླ་ལྟ་བུའི་བདེ་དྲོད་དབང་དུ་བསྡུས༔ རླུང་སེམས་དྷཱུ་ཏིར་འཆིང་བའི་རྣལ་འབྱོར་ལ༔ ཏིང་འཛིན་ལས་རླུང་གོ་སྦྱོར་ཕྲིན་ལས་མཛོད༔ དཔྱིད་ཀྱི་ཐིག་ལེའི་སྨིན་སོའི་བཅུད་བསྡུས་ལ༔ རྩོལ་བས་རྒྱུ་བའི་རྟེན་གནས་སུ་བསྟིམ་སྟེ༔ པདྨ་ལྟ་བུའི་བཀྲག་མདངས་རྒྱས་ནས་ཀྱང་༔ མཐོང་ན་མི་མཐུན་མེད་པའི་དངོས་གྲུབ་སྩོལ༔ དབྱར་གྱི་རྔ་གསང་ལྟ་བུའི་གྲགས་སྙན་གྱི༔ བ་དན་སྲིད་པའི་རྩེ་ལ་རབ་བསྒྲེངས་ནས༔ གཞན་སྣང་དབང་དུ་བསྒྱུར་བའི་མངོན་རྟགས་མཆོག༔ མོས་བཞིའི་འབྲས་བུ་རྫོགས་ལྡན་དཔལ་བཞིན་སྤེལ༔ གང་ཞིག་ལས་ཀྱི་གཟོ་བོ་གཡོན་ཅན་གྱི༔ ཁ་ལོ་བསྒྱུར་ཀྱང་སྟོང་ལ་རྟེན་འབྲེལ་མཐུ༔ རུང་བའི་བཟློག་ཏུ་བཤོལ་ལ་བསྙད་ཞུགས་པའི༔ ཁྱོད་ཀྱི་མཐུ་ཡིས་ནུས་ཕོད་མེད་པར་གཟིས༔ ཕྱྭ་གཡང་ཕུན་ཚོགས་ནོར་འཛིན་ཐ་གྲུའི་ཁྱོན༔ ལས་བརྡོལ་བླ་འོག་སྟོབས་ཆེན་ཁྱད་པར་གྱི༔ དྭངས་བཅུད་ཁབ་ལེན་རྡོ་དང་ལྕགས་ཕྲད་བཞིན༔ སྒྲུབ་པོའི་ཉེར་སྤྱོད་དཔལ་དུ་ལྷུན་གྲུབ་མཛོད༔ ཨ་ཎི་ནཱ་ག་ཏྲི་ཡི་བློ་ཡིད་སེམས༔ དབང་དུ་བསྡུས་ལ་སྨོན་དགུའི་དངོས་གྲུབ་རྣམས༔ སྩོལ་ཞིང་བྲི་མེད་ཡར་ཟླའི་རྗེས་སོན་ནས༔ པུནྱེ་ཉེར་འཚེ་མཐའ་དག་གཡོན་དུ་བསྒྱུར༔ ཕྱི་ནང་གསང་བའི་ཡོ་བྱད་ཐམས་ཅད་ཀུན༔ དབང་གི་རྒྱལ་པོ་ཁྱོད་ལ་གཉེར་དུ་གཏད༔ གུད་པའི་སྐྱོན་མཐའ་བསལ་དུ་རེ་ལྟོས་བྱེད༔ གཞན་ཟེར་གྱལ་བའི་གནས་ལ་གཟོན་དུ་འཚལ༔ ཟླར་བྱད་གཞན་སྒྲུབ་གང་དག་ལ་དཔག་ཞིང་༔ ལྷ་ལ་བསྙད་འདོག་སྒྲུབ་པོ་ཡིད་བསད་ནས༔ གང་གི་མཐུ་ལ་བཀལ་བའི་ཉེན་ཆེར་དུ༔ དགོངས་ཤིང་རང་མཚན་མངོན་སུམ་བསྟན་པར་མཛོད༔ སྔོན་དུས་དམ་ཚིག་ཞི་ལ་མི་གཞོལ་བའི༔ འགྲོ་སླད་གང་འདུལ་ཕན་དང་བདེ་ཡིན་ན༔ དེ་བཟློག་སྲིད་འདས་སྲིད་པར་སྨ་འབེབས་ན༔ སོ་སོའི་སྐྱེ་བོའི་རང་བཞིན་ལས་ཀྱང་དམན༔ ཚུལ་བསྟན་ཀློང་གསལ་སྤྱན་སྔར་བཀོད་པའང་༔ ལས་ཐབས་ཕྲིན་ལས་མྱུར་ལ་རློམ་ཞུགས་སུ༔ སྐྱེ་རྒྱུད་མེད་པའི་བསྲུང་མ་གཞན་བསྟུན་ཏེ༔ སངས་རྒྱས་བསྟན་ལ་གདུང་བའི་རོལ་མོ་བརྡུང་༔ དེ་རྗེས་གར་གྱི་དབང་ཕྱུག་མདོ་སྔགས་གླིང་༔ བཀའ་སྡོད་ཚུལ་བཟུང་མཐུ་ཆེན་རང་གཟུགས་ངོམས༔ ཆོས་སྲིད་ཟུང་འཇུག་ཉི་ཟླའི་སྣང་བ་ཡི༔ སྡེ་བཞིའི་དཔལ་གྱི་དགེ་ལེགས་གོང་དུ་སྤེལ༔ སླད་ཀྱང་ཆེ་མཆོག་རྡོ་རྗེ་བདུད་འཇོམས་དྲུང་༔ ཆོས་ཚིགས་ཡུལ་དབུས་མཆོད་རྟེན་དཀར་པོ་རུ༔ ཇི་ལྟར་ཚུལ་བསྟན་ཞལ་བཞེས་དགོངས་པར་གྱིས༔ དེ་ཕྱིར་དམན་ཀྱང་ཡལ་བར་ག་ལ་བོར༔ ཡལ་གམ་བཞི་བོ་ལྡན་པའི་བསྲུང་མ་ཁྱེད༔ བླ་མར་བྱའོ་འཕོ་ཆེན་ཐེམ་སྐས་ཚུགས༔ ཡི་དམ་ལྷར་བརྟེན་མཆོག་ཐུན་དངོས་གྲུབ་སྩོལ༔ མཁའ་འགྲོ་ཆོས་སྐྱོང་དངོས་བརྟེན་བར་ཆད་སོལ༔ བཀའ་དང་དམ་ཚིག་གཉན་པོ་དཔང་དུ་བཞག༔ གདུང་ཤུགས་གུས་པའི་ཡིད་ཀྱིས་གསོལ་བ་གདབས༔ རབ་འབྱམས་ཕྲིན་ལས་སྒྲུབ་པའི་གཉེར་དུ་གཏད༔ རྣལ་འབྱོར་རེ་བའི་འབྲས་བུ་སྨིན་པར་མཛོད༔ ཅེས་གཏོར་མ་ལོ་གྲོགས་ཕྱོགས་སུ་མཆོད༔ ཁྱད་པར་མདུན་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུའི་བསྡུས་པའི་འཁོར་འདས་ཀྱི་དཔལ་ཡོན་གྱིས་བདག་གི་གནས་ཁང་དང་བང་མཛོད་ཐམས་ཅད་གང་བར་བསམ་ལ༔ ཨོཾ་རཱ་ཛ་ཙནྡྲི་ས་མ་ཡཱ་ཕེམ་ཕེམ་ཛཿཛ༔ ཨ་ཎི་ནཱ་ག་ཏྲི་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་པའམ༔ ཁམས་གསུམ་སྲིད་གསུམ་འདོད་དགུའི་དཔལ་ཡོན་ཐམས་ཅད་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་རྩ་སྔགས་དང་དབང་བསྡུད་སྔགས་ཅི་འགྲུབ་བྱས་པས༔ འགྲུབ་རྟགས་ཉི་མ་བདུན་ན་ནུབ་མོ་འཇིགས་སྣང་དང་ལྷན་ཏུ་གཟུགས་སྟོན་ནམ༔ ནོར་སྲུང་སྲེ་བོར་བརྫུས་ཏེ་དངོས་ཉམས་རྨི་ལམ་གང་རུང་དུ་གདོད་མི་ཟ་བ་དང་༔ ལས་གང་བཅོལ་དུ་བསྒྲུབ་པར་ཐེ་མི་ཚོམ་སྟེ༔ འཇིག་རྟེན་ལྟར་སྒྲུབ་ན་མི་ཇི་ལྟ་བར་གཅོད་པ་ཌཱ་དྲིལ་ཁུར་ནས་རྐང་དུང་རྐེད་ལ་དྲང་བ་དགེ་སློང་གི་ཆས་སུ་བསྒོམ་ནས་མངོན་སུམ་ཡོད་པར་བསྒོམ་ན་ངེས་པར་མི་ལབ་པ་བཞིན་དང་༔ ཡེ་ཤེས་ལྟར་ནི་སྔ་མ་བཞིན་བསྒོམ་ན་གཟུགས་མེད་ཀྱང་ལྷག་བྱས་ཡོད་གསུངས་སོ༔ ཅེས་ཀྱང་ག་གཱ་བས་སོ། །ཡང་དྲག་པོར་བསྒོམ་ན་མངོན་སུམ་དུ་དགྲ་ལ་ཆས་པར་བསམ་ནས༔ རཱ་ཛ་ཙནྡྲི་ས་མ་ཡཱ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཧུར་ཐུཾ་སོད༔ བརྗོད་གསུངས༔ བདུད་འཇོམས་རྡོ་རྗེས་ནམ་མཁའི་ངོར་གསུངས་སོ། །དགེའོ། །

དཀོར་སྲུང་ཆེན་པོའི་གསོལ་མཆོད་བསྡུས་པ་བདེ་ལེགས་མྱུ་གུ།

རྡོར་སེམས་དགོངས་པ་འདུས་པ་ལས༔ དཀོར་སྲུང་ཆེན་པོའི་གསོལ་མཆོད་བསྡུས་པ་བདེ་ལེགས་མྱུ་གུ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཡོ་བྱད་འབྱོར་ཚོགས་སྣ་ཚོགས་པ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ཀྱཻ༔ ཡིད་བཞིན་དབང་གི་རྒྱལ་པོ་ཁྱེད༔ མ་གཡེལ་བདག་ལ་དགོངས་སུ་གསོལ༔ ཕུད་དང་སྐྱེམས་གཏོར་འདི་བཞེས་ལ༔ བདག་གི་བཅོལ་བའི་ལས་རྣམས་ཀུན༔ མྱུར་དུ་འགྲུབ་པའི་གྲོགས་དན་མཛོད༔ བརྩེ་བའི་ཞལ་ཀྱང་བསྟན་དུ་གསོལ༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ སྐྱེ་འགྲོའི་བློ་ཡིད་དབང་བསྒྱུར་ལ༔ བདག་གི་བྲན་དུ་ཁོལ་བར་མཛོད༔ བསོད་ནམས་དབང་ཐང་རླུང་རྟ་དང་༔ བླ་གཟའ་མཐུ་དང་སྙན་གྲགས་སྟོབས༔ ཡར་ངོའི་ཟླ་བ་ལྟར་རྒྱས་མཛོད༔ དམ་ལ་མ་འདའ་ས་མ་ཡཱ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ འདི་ཡི་བསམ་པའི་དོན་རྣམས་ཀུན༔ འབད་མེད་ཡོངས་སུ་གྲུབ་པར་འགྱུར༔ ཅེས་རང་ལོ་བཅོ་བརྒྱད་པ་ལ་ཕུན་ཚོགས་ནོར་བུའི་གླིང་དུ་སླེབས་པའི་མཚན་པོའི་ཐུན་དང་པོ་ལ་སྣང་གསལ་གྱི་ངོགས་སུ་ག་གཱ་ཨ་བྷྱེས་གང་དྲན་སུག་རིས་སུ་བགྱིས་པའོ། །སརྦ་མངྒ་ལཾ། །

གནོད་སྦྱིན་དཀོར་གྱི་བདག་པོའི་མཆོད་བསྟོད་ཕྲིན་གསོལ་བསྡུས།

གནོད་སྦྱིན་དཀོར་གྱི་བདག་པོའི་མཆོད་བསྟོད་ཕྲིན་གསོལ་བསྡུས་པ་དབང་རྒྱལ་དམར་པོ་ཞེས་བྱ་བ་བཞུགས་སོ༔ མཆོས་རྫས་སྣ་ཚོགས་གཅལ་དུ་བཀྲམ༔ རོལ་མོའི་འགྱུར་བ་སྣ་ཚོགས་བརྡུང་༔ ཀྱཻ༔ ཡིད་བཞིན་དབང་གི་རྒྱལ་པོ་ནི༔ སྤྲུལ་འཁོར་བྱེ་བ་འབུམ་དང་བཅས༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཟླ་གམ་པདྨའི་གདན་མཆོག་ལ༔ རྣལ་འབྱོར་ལེའུ་ལྷར་བཞུགས་སུ་གསོལ༔ ཡོན་ཏན་འཇིག་རྟེན་འདས་པ་ལ༔ རྗེས་སུ་ཡི་རང་ཡིད་ཀྱི་ཕྱག༔ མཆོད་པའི་མཆོག་ཏུ་བཅས་དེ་འབུལ༔ སྣ་ཚོགས་དབྱངས་ཀྱི་འགྱུར་བས་བསྟོད༔ འདས་དང་མ་འདས་ཐམས་ཅད་ཀྱི༔ མངའ་འབུལ་བ་ལས་བདག་གིས་ཀྱང་༔ རྣམ་དག་དྲན་པས་མངའ་གསོལ་ལོ༔ མཆོག་གི་དངོས་གྲུབ་བསྒྲུབ་པའི་གྲོགས༔ ཐུན་མོང་ཕྲིན་ལས་རྣམ་བཞི་བསྒྲུབ༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ དབང་གི་ཕྲིན་ལས་གྲོགས་སུ་བསྐུལ༔ ལྷ་མི་འཁོན་འདྲེས་དམ་སྡོམ་ཁྲིམས༔ ཉམས་ཆགས་ཉེས་ལྟུང་གྲིབ་ཕོག་པ༔ དག་བྱེད་ཁྲུས་དང་བསང་གི་སྦྱངས༔ ནོར་གཡང་འཛད་མེད་ཆར་ལྟར་ཕོབ༔ གཞན་ཡང་བསམ་དགུའི་རེ་སྨོན་ཀུན༔ ཡོངས་གྲུབ་དབང་གི་རྒྱལ་པོར་མཛོད༔ རཱ་ཛ་ཙནྡྲ་ས་མ་ཡ་ཝ་ཤཾ་ཀུ་རུ་ཧོ༔ ཅེས་ཀྱང་ཛྙཱ་ནའི་ངོར་ག་གཱས་སོ། །

གསོལ་མཆོད།

གཉིས་པ་གསོལ་མཆོད་ནི༔ རྒྱས་པ་གཞན་ལྟར་ལ༔ ཉིད་ཀྱི་ངོས་སྐལ་དགོངས་པ་ལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གཏོར་མཆོད་མི་དམིགས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་རང་བཞིན་ལ་རྣམ་པ་ཕྱི་ནང་གསང་བའི་མཆོད་སྤྲིན༔ མཆོད་རྫས༔ བསྐང་རྫས༔ བརྟེན་རྫས༔ སྒྲུབ་རྫས་མ་ཚང་བ་མེད་པ་དང་༔ ཁྱད་པར་གནས་ཁང་རྐང་འགྲོ་ཀ་ཆ་དཀོར་ཆ་དམག་ཆས་རིན་ཆེན་ནོར་སྣ་རྒྱན་གོས༔ བཟའ་བཅའ་བཏུང་བ་ལྡག་གཞིབ་གང་ལ་གང་འདོད་པ་འབྱུང་བའི་རང་བཞིན་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ནམ་མཁའ་མཛོད་སྔགས་ཀྱིས་བརླབས་ལ༔ ཀྱཻ༔ སྐུ་གསུམ་རིག་འཛིན་བརྒྱུད་པའི་བླ་མ་དང་༔ ཨོ་རྒྱན་པད་འབྱུང་ཀློང་གསལ་སྙིང་པོ་ཡི༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་ཡིད་བཞིན་པདྨ་དབང་གི་རྒྱལ༔ འཁོར་བཅས་སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ རྣལ་འབྱོར་བདག་གི་བསྲུང་སྐྱོབས་མགོན་དུ་བཞུགས༔ རྟག་ཏུ་གཡེལ་བ་མེད་པར་བྱམས་བརྩེའི་སྐྱོངས༔ བསྟན་དང་རྣལ་འབྱོར་སྐྱོངས་མཛད་ཐུགས་བསྐྱེད་ཅན༔ སངས་རྒྱས་ཕྲིན་ལས་མཆོག་ལ་ཕྱག་འཚལ་བསྟོད༔ ཐུགས་དམ་དགྱེས་པ་སྐོངས་ཕྱིར་མཆོད་པའི་རྫས༔ ཞི་རྒྱས་དབང་དྲག་བརྟེན་བསྐངས་བསྐུལ་འོས་པ༔ འཇིག་རྟེན་འཇིག་རྟེན་འདས་པའི་རྣམ་པར་ཐར༔ འདོད་ཡོན་མ་ཚང་མེད་པའི་སྤྲིན་ཆེན་པོར༔ རྫས་སྔགས་ཏིང་འཛིན་ཕྱག་རྒྱའི་སྟོབས་འབར་བ༔ འཛད་མེད་ནམ་མཁའི་མཛོད་ཀྱི་ཆོ་རོལ་ཅན༔ དཀོན་མཆོག་ཕྲིན་ལས་པདྨ་བསྟན་བསྲུང་དང་༔ ཞི་རྒྱས་དབང་དྲག་སྤྲུལ་བའི་རྒྱལ་ཆེན་བཞི༔ རབ་འབྱམས་ཕྲིན་ལས་ཕོ་ཉ་རུ་འདྲེན་ཚོགས༔ དཔུང་ཚོགས་ཡན་ལག་རྣམ་བཞི་ཡང་འཁོར་བཅས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ་ལེགས་ན༔ བརྩེར་དགོངས་སྙིང་རྗེའི་ཤུགས་ཀྱིས་དེང་བཞེངས་ལ༔ ཉམས་ཆགས་འགལ་འཁྲུལ་ཉེས་ལྟུང་བཟོད་པར་གསོལ༔ ཆོས་སྲིད་འདི་ཕྱིའི་བར་ཆད་དབྱིངས་སུ་སོལ༔ ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་མེལ་ཚེ་མཛོད༔ ཚེ་སྲོག་ལུས་དང་དབང་ཐང་ཡར་ལ་བསྐྱེད༔ སྟོབས་འབྱོར་བཟི་བརྗིད་གཙང་རིས་ལྷ་བཞིན་སྤེལ༔ ཁམས་གསུམ་དབང་བསྡུད་སྲིད་གསུམ་ཟིལ་གནོན་གྱིས༔ ཆེ་དགུའི་གཙུག་ན་ཡིད་བཞིན་ནོར་བུ་ལྟར༔ མངོན་འཕགས་ཕས་རྒོལ་འཇོམས་ཤིང་གང་བརྩམས་ལས༔ མཐའ་དག་མྱུར་འགྲུབ་བཀྲ་ཤིས་བདེ་ལེགས་མཛོད༔ པདྨ་ཤྭ་རི་རཱ་ཛ་ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིངྟ་ཁཱ་ཧི༔ ཀརྨ་སིདྡྷི་ཕ་ལ་ཧོ༔ གསོལ་བསྡུས་གཞན་རྣམས་གྲངས་བསགས༔

ཕྲིན་བཅོལ་བསྡུས་པ་ཡིད་བཞིན་ནོར་བུ།

ཕྲིན་བཅོལ་བསྡུས་པ་ཡིད་བཞིན་ནོར་བུ་བཞུགས༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །འབྱོར་ཚོགས་འདོད་ཡོན་རབ་བཀོད་དེ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ཀྱཻ༔ དཀོར་གྱི་བདག་པོ་འཁོར་བཅས་ལ༔ དངོས་ཡིད་ཏིང་འཛིན་མཆོད་པ་འབུལ༔ ཡིད་ལ་གང་ལྟར་སྨོན་གསོལ་བའི༔ ཕྲིན་ལས་མྱུར་དུ་འགྲུབ་བར་མཛོད༔ ཞེས་ཅི་འགྲུབ་དགོས་པའི་ལས་ལ་དམིགས་པའི་ཁ་བསྒྱུར་བས་མྱུར་དུ་ལྷུན་གྱིས་གྲུབ་པར་གདོན་མི་ཟའོ། །ཀྱཻ༔ ཟླ་བའི་དབང་པོ་འཁོར་བཅས་ལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ བྱམས་དང་བརྩེ་བས་བུ་བཞིན་སྐྱོངས༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་མཛོད༔ ཅེས་ཀྱང་ག་གཱས་སོ། །༈ ཧོ༔ རྒྱལ་བའི་རྣམ་འཕྲུལ་པདྨ་དབང་གི་རྒྱལ༔ བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོའི༔ རྩེ་གཅིག་ཟོལ་ཟོག་མེད་པར་གུས་ཡིད་ཀྱིས༔ མཆོད་བརྟེན་སྒྲུབ་བསྟོད་སྐྱབས་གནས་ཁྱེད་གཅིག་པུ༔ དེ་སླད་བརྩེ་བས་རྗེས་སུ་བཟུང་མཛད་དེ༔ གང་བསམ་འདོད་དོན་མ་ལུས་ལྷུན་གྲུབ་མཛོད༔ ཅེས་ཀྱང་ཡེ་ཤེས་ངོར་ག་གཱས་སོ། །ཀྱཻ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ༔ གནོད་སྦྱིན་དཀོར་བདག་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐངས༔ གང་བསམ་ཅི་བཅོལ་ཡོངས་གྲུབ་མཛོད༔ ཨོཾ་བཛྲ་ས་མ་ཡཱ་ཀརྨ་ཀུ་རུ་ཧོ༔ ག་གཱས་སོ། །རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱི༔ ཛ༔ གནོད་སྦྱིན་ནོར་བདག་དབང་གི་རྒྱལ༔ འཁོར་དང་བཅས་པ་འདིར་བྱོན་ལ༔ འདོད་ཡོན་མཆོད་པ་དམ་པ་བཞེས༔ གང་བཅོལ་ཕྲིན་ལས་ལྷུན་གྲུབ་མཛོད༔ ཅེས་ཀྱང་ཤྲཱི་བས་སོ། །ཧྲཱི༔ དབང་ཆེན་པདྨའི་བཀའ་ཉན་མཐུ་བོ་ཆེ༔ སངས་རྒྱས་བསྟན་སྲུང་ཡིད་བཞིན་དབང་གི་རྒྱལ༔ འདིར་གཤེགས་འདིར་བཞུགས་མཆོད་པ་དམ་པ་བཞེས༔ ཕོག་ཐུག་འགྲམ་འཁྲུགས་འཁོར་འདྲེས་བཟོད་པར་གསོལ༔ འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་སྩོལ༔ ཞེས་ཀྱང་མཉྫུ་མ་ཏིའི་ངོར་ག་གཱ་ཨ་བྷྱེས་སོ། །སྨན་བསྲུང་དུ་གསོལ་ན༔ ཀྱཻ༔ རྒྱལ་ཆེན་དྲང་སྲོང་འཁོར་དང་བཅས༔ འཚོ་བྱེད་བཅུད་ལེན་སྨན་གྱི་ཕུད༔ རོ་དྲུག་ནུས་སྟོང་གཟི་འབར་བ༔ ཆོས་ཅན་ཆོས་ཉིད་བདུད་རྩི་བཞི༔ བདག་གིས་གུས་པའི་ཡིད་ཀྱིས་མཆོད༔ འགྲོ་བའི་ནད་དང་སྡུག་བསྔལ་ཀུན༔ མིང་གི་ལྷག་མ་མེད་པ་རུ༔ ངོ་མཚར་ཕྲིན་ལས་རང་རྟགས་སྟོན༔ བཛྲ་ས་མ་ཡ་ཨ་མྲ་ཏ་ཨ་མོ་གྷ་སརྦ་དུ༔ ཁ་ཕཊ་ཕཊ༔ ཅེས་ཀྱང་བླ་མ་ཚུལ་ཁྲིམས་པས་བསྐུལ་ངོར་ག་གཱས་སོ། །

དཀོར་བདག་གསོལ་བསྡུས་དབང་གི་ཞགས་པ།

དཀོར་བདག་གསོལ་བསྡུས་དབང་གི་ཞགས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །ཀྱཻ༔ གནོད་སྦྱིན་ནོར་བདག་དབང་གི་རྒྱལ༔ འཁོར་བཅས་འདིར་གཤེགས་མཆོད་པ་བཞེས༔ ཕྱི་ནང་གསང་བའི་དངོས་གྲུབ་ཀུན༔ བདག་ལ་སྩལ་ཞིང་བརྟན་པར་མཛོད༔ ཅེས་ཀྱང་འཇིག་དགའི་ངོར་ག་གཱས་སོ། །༈ མ་ཧཱ་རཱ་ཛ་ ༼ རྒྱལ་ཆེན་ ༽ཙནྡྲ་ཤྭ་ར་ ༼ ཟླ་བའི་དབང་པོ་ ༽པདྨ་ཤཱ་ས་ན་ ༼ པདྨ་བསྟན་སྲུང་ཞེས་དང་ ༽རཀྵ་ཨེ་དཾ་བྷ་ལིངྟ་ ༼ དམ་རྫས་གཏོར་མཆོད་བཞེས་ཤིག་ ༽ཁཱ་ཧི༔ སརྦ་ཀརྨ་སིདྡྷི་སིདྡྷི་ ༼ ཕྲིན་ལས་རབ་འབྱམས་ཐམས་ཅད་སྩོལ་ཅིག་ཞེས་པའི་དོན་ནོ། ༽ཨོཾ༔ ཅེས་གཏོར་འབུལ་དང་ཕྲིན་གསོལ་གྱི་སྔགས་བསྡུས་པ་འདི་ཡང་ག་གཱས་སོ། །སྲུང་མ་མཆོད་པར་འདོད་ན་བསང་རྫས་དང་ཕྱེ་མར་གསེར་སྐྱེམས་རྣམས་བསང་ལ༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཀྱཻ༔ གནོད་སྦྱིན་ནོར་བདག་དབང་རྒྱལ་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་འདིར་འབོད་ན༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྲོགས་སུ་བྱོན༔ གཙང་སྦྱར་གཏོར་མ་བདུད་རྩིའི་མཆོད་པ་བཞེས༔ མགོན་དང་དཔུང་གཉེན་སྐྱབས་དང་ཁྱིམ་ལྷར་བཞུགས༔ འགལ་རྐྱེན་བར་ཆད་མཐའ་དག་དབྱིངས་སུ་སོལ༔ མི་ཡི་དགྲ་བླ་ཕྱུག་གི་རུ་མ་མཛོད༔ གཞན་ཡང་ཕྲིན་ལས་རབ་འབྱམས་མ་ལུས་པ༔ གང་བཅོལ་ཐོགས་པ་མེད་པའི་སྡོང་གྲོགས་མཛོད༔ བཀའ་དང་དམ་ཚིག་གཉན་པོའི་གཏའ་རུ་གཙུག༔ ཨོཾ་ཨཱཿཧཱུྃ་རཱ་ཛ་ཙནྡྲ་པདྨ་ཤཱ་ས་ན་རཀྵ་ཨེ་དཾ་བྷ་ལིངྟ་ཁཱ་ཧི༔ བླ་བསམ་པའི་བསྐུལ་ངོར་ག་གཱས་སྨྲས་སོ། །ཀུན་ཏུ་བཟང་པོའི་དགོངས་ཉམས་ལས༔ དཀོར་སྲུང་གསོལ་བསྡུས་དགོས་འདོད་ཀུན་འབྱུང་བཞུགས་སོ༔ ཧཱུྃ༔ ཆོས་ཉིད་མི་འགྱུར་བརྗོད་བསམ་བྲལ་བ་ཡི༔ རིག་གདངས་རྡོ་རྗེ་ཐོགས་མེད་མཚོན་ཆ་ཆེ༔ དཀོར་སྲུང་རྒྱལ་པོ་ཙནྡྲ་སྨྲ་ར་ཅན༔ བཞེངས་ཤིག་མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ གཤིས་ལུགས་དྲན་རིག་གཉུག་མའི་གཏོར་མ་བཞེས༔ ཁམས་གསུམ་སྲིད་གསུམ་ཟས་ནོར་འདོད་དགུའི་དཔལ༔ རྒྱལ་བློན་འབངས་འཁོང་དང་བཅས་བདག་དབང་བསྒྱུར༔ མངའ་ཐང་སྟོབས་འབྱོར་གདུལ་བྱ་སྙན་གྲགས་དང་༔ ཚེ་བསོད་དཔལ་འབྱོར་རླུང་རྟ་བླ་གཟའ་མཐུ༔ མདོར་ན་མོས་པ་རྣམ་བཞི་དབང་དུ་བསྡུས༔ ༈ རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ཉི་ཟླ་བཞིན་དུ་བདེ་དྲོད་འབར་གྱུར་ཅིག༔ དབྱར་རྔ་བཞིན་ཏུ་སྙན་གྲགས་རྒྱས་གྱུར་ཅིག༔ ནོར་བུ་བཞིན་དུ་དགོས་འདོད་འབྱུང་གྱུར་ཅིག༔ དཔག་བསམ་བཞིན་ཏུ་གཞན་དོན་འབྱུང་གྱུར་ཅིག༔ སྐར་ཚོགས་བཞིན་ཏུ་འཁོར་སློབ་རྒྱས་གྱུར་ཅིག༔ དབྱར་མཚོ་བཞིན་ཏུ་ཆབ་སྲིད་དར་གྱུར་ཅིག༔ ནམ་མཁའ་བཞིན་ཏུ་རྟག་ཏུ་བརྟན་གྱུར་ཅིག༔ འབྲས་བུ་བཞིན་ཏུ་ལོངས་སྤྱོད་རྒྱས་གྱུར་ཅིག༔ ཡར་ཟླ་བཞིན་ཏུ་གོང་ནས་གོང་དུ་འཕེལ༔ ཅི་བསམ་འདོད་པའི་དོན་ཀུན་ཡོངས་གྲུབ་མཛོད༔ བཀའ་དང་དམ་ལ་མ་འདའ་ས་མ་ཡཱ༔ རཱ་ཛ་ཙནྡྲ་ས་མ་ཡ་ཁམས་གསུམ་སྲིད་གསུམ་འདོད་དགུའི་དཔལ་ཡོན་ཐམས་ཅད་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་ཀྱང་ཀློང་ཆེན་དགྱེས་པའི་རྡོ་རྗེ་དང་དེའི་གཅུང་མཁའ་ཀློང་ཡངས་བ་གཉིས་ནས་རྩེད་མོའི་ཚུལ་དུ་སྲ་སྲེལ་རང་ལོ་བཅུ་གཅིག་པ་ལ་སྨྲས་པ་དགེ་བར་གྱུར་ཅིག །དགེའོ། །

དོན་གྲུབ་རྒྱལ་པོ།

དོན་གྲུབ་རྒྱལ་པོ་ནི༔ གྷ༔ སྦྱིན་པའི་ཕ་རོལ་ཕྱིན་པ་མངོན་གྱུར་བའི༔ དངོས་གྲུབ་སྣ་ཚོགས་དཔག་བསམ་ཤིང་བཞིན་སྩོལ༔ དོན་གྲུབ་རྒྱལ་པོ་ཕན་གནོད་རྣམ་འགྱུར་ཅན༔ གུས་པས་མཆོད་དོ་བཀྲ་ཤིས་དར་རྒྱས་མཛོད༔

ཡང་གསང་སྔགས་གླིང་བས། ཧཱུྃ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་ཡིད་བཞིན་དབང་། །རྫུ་འཕྲུལ་སྟོབས་ཀྱི་དབང་ཕྱུག་ཧེ་རུ་ཀ །ནོར་གྱི་བདག་པོ་ཙནྡྲ་སྨྲ་ར་ཅན། །རྫུ་འཕྲུལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་དང་ག་གཱས། སྔོན་ཚེ་རིག་འཛིན་ཀློང་གསལ་སྙིང་པོ་དང། །བདུད་འདུལ་རྡོ་རྗེ་བདུད་འཇོམས་གླིང་བ་ཡི། །སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་བཞིན། །དེང་འདིར་རིག་འཛིན་རྣལ་འབྱོར་བདག་ཉིད་ཀྱི། །གང་ལྟར་བཅོལ་བའི་ཕྲིན་ལས་རབ་འབྱམས་ཀུན། །ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་མཛོད། །ཅེས་བསྟོད་པ་དང་ཕྲིན་གསོལ་བསྡུས་པ་སྤེལ་དེ་སྨྲས་པའོ། །ཧཱུྃ་བཻ༔ སྲས་བཅས་རྒྱལ་བའི་ཕྲིན་ལས་གར་དབང་པོ༔ མྱུར་མགྱོགས་མཐུ་རྩལ་མངོན་ཤེས་རྫུ་འཕྲུལ་སྟོབས༔ འགྲན་བྲལ་ཡིད་བཞིན་དབང་གི་རྒྱལ་པོ་ཡི༔ གསང་གསུམ་ཡོན་ཏན་དྲན་པས་བདག་བསྟོད་དོ༔ ཞེས་དང་༔ བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོའི༔ རྩེ་གཅིག་ཟོལ་ཟོག་གཡོ་སྒྱུ་མེད་བརྟན་བློའི༔ རྣམ་ཀུན་ནེམ་ནུར་བྲལ་བར་ཁྱེད་སྒྲུབ་ན༔ གང་བསམ་སྨོན་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ ཅེས་ཀྱང་ག་གཱས་སོ། །དགེའོ། །ཧོ༔ བཀའ་བསྲུང་ཆོས་སྐྱོང་གཉན་པོ་ཁྱེད་ལ་མཆོད་སྦྱིན་གྱི་གཏོར་མ་དང་བདུད་རྩི་གསེར་སྐྱེམས་ཀྱི་མཆོད་པ་དམ་པ་འདི་འབུལ་བས་ཐུགས་བརྩེ་བ་ཆེན་པོའི་བདག་གིར་བཞེས་ནས་སྤྱིར་ལུང་རྟོགས་ཀྱི་བསྟན་པ་དང་༔ ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཆོས་ཀྱི་རྒྱལ་མཚན་ནུབ་པ་མེད་པར་གོང་ནས་གོང་དུ་སྲིད་པའི་རྩེ་མོར་བསྒྲོང་ཞིག༔ དེ་ཉིད་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་ཡར་ངོའི་ཟླ་བ་ལྟ་བུར་གསལ་བར་མཛོད་ཅིག༔ བསྒྲུབ་པ་ཉམས་སུ་ལེན་པའི་སྐལ་ལྡན་གྱི་གང་ཟག་གི་འགལ་རྐྱེན་བར་ཆད་བྱང་ཆུབ་བསྒྲུབ་པ་ལ་གནོད་ཅིང་འཚེ་བ་ཐམས་ཅད་བཟློག་བསྒྱུར་ཞི་བར་མཛོད་ཅིག༔ མཐུན་རྐྱེན་ཆོས་ལྡན་སྡིག་མེད་ཀྱིས་འཚོ་བ་སྦྱོར་ལ་ཡོན་བདག་གྱིས་ཤིག༔ རྟོགས་པ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་ཅིག༔ མདོར་ན་ཕྲིན་ལས་རབ་འབྱམས་ལྷུན་གྱིས་གྲུབ་པ་དང་༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་རྫོགས་ལྡན་གསར་བའི་སྒོ་འཕར་ཡངས་པ་ཕྱེས་ཤིག༔ བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག༔ ཅེས་བརྗོད་ག་གཱས་སོ། །ཧོ༔ རྒྱལ་བའི་བསྟན་སྲུང་ཆེན་པོ་ཁྱེད་ཀྱིས་བདག་ཅག་སྒྲུབ་པ་པོ་ལ་བརྩེ་བའི་ཞལ་སྟོན༔ འཛུམ་པའི་མདངས་ཕྱུངས༔ བྱམས་པའི་ཐུགས་ཀྱིས་དགོངས་ལ༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་བླ་རྡོ་ཆོས༔ འཇིག་རྟེན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས༔ བཀྲ་ཤེས་དང་བདེ་ལེགས་སྤེལ༔ རབ་འབྱམས་ཀྱི་ཕྲིན་ལས་སྒྲུབ༔ ཁྱད་པར་དུ་ཁམས་གསུམ་དབང་དུ་བསྡུས༔ སྲིད་གསུམ་ཟིལ་གྱིས་གནོན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོངས་ཞིང་༔ བསོད་ནམས་དང་སྙན་གྲགས་རྒྱས་པ་དང་༔ ལོངས་སྤྱོད་དབྱར་མཚོ་ལྟར་སྤེལ་ཞིང་༔ རུ་ང་དང་ཕྲག་དོག་ཀོ་ལོང་མི་བཙན་པར༔ གནོད་བྱེད་ལྟོག་འགོང་འགབ་འདྲེ་བྱུར་གསུམ་ཐམས་ཅད་མིང་གི་ལྷག་མ་མེད་པར་རྡུལ་དུ་བརླག་ནས་ནམ་མཁའ་མཛོད་ཀྱི་གཏེར་ཁ་འབྱེད་པའི་ཕྲིན་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡཱ༔

ཡིད་བཞིན་དབང་རྒྱལ་གྱི་ཟ་ངུ་བསྡུས་པ།

ཡིད་བཞིན་དབང་རྒྱལ་གྱི་ཟ་ངུ་བསྡུས་པ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྣལ་འབྱོར་མ་ཉེས་དགྲ་བྱུང་ནས༔ རྦད་བསྐུལ་གཏོར་ཟོར་སྣ་བསྟན་མཐར༔ འཁོན་སྡུམ་ཟས་ནོར་གྱིས་འབྲེལ་ན༔ ཟ་ངུའི་གནད་འདི་རབ་ཏུ་ཟབ༔ གསེར་སྐྱེམས་གཏོར་མ་སྦྱངས་སྤེལ་བསྒྱུར༔ ཧཱུྃ༔ ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་ཆེ༔ འཇིག་རྟེན་དྲེགས་པའི་ཚུལ་བཟུང་བ༔ དཀོར་སྲུང་རྒྱལ་པོ་ཙནྡྲ་གསལ༔ སྤྲུལ་འཁོར་བྱེ་བ་དང་བཅས་པ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ང་ནི་མ་ཉེས་མ་ལན་བཞིན༔ ཡོངས་ལ་གནོད་པའི་དགྲ་བོ་འདིས༔ སྔགས་འཆང་སྒྲུབ་ལ་བར་དུ་གཅད༔ འཚོ་བསྐྱང་རྫས་ལ་ཆོམ་རྐུན་བྱས༔ མི་ལ་གནོད་ཅིང་ལྷ་ལ་བརྙེས༔ སྲུང་མ་གཉན་པོ་ར་མདར་སྦྲན༔ ད་ནི་འཇིག་རྟེན་མཐུན་འཇུག་ལས༔ གནོད་རྒོལ་ལ་འཇིགས་བྱ་ཐབས་བྲལ༔ དེ་མཐུས་ཟས་ནོར་འབྲེལ་བ་དང་༔ སྲུང་དང་རིམ་གྲོ་བགྱི་བའི་ཚུལ༔ ཇི་ལྟར་བྱས་ཀྱང་གཤེད་དུ་ཕོབ༔ སྡུག་ཡུས་རང་ལ་མ་སྟོན་ཅིག༔ མི་དང་འདུམ་ཀྱང་ལྷར་མ་འདུམ༔ མ་ཟད་བར་དུ་ཟ་ངུ་གྱིས༔ ཟད་ནས་འབྱུང་བ་བཞི་ལ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མཐུ་རྩལ་ཆེ་བའི་རང་མདངས་ངོམས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ མ་མདའ་བཛྲ་ས་མ་ཡཱ༔ ཅེས་ཀྱང་འོད་ཟེར་མཐའ་ཡས་ཀྱི་ངོར་ག་གཱ་ཨ་བྷྱེས་སོ། །ཆོས་སྐྱོང་ཟ་ངུ་བསྡུས་པ་བཞུགས༔ ཕུད་སྐྱེམས་བཤམས་ནས་འདི་སྐད་དོ༔ ཀྱཻ༔ ཡིད་བཞིན་དབང་རྒྱལ་འཁོར་བཅས་དགོངས་སུ་གསོལ༔ རྣལ་འབྱོར་བདག་ནི་མ་ཉེས་མ་ལན་སྟེ༔ སྡང་བའི་དགྲ་བོ་འདི་ཡིས་ཆད་པས་གཟིར༔ མི་གསོད་ནོར་འཕྲོགས་བརྡེགས་བརྡུང་གླེང་བརྗོད་བརྙེས༔ འཇིག་རྟེན་ལམ་ནས་གནོད་ལན་མ་འབྱོར་བས༔ ཡེ་ཤེས་ལྷ་ལ་མཐུ་དཔུང་ར་མདར་སྦྲན༔ སླད་ཀྱི་མཐུན་འཇུག་འཁོན་སྡུམ་ཁ་སེམས་དད༔ རྒྱུ་རྫས་ཆོས་ཀྱི་འབྲེལ་བ་འདྲེས་ཤོར་དང་༔ མ་ཚོར་བའམ་ཤེས་བཞིན་བག་མེད་ཀྱིས༔ བསྲུང་བཟློག་ལ་སོགས་ཇི་ལྟར་བྱས་ཀྱང་རུང་༔ དེ་མ་ཐག་ཏུ་འཁྲེན་གཟེར་མ་རྐྱེན་པར༔ ཤོང་ཡང་བསྐྱེད་ཅིག་ཆོས་སྐྱོང་རིན་པོ་ཆེ༔ ཡེ་ཤེས་ལྷ་ཡིས་སྡུག་ཡུས་མི་མཛད་དུ༔ མཁའ་མཉམ་ཐུགས་ལ་བཏང་སྙོམས་ཆེ་གནས་སླད༔ རྣལ་འབྱོར་བདག་ལ་བཀའ་ཆད་མི་འབབ་རྒྱུ༔ རྒྱུ་འབྲས་བདེན་པ་བསླུ་མེད་སྨིན་པའི་གཤིས༔ ད་དུང་ལས་ངན་སྐྱེ་བརྒྱུད་ཆད་པ་དང་༔ རྣམ་སྨིན་སྡིག་ཡུན་ཐུང་ཞིང་གཏན་བདེ་ལ༔ སྦྱོར་སྲིད་སྡང་བའི་དགྲ་ལ་ཟ་ངུ་གྱིས༔ བཀའ་དམ་མ་འདའ་བཛྲ་ས་མ་ཡ༔ ཅེས་ཀྱང་ན་ཐའི་ངོར་ག་གཱས་སོ། །ཀྱཻ༔ དབང་གི་རྒྱལ་པོ་འཁོར་བཅས་དགོངས་སུ་གསོལ༔ རྣལ་འབྱོར་བདག་ལ་དགྲ་བྱུང་བྱད་བྱས་སླར༔ འཁོན་སྡུམ་མཐུན་འཇུག་ཤེས་དང་མ་ཤེས་ལས༔ ཇི་ལྟར་བྱས་ཀྱང་སླར་ལ་མ་ལྡོག་པར༔ དགྲ་བགེགས་མ་ཟད་བར་དུ་ཟ་ངུ་གྱིས༔ ཤྲཱི་བས་སོ། །

གནོད་སྦྱིན་དཀོར་གྱི་བདག་པོ་ལ་བརྟེན་ནས་རླུང་རྟ་བསྐྱེད་པ་ཉུང་བསྡུས།

གནོད་སྦྱིན་དཀོར་གྱི་བདག་པོ་ལ་བརྟེན་ནས་རླུང་རྟ་བསྐྱེད་པ་ཉུང་བསྡུས་བཞུགས་སོ༔

བཻ༔ གནོད་སྦྱིན་ནོར་བདག་དབང་གི་རྒྱལ་པོ་ཁྱོད༔ སྣོད་བཅུད་ཡུལ་དུས་ཀུན་ལ་དབང་བསྒྱུར་ཕྱིར༔ མཆོད་བསྟོད་དྲེགས་དཔོན་ཡོངས་ཀྱི་ངོ་བོ་སྟེ༔ གཟའ་སྐར་རྟེན་འབྲེལ་དགེ་མཚན་མ་ལུས་བྱེད༔ བསྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལྟོས་པར་བཅས༔ ལས་རླུང་བསོད་ནམས་དབང་ཐང་ཡར་ལ་བསྐྱེད༔ འབྱུང་བ་ལྔ་ནི་ཡེ་ཤེས་ངོ་བོར་གྲོལ༔ འབྱུང་དང་འབྱུང་ཕྲན་རྣམ་ཀུན་འདུ་འབྲལ་མེད༔ ཁམས་ལྔའི་འགྱུར་བའི་བདག་ཉིད་འཁོར་འདས་ཀུན༔ ཡེ་ཤེས་རང་བཞིན་ཁྱོད་དུ་དཔལ་ཡོན་རྫོགས༔ ལྷ་ཕྱོགས་དུས་ཀུན་ཤེས་པ་འབའ་ཞིག་ཏུ༔ མ་གྱུར་གང་ཡང་མེད་ཤེས་གདེངས་ཐོབ་ལྟའི༔ ལས་རླུང་སྙན་གྲགས་གྲགས་སྟོབས་ཡར་ལ་བསྐྱེད༔ སྣང་སེམས་ཐམས་ཅད་མཆོད་པའི་ཁྱེའུ་བས༔ རང་སྣང་ཡེ་ཤེས་ཁྱོད་ལ་རྒྱན་ཡིན་ཅིང་༔ མཁའ་མཉམ་ཡེ་ཤེས་རང་རྩལ་རབ་འབར་བའི༔ རླུང་རྟའི་བ་དན་སྲིད་པའི་རྩེ་མོར་བསྒྲོང་༔ ཁས་མཐོ་ཚིག་བཙན་ཀུན་ཀྱང་གྲོགས་སུ་ཤར༔ ཡིད་འོང་ཅི་བྱས་ལམ་འགྲོ་དགེ་དོན་ཐོབ༔ ཆོས་སྲིད་ཟུང་འཇུག་ལམ་ནས་བསྟོད་གྲགས་ཀྱི༔ རླུང་རྟ་ཡར་ལ་བསྐྱེད་མཛོད་ས་མ་ཡཱ༔ ཅེས་ཀྱང་རྟ་མགྲིན་སྐྱབས་ཀྱི་ངོར་ག་གཱས་སོ། །ཀྱཻ༔ མ་དག་ལས་རླུང་འགྱུར་བའི་བག་ཆགས་ཀྱིས༔ ཕྱི་ནང་སྣང་སེམས་རྒུད་པའི་གཞན་དབང་རྟོག༔ ཡོངས་གྲུབ་ཡེ་ཤེས་རང་སྣང་ངང་དུ་སྡོམ༔ མངའ་དབང་རྫོགས་པའི་རྣམ་ཐར་མཐར་རྒྱས་ཤོག༔ ཅེས་ཀྱང་ག་གཱས་སོ། །དགེའོ། །

གནོད་སྦྱིན་དཀོར་གྱི་བདག་པོའི་དྲག་བསྐུལ་དགྲ་བགེགས་ཚར་གཅོད

གནོད་སྦྱིན་དཀོར་གྱི་བདག་པོའི་དྲག་བསྐུལ་དགྲ་བགེགས་ཚར་གཅོད་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཁྲག་སྐྱེམས་དམར་གྱི་གཏོར་མ་ལ༔ འགུགས་གཞུགས་གསུམ་བྱས་འདི་སྐད་བསྐུལ༔ ཧཱུྃ༔ ཕྱོགས་ནི་ཉི་མ་བྱང་ཤར་མཚམས༔ ཡུལ་ནི་རབ་རྔམས་བྷཾ་ག་བྱང་༔ སྐུ་ཡི་ལྷ་གཅིག་ཐལ་བ་སྐྱོངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཡུལ་ནི་གངས་ཀྱི་ར་བ་ནས༔ གྲོང་ལྗོངས་སྒ་ཡི་མཆོད་རྟེན་དུ༔ ཐུགས་གྱི་ལྷ་གཅིག་ཟླ་བའི་དབང་༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཡུལ་ནི་བྱང་ཕྱོགས་ཤམ་བྷ་ལར༔ ལྗོངས་སུ་བྷ་ཏམ་རཱ་ཛ་ནས༔ གསུང་གི་ལྷ་གཅིག་ཝ་ཀི་ཤྭ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ༼ ཡུལ་ནི་ཙི་ནའི་གནས་མཆོག་ནས༔ རི་བོ་གྲུ་འཛིན་ལྷོ་ཡི་ཆར༔ ཡོན་ཏན་ལྷ་གཅིག་དོན་གྲུབ་རྒྱལ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བརྡ་ཆད་སླར་ཁ་བསྐང་ངོ་། ༽ ཡུལ་ནི་མདོ་ཁམས་སྒང་གི་རྒྱུད༔ ལྗོངས་སུ་སྡེ་བཞིའི་གྲུ་ཕྱོགས་ནས༔ ཕྲིན་ལས་ལྷ་གཅིག་སྟག་མདའ་གདོང་༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ དྲག་པོ་སྐུ་ཡི་ཟིལ་བསྐྱོད་ལ༔ རྒོད་གཤེ་གསུང་གི་ང་རོ་སྒྲོགས༔ རྔམ་ཞི་ཐུགས་ཀྱི་ངར་བསྐྱེད་ལ༔ དགྲ་དཔུང་བརླག་ཕྱིར་སྐུར་བཞེངས་ཤིག༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱོད་ནི་སྔོན་ནས་ཡེ་སངས་རྒྱས༔ འོན་ཀྱང་གདུལ་བྱ་གང་འདུལ་དུ༔ སྣ་ཚོགས་གཟུགས་ཀྱི་རོལ་མོ་བརྡུང་༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར༔ བཞེངས་ཤིག་རང་ཀློང་གནས་ནས་བཞེངས༔ སངས་རྒྱས་བསྟན་པ་བསྲུང་པའི་ཕྱིར༔ བཞེངས་ཤིག་རང་ཀློང་གནས་ནས་བཞེངས༔ བསྐུལ་ལོ་སྡང་བའི་དགྲ་ལ་བསྐུལ༔ སྔགས་འཆང་དབུ་འཕང་བསྟོད་པའི་ཕྱིར༔ ལིང་ཤོར་དམ་ཉམས་སྒྲོལ་བའི་ཕྱིར༔ བསྐུལ་ལོ་སྡང་བའི་དགྲ་ལ་བསྐུལ༔ ༼ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཞེས་དཔེ་གཅིག་ན་སྣང་། ༽ནམ་མཁའི་ཁམས་ནས་ཆས་པ་ན༔ མྱུར་མགྱོགས་གློག་ལྟར་ངོམ་ལ་སོང་༔ བར་སྣང་ཁམས་ནས་ཆས་ཙམ་ན༔ ང་རོ་འབྲུག་ལྟར་སྒྲོགས་ལ་སོང་༔ ས་གཞིའི་ཁམས་སུ་བསྐྱོད་ཙ་ན༔ ཞུགས་ཀྱི་དངོས་བཞིན་གང་འཕྲད་པའི༔ དངོས་པོ་རྡུལ་དུ་བརླག་གྱིན་སོང་༔ དགྲ་བགེགས་སྟེང་དུ་ཕེབ་ཙ་ན༔ བྲག་ལ་ཐོག་བཞིན་ཐལ་བར་མཛོད༔ བླ་ཡིད་སེམས་གསུམ་གྲུམ་ཆིང་གྱིས༔ ཟས་ཀྱི་ལྷག་རོལ་ལོང་མ་གཏད༔ མིག་འབྲས་ཐང་ལ་ལྷུང་བར་གྱིས༔ སྙིང་ཁྲག་དམར་བོ་ཁ་ནས་ཕྱུང་༔ མགོ་དང་དོན་སྙིང་བདག་ལ་སྤྲོད༔ སངས་རྒྱས་བསྟན་པ་ཡལ་མ་དོར༔ སྔགས་འཆང་རྣལ་འབྱོར་ཡིད་མ་བཅད༔ བསྟན་དགྲ་ཡན་པར་མ་བཏང་ཞིག༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོ་ཡ་ཆོ་ཡ་དགྲ་ལ་རྒྱུག༔ རཱ་ཛ་ཙནྡྲ་ས་མ་ཡ་དགྲ་བགེགས་གནོད་བྱེད་ཀྱི་སྟེང་དུ་རྒྱུག་རྒྱུག་མ་ར་ཡ་ཕཊ༔ ཅེས་ཀྱང་ཚེ་དབང་བས་བསྐུར་ངོར་ག་གཱ་སྨྱོན་པ་ནས་སོ། །

དཀོར་བདག་དགྲ་ཆོས་བསྟན་དགྲ་ཚར་གཅོད་པའི་སྤུ་གྲི།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ དཀོར་བདག་དགྲ་ཆོས་བསྟན་དགྲ་ཚར་གཅོད་པའི་སྤུ་གྲི་ཞེས་བྱ་བ་བཞུགས་སོ༔

འདི་ལ་དམར་གྱི་གཏོར་མ་ལྔ༔ མཐའ་མར་བ་ལིང་གྲངས་མང་བཞག༔ འགུགས་གཞུགས་ལན་གསུམ་བྱས་ནས་ནི༔ ཤ་ཁྲག་ཟག་མེད་བདུད་རྩིར་བསྒྱུར༔ གཞུང་གི་གསོལ་མཆོད་གང་རིགས་མཐར༔ དྲག་བསྐུལ་བྱས་པས་དགྲ་ལ་ཆས༔ དེ་ནས་ཞལ་དུ་བསྟབས་པ་ལ༔ བྷྱོ༔བསྲུང་མ་ཀུན་གྱི་སྤྱི་དཔལ་ནི༔ དཔལ་ཆེན་བཛྲ་ཀུ་མ་རའི༔ བཀའ་སྡོད་དཀོར་གྱི་བདག་པོ་ནི༔ སྤྲུལ་འཁོར་རུ་འདྲེན་ཕོ་ཉར་བཅས༔ གནམ་ས་ཙམ་གྱི་ཞལ་ཧོམ་གདེངས༔ གཏོར་མ་དགྲ་བགེགས་ངོ་བོ་ཉིད༔ བཞེས་ཤིག་རོལ་ཅིག་ལྷག་མེད་སྟོབས༔ སངས་རྒྱས་བསྟན་པའི་ཆེ་འབྱིན་ཅིང་༔ སྔགས་འཆང་དབུ་འཕང་བསྟོད་པའི་ཕྱིར༔ མ་ཉེས་བདེན་ཚིག་ངག་བསྐུལ་ལ༔ རྒྱུ་འབྲས་མངོན་རྟགས་བསྟན་ནས་ཀྱང་༔ རྣལ་འབྱོར་བདག་གི་ཡིད་མ་བཅད༔ བསྟན་དགྲ་ལངས་ལ་མ་ཤོར་མཛོད༔ བཛྲ་ས་མ་ཡཱ་དགྲ་བགེགས་གནོད་བྱེད་ཐམས་ཅད་ཀྱི་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་བ་ལིངྒ་ལ་ཁཱ་ཧི༔ གལ་ཏེ་མནན་པར་འདོད་ན༔ དགྲ་བགེགས་ཐམས་ཆད་མ་ར་ཡ་སུཾ་ནན༔ བཾ་མ་ར་ཡ་ནན་ནན༔ ལཾ་མ་ར་ཡ་ནན་ནན༔ རཾ་མ་ར་ཡ་ནན་ནན༔ ཡཾ་མ་ར་ཡ་ནན་ནན༔ ཨེ་མ་ར་ཡ་ནན་ནན༔ མ་ཧཱ་བྷ་ལ་དགྲ་བགེགས་མ་ར་ཡ་ནན་ནན༔ སྔོན་ལས་འཕྲལ་རྐྱེན་ངན་པས་བསྐྱེད་པའི་དགྲ་བགེགས་ཐམས་ཅད་མ་ཡ་ནཾ་ནཾ༔ སྔ་དགྲ་ལག་གི་བདར་བ་ཐམས་ཅད་མ་ར་ཡ་ནཾ་ནཾ༔ ཕྱི་དགྲ་ཡིད་ལ་བརྣག་པ་ཐམས་ཅད་མ་ར་ཡ་ནཾ་ནཾ༔ ད་དགྲ་ཐད་དུ་བུད་པ་ཐམས་ཅད་མ་ར་ཡ་ནཾ་ནཾ༔ གོང་ནས་བསྡིགས་ར་ཤོམས་པ་ཐམས་ཅད་མ་ར་ཡ་ནཾ་ནཾ༔ ཞབས་ནས་འཇབ་རྐུས་བྱེད་པ་ཐམས་ཅད་མ་ར་ཡ་ནཾ་ནཾ༔ མགོ་ལ་འགོམ་ཡུག་བྱེད་པ་ཐམས་ཅད་མ་ར་ཡ་ནཾ་ནཾ༔ ཞེ་ལ་བརྙེས་བཅོས་བྱེད་པ་ཐམས་ཅད་མ་ར་ཡ་ནཾ་ནཾ༔ ཁ་ནས་ཚིག་དམོད་བྱེད་པ་ཐམས་ཅད་མ་ར་ཡ་ནཾ་ནཾ༔ རྟག་ཏུ་གཉའ་གནོན་ཚོལ་བ་ཐམས་ཅད་མ་ར་ཡ་ནཾ་ནཾ༔ ལུས་ཀྱི་འགུལ་བསྐྱོད་གཡོ་རྩོལ་ཐམས་ཅད་མ་ར་ཡ་ནཾ་ནཾ༔ ངག་གི་སྨྲ་བརྗོད་བཟློས་པའི་རླུང་ལ་མ་ར་ཡ་རྦད་ནན་༔ སེམས་ཀྱི་དྲན་རྟོག་འཛིན་སྨོན་ཐམས་ཅད་མ་ར་ཡ་རྦད་ནན༔ དབང་པོའི་ཡུལ་འཛིན་ཤེས་མངོན་ཐམས་ཅད་མ་ར་ཡ་རྦད་ནན༔ ཆིངས་ཆིང་ནན་ནན༔ ཞེས་བརྗོད་ཞལ་དུ་གསོལ་བ་སྟེ༔ ཆོས་སྐྱོང་དམ་ཅན་ཐམས་ཅད་ཀྱི༔ འབྱུང་བ་རིམ་བརྩེགས་ངོ་བོ་ཉིད༔ རྡོ་རྗེའི་ཕྱག་རྒྱའི་སྐུའི་ཀློང་བརྒྱུད༔ རྐང་མཐིལ་རླུང་གི་དཀྱིལ་འཁོར་དུ༔ ཐིམ་པས་ནམ་ཡང་ལྡང་མེད་དུ༔ ཕྲིན་གསོལ་ཏིང་འཛིན་དམ་རྒྱས་གདབས༔ འདི་ལས་ཟབ་མྱུར་གང་ཡང་མེད༔ པདྨ་མ་ཏིའི་བསྐུལ་བ་བཞིན། །སྔགས་འཆང་ག་གཱ་ཨ་བྷྱེས་སོ། །ལག་ལེན་ནི། འགུགས་པ་བསྐུལ་བསྡུས། ཛ༔ ཆོས་སྐྱོང་འགྲོ་འདུལ༴ ཆད་ཐོ་མཆོད༴ འགུགས་གཞུགས་གསུམ༔ ཕྱོགས་ནི་ཉི་མ༴ བྷྱོ་སྲུང་མ་ཀུན༴ ཁཱ་ཧི༔ བཤལ་ཆུ། བརྟན་མ་མཆོད། གཏོར་གཞོང་རྣམས་སྦུབས་ནས་འགུགས་པ། དགྲ་བགེགས་ཐམས་ཅད་མ་ར་སོགས། བྷྲུཾ༔ གཏོར་གཞོང་སོགས། ཆོས་སྐྱོང་དམ་ཅན་ཐམས་ཅད་སོགས། རྒྱས་གདབས ཧོ༔ རྒྱལ་བའི་བསྟན་བསྲུང་སོགས། བསྡུ་རིམ་སོགས་ཞལ་རྒྱུན་ནོ། །

གནོད་སྦྱིན་དཀོར་གྱི་བདག་པོའི་གཏོར་འབུལ་བཀྲ་ཤིས་མེ་ཏོག

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་གཏོར་འབུལ་བཀྲ་ཤིས་མེ་ཏོག་ཅེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བྷ་ལིང་བརྗིད་ལྡན་འདོད་དགུའི་བསྐོར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱའི་སྤེལ༔ ཧཱུྃ་ཧྲཱི༔ ཕྱི་ལྟར་རིན་ཆེན་སྣ་ཚོགས་བྷནྡྷ་རུ༔ བྷ་ལིང་གཙང་སྦྱར་གཡོས་ལེགས་བཟའ་བཅའ་སྐོམ༔ འདོད་ཡོན་སྣ་ལྔ་རྟག་འཆར་ཕུང་པོར་འབར༔ སྔགས་དང་ཏིང་འཛིན་དགོངས་པའི་ཕབ་གྱིས་བྲན༔ སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་འཁོར་བཅས་མཆོད༔ ནང་ལྟར་བྷནྡྷ་འབར་བའི་སྣོད་ཡངས་བར༔ དམ་རྫས་ཤ་ལྔ་བདུད་རྩི་རྣམ་ལྔ་སོགས༔ རུ་ཏྲ་བསྒྲལ་བའི་ཟག་རྫས་སོ་གཉིས་པོ༔ བརྟུལ་ཞུགས་ཐབས་ཤེས་རྟོགས་པའི་ལྟ་གདིང་གིས༔ སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་འཁོར་བཅས་མཆོད༔ གསང་བ་འཁོར་ལོ་བཞི་ལྡན་བྷནྡྷ་རུ༔ འབར་འཛག་དབབ་ལྡོག་རང་དབང་དཔྱིད་ཐིག་རྒྱུན༔ བདུད་རྩི་ཁམས་ཀྱི་དམ་ཚིག་ཟག་མེད་གསོས༔ རྩ་རླུང་རང་གྲོལ་དགའ་བཞིའི་ཕབ་ཀྱིས་བྲན༔ སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་འཁོར་བཅས་མཆོད༔ ཡང་གསང་ཆོས་འབྱུང་པདྨོའི་བྷནྡྷ་རུ༔ བདེ་སྟོང་ཟིལ་དངར་སྤུང་བའི་ངོ་བོ་ལ༔ ཉེར་གཅིག་ཁམས་ཀྱི་རྣམ་གྲོལ་ཨེ་ཝཾ་རོས༔ ལྷན་སྐྱེས་ཡེ་ཤེས་ཆེན་པོའི་ཕབ་ཀྱིས་བྲན༔ སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་འཁོར་བཅས་མཆོད༔ མཆོག་གསང་གཟུང་འཛིན་རྣམ་དག་བྷནྡྷ་རུ༔ བདེ་ཆེན་ལྷ་མོའི་གར་སྐོར་གླུ་ཕྲེང་རྩེན༔ སྣང་སྲིད་གཞིར་བཞེངས་རང་བྱུང་བྷ་ལིངྟ༔ མ་བཅོས་ལྷུན་གྲུབ་དགོངས་པའི་ཕབ་ཀྱིས་བྲན༔ སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་འཁོར་བཅས་མཆོད༔ ཧཱུྃ༔ རྩ་བརྒྱུད་བླ་མའི་རོལ་བར་ཡོངས་བཞེངས་ནས༔ མཐུན་པས་མཐུན་པ་འདུལ་མཛད་ཁྱོད་ལ་སྟོབས༔ ཡི་དམ་རྒྱ་མཚོའི་ཕྱག་རྒྱར་ཡོངས་བཞེངས་ནས༔ དངོས་གྲུབ་རྣམ་གཉིས་སྩོལ་མཛད་ཁྱོད་ལ་སྟོབས༔ སྐུ་གསུམ་མཁའ་འགྲོའི་རྣམ་པར་ཡོངས་བཞེངས་ནས༔ བདེ་ཆེན་ཡེ་ཤེས་སྤོར་མཛད་ཁྱོད་ལ་སྟོབས༔ དུས་གསུམ་སངས་རྒྱས་མཛད་པ་ཅིར་ཡང་སྟོན༔ སྲིད་གསུམ་སྒྲོན་མེ་ཆེན་པོ་ཁྱོད་ལ་སྟོབས༔ ལུང་རྟོགས་དམ་ཆོས་ཐུགས་ཀྱི་དགོངས་པར་ཤར༔ སྡུག་བསྔལ་སྐྱོབས་པའི་མགོན་གཅིག་ཁྱོད་ལ་སྟོབས༔ རྣམ་ཀུན་ཡོན་ཏན་འདུ་འབྲལ་མེད་པར་བསྙེན༔ ཐེག་གསུམ་དགེ་འདུན་མཐར་ཐུག་ཁྱོད་ལ་སྟོབས༔ དེ་ལྟར་མཆོད་ཅིང་ཡོན་ཏན་བརྗོད་པའི་མཐུས༔ འཕྲལ་ཕུག་སྡུག་བསྔལ་མཐའ་དག་སེལ་པ་དང་༔ སྲིད་ཞིའི་བདེ་ལེགས་ཐམས་ཅད་འབྱུང་བའི་གཞི༔ མདོ་སྔགས་ངེས་གསང་སངས་རྒྱས་བསྟན་པ་བསྲུངས༔ དེ་ཉིད་འཛིན་སྐྱོངས་སྤེལ་བར་མཛད་པ་ཡི༔ དགེ་འདུན་འདུས་པའི་སྡེ་ཚོགས་ཐམས་ཅད་ཀུན༔ རྙེད་དང་བཀུར་བསྟི་རིམ་གྲོར་བཅས་བཞིན་དུ༔ དབུ་འཕང་གཉན་པོ་ལྷའི་རྩེན་སྲིད་དུ་བསྟོད༔ གུས་པས་ཞབས་འདེགས་གང་ལ་རག་ལུས་ཤིང་༔ དགེ་བའི་ངང་ཚུལ་ཡང་དག་ལྟར་ལྡན་པའི༔ བསྟན་པའི་སྦྱིན་བདག་རྒྱལ་བློན་ཡུལ་སྡེར་བཅས༔ ཚེ་བསོད་དཔལ་འབྱོར་མངའ་ཐང་འབྱོར་བ་སྤེལ༔ ཁ་བློ་སྤྱོད་གསུམ་མི་དགེའི་སྡིག་ལ་གཞོལ༔ སངས་རྒྱས་བསྟན་དང་རྣལ་འབྱོར་ཡོངས་ལ་གནོད༔ སྐྱེ་འགྲོ་སྡུག་སྦྱོར་གཟུགས་ཅན་གཟུགས་མེད་ཀྱི༔ ནག་པོའི་རྩ་ལག་མིང་གི་ལྷག་མར་མཛོད༔ ཁྱད་པར་སེམས་ཅན་མི་དགེ་སྤྱོད་པ་ཡི༔ སྤྱི་མཐུན་ལས་འབྲས་ནད་མུག་མཚོན་སྐལ་དང་༔ ཐན་ལྟས་རྨི་ལམ་མཚན་མ་པྲ་ལྟས་ངན༔ མ་ལུས་བཟློག་བྱེད་རྒྱལ་བོ་ཁྱོད་ཀྱིས་མཛོད༔ ལོག་པའི་ཆོས་བསྲེལ་དགེ་འདུན་འདུས་སྡེ་བཅོམ༔ མ་ཉེས་འཕྲོགས་གསོད་དམྱལ་བའི་རུ་མ་མཁན༔ མཐའ་མི་དབུས་བརྟོལ་སྣ་འདྲེན་བཅས་པ་ཀུན༔ བཤོལ་བཟློག་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ ཁྱད་པར་བདག་ཅག་རྣལ་འབྱོར་སྒྲུབ་པ་པོ༔ ས་ཕྱོགས་ཡུལ་རིས་གར་གནས་གར་འགྲོ་ཡང་༔ རྟག་ཏུ་བསྲུང་སྐྱོབས་མེལ་རྩེ་མ་གཡེལ་བར༔ ལུས་བདེ་སེམས་སྐྱིད་གང་བསམ་འདོད་འབྱུང་གི༔ ཡིད་བཞིན་དབང་གི་རྒྱལ་པོ་ཁྱོད་ཀྱིས་མཛོད༔ མི་འདོད་མི་མཐུན་འདོད་ཐོག་མི་ཁེལ་དང་༔ ནད་གདོན་དགྲ་ཇག་རྐྱེན་ངན་བར་དུ་གཅོད༔ བྱད་ཕུར་རྦོད་གཏོང་མི་ཁ་བྲ་མཆུ་སོགས༔ འཇིགས་པ་ཀུན་སྐྱོབས་བསམ་དོན་ལྷུན་གྲུབ་མཛོད༔ ཟས་གོས་ཡོ་བྱད་ཀ་ཆ་དཀོར་ཆ་དང་༔ རྒྱུ་ནོར་ལོངས་སྤྱོད་དཔལ་འབྱོར་ཚེ་བསོད་ནམས༔ ཁ་རྗེ་དབང་ཐང་སྙན་གྲགས་རླུང་རྟ་བཅས༔ ཡར་ངོས་ཟླ་ལྟར་གོང་ནས་གོང་དུ་སྤེལ༔ འདོད་དང་ཕྱོགས་དང་ནམ་མཁའི་ཁམས་གནས་ཀྱི༔ རྒྱལ་བློན་འབངས་གསུམ་གཟུགས་ཡོད་གཟུགས་མེད་སོགས༔ གང་ལྟར་སྨོན་པའི་འདོད་དོན་མ་ལུས་པ༔ བདག་གི་དཔལ་དུ་དབང་བསྡུས་བྲན་ཁོལ་མཛོད༔ མཐོ་བ་མཁར་གྱི་གསེར་ཏོག་མན་ཆད་ནས༔ དམའ་བ་བྲན་ཁོལ་སྒོ་ཁྱི་ཡན་ཆད་ཀྱི༔ རྣལ་འབྱོར་བདག་ལ་འབྱོར་བའི་དཔལ་ཡོན་ཀུན༔ ཁྱོད་ལ་གཉེར་དུ་གཏད་དོ་མ་གཡེལ་བསྲུང་༔ སྔོན་གྱི་ཐུགས་བསྐྱེད་གཉན་པོ་གཏའ་རུ་བཙུགས༔ བརྒྱུད་གསུམ་རིག་འཛིན་བཀའ་དམ་དཔང་དུ་བཞག༔ ཆད་དོན་རྒྱུན་གྱི་གཏོར་མ་བརྔན་དུ་འབུལ༔ སྒྲུབ་འབྲས་མངོན་དུ་སྟོན་ཅིག་ས་མ་ཡཱ༔ ཅེས་བརྗོད་མཐའ་འདོད་གསོལ་གང་རུང་བཏགས་ལ་གཏོར་མ་གཙང་སར་མཆོད་དོ༔ དེ་ལྟར་རྒྱུན་དུ་མཆོད་བྱས་ན༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ མི་འགྱང་མྱུར་དུ་བསྒྲུབ་པ་ནི༔ རྡོ་རྗེ་གཤོག་རྒོད་གཏན་ཚིག་གོ༔ འབྲོག་འཇིག་ཞེས་བྱའི་བཀའ་བཀྱོན་མཁན། །དེ་ཡི་གསུངས་ནན་མ་བཟོད་ནས། །དུས་མཐའི་སྔགས་པའི་གཟུགས་བརྙན་མཁན། །ག་གཱ་ཨ་བྷྱེ་ཞེས་བྱས་སྨྲས། །དགེའོ། །དགེའོ། །དགེའོ། །ལེགས་སོ་སརྦ་མངྒ་ལཾ༔

དཀོར་སྲུང་དབང་གི་རྒྱལ་པོའི་བཀྲ་ཤིས་བདེ་ལེགས་འབྱུང་གནས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ དཀོར་སྲུང་དབང་གི་རྒྱལ་པོའི་བཀྲ་ཤིས་བདེ་ལེགས་འབྱུང་གནས་བཞུགས་སོ༔

བཀྲ་ཤིས་ནི༔ ཧཱུྃ༔ རབ་འབྱམས་རྒྱལ་བའི་ཡོན་ཏན་རིན་པོ་ཆེ༔ འཛད་མེད་ལྷུན་གྱིས་སྒྲུབ་ཅིང་བསམ་མི་ཁྱབ༔ རྣམ་པའི་ཆོ་འཕྲུལ་ཐུགས་ཆེན་པོ་ལས༔ ནོར་དང་གཡང་ལྷར་ཤར་བའི་བཀྲ་ཤིས་ཤོག༔ ནམ་མཁའ་མཛོད་ཀྱི་ཏིང་འཛིན་གཏེར་སྒོ་ལས༔ གང་ལ་གང་མཁོ་ཕྱོགས་ལྷུང་མེད་པར་གྲུབ༔ དེ་ཕྱིར་རྐྱེན་དང་འཕྲད་པ་མི་གཡོ་བ༔ འཇུག་པའི་ལྕགས་ཀྱུ་འདིས་ནི་བཀྲ་ཤིས་ཤོག༔ ཨོཾ༔ གྲུབ་མཆོག་སྟེར་ལ་རྒྱལ་བ་རིགས་ལྔ་ཡིས༔ ཉོན་མོངས་ལྔ་ཞི་སྐུ་ལྔ་ལྷུན་གྱིས་གྲུབ༔ རབ་འབྱམས་ཕྲིན་ལས་ལྔ་ལ་དབང་འབྱོར་ནས༔ སྨོན་དགུ་ལྷུན་གྱིས་གྲུབ་པའི༴ འཁོར་བའི་ཚུལ་བསྟན་འཁོར་བའི་འགྲོ་བ་སྐྱོབས༔ དབུལ་ཕོངས་སེལ་ལ་ཡིད་བཞིན་དབང་གི་རྒྱལ༔ དཀོར་གྱི་བདག་པོ་དོན་གྲུབ་ག་བུར་དབང་༔ གདུང་བའི་སྐྱོན་ཚོགས་ཞི་བའི་བཀྲ་ཤིས་ཤོག༔ ཐ་དད་མེད་པའི་རང་མདངས་ཆུ་ཟླ་འདྲ༔ དུ་མའི་གར་མཁན་ཉིང་དགོས་ཆེ་དཀར་སྟོན༔ བཀའ་ཡི་རུ་འདྲེན་དཔུང་ཚོགས་སྤྲུལ་བར་བཅས༔ གཏེར་ཆེན་མཚོ་མོ་རྡོལ་བའི་བཀྲ་ཤིས་ཤོག༔ ཀྱཻ༔ མི་ལ་བཀྲ་ཤིས་དཔལ་དུ་འབར་བ་ནི༔ ཚེ་རིང་ནད་མེད་གཟུགས་བཟང་དབང་ཐང་དར༔ རིགས་དང་འཇམ་དེའི་མཛངས་ལ་ནོར་བདུན་ལྡན༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ནོར་ལ་བཀྲ་ཤིས་དཔལ་འབར་བ༔ ལྷ་ཀླུ་གནོད་སྦྱིན་ཁམས་ཀྱི་གཡང་ཀུན་གྱིས༔ ཆ་ཙམ་མི་མཚོན་སངས་རྒྱས་ལོངས་སྐུའི་རྒྱན༔ བཀྲ་ཤིས་དེ་འདྲ་དཔལ་དུ་ཉེ་བར་ཤོག༔ ཟས་ལ་བཀྲ་ཤིས་བདུད་རྩི་འཆི་བ་མེད༔ རོ་བརྒྱ་ནུས་སྟོང་བཅུད་ལྡན་འཛད་པ་མེད༔ འདུ་བའི་འཁྲུགས་པ་ཀུན་སེལ་མྱང་བས་གྲོལ༔ བཀྲ་ཤིས་དེ་འདྲ་དཔལ་དུ་ཉེ་བར་ཤོག༔ ཕྱུགས་ལ་བཀྲ་ཤིས་ཛམ་ལྷ་ནོར་གྱི་བདག༔ ནམ་མཁའི་མཛོད་བརྙེས་གོང་ནས་གོང་དུ་འཕེལ༔ རང་གཞན་མཐའ་དག་དབུལ་བའི་འཇིགས་པ་སེལ༔ བཀྲ་ཤིས་དེ་འདྲ་དཔལ་དུ་ཉེ་བར་ཤོག༔ ལས་ལ་བཀྲ་ཤིས་དབང་ཐོབ་བྱང་ཆུབ་སེམས༔ བར་ཆད་མི་བརྫི་སྐྱེ་སྲིད་སྟོན་པས་སེལ༔ ཞུགས་ཀུན་དཔྱིས་ནས་འབྱིན་པས་བློ་བཟང་དགེ༔ བཀྲ་ཤིས་དེ་འདྲ་དཔལ་དུ་ཉེ་བར་ཤོག༔ སྲིད་ལ་བཀྲ་ཤིས་མི་གཡང་འཕེལ་བ་དང་༔ སྲིས་ལ་བཀྲ་ཤིས་གངས་རི་ཟིལ་གནོན་ཞིང་༔ ཆོས་ལ་བཀྲ་ཤིས་བརྒྱད་ཁྲིའི་སྒོ་ལ་དབང་༔ བཀྲ་ཤིས་དེ་འདྲ་དཔལ་དུ་ཉེ་བར་ཤོག༔ དཔོན་ལ་བཀྲ་ཤིས་འཁོར་ལོའི་བསྒྱུར་རྒྱལ་ཐོབ༔ གཡོག་ལ་བཀྲ་ཤིས་བཙན་ཕྱུགས་འཕན་དར་འཛོམ༔ དཔལ་ལ་བཀྲ་ཤིས་འབྱོར་དྲུག་ཟླ་རྒྱས་ངོ་༔ བཀྲ་ཤིས་དེ་འདྲ་དཔལ་དུ་ཉེ་བར་ཤོག༔ རྫས་ལ་བཀྲ་ཤིས་འབྱོར་དགུ་རང་དབང་ཐོབ༔ རིན་ཐང་བརྗོད་ལ་ཁྲེལ་བའི་རྒྱལ་སྲིད་ཀྱང་༔ གཅིག་ལས་དུ་མ་འཆར་བའི་འཕྲུལ་ལྡན་པའི༔ བཀྲ་ཤིས་དེ་འདྲ་དཔལ་དུ་ཉེ་བར་ཤོག༔ ལུས་ལ་བཀྲ་ཤིས་འདུ་བའི་ནད་མེད་དང་༔ ལང་ཚོའི་དཔལ་བརྡོ་ཀུན་གྱིས་མཐོང་ན་སྨོན༔ གཟི་བརྗིད་ཉི་ཟླ་ཟིལ་གྱིས་གནོན་པ་ཡི༔ བཀྲ་ཤིས་དེ་འདྲ་དཔལ་དུ་ཉེ་བར་ཤོག༔ ངག་ལ་བཀྲ་ཤིས་ཅི་སྨྲས་ཆོས་སུ་སོང་༔ གཞན་ཕན་ཚིག་བཙན་རྣ་བའི་རྒྱན་གྱུར་ནས༔ སྦྲང་རྩི་ལྟ་བུའི་བདེན་སྨོན་ཕར་ཕྱིན་གྱི༔ བཀྲ་ཤིས་དེ་འདྲ་དཔལ་དུ་ཉེ་བར་ཤོག༔ སེམས་ལ་བཀྲ་ཤིས་གང་བསམ་རྣམ་དཀར་གྱི༔ བསོད་ནམས་བློ་གྲོས་ཆུ་བོའི་རྒྱུན་བཞིན་རྟགས་ ༼ རྟག་དཔྱད། ༽ ༔ འདི་བདེ་ཕྱི་སྐྱིད་འདོད་དགུ་ལྷུན་གྱི་གྲུབ༔ བཀྲ་ཤིས་དེ་འདྲ་དཔལ་དུ་ཉེ་བར་ཤོག༔ གོས་ལ་བཀྲ་ཤིས་དྲོ་འཇམ་མཉེན་ཡང་མཛེས༔ སྲབ་བཀྲག་ལྷུན་ཆགས་དྲི་མའི་བག་མ་མཆིས༔ སྣ་ཚོགས་མཐའ་གཏུག་མེད་པའི་ལྷ་རས་བཞིན༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཡུལ་ལ་བཀྲ་ཤིས་དགེ་བཅུའི་ཁྲིམས་ཀྱིས་འཚོ༔ རྫོགས་ལྡན་དུས་ཀྱི་དགའ་སྟོན་མགྲོན་དུ་ཕྱོགས༔ སྡིག་ཟད་ཉོན་མོངས་སྙིགས་མ་རྒྱུན་ཆད་དེ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ནད་མུག་མཚོན་གསུམ་མིང་གི་མཐར་ཐུགས་ནས༔ བཙན་ཕྱུག་འཕན་དར་བདེ་སྐྱིད་ཕུན་སུམ་ཚོགས༔ མི་ནོར་ཆོས་གསུམ་ཡར་ངོའི་ཟླ་ལྟར་འཕེལ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ས་ཡང་ལྗོན་ཤིང་མེ་ཏོག་འབྲས་བུའི་ཁེངས༔ རིན་ཆེན་གཏེར་གྱིས་གཏམས་པའི་མཚོ་བརྡོལ་ནས༔ དཀའ་ཚེགས་མེད་པར་ཀུན་གྱིས་ལོངས་སྤྱོད་དུ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ གནམ་ཀྱང་བཀྲ་ཤིས་འབྱུང་བའི་བྱེར་འཁྲུགས་བྲལ༔ རྟག་ཏུ་ཟུགས་སྨིན་དཔྱིད་ཀྱིས་དཔལ་འབར་ནས༔ ཆར་ཆུ་དུས་བབས་དྲོད་བསིལ་ཆའི་སྐྱིད་ཀྱི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཁྱད་པར་དགེ་བཤེས་མཁས་གྲུབ་ས་སྟེང་ཁྱབ༔ བཤད་སྒྲུབ་ལུང་རྟོགས་བསྟན་པ་ཕྱོགས་མཐར་ཁྱབ༔ གྲུབ་འབྲས་མངོན་དུ་གྱུར་བས་མཁའ་ཁྱོན་ཁྱབ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཐུགས་ཀྱི་སྙིང་བོའི་ཉི་མ་གཞོན་ལ་བབས༔ རི་ཁྲོད་རྣལ་འབྱོར་ལྡན་པའི་ཚོགས་རབ་རྒྱས༔ འཇའ་ལུས་རྡོ་རྗེ་གྲུབ་པའི་གཟི་བྱིན་འབར༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ འཚོ་བ་སྦྱོར་བའི་སྦྱིན་བློ་དགེ་བཟང་ཅན༔ ལོངས་སྤྱོད་ལྡན་ནས་ཉེར་འཚེ་ཀུན་བྲལ་ལ༔ ཡོན་མཆོད་ལྷན་ཅིག་ཕན་བདེའི་དགའ་སྟོན་རྒྱས༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཕྱི་དགྲ་ཀླ་ཀློའི་རྒྱ་བ་བཅད་ནས་ཀྱང་༔ རྒྱལ་པོའི་ཡུལ་ཁམས་ཆོས་བཞིན་སྐྱོངས་པ་དང་༔ ཕན་ཚུན་བྱམས་གཅུགས་སྐྱོང་བའི་དགེ་མཚན་གྱི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཆོས་ཚུལ་རྫོགས་པ་ཆེན་པོའི་བསྟན་པ་དང་༔ བསྟན་སྐྱོངས་ཡིད་བཞིན་ནོར་བུའི་གསེར་ཞལ་བཟང་༔ བསྒྲུབ་སྡེ་མཆོད་བསྟོད་འདིའི་ཁྱབ་ས་ཕྱོགས་ཀུན༔ བཀྲ་ཤིས་དམ་པ་དཔལ་དུ་ཉེར་སྤྱོད་ཤོག༔ ཞལ་དྲོ་བྱིན་ལྡན་དར་ཆ་ཆེ་བ་དང་༔ ལས་མྱུར་མཐུ་རགས་རབ་འབྱམས་རྒྱ་མཚོའི་འབྱོར༔ མཁུ་ལྡོག་གདུག་རྩུབ་མེད་པའི་བྱམས་མཆོག་གི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མཆོག་གིས་དྲང་ཨཱོཾ་ལ་སྨོན་པ་ནི༔ ཨཱོཾ་མཐར་གྲུབ་པའི་ཨཱོཾ་གྱི་འདུ་འཕྲོ་ཡི༔ ཨཱོཾ་དབྱིངས་འཁོར་བ་བསྡུད་པའི་ཨཱོཾ་སྟོབས་འབར༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་ཀྱང་བླ་མ་དམ་པ་ཚུལ་ཁྲིམས་གྱི་གསུང་བསྐུལ་ངོར་ག་གཱ་ཨ་བྷྱེ་ནས་སྤེལ་བ་རྒྱས༔ ༼ དགྱེས་དཔྱད། ༽ པར་གྱུར་ཏོ། །བཀྲ་ཤིས་བདེ་ལེགས་གྲུབ་པའི་འབྱུང་གནས་ཞེས་བྱ་བ་རབ་ཏུ་ཟབ་མོའོ། །

གནོད་སྦྱིན་དཀོར་གྱི་བདག་པོའི་དྲག་བསྐུལ་རྡོ་རྗེའི་ཐོག་ཆར།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་དྲག་བསྐུལ་རྡོ་རྗེའི་ཐོག་ཆར་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་སམ་བྷ་ཝེ༔ བརྡ་ཡིག །གཏོར་ཆུང་བརྒྱ་དང་རྩ་བརྒྱད་ནི༔ ཤ་ཁྲག་དམར་གྱི་བརྒྱན་པ་དང་༔ ཁྲག་སྐྱེམས་གསེར་སྐྱེམས་ཅི་འབྱོར་བཤམས༔ རྒྱུན་གྱི་སྐྱེམས་གཏོར་ཙམ་ཞིག་ལས༔ མ་འབྱོར་ནའང་བརྟེན་དུ་རུང་༔ གང་ལྟར་ཡང་ནི་འགུགས་གཞུགས་བྱ༔ ཞིང་བཅུ་ཚང་བའི་བསྟན་དགྲ་ལས༔ རང་འདོད་སྤུ་ཙམ་མེད་པ་ཡི༔ དོན་སྟོངས་སེམས་དང་ལྡན་པ་ཡིས༔ རང་ཉིད་ཡི་དམ་ང་རྒྱལ་ངང་༔ གཏོར་སྐྱེམས་བདུད་རྩིར་བྱིན་གྱིས་བརླབས༔ གདུང་ཡུས་ཐུགས་དམ་རྒྱུད་བསྐུལ་དུ༔ གྱེར་བསྒོམ་ལྷན་གཅིག་འདི་སྐད་དོ༔ ཧཱུྃ༔ སྔོན་ཚེ་དེ་བཞིན་གཤེགས་པ་རིན་ཆེན་མང་༔ དེ་འོག་གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ སྙིགས་དུས་བསྟན་འགྲོའི་དོན་མཛད་ཡིད་བཞིན་དབང་༔ ཕྱི་ལྟར་དོན་གྲུབ་རྒྱལ་པོ་མགོན་པོ་དབང་༔ ནང་ལྟར་ཐལ་བའི་ཞིང་སྐྱོང་ཞི་བའི་སྐུ༔ གསང་བ་དགྲ་བགེགས་ཀུན་སྒྲོལ་སྟག་མདའ་གདོང་༔ མ་ངེས་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་རྩེན༔ ཀུན་གྱི་འཁོར་བསྒྱུར་པདྨ་བསྟན་སྐྱོངས་རྗེ༔ ཁྱོད་ནི་སྔོན་ནས་རང་དོན་མཐར་ཕྱིན་ཀྱང་༔ ཕྱོགས་གཅིག་ཞི་ལ་གཞོལ་བར་མི་མཛད་དོན༔ སྙིང་རྗེ་ཆེན་པོའི་སེམས་ཅན་དོན་གྱི་སླད༔ ཡེ་ཤེས་འཇིག་རྟེན་ཞི་ཁྲོ་ཕྲ་མིན་ཚུལ༔ ཆོས་དབྱིངས་དང་མཉམ་ནམ་མཁའི་གར་ཁྱབ་པར༔ བྱེ་བ་ཁྲག་ཁྲིག་གངྒའི་རྡུལ་སྙེད་གྲངས༔ ཅིར་ཡང་བསྒྱུར་བའི་མཐུ་སྟོབས་རྫུ་འཕྲུལ་དང་༔ སྐུ་ཡི་རྣམ་པ་ཐམས་ཅད་བསྒྲངས་མཐའ་ཡས༔ འོན་ཀྱང་དེང་དུས་དམུ་རྒོད་བསྟན་པའི་དགྲ༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལས༔ ཐབས་མཁས་བསྡུ་བཞིའི་སྒྲོལ་བའི་སྐལ་མེད་ཀྱི༔ ཤུགས་སྒྲོལ་མངོན་སྤྱོད་ཕྲིན་ལས་དུས་ལ་བབས༔ གཡོ་རྒྱུ་ཟོལ་ཟོག་བྲལ་བའི་སྒྲུབ་པ་པོའི༔ རང་འདོད་ཡིད་བྱེད་ཕུག་བཅུག་གཞན་གནོད་ལ༔ སྐྱབས་མཆོག་བདེན་པ་བརྡར་བ་ཙམ་མིན་དེ༔ སྐལ་མེད་ཐར་པའི་ས་བོན་འདེབས་པ་དང་༔ ལས་ངན་རྒྱུན་བཅད་རྣམ་སྨིན་ཡུན་ཐུང་ཞིང་༔ སངས་རྒྱས་བསྟན་དང་འགྲོ་བའི་བདེ་སྐྱིད་ལ༔ ཕན་ཕྱིར་རྡོ་རྗེ་ཐེག་པའི་གཞུང་བཞིན་དུ༔ ཏཱ་ན་ག་ན་ཉམས་སུ་བླངས་བགྱིད་དོ༔ དེ་ཡང་ལས་ངན་བསྟན་པའི་དགྲ་བོ་འདིས༔ སངས་རྒྱས་བསྟན་པ་གཉན་པོ་རྨིངས་ནས་བཤིག༔ བསྟན་གཞི་དགོན་གནས་གྲངས་མང་དཔུང་གིས་བཅོམ༔ སྐུ་རྟེན་སྣང་བརྙན་ཐམས་ཅད་སྟྭ་རེའི་གཏུབ༔ གསུང་རྟེན་གླེགས་བམ་མེར་བསྲེགས་ཆུ་ལ་བསྐུར༔ ཐུགས་རྟེན་བསྟན་རྩ་དགེ་སློང་མཚོན་ཁར་བསྒྲོངས༔ མ་ཤི་བཞུགས་པ་ཐམས་ཅད་དམངས་སུ་ཕབས༔ གཙུག་ལག་ཁང་བ་གྲངས་མེད་ཞུགས་ལ་བསྐྱོན༔ རྒྱལ་ཁམས་ཀུན་ལ་གཅེས་དགུའི་མི་ནི་བསད༔ དུད་འགྲོ་ཉེས་མེད་ཐམས་ཅད་རྔོན་གྱིས་བཤོར༔ གཡུང་དྭགས་ཐམས་ཅད་དམག་གི་ལྟོ་རུ་བཀུམ༔ ཁ་ཡི་ཟས་འཕྲོགས་ལག་གི་རྒྱུ་ནོར་བཅོམ༔ རྒྱབ་ཀྱི་གོས་འཕྲོགས་གཅེར་བུར་ཐང་སྟོང་བཏོན༔ འཁྱགས་གྲིར་ལྟོག་གྲིར་འཆི་བས་ས་སྟེང་བཀང་༔ ནད་མཚོན་མུ་གེ་ཀུན་གྱི་སྣ་འདྲེན་བྱེད༔ ཤི་ཚད་གཡུལ་ངོར་དམྱལ་བའི་རུ་མ་བཙུགས༔ མཚམས་མེད་ལས་བསགས་ཞིང་བཅུ་ཡོངས་སུ་ཚང་༔ ལྟ་བ་ལོག་པས་རྒྱུ་འབྲས་ཁྱད་དུ་བསད༔ སྤྱོད་པ་ལོག་པས་མི་དགེ་དེང་དུ་བླངས༔ ལས་མཐའ་ལོག་པས་རྟག་པར་སྡིག་ལ་རྔམ༔ ཉམས་པ་བདུན་ལྡན་མདོར་ན་མངོན་སྤྱོད་ཀྱི༔ ཕྲིན་ལས་མཛད་པའི་འོས་སུ་མ་གྱུར་མེད༔ འདི་ལ་དྲག་པོའི་ལས་ཐབས་མི་དགོངས་ནས༔ ཞི་བའི་དབྱིངས་སུ་བཏང་སྙོམས་བཞུགས་གྱུར་ན༔ སངས་རྒྱས་བསྟན་པ་ངེས་པར་ཡལ་བར་དོར༔ སྐྱེ་དགུ་སེམས་ཅན་བློས་བཏང་རྩ་ལྟུང་ཡིན༔ སྔོན་གྱི་ཡལ་གམ་ཐུགས་བསྐྱེད་དམ་བཅའ་ཉམས༔ བསྟན་པ་བསྲུང་བའི་ལས་གཉེར་མི་འཛིན་ན༔ བཀའ་སྲུང་དམ་ཅན་ཞེས་པ་ཚིག་མཐར་འཁྱམས༔ བསྟན་དགྲ་བྱུང་དུས་འཕྲིན་ལས་མི་མཛད་ན༔ བསྟན་པ་རྒྱས་དུས་བསྲུང་བར་ཅི་ཞིག་དགོས༔ འདི་ལས་དོ་གལ་ཆེ་བ་ཅི་ཡོད་དན་ ༼ ན་ཞེས་དཔེ་གཅིག་ན་སྣང་། ༽ ༔བདེན་ནམ་མི་བདེན་ཡེ་ཤེས་ལྷ་ཡིས་དགོངས༔ དེ་བས་སྙིང་རྗེའི་ཁྲོས་པའི་བརྟུལ་ཞུགས་ལ༔ རོལ་བ་ཆེན་པོ་རྔམ་པའི་སྐུར་བཞེངས་ཤིག༔ བསྟན་པའི་རུ་ཏྲ་སྒྲོལ་བའི་དུས་ལ་བབས༔ མ་རུང་དམག་དཔུང་བརླག་པའི་དུས་ལ་བབས༔ ཧཱུྃ༔ སྟོབས་བཅུ་མངའ་བའི་ཆོས་སྐུས་ནམ་མཁའ་ཁྱབ༔ མི་བཟད་བདུད་དགྲ་འདུལ་ཕྱིར་ཐུགས་དམ་བསྐུལ༔ མཚན་དཔེ་ལྡན་པའི་ལོངས་སྐུའི་བར་སྣང་གང་༔ མི་བཟད་བདུད་དགྲ་འདུལ་ཕྱིར་ཐུགས་དམ་བསྐུལ༔ ཐུགས་རྗེ་ཐབས་མཁས་སྤྲུལ་སྐུའི་ས་གཞི་བརྡལ༔ མི་བཟད་བདུད་དགྲ་འདུལ་ཕྱིར་ཐུགས་དམ་བསྐུལ༔ ཆོས་སྐྱོང་ཕོ་རྒྱུད་ཡོངས་ཀྱི་མཆེད་པའི་གཞི༔ དབང་ཕྱུག་མ་ཧཱ་དཱེ་ཝ་ལས་ལ་བསྐུལ༔ ལྷ་མོ་མོ་རྒྱུད་ཡོངས་ཀྱི་སྤྲུལ་པའི་གཞི༔ ཡུམ་ཆེན་ཨུ་མ་དཱེ་ཝ་ལས་ལ་བསྐུལ༔ དཔལ་ཆེན་ཧེ་རུ་ཀ་ཡི་སྤྲུལ་བ་སྟེ༔ མཐུ་ཆེན་མ་ཧཱ་ཀ་ལ་ལས་ལ་བསྐུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རོལ་བའི་གར༔ མགོན་ཆེན་སྡེ་ལྔའི་ལྷ་ཚོགས་ལས་ལ་བསྐུལ༔ སྐྱེ་འགྲོའི་མགོན་དུ་ཐ་ཚིག་གཉེར་བླངས་པ༔ དཔལ་མགོན་བདུན་ཅུ་རྩ་ལྔ་ལས་ལ་བསྐུལ༔ དགྲ་བགེགས་བསྟན་བཤིག་ཕུང་སེལ་འདུལ་བའི་གཤེད༔ དྲེགས་པའི་སྡེ་དཔོན་འཁོར་བཅས་ལས་ལ་བསྐུལ༔ མུ་སྟེགས་ལྟ་ལོག་འདུལ་པའི་ཞལ་བཞེས་མཁན༔ བོད་སྐྱོངས་བསྟན་མ་བཅུ་གཉིས་ལས་ལ་བསྐུལ༔ ས་དགེ་རྙིང་གསུམ་བཀའ་བརྒྱུད་བསྟན་པ་ཡི༔ བསྲུང་མ་དམ་ཅན་རྒྱ་མཚོ་ལས་ལ་བསྐུལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ ཧཱུྃ༔ ཁྱད་པར་ཐུགས་བསྐྱེད་དུས་བབས་གཉན་བཙུན་པ༔ ཡིད་བཞིན་པདྨ་དབང་རྒྱལ་ལས་ལ་བསྐུལ༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ གནས་ཡུལ་ཉི་ཤུ་རྩ་བཞིར་དབང་བསྒྱུར་བ༔ སྐུ་གསང་ཐལ་སྐྱོང་མགོན་པོ་ལས་ལ་བསྐུལ༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ ཡུལ་ཆེན་བྱེ་བ་ཕྲག་བརྒྱའི་གཉེར་འཛིན་པ༔ གསུང་མཆོག་ཝ་ཀི་པཱ་ལ་ལས་ལ་བསྐུལ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ འཛམ་གླིང་ཁ་བ་ཅན་གྱི་བདེ་སྐྱིད་སྤེལ༔ ཡོན་ཏན་དོན་གྲུབ་རྒྱལ་པོ་ལས་ལ་བསྐུལ༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ མ་ཧཱ་ཙི་ནའི་ཐ་གྲུར་དབང་བྱེད་པ༔ ཕྲིན་ལས་སྟག་མདའ་ནག་པོ་ལས་ལ་བསྐུལ༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ གཙོ་བོ་ཆེ་བཙུན་རྒྱལ་པོའི་དབང་བོ་རྣམས༔ བསྟན་དགྲའི་དཔོན་པོ་འདུལ་བའི་ལས་ལ་བསྐུལ༔ མ་རུང་མི་བཟད་འབར་བས་སྲོག་རྩ་ཆོད༔ ཕྱི་དུས་མ་འགྱངས་སྐད་ཅིག་ཡུད་ཙམ་ལ༔ ཚེ་ཡི་དུས་བསྟུང་མགོན་སྐྱབས་གཤེད་དུ་ཕོབ༔ ཧུར་ཐུམ་རྒྱུག་འགྱེལ་ནད་ཀྱིས་ད་ལྟ་སོད༔ མི་བརྒྱུད་རིགས་རུས་རྩ་བ་རྨིངས་ནས་ཆོད༔ གཙོ་བོ་གྲོས་དབང་ལ་སོགས་དྲག་ཤོས་ཀུན༔ མིང་གི་ལྷག་མ་ཙམ་ཡང་མེད་པར་མཛོད༔ རྣམ་ཤེས་ཡི་དམ་ལྷ་ཡིས་ཐུགས་ཀར་བསྟིམ༔ ཤ་ཁྲག་དམ་ཅན་བསྲུངས་མས་དགའ་སྟོན་རོལ༔ དམ་ཚིག་གཉན་ལས་མ་འདའ་ས་མ་ཡཱ༔ ཨོཾ་རཱ་ཛ་ཙནྡྲ་པདྨ་ཤ་ས་ན་རཀྵ་ཀ་ཡ་ཝཀྐ་ཙིཏྟ་གུ་ཎ་ཀརྨ་རཱ་ཛ་པཉྩ་ཆོ་ཆོ་རྒྱུག་རྒྱུག༔ ཤ་ཏྲུཾ་མ་ར་ཡ་ཕཊ་ཛ་ཛ༔ མཾ་ས་རཀྟ་ཙིཏྟ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཤར་ནས་འགུགས་ཅིང་གཏུབས་པའི་ཕོ་ཉ་བ༔ ཐུགས་ཀྱི་རུ་འདྲེན་སྟག་ཤར་དམག་ཆས་འབུམ༔ ལྕགས་ཀྱུ་ལ་སོགས་མཚོན་ཆ་སྣ་ཚོགས་འཛིན༔ ཐུགས་དམ་བསྐུལ་ལོ་བསྟན་འགྲོའི་དོན་ལ་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ བླ་ཡིད་སེམས་གསུམ་གར་གནས་གར་བྲོས་སྐྱབས༔ རང་དབང་མེད་པར་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ༔ ལྷོ་ནས་འཆིངས་བར་བྱེད་པའི་ཕོ་ཉ་བ༔ ཡོན་ཏན་རུ་འདྲེན་ཉན་ཐོས་དགྲ་བཅོམ་ཚུལ༔ བསེགས་ཤིང་ས་ལ་རྡེབ་ཅིང་དྲང་སྲོང་དམོད་པས་བསྡིགས༔ ཐུགས་དང་བསྐུལ་ལོ་བསྟན་འགྲོའི་དོན་ལ་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ ལུས་ངག་ཡིད་ཀྱི་གཡོ་རྩོལ་ཀུན་བཅིངས་ནས༔ ད་ལྟ་ཉིད་དུ་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ནུབ་ནས་སྡོམ་ཅིང་གསོད་པའི་ཕོ་ཉ་བ༔ གསུང་གི་རུ་འདྲེན་སྔགས་ནག་རལ་བསིགས་ཅིང་༔ ཕུར་འདྲིལ་ངན་སྔགས་སྟོབས་ཀྱིས་སྲོག་ལེན་འབུམ༔ ཐུགས་དམ་བསྐུལ་ལོ་བསྟན་འགྲོའི་དོན་ལ་བཞེངས་ལ༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ སྟོབས་ནུས་དབང་པོ་ཡན་ལག་ཀུན་ཆིངས་ལ༔ ད་ལྟ་ཉིད་དུ་གསོད་པའི་ཕྲིན་ལས་མཛོད༔ ཧཱུྃ༔ བྱང་ནས་མྱོས་ཤིང་བསླུ་པའི་ཕོ་ཉ་མོ༔ ཕྲིན་ལས་རུ་འདྲེན་བུད་མེད་ནག་མོ་འབུམ༔ མིག་ནས་ཁྲག་ཆར་འབེབས་ཤིང་ལག་ནས་བྲང་བརྡུང་ངུ་འབོད་དུད་མོའི་གཡབ༔ ཐུགས་དམ་བསྐུལ་ལོ་བསྟན་འགྲོའི་དོན་ལ་བཞེངས༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ མྱོས་ཤིང་དྲན་མེད་བསྒྲལ་བའི་ཕྲིན་ལས་མཛོད༔ དགྲ་བོའི་གྲོང་ཁྱེར་རུ་འདྲེན་དམག་གིས་ཁོངས༔ ཀྭི་བསྭོ་ཆའོ་སོད་རྒྱོབ་སྒྲ་སྒྲོགས་ཤིང་༔ ལྟས་ངན་ཕུང་ཐལ་ཡོ་ལང་འཁོར་མོར་ཐོངས༔ སྨྱོ་འབོགས་བརྒྱལ་དང་གཟའ་གྲིབ་མི་མཐུན་རྐྱེན༔ ནང་དབྱེན་དམེ་འཁྲུགས་སྦྱོར་བ་ལ་སོགས་པའི༔ གྲི་ཐབས་ཧུར་ཐུམ་དྲག་པོའི་དུས་མཐའ་བསྟུང་༔ རྣམ་ཤེས་ཡི་དམ་ལྷ་ཡི་ཐུགས་ཀར་བསྟིམ༔ ཤ་ཁྲག་དམ་ཅན་བསྲུང་མས་དཔའ་དར་རོལ༔ དེ་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཛ༔ ཡང་ཅིག་རྡོ་རྗེའི་ཆོས་སྐྱོང་སྲུང་མ་བསྐུལ༔ དགྲ་བོ་འདི་ལ་བསྲུང་སྐྱོབས་བྱེད་པ་དང་༔ ཁ་མགོན་རྒྱབ་རྟེན་གཉེར་བའི་སྡེ་རིགས་བཅས༔ མིང་གི་ལྷག་མེད་བརླགས་པའི་ཕྲིན་ལས་མཛོད༔ བློ་སེམས་སྣང་བ་དབང་དུ་བསྒྱུར་ནས་སུ༔ མི་དགེའི་སྤྱོད་ལ་བསྐུལ་བའི་འདྲེ་གདོན་བགེགས༔ མི་མིན་མི་དང་བཅས་པ་ཐམས་ཅད་ཀུན༔ འགུགས་བསྒྲལ་དྲག་པོའི་ཕྲིན་ལས་དུས་ལ་བབས༔ བདག་སོགས་མགོན་མེད་ཉམ་ཐག་སེམས་ཅན་གྱིས༔ དཔུང་དང་རྒྱབ་བརྟེན་ཡེ་ཤེས་ལྷ་ལ་བཅོལ༔ མཐུ་ཆེན་བདུད་འདུལ་ཡིན་སྙམ་ར་མདར་སྦྲན༔ མྱུར་མགྱོགས་དྲག་རྩལ་ཅི་ཡོད་ཁྱེད་ལ་བལྟ༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ ཡང་འཁོར་ལྷ་སྲིན་སྡེ་བརྒྱད་ནི༔ བྱེ་བ་ཕྲག་བརྒྱའི་ལྷ་དམག་གིས༔ སྔོན་ཚེ་དཔལ་ཆེན་ཧེ་རུ་དང་༔ ཕྱག་རྡོར་པད་འབྱུང་ལ་སོགས་པའི༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་གཉེར་བླངས་ཤིང་༔ བསྟན་དགྲ་སྒྲོལ་བར་དམ་བཅའ་ན༔ ད་ནི་བསྟན་པ་འཇིག་ལ་ཉེ༔ བསྟན་དགྲ་ཡན་པར་ཤོར་ར་རེ༔ མ་གཡེལ་ལས་མཁན་དྲེགས་པའི་ཚོགས༔ རྒྱུག་ཅིག་སྡང་དགྲའི་སྟེང་དུ་རྒྱག༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ ཧཱུྃ༔ ཛ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི༔ ལ་སོགས་ཡང་སྤྲུལ་བསམ་མི་ཁྱབ༔ མ་ངེས་ཆོ་འཕྲུལ་སྣ་ཚོགས་མཁན༔ ལ་ལ་ཁྱུང་དང་འབྲུག་ལ་ཞོན༔ ལྷ་ཡི་དམག་གི་རུ་སྣ་དྲངས༔ ལ་ལ་སྟག་དང་སེང་གེ་ཞོན༔ འགོང་པོའི་དམག་གི་རུ་སྣ་དྲངས༔ ལ་ལ་བྱ་རྒོད་འུག་པ་ཞོན༔ རྨུ་ཡི་དམག་གི་རུ་སྣ་དྲངས༔ ལ་ལ་གཟིག་དང་གུང་ལ་ཞོན༔ དྲི་ཟའི་དམག་གི་རུ་སྣ་དྲངས༔ ལ་ལ་གཏུམ་ཆེན་དོམ་ལ་ཞོན༔ བདུད་གྱི་དམག་གི་རུ་སྣ་དྲངས༔ ལ་ལ་དྲེད་མོ་རལ་བསིགས་ཁྱེར༔ སྲིན་པོའི་དམག་གི་རུ་སྣ་དྲངས༔ ལ་ལ་ཞེ་སྡང་ལྟོ་འགྲོ་ཞོན༔ ཀླུ་ཡི་དམག་གི་རུ་སྣ་དྲངས༔ ལ་ལ་ཆུ་གླང་མ་ཧེ་ཞོན༔ གཤིན་རྗེའི་དམག་གི་རུ་སྣ་དྲངས༔ ལ་ལ་བོང་དང་དྲེལ་ལ་ཞོན༔ མ་མོའི་དམག་གི་རུ་སྣ་དྲངས༔ ལ་ལ་ཆུ་སྲིན་ངར་མ་ཆིབས༔ གཟའ་ཡི་དམག་གི་རུ་སྣ་དྲངས༔ ལ་ལ་རླུང་རི་ཕྱུག་པོ་ཆིབས༔ བ་ཡ་བེ་ཡི་དམག་སྣ་ཁྲིད༔ ལ་ལ་མེ་རུ་འབར་བ་ཆིབས༔ ཨགྞེ་རཱ་ཛ་དམག་སྣ་ཁྲིད༔ ལ་ལ་ཤུགས་འཆང་ཅང་ཤེས་རོལ༔ དགྲ་ལྷ་ཝེར་མའི་དམག་སྣ་འདྲེན༔ ལ་ལ་གློག་མྱུར་འཕར་བ་ཞོན༔ གནོད་སྦྱིན་དམག་གི་རུ་སྣ་འདྲེན༔ ལ་ལ་ལྕེ་སྤྱང་ཤ་ཟན་ཆིབས༔ བཙན་གྱི་དམག་གི་རུ་སྣ་འདྲེན༔ ལ་ལ་རོ་ལངས་ཞོན་ནས་རྒྱུག༔ རྒྱལ་པོའི་དམག་གི་རུ་སྣ་འདྲེན༔ ལ་ལ་དུར་ཕག་མགོ་དགུར་རྔམ༔ ས་བདག་དམག་གི་རུ་སྣ་འདྲེན༔ ལ་ལའི་མིག་ནས་ཉི་འོད་འཕྲོས༔ དགྲ་བོའི་གྲོང་ཁྱེར་བསྲེགས་པར་བྱེད༔ ལ་ལའི་སྣ་ནས་དུས་རླུང་བསྐྱོད༔ དགྲ་བོའི་གྲོང་ཁྱེར་གཡེངས་པར་བྱེད༔ ལ་ལའི་ཁ་ནས་སྐྱིན་ཐང་འཕེན༔ ནད་དང་མུ་གེའི་སྣ་འདྲེན་བྱེད༔ ལ་ལའི་ལག་ནས་ཐོག་མདའ་འཕེན༔ དགྲ་བོའི་ཡུལ་མཁར་རྨིངས་ནས་བརླག༔ ལ་ལས་ཐུན་མཚོན་ཆར་བ་འབེབས༔ དགྲ་བོའི་གྲོང་ཁྱེར་གྲི་ཐབས་གཏོང་༔ ལ་ལའི་བ་སྤུའི་བུ་ག་ནས༔ དུག་གི་རླངས་པ་ཕྱུ་རུ་རུ༔ དགྲ་བོའི་གྲོང་ཁྱེར་མ་ལུས་པར༔ ཀླུ་ཡི་དུག་ནག་ཁྱབ་པར་འགྱེད༔ ལ་ལ་ས་ལ་ཐོགས་མེད་རྒྱུ༔ གཞན་གྱི་གྲི་གཟེར་དགྲ་ལ་གཏོང་༔ ལ་ལ་ཕྲ་མེན་མགོ་བརྙན་ཚུལ༔ རྔ་མོང་ཞོན་ནས་དགྲ་བོའི་གྲོང་ཁྱེར་ཐན་གྱིས་འགེངས༔ ཀུན་ཀྱང་འཇིགས་པའི་ཆ་ལུགས་ཅན༔ རྔམས་ཤིང་ཁྲོས་པས་ཀྭི་བསྭོ་སྒྲོགས༔ ཤ་ལ་དགའ་ཞིང་ཁྲག་ལ་དགྱེས༔ སྣ་ཚོགས་མཚོན་ཆ་ཕྱག་ན་འཛིན༔ ནམ་མཁའི་ཁམས་ནས་ཐོག་སེར་འབེབས་པ་བཞིན༔ བར་སྣང་ཁམས་ནས་རླུང་དམར་འཚུབ་པ་བཞིན༔ ས་གཞིའི་ཁམས་ནས་དམག་ཆེན་ཡོ་ལང་ལྟར༔ གསེར་འཛིན་གཡོ་འཁྲུགས་རྟ་བྲོ་བརྡུང་༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱིས༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ གློག་ལྟར་མྱུར་བའི་ཆོ་འཕྲུལ་གྱིས༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ ཐོག་ལྟར་རྒོད་པའི་དྲག་རྩལ་གྱིས༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ རྒྱུ་ཤོར་ར་མདའ་རྒྱུག་པ་བཞིན༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ ཤ་ཤོར་ཤ་ལེན་རློགས་པ་བཞིན༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ དགྲ་བོའི་ཕོ་བརྒྱུད་དམེ་གྲིར་སོད༔ དགྲ་བོའི་མོ་བརྒྱུད་འགགས་གྲིར་སོད༔ དགྲ་བོའི་བུ་བརྒྱུད་སྦོས་གྲིར་སོད༔ དགྲ་བོའི་རྒན་བརྒྱུད་རྦབ་གྲིར་སོད༔ ཁྲག་ནད་རྒྱུག་འགྱེལ་ཁ་མེད་དང་༔ ལྷོག་པ་བེ་གེ་བདུན་དྲུག་པ༔ ལྟག་རིམས་ལྷ་གོར་འབྲུམ་བུ་ནག༔ བལ་ནག་གླད་གཟེར་ཏྲེ་ཏྲེ་ཧོ༔ མཛེ་རིགས་བཅོ་བརྒྱུད་ལ་སོགས་པས༔ དགྲ་བོའི་བདུན་བརྒྱུད་རྩད་ནས་ཆོད༔ མཐའ་རྩ་སྐྱེ་བརྒྱུད་ལྷག་མེ་ཐོངས༔ ཡང་དག་ལྟ་ལ་དད་ཅིང་དགེ་སེམས་སྤྱོད༔ དགྲ་བོའི་ཡུལ་ན་ཡོད་ཀྱང་བུ་བཞིན་སྐྱོངས༔ མ་ཉེས་བཏང་སྙོམས་རང་གར་འདུག་པ་ནི༔ ཕན་གནོད་མེད་པའི་སྟེང་དུ་མ་འབྱམས་ཅིག༔ ཁ་ནག་ཞེ་ནག་སྤྱོད་པ་གནག་པ་དང་༔ ལས་མཐའ་ལོག་ཅིང་ལྟ་ལོག་བསྟན་པའི་དགྲར༔ སྔ་ཕྱིར་ད་ལྟ་འགྱུར་རིགས་མ་ལུས་དང་༔ སྐྱེ་དགུའི་བདེ་འཕྲོགས་སྡུག་ལ་སྦྱོར་བྱེད་པ༔ ནག་པོའི་རྩ་ལག་གྱུར་བའི་དུས་མཐའ་བསྟུང་༔ མངོན་ཤེས་སྟོབས་ཀྱིས་གང་ཡིན་ཁྱོད་ཤེས་ཀྱི༔ མང་མང་ནང་ནས་མདའ་བཞིན་བྲབ༔ མ་ལུས་མ་ནོར་སྒེར་དུ་ཁོལ༔ མར་གྱི་ནང་ནས་སྤུ་བཏོན་བཞིན༔ དམ་ཉམས་དགྲ་བོ་དམར་བས་ཀྱིས༔ སྡུག་ཡུས་ཕྱི་མིག་མ་ལྟ་ཞིག༔ འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔ ནུས་མཐུ་དགྲ་ལ་དབལ་མ་རྡུགས༔ དགྲ་པོའི་གྲོང་ཁྱེར་སྟོངས་ལ་བསྒྱུར༔ སངས་རྒྱས་བསྟན་པའི་རྒྱལ་མཚན་བསྒྲེངས༔ སྔགས་འཆང་རྣལ་འབྱོར་དབུ་འཕང་བསྟོད༔ ཆོས་སྐྱོངས་སྲུང་མའི་མཐུ་སྟོབས་ངོམས༔ རྡོ་རྗེ་ཐེག་པའི་ཆེ་རྟགས་སྟོན༔ རྩལ་ཤུགས་ཕྱུང་པའི་དུས་ལ་བབས༔ ཕྲིན་ལས་མཛད་པའི་དུས་ལ་བབས༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབས༔ དུས་ལ་བབས་པོ་ས་མ་ཡཱ༔ རྦད་བསྐུལ་སྔགས་བཟླས་གཏོར་མ་དགྲ་ཕྱོགས་འཕངས༔ འདི་ལྟར་གནད་དང་ལྡན་པ་ན༔ བསྟན་དགྲ་རྡོ་རྗེ་ཡིན་ཀྱང་འཇིག༔ དུས་བབས་ཆོས་ཀྱི་སྐལ་བ་འདི༔ ནམ་མཁའ་འཇིགས་མེད་བཙས་སུ་བཞག༔ ལས་ཅན་དེ་དང་འཕྲད་ནས་ནི༔ བསྟན་འགྲོའི་གསོས་སུ་འགྱུར་བར་ཤོག༔ ཅེས་པ་གདུལ་བྱ་ལས་ཀྱིས་བསྟན་དགྲའི་བསྐུལ་ནས། འདུལ་བྱེད་ཡེ་ཤེས་དབྱིངས་ནས་རང་ཤར་བ་མི་ལོ་ཉེར་དགུའི་བར་དུ་བཀའ་རྒྱ་བྱས་མཐར་དུས་ལ་བབས་ཚེ་ཁྲག་འཐུང་ག་གཱ་ཨ་བྷྱེས་དག་པར་ཕབས་པའོ། །བཀྲ་ཤིས་དཔལ་འབར་བསྟན་དགྲ་ཐུལ་བར་ཤོག །དགེའོ། །དགེའོ། །དགེའོ། །

ཡིད་བཞིན་དབང་གི་རྒྱལ་པོའི་ཕྲིན་ལས་དྲག་པོའི་སྒྲོལ་བ་དྲེགས་པའི་སྟོབས་འདུས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཡིད་བཞིན་དབང་གི་རྒྱལ་པོའི་ཕྲིན་ལས་དྲག་པོའི་སྒྲོལ་བ་དྲེགས་པའི་སྟོབས་འདུས་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །བདག་འདྲ་པདྨ་འབྱུང་གནས་ཀྱི༔ དྲེགས་པ་རྣམས་ཀྱིས་སྐྱེ་བརྒྱུད་དང་༔ ངོ་བོ་ལས་རིགས་ཕྱག་རྒྱ་ནི༔ ཆེད་དགོས་བཅས་སུ་མངོན་པར་མཁྱེན༔ ཁྱད་པར་ཡི་དམ་ཐམས་ཅད་ཀྱི༔ ཕྲིན་ལས་འཇིག་རྟེན་ཚུལ་བསྟན་དང་༔ རྒྱུད་དང་གནད་ལ་དབབས་མཚངས་བཅས༔ དེ་ཡིས་རྗེས་འཇུག་དོན་འགྲུབ་ཤེས༔ ལར་ནི་མཆོག་གི་དངོས་གྲུབ་ཀྱང་༔ འགྲུབ་པ་མིན་ཞེས་ཁ་ཚོན་གྱིས༔ བཅད་དུ་མེད་ཀྱང་བྱེ་བྲག་གི༔ ཐུན་མོང་ལས་བཞི་ཀུན་ལ་བསྔགས༔ འདིར་ནི་དྲག་པོ་མངོན་སྤྱོད་ཀྱིས༔ བསྟན་དགྲ་ཚར་གཅོད་ཐུགས་རྗེ་ཡིས༔ འཇིག་འདས་འཚང་ཞིང་མཉེས་བྱེད་པའི༔ དྲག་སྔགས་དམོད་པའི་དུམ་བུ་སྤྲོ༔ བསྙེན་བསྒྲུབ་ལས་ཚོགས་སྔོན་སོང་ནས༔ ཚོགས་ཀྱི་བསྒྲལ་དང་རྗེས་འབྲེལ་བར༔ རྔམས་ཤིང་ཏ་ནའི་འོད་ཟེར་ཉིད༔ སྤྲོ་བ་རིག་འཛིན་སྤྱི་ཡི་ལུགས༔ ས་མ་ཡཱ༔ དྲག་པོ་བསད་བཟློག་དཀྱིལ་འཁོར་བཀྲམ༔ ཕུལ་འགྲོ་ཏིང་འཛིན་སྟོབས་ཀྱིས་བཟུང་༔ དེ་ནས་དྲགས་སྔགས་ཀྱིས་བསྒྲུབ་བྱ༔ དེ་དག་ཆོ་གའི་སྤྱི་ཆིངས་བཅིང་༔ ཁྱད་པར་ལས་ཀྱི་སྔོན་འགྲོའི་རིགས༔ མ་བསྡུས་རྒྱུད་ཆེན་ལས་འབྱུང་གིས༔ དེ་ཕྱིར་འདིར་ནི་ཆོ་གའི་དངོས་ ༼ བསྡོག་ ༽ ༔ ཉིད་དུ་བཀར་ཏེ་བསྟན་པར་བྱ༔ མཁྱེན་གཟུ་དཔང་བོར་དགོངས་གསོལ་ནས༔ གནོད་བྱེད་འགུགས་དང་བཅིང་སྡོམ་མྱོས༔ ལྷ་དབྱེ་བྱད་བཅུག་སྨྱོ་རུ་གཞུགས༔ ཚེ་ཁྲུས་གནས་ཀྱི་ལུང་གསུམ་དང་༔ ཐུན་དབབས་གཏུན་བརྡུང་ཞལ་དུ་བསྟབས༔ མནན་བསྲེགས་འཕང་བས་ལས་ཁ་བསབས༔ བཟློག་པའི་ལས་ནི་དང་བཅས་པ༔ ཕྲིན་ལས་འདི་ལའང་ཅི་བཞིན་འཇུག༔ གུ་ཧྱ༔ དང་པོ་མཁྱེན་པར་གསོལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་རང་བཞིན་ཞི་བ་ནས༔ འགགས་མེད་ཀུན་སྣང་ཆ་ལུགས་མཚན༔ ཅིར་ཡང་ངོ་མཚར་ཡ་མཚན་ཅན༔ བླ་མ་ཡི་དམ་མཁྱེན་པར་མཛོད༔ མཁའ་འགྲོ་ཆོས་སྐྱོངས་མཁྱེན་པར་མཛོད༔ དཀོན་མཆོག་རིན་ཆེན་མཁྱེན་པར་མཛོད༔ མངོན་སྤྱོད་ལྷ་ཚོགས་མཁྱེན་པར་མཛོད༔ རྣལ་འབྱོར་ལེའུ་ལྷ་མཁྱེན་པར་མཛོད༔ བསྙེན་བསྒྲུབ་བརྟགས་ཆགས་མཁྱེན་པར་མཛོད༔ ཡུལ་ལྷ་གཞི་བདག་མཁྱེན་པར་མཛོད༔ མཁྱེན་དཔང་གཟུ་བོར་མཛད་དུ་གསོལ༔ ཐུགས་རྗེ་དབྱིངས་ལས་བསྐྱོད་དོན་དུ༔ འགྲོ་བ་གཞན་ལ་ཕན་ཡིན་ན༔ ཤིན་ཏུ་གདུག་ཅིང་རྩུབ་པ་ལ༔ ཞི་བས་ཕན་པར་མི་འགྱུར་བས༔ དྲག་པོ་རོལ་བའི་སྨན་སྤྱོད་འདི༔ དཔལ་ཆེན་རྣམས་ཀྱི་ལས་རྒྱ་ཡིན༔ ཕྲིན་ལས་དྲག་མཚན་དེ་བཞིན་དེ༔ བསྒྲལ་བས་འཚངས་པ་རབས་ཀྱི་རྩེ༔ ལས་ཀྱི་ཁྲོ་བོའི་ཐ་ཚིག་ན༔ རྐྱེན་དང་འཕྲད་པའི་དགོངས་པ་ནི༔ དཔའ་བར་འགྲོ་བས་ཤུགས་འཆང་བ༔ སྒྱུ་མ་ལྟ་བུའི་ཚུལ་ལྡན་བཀོད༔ རྡོ་རྗེའི་ཏིང་འཛིན་སྤེལ་འཇུག་གིས༔ མཁྱེན་ནས་ལས་ངན་རྒྱུན་ཆད་དེ༔ རྣམ་སྨིན་མེད་ལ་བྱང་ཆུབ་ཕྱིར༔ བརྟུལ་ཞུགས་ཆེ་ལ་རྔམས་པར་ཆས༔ མཛོད་ཅིག་འདུལ་བ་ཚ་བར་མཛོད༔ དེ་ཕྱིར་ད་ལྟ་ཉིད་ན་མྱུར༔ དགོངས་གསོལ་སེམས་ཅན་མ་འདོར་ཞིག༔ གཏུམ་དྲག་གསོད་གཅོད་དྲང་སྲོང་གི༔ ཕྲིན་ལས་རབ་འབྱམས་འགྲུབ་པར་མཛོད༔ གཉིས་པ་གཟུ་དཔང་བཤར་བ་ནི༔ ཀྱཻ༔ བླ་མ་ཡི་དམ་དཀོན་མཆོག་གསུམ༔ མཁའ་འགྲོ་ཆོས་སྐྱོངས་མཐུ་སྟོབས་རྩལ༔ ཡིད་བཞིན་དབང་གི་ལྷ་དབང་བོ༔ མ་ལུས་གཟུ་དཔུང་དྲང་ཤན་ཕྱེས༔ ཚར་གཅོད་རྗེས་འཛིན་གོ་མ་ལྡོག༔ བསྟན་པའི་ཆེ་བ་ད་སྟོན་ཅིག༔ དམ་ལྡན་རྣལ་འབྱོར་ཡིད་མ་བཅད༔ བསྟན་དགྲ་ལངས་ལ་མ་ཤོར་ཅིག༔ གལ་ཏེ་འདི་ལ་ཉེས་མེད་ན༔ ལས་ཀྱི་ལོག་པར་མི་འཇུག་ན༔ ཅེས་ཀྱང་དཀར་བོའི་ཆ་བྲལ་བས༔ ལས་འབྲས་ཆུད་ཟར་གཏོང་བོ་མེད༔ དཀོན་མཆོག་གསུམ་གྱི་བསྟན་པ་བཤིག༔ རྡོ་རྗེ་སློབ་དཔོན་སྐུ་ལ་བརྡོས༔ དམ་ཉམས་དམ་ལོག་དམ་ལ་འཁུ༔ དམ་དགྲ་ངན་པའི་ངང་ཚུལ་ཅན༔ འདུ་བར་མི་དབང་བཞིན་དུ་འོང་༔ ངན་སོང་གནས་ལ་རང་གཞན་འགོད༔ བཀའ་དམ་ལས་དོན་འདོད་ཆགས་ལོག༔ མཚན་མས་ཉམས་པའི་གནོད་བྱེད་པོ༔ ཞིང་བཅུ་ཉམས་བདུན་སྐུ་དགྲ་ལྔར༔ འདི་ཉིད་མ་གྱུར་གཅིག་ཀྱང་མེད༔ ཉེས་མེད་སེམས་ཅན་ཡོངས་ལ་འཚེ༔ གཙུག་ལག་ཆོས་འཁོར་འཇིག་པར་བྱས༔ ཉོན་མོངས་དུག་ལྔ་མེ་ལྟར་འབར༔ མི་དགེ་བརྒྱ་སྟོང་དེང་དུ་བླངས༔ ཡེ་ཤེས་སྤྱན་ལ་སྒྲིབ་མེད་དང་༔ མངོན་ཤེས་ཐུགས་ལ་རྫུན་མ་ཤོངས༔ འོན་ཀྱང་བདེན་པས་གཟུ་དཔང་གསོལ༔ ང་ནི་མ་ཉེས་མ་ལན་ནོ༔ ཉེས་མེད་དགྲ་དང་བགེགས་ཀྱིས་གཟིར༔ འདི་ལ་གཟུ་དཔང་ཕྲིན་ལས་མཛོད༔ རྣལ་འབྱོར་བྱང་ཆུབ་ངེས་འབྱུང་གིས༔ རྐྱེན་དང་འཛོ་ཆས་འཕྲོགས་བཅོམ་གཙེས༔ ཆོས་མཛད་ཉམ་ཆུང་དགྲ་སྐལ་བལྟས༔ སྲོག་ལུས་བདེ་སྐྱིད་རྩི་བཞིན་བཏགས༔ འདི་དང་བདག་གི་ཤན་དྲང་ཕྱེས༔ ལྷ་ཀླུ་བན་བོན་བསྲུང་མར་བཅས༔ ཡུལ་ལྷ་སྣང་སྲིད་དྲེགས་པ་ཅན༔ འགོ་ཞིང་སྡོང་གྲོགས་བྱེད་པ་རྣམས༔ ཀུན་ཀྱང་འདི་ལ་མ་མགོན་ཅིག༔ ཁྱེད་ཅག་དྲང་བོ་གཟུ་བོར་གནས༔ གསེར་སྐྱེམས་མཆོད་སྦྱིན་འདི་བཞེངས་ལ༔ དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག༔ ཀུན་ཀྱང་རྣལ་འབྱོར་མཐུ་དཔུང་མཛོད༔ སངས་རྒྱས་ཆོས་ཀྱི་བཀའ་དམ་བསྲུང་༔ མཐུ་སྟོབས་རང་མཚན་མྱུར་དུ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྱོགས་བཞིར་ཕུད་ཕྱར་རོ༔ དེ་ནས་འགུགས་པའི་ཕྲིན་ལས་ལ༔ ཨེ་ཁང་བསྐྱེད་དང་ཉ་བོ་བསྐྱེད༔ དེ་ལ་འགུགས་དང་ཕོ་ཉ་བཀྱེ༔ རྣམ་པ་བཞི་ལས་དང་པོ་ནི༔ ཨ་བཛྲ་ཨེ༔ མདུན་དུ་ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་འབར་བ་ནང་ནག་ལ་གཏིང་ཟབ་པ༔ མཐིལ་ན་འདོད་ཆགས་ཀྱི་ཁྲག་མཚོ་དམར་གྱི་ལི་ལི་ཁོལ་བ༔ ལོགས་ལ་ང་རྒྱལ་གྱི་བྲག་རི་ཚག་དིར་དུ་ཉིལ་བ༔ ཁ་ན་ཞེ་སྡང་གི་མེ་རི་འཛིང་མར་འབར་བ༔ བར་ན་ཕྲག་དོག་གི་རླུང་ནག་ལྡིར་རི་རི་འཚུབས་པ༔ ནད་མཚོན་དུག་རླང་གི་ཆར་བ་འབབས་པ༔ ཕྱི་རོལ་དུ་ལྷ་སྲིན་སྡེ་བརྒྱད་འདུས་ནས་སོད་སོད་དང་རྒྱོབ་རྒྱོབ་ཀྱི་སྒྲ་སྒྲོགས་པ༔ དེའི་ནང་དུ་རླུང་དཀྱིལ་གྱི་སྟེང་དུ༔ གཉིས་པ་ལིངྐ་བསྐྱེད་པ་ནི༔ རཱུ་པ་ཁ་ངུ་བ༔ མིག་ཤི་མིག༔ སྐྲ་གཡེང་བ༔ མདོག་སྔོ་ལ་མདངས་ཉམས་པ༔ ལག་པ་མྱ་ངན་གྱི་རྒྱ་ཅན༔ ཡན་ལག་ལྕགས་སྒྲོག་གིས་བསྡམས་པ༔ བུ་ག་དགུ་ནས་ཁྲག་འབབས་པ༔ མི་སྡུག་པའི་མཚན་མ་དགུའི་བརྒྱན་པ༔ གཅེར་བུ་མགོན་སྐྱབས་དང་བྲལ་བ༔ འདར་ཕྲི་ལི་ལི་གནས་པར་བསམ་ལ༔ ཨོཾ་རཱུ་པ་ཀུ་ཊ་སྭཱ་ཧཱ༔ གསུམ་པ་གནོད་བྱེད་འགུགས་པ་ནི༔ ན་མོ༔ རིག་འཛིན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་༔ ཡི་དམ་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ གནས་གསུམ་ཡེ་ཤེས་གྱི་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སྐུ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་རྒྱལ་བའི་བསྟན་སྲུང་ཆེན་པོ་རྡོ་རྗེ་ཟླ་བའི་དབང་པོའི་ལྷ་ཚོགས་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་བྱིན་གྱིས་རླབས་པ་ལ་བརྟེན་ནས༔ སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིགས་པ༔ དམ་ཆོས་ཀྱི་གཙུག་ལག་བརྗིད་པ༔ དགེ་འདུན་གྱི་འདུ་སྒོ་འཕྲོགས་པ༔ ཉམ་ཆུང་གི་ཟས་ནོར་བཅོམ་པ༔ རྣལ་འབྱོར་གྱི་སྒོམ་བསྒྲུབ་འདྲལ་བ༔ ཚེ་བསོད་ཆོས་སྲིད་བདེ་སྐྱིད་ལ་བར་དུ་གཅོད་པ༔ སྔ་དགྲ་ལག་གིས་བརྡར་བ༔ ཕྱི་དགྲ་ཡིད་ལ་ཤོམས་པ༔ ད་དགྲ་ཐད་དུ་བུད་པ༔ མི་ལ་ཁ་གང་གིས་ཁྱད་སོང་༔ ལྷ་ལ་ཞེ་སེམས་ཀྱིས་བརྙེས་དམོད༔ ཡོངས་ལ་བསམ་སྦྱོར་གྱིས་འཚེ་བའི་དགྲ་དང་༔ གཞན་ཡང་ཕུག་གི་ནོར་ལ་གཡང་ལེན་བྱེད་པ༔ བར་གྱི་མི་ལ་ན་ཚ་གཏོང་བ༔ སྒོ་ཡི་རྐང་འགྲོ་ལ་གོད་ཁ་སྩོལ་བ༔ མངལ་གྱི་སྲིད་ལ་གདོན་དུ་ལངས་བ་ཟས་ཀྱི་བཅུད་ལེན་པ༔ གོས་ཀྱི་མདངས་འཕྲོགས་པ༔ ཚེ་ལ་རྐུ་བ༔ སྲོག་ལ་འཇབས་པ༔ བླ་ལ་འཁྱིལ་བ༔ ལེགས་སུ་མི་སྟེར་བ༔ ཉེས་སུ་དགའ་བ༔ སྐབས་བལྟ་ཞིང་༔ གླགས་ཚོལ་བ༔ དོན་ལ་ཁ་ཕུང་བྱེད་པ༔ ལས་ལ་བར་གཅོད་བྱེད་པ༔ ཆོས་ལ་ཉེ་བར་འཚེ་བ༔ དམ་ཚིག་གི་སེལ་བྱེད་པ༔ དགེ་འདུན་གྱི་སྡེ་དཀྲུགས་པ༔ ཉེ་འབྲེལ་ལ་དམེ་འདྲེ་རྩོམ་པ༔ ཕུང་དགུའི་སྟི་གདོན་བྱེད་པ༔ གྱོད་འདྲེ་དང་ལྟོག་འགོངས་བྱེད་པ་ལ་སོགས་པའི་དགྲ་བགེགས་གནོད་བྱེད་སྡང་སེམས་ཅན་ཐམས་ཅད་སྐད་ཅིག་རང་དབང་མེད་པར༔ བཀའ་སྡོད་ཕོ་ཉའི་ཚོགས་ཀྱིས་ལྕགས་ཀྱུས་སྙིང་ནས་དྲོངས༔ སྦྲུལ་ནག་གིས་སྐེ་ནས་བཅིང་༔ གཡང་གཞིས་དཔལ་ཟིལ་གཡོ་རྩལ་བསྡམ༔ དྲིལ་བུ་དང་རྐང་གླིང་གི་བརྟན་པ་ཕྲོགས་ཏེ༔ ཕྲིན་ལས་རོལ་བའི་རླུང་གིས་བརྡས་ནས༔ ནམ་མཁའ་ནས་བྱེའུ་ཁྲས་དེད་པ་བཞིན༔ བར་སྣང་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར༔ ས་གཞི་ནས་ཤ་ཁྱིས་རི་དྭགས་དེད་པ་ལྟར༔ ཚུབས་ཀྱི་ལི་ལི༔ ནག་སྒ་ར་ར༔ གཟུགས་ལིངྒ་འདི་ལ་གཉིས་མེད་དུ་ཁུག་ཅིག༔ ནྲ་བཛྲ་ཨཾ་ཀུ་ཤ་ཛ༔ ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ བསྡུས་པ་གཞན་ལྟར་བྱེད་པ་དང་༔ སླར་ཡང་ཕོ་ཉས་འགུགས་པར་བྱ༔

དཀོར་བདག་སྨད་ལེའུའི་གཞུང་།

དཀོར་བདག་སྨད་ལེའུའི་གཞུང་བྱང་ནི༔ དང་པོ་འགུགས་ཤིང་བསྟིམ་པ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོངས་དམ་ཅན་རྒྱ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེ་རྔམ་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་ཀྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ བླ་སྲོག་རྣམ་ཤེས་རྟེན་ལ་དབྱེར་མེད་ཁུག༔ ཞེས་དང་རྩ་སྔགས་མཐར༔ སརྦ་ཤ་ཏྲུཾ་ཨཾ་ཀུ་ཤ་ཛ༔ སརྦ་བིགྣན་ཨཾ་ཀུ་ཤ་ཛ༔ སརྦ་ཤ་ས་ན་བིགྣན་ཨཾ་ཀུ་ཤ་ཛ༔ སརྦ་ས་ཏྭ་བིགྣན་ཨཾ་ཀུ་ཤ་ཛ༔ སརྦ་ཡོ་ག་བིགྣན་ཨཾ་ཀུ་ཤ་ཛ༔ སརྦ་སིདྡྷི་བིགྣན་ཨཾ་ཀུ་ཤ་ཛ༔ སརྦ་ཨ་མོ་གྷ་བིགྣན་ཨཾ་ཀུ་ཤ་ཛ༔ སརྦ་ཀརྨ་བིགྣན་ཨཾ་ཀུ་ཤ་ཛ༔ སརྦ་ཨ་ཡུཿབིགྣན་ཨཾ་ཀུ་ཤ་ཛ༔ སརྦ་བ་སུ་བིགྣན་ཨཾ་ཀུ་ཤ་ཛ༔ སརྦ་ཨ་ནུ་བིགྣན་ཨཾ་ཀུ་ཤ་ཛ༔ སརྦ་དྷ་རྨཱ་བིགྣན་ཨཾ་ཀུ་ཤ་ཛ༔ སརྦ་ལོ་ཀ་བིགྣན་ཨཾ་ཀུ་ཤ་ཛ༔ གཉིས་པ་ལྷ་དང་དབྱེ་བ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ མགོན་སྐྱབས་བྱེད་པའི་ལྷ་སྲུང་ཀུན་དང་ཕྲོལ༔ རྩ་སྔགས་མཐར༔ སརྦ་ཤ་ཏྲུཾ་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་ཤ་ས་ན་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་ས་ཏྭ་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་ཡོ་ག་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་སིདྡྷི་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་ཨ་མོ་གྷ་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་ཀརྨ་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་ཨཱ་ཡུཿབིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་བ་སུ་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་ཨ་ནུ་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་དྷརྨཱ་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ སརྦ་ལོ་ཀ་བིགྣན་ན་ཐ་དྷེ་ཝ་མ་ར་ཡ་ཕྱེས་ཕྱེས༔ གསུམ་པ་བྱད་དུ་བཅུག་པ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ སྒོ་གསུམ་སྟོབས་རྩལ་ནུས་པ་ད་ཆིངས་ཤིག༔ རྩ་སྔགས་མཐར༔ སརྦ་ཤ་ཏྲུཾ་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་ཤ་ས་ན་བགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་ས་ཏྭ་བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་ཡོ་ག་བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་སིདྡྷི་བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་ཨ་མོ་གྷ་བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་ཀརྨ་བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་ཨཱ་ཡུཿ བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་བ་སུ་བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་ཨ་ནུ་བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ སརྦ་དྷརྨཱ་བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔སརྦ་ལོ་ཀ་བིགྣན་ཆིངས་ཆིངས་མ་ར་ཡ་ཕཊ༔ བཞི་པ་སྨྱོ་རུ་གཞུགས་པ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ སྨྱོ་འབོག་བརྒྱལ་ནས་བརྟན་པ་ད་ཕྲོགས་ཤིག༔ རྩ་སྔགས་མཐར༔ སརྦ་ཤ་ཏྲུཾ་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་ཤ་ན་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔སརྦ་ས་ཏྭ་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་ཡོ་ག་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་སིདྡྷི་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་ཨ་མོ་གྷ་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་ཀརྨ་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་ཨཱ་ཡུཿ བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་བ་སུ་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་ཨ་ནུ་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་དྷརྨཱ་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སརྦ་ལོ་ཀ་བིགྣན་མ་ར་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དེ་ནས་རལ་གྲིའི་གཏུབ་ལ༔ སྐབས་འདིར་ཐུན་དང་ཚེ་ཁྲུས་ཀྱིས་དགོངས་པ་མ་ལུས་གནད་དུ་བསླང་༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་དུ་རློག༔ རྩ་སྔགས་མཐར༔ སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ༔ སརྦ་བིགྣན་མ་ར་ཡ་ཕཊ༔ སརྦ་ཤ་ས་ན་བིགྣན་མ་ར་ཡ་ཕཊ༔ སརྦ་ས་ཏྭ་བིགྣན་མ་ར་ཡ་ཕཊ༔ སརྦ་ཡོ་ག་བིགྣན་མ་ར་ཡ་ཕཊ༔ སརྦ་སིདྡྷི་བིགྣན་མ་ར་ཡ་ཕཊ༔ སརྦ་ཨ་མོགྷ་བིགྣན་མ་ར་ཡ་ཕཊ༔ སརྦ་ཀརྨ་བིགྣན་མ་ར་ཡ་ཕཊ༔ སརྦ་ཨཱ་ཡུཿབིགྣན་མ་ར་ཡ་ཕཊ༔ སརྦ་བ་སུ་བིགྣན་མ་ར་ཡ་ཕཊ༔ སརྦ་ཨ་ནུ་བིགྣན་མ་ར་ཡ་ཕཊ༔ སརྦ་དྷརྨཱ་བིགྣན་མ་ར་ཡ་ཕཊ༔ སརྦ་ལོ་ཀ་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་སརྦ་ཀ་ཡ་ཝཀྐ་ཙིཏྟ་ཚལ་བ་ཚལ་བ་གཏུབ་གཏུབ་ཕཊ་ཕཊ༔ དྲུག་པ་གཏུན་དུ་བརྡུང་བ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔རྡོ་རྗེ་ཐོ་བས་ཐལ་བའི་རྡུལ་དུ་རློག༔ རྩ་སྔགས་མཐར༔ སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་ཤ་ས་ན་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་ས་ཏྭ་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་ཡོ་ག་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་སིདྡྷི་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་ཨ་མོ་གྷ་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་ཀརྨ་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་ཨཱ་ཡིཿབིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་བ་སུ་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་ཨ་ནུ་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་དྷརྨཱ་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ སརྦ་ལོ་ཀ་བིགྣན་མ་ར་ཡ་ཕཊ༔ རུ་ཏྲ་ཨ་མུ་ཀ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ དེ་ནས་རཀྟ་བྲན་ལ༔ སྭ་བྷ་ཝས་སྟོང་བར་སྦྱངས༔ སྟོང་པའི་ངང་ལས་རུ་ཏྲ་བསྒྲལ་བའི་ཟག་རྫས་སུམ་ཅུ་སོ་གཉིས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་གྱུར༔ ནམ་མཁའ་མཛོད་སྔགས་དང་༔ སརྦ་པཉྩ་པཱུ་ཙ་ཨ་མྲ་ཏ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་བརླབས་ལ༔ ཞལ་དུ་བསྟབས་སོ༔ དེ་ལྟར་གནད་དུ་བསྣུན་བྱས་ནས༔ འགལ་རྐྱེན་མི་མཐུན་ཕྱོགས་ལས་རྒྱལ༔ གསང་སྔགས་ཐབས་ཀྱི་ཆེ་བ་སྟོན༔ མངོན་སྤྱོད་ཕྲིན་ལས་ལྷུན་གྱིས་གྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ཡང་རྒ་ལོའི་བསྐུལ་ངོར་ག་གཱས་སོ། །

དམར་བྱང་གཤིན་རྗེའི་རྐན་སྒྲ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཡིད་བཞིན་དབང་གི་རྒྱལ་པོ་ཡི༔ ཕྲིན་ལས་སྒྲོལ་བའི་ཕྱག་རྒྱ་ལས༔ དམར་བྱང་གཤིན་རྗེའི་རྐན་སྒྲ་བཞུགས༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །དམར་བྱང་ཟབ་མོ་འདི་མེད་ན༔ ལས་ཐབས་རྔམ་ལ་སྤྱོད་ལོའང་༔ བསམ་ངན་མཚོན་ཆ་རང་ལ་འཁོར༔ ཕྱི་མ་ངན་སོང་རྒྱུ་རུ་བས༔ གང་གིས་དགོངས་གནད་འདི་ལྡན་པས༔ བདག་ལ་སྡིག་པར་མི་འགྱུར་སྟེང་༔ སྔགས་པ་ཧོམ་ཁའི་སངས་རྒྱས་པའི༔ ཐབས་ཀྱིས་གཞན་ཕན་ངོ་མཚར་ཆེ༔ ས་མ་ཡཱ༔ལྟ་བའི་རྫོང་ནི༔ ཨ་མ་ཧཱ་ཤུ་ནྱ༴ སོགས། སྟོང་བ་ཉིད་ཀྱི་ཡེ་ཤེས་ཆེན་པོའི་ངང་ནས༔ སྒྲོལ་བྱ་དང་སྒྲོལ་བྱེད་སྒྲོལ་བ་པོ་ཆོས་སུ་སྒྲོ་བཏགས་པ་ཐམས་ཅད་དོན་དམ་པར་འཁོར་འདས་རྒྱུ་གཅིག་པ་ཆོས་ཉིད་ངང་གིས་ཁྲོ་བོ་ཧེ་རུ་ཀའི་ཀློང་ཆེན་པོར་མཉམ་པར་བརྡལ་བའི་དགོངས་སྤྱོད་རང་བཞིན་གྱི་ལྟ་བས་གཟུང་འཛིན་གཉིས་སྣང་གི་རུ་ཏྲ་བདག་མེད་སོ་སོར་རྟོགས་པའི་མཚོན་གྱིས་མ་བསྒྲལ་ངང་གྲོལ་ཤུགས་གྱིས་གྲོལ་བའི་དགོངས་སྤྱོད་དང་མི་འབྲལ་བའི་ངང་ནས་ཏིང་ངེ་འཛིན་གསལ་བ་གསུམ་གྱི་རླབས་སྟོབས་ཤུགས་བཙན་པོའི་ངར་བསྐྱེད་དེ༔ སྤྱོད་པ་ཐབས་གྱིས་ཤུགས་སྒྲོལ་མཚོན་ཆ་རྣོན་པོའི་ལོག་རྡུགས་འབྱམས་གསུམ་གྱི་འཕྱང་རྒྱ་དམ་པོ་སྟོབས་ཀྱིས་གྲོལ་བ་ནི་བླ་ན་མེད་པའོ༔ ཨ་ལ་ལ་ཧོ་གུ་ཧྱ་མནྜ་ཡོ་གི་ནི་ས་མ་ཡ་དང་དུ་བླངས་བར་བྱའོ༔ ཏིང་ངེ་འཛིན་གྱི་སྒྲོལ་བ་བསྒོམ་པའི་འཕྲང་ལ་ལོག་རྡུགས་འབྱམས་གསུམ་གྱི་སྐྱོན་སེལ་ལས༔ མི་ལྡོག་པའི་ཕྱིར་དུ༔ བདག་ཉིད་ཡི་དམ་ཁྲོ་བོ་གསོད་གཅོད་ཀྱི་ལས་ལ་རྔམ་པ༔ གར་དགུའི་ཉམས་ཀྱིས་བརྗིད་པའི་མདུན་དུ་སྒྲོལ་བྱེད་ལས་ཀྱི་གིང་ཆེན་སྟག་མདའ་གདོང་བའི་ལྷ་ཚོགས་འཁོར་དང་བཅས་པ་དྲག་ཁྲོ་རྔམ་བརྗིད་སྒོ་ཚུལ་བལྟར་མི་བཟོད་པའི་དཀྱིལ་འཁོར་དུ་འབར་བའི་ཐུགས་ཀ་ནས་འོད་ཟེར་བུང་བ་ལྟ་བུའི་སྤྲིན་ཚོགས་དཔག་ཏུ་མེད་པ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དྲག་པོ་རོལ་པའི་སྐུར་བཞེངས་ཏེ་མཚོ་ལ་ཁ་ཆར་བབས་པ་ལྟར་སིབ་སིབ་ཐིམ་པས༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་གྱི་མཐུ་སྟོབས་ནུས་པ་ཕུན་སུམ་འཚོགས་པའི་དབང་ཐོབ་པར་བསམ་ལ༔ ཐོད་ཕྲེང་རྩལ་དང་ཆོས་སྐྱོང་གི་སྲོག་སྔགས་ཅི་རིགས་སུ་བཟླའོ༔ ཞེས་བདག་ཉིད་ཡི་དམ་གྱི་ཐུགས་གཉིས་སུ་མེད་པའི་རང་མདངས་ལས་ཆོས་སྐྱོང་རང་རྒྱུད་དུ་མི་དམིགས་པའི་ངེས་ཤེས་ཀྱིས་བདག་གསོ་བའོ༔ དེ་ནས་མི་རྡུགས་པའི་ཕྱིར༔ སྭ་བྷ་ཝ༴ སོགས། སྟོང་པའི་ངང་ལས་ཕུར་བ་དེ་ཉིད་དཔལ་དགུ་ཡོངས་འདུས་ཀྱི་བདག་ཉིད་སྒྲོལ་བྱེད་ལས་ཀྱི་མཚོན་ཆ་སྐུ་སྟོད་ཁྲོ་རྒྱལ་ཞལ་གསུམ་ཕྱག་དྲུག་པ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་བ་ཟུར་གསུམ་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་སྣང་སྲིད་འཁོར་འདས་ཀྱི་འཛིན་རྟོག་ཆོས་ཉིད་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་འབིག་ནུས་པའི་རྣོ་དབལ་དང་ལྡན་པའི་དབུའི་གཙུག་ཏོར་ལ་སངས་རྒྱས་སྐུ་གསུམ་གྱི་དཀྱིལ་འཁོར༔ རྒྱ་མདུད་གོང་མ་ལ་ཞི་བ་རིགས་ལྔ༔ འཆང་གཟུང་ལ་ཆེ་མཆོག་དཔལ་དགུ༔ རྒྱ་མདུད་འོག་མ་ལ་མ་རྒྱུད་མཁའ་འགྲོ༔ དབལ་ཕུར་ལ་བཀའ་སྲུང་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་མ་འདྲེས་ཡོངས་སུ་རྫོགས་པ༔ གཏི་མུག་དབྱིངས་སུ་སྒྲོལ་བའི་ཆུ་སྲིན་གྱི་ཁ་ནས༔ ཞེ་སྡང་དབྱིང་སུ་སྒྲོལ་བའི་སྦྲུལ་གྱི་ཆུན་པོ་སྐྱུག་པ༔ འདོད་ཆགས་དབྱིངས་སུ་སྒྲོལ་བའི་མཚོན་ཐུནགྱི་ཚྭ་ཚྭ་སྐར་ལྟར་འཁྲུགས་པ༔ མེ་རི་དང་མེ་དཔུང་གི་ཀློང་ན་རྔམ་པ༔ བསྒྲིལ་བ་ཙམ་གྱིས་ཁམས་གསུམ་གཡོ་འཁྲུགས་སློང་བ༔ བདེངས་བ་ཙམ་གྱིས་སྡེ་བརྒྱུད་འདར་ཞིང་འདུད་པ༔ གདབ་པ་ཙམ་གྱིས་སྲིད་གསུམ་གྱི་སྟོང་སྲོག་གཅོད་པ་ཞིག་ཏུ་བསྐྱེད་ལ༔ ཕུར་བུའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་རྡོ་རྗེའི་སྙིང་པོ་ལས་འོད་འཕྲོས་པས་ཁམས་གསུམ་ཕུར་བུའི་གཏམས་ཤིང་༔ ཞིང་ཁམས་རབ་འབྱམས་རྟེན་དང་བསྟེན་པར་བཅས་པ་འུབ་ཀྱིས་བསྡུས་ནས་ཕུར་བ་ལ་ཐིམ་པས་གཟི་བརྗིད་རབ་ཏུ་འབར་ཞིང་ནུས་བྱིན་རྫོགས་པར་བསམ་ལ༔ ཨོཾ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་མང་དུ་བརྗོད་ལ་ཕུར་པ་གསོའོ༔ ཡང་མདུན་གྱི་རཱུ་པ་དེ་ཉིད་དགྲ་བགེགས་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གསལ་བའི་སྙིང་ཀའི་ས་བོན་ལས་འོད་འཕྲོས་པས༔ སངས་རྒྱས་བསྟན་པའི་བགེགས་བྱེད༔ ཉམས་པ་བདུན་དང་ལྡན་པ༔ བསྒྲལ་བའི་ཞིང་བཅུ་ཚང་བ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་འུབ་ཀྱིས་བསྡུས་ནས་ལིང་ཀ་ལ་ཐིམ་པས་གནོད་བྱེད་དངོས་ཀྱི་ཆོ་རོལ་དུ་ལྷག་པར་བསམ་ལ༔ ནྲི་ཏྲ་དགྲ་བགེགས་ཨཾ་ཀུ་ཤ་ཛ་ཛ༔ ཞེས་ཅི་མང་བརྗོད་པ་ནི་དགྲ་གསོ་བའོ༔ མངོན་བྱུང་སྤྱོད་པའི་སྒྲོལ་བ་ཞེས་སྤྱོད་པའི་སྲོག་ཀྱི་འཚེངས་བ་གསུམ་ལྡན་དུ་གཅེས་པ་ནི༔ དང་པོ་ལས་ལ་བསྐུལ་ཏེ༔ ཧཱུྃཿཛ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་མངའ་བདག་དཔལ༔ ཆེ་བའི་ཆེ་མཆོག་བཛྲ་ཀཱི་ལ་ཡ༔ སྲིད་གསུམ་འཁྲུལ་པའི་འཁོར་ལོ་དབྱིངས་སུ་འཇིག༔ མཆོག་ཐུན་དངོས་གྲུབ་ཡིད་བཞིན་གཏེར་གྱི་བདག༔ མ་རུང་བསྟན་སེལ་རུ་ཏྲ་སྒྲོལ་བའི་གིང་༔ མངོན་སྤྱོད་དྲག་པོའི་ལས་ཀྱི་སྤྱི་ཕུད་མགོན༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབས༔ སེམས་ཅན་དོན་སླད་ཐབས་མཁས་མཛད་པ་སྟོན༔ ཞེས་བསྐུལ་ཞིང་ཕྲིན་ལས་གསོལ༔ དེ་ནས་ཆེ་བ་འདོན་པ་ནི༔ ཛ་བྷྱོ༔ ཐུགས་རྗེ་ཤུགས་ཁྲོས་སྒྲོལ་བའི་ཐུགས་དམ་ནི༔ གསོད་ཅིང་མནན་པའི་དམན་སྤྱོད་མ་ལགས་ཏེ༔ ཕུང་པོའི་འཆིངས་རྒྱ་སྐྱེ་མེད་དབྱིངས་སུ་གཞིག༔ བཅོམ་ལྡན་རིགས་ལྔའི་སྐུ་ཡི་རྡོ་རྗེར་བཀོད༔ རྣམ་པར་ཤེས་པ་རིག་སྟོང་རྡོ་རྗེར་གཞོལ༔ མ་དག་འཁྲུལ་སྣང་ལམ་གྱི་རུ་ཏྲ་སྟེ༔ ངོ་བོ་སྐྱེ་འགགས་མེད་པའི་ངང་དུ་བསད༔ ཧོ་ཡེ༔ ཕུར་བ་གཡས་སུ་བསྐོར་ཞིང་གདེངས་ཙ་ན༔ ཞེ་སྡང་རྒྱལ་པོའི་སྡེ་ཚོགས་ཧ་ལ་འཕེན༔ ཕུར་བ་གཡོན་དུ་བསྐོར་ཞིང་གདེངས་ཙ་ན༔ འདོད་ཆགས་མོ་གདོན་སྡེ་རིས་རྨིངས་ནས་བརླག༔ ཕུར་བ་དབུས་སུ་བསྐོར་ཞིང་གདེངས་ཙ་ན༔ གཏི་མུག་ཀླུ་གདོན་སྡེ་དཔུང་ཐལ་བར་རློག༔ ཕུར་བ་ཕྱོགས་བཅུར་བསྐོར་ཞིང་གདེངས་ཙ་ན༔ ཕྱོགས་བཅུའི་གནོད་བྱེད་མ་ལུས་དབྱིངས་སུ་འབིག༔ ཕུར་བ་གཟེས་པོའི་དབང་བོ་ལྔ་ལ་གདབས༔ སྐྱེ་མཆེད་འཁྲུལ་བའི་འཁོར་ལོ་སྟོབས་ཀྱིས་བཤིག༔ ཕུར་བ་དགྲ་བགེགས་གནས་དྲུག་གདབས་པ་ཡིས༔ ཉོན་དྲུག་ལོག་བཏང་རིགས་དྲུག་དོང་ནས་སྤྲུག༔ ཕུར་བ་སེམས་ཀྱི་གནས་ལ་གདབས་པ་ཡིས༔ གཟུང་འཛིན་རྣམ་པར་དག་པ་དབྱིངས་སུ་བཤིགས༔ ཕུར་བུས་གཟུགས་ཕུང་དུམ་བུར་གཏུབ་པ་ཡིས༔ ཕྱིན་ཆད་ལྡོག་མི་ཤེས་པའི་དབྱིངས་སུ་བསད༔ ཁམས་གསུམ་སྐུ་གསུམ་ཀློང་ཆེན་རྔམ་པར་སྦྱོར༔ རྟེན་མེད་གནས་མེད་ཆོས་མེད་འཁྲུལ་མེད་དུ༔ ཤུགས་སྒྲོལ་བརྟུལ་ཞུགས་རྡོ་རྗེ་རྣོན་པོ་ཡིས༔ དུས་གསུམ་སངས་རྒྱས་མཛད་པ་མཐར་ཕྱིན་ཤོག༔ ཅེས་ཆེ་བ་བརྗོད་ནས༔ མི་འབྱམས་པའི་ཕྱིར༔ བདག་ཉིད་ཡི་དམ་གྱི་ཕྲིན་ལས་སྟོབས་ཀྱི་སྒྲོལ་གིང་སྟག་མདའ་པདྨ་དབང་རྒྱལ་གྱི་ཕྱག་གི་ཕུར་བ་གཡས་སུ་ལན་གསུམ་བསྐོར་བས་གཟུགས་མེད་གཟུགས་ཁམས་འདོད་པའི་ཁམས་ཀྱི་ཕོ་རྒྱུད་ཀྱི་རུ་ཏྲ་སྡེ་རིས་ཆར་གཏོགས་དང་བཅས་པ་དབང་དུ་བསྡུས༔ ལན་གསུམ་གཟིར་བས་སྟོབས་རྩལ་ནུས་མཐུ་མ་ལུས་པ་བཅོམ༔ རྐེད་པར་ལན་གསུམ་བསྐོར་བས་ནུས་མཐུ་རང་ལ་མི་ལྡོག་པར་གང་སྨོན་པའི་ཕྲིན་ལས་རབ་འབྱམས་བསྒྲུབ་པ་ལ་རང་དབང་ཕུན་སུམ་ཚོགས་པ་བསྐུར༔ གཡོན་དུ་བསྐོར་བས་ཁམས་གསུམ་གྱི་མོ་བརྒྱུད་དུས་མཚན་མའི་སྡེ་རིགས་ཆར་གཏོགས་དང་བཅས་པ་དབང་དུ་བསྡུས༔ གཟིར་བས་སྟོབས་རྩལ་ནུས་མཐུ་མ་ལུས་པ་བཅོམ༔ མདུན་སྟེང་དུ་བསྐོར་བས་མ་རིག་གཉིས་འཛིན་གྱི་འཁྲུལ་བ་རྒྱུ་རྐྱེན་དང་བཅས་པ་དབང་དུ་བསྡུས༔ གཟིར་བས་སྟོབས་རྩལ་ནུས་མཐུ་མ་ལུས་པ་བཅོམ༔ ཕྱོགས་བཅུ་ཀུན་ཏུ་བསྐོར་ཞིང་ཉོན་མོངས་རང་གཟུགས་ཀྱི་མི་སྲུན་དགྲ་འདྲེ་ཐམས་ཅད་དབང་དུ་བསྡུས་ནས་ལིངྐ་ལ་བསྟིམ༔ སྙིང་གར་གཟིར་ཞིང་བསྒྲིལ་བས་གནོད་གདུག་དྲག་ཤུལ་དཔའ་སྟོབས་ཐམས་ཅད་བཅོམ་པར་གྱུར་བར་བསམ་མོ༔ སླར་ཡང་ཕུར་བ་སྙིང་ཁར་ཚད་པ་ཙམ་གྱིས་ཁོའི་ཚེ་བསོད་ནམས་ཆོས་སྲིད་དབང་ཐང་ཐམས་ཅད་ཕུར་བུའི་རྩ་མོར་ཡི་གེ་ནྲ་ལྗང་གུའི་རྣམ་པར་འདྲིལ་བ་ཁོང་སེང་ནས་ཡར་དྲངས་ཏེ༔ རང་ཡི་དམ་གྱི་ཐུགས་ཀར་ཐིམ་པས་རྣལ་འབྱོར་པ་ཚེ་ལྷག་གི་འཚེངས་པར་བསྒོམ༔ ཡང་གཟིར་བས་བཀྲག་མདངས་གཟི་བརྗིད་ནུས་མཐུ་ཐམས་ཅད་འོད་ཀྱི་ལྕུགས་མའི་ཚུལ་དུ་བསྡུས་ནས་ཕུར་བ་ལ་ཐིམ་པས་སྟོབས་ཚད་མེད་པ་དང་ལྡན་པར་བསམ༔ ཡང་ཕུར་བུའི་རྩེ་མོ་ནས་འོད་འཕྲོས་པས་ཁོས་རྒྱུད་ཀྱི་སྡིག་སྒྲིབ་གནས་ངན་ལེན་གྱི་ས་བོན་བག་ཆགས་དང་བཅས་པ་སྦྱངས་ནས་ལུས་ངག་ཡིད་གསུམ་ཤེལ་སྒོང་ཆུའི་བཀྲུས་པ་ལྟར་སྐྱོན་དང་བྲལ་བར་གྱུར༔ སླར་ཡང་ཕུར་བ་ ༼ དབང་པོ་ཡུལ་དུས་ཀྱི་སྒྲོལ་བའོ༔ མཆན། ༽ དབང་པོ་ལྔ་ལ་གདབས་པས་དབང་པོའི་སྒོ་བཀག༔ སྐྱེ་མཆེད་ཀྱི་ཟག་པ་ཟད༔ ཡང་གནས་དྲུག་ཏུ་གདབ་པས་ཉོན་མོངས་པ་དྲུག་གི་འཁྲུལ་བ་དབྱིངས་སུ་བསད༔ དེ་ནས་སེམས་ཀྱི་གནས་ལ་གདབ་པས་རྣམ་ཤེས་ཨཱཿ ༼ ཨཱ་དཀར་བྱ་དཀར་གྱི་དགོངས་པའོ༔ མཆན། ༽དཀར་པོ་འོད་འཚེར་བས་མཚན་མའི་ཐིག་ལེའི་རྣམ་པར་ཕུར་བུའི་རྩེ་མོའི་བླངས་ཏེ༔ ཁོང་སེང་ནས་ཡར་དྲངས་ཏེ་ཕུར་བའི་ལྷ་ཚོགས་རྣམས་ཀྱི་ཞལ་མཐོང་ཞིང་༔ སྐུའི་དབྱིབས་བརྒྱུད་དེ་དབང་བཞི་ཡོངས་སུ་རྫོགས་པ་ཐོབ༔ གཙུག་ཏོར་ནས་ཕྱུང་སྟེ༔ རང་ཉིད་ཡི་དམ་གྱི་ལྷའི་ཐུགས་ཀར་ཐིམ༔ ལྷ་དང་དབྱེར་མེད་དུ་སངས་རྒྱས་ཏེ་དགྲ་བོ་འཚེངས་བར་བསམ་ལ༔ མཐར་ཐུག་ཕཊ་དྲལ་བ་ནི༔ ཧཱུྃ༔ ང་ནི་སྒྲོལ་བྱེད་ཧེ་རུ་ཀ༔ མ་བསྒྲལ་བ་རྣམས་སྒྲོལ་བར་བྱེད༔ མ་གྲོལ་བ་རྣམས་གྲོལ་བར་བྱེད༔ དབུགས་མ་དབྱུངས་རྣམས་དབུགས་དབྱུང་བྱེད༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ བདག་མེད་རྟོགས་པའི་མཚོན་ཆེན་གདབས༔ རྟེན་མེད་གནས་མེད་བདེན་སྟོབས་ཀྱིས༔ ཕྱིན་ཆད་འཁྲུལ་མེད་རྒྱ་ཡིས་གདབས༔ རྩ་སྔགས་མཐར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བྃ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ༔ སོགས་གོང་གི་སྔགས་ཚང་བར་བརྗོད་དོ༔ དེ་ནས་རལ་གྲིའི་གཏུབ་ལ་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཟ་བྱེད་དྲག་པོའི་ལྷ༔ མཉམ་ཉིད་ཧོམ་ཁུང་ཡངས་པའི་ཞལ་ཕྱེས་ཤིག༔ ཚེམས་ཀྱི་ཕྲེང་བ་སྤུ་གྲི་ལྟ་བུའི་རྣོ་དབལ་གཟིང་༔ ལྗགས་ནི་གློག་དམར་བར་སྣང་ཁམས་སུ་རྒྱས་པར་སྐྱོངས༔ འགགས་མེད་མགྲིན་པའི་སྟོང་བཤུལ་ཡངས་པར་དྲོངས༔ ཆོས་ཉིད་ཀ་དག་ཡུམ་ཆེན་ལྟོ་བར་བྲུབ༔ བླང་དོར་བཟང་ངན་བརྟགས་པའི་ཞེན་སྣང་མ་ལུས་པ༔ མཉམ་གྲོལ་ལས་བྱེད་ལྷ་མོའི་བྱ་བ་ཡོངས་སུ་གྲུབ༔ འདི་ནི་ཐབས་གྲོལ་མྱུར་ལ་བདེ་བའི་ཁྱད་ཆོས་ཀྱི༔ དུས་གསུམ་སངས་རྒྱས་མངལ་སྒོ་འགྲིམ་སྟེ་ཨ་ཧོ་ཡེ༔ རྩ་སྔགས་མཐར༔ སརྦ་ཤ་ཏྲུཾ་ཁ་རཾ་ཁཱ་ཧི༔ སརྦ་བིགྣན་ཁ་རཾ་ཁཱ་ཧི༔ སརྦ་ཤ་ས་ན་བིགྣན་ཁ་རཾ་ཁཱ་ཧི༔ སརྦ་ས་ཏྭ་བིགྣན་ཁ་རཾ་ཁཱ་ཧི༔ སརྦ་ཡོ་ག་བིགྣན་ཁ་རཾ་ཁཱ་ཧི༔ སརྦ་སིདྡྷི་བིགྣན་ཁ་རཾ་ཁཱ་ཧི༔ སརྦ་ཨ་མོ་གྷ་བིགྣན་ཁ་རཾ་ཁཱ་ཧི༔ སརྦ་ཀརྨ་བིགྣན་ཁ་རཾ་ཁཱ་ཧི༔ སརྦ་ཨཱ་ཡུཿབིགྣན་ཁ་རཾ་ཁཱ་ཧི༔ སརྦ་བ་སུ་བིགྣན་ཁ་རཾ་ཁཱ་ཧི༔ སརྦ་ཨ་ནུ་བིགྣན་ཁ་རཾ་ཁཱ་ཧི༔ སརྦ་དྷརྨཱ་བིགྣན་ཁ་རཾ་ཁཱ་ཧི༔ སརྦ་ལོ་ཀ་བིགྣན་ཁ་རཾ་ཁཱ་ཧི༔ མཐར༔ མ་ཧཱ་མཾ་ས་ལ་ཁ་རཾ་ཁཱ་ཧི༔ རཀྟ་ལ་ཁ་རཾ་ཁཱ་ཧི༔ ཀེཾ་རུས་ལ་ཁ་རཾ་ཁཱ་ཧི༔ པཉྩ་ལ་ཁ་རཾ་ཁཱ་ཧི༔ ཙ་ཁུག་ལ་ཁ་རཾ་ཁཱ་ཧི༔ ཙིཏྟ་ལ་ཁ་རཾ་ཁཱ་ཧི༔ ཀོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི༔ དབང་པོ་ལྔ་ལ་ཁ་རཾ་ཁཱ་ཧི༔ ཁམས་ཆེན་བཅོ་བརྒྱད་ལ་ཁ་རཾ་ཁཱ་ཧི༔ སྐྱེ་མཆེད་བཅུ་གཉིས་ལ་ཁ་རཾ་ཁཱ་ཧི༔ སརྦ་བིགྣན་དུ་ཁ༔ ཨ་ཁ་རཾ་ཁཱ་ཧི༔ ཞེས་བརྗོད་མཐར་ཚོགས་ཀྱི་ཞལ་བསྟབ་བྱ་བ་ནི་སྲུང་མ་ཤ་ཁྲག་གིས་འཚེངས་བའོ༔ ༧ གཞན་ཡང་ཐུན་གྱིས་གདབས་པ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབར་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད་ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ ལས་སྤྱོད་འབྲས་བུ་གནག་པའི་དགྲ་བགེགས་ཀྱི༔ ལུས་ངག་ཡིད་ལ་ཡུངས་ཐུན་སེར་ལྟར་ཕོབ༔ མིང་གི་ལྷག་མ་མེད་པར་རྡུལ་དུ་རློག༔ རཱ་ཛ་ཙནྡྲ་སརྦ་ས་མ་ཡ་ཛཿཛ༔ སརྦ་ཤ་ཏྲུཾ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཤ་ས་ན་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ས་ཏྭ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཡོ་ག་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་སིདྡྷི་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་མོ་གྷ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཀརྨ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨཱ་ཡུཿབིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བ་སུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་ནུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་དྷརྨཱ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ལོ་ཀ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ ༈ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ ལས་སྤྱོད་འབྲས་བུ་གནག་པའི་དགྲ་བགེགས་ཀྱི༔ ལུས་ངག་ཡིད་ལ་ཁྲག་ཐུན་ཆར་ལྟར་ཕོབས༔ མིང་གི་ལྷག་མ་མེད་པར་རྡུལ་དུ་རློག༔ རཱ་ཛ་ཙནྡྲ་སརྦ་ས་མ་ཡ་ཛཿཛ༔ སརྦ་ཤ་ཏྲུཾ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔སརྦ་ཤ་ས་ན་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ས་ཏྭ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཡོ་ག་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་སིདྡྷི་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་མོ་གྷ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཀརྨ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨཱ་ཡུཿབིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བ་སུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་ནུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་དྷརྨཱ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ལོ་ཀ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུལ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ ལས་སྤྱོད་འབྲས་བུ་གནག་པའི་དགྲ་བགེགས་ཀྱི༔ ལུས་ངག་ཡིད་ལ་དུག་ཐུན་འཚུབ་བཞིན་ཕོབ༔ མིང་གི་ལྷག་མ་མེད་པར་རྡུལ་དུ་རློག༔ རཱ་ཛ་ཙནྡྲ་སརྦ་ས་མ་ཡ་ཛཿཛ༔ སརྦ་ཤ་ཏྲུཾ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔སརྦ་ཤ་ས་ན་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ས་ཏྭ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཡོ་ག་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་སིདྡྷི་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་མོ་གྷ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཀརྨ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨཱ་ཡུཿབིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བ་སུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་ནུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་དྷརྨཱ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ལོ་ཀ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ ལས་སྤྱོད་འབྲས་བུ་གནག་པའི་དགྲ་བགེགས་ཀྱི༔ ལུས་ངག་ཡིད་ལ་མདའ་ཐུན་ཐོག་ལྟར་རྒྱོབ༔ མིང་གི་ལྷག་མ་མེད་པར་རྡུལ་དུ་རློག༔ རཱ་ཛ་ཙནྡྲ་སརྦ་ས་མ་ཡ་ཛཿཛ༔ སརྦ་ཤ་ཏྲུཾ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔སརྦ་ཤ་ས་ན་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ས་ཏྭ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཡོ་ག་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་སིདྡྷི་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་མོ་གྷ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཀརྨ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨཱ་ཡུཿབིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བ་སུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་ནུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་དྷརྨཱ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ལོ་ཀ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ ལས་སྤྱོད་འབྲས་བུ་གནག་པའི་དགྲ་བགེགས་ཀྱི༔ ལུས་ངག་ཡིད་ལ་མཚེ་ཐུན་མཚོན་ལྟར་ཕོབ༔ མིང་གི་ལྷག་མ་མེད་པར་རྡུལ་དུ་རློག༔ རཱ་ཛ་ཙནྡྲ་སརྦ་ས་མ་ཡ་ཛཿཛ༔ སརྦ་ཤ་ཏྲུཾ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཤ་ས་ན་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲིན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ས་ཏྭ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཡོ་ག་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་སིདྡྷི་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་མོ་གྷ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཀརྨ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨཱ་ཡུཿབིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བ་སུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་ནུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་དྷརྨཱ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ལོ་ཀ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ ལས་སྤྱོད་འབྲས་བུ་གནག་པའི་དགྲ་བགེགས་ཀྱི༔ ལུས་ངག་ཡིད་ལ་རྡོ་ཐུན་རྦབ་ལྟར་ཕོབ༔ མིང་གི་ལྷག་མ་མེད་པར་རྡུལ་དུ་རློག༔ རཱ་ཛ་ཙནྡྲ་སརྦ་ས་མ་ཡ་ཛཿཛ༔ སརྦ་ཤ་ཏྲུཾ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔སརྦ་ཤ་ས་ན་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ས་ཏྭ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཡོ་ག་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་སིདྡྷི་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་མོ་གྷ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཀརྨ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨཱ་ཡུཿབིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བ་སུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་ནུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་དྷརྨཱ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ལོ་ཀ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ ལས་སྤྱོད་འབྲས་བུ་གནག་པའི་དགྲ་བགེགས་ཀྱི༔ ལུས་ངག་ཡིད་ལ་གཏོར་ཐུན་རི་ལྟར་བསྙིལ༔ མིང་གི་ལྷག་མ་མེད་པར་རྡུལ་དུ་རློག༔ རཱ་ཛ་ཙནྡྲ་སརྦ་ས་མ་ཡ་ཛཿཛ༔ སརྦ་ཤ་ཏྲུཾ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔སརྦ་ཤ་ས་ན་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ས་ཏྭ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཡོ་ག་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་སིདྡྷི་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་མོ་གྷ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཀརྨ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨཱ་ཡུཿབིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བ་སུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ཨ་ནུ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་དྷརྨཱ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་ལོ་ཀ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ ཅེས་ཀྱང་དམར་བྱར་ཟུར་བཀོལ་གྱི༔ རྣོ་མདེའུ་ཕྱོགས་གཅིག་བསྡེབ་པ་འདི༔ ཤིན་ཏུ་རྣལ་འབྱོར་སྤྱོད་ཡུལ་ལས༔ ཕལ་བས་ཡིད་སྨོན་ཙམ་དུ་བས༔ དེ་ཕྱིར་གནོད་སེམས་མ་མང་ལོ༔ ལྟོག་འགོང་ལག་ཏུ་ཟས་མི་འབྱོར༔ ཟེར་བ་ཅི་ལྟ་དེ་ལྟར་འདིར༔ ཉེ་བར་མཚོན་ནས་སྨྲས་པའོ༔ ཅེས་དམར་རྩིའི་དགའ་ལོ་འབྲོག་འཇིག་ཤེས་རབ་བློ་འཕེལ་རྣམས་ཀྱིས་བསྐུལ་ངོར། དུས་མཐའི་སྔགས་ནག་ག་གཱ་ཨ་བྷྱེས་སོ། །དགེའོ། །དགེའོ། །དགེའོ། །

དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་།

ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲག་པོའི་སྐུར་བཞེངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི༔ བསྒྲལ་འདྲེན་ཐབས་མཁས་རྣམ་རོལ་ལྷུན་གྲུབ་གྱིས༔ དམ་ཚིག་ཐུགས་དམ་ཆེན་པོས་དུས་ལ་བབས༔ རཱ་ཛ་ཙནྡྲ་སརྦ་ས་མ་ཡ་ཛཿཛ༔ སརྦ་ཤ་ཏྲུཾ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔ སརྦ་བིགྣན༴ སརྦ་ཤ་ས་ན་བིགྣན༴ སརྦ་ས་ཏྭ་བིགྣན༴ སརྦ་ཡོ་ག་བིགྣན༴ སརྦ་སིདྡྷི་བིགྣན༴ སརྦ་ཨ་མོ་གྷ་བིགྣན༴ སརྦ་ཀརྨ་བིགྣན༴ སརྦ་ཨཱ་ཡུཿབིགྣན༴ སརྦ་བ་སུ་བིགྣན༴ སརྦ་ཨ་ནུ་བིགྣན༴ སརྦ་དྷརྨཱ་བིགྣན༴ སརྦ་ལོ་ཀ་བིགྣན་ཕྱེ་མ་ཕྱེ་མ་རྡུལ་ཕྲན་ཙིཏྟ་རྦད་ཕོབ་སོད་སོད༔

དགྲ་བོའི་བླ་ཚེ་འགུགས་པའི་སྔགས་བྱང་།

དཀོར་བདག་སྨད་ལེའུ་ནང་འཕྱོངས་ལས༔ དགྲ་བོའི་བླ་ཚེ་འགུགས་པའི་སྔགས་བྱང་བཞུགས་སོ༔

ཨོཾ་བཛྲ་སརྦ་ཤ་ཏྲུཾ་ཨ་མུ་ཁ་ཛ་ཛ༔ སརྦ་རཱུ་པ་ཛ་ཡ་ཏྲི་ཁུག་ཁུག༔ སརྦ་བེ་སྟིང་མ་ཁུ་ར་ཏ་ཁུག་ཛ༔ སརྦ་ཀ་ཡ་ཝཀྐ་ཙིཏྟ་ཁུག་ཛ༔ སརྦ་ཏྲི་ཛ་བིགྣན་ཁུག་ཛ༔ སརྦ་ཡཀྴ་བིགྣན་ཁུག་ཛ༔ སརྦ་བིགྣན་རཀྴ་ཁུག་ཛ༔ སརྦ་བིགྣན་མ་ནུཥྛ་ཁུག་ཛ༔ སརྦ་སྲི་ཏི་ཙ་ལ་ཁུག་ཛ༔ སརྦ་ན་ཙ་ཏྲི་ལ་ཁུག་ཛ༔ སརྦ་ཁུ་ར་བྷེ་ཡ་ཁུག་ཛ༔ ཏིཥྛ་བཛྲ་ཏིཥྛུ་ཏ་ཤྲ་མ་ཡ༔ ཅེས་དང་༔ ཡང་ཚེ་འགུགས་པའི་སྔགས་ནི༔ སརྦ་ཤ་ཏྲུཾ་ཨཱ་ཡུར་ཁུག་ཛ༔ སརྦ་པུཎྱེ་ཏི་ན་ཁུག་ཛ༔ སརྦ་མ་ཏི་ར་ལ་ཁུག་ཛ༔ སརྦ་ཀ་ཐ་བི་ནན་ཁུག་ཛ༔ སརྦ་ཨ་ཤུ་ཊ་བྷེ་ཝི་ཏ་ལ་ཁུག་ཛ༔ སརྦ་ཧུ་ཐུ་ཤེ་གི་ཡཀྵ་ཁུག་ཛ༔ སརྦ་ཨི་བྷ་ཡ་བྷྱ་ཀ་ཨ་ནུ་པ་ཏ་ཁུག་ཛ་ཛ༔ ཅེས་ཀྱང་སྔགས་བསྒྲགས་ནས༔ ཉེ་བར་མི་གནས་པའི་རཀྟ་དང་༔ ཤ་སྣ་གང་རྙེད༔ རུས་རྐང་སོགས་ཀྱི་རྫས་བྲབ་པས་རྟེན་ལ་འགུགས་ཅིང་དབབ་པོ༔ སྟོང་ཉིད་ཀྱི་རྣལ་འབྱོར་ཤེས་རབ་བློ་འཕེལ། །ཆོས་ཉིད་ཀྱི་ངང་ལ་རང་བཞག་གི་ཏིང་འཛིན༔ ང་ཉིད་ཀྱི་ནན་ཏན་ལན་བརྒྱ་རུ་གསོལ་ཀྱང་། །དེ་ཉིད་ཀྱི་ཞེན་ལོག་ཕྱིར་ཞིང་ཡང་བསྐྱེད་ཐལ། །བཀྲ་ཤིས་རྡོ་རྗེ་ནས་སོ། །ག་གཱས་སོ། །ཟོར་དུས༔ མ་རཱ་ཡ་ཕོབ་ཛ༔ བེ་དྷ༔ ཧ་ན༔ བེ་དྷ༔ ཧ་ན༔ བྷ་ཛ་བ་ཀ་རི༔ པྲ་ར་མ་ནུ་ཁུ་ཁ་མ་ཐུ་ར་ཀ་རེ༔ པནྜི་ནསྟི་ཀུ་རུ་དགྲ་བགེགས་མ་རཱ་ཡ་ཕཊ་བྷྱོ༔ མནན་པ༔ ཀ་ར་ཎི་ནྲ་ཏྲི་མ་ར་ཡཱ་རྦད་ནན་ནན༔ ཆིངས་ཆིངས༔ བླ་འགུགས༔ ཀ་ར་ནྲ་ཏྲི་ཨ་ཀ་ར་ཤཱ་ཡ་ཛ༔

བཀའ་སྲུང་གཉན་པོའི་དམོད་བཅོལ་དུས་ཀྱི་ཞགས་པ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ བཀའ་སྲུང་གཉན་པོའི་དམོད་བཅོལ་དུས་ཀྱི་ཞགས་པ་ཞེས་བྱ་བ་བཞུགས་སོ༔

བི་ཧ་ར་སྨ༔ ཧོ་དགོངས་སུ་གསོལ་ལོ༔ ལན་གསུམ༔ ན་མོ་བརྒྱུད་གསུམ་རིག་འཛིན་གྱི་བླ་མ༔ རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་གནས་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ༔ དམ་ཅན་ཆོས་སྐྱོངས་རྒྱ་མཚོ༔ ཁྱད་པར་དུ་རྣལ་འབྱོར་བདག་ལ་མགོན་སྐྱབས་སྡོང་གྲོགས་བྱེད་པའི་བསྲུང་མ་གཉན་པོ་གནོད་སྦྱིན་དམར་ནག༔ གཟའ་མཆོག་ར་ཧུ་ལ༔ ལྷ་ཆེན་དབང་ཕྱུག་ཆེན་པོ༔ སྔགས་བསྲུང་ཤ་ཟ་ཧོར་མོ༔ ཡིད་བཞིན་དབང་གི་རྒྱལ་པོ༔ མགོན་པོ་ལྷ་དམག་བྱེ་བ་དུང་ཕྱུར༔ སྔགས་ཀྱི་བདག་མོ་ཨེ་ཀ་ཛ་ཊི་ལ་སོགས་པའི་ཕོ་རྒྱུད་མོ་རྒྱུད་དྲེགས་པའི་སྡེ་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་འཁོར་དང་བཅས་པ་ཁྱེད་ཅག་གི་རིག་འཛིན་བཀའ་བརྒྱུད་བླ་མས་བཀའ་བསྒོ་དང་༔ རང་རང་གི་སྔོན་གྱི་ཡལ་གམ་གཉན་པོ་རྗེས་སུ་དྲན་པར་གྱིས་ལ༔ ཞིང་བཅུ་ཚང་བའི་དགྲ་བོ༔ ཉམས་པ་བདུན་དང་ལྡན་པ༔ རྣལ་འབྱོར་རྣམས་ཀྱི་ལྟག་བདུད༔ སངས་རྒྱས་བསྟན་པའི་ཆོམ་པོ༔ ཉེས་མེད་ཡོངས་ལ་གནོད་ཅིང་༔ རང་གཞན་ཕུང་ལ་སྦྱོར་བ༔ རིགས་ཆད་པ༔ ལས་གནག་པ༔ སྙིང་རྗེས་སྡིག་འཕྲོ་གཅོད་འོས་པ༔ བསྐྱངས་ན་འཁོར་བའི་གཏིང་རྡོར་འགྱུར་བ༔ བསད་ན་བསྟན་པའི་ཆེ་བ་འབྱིན་པ༔ བཞག་ན་ལྷ་ལ་མཐུ་མེད་པར་མཐོང་བ༔ དགེ་འདུན་གྱི་དབུ་འཕང་སྨད་པ༔ མི་དགེ་བཅུ་བོ་དང་དུ་ལེན་པ༔ ཐར་བའི་ལམ་ལ་རྒྱབ་ཀྱིས་ཕྱོགས་པ༔ ངན་སོང་གསུམ་ལ་ཁྲུས་བཞིན་འཇུག་པ་རྣམས་ཀྱི་ཤ་ཁྲག་རུས་གསུམ་ཚེ་བསོད་ནམས༔ ཁ་རྗེ་དབང་ཐང་༔ སྲོག་ལུས་རླུང་རྟ༔ བླ་གཟའ་སྙན་གྲགས་དང་བཅས་པ་ཐམས་ཅད་བྲག་དམར་ཐོག་གིས་གཏོར་བ་བཞིན་འཇུག་དུ་རློག་ཅིག༔ མར་མེ་རླུང་གིས་བསད་པ་བཞིན་དུ་སོད་ཅིག༔ སྒོང་ང་བྲག་ལ་བརྒྱབ་པ་བཞིན་ཏུ་ཆོས་ཤིག༔ ས་མཁར་སྒྱོགས་རྡོས་བཤིགས་པ་བཞིན་ཏུ་བསིགས་ཤིག༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་སོད་ཅིག༔ ལྗོན་ཤིང་ལ་སྟེ་རེས་བརྒྱབ་པ་བཞིན་ཏུ་ཆོད་ཅིག༔ རྩ་ཕུང་མེ་ལ་བསྲེགས་པ་བཞིན་ཏུ་དངོས་མེད་དུ་ཐོངས་ཤིག༔ གཏི་མུག་གི་དོན་སྙིང་དམར་པོ་ཁུང་ནས་དྲོངས་ཤིག༔ འདོད་ཆགས་ཀྱི་སྙིང་ཁྲག་དོན་མོ་ཧུབ་ཀྱིས་འཐུང་ཞིག༔ ཞེ་སྡང་གི་ཀེང་རུས་དཀར་བོ་ཆེམ་ཆེམ་གསོལ་ཞིག༔ ཡན་ལག་གི་དྭངས་མ་མགོ་ཚལ་པ་བརྒྱ་རུ་ཁོས་ཤིག༔ དབང་པོའི་དྭངས་མ་མིག་ཅུར་འབྱིན་དུ་ལོངས་ཤིག༔ བདག་བཟུང་གི་དྭངས་མ་ལུས་དུམ་གཏུབས་ཤིག༔ ཡ་ཐོད་ཀྱིས་ཉི་མ་འདེ་རུ་ཆུག་ཅིག༔ མ་ཐོད་ཀྱིས་ས་འགམ་དུ་ཆུག་ཅིག༔ ལྕེ་ལྐོགས་མ་ནས་ཕྱུངས་ཤིག༔ གནམ་གྱི་འཇུ་ཐག་ཆོད་ཅིག༔ ས་ཡི་རྟེན་ཕུར་ཕུད་ཅིག༔ ཚེ་ཡི་རྒྱུན་ཐག་ཆོད་ཅིག༔ སྲོག་གི་མར་མེ་བསྣུབས་ཤིག༔ ལས་མཐའི་ཚེ་ཚད་ཀྱི་འཕེན་རྫོགས་མ་སྒུག༔ ལོ་ཟླ་ཞག་དུས་ཀྱི་འགྱང་མ་བསྐྱེད༔ ནང་འདྲེས་འཁོན་བསྡུམ་ལ་སྙན་མ་གཡར༔ བཟློག་བསྲུང་བཀོད་གསུམ་ལ་བག་མ་ཟ་བར༔ རྣལ་འབྱོར་བ་ཡིད་མ་བསད༔ བསྟན་དགྲ་ལངས་ལ་མ་ཤོར༔ ཆོས་སྐྱོངས་མཐུ་མ་རྡུགས༔ སྐྱེ་བོས་ཡ་ག་མ་ཉོ་བར་ཐལ་བ་བརྡུལ་ཕྲན་ཏུ་བརླག་པའི་ཕྲིན་ལས་མཛོད་ཅིག༔ ལོ་ཐོག་སེར་བས་བཅོམ་པ་བཞིན་ཏུ་དངོས་མེད་དུ་ཐོངས་ཤིག༔ སྦལ་བ་རྨ་ཅན་གྱིས་གཞན་ཕུང་བ་བཞིན་དུ་དགྲ་བོའི་གྲོང་ཁྱེར་ཕྱགས་མས་ཐོབ་ཅིག༔ ཆུ་བོ་ཐུར་རྒྱུག་གི་གཞུང་བཞིན་ཏུ་ཁ་རྗེ་རྨེག་མེད་དུ་ཐོངས་ཤིག༔ མདོར་ན་གནས་སྐབས་ཀྱི་ལེགས་པའི་ཡོན་ཏན་ཐམས་ཅད་ཟླ་བ་མར་འགྲིབ་ཀྱི་དུས་དང་མཚོན་ལ༔ མི་འདོད་སྣ་དགུ་དང་གདོང་སྤྲོད་ཅིག༔ མཐུ་སྟོབས་དང་ནུས་པའི་རང་གཟུགས་སྟོན་ཅིག༔ ལས་ངན་གྱི་སྡིག་རྒྱུན་ཆོད༔ རྣམ་ཤེས་དག་པའི་ཞིང་ཁམས་སུ་དྲོངས་ཤིག༔ མཐར་ཐུག་གི་བདེ་ལེགས་ཕུན་སུམ་ཚོགས་པའི་གཞི་ཚུགས་ཤིག༔ ཨོཾ་ས་མ་ཡཱ༔ ཨཱཿས་མ་ཡཱ༔ ཧཱུྃ་ས་མ་ཡཱ༔ བཛྲ་ས་མ་ཡཱ་དགྲ་བགེགས་གནོད་བྱེད་ཐམས་ཅད་མ་ར་ཡ་ཕཊ༔ ཅེས་ཀྱང་ག་གཱ་ཨ་བྷྱེ་ནས་སོ། །བཀྲ་ཤིས་པར་གྱུར་ཅིག །

དཀོར་སྲུང་དབང་གི་རྒྱལ་པོའི་ཟོར་བཟློག་དགྲ་བགེགས་དཔུང་འཇོམས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ དཀོར་སྲུང་དབང་གི་རྒྱལ་པོའི་ཟོར་བཟློག་དགྲ་བགེགས་དཔུང་འཇོམས་བཞུགས་སོ༔

བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྣལ་འབྱོར་གང་ཞིག་དབང་ཐོབ་ཀྱི༔ བསྙེན་བསྒྲུབ་ཟབ་མོ་མཐར་ཕྱིན་ནས༔ ལས་ལ་སྦྱོར་བར་འདོད་པ་ཡི༔ མངོན་སྤྱོད་ཕྲིན་ལས་འདི་ལ་འབད༔ གསང་སྔགས་ཐབས་ཀྱི་སྒོ་ཡངས་བས༔ གདབ་པ་ཕུར་བུའི་ལས་དང་གཅིག༔ འཕང་བ་ཟོར་གྱི་ལས་དང་གཉིས༔ བསྲེགས་པ་ཧོམ་གྱི་ལས་དང་གསུམ༔ མནན་པ་བྲོ་ཡི་ལས་རྣམས་ཏེ༔ དང་པོའི་རྣམ་ཤེས་དབྱིངས་སུ་བསྒྲལ༔ གཉིས་པས་ལྔ་ཕུང་རྡུལ་དུ་བརློག༔ གསུམ་པས་ལྷ་ཚོགས་ཀློང་དུ་སྟིམས༔ བཞི་བས་མངོན་སྤྱོད་མགོ་འདོན་བྱེད༔ གཞན་ཡང་ལས་ཆེན་བཅུ་གཉིས་སོགས༔ བསམ་གྱིས་མི་ཁྱབ་རྣམ་པར་ཐར༔ རྨད་བྱུང་མཆོག་གི་ཆོ་འཕྲུལ་ལས༔ སྐབས་སུ་བབས་པའི་ཟོར་བྱང་ལ༔ གཏོར་ཟོར་ཤིན་ཏུ་རྔམས་པ་ནི༔ དཀྱིལ་འཁོར་ལྷ་གྲངས་དང་མཉམ་པ༔ ཁ་དོག་དམར་ནག་ཚོན་གྱིས་བསྒྱུར༔ གཞན་ཡང་ཟོར་རྐོང་ཆུང་བ་དགུ༔ རང་རང་རྫས་དང་ལྡན་པ་ལ༔ དྲག་པོའི་མཆོད་པས་གཡོན་དུ་བསྐོར༔ ལས་སྦྱོར་དུས་སུ་དྲག་བསྙེན་གྱིས༔ སྟག་མདའི་དམག་ཚོགས་འབར་བར་བརླབས༔ ཐུགས་དམ་བསྐུལ་ནས་བཟློག་ཟོར་གདབས༔ དེ་ལྟར་ཤོམས་བཀོད་ལ་སོགས་པའི༔ ས་བཅད་རྣམ་པ་ལྔ་ཡོད་དོ༔ དང་པོ་གསུམ་པོ་སྨོས་གྲུབ་ནས༔ བཞི་བ་སླར་ཡང་གསལ་གདབས་པ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་༴ གཏོར་ཆེན་མི་དམིགས་པ་སྟོང་པའི་ངང་ལས་ཡི་གེ་རཱཿནག་པོ་གཅིག་ཏུ་གྱུར༔ ཨོཾ་བཛྲ་ཏཱ་ན་ཤྲཱི་ཧོ༔ ཞེས་བརྗོད་པས་ཕྱག་མཚན་སྤེན་གྲི་མེ་འབར་བའི་རྣམ་པར་ཤར༔ ཧཱུྃ་ཧེ་རུ་ཀ་ཛྭ་ལ་ཀྲོ་ཏཱ་ཀཱ་ཡ་ཛ་ཛ༔ ཞེས་པའི་རྐྱེན་སྔགས་ཀྱིས་སྒྲོལ་བྱེད་ལས་ཀྱི་དཔའ་བོ་ཆེན་པོ་དྲེགས་པ་ཆེ་དགུའི་གཉའ་ནོན༔ དགྲ་འདུལ་གསོད་པའི་བཤན་པ༔ བགེགས་མཐར་བྱེད་པའི་ཁྲོ་བོ༔ ཕུང་དགུ་བསྒྱུར་བའི་དྲང་སྲོང་༔ ཁམས་གསུམ་ཟ་བྱེད་ཀྱི་སྲིན་པོ༔ བསྟན་པ་བསྲུང་བའི་རྭ་གུར༔ རྒབ་འདྲེ་ཀུན་ཐུབ་ཀྱི་གཤེད་མ༔ སྟག་མདའ་མགོན་པོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ཞལ་གདེང་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་གཙིག་པ༔ སྤྱན་ནས་ཁྲག་གི་སྐྱིན་ཐང་གཏོང་ཞིང་༔ ཤངས་ནས་བསྐལ་པའི་རླུང་ནག་འཚུབས་པ༔ ཞལ་ནས་ཨ་ཧའི་གད་རྒྱང་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་སྒྲོགས་པ༔ རལ་བ་དམར་སེར་ལས་མེ་འབར་བས་སྲིད་པ་ལྷ་ཁམས་གཞོབ་ཏུ་བསྲེགས་པ༔ ཕྱག་གཡས་སྒྲོལ་བྱེད་སྤེན་གྲི་ནམ་མཁའ་ལ་ཕྱར་བས་ཉམས་པ་དུས་གཅིག་ལ་བཤའ་བ༔ ཕྱག་གཡོན་དུག་ཐུན་གྱི་ཕུང་ཟོར་གཟིང་ཞིང་བསྟོད་དེ་བཟུང་བས་གང་ལ་གནག་པ་ཕུང་ཤུལ་དགུ་འགྱེལ་དུ་གཏོང་བ༔ ཞབས་གཉིས་རྡོག་རྡེབ་མཛད་པས་སྲིད་གསུམ་ཡོམ་ཡོམ་ཤིག་ཤིག་ཏུ་གཡོ་བ༔ སྐུ་ལས་བསྐལ་བའི་མེ་ཆེན་འབར་ཞིང་བ་སྤུ་གནམ་ལྕགས་ཀྱི་སྤུ་གྲི་གཟིང་བའི་ཚ་ཚྭའི་ཉམས་བྱེད་ཚལ་བར་གཏུབས་པ༔ འོད་ཟེར་ཁྲོ་ཁྱུང་ལྕགས་སྡིག་ནད་དུག་གི་རླངས་པ་འཕྱོ་བས༔ གནོད་བྱེད་བརྒྱལ་རྨོངས་རེངས་བར་བྱེད་པ༔ སྐུ་སྟོད་ལ་ཞིང་གི་གཡང་གཞི༔ རྐེད་པར་གླང་ཆེན་གྱི་ཀོ་རློན༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ བྱུག་པའི་རྩི་གསུམ་སོགས་དུར་ཁྲོད་ཀྱི་ཆོས་༼ ཆས་དཔྱད། ༽ཡོངས་སུ་རྫོགས་ཤིང་༔ སྦྲུལ་དང་མགོ་ཕྲེང་གི་འཕྱང་འཕྲུལ་དང་༔ མཆོད་ཕྱུར་ཏོག་ཙིཏྟ་་འབར་བ་འོག་ལྤགས་ལ་སླེབས་པ༔ སྒེག་མཛེས་འཇིགས་བརྗིད་བཟོད་པར་དཀའ་བའི༔ སྐུ་སྟོད་ཀྱི་ཆ་ལ་བཀའ་བརྒྱུད་བླ་མ༔ རྐེད་པ་བར་གྱི་ཆ་ལ་ཡི་དམ་སྒྲུབ་སྡེ༔ སྐུ་སྨད་ཀྱི་ཆ་ལ་མཁའ་འགྲོ་ཆོས་སྐྱོངས༔ དབུ་གཙུག་ཏོར་གྱི་གོ་རུ་ཞི་ཁྲོ་རྒྱུད་སྡེའི་ལྷ་ཚོགས་དབུ་རྒྱན་ཚུལ་དུ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་ཏུ་རྫོགས་པའི་འཁོར་དུ༔ ཐུགས་གསུང་སྐུ་དང་ཡོན་ཏན་གྱི་རྒྱལ་ཆེན་རིགས་བཞི་ལ་ཕྱོགས་སྐྱོངས་དྲེགས་དཔོན་ལྷ་སྲིན་སྡེ་བརྒྱད་དཀར་ཕྱོགས་སྐྱོངས་པའི་དམག༔ དཔུང་ཚོགས་ཡན་ལག་བཞིའི་རྣམ་པ་གཡུལ་ཤོམས་པ་ལྟར་འཚོགས་པ༔ ཐམས་ཅད་ཀྱང་གསོད་གཅོད་བཟློག་བསྒྱུར་གྱི་ལས་ལ་གཅིག་ཏུ་གཞོལ་བའི་རང་བཞིན་དུ་མ་ངོམས་པའི་གནས་གསུམ་རྡོ་རྗེའི་སྙིང་པོ་ལས་འོད་འཕྲོས་པས་མེ་རི་འབར་བའི་དུར་ཁྲོད༔ པདྨ་དབང་གི་དཀྱིལ་འཁོར༔ འཇིག་རྟེན་མཆོད་བསྟོད་ཀྱི་དལ༔ དྲག་སྔགས་དམོད་པའི་དཀྱིལ་འཁོར་དང་༔ སྡེ་བཞིའི་དཔལ་གྱིས་བརྒྱན་པའི་གྲུ་ཕྱོགས་ནས་ཡེ་ཤེས་པ་དང་དམ་ཚིག་སྤྲུལ་པའི་འཁོར་ལོ་ཡང་སྤྲུལ་ཕྱག་བརྙན་བཀའ་སྡོད་དང་བཅས་པ་སྤྱན་དྲངས་ཏེ་གཟུགས་བརྙན་ཏིང་ངེ་འཛིན་གྱི་རོལ་མོ་དང་གཉིས་མེད་དུ་ཐིམ་པར་བསམ༔ དེ་ཡང་ལས་སྦྱོར་གྱི་མཐར་བཟློག་ཟོར་བྱིན་གྱིས་བརླབས་པའི་ཕྱིར་ལྷར་བསྐྱེད༔ སྤྱན་འདྲེན་མཆོད་བསྟོད་རྗེས་སུ་ཕྱོགས་བཅུའི་ཡེ་ཤེས་འཇིག་རྟེན་རྩ་གསུམ་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ནུས་པ་ཐམས་ཅད་འོད་མཐིང་ནག་གི་རྣམ་པར་ཡང་ཡང་ཐིམ་པས་དཔལ་ཕྱག་ན་རྡོ་རྗེའི་བྱིན་ནུས་ཀྱང་འཇིག་པར་བྱེད་པའི་རང་བཞིན་ཅན་དུ་བྱིན་གྱིས་བརླབས་པར་བསམ༔ ཞེས་པའི་མཐར་བཟློག་ཟོར་གཟི་བྱིན་བསྐྱེད་པའི་སྔགས་མང་དུ་བཟླས་མཐར་དཀྱིལ་འཁོར་ལྷན་རྒྱས་ལ་མཆོད་བསྟོད༔ བཟོད་གསོལ༔ ཚོགས་འཁོར་བསྐོར་བ་སོགས་བྱས་ནས༔ ལྷག་མའི་མཐར་བཟློག་པ་བྱ་བ་ཡིན་ལ༔ ཉིན་རྗེས་མར་དེ་ལྟར་བྱས་ནས་ཆད་ཐོའི་རྗེས་སུ་ཟོར་བཟློག་བྱས་ཀྱང་ཆོག་པར་མངོན་ལ༔ བཟློག་པ་སྔོན་མ་ལ་བྱས་ཀྱང་འདྲའོ༔ དེ་ལ་བཟློག་པ་ནི༔ ཧཱུྃ་བྷྱོ༔ རབ་འཇིགས་མེ་རི་འབར་བའི་ཕོ་བྲང་ནས༔ མི་བསྲུན་རུ་ཏྲ་འདུལ་བའི་ཧེ་རུ་ཀ༔ སྟོབས་ཀྱི་སྟོབས་འཕགས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་སྤྱི་དཔལ་པདྨ་དབང་གི་རྒྱལ༔ དགོངས་ཀློང་ཆོས་ཀྱི་དབྱིངས་སུ་མཉམ་བཞག་ཀྱང་༔ཐབས་ཀྱིས་སྣང་གཟུགས་འཁོར་བའི་སྒོར་བསྟུན་ནས༔ ཞི་རྒྱས་དབང་དྲག་སྣ་ཚོགས་ཆུ་ཟླ་བཞིན༔ འགྲོ་ལ་ཕན་པའི་མཛད་པ་བསམ་མི་ཁྱབ༔ རེ་ཞིག་བདུད་འཇོམས་དྲག་པོའི་སྐུར་སྣང་བ༔ མྱུར་མགྱོགས་མཐུ་ཆེན་གནོད་སྦྱིན་སྟག་མདའ་གདོང་༔ སྐུ་གསུང་ཐུགས་ཡོན་ལྷུན་གྲུབ་རྒྱལ་ཆེན་ལྔ༔ སྤྲུལ་འཁོར་རུ་འདྲེན་ཕོ་ཉ་ལྷ་སྲིན་སྡེ༔ རི་རབ་ཐལ་བར་བརླག་པའི་ཤུགས་ལྡན་ཅིང་༔ རྒྱ་མཚོ་ཧུབ་ཀྱིས་འདྲེན་པའི་མགྲིན་པ་བདེ༔ ཁམས་གསུམ་ཟས་སུ་བཟའ་བའི་ལྟོ་བ་ཡངས༔ རྩི་ཤིང་གྲངས་སུ་དམན་པའི་ཡང་སྤྲུལ་བཅས༔ མ་གཡེལ་མ་འགྱུང་སྐད་ཅིག་ད་ལྟ་ནས༔ ཞིང་བཅུ་ཚང་པའི་དམ་ཉམས་སྡིག་ཅན་རྣམས༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛད་པའི་ཕྱིར༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་དང་རང་གནས་ནས༔ མཛོད་ཅིག་བཟློག་བསྒྱུར་མངོན་སྤྱོད་ཕྲིན་ལས་མཛོད༔ ཧཱུྃ་ཛ༔ དོན་རྟགས་རྒྱན་དུ་ངོམས་པའི་སྙིང་པོ་ལས༔ མཚོན་དེ་སྔོན་རབས་ཀུན་ནས་མངའ་འབུལ་བ༔ བཟློག་བསྒྱུར་རང་དབང་ཐོབ་པའི་ཆོ་ཡིན་པའི༔ ངེས་དངོས་ངེས་ཤེས་ལྡན་པའི་ཡིད་ཆེས་ཀྱིས༔ བདེན་པ་མངོན་དུ་བརྡར་ནས་འཕྲིན་གསོལ་ཏེ༔ ཐ་སྙད་སྒྲོ་བཏགས་ཚིག་ཏུ་མི་འཁྱམས་པའི༔ སྟོབས་ཀྱི་ཕ་རོལ་ཕྱིན་པ་ཐོབ་ཁྱོད་ན༔ རེ་འབྲས་དོན་དང་ལྡན་མཛོད་ཧེ་རུ་ཀ༔ ཧཱུྃ་ཛ་བྷྱོ༔ གར་དགུའི་ཉམས་ཀྱིས་བརྗིད་པའི་ཁྲག་འཐུང་དཔལ༔ ཡི་དམ་ཆོས་སྐྱོངས་དབྱེར་མེད་དབང་གི་རྒྱལ༔ འབར་བའི་གཟི་བརྗིད་ཚད་མེད་མངའ་བདག་གིས༔ ས་དགུའི་གཡོ་འཁྲུགས་ཡེ་ཤེས་ཀློང་དགུར་བཟློག༔ སྐུ་མདོག་དུས་ཀྱི་མུན་ལྟར་གནག་པ་ཡིས༔ མ་རིག་མུན་པ་རིག་པའི་ཀློང་དུ་བཟློག༔ སྐུ་ཆེ་ཡན་ལག་རབ་ཏུ་རགས་པ་ཡིས༔ གཏི་མུག་འཁྲུལ་འཁོར་ཆོས་ཀྱི་དབྱིངས་སུ་བཟློག༔ སྐུ་ལ་ཞིང་གླང་སྟག་ལྤགས་གསོལ་བ་ཡིས༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་དབྱིངས་སུ་བཟློག༔ སྐུ་ལ་བྱུག་པའི་རྩི་གསུམ་ཚང་བ་ཡིས༔ འདོད་ཆགས་སོར་རྟོགས་ཡེ་ཤེས་དབྱིངས་སུ་བཟློག༔ སྦྲུལ་རིགས་ལྔ་ཡི་ཆུན་པོའི་བརྒྱན་པ་ཡིས༔ ཞེ་སྡང་མེ་ལོང་ཡེ་ཤེས་དབྱིངས་སུ་བཟློག༔ འཁོར་དུ་ཕྲ་མེན་ཟ་གསོད་བཀོལ་བ་ཡིས༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་དབྱིངས་སུ་བཟློག༔ བསྐལ་བ་དུས་མཐའི་མེ་ཆེན་འབར་བ་ཡིས༔ འགལ་བྱེད་མཚན་འཛིན་ཡེ་ཤེས་ངང་དུ་བཟློག༔ བ་སྤུ་ཆུ་གྲི་ངར་མས་གཏམས་པ་ཡིས༔ བརྒྱད་ཁྲིའི་ཉོན་མོངས་ཆོས་ཕུང་དབྱིངས་སུ་བཟློག༔ ཧཱུྃ་བྷྱོ༔ རལ་པ་དམར་སེར་སྲིད་རྩེར་གཟེངས་པ་ཡིས༔ གཟུགས་མེད་ཁམས་ཀྱི་ཟག་པ་ཆོས་སྐུར་བཟློག༔ དབུ་ཡིས་གཟུགས་ཀྱི་ཆགས་པ་ལོངས་སྐུར་བཟློག༔ སྐུ་ཡི་བཀོད་པ་འདོད་པའི་ཁམས་སུ་ངོམས༔ གནས་རིས་ཉི་ཤུའི་ཟག་པ་སྤྲུལ་སྐུར་བཟློག༔ ཐིག་ལེ་ཉག་གཅིག་བརྗིད་པའི་བཞིན་བཟང་གིས༔ བདག་འཛིན་སྲིད་རྩ་ཆོས་ཀྱི་དབྱིངས་སུ་བཟློག༔ སྤྱན་གསུམ་སྲིད་གསུམ་ས་ལེར་གཟིགས་པ་ཡིས༔ དུས་གསུམ་ཆགས་ཐོགས་རིགས་གསུམ་ངང་དུ་བཟློག༔ སྙན་ཤལ་གསལ་བའི་རྒྱན་དང་ལྡན་ཟུང་གིས༔ རྟག་ཆད་ལྟ་བ་བདེན་གཉིས་ངང་དུ་བཟློག༔ ཤངས་ནས་འཇིག་དུས་རླུང་ནག་འཚུབས་པ་ཡིས༔ གཟུང་འཛིན་སྲོག་རྩ་སྐྱེ་མེད་ཆེན་པོར་བཟློག༔ མཆེ་བ་བཞི་བོ་གངས་རི་ལྟར་གཙིགས་པས༔ བདུད་བཞིའི་རྒྱུ་བ་ཚད་མེད་རྣམ་བཞིར་བཟློག༔ ཚེམས་ཕྲེང་ལྔ་བཅུ་རྩ་བརྒྱད་ཟླ་ཚེས་པས༔ སེམས་བྱུང་འཁྲུལ་འཁོར་ཡེ་ཤེས་འཁོར་ལོར་བཟློག༔ གཡས་གཡོན་ཕྱག་ནི་གཉིས་སུ་ངེས་པ་ཡིས༔ དཀར་དམར་རྒྱུ་བ་དབུ་མ་ཆེན་པོར་བཟློག༔ ཞབས་གཉིས་འདོར་སྟབས་ཚུལ་གྱིས་རུ་ཏྲ་མནན༔ སྐྱེ་བ་རྣམ་བཞི་ཕྲིན་ལས་བཞི་ལ་བཟློག༔ ཕྱག་ཞབས་སོར་མོ་ཉི་ཤུ་ལྕུག་པ་ཡིས༔ འཁོར་ཆོས་སྟོང་ཉིད་ཉི་ཤུའི་ངང་དུ་བཟློག༔ སོར་མོའི་ཚིགས་ཕྲན་དྲུག་ཅུ་ཐམ་པ་ཡིས༔ དབྱུག་གུ་དྲུག་ཅུའི་འཁྲུལ་འཁོར་དབྱིངས་སུ་བཟློག༔ བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་ཡངས་པ་ཡིས༔ གཟུགས་ཀྱི་འཁྲུལ་འཁོར་རྣམ་སྣང་དབྱིངས་སུ་བཟློག༔ ལོངས་སྤྱོད་འཁོར་ལོའི་དཀྱིལ་འཁོར་ཡངས་པ་ཡིས༔ འདུ་ཤེས་སྣང་བ་མཐའ་ཡས་ཀློང་དུ་བཟློག༔ ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡངས་པ་ཡིས༔ རྣམ་ཤེས་རྡོ་རྗེ་སེམས་དཔའི་ཀློང་དུ་བཟློག༔ སྤྲུལ་པའི་འཁོར་ལོའི་དཀྱིལ་འཁོར་ཡངས་པ་ཡིས༔ ཚོར་བའི་འཁྲུལ་འཁོར་རིན་འབྱུང་ཀློང་དུ་བཟློག༔ བདེ་སྐྱོང་འཁོར་ལོའི་དཀྱིལ་འཁོར་ཡངས་པ་ཡིས༔ འདུ་བྱེད་དོན་ཡོད་གྲུབ་པའི་ཀློང་དུ་བཟློག༔ ཡན་ལག་ཚིགས་ཆེན་བཅུ་གཉིས་འཁོར་ལོ་ཡིས༔ སྐྱེ་མཆེད་བཅུ་གཉིས་འཁྲུལ་པ་དབྱིངས་སུ་བཟློག༔ གསུང་ལ་བདེན་དོན་བཅུ་གཉིས་རྫོགས་པ་ཡིས༔ རྟེན་འབྲེལ་བཅུ་གཉིས་འཁྲུལ་པ་དབྱིངས་སུ་བཟློག༔ ཐུགས་ལ་སྟོང་ཉིད་བཅོ་བརྒྱད་རྩལ་རྫོགས་པས༔ བཅོ་བརྒྱད་ཁམས་ཀྱི་འཁྲུལ་འཁོར་དབྱིངས་སུ་བཟློག༔ སྐུ་ལ་དཔལ་གྱི་ཆས་བཅུའི་བརྗིད་པ་ཡིས༔ ས་བཅུའི་སྒྲིབ་རྟོག་ཕར་ཕྱིན་ངང་དུ་བཟློག༔ དུར་ཁྲོད་ཆོས་ཚུལ་བརྒྱད་དང་ལྡན་པ་ཡིས༔ ཚོགས་བརྒྱད་རུ་ཏྲ་ཡེ་ཤེས་ཆོས་སྐུར་བཟློག༔ ཧཱུྃ་བྷྱོ༔ སྐུ་ཡི་བཀོད་པ་གདུལ་བྱའི་ཡུལ་དུ་ངོམས༔ ལུས་ཀྱི་བག་ཆགས་སྤྲུལ་པའི་སྐུ་ལ་བཟློག༔ ཞལ་ནས་ཨ་ཧའི་གད་རྒྱང་སྒྲོགས་པ་ཡིས༔ ངག་གི་བག་ཆགས་ལོངས་སྤྱོད་རྫོགས་སྐུར་བཟློག༔ ཐུགས་ནི་ཡེ་ནས་འཁྲུལ་བ་མི་མངའ་བས༔ རྣམ་རྟོག་རྒྱུ་བ་ཆོས་ཀྱི་སྐུ་ལ་བཟློག༔ ཡོན་ཏན་སྣང་ཆ་མ་འདྲེས་ཅིར་ཡང་རྫོགས༔ ཉོན་ཡིན་མངོན་པར་བྱང་ཆུབ་དབྱིངས་སུ་བཟློག༔ ངོ་བོ་སྣང་སྟོང་དབྱེར་མེད་སྤྲོས་ཀུན་བྲལ༔ སེམས་ཀྱི་ཀུན་གཞི་མི་འགྱུར་རྡོ་རྗེར་བཟློག༔ ཧཱུྃ་ཛ་བྷྱོ༔ མི་འཇིགས་བཞི་ལྡན་བདུད་འཇོམས་དཀྱིལ་འཁོར་ནས༔ ཞེ་སྡང་རྒྱན་དུ་ཤར་བའི་ཐལ་བ་སྐྱོངས༔ སྐུ་ཡི་ལྷ་ཚོགས་བྱེ་བས་འཁོར་གྱིས་བསྐོར༔ སྡུག་བསྔལ་ཞི་བ་ཆེན་པོའི་ངང་དུ་བཟློག༔ རྫུ་འཕྲུལ་རྐང་བཞི་ལྡན་པའི་དཀྱིལ་འཁོར་ནས༔ ང་རྒྱལ་རྒྱན་དུ་ཤར་བའི་དོན་གྲུབ་རྒྱལ༔ ཡོན་ཏན་ལྷ་ཚོགས་བྱེ་བས་འཁོར་གྱིས་བསྐོར༔ དབུལ་ཕོངས་རྒྱས་པ་ཆེན་པོའི་ངང་དུ་བཟློག༔ དབང་བཅུ་ཕུན་སུམ་ཚོགས་པའི་དཀྱིལ་འཁོར་ནས༔ འདོད་ཆགས་རྒྱན་དུ་ཤར་བའི་ངག་གི་དབང་༔ གསུང་གི་ལྷ་ཚོགས་བྱེ་བས་འཁོར་གྱིས་བསྐོར༔ གཞན་དྲང་བདག་དབང་ཆེན་པོའི་ངང་དུ་བཟློག༔ ཕྲིན་ལས་རྣམ་བཞི་གྲུབ་པའི་དཀྱིལ་འཁོར་ནས༔ ཕྲག་དོག་རྒྱན་དུ་ཤར་བའི་སྟག་མདའ་གདོང་༔ ལས་མཛད་ལྷ་ཚོགས་བྱེ་བས་འཁོར་གྱིས་བསྐོར༔ མི་མཐུན་སོ་སོ་ཡང་དག་ཀློང་དུ་བཟློག༔ སྟོབས་བཅུའི་མི་དགེ་འཇོམས་པའི་དཀྱིལ་འཁོར་ནས༔ གཏི་མུག་རྒྱན་དུ་ཤར་བའི་ཙནྡྲ་གསལ༔ ཐུགས་ཀྱི་ལྷ་ཚོགས་བྱེ་བས་འཁོར་གྱིས་བསྐོར༔ མཐར་ལྟ་མི་གནས་ཡེ་ཤེས་ཀློང་དུ་བཟློག༔ ཧཱུྃ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ངོ་བོ་ཉིད༔ དབུས་ཀྱི་གཙོ་མཆོག་ཡིད་བཞིན་དབང་གི་རྒྱལ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལྷ་ཀླུའི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ངོ་བོ་ཉིད༔ ཤར་གྱི་དབང་ཕྱུག་ཐལ་སྐྱོང་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དྲི་ཟའི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ངོ་བོ་ཉིད༔ ལྷོ་ཡི་དབང་ཕྱུག་དོན་གྲུབ་རྒྱལ་པོ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཤིན་རྗེའི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ པདྨ་གསུང་གི་ལྷ་ཚོགས་ངོ་བོ་ཉིད༔ ནུབ་ཀྱི་དབང་ཕྱུག་ཝ་ཀི་པཱ་ལ་ཁྱེད༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཆུ་ལྷའི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ ཕུར་བ་ཕྲིན་ལས་ལྷ་ཚོགས་ངོ་བོ་ཉིད༔ བྱང་གི་དབང་ཕྱུག་དྲག་པོ་སྟག་མདའ་མགོན༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གནོད་སྦྱིན་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ མ་མོ་རྦོད་གཏོང་འདུས་པའི་ངོ་བོ་ཉིད༔ མདུན་གྱི་རུ་འདྲེན་བུད་མེད་ནག་མོ་འབུམ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མེ་ལྷའི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ རིག་འཛིན་སློབ་དཔོན་འདུས་པའི་ངོ་བོ་ཉིད༔ གཡས་ཀྱི་རུ་འདྲེན་བནྡྷེ་དགྲ་བཅོམ་འབུམ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ འབོད་སྒྲོགས་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ འཇིག་རྟེན་མཆོད་བསྟོད་འདུས་པའི་ངོ་བོ་ཉིད༔ རྒྱབ་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རླུང་གི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ དམོད་པ་དྲག་སྔགས་འདུས་པའི་ངོ་བོ་ཉིད༔ གཡོན་གྱི་རུ་འདྲེན་བནྡྷེ་སྔགས་ནག་བརྒྱ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དབང་ལྡན་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ ཛ༔ བྷྱོ༔ ཕྱི་འཁོར་དྲེགས་པའི་སྡེ་དཔོན་སུམ་ཆུ་དང་༔ དཔལ་མགོན་ལྷ་སྲིན་སྡེ་བརྒྱད་དཀར་ཕྱོགས་སྐྱོང་༔ དཔུང་ཚོགས་ཡན་ལག་བཞི་ཡིས་རྔམ་པ་ལ༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་དམ་པ་འབུལ༔ གྲུབ་པ་བཞི་དང་ལྡན་པའི་རང་བཞིན་གྱིས༔ དམ་ཚིག་འདི་ནི་དེང་དུ་བཞེས་སུ་གསོལ༔ དམ་ཚིག་འདི་ནི་དེང་དུ་བཞེས་ནས་ཀྱང་༔ བཟློག་བསྒྱུར་ཕྲིན་ལས་མ་ལུས་མཛད་དུ་གསོལ༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨད༔ དགེ་འདུན་སྡེ་དཀྲུགས་མཐའ་བཞིའི་དམག་སྣ་འདྲེན༔ སྐྱེ་འགྲོའི་བདེ་སྐྱིད་འཕྲོགས་པར་བྱེད་པ་དང་༔ ཕུང་དགུའི་སྣ་འདྲེན་བགྱིད་པའི་དགྲ་གདོན་བགེགས༔ བསམ་ངན་སྦྱོར་རྩུབས་ཞིང་བཅུ་ཚང་བ་དང་༔ བྱ་བྱེད་རྦོད་གཏོང་བྱེད་པ་ཐམས་ཅད་ཀྱི༔ ལུས་ངག་ཡིད་དང་སྟོབས་འབྱོར་དབང་ཐང་གི༔ སྟེང་དུ་བཟློག་བསྒྱུར་ལོག་རྡུགས་འབྱམས་མ་བྱེད༔ བྷྱོ༔ ཡང་ཅིག་བཟློག་ཅིང་བསྒྱུར་བ་ནི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ མོ་ལྟས་པྲ་རྟགས་ངན་པ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ རྨི་ལམ་མཚན་མ་ངན་པ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ གློ་བུར་དགུ་བཅུ་རྩ་དགུ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ གཤིས་ངན་འགུམ་པ་བརྒྱད་ཅུ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཕོ་གདོན་ཡོངས་ཀྱི་རྒོལ་ངན་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ མོ་གདོན་ཡོངས་ཀྱི་རྒོལ་ངན་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཕྱོགས་བཅུའི་དྲེགས་པའི་རྒོལ་ངན་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ བན་སྔགས་ཡོངས་ཀྱི་ནུས་མཐུ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ གཤིན་བོན་ཡོངས་ཀྱི་མཐུ་བྱད་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ མུ་སྟེགས་ཀླ་ཀློའི་ངན་སྔགས་མཐུ༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཀེག་རིགས་བཞི་བརྒྱ་ལྔ་བཅུ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ སྲི་ངན་ཆེན་པོ་བཅུ་གསུམ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཆགས་ཆེན་ཉམ་ང་ཐམས་ཅད་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཆོས་སྐྱོངས་ཡོངས་ཀྱི་རྒོལ་ངན་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ སྐྱེ་འགྲོ་ཕོ་མོའི་དམོད་སྔགས་མཐུ༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ བཀྲ་མི་ཤིས་པའི་དངོས་པོ་ཀུན༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ རྦད་འདྲེ་རྦོད་གཏོང་ངན་པའང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཕུར་ཁ་བྱུར་ཁ་ངན་པའང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ བྲ་མཆུ་ལ་ཉེ་ངན་པའང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཟ་འདྲེ་ཤི་གཤེད་ངན་པའང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ དུར་ངོ་གྲི་ངོ་སྨས་ངོ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ རྫོགས་བྱང་བསྒྲུབ་བའི་བར་ཆད་བདུད༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ མི་མཐུན་ཕྱོགས་རྣམས་ཐམས་ཅད་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ མི་འདོད་ཉེ་བར་འཚེ་བ་ཀུན༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཡོངས་ལ་གནོད་པའི་སྟེང་དུ་བཟློག༔ བདེ་སྐྱིད་འཕྲོགས་པའི་སྟེང་དུ་བཟློག༔ སྡུག་ལ་སྦྱོར་བའི་སྟེང་དུ་བཟློག༔ སྒོང་ང་བྲག་ལ་བརྡབས་པ་བཞིན༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ རྩ་སྦུར་མེ་ལ་བསྲེགས་པ་བཞིན༔ ལྷག་མ་རྗེས་ཤུལ་མེད་པར་མཛོད༔ ཨོཾ་རཱ་ཛ་ཙནྡྲི་ཀྲོ་ཏ་ས་པཱ་རི་ཝ་ར་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་བྷྱོ་བཟློག་བཟློག༔ སརྦ་ཤ་ཏྲུཾ་དགྲ་བགེགས་གནོད་བྱེད་ཀྱི་སྟེང་དུ་རྒྱུག་རྒྱུག༔ དགྲ་བོའི་རང་མཐུ་རང་ལ་བཟློག་བཟློག༔ རང་ལས་རང་ལ་བཟློག་བཟློག༔ རང་མཚོན་རང་ལ་བཟློག་བཟློག༔ རང་ཕུང་རང་བརླག་ཏུ་ཐོངས་ཤིག༔ སྲོག་ལ་མྱོག་མྱོག་རྦད་བཟློག༔ ཙིཏྟ་གཟེར་ཐུཾ་རྦད་བཟློག༔ ཨེ་ཧུར་ཐུམ་ཏྲིག་ནན་རྦད་ཛ་བྷྱོ་བཟློག༔ ཅེས་བརྗོད་རྒྱུན་དུ་བསྐུལ་གསོལ་ཞིང་༔ གཏོར་མའི་ལྷ་ཚོགས་ཐམས་ཅད་ཀྱིས༔ བཟློག་ཅིང་བསྒྱུར་བའི་ལས་མཛད་བསམ༔ འཕང་བ་ཟོར་ལ་སྐབས་བབས་དུས༔ ཡེ་ཤེས་ལྷ་ཚོགས་རང་ལ་བསྟིམ༔ བྱིན་རླབས་དངོས་གྲུབ་ཐོབ་པར་བསམ༔ དམ་ཚིག་པ་རྣམས་མཚོན་ཆར་བསྒྱུར༔ འཕང་བ་ཙམ་གྱིས་དགྲ་བགེགས་ཀུན༔ རྗེས་ཤུལ་མེད་པར་བརླག་པར་བསམ༔ བརྟན་མ་བསྐྱང་རྗེས་གཏོར་གཞོང་སྟེང་༔ ལས་མི་འཇིག་ཕྱིར་རྟ་བྲོ་འབྲེལ༔ དེ་ཡིས་མངོན་སྤྱོད་ཕྲིན་ལས་འགྲུབ༔ དགྲ་བོ་འཆི་བདག་ཡིན་ཡང་འཇོམས༔ སངས་རྒྱས་བསྟན་པའི་རྭ་བ་དང་སེམས་ཅན་བདེ་སྐྱིད་ལྕགས་རི་བྱེད༔ ས་མ་ཡཱ༔ རྡོ་རྗེའི་བྲག་ལ་གཏེར་དུ་སྦོས༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ཅེས་ཀྱང་ཡུལ་མེད་རྟག་ཏུ་གནག་པའི་བསམ་སྦྱོར་ཅན། དྲག་པོ་མངོན་སྤྱོད་ལ་གཙིགས་སུ་བྱེད་པ་ཤེས་རབ་བློ་འཕེལ་དང་འབྲོག་འཇིག་གཉིས་གྱིས་བསྟན་འགྲོའི་དོན་དུ་བསྐུལ་བ་བཀྲ་ཤིས་པར་གྱུར་ཅིག །ག་གཱ་ཨ་བྷྱེས་གཅོས་གཏམ་སོ། །བརྡ་ཡིག །ཡང་བཟློག་གྲངས་བསོགས་ན་ཉུང་བར་འདོད་པས༔ ཧཱུྃ་ཛ་བྷྱོ༔ ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད༔ དཀོར་བསྲུང་དམ་ཅན་རྒྱ་མཚོའི་མཐུའི༔ ལུས་ཀྱི་བར་ཆད་མི་མཐུན་ཕྱོགས༔ སྐུ་ཡི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ ངག་གི་བར་ཆད་མི་མཐུན་ཕྱོགས༔ གསུང་གི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ སེམས་ཀྱི་བར་ཆད་མི་མཐུན་ཕྱོགས༔ ཐུགས་ཀྱི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ དཔལ་འབྱོར་བར་ཆད་མི་མཐུན་ཕྱོགས༔ ཡོན་ཏན་སྟོབས་ཀྱིསབཟློག་ཅིང་བསྒྱུར༔ སྦྱོར་བའི་བར་ཆད་མི་མཐུན་ཕྱོགས༔ ཕྲིན་ལས་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ ལྟ་ངན་སུམ་བརྒྱ་དྲུག་ཅུ་ཡང༔ མཁྱེན་པའི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ ནད་མུག་མཚོན་བསྐལ་ངན་པ་ཡང་༔ བརྩེ་བའི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ རྒྱ་འདྲེ་འགོང་བོའི་ཆོ་འཕྲུལ་ཡང་༔ ནུས་པའི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ ཐན་ལྟས་རྨི་ལམ་མཚན་མ་ངན༔ ཆོས་སྐུའི་བདེན་པས་བཟློག་ཅིང་བསྒྱུར༔ བན་བོན་ཀླ་ཀློའི་བྱད་ཕུར་ཀུན༔ ལོངས་སྐུའི་བདེན་པས་བཟློག་ཅིང་བསྒྱུར༔ སྡེ་བརྒྱད་ལྷ་འདྲེའི་གནོད་གདུག་སྲི༔ སྤྲུལ་སྐུའི་བདེན་པས་བཟློག་ཅིང་བསྒྱུར༔ མ་བཟློག་གནོད་བྱའི་བདག་རྟོག་ཀུན༔ བདག་མེད་མཐའ་བྲལ་ཆེན་པོར་བཟློག༔ གང་གིས་གནོད་པའི་ཕྱོགས་ངན་ཀྱང་༔ གཞི་མེད་རྩ་བ་བྲལ་བར་བཟློག༔ གང་དུ་བཟློག་པའི་འགལ་བྱེད་ཀྱང་༔ ཡུལ་མེད་ཟང་ཐལ་ཆེན་པོར་བཟློག༔ རཱ་ཛ་ཙནྡྲི་ས་མ་ཡཱ༔ སརྦ་ཤ་ཏྲུཾ་མ་ར་ཡ་བྷྱོ་བྷྱོ་བཟློག་བཟློག༔ འབྲོག་འཇིག་ངོར་ཤྲཱི་བས་སོ། །ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ དབང་དྲག ༼ ཕུར་པ་རོལ་བའི་༴ དབང་གི་རྒྱལ་པོའི་༴ བདུད་འདུལ་དྲག་མོའི་༴ ཚོགས་ཆེན་འདུས་པའི་༴ སོགས། ཁ་བསྒྱུར་རོ། །༽རོལ་བའི་མཐུ་སྟོབས་དང་༔ བདེན་གཉིས་ཟབ་མོའི་བདེན་སྟོབས་ཀྱིས༔ བྱད་བྱུར་གཏད་ཁྲམ་ངན་པ་དང་༔ སྣང་སྲིད་ལྷ་འདྲེའི་རྒོལ་ངན་དང་༔ ཐན་ལྟས་རྨི་ལམ་མཚན་མ་ངན༔ མི་མཐུན་མི་འདོད་ཉེར་འཚེའི་ཕྱོགས༔ མ་ལུས་བཟློག་བསྒྱུར་དབྱིངས་སུ་སོལ༔ ཨེ་ས་མ་ཡ་བྷྱོ་བྷྱོ༔ བཟློག་བཟློག༔ ཅེས་ཀྱང་ཉེར་མཁོའི་ཆེད་དུ་ག་གཱས་སོ། །

གནོད་སྦྱིན་དཀོར་གྱི་བདག་པོའི་ནོར་སྒྲུབ་འཁོར་ལོའི་བསྒྱུར་བའི་དཔལ་སྟེར།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་ནོར་སྒྲུབ་འཁོར་ལོའི་བསྒྱུར་བའི་དཔལ་སྟེར་བཞུགས་སོ༔

བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ གནོད་སྦྱིན་དཀོར་གྱི་བདག་པོ་ཡི༔ ནོར་སྒྲུབ་ཕྱྭ་གཡང་འགུག་འདོད་པས༔ དབང་དང་རྒྱས་པའི་གནས་མཆོག་ཏུ༔ བུམ་གཏེར་ལ་སོགས་སྒྲུབ་པའི་རྟེན༔ སྤྱི་ལྟར་གཡང་རྟེན་གཡང་འགུགས་རྫས༔ ཚེ་སྒྲུབ་པ་ཡི་ཡང་ཚ་མཐོང་༔ སྐྲ་དང་ཆོས་ཀྱི་མཐོ་བས་ཟག༔ ཤ་ལྔ་བདུད་རྩི་ལྔ་ཡང་དགོས༔ རིན་ཆེན་ལྔ་དང་རྫས་རྟགས་ཚོགས༔ ༼ གསེར་དངུལ་ཟངས་ལྗོན་ཟི་ཁྱིམ། ༽༈ སྲ་ ༼ པྲ་དཔྱད། ༽སེན་སྒྲུབ་ན་དེ་ཡི་ཆས༔ རྡོ་རྗེ་རོ་ལངས་སྒྲུབ་པ་ལ༔ རལ་གྲི་འབར་དང་རིལ་བུ་ལ༔ མཁའ་འགྲོ་བརྒྱ་ཡི་སྒྲོ་གླད་རིལ༔ ཚབ་མང་ཐང་དཀར་རྒོད་པོ་སྟེ༔ མིག་སྨན་སྒྲུབ་ལ་ ༼ པས་ཞེས་དཔེ་གཅིག་སྣང་། ༽ བྱན་ཟས་ནི༔ བཅུད་ཀྱི་རྡོ་ཡི་སྲིད་ལ་རོལ༔ སྡུད་པའི་རྫས་ལ་མིག་བརྒྱད་དང་༔ ཁྱད་པར་རི་བྲག་ཟང་ཐལ་རྫས༔ ལ་སོགས་ཐུན་མོང་སྣ་ཚོགས་པ༔ སྒྲུབ་པའི་ཚུལ་ནི་བརྒྱད་ཚན་ཏེ༔ ༈ འདིར་ནི་སྲིད་ནོར་ཟས་བསྒྲུབ་པ༔ རྣམ་གྲངས་གསུམ་ལས་ཐ་མ་གཉིས༔ ཆུན་གཅིག་པ་ལ་འགོང་བོ་བཀར༔ གཞན་ནས་དགུགས་དང་བརྟེན་བྱེད་པའི༔ གཏད་པ་རྣམ་པ་བཞི་ཡིས་བསྡུས༔ ལར་ནི་རྩ་བའི་གཞུང་བཟུང་ནས༔ རྩ་སྔགས་ཉི་མ་བདུན་དུ་བྱས༔ གཤམ་དུ་སྔགས་འདི་བཟླ་བར་བྱ༔ བདག་མདུན་གཙོ་བོའི་ཐུགས་ཀ་ནས༔ འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ནས༔ དེ་བཞིན་གཤེགས་པའི་ཐུགས་དམ་བསྐུལ༔ དབང་བྱིན་དངོས་གྲུབ་སྤྲུལ་བའི་སྐུ༔ མ་ལུས་པར་ནི་འུབ་ཀྱིས་སྩལ༔ ཚུར་བསྡུས་བདག་ལ་ཐིམ་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཞུ་བདེ་ཐོབ༔ སླར་ཡང་སྲིད་པའི་ཁམས་སུ་འཕྲོས༔ བརྟན་པ་རྣམས་ཀྱི་ཁམས་བཅུད་དང་༔ གཡོ་བའི་ཚེ་དང་བསོད་ནམས་དང་༔ བཀྲག་མདངས་ནུས་མཐུ་ཐམས་ཅད་པ༔ བསྡུས་ཏེ་བདག་ལ་སྩལ་བ་དང་༔ གནས་ཁང་བང་མཛོད་ཐམས་ཅད་ཀུན༔ མེར་མེར་དིང་དིང་གང་བར་བསམ༔ ཨོཾ་སརྦ་ཛྙ་ན་ཏ་ཐ་གཱ་ཏ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ ཅེས་བརྒྱ་རྩའམ་ཐུན་ཕྱེད་དང་ ༼ རཱ་ཛ་ཙནྡྲ་ས་མ་ཡ་ཧཱུྃ་ཛ༔ ༽ ཐུན་ཕྱེད་དུ༔ ༼ དབང་གི་བསྙེན་དམིགས༔ ༽ ཨ་རཱ་ཙ་ཙནྡྲ་ས་མ་ཡ༔ དྷེ་ཝ་མ་ནུ་ཥི་ཡ་མ་ར་ཙ་ཕུ་དུ་ནཱ་ག་ལོ་ཀ་ཤྲཱི་ཝ་ཤཾ་ཀུ་རུ་ཧོ༔ ༼ དབང་བསྙེན་གསོལ་མཆོད་རྒྱས་བསྡུས་རྣམས་ཀྱི་རྗེས་མཆོད་བསྟོད་མངའ་གསོལ་འཕྲིན་བཅོལ་ ༽ ཞེས་པ་བསྒྲངས་ནས་རྟགས་མཚན་མངོན་དུ་མ་བྱུང་བར་བྱས་མཐར༔ འགོང་བོ་བཀར་བ་ནི༔ རི་བོང་མགོ་བོ་རྙེད་ན་རབ༔ མིན་ན་ངར་གླུད་བསེ་རག་གཟུགས༔ བྱས་ལ་འགུགས་གཞུགས་ལན་གསུམ་བྱས་དེ་ཡང་འདི་ལྟར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཡི་དམ་རྒྱུད་སྡེ་བཞི་དྲུག་གི༔ བྱིན་རླབས་ཐུགས་རྗེ་ནུས་སྟོབས་དང་༔ དཀོར་བསྲུང་ཆེན་པོའི་ཕྲིན་ལས་ཀྱིས༔ གནོད་བྱེད་ཚེ་རྐུ་སྲོག་གཅོད་དང་༔ མདངས་འཕྲོག་ཟས་དང་ནོར་ལ་རྔམས༔ ཁྱད་པར་བསེ་རག་གཞོན་ནུ་པ༔ འཁོར་དུ་ཡི་དྭགས་སྡེ་ཚན་ཅན༔ ཀ་ཆ་དཀོར་ཆ་སླས་ཁྱིམ་མཚེས༔ སྡེ་ཡུལ་གྲོང་ཁོག་ཐམས་ཅད་དང་༔ སྤྱིར་གྱི་ཁམས་གསུམ་གར་གནས་ཀྱང་༔ བྱང་ཆུབ་སེམས་ཀྱི་བྱིན་རླབས་དང་༔ ཆོས་ཅན་ཆོས་ཉིད་བདེན་སྟོབས་ཀྱིས༔ དམིགས་རྟེན་བླ་ཟོག་འདི་ལ་ཁུག༔ སརྦ་མིགྣན་ཨ་ཀརྴ་ཛ༔ ཨཾ་ཀུ་ཤ་ཛ་ཛ༔ དེ་ནས་ངར་མི་དེ་ཉིད་ཡི་དྭགས་དངོས་སུ་གསལ་ལ་ཆང་གླུད་གོས་དང་ཟས་སྣ་འབྲུ་དྲུག་ལ་སོགས་པ་དང་གསེར་དངུལ་ཟངས་ལྕགས་ལ་སོགས་པ་དང་གོས་དུམ་སྤུ་སྣ་དྲི་གསུར་ལ་སོགས་བཏད་ལ༔ སྔགས་དྲུག་ཕྱག་དྲུག་དང་མཚན་བཞི་བརྗོད་ལ་བརླབས༔ ཀྱཻ༔ བསེ་རག་རྒྱལ་པོ་ཆེན་པོ་དང་༔ ཡི་དྭགས་རྒྱལ་མོ་ཁ་འབར་མ༔ཁྱེད་ཅག་སྟོན་པ་སངས་རྒྱས་དང་༔ ཀ་ཏ་ཡ་ན་གྲོ་བཞིན་སྐྱེས༔ སྤྱན་རས་གཟིགས་ཀྱི་ཞལ་ཡང་མཐོང་༔ སྔ་ནས་འཇིག་རྟེན་ཕྱིར་བསྙེལ་ཀྱང་༔ ཐབས་ཀྱིས་གཞན་དོན་གང་འདུལ་བས༔ གནོད་གདུག་རང་མཚན་མི་བྱེད་མོད༔ འོན་ཀྱང་འཁོར་དུ་འཁོད་པ་ཡི༔ ཡིད་ལ་མི་དགའ་མེད་ལ་དགའ༔ གང་ལ་མི་དགའ་སྟོང་ལ་དགའ༔ འབྱོར་ན་མི་དགའ་རྒུད་ན་དགའ༔ སྐྱིད་ལ་མི་དགའ་སྡུག་ལ་དགའ༔ ཕྱུག་ལ་མི་དགའ་ཕོངས་ན་དགའ༔ རྟག་ཏུ་བསམ་སྦྱོར་གནོད་པར་བྱེད༔ ཚོལ་ཀྱང་མི་རྙེད་དབང་འབྲས་ཅན༔ རྙེད་ཀྱང་མི་དགའ་འགྱུར་བའི་རྒྱུ༔ ལྟོག་ཕོངས་དབུལ་བའི་རྣམ་པར་སྨིན༔ གཞན་གནོད་མྱོང་བ་རྒྱུ་མཐུན་ཅན༔ ཀུན་ལ་ངེས་པར་བཀའ་བསྒོས་ཤིག༔ ཆགས་འཇུང་གནོད་གདུག་མ་བྱེད་ཅིག༔ གལ་ཏེ་བྱེད་པ་རྒྱུ་མཐུན་ན༔ སླར་ནས་ངན་སོང་གཏིང་རྡོ་བྱེད༔ དེ་ཡང་རྣམ་སྨིན་སྡུག་བསྔལ་འཁོར༔ རང་ལ་བྱམས་བརྩེ་གྲུང་པོར་གནས༔ བདག་ནི་སྔགས་འཆང་རྣལ་འབྱོར་བས༔ སྲིད་ཞིའི་དཔལ་ལ་འཁུ་བ་ཡི༔ ཟག་མེད་ཡེ་ཤེས་བྱིན་རླབས་ཅན༔ ལྷ་རྫས་གོས་དར་རོ་བརྒྱ་ལྡན༔ ཕུན་སུམ་ཚོགས་པའི་འདོད་ཡོན་སྤྲིན༔ དེ་བཞིན་གཤེགས་པའི་གཞན་བརྟེན་གྱི༔ རྫུ་འཕྲུལ་བཀོད་པས་ཕབ་ཀྱིས་བྲན༔ འཇིག་རྟེན་སྐྱེ་བོའི་དབང་བཙན་པས༔ རྩིས་ཆེན་ཡོ་བྱད་སྣ་བཀྲམ་སྟེ༔ བསེ་རག་རྒྱལ་བོའི་གཞན་བརྟེན་པས༔ ཡིད་ཀྱི་ལོག་པའི་འདུ་ཤེས་བརྟན༔ སྤྱན་རས་གཟིགས་པས་གཞན་བརྟེན་པས༔ སྙིང་རྗེ་ཆེན་པོའི་རྔམས་མཐར་བྱུང་༔ གསང་སྔགས་རིག་སྔགས་གཞན་བརྟེན་པས༔ བསླུ་མེད་རྟེན་འབྲེལ་དུས་སྒོ་དབྱེ༔ སྟོན་ཆེན་འདི་ལ་མི་འགོང་བར༔ ནོར་གྱི་བདག་པོའི་དངོས་གྲུབ་མཛོད༔ ཁྱེད་རང་རྣམས་སུ་གཏེར་སྒོ་དབྱེ༔ བཅོམ་ལྡན་འདས་ཀྱི་མཁྱེན་བརྩེ་དང་༔ ནུས་སྟོབས་ཡི་དམ་བྱིན་རླབས་ཀྱིས༔ བསྔོས་པ་བཞིན་ཏུ་ཐོབ་པར་ཤོག༔ སཾ་བྷ་རས་བསྔོ། ཆོས་སྦྱིན་བྱས་ལ༔ དེ་ནས་བླ་རྟེན་འདོད་དགུར་བཅས༔ ལོ་དགྲ་ཅན་གྱིས་རིང་བོར་བསྐྱལ༔ ཉིན་གཅིག་ཕྱི་ལ་མི་ལྡོག་གནད༔ སླར་ཡང་བཀའ་བསྒོ་བ་ནི༔ ཀྱཻ༔བསེ་རག་རྒྱལ་བོའི་ལམ་སྣ་དྲོངས༔ ད་ནི་རང་གི་གནས་སུ་དེངས༔ སྣང་བ་མཐའ་ཡས་ཞིང་དུ་ལྟོས༔ རང་སེམས་དག་ན་དེ་ལྟར་ཡིན༔ མ་དག་པ་ལ་མོས་པ་བསྒྱུར༔ གལ་ཏེ་དེ་ལྟར་མ་མཐོང་ཀྱང་༔ ཕྱིན་ཆད་ཕྱོགས་འདིར་མ་རྒྱུ་ཞིག༔ ཁྱོད་ལ་ཕན་པ་མེད་ཀྱི་སྟེང་༔ གཞན་ལ་གནོད་པའི་ལས་འབྲས་བུ༔ བསླུ་བར་མི་འགྱུར་ཕྱིར་ཞིང་གདུངས༔ དེ་བས་བཀའ་ལ་ཉན་པར་གྱིས༔ གལ་ཏེ་བཀའ་གཅོག་གསུང་རྐུ་ན༔ བདག་ཉིད་ཡི་དམ་ཁྲོ་བོ་དང་༔ དྲེགས་པ་བཀའ་ཡི་བསྲུང་མ་ཡིས༔ མགོ་བོ་ཚལ་བར་འགེམས་ཏ་རེ༔ དེ་བས་བྱང་ཆུབ་སེམས་བསྐྱེད་ལ༔ སྤྱན་རས་གཟིགས་དང་དཀོན་མཆོག་གསུམ༔ ཡིད་ལ་གྱིས་དང་ཕྱིན་ཆད་ཀྱང་༔ ལྟོག་ཕོངས་དབུལ་བ་ངེས་པར་ཞི༔ སླད་ནས་འཁོར་བ་མཐའ་ཅན་ནོ༔ མ་ཎི་བརྒྱ་ཚར་བརྗོད་དེ་ཐམས་ཅད་ཀྱི་རྒྱུད་ལ་ཞི་བ་བྱང་སེམས་སྐྱེས་པར་བསམ་ལ་རང་གནས་སུ་དེངས་བར་བསམ༔ སླར་ཡང་འཁུ་བ་ལ༔ ཧཱུྃ༔ ང་ནི་ཁྲོ་བོ་ཆེན་པོ་སྟེ༔ འཁོར་དུ་ཡེ་ཤེས་འཇིག་རྟེན་ཚོགས༔ ནམ་མཁའི་སྐར་ལྟར་འཁྲིགས་པ་ཡི༔ ཐུགས་ལས་མཚོན་ཐུན་དཔག་མེད་འཕྲོས༔ དྲག་པོ་རོལ་བའི་ཕྲིན་ལས་ཀྱིས༔ བཀའ་ལ་མི་ཉན་སྡིག་ཅན་རྣམས༔ བསྒྲལ་འདྲེན་སྙིང་རྗེ་ཁྲོ་བོར་སྤྱོད༔ ཨ་སུམ་བྷ་ནི༴ མ་ཧཱ་ཀྲོ་ཏ་སོགས་ཐུན་གྱིས་བྲབ་པོ༔ མཚམས་གཅོད་ནི༔ ཧཱུྃ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི༔ བྱིན་རླབས་མཐུ་སྟོབས་རྡོ་རྗེ་ཡིས༔ གཞོམ་བྲལ་ལྷུན་གྱིས་གྲུབ་པའི་གུར༔ ཅིས་ཀྱང་མི་ཆོད་མི་ཤིགས་གྱུར༔ བཛྲ་ཙཀྲ་རཀྵ༔ ༼ ཁྲུས་བསང་ ༽ དེ་ནས་གཡང་འགུགས་པ་ལ༔ གཡང་རྫས་བཀྲམ་པ༔ བྱིན་གྱིས་རླབས༔ ནོར་ལྷ་སྤྱན་འདྲེན༔ གཏོར་འབུལ༔ གཡང་འབོད་དངོས་དང་ལྔ་ལས་དང་པོ་ནི༔ སྔར་གྱི་རྫས་རྣམས་སྟེང་ཉིད་དུ༔ གཡང་ཆང་དཀར་གསུམ་མངར་གསུམ་དང་༔ བུམ་པ་འབྲི་བརྒྱས་མར་ཁུའི་བཀང་༔ དཔག་བསམ་ཤིང་དང་འདོད་འཇོའི་བ༔ མ་རྨོས་ལོ་ཐོག་གཟུགས་སུ་བཅའ༔ ཡང་ན་ཙན་དན་མ་རྨོས་ཐོག༔ འདོད་འཇོའི་བ་ཡང་བྱུ་རུའི་བཟོ༔ ཏིལ་དང་སྨན་དང་འབྲས་བུའི་རིགས༔ མར་ལུག་ཐུད་དཀར་རྡར་མ་དང་༔ ཟླ་བ་གསལ་བའི་དུང་དང་ནི༔ ཐལ་སྐྱོང་བཻཌཱུརྱ་ཝ་གིའི་པད༔ སྟག་མདའི་མར་གད་ལ་སོགས་པ༔ སྡེར་མ་རིན་ཆེན་བརྒྱ་ཡིས་བཀང་༔ མ་འབྱོར་སྔ་མ་རྣམས་ཀྱིས་འཐེར༔ གཏོར་མ་རིན་ཆེན་གཟུགས་ཅན་གཅིག༔ ཕྱོགས་སུ་བ་ལིང་བདུན་ནམ་ཅི་མང་བ༔ ལྷ་ཡི་གྲངས་ལྟར་བྱས་ལ་ནི༔ བརྟེན་མཆོད་ཚོམ་བུ་གཉིས་སུ་བཅད༔ དང་པོ་ལྷར་བསྐྱེད་གཉིས་པ་མཆོད༔ དེ་ནས་བྱིན་རླབས་སྤྲིན་གཟུངས་དང་༔ སྔགས་དྲུག་ཕྱག་དྲུག་གིས་བརླབས༔ རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་སྐད་ཅིག་གིས་མཆོད་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་དགྱེས་པ་བསྐྱེད་པའི་འདོད་ཡོན་མ་ཚང་མེད་པ་སྤྲོ་བའི་གཞན་འཕྲུལ་དབང་བྱེད་ཀྱི་བཀོད་པ་ལས་འཕགས་པའི་རང་བཞིན་ཅན་ཏུ་གྱུར་བར་བསམ༔ དེ་ནས་གཡང་ལྷ་བསྐྱེད་པ་ནི༔ བསྐྱེད་པའི་ཆོས་སྐྱོངས་འཁོར་བཅས་འོད་དུ་ཞུ་ནས་གཡང་རྫས་རྣམས་ལ་ཐིམ་པ་ཏྲཾ་ལས་ཕྱག་མཚན་ཟས་གཞོང་དེ་ཉིད་སྐད་ཅིག་གིས༔ འདི་དག་གི་ཕྱག་མཚན་སོགས་གཞན་དང་མི་འདྲ་ཡང་བསྒོམ་སླ་བའི་དབང་དུ་བྱས་པའོ༔ ཧཱུྃ༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ མདུན་དུ་དབང་གི་དཀྱིལ་འཁོར་ནི༔ ཟླ་གམ་ཨེ་ཡི་དལ་འཁོར་དུ༔ དབང་དྲག་གདན་ལ་རོལ་བའི་ལྷ༔ ཡང་ན༔ ཏིང་འཛིན་ཡེ་ཤེས་དཀྱིལ་འཁོར་ལྷ༔ གནས་འགྱུར་འགུགས་པའི་ཕྲིན་ལས་ཐུགས༔ འདི་གཞུང་གི་བསྐྱེད་ཆོག་མ་བཏོན་ན་མི་དགོས༔ ཆོས་སྐྱོང་ཙནྡྲ་སྨྲ་ར་ཅན༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ མདུན་དུ་རྡོ་རྗེའི་གདན་སྟེང་དུ༔ སྐུ་ཡི་གནོད་སྦྱིན་ཐལ་བ་སྐྱོངས༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ གཡས་སུ་ནོར་བུའི་གདན་སྟེང་དུ༔ ཡོན་ཏན་གནོད་སྦྱིན་སུ་ཝརྞ༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ རྒྱབ་དུ་པདྨའི་གདན་སྟེང་དུ༔ གསུང་གི་པདྨ་རཱ་ག་ནི༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ གཡོན་དུ་རྒྱ་གྲམ་གདན་སྟེང་དུ༔ ཕྲིན་ལས་གནོད་སྦྱིན་སྟག་མདའི་གདོང་༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ མཐའ་བསྐོར་རུ་འདྲེན་སྡེ་བཞི་སོགས༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ ཡང་མཐར་ལྷ་སྲིན་སྡེ་བརྒྱད་པོ༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ སྟེང་ཕྱོགས་རྒྱལ་བ་རིགས་ལྔ་ལ༔ ཞི་བའི་ལྷ་ཚོགས་དཔག་མེད་འཁོར༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ ཕྱོགས་མཚམས་ཀུན་ཏུ་གཡང་གི་ལྷ༔ གཙུག་ཏོར་ཆེན་མོ་སྡེ་ལྔ་དང་༔ གཡང་གི་ལྷ་མོ་དཔལ་མོ་ལ༔ འཁོར་དུ་ལྷ་མོ་བརྒྱད་ཀྱི་བསྐོར༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ ཡུམ་ལྔ་ལས་བྱེད་མཁའ་འགྲོ་ལྔ༔ སྒྲོལ་མ་དཀར་པོ་ནོར་གྱི་ལྷ༔ ཛམ་ལྷ་རིགས་ལྔ་དབང་ཕྱུག་ཆེ༔ རྟ་ལྷ་སྡེ་ལྔ་རྒྱལ་ཆེན་བཞི༔ ལ་སོགས་ཕྱག་གཡས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ སྨད་ཆའི་ཐད་དུ་ཀླུ་མི་མགོན༔ ལྷ་མིན་དབང་པོ་ཐག་བཟང་རིས༔ གནོད་སྦྱིན་གང་བ་བཟང་པོ་སོགས༔ ཀུན་ཀྱང་ཕྱག་གཡས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ དེ་དག་རང་རང་ཐུགས་སྲོག་གི༔ འོད་ཟེར་འཕྲོས་པས་དབྱིངས་རང་གནས༔ མ་ལུས་སྤྱན་དྲངས་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་བཞིན་ཆོས་དབྱིངས་མཉམ་པ་ནས༔ བཟང་ངན་བླང་དོར་མ་མཆིས་ལ༔ ཁྱད་པར་དཀྱིལ་འཁོར་གཅིག་པུ་འདིར༔ གྱང་ལོགས་རི་མོའི་ཚུལ་བཞིན་ཏུ༔ འཇིག་རྟེན་འདས་ཀྱང་འབྲས་བུས་ཚུལ༔ འཇིག་རྟེན་འདས་ཀྱང་འབྲས་བུས་ཚུལ༔ འཇིག་རྟེན་འདས་ཀྱང་གཞི་གནས་ཚུལ༔ འགྲོ་བའི་དབུལ་བ་སེལ་ཕྱིར་བསྟན༔ ཁྱེད་ཅག་སྔོན་གྱི་ཐུགས་བསྐྱེད་བཞིན༔ དམ་ལྡན་རྣལ་འབྱོར་སྒྲུབ་པ་པོའི༔ དར་དཀར་གཡབ་ནས་སྤྱན་འདྲེན་ནོ༔ དབང་གི་ཕྲིན་ལས་ལྷུན་གྲུབ་ཕྱིར༔ ཐུགས་བརྩེའི་རྗེས་དགོངས་དབྱིངས་ནས་བསྐྱོད༔ བཛྲ་ས་མ་ཡཱ་ཛ་ཛ༔ ཏིཥྛ་ལྷན༔ ན་མོ་ན་མ༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ འདོད་ཡོན་ལྷ་མོའི་རོལ་བ་དང་༔ འཇིག་རྟེན་དངོས་པོ་གྱ་ནོམས་པ༔ རབ་འབྱམས་ནམ་མཁའ་གང་པ་ཡི༔ ནོར་ལྷ་འཁོར་བཅས་ཐུགས་དམ་བསྐང་༔ ཨོཾ་བཛྲ་ཨརྒྷཾ་ནས་ཕྱི་ནང་གསང་མཆོད་ཚང་པ་འབུལ་བ་དང་གཞུང་གི་མཆོད་པ་ཡང་འབུལ༔ ༼ སྤྲོ་ན་གསོལ་མཆོད་རྒྱས་བསྡུས་རྣམས་བྱ༔ ༽ དེ་ནས་གཞུང་བཞིན་བསྟོད་དེ༔ ༼ སྤྲོ་ན་མངའ་གསོལ་ ༽ དེ་ནས་གཞུང་གི་དབང་སྔགས་ཅུང་ཟད་བཟླས་ལ༔ དབང་བསྐུལ་མཐར་གཡང་འགུགས་ནི༔ མདའ་དར་དུང་ཤྭ་རཏྣའི་བརྒྱན༔ བླ་རྡོ་བཏགས་པ་གཡབ་ལ༔ ཀྱཻ༔ ནོར་གྱི་བདག་པོ་ཆེན་པོ་རྣམས༔ དེ་རང་རྣལ་འབྱོར་བདག་ལ་དགོངས༔ ཡོན་མཆོད་འཁོར་དང་བཅས་པ་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ དེ་ཡང་གཡང་གི་རབས་བྱུང་བ༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ བཅོམ་ལྡན་རིགས་ལྔའི་ཡབ་གྱུར་བས༔ ནོར་སྒྲུབ་དངོས་སྒྲུབ་ཆར་དུ་བབས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ ཡང་ཅིག་བར་གྱི་བསྐལ་བ་ལ༔ འཁོར་ལོའི་བསྒྱུར་བ་བཟང་པོའི་གྲགས༔ བསོད་ནམས་དཔལ་གྱིས་ཚེ་ ༼ ཆོས་དཔྱད། ༽ གཡང་ཁུག༔ ཐོད་ཕྲེང་རིགས་ལྔའི་དམ་ཆོས་སྟོན༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ བར་གྱི་ཐ་མ་ལ་བབས་ན༔ ཁྱེའུ་ཉི་ཟླ་སྣང་བྱེད་དང་༔ བཅོམ་ལྡན་རྡོ་རྗེ་འཆང་ཆེན་གྱི༔ བསོད་ནམས་དཔལ་གྱིས་མི་གཡང་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱག་གཡང་ཆར་དུ་ཕོབས༔ ཐ་མ་འབྲས་བུ་སྒྲུབ་ལ་ཕྱོགས༔ རྒྱལ་པོ་ཨིནྡྲ་བྷོ་དྷི་ཡི༔ བསོད་ནམས་དཔལ་གྱིས་སྔགས་གཡང་དང་༔ སྲིད་དང་ཆོས་འབྱོར་ཐམས་ཅད་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ ཡང་ཅིག་མང་པོའི་བཀུར་བ་ལ༔ ནོར་དང་གཡང་གི་ལྷ་རྣམས་ཀྱི༔ སྔོན་བརྟེན་སྟོབས་ཀྱི་དངོས་གྲུབ་མཛོད༔ ལུས་པ་མེད་པའི་དཔལ་སྟེར་ ༼ འབྱོར་དཔྱད། ༽ལྟར༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ ཨོ་རྒྱན་པདྨ་འབྱུང་གནས་དང་༔ ལྷ་ལྕམ་མནྡྷ་ར་བ་ཡི༔ མི་འཆི་ཚེ་ཡི་གཡང་སྒྲུབ་པས༔ རྡོ་རྗེའི་སྐུ་ཡི་ཕྱྭ་གཡང་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ རི་བོ་སྤྲེལ་དམར་གར་བྱེད་པར༔ འཕགས་མཆོག་སྤྱན་རས་གཟིགས་དབང་དང་༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས༔ འབྲུ་དྲུག་ཟས་ཀྱི་ཕྱྭ་གཡང་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ ཚངས་པ་ལྷ་ཡི་མེ་ཏོག་གིས༔ ལྷུན་གྱིས་གྲུབ་པའི་གཙུག་ལག་ཏུ༔ ནཱ་ག་ཀླུ་ཡི་གྲོགས་སྦྲན་ཏེ༔ རིན་ཆེན་ལྡན་པའི་ཕྱྭ་གཡང་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ སྡེ་བཞི་དཔལ་གྱིས་བརྒྱན་པ་ནས༔ པདྨ་བདུད་འདུལ་རྡོ་རྗེ་ཡིས༔ སྲིད་དང་ཆོས་དང་ཟང་ཟིང་གི༔ ཕྱྭ་གཡང་དངོས་གྲུབ་མགྲོན་དུ་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ བདག་གཅིག་ཡལ་བར་མ་འདོར་བ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ རྩ་སྔགས་མཐར༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ་སྭ་སྟི༔ ཨ་སརྦ་རཏྣ་སིདྡྷི་ཧཱུྃ་ཛ༔ དེ་ནས་ཚེའི་རྫས་དང་ལྷའི་གཡང་བཀུག་པ་ནི༔ ཀྱཻ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་དཔལ༔ བཅོམ་ལྡན་རིགས་ལྔའི་ངོ་བོ་ཉིད༔ བདུད་རྩི་ལྔ་ཡིའི་རྟེན་འབྲེལ་དང་༔ འབྲས་བུ་སྐུ་ལྔའི་ནུས་བྱིན་གྱིས༔ ཡེ་ཤེས་ལྔ་ཡི་ཕྱྭ་གཡང་དང་༔ མཐུ་དང་སྐད་སྙན་བཀྲག་མདངས་དང་༔ ཚེ་དང་མི་བརྗེད་གཟུངས་ཀྱི་དངོས༔ མཚན་དང་དཔེ་བྱད་ཡོན་ཏན་ནི༔ ཕུན་སུམ་ཚོགས་པ་དེང་ཁུག་ཅིག༔ ཀྱཻ༔ ཤེས་རབ་ལྔ་ཡི་རང་རྩལ་ལས༔ བཅུད་ལྡན་ཤ་ཆེན་རྣམ་པ་ལྔའི༔ རྟེན་འབྲེལ་རྫས་ཀྱི་ནུས་པ་དང་༔ འབྲས་བུ་དབྱིངས་ལྔའི་ཁྱབ་བརྡལ་གྱིས༔ སྟོབས་དང་མི་འཇིགས་རྫུ་འཕྲུལ་རྐང་༔ དབང་དང་ཕུན་ཚོགས་ཕྲིན་ལས་དང་༔ ཤེས་རབ་རྣམ་པ་གསུམ་གྱི་གཡང་༔ ལུས་པ་མེད་པ་དེང་ཁུག་ཅིག༔ དུང་དང་བཻཌཱུར་པད་རག་དང་༔ གསེར་དང་མར་གད་རྟེན་འབྲེལ་རྫས༔ རིན་ཆེན་ལྔ་ཡི་ནུས་པ་དང་༔ དཀོར་བདག་སྡེ་ལྔའི་མཐུ་སྟོབས་ཀྱིས༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ སྲིད་གསུམ་ཟིལ་གྱིས་གནོན་པ་དང་༔ ཟས་ནོར་དབང་དུ་འདུ་བ་ཡི༔ ཕུན་ཚོགས་ཕྱྭ་གཡང་དེང་འདིར་སྩོལ༔ གསེར་དངུལ་ཟངས་ལྗོན་ཟི་ཁྲིམ་པ༔ རིན་ཆེན་ལྔ་ཡི་རྟེན་འབྲེལ་རྫས༔ བསླུ་བ་མེད་པའི་ནུས་པ་དང་༔ གཙིག་ཏོར་སྡེ་ལྔའི་མཐུ་སྟོབས་ཀྱིས༔ སྟོང་ཁམས་འཇིག་རྟེན་གསུམ་པོ་ནས༔ སྣོད་ཀྱི་ཕྱྭ་དང་བཅུད་ཀྱི་གཡང་༔ རིན་ཆེན་དབྱིག་གི་དངོས་གྲུབ་གཏེར༔ ཕུན་སུམ་ཚོགས་པ་དེང་འདིར་སྩོལ༔ ལོ་བརྒྱ་ལོན་པའི་སྐྲ་སེན་གོས༔ ཆོས་ཀྱི་མཐོ་དང་དབང་ཐང་ཅན༔ གོས་དུམ་རྫས་ཀྱི་ནུས་པ་དང་༔ ཚེ་དཔག་མེད་པའི་བྱིན་རླབས་ཀྱིས༔ བསྐལ་བར་གནས་པའི་ཚེ་གཡང་དང་༔ དཔག་མེད་ཡོན་ཏན་བཀོད་པའི་དཔལ༔ དབང་ཐང་བསོད་ནམས་ཡེ་ཤེས་ཀྱི༔ ཕུན་སུམ་ཚོགས་པ་དེང་འདིར་སྩོལ༔ བསམ་འཕེལ་སེར་བོ་དབང་རྒྱལ་དམར༔ ཕ་རོལ་དཔུང་འཇོམས་ལྗང་སྔོན་པོ༔ ཆིང་བུ་དཀར་བོ་ཀླུ་དབང་གྱི༔ གཙུག་ནོར་ཉིན་བྱེད་ནུས་མཐུ་དང་༔ གཡང་གི་ལྷ་མོ་ཆེན་མོ་དཔལ༔ ནོར་རྒྱུན་མ་དང་དབྱངས་ཅན་སོགས༔ རྣམ་པ་བརྒྱད་ཀྱི་མཐུ་སྟོབས་ཀྱིས༔ ཕུན་སུམ་ཚོགས་པ་དེང་འདིར་སྩོལ༔ གཡང་ཆང་བཅུད་ཀྱི་བུམ་པ་དང་༔ དཀར་གསུམ་མངར་གསུམ་བཟང་དྲུག་སྨན༔ མར་ལུག་ཐུད་དཀར་རྡར་མ་དང་༔ གཞན་ཡང་གཡང་རྫས་སྣ་ཚོགས་པ༔ སྤྱན་རས་གཟིགས་དང་སྒྲོལ་མ་དང་༔ ལས་བཞིའི་མཁའ་འགྲོ་ནོར་གྱི་ལྷ༔ ཛམ་ལྷ་རིགས་ལྔ་དབང་ཕྱུག་རྒྱལ༔ མི་མགོན་དཀར་བོ་རྒྱལ་ཆེན་བཞི༔ ཐག་བཟང་མ་ཎི་བྷ་དྲ་དང་༔ གང་བཟང་རུ་འདྲེན་སྤྲུལ་བའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི༔ མཐུ་སྟོབས་རྟེན་ཅིང་འབྲེལ་འབྱུང་གིས༔ ཕུན་ཚོགས་ཕྱྭ་གཡང་དེང་སྩོལ་ཞིག༔ རིན་ཆེན་བུམ་པ་རྟེན་འབྲེལ་རྫས༔ དགོས་དགུ་འབྱུང་བའི་གཏེར་ཆེན་པོ༔ དཔག་བསམ་ཤིང་དང་འདོད་འཇོའི་བ༔ མ་རྨོས་ལོ་ཏོག་འཁྲུངས་བ་དང་༔ སྔོན་ཚེ་ཐུབ་པའི་དབང་པོ་ཡི༔ བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས༔ མཚན་དཔེ་ལས་འཁྲུངས་དོན་རྟགས་བརྒྱད༔ བསོད་ནམས་གྲུབ་པའི་རྒྱལ་སྲིད་བདུན༔ རྟེན་འབྲེལ་རྫས་ཀྱི་ནུས་པ་དང་༔ སྐྱེ་དགུ་ཁྲོད་ནས་དྲེགས་སྙེམ་འགའི༔ ཞབས་ཀྱི་པདྨོའི་མགོ་བརྒྱན་པས༔ དམར་བྱས་ཐུབ་དབང་པདྨ་དཀར༔ ལེ་ལོའི་དགྲ་འཇོམས་མཐུ་སྟོབས་ཀྱིས༔ མི་མཇེད་བྱེ་བ་ཕྲག་བརྒྱ་ནས༔ ཕྱྭ་གཡང་དངོས་གྲུབ་མ་ལུས་པ༔ ཕུན་སུམ་ཚོགས་པ་དེང་སྩོལ་ཞིག༔ ཕྱྭ་འཁོར་གཡས་སུ་ཀྱི་ལི་ལི༔ གཡང་འཁོར་གཡོན་དུ་སྒ་ར་ར༔ བཀྲ་ཤིས་གཡང་ཞག་མེ་རེ་རེ༔ ཕྱྭ་གཡང་གཏེར་གྱི་དངོས་གྲུབ་སྩོལ༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ་སྭ་སྟི༔ ཨོཾ་སརྦ་རཏྣ་སིདྡྷི་ཧཱུྃ་ཛ༔ཛ༔ མི་མངོན་ནམ་མཁའི་དབྱིངས་རུམ་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་དང་༔ སངས་རྒྱས་བྱང་སེམས་ཐུགས་རྗེའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དག་པ་དབྱིངས་ཀྱི་ཞིང་ཁམས་ནས༔ ཡི་དམ་ལྷ་ཡི་དངོས་གྲུབ་དང་༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རང་སྣང་འོག་མིན་ལྷུན་གྲུབ་ནས༔ གྲུབ་ཐོབ་རྒྱ་མཚོའི་ཉམས་མྱོང་གཡང་༔ རིག་འཛིན་རྗེ་འབངས་ནམ་མཁའི་མཛོད༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སྟེང་གཙང་མའི་གནས་རིགས་ལྔ་བོ་ནས༔ ས་གསུམ་གཞན་ལས་འཕགས་པ་ཡི༔ བྱང་ཆུབ་སེམས་དཔའི་དཔལ་ཡོན་ཏན༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གཟུགས་ཁམས་གནས་རིགས་བཅུ་གཉིས་ནས༔ འོད་དང་གཟི་བརྗིད་དཔག་ཏུ་མེད༔ ཚེ་བསྐལ་མང་ཐུབ་པའི་ཕྱྭ་དང་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གཞན་འཕྲུལ་དབང་བྱེད་ལྷ་གནས་ནས༔ འདོད་ཡོན་འཕྲུལ་གྱི་དབང་ཕྱུག་གི༔ དགའ་བདེའི་རོལ་བའི་ཕྱྭག་དང་གཡང་༔ ད་ལྟ་འདིར་ནི་གཡང་དུ་ཁུག༔ འཕྲུལ་དགའ་ལྷ་ཡི་གནས་མཆོག་ནས༔ རང་རང་གང་འདོད་འཕྲུལ་དུ་སྤྱོད༔ རང་དབང་ཕུན་སུམ་ཚོགས་པ་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དགའ་ལྡན་ལྷ་ཡི་གནས་མཆོག་ནས༔ སངས་རྒྱས་སྟོང་གི་ཆོས་གཡང་དང་༔ མི་བདེའི་སྡུག་བསྔལ་མེད་པའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ མཚེ་མ་ལྷ་ཡི་གནས་མཆོག་ཏུ༔ ཟུང་ཞིག་བཙའ་ནད་མེད་པར་འཁྲུངས༔ གཟུགས་དང་བསྟས་པའི་སྲིད་ཀྱི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སུམ་རྩེན་གནས་ཀྱི་ཡོངས་འདུ་དང་༔ ཨ་མོ་ནི་ཀ་ལྟ་ན་སྡུག༔ ས་བསྲུང་ཅང་ཤེས་བདེ་སྐྱིད་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རི་རབ་བང་རིམ་གསེར་རིའི་འཁོར༔ རྒྱལ་བོ་ཆེན་པོ་སྡེ་བཞི་ཡི༔ ཕྱོགས་བཞིར་དབང་བསྒྱུར་བང་མཛོད་འཕྲུལ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དྲི་མ་མེད་པའི་འཇིག་རྟེན་ནས༔ སྟེར་དང་སློང་བ་མེད་པའི་ནོར༔ དེ་ན་འབྱོར་བའི་ནོར་གཡང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཀྱཻ༔ ཞིང་ཁམས་ལྔ་ཡི་ཕུན་ཚོགས་ཏེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རབ་འབྱམས་ཞིང་གི་ཕུན་ཚོགས་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཚངས་པ་ལྷ་ཡི་མངའ་ཐང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དབང་ཕྱུག་ཆེན་པོའི་ཟིལ་གནོན་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཨ་པ་ར་ཡི་ཟས་གཡང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྣམ་ཐོས་སྲས་ཀྱི་ནོར་གཡང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཛམྦྷ་ལྷ་ཡི་ཕྱུགས་གཡང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རེ་མནྟ་ཡི་རྟ་གཡང་སྟེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གང་བ་བཟང་པོ་ལུག་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ འབྱུང་བ་ལྔ་ཡི་བཅུད་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ནོར་གྱི་རྒྱུན་མ་ནོར་ལྷ་བརྒྱད༔ སྒྲོན་མ་དཀར་མོ་གཙུག་ཏོར་ལྔ༔ འགྲོ་བའི་དབུལ་སེལ་ཐུགས་བསྐྱེད་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ལྷ་མགོན་དགྲ་བླ་བཅུ་གསུམ་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཤར་ལུས་འཕགས་གླིང་བའི་གཟུགས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ འཛམ་བུ་གླིང་བའི་ཆོས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བ་གླང་སྤྱོད་པའི་འདོད་འཇོའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སྒྲ་མི་སྙན་པའི་ལྗོན་ཤིང་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཉི་ཟླ་གཉིས་ཀྱི་གཟི་བརྗིད་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཁྱུང་གིས་གཡང་ས་ཆོད་པའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སེངྒེ་དཀར་མོའི་ངར་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྒྱ་སྟག་དམར་པོའི་རྩལ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཉི་མའི་འཕྲུལ་གྱི་མགྱོགས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སྟག་གཟིག་རྒྱལ་པོའི་ནོར་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བལ་བོའི་རྒྱལ་པོའི་ལུག་གི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གེ་སར་རྒྱལ་པོའི་དཔའ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྒྱ་གར་རྒྱལ་བོའི་ཆོས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྒྱ་ནག་རྒྱལ་པོའི་གོས་དར་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བྷེ་དཱ་ཧོར་གྱི་དམག་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཁ་ཆེའི་རྒྱལ་པོའི་སྨན་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཀྱཻ༔ སྟེང་མ་ལྷ་ཡི་ལྷ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བར་མ་གཉན་གྱི་ཕྱྭ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ འོག་མ་ཀླུ་ཡི་ཀླུ་གཡང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཐག་བཟང་རིས་ཀྱི་མཐུ་སྟོབས་དཔལ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ མདངས་ལྡན་པདྨའི་བཀྲགས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གཡུ་འབྲུག་སྔོན་མོའི་སྐད་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སྟོང་གསུམ་བདག་པོའི་འཕན་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྫོགས་ལྡན་དུས་ཀྱི་སྐྱིད་པའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གཉིས་ལྡན་དུས་ཀྱི་ཟས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སུམ་ལྡན་དུས་ཀྱི་འབྲུ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྩོད་ལྡན་དུས་ཀྱི་གསང་སྔགས་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ནཱ་ག་ཀླུ་ཡི་རྒྱན་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དམར་བོ་བཙན་གྱི་མྱུར་མགྱོགས་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཁྲ་བོ་གཟའ་ཡི་དྲུག་ཤུལ་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ པཉྩ་ལི་ཡི་དྲོ་འཇམ་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དྲང་སྲོང་ཤར་ལི་ཧོ་དྲ་དང་༔ ཅོག་རོ་རྒྱལ་པོའི་རྟ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སྲ་བརྟན་མི་འགྱུར་རྡོ་རྗེའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ འགྲོ་བ་མི་ཡི་བློ་དཀྱིལ་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གཞན་ཡང་རབ་བཀྲམ་ལ་སོགས་པའི༔ གྱ་ནོམ་དངོས་པོ་ཅི་ཡོད་པ༔ མ་ལུས་ལུས་པ་མེད་པ་ཀུན༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སངས་རྒྱས་རྣམས་ཀྱི་བརྩེ་ནུས་དང་༔ བྱང་ཆུབ་སེམས་དཔའི་གཟུངས་སྤྲིན་དང་༔ ཀུན་རྫོབ་ཡོན་ཏན་ཐོབ་པའི་མཐུས༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བསོད་ནམས་དཀར་བོའི་རྒྱུ་འབྲས་དང་༔ བསླུ་མེད་ནུས་ཐོབ་རྟེན་འབྲེལ་དང་༔ ནོར་ལྷ་གཡང་ལྷའི་དངོས་གྲུབ་ཀྱི༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དཀོར་བསྲུང་ཆེན་པོའི་ཐུགས་བསྐྱེད་དང་༔ རྣལ་འབྱོར་གདུང་ཤུགས་གུས་བསྐུལ་དང་༔ སྔགས་དང་ཏིང་འཛིན་ནུས་སྟོབས་ཀྱིས༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཆོས་ཅན་འཁོར་བའི་དཔལ་ཡོན་ཏན༔ ང་ཁྱོད་མེད་པ་སྤྱི་མཐུན་པས༔ བསོད་ནམས་སྟོབས་ལས་གྲུབ་པའི་ཕྱིར༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཆོས་ཉིད་ངོ་བོ་རྣམ་དག་ལ༔ སྣང་བ་རབ་འབྱམས་མི་འགགས་པས༔ ཟུང་འཇུག་སྒྱུ་འཕྲུལ་བདེན་པ་ཡིས༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རཱ་ཛ་ཙནྡྲ་ས་མ་ཡ༔ སརྦ་རཏྣ་བསྡུས་བསྡུས༔ སརྦ་མ་ནུ་ཝ་ཤཾ་ཀུ་རུ༔ སརྦ་ལོ་ཀ་ལཀྵི་ཝ་ཤཾ་ཀུ་རུ་ཧོ༔ སརྦ་པུཎྱེ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་ཨ་ཡུར་ཝ་ཤཾ་ཀུ་རུ་ཧོ༔ སརྦ་ར་ས་ཝ་ཤཾ་ཀུ་རུ་ཧོ༔ སརྦ་སྤརྴེ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་ཏེ་ཛ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་ཤྲཱི་ཝ་ཤཾ་ཀུ་རུ་ཧོ༔སརྦ་ཛྙཱ་ན་ཝ་ཤཾ་ཀུ་རུ་ཧོ༔ སརྦ་བ་སུ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་ཨ་མྲ་ཏ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་དེ་ཝ་མ་ནུཥྛ་ན་ར་ཙ་ཧ་ཤཾ་ཀུ་རུ་སྭཱ་ཧཱ༔ ༼ ཁྲུས་བསྡུས་བགེགས་བསྐྲད་བསྲུང་འཁོར་གཡང་གཏད་མཆན། ༽ ཞེས་མཐར་བརྟན་པར་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་ཀྱིས༔ ཕྱྭ་གཡང་དངོས་གྲུབ་ཆར་ལྟར་ཕོབ༔ ཆར་ལྟར་ཕོབ་ལ་མཚོ་ལྟར་བསྐྱིལ༔ ཟག་པ་སྡོམ་ལ་བརྟན་པར་མཛོད༔ རི་རྒྱལ་ལྷུན་པོ་བརྟན་གཡང་དང་༔ འགོགས་པ་དམ་པ་ཇི་བཞིན་བརྟན་གྱུར་ཅིག༔ ཀྱཻ༔ མི་དང་གཡང་དུ་མི་འབྲལ་བ༔ ཉི་ཟླ་འོད་དང་འགྲོགས་བཞིན་བརྟན་གྱུར་ཅིག༔ གཞུ་དང་གཞུ་རྒྱུད་འགྲོགས་བཞིན་བརྟན་གྱུར་ཅིག༔ ཁྲབ་དང་ཁྲབ་གཤམ་འགྲོགས་བཞིན་བརྟན་གྱུར་ཅིག༔ ཀྱཻ༔ མི་དང་གཡང་དུ་མི་འབྲལ་བ༔ མེ་དང་ཚ་བ་བཞིན་ཏུ་བརྟན་གྱུར་ཅིག༔ ཆུ་བོ་རླན་དང་འགྲོགས་བཞིན་བརྟན་གྱུར་ཅིག༔ རླུང་དང་བསིལ་བཞིན་འགྲོགས་ཏེ་བརྟེན་གྱུར་ཅིག༔ ཀྱཻ༔ མི་དང་གཡང་དུ་མི་འབྲལ་བ༔ ས་དང་སྲ་བ་བཞིན་ཏུ་བརྟན་གྱུར་ཅིག༔ སེམས་དང་གསལ་རིག་བཞིན་ཏུ་བརྟན་གྱུར་ཅིག༔ མཁའ་དང་ཁྱབ་པ་བཞིན་ཏུ་བརྟན་གྱུར་ཅིག༔ ཀྱཻ༔ མི་དང་གཡང་དུ་མི་འབྲལ་བ༔ ཆོས་དང་ཆོས་ཉིད་འགྲོགས་བཞིན་བརྟན་གྱུར་ཅིག༔ རྟགས་དང་མི་ངོས་འགྲོགས་བཞིན་བརྟན་གྱུར་ཅིག༔ དགུང་དང་ཉི་ཟླ་འགྲོགས་བཞིན་བརྟན་གྱུར་ཅིག༔ ཆུ་དང་ཉ་སྲམ་འགྲོགས་བཞིན་བརྟན་གྱུར་ཅིག༔ མིག་དང་རྫི་མ་འགྲོགས་བཞིན་བརྟན་གྱུར་ཅིག༔ ལུས་དང་གྲིབ་མ་འགྲོགས་བཞིན་བརྟན་གྱུར་ཅིག༔ མི་ལ་གཡང་གི་རྭ་བ་འཁོར༔ ཕྱྭ་འཁོར་གཡས་སུ་ཀྱི་ལི་ལི༔ སྐྱེས་པ་ཕོ་ཡི་དཔྱིད་དུ་ཤར༔ གཡང་འཁོར་གཡོན་དུ་སྒ་ར་ར༔ བུད་མེད་མོ་ཡི་སྟོན་དུ་བབས༔ ཕྱྭ་ཡི་དཀྱིལ་འཁོར་མ་རལ་ཅིག༔ གཡང་གི་རྒྱ་མཚོ་མ་ཕྲི་ཅིག༔ གཏེར་གྱི་རྒྱ་མདུད་མ་ཞིག་ཅིག༔ ཞག་གི་སྤྲིན་ཕུང་མ་མཐོར་ཅིག༔ སངས་རྒྱས་བྱང་སེམས་གཡང་གི་ཁ་རྒྱ་མཛོད༔ གཡང་དེ་ཕྱིར་ལ་མ་ལུད་ཅིག༔ གཡང་རྐུན་བསེ་རག་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཆོས་སྐྱོང་བསྲུང་མས་གཡང་གི་རྭ་བ་མཛོད༔ གཡང་དེ་མཐའ་ནས་མ་ཉམས་ཤིག༔ གཡང་རྐུན་བསེ་རག་རྡུལ་དུ་མཛོད༔ ནོར་ལྷ་གཡང་ལྷ་གཡང་གི་མཐིལ་སོ་མཛོད༔ གཡང་གི་ཟོ་ཞབས་མ་བུག་ཅིག༔ གཡང་རྐུན་བསེ་རག་རྒྱུ་བ་རྩད་ནས་ཆོད༔ ཀྱཻ༔ རྡོ་རྗེའི་བྲག་ལྟར་སྲ་བའི་གཡང་༔ དེ་རིང་བྱིན་གྱིས་བརླབ་ཏུ་གསོལ༔ མཁའ་ལྟར་འཕོ་འགྱུར་མེད་པའི་གཡང་༔ དེ་རིང་བྱིན་གྱིས་བརླབ་ཏུ་གསོལ༔མཚོ་ལྟར་ཁ་གཏིང་མེད་པའི་གཡང་༔ དེ་རིང་བྱིན་གྱིས་བརླབ་ཏུ་གསོལ༔ སྲིད་པའི་རྩེ་ལྟར་དཔང་མཐོའི་གཡང་༔ དེ་རིང་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱྭ་གཡང་མ་གོད་ཏ་ལ་ལ༔ ཕྱྭ་གཡང་མ་ཡར་ནུར་རུ་རུ༔ ༼ ཕྱྭ་གཡང་མ་ཉམས་ནུ་རུ་རུ༔ ཞེས་དཔེ་གཅིག་སྣང་། དཔྱད། ༽ བདག་དང་ཡོན་གྱི་བདག་པོ་ཡི༔ བླ་དང་ཚེ་དང་བསོད་ནམས་དང་༔ དབང་ཐང་རྟེན་ཏུ་གནས་འདིར་བཞུགས༔ རྒ་ ༼ དགའ་དཔྱད། ༽ འཁྱིལ་བཞིན་ཏུ་གྱི་ལི་ལི༔ རྒྱ་མཚོ་བཞིན་ཏུ་མེ་རེ་རེ༔ བརྟན་ཅིང་གནས་པ་གཡུང་དྲུང་གཡང་༔ ནུབ་པ་མེད་པ་རྒྱལ་མཚན་གཡང་༔ གོང་དུ་འཕེལ་བ་ལྗོན་ཤིང་གཡང་༔ དབུལ་བ་སེལ་བའི་ནོར་བུའི་གཡང་༔ བཙལ་བ་མེད་པའི་ལྷུན་གྲུབ་གཡང་༔ རྣམ་ཀུན་འདུ་འབྲལ་མེད་པར་མཛོད༔ ཅེས་སོ༔ ༼ བཀྲ་ཤིས་བསྡུས་པ་རྟེན་བཙུགས་མཐར་བཀྲ་ཤིས་རྒྱས་པ། ༽ དེ་ནས་སྟན་དཀར་ལ་ཡོན་བདག་ནས་ཀྱི་གཡུང་དྲུང་མཐར་དགའ་འཁྱིལ་བཞི་བཀོད་དུ་འཁོད་ལ༔ གཡང་གཏད་པ་ནི༔ ཀྱཻ༔ དེ་རང་གཡང་འདི་གཏད་པ་ལ༔ བུ་དང་སྲིང་མོ་ཕར་འགྲོ་དང་༔ བྲན་དང་འཁོར་གཡོག་ལ་སོགས་པའི༔ གང་བབས་དེ་ལ་མི་གཏད་དེ༔ གཏད་པ་ཡོན་བདག་ཁྱོད་ལ་གཏད༔ ཐོབ་པ་ནོར་གྱི་དངོས་གྲུབ་ཐོབ༔ འཁོར་བ་ནོར་ལྷ་གཡང་ལྷ་འཁོར༔ བྱེད་ལས་དབུལ་སེལ་བསམ་དགུ་འགྲུབ༔ ཀྱཻ༔ ཞིང་ཁམས་རབ་འབྱམས་གཡང་གཏད་པས༔ རྫོགས་སྨིན་མཐའ་རུ་ཕྱིན་པའི་གཡང་ཐོབ་ཤོག༔ ལྷ་ཡི་ཕྱྭ་དང་གཡང་གཏད་པས༔ བདེ་སྐྱིད་ལྷ་དང་མཉམ་པའི་གཡང་ཐོབ་ཤོག༔ ཀླུ་ཡི་ཕྱྭ་དང་གཡང་གཏད་པས༔ འབྱོར་བ་ཀླུ་དང་མཉམ་པའི་གཡང་ཐོབ་ཤོག༔ མི་ཡི་ཕྱྭ་དང་གཡང་གཏད་པས༔ རྟེན་མཆོག་མཚུངས་མེད་དོན་ལྡནགཡང་ཐོབ་ཤོག༔ གཉན་གྱི་ཕྱྭ་དང་གཡང་གཏད་པས༔ འཕན་དར་གཉན་དང་མཉམ་པའི་གཡང་ཐོབ་ཤོག༔ བཙན་གྱི་ཕྱྭ་དང་གཡང་གཏད་པས༔ མྱུར་མགྱོགས་བཙན་དང་འདྲ་བའི་གཡང་ཐོབ་ཤོག༔ གཟའ་ཡི་ཕྱྭ་དང་གཡང་གཏད་པས༔ དྲག་རྩལ་གཟའ་དང་མཚུངས་པའི་གཡང་ཐོབ་ཤོག༔ ཨ་པ་ར་ཡི་ཟས་གཡང་གཏད༔ བདུད་རྩི་རོ་བརྒྱ་ལྡན་པའི་གཡང་ཐོབ་ཤོག༔ རྣམ་ཐོས་སྲས་ཀྱི་ནོར་གཡང་གཏད༔ ནམ་མཁའི་མཛོད་ཀྱི་གཡང་ཐོབ་ཤོག༔ རྟ་མགྲིན་རྒྱལ་པོའི་ཤུགས་འཆང་གཏད༔ ཀུ་བེ་ར་ཡི་གཡང་ཐོབ་ཤོག༔ གང་བ་བཟང་པོའི་ལུག་གཡང་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ ཛམྦྷ་ལ་ཡི་ཕྱུགས་གཡང་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ དཀོར་བསྲུང་ཆེན་པོ་སྡེ་ལྔ་ཡི༔ ཕྲིན་ལས་བཞི་དང་ཐུན་མོང་གྲུབ༔ ཕུན་སུམ་ཚོགས་པའི་ཕྱྭ་གཡང་བརྒྱད་ ༼ བཅུད་ ༽ ༔ ལུས་པ་མེད་པའི་གཡང་འདི་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ བྱང་ཆུབ་སེམས་དཔའི་ཡོ་བྱད་གཡང་༔ དེ་རིང་ཡོན་བདག་ཁྱོད་ལ་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ འཁོར་ལོའི་བསྒྱུར་བའི་ལོངས་སྤྱོད་གཡང་༔ དེ་རིང་ཡོན་བདག་ཁྱོད་ལ་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ སངས་རྒྱས་ཕུལ་བྱུང་དབང་བཅུའི་གཡང་༔ དེ་རིང་ཡོན་བདག་ཁྱོད་ལ་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ གསང་སྔགས་ཐབས་ཀྱི་ཆེ་བ་ཡིས༔ རྒྱུན་མཐར་གནས་པའི་བྱང་ཆུབ་དང་༔ དང་པོའི་ལས་ལ་སྐལ་མཉམ་ཡོད༔ རྟེན་འབྲེལ་བདེན་པ་འདི་ལ་སྲིད༔ སྟོང་བ་ཉིད་ཀྱི་དབྱིངས་ལ་ནི༔ འཁོར་འདས་མི་སྲིད་སྲིད་པ་ཡོད༔ སྟོང་བ་བརྟེན་འབྱུང་ངོ་མཚར་གྱི༔ འགགས་པ་མེད་པ་འདི་ལ་སྲིད༔ སྐྱེ་འཇུག་དབང་ཐོབ་གང་ཟག་གིས༔ ལས་ལ་མ་རག་སུམ་སྟོང་ཞི༔ སྦྱིན་པའི་འབྲས་བུ་མ་བདོག་ཀྱང་༔ རྟེན་འབྲེལ་བདེན་པ་འདི་ལ་ཡོད༔ སངས་རྒྱས་ནུས་པའི་ཚད་བཟུང་མེད༔ ཕན་དང་བདེ་ལ་དམ་བཅའ་ཡོད༔ སྤྲུལ་བའི་བཟོ་སྐྱེ་བེམ་པོ་གནས༔ རྟེན་འབྲེལ་སད་པའི་གཡང་བརླན་འདི༔ ཐུགས་རྗེ་དབྱིངས་ལས་བསྐྱོད་དོན་དུ༔ འགྲོ་བའི་དབུལ་ཕོངས་བསལ་ལ་བཞེད༔ ནོར་དང་གཡང་ལ་རང་དབང་དུ༔ རྟེན་འབྲེལ་བདེན་པ་འདི་ལ་ཡོད༔ གཏོང་བའི་ཕུན་ཚོགས་འགོང་མི་སྲིད༔ སྔོན་གྱི་སྦྱིན་འབྲས་མེད་ན་ཡང་༔ ཐུགས་རྗེའི་ལྕགས་ཀྱུའི་མ་ཟིན་ན༔ ནོར་ལྷ་གཡང་ལྷ་གྱི་ནར་ཟད༔ དེ་ཕྱིར་ཕྱྭ་གཡང་བླན་པའི་འདིའི༔ འབྲས་བུ་ཕྱི་ལ་མ་བཀོལ་ ༼ བཤོལ་དཔྱད། ༽ བར༔ ད་ལྟ་ཉིད་དུ་ཕྲིན་ལས་མཛོད༔ གཡང་བརྟན་གཏད་པ་ཐོབ་པ་རུ༔ བསྐུལ་ཞིང་གསོལ་བ་འདི་བཏབ་པས༔ རེ་འབྲས་དོན་དང་ལྡན་པར་མཛོད༔ ཐུགས་རྗེ་ཆེན་པོའི་སྟོབས་ཤུགས་ཕྱུང་༔ བཀྲ་ཤིས་ཀུན་ཏུ་བཀྲ་ཤིས་པ༔ གཏད་པ་བཞིན་ཏུ་ཐོབ་གྱུར་ཅིག༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་༔ དཀོར་གྱི་བདག་པོ་བཀྲ་ཤིས་ལྷ༔ གྲགས་པའི་བཀྲ་ཤིས་སྙན་གྲགས་དགེས༔ དབུགས་འབྱིན་བཀྲ་ཤིས་དགའ་སྟོན་ཆེ༔ ཉིན་མཚན་རྒྱུན་ཏུ་བདེ་ལེགས་ཤོག༔ ༼ གོང་གི་གཡང་འགུགས་མཐའི་སྔགས་དེ་ཚར་གསུམ་འདོན༔ ༽ཅེས་བརྗོད་ནས་གཡང་རྫས་ཐམས་ཅད་གཏད་དོ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་གཏད༔ བཀྲ་ཤིས་བརྩེགས་པ་མཇུག་ཏུ་བརྗོད༔ ཡང་ན་བཀྲ་ཤིས་བརྒྱད་པ་དང་༔ ཤིས་པ་བརྗོད་པ་སྤྱི་དང་འདྲ༔ ས་མ་ཡཱ༔ བསྡུས་ནས་བསྟན་པ་འདི་ཉིད་དེ༔ རྒྱས་པར་སྒྲུབ་ཐབས་ཆེན་པོར་གསལ༔ འདི་འདྲའི་གནད་དང་ལྡན་པ་ན༔ བཀྲ་ཤིས་ཕྱྭ་གཡང་ཆར་དུ་འབེབས༔ རྣམ་སྲས་ནོར་ལ་དབང་བར་འགྱུར༔ དུས་ཀྱི་བབས་པས་ལྷ་སྐལ་འདི༔ ཀརྨ་ལས་ཀྱི་མནྜལ་ནས༔ ཕྲིན་ལས་དབང་གི་ཉེར་ཚོར་བཞེངས༔ དེང་སང་དྲེད་པོ་ཆོས་རྒྱུས་ཅན༔ དག་ཉམས་མ་རྟོགས་སྙིང་རྗེའི་གནས༔ དྲེགས་པ་རང་རྒྱུད་འདི་བསྒྲུབ་ན༔ མཐའ་མ་འདྲེ་རུ་གོལ་ཏོ་ལོ༔ ཅུང་ཟད་ཙམ་གྱིས་བློ་ཚིམ་པོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དྲེགས་པ་རྣམས་ཀྱི་སྐྱེ་བརྒྱུད་དང་༔ དེ་ལྟར་བསྟན་པའི་མྱུར་མགྱོགས་ཀྱང་༔ འདུན་པའི་རྩེ་ལས་གནས་ཤེས་སོ༔ སངས་རྒྱས་ཕྲིན་ལས་གང་འདུལ་མགོན༔ སྔ་སོར་ཡོད་པའི་ལྷ་ཚོགས་བསྟན༔ དེ་ལ་ཁྱད་པར་མེད་ན་ཡང་༔ མངོན་སུམ་ཡོད་པའི་གསལ་མི་ཐེབ༔ འདི་ནི་ད་ལྟ་མངོན་སུམ་པར༔ ཡོད་པར་ཐེ་ཚོམ་མི་ཟ་བས༔ འགྲུབ་ཐག་ཉེ་བའི་དགོས་པར་བསྟན༔ སྐྱེ་བརྒྱུད་མེད་པའི་དྲེགས་པ་མེད༔ དེ་ཀུན་འདྲེ་རུ་ག་ལ་གཞོལ༔ སྟོན་པས་སྐྱེ་བརྒྱུད་གནོད་སྦྱིན་ཀྱང་༔ དེ་འདྲ་བུ་ལ་སུ་ཡིས་བརླན༔ ལར་ནི་ལྟ་བའི་གཟེར་མེད་པའི༔ ཆོས་སྐྱོང་གོང་གནོན་ཡི་དམ་ཀྱང་༔ རུ་ཏྲ་ཉིད་དུ་འགྱུར་སྲིད་པས༔ ཡེ་ཤེས་པས་ཀྱང་ཕན་མ་ཐོགས༔ ལྟ་བ་རྟོགས་པའི་གང་ཟག་ལ༔ གོང་ནོན་མི་དགོས་སྐྱིད་ཅིག་ཡོད༔ ཡོད་ཀྱང་འགལ་མེད་རྒྱན་ཅིག་ཡིན༔ གང་བསྒྲུབ་དེས་ཀྱང་མཆོག་ཐུན་གྲུབ༔ རྡོ་རྗེ་འཆང་གི་ལུང་བསྟན་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་ཀྱང་འགྱུར་མེད་རྣམ་པར་རྒྱལ་བ་དང་ཚེ་དབང་རིག་འཛིན་པའི་བཀའི་བསྐུལ་བཞིན་དུས་མཐའི་སྔགས་མིང་གསུང་ཆོས་བསྡུས་ཞད་ཅན་ག་གཱ་ཨ་བྷྱེའི་ཅི་བྲི་མ་རྙེད་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།

བཅའ་ཐབས།

བཅའ་ཐབས་ནི། ཡི་དམ་གང་ཡིན་གྱི་གཏོར་མ་དང་། གཡང་གཏོར་རྒྱལ་མཚན་ཐོག་ཏུ་ནོར་བུ་ཡོད་པ་བཞི་དང་། མཚམས་བཞིར་རུ་འདྲེན་སོགས། མཐའ་བསྐོར་གཡང་ལྷ་ཐམས་ཅད་ལ་གཏོར་ཟླུམ་བ་ལིང་སོགས་བྱས་ལ། བསེ་རག་རི་བོང་ཞོན་པ། ཡི་དྭགས་ཁ་འབར་མ། མུ་ལ་ཐལ་འགམ་གསུམ་གྱི་འཁོར་དུ་མུ་གེ་ཅན་ནི། མཐའ་བསྐོར་རླུང་ཟ་བའི་སྦྲུལ། གཡས་སུ་ཁ་སོས་པས་སྦལ་བ། གཡོན་དུ་ས་ཟ་བའི་རྩངས། སྟེང་དུ་རྡོ་དཀར་ཟ་བའི་སྲེགས་པ། རྒྱབ་དུ་རྡོ་ལྡག་པའི་རྫ་བྲ། སྔོན་དུ་མི་གཙང་བ་ཟ་བའི་ཁྱི། ར་དང་གླ་བ་བསེ་རག་གྱི་སྒོ་ཟོག ཤ་སྣ་བཅོ་བརྒྱད་ཚ་སྒོག་རམ་པ་ཐལ་བ་སྤུ་སྣ་སྣབས་ལུད་ངར་སྣབས་མི་གཙང་མཆིལ་དྲི་ལྕི་བ་སྐྱུགས་པ་སོགས་ཡི་དྭགས་ལ་ཐོབ་པའི་རྫས་རྣམས་བསྔོ་བརྒྱུར་དགོས། གཞན་ཡང་གཡང་རྫས་བཅས་བཀྲམ་མོ། །༈ ཚེ་གཡང་ཁ་སྤྲོད་བཅའ་ཤོམས་ལ༔ ཆོས་དབྱིངས་ཡེ་ཤེས་ཟླ་བའི་སྟེང་༔ མི་ནུབ་རྒྱལ་མཚན་མེ་ལོང་མཚོན༔ སོར་རྟོགས་ཚེ་བཅུད་བུམ་པ་ཟླུམ༔ མཉམ་པ་ཉིད་ཀྱི་ནོར་བུའི་ཏོག༔ ནན་ཏན་མཚོན་བྱེད་རྒྱན་ཕྲེང་འབར༔ ཕྱོགས་བཞི་དབུས་ལྔའི་རྒྱལ་ཆེན་མཚོན༔ མཚམས་བཞིར་དམར་གྱི་གཏོར་མ་ནི༔ ཕྱག་རྒྱ་བཞི་ཡི་མཚོན་པ་ཅན༔ དེ་མཐར་བྷ་ལིང་གྲངས་མང་མཐར༔ ཚེ་འབྲང་རྒྱ་ ༼ བརྒྱ་དཔྱད། ༽ ཡིས་བསྐོར་བ་ལ༔ ཕོ་ལ་གསེར་དང་མོ་ལ་གཡུ༔ བུ་ཚ་ཕོ་མོ་དུང་དང་ཤེལ༔ ཚེ་རྟེན་བཏགས་པའི་མདའ་དར་དང་༔ ཚེ་གལ་ཚེ་ཆང་ཚེ་རྫས་ནི༔ ཀུན་ཏུ་ཚོགས་པ་དང་བཅས་བཀྲམ༔ དབུས་སེར་ཤར་དཀར་ལྷོ་མཐིང་ཀ༔ ནུབ་དམར་བྱང་ནི་ལྗང་ཀུའི་མདོག༔ གྲུབ་ན་རྟེན་འབྲེལ་མཆོག་ཏུ་གྲུབ༔ ཅེས་སོ། །ཤྲཱི་བས་སོ། །

ཡིད་བཞིན་དབང་གི་རྒྱལ་པོའི་གཡང་གི་བྱིན་འབེབས་བཀྲ་ཤིས་ཆར་འབེབས།

ཡིད་བཞིན་དབང་གི་རྒྱལ་པོའི་གཡང་གི་བྱིན་འབེབས་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །ཆོས་དབྱིངས་ཀུན་སྣང་དཀྱིལ་འཁོར་ནས༔ མ་ལུས་རབ་འབྱམས་འཁོར་ལོའི་བསྒྱུར༔ མོས་པའི་ཡིད་ཀྱིས་ཕྱག་རྒྱ་བཞིའི༔ གཡང་གི་རྫས་ལ་སྤྱན་དྲངས་ཕྱིར༔ སྲི་ཞུའི་གུས་པས་རོལ་མོ་སྦིར༔ དེ་ནས་ཚིག་གིས་འབོད་བསྐུལ་དུ༔ ཨེ་མ་ཧོ༔ ངོ་མཚར་ཐུགས་རྗེ་ཆེན་པོའི་རྩལ་ཤུགས་ཀྱིས༔ རྩོལ་མེད་ངང་བྱུང་སྒྱུ་མར་རོལ་བ་ལས༔ དུས་གསུམ་མགོན་པོ་ཡེ་ཤེས་ལྷ་ཡི་ཚོགས༔ སེམས་ཅན་གདུང་བ་སེལ་ཕྱིར་དེང་གི་དུས༔ ཆགས་ཐོགས་སྒྲིབ་བྲལ་སྤྱན་ལྔའི་མངོན་རྟགས་ཅན༔ བདག་གིས་མངོན་སུམ་ཡུལ་དུ་མ་གྱུར་བས༔ རེ་ཞིག་བསྐུལ་ཞིང་གསོལ་བས་འབོད་ལགས་ཀྱི༔ ད་ལྟ་ཉིད་དུ་གཡང་ལ་བྱིན་ཆེན་ཕོབ༔ ༈ ཨོཾ༔ ཡེ་ཤེས་ལྔ་ལྡན་འགྱུར་མེད་ཕོ་བྲང་ནས༔ བཅོམ་ལྡན་ཞི་ཁྲོ་རྒྱལ་བ་རིགས་ལྔ་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ ཤེས་རབ་ལྔ་ལྡན་འོད་ཀྱི་ཕོ་བྲང་ནས༔ བདེ་གཤེགས་ཞི་ཁྲོ་ཡུམ་ཆེན་མཁའ་འགྲོ་ལྔ༔ འབུམ་ཕྲག་ཡངས་བའི་ཐབས་ཤེས་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ སྙིང་རྗེ་ཆེན་པོ་བཅུ་དྲུག་དཀྱིལ་འཁོར་ནས༔ བྱང་ཆུབ་ལྕམ་དྲལ་ཞི་ཁྲོ་བཅུ་དྲུག་ལ༔ མས་བསྒྲོད་ཚུལ་དངོས་གྲངས་མེད་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ ཕྱི་ནང་རྡོ་རྗེ་བཀོད་པའི་དཀྱིལ་འཁོར་ནས༔ རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་ལ༔ ཕྱོགས་བཅུའི་གངས་ཅན་རབ་འབྱམས་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ ངེས་མེད་གདུལ་བྱའི་རང་སྣང་འཇིག་རྟེན་ནས༔ བདེ་གཤེགས་བསྐལ་བཟང་སངས་རྒྱས་སྟོང་རྩ་ལ༔ སྤྲུལ་སྐུ་བྱེ་བ་གྲངས་མེད་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ ཡེ་ཀློང་མཉམ་ཉིད་རང་སྣང་འོག་མིན་ནས༔ བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ༔ བརྒྱུད་པ་དགུ་ལྡན་མགོན་པོའི་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ ཐུགས་གསུང་ཟབ་ཡངས་མཁའ་ཁྱབ་དཀྱིལ་འཁོར་ནས༔ རང་བཞིན་ཐབས་གྱུར་རྫོགས་པ་ཆེན་པོ་ལ༔ ལུང་རྟོགས་ཆོས་ཕུང་བརྒྱད་ཁྲིའི་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ བསླབ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས༔ རྒྱ་བོད་པཎ་གྲུབ་རིག་འཛིན་རྒྱ་མཚོ་ལ༔ ཕྱོགས་བཅུའི་ཐེག་གསུམ་དགེ་འདུན་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ བཀའ་དང་དམ་ཚིག་གཉན་པོའི་དཀྱིལ་འཁོར་ནས༔ དཔལ་མགོན་དྲེགས་དཔོན་སྐྱེ་བརྒྱུད་བདག་པོ་ལ༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ ཐུགས་བསྐྱེད་དམ་བཅའ་འདུ་འབྲལ་མེད་ཀློང་ནས༔ རྣམ་སྲས་ཛམ་ལྷ་དཔལ་ལྷ་གྲོགས་མོར་བཅས༔ ནོར་ལྷ་ལྷ་ཆེན་བསམ་ཡས་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ ཚུལ་བསྟན་ཐབས་ལ་མཁས་པའི་དཀྱིལ་འཁོར་ནས༔ ཡིད་བཞིན་པདྨ་བསྟན་སྐྱོང་ཟླ་བའི་དབང་༔ སྤྲུལ་བ་དབང་བསྡུད་རུ་འདྲེན་འཁོར་གྱིས་བསྐོར༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ ༈ ཀྱཻ༔ ཉོན་མོངས་དུག་ལྔ་དབུལ་ཕོངས་རྒྱུ་ཡིན་ཏེ༔ ཡེ་ཤེས་རྣམ་ལྔའི་བྱིན་ཆེན་དབབ་ཏུ་གསོལ༔ རྐུ་འཕྲོགས་མི་དགེ་དབུལ་ཕོངས་འདུ་བྱེད་ལས༔ ཕྲིན་ལས་དོན་ཡོད་གྲུབ་པར་བྱིན་གྱིས་རློབས༔ འབྱུང་བཞིའི་དར་རྒུད་དབུལ་ཕོངས་རྐྱེན་ཡིན་ཏེ༔ རྣམ་དག་ཞིང་ཁམས་ཆེན་པོར་བྱིན་ཕོབ་ཅིག༔ སྡུག་བསྔལ་རྣམ་གསུམ་དབུལ་ཕོངས་དངོས་ཡིན་གྱི༔ བདེ་ཆེན་འདུ་འབྲལ་མེད་པར་བྱིན་ཕོབ་ཅིག༔ དགོས་འདོད་འབྱུང་བ་ཡིད་བཞིན་ནོར་བུའི་གཡང་༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ འཛད་པ་མེད་པ་གཏེར་ཆེན་བུམ་པའི་གཡང་༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ གོང་དུ་འཕེལ་བ་དཔག་བསམ་ལྗོན་ཤིང་གཡང་༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ ནུབ་པ་མེད་པ་རྒྱལ་མཚན་དམ་པའི་གཡང་༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ མུན་པ་སེལ་བ་ཉི་ཟླ་ཟུང་འབྲེལ་གཡང་༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ འཕོ་འགྱུར་མེད་པ་རི་རྒྱལ་ལྟ་བུའི་གཡང་༔ དེང་འདིར་བསོད་ནམས་གཡང་ལ་བྱིན་ཆེན་ཕོབ༔ ས་ཆུ་མེ་རླུང་འབྱུང་བ་ནམ་མཁའ་བཅས༔ རང་སེམས་བག་ཆགས་བརྟན་པའི་སྣང་གཟུགས་བརྙན༔ གཞན་ན་མེད་དེ་ཆོས་ཉིད་མིག་འཕྲུལ་གཡོ༔ ཕྱྭ་གཡང་དངོས་གྲུབ་ཕུན་ཚོགས་བྱིན་ཕོབ་ཅིག༔ འཛད་མེད་བཅུད་ལྡན་ཟས་ཀྱི་གཡང་བྱིན་ཕོབ༔ བཀྲག་དར་དྲོ་འཇམ་གོས་ཀྱི་གཡང་བྱིན་ཕོབ༔ རིན་ཆེ་གྲངས་མང་ནོར་བུའི་གཡང་བྱིན་ཕོབ༔ གྲགས་མཛངས་འཕན་དར་བུ་ཡི་གཡང་བྱིན་ཕོབ༔ ནད་མེད་འཚེ་བྲལ་ཚེ་ཡི་གཡང་བྱིན་ཕོབ༔ དཔའ་སྟོབས་ཤེས་རྒྱ་སྤོབ་པའི་གཡང་བྱིན་ཕོབ༔ དབུལ་སེལ་རེ་སྐོང་ཕྱུགས་ཀྱི་གཡང་བྱིན་ཕོབ༔ འདུན་མའི་རྩེར་ཕྱིན་ཆོས་ཀྱི་གཡང་བྱིན་ཕོབ༔ དབང་ཕྱུག་བརྒྱད་དང་གྲུབ་པའི་གཡང་བྱིན་ཕོབ༔ རང་གཞན་ཀུན་སྨོན་ལྷུན་གྲུབ་གཡང་བྱིན་ཕོབ༔ ༈ གནས་མཆོག་འདི་རུ་བྱིན་ཆེན་དབབ་ཏུ་གསོལ༔ བསྒྲུབ་མཆོག་བདག་ལ་དངོས་གྲུབ་སྩལ་དུ་གསོལ༔ གཡང་རྫས་འདི་ལ་དབང་ཆེན་བསྐུར་དུ་གསོལ༔ རྟེན་འབྲེལ་འདི་ལ་མཚན་མ་བསྟན་དུ་གསོལ༔ སྐད་ཅིག་ཉིད་ལ་གཡང་གི་བྱིན་ཆེན་ཕོབ༔ ད་ལྟ་ཉིད་དུ་གཡང་གི་བྱིན་ཆེན་ཕོབ༔ མྱུར་བ་ཉིད་དུ་གཡང་གི་བྱིན་ཆེན་ཕོབ༔ སྔོན་སྨོན་བསོད་ནམས་བསགས་པའི་རྣམ་སྨིན་ལ༔ ཕུན་ཚོགས་བདེ་ལེགས་ཡོད་པ་ཆོས་ཉིད་ན༔ ནོར་ལྷ་གཡང་ལྷའི་ཐུགས་རྗེས་ཅི་ཞིག་བྱ༔ དེ་བས་མྱུར་མགྱོགས་མཐུ་རྩལ་རྫུ་འཕྲུལ་གྱིས༔ བཀྲེན་ཆེན་བདག་ལ་གཡང་གི་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨ་ཨཱཿཧཱུྃ་ན་མོ་རཏྣ་ཏྲ་ཡ་ཡཱ༔ གུ་རུ་དྷེ་ཝཱ་ཌཱཀྐི་ནི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ས་མ་ཡ་ཕེཾ་ཕེཾ་ཛ་ཛ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་གཡང་བསྐྱེད་འགུགས་བརྟན་བྱ། །རྒྱུ་འབྲས་དབུལ་བ་སེལ་བྱེད་འདི། །བུག་ཐོའི་བསྐུལ་བ་དོན་ཡོད་ཕྱིར། །སྔགས་ནག་ག་གཱ་ཨ་བྷྱེས་བྲིས། །མངྒ་ལཾ། །

ཁྲུས་ཆོག་དག་བྱེད་རྒྱུན་བཟང་།

ཁྲུས་ཆོག་དག་བྱེད་རྒྱུན་བཟང་བཞུགས༔

བསང་ཁྲུས་ནི༔ ལས་ལྷ་སྨེ་བརྩེགས་ཀྱི་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ བསང་ཆུ་ཁྲོ་བོ་སྨེ་བ་བརྩེགས༔ མཐིང་ནག་ཕྱག་གཉིས་སྡིགས་མཛུབ་བསྣོལ༔ ཉི་སྟེང་གྱད་ཆེན་དོར་སྟབས་འགྱིང་༔ ཁྲོ་བོའི་ཆ་ལུགས་ཐམས་ཅད་རྫོགས༔ ཐུགས་ཀར་ཧཱུྃ་ལ་སྔགས་ཀྱི་འཁོར༔ བཟླས་པས་འཁོར་འདས་སྟོང་སྲོག་ཐོབ༔ ཨོ་བྷུར་ཀཾ ༴ བརྒྱ་ཚར་བཟླས་མཐར༔ ཕཊ༔ འཆོལ་བ་རྡོ་རྗེའི་ཕྲ་རྡུལ་གཏིབས༔ ཡེ་ཤེས་ཆོ་འཕྲུལ་དུ་མར་ཤར༔ ལས་ཀུན་སྒྲུབ་ལ་སྣང་དབང་བསྒྱུར༔ དགྱེས་མཉམ་བྱང་ཆུབ་སེམས་སུ་རོལ༔ ཞེས་པས་ཞུ་བླུགས་བྱས༔ དེ་ནས་ཤུག་ལོའི་གཏོར་ལ༔ མཾ༔ ཆུ་ཉིད་ཡེ་ནས་མ་མ་ཀི༔ དག་པར་མི་འགྱུར་གང་ཡང་མེད༔ དབྱིངས་སྡུད་མ་རྡོ་རྗེ་ཐབས་སུ་སྤྲུལ༔ བཅོམ་ལྡན་སྨེ་བ་བརྩེགས་པ་ཤར༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བསངས་ཁྲུས་འདི་ནི་མཆོག་ཏུ་གྱུར༔ ཀྱཻ༔ དཀོན་མཆོག་གསུམ་ལ་དུག་མི་མངའ༔ དུག་མེད་སྐུ་ལ་བསིལ་ཆབ་འདི༔ བསོད་ནམས་ཚོགས་རྫོགས་དྲི་མེད་ཕྱིར༔ འགྲོ་ཀུན་ཐུན་མོང་བསམ་པས་གསོལ༔ དཀོན་མཆོག་གསུམ་དངོས་བྱང་ཆུབ་སེམས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ༔ ཀ་དག་ཡུམ་གྱི་ཁྲུས་ཆབ་ནི༔ རྫོགས་ཚུལ་རྟོགས་པའི་གདེང་གིས་གསོལ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ གཉིས་མེད་རྟོགས་པའི་བསངས་ཁྲུས་ནི༔ དག་བྱེད་སྨན་ཆབ་འདི་གསོལ་བས༔ ཉམས་ཆགས་འཁོན་གྲིབ་དག་གྱུར་ཅིག༔ ནོར་ལྷ་གཡང་ལྷ་ཐམས་ཅད་ལ༔ དག་བྱེད་བསངས་ཁྲུས་འདི་གསོལ་བས༔གཡང་ཞག་བྱིན་འོད་ཉམས་པ་ཀུན༔ མ་ལུས་རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཁྱད་པར་སྲིད་ཞིའི་དགེ་མཚན་གཏེར༔ ཡིད་བཞིན་དབང་གི་རྒྱལ་པོ་ལ༔ ཛ་ཏི་ག་བུར་གོ་ལ་སྟེ༔ དྲི་མཆོག་ལྡན་པའི་ཁྲོས་གསོལ་ལོ༔ སྐུ་ཡི་ལྷ་ནི་ཐལ་བ་སྐྱོངས༔ ཅུ་གང་དཀར་བོའི་སྨན་ཆབ་གསོལ༔ ལུས་ལྷ་མནོལ་བའི་ཉེས་ཚོགས་ཀུན༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཡོན་ཏན་ལྷ་ནི་དོན་གྲུབ་རྒྱལ༔ གུར་གུམ་སེར་བོའི་སྨན་ཆབ་གསོལ༔ ཁ་རྗེ་དཔལ་ཡོན་མནོལ་བ་ཀུན༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ གསུང་གི་ཝ་ཀི་པཱ་ལ་སྟེ༔ ལི་ཤི་དམར་བོའི་སྨན་ཆབ་གསོལ༔ ཟིལ་གནོན་དབང་བསྡུད་གཡང་མནོལ་བ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཕྲིན་ལས་སྟག་མདའ་དབང་གི་རྒྱལ༔ སུག་སྨེལ་བུང་བའི་སྨན་ཆབ་གསོལ༔ མཐུ་སྟོབས་དྲག་ཤུལ་གཡང་མནོལ་ན༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ སྒ་དང་ཙནྡན་ཨ་ཀ་རུ༔ བདུད་རྩི་ཆང་སྐྱུར་འོ་མའི་ཆབ༔ གསང་སྔགས་རིག་སྔགས་ལྷ་ལ་གསོལ༔ དམ་གྲིབ་ཉམས་ཆགས་རྟོག་གྲིབ་ཀུན༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཕུག་གི་ལྷ་ལ་ཁྲུས་ཆབ་གསོལ༔ སྦྲ་འགོམ་ཁྱིམ་ལ་འཁྲེན་པ་དང་༔ མནོལ་རྩོག་དྲི་མའི་བག་རྡུལ་ཀུན༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཐབ་ཁྱིམ་ལྷ་ལ་ཁྲུས་ཆབ་གསོལ༔ ཁྱིམ་ལ་བང་ཡུག་ཐབ་མནོལ་རྩོག༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ སྒོ་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ སྒོ་གཏན་གཡང་རལ་འདར་གྱུར་བའི༔ སྐར་ཉེས་ཕུང་ཉེས་འོང་ཉེས་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཕྱུགས་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ ཕྱུག་གི་སྤུ་མཚན་རལ་བ་དང་༔ ཕྱུག་ཕུད་ཕྱུགས་འོང་གཡོག་ཉེས་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ བང་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ འབྲུ་ཡི་འཕེལ་གཡང་ཉམས་པའི་ལས༔ ཕུད་དང་ལྷག་མ་གཏོང་ལེན་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཟས་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ ཁ་ཞག་ཕུད་དང་དམེ་རྩོག་གཡོས༔ བཅུད་ལ་འབྱར་ ༼ འཕྱར་དཔྱད། ༽བཏང་སྦྱོར་ཉེས་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ལུས་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ སྦྲུམ་བང་ཡུག་ཤན་གྲི་ལས་ལོག༔ དམ་སྡོམ་ཟླས་ཞར་གོས་ཀྱི་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ གྲོགས་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ སྲ་ལྟས་ཁ་སྨས་བཟའ་ཚང་དབྱེན༔ ཕྱོགས་ཉེས་ལ་སོགས་རྐྱེན་གྱི་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ དགྲ་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ སྨས་ཁྲག་བསང་རྩོག་མངལ་གོ་མཚོན༔ རྒྱན་ཆ་དགྲར་སྤྲད་སྦྱོར་བརྩམས་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཕ་མ་སློབ་དཔོན་ཞང་ལྷ་གཉེན༔ མཚམས་མེད་རིགས་རུས་དམ་ཚིག་ཉམས༔ ཆེ་བཙན་རྒན་རབས་མ་ཁུར་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཁྱད་པར་དུ་ཡང་སྐྱེས་པའི་ལྷ༔ སྲོག་ལུས་དབང་ཐང་རླུང་རྟའི་ལྷ༔ བླ་གཟའ་ལ་སོགས་ཉམས་པའི་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔དཔལ་མགོན་བསྟན་བསྲུང་དྲེགས་པ་ཆེ༔ ཡུལ་གཞིའི་གནས་ཁང་སླས་མལ་ལྷ༔ ལྷ་ཀླུ་གཉན་དང་སྡེ་བརྒྱད་མནོལ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཁྱད་པར་བཅོམ་ལྡན་ཚེ་དཔག་མེད༔ ཚེ་གཡང་ལྷ་ཚོགས་རྣམས་ཀྱིས་བསྐོར༔ བླ་འཁྱམས་སྲོག་ཆད་ཚེ་ཉམས་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ དེ་ལྟར་བསངས་ཁྲུས་བྱས་པ་ཡིས༔ མི་ལྷ་ཕྱུགས་ནོར་གཡང་ཉམས་གྲིབ༔ ཉེ་རེག་འཐོར་བས་སེལ་གྱུར་ཅིག༔ སེལ་ཞིང་ཡོངས་སུ་དག་གྱུར་ཅིག༔ གོས་ཀྱི་དྲི་མ་ལྟ་བུའི་གྲིབ༔ ཆུ་ཡི་བཀྲུས་བཞིན་དག་གྱུར་ཅིག༔ ཆུ་འཛིན་ལྟ་བུའི་སྒྲིབ་གཡོག་གྲིབ༔ རླུང་གིས་གཏོང་བཞིན་དག་གྱུར་ཅིག༔ གཡའ་དང་འདྲ་བ་གོས་པའི་གྲིབ༔ དར་གྱིས་ཕྱིས་བཞིན་དག་གྱུར་ཅིག༔ བྱེ་བག་ལྟ་བུར་འདྲེས་པའི་གྲིབ༔ བསེང་བ་བཞིན་དུ་དག་གྱུར་ཅིག༔ ཤེལ་རྒོང་རྡུལ་བཞིན་ཕྱིས་པའི་གྲིབ༔ འདལ་ཆལ་ཕྱིས་བཞིན་དག་གྱུར་ཅིག༔ དངུལ་ཟངས་བཞིན་ཏུ་བསླད་པའི་གྲིབ༔ བཞུས་པ་བཞིན་དུ་དག་གྱུར་ཅིག༔ གྲིབ་འདི་རང་སེམས་ནོངས་པས་ཡིན༔ དོན་ལ་གཞི་སྣང་ཡེ་ཤེས་དབྱིངས༔ མ་དག་མཚན་མ་རིང་དུ་དག༔ རྫོགས་པ་ཆེན་པོར་རོ་གཅིག་ཤོག༔ ཅེས་ཀྱང་ག་གཱ་བས་བུག་ཐོའི་ངོར་བྲིས་སོ། །ཡག་གོ །

དཀོར་བསྲུང་བསང་མཆོད་བདུད་རྩིའི་ཆར་པ།

ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལས༔ དཀོར་བསྲུང་བསང་མཆོད་བདུད་རྩིའི་ཆར་པ་ཞེས་བྱ་བ་བཞུགས་སོ༔

དཀོར་སྲུང་ཡིད་བཞིན་དབང་རྒྱལ་གྱི༔ བསངས་མཆོད་རྩོག་གྲིབ་མུན་པའི་སྤྲིན༔ སེལ་བྱེད་ཤེས་རབ་ཡེ་ཤེས་ཀྱི༔ རླུང་ལྔ་དབྱིངས་ཀྱི་ལྷ་མོ་ནི༔ རབ་དངེས་དག་བྱེད་མཚམས་སྦྱར་བ༔ པདྨ་ཀཱ་རའི་བསྟན་ནས་སོང་༔ ༼ སྟྲ༔ ༽ དེ་ལས་དང་པོ་རབས་བྱུང་བའང་༔ རྫས་དང་གང་ལ་སྒྲིབ་པ་དང་༔ དེ་ཡི་བསང་རབས་བཤད་པ་དང་༔ དེ་ཡི་ཡོན་ཏན་ལས་བྱུང་ངོ་༔ དེ་ལ་དང་པོ་འདི་ཉིད་གཞུང་༔ ཟིན་པའི་རྫས་ཀྱི་རིམ་པ་བཞིན༔ འདུ་བར་བྱས་ནས་འདི་སྐད་དོ༔ ས་མ་ཡཱ༔ ཧཱུྃ༔ མ་རིག་པ་ནི་གྲིབ་གྱི་རྒྱུ༔ གྲིབ་ཀྱི་རྒྱུ་ལ་རྣམ་པ་གསུམ༔ འོད་དང་དམིགས་རྣམ་གྲིབ་ཀྱི་རྐྱེན༔ དེ་ལ་ཡང་ནི་རྣམ་པ་བཞི༔ རྒྱུ་རྐྱེན་འཐབ་པ་གྲིབ་ཀྱི་གྲིབ༔ དེ་ལ་རྩ་བ་ཡན་ལག་ལྔ༔ རྩ་བ་རང་བྱུང་ཡེ་ཤེས་ངང་༔ ཡན་ལག་ལྷུན་གྲུབ་ཡེ་ཤེས་ལྔ༔ རྒྱུ་ལ་དབྱིངས་ཀྱི་ཁྱབ་བརྡལ་དང་༔ རྐྱེན་ལ་ཡེ་ཤེས་གར་མཛད་པ༔ ལྷན་གྲུབ་རྒྱལ་བའི་སྐུ་གསུམ་གྱིས༔ མ་དག་པ་ནི་གང་ཡང་མེད༔ གལ་ཏེ་ཅུང་ཟད་ཡོད་སྲིད་ན༔ བདག་ཉིད་ཆེན་པོ་དེ་རུ་བཞུགས༔ ཀུན་ཀྱང་ཀུན་བཟང་ངང་དུ་རོལ༔ ཨོཾ་ཨཱཿཧཱུྃ༔ ས་ནི་ཡབ་ཡུམ་ཆུ་ལ་རོལ༔ མེ་སྟེ་ཡབ་ཡུམ་རླུང་ལ་སྙོམས༔ ནམ་མཁའ་དབྱིངས་ཀྱི་ཀློང་ནས་བཞེངས༔ ཤེས་རབ་བཞི་ལྔའི་དག་པར་སྦྱངས༔ རཾ་ཡཾ་ཁཾ༔ འཁོར་འདས་རྒྱན་གྱི་མཆོད་པའི་ཆ༔ རབ་འབྱམས་ནམ་ཡང་ཕ་མཐའ་ཡས༔ འགགས་མེད་སྒྱུ་མའི་འཕྲུལ་ཆེན་པོ༔ ནམ་མཁའི་ཁམས་ཀྱང་སྣོད་དུ་ཆུང་༔ ཧ་ཧོ་ཧྲཱི༔ མཛོད་སྔགས་སོགས་ཀྱིས་སྤེལ༔ དེ་ནས་བསང་དངོས་ཀྱི་རབས་ནི༔ ཧོ༔ དང་པོ་རྩི་ཤིང་རྫས་ཀྱི་རབས༔ ངོ་མཚར་རྨད་བྱུང་ཡངས་བའི་གྲོང་༔ འགྱུར་མེད་རྡོ་རྗེ་ཅན་གྱི་ས༔ སྡུད་མ་རྡོ་རྗེ་ཡུམ་དང་འཁྲིལ༔ འབར་མ་རྡོ་རྗེ་ཁྲོ་བོའི་སྐུ༔ བསྐྱོད་མ་རྡོ་རྗེ་དབྱིངས་ཕྱུག་གི༔ སྣང་མཛད་རྡོ་རྗེའི་བྷ་ག་རུ༔ རང་བྱུང་ཟུག་འདྲིལ་རྒྱས་པའི་གཟུགས༔ རྩི་ཡི་རྒྱལ་པོ་ཆེན་པོ་ནི༔ སྣང་བའི་ས་བཅུར་བརྒྱན་གྱི་བཀྲམ༔ མུན་པའི་ས་བཅུར་གདུང་གིས་འགེང་༔ འདྲེས་པའི་ས་བཅུར་དྲི་ཡི་བསྲུང་༔ དུག་གསུམ་སེལ་བ་རྩི་ཡི་མཆོག༔ ཡེ་ཤེས་རྣམ་ལྔའི་ཡལ་ག་ལ༔ ཕུན་སུམ་ཚོགས་པའི་མེ་ཏོག་རྒྱས༔ སྐུ་ལྔ་འབྲས་བུ་ཁུར་གྱི་དུད༔ ཡང་ཅིག་དེ་ལས་རྩི་ཡི་འདྲིལ༔ འདྲེས་པས་ས་ན་རྩི་རུ་ཆེ༔ ཤ་ནི་རྡོ་རྗེ་ས་ཡི་བཙན༔ ཁྲག་ཁམས་རྡོ་རྗེ་ཆུ་བོ་ཟབ༔ མེ་དབྱིངས་རྡོ་རྗེ་དྲོ་བར་ལྡན༔ རླུང་ཁམས་གདེངས་དང་བྱེད་རྒྱུའི་རྟ༔ སེམས་ཀྱི་ནམ་མཁའ་ཡངས་པར་མཛེས༔ དེ་ལྟར་ཡབ་ཡུམ་ཟུང་འཇུག་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དཔག་བསམ་ངོ་མཚར་སྡོང་བོ་ཟུག༔ ཡལ་ག་རྒྱུ་བ་རོལ་བ་ལས༔ མེ་ཏོག་སྲོག་རྩོལ་སངས་རྒྱས་པའི༔ འབྲས་བུ་ཡེ་ཤེས་ཁུར་གྱིས་བདུད༔ ཉོན་གྲིབ་རྣམ་དག་རྩི་རུ་སྨིན༔ དེ་ལས་མུན་པའི་དབྱིངས་སུ་ཟུག༔ བསྐལ་བ་སྲིད་པའི་དང་པོ་ལ༔ ནམ་མཁའ་སྟོང་བའི་དབྱིངས་ཀློང་དུ༔ སྡུད་བྱེད་རླུང་གི་སྣ་ཚོགས་ཁམས༔ སྤྲིན་ལས་བབས་པའི་གསལ་དག་མཚོ༔ དེ་སྟེང་ས་དཀྱིལ་གྲི་བཞི་ཆགས༔ མེ་ཁམས་ཟླ་གམ་ད་ལ་རུ༔ སྲུབ་བྱེད་རླུང་གི་སྨིན་བྱས་ཏེ༔ མེ་ལོངས་ཡེ་ཤེས་ཐུགས་ཀྱི་རྩི༔ ཞི་བྱེད་དཀར་པོའི་རྩི་ཐོག་རྒྱས༔ ད་ལི་དཀར་བོ་གཙོ་བོར་ལྷག༔ སྙིང་རྗེའི་རང་མདངས་ཞེ་སྡང་སེལ༔ མཉམ་ཉིད་ཡེ་ཤེས་ཡོན་ཏན་རྩི༔ རྒྱས་བྱེད་སེར་བོའི་ལོ་འབྲས་སྨིན༔ ཨ་ཀར་རིགས་གསུམ་གཙོ་བོར་ལྷག༔ བྱམས་པའི་རང་མདངས་ང་རྒྱལ་སེལ༔ སོ་སོར་རྟོགས་པ་གསུང་གི་རྩི༔ དབང་མཛད་དམར་པོའི་གྷི་རྟི་རྩི༔ ཙནྡན་དམར་པོ་གཙོ་བོར་ལྷག༔ དགའ་བའི་རང་མདངས་འདོད་ཆགས་སེལ༔ བྱ་གྲུབ་ཡེ་ཤེས་ཕྲིན་ལས་རྩི༔ སྒྲོལ་བྱེད་ལྗང་གུའི་ལོ་འབྲས་སྨིན༔ ཤུག་ལོ་ལྗང་གུ་གཙོ་བོར་ལྷག༔ བཏང་སྙོམས་རང་མདངས་ཕྲག་དོག་འཇོམས༔ ཆོས་དབྱིངས་ཡེ་ཤེས་སྐུ་ཡི་རྩི༔ ཕུན་ཚོགས་ལྷུན་གྲུབ་སྣ་ཚོགས་སྨིན༔ ཛ་ཏི་ཁྲ་བོ་གཙོ་བོར་ལྷག༔ རང་བྱུང་ཡེ་ཤེས་གཏུ་མུག་འཇོམས༔ ཉོན་མོངས་དུག་ལྔ་ནད་གདོན་རྩ༔ སེལ་བྱེད་སྨན་ལྔ་ཡེ་ཤེས་རྩི༔ ཐུན་མོང་ཕྲིན་ལས་རྣམ་ལྔ་རྫོགས༔ ཡིན་པ་གསུམ་དུ་ལྷུན་གྱི་གྲུབ༔ དབྱིངས་ལྔ་མཁའ་འགྲོ་ཁ་དོག་ལྔར༔ ཡེ་སངས་རྒྱས་པའི་བྱིན་རླབས་ཀྱི༔ རང་བཞིན་གྲུབ་པའི་ཆོས་ཅན་ཏེ༔ མཆོག་ཏུ་ལྷུན་གྲུབ་རླབས་ཕྲེང་གིས༔ ནུས་མཐུས་རླུང་མཁྲིས་བད་ཀན་སེལ༔ རང་བཞིན་གྲུབ་པའི་ངོ་བོ་སྟོང་༔ གྲུབ་པ་བཞི་དང་ཡང་དག་ལྡན༔ མི་གཙང་ཀུན་སེལ་དགྱེས་པ་སྐོངས༔ ལྷ་ཤིང་དཀར་པོའི་ལྷ་ཡི་དགྱེས་པ་སྐོངས༔ གཉན་ཤིང་སེར་པོའི་གཉན་གྱི་དགྱེས་པ་སྐོངས༔ ཟངས་ཤིང་དམར་པོའི་བཙན་གྱི་དགྱེས་པ་སྐོངས༔ ཀླུ་ཤིང་ལྗང་གུའི་ཀླུ་ཡི་དགྱེས་པ་སྐོངས༔ གཟའ་ཤིང་ཁྲ་བོའི་གཟའ་ཡི་དགྱེས་པ་སྐོངས༔ དཀར་པོའི་ལྷ་ལ་གྲིབ་ཕོགས་སངས༔ སེར་བོའི་གཉན་ལ་གྲིབ་ཕོགས་སངས༔ དམར་བོའི་བཙན་ལ་གྲིབ་ཕོགས་སངས༔ སྔོ་ལྗང་ཀླུ་ལ་གྲིབ་ཕོགས་སངས༔ ཁྲ་བོའི་གཟའ་ལ་གྲིབ་ཕོགས་སངས༔ ཀྱཻ༔ བསང་གི་རབས་བྱུང་འདི་ལྟ་སྟེ༔ སྔོན་ཚེ་འཕྲུལ་གྱི་འབྱུང་གནས་སུ༔ བྱང་ཆུབ་རྣམ་ལྔ་འབྱུང་བ་ཡི༔ གནས་སུ་སྟོབས་པའི་མཆོད་པ་ལྔ༔ བར་དུ་བསང་གི་རབས་བྱུང་བ༔ ཕྱྭ་གཤིན་སྐུར་བཞེངས་གང་འདུལ་ཐབས༔ ལྷ་གཡང་སྐོར་སོགས་ཐམས་ཅད་མཛད༔ རྟེན་འབྲེལ་དེ་ཡང་འདི་ལྟར་བདེན༔ ཐ་མ་ཨོ་རྒྱན་པདྨ་ཡི༔ བསང་གི་སྣང་བ་དབང་དུ་བསྡུད༔ ཆེ་བཙན་རྒྱལ་བོའི་ཐུགས་དམ་གསོས༔ རྟེན་འབྲེལ་དེ་ཡང་འདི་ལྟར་བདེན༔ ཡང་ཐ་རྣལ་འབྱོར་བདག་གིས་ཀྱང་༔ མི་བདེན་བདེན་པའི་རྟེན་འབྲེལ་བསྒྲིགས༔ མུན་ལས་སྣང་འབྱུང་ཡིད་བཞིན་ནོར༔ སེལ་བྱེད་བདུད་རྩིའི་བསང་འདི་འབར༔ ཧཱུྃ༔ བ་ལུ་དཀར་པོ་ཁ་བ་རི༔ སྤྲུལ་གཞི་རྡོ་རྗེ་རིགས་ཀྱི་གདུང་༔ སྤྲུལ་བ་ཐལ་སྐྱོངས་ཞི་བ་དང་༔ ཤར་གྱི་རུ་འདྲེན་དྲི་ཟའི་འཁོར༔ མ་ལུས་འཁོར་དང་བཅས་པ་བསངས༔ དགྱེས་སྐོངས་རྨུགས་པ་སངས་བར་ཤོག༔ འཐིབ་པ་དྭངས་ནས་འཁུས་འཁྲུགས་ཞི༔ གཡང་གི་བར་ཆད་ཞི་བར་མཛོད༔ ཨ་ཀར་དཔའ་བོ་གསེར་གྱི་ལྕུགས༔ སྤྲུལ་གཞི་རིན་ཆེན་རིགས་ཀྱི་གདུང་༔ སྤྲུལ་བ་དོན་གྲུབ་རྒྱས་པ་དང་༔ ལྷོ་ཡི་རུ་འདྲེན་གྲུལ་བུམ་འཁོར༔ མ་ལུས་འཁོར་དང་བཅས་པ་བསང་༔ དགྱེས་སྐོང་རྨུགས་པ་སངས་པར་ཤོག༔ འཐིབ་པ་དྭངས་ནས་འཁུས་འཁྲུགས་ཞི༔ གཡང་གི་འཕེལ་ཀ་རྒྱས་པར་མཛོད༔ ཙནྡན་དམར་པོ་ར་གའི་འཁྲོལ༔ སྤྲུལ་གཞི་པདྨ་རིགས་ཀྱི་གདུང་༔ སྤྲུལ་བ་ངག་དབང་པདྨ་རྒྱལ༔ ནུབ་ཀྱི་རུ་འདྲེན་ཀླུ་དབང་འཁོར༔ མ་ལུས་འཁོར་དང་བཅས་པ་བསང་༔ དགྱེས་སྐོངས་རྨུགས་པ་སངས་བར་ཤོག༔ འཐིབ་པ་དྭངས་ནས་འཁུས་འཁྲུགས་ཞི༔ གཡང་གི་སྲིད་ཞི་དབང་བསྡུད་མཛོད༔ གཡུ་ཡི་ཤུག་པ་ཨིནྡྲ་ཉིལ༔ སྤྲུལ་གཞི་ཀརྨ་རིགས་ཀྱི་གདུང་༔ སྤྲུལ་བ་སྟག་མདའ་དྲག་པོའི་གར༔ བྱང་གི་རུ་འདྲེན་གནོད་སྦྱིན་འཁོར༔ མ་ལུས་འཁོར་དང་བཅས་པ་བསང་༔ དགྱེས་སྐོངས་རྨུགས་པ་སངས་བར་ཤོག༔ འཐིབ་པ་དྭངས་ནས་འཁུས་འཁྲུགས་ཞི༔ གཡང་རྐུན་དགྲ་བགེགས་རྡུལ་དུ་མཛོད༔ ཀྱཻ༔ ཛ་ཤིང་གཟི་ཡི་ཐོག་བུ་ལྕིད༔ སྤྲུལ་གཞི་དེ་བཞིན་གཤེགས་པའི་གདུང་༔ སྤྲུལ་བ་ཡིད་བཞིན་དབང་གི་རྒྱལ༔ དགྱེས་སྡེ་གཙང་རིས་དཔལ་མགོན་འཁོར༔ མ་ལུས་འཁོར་དང་བཅས་པ་བསངས༔ དགྱེས་སྐོངས་རྨུགས་པ་སངས་བར་ཤོག༔ འཐིབ་པ་དྭངས་ནས་འཁུས་འཁྲུགས་ཞི༔ གཡང་གི་མཆོག་ཐུན་ལྷུན་གྱི་གྲུབ་པར་མཛོད༔ ཀྱཻ༔ སྣང་བའི་གྲོང་ནས་སངས་རྒྱས་ལྔ༔ གྲངས་མེད་དེ་བཞིན་གཤེགས་པ་བསངས༔ བྱེད་འདྲེས་གསང་སྔགས་རིག་སྔགས་གཟུངས༔ ལྷ་མོ་བརྒྱད་དང་ཛམྦྷ་ལྷ༔ མུན་ལ་སྨག་བསལ་ནོར་གཡང་ལྷ༔ ཁྱད་པར་དུས་བབས་ཐུགས་བསྐྱེད་བཙན༔ དབང་རྒྱལ་འཁོར་དང་བཅས་པ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ དགྲ་བླ་ཆེན་པོ་བཅུ་གསུམ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ དཔལ་མགོན་དཀར་ཕྱོགས་སྐྱོང་བ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ གསང་སྔགས་རྒྱུད་དྲུག་བསྲུང་མ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ འགོ་ཞིང་སྡོང་གྲོགས་བྱེད་པ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ཀྱཻ༔ ཁྱད་པར་སེར་སྣ་འཇུར་འགེགས་གིས༔ ཚེ་འདིར་སྦྱིན་པའི་གེགས་སུ་སྡང་༔ ཕྱི་མ་ཡི་དྭགས་གནས་སུ་ཉེན༔ སྡུག་བསྔལ་དེ་ལས་གཙོ་ཕལ་དུ༔ གང་དང་གང་དུ་ཡང་ནི་དབུལ༔ གཏན་པ་མེད་པའི་མཆོད་པས་མཐུའི༔ ནམ་མཁའ་མཛོད་ལ་བར་ཆད་བྱེད༔ ནོར་ལྷ་རྣམས་ལ་གྲིབ་ཕོག་པ༔ བསང་གི་མཆོད་པས་དག་གྱུར་ཅིག༔ ཧཱུྃ༔ ཁྱད་པར་དབང་གི་ལས་བཞིའི་རྫས༔ ཙན་དན་དམར་བོ་འོམ་བུ་དང་༔ སེང་ལྡེང་ཀྱལ་ཏ་ཚ་རུ་དང་༔ སྒ་ཤིང་དམར་བོ་བུ་རམ་ཤིང་༔ ཁམ་བུ་དགུན་ཀྱང་མི་སྐམ་པ༔ ཚི་བ་དྲི་ལྡན་གྷནྡྷ་ཀ༔ ལ་སོགས་བརྡ་ཡི་རྩི་བཅུད་ཀུན༔ བསྲེགས་པའི་དུད་སྤྲིན་མཆོད་པས་དངོས༔ ནོར་ལྷ་གཡང་ལྷ་རྣམས་ལ་འབུལ༔ མི་གཡང་རྟ་ནོར་ལུག་དང་ར༔ བ་གླང་མགྲིན་བཟང་གླང་པོ་ཆེ༔ ནོར་བུ་ཟས་གོས་བཙན་ཕྱུག་འཕན༔ ལྷབ་ལྷུབ་དར་གོས་རས་ཕྲུག་སོགས༔ རིན་ཆེན་དཀོར་མཚོན་ཀ་ཆ་རྒྱན༔ གཡང་ལྷ་སྣ་ཚོགས་མནོལ་བ་ཀུན༔ བསངས་མཆོད་འདི་ཡིས་སངས་གྱུར་ཅིག༔ དེ་ལྟར་མཆོད་པ་ཕུལ་བའི་མཐུས༔ ཚོགས་གཉིས་ཡོངས་སུ་རྫོགས་པ་དང་༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ དབང་བཅུ་ཡོངས་སུ་ཐོབ་པར་ཤོག༔ ཐོབ་པ་ཐམས་ཅད་ཡོངས་རྫོགས་ཏེ༔ མངའ་དབང་རྫོགས་པ་ཀུན་ཏུ་བཟང་༔ རྡོ་རྗེ་མཆོག་གི་གནས་ཐོབ་ཤོག༔ ཞེས་བརྗོད་དོ༔ འདི་ལ་བརྡ་འགགས་སྣ་ཚོགས་བྱུང་བས་དངོས་པོ་ཙམ་འདུས་པ་ལས་ལེགས་པར་མི་གནས་ཀྱང་བསྐུལ་བ་དོན་ཡོད་བྱས་སོ། །ག་གཱས་སོ། །

གནོད་སྦྱིན་དཀོར་གྱི་བདག་པོའི་བསང་མཆོད་བཀྲ་ཤིས་ལྷུན་གྲུབ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་བསང་མཆོད་བཀྲ་ཤིས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ༔

བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ དཀར་དམར་ཆང་སོགས་འདོད་དགུའི་རྫས༔ གསེར་གཡུ་དུང་དང་མཚལ་གྱི་ཤིང་༔ ལ་སོགས་དྲི་ལྡན་སྣ་ཚོགས་པ༔ བྱིན་གྱིས་རླབས་ཕྱིར་གཙང་ཆབ་བྲན༔ རྃ༔ གོས་དཀར་མོ་ཡི་ཐབ་ཆེན་དག་པའི་ཞུགས༔ དམ་ཚིག་སྒྲོལ་མའི་བརྟུལ་ཞུགས་དང་འགྲོགས་ཤིང་༔དག་བྱེད་གར་བསྒྱུར་མ་ཀཱི་ཕབ་ཀྱིས་བྲན༔ མེ་དུད་རབ་འབྱམས་ལྷ་མོའི་སྒྱུ་འཕྲུལ་བསྒྱུར༔ དབྱིངས་ཀྱི་ཡི་གེ་འབྲུ་གསུམ་ཆར་དུ་ཕེབ༔ རྒྱལ་ཀུན་བྱིན་རླབས་ཐུགས་རྗེ་ཡེ་ཤེས་ཀྱིས༔ སྦྱངས་ནས་ཟག་མེད་མཆོད་པའི་སྤྲིན་ཆེན་པོ༔ དགྱེས་བསྐྱེད་ཀུན་བཟང་ཏིང་འཛིན་སྒྱུ་མར་བཀོད༔ ཅེས་དང་ནམ་མཁའ་མཛོད་སྔགས་མཐར༔ ཀྱཻ༔ དབྱིངས་ཀྱི་ཡེ་ཤེས་ལྔ་ཡི་ཆོ་འཕྲུལ་ལས༔ གདེངས་ཀྱི་འཁོར་བ་རྒྱུན་མ་ཆད་བར་དུ༔ གང་འདུལ་རྣམ་བཞི་སྤྲུལ་སྐུར་མཛད་པ་སྟོན༔ དཀོར་བསྲུང་ཆེན་པོ་འཁོར་དང་བཅས་པ་ཀུན༔ རྣལ་འབྱོར་གདུང་བས་འབོད་ཀྱིས་མ་ཕྱི་བར༔ ད་ལྟ་ཉིད་དུ་འདིར་ནི་དགོངས་པ་བསྐྱེད༔ བཛྲ་ས་མ་ཛ་ཛ༔ དེ་ནས་བསང་གི་མཆོད་པ་ནི༔ ཧོ༔ ཟླ་བའི་དབང་པོ་འཁོར་དང་བཅས་པ་ལ༔ ཟག་མེད་རང་བྱུང་བསང་གི་མཆོད་པ་ནི༔ ཁམས་གསུམ་ཟ་བྱེད་དབྱིངས་ཀྱི་ཤེས་རབ་མའི༔ ལྟ་མིན་ལ་ཞུགས་མིང་གི་མཐར་བྱས་ཏེ༔ རྟོགས་པ་ཀུན་ཏུ་བཟང་པོའི་རང་བཞིན་གྱི༔ དགྱེས་སྐོངས་མཚན་མ་ཞི་བས་འཁོན་མ་དམིགས༔ ཟག་མེད་ལྷག་པའི་ལྷ་ཡི་བསང་རྫས་ནི༔ དགྱེས་མཉམ་རྡོ་རྗེའི་གར་ལ་སྙོམས་ཞུགས་པས༔ ཉི་ཟླའི་རྒྱུ་བ་བཅད་པའི་ཟིལ་མངར་བས༔ ཕྱི་ནང་དཔའ་བོ་ཌཱཀྐི་དམ་ཅན་བསངས༔ རྨུགས་འཐིབ་བག་བཅས་དྲི་མ་སངས་གྱུར་ཅིག༔ རྣམ་པའི་དངོས་པོ་རྡོ་རྗེའི་ལྷ་ཡི་ཚོགས༔ ཤེས་རབ་སྙེམས་མས་དགྱེས་བསྐྱེད་འབུམ་འབུམ་གྱི༔ བསང་རྫས་གང་འཚམས་རྟག་འཆར་ཆོ་འཕྲུལ་བསྒྱུར༔ བསང་མཆོད་འབུལ་ལོ་མཆོག་གི་དངོས་གྲུབ་སྩོལ༔ མ་དག་རྫས་ཀྱི་རྣམ་འགྱུར་དང་འགྲོགས་ཀྱང་༔ དག་པའི་ཏིང་འཛིན་ཡེ་ཤེས་སྟོབས་ལས་ཤར༔ འདོད་དགུ་མྱོང་རེག་གྲོལ་བའི་ཁྱད་པར་ཅན༔ ཕྱི་ནང་གསང་མཆོད་རང་བཞིན་ཕུན་ཚོགས་ཀྱིས༔ བསང་མཆོད་འབུལ་ལོ་མཆོག་གི་དངོས་གྲུབ་སྩོལ༔ ཁྱད་པར་དེ་བཞིན་གཤེགས་པའི་རྒྱན་ཕྲེང་བར༔ གཞོལ་པ་མིན་ཀྱང་གཞན་པས་བླར་ཕྱིན་པ༔ རིན་ཆེན་བཀོད་པའི་འཕྱང་འཕྲུལ་སྣ་ཚོགས་རྒྱན༔ བསང་མཆོད་འབུལ་ལོ་མཆོག་གི་དངོས་གྲུབ་སྩོལ༔ དཀར་གསུམ་མངར་གསུམ་བདུད་རྩིའི་རང་བཞིན་ཟས༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་ཉེ་བ་དང་༔ ནོར་བུ་ཆ་བདུན་ལ་སོགས་སྣ་ཚོགས་པའི༔ བསང་མཆོད་འབུལ་ལོ་མཆོག་གི་དངོས་གྲུབ་སྩོལ༔ གསེར་ཤིང་མཁན་པ་གཡུ་ཤིང་ཤུག་པ་དང་༔ དུང་ཤིང་བལ་བུ་གྷནྡྷ་བྷ་དྲ་དང་༔ མཐིང་ཤིང་ཨུཏྤལ་མཚལ་ཤིང་འབྲི་མོག་སྟེ༔ དབྱིངས་ལྔ་ཁ་དོག་ལྔ་རུ་ཤར་བའི་རྫས༔ དབྱིངས་ལས་ཀུན་འབྱུང་མཚོན་པའི་དྲི་བསུང་བ༔ འགོགས་མེད་ཕྱོགས་བཅུར་བཞོན་པའི་བསྐུལ་འབྱུང་གིས༔ བསང་མཆོད་འབུལ་ལོ་ཐུན་མོང་དངོས་གྲུབ་སྩོལ༔ རྨུགས་འཐིབ་བག་བཅས་དྲི་མ་སངས་གྱུར་ཅིག༔ ཇ་ཕྲུག་གོས་དར་ཟ་འོག་བེར་ཆེན་དང་༔ རྟ་གླང་མ་ཧེ་མཛོ་འབྲི་དཔག་བསམ་ཤིང་༔ མ་རྨོས་ལོ་ཏོག་འབྲུ་དྲུག་སྨན་སྣ་ཚོགས༔ དཔག་མེད་དངོས་ཡིད་བསང་གི་མཆོད་པ་འབུལ༔ རྨུགས་འཐིབ་བག་བཅས་དྲི་མ་སངས་གྱུར་ཅིག༔ གོ་མཚོན་བཙན་རྫོང་ཀ་ཆ་དཀོར་ཆ་དང་༔ གསལ་བའི་རྒྱན་ཕྲེང་པདྨའི་གདན་གྱི་རིགས༔ མདོར་ན་བསམ་དགུ་ཕུན་ཚོགས་བསང་མཆོད་འབུལ༔ ཁོན་སྦྱངས་རྨུགས་བསལ་འཐིབ་དྭངས་དགྱེས་པ་བསྐྱེད༔ མནོལ་གྲིབ་མི་གཙང་ཐམས་ཅད་དག་གྱུར་ཅིག༔ རྟེན་འབྲེལ་རྫས་ཀྱི་ནུས་པས་སངས་གྱུར་ཅིག༔ ཐ་ཚིག་བཀའ་བསྒོས་སྟོབས་ཀྱིས་དེང་དུ་བཞེས༔ ཁྱད་པར་དམ་ཚིག་ཉམས་ཆགས་ཐམས་ཅད་དང་༔ ཆོས་ལ་དད་བཞིན་དགེ་བཤེས་ཀྱིས་ཕོངས་པས༔ བསྒོམ་སྒྲུབ་དེང་བླང་བཀའ་ཆད་མ་བཏང་ཞིག༔ བཛྲ་ས་མ་ཡ་ཨ་མྲ་སརྦ་པཱུ་ཛ་ཁཱ་ཧི༔ ཅེས་ཀྱང་ག་གཱས་ཚེ་དབང་ངོར་བྲིས་པ་ཐུན་བར་མི་ཁོམ་པའི་སྐྱོན་བཅས་མ་དག་གོ །

བསང་བསྡུས་བཀྲ་ཤིས་མེ་ཏོག་གི་སིལ་མ།

ཡིད་བཞིན་དབང་གི་རྒྱལ་པོ་ཡི༔ བསང་བསྡུས་བཀྲ་ཤིས་མེ་ཏོག་གི་སིལ་མ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །སྔོན་དུ་བྱིན་གྱིས་བརླབས་པའི་ཕྱིར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་གདབས་ ༼ བརླབས་དཔྱད། ༽ ༔ རྃ་ཡྃ་ཁྃ༔ ཨ་ཨཱཿཧཱུྃ༔ ཀྱཻ༔ ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཁྱབ་འཇུག་དཔལ༔ ཡིད་བཞིན་པདྨ་དབང་རྒྱལ་འཁོར་དང་བཅས༔ འདིར་གཤེགས་རྣལ་འབྱོར་བདག་གི་བསྲུང་མར་བཞུགས༔ ཕྱི་ནང་གསང་བའི་མཆོད་པ་རབ་འབྱམས་ཀུན༔ དག་གཙམ་ལྷ་མོའི་སྦྱོར་བའི་ཕྲིན་ལས་ལ༔ ཡོངས་སུ་རྫོགས་པའི་ཆེ་རྔོམས་དཔག་བསམ་གྱི༔ ཡོན་ཏན་འཕྲོགས་ནས་བསྟིབས་སུ་འདི་གཅིག་ལྷག༔ སྐུ་གསུང་ཐུགས་ལ་གྲིབ་ཕོག་བསངས་གྱུར་ཅིག༔ བཞེད་པའི་སྨོན་བྱར་མེད་ཀྱང་རང་ཉིད་ཀྱི༔ ཚོགས་རྫོགས་ཕྲིན་ལས་གསོལ་བའི་ཡོན་དུ་འབུལ༔ བྱམས་བརྩེའི་ལྷུར་མཛད་རྣལ་འབྱོར་ཆོས་སྲིད་ལ༔ མི་མཐུན་ཉེར་མཚེ་མཐའ་དག་ཞི་བ་དང་༔ མཐུན་པའི་སྨོན་གནས་ལུས་པ་མེད་གང་ཀྱང་༔ བཀྲ་ཤིས་དབང་གི་རྒྱལ་པོའི་དངོས་གྲུབ་སྩོལ༔ རྫོགས་ལྡན་གསར་བའི་སྒོ་འཕར་དབྱེ་བར་མཛོད༔ ཨ་ཧཾ་ས་མ་ཡ་ཛྭ་ཁཾ་ཁཱ་ཧི༔ བེ་ཧ་ཀ་བྷིཥྩ་རཾ༔ ཅེས་ཀྱང་བླ་མ་དམ་པ་ཚུལ་ཁྲིམས་ལ་ཕན་པར་དམིགས་ནས་གྲུབ་ཐོབ་ཚིག་ལོག་སྤྱི་སྨྱོས་ག་གཱས་སོ། །བདེན་བརྗོད་ནི༔ ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་ཀྱི་བཀའ་བདེན་པ་དང་༔ རྩ་གསུམ་སྐུ་གསུམ་ཆོས་སྐྱོངས་བསྲུང་མའི་ཚོགས་དང་༔ ཁྱད་པར་དུ་ཡིད་བཞིན་དབང་གི་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པས་ཁམས་གསུམ་སྲིད་གསུམ་ཟས་ནོར་ལོངས་སྤྱོད་འདོད་དགུ་མངའ་ཐང་ཆོས་སྲིད་དབང་ཐང་སྐྱེ་དགུ་བྲན་འཁོར་སྟོབས་འབྱོར་ཕུན་ཚོགས་ཁྱད་པར་དུ་ཡང་གང་ལ་དམིགས་པའི་ལྷ་འདྲེ་མི་གསུམ་མཛའ་ན་དབང་སྤྱོད་ཀྱི་ཆེ་གེ་གཙོ་བོར་གྱུར་བ་ཐམས་ཅད་འགུགས་ཅིང་དབང་དུ་བསྡུས་ཏེ་བྲན་དུ་སྤྱོད་ལ་ལོངས་སྤྱོད་ཀྱི་སྐལ་བར་ཉེ་བར་གྱུར་ཅིག༔ རཱ་ཛ་ཙནྡྲ་ས་མ་ཡཱ་ཁམས་གསུམ་སྲིད་གསུམ་ཐམས་ཅད་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་པའི་མཇུག་ཏུ་དབང་བསྐུལ་བྱའོ། །ཡང་ན་གྲངས་བསོགས་པའི་ཚེ༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ དཀོར་གྱི་བདག་པོའི་ཐུགས་བསྐྱེད་མཐུས༔ སྡེ་བཞིའི་དཔལ་ཡོན་དབང་སྤྱོད་ཡུལ༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ རཱ་ཛ་ཙནྡྲ་ས་མ་ཡ་སརྦ་ཝ་ཤཾ་ཀུ་རུ་ཧོ༔ ཅེས་སོ། །

གནོད་སྦྱིན་དཀོར་གྱི་བདག་པོའི་དབང་བསྐུལ་ཕྲིན་ལས་ལྷུན་གྲུབ།

གནོད་སྦྱིན་དཀོར་གྱི་བདག་པོའི་དབང་བསྐུལ་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ འགུགས་པ་སྔོན་དུ་འགྲོ་བྱས་ཏེ༔ ཧཱུྃཿཛ༔ སྔོན་ཚེ་ཀློང་གསལ་རྡོ་རྗེ་བདུད་འདུལ་ལས༔ ཁས་བླངས་ཇི་བཞིན་དགོངས་ལ་གནས་བསྐྱོད་དེ༔ རྣལ་འབྱོར་བདག་ལ་ཕྲིན་ལས་རབ་འབྱམས་བསྒྲུབ༔ ལས་བཞི་འདམ་མེད་སླད་ཆར་འདིར་སྡོམ་ཅིག༔ གང་ཞིག་བཅོམ་ལྡན་བསོད་ནམས་དཔྱིད་དཔལ་ལས༔ འཁྲུངས་བའི་རྒྱལ་སྲིད་རིན་ཆེན་རྣམ་བདུན་སོགས༔ དགུགས་པའི་ཕོ་ཉར་ཆོས་སྐྱོངས་ཁྱོད་བརྟེན་པས༔ འདིར་བྱོན་རྣལ་འབྱོར་སྐལ་བར་ལྷུན་གྲུབ་མཛོད༔ ཡང་ཅིག་བཀོད་པས་གྲུབ་པ་རྟགས་མིན་ཟུངས༔ རྒྱ་མཚོའི་གོས་དང་ལྷ་ལམ་ཁམས་འགེངས་པའི༔ དབྱིངས་གཞི་གངས་ཆེན་ཁམས་ཀྱི་དཔལ་ཡོན་ཏན༔ དགུགས་སླད་རང་གནས་དམ་པས་སྐུར་བསྐྱོད་ཅིག༔ ལྟོས་འཇོག་འོག་ཕྱོགས་ནཱ་གའི་གྲོང་ཁྱེར་ནས༔ རཱ་ཛ་བརྒྱད་དང་རྒྱ་མཚོའི་ནོར་བུའི་དཔལ༔ མ་ལུས་བསྡུས་ནས་སྒྲུབ་མཆོག་བདག་ལ་སྩོལ༔ ཐུགས་དམ་གནད་ནས་བསྐུལ་ལོ་ད་བཞེངས་ཤིག༔ ཕྱོགས་མཐར་དཔུང་བཞིའི་འདེགས་པ་ལྷུན་གྲུབ་པ༔ བདོག་དགུའི་ཡོན་ཏན་སྤུངས་པའི་རབ་རྩེ་མོ༔ ཐུགས་རྗེའི་སྟོབས་ཀྱིས་ཡོ་བྱད་ལ་དབང་ཁྱོད༔ བསྐུལ་བོས་ཡིད་ལ་ཆས་ཆོད་མེད་པར་མཛོད༔ གཞན་ཡང་ཚེ་དཔལ་འབྱོར་དྲུག་རྒྱས་པ་དང་༔ མོས་བཞི་དབང་བསྡུད་ཐུགས་དམ་གནད་བསྐུལ་གྱིས༔ བཞེངས་ཤིག་དབང་གི་ཕྲིན་ལས་མཛད་ཕྱིར་བཞེངས༔ མཛོད་ཅིག་བདག་གི་རེ་སྨོན་མ་བསྙེལ་ཅིག༔ པདྨ་འབྱུང་གནས་བདུད་འདུལ་ཀློང་གསལ་སྙིང་༔ བཀའ་དམ་གཉན་པོ་མ་འདའ་ས་མ་ཡཱ༔ ཉམས་ཉེས་རང་ལ་ཆད་པའི་བཀའ་རྟགས་རྒྱ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་ལྷུན་གྲུབ་མཛོད༔ ཅེས་བཅོལ་རཀྟའི་སྐྱེམས་ཀྱིས་མཐའ་རུ་ཕྱིན༔ ཚེ་དབང་རིག་འཛིན་གྱི་ངོར་ག་གཱ་ཨ་བྷྱེས་སོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ། ༈ ཡང་ཅིག་དབང་གི་བསྐུལ་བ་ནི༔ ཧཱུྃ༔ ཞི་མཛད་ཐར་བའི་ཞིང་གི་མགོན་བྱེད་ལྷ༔ དབང་གི་ཕྲིན་ལས་མཛད་པའི་གྲོགས་ལ་བསྐུལ༔ རྒྱས་མཛད་ཡོན་ཏན་དབྱིངས་ལས་དོན་གྲུབ་རྒྱལ༔ དབང་གི་ཕྲིན་ལས་མཛད་པའི་གྲོགས་ལ་བསྐུལ༔ དབང་མཛད་པདྨའི་ངང་ལས་བསྟན་སྐྱོངས་རྒྱལ༔ དབང་གི་ཕྲིན་ལས་མཛད་པའི་གྲོགས་ལ་བསྐུལ༔ དྲག་པོ་ཕྲིན་ལས་མངོན་སྤྱོད་སྟག་མདའ་དབང་༔ དབང་གི་ཕྲིན་ལས་མཛད་པའི་གྲོགས་ལ་བསྐུལ༔ རིགས་ཀུན་འཁོར་ལོའི་དབང་ཕྱུག་ཡིད་བཞིན་ནོར༔ དབང་གི་ཕྲིན་ལས་མཛད་པའི་གྲོགས་ལ་བསྐུལ༔ སྐྱེ་མེད་ངང་ལས་འགགས་མེད་གར་བསྒྱུར་བ༔ དབང་གི་ཕྲིན་ལས་མཛད་པའི་དུས་ལ་བབས༔ ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་དང་༔ རྒྱལ་བློན་དམངས་དང་བྲན་འཁོར་མཛའ་བའི་གྲོགས༔ ཆོས་དོན་ལས་སོགས་གང་ལ་སྨོན་པའི་དོན༔ ད་དུས་འགྲོ་བའི་ཕྱི་ནང་རྒུད་ཕོངས་རིགས༔ སེལ་བའི་ཐུགས་བསྐྱེད་དམ་བཅའ་ཇི་བཞིན་ཏུ༔ འདི་ན་སྣོད་བཅུད་དཔལ་ཡོན་མ་ལུས་པ༔ དབང་བསྡུད་དབང་གི་ཕྲིན་ལས་མཛད་དུ་གསོལ༔ ཨོཾ་རཱ་ཙནྡྲ་ཝ་ཤཾ་ཀུ་རུ་ཧོ༔ བཛྲ་ས་མ་ཡ་ཛ་ཛ༔ རྟ་མགྲིན་ངོར་ག་གཱས་སོ། །

གཡང་འབོད་བསྡུས་པ།

དེ་ནས་གཡང་འབོད་བསྡུས་པ་ནི༔ ཀྱཻ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་པདྨ་དབང་༔ གདུལ་བྱའི་དོན་དུ་དྲེགས་པའི་འདུལ་ཐབས་མཁས༔ ཁྱད་པར་སྙིགས་མའི་སེམས་ཅན་བློ་ཆུང་བས༔ ཡེ་ཤེས་ལྷ་ནི་མི་འགྲུབ་རིང་ངོ་སྙམ༔ སྔོན་གྱི་ཆོས་སྐྱོངས་ད་ཙམ་ཨེ་ཡོད་ཅེས༔ ཡུལ་དུས་མངོན་སུམ་བསྐལ་ལས་ཐེ་ཚོམ་ཞིང་༔ གསལ་བརྟན་ཏིང་འཛིན་མེད་པའི་སྒྱིད་ལུགས་དང་༔ འཁོར་འདས་རྒྱུ་གཅིག་མ་རྟོགས་ལྟ་བ་དམན༔ དེ་ཕྱིར་ཁྱོད་ནི་གསར་བུའི་རང་རྒྱུད་ཆོར༔ བཟུང་ལས་ཡིད་གཉིས་མེད་བློ་བརྟན་པོའི་མཐུས༔ འགྲུབ་སླ་སྙིང་ཉེ་ཕྲིན་ལས་མྱུར་མགྱོགས་བཙན༔ རྩེ་གཅིག་གཡོ་ཟོལ་མེད་པར་གསོལ་འདེབས་ཀྱིས༔ གང་གི་ངོ་བོས་བཞུགས་ཚུལ་ལ་དཔག་ན༔ ཡོ་བྱད་ལ་སོགས་དབང་བཅུ་ཐོབ་པ་དང་༔ ཕྲིན་ལས་དོན་དུ་གཟུགས་སྐུར་བཞེངས་པའི་དོན༔ བསྟན་འགྲོར་ཕན་དང་བདེ་བ་འགའ་ཡིན་ན༔ ཚད་མེད་བྱམས་པ་ཆེན་པོའི་བདེན་དོན་གྱིས༔ ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་རབ་འབྱམས་ནས༔ རྒྱལ་བའི་བྱིན་རླབས་འགྲོ་བའི་བསོད་ནམས་དང་༔ སྣོད་ཀྱི་ཕྱྭ་དང་བཅུད་ཀྱི་གཡང་ཁུག་ཅིག༔ ཆོས་གཡང་གཟུགས་གཡང་བློ་གཡང་ཟས་གོས་གཡང་༔ སྲིད་གཡང་སྲིས་གཡང་ནོར་རྒྱན་རྐང་འགྲོའི་གཡང་༔ ལོ་གཡང་འབྲུ་གཡང་བཅུད་གཡང་ཚེ་བསོད་གཡང་༔ དཔལ་གཡང་བཙན་གཡང་མཁས་བཙུན་གཡང་ཁུག་ཅིག༔ དཔལ་གཡང་ཕྱུགས་གཡང་དར་གཡང་འཕན་གཡང་དང་༔ ལྷ་ཀླུ་མི་ཡི་རྒྱལ་པོའི་འབྱོར་བའི་གཡང་༔ མ་ལུས་ལུས་པ་མེད་པར་འདིར་ཁུག་ལ༔ བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སྒྲུབ་མཆོག་རྣལ་འབྱོར་ཞབས་འདེགས་ཡོན་བདག་སོགས༔ མི་རབས་བརྒྱུད་དུ་དབུལ་ཕོངས་རྒྱུན་ཆད་དེ༔ འཁོར་ལོའི་བསྒྱུར་བའི་དཔལ་དང་སྤྲོད་པར་མཛོད༔ ཅེས་ཀྱང་ས་སྐྱོང་ཆེན་པོའི་བཀའི་གཉེར་འཛིན་གང་གིས་གསུངས་བསྐུལ་དོན་ཡོད་པར་བྱ་ཕྱིར་བདུད་འཇོམས་དཔའ་བོའི་རིགས་ཀྱི་མྱུ་གུར་གྱུར་ཀྱང་དོན་གྲོང་སྔགས་གཟུགས་འཛིན་ག་གཱ་ཨ་བྷྱེ་ནས་སོ། །ཀྱཻ༔ ཕྱོགས་བཅུར་བཞུགས་པའི་བླ་མ་དཀོན་མཆོག་གསུམ༔ ཁྱད་པར་པདྨ་དབང་གིས་དཀྱིལ་འཁོར་ལྷ༔ ཡིད་བཞིན་དབང་གི་རྒྱལ་པོ་སྤྲུལ་འཁོར་བཅས༔ ཨཱརྱ་ཛམ་ལྷ་རིགས་ལྔ་དཔལ་ལྷ་མོ༔ གྲོགས་མོ་བརྒྱད་བཅས་རྒྱལ་པོ་ཆེན་པོ་བཞི༔ རྟ་ལྷ་སྡེ་ལྔ་ལུག་ལྷ་གང་བ་བཟང་༔ ཟས་ལྷ་ཨ་པར་དགྲ་ལྷ་བཅུ་གསུམ་སོགས༔ ནོར་ལྷ་གཡང་ལྷ་ཀུན་གྱི་མཐུ་སྟོབས་དང་༔ བྱིན་རླབས་ཐུགས་རྗེ་ནུས་པའི་བདེན་པ་ཡིས༔ བདག་ཅག་དཔོན་སློབ་ཡོན་མཆོད་བཅས་པ་ལ༔ མི་གཡང་ནོར་གཡང་ཟས་གོས་འཕྱོར་རྒྱན་གཡང་༔ རྟ་གཡང་ཕྱུགས་གཡང་ལུག་གཡང་ཚེ་ཆོས་གཡང་༔ ཀ་ཆ་དཀོར་ཆ་ཡོ་བྱད་དཔའ་བརྟུལ་གཡང་༔ དཔལ་འབྱོར་ཡེ་ཤེས་ཡོན་ཏན་གཟི་བརྗིད་གཡང་༔ མཁས་བཙུན་ཁ་རྗེ་དབང་ཐང་སྙན་གྲགས་གཡང་༔ ཐོབ་ཐང་ཚིག་བཙུན་རླུང་རྟ་དར་རྒྱས་གཡང་༔ མདོར་ན་སྲིད་ཞིའི་སྨོན་དགུའི་དཔལ་ཡོན་གཡང་༔ མ་ལུས་ལུས་པ་མེད་པར་དེང་འདིར་ཁུག༔ རཱ་ཛ་ཙནྡྲ་ས་མ་ཡཱ༔ ཁམས་གསུམ་སྲིད་གསུམ་འདོད་རྒུའི་དཔལ་ཡོན་ཐམས་ཅད་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཅེས་ཀྱང་རང་དང་འབྲོག་འཇིགས་ཤེས་རབ་ཡེ་ཤེས་རྣམས་ཀྱི་འདོད་མོས་བཞིན་ཤྲཱི་བས་སོ། །བྷྲཱུྃ་འདུས༔ ཆོས་སྐྱོངས་ཁྱོད་ལ་རེ་ཞིང་ལྟོས་བཅས་པར༔ འཁོར་འདས་ཁམས་ཀྱི་དཔལ་ཡོན་དྭངས་བཅུད་གཡང་༔ ཐུགས་རྗེའི་ལྕགས་ཀྱུའི་མོད་ལ་དབང་བྱས་ནས༔ མཆོག་དང་ཐུན་མོང་འཛད་མེད་དངོས་གྲུབ་སྩོལ༔ ཅེས་ཀྱང་ཤེས་རབ་ངོར་ག་གཱས་སོ། །ཡང་ན་གྲངས་བསོགས་པའི་ཚེ༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ དཀོར་གྱི་བདག་པོའི་ཐུགས་བསྐྱེད་མཐུས༔ སྡེ་བཞིའི་དཔལ་ཡོན་དབང་སྤྱོད་ཡུལ༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ རཱ་ཛ་ཙནྡྲ་ས་མ་ཡ་སརྦ་ཝ་ཤཾ་ཀུ་རུ་ཧོ༔ ཅེས་དང་༔ གཡང་འགུགས་བསྡུས་པ་ནི༔ ཀྱཻ༔ དཀོར་སྲུང་འཁོར་བཅས་མཐུ་བྱིན་གྱིས༔ སྲིད་དང་ཞི་བའི་དཔལ་ཡོན་ཏན༔ ཕྱྭ་གཡང་དངོས་གྲུབ་མ་ལུས་པ༔ རྣལ་འབྱོར་བདག་ལ་སྩལ་དུ་གསོལ༔ སརྦ་ཝ་ཤཾ་ཀུ་རུ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ ཅེས་པ་འདི་ཡང་བླ་མ་དམ་པ་ཐུབ་བསྟན་བསོད་ནམས་དང་འཇིགས་མེད་མིང་ཅན་གཉིས་ཀྱི་བསྐུལ་ངོར་ག་གཱས་སོ། །དགེའོ། །ཀྱཻ༔ ཆོས་དབྱིངས་ལྷུན་གྲུབ་ཞིང་ནས་འདིར་གཟིགས་ཀྱི༔ སྐུ་འཁོར་མངའ་འབངས་བྱད་དང་གཟུགས་བརྙན་དུ༔ ཤར་བ་ཅི་ལྟའི་ངོ་མཚར་བཀོད་པ་ལ༔ བདག་བློ་རིངས་པས་མངའ་གསོལ་གཡང་ཁུག་ཅིག༔ ཅེས་པའི་མངའ་གསོལ་དང་གཡང་འགུགས་འདི་ཡང་ག་གཱ་ཨ་བྷྱེས་སོ། །

ཀྱཻ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ༔ ནོར་བདག་པདྨ་བསྟན་སྲུང་ཞེས༔ ཡིད་བཞིན་པདྨ་དབང་རྒྱལ་གྱིས༔ སྣོད་བཅུད་སྲིད་ཞིའི་ཕྱྭ་གཡང་ཁུག༔ རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི༔ དཔལ་ཡོན་ཚེ་དཔལ་རྒྱས་པར་མཛོད༔ ཤྲཱི་བས་སོ། །ཡང་ཅིག་གཡང་འབོད་བསྡུས་པ་ནི༔ ཀྱཻ༔ འཇིག་རྟེན་འཇིག་རྟེན་འདས་པའི་དབང་ཕྱུག་ཆེ༔ པདྨ་བསྟན་སྐྱོངས་ཡིད་བཞིན་དབང་གི་རྒྱལ༔ ཐུགས་དམ་བསྐུལ་ལོ་སེམས་ཅན་དོན་ལ་བྱོན༔ མཛོད་ཅིག་དབང་གི་དངོས་གྲུབ་སྩལ་དུ་གསོལ༔ རླུང་སེམས་ལས་སུ་རུང་བའི་རྟེན་འབྲེལ་གྱིས༔ བདག་སྣང་དབང་དུ་འདུས་པའི་གྲོགས་དན་མཛོད༔ གཞན་སྣང་ཟིལ་གྱིས་གནོན་པའི་དཔལ་ཡོན་ཐོབ༔ འཁོར་འདས་ཁམས་ཀྱི་ཕྱྭ་གཡང་ཆར་ལྟར་ཕོབ༔ གཟུངས་སྤོབས་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་༔ ཉམས་རྟོགས་ཡོན་ཏན་ཡེ་ཤེས་ལ་སོགས་པའི༔ འཕགས་བཞིའི་ཐུགས་བརྒྱུད་གཏམས་པའི་གཡང་གི་མཆོག༔ དེང་འདིར་རྣལ་འབྱོར་དཔྱིད་དུ་འདིར་ཕོབ་ཅིག༔ ཐུན་མོང་དངོས་གྲུབ་བླ་ན་མ་མཆིས་པ༔ གངས་ཅན་རིགས་ལྔའི་ཞིང་ན་ཆགས་པ་ཡིས༔ དགེ་མཚན་བཀྲ་ཤིས་དྭངས་བཅུད་ཕྱྭ་དང་གཡང་༔ དེང་འདིར་རྣལ་འབྱོར་དཔྱིད་དུ་འདིར་ཕོབ་ཅིག༔ གཡང་གི་བྱིན་འོད་སྙིགས་མའི་མཐུའི་ནོན་པའི༔ སེམས་ཅན་ཀུན་གྱི་ནད་མུག་མཚོན་འཁྲུགས་ཞི༔ བརྟན་གཡོས་རྒུད་པ་མཐའ་དག་མིང་ཡང་མེད༔ རྫོགས་ལྡན་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ཅེས་ཀྱང་རྟ་མགྲིན་ངོར་ག་གཱས་སོ། །གཡང་གི་རྟེན་གཏའ་བཙུགས་བསྟིམ་ནི༔ ཀྱཻ༔ ནོར་དང་གཡང་གི་ལྷ་རྣམས་ཀུན༔ རང་རང་མཐུན་པའི་རྫས་ལ་བཞུགས༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ནི༔ བདུད་རྩི་ལྔ་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ཡུམ་ཆེན་བདེ་གཤེགས་རིགས་ལྔ་ནི༔ ཤ་ཆེན་ལྔ་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ དཀོར་བདག་རྒྱལ་བོ་སྡེ་ལྔ་ནི༔ རིན་ཆེན་ལྔ་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ གཙུག་ཏོར་ཆེན་མོ་སྡེ་ལྔ་ནི༔ ལྕགས་ཆེན་ལྔ་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ནོར་བདག་རུ་འདྲེན་ཆེན་པོ་རྣམས༔ རང་དགོས་ཡོ་བྱད་ལ་བཞུགས་གསོལ༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔གཡང་གི་ལྷ་མོ་ཆེན་མོ་བརྒྱད༔ མ་ཎི་བརྒྱད་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ཨརྱ་ཛམ་ལྷ་རིགས་བཞི་ནི༔ རྭ་བ་བཞི་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ལས་བཞི་མཁའ་འགྲོ་སྒོ་མ་རྣམས༔ འདོད་འབྱུང་བཞི་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ རྟ་ལྷ་ཆེན་པོ་སྡེ་ལྔ་ནི༔ སྤུ་མཚན་རྫས་ཕུད་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ནོར་ལྷ་གཡང་ལྷ་ཐམས་ཅད་ཀྱང་༔ སྤུ་མཚན་རྫས་ཕུད་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ལུག་ལྷ་ཆེན་པོ་སྡེ་བཞི་ཡང་༔ སྤུ་མཚན་རྫས་ཕུད་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ བདུད་རྩི་སྨན་གྱི་ལྷ་ཚོགས་ཀྱང་༔ འབྲུ་སྨན་རྫས་ཕུད་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱང་༔ གལ་ཕྱེས་ཚེ་རྫས་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ བསྐལ་བཟང་སངས་རྒྱས་སྟོང་རྩ་ཡང་༔ དོན་རྟགས་བརྒྱད་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ དུས་གསུམ་འཁོར་ལོའི་བསྒྱུར་བའི་གཡང་༔ སྣ་བདུན་ཆ་བདུན་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ འདོད་དགུ་ཕུན་སུམ་ཚོགས་པའི་གཡང་༔ བརྡོག་དགུའི་དངོས་པོ་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ རོ་བརྒྱ་ལྡན་པའི་ཞལ་ཟས་གཡང་༔ གཡང་བཤོས་འདི་ལ་བཞུགས་ནས་ཀྱང་༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ སྲོག་བརྟེན་འཆི་མེད་ཟས་སྐོམ་གཡང་༔ གཡང་ཟས་གཡང་ཆང་འདི་ལ་བཞུགས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ དབུལ་སེལ་དབང་གི་རྒྱལ་པོར་མཛོད༔ ལག་ཏུ་ཐོབ་པས་མེད་ལ་ཡོད་དགུའི་འགེང་༔ ལྕེ་ལ་མྱོང་བས་ཏིང་འཛིན་མཆོག་གིས་སིམ༔ ཕྱིར་ཞིང་སྤེལ་བས་ནམ་མཁའ་མཛོད་དུ་སྤེལ༔ རྣ་བས་ཐོས་པས་ཡིད་སྨོན་འཆོར་བའི་གནས༔ མིག་གིས་མཐོང་བས་འཕྲུལ་ལ་ཐེ་ཚོམ་ཟ༔ ལུས་ཀྱིས་རེག་པས་ཚུལ་ཁྲིམས་གོས་མཐར་ཐུག༔ དེ་འདྲའི་གཡང་དེ་བརྟན་པར་མཛོད༔ འཁོར་བ་སྲིད་དུ་མི་འཛད་གཡང་༔ བརྟན་ཅིང་གནས་པར་མཛད་དུ་གསོལ༔ ཕྱིར་ལ་བརྒྱ་ནི་ཕུད་གྱུར་ཀྱང་༔ གཡང་ལྷ་དེ་ནི་གཡང་ལ་ཡོད༔ ནང་ལ་བརྒྱ་ནི་འོང་གྱུར་ཀྱང་༔ གཡང་ལྷ་དེ་ཡི་ལྕགས་ཀྱུའི་བསྡུས༔ གཡང་དེ་རྣལ་འབྱོར་ཡོན་མཆོད་ལ༔ ནམ་ཡང་འདུ་འབྲལ་མེད་པར་མཛོད༔ མི་གཡང་དེ་ནི་ཚེ་རྟེན་ལ༔ ལྷ་གཡང་དེ་ནི་བླ་རྡོ་ལ༔ ཟས་གཡང་དེ་ནི་ཟས་ཕུད་ལ༔ ནོར་གཡང་དེ་ནི་ནོར་སྣ་ལ༔ ཕྱུགས་གཡང་དེ་ནི་སྤུ་མཚན་ལ༔ བཅུད་བརྒྱ་དེ་ནི་འབྲུ་མར་ལ༔ གཞན་ཡང་གཡང་རྣམས་ཚུར་ལ་བསྡུས༔ གཏའ་འདི་ནུས་མཐུ་མ་སྡུག་ཅིག༔ ལྷ་ནི་ཐུགས་རྗེ་མ་ཆུང་ཞིག༔ མི་འདི་སྙིང་རྗེའི་མ་དོར་ཞིག༔ གཡང་འདི་ཕྱི་ལ་མ་ཤོར་ཅིག༔ ཕྱྭ་གཡང་ཐམས་ཅད་གཏའ་ལ་གཏོད༔ བསྲུང་ནས་རྡོ་རྗེའི་ཡེ་ཤེས་ཀྱི༔ ཁ་བུ་ཁ་སྦྱོར་རྒྱ་ཡི་ཆིངས༔ ཆོས་བདུན་མི་འགྱུར་ཕྱག་རྒྱས་གདབས༔ དྷརྨཱ་དྷརྟུ་བཛྲ་རཀྵ་རཀྵ༔ ཧོ༔ གནོད་སྦྱིན་ནོར་ལྷའི་རྒྱལ་པོ་འཁོར་དང་བཅས་པ་དགོངས་སུ་གསོལ༔ ཇི་སྲིད་འཁོར་བའི་སེམས་ཅན་ཐམས་ཅད་རྒྱུ་འབྲས་ཀྱི་དབུལ་བ་མཐའ་དག་ལས་དབུགས་མ་བྱིན་གྱི་བར་དུ་ནོར་ལྷ་འཁོར་དང་དགེས་སྡེར་བཅས་པ་ཞི་བའི་དབྱིངས་སུ་ཐུགས་མི་གཞོལ་བར་མགོན་སྐྱབས་དཔག་བསམ་ལྷུན་གྱིས་གྲུབ་པའི་རྒྱལ་པོར་བཞུགས་སུ་གསོལ༔ ཁྱད་པར་དུ་བདག་ཅག་རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ་བརྩེ་བ་ཆེན་པོའི་དགོངས་ནས་གཡང་ལྷའི་གཏའ་རུ་བཙུགས་པའི་བསྒྲུབ་རྫས་རྣམས་ལ་རྟེན་ཆོས་ལ་བརྟན་པར་བཞུགས་སུ་གསོལ༔ བརྟན་པར་བཞུགས་ནས་ཀྱང་ཟས་ནོར་ལོངས་སྤྱོད་གཡང་གི་ཆར་ཆེན་པོ་འབེབས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ༔ ཞེས་བརྗོད་པས་ལྷ་ཚོགས་འོད་དུ་ཞུ་ནས་གཡང་རྟེན་རྣམས་ལ་ཐིམ་པར་གྱུར་བར་མོས༔ ག་གཱས་སོ། །ཨོཾ་ཨཱཿཧཱྃ༔ ཐུགས་བསྐྱེད་སྨོན་ལམ་བཀའ་དམ་གཉེར་བླང་བ༔ མི་འདའ་རྡོ་རྗེའི་དམ་ཚིག་གཉན་དགོངས་ནས༔ འདིར་གཤེགས་སྐུ་གསུང་ཐུགས་རྟེན་བླ་རྡོ་ལ༔ བརྟན་བཞུགས་ཞི་རྒྱས་དབང་དྲག་ཕྲིན་ལས་བསྒྲུབ༔ ཨོཾ་རཱ་ཛ་ཙནྡྲ་ས་མ་ཡཱ་སརྦ་ཀརྨ་སིདྡྷི་སིདྡྷི་བྷྲཱུྃ་ཧཱུྃ༔ ཅེས་ཀྱང་ཤྲཱི་བས་སོ། །

དཀོར་སྲུང་དབང་གི་རྒྱལ་པོའི་ཕྱུགས་གཏའ་སྡོམ་པ།

དཀོར་སྲུང་དབང་གི་རྒྱལ་པོའི་ཕྱུགས་གཏའ་སྡོམ་པ་བཞུགས་སོ༔

ཕྲིན་ལས་གཞུང་བཞིན་ཉེར་བསྡོགས་ཀུན༔ མ་ཚང་མེད་པར་ཚོགས་བྱས་ལ༔ སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས༔ རང་ཉིད་ཡི་དམ་ང་རྒྱལ་གྱིས༔ བགེགས་མགྲོན་ཆུང་གསུམ་གླུད་ཀྱིས་བརྔན༔ དེ་ནས་ལྷ་ལ་བརྟེན་གཏའ་འཛུགས༔ ཧཱུྃ༔ རྒྱུད་དང་སྒྲུབ་སྡེའི་དཀྱིལ་འཁོར་གྱི༔ སྤྱི་གཟུགས་འགྲོ་ལ་སྨན་སླད་དུ༔ འཇིག་རྟེན་དྲེགས་པའི་ཚུལ་བསྟན་པ༔ དཀོར་གྱིས་བདག་པོ་ཟླ་བའི་དབང་༔ དངོས་གྲུབ་གཏེར་གྱི་བདག་པོ་སྟེ༔ འགོང་བོ་སྤུན་དགུའི་གཉའ་གནོན་ཅིང་༔སངས་རྒྱས་བསྟན་པའི་བསྲུང་མ་མཛད༔ ལྔ་བརྡོའི་རྒུད་པ་བསལ་བའི་གཉེན༔ ཁྱེད་ལ་དགོངས་སུ་གསོལ་བ་ནི༔ བདག་ཅག་འབྲོག་གནས་ལྷས་ཕྱུགས་ལ༔ བསེ་རག་ཁ་ཕུང་བྱེད་པའི་བགེགས༔ གོད་འདྲེ་དམུ་རུམ་ནག་པོ་དང་༔ ཀུ་ཙ་ཕ་ཊ་ཀོ་ཋ་ཟ༔ ཁྱད་པར་སྲིས་རྐུན་ཏྲི་མེ་རུ༔ ཆུང་གསུམ་ཕྱུགས་ལ་རྔམས་པ་ཡིས༔ འཕེལ་ཁ་གཅོད་ཅིང་དཀར་ཐོག་ཕུང་༔ དེ་ལྟའི་ཉེ་ཞོ་ངན་པ་རྩམས༔ དབུལ་ཕོངས་འབྱོར་རྒུད་ལ་སྐྲག་ནས༔ སྐྱབས་འོས་ཁྱེད་ཀྱི་འདུན་སར་འདུད༔ དེ་བས་ཐུགས་དམ་ཉེར་དགོངས་ལ༔ བྱམས་དང་བརྩེ་བས་རྟག་ཏུ་སྐྱོངས༔ ཉམ་ཆུང་འཇིག་རྟེན་ཕྱག་གིས་ཟུངས༔ གཡང་གི་ར་བ་སྒོ་བཞི་ཡིས༔ ས་ཕྱོགས་ཡུལ་རིས་རྒྱས་འགེབས་པའི༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ ཨོཾ༔ མཆོད་བསྐོང་རྟེན་བཞུགས་གཏའ་བཙུགས་པ༔ ཕྱི་ནང་གསང་མཆོད་རྒྱ་མཚོའི་སྤྲིན༔ དམ་རྫས་གཏོར་ཆེན་འབར་བ་ནི༔ བརྗིད་ལྡན་རོ་མཆོག་བརྒྱད་དང་ལྡན༔ བུམ་བཟང་དཔག་བསམ་ཡིད་བཞིན་ནོར༔ མཐུན་རྫས་ལྡན་པའི་བཤོས་ཆ་དང་༔ སྣང་གསལ་འོད་ལྡན་མར་མེ་དང་༔ རྒྱན་ལྡན་མཛེས་པའི་གླིང་ཚད་བཅས༔ ཁྱེད་ཀྱི་ ༼ བཞེད་པའི་དཀོར་དུ་འབུལ༔ རྒྱན་གསོལ་དུས། མཆན། ༽ ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་བརློག༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ ཞིམ་པའི་དྲི་དང་བདའ་བའི་རོ༔ བདུད་རྩི་ཤ་ཁྲག་སྙིང་སྦྱར་བ༔ དྲི་ང་བ་དང་བསུང་བ་དང་༔ ཁ་མངར་ཚ་སྐྱུར་རྩུབ་པ་དང་༔ ཚ་གྲང་འཇམ་རྩུབ་དྲོ་དང་བསིལ༔ རིན་ཆེན་བཅུད་ཀྱིས་སྦྲེངས་བ་དང་༔ གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་སྐྱེམས༔ ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ རྩལ་གྱི་རྒྱལ་པོ་སེང་གེ་དང་༔ སྟོབས་ཀྱི་རྒྱལ་པོ་གླང་ཆེན་དང་༔ ཅང་ཤེས་རྟ་དང་འབྲོང་གཡག་ཞོལ༔ ཐེག་ཆེན་གླང་དང་འདོད་འཇོའི་བ༔ ཁྱུང་དཀར་མཛོ་དང་ཙ་ར་འབྲི༔ རིན་ཆེན་ལུག་དང་གཙང་ལྡན་ར༔ བེའུ་ལུ་གུ་རེའུ་ཚེ་དང་༔ མ་ཧེ་ཆུ་གླང་ནེའུ་ལེ༔ ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ རིན་ཆེན་རྒྱན་ལྡན་ངར་མི་དང་༔ སེམས་ཀྱི་གཟུགས་བརྙན་ནམ་མཁའ་དང་༔ སྐུ་གསུང་ཐུགས་ལྡན་རྒྱང་བུ་དང་༔ ཤིང་རིས་ཡུལ་མཁར་མཚོན་པ་དང་༔ མདའ་འཕང་མི་ཕྱུགས་ཕོ་མོའི་གདོང་༔ རྒྱལ་མཚན་བ་དན་རུ་མཚོན་འཕན༔ གདུགས་དང་དར་དཔྱང་བླ་རེ་དང་༔ ལྡ་ལྡི་དྲ་བ་ཟ་ར་ཚགས༔ ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ ཐོས་གསང་ཁྱི་དང་ངུར་མོ་ཕག༔ སྟག་གཟིག་དོམ་དྲེད་གཡུ་འཕར་སྤྱང་༔ ཁྱུང་ཆེན་ཀྲ་ཏ་བདུད་བྱ་དང་༔ སོ་བྱ་ཀངྐ་དུར་བྱ་ཁྲ༔ ཆུ་སྲིན་ཉ་དང་རུས་སྦལ་དུང་༔ མདའ་གཞུ་མདུང་དང་ཁ་ཊྭཱཾ་ཀ༔ རལ་གྲི་ཆུ་གྲི་སྤུ་གྲི་དང་༔ ཕུར་བ་ཏྲི་ཤུལ་སོ་མང་བ༔ ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ དགྲ་སྟྭ་གྲི་གུག་མེ་མདའ་སྒྱོགས༔ དབབས་དབྱེ་རྨོངས་བརྡུང་ཐུན་ཟོར་རྫས༔ རུ་འདྲེན་དཔུང་ཚོགས་ཡན་ལག་བཞི༔ བསེ་ཁྲབ་ལ་སོགས་ཆས་བཅུ་དང་༔ རྒྱན་ཕྲེང་བསྒོ་བའི་གོས་ཀྱི་རིགས༔ འཇམ་མཉེན་རེག་ན་བདེ་བ་དང་༔ དར་ཟབ་ཀ་ཆ་དཀོར་ཆའི་ཚོགས༔ ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ རྐང་བཞི་ཕྱུགགི་རུ་མ་ཚུགས༔ མཆོད་སྐང་རྟེན་གཏའ་གཙུག་པའི་མཐུས༔ བདག་ཅག་འབྲོག་གནས་ཐམས་ཅད་ཀྱི༔ ནོར་དང་གཡང་ལྷར་ཁྱེད་བཞུགས་ནས༔ ས་ཕྱོགས་ཡུལ་ཁམས་སླས་མལ་ཀུན༔ ཆུང་གསུམ་ཕྱུག་གི་གང་བ་དང་༔ ཁ་ཕུང་གོད་འདྲེ་རྨེགས་མེད་མཛོད༔ འཕར་སྤྱང་ལ་སོགས་འཚེ་བ་བསྲུང་༔ ཕྱུག་གཏའ་འདི་ལ་བརྟེན་བཞུགས་གསོལ༔ སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་༔ ཕྱག་རྡོར་པདྨ་འབྱུང་གནས་སོགས༔ ཁྱོད་ཀྱི་དགེ་བའི་བཤེས་ཡིན་པས༔ སྤྱན་སྔར་ཐུགས་བསྐྱེད་ཚུལ་བསྟན་དོན༔ ལྷས་ནི་མི་ལ་མགོན་པར་མ་ཆད་དམ༔ མི་མཐུན་རྐྱེན་ཚོགས་བཟློག་པར་མ་ཆད་དམ༔ མཐུན་དགུའི་དངོས་གྲུབ་སྩོལ་བར་མ་ཆད་དམ༔ ཁྱད་པར་དབུལ་ཕོངས་སྐྱོབ་པར་མ་ཆད་དམ༔ སྔོན་ཚེ་ཐུགས་དམ་ཆེན་པོའི་འབྲེལ་འབྱུང་ཟབ༔ དམ་ཚིག་སྲོག་གིས་སྦྲེལ་བའི་བདེན་སྟོབས་གཉན༔ རྣལ་འབྱོར་བསྒྲུབ་མཆོད་བསྐང་བའི་རེ་འབྲས་ཆེ༔ རྟེན་བཙུགས་གཏའ་རུ་གཙུག་པའི་ངོ་མཐོན་བཙུན༔ དེ་ཕྱིར་ཐུགས་རྗེ་ཆེན་པོའི་རྗེས་སྐྱོངས་ལ༔ ནམ་ཡང་གཡེལ་བ་མེད་པའི་གཟི་མདངས་ཀྱིས༔ དེ་མ་ཐག་ཏུ་སྨོན་དགུའི་དཔལ་ཡོན་ཀུན༔ མ་ལུས་ཡོངས་སུ་བསྒྲུབ་མཛོད་ས་མ་ཡ༔ཞེས་ཤེས་རབ་བློ་འཕེལ་གྱིས་ཞལ་བཟང་རྔམས་པའི་རང་འབྲས་སུ་སྨིན་པའོ། །ག་གཱས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ རྩ་གསུམ་སྐུ་གསུམ་ཆོས་སྐྱོང་བསྲུང་མའི་ཚོགས་དང་༔ ཁྱད་པར་དུ་ཡིད་བཞིན་དབང་གི་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པས་ཕུག་གི་ནོར་བུ་ལ་རྐུ་འཕྲོག་གཡང་ལེན་བྱེད་པ༔ སྒོ་ཡི་ནོར་གཡང་ལ་བར་དུ་གཅོད་པར་བྱེད་པ༔ བར་གྱི་མི་ལ་བར་དུ་གཅོད་པར་བྱེད་པ༔ ཟ་ཁ་འཐུང་ཁ་གྲོགས་ཁ་ལ་བར་དུ་གཅོད་པར་བྱེད་པ༔ ཚེ་བསོད་དཔལ་འབྱོར་ཆོས་སྲིད་བདེ་སྐྱིད་ལ་བར་དུ་གཅོད་པར་བྱེད་པ༔ ཟས་ཀྱི་ཕུད་ལ་རྐུ་བའི་བསེ་རག༔ དོན་ལ་ཁ་ཉམས་བྱེད་པའི་འགོང་བོ༔ ལས་ལ་བར་ཆད་བྱེད་པའི་མུ་ལ༔ གཏམ་ལ་ཁ་ཉེས་བྱེད་པའི་བྱོལ་ཁ༔ ནོར་ལ་གོད་ཁ་གཏོང་བའི་གོད་འདྲེ༔ རྒྱུ་མཐུན་འདུ་ཤེས་ལོག་པའི་ཡི་དྭགས་ཀྱི་རིགས་སུ་གཏོགས་པ་ཐམས་ཅད་ལན་ཆགས་གཏོར་མ་ལེན་ཕྱིར་འདིར་ཁུག་ཅིག༔ ཏྲི་ཨ་ཀརྴ་ཡ་ཛ་ཛ༔ ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ རྩ་གསུམ་སྐུ་གསུམ་ཆོས་སྐྱོང་བསྲུང་མའི་ཚོགས་དང་༔ ཁྱད་པར་དུ་ཡིད་བཞིན་དབང་གི་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པས་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་རྒབ་འདྲེ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་བ་ཐམས་ཅད་གཟུགས་ལིང་ཀ་འདི་ལ་ཁུག་ཅིག༔ བཛྲ་ས་མ་ཡཱ༔ སིདྡྷི་བིགྣན་ཨ་པ་རྩེ་ཁུག་ཛ་ཛ༔ཞེས་བརྗོད་དོ། །ག་གཱས་སོ། །

རྒབ་འདྲེ་མནན་པ་ཉུང་བསྡུས་དངོས་གྲུབ་འབྱུང་གནས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ རྒབ་འདྲེ་མནན་པ་ཉུང་བསྡུས་དངོས་གྲུབ་འབྱུང་གནས་བཞུགས་སོ༔

ལིང་གཟུགས་ཐེའུ་བྲང་ཆ་ལུགས་ལ༔ འགུགས་གཞུགས་ལན་གསུམ་བྱས་ནས་སུ༔ ཧཱུྃ༔ དྲག་པོ་མངོན་སྤྱོད་རོལ་པའི་ལྷ༔ ཡིད་བཞིན་པདྨ་དབང་གི་རྒྱལ༔ ཕྲིན་ལས་ཕྱག་རྒྱ་ཆེན་པོ་ནི༔ སྟག་མདའ་མགོན་པོ་འཁོར་བཅས་ཀྱི༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ མ་རུང་བསྟན་པའི་རུ་ཏྲའི་སྡེ༔ རྣལ་འབྱོར་ཅན་གྱི་བགེགས་བྱེད་ཅིང་༔ དངོས་གྲུབ་རྐུ་འཕྲོག་རྒབ་འདྲེའི་ཚོགས༔ ཕོ་ཉ་མང་པོའི་འདུ་འཕྲོའི་ཁུག༔ གཟུགས་བརྟེན་ལིངྒ་འདི་ལ་བསྟིམས༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་ཆིངས༔ མགོན་བྱེད་ལྷ་དང་ད་ཕྲོལ་ཞིག༔ ཡེ་ཤེས་འབར་བའི་མཚོན་ཐུན་ཕོབ༔ འཁུ་སེམས་བརྟན་ཕྲོགས་རྨོངས་པར་གྱིས༔ ལྔ་ཕུང་ཐལ་བའི་བརྡུལ་དུ་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཤ་ཁྲག་རུས་གསུམ་བཞེས་ཤིག་རོལ༔ སླར་ཡང་གསར་བྱུང་ནག་པོའི་དཔུང་༔ མིང་གི་ལྷག་མ་མེད་པ་རུ༔ ཁྲོས་ཞིང་རྔམ་པས་ཕྲིན་ལས་མཛོད༔ ཨོཾ་བཛྲ་ས་མ་ཡ་སརྦ་བིགྣན་ཡ་ཏ་ཀ་ལ་ས་ཤ་ཨ་མ་ར་ཡ་ཁཱ་ཧི༔ ཅེས་པས་བར་ཆད་ཕྱོགས་ལས་རྒྱལ༔ རཱུ་པ་བྱང་ཕྱོགས་ངོས་སུ་ནས༔ ལྷ་ཚོགས་ཞལ་དུ་འབུལ་བར་བྱ༔ ཡང་ན་དུག་ཤོག་ལ༔ ཤྭ་བ་རྣ་བ་གླ་བ་རྒོ༔ འཕར་བའི་མགོ་ཅན་དབུས་ཕྱོགས་བྲི༔ ལུས་ནི་གཅེར་བུ་ཟ་མ་ཏོག༔ མཆན་ཁུང་གཡོན་དུ་སྦེད་པ་ཡི༔ དབུས་ཀྱི་སྙིང་གར༔ ཨུ་ཏྲ་ཁ་ཤི་ཕེ་ན་ཁུ་ཁུག་ནན༔ ཤར་གྱི་ལ༔ ན་ག་ར་ཤ་ཏྲུྃ་གླུང་ཡ་ཛ་ཕོབ་ནན༔ ལྷོར༔ ཡ་མ་ས་རི་ན་ཏྲི་ཕུ་ཧྲིང་ཁུག་ཆིངས༔ ནུབ་ལ༔ ཙ་ཡ་ཨུ་ཧྲུ་ཏྭ་ཊ་ཁུག་ནན༔ བྱང་གི་ལ༔ སུ་ན་མ་ལོ་ཡེ་ཙོ་ར་ས་ཡ་མུ་ཀུ་ཛྭ་ལ་ཧེ་ཁུག་ནན༔ ཞེས་ཏྲིའི་མཐའ་བསྐོར་བཀོད་ལ་དངོས་གྲུབ་བསྒྲུབ་ཆེན་ཤུལ་དང་༔ གཡང་དང་ཚེ་བསྒྲུབ་མ་དགེ་བའི་མཆོད་རོ་ཕུང་ས་བླང་བྱུག༔ ཡན་ལག་བཞི་ལ་ཛ་ཁྲམ་སོགས་སྤྱི་ལྟར་བྲི་ཐབས་ལ་འགྲོས་བསྟུན༔ མཐའ་བསྐོར་དུ་ཛ་ཏྲི་ཕུ་ཀ་ནན༔ ཧཾ་ཀ་ཏམྤུ་ཤེབྟན་ཏི་ཧྲི་ཀིརྣ་ལི་ཡ་བྷེ་ཥི་ནན༔ ཀ་ཝ་ཙི་བིགྣན་ནན་ནན༔ ཅེས་མཐར་ཛ་ཁྲམ་སོགས་མནན་སྤྱིའི་ལུགས་ལྟར་བྲི་ཐབས་དྲིལ་སྟངས་བྱས་ནས༔ ལུང་གསུམ་མདོར་ཁྱི་ཐོད་དུ་མནན་ནོ༔ ཅེས་ཀྱང་ཤྲི་བས་སོ། །ཡང་འགུགས་གཞུགས་ཅི་མང་དང་༔ སྨད་ལེའུ་བསྡུས་པའི་མཐར་སྔགས་འདི་བཟླ་བཞིན་མནན་ཀྱང་ཆོག༔ རྒྱས་པར་གཞུང་གི་མནན་ལེའུ་ལ་སྔགས་འདི་གདགས་པས་མནན་ནོ༔ ཡང་བསྡུ་ན་སྟོད་ལེའུ་ཚོགས་བཅས་ཀྱི༔ བྲོ་མནན་འགོར་འགུགས་གཞུགས་གྲངས་མང་མཐར༔ སྔགས་འདིའི་མནན་ནས་རྟ་བྲོ་སྟེང་དུ་བརྡུང་ཀྱང་འཐེར་རོ༔ ཅེས་ཀྱང་ག་གཱས་སོ། །བརྡ་ཡིག །ཏྲྸིུ དགེའོ། །སརྦ་མངྒ་ལཾ། །

གནོད་སྦྱིན་དབང་གི་རྒྱལ་པོ་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པའི་ཆོ་ག་འཆི་མེད་དཔལ་སྟེར།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དབང་གི་རྒྱལ་པོ་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པའི་ཆོ་ག་འཆི་མེད་དཔལ་སྟེར་ཞེས་བྱ་བ་བཞུགས་སོ༔

འདིར་ཡང་རྡོ་རྗེའི་ཚེ་སྒྲུབ་ཐབས༔ རྒྱས་པར་ཟུར་བ་ལས་གསལ་ཀྱང་༔ འདིར་ནི་མདོར་བསྡུས་བསྟན་པ་ལ༔ འདི་ནི་གསུང་གི་དཀྱིལ་འཁོར་ལ༔ གསུང་གི་འབྲས་ཆོས་ལྔ་རྫོགས་པའི༔ ཡོན་ཏན་ཚེ་དཔལ་རྒྱས་པའི་སྟོབས༔ མངའ་བའི་ངེས་ཤེས་ཐོབ་པའི་གདེངས༔ མེད་ཐབས་མེད་དོ་ས་མ་ཡཱ༔ ས་མ་ཡ༔ བརྡ་ཡིག །དང་པོ་ཚེ་སྒྲུབ་བསྡུས་པ་ནི༔ ཧཱུྃ་ཧྲཱི༔ འགྱུར་མེད་ཡེ་གྲོལ་གཞི་ཡི་ཚེ་དཔག་མེད༔ ཆོས་ཀུན་ཆོས་ཉིད་གཉུག་མ་སྐྱེ་འཆི་བྲལ༔ རྒྱུད་གསུམ་འབྲེལ་བའི་རང་བཞིན་ངོ་བོ་ཉིད༔ དེ་ལས་མི་འདའ་རྡོ་རྗེའི་ཕྱག་རྒྱས་བཏབས༔ འགགས་མེད་གཅིག་གྲོལ་རང་བྱུང་རྟ་མགྲིན་དབང་༔ སྟོབས་དང་མི་འཇིགས་ཟག་མེད་ཡོན་ཏན་ལྡན༔ སེམས་ཀྱི་སྙིང་པོ་རྒྱུ་མེད་ཡེ་ཤེས་ཆེ༔ མ་དག་མཚན་མས་ཡེ་ནས་བསླད་མ་མྱོང་༔ རིག་པའི་རྒྱན་སྣང་ཀུན་འབྱུང་ཐུགས་རྗེ་ཆེ༔ སྐུ་ལྔ་རིགས་ལྔ་ཞི་ཁྲོ་ཕྲ་མེན་ཚུལ༔ བཟང་ངན་མེད་མཉམ་འདས་དང་མ་འདས་རྟོགས༔ གཅིག་དང་དུ་མའི་ཚད་བཟུང་ཡུལ་ལས་འདས༔ དེ་ཕྱིར་གཞི་ཡི་སངས་རྒྱས་ངག་གི་དབང་༔ ཁྱོད་ནི་ཡེ་ནས་བདུད་བཞི་བཅོམ་པའི་སླད༔ དབང་ཕྱུག་ཡོན་ཏན་དྲུག་གི་ཀུན་ནས་མཛེས༔ དེ་ཕྱིར་བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཚེ་འགུགས་རྐྱང་བ་ལ༔ ཨ་རཱ་ཛ་ཙནྡྲ་ས་མ་ཡཱ༔ སརྦ་ཨ་ཡུ༔ ཝ་ཤཾ་ཀུ་རུ་ཧོ༔ སིདྡྷི་ཕ་ལ་ཧཱུྃ༔ སྤྲོ་ན་སྐབས་འདིར་ཚེ་བསྒྲུབ་པའི་སྔར་བྱུང་གི་རབས་བརྗོད་ལ༔ དེ་རྗེས་སུ༔ ཀྱཻ༔ ཁྱད་པར་སྙིགས་མའི་ཡང་མཐར་སྐྱེས་པ་ལ༔ རང་བཞིན་ཚེ་ཡི་འདུ་བྱེད་ཐུང་བ་དང་༔ནད་དང་གདོན་བགེགས་གློ་བུར་དགུ་བཅུ་གཅིག༔ འཇིགས་པ་བརྒྱད་དང་གཤིས་ངན་འགུམ་པའི་ཚུལ༔ ཚེ་དང་ལས་དང་བསོད་ནམས་འཕེན་རྫོགས་ཟད༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་ལ་སོགས་པའི༔ ཚེ་དང་སྲོག་ལ་བར་དུ་གཅོད་པའི་རྐྱེན༔ ཤིན་ཏུ་བརྡོ་བའི་གཞན་དབང་གྱུར་བ་ལ༔ འཕགས་མཆོག་ཐུགས་རྗེའི་ལྕགས་ཀྱུའི་བཟུང་དུ་གསོལ༔ ཧཱུྃ༔ དབུས་ཕྱོགས་མི་འགྱུར་རྡོ་རྗེའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་རཏྣ་ཚེ་དཔག་མེད༔ དྲག་པོའི་སྐུར་བཞེངས་རཏྣ་ཧྱ་གྷ༔ སྤྲུལ་བའི་རོལ་གར་དོན་གྲུབ་རྒྱལ་པོ་ཡིས༔ ཐུགས་མཆོག་རཏྣ་རིགས་ཀྱི་ཚེ་གཡང་ཁུག༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ཤར་ཕྱོགས་མངོན་པར་བྱང་ཆུབ་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ དྲག་པོའི་སྐུར་བཞེངས་བཛྲ་ཧྱ་གྷ༔ སྤྲུལ་བའི་རོལ་གར་གནོད་སྦྱིན་ཐལ་བ་སྐྱོངས༔ སྐུ་མཆོག་རྡོ་རྗེ་རིགས་ཀྱི་ཚེ་གཡང་ཁུག༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ཕྱོགས་ཡེ་ཤེས་ཆོས་སྐུའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་བུདྡྷ་ཚེ་དཔག་མེད༔ དྲག་པོའི་སྐུར་བཞེངས་བུདྡྷ་ཧྱ་གྷ༔ སྤྲུལ་བའི་རོལ་བ་ཡིད་བཞིན་རྒྱལ་པོ་ཡིས༔ ཡོན་ཏན་བུདྡྷ་རིགས་ཀྱི་ཚེ་གཡང་ཁུག༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་པདྨ་ཚེ་དཔག་མེད༔ དྲག་པོ་སྐུར་བཞེངས་པདྨ་ཧྱ་གྷ༔ སྤྲུལ་བའི་རོལ་བ་ཝ་ཀི་པཱ་ལ་ཡིས༔ གསུང་མཆོག་པདྨའི་རིགས་ཀྱི་ཚེ་གཡང་ཁུག༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ བྱང་ཕྱོགས་སྤྲུལ་བ་སྐུ་ཡི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་ལས་ཀྱི་ཚེ་དཔག་མེད༔ དྲག་པོའི་སྐུར་བཞེངས་ཀརྨ་ཧྱ་གྷ༔ སྤྲུལ་བའི་རོལ་བ་གནོད་སྦྱིན་སྟག་མདའ་ཡིས༔ ཕྲིན་ལས་ཀརྨ་རིགས་ཀྱི་ཚེ་གཡང་ཁུག༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ སྒྱུ་མ་ཀུན་མཆོག་གཟུངས་ཀྱི་ཕྱག་རྒྱ་ཆེ༔ སྒྲོལ་མ་དཀར་མོ་གཙུག་ཏོར་སྡེ་ལྔ་དང་༔ ཚེ་ཡི་ལྷ་ཚོགས་དཔག་མེད་འཁོར་གྱིས་བསྐོར༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་ཀྱི༔ རིག་འཛིན་བཞི་དང་དབང་བཅུའི་མངའ་བ་ཡིས༔ བྱང་ཆུབ་སེམས་དཔའི་ཚེ་ལ་དབང་ཐོབ་ཚོགས༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ཨོ་རྒྱན་ཆེན་པོ་བི་མ་ལ་མི་དྲ༔ བོ་དྷི་ས་ཏྭ་དམ་པ་སངས་རྒྱས་དཔལ༔ ཐང་སྟོང་རྒྱལ་པོ་རྩ་བརྒྱུད་བླ་མ་ཡིས༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ གསང་བ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ ཛྙཱ་ན་ཝཱ་ར་ཀུ་རུ་ཀུལླེ་དང་༔མཁའ་སྤྱོད་འདོད་གཟུགས་གྲུབ་པའི་རིག་འཛིན་གྱིས༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ༔ སྔོན་ཚེ་བཅོམ་ལྡན་འདས་ཀྱི་སློབ་མར་གྱུར༔ དེ་རྗེས་རིགས་འཛིན་བརྒྱུད་པའི་དམ་ལ་གནས༔ ཚངས་པ་ལ་སོགས་ཚེ་ཡི་རིགས་བྱེད་བདག༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་གྱི་རུ་འདྲེན་འཁོར་དང་བཅས་པ་ཡིས༔ འབྱུང་བ་ས་ཡི་ཁམས་ཀྱི་དྭངས་བཅུད་བསྡུས༔ ཤ་ཡི་ཁམས་ནས་བླ་ཚེ་སྲོགས་ཉམས་པ༔ སོར་ཆུད་སྲུ་བ་མེད་ལ་བརྟན་ཐོབ་མཛོད༔ ཧཱུྃ༔ ལྷོ་ཡི་རུ་འདྲེན་འཁོར་དང་བཅས་པ་ཡིས༔ འབྱུང་བ་ཆུ་ཡི་ཁམས་ཀྱི་དྭངས་བཅུད་བསྡུས༔ ཁྲག་གི་ཁམས་ནས་བླ་ཚེ་སྲོག་ཉམས་པ༔ སོར་ཆུད་གཤེར་བ་མེད་ལ་བརྟན་པར་མཛོད༔ ཧཱུྃ༔ ནུབ་ཀྱི་རུ་འདྲེན་འཁོར་དང་བཅས་པ་ཡིས༔ འབྱུང་བ་མེ་ཡི་ཁམས་ཀྱི་དྭངས་བཅུད་བསྡུས༔ དྲོད་ཀྱི་ཁམས་ནས་བླ་ཚེ་སྲོག་ཉམས་པ༔ སོར་ཆུད་ཚ་བ་མེད་ལ་བརྟན་པར་མཛོད༔ ཧཱུྃ༔ བྱང་གི་རུ་འདྲེན་འཁོར་དང་བཅས་པ་ཡིས༔ འབྱུང་བ་རླུང་གི་ཁམས་ཀྱི་དྭངས་བཅུད་བསྡུས༔ དབུགས་ཀྱི་ཁམས་ནས་བླ་ཚེ་སྲོག་ཉམས་པ༔ སོར་ཆུད་གཡོ་བ་མེད་ལ་བརྟན་པར་མཛོད༔ ཧཱུྃ༔ སྔོན་གྱི་ཤུལ་མཚོན་འཁོར་དང་བཅས་པ་ཡིས༔ འབྱུང་བ་ནམ་མཁའི་ཁམས་ཀྱི་དྭངས་བཅུད་བསྡུས༔ སེམས་ཀྱི་ཁམས་ནས་བླ་ཚེ་སྲོག་ཉམས་པ༔ སོར་ཆུད་ཁྱབ་པ་མེད་ལ་བརྟན་ཐོབ་མཛོད༔ ཛ༔ ཤར་དང་ཤར་ལྷོའི་འཁོར་དང་དཔུང་ཚོགས་ཀྱིས༔ དྲན་བྱེད་རླུང་ཁམས་བླ་ཚེ་ཡར་བ་ཀུན༔ ཐུགས་རྗེའི་ལྕགས་ཀྱུའི་མོད་ལ་དབང་བྱས་ནས༔ ཡེ་རླུང་མི་འགྱུར་གཉུག་མའི་ཚེ་མཆོག་སྩོལ༔ ཧཱུྃ༔ ལྷོ་དང་ལྷོ་ནུབ་འཁོར་དང་དཔུང་ཚོགས་ཀྱིས༔ བསྐྱེད་བྱེད་རླུང་ཁམས་བླ་ཚེ་ཡར་བ་ཀུན༔ ཐུགས་རྗེའི་ལྕགས་ཀྱུའི་མོད་ལ་དབང་བྱས་ནས༔ ཡེ་རླུང་མི་འགྱུར་གཉུག་མའི་ཚེ་མཆོག་སྩོལ༔ བྃ༔ ནུབ་དང་ནུབ་བྱང་འཁོར་དང་དཔུང་ཚོགས་ཀྱིས༔ ལོངས་སྤྱོད་རླུང་ཁམས་བླ་ཚེ་ཡར་བ་ཀུན༔ ཐུགས་རྗེའི་ལྕགས་ཀྱུའི་མོད་ལ་དབང་བྱས་ནས༔ ཡེ་རླུང་མི་འགྱུར་གཉུག་མའི་ཚེ་མཆོག་སྩོལ༔ ཧོ༔ བྱང་དང་བྱང་ཤར་འཁོར་དང་དཔུང་ཚོགས་ཀྱིས༔ བདེ་ཆེན་རླུང་ཁམས་བླ་ཚེ་ཡར་བ་ཀུན༔ ཐུགས་རྗེའི་ལྕགས་ཀྱུའི་མོད་ལ་དབང་བྱས་ནས༔ ཡེ་རླུང་མི་འགྱུར་གཉུག་མའི་ཚེ་མཆོག་སྩོལ༔ ཧཱུྃ༔ བཀའ་ཉན་ཡང་བྲན་བྱེད་བ་འབུམ་སྡེ་ཡིས༔ བདེ་སྐྱོངས་རླུང་ཁམས་བླ་ཚེ་ཡར་བ་ཀུན༔ ཐུགས་རྗེའི་ལྕགས་ཀྱུའི་མོད་ལ་དབང་བྱས་ནས༔ ཡེ་རླུང་མི་འགྱུར་གཉུག་མའི་ཚེ་མཆོག་སྩོལ༔ ཧཱུྃ༔ རང་བཞིན་ཤུགས་ཀྱིས་ཟད་པའི་ཚེ་སྲོག་ཁུག༔ གློ་བུར་རྐྱེན་གྱིས་ཡར་བའི་ཚེ་སྲོག་ཁུག༔ འབྱུང་བོའི་བརྐུས་དང་འཕྲོག་པའི་ཚེ་སྲོག་ཁུག༔ བྱད་བྱུར་གཏད་ཁྲམ་ཚུད་པའི་ཚེ་སྲོག་ཁུག༔ མི་མཐུན་ཚེ་ཡི་བར་ཆད་དབྱིངས་སུ་སོལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ཨོཾ༔ ལུས་ནི་མཚན་དང་དཔེ་བྱད་ལྡན་ཞིང་བསྒྲེས་རྒུད་འདོར་ལེན་མེད་པ་རྟག་པའི་སྐུ་རུ་ཚེ་དབང་སྩོལ༔ ངག་གི་ཡན་ལག་དྲུག་ཅུའི་དབྱངས་ལྡན་རྫུན་ཕྲ་ཞེ་གཅོད་མེད་པ་འགགས་མེད་གསུང་དུ་ཚེ་དབང་སྩོལ༔ སེམས་ནི་སྟོབས་བཅུ་མི་འཇིགས་བཞི་ལྡན་མི་དགེ་ཉོན་མོངས་མེད་པ་འཁྲུལ་མེད་ཐུགས་སུ་ཚེ་དབང་སྩོལ༔ མགོན་པོ་མཆོག་ཁྱོད་ཡོན་ཏན་ཕྲིན་ལས་གསང་བ་ཡང་རྫོགས་གོ་འཕང་བླ་ན་མེད་པའི་ཚེ་དབང་སྩོལ༔ སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ༔ ཅེས་ཀྱང་འབྲོག་འཇིག་ཤེས་རབ་གཉིས་ཀྱི་ངོར་ག་གཱས་སོ། །ཧཱུྃ༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ སྒྲོན་མ་མཆོག་གི་ཞིང་ཁམས་སུ༔ འཇིག་རྟེན་སྣང་བྱེད་འོད་ལྔ་བྱུང་༔ འབྲས་བུ་རྡོ་རྗེ་བཙུན་མོ་ལྔ༔ སྐྱེ་བ་མེད་ཅིང་འཆི་བ་མེད༔ ཆགས་སྡང་ཨ་འཐས་འཛིན་པ་ཡིས༔ ངན་ཞེན་འབྱུང་བ་ཆེན་པོ་ལྔ༔ སྐྱེ་དང་འཆི་བ་གཉིས་སུ་འབྱུང་༔ ཕྱི་ནང་རྒྱུ་དྲུག་འབྲས་དྲུག་འཁོར༔ གཟུགས་བརྙན་གྱིས་ནི་བརྟན་གཡོ་འབྱུུང་༔ ཕྲ་རཊ་རྒྱུན་དང་སྐད་ཅིག་གིས༔ མི་རྟག་འབྱུང་ཞིང་འཇིག་པ་སྲིད༔ དངོས་དང་གཟུགས་བརྙན་བཅོམ་ལྡན་འདས༔ དེ་བཞིན་ཉིད་དུ་རོ་གཅིག་ལས༔ རྒྱུན་གྱི་རྟགས་ ༼ རྟག་དཔྱད། ༽པ་ཆེན་པོར་སྲིད༔ སྲིད་པ་དེ་བཞིན་ཚེ་སྲོག་བརྟན༔ ཧཱུྃ༔ ཡང་ཅིག་ལྷན་སྐྱེས་ཞིང་ཁམས་སུ༔ བྱང་ཆུབ་སེམས་ཀྱི་ཁྱེའུ་ལྔ༔ ཕ་མེད་མ་མེད་རང་བྱུང་གྲུབ༔ སྐུ་ལ་རྡོ་རྗེའི་ཆོས་བདུན་ལྡན༔ ཐུགས་ལ་གཡུང་དྲུང་ཆོས་ཉིད་འཆང་༔ རྒྱལ་བུ་དེ་རྣམས་རྐང་འཁྱམས་པས༔ རང་ས་མ་ཟིན་ཀུན་འབྱུང་གིས༔ འཕོ་འཇིག་སྡུག་བསྔལ་བཟོད་མེད་མྱོང་༔ ཡེ་ནས་རྒྱལ་པོར་རང་གནས་པའི༔ བཙན་ས་ཟིན་དང་ཆབ་གཅིག་ཏུ༔ ཀུན་ལ་དབང་བསྒྱུར་དབང་ཕྱུག་ལ༔ འཇིགས་མེད་གདེངས་ཐོབ་ཚེ་སྲོག་རྟགས་ ༼ རྟག་དཔྱད། ༽༔མི་བདེན་བདེན་རྫུའི་སྟོབས་ཟད་དེ༔ བདེན་དོན་ཡང་དག་བདེན་པ་ཟབ༔ ཟབ་པའི་མཐུ་སྟོབས་བདེན་བདར་ཏེ༔ རྡོ་རྗེའི་ཚེ་སྲོག་འགུགས་པ་སྲིད༔ ཧཱུྃ༔ སྔོན་ཚེ་ཀུན་ཏུ་བཟང་པོ་ཡིས༔ སྐྱེ་འཆི་གཉིས་ཀྱི་སོ་མཚམས་ཟིན༔ འཆི་བདག་བདུད་ནི་བཅོམ་པ་དེའི༔ ངོ་བོ་ཉིད་རྟགས་ ༼ རྟག་དཔྱད། ༽ཚེ་མཆོག་གྲུབ༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡིས༔ ཕྱག་རྒྱ་ལྔ་ཡི་དཀྱིལ་འཁོར་དུ༔ བདུད་བཞི་བཅོམ་ནས་སྐྱེ་བཞི་བཅད༔ རྒྱུན་གྱི་རྟགས་ ༼ རྟག་དཔྱད། ༽ པའི་ཚེ་མཆོག་གྲུབ༔ བསྐལ་བཟང་སངས་རྒྱས་སྟོང་རྩ་ཡིས༔ སྒྲོན་མ་བཀོད་པའི་ཞིང་ཁམས་སུ༔ སྐྱེ་དང་འཆི་བར་བསྟན་དུས་ནས༔ སྐྱེ་འཆི་མེད་པའི་ཚེ་མཆོག་འགྲུབ༔ དེ་ནས་ཚེ་བསྒྲུབ་གར་སྲིད་ན༔ རྒྱལ་བོ་ཆེན་པོ་ཡུལ་འཁོར་བསྲུངས༔ གནས་པའི་འདུ་བྱེད་ཟད་པ་ལ༔ སྔགས་འཆང་ནུས་ལྡན་རྡོ་རྗེ་ཡིས༔ ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེས་ནས༔ དྲུག་སྟོང་བཞུགས་པའི་ཚེ་མཆོག་གྲུབ༔ ལྷ་ཡི་རྒྱལ་བོར་ང་ལས་ནུའི༔ བསྒྲོན་བྱེད་སྔ་ལྟས་མཐོང་བ་ན༔ རིག་སྔགས་འཆང་བ་སེམས་ལྷག་ཅན༔ སྤྱན་དྲངས་རྡོ་རྗེའི་ཚེ་མཆོག་བསྒྲུབ༔ སླར་ཡང་བརྒྱ་བྱིན་སོ་གཉིས་ཀྱི༔ སྲིད་དུ་ཚེ་ལ་བྱིན་གྱིས་བརླབས༔ ཨོ་རྒྱན་པདྨ་འབྱུང་གནས་དང་༔ ལྷ་ལྕམ་མནྡྷ་ར་བ་ཡིས༔ ཚེ་ཡི་དཀྱིལ་འཁོར་ཞལ་ཡང་ཕྱེས༔ རྡོ་རྗེའི་ཚེ་མཆོག་བསྒྲུབ་པ་ན༔ ཚེ་དཔག་མེད་པ་དངོས་སུ་བྱོན༔ བསྐལ་བར་བཞུགས་པའི་ཚེ་མཆོག་གྲུབ༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཡེ་ཤེས་འཇིག་རྟེན་སྣ་ཚོགས་ཚུལ༔ ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ རྡོ་རྗེ་ལྟ་བུའི་ཚེ་བསྒྲུབ་ཀྱི༔ མཆོག་དང་ཐུན་མོང་རྣམ་གཉིས་ཀྱིས༔ ཚེ་དབང་རིག་འཛིན་ཆེན་པོར་ཟུངས༔ ཅེས་ཚེ་མཆོག་བསྒྲུབ་པའི་སྔོན་བྱུུང་གི་རབས་འདི་ཡང་བརྡ་ཆད་དུ་སོང་བས་སླར་ཡང་ཁ་བསྐང་བའོ། །ཀྱཻ༔ ཁྱད་པར་སྙིགས་མའི་ཡང་སོགས།

ཡིད་བཞིན་པདྨ་བསྟན་སྐྱོང་གིས་ཞི་བ་བདུད་རྩི་སྨན་སྒྲུབ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཡིད་བཞིན་པདྨ་བསྟན་སྐྱོང་གིས་ཞི་བ་བདུད་རྩི་སྨན་སྒྲུབ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །འདི་ལ་སྦྱོར་བ་དངོས་གཞི་དང་༔ རྗེས་ཀྱི་རིམ་པ་གསུམ་ཡོད་དེ༔ དང་པོ་དཀྱིལ་འཁོར་ཟླུམ་པོའི་དབུས༔ གཏོར་མ་ཨ་རུ་ར་ཡི་དབྱིབས༔ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་དཀར༔ ཡང་ན་འཁོར་ལ་བཤོས་ཟླུམ་རུང་༔ ཡང་མཐར་དཀྱུག་ཀུ་ ༼ དཀྱུག་གུ་དཔྱད། ༽ཅི་མང་མཐར༔ སྨན་སྣ་ཆ་མ་ཆོ་དགུའི་བསྐོར༔ གཙོ་བོའི་སྤྱི་བོར་ཨོ་རྒྱན་སྨན་གྱི་བླའི༔ སྐུ་གཟུགས་རིགས་ཀྱི་བདག་པོར་བཞུགས༔ མགྲིན་པར་བཅོམ་ལྡན་བདུད་རྩི་འཁྱིལ༔ ཐུགས་ཀར་ཆེ་མཆོག་ཡོན་ཏན་ལྷའི༔ སྙིང་པོའམ་ནི་རང་སྔགས་གཟུགས༔ གཞན་ཡང་ཉེར་སྤྱོད་ཕྱི་ནང་གི༔ མཆོད་བསྐང་བརྟེན་བསྒྲུབ་རྫས་ཀྱི་བཀྲམ༔ དེ་ནི་བྱ་བའོ་ཆོ་ག་ལ༔ རྣམ་པ་བདུན་གྱི་དང་པོ་ནི༔ ན་མོ༔ ཡེ་ཤེས་དགུ་ཀློང་རྔམས་པ་ནས༔ དུག་ལྔའི་ནད་སེལ་ཧེ་རུ་ཀ༔ དཀོན་མཆོག་ཀུན་དངོས་བདུད་རྩིའི་ལྷར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ གཉིས་པ་ནི༔ ཧོ༔ མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི༔ རྒྱུ་འབྲས་ནད་གདོན་ཀུན་བྲལ་ནས༔ བཅོམ་ལྡན་གོ་འཕང་ཐོབ་བྱའི་ཕྱིར༔ ཡེ་ཤེས་འཇིག་རྟེན་ངོ་བོར་བསྒྲུབ༔ གསུམ་པ་ནི༔ ན་མོ༔ རྒྱུ་འབྲས་དཀོན་མཆོག་ཐམས་ཅད་ལ༔ གུས་པ་ཆེན་པོའི་ཕྱག་འཚལ་ལོ༔ དངོས་ཡིད་ཏིང་འཛིན་མཆོད་པ་འབུལ༔ མི་དགེ་སྡིག་ལྟུང་ཉམས་ཆགས་བཤགས༔ ཐབས་མཁས་མཛད་ལ་རྗེས་ཡི་རང་༔ ཆོས་འཁོར་མི་ནུབ་བསྐོར་སྐྱོངས་གསོལ༔ སྙིང་རྗེའི་ཞི་ལ་མི་གཞོལ་བསྐུལ༔ དགེ་རྩ་འགྲོ་བ་ཡོངས་ལ་སྨིན༔ སྡུག་བསྔལ་ཀུན་བྲལ་བདེ་ལྡན་ཤོག༔ བཞི་བ་ནི༔ ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ སྤྲུལ་འཁོར་ཡེ་ཤེས་འཇིག་རྟེན་ཚུལ༔ ཆར་ལྟར་འབེབས་ཤིང་རླུང་ལྟར་འཚུབས༔ གནོད་བྱེད་རྡུལ་ཕྲན་ཕྱེ་མར་རློག༔ དེ་བས་བཀའ་ལས་མ་འདའ་བར༔ ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་བསྐྲད་དོ༔ ལྔ་པ་ནི༔ བྷྲཱུྃ༔ ཡེ་ཤེས་རྡོ་རྗེའི་གོ་ཁྲབ་བཙན༔ ཅིས་ཀྱང་མི་ཆོད་མི་ཤིགས་ལ༔ མ་གཡོས་མི་འགྱུར་བདེ་ཆེན་གྱི༔ མཆོག་གྱུར་བསྲུང་བའི་འཁོར་ལོས་གཏམས༔ ཨོཾ་བཛྲ་ཙཀྲ་རཀྵ་རཀྵ་བྷྲཱུྃ༔ དྲུག་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་ཀློང་ན་ཧེ་རུ་ཀ༔ ལོངས་སྤྱོད་རྫོགས་པ་ཀུནྚ་ལི༔ སྤྲུལ་སྐུ་སྨན་བླ་བདེར་གཤེགས་བརྒྱད༔ ཡང་སྤྲུལ་དྲང་སྲོང་རིག་འཛིན་དང་༔ རྩི་བཅུད་རིགས་པའི་ལྷ་མོ་འབུམ༔ ཡིད་བཞིན་དབང་རྒྱལ་མཆེད་འཁོར་བཅས༔ འཆི་མེད་བདུད་རྩིའི་ངོ་བོར་བཞེངས༔ ཕྱག་རྒྱ་ཕྱག་མཚན་གསང་སྔགས་ཚུལ༔ འོད་ཟེར་སྔོན་པོའི་བརྒྱན་པར་བྱོན༔ བདག་གནས་བསྒྲུབ་རྫས་ཡོ་བྱད་ཀུན༔ ཡེ་ཤེས་སྨན་དུ་བྱིན་གྱིས་རློབས༔ མཆོག་ཐུན་འཆི་མེད་དབང་དངོས་སྩོལ༔ ཨོཾ་བྷེ་ཥ་ཛེ་དེ་ཝ་ས་པ་རི་ཝཱ་ར་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ བདུན་པ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་བ་ཡི༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ ཡེ་ཤེས་བདུད་རྩིའི་རོལ་བ་རུ༔ སྔགས་དང་ཏིང་འཛིན་ལྟ་བས་བརླབས༔ ཨོཾ་སརྦ་པཱུ་ཛ་ས་ར་སྭཱ་ཧཱ༔ གཉིས་པ་དངོས་གཞི་རྣམ་བདུན་ལས༔ དང་པོ་ནི༔ ཧཱུྃ༔ ཆོས་ཀུན་ཆོས་ཉིད་དབུ་མ་ཆེ༔ སྤྲོས་བྲལ་དེ་བཞིན་ཉིད་དུ་འབྱམས༔ སྟོང་ཉིད་སྙིང་རྗེའི་ཡེ་ཤེས་ལས༔ ལྷུན་གྲུབ་ཞིང་ཁམས་གཞལ་ཡས་ཁང་༔ གདན་དང་བཀོད་པ་ཕུན་ཚོགས་ནང་༔ རང་ཉིད་ཆེ་མཆོག་ཧེ་རུ་ཀ༔ བདུད་རྩི་འཁྱིལ་བ་མདུན་དུ་བཞུགས༔ གཡས་སུ་སྨན་བླ་མཆེད་བརྒྱད་དང་༔ རྒྱབ་ཏུ་དྲང་སྲོང་རིག་འཛིན་བཞུགས༔ གཡོན་ན་རྩི་ཡི་ལྷ་མོ་འབུམ༔ མཐའ་བསྐོར་རྒྱ་བོད་བརྒྱུད་ལྡན་མགོན༔ གསལ་བརྟན་དམ་ཡེ་རོ་གཅིག་གི༔ ཕྱི་འཁོར་མདུན་ངོས་ཐད་དུ་ནི༔ མི་འཇིགས་སེང་ཆེན་རྔམས་པ་ལ༔ རཏྣའི་སྒ་དང་ཟ་འོག་སྟན༔ གསེར་སྲབ་གཡུ་མཐུར་རཱ་གའི་སྨེད༔ གློ་གོང་ལ་སོགས་བྱུ་རུའི་རྒྱུར༔ གྲུབ་པའི་སྟེང་དུ་རོལ་བའི་ལྷ༔ ཡིད་བཞིན་དབང་གི་རྒྱལ་བོ་ནི༔ སྐུ་མདོག་བཻཌཱར་མཐིང་ཀ་ལ༔ ཞལ་གཅིག་ཕྱག་གཉིས་ཞི་བའི་ཉམས༔ ཕྱག་གཡས་ཨ་རུ་རྣམ་པར་རྒྱལ༔ རྩ་ལོ་མེ་འབྲས་འཛོམ་པ་དང་༔ ཕྱག་གཡོན་བདུད་རྩིའི་གུན་དྷེ་བསྣམས༔ དྲང་སྲོང་ཆས་ཅན་བེར་སེར་མནབ༔ སྐུ་ལས་འོད་ཟེར་སྨན་ཆར་འབེབས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི༔ མཐའ་ཀླས་སེམས་ཅན་ཐམས་ཅད་ཀྱི༔ གཏི་མུག་རྒྱུ་ལས་བྱུང་བ་ཡི༔ བད་ཀན་ནད་རིགས་མ་ལུས་འཇོམས༔ དབུ་ལ་པདྨའི་མཉེན་ཞུ་ཅན༔ ཞབས་ལ་འཇའ་རིས་སག་ལྷྭམ་གསོལ༔ གཡོན་ཕྱོགས་སྟོབས་ལྡན་གླང་ཆེན་ནི༔ དུང་སྒ་དངུལ་སྲབ་ཡོབ་ཆེན་ཅན༔ སྐུ་ཡི་ཐལ་སྐྱོང་ཤེལ་གྱི་མདོག༔ ཕྱག་གཡས་སྨན་ཆེན་ལྗོན་པ་ལ༔ གཡོན་པས་བདུད་རྩའི་བུམ་པ་འཛིན༔ ཟ་བེར་དཀར་བོ་སྐུ་ལ་མནབ༔ འོད་ཟེར་ཁ་བ་དུང་འདྲ་ཡིས༔ ཞེ་སྡང་ལས་གྱུར་ཚད་རིགས་འཇོམས༔ ལྷོ་ཕྱོགས་ཤུགས་འཆང་ངང་བ་ལ༔ གསེར་གྱི་སྒ་སྲབ་ཡོབ་ཆེན་ཅན༔ ཡོན་ཏན་དོན་གྲུབ་སྤོས་ཤེལ་མདོག༔ ཕྱག་གཡས་རྩི་རྒྱལ་གྷི་ཝཾ་དང་༔ གཡོན་ན་བདུད་རྩིའི་སྤར་བུ་འཛིན༔ ཟ་བེར་སེར་བོ་སྐུ་ལ་གསོལ༔ འོད་ཟེར་སུ་ཝརྞ་འདྲའི་ཆར༔ ང་རྒྱལ་ལས་གྱུར་མཁྲིས་ནད་འཇོམས༔ ནུབ་ཕྱོགས་བ་མེན་གཞོན་ནུ་ལ༔ ཟངས་ཀྱི་སྒ་སྲབ་ཡོབ་ཆེན་ཅན༔ གསུང་གི་ངག་བདག་བྱུ་རུའི་མདོག༔ ཕྱག་གཡས་སེ་འབྲུའི་ཟིལ་ཕོར་དང་༔ གཡོན་པས་བདུད་རྩི་ཀ་པ་ལ༔ ཟ་བེར་དམར་པོ་སྐུ་ལ་གསོལ༔ འོད་ཟེར་དམར་པོ་རཱ་གའི་ཆར༔ འདོད་ཆགས་གྲང་ཆུ་འཇོམས་པའི་དཔལ༔ བྱང་ཕྱོགས་མགྲིན་རང་རྨ་བྱ་ལ༔ ལྕགས་ཀྱི་སྒ་སྲབ་ཡོབ་ཆེན་ཅན༔ ཕྲིན་ལས་སྟག་མདའ་གཡུ་ཡི་མདོག༔ ཕྱག་གཡས་ཚེ་ཡི་ཨ་མྲ་ཏ༔ གཡོན་པས་ཛ་གད་དཔའ་བོའི་སྒྲོམ༔ ཟ་བེར་ལྗང་ཀུ་སྐུ་ལ་གསོལ༔ འོད་ཟེར་ཨན་དྷའི་སྨན་གྱི་ཆར༔ ཕྲག་དོག་རླུང་དུག་འཇོམས་པའི་མགོན༔ ཀུན་ཀྱང་རང་རིགས་སྨན་ཚར་ཕྲེང་༔ མདོག་ལྔ་འཚེར་བའི་རཏྣར་སྤེལ༔ མཚམས་ནས་རུ་འདྲེན་ཕོ་ཉ་དང་༔ ཁྱམས་མཐར་ཡང་འཁོར་ལྷ་མ་སྲིན༔ འགུགས་དང་འཆིངས་འདྲེན་སྡོམ་མྱོས་ཀྱི༔ ལྷ་མོ་ཆེན་མོ་བཞི་ཡིས་མཛེས༔ རྒྱལ་ཆེན་ལྔ་ཡི་སྤྱི་བོ་རུ༔ སྨན་བླ་རིགས་ལྔ་རིགས་ཀྱི་བདག༔ མགྲིན་པར་བདུད་རྩི་རིགས་ལྔ་དང་༔ ཐུགས་ཀར་ཆེ་མཆོག་ཡབ་ཡུམ་བཅུ༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས༔ འོད་འཕྲོས་ཡེ་ཤེས་འཇིག་རྟེན་གྱི༔ འཆི་མེད་མཆོག་གྲུབ་སྐྱབས་སྦྱིན་ལྷ༔ དབྱིངས་དང་རང་བཞིན་དཀྱིལ་འཁོར་ཀུན༔ ཁ་བ་བུ་ཡུག་འཚུབ་པ་བཞིན༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ གཉིས་པ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་བའི་དང་པོ་ལ༔ བྱང་ཆུབ་ཐུགས་བསྐྱེད་སྨོན་ལམ་བཏབས༔ བདེན་དོན་མངོན་གྱུར་འབྲས་བུ་བརྙེས༔ བཅོམ་ལྡན་སྐུ་གསུམ་དབང་པོ་དང་༔ ཁྱད་པར་དུས་ཀྱི་སྙིགས་མ་ལ༔ གང་འདུལ་ཐབས་ཀྱིས་འགྲོ་ཕན་མཛད༔ ཡིད་བཞིན་དབང་གི་རྒྱལ་བོ་དང་༔ སྤྲུལ་བ་བྲན་འཁོར་ཡུམ་སྲས་བཅས༔ རེ་ལྟོས་གདུང་དབྱངས་ཀྱིས་གསོལ་ན༔ ཆགས་ཐོགས་མེད་པའི་མཁྱེན་བརྩེའི་དགོངས༔ རྫུ་འཕྲུལ་ཁྱབ་འཇུག་ཤུགས་ཀྱིས་བྱོན༔ ནུས་པས་བདག་སོགས་གདུང་བ་སྐྱོབས༔ གང་ལྟར་སྨོན་པའི་རེ་འབྲས་ཀུན༔ འབད་མེད་ལྷུན་གྲུབ་ཕྲིན་ལས་མཛོད༔ ཨོཾ་བྷེ་ཥ་ཛེ་དཱེ་ཝ་ས་ར་རཱ་ཛ་ཙནྡྲ་ས་མ་ཡ་ཛ་ཛ༔ གསུམ་པ་ནི༔ ཧཱུྃ༔ དམ་ཚིག་ཏིང་འཛིན་ལྷག་པ་ལ༔ རང་བཞིན་ཡེ་ཤེས་གཟུགས་བརྙན་ཀུན༔ ཆུ་ལ་ཆུ་བཞག་ཚུལ་བཞིན་དུ༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ནི༔ ཧོ༔ ཞི་མཛད་སྨན་པའི་ལྷ་མཆོག་ལ༔ བདག་ཅག་སྒོ་གསུམ་དད་གུས་ཀྱིས༔ ང་རྒྱལ་མེད་པའི་སྲི་ཞུ་ནི༔ རྡུལ་སྙེད་ཏིང་འཛིན་བཅས་ཏེ་སྟོབས༔ ན་མོ་ན་མ་ཧོ༔ ལྔ་བ་ནི་གཞུང་གི་མཆོད་པའི་མཐར་སྨན་མཆོད་ལ༔ ཧཱུྃ༔ རང་བྱུང་རྣམ་པར་དག་པའི་རྫས༔ ཆོས་དབྱིངས་ངོ་བོ་ཉིད་རྒྱུ་ལས༔ ཆོས་ཅན་ཡེ་ཤེས་ལྷུན་གྲུབ་ཏུ༔ གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཉིད༔ བདག་ཉིད་གཅིག་པུའི་འབྲེལ་འབྱུང་ཅན༔ བདུད་ནི་ཉོན་མོངས་ལྔ་བོ་ལ༔ རྩི་ཞེས་ཡེ་ཤེས་ཕབས་ཀྱིས་འདེབས༔ བདུད་ནི་མ་རིག་དུག་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་རླབས་ཀྱིས་བརླབས༔ བདུད་དེ་བརྒྱད་ཁྲི་བཞི་སྟོང་ལ༔ རྟོག་ཆོས་བརྒྱད་ཁྲིའི་སྟོངས་རྒྱས་འདེབས༔ རྒྱལ་བ་དགྱེས་བྱེད་ཡོངས་དག་པ༔ རོ་བརྒྱ་ནུས་སྟོང་ཡོན་ཏན་འབུམ༔ ཉེས་ཚོགས་བཞི་བརྒྱ་རྩ་བཞི་འཇོམས༔ རྒྱུ་རྣམས་དག་ལ་འབྲས་བུ་དག༔ ངོ་བོ་དག་ལ་བྱེད་ནུས་དག༔ བྱིན་གྱི་རླབས་ཀྱིས་རྣམ་པར་གྲུབ༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་ཀུན༔ དངོས་པོའི་ཆགས་པ་མེད་མོད་དང་༔ ནམ་མཁའ་མཛོད་ལ་དབང་བསྒྱུར་ཞིང་༔ སྐུ་ལ་བྲོ་ཚ་མི་མངའ་ཡང་༔ ལྷ་ཡི་བདུད་རྩིའི་ངོ་བོ་ཉིད༔ བསྙུན་གྱི་གསོས་སུ་གྱུར་བའི་ཚུལ༔ གཞན་ཡང་སྨན་བཞིའི་མཆོད་པ་འབུལ༔ རྟེན་འབྲེལ་བདེན་པ་འདི་ཡི་མཐུས༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཉོན་མོངས་ནད་ཀྱི་དགྲ་ཞི་ནས༔ གཏན་བདེའི་གོ་སར་དབུགས་དབྱུང་མཛོད༔ ཨོཾ་བྷེ་ཥ་ཛེ་པཱུ་ཛ་ཁཱ་ཧི༔ དྲུག་པ་ནི༔ ཧོ༔ དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་དཔལ་ཏེ༔ གསང་གསུམ་ཡོན་ཏན་ལེགས་མཛེས་མ་ལུས་གཤེགས༔ སྐུ་གསུམ་གོ་འཕང་དམ་པ་མངོན་པར་བརྙེས༔ སྲིད་གསུམ་བླ་མ་ཁྱོད་ལ་བསྟོད་པར་བགྱི༔ མྱ་ངན་འདའ་བ་མེད་པའི་གདན་བཞུགས་ནས༔ ཐུགས་བསྐྱེད་གཡེལ་བ་མེད་པའི་ཕྱག་ཡངས་ཀྱིས༔ ཁམས་གསུམ་ཕ་མཐའ་མེད་པའི་འགྲོ་བ་ཀུན༔ སྐྱོབས་པ་འགྲན་ཟླར་མེད་པའི་སྟོབས་ལ་བསྟོད༔ འཇིག་རྟེན་འདི་ནས་སེམས་ཅན་སྨན་དངོས་ཀྱི༔ ཆེ་ཕྲ་ཆུང་གསུམ་སྐྱེ་དང་འབྱུང་བ་བཞི༔ སྣ་ཚོགས་རྣམ་འཕྲུལ་མ་ངེས་ཅིར་ཡང་སྤྲུལ༔ རྣམ་ཐར་བསམ་ཁྱབ་དཀའ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཅུའི་རྒྱལ་བས་ཁྱོད་ཀྱི་བསྔགས་པ་བརྗོད༔ འབྱུང་བོ་ཀུན་ནས་ཁྱོད་ལ་རེ་ལྟོས་འཆའ༔ རྣལ་འབྱོར་མཐའ་དག་ཁྱོད་བསྒྲུབ་ཡིད་བཞིན་དབང་༔ བཀུར་འོས་འཁོར་བཅས་ཁྱོད་ལ་ཕྱག་འཚལ་བསྟོད༔ བདུན་པ་ནི༔ བདག་མདུན་ཐུགས་ཀར་པད་ཟླ་ལ༔ ཨ་རུ་རྣམ་པར་རྒྱལ་བའི་ལྟེར༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ བཟླས་པས་བདག་གི་འོད་ཟེར་གྱིས༔ མདུན་བསྐྱེད་ལ་བསྐུལ་འོད་འདྲེས་པས༔ ཕྱོགས་བཅུའི་རྒྱལ་བའི་ཁམས་ཞིང་དང་༔ བརྟན་གཡོའི་རྩི་བཅུད་སྨན་གྱི་དྭངས༔ མ་ལུས་བསྡུས་ཏེ་བདག་ལ་ཐིམ༔ ཡོན་མཆོད་འཁོར་དང་བཅས་རྣམས་ཀྱི༔ ཞེས་དམིགས་བསལ་ཡོད་ན་བཏགས༔ སྐྱེ་རྒ་ན་འཆིའི་བདུད་བཞི་བཅོམ༔ བདེ་བ་ཆེ་ལ་དབང་ཐོབ་བསམ༔ ཨོཾ་ཨཱ་བྷེ་ཥ་རཱ་ཛ༔ སརྦ་དུཿཁ་ཕཊ༔ མ་ཧཱ་སུ་ཁ་སིངྡྷི་ཕ་ལ་ཧཱུྃ༔ ཞེས་པ་གྲངས་ཀྱི་འབུམ་ཐེར་གསུམ༔ དུས་ཀྱི་བཅུ་གཉིས་རྟགས་མ་ངེས༔ དམིགས་བསལ་ཁ་གསོ་སྨན་ལ་བཟླས༔ ཡོན་ཏན་སྡུག་བསྔལ་གསུམ་མཐར་བྱེད༔ ས་མ་ཡཱ༔ ཅེས་ཀྱང་ཚེ་དབང་རིག་འཛིན་གྱིས། །ནན་བསྐུལ་རྡོ་རྗེའི་དབྱུག་གུ་ཡིས། །ཚུལ་ཁྲིམས་འབད་པ་དྲག་པོའི་སྒོས། །ནམ་མཁའི་རྔ་ཆུང་བརྡུང་བ་ལས། །མི་འདོད་སྒྲ་འབྱུང་རྩོམ་པ་ན། །གནས་བརྟན་གཟུ་བོའི་དགེ་བློ་ཡང་། །རྣལ་དུ་མ་གནས་བརྫུས་མའི་གསུང་། །ཁར་སང་བྱོན་པའི་སྐྲག་ཚབས་ལས། སྡར་མ་ཞིག་གི་འོ་དོད་ཤོར། །ཆ་གའི་ཁ་ནས་མར་ཁུ་འདིའི། །འགྲོ་ཀུན་འཇིགས་བརྒྱད་ཞི་བ་དང་། །བཀྲ་ཤིས་བདེ་ལེགས་འཛོམ་པར་ཤོག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།

ཚོགས་མཆོད་བསོད་ནམས་མཆོག་སྟེར།

ཡིད་བཞིན་དབང་གི་རྒྱལ་པོ་ཡི༔ ཚོགས་མཆོད་བསོད་ནམས་མཆོག་སྟེར་བཞུགས་སོ༔

བརྡ་ཡིག །ཧྱ་གྷྲི་ཝ་ལ་ན་མོ༔ ཡིད་བཞིན་དབང་གི་རྒྱལ་པོ་ཡི༔ ལས་བྱང་མཇུག་གི་རིམ་པ་ནི༔ ཚོགས་བསྐུལ་ཆད་བསྟན་རོལ་བའི་བྲོ༔ དངོས་གྲུབ་བཟོད་གསོལ་བསྡུ་ལྡང་བསྔོ༔ བཀྲ་ཤིས་ལ་སོགས་བཅུ་ཡིས་བསྟན༔ ས་མ་ཡཱ༔ དང་པོ༔ ཡོ་བྱད་བཟང་དགུ་ཚོགས་སུ་བཤམས༔ སྔགས་དང་ཕྱག་རྒྱས་བྱིན་རླབས་ཏེ༔ ཧཱུྃ་ཧྲཱི༔ མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས༔ མཐའ་ཡས་ཀུན་ནས་གཟུགས་སྐུར་བཞེངས༔བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་འདུས་པ་ཟླ་བའི་དབང་༔ འཁོར་བཅས་ཚོགས་ལ་སྤྱན་འདྲེན་ནོ༔ ཨོཾ་གུ་རུདྷེ་ཝ་དྷཱ་ཀི་ནི་དྷརྨཱ་པཱ་ལ་རཱ་ཙ་ཙནྡྲ་སརྦ་ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ ཏིཥྛ་སིདྡྷི་ཧཱུྃ༔ ཧཱུྃ་ཧྲཱི༔ དངོས་འབྱོར་ཡིད་སྤྲུལ་བླ་ན་མེད༔ ཀུན་བཟང་ཟག་པ་མེད་པ་ཡི༔ མཆོད་སྤྲིན་ནམ་མཁའ་གང་བ་འདིས༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་དང་༔ ཕྱོགས་སྐྱོང་ནོར་ལྷ་ཀུན་གྱི་བདག༔ ཡིད་བཞིན་དབང་གི་རྒྱལ་པོ་ཡི༔ ཐུགས་དམ་གཉན་པོ་དེས་བསྐང་ལ༔ གང་འདོད་དབྱིག་གི་ཆར་ཕོབ་ཅིག༔ ཨོཾ་སརྦ་ཙནྡྲ་ག་ཎ་ཙཀྲ་ཧོ༔ ཧཱུྃ་ཧྲཱི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང་༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ གཞན་ཡང་མ་རིག་རྐྱེན་དབང་གིས༔ སྡོམ་དང་བསླབས་བྱ་དམ་ཚིག་གང་༔ འགལ་བ་ཅི་མཆིས་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཨཱ༔ ཧཱུྃ་ཧྲཱི༔ གཉིས་འཛིན་འཁྲུལ་བ་ལས་ཤར་བའི༔ དགྲ་བགེགས་རང་བཞིན་གང་ལགས་པ༔ དེ་ཀུན་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཡེ་ཤེས་དག་པ་མཐར་ཐུག་པའི༔ ཞལ་གྱི་ཧོམ་དུ་དགྱེས་པར་རོལ༔ ནྲ་ཏྲི་མཱ་ར་ཡ་རྦད༔ ཧ་ལ་པཉྩ་ཨ་མྲ་ཏ་ཁ་རཾ་ཁཱ་ཧི་ཧོ༔ ཧཱུྃ་ཧྲཱི༔ དཔལ་གྱི་བཀའ་བཞིན་ལས་ཀྱི་བདག༔ འཇིག་རྟེན་དྲེགས་པའི་སྡེ་ཚོགས་ཀྱིས༔ དམ་རྫས་འདི་ལོངས་ཕྲིན་ལས་བཞི༔ དམ་བཅའ་བཞིན་དུ་སྒྲུབ་པར་མཛོད༔ ཨོཾ་ཨུ་ཙྪིཥྚ་ཧོ༔ བྷ་ལིངྟ་ཁཱ་ཧི༔ གཉིས་པ་ནི༔ ཧཱུྃ་ཧྲཱི༔ བསྐུལ་ལོ་དྲག་པོའི་ཐུཊ་དམ་བསྐུལ༔ མ་གཡེལ་མ་འགྱང་དབྱིངས་ནས་བསྐྱོད༔ དམར་གྱི་གཏོར་མ་འདི་རོལ་ལ༔ དམ་ཉམས་དགྲ་བགེགས་བྱད་མ་རྣམས༔ མིང་ཙམ་མེད་པར་རྡུལ་དུ་རློག༔ ནྲཿཏྲིཿ མཱ་ར་ཡ་རྦད་ཛ༔ རྦད་ཆོམ༔ བྷྱོ་བཟློག༔ རུ་ལུ་རུ་ལུ་ཧཱུྃ་ཕཊ༔ གསུམ་པ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་ཀུན་བཟང་རྟ་མཆོག་རོལ་བ་དང་༔ རིག་འཛིན་བརྒྱུད་པའི་བཀའ་དམ་གཉན་པོ་རྣམས༔ ཚུལ་བཞིན་བསྒྲུབ་པའི་ཆད་མདོ་མ་གཡེལ་ན༔ རྣལ་འབྱོར་བདག་ཀྱང་དམ་ཚིག་གཅིག་གིས་འབྲེལ༔ དེ་ཕྱིར་དམ་རྫས་བརྒྱན་གྱི་མཆོད་གཏོར་འབུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡ་ཨི་ཏན་ན་ར་ཀན༔ བཛྲ་ས་མ་ཡ་སྟྭཾ༔ བཞི་པ་ནི༔ ཧཱུྃ་ཧྲཱི༔ རྒྱལ་ཀུན་འདུས་པ་རྔ་ཡབ་གླིང་བ་པད་འབྱུང་གི༔ སྤྱན་སྔར་དམ་མནོས་བསྟན་སྐྱོང་བོད་ཁམས་སྲུང་མའི་ཚོགས༔ མ་ལུས་འདིར་བྱོན་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ གཡར་དམ་གཉན་བསྐང་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་སརྦ་ཧྲིཾ་ཧྲིཾ་བྷ་ལིངྟ་ཁཱ་ཧི༔ ཡ་ཧི་གཙྪ༔ ལྔ་པ་ནི༔ ཧཱུྃ་ཧྲཱི༔དཔལ་གྱི་རྟ་སྐད་རྔམ་པར་སྒྲ་ཆེན་དང་༔ ཁྲོ་བོ་ཀུན་གྱི་གླུ་བྲོ་ཆེན་པོ་ཡིས༔ གནོད་བྱེད་དམ་སྲི་ཕྱེ་མ་རྡུལ་བཞིན་བརླགས༔ བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག༔ ཨོཾ་ཧྱ་གྷྲི་ཝ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧྲཱི་ཧྲཱི་ཧྲཱི༔ ཕཊ་ཕཊ་ཕཊ༔ གནོད་པར་བྱེད་པ་སྟྭཾ་བྷ་ཡ་ནན༔ དྲུག་པ་ནི༔ ཧཱུྃ་ཧྲཱི༔ རྩ་གསུམ་འདུས་པ་ཡིད་བཞིན་དབང་གི་རྒྱལ༔ ཁྱེད་ཀྱི་དགྱེས་པའི་ཞལ་བཟང་དམ་པ་ཉིད༔ ད་ལྟ་བསྒྲུབ་བརྩོན་རྣལ་འབྱོར་བདག་ལ་གཟིགས༔ དངོས་གྲུབ་དམ་པ་མྱུར་བའི་ཤུགས་ཀྱིས་སྩོལ༔ ཨོཾ་རཱ་ཙ་ཙནྡྲ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ བདུན་པ་ནི༔ ཧཱུྃ་ཧྲཱི༔ དགོངས་ཤིག་དཀྱིལ་འཁོར་མ་ལུས་དགོངས༔ དེང་གི་རྣལ་འབྱོར་སྒྲུབ་པ་པོས༔ མ་འབྱོར་བ་དང་མ་དག་དང་༔ སྤང་ལེན་ཐེ་ཚོམ་འགལ་འཁྲུལ་ཀུན༔ གནོང་འགྱོད་དབང་གིས་མཐོལ་བཤགས་འབུལ༔ དག་ཚངས་དངོས་གྲུབ་སྩོལ་བ་དང་༔ རྟག་ཏུ་མི་འབྲལ་བུ་བཞིན་སྐྱོང་༔ ཧེ་རུ་ཀ་ས་མ་ཡ་ས་ཏྭ་ཨཱ༔ ཏིཥྛ་སིདྡྷི་ཕ་ལ་ཧཱུྃ༔ བརྒྱད་པ་ནི༔ ཧཱུྃ་ཧྲཱི༔ དམ་ཡེ་འཛིན་པ་དབྱིངས་སུ་དག༔ དམིགས་མེད་སྤྲོས་བྲལ་རྗེན་པར་ཡན༔ ཨ་ཨ་ཨཱ༔ རྗེས་ཐོབ་ལྷར་སྣང་ཕྱག་རྒྱ་ཆེ༔ ཕྲིན་ལས་འགྲོ་བའི་དོན་དུ་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ དགུ་བ་ནི༔ ཧཱུྃ་ཧྲཱི༔ འདིས་མཚོན་དམིགས་བཅས་དམིགས་པ་མེད༔ ཡེ་ཤེས་ཚོགས་ཆེན་གང་ལགས་པ༔ དེ་ཀུན་མཁའ་ཁྱབ་འགྲོ་ལ་བསྔོ༔ ཀུན་ཀྱང་གདོད་མའི་སར་ཕྱིན་ཤོག༔ བཅུ་བ་ནི༔ ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག༔ ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག༔ དུས་གསུམ་དགེ་བའི་བཀྲ་ཤིས་ཤོག༔ དམ་གཙང་རྡོ་རྗེའི་བཀྲ་ཤིས་ཤོག༔ འོད་གསལ་ལྷུན་གྲུབ་བཀྲ་ཤིས་ཤོག༔ སྐུ་གསུམ་གང་འདུལ་རོལ་བའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ གང་འདི་སྙིགས་མའི་མཐར་ཐུག་ལ༔ ལས་འབྲས་ཁྱད་དུ་གསོད་པ་དང་༔ རྟག་ཆད་ལྟ་བ་མཐར་ཞེན་དང་༔ འབྱུང་བོའི་ཡུལ་ཁམས་དཀྲུགས་པའི་དུས༔ རྒྱལ་བའི་ཕྲིན་ལས་གང་འདུལ་དུ༔ ཡོངས་ཤར་ཡིད་བཞིན་དབང་གི་རྒྱལ༔ འཇིག་རྟེན་དྲེགས་པའི་སྐུ་རུ་བཞེངས༔ དེ་ཉིད་སྒྲུབ་པའི་རིམ་པ་ཡང་༔ མང་ནའང་འདི་རུ་ཐམས་ཅད་འདུས༔ ཁྲག་འཐུང་ནམ་མཁའི་རྡོ་རྗེ་ཡིས༔ གང་ཤར་བརྡ་ལ་བཅོས་བསྒྱུར་མེད༔ སྙན་སྙན་ཚིག་གི་སྤྲོས་པ་མེད༔ དེ་ཕྱིར་གསང་བའི་གནད་གཟེར་ཡིན༔ ཕྲིན་ལས་འོད་ཆེན་སྟོང་འབར་ཤོག༔ སརྦ་མངྒ་ལཾ༔ ཡི་གེ་པ་ནི་བསྟན་འཛིན་རྣམ་པར་རྒྱལ་བའོ། །

ཡིད་བཞིན་དབང་གི་རྒྱལ་པོའི་སྲོག་གཏད་དྲེགས་པ་བྲན་ཁོལ

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཡིད་བཞིན་དབང་གི་རྒྱལ་པོའི་སྲོག་གཏད་དྲེགས་པ་བྲན་ཁོལ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །འདི་ལ་སྦྱོར་བའི་རིམ་པ་ནི༔ གཏོར་མ་ཡེ་ཤེས་ལྷ་ཡི་སྐུར༔ མདུན་དུ་འདོད་འབྱུང་ཆ་ལྔ་དང་༔ གཡས་སུ་བླ་རྟེན་སྲོག་གི་འཁོར༔ གཡོན་དུ་རིན་ཆེན་ཕྱག་རྒྱ་དང་༔ རྒྱབ་ཏུ་ཐུགས་རྟེན་པོ་ཏི་དམར༔ མདུན་དུ་ཟས་སྣའི་གཅལ་དུ་བཀྲམ༔ ཡང་ཞོལ་ཉེར་སྤྱོད་མཆོད་པའི་སྤྲིན༔ དང་བཅས་མཐོང་བརྒྱུད་ལྟར་དུ་བྱ༔ ས་མ་ཡཱ༔ དེ་ནས་ཆོ་གའི་གཞུང་བསྲིང་ལ༔ མཆོད་གསོལ་བསྟོད་པ་ཡན་ཆད་བྱས༔ མདུན་རྟེན་ལྷ་ཡི་འཁོར་ལོར་གསལ༔ སློབ་མ་ཁྲུས་བྱས་བགེགས་བསྐྲད་བསྲུང་༔ ཆོས་བཤད་སྤྱི་དང་བྱེ་བྲག་བྱ༔ དེ་ནས་གསོལ་བ་གདབས་པ་ནི༔ ཀྱཻ༔ འགྲོ་མགོན་བླ་མ་རིན་པོ་ཆེའི༔ བདག་ཅག་སྐལ་ལྡན་སློབ་མ་ལ༔ རྡོ་རྗེ་བཀའ་ཡི་བྱ་ར་བས༔ དབང་མཆོག་ཡོངས་སུ་རྫོགས་བྱས་ནས༔ རབ་འབྱམས་ཕྲིན་ལས་ལྷུན་གྱི་གྲུབ༔ ལས་ལ་རང་དབང་ཐོབ་པ་དང་༔ དྲེགས་པ་བྲན་དུ་ཁོལ་བ་ཡི༔ བདག་གཞན་དོན་གྲུབ་བཀའ་དྲིན་སྩོལ༔ དེ་ནས་བླ་མས་ལན་གནང་བ༔ ཀྱཻ༔ དེ་ལྟ་བུ་ཡི་ཐབས་ཡོད་ཀྱི༔ ཁྱོད་ཀྱང་དམ་ཚིག་བསྲུང་ནུས་དགོས༔ དམ་པ་ཆོས་བཞིན་སྤྱོད་འཚལ་ཏེ༔ དེ་ལས་ལོག་ན་ཕྱིར་ཞིང་ཕུང་༔ ཞེས་པའི་ལན་དུ་གསོལ་བ་ནི༔ ལེགས་སོ་བདེ་གཤེགས་འདུས་པའི་ཞལ༔ བཀའ་དྲིན་གཙོ་བོའི་མྱུར་གནང་ཞུ༔ ཆོས་སྐྱོངས་དབབས་ཤིང་རྟེན་ལ་བསྟིམ༔ དེ་ནས་བླ་མས་ཆོས་སྐྱོང་ལ༔ ཧོ༔ དགོངས་ཤིག་རྡོ་རྗེ་ཆོས་སྐྱོང་བ༔ སངས་རྒྱས་བསྟན་འཛིན་གདུང་གསོབ་ཀྱི༔ སློབ་མ་འདི་ལ་ཁྱོད་གྲོགས་བསྐུལ༔ ང་ཡི་བཀའ་ལ་ཉན་པར་གྱིས༔ རྟག་ཏུ་བསྲུང་སྐྱོབས་མཛད་ནས་ཀྱང་༔ རབ་འབྱམས་ཕྲིན་ལས་ཁྱོད་བསྒྲུབ་འཚལ༔ ཞེས་ཞུས་ཆོས་སྐྱོང་ཞལ་ནས་གནང་༔ ཧོ༔ ང་ཡི་སྲོག་དེ་ཁྱོད་དབང་ཀྱང་༔ བདག་གི་སྔར་ནས་གཡར་དམ་བླང་༔ ཆོས་བཞིན་མ་སྤྱོད་དོ་གལ་མེད༔ དེ་རང་ཁོ་ལ་དྲི་བར་མཛོད༔ སླད་ནས་ཁེ་ཉེན་རྒྱུ་རུ་བས༔ ལྷ་འདྲེ་དམ་ཚིག་གཅིག་ལ་གནས༔ སྒོས་ཀྱི་བསྲུང་མཚམས་བླང་ནུས་སམ༔ ནུས་ན་བདག་གི་བསྲུང་བྱས་ནས༔ རབ་འབྱམས་ལས་ཀུན་ཐོགས་མེད་སྒྲུབ༔ དེ་ནས་བླ་མས་མནའ་སྦྲེལ་བ༔ ཧཱུྃ༔ རྡོ་རྗེའི་ཁྲོ་ཆུ་ཁོལ་མ་འདི༔ དཔལ་ཆེན་ཧེ་རུའི་ངོ་བོ་ཉིད༔ ཁྱོད་རང་གཉིས་ཀྱི་ལྕེ་ལ་བཞག༔ རྡོ་རྗེ་འབར་བའི་ཕྱག་མཚན་འདི༔ སྤྱི་བོར་དབང་རྟགས་བྱིན་རླབས་བཀོད༔ གལ་ཏེ་མི་ ༼ འདི་དཔྱད། ༽ཡིས་མ་བསྒྲུབ་ནས༔ དམ་ཚིག་འཆལ་བར་སྤྱོད་པ་དང་༔བསྟན་ལ་གནོད་པའི་གཞུང་བསྲིང་ན༔ སྲོག་འདི་ཁྱོད་ལ་གཏད་པ་ཡིན༔ ཚུལ་བཞིན་སྒྲུབ་པའི་མཐུན་རྐྱེན་ཉིད༔ ལྷ་འདྲེ་ཁྱོད་ཀྱིས་མ་བསྒྲུབ་ན༔ དམ་ཚིག་དམོད་པའི་སྙིང་བསྲེགས་ཤོག༔ ཡཀྴ་ཁྲོ་བོའི་སྙིང་ཁྲག་རོལ༔ རྡོ་རྗེ་འབར་བས་མགོ་བོ་ཁོས༔ སློབ་དཔོན་དྲང་སྲོང་བདེན་ཚིག་འདིར༔ ཁྱོད་རང་གཉིས་ལ་ཁེ་ཉེ་ཡོད༔ ས་མ་ཡ་དེ་ཝ་ན་ར་ཀན༔ ས་མ་ཡ་ཡོ་ཀ་ན་ར་ཀན༔ ཅེས༔ གཉིས་ཀྱི་སྲོག་སྦྲེལ་དམ་ཚིག་དམོད༔ བྲོ་བོར་དེ་ནས་སློབ་དཔོན་གྱིས༔ ཀྱཻ༔ གསོན་ཅིག་ལྷ་དང་རྣལ་འབྱོར་བ༔ ང་ཡི་བཀའ་སྡོད་བཀའ་ཡི་རྒྱུད༔ མ་སྦྲེལ་དམ་ཚིག་འབྲེལ་འདི་ཡིན༔ ཡལ་བར་མ་དོར་ཤོང་དཀྱིལ་བསྐྱེད༔ ཁྱེད་གཉིས་ཐ་དད་སྣང་ནའང་༔ དོན་ལ་ངོ་བོར་རང་རྩལ་གཉིས༔ རང་བཞིན་དཀྱིལ་འཁོར་རང་འབྲེལ་ཡིན༔ དམ་ཚིག་འདི་ཡང་མ་དོར་ཅིག༔ གཉིས་སྣང་མི་ཡི་འཁྲུལ་བ་ལ༔ ཡེ་ཤེས་ལྷ་ཡི་སྒམ་པོར་མཛོད༔ སངས་རྒྱས་ཕྲིན་ལས་གང་འདུལ་དཔལ༔ ཐེ་ཚོམ་ཅན་གྱི་ལྟ་ལོག་དོར༔ ཅེས་བརྗོད་སྲོག་གི་སྦྲེལ་ཆད་བྱས༔ ད་ནི་སྲོག་དངོས་གཏད་པ་ལ༔ དང་པོ་གཟུགས་སྐུའི་དབང་བསྐུར་བ༔ རྣམ་ལྔ་འདུས་པར་བསྡུས་ན་ལྷ༔ གཙོ་བོ་ཉིད་ཀྱི་སྐུ་གཟུགས་ཏེ༔ སློབ་མའི་ཕྲག་པ་གཡས་སུ་གཏད༔ ཨོཾ༔ ཆོས་སྐྱོངས་འགྲོ་འདུལ་སྤྲུལ་བའི་སྐུར༔ རྣམ་པ་ལྔར་བཞེངས་རིགས་མཚོན་པ༔ སྐལ་ལྡན་ཁྱོད་ལ་ལུས་ལྷར་གཏད༔ བསྲུང་སྐྱོབས་རྡོ་རྗེའི་གོ་བཙན་གྱུར༔ མངགས་གཞུག་བང་ཕྱིན་ཕོ་ཉ་ཡི༔ འཕྲོ་འདུ་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་རཱ་ཛ་ཙནྡྲ་ས་མ་ཡཱ༔ ཀ་ཡ་ཙཀྲ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲོག་སྔགས་ལྔ་བོ་དང་༔ རྩ་བ་ལས་བསྐུལ་ཡོངས་སུ་རྫོགས༔ མགྲིན་པར་བཞག་བྱས་དབང་བསྐུར་ནི༔ བདེན་དཔང་གྱིས་སྦྲེལ་འདི་སྐད་དུ༔ ཨཱ༔ ཆོས་སྐྱོང་རང་བཞིན་ལོངས་སྐུའི་གསུང་༔ ཡི་གེའི་གཟུགས་ཀྱིས་བརྡའ་སྤྲོད་འདུལ༔ སྐལ་ལྡན་ཁྱོད་ཀྱི་ངག་ལྷར་གཏད༔ གང་བརྗོད་ཚིག་བཙན་སྲོག་ནས་དྲངས༔ དེ་མ་ཐག་ཏུ་བདེན་ཚིག་གྲུབ༔ ཆོས་སྐྱོང་རང་དབང་མེད་པར་ཁོལ༔ ཟིལ་གནོན་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར་ནི་འདི་ལྟར་རོ༔ ཝཀྐ་ཙཀྲ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་གསང་པོ་ཏི་དམར་ཆུང་གཏད༔ སྙིང་ཀར་བཀོད་ནས་འདི་སྐད་དོ༔ ཧཱུྃ༔ སངས་རྒྱས་སྟོང་གི་ཐུགས་གསང་འདུས༔ སངས་རྒྱས་ཐམས་ཅད་བསྟན་པ་གཅིག༔ རྡོ་རྗེ་རིན་ཆེན་དབང་བསྐུར་བས༔ ཁྱོད་ཀྱང་ཆོས་འདིའི་བསྲུང་མ་ཡིན༔ འཁོར་འདི་གདུལ་བྱ་སྐལ་བཟང་ངོ་༔ གང་གིས་འདི་ལྟར་བསྒྲུབ་འཆང་བ༔ ལུས་ལ་གཏེར་ཡོད་ཅི་བཞིན་དུ༔ བསྲུང་མ་གཉན་པོའི་བསྲེལ་བར་མཛོད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བྱམས་བརྩེའི་བུ་བཞིན་རྟག་ཏུ་སྐྱོང་༔ གང་བསམ་དགེ་བར་འགྱུར་བ་དང་༔ ཏིང་འཛིན་རྒྱུད་ལ་འཁོར་བ་དང་༔ འོག་འགྱུ་དངོས་ཀྱི་བྱིང་རྒོད་ཞི༔ སྒྲིབ་པ་ལྔ་དང་མི་མཐུན་ཕྱོགས༔ མ་ལུས་སེལ་བའི་ཕྲིན་ལས་ཀྱི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཙཀྲ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་བ་གཏོང་མ་རིན་ཆེན་ལྔའི༔ ཡོན་ཏན་ཟས་ཀྱི་རོ་མཆོག་བཅས༔ ལག་པར་བསྐུར་ནས་མགྲིན་པ་ལ༔ བསྟིམ་པས་དབང་གནས་བརྟན་པར་དམིགས༔ དེ་ནས༔ སྭ༔ དཀོར་བསྲུང་ཡོན་ཏན་སྤྲུལ་བ་ནི༔ སྐྱེ་རྒུའི་བཀྲེས་སྐོམ་དབུལ་བ་སེལ༔ སྐལ་ལྡན་ཁྱོད་ལ་གཏེར་དུ་འབུལ༔ གང་ལྟར་སྨོན་པའི་རེ་བ་ཀུན༔ སྐོང་ཞིང་འཛད་མེད་གོང་དུ་འཕེལ༔ ནམ་མཁའ་མཛོད་ལ་དབང་ཐོབ་ཤོག༔ རྩ་སྔགས་མཐར་ནི་འདི་སྐད་དོ༔ མ་ཎི་རཏྣ་བི་ཤྭ་བ་སུ་ལཀྵིཾ་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་བ་རབ་འབྱམས་ལས་ཀྱི་དབང་༔ ཁམས་གསུམ་དབང་སྡུད་མདའ་དར་དང་༔ ཕྲིན་ལས་རབ་འབྱམས་ཡོངས་སྒྲུབ་པའི༔ ཕྱག་རྒྱ་སྣ་ཚོགས་ཡན་ལག་གཏད༔ ཧཱ༔ ཕྲིན་ལས་ཞི་བར་དབང་བསྒྱུར་བའི༔ ཅང་ཏེའུ་དྲིལ་བུའི་དབང་བསྐུར་རོ༔ རྒྱས་པའི་ལས་ལ་དབང་བསྒྱུར་བའི༔ ཟས་ཞོང་བླ་རྡོའི་དབང་བསྐུར་རོ༔ དབང་གི་ལས་ལ་དབང་བསྒྱུར་བའི༔ མདའ་དར་ལྕགས་ཀྱུའི་དབང་བསྐུར་རོ༔ དྲག་པོའི་ལས་ལ་དབང་བསྒྱུར་བའི༔ སྒྲོལ་ཆས་སྤེན་གྲིའི་དབང་བསྐུར་རོ༔ རབ་འབྱམས་ལས་ལ་དབང་བསྒྱུར་བའི༔ ཕྱི་ནང་གསང་བ་ཁྱད་པར་གྱི༔ རྒྱན་དང་བསྒོ་བ་སྣ་ཚོགས་པས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རང་དབང་ཕུན་སུམ་ཚོགས་པ་ཡིས༔ བདག་གཞན་དོན་གཉིསལྷུན་གྲུབ་ཤོག༔ རྩ་སྔགས་མཐར་ནི་འདི་ལྟར་རོ༔ ཀརྨ་ཙཀྲ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡོངས་སུ་རྫོགས་པའི་སྲོག༔ ཙཀྲ་གཏད་ནས་འདི་སྐད་དོ༔ ཧཱུྃ༔ དཀོར་བསྲུང་ཆེན་པོའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི༔ སྲོག་འདུས་ཙཀྲ་སྤུང་པ་འདིའི༔ འཁོར་དང་བཅས་པའི་བླ་རྟེན་ཡིན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དྲེགས་པ་གནད་ལ་དབབས་པ་འདིའི༔ རང་དབང་མེད་པར་བྲན་དུ་ཁོལ༔ མི་མཐུན་རྐྱེན་ངན་ཀུན་སེལ་ནས༔ མཐུན་དགུའི་རེ་བ་རྫོགས་པ་དང་༔ བྱང་ཆུབ་དངོས་གྲུབ་ཐམས་ཅད་ཀྱིས༔ འབྱུང་གནས་བླ་ན་མེད་པར་ཤོག༔ རྩ་སྔགས་མཐར༔ སརྦ་རཏྣ་མནྜ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དམ་ཚིག་ཁས་བླང་དང་༔ སྨོན་ལམ་བཀྲ་ཤིས་ཀྱི་མཐའ་བརྒྱན༔ གཡང་གི་བརྟན་བཞུགས་རྒྱས་པ་བྱ༔ དེ་ནས་རྗེས་ཆོག་གིས་མཐའ་བསྐྱང་༔ ས་མ་ཡཱ༔ དེ་ནས་རྒྱུན་དུ་བཅིང་བར་བྱ༔ དེ་ཡང་སྐུ་རྟེན་སྐེ་ལ་བཅིང་༔ བླ་རྡོ་སྲོག་འཁོར་དང་བཅས་སོ༔ གསུང་གསང་ནམ་ཡང་བཟླ་བའམ༔ ཡང་ན་གཡང་རྫས་གྲྭལ་བཞུགས་གསོལ༔ ཐུགས་རྟེན་པོ་ཏི་རྟེན་དུ་འཆིང་༔ ཁྱིམ་གྱི་ཕུག་བཞུགས་མཆོད་བཤགས་ཡུལ༔ ཡོན་ཏན་གཏོར་མ་གཞན་མི་སྤེལ༔ རང་གི་བཅིང་ནས་ཆེད་ཀར་བཟའ༔ ཕྱག་མཚན་ཆས་སྤྱད་གློ་ལ་བཏགས༔ གཞན་ཀྱི་མཐོང་བར་མི་བྱའོ༔ རིན་ཆེན་གདུ་བུར་གྱོན་ནས་སུ༔ གསོལ་བ་གདབས་པས་འདོད་རྒུ་གྲུབ༔ ས་མ་ཡཱ༔ ཁྱད་པར་དོན་གཉེར་འགྲོ་བའི་དུས༔ སྐུ་ཡི་མཐོང་ན་དགའ་བ་དང་༔ གསུང་གིས་ཚིག་བཙུན་སྤྱི་བོར་ལེན༔ ཐུགས་ཀྱིས་མཆོག་ཐུན་དངོས་གྲུབ་སྩོལ༔ ཡོན་ཏན་ནོར་དང་ཟས་ལ་དབང་༔ ཕྲིན་ལས་རབ་འབྱམས་མ་ལུས་འགྲུབ༔ ཅེས་ཀྱང་ཚུལ་ཁྲིམས་བཞེད་སྐོང་དུ། །གྲུབ་རིགས་ག་གཱ་རྒྱལ་པོ་ཡི། །རིན་ཆེན་གཏེར་གྱི་གསང་མཛོད་ནས། །དག་པར་ཕབས་པ་དགེ་གྱུར་ཅིག །ཡི་གེ་གནས་བརྟན་བདག་ཉིད་ཀྱི། །འགྲོ་ཀུན་བདེ་ལེགས་གཞིར་གྱུར་ཅིག །སརྦ་མངྒ་ལཾ། མཐར་དམ་ཚིག་པ་རྣམས་བསྒྲུབ་རྟེན་སོ་སོ་ལ་ཐིམ༔ སྤྱན་དྲངས་བའི་ཡེ་ཤེས་པ་རྣམས་ཀྱི༔ ཐུགས་ཀའི་འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱི་དྭངས་བྱིན་དཔལ་ཡོན་མ་ལུས་བཀུགས་པ་དང་ལྷན་ཅིག་གཏོར་མ་དང་ཟས་སྣ་ལ་ཐིམ་པས༔ ཟོས་པ་ཙམ་ཀྱི་རྒྱུ་འབྲས་ཀྱི་དབུལ་བ་མཐའ་དག་སེལ་ཞིང་༔ ནམ་མཁའ་མཛོད་ཀྱི་གཏེར་ལ་རང་དབང་ཐོབ་པར་བསམ་མོ༔ ཨ་ཛྙཱ་ན་དེ་ཝ་བི་ཤྭ་རིསྨ་ཕེམ་ཛ་སརྦ་མུ་ཡ་སྟྭཾ༔ ཅེས་བརྗོད་ནས་རོལ་ལོ༔ ཅེས་ཀྱང་ག་གཱས་སོ། །དགེའོ། །

དཀོར་སྲུང་ཟླ་བའི་དབང་པོའི་སྒོ་ནས་དབང་གི་མཚམས་སྦྱར་དགེ་ལེགས་ནོར་བུའི་གཙུག་རྒྱན།

ཟབ་གཏེར་རྒྱ་མཚོའི་བཅུད་ཡིག་ལས༔ དཀོར་སྲུང་ཟླ་བའི་དབང་པོའི་སྒོ་ནས་དབང་གི་མཚམས་སྦྱར་དགེ་ལེགས་ནོར་བུའི་གཙུག་རྒྱན་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྣལ་འབྱོར་དད་གུས་ལྡན་པ་ལ༔ དབང་བསྐུར་ཟབ་མོ་བགྱི་བའི་ཚེ༔ ཁྲུས་བྱ་བགེགས་བསྐྲད་སྔོན་སོང་རྗེས༔ དེ་ནས་དབང་གི་ལོ་རྒྱུས་ནི༔ འོ་ན༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཉིད་དུ་ཐོབ་པ་དང་༔ ཁྱད་པར་དུ་བསྟན་དང་འགྲོ་བ་ཐམས་ཅད་ཀྱི་དོན་ཆེན་རབ་ཏུ་བསྒྲུབ་པར་འདོད་པའི་སྐྱེས་བུ་དམ་པ་རྣམས་ཀྱི༔ བཀའ་གཏེར་གྱི་སྲུང་མ་སྤྱི་དང་༔ བྱེ་བྲག་ཏུ་དཀོར་སྲུང་ཟླ་བའི་དབང་པོ་འདི་ཉིད་བསྒྲུབ་པར་འདོད་པའི་སྐྱེས་བུ་རྣམས་ཀྱིས་དང་པོ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ བསྟན་འགྲོའི་དོན་སྒྲུབ་པ་ལྷུར་ལེན་དགོས་ཏེ༔ དེ་ཡང་རང་འདོད་ཀྱི་བློ་ཤ་སྟག་གི་སྐྱོན་སྤངས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་དོན་ཕྱིར་དུ་སྲུང་མ་གཉན་པོ་འདི་བསྒྲུབ་ནས་འགྲོ་བའི་དོན་ལ་འབད་པར་བྱའོ་སྙམས་པས་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་ལམ་ལ་འཇུག་པ་ནི་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཡིན་ཏེ༔ དེའི་ཕྱིར་ན་ནོར་ལྷ་གཏེར་བདག་ཀུན་གྱི་གཙོ་བོར་གྱུར་བ་ལྷ་མཆོག་འདི་ཉིད་བསྒྲུབ་པ་ལ་འགྲུབ་བམ་མི་འགྲུབ་གྱི་བློའི་སྐྱོན་ཐམས་ཅད་ཡོངས་སུ་བསལ་ཏེ༔ སྒྲུབ་གཞི་རང་ལ་གནས་པར་ཤེས་པའི་ངང་ནས་བསྙེན་བསྒྲུབ་གྱི་ལམ་ལ་འབད་པར་བྱ་བ་ནི་གནད་ཀྱི་ཡང་གཅེས་དམ་པར་ཟུངས་ཤིག༔ སྤྱིར་ན་ཡེ་ཤེས་དང་འཇིག་རྟེན་གྱི་ཁྱད་པར་དབྱེ་བ་ནི་རྣལ་འབྱོར་པ་རང་གི་སྤྱོད་ཡུལ་ལ་རག་པས༔ དེ་ཕྱིར་ལྷ་གང་བསྒྲུབས་ཀྱང་དག་པ་དང་དྲན་པའི་སྒོ་ནས་བློའི་ཐེ་ཚོམ་གྱི་དྲྭ་བ་ཡོངས་སུ་གཅོད་པ་ནི་གནད་དམ་པ་ཡིན་ནོ༔ འོ་ན་ད་ལྟ་སྲུང་མ་གཉན་པོ་འདིའི་སྒོ་ནས་དབང་བསྐུར་བ་ལ༔ འདིའི་ལོ་རྒྱུས་ཅུང་ཟད་ཅིག་སྙན་དུ་གསོལ་ན༔ སྔོན་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བཀའ་བགྲོས་མཛད་དེ༔ མ་འོངས་སྙིགས་མའི་སེམས་ཅན་རྣམས་སྐྱོབས་པའི་ཆེད་དུ༔ རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་འདུས་པའི་བདག་ཉིད་ལྷ་མཆོག་དབང་ཆེན་ཧྱ་གྷྲི་ཝས་མི་སྲིན་དྲེགས་པའི་སྐྱེ་བརྒྱུད་བཟུང་ཞིང་༔ ནོར་ལྷ་ཡོངས་ཀྱི་གཙོ་བོ༔ ཆེ་བཙན་འགྲན་ཟླ་དང་བྲལ་བ༔ དཀོར་སྲུང་ཟླ་བའི་དབང་བའི་སྐུ་རིང་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བསྒྲུབ་པར་དམ་བཅས་པ་བཞིན་ཏུ༔ རི་མཱ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོར༔ དཔལ་ཧེ་རུ་ཀའི་བཀའ་དང་དམ་ལ་གནས་པར་ཁས་བླངས་ཏེ༔ སླར་རྒྱ་གར་གྱི་དུར་ཁྲོད་བསིལ་བ་ཚལ་དུ༔ བཙུན་པ་སྔགས་ལ་དགའ་བ་ལོངས་སྤྱོད་འབྱོར་བ་དང་ལྡན་པ་ཞིག་ཏུ་སྤྲུལ་ནས་ཡོད་པའི་ཚེ་ན༔ ཡུལ་དེའི་སྐྱེས་བུ་དམག་ཇག་གི་ལས་བྱེད་པ་ཞིག་གིས་ནོར་རྫས་ཐམས་ཅད་སྟོར་བར་བྱས་ནས་ཐ་མ་སྲོག་ལ་རྒོལ་བའི་དུས་བྱུང་ཚེ་སྨོན་ལམ་ལོག་བའི་མཚམས་སྦྱར་ནས་འཆི་བ་ན༔ སླར་ཡང་ལོ་དེའི་ཕྱི་མར་ཀེ་ཤིང་གི་བྲག་ཞེས་པ་འཇིགས་རུང་གནོད་སྦྱིན་གྱི་གནས་སུ༔ ལྷ་ཀླུ་བཤོས་པའི་བུ་གཅིག་ཏུ་སྤྲུལ་ནས་དེ་མ་ཐག་ཏུ་སྣང་སྲིད་ཀྱི་སྲོག་ལ་མངའ་དབང་འབྱོར་ནས༔ འཁྲུལ་བ་མེད་པ་ལ་འཁྲུལ་སྣང་རང་ངོར་དུ་བཟུང་ཙམ་པའི་ངང་ནས་སེམས་ཅན་གྱི་སྲོག་སྡུད་ཚེ༔ མཆོད་རྟེན་བདེ་བྱེད་བརྩེགས་པའི་ཚལ་དུ་གུ་རུ་ཉི་མ་འོད་ཟེར་གྱིས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ནས་བཞུགས་ཡོད་བའི་སྐབས་སུ༔ སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ཡོད་པའི་སྐྱེས་བུ་དེ་ཉིད་ད་ལྟ་ལྷ་འདྲེའི་ཚུལ་བཟུང་ནས༔ སྐྱེ་འགྲོའི་སྲོག་ལ་རྒོལ་བ་དགོངས་ནས་ནམ་ཕྱེད་དུ༔ མི་ཤིག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཏིང་འཛིན་གྱི་ཕོ་ཉ་ཡེ་ཤེས་ཐུན་མཚོན་གྱི་རྣམ་པར་སྤྲོས་ཏེ༔ དྲེགས་པ་དེ་ཉིད་མདུན་དུ་བཀུགས་ནས་ཏིང་ངེ་འཛིན་གྱི་གཟིར་བའི་སྟོབས་ཀྱི་སྲོག་སྙིང་ཁ་རུ་ལྷུང་ནས་ཅི་བསྒོ་བའི་བཀའ་ལ་ཉན་པར་ཁས་བླང་ཚེ་སྤྱི་བོར་བཀའ་རྟགས་ཀྱི་རྡོ་རྗེ་ནོར་བུ་འབར་བས་རྒྱས་བཏབ་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབ་ཕྱིར་སྨོན་ལམ་བཟང་བོ་དང་བཅས་ཏེ༔ ཁྱོད་ནི་སྔོན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བཀའ་གྲོས་ཐུན་མོང་བ་མཛད་ནས་ཡི་དམ་གྱི་ལྷ་མཆོག་དབང་ཆེན་རྟ་མགྲིན་དམར་པོའི་ཕྲིན་ལས་ཀྱི་སྤྲུལ་པ་ཡིན་མོད༔ ད་ལྟ་འཁྲུལ་པ་མེད་པ་ལ་འཁྲུལ་སྣང་གློ་བུར་གྱི་རྟོག་པ་བྱུང་བ་ཙམ་ལས་འཁྲུལ་བ་དངོས་མ་ཡིན་ཏེ༔ སྣང་སེམས་ལ་མངའ་དབང་འབྱོར་བའི་རྒྱུ་རྐྱེན་གྱི་སྐྱེ་འགྲོའི་སྲོག་ལ་དབང་ཐོབ་པས་ན༔ ད་ནི་འཁྲུལ་མེད་ཆོས་སྐུའི་དབྱིངས་ལས་ལྷུན་གྲུབ་རྟེན་འབྲེལ་གྱི་སྣང་ཆ་ཀུན་ནས་འགོག་པ་མེད་པ་གཟུགས་སྐུ་ཡེ་ཤེས་ཀྱི་སྣང་ཚུལ་པདྨའི་རྗེས་འཇུག་གི་སྐྱེས་བུ་གང་དང་གང་གི་སྤྱོད་ཡུལ་དུ༔ བརྟེན་ཅིང་བསྒྲུབ་པ་ཙམ་གྱིས་གཟུགས་སྐུ་ཟླ་བའི་དབང་པོས་ཞལ་རས་མངོན་སུམ་དུ་སྟོན་པ་ལ་ཐོགས་པ་མེད་པ་ཆུ་དང་ཟླ་གཟུགས་བཞིན་དུ་དོན་ལ་ཐ་དད་པ་མ་ཡིན་ཀྱང་༔ གཉིས་མེད་གཉིས་སུ་སྣང་བའི་ཚུལ་གྱིས་གང་དང་གང་བསམ་པའི་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་སྒྲུག་ཕྱིར༔ རྟེན་འབྲེལ་འགོག་པ་མེད་པ་དྲེགས་པ་རང་རྒྱུད་ཅན་དུ་གཟུགས་ཀྱི་སྐུར་བཞེངས་ནས་རྣལ་འབྱོར་པ་དབང་དང་དམ་ཚིག་ཐོབ་པ་རྣམས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་སྟེར་བར་ཁྱོད་ཀྱི་མཐུ་མ་རྡུགས་ཅིག༔ ཅེས་གསུངས་ཤིང་བཀའི་སྲུང་མར་བསྐོས་ཏེ་དབང་བསྐུར་བ་དང་༔ དེ་འོག་ཏུ་གུ་རུ་ཆོས་ཀྱི་དབང་ཕྱུག་དང་མངའ་བདག་ཉང་རལ་ཅན་སོགས་ནས་རིམ་པ་བཞིན་དུ་རང་རང་གི་གཏེར་སྲུང་དང་བརྒྱུད་འཛིན་གྱི་སྐྱེས་བུ་རྣམས་ལ་བུ་བཞིན་སྐྱོང་བར་དམ་ཚིག་གི་སྲོག་གཉན་པོས་རབ་ཏུ་བཅིངས་ཏེ༔ བརྒྱུད་པ་ཀུན་ལ་ཆོས་སྐྱོང་འདིས་ཚུལ་བཞིན་ཏུ་གྲོགས་བྱས་ནས་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབས་པ་དང་དེ་འོག་ཏུ་རིག་འཛིན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོ་སོགས་ནས་རིམ་པར་ཟབ་གཏེར་གྱི་སྲུང་མ་མཛད་ཅིང་ལས་རབ་འབྱམས་ཕྲིན་ལས་ཀྱི་བྱེད་པོ་དེ་ཉིད་ཡིན་པ་དང་༔ དེས་རྗེས་སུ་རིག་འཛིན་བདུད་འཇོམས་རྡོ་རྗེའི་དྲུང་དུ་བྱོན་ནས་འབངས་ཁས་བླངས་ཤིང་རྗེས་འཇུག་རྣམས་བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས་པའི་སྲུང་མ་དམ་ཚིག་དང་ལྡན་པ་ཡིན་མོད༔ ད་ལྟ་བདག་རྡོ་རྗེ་དྲག་པོ་རྩལ་གྱི་ཟབ་གཏེར་ཀུན་གྱི་སྲུང་མར་སྔོན་ནས་ལས་དང་སྨོན་ལམ་གྱིས་འབྲེལ་བའི་སྲུང་མ་དམ་ཚིག་དང་ལྡན་པ་དཀོར་སྲུང་ཟླ་བའི་དབང་བོའི་དཀྱིལ་འཁོར་དུ་འཇུག་ཅིང་ཞུགས་ནས་དབང་བསྐུར་ཟབ་མོ་བགྱི་བའི་སྐབས་སུ་བབ་པ་ཡིན་ཏེ༔ དེ་ལ་བདག་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཐམས་ཅད་སྔོན་དུ་གྲུབ་ནས༔ ད་ཁྱེད་རང་རྣམས་ལ་དབང་བསྐུར་ཟབ་མོ་བགྱི་བ་དང་༔ བགྱིས་ཏེ་སྲུང་མ་གཉན་པོ་དང་མནའ་ཐོ་བྱེད་དུ་བཅུག་པ་ལ་དགའ་བ་དང་གུས་པའི་ངང་ནས་མནྜ་འབུལ་བ་ཐུགས་ལ་གདགས་པར་ཞུ༔ ༈ དེ་ལྟར་མནྜལ་ཕུལ་ནས་གསོལ་བ་གདབ་པ་འདི་བཞིན་རྗེས་ཟློས་མཛོད༔ ཅེས་གཞུང་ལ་འཇུག་ཅིང་༔ སྡོམ་པ་བཟུང་བའི་རིམ་པ་ནི༔ ཧོ༔ དེང་ནས་བྱང་ཆུབ་མ་ཐོབ་པར༔ བདག་གི་སྒོ་གསུམ་ཆོས་ལ་འཇུག༔ འགྲོ་བ་སེམས་ཅན་ཀུན་དོན་ཏུ༔ དགེ་བསྙེན་དགེ་ཚུལ་དགེ་སློང་དང་༔ བྱང་སེམས་སྔགས་ཀྱི་བསླབ་སྡོམ་རིགས༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ དེང་འདིར་དཀྱིལ་འཁོར་འདིར་ཞུགས་ནས༔ སྡོམ་དང་བསླབ་པ་དམ་ཚིག་ཀུན༔ མི་ཉམས་ཚུལ་བཞིན་བསྲུང་བར་བགྱི༔ སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ༔ ཏིང་འཛིན་མི་གཡོ་བསྒོམ་པར་བགྱི༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་གཏོང་ཚོགས་བསགས་རྒྱ་ཆེན་འབད༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ བྱང་ཆུབ་སེམས་ལ་བློ་སྦྱང་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ མངོན་སྤྱོད་ཕྲིན་ལས་བསྒྲུབ་པར་བྱ༔ བདག་གི་དུས་གསུམ་ནས་བསགས་པའི༔ ཟག་བཅས་ཟག་མེད་དགེ་བའི་སྤྲིན༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག༔ ས་མ་ཡཱ༔ དེ་ལྟར་དམ་ཚིག་ལྡན་པ་ཡི༔ རྣལ་འབྱོར་ཕོ་མོ་གང་སུ་དག༔ ཐར་བ་ཆེན་པོའི་གྲོང་དུ་བགྲོད༔ རྣམ་མཁྱེན་བླ་མེད་སངས་རྒྱས་ཐོབ༔ སྐལ་བ་ལྡན་པའི་སྤྱོད་ཡུལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ༼ ཚིག་དོན་གྱི་ཆ་ལ་བརྟགས་ན་རིན་པོ་ཆེའི་གསུང་མིན་པ་འདྲ༔ བསོད་ནམས་ལྡེའུ་བཙུན་གྱི་གསུང་ཡིན་པ་དང་འདྲ་ཡང་། མ་དཔེ་ན་ཡོད་པས་འདིར་བཞག་ཡོད། དཔྱོད་ལྡན་རྣམས་ཀྱི་གཟིགས་འཚལ། ༽

ཆོས་སྐྱོངས་གཉན་པོའི་དམ་ཚིག་གི་རིམ་པ་རྣམ་གྲོལ་སྙིང་པོ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཆོས་སྐྱོངས་གཉན་པོའི་དམ་ཚིག་གི་རིམ་པ་རྣམ་གྲོལ་སྙིང་པོ་བཞུགས་སོ༔

བརྡ་ཡིག །གང་ཞིག་གིས་རྡོ་རྗེའི་ཆོས་སྐྱོངས་གཉན་པོ་བསྒྲུབ་པས་དམ་ཚིག་འདི་དག་བསྲུང་བར་བྱ་དགོས༔ དེ་ལ་རྩ་བ་དང་ཡན་ལག་གི་དབྱེ་བས་ཏེ༔ དང་པོ་ལ༔ སྤྱིར་ཐུགས་དམ་ཀྱི་རྩ་བ་ཡིན་པས་ཁྲེགས་ཐོད་ཀྱི་དོན་ལ་ཉིན་རེ་བཞིན་མཉམ་པར་བཞག༔ དེ་རྟགས་སུ་ཤར་བའི་ཞི་ཁྲོའི་བསྒོམ་བཟླས་ལ་བརྩོན༔ གསང་སྔགས་ཀྱི་དངོས་གྲུབ་དབང་ལ་རག་པས་ཆུ་བོ་རྒྱུན་མ་ཆད་པ་དང་༔ དེས་སྲོག་དམ་ཚིག་ཡིན་པས་མནོས་པ་བཞིན་དུ་བསྲུང་༔ དཀྱིལ་འཁོར་གྱི་ངོ་བོ་དང་༔ དབང་དམ་ཚིག་གཉིས་ཀྱི་འབྱུང་གནས་ནི་རྩ་བའི་བླ་མ་ཡིན་པས་མོས་གུས་ཀྱི་རྣལ་འབྱོར་མི་དོར༔ ཐེག་ཆེན་ཀྱི་ཐབས་ཤེས་གང་ལ་རག་ལས་པས་སྙིང་རྗེ་བྱང་སེམས་མི་བརྗེད༔ ཕྲིན་ལས་ཀྱི་རྩ་བ་ཡིན་པས་ཆོས་སྐྱོངས་གི་སྲོག་གཏད་ཐོབ་པ་ཞིག་དགོས་ཏེ༔ དོན་རྟགས་ཀྱི་ལྷ་དང་བླ་མ་རྣམས་ཆོས་ཀྱི་ངོ་བོ་དང་གཟུགས་བརྙན་ཡིན་པ་དང་༔ གཞན་དེ་ལམ་དུ་འགྲོ་བའི་རྐྱེན་དུ་དགོས་ཤིང་༔ དེ་དག་སངས་རྒྱས་ཀྱི་བསྟན་པ་ཡིན་པས་བསྲུང་མའི་རོལ་པར་བཀོད་པའི་དགོས་འབྲས་ལས༔ ཆོས་བཞིན་མི་སྤྱོན་པ་ལ་དོ་གལ་མེད་པས་སོ༔ ཡང་སྲོག་ལ་དབང་མ་ཐོབ་ན་བསྲུང་མ་གཉན་པོ་དང་འབྲེལ་བའི་དམ་ཚིག་མེད་པས་ཕྲིན་ལས་ཁྱད་པར་བ་མི་གྲུབ་པོ༔ སྤང་བྱ་ནི་དེ་དག་གི་ལྡོག་ཕྱོགས་སོ༔ གཉིས་པ་ཡན་ལག་ལ་སྤོངས་བསྒྲུབ་གཉིས་ལས་དང་པོ་ལ༔ རིགས་ངན་པ་འདྲེའི་ཚན་དུ་འཛིན་པའི་ལོག་རྟོགས་དང་འཁུ་འཁྲིགས་སྤངས༡༔ གཞན་གྱི་གཡེམ་དང་ངོ་སོ་བསྲུང་དུ་ལྷ་ལ་སྨོད་པ་སྤངས༢༔ འཁོར་གྱི་ཕྱོགས་སུ་གཏོགས་པའི་དགེ་སློང་དང་སྔགས་པ་བུད་མེད་སྟག་ཤར་ལ་སྨད་པ་སྤངས༣༔ ཚན་མཐུན་པར་གྱུར་བའི་རྒྱལ་རིགས་ལ་བརྙེས་པ་སྤངས༤༔ ཡང་བྲན་གྱི་ལྷ་སྲིན་ལ་ཁས་མི་བཏང་༥༔ གྲིབ་དང་མི་གཙང་གི་གཞི་མ་དམེ་མགར་ཡུག་གསུམ་སྤངས༦༔ སྙིང་རྗེའི་གཞན་དོན་དུ་བཞེངས་པ་ལས་སྲོག་གཅོད་སྤངས༧༔ ནོར་རྩས་ཀྱི་ལེ་ལན་ཆགས་པས་འཕྲོགས་རྐུ་བཅོམ་གསུམ་སྤངས༨༔ ཕན་བདེའི་གཞི་མ་དམ་ཆོས་དང་འགལ་བས་གནོད་སེམས་སྤངས༩༔ རྒྱུ་འབྲས་ཐ་དད་དུ་སྨིན་པས་ལོག་པར་ལྟ་བ་སྤངས༡༠༔ ལྷ་ལ་ཁོན་དུ་སྤྲོད་པས་བསྔོས་ཤས་མཆོད་པ་སྤངས་༡༡སོ༔ བླ་ཟོག་གི་གཙོ་བོ་ཁྱུ་མཆོག་དང་ནེའུ་ལེ་མི་བརྡུང་བ་དང་བཅུ་གཉིས་སོ༔ བླང་བར་བྱ་བ་ནི༔ དེ་དག་གི་ལྡོག་ཕྱོགས་དང་༔ སྐུ་གསུང་ཐུགས་ཀྱི་རྟེན་འཆོས་གཞིར་བླ་རྡོ་དང་སྲོག་འཁོར་མི་འབྲལ་བར་གདགས༔ བཟླས་པ་སྔགས་ཀྱི་རྒྱུད་བསྐུལ་བ་ནམ་རེས་སུ་མི་ཆགས༔ ཐུགས་དང་ཡོན་ཏན་ཕྲིན་ལས་སུ་མཚོན་པས་ཕྱག་མཚན་བཅིང་བ༔ ཐུགས་ཀྱི་དམ་བཅའ་བར་མཛད་པས་བདུད་གཅོད་ཟབ་མོ་ཉམས་སུ་ལེན༔ ཐུགས་ཀྱི་རྟེན་དུ་གྱུར་བའི་སྒྱུ་འཕྲུལ་འཁོར་ལོའི་པུསྟི་མཆོད༔ དག་པ་རབ་འབྱམས་སུ་ཤེས་པའི་ལྟ་བའི་གདེངས་མ་ཤོར༔ མངོན་སུམ་གྲོགས་སུ་གསལ་བས་བསྒོམ་པའི་འཕྲང་ལས་མ་ཤོར༔ ཕྲིན་ལས་སྤྲོ་བསྡུས་གཟེར་དང་འདའ་དཀའི་དམ་ཚིག་སྤྱོད་པས་སྲོག་རྩ་བརྟན་པོའི༔ བསོད་ནམས་ཀྱི་ས་བོན་ལེགས་པས་མཆོད་རྫས་རྒྱུ་ཆུང་ཕུད་ཉམས་མིན་པས་མཆོད༔ རྒྱུན་དུ་ཕྲིན་ལས་བཅོལ་བའི་ཆིངས་ཀྱི་མདོ་བཙན་པོའི་དབང་ལས་ཚོགས་གཏོར་རྒྱུན་མི་བཅད༔ གུས་དང་ཞེ་སར་བཅས་པའི་འགྲུབ་བམ་མི་འགྲུབ་གྱི་ཐེ་ཚོམ་མི་བྱ་བར་བསྒྲུབ༔ བླ་ཟོག་གི་གཙོ་བོ་གླང་དང་ནེའུ་སྤྲེལ་ལོ༔ དེ་ནས་གཞན་ཐམས་ཅད་བཏང་སྙོམས་སུ་བཞག་གོ༔ ཅེས་ཀྱང་འགྱུར་མེད་རྣམ་པར་རྒྱལ་བའི་བཀའ་སྤྱི་བོར་ཕེབ་པས་ག་གཱ་ཨ་བྷྱེ་ནས་སོ། །

ཆོས་སྐྱོང་ཆེན་པོའི་བསྒྲུབ་པའི་ངེས་བརྗོད་རྩེ་མོ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཆོས་སྐྱོང་ཆེན་པོའི་བསྒྲུབ་པའི་ངེས་བརྗོད་རྩེ་མོ་བཞུགས་སོ། །

ཆོས་སྐྱོངས་ཆེན་པོ་འདི་བསྒྲུབ་ནས་སྔོན་ཆོས་རྒྱལ་སྡེ་དགེ་ཚང་གི་སྤར་ཁང་ཆེན་མོ་སོགས་ཆོས་སྲིད་བསྟན་པའི་མངའ་ཐང་དར་རྒྱས་སུ་གྱུར་བ་དང་། དེས་རྗེས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བསྒྲུབ་པས་དཔལ་སྤུང་གི་བསྟན་པ་འགྲན་མེད་དུ་གྱུར་བ་དང་། ཀཿཐོག་གཏེར་ཆེན་ཀློང་གསལ་སྙིང་པོའི་གཏེར་ཆོས་དར་རྒྱས་སུ་གྱུར་ནས་ཉི་འོག་ན་འགྲན་ཟླར་གྱུར་བ་གཞན་མེད་པ་དང་། ཀརྨ་བ་བཅུ་བཞི་བ་དང་། འཇམ་དབྱམས་མཁྱེན་བརྩེ་དབང་པོ་རིན་པོ་ཆེ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རྣམས་ཀྱང་རྩོད་མེད་ཀྱི་དགེ་བའི་བཤེས་གཉེན་དུ་གྲགས་པས། གཅིག་ཏུ་ན་བླ་མ་དེ་རྣམས་ཀྱིས་བསྒྲུབ་པར་འོས་པ་ཡིན་པས། དེའི་སློབ་མ་བརྒྱུད་པར་བཅས་པས་ཀྱང་སྨོན་ན། སློབ་དཔོན་གཉན་པོའི་བསྲུང་མ་སྨད་པའི་ཉེས་པ་འབྱུང་ལ། ཡང་རྫོགས་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། ཀུན་བཟང་བདེ་ཆེན་རྡོ་རྗེ་ལ་སོགས་པས་ཀྱང་མཆོད་གསོལ་མཛད་ནས་བསྒྲུབ། ད་ལྟ་ཞེ་འཛོང་གི་བསྟན་པ་རྒྱས་པའང་ཆོས་སྐྱོང་འདི་ཡི་བྱིན་རླབས་ཡིན་ཏེ། དེ་དག་སུ་ལའང་མ་གདོན། རྒབ་འདྲེངས་མ་བྱུང་ངོ་། ཡང་བླ་མ་དེ་རྣམས་ལྟ་བ་མཐོ་བས་འདྲེ་བསྒྲུབ་ཀྱང་མི་སྐྱོན་ནོ་ཟེར་ན། དེ་རྣམས་ཀྱིས་ཀྱང་འདྲེ་ངན་རྣམས་མ་བསྒྲུབ་པར་ལྷག་པའི་ལྷ་དང་། རྩ་གསུམ་བསྲུང་མ་བསྒྲུབ་པ་ལས་ལྟོས་ཤིག ལར་གསང་སྔགས་འདི་ལྟ་བ་གཙོ་བར་འདོད་པ་དེ་ཁྱོད་བདེན་ཀྱང་དཀོར་བདག་སྤང་ནས་ཤི་འདྲེ་བསྒྲུབ་པའི་འདམ་ཀ་བྱེད་པ་དེ་ཡང་མི་རིག་ལ། ལྟ་བ་མེད་ན་རྒྱུད་ལས། མི་འགྱུར་ལྟ་བའི་གཟེར་མེད་ན། དཔལ་ཆེན་བསྒྲུབ་ཀྱང་རུ་ཏྲར་གོལ། གསུངས་པས། དེ་ལྟ་ན་ཁྱོད་རང་ཚོས་རྒྱུད་ཚོད་དང་བསྟུན་ན་དཔལ་ཆེན་པོ་ཡང་བསྒྲུབ་ཕོད་པ་མི་སྣང་། ཅིའི་ཕྱིར་ན་རེ་དོགས་འཁུ་འཁྲིག་ཕོ་རོག་ལས་ཀྱང་ཆེ་བའི་ཕྱིར་རོ། །ཡང་ད་ལྟ་སྙིགས་མ་ལྔ་བདོ་བའི་དཀོར་བསྲུང་གིས་ཐོན་པའང་མིན། ད་དུང་ཚེ་ལོ་བཅུ་བ་ལ་འདི་ལས་བརྒྱ་འགྱུར་གྱིས་ཐུབ་པ་དེའང་དཀོར་བདག་བསྒྲུབ་པས་མིན། ངན་སོང་ན་དེ་བས་ཀྱང་ཐུ་བ་དེ་དཀོར་བསྲུང་གིས་ལེ་ལན་མིན། དེ་ཡིན་ན་ཚེ་ལོ་བཅུ་བ་དང་ངན་སོང་བ་དེ་དག་གིས་མི་འདོན་མི་བསྒྲུབ་པས། དེས་གོང་ན་མེད་པའི་བདེ་སྐྱིད་ཅིག་དེ་དག་ལ་ཅིས་ཕྱིར་མེད། དཀོར་བསྲུང་མེད་པ་དང་མི་འདོན་པ་དག་ལ་ནད་མུག་མཚོན་གསུམ་འདི་ཨ་ཆེན་ཁ་བ་སྤྱི་འབབས་མིན་ན་དང་ཨ་ལ་ལ་ཧོ། བསྒྲུབ་རུང་མི་རུང་གི་ཁྱད་པར་རྒན་རྒོན་ཕོ་མོ་ཚོས་མི་ཤེས་ཏེ། སྤྱན་དང་མངོན་ཤེས་ཡོད་པའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་གཟིགས་པའི་རྗེས་སུ་སློབ་བར་བྱ་ཡི་ཆགས་སྡང་ཕྲག་དོག་གིས་ནི་མ་ཡིན་ལ། མདོར་ན་གཙུག་ལག་ཆོས་འཁོར་གཉན་པོ་གང་དུ་རྒྱས་པ་དེར་འདི་རབ་ཏུ་གསོལ་ན་མགོ་ལོག་གི་ཤི་འདྲེ་རྩེ་རྒྱལ། ལྷོ་ཁ་ཕྱོགས་ནས་གོ་འཇོའི་རྒྱལ་པོ་དང་། དོལ་གྱི་གཡུ་དམར་སྲོག་གི་སྤུ་གྲི། གསེར་གྱི་དུང་ཐོད་ཅན་རྣམས་ལྟར་ཁྲམ་པ་དང་ཡ་པོ་འགའ་ཞིག་ལས་མཁས་གྲུབ་སུས་ཀྱང་ཞལ་ཐོག་ཏུ་ལེན་མི་མཛད་རྒྱུ་ཞིག་མིན་པས། མཁས་གྲུབ་དེ་དག་གི་རྣམ་ཐར་ཟིན་པར་འདོད་པས་འདི་ཉིད་བསྒྲུབ་པ་དང་ཡ་བོ་རྣམས་ཀྱི་གོ་འཕང་ཐོབ་པར་འདོད་པས་དེ་དག་བསྒྲུབ་པར་གྱིས་ཤིག་ཅེས་སྔགས་སྨྱོན་ག་གཱ་ཨ་བྷྱེ་ནས་སྨྲས་པའོ། །དགེའོ། །ཐོག་མར་ཡི་དམ་གང་རུང་བསྙེན་ལ་གོང་གནོན་མི་ལྷོད་པར་བྱ། དེ་ནས་རང་ཡི་དམ་དུ་གསལ་བའི་མདུན་དུ་བསྐྱེད་ཆོག་གཞུང་བཞིན་བྱས་ལ་བསྙེན་བཟླས་ཀྱི་རབ་འབྱམས་ཕྲིན་ལས་བསྒྲུབ་བསམ་ཞིང་། ཞེས་བཟླས་ལ་མཆོད་བསྟོད་བྱས་ནས། རཾ་ཡཾ་ཁཾཿ སྭ་བྷ་ཝ་ནམ་མཁའ་མཛོད་དང་ཨ་ཀ་རོ་སོགས་བརྗོད་ལ་ཙ་འདི་ནས་ནུབ་ཀྱིས་སོགས། གསོལ་བསྐང་ཚར་གཅིག་མཐར་མཆོད་བསྟོད་བྱས་ནས་གྲོལ་ལོ། །གུང་ཐུན་ལའང་དེ་ལྟར་བྱའོ། །དགོང་ཐུན་དུ་ལས་བྱང་སྔར་ལྟར་ལ་ཐུན་ཕྱེད་དུ་བསྙེན་པ་བཟླ་ཕྱེད་ཕན་ཆད་ཅི་ཙམ་བསྒྲུབ་པའི་ཡར་ཕྱེད་དུ་བསྐང་གསོལ་དང་། མངའ་གསོལ་ཕྲིན་བཅོལ་བཅས་དང་། ཡི་དམ་གྱི་ཚོགས་འཁོར་ཚར་གཅིག་གི་མཐར་མཆོད་བསྟོདབྱ། ནུབ་ཐུན་ལ་ལས་གཞུང་བསྲིང་ཞིང་བསྙེན་པ་འབའ་ཞིག་བཟླས་མཐར་ཆད་བརྟན་སོགས་གྱི་མཐའ་བསྡུའོ། །ཅི་ཙམ་བསྒྲུབ་པའི་མར་ཕྱེད་དུ་ནང་ཐུན་སྔར་བཞིན་ལ་གུང་ཐུན་གྱི་ཕྱེད་དུ་བཟླས་སྔགས་འདོན། ཕྱེད་དུ་ཕྲིན་བཅོལ་མཇུག་གི་ཁྱད་པར་མདུན་གྱི་ལྷའི་ཐུགས་ཀ་ནས་སོགས་གང་བར་བསམ། ཨོཾ་རཱ་ཛ༴ སོགས། སྭཱ་ཧཱས་བར་དང་། ཡང་བཟླས་སྔགས་གཤམ་དུ་ཁམས་གསུམ་སྲིད་གསུམ་སོགས་དབང་བསྡུད་སྔགས་བཟླ་མཆོད་བསྟོད་མཐར་དབང་བསྐུལ་དང་བཅས་པ་འདོན་ལ་བཤགས་པ་བསྟན་སྲུང་དམ་ཅན་སོགས་དང་ཡི་དམ་བཀྲ་ཤིས་བཅས་འདོན། དགོང་ཐུན་ལ་ཐུན་ཕྱེད་དུ་བསྙེན་པ་དབང་བཟླས་དབང་བསྐུལ། ཐུན་ཕྱེད་དུ་ཚོགས་ལྷག་མའི་མཐར་བསྐང་གསོལ་ཅི་ནུས་དང་། ཕྲིན་བཅོལ་སོགས་བྱ། ནུབ་ཐུན་ནང་ཐུན་འདྲ་བ་ལ་མཐར་ཆད་བརྟན་སོགས་བྱ། ཁྱད་པར་འགྲུབ་རྟགས་འོང་ན་དགྲ་མེད་ན་དབང་བསྐུལ་དང་། དབང་གི་ཕྲིན་བཅོལ་གྲངས་བསྐྱལ། ཡོད་ན་ཐུན་བྱེད་དུ་བཟླས་སྔགས་ཀྱི་མཐར་བཟླས་དང་། ཡང་རྦད་སྔགས་དང་བསྐུལ་བ་གཉིས་ཀ་འདོན་ལ་མཚན་མ་བྱུང་ཚེ་བསད་སྔགས་ཀྱང་བཏགས་སོ། །གཞན་གོང་དང་འདྲའོ། །རྗེས་དངོས་གྲུབ་གྱི་དུས་སུ་ཡི་དམ་ཆོས་སྐྱོང་དང་བཅས་པའི་སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཡི་དམ་དང་ཆོས་སྐྱོང་གི་དངོས་སྒྲུབ་ཡང་བླང་། མཐར་བཀྲ་ཤིས་སོགས་ཀྱིས་མཐའ་བརྒྱན་ནོ། །མན་ངག་ཕྱག་བཞེས་དང་འབྲེལ་བ། །འབྲེལ་བ་བཞི་ལྡན་ཁྱད་ཆོས་ཅན། །བསྒྲུབ་བརྒྱུད་དམ་པའི་ཕ་ལུགས་འདི། །འོད་ཟེར་མཐའ་ཡས་ཀྱིས་བསྐུལ་ངོར། །པདྨ་ཀློང་ཡངས་དེ་ཡིས་སོ། །

དཀོར་བསྲུང་གཡང་སྒྲུབ་ཕྱག་ལེན་ལ་ཡི་དམ།

དཀོར་བསྲུང་གཡང་སྒྲུབ་ཕྱག་ལེན་ལ་ཡི་དམ་ནི། ཧཱུྃ༔ རང་ཉིད་པདྨ་ཐོད་ཕྲེང་རྩལ༔ སོགས་ལས་གཞུང་ཆེ་ཆུང་གང་རུང་གི་བསྙེན་མཐར་ཕྲིན་བཅོལ་འདོད་འཇོའི་དཔལ་སྟེར་ལས་ཁྱད་པར་མདུན་བསྐྱེད་ནས་དབང་སྔགས་ཅུང་ཟད་བཟླའོ། །གཡང་བསྒྲུབ་ལས་བདག་མདུན་གཙོ་བོའི་སོགས་ནས་ཝ་ཤཾ་ཀུ་རུ་ཧོས་བར་ཅི་ནུས་བཟླས། དེ་ནས་རྦད་བསད་སྔགས་ལན་གསུམ་རེའི་མཐར་མཆོད་བསྟོད་རྒྱས་བསྡུས་གང་འཚལ་བྱ། དེ་ནས་གསོལ་མཆོད་ནི། བདག་ཉིད་ཡི་དམ་གྱི ༴ ཨ་ཀ་རོ་དང་མཛོད་སྔགས་བརྗོད་ལ། ཙ༔ འདི་ནས་ནུབ་ཀྱི་སོགས་དང་། དཀོར་བསྲུང་ཙན ༴ དཀོར་སྲུང་ཆེན་པོ་ཟླ་བ་ཡི༔ སོགས་གསོལ་མཆོད་རྒྱས་བསྡུས་གང་རིགས་འདོན་ལ་ཚོགས་མ་བཏོན་ཚེ་བསྐང་ཆེན་བར་འདིར་འདོན་ཡང་ཕྲིན་བཅོལ་རིགས་གང་མོས་བྱས་ལ། སྐབས་འདིར་ཚོགས་རྒྱས་བསྡུས་གང་མོས་མཐར་ཟ་ངུ་གྲངས་མང་བརྗོད་ཀྱང་འགལ་བ་མེད་དེ་ནས་འཁྲུགས་བསྐང་སོགས་བཤགས་པ་རྒྱས་བསྡུས་མཐར། ཚོགས་གང་འོས་ཀྱི་ལྷག་མའི་མགོར་མངའ་གསོལ་ཆུང་འབྲིང་འདོན། དེ་ནས་དགུགས་གཞུགས་འགོང་བཀར་རྒབ་འདྲེ་མནན་པ་བསྲུང་འཁོར་བཅས་མཐར། བསང་དང་བསང་ཁྲུས་བྱེད་པ་རྣམས་དང་སྔགས་དྲུག་ཕྱག་དྲུག་མཐར། རཾ་ཡཾ་ཁཾ་སྟོང་བའི་ངང་ལས་སོགས། སྐབས་འདིར་གཡང་གི་བྱིན་འབེབས་དང་། དེ་ནས་གཡང་རྫས་ལྷར་བསྐྱེད། གཏོར་འབུལ་ཡན་རྫོགས་ནས། གཞུང་གི་མཆོད་བསྟོད་བྱས་མཐར། ཕྲིན་མཅོལ་མཐའི་དབང་སྔགས་དང་། གཡང་སྒྲུབ་འགོའི་དབང་སྔགས་བཟླས་མཐར། དབང་འགུགས་དབང་བསྐུལ་བཅས་མཐར། གཡང་རབས་གཡང་འགུགས་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། གྲངས་བསོགས་ནི༔ ཀྱཻཿ མཁྱེན་བརྩེ་ནུས་པའི་ནས་བཟུང་སྟེ་འདིའི་བར་གཡང་འགུགས་བསྡུས་པ་བསག་གོ །མཐར་གཡང་གཏད་རྗེས་སུ་རྟེན་བཞུགས་ཀྱི་གཡང་སྒོ་འདིར་བསྡམས། དེ་ནས་ལྷག་ཆོག་སོགས་ཀྱིས་མཐའ་བསྐྱང་ཀྱང་ཆོག གོ་རིམ་བཞིན་བཏོན་ནས་ཚོགས་ཀྱི་གཤེགས་གསོལ་འགོར་ཡང་གཡང་བརྟེན་པར་བྱ་བས་གཡང་སྒོ་བསྡམ་ཀྱང་ཆོག ཡང་གཡང་གཏད་འགོར་ཚོགས་ལ་རོལ། ལྷག་མ་བསྐུལ་བ་ཆད་བརྟན་རྟ་བྲོ་ཡན་བྱས་ལ། མཆོད་བསྟོད་ཀྱི་མཐར་དངོས་གྲུབ་བླངས་ལ། མངའ་གསོལ་རྒྱས་པ་དང་བཤགས་པའི་མཐར། དཀྱིལ་འཁོར་བསྡུ་བའི་འགོར། གཡང་གཏད་དང་གཡང་སྒོ་བསྡམས་པའི་རྟེན་བཞུགས་བྱས་ལ། བཀྲ་ཤིས་རྒྱས་བསྡུས་བཅས་བྱས་ལ། བསྡུ་ལྡང་དང་གཞུང་གི་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ཡང་གཡང་བསྒྲུབ་རྐྱང་བ་ལ་བཏགས་བསམ་ན། འདོན་ལུགས་གཞན་འདི་ལྟར་ཡོད་དེ། ཡི་དམ་བསྐྱེད་རྗེས་འགོང་བོ་བཀར་མཚམས་གཅོད་བར་བྱས་ལ། གཡང་རྫས་བྱིན་རླབས། གཡང་རྫས་ལྷ་བསྐྱེད་གཏོར་འབུལ་ཡན་བྱས་ལ། གཏོར་འབུལ་གྱི་མཐར། སྤྲོ་ན་གསོལ་མཆོད་ཕྲིན་བཅོལ་ཚོགས་ལྷག་ཡན་ཆད་བྱ། དེ་ནས་བསྟོད་པ་དང་མངའ་གསོལ་བྱས་ལ། འགུགས་གཞུགས་དབང་བསྐུལ། གཡང་རབས་གཡང་འགུགས་མཐར་ལྷག་བསྐུལ་ཆད་བརྟན་བྲོ་མཆོད་བསྟོད་དངོས་གྲུབ་བཤགས་པའི་མཐར་གཡང་གཏད་བརྟན་བཞུགས་བསྡུ་ལྡང་བཀྲ་ཤིས་རྒྱས་བསྡུས་ཀྱིས་མཐའ་བརྒྱན་ཀྱང་ཆོག སྨད་ལས་བཏོན་ན་ཚོགས་བསྒྲལ་ལ་བཏགས། དགྲ་མནན་བྲོ་མནན་འགོར་བཏགས་པ་སོགས་དབང་དྲག་གཞུང་སྦྲེལ་ཀྱང་ཆོག དགྲ་ཆོས་བྱེད་ན་ཚོགས་བསྐུལ་མཐར་བྱེད། རྣལ་འབྱོར་བ་ཇི་སྲིད་འཚོའི་བར་དུ་བསྡུ་ལྡང་མ་བྱས་ཀྱང་རུང་ངོ་། །དུས་ཕྱིས་གཡང་བསྒྲུབ་བྱ་ན་གཡང་བསང་གི་མཐར་གཡང་སྒོ་ཕྱེ་བས་གཡང་སྒྱེ་ཁ་བཤིགས་དགོས་ཀྱི་རང་གར་མ་ཡིན་ནོ། །ལར་གསོལ་མཆོད་ལ་གཡང་འགུགས་རེ་རྒྱུན་དུ་བཏགས་ཀྱང་རབ་ཏུ་མཐོང་ངོ་། །ཕྱག་བཞེས་ལ་འདི་ཞེས་མཐའ་གཅིག་ཏུ་ཨ་མཐས་མ་བྱས་ཀྱང་གང་རུང་རུང་གིས་ཆོག་ལགས། ཨ་ཡེ་དེང་སངས་དུས་ཀྱི་ཐ་མ་ལ། །ས་དགེ་གསར་རྙིང་ལ་གྲགས་པའི། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ། །ངོ་བོ་གཅིག་ཏུ་གནས་པ་དང་། །རྒྱལ་བའི་བཀའ་རུ་མ་ཤེས་པས། །ལྷ་ཁ་འགྲིགས་དང་མི་འགྲིགས་ཟེར། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལས། །བཟང་ངན་ཆོས་སྤངས་མཐོལ་ལོ་བཤགས། །སློབ་དཔོན་སྲུང་མ་སློབ་མས་སྤངས། །བཀའ་དྲིན་ཐོབ་འཕྲལ་བླ་མ་ལ། །ཕར་འཁོར་རྗེས་ནས་དུད་མོ་ལྡིར། །གྲོགས་མཆེད་མི་བརྩི་དགྲ་ལྟར་བྱེད། །གདམ་ངག་མི་བསྒོམ་ཆོས་བརྒྱད་ལེན། །ཤི་བརྡོའི་གསོན་བརྡོའི་ཐུགས་དམ་ཅན། །ལྟར་སྣང་གཏན་ཚིགས་རེ་འགའ་བས། །སྒྲོ་བསྐུར་ལས་ངན་བསགས་པ་ཡིས། །མིག་གི་ལིང་ཐོག་གྱུར་བའང་། །བསྲུང་མ་འདི་ཡིས་ལན་པ་མིན། །དེ་ཕྱིར་སྔོན་བྱོན་དམ་པ་ཚོས། །འདི་ལ་ལེའུ་ལྷར་མཛད་པ་ཡིན། །ཅེས་ཀྱང་འཇིག་དགས་བསྐུལ་ངོར་སྔགས་འཆང་ག་གཱ་ཨ་བྷྱེས་སོ། །བཀྲ་ཤིས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

རྒྱལ་བའི་ཕྲིན་ལས་ཆེན་པོའི་རྟོགས་བརྗོད་ཐབས་མཁས་རྣམ་རོལ།

རྒྱལ་བའི་ཕྲིན་ལས་ཆེན་པོའི་རྟོགས་བརྗོད་ཐབས་མཁས་རྣམ་རོལ་བཞུགས་སོ། །

གདོད་མའི་མགོན་པོ་རྒྱལ་བ་ཀུན་ཏུ་བཟང་། །ལོངས་སྐུ་སྙིང་རྗེའི་རོལ་གར་སྤྱན་རས་གཟིཊ། །སྤྲུལ་སྐུ་འགྲོ་བའི་དོན་མཛད་པདྨ་འབྱུང་། །དབྱེར་མེད་དྲིན་ཆེན་བླ་མའི་ཞབས་ལ་འདུད། །འགྲོ་འདུལ་རྒྱལ་བས་ལུང་ཟིན་རྡོ་རྗེ་འཆང་དྭགས་པོ་ཟླ་འོད་གཞོན་ནུ་སེམས་ཅན་གྱི་དོན་དུ་སྐུར་བཞེངས་པ། འཛམ་གླིང་སེང་ཆེན་རྒྱལ་པོའི་བཀའ་བློན་དཔལ་ཐུལ་སྟོང་དཔོན་ཡ་མི་སོ་ཕྲའི་སྐུ་མཆེད། སྟོང་དཔོན་ཆོས་དཔལ་བཟང་པོའི་སྲས་ཀྱི་ཐུ་བོ་དྲུང་ཆོས་ཀྱི་རྗེ་ཀུན་དགའ་རིན་ཆེན་གྱི་ཐུགས་སྲས་གཅོད་སྟོན་ཟླ་བ་རྒྱལ་མཚན་གྱི་རྟོགས་བརྗོད་མདོ་ཙམ་བརྗོད་ན། དེ་མདོ་ཁམས་སྒ་སྟོད་ནོར་བུའི་གླིང་གི་ས་ཡི་མཐིལ། ཆུ་བོ་གསེར་ལྡན་དགའ་བ་འཁྱིལ་བའི་གཡོན་ཟུར་འགྱོགས་རྟག་གྲོང་བའི་སྟོད་ཀྱི་གྲོང་མགོ་ཚང་ལ་སྐུ་བལྟམས་ནས་ཆུང་ངུའི་དུས་ཀྱི་ཚེ་རིགས་སད་ནས་དྲུང་ཆོས་ཀྱི་རྗེའི་ཞབས་ལ་གཏུག་སྟེ་རབ་ཏུ་བྱུང་། བསྙེན་པར་རྫོགས་ནས་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་གྲུབ་ཆེན་བིར་ཝ་པའི་གདམས་པ་རྒྱ་མཚོའི་ཉིང་ཁུ་ཟབ་མོ་དགྱེས་པ་རྡོ་རྗེའི་སྨིན་ཁྲིད་ཡོངས་རྫོགས་གསན་ནས་གསང་སྔགས་ཨཥྚའི་བསྙེན་པ་བཞི་འབུམ་བཅོ་བརྒྱད་རྟགས་ཐོན་མཛད་ནས་ཟབ་མོ་གཅོད་ཡུལ་འཇའ་ལུས་རྡོ་རྗེའི་བསྙེན་མཚམས་རྟགས་ཐོན་མཛད་ནས་གཉན་ས་བརྒྱ་དང་རྩ་བརྒྱད་མཐར་ཕྱིན་པར་མཛད་པས་བྱིན་རླབས་ནུས་པའི་གཟི་བྱིན་འབར་བར་གྲགས། དེ་ནས་བསྐལ་བཟང་རྒྱལ་བའི་བསྟན་པ་ཉམས་དམའ་བའི་ཚེ་རྫུ་འཕྲུལ་གྱི་རྣམ་རོལ་དཔག་པར་དཀའ་བས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་སྐྱོང་བའི་མཛད་པ་ནི། དྲུང་ཆོས་རྗེའི་གདན་སའི་གཡས་ཕྱོགས་ཀྱི་ལུང་པའི་མིང་ནི་སྐབ་ལུང་གཞུང་ཞེས་གྲགས་པའི་སྨད་ཀྱི་ཆ་གེ་སྐོར་ཁ་གྲག་པ་དེར་མི་ནག་ཐོང་ཤིང་ཞེས་གྲག་པ་སྐྱེ་འགྲོ་ཀུན་གྱི་སྲོག་ལ་འཚེ་བའི་གདུག་པ་ཅན་ཞིག་ཡོད་པ་ཚེ་འཕོས་པའི་སྐབས། དྲུང་ཆོས་རྗེ་ཨ་ནནྟ་རཏྣ་གདན་ཞུས་སུ་བྱུང་བའི་སྐབས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་ནས། རྐྱེན་དེ་ལ་བརྟེན་ནས་གཅོད་སྟོན་གང་དེ་སྲུང་མ་དྲག་རྩལ་ཆེ་བ་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཞིག་དུ་འགྱུར་བར་དགོངས་ནས་ཟླ་བ་རྒྱལ་མཚན་གྱིས་རོ་དེ་འཕང་ཤིག་ཅེས་བཀའ་ཡི་བཅད་ནས། དྲུང་ཆོས་རྗེ་ཉིད་ཀྱི་ཕྱག་མཚན་གྲི་གུག་དང་། །ཕྱག་ཕྲེང་སྐེ་ལ་བསྐོན་ནས་མངགས་པར་མཛད། །བྱང་ཆུབ་སེམས་དཔའི་མཛད་པ་ནི། །འགྲོ་བའི་དོན་ལ་རྒྱུན་ཆད་མེད། །སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱིས། །གང་འདུལ་བསྟན་པ་སྤེལ་བར་མཛད། །དེ་ནས་གཅོད་སྟོན་ཟླ་བ་རྒྱལ་མཚན་རོ་འཕེན་དུ་བྱོན་པའི་སྐབས་ཐུགས་ཀྱིས་ཁོ་མི་ནག་ཐོང་ཤིང་དེ་བདུད་ཕོ་མ་རུང་བ་ཡིན་པས་བར་ཆད་འདྲ་ཨེ་འོང་སྙམ་པའི་རྟོག་པ་སྤུ་ཙམ་བྱུང་བཞིན་ཕེབས་ནས་རོ་ལ་འཇུས་ཏེ་ཁྱེར་སོང་། ཕ་རི་ཐད་ལུང་ཆེན་ལུང་ཆུང་ཞེས་གྲགས་པའི་བར་ཐང་ན་ཁྱེར་ནས་ཕ་བོང་ཁམ་ལེབ་ཆེ་བ་ཞིག་གི་ཟུར་དུ་བཞག་ནས་གསོལ་འདེབས་སེམས་བསྐྱེད་ཅི་ཡང་མ་མཛད་ནས་གྲི་གུག་གིས་རོ་ཡི་སྔུན་ནས་བཤས་པས་ཁྲག་གི་རྒྱུན་ཕྱུར་བས་བླ་མའི་ཕྱག་ཕྲེང་ལ་ཁྲག་འགོས་ཀྱི་དོགས་ནས་ཕར་ཕུད་དེ་རྡོ་ཐོག་ལ་བཞག་ནས། རོ་བཤས་པས་རོ་དེ་བདུད་ཀྱི་ཆོ་འཕྲུལ་ཀྱིས་ཡུལ་ཁམས་འཕུང་བར་འདོད་པས་དམ་གྱི་འཁྱུད་ནས་བྱུང་པའི་སྐབས། གཅོད་པས་སྐད་ཅིག་གིས་ཀྱེ་རྡོར་གྱི་སྐུ་རི་རྒྱལ་ཙམ་བསྐྱེད་ནས་ང་རྒྱལ་ཆེར་བསྐྱེད་པའི་སྐབས་རོ་དེ་ཐང་ལ་ལྷུང་སོང་ཡང་སྙིང་རྗེ་མ་བསྐྱེད་པའི་རྐྱེན་གྱིས་དྲེགས་པ་འཇིགས་སུ་རུང་བར་གྱུར་སོང་བས། དེ་ལྟར་གྱུར་བ་དྲུང་ཐམས་ཅད་མཁྱེན་པས་མཁྱེན་ནས་རྒོད་ཆེ་ཆུང་གཉིས་སུ་སྤྲུལ་ནས་རྗེས་བསྐྱོད་མཛད་དེ། ལུང་ཆེ་ཆུང་གཉིས་ནས་བྱོན་སོང་བས་བསེ་ལྷ་སྟག་གསུམ་མདོར་སླེབ་ཚེ་རྗེས་ཆོད་པའི་སྐབས་དྲེགས་པ་ཅན་དེས་ཁོ་རང་དེ་རུ་འདུག་གནས་བཅའ་ཨེ་ཆོག་ཞུས་པས། དྲུང་ཐམས་ཅད་མཁྱེན་པས་ལས་ཀྱི་ལྷག་མ་ཅུང་ཟད་སྒྲིབ་སྦྱོང་གི་ཆེད་དུ་ཁྱོད་འདི་རུ་མ་འདུག མ་འོང་པ་ན་ཞིང་བྲག་རི་ཐང་འདི་རྩ་འཇག་མས་བཤྭད་གླུ་བླང་བ་དང་། རྫོང་རྩེ་དགོན་འདི་གྱང་རལ་དུ་འགྱུར་ཞིང་། ངེད་ཨ་གཉེན་ཚང་གི་གཞིས་ཁ་མཚོ་དི་ལ་མཁར་དེ་བོང་རྒན་རྣ་མཆོག་ལྟར་ནམ་གྱུར་བ་དེའི་ཚེ། ཁྱོད་འདིར་སྐྱོང་བའི་ཟོ་དོར་མཆོད་ཆོག་ཅེས་གསུངས་པས། ཡང་དྲེགས་པ་ཅན་དེ་ཚུར་མཁས་ལ་གྲགས་པ་དེར་བྲོས་སོང་བའི་ཚེ། དྲུང་རིན་པོ་ཆེའི་རྗེས་དེད་པས་འཕུར་ནས། བར་སྣང་ནས་བྱོན་པའི་སྐབས། ཞབས་ལྷམ་བུད་ནས་ཁམས་དགེ་ཐང་ལ་ལྷུང་སོང་བ་དེར་སྤྲུལ་བའི་མཆོད་རྟེན་རང་གྲུབ་དུ་སོང་ངོ་། །དེ་ནས་སྐྱེ་ཆེན་ལ་ཁ་གྲག་པ་དེར་རྗེས་ཆོད་པའི་ཚེ་དྲེགས་པ་ཅན་དེས། མ་གིའི་དགོན་གསར་དང་། ཡ་གའི་སྐལ་བཟང་དགོན་རྣམས་ནས་ཁོ་ནམ་མཆོད་ཟེར་བའི་ཚེ། ཁྱོད་རང་ངེད་ཨ་གཉེན་དྲུང་རིགས་པའི་བླ་ཤིང་སྐྱེ་ཆེན་ཤུག་རྒན་དེ་མིང་མེད་པ་དང་། སྐྱེ་ཆུང་ལྷ་ཁང་འདི་བོང་རྒན་རྣ་མཆོག་ལྟར་ནམ་གྱུར་བའི་ཚེ། ཁྱོད་ཡུལ་ཁམས་ཀུན་གྱི་བདག་པོ་ཆེན་པོ་བྱེད་པའི་དུས་ལ་བབས་པ་ཡིན་ཁྱོད་དེའི་བར་དུ་ང་ཡི་བཀའ་མ་བཅག་པར་གཞན་དུ་སོང་ལ་བསྟན་པ་སྲུང་ཤིག །ཅེས་གསུངས་ནས་གནམ་ལྕགས་རྡོ་རྗེ་སྤྱི་བོར་བཞག་ནས་གསང་མཚན་རྒྱལ་ཆེན་བཀྲ་ཤིས་རྡོ་རྗེ་ཞེས་བརྟགས་ནས་མ་འོང་བསྟན་པའི་སྲུང་མར་དབང་བསྐུར་བར་མཛད་དོ། །དེ་ནས་དཔལ་སྤུངས་དང་སྡེ་དགེ་རྒྱལ་ཁབ་ཀཿཐོག་སུ་བསྟན་པ་བསྲུང་པ་སོགས་གཞན་དུ་ཤེས་སོ། །དེ་ནས་དཔལ་ས་སྐྱ་བ་ཆེན་པོའི་གདུང་སྲས་དྲི་མ་མེད་པ་མཁོན་སྟོན་རྗེ་བཙུན་མ་རྟ་མགྲིན་དབང་མོ་མདོ་ཁམས་བསེ་ལུང་ན་ཆིབས་བསྐྱོད་སྐབས། བསེ་བའི་ཡུལ་མི་ཐམས་ཅད་ནད་ཡམས་གདུག་པ་ཅན་འཁྲིགས་ཏེ། སྡེ་དགོན་ཀུན་གྱིས་རྗེ་བཙུན་མ་ལ་རིམ་གྲོ་ཞུས་པས་ཞལ་གྱིས་བཞེས་ནས་མཛད་པའི་སྐབས་ཤིག་གི་ཚེ། སྟོང་གསུམ་ཐམས་ཅད་ཤིག་ཤིག་ཡམ་ཡམ་དུ་འགུལ་བས་ཡུད་ཙམ་ཞིག་ན། མེ་རླུང་དམན་ནག་འཁྲིགས་པའི་གུར་ཁྱིམ་ན། གཟི་མདངས་རབ་ཏུ་འབར་བ་མི་བཟོད་པ་སྐུ་མདོག་དམར་སྨུག་རྒྱལ་པོ་བསྒྲེས་པའི་ཚུལ་ཅན་ཞིག་ནང་ལ་གསང་གོས་དཀར་པོ། སྟེང་དུ་བེར་དམར་སྨུག་མནབས་པ། ཐུགས་ཀར་མེ་ལོང་བཏགས་པ། དབུ་ལ་ཞྭ་ནག་གསེར་མདོངས་ཐོད་སྐམ་ཉི་ཟླ་མེ་རིས་མཚན་པ་གསོལ་བ། ཕྱག་གཡས་དགོས་འདོད་ཐམས་ཅད་འབད་མེད་ལྷུན་གྲུབ་དུ་དབྱུང་བའི་དགོས་འདོད་ནོར་བུ་འབར་བ་བསྣམས་པ། གཡོན་པས་མདུང་དར་དཀར་པོ་དང་ཞགས་པ་ལྕགས་ཀྱུ་དང་ཨ་ལོང་གིས་མཚན་པ་བསྣམས་པ། ཞགས་པའི་སྣེ་ལ་བསྟན་དགྲ་མྱོས་ཤིང་ཁ་ནས་ཁྲག་སྐྱུགས་པ་ཁྲིད་པ། ཞབས་གཉིས་བསྟན་དགྲ་ཕོ་མོ་ཁ་སྦུབས་སུ་མནན་པ། པདྨ་ཉི་ཟླའི་གདན་ལ་བཞེངས་བའི་སྟབས་ཀྱིས་ཕྲིན་ལས་རྣམ་བཞི་མཛད་པ་ལ་ཐོགས་པ་མེད་པ་ཞིག་བྱུང་ནས། ཡུལ་འདིས་སྲུང་མར་ཁོ་མ་བརྟེན་པས་ལན། སྔོན་དྲུང་ཆོས་རྗེའི་ཞིང་བྲག་རི་ཐང་འཇག་མའི་སྐྱིད་གླུ་ལེན་ཞིང་། རྫོང་རྩེ་དགོན་མིང་མི་གྲགས་པར་གྱུར་བ་དང་། མཚོ་དིལ་མཁར་བོང་རྒན་རྣ་མཆོག་ལྟར་གྱུར་ཚེ། །ཡུལ་འདིས་བདག་པོར་བཀའ་སྩལ་བ་ཡིན་པས། མཆོད་ཅིང་བསྟོད་ན་ནད་འཁྲུགས་མི་མཐུན་རྒྱུན་ཆད་ནས་ཕྲིན་ལས་དང་སྡོང་གྲོགས་རྒྱ་ཆེན་པོ་བྱེད་དོ་ཞེས་གསུངས་པས། འཁོན་རྗེ་བཙུན་མ་རྟ་མགྲིན་དབང་མོའི་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྟན་པའི་སྲུང་མར་བསྐོས་སོ། །དེ་ནས་དྲེགས་པའི་ཚུལ་འཛིན། དེས་ལྷ་མའི་ནོར་བུ་སྣ་ཚོགས་ཕུལ་ནས་དབྱིངས་སུ་ཐིམ་སོང་བར་གྲགས་སོ། །དེའི་ཚེ་བསེ་ཀླུ་ལྡིང་བླ་བྲང་དང་། བེ་ཧུའི་ཕོ་བྲང་སོགས་སུ་བརྟེན་སྒྲུབ་འཛུག་པས་མི་ནད་ཕྱུགས་ནད་འཚུབས་སློང་ཐམས་ཅད་ཞི་ཞིང་། ཕྲིན་ལས་དཔག་ཏུ་མེད་པ་མཛད་པའི་ཚུལ་བརྗོད་ཀྱིས་མི་ལོངས་སོ། །གཞན་ཡང་དཔལ་ས་སྐྱ་བའི་གདན་ས་རྣམས་ནས་མཚན་མོ་བདུག་སྤོས་མཆོད་དེ་མ་སོང་ན་གདོང་ཐུག་གིས་ཅུང་འཚེ་བར་གྲགས། གང་ཟག་མང་པོའི་མངོན་སུམ་དུ་མཐོང་བ་དང་། བསྟན་པའི་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་མཛད་དོ། །སྒྱོགས་རྟག་གྲོང་བའི་སྔོན་གྱི་དུད་ཤུལ་ཞིག་དུ་བན་རྒན་གྱི་ཚུལ་དུ་སྤྲུལ་ཏེ་མངོན་སུམ་གནས་ཤིང་། དབུ་ཞྭ་བཀལ་བའི་རྡོ་རིང་ཞིག་ཡོད་པ་དེ་ཅུང་ཞིག་རྩོག་ཚེ་ཆོ་འཕྲུལ་སྣ་ཚོགས་སུ་བསྟན་པ་ནི་དངོས་སུ་ཡོད་དོ། །ཡང་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་སྦས་གནས་རིན་ཆེན་ཤེལ་བྲག་གནས་ཞལ་འབྱེད་ནས་གདན་སར་ཕེབས་བཞིན་པའི་སྐབས་ཡུན་རིང་པོ་ཞིག་གི་དཀོར་སྲུང་དྲེགས་པའི་ཚུལ་ཅན་ཉིད་ལ་གཏེར་ཚབ་དུ་བཅུག་དགོས་པའི་རིགས་མང་པོ་བསྐུར་ཏེ་མངགས་འོང་བ་ལས། ཐག་ལུང་ཨ་མྱེས་སར་བྱུང་སྟེ་ཁྱོད་གར་རྫོགས་རིན་ཆེན་ཤེལ་བྲག་དེར་བྲན་དུ་འགྲོ་དགོས་ཁོ་བོ་མཆོག་གླིང་ནས་མངགས་པ་ཡིན་གསུངས། དེར་ཐར་ལམ་ཨ་མྱེ་གྲོགས་སུ་སོང་ཚེ། ལམ་བར་ཞིག་དུ་ཇ་བཀོལ་བས། ཁུག་མ་ཆུང་ངུ་ཞིག་གི་ནང་དུ་དངོས་གྲུབ་ཐམས་ཅད་ཟད་མི་ཤེས་པར་འདུག་པ་ཅི་ཡིན་སྙམ་པ་བྱུང་འཕྲལ་ཡུད་སྦས་གནས་ཀྱི་མཚོ་རྒྱལ་ཕུག་པ་དེར་སློབ་སོང་བས། དར་སྣ་ལྔ་ཡིས་ཐུམ་བྱས་པའི་རིགས་མང་པོ་བཞག་ནས་རྡོ་བརྩིག་སྟེ་སྲུབ་ཐམས་ཅད་མར་གྱི་བསླན་ནས་ད་འགྲོ་ཟེར་འཕྲལ་རླུང་ཆེན་པོ་ཞིག་གི་ནང་དེར་ཡལ་སོང་ངོ་། །དེ་ནས་སྐབས་ཤིག་ན་ཨ་མྱེར་ནས་མཚོ་རྒྱལ་ཕུག་ནས་སྔར་གྱི་མར་གྱི་ལྷན་པའི་རྩིགས་པ་བལྟས་པས་རྡོ་ནག་ལ་རྡོ་དཀར་གྱི་སྲུབ་ཞུན་འཐག་པར་སོང་བ་ངོ་མཚར་གྱི་དཔལ་དུ་གྱུར་ཏོ། །གཞན་ཡང་པདྨ་འོད་གསལ་མདོ་སྔགས་གླིང་པ་རྩལ་དང་། མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ། བསྟན་གཉིས་གཡུང་དྲུང་གླིང་པ་རྣམས་ནས་གཏེར་ཁ་མང་པོ་ལེན་དུ་མངགས་པ་དང་། གཏེར་ཚབ་བཅུག་ཏུ་མངགས་པ་སོགས་བརྗོད་ལས་འདས་སོ། །ཡང་ཉ་མཚོ་ཁྲ་འགུ་དགོན་དུ་ཚོང་ལ་སོང་བ་འགའ་ཡར་འོང་ལམ་ནས་བན་རྒན་ཞིག་ཐོན་བྱུང་བ་སེམས་དཀར་དགོན་དུ་འགྲོ་དགོས་ཟེར་བ་ལ་སྔོ་ཆོག་དགོན་པའི་ཉེ་སྐོར་སློབ་ཚེ། རྫ་མ་ནག་པོ་ཞིག་ཡིད་པ་དེར་དབྱུགས་པ་རྒྱབ་པས་དུམ་བུར་བྱས་ཏེ། གསང་ཆེན་ལ་སྡང་བའི་དགྲ་བོ་ཚར་གཅོད་ཟིན་ཟེར་ནས་ཡལ་སོང་། དེར་ཁོང་ཚོ་དགོན་ནང་ལ་སླེབ་ཚེ་གསང་སྔགས་རྙིང་མའི་བསྟན་པ་ལ་སྡང་ཞིང་སྨད་པའི་རིགས་མང་པོ་ནང་དམེར་སོང་བར་གྲགས། ཡང་སྐབས་ཤིག་སིདྡྷི་ ༼ སི་ཏུ་དཔྱད། ༽ ཆོས་འབྱུང་པ་གྲོ་བཞེས་མཛད་ནས་བཞུགས་སྐབས། བསྟན་སྲུང་ཆེན་པོ་ནས་བྱུ་རུ་སྒོ་ནས་མི་ཐར་བ་ཞིག་ཁྱེར་ན་ཅི་སྦྱིན་ཟེར་བ་ལ་སིདྡྷི་ ༼ སི་ཏུ་དཔྱད། ༽བས་དཔལ་སྤུང་གཙོས་མདོ་ཁམས་ཐམས་ཅད་ཁྱོད་ལ་སྦྱིན་གསུངས་པས། ཁོ་ཡུད་ཀྱིས་མེད་སོང་། སླར་བྱུ་རུ་ཁང་ཁྱིམ་དུ་མི་ཤོང་བ་ཁྱེར་བྱུང་བ་གང་ནས་ཁྱེར་འོང་གསུངས་པས་སྡེ་དགེའི་གཡང་མཛོད་ནས་ཁྱེར་བ་ཡིན་ཟེར་བའི་ཚེ། སིདྡྷི་༼ སི་ཏུ་དཔྱད། ༽རིན་པོ་ཆེའི་མི་ཕོད་ཕར་ཁྱེར་སོང་གསུངས་པས་བྱུ་རུའི་སྡོང་བོའི་ཡལ་ག་འདོམ་གང་བཅག་ནས་ཕུལ་ཏེ། གཞན་ཕར་བཞག་ནས་སྐུ་མདུན་དུ་བྱུང་ཚེ། མདོ་ཁམས་ཐམས་ཅད་ཀྱི་སྲུང་མར་བསྐོས་སོ། །ཡོང་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་བཀའ་འབངས་གྲྭ་བ་གཉིས་བོད་དུ་རིན་པོ་ཆེས་སོང་གསུངས་པས་སོང་ཚེ། །ཡར་ལམ་བར་ཞིག་ནས་གཅོད་པ་ཞིག་བྱུང་བ་མཉམ་དུ་སོང་བས་ཤ་ཆང་ཞོ་ཐུད་མར་རྩམ་པ་ཇ་དར་གོས་སོགས་ཅི་དགོས་ཡུད་ཀྱིས་ཁྱེར་འོང་བ་འདུག་པ་ཅི་ཡིན་སྙམ་པ་བྱུང་ཚེ། །ཁོ་བོ་འདོད་དགུའི་གཏེར་ལ་སྤྱོད་པ་ཡིན་ཏེ། །ཁྱོད་ཚོ་སྐྲག་མི་དགོས་ཟེར་བཞིན་ཡར་ལྷ་སར་སླེབ་ཚེ་རྡོ་རིང་ཆེན་པོའི་དྲུང་ནས་ཁྱོད་གཉིས་ངོར་ནས་ཆོས་ཞོག་འཕྲལ་འདིར་ཤོག་དང་། ཁོ་བོ་འདིར་ཐོན་འོང་ཟེར་ནས་རང་རང་བྱེར་སོང་བས་གྲྭ་བ་གཉིས་ནས་ཆོས་ཞོག་འཕྲལ་ལ་མར་རྡོ་རིང་གི་རྩར་སླེབ་ཚེ། །དེར་ཐེ་ཚོམ་ཞིག་བྱུང་ཚེ་འཕྲལ་དུ་བན་རྒན་སླེབ་བྱུང་བ། ཁྱེད་གཉིས་ལ་རྒྱུ་ནོར་ཆེན་པོ་སྟེར་དགོས་སམ། ཕ་ཡུལ་དུ་མྱུར་དུ་སླེབ་པར་དགོས་ཞེས་གསུངས་པ་ལས། ཁོང་གཉིས་ནས་ཕ་ཡུལ་དུ་མྱུར་དུ་སླེབ་པར་དགའ་བཤད་པའི་ཚེ། འོ་ན་ཁྱེད་གཉིས་སོང་བསམ་པའི་དོན་འགྲུབ་ཁོ་བོ་ནི་ས་སྐྱ་གོང་ན་ལས་དོན་ཆེན་པོ་ཞིག་འདུག་པས་མི་འདུག་ཐབས་མེད་པ་བྱུང་། ཁོ་བོའི་སྟོང་གསུམ་ལན་མང་དུ་བསྐོར་ཡོད་ཟེར་ནས་རླུང་འཚུབ་ཞིག་གི་ནང་དུ་ཡལ་སོང་། ཁོང་གཉིས་ནས་གཅོད་པ་མཚར་བོ་ཡིན་ཟད་མེད་གཏེར་ལ་སྤྱོད་ཚད། ཕ་ཡུལ་དུ་མྱུར་དུ་སླེབ་ཅིག་ཟེར་བ་ཅི་ཡིན་བཤད། དགོང་མོ་ཇ་བསྐོལ་ནས་ཉལ་བསྡད། གཉིད་སད་ཚེ་ཁོང་དགོན་པའི་ཟམ་ཁ་ཉི་མ་སེར་གྱི་ལེ་ཤར་འདུག་པར་བཞག་འདུག་པ་སྐྲག་ནས་མཁྱེན་བརྩེ་རིན་པོ་ཆེའི་མདུན་དུ་སོང་ནས་ཅི་ཡིན་དྲིས་པས། ཡ་སྐྲག་མི་དགོས། དཀོར་སྲུང་ཡིན་ཁྱེད་གཉིས་ཀྱི་གྲོགས་ལ་མངགས་པ་ཡིན་གསུངས། ཡང་དགེ་བསྙེན་པདྨ་བསྟན་སྲུང་འཁྲུངས་ཡུལ་གྱི་ཁྱིམ་སྒྱོག་བརྟགས་གྲོང་མགོ་ཚང་ཟེར་བར། དུས་ད་སྐབས་ཁྱིམ་གྱི་ཀ་བ་ལ་གནས་ཡོད་ཟེར་བར། མི་ཆ་མེད་ཀྱིས་རེག་པ་དང་ཁ་རླངས་སོགས་ཀ་བ་ལ་ཕོག་ན་རྟགས་མྱུར་དུ་སྟོན་པ་ཡང་ཡོད། ཁྱིམ་ལ་སྐར་ཁུང་ཞིག་ཡོད་པ་རྒྱུན་ལྡན་བྱོན་ལམ་ཡིན་ཟེར་ནས་ཕྱེ་འདྲ་བྱེད་དགོས། ཡང་སྒྱོག་བརྟགས་ཟེར་བ་གྲོང་བའི་གཙོ་བོ་ཁྱིམ་ཚང་གཅིག་ལ་གནས་ཚུལ་ནི། བཟའ་ཚང་ཐམས་ཅད་ཀྱི་དངོས་ཅན་རིག་རྒྱུ་ཡོད་པ་ཕན་བཏགས་གནོད་སྐྱེལ་མི་ཆ་མེད་ཀྱི་མཐོང་རྒྱུ་ཡོད།

ཆོས་ཉིད་སྟོང་བ།

ཨེ་མ་ཧོ༔ ཆོས་ཉིད་སྟོང་བ་སོགས། ཧཱུྃ༔ རང་ཉིད་པདྨ་སོགས་ཐུན་གདངས་བསྙེན་པ་རྫོགས་མཐར། ཨེ་མ་ཧོ་སོ་སོར་རྟོགས་པའི་སོགས་རོལ་མོ་རྒྱས་པའི་མཐར་འཇོག་རོལ་སྐྱབས་སེམས་སྔོན་གཏོར་ནས་བཟུང་ལྷ་བསྐྱེད་སྤྱན་འདྲེན་ ༼ རྟ་སྦྱར། ༽ བཞུགས་གསོལ་ཕྱག་འཚལ་མཆོད་ ༼ རྟ། ༽པ། སྨན་མཆོད། བསྟོད་ ༼ རྟ། ༽ པ། རྔམ་འགྲོས། བསྙེན་པ་ཞི་རྒྱས་དབང་དྲག་པོའི་བསྙེན་དམིགས། དངོས་གྲུབ་ཐོབ་པར་བསམ་བསྲུང་སྔགས་ཡང་འོད་ཟེར་མར་འཕྲོས་བསད་སྔགས། དེ་ནས་བཟློག་དཀྱིལ་བསྐྱེད་པ། ཨོཾ་མ་ཧཱ་ཤུ་ནྱ་སོགས༴ ཐིམ་པར་བསམ། ལས་བྱང་སྤྱན་འདྲེན་མཆོད་པ་ལ་རཀྟའི་ཕུད་སྒྲེང་༔ བསྟོད་པའི་མཐར་ཕྱོགས་བཅུའི་ཡེ་ཤེས༴ བར་བསམ་བདག་མདུན་ཕྲིན་ལས༴ བརླག་པར་བསམ། རྩ་སྔགས་མཐར་གནོད་བྱེད་བྱད་མ༴ ཟློག་ཟློག༴ བདེན་པའི་སྟོབས་བརྗོད། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་དཀྱིལ་འཁོར་ལྷན་རྒྱས་ལ་བསྐུལ་བྱང་ལས་མཆོད་སྔགས་བསྟོད་ཆེན་ཡིག་བརྒྱ་སོགས་བྱ། དེ་ནས་གསོལ་ཁ་ཅི་ལྕོག་མཐར་མངའ་ ༼ རྔམ་འགྲོས། ༽ གསོལ། ཕྲིན་བཅོལ་༼ རྟ་སྦྱར། ༽ ཕུད་བསྐང་ཕྱོགས་ལས་རྣམ་རྒྱལ་གཏོར་འབུལ་བསྟོད་ཆུང་ཕྲིན་བཅོལ་བཅས། མཐར་བཤགས་པ་གང་རུང་ནས་ཚོགས་མཆོད་པ་བསྐངས་བ་ ༼ རྔམ་འགྲོས། ༽ བཤགས་ ༼ རྔམ་འགྲོས། ༽པ། བསྒྲལ་བ་ལ་བསྐུལ་ཆུང་། མཁྱེན་གསོལ། གཟུ་དཔང་ཧོམ་བསྐྱེད། འགུགས་པ། སྔགས་བྱང་དང་འཕྱོང་ལས་བླ་ཚེ་འགུགས་སྔགས། འགུགས་པ་ཚར་༡འདི་དུས་ཕོ་ཉ་འགྱེད་པ་བྱ། རྟེན་ལ་བསྟིམ་པ། ལྷ་དབྱེ་བྱད་བཅུག སྨྱོ་རུ་གཞུགས་པ། མནན་པ་དགོས་ཚེ་སྔགས་བྱང་སོགས་སྔགས་ཆེ་ཆུང་གང་ཡིན་འདིར་འདོན། ལོག་རྡུགས་འབྱམས་གསུམ་དང་གསོ་བ་༣།འཚང་བ་སོགས། ཚེ་ཁྲིས་གནས་གསུམ་ཀྱི་དགོངས་པ་མ་ལུས་གནད་དུ་བསྣུན་མཐར། ཐུན་ཆ་ཚང་གདབས། རལ་གྲི་གཏུན་བརྡུང་བྱིན་རླབས། རཀྟ་བྲན། ཞལ་སྟབས་མཇུག་ཚོགས་སྟབས། དྲངས་པ། ལྷག་མ། ཟློག་བསྐུལ། ཟ་ངུ། ཟློག་པ། ཟློག་བྱང་སྔགས་བདེན་བརྗོད་དང་བཅས་མཐར་འགུགས་པ༡། སྟབས་སྔགས། ཐུན་གཏོར་ཟློག་བསྡུས་ཀྱི་འཕེན། གསོལ་ཁའི་མཇུག་འདོད་གསོལ་གང་རུང་འདོན། ཤྲི་བཛྲ་ནས་མཆོད། ཧེ་རུ་ཀ་དཔལ་ཀྱི་བསྟོད་ལ་གཟོད་གསོལ་རྟེན་བཞུགས་བཀྲ་ཤིས་སྔོན་ཚེ་ཨོ་རྒྱན། སྤྱིར་མཆོད་པ་མན་ཆད་མ་བྱས་ཀྱང་རུང་ལ་གཞུང་ནས་འཐུས་སོ། །བསྐུལ་བ་ཆད་ཐོ་བརྟན་མ་བྲོ་བརྡུང་མཆོད་བསྟོད། ཧཱུྃ༔ དངོས་དང་ཏིང་འཛིན་སོགས། བསྟོད་པ་ཟབ་ཞི་སྤྲོས་བྲལ་སོགས་སྤྱི་ལྟར་རོ། །ཉིན་ཐ་མ་ལ་བསྒྲལ་བའི་མཇུག་ཞལ་སྟབས་ལིངྐ་བསྲེགས། དྲངས་བ་ལྷག་མ། ཟློག་བསྐུལ་འབྲིང་བོ་ཟ་ངུ། ཟློག་བསྡུས་སྔགས་བྱང་བཏགས་པ་སོགས་མཐར། རཱ་ཛ་ཙནྡྲ་ས་མ་རི་ཝ་ར་སོགས་མཆོད། ཧཱུྃ༔ ཆོས་སྐྱོང་རྒྱལ་བོ་སོགས་ཀྱི་བསྟོད་སྔོན་ཚེ་རིག་འཛིན་ཀྱི་ཕྲིན་ལས་བཅོལ། བཟོད་གསོལ་ལ་ཡིག་བརྒྱ་ཚར་༣མཐར། གཏེར་གསར་ལས། གཏོར་མའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་གཟུ་དཔང་ཤན་འགྱེད་ཀྱི་ཚུལ་དུ་བཞུགས་པར་བསམ། གཏོར་མ་ཐུན་མཚོན་འབར་བའི་རྣམ་པར་གྱུར་ནས་དགྲ་བགེགས་རྡུལ་དུ་བརླགས་པར་བསམ། མདུན་བསྐྱེད་ལས་ཕྱོགས་བཅུའི་ཡེ་ཤེས་སོགས་གཟི་བྱིན་བསྐྱེད་སྔགས་མང་དུ་བཟླས་ནས་མན་ངག་ལས་ཟོར་བསྒྲུབ་སྔགས་ཚར་༣ཟོར་རྫས་བྱིན་ཀྱི་བརླབས་ཀྱང་བདེན་བརྗོད་ཐལ་རྡེབས་༣བཅས་ཐང་གཅིག་ཟིལ་ཕབ། ཛ༔ ཆོས་སྐྱོང་འགྲོ་འདུལ༴ འགུགས་པ་ཚར་༡ཀྱི་ལྷུག་འདོན། བྷྱོཿ བསྲུང་མ་ཀུན་གྱི་སོགས། དམག་ཕོག་སྤྲད་མཐར་དྲག་རོལ་ཀྱི་དགྲ་བགེགས་དཔུང་འཇོམས་ནང་ཟོར་ལམ་འཐེན། བར་ཆད་བསྲུང་ཕྱིར་ཟ་ལམ་དགོས་ཀྱི་ཞལ་རྒྱུན་ཡོད་ཀྱང་མིན་ཚེ། གསེར་སྐྱེམས་གཞུང་ནས། ཀྱེ་བླ་མ་ཡི་དམ་སོགས་ཀྱི་ནང་སྒོ་དབྱེ་མཐར་ཟོར་བཞེངས་བསྐུལ་ཆེ་བ་སྔགས་དང་བཅས་པས་གཏོར་ཚུཊ་སྤར། དེ་ནས་ཆད་ཐོ་ཕྱིར་ཕུལ་བས་ཕྱི་སྒོ་དབྱེ་མཐར་ཟིལ་ཕབ་ནང་། སྔོན་ལ་དཀར་གཏོར། ཟོར་རྫས། ཟོར་ཆེན། སློབ་དཔོན་བཅས་བྱོན་ལ། དེ་ནས་གསེར་སྐྱེམས་མཇུག དཀར་གཏོར་ཀྱི་ཡིག་ཆུང་གསུངས་ནས་ཟོར་བསྐུལ་འབྲིང་བོའི་མཇུག དྲག་པོའི་ལྷ་ཚོགས་འོད་དུ་ཞུ༴ བསྒྲལ་བ་ལས་ཐུན་རྣམས་ཀྱི་རྐོང་ཟོར་རིམ་བཞིན་གདབ་ལ། བཟློག་འདོན་ཤ་སྟག་རང་རང་གི་མཇུག་སྔགས་བྱང་དང་བཅས་པའི་འཕེན་གཏོར་ཟོར་མཐར་དགོངས་གསོལ་དེ་ནས་ཟློག་ཆེན་མཇུག དགྲ་བགེགས་དཔུང་འཇོམས་ཆེ་བ་མཐར་དཔོན་སློབ་ཀུན། ཞལ་བསྒྲུབ་ཁང་དུ་གྱུ་སྟེ་བྷྲུཾ་འོད་ཟེར་ཚུར་འདུས༴ སྔགས་བྱང་ལས་བསྲུང་སྔགས་ཚར༣། ཡར་བྱོན་ལ་བརྟན་མ་སྐྱོངས། བདེ་ཡངས་སུ། དོང་གྲུ་གསུམ་དུ་བསྲེག་ཐལ་མནན་ལ་གཏོར་གཞོང་བཀབ། འགུགས་པ་ཚར༡། མནན་སྔགས་ཛ་ཏྲི་ཕུ་ཀ་ཆ་ཤེས་བརྗོད་ལ་བྲོ་བརྡུང་ཆེ་ཆུང་མཐར། ནམ་མཁའ་མེད་པར་གྱུར༴ མཇུག་འ་ཨ་ཧ་ཤ་ས་མ། དེ་ནས་བཀྲ་ཤིས་་མཐར། བསྒྲུབ་ཁང་དུ་ལྡོག་ལ་ཚེ་འགུགས། དངོས་གྲུབ་གསོལ་ཁ། མཆོད་བསྟོད་ནས་སྤྱི་ལྟར་རོ། སརྦ་མངྒ་ལཾ། ༼ ཕྱག་ལེན་འགྲིགས་མི་འགྲིགས་ཅི་རིགས་པ་ཡོད་ཀྱང་ཕྱག་ལེན་གཞན་མི་སྣང་བས་འདིར་བཞགས་ཀྱང་རྡོ་རྗེ་འཛིན་པ་རྣམས་ཀྱི་དཔྱད་འཚལ། ༽

སྔགས་སྲུང་བ་ཤ་ཟ་ཧོར་མོའི་བདེན་སྨོན་དཔང་རྒྱའི་བསྒྲུབ་པ་ཤེལ་གྱི་ཟ་མ་ཏོག

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ སྔགས་སྲུང་བ་ཤ་ཟ་ཧོར་མོའི་བདེན་སྨོན་དཔང་རྒྱའི་བསྒྲུབ་པ་ཤེལ་གྱི་ཟ་མ་ཏོག་བཞུགས་སོ༔

བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཀྱཻ༔ གསང་སྔགས་གྲུབ་པའི་ལྷ་རྗེ་མོ༔ འགྲོ་བ་ཡོངས་ལ་ཕན་པའི་ཕྱིར༔ རྣམ་པར་གཟིགས་དང་གསེར་ཐུབ་མགོན༔ འོད་སྲུང་ཤཱཀྱ་ཐུབ་པའི་དྲུང་༔ ལན་གཅིག་ཙམ་ཞིག་མ་ལགས་པར༔ བྱང་ཆུབ་སེམས་བསྐྱེད་དུས་སྨིན་ནས༔ ལྷ་ཡི་ཡུལ་དུ་ཚིག་གཅིག་བདག༔ བདེ་ཆེན་ལྷ་མོ་ཙནྚི་ཀ༔ དམ་ཚིག་ལོ་མ་གྱོན་མ་སྟེ༔ ཨུ་མ་དཱེ་ཝའི་སྲས་མོ་ཆེ༔ ཀླུ་ཡི་ཡུལ་དུ་ཤ་ཟ་མོ༔ ཧོར་མོ་སྤུན་དགུ་ཞེས་སུ་བྱ༔ ཁྱོད་ཀྱི་དགོངས་གཞི་ཅི་ཡིན་ན༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ སེམས་ཅན་བདེ་སྐྱེད་སྤེལ་བ་དང་༔ བསྟན་འཛིན་མགོན་བཙུན་མཛད་པ་དང་༔ དགྲ་བགེགས་རྡུལ་དུ་བརླག་པ་དང་༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་༔ དམ་ཚིག་གཉན་པོ་རྗེས་གཅོད་དང་༔ ཆོས་འཁོར་བསྲུང་བ་དེ་མིན་ནམ༔ དེ་བས་ལྷ་ཁྱོད་མ་གཡེལ་བར༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔ མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ སངས་རྒྱས་སྤྱན་སྔར་དངོས་བཞུགས་ནས༔ མདོངས་གསོལ་སྲོག་གི་སྙིང་པོ་ཕུལ༔ བདེན་པ་དེ་ཡིས་ལྷ་མོ་ཁྱོད༔ ཆུད་མི་ཟ་བ་ཚིག་སྡོམ་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔ མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ ཡི་དམ་རྡོ་རྗེ་གོས་སྔོན་ཅན༔ ཁྱོད་ཀྱི་དངོས་པོའི་བཤེས་གཉེན་ཏེ༔ མཚན་གསོལ་དབང་བསྐུར་འདོད་པ་བསྒྲུབ༔ དམ་ཚིག་དབང་སྐལ་གཉེར་བསྒྲགས་པས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔ མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ བཀའ་བཙན་ཡབ་ཀྱི་རུས་ཡིན་པས༔ མཚང་ནས་བཟུང་བ་འདི་ཉིད་པས༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཛ༔ ཁྱོད་ཀྱི་ཡི་དམ་ལྷ་ཡིན་པས༔ བསྒྲུབ་བརྟེན་མཆེད་གྱུར་སྲོག་གཏའ་ཡིས༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས༔ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ སངས་རྒྱས་ཤཱཀྱ་ཐུབ་པ་ནི༔ ཁྱོད་ཉིད་དབུགས་དབྱུང་མགོན་ཡིན་པས༔ བསྟན་པ་གཅིག་གིས་བསྡུས་པའི་ཕྱིར༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ འདོད་པ་ཁམས་སུ་དབང་ཕྱུག་ཆེ༔ དེ་ནི་ཐུགས་བསྐྱེད་ཡུལ་ཡིན་པས༔ སྐྱེ་གནས་གྲྭལ་བཞུགས་གཅིག་པའི་ཕྱིར༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ བལ་བོད་ཡུལ་གྱི་གྲྭལ་སླེབས་སུ༔ མཐུ་སྟོབས་རང་གཟུགས་བསྟན་པའི་ཕྱིར༔ ཨོ་རྒྱན་པདྨ་འབྱུང་གནས་ནི༔ ཁྱོད་གྱི་བརྡ་བསྟན་གྲོགས་ཡིན་པས༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ སླར་ཡང་རྡོ་བོད་མཚམས་ཤེད་ན༔ ཆེ་མཆོག་བདུད་འཇོམས་རྡོ་རྗེ་ནི༔ ཁྱོད་ཀྱི་མཛའ་གཅུགས་ཟླ་ཡིན་པས༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔རིག་འཛིན་བསྒྲུབ་པའི་རྣལ་འབྱོར་བདག༔ ཁྱོད་ལ་རེ་བ་གདུང་བ་སྟེ༔ འཇིག་རྟེན་ཆེ་དགུ་གཞན་མི་ཚོལ༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ ལུས་དང་གྲིབ་བཞིན་འགྲོགས་པ་རུ༔ དཀོན་མཆོག་གསུམ་གྱི་བཀའ་བཙན་བདར༔ ཆོས་ཅན་བསླུ་བ་མེད་པ་ཡིས༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ རྩ་གསུམ་ལྷ་ཡི་ཕྱག་རྒྱ་ཆེ༔ འདའ་དཀའ་ཡལ་གམ་གཉན་པོའི་བདར༔ ཆོས་ཅན་བསླུ་བ་མེད་པ་ཡིས༔ བདེན་པ་ཆེན་པོའི་མཐུན་བྱིན་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ སྐུ་གསུམ་རྒྱལ་བའི་རང་དོན་ནི༔ དུས་ལས་མི་ཡོལ་བཀའ་བརྟགས་བདར༔ ཆོས་ཅན་བསླུ་བ་མེད་པ་ཡིས༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ ཀྱཻ༔ དངོས་ངན་བདག་གིས་ཐ་ཚིག་ཀྱང་༔ ཆོས་མཛད་བླ་མས་སྲོག་གཏད་བདར༔ ཆོས་ཅན་བསླུ་བ་མེད་པ་ཡིས༔ བདེན་པ་ཆེན་པོའི་མཐུ་བྱིན་གྱིས༔ ད་ལྟ་ཉིད་དུ་རང་གཟུགས་སྟོན༔ ཁྱོད་དང་རྣལ་འབྱོར་བདག་ཉིད་གཉིས༔མི་དང་མི་ལབ་ཇི་བཞིན་དུ༔ ལས་མྱུར་སྙིང་ཉེ་གདུག་རྩུབ་སྤོངས༔ དེ་ལྟར་བདེན་པ་བདར་པ་ན༔ གསང་སྔགས་འདི་ནི་མིང་ཡིན་ཏེ༔ རཀྨོ་ཤ་ཟ་ཧོར་མོ་ཞེས༔ རིག་སྔགས་འདི་ཀོ་སྲོག་ཡིན་ཏེ༔ མ་བྷྱོ་ཛ་ཡིས་ལས་ལ་སྦྲན༔ གཟུངས་སྔགས་འདི་ནི་འབོད་ཚིག་སྟེ༔ ས་མ་ཡ་དང་ཕེཾ་དུ་བྱུང་༔ དམ་སྔགས་འདི་ནི་ལོག་གནོན་ཏེ༔ ཙ་མ་ཡ་དང་མ་ཨུ་དྲ༔ རང་སྔགས་འདི་ནི་མཚང་ཡིན་ཏེ༔ རཀྟ་ཙ་ཏྲི་ཕ་ཡ་ལ༔ དགོས་སྔགས་འདི་ནི་བརྡ་ཡིན་ཏེ༔ ཁ་ཤ་ད་ཀི་ཨེ་ལནྜ༔ སྨྲས་སྔགས་འདི་ནི་བརྡ་ལན་ཏེ༔ བརླ་དང་ལིངྒ་རཱ་ག་ཧོ༔ དེ་ཡོད་མི་ལྡོག་རིགས་གཙོ་ཁྱོད༔ ཡེ་ཤེས་ཐབས་མཁས་རྒྱུན་མ་འགགས༔ ཨ་ལ་ལ་ཧོ༔ ཞེས་བརྗོད་མངོན་སུམ་མིག་སྔར་འཁོར༔ ཀུས་འདེབས་ངུ་འབོད་སྒྲ་བྱུང་ན༔ ཤ་ཟའི་དམ་ཚིག་ཉམས་རྟགས་ཡིན༔ དེ་ཕྱིར་ཚོགས་དང་གཏོར་མས་བསྐང་༔ གཞན་དུ་ཕྲིན་ལས་སྣ་དགུ་འགྲུབ༔ ས་མ་ཡཱ༔ ཡང་ན་མཆོད་བསྒྲུབ་འདོད་པའི་མིས༔ སིནྡྷུ་ར་ཡིས་སྐུ་གཟུགས་བཅས༔ སོ་ཕག་གིས་ནི་སྲ་སྙིང་བཙུགས༔ དེ་ཡི་དབུས་སུ་རང་སྔགས་འཛུག༔ ཅེས་ཀྱང་མ་འགྲུབ་མཚང་ནས་དམོད༔ དང་པོ་སྒྲུབ་པ་འདི་ལྟར་བྱ༔ ཀྱཻ༔ མདུན་དུ་དུར་ཁྲོད་རབ་འཇིགས་དབུས༔ ཁྲག་ཞག་རླབས་ཕྲེང་དགུང་ལ་བསྙེགས༔ དེ་དབུས་སོ་རྒྱོབ་འབྲུག་སྟོང་འཚེགས༔ ༼ འཚེར་དཔྱད། ༽༔ མི་རོ་རྟ་རོ་འབུམ་བརྩིགས་དབུས༔ རྒྱུ་མའི་དྲ་བ་མཆིན་ཁྲིའི་གདུགས༔ མཁལ་མའི་ཏོག་ལ་གཟོབ་པོའི་ནི༔ རྒྱབ་ཡོལ་ལ་བརྟེན་ཙིཏྟ་ཡིས༔ རྒྱལ་མཚན་ཕྱོགས་སུ་དཔྱང་བའི་དབུས༔ མགོ་བརྒྱའི་བ་གམ་ལྷུན་མཐོའི་ཁྲིར༔ ཐན་གྱི་རྔ་མོང་ཀ་བའི་སྟེང་༔ གློ་མཚེར་མཆིན་པས་སྒ་ཆ་བྱས༔ ཡན་ལག་མདུད་པས་གློ་གོང་སྨེད༔ དེ་ལ་མི་མིན་སྲིན་མོ་ཆེ༔ གཅེར་བུ་རལ་བ་ས་ལ་དྲུད༔ སྔ་རུ་སྟེང་ན་གཅན་གཟན་བརྒྱ༔ ཕྱི་རུའི་སྟེང་ན་བྱ་འུག་བརྒྱ༔ ཟ་གསོད་སྤྲུལ་པའི་ཁྲ་ཐབས་འགྱེད༔ སྐུ་སྟོད་མི་སྤགས་རློན་པ་ཀླུབས༔ སྦྲུལ་བརྒྱའི་ཆུན་པོ་རྐེད་ལ་འཁྱུག༔ སྐྱེས་བུའི་མིག་གིས་དོ་ཤལ་ཅན༔ མགུལ་ལ་ཐེ་ཚོ་ནེ་ཚོའི་ཕྲེང་༔ གཡས་སུ་བཙན་མོ་མུ་ཁ་ལེ༔ དངར་ནག་ཁྲག་གི་རལ་བ་གཡོ༔ སྟག་མོ་ཆིབས་ནས་མི་རྒོད་མནན༔ རུས་སྦལ་ཁོག་པས་སྒ་ཆ་བྱས༔ ལྕགས་སྤྱང་མགོ་དགུ་རོལ་དུ་ཁྲིད༔ མིག་ནས་ཉི་ཟླའི་འོད་ཟེར་འཕྲོ༔ ཁ་ནས་འབྲུག་སྒྲོགས་ཐོག་ཀྱང་འཕེན༔ རྐན་སྒྲས་སྟོང་གསུམ་བསྟན་པ་འཕྲོགས༔ མི་རོ་བཞི་ཡི་གོས་ཚུལ་སྤྲད༔ བཙན་གྱི་ཤྭ་རྡེའུ་གློ་ལ་བཏགས༔ གཡོན་དུ་ཀླུ་མོ་ཤིནྟཾ་མ༔ ཆིབས་སུ་བྱ་རྒྱལ་ཁྱུང་ཆེན་བཀོལ༔ རོ་ཉེའི་པ་ཏྲས་སྒ་ཆ་བྱས༔ འབྲུག་ཆེན་ལུས་སྟོང་རོལ་དུ་ཁྲིད༔ སྣ་ནས་བསྐལ་པའི་མེ་ཆེན་འབར༔ སྣམ་ནས་ཁྲག་གི་ཆར་བ་འབབས༔ གླལ་བས་ལྷ་བརྒྱ་སྐྱི་བོང་འདོན༔ སྐུ་ལ་ཆུ་སྲིན་སྦུབས་ལུགས་གསོལ༔ ཚོན་གྱི་གྲུ་གུས་སྔ་ཤད་དང་༔ ནད་ཀྱི་རྐྱལ་བ་ཕྱི་ཤད་བྱས༔ ཀུན་ཀྱང་ཕྱག་གཡས་ཕུར་པ་དང་༔ གཡོན་པས་བྱ་འུག་ཁྲ་ཐབས་སྤྲུལ༔ སྡིག་པ་ར་ཛས་འོག་ལྤགས་གསོལ༔ གཡུ་འབྲུག་སྔོན་པོས་རེངས་བྱས་པ༔ ཤ་ཟ་འབུམ་གྱིས་བསྐོར་བར་བསྒོམ༔ གནས་གསུམ་འོད་ཀྱིས་རང་གནས་ནས༔ སྤྱན་དྲངས་དམ་ཚིག་དཀྱིལ་འཁོར་ལ༔ ཆུ་ལ་ཆུ་བཞག་ཅི་བཞིན་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ བྷྱོ་བྷྱོ༔ ཆོས་ཉིད་མཁའ་འགྲོ་དབྱིངས་ལ་རོལ༔ ཀུན་ཏུ་བཟང་མོ་གཤེགས་སུ་གསོལ༔ ཡེ་ཤེས་མཁའ་འགྲོ་འགགས་པ་མེད༔ ཡུམ་ཆེན་རིགས་ལྔ་གཤེགས་སུ་གསོལ༔ དམ་ཚིག་མཁའ་འགྲོས་དངོས་གྲུབ་སྩོལ༔ འབུམ་ཕྲག་ཡངས་མ་གཤེགས་སུ་གསོལ༔ སྣ་ཚོགས་མཁའ་འགྲོས་བསྟན་པ་སྐྱོང་༔ གནས་ཡུལ་ཞིང་སྐྱོངས་གཤེགས་སུ་གསོལ༔ ཤ་ཟ་མཁའ་འགྲོའི་དགྲ་བགེགས་སྒྲོལ༔ དྲག་རྩལ་ཤུགས་ལྡན་གཤེགས་སུ་གསོལ༔ ལས་བྱེད་མཁའ་འགྲོས་བདེ་ཆེན་མཚོན༔ ཞིང་སྔགས་ལྷན་སྐྱེས་གཤེགས་སུ་གསོལ༔ དུར་ཁྲོད་མཁའ་འགྲོས་བརྟུལ་ཞུགས་སྤྱོད༔ རོ་སྙོམས་དབང་ཕྱུག་གཤེགས་སུ་གསོལ༔ མདོར་ན་སྣང་སྲིད་འཁོར་འདས་ཀུན༔ ཁྱོད་ཀྱི་ཕྱི་ནང་གསང་བའི་སྲས༔ ཀུན་འབྱུང་ཤ་ཟ་ཧོར་མོ་ནི༔ ས་དགུའི་རྟོག་པ་ཟིལ་གནོན་པའི༔ སྤུན་དགུའི་རོལ་སྟབས་མིག་ཡངས་མ༔ མངོན་ཤེས་རྫུ་འཕྲུལ་མྱུར་ཤུགས་ཀྱིས༔ འཁོར་དང་སྤྲུལ་བ་ཡང་སྤྲུལ་བཅས༔ སྐད་ཅིག་ཉིད་ལ་ད་ཚུར་བྱོན༔ མ་བྷྱོ་ཛ༔ རཀྨོ་མཾ་ས་ཁཱ་ཧ་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤ་ཧོ༔ དེ་ནས་བཞུགས་གསོལ་ནི༔ ཧཱུྃ༔ དམར་གསལ་ཡིད་འཕྲོག་དབང་གི་ཁ་དོག་ཅན༔ ཆགས་མེད་རྦ་བརྒལ་སྲིད་པ་ཀློང་དུ་ཐིམ༔ རྟོག་མེད་བམ་ཆེན་རྩིགས་མ་འབུམ་དུ་བརྡལ༔ བ་གམ་ལྷུན་མཐོའི་བརྗིད་ཆགས་འབར་འཁྲིགས་ཞུགས༔ འཛིངས་བསྣོལ་གོ་སྐབས་མེད་པའི་དལ་དབུས་སུ༔ སྲ་མཁྲེགས་འགྱུར་མེད་དྲག་པོའི་གཞལ་ཡས་ལ༔ རབ་གསལ་ཡིད་འོང་ཉི་ཟླ་པདྨ་དང་༔ དྲེགས་པ་སྤྱི་ཆིངས་དཔའ་རྟགས་གདན་བཤམས་པར༔ མ་སྲིང་གྲོགས་ཀྱི་ཚུལ་དུ་བཞུགས་ནས་ཀྱང་༔ དམ་ཚིག་གཅིག་པའི་རྣལ་འབྱོར་བདག་ཉིད་ལ༔ དགོས་འདོད་ཀུན་འབྱུང་ཕ་རོལ་དཔུང་འཇོམས་པའི༔ བཀྲ་ཤིས་བདེ་ལེགས་རུ་མ་མཛད་དུ་གསོལ༔ བཛྲ་མ་བྷྱོ་ཛ༔ ཏིཥྛ་ས་མ་ཡ་ལྷན༔ དེ་ནས་ཕྱག་གི་བསྟི་སྟངས་ནི༔ ཧོ༔ ཤ་ཟ་ཆེན་མོ་སྲིད་གསུམ་འཁོར་ལོའི་བསྒྱུར༔ ཤ་ཟ་ཆེན་མོ་ཡེ་སངས་རྒྱས་པའི་ལྷ༔ ཤ་ཟ་ཆེན་མོ་ཆེ་དགུའི་གཙུག་ན་དཔའ༔ ཤ་ཟ་ཆེན་མོ་ཁྱོད་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་གྱི་རང་བཞིན་ཁྱོད་ཕྱག་འཚལ༔ དཀོན་མཆོག་གསུམ་ཀྱི་ཕྲིན་ལས་ཁྱོད་ཕྱག་འཚལ༔ དཀོན་མཆོག་གསུམ་གྱི་ཐབས་ལྡན་ཁྱོད་ཕྱག་འཚལ༔ དཀོན་མཆོག་གསུམ་གྱི་ཞབས་འདེགས་ཁྱོད་ཕྱག་འཚལ༔ རྣལ་འབྱོར་ཡོངས་ཀྱིས་མགོན་པོ་ཁྱོད་ཕྱག་འཚལ༔ རྣལ་འབྱོར་སྔགས་སྐྱེས་ལྷ་མོ་ཁྱོད་ཕྱག་འཚལ༔ རྣལ་འབྱོར་ཉམས་བྱེད་དགྲ་འདུལ་ཁྱོད་ཕྱག་འཚལ༔ རྣལ་འབྱོར་དྲོད་འཕྲོག་སྲི་འདུལ་ཁྱོད་ཕྱག་འཚལ༔ ན་མོ་ན་མ༔ དེ་ནས་མཆོད་པ་ནི༔ ཧཱུྃ༔ སྲིད་པའི་མ་ཆེན་འཁོར་བཅས་ལ༔དངོས་སུ་བཤམས་པའི་མཆོད་པ་ནི༔ རྒྱུད་བཀོད་ཞིང་གི་ཉེར་སྤྱོད་དུ༔ རྣམ་པར་སྤྲུལ་བས་འབུལ་ལགས་ཀྱི༔ མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ ཁྱད་པར་དགྲ་བགེགས་བསྒྲལ་བ་ཡི༔ མིག་ཆུ་ཁ་ཆུ་དྲི་ཆུ་དང་༔ བྱང་སེམས་ཁྲག་མཁྲིས་ཕྱག་ཞབས་བསིལ༔ བྱུག་པས་བདེ་བ་བསྐྱེད་ཕྱིར་འབུལ༔ ཤ་ཡི་དྭངས་མ་སྙིང་གླད་དང་༔ སྙིགས་མ་ནང་ཁྲོལ་ཤ་ཚིལ་རྒྱུས༔ ཞེ་སྣང་རུས་པའི་གྲམ་ཁྲོད་བཅས༔ ཞལ་ཟས་བཅའ་བའི་མཆོག་ཏུ་འབུལ༔ དབང་ལྔའི་མེ་ཏོག་མཛེས་པ་དང་༔ རྐང་ཆེན་ཞུན་མེ་སློག་ཆེན་གོས༔ རྡོ་རྗེ་དྲི་ཆེན་བདུག་པའོ་སྤོས༔ མཁའ་འགྲོ་འདུ་བའི་དམ་ཚིག་འབུལ༔ རྐང་གླིང་ཐོད་པ་ཏི་རའི་རྔ༔ རུ་ཏྲའི་དཔྱི་ཡི་རྔེའུ་ཆུང་༔ ངག་གི་སྒྲ་སྐད་རྒྱུད་མང་འཇེབ༔ ཡེ་ཤེས་རོལ་མོར་རླབས་ཏེ་འབུལ༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་ཐབས༔ རྒྱན་ཕྲེང་ནོར་དབྱིག་ཟས་སྣ་ཚོགས༔ དཔུང་བཞི་རྒྱལ་སྲིད་རིན་ཆེན་ཚོགས༔ མ་མོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྒྱུ་ཆུང་ཕུད་ཉམས་ལྷག་རོལ་དང་༔ སྤྱི་དགོས་དམ་ཚིག་ཉམས་ཆགས་ཀྱིས༔ ཐུགས་འགལ་འཁོན་འཁྲུགས་གདུག་རྩུབས་ཀུན༔ དག་ཚངས་སོར་ཆུད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨ་རྒྷཾ་ནས། ཤ་བྟ་རུ་པ་ནས། སྤ་རྴེ་མ་ཧཱ་པཉྩ་རཀྟ་བ་ལིངྟ་བྷོ་དྷི་ཙིཏྟ་ཨ་མྲི་ཏ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ འཁོར་འདས་མཁའ་ལ་རོལ་པའི་མ༔ཏིང་འཛིན་ཟག་མེད་དབྱིངས་ལ་བསྟོད༔ ཤེས་རབ་ཆེན་པོས་མིག་སྟོང་བཀྲའི༔ མཁྱེན་གསལ་སྲིད་ཞིའི་དབང་པོར་བསྟོད༔ གསང་གསུམ་མཛད་པའི་སྣང་འགྲོས་གཙང་༔ ཚངས་པ་ཆེན་པོ་ཁྱོད་ལ་བསྟོད༔ ཆོས་སྲིད་གཉིས་ལ་ཁྱོད་དབང་བཙན༔ འཁོར་ལོས་བསྒྱུར་རྒྱལ་དབང་པོར་བསྟོད༔ སྐྱེ་འགྲོ་ཀུན་ལ་ཐུགས་རྗེས་སྐྱོངས༔ བྱང་ཆུབ་བསླབ་སྤྱོད་ཁྱོད་ལ་བསྟོད༔ མཁའ་མཉམ་ཐུགས་ལ་ཉེ་རིང་མེད༔ ཉི་ཟླའི་འོད་འཕྲོག་ཁྱོད་ལ་བསྟོད༔ གར་དགུའི་རོལ་རྩེད་སྟབས་གཅིག་གིས༔ སྲིད་གསུམ་ཟིལ་གནོན་ཁྱོད་ལ་བསྟོད༔ ཞིང་བཅུའི་སྲོག་ལ་ཧྃ་མ་ཡཱ༔ སྲོག་བདག་ཆེན་མོ་ཁྱོད་ལ་བསྟོད༔ བགེགས་དཔུང་རི་བོ་ཐལ་མར་བསིལ༔ དྲག་རྩལ་ཐོག་རྒོད་ཁྱོད་ལ་བསྟོད༔ རྫུ་འཕྲུལ་འཁོར་འདས་ཐེང་གཅིག་བསྐོར༔ མྱུར་མགྱོགས་བདག་མོ་ཁྱོད་ལ་བསྟོད༔ མངོན་ཤེས་ཕྲ་རགས་ཉེ་རིང་གཅོད༔ ཐམས་ཅད་མཁྱེན་མངའ་ཁྱོད་ལ་བསྟོད༔ དེ་ནས་འཛབ་བཟླས་བྱ་བ་ལ༔ བསྙེན་བསྒྲུབ་ལས་ལ་སྦྱོར་བ་ལས༔ གབ་བྱང་མེད་པའི་ལེའུ་གཉིས༔ བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྲོག་སྔགས་ལས་འོད་ཟེར་མཆོད་པའི་སྤྲིན་དུ་ཤར་བས་བཀུར་བསྟི་ལྷ་མོ་འཁོར་བཅས་ལ་ཁྱབ་པར་བྱས་པས་ཐུགས་མཛའ་གཅུགས་བྱམས་སྐྱོང་གི་དགོངས་པ་ལ་ཞུགས་པར་བསམ་ལ༔ ཨོཾ་རཀྨོ་མ་ཧཱ་ཀྲོ་ཏི་ཤ་ཟ་ཧོར་མོ་ས་པཱ་རི་ཝ་ར་ས་མ་ཡ་ཡོ་ག་ནཱ་ཐ་ཛ་ཛ༔ ཞེས་བརྗོད་ཤེས་པ་མ་ཡེངས་བར༔ འབྲུ་འབུམ་ཞིག་གིས་དངོས་ཞལ་མཇལ༔ འབུམ་ཐེར་གསུམ་གྱིས་ཕྲིན་ལས་འགྲུབ༔ ཡང་ཅིག་བསྒྲུབ་པར་བྱ་འདོད་ན༔ བདག་གི་ཐུགས་ཀའི་འོད་ཟེར་བསྐུལ་མའི་ཚུལ་དུ་འཕྲོས་པས་རང་སྲོག་བྷྱོ་ཡིག་གི་རྣམ་པར་གྱུར་ཏེ་ཡི་དམ་གྱི་ཐུགས་སྲོག་ལ་ཁབ་ལེན་ལ་ལྕགས་ཕྱེ་དུ་བ་ལྟར་སིབ་སིབ་ཐིམ་པར་བསམ་ལ༔ ཨོཾ་མ་བྷྱོ་ཛཿརཀྨོ་མ་ཧཱ་ཀྲོ་ཏི་ཤྭ་རི་ཤ་ཟ་ཧོར་མོ་ས་མ་ཡ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་གནད་ལ་དབབས༔ དེས་ཀྱང་མ་འགྲུབ་ན༔ མ་མོ་བྲན་དུ་བཀོལ་བ་ནི༔ རང་གི་ཐུགས་སྲོག་ལས་འོད་ཟེར་རྡོ་རྗེ་གཏུམ་པོའི་སྐུ་ཕྲ་མོའི་རྣམ་པར་འཕྲོས་ནས་མ་མོའི་སྲོག་གི་སྙིང་པོ་རང་དབང་མེད་པར་འཕྲོག་ནས་ཡི་དམ་གྱི་ཐུགས་སྲོག་གི་གདན་དུ་བཏིང་བར་བསམ་མོ༔ ཨོཾ་མ་ཧཱ་རཀྨོ་ཤ་ཟ་ཧོར་མོ་ཙིཏྟ་དཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཅེས་སོ༔ དེས་ནི་མི་འགྲུབ་མི་སྲིད་ཀྱི༔ འོན་ཀྱང་སྔ་ན་མ་མོའི་འཁྲེན༔ དེ་ཕྱིར་དུས་གནད་ཤེས་པ་དང་༔ གོང་ནོན་ལྷ་དང་ཏིང་འཛིན་གཙོ༔ དེང་སང་སྐྱེ་བོ་འདོད་པ་ཆེ༔ ལྟ་བསྒོམ་རྫོང་འཕྲང་ལྕགས་སྲོག་དང་༔ བྱང་ཆུབ་སེམས་ཀྱི་སྙིང་པོ་ལ༔ ལམ་ཁའི་རྡོ་བཞིན་ཅི་མི་སྙམ༔ བསྟན་པའི་སྤྱི་དགྲ་ལངས་ལ་ཤོར༔ རང་གི་ཁ་འཐབ་ཙམ་ཞིག་གིས༔ ཆོས་བརྒྱད་དོན་གཉེར་བསམ་སྦྱོར་གནག༔ ཞེ་སྡང་འབྲས་བུ་དམྱལ་བ་བསགས༔ གཟེར་མེད་དགྲ་ལ་ཅི་ལྟོ་སྟེ༔ དམ་ཚིག་རང་ལ་མེད་པ་ནའང་༔ བསྒྲུབ་པ་ཐམས་ཅད་ལོག་པ་ཡིན༔ ཡིད་ཆད་ལྷ་ལ་བྱེད་པ་ཚོ༔ པདྨ་ང་ཡི་རྐང་འདྲེན་ཡིན༔ དེ་འདྲའི་ཡིན༔ དེ་འདྲའི་རིགས་ལ་མ་བསྟན་ཅིག༔ སྐལ་བ་ལྡན་པའི་ཆོས་མཛད་ལ༔ མ་སྒྲུབ་ཆོས་སྐྱོང་རང་འཁོར་ན༔ བརྟེན་བསྒྲུབ་ཚུལ་བཞིན་བྱས་པ་ལ༔ འབྲས་བུ་བླ་མེད་མ་མཐོང་ན༔ ཨོ་རྒྱན་ང་ཡིས་བསླུས་པ་ཡིན༔ ས་མ་ཡཱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཡིག །ཅེས་པའང་མཐུ་ཆེན་ངོར་ག་གཱས་སོ། །ཡང་ཅིག་ཕྱག་རྒྱ་རྒྱས་སྤྲོ་ན༔ གཙོ་བོ་གསུམ་མཐར༔ མདུན་དུ་ཐབས་ལྡན་རྣ་ཁུ་མ༔ སྐུ་མདོག་དམར་ནག་མེ་འོད་འབར༔ ཞལ་གཅིག་ཕྱག་གཉིས་མེ་འབྲུག་དང་༔ གཡོན་ན་སྲེ་མོང་ཁྲག་མིག་བསྣམས༔ ཧ་ཧ་རྒོད་པའི་མགོ་ཕྲེང་གིས༔ ཐོད་གདེངས་དང་ནི་དོ་ཤལ་བརྒྱན༔ སྐུ་ལ་སྐལ་ཤལ་རྒྱས་པར་གསོལ༔ ཞལ་ནས་དགྲ་རོ་ཐད་ཀར་འཛིན༔ ཆིབས་སུ་ཀོ་ཅི་རྣ་བོ་ཆེ༔ རལ་གྲི་འབར་བའི་གཤོག་པ་ཅན༔ ཆུ་གྲི་ངར་མའི་སྡེར་མོ་གཟིང་༔ ཞིང་ཆེན་གཡང་གཞིའི་སྟན་བསྟད་དེ༔ སྦྲུལ་ནག་གསོན་མའི་མཐུར་ཆིངས་འཁྱུག༔ རྒྱབ་ཏུ་ནག་མོ་ཁུས་འདེབས་མ༔ སྐུ་མདོག་ནག་མོ་མུན་པ་གཏིབ༔ ཨ་ཚ་ཨ་ནས་སྨྲ་སྐད་དང་༔ ཁུས་འདེབས་སྟོང་གསུམ་འཇིགས་སྐྲག་སློང་༔ ཕྱག་གཡས་རྫས་ངན་གཉན་རྭ་དང་༔ གཡོན་པས་ཐོད་དབྱུག་དགུ་བརྩེགས་བསྣམས༔ སྐུ་ལ་རེ་ནག་ཐུལ་བ་གསོལ༔ ཞབས་ལ་དོམ་ནག་ཁྲག་རལ་བཅིབས༔ ཀླུ་རྒྱལ་སྤགས་པའི་སྒ་སྟན་བསྟད༔ རྒྱུ་མ་རློན་པས་མཐུར་དུ་བྱས༔ ཐན་དང་ནད་དལ་ཡོ་ལམ་འཕྱོ༔ ཐོ་ཕྱི་མཚན་མོའི་ལྤགས་པའི་འཁོར༔ ཤར་ལྷོར་མིག་མེད་ཁུང་གསལ་མ༔ སྐུ་མདོག་གཟི་འོད་འབར་བ་སྟེ༔ མིག་འབྲུ་བསྒྲིགས་པས་གོ་ཟུ་ཅན༔ ཕྱག་གཡས་འདྲེན་བྱེད་རྒྱལ་མཚན་བརྗིད༔ གཡོན་ན་ཁྲམ་ཤིང་ཁྲག་རིས་ཅན༔ ཙིཏྟའི་ཕྲེང་བརྒྱུས་སྲོག་ཞུར་བཅས༔ ཆིབས་སུ་ལྟོ་འགྲོ་འཛིང་བསྣོལ་བ༔ རྐང་ལག་དཔག་ཚད་སླེབས་པ་ལ༔ སྤིར་གྱི་གསོབ་པོའི་སྒ་ཆ་བྱས༔ ཁ་རླངས་མཛེ་རིགས་བཅོ་བརྒྱད་འཕྲོ༔ སྐད་ཅིག་སྟོང་གསུམ་དགུ་བསྐོར་ཆིབས༔ ཀུན་མཁྱེན་ཀུན་གཟིགས་ངོ་བོར་རྟགས༔ ལྷོ་ནུབ་རྐེད་མེད་ཕྲ་མེན་ཁྲོ༔ རོ་སྟོད་ཁྲོ་མོ་ཁྲོས་པའི་གདོང་༔ རྐེད་པ་ནམ་མཁའ་སྟོང་བའི་གཟུགས༔ སྐུ་སྨད་འཇའ་ཚོན་འཁྱིལ་བ་སྟེ༔ གཡས་ཕྱག་དགུ་ནས་རལ་གྲིའི་གཏུབས༔ གཡོན་ཕྱག་དྲེགས་པ་ཆེ་དགུ་བཅིངས༔ རླུང་ནག་འཚུབས་མའི་ཆིབས་ཀྱིས་བསྐྱོད༔ ན་བུན་འཁྲིགས་པའི་ན་བཟའ་ཅན༔ སྐུ་ལ་མཁའ་མའི་ཆུན་འཕྱང་བརྒྱན༔ དོན་སྙིང་ནང་ཁྲོལ་སྟོན་དང་སྦེད༔ ནུབ་བྱང་རྐང་མེད་མཁའ་འགྲོ་མ༔ ལུས་མེད་མགོ་བོའི་འཁོར་མར་གཟིང་༔ ལག་མེད་མིག་མེད་རླུང་ཤུགས་ཀྱིས༔ ཁ་གདེང་རྐན་སྒྲའི་སྲིད་གསུམ་བསྒུལ༔ ཕྱོགས་བཅུའི་བསྟན་དགྲ་རྔུབས་ཐབས་ཅན༔ འོད་འབར་མཚན་ཞིང་སྲོད་ལ་རྒྱུ༔ སྡིག་པ་རི་ཙམ་སྟེང་ན་རོལ༔ བྱང་ཤར་ཁ་རམ་ཆེན་མོ་ནི༔ མགོ་མེད་མེ་དཔུང་ལུས་པོ་ཅན༔ ཁ་སྟོང་བསྒྲད་ཅིང་ངུ་འབོད་འཐེན༔ ཡ་ཚ་འཚུབས་ཤིང་སྲི་ངན་འཐུལ༔ མཆེ་བ་གཙིགས་ཤིང་ལྗགས་དམར་འདྲིལ༔ ཁ་ཁུག་གཉིས་སུ་མིག་གཉིས་རེ༔ རྡེབ་པས་གློག་གི་ཕྲེང་བ་འཕྲོ༔ ཕྱག་གཡས་བརླག་བྱེད་ཐུན་ཟོར་དང་༔ གཡོན་ནས་གནོན་བྱེད་རི་རབ་བསྣམས༔ ལྕགས་ཀྱི་ཕ་ཝཾ་སྟེང་ན་འགྱིང་༔ ཞེས་གཞུང་ལ་འཇུག་གོ༔ མཐུ་ཆེན་གནམ་ལྕགས་མེ་འབར་བའི་ངོར་ག་གཱས་སོ། །༈ མ་སྐྱེས་ཆོས་ཉིད་སྐྱེ་བ་མེད་པ་ལས༔ མ་འགགས་རང་བྱུང་རྡོ་རྗེ་མཁའ་འགྲོ་ཆེ༔ མ་རྩལ་ཕྲིན་ལས་བྱེད་པོར་ཡོངས་ཤར་བ༔ མ་ཅིག་ཤ༵་ཟ༵་ཧོར༵་མོ༵་ཁྱོད་ལ་བསྟོད༔ ག་གཱས་སོ། །

ཧོར་མོའི་བསྒྲུབ་མཆོད་བསྡུས་པ་བཀྲ་ཤིས་སྙེ་མ

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཧོར་མོའི་བསྒྲུབ་མཆོད་བསྡུས་པ་བཀྲ་ཤིས་སྙེ་མ་བཞུགས་སོ༔

ཧཱུྃ་མ་བྷྱོ༔ རང་ཉིད་ཡི་དམ་ལྷར་གསལ་མདུན༔ ཁྲག་མཚོའི་རྦ་བརྒལ་མེ་རླུང་དབུས༔ མི་རྟ་ཁྱི་མགོའི་མཁར་གྱི་ནང་༔ ཐན་གྱི་རྔ་མོང་ཀ་བའི་སྟེང་༔ ཤ་ཟ་ཧོར་མོ་སྐུ་མདོག་དམར༔ གཅེར་བུ་རལ་པ་ས་ལ་དྲུད༔ གཡས་སུ་ལྕགས་སྤྱང་མགོ་དགུ་ལ༔ བཙན་མོ་ཆེན་མོ་མུ་ཁ་དམར༔ གཡོན་དུ་འབྲུག་ཆེན་སྒྲ་བརྒྱ་ལ༔ ཀླུ་མོ་ཆེན་མོ་ཤནྟི་སྔོ༔ དེ་མཐར་ཕྱོགས་བཞི་མཚམས་བརྒྱད་ལ༔ ཤ་ཟ་རང་འདྲ་མཆེད་སྡེ་བརྒྱད༔ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཐིང་༔ ཁྲག་གི་རལ་བ་ས་ལ་དྲུད༔ མི་ལྤགས་གཡང་གཞི་སྟོད་དུ་ཀླུབས༔ ཕྱག་གཡས་ཕུར་བུ་གཡོན་སྲིན་བྱ༔ འཁོར་དུ་ཤ་ཟ་འབུམ་གྱིས་བསྐོར༔ སྙིང་པོའི་བྷྱོཿལས་འོད་འཕྲོས་པས༔ དམ་ཚིག་གནས་ནས་སྤྱན་དྲངས་གྱུར༔ ཀྱཻ༔ རང་སྣང་དོན་གྱི་ངོ་བོ་ལ༔ རྣམ་པ་ཁྲག་མཚོ་ཁོལ་མ་ནས༔ ཀུན་ཏུ་བཟང་མོའི་སྤྲུལ་བ་མཆོག༔ ཤ་ཟ་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ༔ ཉི་ཟླ་བམ་གྱི་གདན་ལ་བཞུགས༔ བསྟན་པ་བསྲུང་ཕྱིར་ཕྱག་ཀྱང་འཚལ༔ ཕྱི་ནང་གསང་བའི་མཆོད་གཏོར་འབུལ༔ དྲག་རྩལ་བདག་མོ་ཁྱོད་ལ་བསྟོད༔ དྲེགས་པའི་ཐུགས་ཀར་བཾ་ཡིག་ལ༔ སྲོག་སྙིང་ངོ་བོ་སྔགས་ཀྱིས་བསྐོར༔ བདག་གི་ཐུགས་ལས་འོད་འཕྲོས་འདྲེས༔ ཁོ་མོའི་སྲོག་སྙིང་བདག་དབང་ཞིང་༔ ཕྲིན་ལས་རབ་འབྱམས་བསྒྲུབ་བསམ་སྟེ༔ ཨ་མ་བྷྱོ་ཛ་རཀྨོ་མཾ་ས་ཁཱ་ཧི་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛ༔ ཞེས་དང་༔ མ་བྷྱོ་ཛ་རཀྨོ་མ་ཧཱ་ཀྲོ་ཏི་ཤ་ཟ་ཧོར་མོ་ཕེཾ་ཕེཾ་ཛ་ཛ༔ བཟླས་པས་མ་མོའི་སྟོང་སྲོག་ཐོབ༔ ས་མ་ཡཱ༔ ༈ གསོལ་བསྡུས་ནི༔ རྃ་ཡྃ་ཁྃ༔ ཨ་ཨཱཿཧཱུྃ༔ མཆོད་གཏོར་འདོད་ཡོན་རྒྱ་མཚོ་འདིའི༔ ཤ་ཟ་ཧོར་མོ་འཁོར་བཅས་ལ༔ མཆོད་པ་དམ་པ་ལེགས་འབུལ་ལོ༔ བདག་གི་འདོད་དོན་ལྷུན་གྲུབ་མཛོད༔ རྦད་གསད་དུས་གནད་གཞན་དུ་ཤེས༔ ས་མ་ཡཱ༔ འདི་ཡང་བསོད་ལྷས་བསྐུལ་པའི་ངོར་ག་གཱ་ཨ་བྷྱེས་སྨྲས་པ་དགེ །

སྔགས་བསྲུང་ཤ་ཟ་ཧོར་མོའི་མཆོད་གསོལ་ཕྲིན་ལས་ལྷུན་གྲུབ།

སྔགས་བསྲུང་ཤ་ཟ་ཧོར་མོའི་མཆོད་གསོལ་ཕྲིན་ལས་ལྷུན་གྲུབ་བཞུགས༔

བརྡ་ཡིག །མཆོད་རྫས་སྦྱངས་སྤེལ་བསྒྱུར་གསུམ་མཐར༔ ཨ་ཨཱཿཧཱུྃ༔ ཐིག་ལེ་ཆོས་མིན་བྷ་ག་ཡངས་པ་ནས༔ སྣ་ཚོགས་ཆོས་འབྱུང་ཐུགས་རྗེའི་རླུང་ཤུགས་ལས༔ འཕེན་པས་ཡེ་ཤེས་ཤེས་རབ་ལྷ་མོའི་གཟུགས༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་པ་ཡི་ངོར༔ མྱུར་མགྱོགས་དྲག་ཤུལ་བདག་མོའི་ཚུལ་བསྟན་པ༔ སངས་རྒྱས་བསྟན་བསྲུང་ཤ་ཟ་ཧོར་མོ་ཆེ༔ འཁོར་བཅས་དད་དང་དམ་ཚིག་དབང་གིས་བྱོན༔ ཉི་ཟླ་རིན་ཆེན་བཤམས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་བཞེས༔ དབང་འབྱོར་བདག་མོ་ཁྱོད་ལ་མངོན་པར་བསྟོད༔ རླུང་བཅུ་དབུ་མར་བཅིང་པའི་སྔགས་འཆང་ལ༔ ཉེ་རྒྱུའི་སྤྱོད་པས་མཆོག་གི་དངོས་གྲུབ་ཆེ༔ བསྒྲུབ་པའི་སྟོངས་འདེབས་ལྷ་མོའི་འདོད་ཡོན་ཉིད༔ རྒྱན་དུ་ཐོགས་ཕྱིར་རང་དབང་བརྟན་པ་དང་༔ ཕྲལ་ཞིང་འགུགས་པའི་རེ་ལྟོས་ཁྱོད་ལ་འཆའ༔ སྦྱིན་པའི་རྒྱགས་ཕྱེ་འབྱུང་བའི་གཞི་མོ་ནི༔ ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར༔ ནུབ་པ་མེད་པར་བརྒྱ་སྤྱད་སྟོང་འཕེལ་བའི༔ ཟས་དང་གྲོགས་ཀྱི་གཏེར་ཁ་ཁྱོད་ཀྱིས་ཕྱེས༔ ལོངས་སྤྱོད་ལྷ་ཀླུ་མི་ལ་ཡོད་དགུ་བོ༔ ཁྱོད་ཀྱི་མཐུ་ཡིས་རྣལ་འབྱོར་བདག་ལ་སྩོལ༔ དོ་བཟློ་ཕོད་བཙུགས་འགྲན་སེམས་གོ་ས་འཕྲོགས༔ སྐབས་ལྟ་བྱེད་སྙམ་དགྲ་བོའི་སྙིང་ཁྲག་རོལ༔ མདོར་ན་བསམ་པའི་དོན་རྣམས་ཐམས་ཅད་པ༔ སྔགས་བསྲུང་ཤ་ཟའི་རྒྱལ་མོ་ཁྱོད་ཀྱིས་བསྒྲུབ༔ བཀའ་དམ་མ་འདའ་བཛྲ་ས་མ་ཡཱ༔ ཅེས་ཀྱང་རང་འདོད་ཆེད་བཞག་གིས་ག་གཱ་ཨ་བྷྱེ་ནས་གསོལ་བ་གདབས་པའོ། །མངྒ་ལཾ། །

སྔགས་བསྲུང་ཤ་ཟ་ཧོར་མོའི་ཟ་ངུ་།

སྔགས་བསྲུང་ཤ་ཟ་ཧོར་མོའི་ཟ་ངུ་བཞུགས་སོ༔

ན་མོ་གུ་རུ་བཛྲ་རཱ་ཛ་ཟ་ཡེ༔ དམར་བྱང་སྲིད་པ་གསུས་ ༼ གསུམ་དཔྱད། ༽ རོལ་བ༔ འདི་ལ་གཏོར་མ་ཇ་ཆང་སྐྱེམས༔ དར་ཟབ་ལ་སོགས་གང་འབྱོར་བ༔ བཤམས་ལེགས་སྔགས་དང་ཕྱག་རྒྱས་བརླབས༔ ཀྱཻ༔ གསོན་ཅིག་དགོངས་ཤིག་མ་ཆེན་མོ༔ སྔགས་སྲུང་རྒྱལ་མོ་སྤུན་དེ་ ༼ སྡེ་དཔྱད། ༽ དགུ༔ འཁོར་ཚོགས་ནག་མོ་འབུམ་དང་བཅས༔ དམ་ཚིག་གཉན་པོ་གཏའ་རུ་བཞག༔ དུས་གསུམ་རྒྱལ་བའི་ཕྲིན་ལས་མ༔ བསྟན་སྲུང་ཆེན་མོ་ཁྱོད་བརྟེན་པ༔ རྣལ་འབྱོར་ལས་བཞི་བསྒྲུབ་པའི་སླད༔ རྣོ་དཔལ་ལས་ཀྱི་མཚོན་ཆར་བརྟེན༔ སྡང་བའི་དགྲ་པོ་ལས་ངན་གྱིས༔ མི་ལ་ཐོ་འཚམས་ལྷ་ལ་བརྙེས༔ གནོད་སྦྱོར་རྣམ་པ་སྣ་ཚོགས་བྱས༔ ཞིང་བཅུ་རང་བཞིན་ཤུགས་ཀྱིས་ཚང་༔ ལྷག་པར་ཡོངས་ལ་འཚེ་བའི་ཕྱིར༔ སྲུང་མ་གཉན་པོ་ལས་ལ་བཀོལ༔ རྦད་བསྐུལ་གཏོར་ཟོར་སྣ་ཡང་གཏད༔ སངས་རྒྱས་བསྟན་པའི་ཆེ་བ་ངོམ༔ བྱང་ཆུབ་སེམས་དང་ལྡན་པ་ཡིས༔ བསད་པ་གསོ་བའི་བརྟུལ་ཞུགས་སྤྱོད༔ སླར་ཡང་སྲིད་དང་བསྟུན་པའི་སྒོ༔ འཁོན་སྡུམ་འཁྲུགས་བཅོས་བྱས་པ་ལས༔ ཞུ་བཤགས་འཇལ་གསུམ་བླངས་ན་ཡང་༔ མི་དང་འདུམ་ཀྱང་ལྷ་མཆོག་ཁྱོད༔ བདེན་རྫུན་དྲང་ཤན་མཁྱེན་བཞིན་དུ༔ སྡུག་ཡུས་རང་ལ་མ་ཆེ་ཤིག༔ སྐྲ་དང་གོས་ཀྱི་དུམ་བུ་དང་༔ བསྲུང་མདུད་ལ་སོགས་བྱིན་རླབས་རྟེན༔ གང་ལྟར་བཅིངས་པ་ཐམས་ཅད་ཀུན༔ སྲོག་གཅོད་བདུད་དུ་ད་ཕོབ་ཅིག༔ སྡང་བའི་དགྲ་བོས་བདག་ལ་ཉེས༔ བདག་གིས་མ་མཐོང་ཁྱེད་ཀྱིས་མཁྱེན༔ ཆད་པ་བཅད་ལ་རིམ་གྲོ་བགྱིས༔ དེ་ཀུན་སྲོག་གི་གཤེད་དུ་ཕོབ༔ ཇི་ལྟར་འཇིག་རྟེན་ཡ་རབས་ཀྱང་༔ དགྲ་ལ་སྡང་ཞིང་རང་ལ་བྱམས༔ ཀློང་ཡངས་ཆེན་པོ་འཚལ་བ་དང་༔ ཚེ་གཅིག་དགའ་སྡུག་རྟག་ཐུབ་ལྟར༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ ཡེ་ཤེས་ལྷ་མོ་སྤྲུལ་འཁོར་བཅས༔ དགའ་སྡུག་རེ་དོགས་མ་སྐྱེན་པར༔ སྡང་བའི་དགྲ་ལ་ཟ་ངུ་གྱིས༔ སྔགས་འཆང་རྣམས་ཀྱང་དབུ་འཕང་བསྟོད༔ སངས་རྒྱས་བསྟན་པའི་ཆེ་བ་བསྐྱེད༔ ལྷ་ཁྱོད་དྲག་རྩལ་རང་གཟུགས་སྟོན༔ མ་ཟད་བར་དུ་ཟ་ངུ་གྱིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྒྱ༔ མ་འགྱང་མྱུར་དུ་ཟ་ངུ་གྱིས༔ མ་ཐུབ་བར་དུ་མ་དེངས་ཤིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་འདི་ཡང་གྲོགས་མཆེད་དམ་པ་ཟླ་གྲགས་ཀྱིས་བསྐུལ་ངོར་སྔགས་མིང་ག་གཱ་ཨ་བྷྱེས་ཡེ་ཤེས་སྒྱུ་འཕྲུལ་རོལ་བའི་ཀློང་མཛོད་ནས་དག་པར་ཕབ་པས་ཡི་གེ་པ་ནི་དེ་ཉིད་དོ༔ བཀྲ་ཤིས། །ཀྱཻ༔ སྔགས་བསྲུང་ཤ་ཟ་ཧོར་མོ་དགོངས་སུ་གསོལ༔ བསྟན་པའི་དགེ་འདུན་བདག་གི་གཉེར་གཏད་པ༔ ཁྱེད་ཀྱི་ཐུགས་རྗེའི་བརྩེ་བར་གཟིགས་ནས་ཀྱང་༔ བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་པར་མཛོད༔ བདག་ལ་གཞན་དག་དབང་དུ་མ་ཟོར་བའི༔ སྔར་བྱས་ཐམས་ཅད་རྟགས་དང་མཚན་མ་སྟོན༔ ད་ཕྱིན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད༔ གལ་ཏེ་ཡོན་ཏན་དགེ་མཚན་མེད་གྱུར་ན༔ བདག་ཀྱང་ཡིད་བསད་གཞན་དག་ཁ་ཟེར་འགྱུར༔ ཁྱེད་ལྟོས་དོན་མེད་གྱུར་བའི་གྱ་ཚོམ་ལ༔ སྣང་བ་དམ་པ་སྦྱིན་པའི་དཔྱིད་པོར་མཛོད༔ གནས་སྐབས་སུ་ཡང་བར་ཆད་ཀུན་ཞི་ནས༔ མཐར་ཐུག་མཆོག་གི་དངོས་གྲུབ་གྲུབ་པ་ཡི༔ དབང་བཞི་མ་འཁྱོལ་སྟོངས་འདེབས་ཁྱོད་ལ་གཏམ༔ དེ་སླད་རབ་འབྱམས་ཕྲིན་ལས་ཉིན་མོར་བྱེད༔ ཡིད་ཀྱི་གདུང་བ་སེལ་བའི་འོད་ཟེར་ཅན༔ སྐྱེ་དགུའི་སྨོན་ལམ་གནས་སུ་གྱུར་བ་ལ༔ ཁྱོད་གཅིག་ལྷ་ཡི་བུ་མཆོག་ལས་མཐར་སོན༔ སྔོན་ལས་ངན་ལ་སྙད་དེ་མ་འདོག་ཤིག༔ སྟོང་ལ་རྟེན་འབྱུང་རུང་བ་གཞིར་བཞག་ནས༔ ཐུགས་རྗེ་མེད་པའི་མངོན་རྟགས་མཐར་བྱས་པའི༔ དབུས་གནས་ལུང་མ་བསྟན་དེའི་ཟང་ཐལ་མཛོད༔ ཞེས་ཀྱང་ག་གཱ་ཨ་བྷྱེའི་སོ། །སརྦ་མངྒ་ལཾ༔

སྔགས་བསྲུང་ཤ་ཟའི་རྒྱལ་མོའི་མངའ་གསོལ་བསྡུས་པ་ཕྲིན་ལས་དཔལ་ཕྲེང་།

སྔགས་བསྲུང་ཤ་ཟའི་རྒྱལ་མོའི་མངའ་གསོལ་བསྡུས་པ་ཕྲིན་ལས་དཔལ་ཕྲེང་བཞུགས་སོ༔

བྷྱོ༔ ལྷ་ཡི་ཡུལ་ལ་དབང་བསྒྱུར་བས༔ ཀུན་གྱིས་སྐྱེ་བརྒྱུད་བདག་མོར་གསོལ༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ བསྐྱེད་པའི་མ་ལྟར་མངའ་གསོལ་ལོ༔ ཀླུ་ཡི་ཡུལ་ལ་དབང་བསྒྱུར་བས༔ ཨ་ཕྱི་དུང་སྐྱོང་ལྷ་མོ་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཆེ་ཞེ་ཆེན་པོར་མངའ་གསོལ་ལོ༔ བཙན་གྱི་ཡུལ་ལ་དབང་བསྒྱུར་བས༔ སྲིང་མོ་ཆེན་མོ་མུ་ཁ་ལེ༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ གདུང་བའི་སྲིང་ལྟར་མངའ་གསོལ་ལོ༔ བདུད་ཀྱི་ཡུལ་ལ་དབང་བསྒྱུར་བས༔ དཔའ་མོ་ཁྲག་གི་རལ་བ་ཅན༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ དགྲ་གསོད་ཤན་པ་མངའ་གསོལ་ལོ༔ སྟོབས་ཆེན་ཡུལ་ལ་དབང་བསྒྱུར་བས༔ བླ་དྭགས་ཤནྟིཾ་ཆེན་མོར་ཆགས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ འཚོ་བྱེད་སྨན་དུ་མངའ་གསོལ་ལོ༔ གཤིན་རྗེའི་ཡུལ་ལ་དབང་བསྒྱུར་བས༔ ཚེ་འཕེལ་འོད་ཟེར་འབར་མ་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཚེ་དང་སྲོག་ལྷར་མངའ་གསོལ་ལོ༔ མི་ཟད་གཏེར་ལ་དབང་བསྒྱུར་བས༔ འགྲོ་བའི་དབུལ་སེལ་ནོར་རྒྱུན་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ནོར་དང་གཏན་ལྷར་མངའ་གསོལ་ལོ༔ སྲིད་གསུམ་དབང་དུ་མཛད་པའི་ཚེ༔ རིག་བྱེད་དབང་ཕྱུག་ཆེན་མོ་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ འགུགས་བྱེད་ལྕགས་ཀྱུར་མངའ་གསོལ་ལོ༔ སྒྲུབ་སྡེ་ཆེན་པོ་ལ་བཞུགས་ཚེ༔ སྲིད་པ་མ་མོའི་ཚོགས་བདག་རྗེ༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཡི་དམ་ལྷ་རུ་མངའ་གསོལ་ལོ༔ ཆོས་འཁོར་གཉན་པོ་བསྲུང་བའི་ཚེ༔ བསྟན་པ་སྐྱོངས་བར་ངས་ནུས་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ དཀོར་རྟེན་བདག་མོར་མངའ་གསོལ་ལོ༔ ཞིང་བཅུ་ཐབས་ཀྱིས་སྒྲོལ་བའི་ཚེ༔ དྲག་རྩལ་ཤ་ཟ་ཧོར་མོ་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཤུགས་སྒྲོལ་མཚོན་ཆར་མངའ་གསོལ་ལོ༔ ཆོས་ཀྱི་དབྱིངས་སུ་རོ་གཅིག་ཚེ༔ བདེ་ཆེན་ཀུན་ཏུ་བཟང་མོ་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཆོས་ཉིད་ཆོས་སྐུར་མངའ་གསོལ་ལོ༔ ངེས་ཤེས་ཐུན་མིན་ཐོབ་པ་ན༔ ཤུགས་ཀྱིས་གུས་པས་མངའ་གསོལ་བས༔ བསྲུང་མ་གཉན་པོ་དབུ་འཕང་བསྟོད༔ མ་གཡེལ་མ་འཁུ་མ་ལྡོག་པར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཀྱང་ག་གཱས་སོ། །ཀྱཻ༔ རྒྱལ་ཀུན་ཡུམ་གྱུར་ཕ་རོལ་ཕྱིན༔ ཤ་ཟ་ཧོར་མོའི་རྣམ་རོལ་ཅན༔ འཁོར་བཅས་འདིར་གཤེགས་མཆོད་གཏོར་བཞེས༔ ཕྲིན་ལས་རབ་འབྱམས་བསྒྲུབ་མཛོད་ཅིག༔ ཅེས་ཀྱང་དགོན་བསོའི་ངོར་ག་གཱས་སོ། །༈ གསོལ་མཆོད་བཞུགས༔ བྷྱོཿབྷྱོ༔ སྐུ་གསུམ་དབྱིངས་བཞུགས་མཁའ་འགྲོའི་སྤྱི་གཟུགས་མོ༔ དམ་ཚིག་འཇིག་རྟེན་ལས་དབང་ཤ་ཟའི་གཙོ༔ མ་མོ་མཁའ་འགྲོ་ཀུན་འདུས་ཧོར་མོ་ཆེ༔ སྤུན་དགུ་འཁོར་དང་བཅས་ལ་གུས་པས་བསྟོད༔ ཆེ་བཙན་འགྲན་བྲལ་མྱུར་མགྱོགས་དྲག་རྩལ་ལྡན༔ སྟོབས་དང་ཡོན་ཏན་ནུས་མཐུ་སྲིད་ན་འཕགས༔ སངས་རྒྱས་བསྟན་སྲུང་རྣལ་འབྱོར་ཡོངས་ཀྱི་མགོན༔ བསྟན་དགྲའི་གཤེད་མ་ཁྱེད་ལ་མངོན་པར་བསྟོད༔ ཅེས་ཀྱང་ག་གཱས་སོ། །བྷྱོ༔ རྒྱལ་ཀུན་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིན། །གདུལ་བྱའི་དོན་དུ་དྲག་མོའི་སྐུར་སྟོན་པ། །སྔགས་བསྲུང་རྒྱལ་མོ་ཤ་ཟ་ཧོར་མོ་ཆེ། །སྤྲུལ་འཁོར་སྲས་དང་བཅས་ལ་ཕྱག་འཚལ་བསྟོད། ཁྱོད་ནི་བསམ་བཞིན་སྲིད་པའི་ཚུལ་བཟུང་བས། །སུས་ཀྱང་འགྲན་བྲལ་དབང་བཅུའི་རང་དབང་གི །རེ་འབྲས་མཐའ་དག་སྐོང་བའི་ཐུགས་བསྐྱེད་བཞིན། །བདེན་པས་མངོན་མཚན་ད་ལྟ་བསྟན་དུ་གསོལ། །ཅེས་ཀྱང་ག་གཱས་སོ། །༈ ཡང་ཅིག་ཕྲིན་ལས་བཅོལ་བ་ནི༔ ཀྱཻ༔ སྔགས་བསྲུང་ཤ་ཟའི་རྒྱལ་མོ་འཁོར་དང་བཅས༔ ཁྱོད་ནི་སྲིད་པ་མ་མོའི་དཀྱིལ་འཁོར་གཙོ༔ འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་གཏེར༔ བསྟན་དང་རྣལ་འབྱོར་བསྲུང་མར་མངའ་གསོལ་ལོ༔ བདག་གི་མི་ནོར་ཆོས་འཁོར་དཀོར་ལོངས་སྤྱོད༔ ཁང་ཁྱིམ་གནས་གཞི་ཡོ་བྱད་གྲྭ་སློབ་མཆེད༔ གཉེན་བཤེས་ཕ་ཚན་ཡུལ་སྡེ་འཁོར་དཔུང་གཡོག༔ ཁྱོད་ལ་བཅོལ་ལོ་གཉེར་གཏད་ཡལ་མ་འདོར༔ དགྲ་སོད་རྐྱེན་བཟློག་ནད་གདོན་འཇིགས་ཀུན་སྐྱོབས༔ འདོད་དོན་དཔལ་འབྱོར་ཡེ་ཤེས་ཡོན་ཏན་བསྐྱེད༔ འཇིག་རྟེན་གསུམ་གྱི་བློ་ཡིད་ཟས་ནོར་བསྡུས༔ མདོར་ན་འདི་ཕྱིའི་རེ་སྨོན་ཡོངས་གྲུབ་མཛོད༔ ཅེས་ཀྱང་ནམ་མཁའ་རང་འདོད་ལྟར་བྲིས་པའོ། །ཡང་ཧོར་མོའི་གསོལ་མཆོད་ཕྲིན་བཅོལ་བསྡུས་པ་འདི་ལྟར་རོ༔ ཀྱཻ༔ སྔོན་ཚེ་སྤྱི་དཔལ་འཇིག་རྟེན་གསུམ་མགོན་ཀྱི༔ ཆུ་སྐྱེས་ཞལ་ལས་སྤྱན་རས་ཟེའུའི་རྩེར༔ སྙིང་རྗེའི་རླན་འཁྲུངས་གསུངས་མཐོན་དབུགས་དབྱུང་ལས༔ དེ་ནས་ཕྱིར་ཞིང་ཕྲིན་ལས་མཐར་རྒྱས་མཛད༔ སྣ་ཚོགས་ཡུམ་ཁྱོད་གདུལ་བྱ་འདུལ་དབང་གིས༔ དུས་ཀྱི་མར་གཤམ་ཤ་ཟའི་རོལ་གར་བསྒྱུར༔ ཁམས་གསུམ་ས་དགུ་འདུལ་མཛད་སྤུན་དགུ་དང་༔ ཞིང་བཅུ་དབང་མཛད་ཐབས་ལྡན་རྣ་ཁུ་མ༔ དྲེགས་བྱེད་ཆོས་དགུ་སྟོན་པའི་འཁོར་བཅས་ལ༔ བསང་དང་གཏོར་མ་ཛ་གད་ཨ་མྲ་ཏ༔ ཞིང་ཁམས་གཞལ་ཡས་གདན་དང་གདག་པའི་རྒྱན༔ བགོ་བའི་གོས་སྣ་ཀ་ཆ་དཀོར་ནོར་རིགས༔ ཟས་སྣ་ཁྱད་འཕགས་བཞུ་བ་དེ་ལྡོག་གྱི༔ རཏྣ་གྲངས་མེད་མདོས་མདངས་སྐུ་མཁར་དངོས༔ གོ་ཆ་དམག་ཆས་མཐུན་པ་ནལ་བུའི་ཤ༔ མཛེས་བཀྲག་མེ་ཏོག་སིལ་འཕྲེང་ལ་སོགས་པ༔ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་གྱིས་སྤེལ་སྦྱངས༔ རྣལ་འབྱོར་གུས་ཤིང་དོ་གལ་གྱིས་མཆོད་དོ༔ དགྱེས་བཞེས་འཁྲུགས་སྐོངས་དམ་ཚིག་དང་བླང་ནས༔ རབ་འབྱམས་ཕྲིན་ལས་གང་གསོལ་ཁྱོད་ཀྱིས་བསྒྲུབ༔ བཀའ་དང་དམ་ལ་མ་འདའ་ས་མ་ཡཱ༔ ཨོཾ་རཀྨོ་མ་ཧཱ་ཀྲོ་ཏི་ས་མ་ཡ་སརྦ་པཱུ་ཛ་ཁཱ་ཧི༔ ཅེས་ཀྱང་ག་གཱ་ཨ་བྷྱེ་ནས་སོ། །༈ གསོལ་མཆོད་བསྡུས་པ་ནི༔ བྷྱོ༔ རྒྱལ་ཀུན་ཡུམ་གྱུར་ཕ་རོལ་ཕྱིན༔ ཁྲོས་པའི་ཚུལ་བསྟན་ཤ་ཟ་ཆེ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ གསེར་སྐྱེམས་གཏོར་མའི་མཆོད་པ་འབུལ༔ ཐུགས་དམ་གཉན་པོ་དགྱེས་སྐོངས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཀྱང་ཤི་ལ་ཤྲཱི་བས་ངོར་ག་གཱས་སོ། །

སྔགས་སྲུང་ཤ་ཟ་ཧོར་མོའི་མངའ་གསོལ་རྡོ་རྗེའི་ཚིག་རྐང་།

སྔགས་སྲུང་ཤ་ཟ་ཧོར་མོའི་མངའ་གསོལ་རྡོ་རྗེའི་ཚིག་རྐང་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཨེ་མ་ཧོ༔ འཕགས་བཞི་བསྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན༔ ཕྱག་རྒྱ་ཆེན་པོའི་རྣམ་རོལ་ཝ་ར་ཧི༔ འབུམ་ཕྲག་མཁའ་འགྲོའི་དབང་མོ་ཁྲོས་མ་ནག༔ ངོ་བོ་ཡེ་ཤེས་མཆོག་ཁྱོད་མངའ་གསོལ་ལོ༔ དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཙ་ཊི་མ༔ དཔལ་ལྡན་འདོད་ཁམས་དབང་མོ་དེ་ཝི་ཤྲཱི༔ གང་འདུལ་ཐབས་ཀྱིས་གར་བསྒྱུར་རེ་མ་ཏི༔ རྣམ་འགྱུར་ཅིར་ཡང་སྤྲུལ་ཁྱོད་དབུ་འཕང་བསྟོད༔ པདྨའི་དམ་འཛིན་ཤ་ཟ་ཧོར་མོ་ཞེས༔ སླར་ཡང་གསེར་མོ་ལྗོངས་སུ་སྐལ་ལྡན་གྱི༔ གདུལ་བྱ་འདུལ་སྐྱོང་བསྟན་པའི་ཐ་ཚིག་ཅན༔ སྤུན་དགུའི་དབུ་འཕང་ཆོས་ཀྱི་དབྱིངས་སུ་བསྟོད༔ ཁྱོད་ནི་ཤ་ཟ་ཀུན་གྱི་སྤྱི་རྗེ་མོ༔ ཁྱོད་ནི་སྲིད་པ་གསུམ་གྱི་སྲོག་གི་བདག༔ ཁྱོད་ནི་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ མཉམ་མེད་སྟོབས་རྩལ་ལྡན་པར་དབུ་འཕང་བསྟོད༔ ཁྱོད་ནི་དུར་བདག་ཡོངས་ཀྱི་སྤྲུལ་གཞི་ལ༔ ཁྱོད་ནི་ལྟས་ངན་ཐན་གྱི་བདག་མོ་སྟེ༔ ཁྱོད་ནི་མ་མོ་ཀུན་གྱི་མ་ཆེན་མོ༔ སྲིད་ཞིའི་ཨ་ཕྱི་མཆོག་ཏུ་མངའ་གསོལ་ལོ༔ བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྐྱོངས་མ་ལ༔ རིག་འཛིན་རྣལ་འབྱོར་དམ་ལྡན་དཔུང་གཉེན་གཅིག༔ ལིང་ཤོར་བསྟན་དགྲ་སྒྲོལ་བའི་གིང་ཆེན་མོ༔ ཕྲིན་ལས་ཐོགས་མེད་རྡོ་རྗེར་མངའ་གསོལ་ལོ༔ གྲིབ་བཞིན་འགྲོགས་ནས་ཐུགས་རྗེས་སྟོངས་མཛད་དེ༔ གཞན་ཕན་བྱང་ཆུབ་སེམས་ཀྱི་གཏེར་བུམ་བཟང་༔ འདོད་དགུའི་དངོས་གྲུབ་སྩོལ་བའི་དཔག་བསམ་ཤིང་༔ རིན་ཆེན་ནོར་བུའི་རྒྱལ་པོར་མངའ་གསོལ་ལོ༔ སྡུག་ཀུན་གཅོང་ནད་ཞི་བ་བདུད་རྩི་སྨན༔ ཉེ་རིང་ཆགས་སྡང་མི་མངའི་མུན་སེལ་ཉི༔ སྐྱེ་དགུའི་བརྟན་གླིང་གྱུར་པའི་འབྱུང་བ་ཆེ༔ ཀུན་ཕན་ཐུགས་རྗེའི་མཛོད་དུ་མངའ་གསོལ་ལོ༔ གསང་སྔགས་རྡོ་རྗེ་སྙིང་པོའི་གཉེར་འཛིན་ཅིང་༔ རང་དམ་བྲོ་བོར་ཐུགས་དམ་རྗེས་བཞེས་ཏེ༔ གཙུག་ལག་ཆོས་འཁོར་གཉན་པོའི་དཀོར་གྱི་བདག༔ མ་བཅོལ་སྐྱོབས་གདུགས་ཁྱོད་ཀྱི་དབུ་འཕང་བསྟོད༔ རྣམ་བྱང་བྲལ་སྨིན་སྤང་རྟོགས་མཐར་ཕྱིན་གྱིས༔ ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན༔ སྲིད་ལས་འདས་ཀྱང་སྲིད་པའི་ཚུལ་བསྟན་མཛད༔ ཐབས་ཀྱི་ཕ་རོལ་ཕྱིན་ཁྱོད་མངའ་གསོལ་ལོ༔ དེ་ཕྱིར་དེང་འདིར་རྣལ་འབྱོར་ཉམ་ཆུང་གིས༔ དཀོར་གྱི་བདག་པོར་ཁྱོད་ནི་མངའ་གསོལ་ལོ༔ རེ་བའི་སྐྱབས་སུ་ཁྱོད་ནི་མངའ་གསོལ་ལོ༔ ནོར་དང་གཡང་ལྷར་ལྷ་ཁྱོད་མངའ་གསོལ་ལོ༔ ཟས་དང་གཏན་ལྷར་ཁྱོད་ནི་མངའ་གསོལ་ལོ༔ ཕྲིན་ལས་གྲོགས་སུ་ལྷ་ཁྱོད་མངའ་གསོལ་ལོ༔ དཔའ་བོའི་དགྲ་བླར་ཁྱོད་ནི་མངའ་གསོལ་ལོ༔ ལུས་ཀྱི་ལྷ་རུ་ཁྱོད་ནི་མངའ་གསོལ་ལོ༔ སྲོག་གི་རྫི་འུར་ཁྱོད་ནི་མངའ་གསོལ་ལོ༔ དབང་ཐང་འཕན་ལྷར་ཁྱོད་ནི་མངའ་གསོལ་ལོ༔ ཁ་རྗེ་བཀྲག་ལྷར་ཁྱོད་ནི་མངའ་གསོལ་ལོ༔ ལམ་སྟོན་སྒྲོན་མེར་ཁྱོད་ནི་མངའ་གསོལ་ལོ༔ ཁྱིམ་དང་ཐབ་ལྷར་ཁྱོད་ནི་མངའ་གསོལ་ལོ༔ མགོན་དང་དཔུང་དུ་ཁྱོད་ནི་མངའ་གསོལ་ལོ༔ལམ་གྲོགས་ཕྱག་རྒྱར་ཁྱོད་ནི་མངའ་གསོལ་ལོ༔ དབུ་སྐྱོབས་རྨོག་ཏུ་ཁྱོད་ནི་མངའ་གསོལ་ལོ༔ ལུས་སྐྱོབས་ཁྲབ་ཏུ་ཁྱོད་ནི་མངའ་གསོལ་ལོ༔ ལྷག་སྐྱོབས་གོས་སུ་ཁྱོད་ནི་མངའ་གསོལ་ལོ༔ ཀྱཻ༔ ཁྱོད་ལ་འཇིག་རྟེན་སྲིད་ལས་འདས་པ་ཡི༔ དབང་ཕྱུག་དབང་བཅུ་མངའ་བའི་ངེས་དངོས་སུ༔ ངེས་ཤེས་ཚིག་གི་བསྟི་སྟངས་དང་བཅས་ཏེ༔ ཟིང་ཟིང་སྤྱན་གཟིགས་མཆོད་པས་མངའ་གསོལ་ལོ༔ དོན་འགྱུར་དོན་མི་འགྱུར་བའི་སོམ་ཉིས་འཕྲང་༔ ལིང་བཀལ་མིན་པའི་ཁ་གསགས་བརྗོད་པའི་སྒྲོས༔ ལས་ཀྱི་གཞན་དབང་གྱུར་པའི་བརྙེས་དམོད་སོགས༔ གཡོ་སྒྱུ་མེད་པའི་སེམས་ཀྱིས་མངའ་གསོལ་ལོ༔ དེ་ཕྱིར་རྣལ་འབྱོར་བདག་ལ་གྲིབ་བཞིན་འཁོར༔ རྟག་ཏུ་ལེགས་པའི་མགོ་འདོན་ཁྱོད་ཀྱིས་མཛོད༔ ནད་སོལ་རྐྱེན་བཟློག་ཚེ་བསོད་དཔལ་འབྱོར་སྤེལ༔ ཁམས་གསུམ་དབང་བསྡུད་སྲིད་གསུམ་ཟིལ་གྱིས་ནོན༔ གནོད་བྱེད་མིང་གི་ལྷག་མར་མེད་པ་དང་༔ དམ་ཆོས་བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་སྦྱོར༔ བཅོལ་པའི་ཕྲིན་ལས་མ་ལུས་ཁྱོད་ཀྱིས་མཛོད༔ བཀའ་དམ་མ་འདའ་བཛྲ་ས་མ་ཡཱ༔ ཅེས་གཏོར་མ་མཆོད་པར་ཕུལ། །འདི་ཡང་ག་གཱ་ཨ་བྷྱེ་ཡིས། །བཀའ་དྲིན་ཆོད་ནས་ཡིད་ཆེས་དང་། །ངེས་པ་ཐོབ་སྟེ་མངའ་གསོལ་གྱིས། །དབུ་འཕང་ཆོས་དབྱིངས་བསྟོད་པའོ། །དགེའོ། །སརྦ་མངྒ་ལཾ། །

སྔགས་བསྲུང་ཤ་ཟ་ཧོར་མོའི་དོན་གསོལ་མ་མོའི་གད་རྒྱངས།

སྔགས་བསྲུང་ཤ་ཟ་ཧོར་མོའི་དོན་གསོལ་མ་མོའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ༔

བྷྱོ༔ སྲིད་པའི་ཤ་ཟ་ཆེན་མོ་ཁྱོད༔ མ་ནི་སྙིང་པོའི་གནས་ལུགས་ཡིན༔ མོ༵་ནི་འཁོར་འདས་གནས་ལུགས་ཡིན༔ མ༵་ནི་མ་བཅོས་ཀུན་གྱི་གཞི༔ མོ༵་ནི་གཞི་ལ་ཅིར་ཡང་སྲིད༔ མ༵་ནི་རྒྱ་ཆད་ཕྱོགས་ལྷུང་མེད༔ མོ༵་ནི་ཀུན་འབྱུང་བྱང་ཆུབ་སེམས༔ ཆོས་ཉིད་ཀུན་ཁྱབ་མ་མོ་ཆེ་ཧོ༔ མ༵་ནི་སེམས་མེད་ཆོས་ཀྱི་དབྱིངས༔ མོ༵་ནི་སྲོག་མེད་སྤྱན་ལྔའི་བཀྲ༔ ཆེ་ཞེ་རྐང་མེད་མཁའ་ལ་འགྲོ༔ རྟོགས་པ་ཡེ་ཤེས་མ་མོ་ཆེའོ༔ འབྱུང་ལྔ་གཞི་ཡི་མ༵་ཞེས་བྱ༔ བསྐྱེད་བྱེད་བརྟན་གཡོ་མོ༵འི་རྒྱུད་འཁྲུངས༔ ཡེ་ནས་མ་ཤེས་ཡེ་ཤེས་ཡིན༔ འབྱུང་བཞི་སྤྱི་ཡིས་ཆེན་མོ་ཧོ༔ དངོས་པོ་ནང་གི་མ༵་ཞེས་བྱ༔ ཤ་ཁྲག་དྲོད་དབུགས་མོ༵་ཞེས་ཡུམ༔ ཤེས་པས་སྲིད་འབྱུང་མཁའ་འགྲོ་ཡིན༔ རྒྱུ་ལུས་ནང་གི་མ་ཆེན་མོ་ཧོ༔ མི་སྲིད་སྲིད་པར་བརྫུ་ཐབས་སུ༔ ཀུན་འཕྲུལ་སྒྱུ་མ་ཁ་མིག་མེད༔ མདུན་དུ་མི་འགྲོ་རྒྱབ་དུ་འཁྱོལ༔ སེམས་ནི་ཀུན་སྲིད་མ་མོ་ཆེ་ཧོ༔ ཡུལ་གྱིས་སེམས་ལ་བདེ་སྡུག་འདུན༔ དེ་ཡིས་ལུས་ལ་ཕན་གནོད་རྐྱེན༔ གཡས་སུ་མི་དགའ་གཡོན་ལ་འདར༔ ཕན་གནོད་ཡུལ་གྱི་མ་མོ་ཆེའོ༔ ཡིད་ཟས་དྭངས་བླངས་མཐུ་བརྟས་ནས༔ ཉོན་མོངས་དུག་ལྔའི་ལས་བསགས་ཀྱང་༔ ལམ་འགོགས་སྲོག་ནི་ལྕགས་ལ་བླ༔ ཕན་གནོད་ནང་གི་མ་མོ་ཆེའོ༔ རྩ་བ་མ་ཆོད་ཡལ་གར་རྩེས༔ མཆོད་རྟེན་མ་བཀུར་ལྡོག་པས་བརྫིས༔ དེ་ལས་ཁ་བྲག་ལམ་དུ་འཁྱར༔ ཕན་གནོད་གསང་བའི་མ་མོ་ཆེའོ༔ རྩ་ལ་ཞོན་ནས་ཁྲག་ལ་རྒྱུ༔ དོན་སྙིང་ཡན་ལག་དབང་པོར་བདག༔ འབྱུང་འཇུག་དྭངས་སྙིགས་ལས་བྱེད་པས༔ འཇུག་ཤེས་བར་གྱི་མ་མོ་ཆེའོ༔ དྭངས་སྙིགས་ལུས་སེམས་ཟུངས་བྱེད་དེ༔ བཅོ་བརྒྱད་ཁམས་ཀྱི་སྐད་མེད་མའི༔ སླར་ཡང་ལ་ཝའི་ཆོས་སྐད་མཐོ༔ གསང་བ་ཁམས་ཀྱི་མ་མོ་ཆེའོ༔ ཁྱད་པར་འཇིག་རྟེན་ལས་གཟུགས་ཀྱི༔ བལྟ་ཞིང་དགོད་ལ་རེག་པས་འཁྱུད༔ བདེ་དགའི་དུས་སྟོན་ཕྱག་རྩེར་གཏོད༔ ཕྱག་རྒྱ་རཱ་ཏིའི་མ་མོ་ཆེའོ༔ རི་རབ་རྩེ་སོགས་གནས་གསུམ་ནས༔ ཕྲ་མེན་གར་གྱིས་རྐེད་མེད་ཁྲོ༔ རབ་འབྱམས་ལས་ལ་རང་བྱན་ཚུད༔ ཕྲིན་ལས་མྱུར་མཛད་མ་མོ་ཆེའོ༔ མདོར་ན་འཁོར་འདས་གཡོ་འགྱུར་ཀུན༔ ཡེ་ཤེས་མ་མོའི་གར་སྟབས་ཡིན༔ ཡུལ་གྱི་བརྡ་སྒྲ་ཚངས་དབྱངས་ཀུན༔ ཆོས་ཉིད་མ་མོའི་གད་རྒྱང་ཡིན༔ རྟོགས་རིག་ཉམས་དང་བློ་སྣང་ཀུན༔ བདེ་ཆེན་མ་མོའི་སྦྱོར་སྒྲོལ་ཡིན༔ བྱ་བྱེད་འབྱུང་དུས་འཁོར་ལོ་གང་༔ ཅིར་ཡང་མ་མོའི་མི་མཛད་མཛད༔ སྲིད་ཞིའི་སྒོ་ཚུལ་བརྗིད་བག་བསྐྱང་༔ དབང་ལྡན་མ་མོའི་མཚར་སྡུག་བཞད༔ ནད་རིམས་ཁྲག་དང་ཁྲམ་ཚོན་གྲུ༔ དམ་ཚིག་མ་མོའི་ཆོ་འཕྲུལ་གཟེ༔ ལྟས་ངན་བྱོལ་སོ་གོད་འབྱུང་འཁྲུགས༔ འཇིག་རྟེན་མ་མོའི་མཐུ་སྟོབས་ཡིན༔ དུས་འཁྲུགས་མཚོན་བསྐལ་མུ་གེ་སོགས༔ བྱས་ཉེས་མ་མོའི་གདུག་རྩུབ་ཡིན༔ ཆོས་སྲིད་དབང་ཐང་དགོས་འདོད་དགུ༔ བསྟན་སྲུང་མ་མོའི་དངོས་གྲུབ་ཡིན༔ དེ་ཕྱིར་དོན་མཐོང་དབུ་འཕང་བསྟོད༔ མཆོད་བརྟེན་གུས་པའི་བྱིན་རླབས་ཀྱིས༔ ཆོ་འཕྲུལ་ནད་དལ་རང་ལ་བསྡུས༔ ཡེ་ཤེས་པ་ཁྱོད་རང་སར་བཞུགས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས༔ ཀླ་ཀློ་གདུག་པའི་བསྟན་པ་བསྣུབས༔ རྣལ་འབྱོར་བདག་གི་ཕན་སྐྱོབས་མཛོད༔ དམ་ལ་མ་འདའ་ས་མ་ཡཱ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ འདི་ཚར་རེ་གཏོན་ན་དུས་ངན་གྱི་ནད་རིམས་ཐམས་ཅད་ཆད་དོ༔ ཤ་ཟ་ཧོར་མོ་དངོས་ཀྱིས་རྨི་ལམ་དུ་ག་གཱ་ཨ་བྷྱེ་ལ་གནང་ངོ་། །མངྒ་ལཾ། །

སྔགས་བསྲུང་ཨེ་ཀ་ཙ་ཊིའི་མཆོད་ཕྲིན་བསྡུས་པ།

སྔགས་བསྲུང་ཨེ་ཀ་ཙ་ཊིའི་མཆོད་ཕྲིན་བསྡུས་པ་བཞུགས་སོ༔

བརྡ་ཡིག །བཅའ་ཐབས་དབུས་སུ་གཏོར་མ་གཅིག༔ ཕྱོགས་བཞིར་རང་འདྲ་བཞི་བའོ༔ གྲི་ཁུག་མཚན་པའི་མཆོད་བསྒྲུབ་གཏོར༔ ཉེར་སྤྱོད་ཆ་མ་ཆོ་དགུའི་གཏམས༔ ས་མ་ཡཱ༔ བྷྱོ༔ མདུན་དུ་དྲག་པོའི་གཞལ་ཡས་ཁང་༔ ནང་ན་པདྨ་ཉི་ཟླ་དང་༔ དྲིའུ་ནག་མོ་མགོ་དགུའི་སྟེང་༔ རིན་ཆེན་མུ་ཏིག་སྒ་ཆ་བསྟད༔ དེ་སྟེང་བྷྱོ་ལས་སྐད་ཅིག་གིས༔ དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཛ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ རལ་བ་གཅིག་དང་མིག་གཅིག་པ༔ ནུ་གཅིག་མཆེ་བ་གཅིག་ཏུ་གཙིགས༔ སྐུ་ལ་ན་བཟའ་མཐིང་ནག་གསོལ༔ ཕྱག་གཡས་དགྲ་སྙིང་དམར་པོ་ཟ༔ གཡོན་པས་གཡུ་སྤྱང་ཁྲ་ཐབས་འགྱེད༔ མདུན་དུ་སྲིན་མོ་མི་ཟན་མ༔ འབྲུག་ཞོན་སྤྲིན་གྱི་གོ་ཟུ་ཅན༔ གཡས་སུ་བལ་མོ་ཁྲག་མིག་མ༔ རོ་ལངས་ཞོན་ནས་མཁའ་ལ་འགྲོ༔ རྒྱབ་ཏུ་མ་མོ་རུས་འཆའ་མ༔ སོ་བྱ་ཞོན་ནས་མཚོ་ལ་བརྒལ༔ གཡོན་ཏུ་མོན་མོ་ཧུལླེ་མ༔ སྦྲུལ་ནག་མགོ་བརྒྱ་ཞོན་ནས་འཁྱུགས༔ ཀུན་ཀྱང་སྐུ་མདོག་མཐིང་ནག་ལ༔ ཕྱག་གཡས་བམ་གྱི་མགོ་ཁར་འཛུད༔ གཡོན་རྣམས་བྷནྡྷ་ཁྲག་བཀང་བསྣམས༔ འཁོར་དུ་ཤ་ཟ་སྨུག་ནག་འབུམ༔ ཡང་སྤྲུལ་ཕོ་ཉ་བསམ་མི་ཁྱབ༔ འོད་འཕྲོས་འོག་མིན་ཆོས་དབྱིངས་ནས༔ ཡེ་ཤེས་རང་བཞིན་སྤྱན་དྲངས་བསྟིམ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ འབོད་དོ་གཤེགས་སོ་བསྟན་སྲུང་རྒྱལ༔ ཀུན་ཏུ་བཟང་མོའི་སྤྲུལ་བ་མཆོག༔ ཨེ་ཀ་ཛ་ཊི་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་སྤྲུལ་གཤེགས་སུ་གསོལ༔ མོན་མོ་ཤ་ཟ་མ་མོའི་སྡེ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ མ་འགྱང་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་མ་མ་ཨེ་ཀ་ཙ་ཊི་ས་མ་ཡ་ཛ་ཛ༔ ཧཱུྃ༔ བསྟན་དགྲ་བསྒྲལ་བའི་བམ་ཆེན་ལ༔ སྔོན་གྱི་དམ་ཚིག་དབང་གིས་ནི༔ མ་མོ་ཆེན་མོ་འཁོར་དང་བཅས༔ གཉིས་མེད་བརྟན་པར་བཞུགས་སོ་འཚལ༔ ཨོཾ་རོ་རུ་ཨེ་ཀ་ཙ་ཊི་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ རྣལ་འབྱོར་གུས་པས་ཕྱག་འཚལ་ལོ༔ མཆོད་གཏོར་སྐྱེམས་གཙང་གསེར་གཡུའི་ཚོགས༔ བཞེས་ནས་བདག་གི་ཕྲིན་ལས་མཛད་དུ་གསོལ༔ བཛྲ་ཨེ་ཀ་ཙ་ཊི་ན་མོ་པཱུ་ཛ༔ ཧཱུྃ༔ རལ་གཅིག་སྲིད་པ་གཞི་ལ་བཟློག༔ ཚེམས་གཅིག་བསྟན་དགྲ་ཟས་སུ་ཟ༔ སྤྱན་གཅིག་འཁོར་འདས་དུས་མཉམ་གཟིགས༔ ནུ་གཅིག་བརྒྱུད་འཛིན་རྗེས་སུ་སྐྱོངས༔ ཙིཏྟས་རུ་ཏྲའི་དུག་གསུམ་གཅོད༔ གཡུ་སྤྱང་ཉམས་ལ་ཁྲ་ཐབས་གཏོང་༔ དྲེལ་རྟ་མྱུར་མགྱོགས་ཁྱབ་འཇུག་སྟོན༔ སྤྲུལ་བས་བཏང་སྙོམས་ནམ་མཁའ་མཚོན༔ ཡང་སྤྲུལ་ཐབས་མང་ཆོ་འབྲེལ་བས༔ གང་ནས་བོས་ཀྱང་ཁྱོད་ཀྱི་མིང་༔ དེ་གཅིག་ཐིག་ལེ་གཅིག་གཅིག་མཚོན༔ མ་མོ་ཁྲོས་མ་ནག་མོ་ཆེ༔ དབྱིངས་ཕྱུག་ཡུམ་ཆེན་ཁྱེད་ལ་བསྟོད༔ ཅེས་བརྗོད་དོ༔ དེ་ནས༔ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་མ་མོའི་ཐུགས་དམ་རྗེས་སུ་དྲན་ཏེ༔ འཁོར་འདས་ཀྱི་སྲོག་སྙིང་འོད་ཀྱི་ཙིཏྟའི་ཚུལ་དུ་བདག་གི་ཕྱག་ཏུ་གཏོད་པར་བསམ་ལ༔ ཨོཾ་ཨེ་ཨ་ར་ལ་ཙ་ཌི་མ་མ་ཛ་ཛ༔ རྦད་ན༔ དགྲ་ལ་རྦད་རྦད༔ བསད་ན༔ དགྲ་བོ་ཧུར་ཐུཾ་སོད༔ ཅེས་སོ༔ དེ་ནས་མཆོད་ན༔ བྷྱོ༔ དཔལ་ལྡན་ནག་མོ་ཀུན་གྱི་གཙོ༔ རི་རབ་ལྷོ་ཡི་མངའ་བདག་ལ༔ མཐུན་པའི་རྫས་ཀྱིས་བསྐང་བ་ནི༔ འབྲུག་དང་སོ་བྱ་དྲེའུ་རྟ༔ ཁྱེད་ཀྱི་མཐུན་པའི་རྫས་སུ་འབུལ༔ སྐུ་གླུད་མདོས་དང་བཟའ་བཅའ་བཏུང་༔ ཁྱེད་ཀྱིས་བཞེད་པའི་དཀོར་དུ་འབུལ༔ ཕྱི་ནང་གསང་བའི་མཆོད་པ་ཀུན༔ ཁྱེད་ཀྱིས་བཞེས་པའི་རྟེན་དུ་འབུལ༔ ཡོ་བྱད་རྣམ་པ་སྣ་ཚོགས་ཀྱང་༔ ཁྱེད་ཀྱི་ཐུགས་དགོས་བསྐང་ཕྱིར་འབུལ༔ སྲིད་པའི་མ་མོ་མ་འཁྲུགས་ཤིག༔ རྣལ་འབྱོར་བདག་ལ་འགོ་བ་དང་༔ སྡོང་གྲོགས་ཕྲིན་ལས་ཅི་བཅོལ་མཛོད༔ རང་དང་གཉན་པོ་དེ་དྲན་ནམ༔ བཛྲ་ཨེ་ཀ་ར་མ་བྷྱོ༔ ཨེ་དམ་བྷ་ལིངྟ་ཁཱ་ཧི༔ ཅེས་ཀྱང་དགེ་ལེགས་ངོར་ག་གཱས་སོ། །

ཞིང་སྐྱོང་དུར་ཁྲོད་ལྷ་མོའི་ཕྱག་རྒྱ་ཁམས་གསུམ་དབྱིངས་སྒྲོལ།

ཞིང་སྐྱོང་དུར་ཁྲོད་ལྷ་མོའི་ཕྱག་རྒྱ་ཁམས་གསུམ་དབྱིངས་སྒྲོལ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གང་ཞིག་རྣལ་འབྱོར་དམ་ལྡན་པས༔ དུར་ཁྲོད་བདག་མོ་བསྒྲུབ་འདོད་པས༔ གནས་ནི་དུར་ཁྲོད་རྩུབ་འགྱུར་ཚལ༔ ཡང་ན་འཁྲུགས་རྩོད་ཆེ་བའི་ཤུལ༔ ཤིང་ཡང་ཚེར་མ་ཅན་མང་ཞིང་༔ ངམ་འབྲོག་བཟོད་པར་དཀའ་བའི་སར༔ སྟེགས་བུ་གྲུ་བཞི་མཉམ་པ་ལ༔ ཐིག་གདབ་ཆོ་ག་རྒྱས་པ་སོགས༔ ཡོད་ཀྱང་བསྡུ་ན་མཚོན་པ་ཙམ༔ ཐིག་ཚོན་རོ་རས་སམ་རྒྱུས་ཆེན་ལ༔ བྱས་ནས་སྤྱི་ལྟར་དམ་ཡེ་གདབས༔ དེ་ནས་བྲི་བ་གཞལ་ཡས་ཁང་༔ བྷནྡྷའི་རྩིག་པ་དཀར་བོ་བྱ༔ དཀྱིལ་གྱི་ལྟེ་བ་གྲུ་གསུམ་ལ༔ སྒོ་བཞིན་རྟ་བབས་བཞི་ལྡན་ནོ༔ ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་དང་༔ མེ་ཕྲེང་ལ་སོགས་ཆས་རྫོགས་བྱ༔ དེ་སྟེང་གཙོ་མོའི་གཏོར་མ་ནི༔ ཟུར་གསུམ་དམར་ནག་བརྗིད་པ་ལ༔ འཁོར་དུ་རང་འདྲ་བཞི་ཡི་མཐར༔ ཕྱེད་ཚད་ལོང་བ་བརྒྱད་ཀྱིས་བསྐོར༔ འཚོགས་ན་ལྷ་ཀླུ་ཕྱོགས་སྐྱོང་དང་༔ གནས་བསྲུང་རིག་འཛིན་ཐམས་ཅད་ལ༔ མཚོན་བྱེད་བྷ་ལིང་ཆུང་བ་བཀོད༔ དེ་ནས་རང་ཉིད་ཡི་དམ་ནི༔ གསང་བའི་བདག་པོའི་སྙེམས་འཆང་ལ༔ ཧཱུྃ༔ མདུན་དུ་མེ་རླུང་ཁྲག་མཚོའི་དཀྱིལ༔ བཀོད་པ་ཕུན་ཚོགས་དུར་ཁྲོད་དུ༔ རབ་འཇིགས་ཐོད་མཁར་གྲུ་གསུམ་ནི༔ དྲག་པོ་རོལ་པའི་གཞལ་ཡས་དབུས༔ པདྨ་ཉི་མ་རོ་གདན་ལ༔ བྷྱོ་ཡིག་དམར་པོའི་འཕྲོ་འདུ་ལས༔ བསྟན་དགྲ་མ་ལུས་ཚར་གཅད་དེ༔ སྲིད་པའི་མ་མོའི་གཟི་བྱིན་བསྡུས༔ ཡོངས་གྱུར་ལྷ་མོ་ངན་ནེ་མ༔ ཞལ་གཅིག་ཕྱག་གཉིས་འདོར་སྟབས་བསྒྲད༔ ཁྲོ་གཉེར་ཆུ་བོའི་རླབས་བཞིན་གཡོ༔ དབུ་སྐྲའི་བསྐལ་མེ་གྱེན་དུ་འབར༔ ཕྱག་གཡས་དགྲ་སྙིང་དྲོན་མོ་ཟ༔ གཡོན་པས་བྷནྡྷར་དགྲ་ཁྲག་གསོལ༔ སྐུ་སྟོད་ཞིང་ཆེན་གཡང་གཞིའི་དཀྲིས༔ སྐུ་སྨད་སྟག་གི་ཤམ་ཐབས་ཅན༔ རྐེད་ལ་གླང་ཆེན་གོ་རློན་གྱོན༔ མིག་ནས་ཉི་མའི་འོད་ཟེར་འཕྲོ༔ ཞལ་ནས་ཨེ་བྷྱོའི་འབྲུག་སྟོང་བཞད༔ རྣོ་དབལ་མཆེ་བ་མན་དུ་གཙིགས༔ སྤྱན་གསུམ་སྟོང་གསུམ་དུས་གཅིག་གཟིགས༔ སྡང་མིག་ཕྱོགས་བཅུའི་བགེགས་ལ་གཟིར༔ ཚེམས་ཕྲེང་རྣོ་དབལ་རྡོ་རྗེ་ཡིས༔ སྲིད་པ་གསུམ་པོ་ཟ་བར་བྱེད༔ མི་མགོ་སྐམ་པོའི་དབུ་རྒྱན་དུ༔ དབྱིངས་ཀྱི་ཡུམ་ལྔ་རིགས་བདག་ཁུར༔ དབུ་སྟེང་ཐོད་སྐམ་རྡོ་རྗེའི་མཚན༔ སྙན་ལ་ཉི་ཟླའི་ཝ་མིག་མཛེས༔ མི་མགོ་རློན་པས་མགུལ་འཁོར་ཅན༔ ཙིཏྟ་སྙིང་གི་ཕོ་ལུང་འཕྱང་༔ སྦྲུལ་རིགས་ལྔ་ཡིས་ཡན་ལག་བརྒྱན༔ ཁྲག་འཛག་པ་དང་གཅན་གཟན་གྱི༔ མགོ་དང་ཡན་ལག་དོ་ཤལ་ལ༔ རུས་པའི་ཕྲེང་པས་དྲྭ་ཕྱེད་བརྒྱན༔ མིག་མཁལ་མཚེར་བས་མཆོད་ཕྱིར་ཏོག༔ སྐུ་ལ་བསྐལ་པའི་མེ་ཆེན་འབར༔ ཤངས་ནས་དུས་མཐའི་རླུང་ནག་འཚུབ༔ དར་དཔྱང་རཏྣས་ཕྱོགས་སུ་འཕུར༔ སྒེག་ཅིང་མཛེས་ལ་རྔམས་ཤིང་བརྗིད༔ ཤར་དུ་རྟོག་མེད་པད་ཉིའི་སྟེང་༔ སྐུ་ཡི་ལྷ་མོ་བརླག་བྱེད་མ༔ ཕྱག་ན་མེ་ལོང་དགྲ་སྙིང་འཛིན༔ ཞབས་གཉིས་གཡས་བསྐྱང་དོར་སྟབས་འགྱིང་༔ གཤིན་རྗེར་པད་ཉི་དབུགས་བྲལ་སྟེང་༔ ཡོན་ཏན་ལྷ་མོ་འཇོམས་བྱེད་མ༔ ཕྱག་གཉིས་ནོར་འཛིན་ཙིཏྟ་འཕྱར༔ གཡས་གཡོན་བརྐྱང་བསྐུམ་དོར་སྟབས་འགྱིང་༔ ཆུ་བདག་པད་ཉི་དགྲ་བགེགས་སྟེང་༔ གསུང་གི་ལྷ་མོ་ཕུང་བྱེད་མ༔ གཡས་གཡོན་པདྨ་སྙིང་རྒྱལ་མཚན༔ གཡས་བསྐུམ་གཡོན་བརྐྱང་གར་སྟབས་ཅན༔ གནོད་འཛིན་པད་ཉི་རྒྱ་གྲམ་སྟེང་༔ ཕྲིན་ལས་རྡོ་རྗེ་གསོད་བྱེད་མ༔ རལ་གྲི་འཕྱར་ཞིང་ཏིར་ཆུང་འཆང་༔ གཡོན་བརྐྱང་གཡས་བསྐུམ་དོར་སྟབས་ཅན༔ ཕྱོགས་བཞི་དང་བཅས་མཚམས་བརྒྱད་དུ༔ ལྕམ་དྲྭལ་ཆེན་པོ་རྣམ་པ་བརྒྱད༔ གཡས་ནས་ཆོས་ཀྱི་བསྐོར་ཕྱོགས་ཀྱིས༔ མ་ངེས་ཆོ་རོལ་སྣ་ཚོགས་ཅན༔ ཀླུ་མོ་སྔོན་མོ་གདེང་ཀ་རྩེན༔ བདུད་མོ་ནག་མོ་ཁྲག་རལ་འབར༔ འདྲེ་མོ་དམར་མོ་མིག་སྟོང་བཀྲ༔ ཡཀྵ་ལྗང་མོ་ཁ་བརྒྱ་གདེངས༔ རོ་ལ་ཞོན་ནས་བློན་ཚུལ་འགྱིང་༔ ཀུན་ཀྱང་གཡས་པས་ལྕགས་ཀྱུ་དང་༔ ཞགས་པ་ལྕགས་སྒྲོགས་དྲིལ་བུ་འཛིན༔ གཡོན་པས་བྷནྡྷ་རཀྟ་གསོལ༔ དབང་ལྡན་ནས་ནི་བོན་སྐོར་དུ༔ སོ་སོ་རང་རང་ཕྱོགས་སྐྱོང་གཙོ༔ རྡོ་རྗེ་རཀྴས་གཟིག་ཆེན་ཞོན༔ རྡོ་རྗེ་རྨེ་རུས་བྷྱ་གྲི་ ༼ བྱ་གྷྲི་དཔྱད། ༽ ཡ༔ རྡོ་རྗེ་ར་མགོས་དྲེད་མོང་བཅིབས༔ རྡོ་རྗེ་ཟི་ར་ཤུགས་འཆང་ཅན༔ ཀུན་ཀྱང་གཡས་ན་མདུང་ཐུང་དང་༔ གཡོན་པས་སྦྲུལ་དང་ནད་ཞགས་འཁྱུག༔ ཕྱི་རིམ་དུར་ཁྲོད་གནས་བརྒྱད་དུ༔ མེ་ཆུ་ཤིང་སྤྲིན་མཆོད་རྟེན་ལ༔ གྲུབ་ཐོབ་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ༔ ཕྲ་མེན་སྣ་ཚོགས་ཆོ་འཕྲུལ་བསྒྱུར༔ རྫུ་འཕྲུལ་ཞིང་བརྒྱ་དུས་གཅིག་བསྐོར༔ ལ་ལས་མཚན་མ་སྦེད་དང་ངོམས༔ ལ་ལས་རང་གི་ཁོག་འདྲལ་བལྟ༔ ལ་ལས་རང་གི་ནང་ཁྲོལ་ཟ༔ ལ་ལས་བཞིན་སྡུད་རལ་བསིགས་བལྟ༔ ལ་ལས་ཤ་ཟ་རྒྱུ་མ་འཐེན༔ ལ་ལ་གློག་གི་ལུས་པོ་ཅན༔ ལ་ལ་ན་བུན་མགོ་བོ་ཅན༔ ལ་ལ་ཡར་ཕྱེད་གདོང་ཕྱེད་ཀྱི༔ ལུས་གཅིག་མགོ་བརྒྱད་མགོ་གཅིག་ལུས༔ སྟོང་ལྡན་ཤ་མེད་ཀེང་རུས་འབར༔ སུས་ཀྱང་རྒྱུ་བར་མི་ནུས་པའི༔ མཐའ་འཁོར་དུར་བྱ་དུར་གཅན་མང་༔ མིག་འབྲུ་རྒྱུ་ལྟོ་ཤ་རུས་འཆའ༔ མེ་རིའི་རྭ་བ་བསྣོལ་མར་གཟེང་༔ དེ་ལྟར་ལྷ་ཚོགས་ཐམས་ཅད་ལ༔ བདག་ཉིད་ཡི་དམ་ཐུགས་ཀ་ནས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་གྱི༔ སྐུ་གསུང་ཐུགས་སུ་དབང་བསྐུར་ཞིང་༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཉི་ཤུ་རྩ་བཞིའི་གནས་མཆོག་དང་༔ ཧེ་རུ་ཀ་ཡི་གནས་བཅུ་དང་༔ དུར་ཁྲོད་བརྒྱད་དང་མེ་རི་འབར༔ དམ་ཚིག་རང་བཞིན་ལྷུན་གྲུབ་ཀྱི༔ གནས་ནས་ཡེ་ཤེས་སྤྱན་དྲངས་གྱུར༔ ཨོཾ་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སྲིད་པའི་ཡབ་ཡུམ་རོལ་བ་ལས༔ ཕྱི་སྣང་ཡུལ་གྱི་དུར་ཁྲོད་དུ༔ རུ་ཏྲ་བསྒྲལ་བའི་ཞིང་ཁམས་བྱུང་༔ གདུལ་བྱེད་ལས་ཀྱི་ངན་ནེ་མ༔ སྟོན་འཁོར་སྤྲུལ་སྐུའི་ཕུན་སུམ་ཚོགས༔ བར་དུ་གཟུང་འཛིན་རྒྱུན་འབྲེལ་བའི༔ རང་ལུས་ཞིང་གྱུར་དུར་ཁྲོད་དུ༔ རང་སེམས་ནང་གི་ངན་ནེ་མ༔ ཚོགས་བདུན་བརྒྱད་ཁྲིའི་འཁོར་གྱིས་བསྐོར༔ ཐ་མ་དོན་གྱི་དཔལ་མཚོ་རུ༔ ཡུལ་བརྒྱད་དག་པའི་དུར་ཁྲོད་བརྒྱད༔ རང་གྲོལ་རྒྱལ་མོ་ངན་ནེ་མའི༔ འཁོར་བ་དབྱིངས་སྒྲོལ་སྤྲུལ་བ་འབུམ༔ དེ་ལས་འགྱུར་བའི་ཟག་མེད་ཀྱང་༔ མ་རྟོགས་འཁོར་འདས་ཞེན་གོལ་གཟེབ༔ བསླུ་ཕྱིར་སྐྱེ་རྒྱུད་ཚུལ་བསྟན་ཏེ༔ རྡོ་རྗེ་ཐེག་པའི་བསྲུང་མ་ཆེས༔ ད་ལྟ་རྣལ་འབྱོར་སྐྱབས་བཅོལ་གྱི༔ མ་འགྱང་མ་གཡེལ་ད་ཚུར་བྱོན༔ བྷྱོ་ཨ་ར་ལ་ཤ་མ་ཤ་ན་དཱེ་ཝི་ན་མ་ཀ་ས་མུ་དྲ་ཕེཾ་ཕེཾ༔ ཨེ་ཧྱ་ཧི༔ ཅེས་ཚིལ་ཆེན་གྱི་བདུག་པས་བདུག་སྟེ༔ ཞིང་ཆེན་གྱི་གཡབ་མོའི་གཡབ༔ རྐང་ཆེན་གྱི་གླིང་བུའི་སྤྱན་འདྲེན་ཅིང་ཐིབས་ཀྱིས་བྱོན་པར་བསམ་ལ༔ བཞུགས་གསོལ་ཞུ་བ་ནི༔ ཧཱུྃ༔ ཁྱོད་ནི་རྒྱལ་བའི་བསྟན་སྲུང་སྟེ༔ ཆོས་སྐྱོངས་རྣལ་འབྱོར་སྐྱབས་སུ་ཆད༔ ང་ནི་རྒྱལ་བའི་རྗེས་འཇུག་པས༔ ཚུལ་བཞིན་བསྒྲུབ་པའི་གཉེར་བླངས་ཆད༔ དམ་ཚིག་གསང་བའི་གདན་སྟེང་དུ༔ མི་འབྲལ་གཏན་དུ་བཞུགས་པར་ཆད༔ གུས་པའི་བསྟི་སྟངས་གཙུག་ལག་ལ༔ རང་གཉིས་དམ་ཚིག་གཙིགས་པར་ཆད༔ ཆད་མ་བཙན་པོ་ཁྱོད་བྱོན་ན༔ རྟེན་ལ་བཞུགས་ཤིག་མཐུ་དཔུང་སྦྲེལ༔ བྷྱོ་ས་མ་ཡ་མནྜ་ལ་ཏིཥྛ་ཏིཥྛ་ཧོ༔ དེ་ནས་ཕྱག་འཚལ་བ་ནི༔ ཀྱཻ༔ ཞིང་སྐྱོང་མཁའ་འགྲོའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པ་ཆེན་པོ་ཡིས༔ བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ ཅེས་བརྗོད་དོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ ཡོན་ཆབ་བསིལ་བྱེད་མེ་ཏོག་མཛེས༔ དྲི་ཞིམ་སྤོས་དང་མར་མེ་དང་༔ བྱུག་པས་བདེ་བསྐྱེད་ཞལ་ཟས་སྣ༔ སྙན་པའི་རོལ་མོ་སྣ་ཚོགས་དང་༔ ཡིད་འོང་རྒྱལ་སྲིད་རིན་ཆེན་བདུན༔ དཔུང་བཞི་རུ་འདྲེན་འཁོར་གྱི་ཚོགས༔ ཁྱད་པར་སྤྱན་བཀྲའི་གནམ་རུ་དཀར༔ སྟག་གཟིག་དོམ་དྲེད་ཤེས་ལྡན་མི༔ འདབས་ཆགས་སྡེར་ཆགས་རྨིག་ཆགས་གཟུགས༔ བརྗིད་ལྡན་ཡོ་བྱད་མཛེས་པའི་རྒྱན༔ དགྲ་ཤ་ཁྲག་གི་རི་མཚོ་ཐང་༔ དྲག་པོའི་དབང་པོའི་མེ་ཏོག་དང་༔ དམ་རྫས་ནང་གི་ཉེར་སྤྱོད་སྣ༔ གཏོར་མ་ཡེ་ཤེས་བདུད་རྩི་སྐྱེམས༔ ཁང་ཁྱིམ་གནས་མལ་གཟིམ་ཆས་འཇམ༔ རཏྣའི་བང་མཛོད་རས་ཕྲུག་དར༔ བགོ་བའི་གོས་གསུམ་བྷནྡྷའི་སྣོད༔ སྐུ་གླུད་མདོས་མདོངས་ནམ་མཁའ་རྒྱང་༔ གོ་མཚོན་སྣ་ཚོགས་བྱིས་བམ་སྣ༔ ཕྱི་ལྟར་བདུད་རྩི་སྨན་རཀྟ༔ ནང་ལྟར་མཉམ་སྦྱོར་བདེ་བའི་རྒྱུ༔ གསང་བ་འགྲོས་ལྡན་དགའ་བའི་རོ༔ ཡང་གསང་མ་བཅོས་སྟོང་པའི་ཉམས༔ ཁོ་ན་ཉིད་ནི་བྱང་ཆུབ་སེམས༔ འཇིག་རྟེན་པ་དང་འཇིག་རྟེན་འདས༔ ལྷ་མོའི་ཐུགས་དམ་བསྐང་ཕྱིར་འབུལ༔ ཉེ་བར་གྱུར་བའི་དམ་ཚིག་མཆོག༔ བཞེས་ནས་རྣལ་འབྱོར་བདག་ཉིད་ལ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ མ་སྲིང་ཚུལ་གྱིས་བྱམས་བརྩེའི་སྐྱོངས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཏི་ར་དཱི་པ་པ་ཏི་སརྦ་རཏྣ་སརྦ་མཾ་ས་ཙིཏྟ་ཀོ་རོ་ཙ་ན་ཀེཾ་ནི་རི་ཏི་གཉྩ་པཉྩ་ཙ་ཁུག་བ་སུ་ཏ་རཱུ་པ་ནས། སྤརྴེ་ཨ་མྲ་ཏ་ར་ཏི་བྷ་ལིངྟ་རཱ་ག་སུ་ཁ་ཤུ་ནྱ་ཏ་ས་མ་ཏ་གྷ་ན་པཱུ་ཛ་ཁཱ་ཧི༔ ཞེས་བརྗོད་དོ༔ བསྟོད་པ་ནི༔ ཧཱུྃ་བྷྱོ༔ ཁྲོ་མེད་རྔམས་ཆེན་བྷ་ག་ཡངས་པ་ནས༔ དུས་གསུམ་རྒྱལ་བ་ཐམས་ཅད་རྟག་ཁྱབ་རོལ༔ གཟུང་འཛིན་རོ་རྐྱང་རྣམ་རྟོག་དབུ་མར་བསྣུབས༔ ཟ་བྱེད་དཀར་མོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཤེས་རབ་སྤྱན་སྟོང་བཀྲ་བས་འཁོར་འདས་ཆོས༔ མ་འདྲེས་ཡོངས་གཅོད་ལུགས་འབྱུང་རྟེན་འབྲེལ་ཚོགས༔ རྒྱུ་འབྲས་འདས་པའི་འཁྲུལ་འཁོར་གཅིག་གིས་ལྡོག༔ དམར་མོ་ཁྲག་འཐུང་མ་ལ་ཕྱག་འཚལ་བསྟོད༔ ཐབས་ཀྱི་ཕ་རོལ་ཕྱིན་པའི་གོ་ཆའི་སྦྱོར༔ སྲིད་ཞི་ཀུན་ནས་རིས་སུ་མ་ཆད་པར༔ འཇའ་ཚོན་བཞིན་བཀྲ་དགའ་བའི་མིག་འབར་མ༔ སེར་མོ་ཀུན་འཆིངས་མ་ལ་ཕྱག་འཚལ་བསྟོད༔ རྟག་ཏུ་གཉེན་པོ་ཡེ་ཤེས་རྡོ་རྗེ་དང་༔ ཤུགས་སྒྲོལ་ཤིང་རྟ་ཆེན་པོའི་ཁ་ལོར་ལྡན༔ མ་གོས་རོལ་རྩེད་ཁམས་གསུམ་མནར་མེད་སྒྲོལ༔ གསོད་བྱེད་ཀུན་འཇིགས་མ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཚོགས་བརྒྱད་མི་མངའི་དུར་ཁྲོད་ཆེན་པོ་བརྒྱད༔ རྣམ་ཐར་ཡོན་ཏན་བརྒྱད་ཀྱི་ཤིང་བརྒྱད་དང་༔ ཚད་མེད་བརྒྱད་ལྡན་ཐུགས་རྗེའི་སྤྲིན་བརྒྱད་དང་༔ འབྱུང་ལྡོག་དགའ་བ་བརྒྱད་ཀྱི་རིག་པ་འཛིན༔ གདུག་པ་བརྒྱད་དང་མི་དགེ་བཅུ་བཅོམ་པས༔ ཀླུ་དང་ཕྱོགས་སྐྱོངས་རྟོག་ཡུལ་སྤྲོས་བྲལ་གྱི༔ གནས་ཡུལ་དུར་ཁྲོད་བདག་མོའི་རྣམ་པ་ལ༔ བྱང་ཆུབ་ཕྱོགས་ཆོས་མཐར་ཕྱིན་གཞལ་ཡས་ཁང་༔ དབང་ཕྱུག་ཕུན་སུམ་ཚོགས་པའི་གདན་སྟེང་དུ༔ སྲིད་ལས་འདས་པའི་རལ་བ་གནམ་དུ་གཟེང་༔ འབྲས་བུ་མངོན་གྱུར་དབང་རྟགས་ཕྱག་རྒྱའི་མཛེས༔ ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག་པ༔ ཐབས་ཤེས་སྣང་སྟོང་བདེན་གཉིས་ཟུང་འཇུག་པའི༔ སྤྱན་དང་སྙན་ཤལ་ཤངས་ཀྱི་དབྱིབས་མཐོར་བཅས༔ དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱག་ན་མོ༔ ཏན་གན་ཐབས་ཀྱིས་གཟུང་བའི་ཕྱག་མཚན་ཅན༔ སྲིད་ཞིའི་མཐའ་ལ་མི་གནས་དོར་སྟབས་ཞབས༔ ཆགས་མེད་རྣམ་པར་དག་པའི་སྐུ་མདོག་དམར༔ ཡེ་ཤེས་རང་རྩལ་རྫོགས་པའི་སྤྲུལ་འཁོར་འབུམ༔ རྫུ་འཕྲུལ་ཁྱབ་འཇུག་གནས་གསུམ་ཀུན་གྱི་བདག༔ བརྗོད་མེད་ཕ་རོལ་ཕྱིན་མངའ་ཁྱོད་ལ་བསྟོད༔ དེ་ནས་བཟླས་པ་བྱ་བ་ནི༔ ལྷ་མོ་འཁོར་དང་བཅས་བའི་ཐུགས་ཀར་ཉི་མའི་གདན་ལ་བྷྱོཿཡིག་དམར་པོའི་མཚན་པ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ་ལ༔ བདག་ཡི་དམ་ཀྱི་ཐུགས་ཀའི་སྔགས་ཕྲེང་འཕྲོས་ཏེ་ཐིམ་པས་དམ་ཚིག་གཅིག་གིས་འབྲེལ་ཏེ་ཅི་བསྒོ་བའི་བཀའ་ཉན་ཅིང་གསུང་སྡོད་པར་བསམ་ལ༔ ཨོཾ་བཛྲ་ཤྨ་ཤ་ན་དཱེ་ཝི་ཙིཏྟ་སརྦ་ད་ན་ཨཱཿཧཱུྃ༔ ཅེས་བརྗོད་ལ་བཟླའོ༔ ཁྱད་པར་ལས་ལ་སྦྱར་བ་ལ༔ དུས་ཀྱི་སྤྱི་གནད་མ་མོ་མཐུན༔ ལས་ཚོགས་རིམ་པ་གཞན་དུ་ཤེས༔ ཁྱད་པར་དགྲ་ལ་རྦད་པའི་སྔགས༔ ཨ་སྟི་ར་དཱི་པ་པཱ་ཏི་དགྲ་ལ་ཡ་མི་ཁྱེ་རྒྱུག་རྒྱུག་བྷྱོ་ཛ་ཛ༔ ཅེས་སོ༔ ནོར་ཤོར་བའི་རྗེས་སུ་སྦྲན་པ་ནི༔ ཨ་སྟི་ར་དཱི་པ་ཏ་རི་ཏྲི་རྦད་རྦད་བི་ཤྭ་ཆོ་འཕྲུལ་སྟོན་ཡ་སྟོན་ཡ༔ བསད་པ་ལ༔ ཨ་ཤྨ་ཤ་ན་པ་ཏི་དགྲ་བགེགས་མ་ར་ཡ་སོད་སོད༔ ཅེས་བརྗོད་དོ༔ འདི་ནི་གཙུག་ལག་དཀོར་གྱི་བདག༔ བསམ་བཞིན་བཞེངས་པའི་མཛད་པ་ཅན༔ རྡོ་རྗེ་ཕག་མོ་ཉིད་ཡིན་གྱི༔ དྲེགས་པ་རང་རྒྱུད་མ་འཛིན་ཅིག༔ ས་མ་ཡཱ༔ དེང་སང་རྒྱུ་འབྲས་མི་ཤེས་པས༔ ཐུགས་རྗེ་ལྡན་པའི་ཡེ་ཤེས་པ༔ སྲིད་ཞི་ཀུན་ཁྱབ་མ་ཤེས་ཏེ༔ དེ་ལས་རང་རྒྱུད་མྱུར་རོ་སྐད༔ ཡེ་ཤེས་སྤྱན་དང་མངོན་ཤེས་དང་༔ རྫུ་འཕྲུལ་རྒྱ་མཚོའི་གཏེར་མཛོད་དེ༔ གལ་ཏེ་མྱུར་རྒྱུ་མ་ཡོད་ན༔ ཕྱོགས་གཅིག་ཡོད་པའི་འཇིག་རྟེན་པས༔ གཏན་གྱི་སྐྱབས་མགོན་མ་དགོས་པའི༔ གནས་སྐབས་འདོད་པའང་བསྒྲུབ་མི་ནུས༔ དབང་བཅུ་ཕུལ་བྱུང་མ་ཐོབ་པས༔ སྔོན་རབས་དམ་ཅན་བསྒྲུབ་པ་བཞིན༔ དེ་ཕྱིར་འདི་ནི་ཚུལ་བསྟན་པའི༔ གསལ་བརྟན་གྱད་འགྱུར་དགོས་པ་ལས༔ དོན་ལ་ཡེ་ཤེས་ལྷ་ཡིན་ཕྱིར༔ མཆོག་ཐུན་དངོས་གྲུབ་བདེ་བླག་འགྲུབ༔ དངོས་གྲུབ་ཆེ་དང་མྱུར་བ་གཉིས༔ སྟབས་གཅིག་པ་ལ་འདི་ཉིད་པས༔ རྣལ་འབྱོར་རྣམས་ཀྱིས་སྤྱི་བོར་ལོངས༔ ས་མ་ཡཱ༔ དུས་ཀྱི་གཞན་དབང་མ་གྱུར་རང་འདོད་བཞིན། །མཁྱེན་བརྩེ་ནུས་པའི་ཡོན་ཏན་མ་སྨད་ཅིང་། །བསླབ་གསུམ་རྒྱན་གྱིས་ལེགས་མཛེས་འགྲོ་བ་འདུལ། །རྡོ་རྗེ་རྒྱལ་མཚན་གསུང་གིས་དབུགས་དབྱུང་ལས། །གྲོང་སྔགས་རྒན་པོའི་བག་ཡངས་བློ་ཤོ་བསྐྱེད། །རང་གཞན་དོན་སླད་བསྡུ་བཞིའི་ཕྲིན་ལས་ལ། །བར་ཆད་ཉེར་འཚེའི་མཚན་མ་འདིའི་བསལ་ནས། །སྔོན་བྱོན་དམ་པའི་མཛད་པ་རྗེས་གྲུབ་ཤོག །ཅེས་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་ཚིག་ཙམ་ལ་རྣལ་འབྱོར་དུ་བྱེད་པ་ག་གཱས་སོ། །དགེའོ། །དགེའོ། །དགེའོ། །

ཞིང་སྐྱོང་དུར་ཁྲོད་ལྷ་མོའི་ཕྲིན་ལས་ཉེར་མཁོའི་བུམ་བཟང་།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཞིང་སྐྱོང་དུར་ཁྲོད་ལྷ་མོའི་ཕྲིན་ལས་ཉེར་མཁོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །འདི་ལྟར་བསྒྲུབ་བའི་གང་ཟག་གིས༔ ལས་གཞུང་ཚུལ་བཞིན་གྲུབ་པ་དང་༔ རྩ་བསྙེན་ཅི་འགྲུབ་བཟླས་པའི་མཐར༔ མཆོག་གི་དངོས་གྲུབ་ཀུན་འབྱུང་གཏེར༔ ཤེས་རབ་སྣང་བ་བསྒྲུབ་རྩོམ་ན༔ སྔགས་ཀྱི་བསྒྲུབ་པའི་གོ་ས་རུ༔ ཧཱུྃ༔ ཆོས་སྐུ་ཤེས་རབ་ཕ་རོལ་ཕྱིན༔ ལོངས་སྐུ་སྣ་ཚོགས་ཡུམ་ཆེན་མོ༔ སྤྲུལ་སྐུ་ལྷ་མོ་དབྱངས་ཅན་མ༔ ཡང་སྤྲུལ་དུར་ཁྲོད་བདག་མོ་སྟེ༔ ངོ་བོ་དབྱེར་མེད་རིག་པ་དང་༔ རྐང་བར་ལྡན་པའི་ཏིང་འཛིན་གྲོགས༔ ལྷ་མོའི་སྙིང་ཁར་ཡེ་ཤེས་སེམས༔ སྣ་ཚོགས་བདག་མོ་སྐུ་མདོག་སེར༔ གཅེར་བུ་གྲི་ཐོད་གཡས་གཡོན་འཛིན༔ ཞབས་གཉིས་བརྐྱང་བསྐུམ་རྟ་བབས་ཚུལ༔ ཕྱེད་བཅིངས་དབུ་སྐྲ་ལན་ཚར་ཅན༔ ཉི་ཟླའི་གའུ་ཁ་སྦྱོར་དབུས༔ པདྨའི་གདན་ལ་བཞུགས་པ་ཡི༔ ཐུགས་དབུས་འཁོར་ལོའི་ལྟེ་བར་ཧྲཱི༔ རྩིབ་བཞིར་རང་སྔགས་མཚམས་བཞི་རུ༔ མཁའ་འགྲོ་སྤྱི་དྲིལ་མཆན་བརྒྱད་དུ༔ ཤེས་རབ་ཡེ་ཤེས་སྙིང་པོ་བཀོད༔ བཟླས་པས་འོད་ཟེར་སུ་ཝར་མདོག༔ ཡར་འཕྲོས་སངས་རྒྱས་བྱང་སེམས་དང་༔ ཉན་ཐོས་རང་རྒྱལ་ཐམས་ཅད་ཀྱི༔ གཟུངས་ཀྱི་སྒོ་བཞི་སྤོབ་པའི་གཏེར༔ སོ་སོ་ཡང་དག་རིག་པ་བརྙེས༔ རྣོ་མྱུར་ཟབ་གསལ་རྒྱ་ཆེ་བའི༔ བདག་མེད་བདེན་པ་མངོན་མཐོང་རྩལ༔ སོ་སོར་རྟོགས་པའི་གཅོད་ཁམས་ཀྱི༔ རྒྱུ་ལས་བྱུང་བའི་ངོ་བོ་ཡི༔ ཕ་རོལ་ཚུར་མཐོང་གནས་རྣམས་ལ༔ སྒྲོ་འདོག་ཅིག་ཆོད་བྱེད་ལས་ཅན༔ ཇི་ལྟ་ཇི་སྙེད་མཁྱེན་པའི་འབྲས༔ ཡོན་ཏན་དབང་བྱིན་དངོས་གྲུབ་འོད༔ སེར་གསལ་རྣམ་པས་བདག་ལ་ཐིམ༔ འཁོར་ལོ་དྲག་ཏུ་འཁོར་བ་ཡིས༔ མི་ཤེས་སྒྲིབ་པའི་རྒྱ་ཕྲལ་ཏེ༔ ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ༔ བློ་མཆོག་པདྨོ་རྒྱས་པར་བསམ༔ མར་འཕྲོས་འགྲོ་བ་སེམས་ཅན་གྱི༔ རྒྱུ་འབྲས་རྨོངས་བ་ཀུན་བསལ་ནས༔ ཡེ་ཤེས་སེམས་དཔའི་གནས་ཐོབ་གྱུར༔ ཨོཾ་བཛྲ་བི་ཤྭ་ཧ་རི་ནི་ས་ཧྲིཾ༔ པྲ་ཛྙཱ་ཛྙཱ་ན་གརྦྷ་ཨཱཿཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅེས་བརྗོད་ཤེས་རབ་རིལ་བུ་ནི༔ འཇམ་དཔལ་རྟག་ངུ་པདྨའི་རག༔ མི་བརྗེད་གཟུངས་ལ་སྔགས་འཆང་རྒྱལ༔ བྱང་ཆུབ་སེམས་དང་དུརྦ་བ༔ ཁྱད་པར་སྲིད་བཅུད་དང་དྲིལ་བའི༔ ཤིང་ཤིང་དྲིལ་བུ་ལྔ་བ་ལ༔ ཧྲཱིཾ་མཚན་ཡི་གེར་ལྡན་པ་བསྒྲུབ༔ རིལ་བུ་དབྱངས་ཅན་སྐུའི་ཕྲ་མོ༔ ཁོང་དུ་བཏང་པས་བློ་གཏེར་དང་༔ མི་གཉིས་ཡེ་ཤེས་མྱུར་དུ་ཐོབ༔ གཉིས་པ་ཐུན་མོང་དངོས་གྲུབ་ལ༔ མཐོ་རིས་ཡོན་ཏན་ཀུན་གྱི་རྩེ༔ ནོར་དང་ལོངས་སྤྱོད་བསྒྲུབ་འདོད་ན༔ ཧཱུྃ༔ དུར་ཁྲོད་ལྷ་མོའི་ཐུགས་ཀ་རུ༔ གཏེར་གྱི་བུམ་པའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་དབྱངས་ཅན་མ༔ གསེར་མདོག་འབྲས་ཀྱི་སྙེ་མ་གཡས༔ རིན་ཆེན་གཏེར་གྱི་བུམ་པ་གཡོན༔ གྲོགས་མོ་ལྷ་མོ་བརྒྱད་ཀྱིས་བསྐོར༔ ཐུགས་ལས་འོད་འཕྲོས་འཁོར་འདས་ཀྱི༔ དཔལ་ཡོན་དྭངས་བཅུད་ཀུན་བསྡུས་ཏེ༔ བདག་གི་གནས་ཁང་བང་མཛོད་དང་༔ སླས་མལ་ཡུལ་བཀོད་ཐམས་ཅད་ཀུན༔ མེར་མེར་ཏིང་ཏིང་གང་བར་བསམ༔ ཡང་བཅུད་འོད་སེར་སྙིང་པོ་ནི༔ ཉི་ཟླའི་གའུར་སྲོག་ལ་ཐིམ༔ སྦ་བསྟིམ་རྒྱས་གདབས་འཕོ་མེད་ཀྱི༔ རྡོ་རྗེ་མི་འགྱུར་སྲོག་ཐོབ་ཞིང་༔ རྣམ་སྲས་ནོར་ལ་དབང་འབྱོར་དམིགས༔ ཨོཾ་ཤྲཱི་ས་ར་སྭ་སྟ་ ༼ སྟི་དཔྱད། ༽ཡེ༔ མ་མ་བ་སུ་དྷ་ར་བྷྲཱུྃ་འདུས༔ ཅེས་དང་གཡང་འགུགས་བསྡུས་པ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་དཔལ་ཡོན་བདག༔ འཇམ་དཔལ་གཤིན་རྗེའི་བདེན་པ་དང་༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས༔ ནོར་དང་གཡང་ལྷར་ཐུགས་བསྐྱེད་པ༔ ལྷ་མོ་དབྱངས་ཅན་མཆེད་སྡེ་བརྒྱད༔ རྣམ་སྲས་ཛམ་ལྷ་ནོར་གྱི་བདག༔ ཁྱད་པར་དཀོར་བདག་ངན་ནེ་མ༔ འཁོར་དང་བཅས་པས་གཡང་ཁུག་ཅིག༔ ཟས་ནོར་ལོངས་སྤྱོད་འདོད་དགུའི་གཏེར༔ ལྷ་ཀླུ་མི་ཡི་འཇིག་རྟེན་དཔལ༔ མཁའ་སྤྱོད་ས་སྤྱོད་ཞིང་གི་རྒྱན༔ འབྱོར་སྟོབས་གཟི་བརྗིད་གཡང་ཁུག་ཅིག༔ སྤྲིན་ཕུང་བཞིན་དུ་འཁོར་གྱུར་ཅིག༔ ཉི་ཟླ་བཞིན་དུ་ཤར་ཞིང་བྱོན༔ ཕྱྭ་ཡི་དཀྱིལ་འཁོར་ཆེན་པོ་ལ༔ གཡང་གི་རཏྣའི་ཕྲ་ཚོམ་མཛེས༔ སྦྱིན་པའི་ཕ་རོལ་ཕྱིན་པ་ཡིས༔ རང་གཞན་དོན་ནི་ལྷུན་གྲུབ་ཤོག༔ ཅེས་བཀྲ་ཤིས་ཀྱང་བརྗོད་དོ༔ ཡང་ནི་བར་ཆད་སེལ་བ་ལ༔ ཧཱུྃ༔ ཡང་སྤྲུལ་དུར་ཁྲོད་ལྷ་མོ་ཡི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ དུར་ཁྲོད་བདག་མོ་སྐུ་མདོག་མཐིང་༔ ཕྱག་གཡས་ཁྲམ་བམ་གཡོན་ཐོད་ཁྲག༔ ཐུགས་ཀར་སྙིང་པོའི་ཡི་གེ་བྷྱོས༔ མཐའ་མར་སྔགས་ཀྱི་ཕྲེང་བ་ལས༔ འོད་ཟེར་ཡར་ལ་འཕྲོས་པ་ཡིས༔ འཇམ་དཔལ་དགོངས་པ་འཁོར་ལོ་བཞིའི༔ བདུད་བཞི་དབྱིངས་སྒྲོལ་ནུས་མཐུ་བསྡུས༔ བདག་ཐིམ་གཟི་བྱིན་ནུས་མཐུ་འབར༔ མར་འཕྲོས་འགྲོ་བའི་ཉེར་འཚེ་བསལ༔ ཕར་འཕྲོས་སྣང་སྲིད་དྲེགས་པ་ཀུན༔ དབང་བསྡུད་བྲན་ཁོལ་ཟིལ་གྱིས་མནན༔ རྔམས་སེམས་འདུ་བར་མི་བཏུབ་པ༔ ཁྲོ་མོ་འབར་བས་ལྷག་རོལ་ཡང་༔ མེད་པར་ཧབ་ཧབ་ཟོས་པར་བསམ༔ ཨ་བཛྲ་བེ་ཏ་ལི་ཛྙཱ་ན་ཀརྨ་དེ་ཝི་དགྲ་བགེགས་མ་ར་ཡ་ཕཊ་ཕཊ༔ ཅེས་པས་ཕྱི་ནང་བར་ཆད་སེལ༔ ཡང་ཅིག་འགོས་ནད་བསྲུང་བ་ཡི༔ སྨན་ནི་གླ་རྩི་སྨན་ཆེན་དང་༔ ག་བུར་ནག་པོ་དྲི་ལྡན་བཅིངས༔ རིལ་བུར་དྲིལ་ནས་བསྒྲུབ་པར་བྱ༔ ཧཱུྃ༔ དུར་ཁྲོད་མ་མོའི་ཐུགས་ཀ་རུ༔ དབྱངས་ཅན་ནག་མོ་ལོ་གྱོན་མ༔ སྐུ་མདོག་དུག་འདྲའི་ཡེ་ཤེས་སེམས༔ ཕྱག་གཡས་སྐྱབས་སྦྱིན་གཡོན་རྣམ་རྒྱལ༔ སྐུ་ལས་འོད་ཟེར་ཡར་འཕྲོས་ནས༔ རྒྱལ་བ་སྲས་བཅས་བྱིན་བརླབས་བཅུད༔ བདུད་རྩིའི་ཟེགས་མའི་ཚུལ་དུ་བྱུང་༔ བདག་ཐིམ་ནད་མེད་གཟི་མདངས་འབར༔ ཕར་འཕྲོས་འགྲོ་བ་ཐམས་ཅད་ཀྱི༔ ནད་ཀྱི་རྒྱུ་དང་དུག་གསུམ་དང་༔ ནད་ལ་འདུ་བ་བཞི་བརྒྱ་སོགས༔ རིགས་དྲུག་སྡུག་བསྔལ་ཀུན་བསལ་ནས༔ རྗེ་བཙུན་འཕགས་མའི་གོ་འཕང་ལ༔ བཀོད་པས་རྣམ་དག་ཞིང་དུ་བསམ༔ ཨོཾ་ཤྨ་ཤ་ན་དཱེ་ཝ་ཤཱིནྟཾ་པ་ཎ་ཤ་ཝ་རི་སརྦ་ཛྭ་ར་དྲ་ཤ་མ་ན་ཡ་ཕཊ༔ ཅེས་པས་སེལ་ལོ༔ ས་མ་ཡཱ༔ དེང་སང་ཆོས་ལ་རིས་ཆོད་མཁན༔ ཡེ་ཤེས་འཇིག་རྟེན་སོ་སོ་ཞེས༔ རང་རང་ལས་རྐྱང་ཐ་དད་འཛིན༔ དེ་ལས་ཅིག་ཤོས་མི་ནུས་སྐད༔ འཇིག་རྟེན་མེད་ན་ཡེ་ཤེས་མེད༔ དེ་གཉིས་ཆོས་ཅན་ཆོས་ཉིད་ཕྱིར༔ འཇིག་རྟེན་ཐ་སྙད་མ་བརྟེན་པར༔ ཡང་དག་ཡེ་ཤེས་ལྷ་མི་འགྲུབ༔ དེ་གཉིས་ཐབས་ལས་ཐབས་བྱུང་ཕྱིར༔ ཐ་དད་མིན་ལས་ཐ་དད་གཟུགས༔ སྒྲོལ་མ་ཉེར་གཅིག་གར་མཛད་ཀྱིས༔ ལོ་གྱོན་མ་དང་ལྷ་མོ་དཔལ༔ དབྱངས་ཅན་མ་ནི་འཇམ་དཔལ་ཡུམ༔ ལོངས་སྐུ་སྣ་ཚོགས་ཡུམ་ཆེན་དང་༔ སེམས་མ་བརྒྱད་ལས་གིརྟི་མ༔ ཡུམ་ཆེན་མ་ཉིད་ཁྲོས་པའི་དུས༔ བེ་ཏ་ནག་མོ་དུར་ཁྲོད་བདག༔ ཀཽ་རི་བརྒྱད་ཀྱི་བེ་ཏ་མ༔ དེ་དག་གཅིག་ཏུ་འབྲེལ་འབྱུང་གིས༔ བསྒྲུབ་པ་འདི་ཡི་དོན་པོའང་༔ གཤིན་རྗེའི་རྒྱུད་ཆེན་ལས་འཁོར་ལས༔ དབྱིངས་དང་ལས་ཀྱི་དུར་ཁྲོད་བདག༔ ཡུམ་དང་སྐོར་ནི་བགོ་བའི་ཕྱིར༔ རྒྱུ་མཚན་ཤེས་ན་ངོ་མཚར་འདྲེན༔ མཆོག་ཐུན་འགྲུབ་པའི་ངེས་ཤེས་སྐྱེ༔ སྐྱེས་འཕྲལ་ཡིད་གཉིས་སྤངས་བསྒྲུབས་པས༔ ཐོབ་པ་དེ་ནི་འགྲུབ་རྟགས་ལགས༔ དེ་ལས་མང་ན་དགོས་པ་མེད༔ ས་མ་ཡཱ༔ སྔགས་ནག་ག་གཱ་ཨ་བྷྱེ་ཡིས། །རྡོ་རྗེ་རྒྱལ་མཚན་གསུང་བསྐུལ་ངོར། །རང་གར་མ་བསྡད་གཅོས་གཏམ་ཡིན། །བཀྲ་ཤིས་ཤོག །

ཞིང་སྐྱོང་ལྷ་མོའི་གསོལ་མཆོད།

ཞིང་སྐྱོང་ལྷ་མོའི་གསོལ་མཆོད་ནི༔ དམར་གཏོར་དགུའི་མཐར་བྷ་ལིང་བསྐོར༔ བརྟེན་པའི་རྫས་ནི་ཤ་ལྔ་དང་༔ ཁྱད་པར་བྱང་ཆུབ་དཀར་དམར་ཡིན༔ མཆོད་པ་བདུད་རྩི་ལྷག་མ་བཞི༔ བསྐང་རྫས་ལ་ནི་མདོས་མདངས་མཆོད༔ མཐུན་པ་ནལ་བུའི་བྱང་ཆུབ་སེམས༔ ས་མ་ཡཱ༔ བརྡ་ཡིག །བྷྱོ༔ མདུན་དུ་གཏུམ་འབར་དུར་ཁྲོད་དཀྱིལ༔ ཐོད་མཁར་འབར་བ་གྲུ་གསུམ་དབུས༔ པདྨ་ཉི་མ་བམ་གྱི་སྟེང་༔ སྔགས་བདག་ལྷ་མོ་ངན་ནེ་མ༔ དམར་མོ་དུར་ཁྲོད་ཆས་དང་ལྡན༔ ཕྱག་གཡས་སྙིང་དང་གཡོན་མེ་ལོང་༔ ཞབས་གཉིས་འདོར་སྟབས་སྡང་མིག་གཡོ༔ ཕྱོགས་བཞིར་སྤྲུལ་པ་རང་འདྲ་བཞི༔ མཚམས་ཕྱོགས་བརྒྱད་དུ་ལྕམ་དྲྭལ་དང་༔ ཡང་འཁོར་བྱེ་བ་ས་ཡ་གསལ༔ འོད་འཕྲོས་གནས་ནས་སྤྱན་དྲངས་ཏེ༔ གདན་ལ་བཞུགས་གསོལ་གུས་ཕྱག་འཚལ༔ མཐུན་རྫས་ཕྱི་ནང་གསང་མཆོད་འབུལ༔ གདུང་དབྱངས་རྣམ་ཐར་དྲན་པས་བསྟོད༔ མི་འབྲལ་སྙིང་ཉེ་འགྲོགས་བདེར་འཁོར༔ མ་མ་བཛྲ་ས་མ་ཡཱ༔ དེ་ནས་བསྙེན་ན༔ ཧཱུྃ༔ མ་མོའི་ཐུགས་ཀར་ཉི་གདན་ལ༔ བྷྱོ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ བཟླས་པས་བཀའ་ཉན་གསུང་སྡོད་དེ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པར་བསམ༔ བྷྱོ་ཤྨ་ཤ་ན་དེ་ཝ་ས་མ་ཡཿཛ༔ཅེས་ཀྱང་ཏིང་འཛིན་མ་གཡེལ་བར༔ འབྲུ་འབུམ་ཞིག་གིས་ལྷ་མོ་འཁོར༔ དེ་ནས་གསོལ་མཆོད་བསྡུས་པ་ནི༔ རཾ་ཡཾ་ཁཾ༔ ཨ་ཨཱཿཧཱུྃ༔ གཏོར་མ་སྐྱེམས་ཕུད་མཆོད་པའི་སྤྲིན༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ཏེ༔ དུར་ཁྲོད་ལྷ་མོ་འཁོར་བཅས་མཆོད༔ རྣལ་འབྱོར་བསམ་དོན་ཆོས་བཞིན་བསྒྲུབ༔ ཨེ་དམ་བྷ་ལིངྟ་ཁཱ་ཧི༔ ཀརྨ་སརྦ་སིདྡྷི་ཧོ༔ ཅེས་ཀྱང་མགོན་པོའི་བསྐུལ་ངོར་ག་གཱས་སོ། །༈ ཨོཾ་བཛྲ་རཱ་ཏི་ཁུག་ཛ༔ ཞེས་པས་རིག་མ་དབང་དུ་འདུས༔ ཨོཾ་བཛྲ་ཤ་མ་ཤ་ན་ནྲ་ཏྲི་རྦད་རྦད༔ ཅེས་དགྲ་ལ་རྦད་དོ༔ ཡང་ཐན་འགྱེད་སྔགས༔ ཨོཾ་མུ་ཁཱ་བི་ཤྭ་རཱུ་པ་སྟོན་ཡ་རྦད་ཡ༔ ཞེས་དང་༔ བསད་སྔགས་ནི༔ ཨ་བཛྲ་སྟི་ར་དཱི་པ་པ་ཏི༔ སརྦ་བིགྷྣན་མ་ར་ཡ་ཕཊ༔ སོད་སོད༔ ཅེས་ཀྱང་བསྟན་འཛིན་གསུང་ངོར་ག་གཱས་སོ། །བྷྱོ༔ ཞིང་སྐྱོང་མ་མོ་མིང་སྲིང་འཁོར་བཅས་དགོངས༔ བདག་ནི་མ་རིག་བག་མེད་དབང་གྱུར་བས༔ སྐུ་གསུང་ཐུགས་དང་འགལ་བའི་ལས་བགྱིས་པ༔ གནོང་འགྱོད་དྲག་པོའི་མཐོལ་བཤགས་བཟོད་པར་གསོལ༔ ཨ་བཛྲ་ཤྨ་ཤ་ན་དེ་ཝི་ས་ཏྭ་ས་མ་ཡ༔ ཞེས་ཡི་གེ་བརྒྱ་པ་དང་དྲུག་པ་བཟླས་ན་འཁྲུགས་བསྐང་གྱི་མཆོག་ཏུ་འགྱུར་རོ༔ ཀློང་ཡངས་ངོར་ག་གཱས་སོ། །

རེ་ཏི་དཔོན་གཡོག་བསྡུས་པ།

རེ་ཏི་དཔོན་གཡོག་བསྡུས་པ་ནི༔ ཧཱུྃ༔ རང་ཉིད་རྡོ་རྗེ་འཛིན་པ་ཡི༔ མདུན་དུ་རླུང་ནག་འཚུབ་མའི་དཀྱིལ༔ ཐོད་མཁར་དབུས་སུ་བོང་དམར་ནི༔ མཇུག་མར་མིག་གཉིས་ཡོད་པའི་སྟེང་༔ བྷྱོཿལས་ལྷ་མོ་ནག་མོ་ཆེ༔ རོ་དང་ཉི་མའི་གདན་ལ་རོལ༔ ཞལ་གཅིག་རལ་བརྫེས་ཁྲག་ཆར་འཕྲོ༔ སྤྱན་དམར་ཞལ་གདངས་མཆེ་བ་གཙིགས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ སེང་ཆེན་དྲིལ་བུ་ཉི་ཟླས་བརྒྱན༔ རྨ་བྱ་རིན་ཆེན་གླད་ལ་ལྡིང་༔ ཕྱག་གཡས་རལ་གྲི་གཡོན་ནོར་སྐྱོག༔ དབང་གི་ལྕགས་སྒྲོག་རྐང་བར་གསོལ༔ ཕྱག་རྒྱ་ལྔ་ཡི་རབ་ཏུ་མཛེས༔ མདུན་དུ་མ་ལས་རེ་མ་ཏི༔ དྲེལ་རྟ་ནག་མོ་ཟངས་སོ་ཅན༔ རྒྱུ་མའི་སྲབ་མཐུར་བསེ་སྟན་བསྟད༔ དེ་སྟེང་ཁྲོ་མོ་ཆར་སྤྲིན་མདོག༔ སྐེམ་མ་ཆུ་སྲིན་གདོང་བ་ཅན༔ མིག་དམར་མཆེ་བ་མན་དུ་གཙིག༔ རེ་ལྡེ་སྟོད་དུ་ལྡིང་ཐབས་ཀླུབས༔ རྐེད་ལ་མི་ལྤགས་སྟག་ཤམ་དཀྲིས༔ ཁྲམ་བམ་གཡས་ལ་མཚོན་གྲུ་གཡོན༔ ཤྭ་རྡིལ་གློར་བཏགས་ཟངས་དྲྭས་བརྒྱན༔ ནད་རྐྱལ་མཆན་བཅུག་གདེང་ཀ་ཅན༔ བྱ་ནག་གླད་ལྡིང་ཉི་ཟླས་གསལ༔ ནད་ཀྱིས་ཁ་རླངས་སྔོ་དམར་འཁྲིགས༔ འཁོར་དུ་མ་མོ་འབུམ་དང་བཅས༔ མེ་རི་མདོག་ལྔའི་དབུས་སུ་བསྒོམ༔ འོད་འཕྲོས་རི་རབ་རྩེ་མོ་ནས༔ རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བསྟིམ༔ ཕྱག་འཚལ་དངོས་ཡིད་མཆོད་པ་འབུལ༔ ཐུགས་བསྐྱེད་དམ་ཚིག་ལྡན་ལ་བསྟོད༔ ཧཱུྃ་བྷྱོ་མ་མ་ཨ་ར་ལི་ཛ་བྷྱོ༔ འབོད་སྔགས་སོ༔ རྦད་རྦད་ཅེས་དང་༔ དགྲ་བགེགས་མ་ར་ཡ་ཕཊ༔ ཅེས་པས་རྦད་བསད་ཐམས་ཅད་ཚང་༔ མཆོད་བསྐང་མངའ་གསོལ་ཕྲིན་བཅོལ་དང་༔ འཁྲུགས་བསྐང་རྣམས་ནི་འདི་ལྟ་སྟེ༔ ཧཱུྃ་བྷྱོ་ཛ༔ མཐུན་རྫས་འདོད་ཡོན་ནམ་མཁའ་མཛོད༔ མཆོད་འབུལ་མ་མོའི་ཐུགས་དམ་བསྐང་༔ འཁྲུགས་བཅོས་བསྲུང་མར་མངའ་ཡང་གསོལ༔ རབ་འབྱམས་ལས་ཀུན་ཁྱོད་ཀྱིས་བསྒྲུབ༔ ཧཱུྃ་བྷྱོ་མ་ཨེ་དམ་བྷ་ལིང་ཏ་པཱུ་ཛ་ཁཱ་ཧི༔ ཅེས་ཀྱང་ཚོང་ཆེན་མགོན་པོ་ལ། །ག་གཱ་ཨ་བྷྱེས་མཆོད་པ་འབུལ། །དགེའོ། །མངྒ་ལཾ། །

སྐུ་གསུམ་མཁའ་འགྲོའི་སྤྲུལ་པ

༈ མ་བྷྱོ༔ སྐུ་གསུམ་མཁའ་འགྲོའི་སྤྲུལ་པ་ནི༔ ཙནྚི་ཀ་དང་རེ་མ་ཏི༔ མཆེད་བཞི་འཁོར་དང་བཅས་པ་ཀུན༔ འདིར་གཤེགས་བདག་གི་བསྲུང་མར་བཞུགས༔ འབྱོར་ཚོགས་ཡོ་བྱད་མཆོད་པ་འབུལ༔ རྣམ་གསུམ་གཅིག་དྲིལ་ཕྱག་འཚལ་བསྟོད༔ ཐུགས་དམ་བསྐང་ངོ་འགལ་འཁྲུལ་བཤགས༔ བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད༔ ཅེས་ཀྱང་སྣ་ཆེན་གཡོ་སྐྱ་དེས། །ཡོད་ཡོད་མི་མཁོ་མེད་ཚད་མཁོ། །ཡང་དང་ཡང་དུ་ནུ་སྡེབ་བྱེད། །ལྟོག་འགོང་དེ་ཉིད་ཚིམ་ཕྱིར་དུ། །གླུད་མཁན་ག་གཱ་ཨ་བྷྱེས་བསྔོས། །བྲིས་པ་འདི་ཡིས་དགའ་གྱུར་ཅིག །ཚིག་ངན་འདི་ཡིས་བརྒྱགས་གྱུར་ཅིག །༈ མ་བྷྱོ༔ མ་མོ་ཡོངས་ཀྱི་སྤྱི་རྗེ་མོ༔ དཔལ་ལྡན་འདོད་ཁམས་དབང་མོ་ནི༔ དཔོན་གཡོག་སྤྲུལ་འཁོར་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཕྲིན་ལས་མཛོད༔ ཨ་མ་མོ་ཀ་ལ་དྲག་མ་ཧཱ་ཀ་ཀ་རུ་བྷ་ལིང་ཏ་ཁཱ་ཧི༔ ཅེས་ཀྱང་བཟོ་སྐོམ་ངོར་ག་གཱས་སོ། །ཨོཾ་མ་མོ་ཀ་ལ་རུ་དྲག་མ་ཧཱ་ཀ་རུ་རུ་ས་མ་ཡ་ཛ་ཛ༔ ཕེཾ་ཕེཾ་སརྦ་སིདྡྷི་ཕ་ལ་ཧཱུྃ༔

ལྷ་མོའི་འཁྲུགས་བསྐང་བསྡུས་པ།

ལྷ་མོའི་འཁྲུགས་བསྐང་བསྡུས་པ་ནི༔ ཀྱཻ༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ གདུལ་དཀའ་འདུལ་ཕྱིར་དྲེགས་པར་བཞེངས༔ སངས་རྒྱས་བསྟན་པའི་བྱ་ར་མཛད༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ དམན་བདག་བག་མེད་གཡོ་སྒྱུ་དང་༔ སེར་སྣའི་དབང་དང་ཡུལ་དུས་དབང་༔ ཚོར་དང་མ་ཚོར་སྤྱི་སྒོས་ཀྱི༔ ཀྱཻ༔ དམ་ཚིག་འགལ་ཉམས་མཆོད་པ་ཆག༔ མ་མོ་འཁྲུགས་པའི་རྒྱུར་གྱུར་བ༔ བསྒོམ་བཟླས་གནད་འདས་གཡེལ་འགྱང་ཞུད༔ ལས་སུ་མི་འོས་སྣ་ཚོགས་པ༔ མི་འཆབ་འགྱོད་པའི་སེམས་ཀྱིས་བཤགས༔ ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཡི་གེ་བརྒྱ་བ་བརྗོད་ག་གཱ་བས་སོ། །

རྡོ་རྗེ་མཁའ་འགྲོ་ཆེན་མོའི་དབང་གི་ཆོ་ག་དམ་ཚིག་འཁོར་ལོ།

རྡོ་རྗེ་མཁའ་འགྲོ་ཆེན་མོའི་དབང་གི་ཆོ་ག་དམ་ཚིག་འཁོར་ལོ་ཞེས་བྱ་བ་བཞུགས་སོ༔

ཤྲཱི་བཛྲ་དཱེ་ཝི་ཀཱ་ལི་ན་མོ༔ དང་པོ་བསྒྲུབ་གཏོར་རིན་ཆེན་ལྔ༔ མཆོད་རྫས་གཙོ་བོ་ཤ་ལྔ་དང་༔ ལྷ་མོ་ལ་ནི་དགེ་སློང་ཤ༔ མི་དང་གྲི་རྒོད་ཤ་དབང་ལྔ༔ བདུད་རྩི་ལྔར་བཅས་གཡོག་མོ་ལ༔ རཀྟ་ནལ་བུ་མི་ཤའི་རྫས༔ གཏོར་མ་དེ་ལ་པད་རཀྟ༔ བྱུག་ཤིང་སྐྱེམས་ནི་ཆང་ཕུད་དོ༔ འབོད་རྫས་གཙོ་ལ་ཀོ་རོ་ཙ༔ དེ་བཞིན་གཡབ་དར་ཧསྟ་དང་༔ མི་ཚིལ་ཅོང་ཞི་སྤོས་ལྔ་བསྲེགས༔ གཡོག་ལ་དྲེད་མོང་རལ་བས་གཡབ༔ གུ་གུལ་མི་ཚིལ་བསྲེགས་གསུར་བདུག༔ མེ་ཏོག་མིག་དར་གསེར་ཐུར་དང་༔ རྡོ་རྗེ་རྩེ་ལྔ་དྲིལ་བུ་དང་༔ དབུ་རྒྱན་རིགས་ལྔ་ཡེ་ཤེས་སྐུ༔ ཁྲག་གྲི་ནེའུ་ལེ་ཧསྟ་དང་༔ སླག་ཆེན་རྡོ་རྗེ་ཌཱ་མ་རུ༔ ཁ་ཊྭཱྃ་ཁྲམ་བམ་ཆུ་གྲི་ཤྭ༔ དེ་དག་བུམ་པའི་དབང་ལ་དགོས༔ གསང་བར་བླ་མའི་བདུད་རྩི་དང་༔ མཚན་མས་གདབས་པའི་རིག་ཙཀ་བཅས༔ ཚོགས་བྱས་ཆོ་ག་གཞུངས་བསྲིང་སྟེ༔ སློབ་དཔོན་ཉིད་ཀྱིས་བསྙེན་ཁ་གསོ༔ དེ་ནས་དཀྱིལ་འཁོར་གཞུག་པ་དང༔ མེ་ཏོག་དོར་དང་ལྷ་ངོ་བསྟན༔ གཙོ་འཁོར་བུམ་དབང་བཞི་བཞི་དང་༔ གསང་ཤེར་མཐའ་བསྟན་ལས་རིམ་བསྡུས༔ ས་མ་ཡཱ༔ དེ་ནས་བདག་ཉིད་འཇུག་པའི་ཕྱིར༔ དངོས་གྲུབ་བླངས་པའི་སྔགས་འདི་བརྗོད༔ ཧཱུྃ༔ ཞི་ལ་གནས་ཀྱང་ཐུགས་རྗེས་གཟུགས༔ ལྷ་མོ་ཆེན་མོ་སྲིད་གསུམ་བདག༔ དེང་བདག་བསྲུང་མར་མངའ་གསོལ་ལ༔ དངོས་གྲུབ་དབུགས་དབྱུང་དབང་བསྐུར་སྩོལ༔ ཨ་མ་ཧཱ་ཀ་ལ་ཡཱ༔ དེ་ཝ་མ་ཧཱ་ཀཱ་ ༼ དངོས་གྲུབ་བླང་པ། བུམ་པའི་རྒྱ་ལག་གཉིས་སོར་རྩེ་བསྡུས་ཤིང་བཟླུམ་པའོ། ༽ ལ་རེ་མ་ཏི༔ ཀ་ཡ་ཝཀྐ་ཙཏྟ་སིདྡྷི་ས་མ་ཡ་ཕ་ལ་ཨཱ་བེ་ཤ་ཡ་ཨཱ༔ ཅེས་བརྗོད་པས་ལྷ་མོ་འཁོར་བཅས་ཞལ་འཛུམ་བག་གི་ཉམས་བསྟན་ནས་གནང་བ་སྦྱིན་པར་བསམ་མོ༔ དེ་ནས་ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ་ལ༔ མེ་ཏོག་མིག་དར་བཀྱེ་བསྡུད་མཐར༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ དེའི་ཆེད་དུ་བསྟན་པ་ཡུན་དུ་གནས་པ་དང་༔ བསྟན་དགྲ་ཚར་གཅོད་པའི་ཕྲིན་ལས་ཀྱི་མཁའ་འགྲོ་ཆེན་མོ་བསྒྲུབ་པར་བྱ་སྙམ་དུ་སེམས་བསྐྱེད་འཚལ༔ དེ་ཡང་ལྷ་མོ་འདི་ནི་སངས་རྒྱས་གསུམ་གྱི་ཞབས་ལ་གཏུག་པ་དང་༔ ཚུར་བསྟན་དུ་དྲེགས་པའི་ཟོལ་མངོན་དུ་མཛད་པ་ཙམ་ལས༔ དོན་ལ་སངས་རྒྱས་ཀྱི་སྤྲུལ་བ་དང་༔ ཁོལ་མོ་ཡང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་པས་ན༔ རྒྱུད་ལས༔ མཁའ་འགྲོ་ལྷ་མོ་ནག་མོ་འདིའི༔ བསྐལ་བ་མང་པོའི་སྔོན་རོལ་ནས༔ དུས་གསུམ་སངས་རྒྱས་ཞལ་མཐོང་སྟེ༔ དམན་པའི་ཞིང་འདིར་སྤྲུལ་སྐུ་ཡི༔ ལྷ་མོའི་ཚུལ་དུ་སྐུ་བསྟན་ནས༔ འགྲོ་བའི་དོན་ལ་རབ་ཏུ་བརྩོན༔ ཞེས་གསུངས་སོ༔ དེ་ལྟར་ན་དཀྱིལ་འཁོར་འདི་ལ་ཞུགས་ན༔ ངོ་བོ་ཡེ་ཤེས་པ་ཡིན་པས་མཆོག་དང་༔ རྣམ་པ་འཇིག་རྟེན་པར་བསྟན་པས་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་ཅིང་༔ ཡང་མའི་སྐྱེ་རྒྱུད་ཕྱག་རྡོར་གྱི་སྤྲུལ་པའི་རིགས་ལས་ཀྱང་སངས་རྒྱས་ཡིན་པར་གོར་མ་ཆགས་པ་དང་༔ འདོད་ཁམས་ཀྱི་གཙོ་མོ་ཡིན་པས༔ འདི་བསྒྲུབ་ནས་འགྲུབ་དུས་གཞན་ལ་ལས་མི་བྱེད་པའི་དབང་ཡང་མེད་པས༔ ཆུ་བརྒྱ་ཟམ་འོག་ཏུ་ཆུད་པའི་བསྲུང་མ་གཉན་པོ་འདིའི་དབང་བསྐུར་བ་དང་དམ་ཚིག་བསྲེ་བའི་དགོངས་གསོལ་ཞུ་བའི་ཡོན་དུ་ཞིང་ཁམས་ཕུལ་མཛོད༔ དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་བཟློས་མཛོད༔ ཧོ༔ བླ་མ་བཅོམ་ལྡན་གསང་བའི་བདག༔ བདག་ཅག་བསྒྲུབ་བརྩོན་སྐལ་བཟང་ལ༔ རྡོ་རྗེ་ཁྲོས་མ་ནག་མོ་ཡིས༔ དབང་བསྐུར་དམ་པ་སྩལ་དུ་གསོལ༔ ཞེས་གསུམ་མཐར་བླ་མས༔ ཨོཾ༔ གསང་སྔགས་དམ་ཚིག་དག་ལ་རག༔ ཁྱོད་ཀྱིས་དེ་དག་བསྲུང་ནུས་སམ༔ ཁྱད་པར་ལྷ་མོ་དཔོན་གཡོག་གི༔ ལྷག་པའི་དམ་ཚིག་བསྲུང་ནུས་སམ༔ ལྟ་ཞིག་ན་ནི་དབང་སྦྱིན་གྱི༔ ཁེ་ཉེན་དྲག་པས་སོམ་ཉིར་ཡོད༔ འོན་ཀྱང་དེ་བས་ལེགས་གཞིག་སྟེ༔ ད་ལྟ་ཉིད་དུ་དེངས་ཀྱང་རུང་༔ ཞེས་གསུངས་སློབ་མས༔ ཨེ་མ་དམ་ཚིག་རྨད་པོ་ཆེ༔ མེད་པར་མཁའ་འགྲོ་ག་ལ་འགྲུབ༔ དེ་བས་མགོན་པོས་གང་བསྒྲགས་པ༔ ཐམས་ཅད་མ་ལུས་བདག་གིས་བསྲུང་༔ དེ་ནས་སློབ་དཔོན་གྱིས༔ ཧོ༔ རྡོ་རྗེ་འཛིན་པའི་དམ་ཚིག་ཏུ༔ གསང་སྔགས་ཚུལ་ཁྲིམས་ཐམས་ཅད་བསྲུང་༔ ལྷ་མོའི་སྐུ་ཡི་དམ་ཚིག་ཏུ༔ བོང་བུ་ལ་བྱམས་མདོངས་འཆིང་ཞིང་༔ མེ་ལ་དགའ་བསྐྱེད་ཡི་དམ་བཅའ༔ ཕྱག་རྒྱ་སྤངས་པར་མི་བྱའོ༔ ལྷ་མོའི་གསུང་གི་དམ་ཚིག་ཏུ༔ བཟླས་བྱ་ཞིང་གི་སྣོད་ཀྱང་ཐོགས༔ འཚུབས་མར་རྒྱབ་སྟོན་རྐེད་གཅོད་མིན༔ གུང་ལ་ཕྱག་རྒྱ་བསྒོམ་སྟེ་བསྟོད༔ ལྷ་མོའི་ཐུགས་ཀྱི་དམ་ཚིག་ཏུ༔ ཡུག་ས་མོར་བྱམས་ཆགས་པ་སྤྱད༔ རྟག་ཏུ་བུ་མོ་གཙང་མ་བརྟེན༔ ཟླ་མཚན་ཅན་ལ་གསང་མཆོད་འབུལ༔ ཁོལ་མོའི་སྐུ་ཡི་དམ་ཚིག་ཏུ༔ ནལ་ཕྲུག་གུས་མཆོད་སྐུ་གཟུགས་འཆང་༔ གསུང་ལ་སྲོག་འདྲེན་རྒྱུན་གཏོར་མཆོད༔ གཞན་དང་ཁ་འཕྲོ་བསྲེ་བ་མིན༔ ཕྲེང་བ་མི་བསྟན་བྱད་མི་འཚོས༔ ཁས་བླངས་མི་ཡོལ་ཕུད་ཉམས་སྤངས༔ རྡོ་སོར་ཆུ་ལ་བསྐྱར་མི་བྱ༔ ཁོལ་མོའི་ཐུགས་ཀྱི་དམ་ཚིག་ཏུ༔ ནལ་ཕྲུག་ཡོད་པའི་སྦྲུམ་མ་ལ༔ མེ་ཏོག་གཏོང་ཞིང་བྱམས་པར་བྱ༔ བརྔན་བསྒྲངས་མ་ཡིན་ཟླ་མཚན་བླངས༔ ལྷ་སྔགས་ཕྱག་རྒྱ་མི་བསྟན་ནོ༔ མཚན་མ་རྡོ་སོར་ཞུ་བས་བྱུག༔ བྱ་ནག་ལུག་ནག་རྒྱུན་དུ་འཆང་༔ དེས་ནི་དངོས་གྲུབ་ངེས་པར་འཐོབ༔ ཅེས་བསྒྲགས་སོ༔ དེ་ནས་སློབ་མ་གཞུགས་པ་ནི༔ ཨོཾ་སྭ་བྷ་ཝ༴ ཧཱྃ་ལས་རྡོ་རྗེ་རྩེ་ལྔ་ཉིད༔ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ སློབ་མ་དཔལ་ལྡན་གནོད་འཛིན་མཐིང་༔ ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས༔ ཕྱག་གཉིས་རྡོ་རྗེ་སྦྲུལ་ཞག་སྡོམ༔ཞབས་གཉིས་འགྱིང་བག་དོར་སྟབས་ཅན༔ མདུན་དུ་ལྷ་མོ་ནག་མོ་དང་༔ དེ་དྲུང་གཡོག་མོ་རེ་མ་ཏི༔ འཁོར་དུ་མ་མོ་འབུམ་གྱིས་བསྐོར༔ གཙོ་འཁོར་རྣམས་ཀྱི་གནས་གསུམ་ལས༔ འོད་འཕྲོས་ཆོས་དབྱིངས་ཕོ་བྲང་དང་༔ རི་རབ་རྩེ་ནས་རང་བཞིན་གྱི༔ དཀྱིལ་འཁོར་རྟེན་བཅས་སྤྱན་དྲངས་གྱུར༔ ཞེས་གཞུང་གི་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་པ་དང་བཅས་བྱས་ལ་དེ་ལ་བཏགས་ནས་སྔར་གྱི་གཏོར་མ་ཕུལ་ལམ༔ ཡང་བསྡུ་ན་རོལ་མོ་དང་བཅས༔ གཡབ་དར་གྱིས་གཡབ༔ འབོད་རྫས་ཀྱིས་བདུག༔ དམ་རྟགས་ཀྱི་ཕྱག་ ༼ ལྕགས་ཀྱུ་དང་བཅས་ ༽རྒྱ་བསྟན་ལ༔ ཨོཾ་མ་ཧཱ་ཀ་ལི་མནྚ་ལ་མ་ཏྲེཿ ཨཱ་གཙྪ་ཡཿ པྲ་བེ་ཤ་ཡཿ པྲ་བེ་ཤ་ཡཿ ཏིཥྛ་ཏིཥྛཿ ཨ་བ་ལོ་ཀ༔ ཨ་བ་ལོ་ཀི་ཡེ༔ ཧཱུྃ་ཛ༔ ཞེས་དང་༔ གནད་ལ་དབབ་པའི་སྔགས༔ ཨོཾ་ཙནྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ་ས་མ་ཡ་སྭ་ཐ་རུ་རི་རོ་རི་ཙ་པ་ལ་ཨ་ཤུག་མེ་ས་མ་ཡ་པྲ་ཐ༔ ཁ་མུནྟྲ་ཏྲ་མ་ཡ་མ་ཏནྚི་པྲ་ཡོ་ག་སིདྡྷི་ས་མ་ཡ་པྲ་ཐཱ༔ ཨ་བེ་ཤ་ཡ༔ ཞེས་སྤྱན་དྲངས༔ ཨོཾ་མ་ཧཱ་ཀ་ལི་མ་མ་ས་མ་ཡ༔ ཤི་ཏི་ཏིཥྛ་སྟྭཾ༔ མ་ཧཱ་ཀཱ་ལི་ཨ་བེ་ཤ་ཡ༔ རེ་མ་ཏི་ས་མ་ཡ་བེ་ས༔ ཞེས་གདན་བསྟབས༔ ༼ པད་རྒྱ། ༽ ཨ་མཥྚ་བི་མ་ཧཱ་ཀཱ་ལི་རེ་མ་ཏི་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏོར་མ་འབུལ་ལོ༔ དམ་ཚིག་བསྲེ་བའི་སྔགས་ནི༔ མ་མ་ས་མ་ཡཱ༔ མ་ཧཱ་ཀ་ལི་ས་མ་ཡ༔ མ་ཧཱ་ཀཱ་ལི་ཀ་ཡ་ས་མ་ཡ༔ མ་ཧཱ་ཀ་ལི་ཝཀྐ་ས་མ་ཡཱ༔ མ་ཧཱ་ཀ་ལི་ཙིཏྟ་ས་མ་ཡ༔ མ་ཧཱ་མུ་དྲ་ཀ་པ་ལ་ཧཱུྃ༔ ཞེས་པའི་མཐར༔ ཚིག་བཞིའི་བསྟོད་དོ༔ ཨོཾ་སུ་པྲ་ཏིཥྛ་བཛྲ༔ ཞེས་བརྗོད་པས་དམ་ཚིག་གི་འཁོར་ལོ་ལ་ཆུ་ལ་ཆུ་བཞག་པ་ལྟར་འདྲེས་པར་བསམ་ལ༔ ཧོ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་ནས༔ ཚད་མེད་རྣམ་པར་ཐར་བའི་སྒོ༔ རང་ངོ་ཤེས་ནས་དད་པས་ཞུགས༔ ཡེ་ཤེས་ལྔ་བོ་མངོན་གྱུར་ཤོག༔ ཅེས་བརྗོད་དཀྱིལ་འཁོར་དུ་བཅུག་ལ༔ ཧོ༔ རིགས་བརྟགས་ལྷ་རྫས་མཆོད་པ་འདི༔ སྔོན་འབྲེལ་ལྷ་ཚོགས་འཁོར་བཅས་ཀྱིས༔ བཞེས་ནས་རྟགས་དང་མཚན་མའི་མཐུའི༔ གང་བསྒྲུབ་དངོས་གྲུབ་བདག་ལ་སྩོལ༔ བཛྲ་པུཥྤེ་ཧཱུྃ༔ ཞེས་དོར་བས་ཐུགས་ཀར་ཐུགས་ཀྱི་དངོས་གྲུབ་ཕྱག་རྡོར་འགྲུབ༔ སྤྱི་བོར་སོགས་གནས་ལྔར་ལྷ་མོའི་གསང་བ་དེ་དང་དེའི་དངོས་གྲུབ༔ ཡན་ལག་ལ་རེ་མ་ཏིའི་དངོས་གྲུབ་མྱུར་དུ་འགྲུབ་པོ༔ ཧོ༔ མིག་དར་མ་རིག་ལིང་ཐོག་མཚོན༔ ལས་ཀྱི་ལྷ་མོའི་ཕྱག་རྒྱས་བསལ༔ཆོས་ཉིད་དོན་གྱི་ལྷ་མོ་དང་༔ མཇལ་ནས་རོལ་སྙོམས་གདེངས་ཐོབ་ཤོག༔ དེ་ནས་ལྷ་ངོ་བསྟན་པ་ནི༔ ཧཱུྃ༔ སྟོང་ཉིད་ཆོས་སྐུ་ནམ་མཁའ་ཡེ་ཤེས་ལྔ༔ སྤྲུལ་པའི་ཕྱག་རྒྱ་ལྷ་མོའི་མཚན་མར་སྣང་༔ མཁའ་ལ་འཇའ་འདྲ་རང་བཞིན་ག་ལ་ཡོད༔ སྙིང་རྗེའི་དབང་གིས་འགྲོ་དོན་བྱེད་པ་ན༔ མདོར་ན་སངས་རྒྱས་སྤྲུལ་པའི་དཀྱིལ་འཁོར་ཡིན༔ ཁོལ་མོ་བྱང་ཆུབ་སེམས་དཔའི་སྤྲུལ་བའོ༔ མཚན་མའི་བདུད་མོ་སྲིན་མོ་དངོས་མིན་གྱི༔ དད་པ་སྐྱེད་ལ་ཡི་དམ་འདིར་མཛོད་ཅིག༔ ཅེས་བྱའོ༔ དེ་ནས་བུམ་དབང་དངོས་གཞི་ལས༔ དང་པོ་ཕྱག་ན་རྡོ་རྗེའི་དབང་༔ རྡོ་རྗེ་རྩེ་ལྔ་གཏད་ནས་སུ༔ ཧཱུྃ༔ གསང་བའི་བདག་པོའི་སྟོབས་བཅུའི་དབང་༔ རྫོགས་བྱེད་རྡོ་རྗེའི་རྩེ་ལྔ་འདིའི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཆོས་བདུན་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཤེས་རབ་དྲིལ་བུ་གཏད་ལ༔ ཧཱུྃ༔ གསང་བའི་བདག་པོའི་ཕྲིན་ལས་འབར༔ ཐབས་ཤེས་ཟུང་འཇུག་དྲིལ་བུ་འདིའི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འགྲོ་དོན་ཡོངས་གྲུབ་མཐུ་ཐོབ་ཤོག༔ ཨ་བཛྲ་གྷཎྜེ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་དབུ་རྒྱན་གྱིས་དབང་ནི༔ ཨ་ཏྲཾ༔ གསང་དབང་ལག་ན་རྡོ་རྗེ་ཡི༔ ཡོན་ཏན་ལྷུན་རྫོགས་དབུ་རྒྱན་འདིའི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དྲེགས་པ་ཚར་གཅོད་མཐུ་ཐོབ་ཤོག༔ ཨོཾ་རཏྣ་ཨ་ལཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་བ་རིགས་ལྔ་ཡེ་ཤེས་ལྔའི་དབང་ནི༔ ཧཱུྃ༔ གསང་དབང་ལག་ན་རྡོ་རྗེ་ཡི༔ རིགས་ལྔའི་སྐུ་ལ་ཡེ་ཤེས་བརྟེན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འབྲས་བུ་མངོན་གྱུར་དངོས་གྲུབ་སྩོལ༔ ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ལྷ་མོའི་དབང་བཞི་ནི༔ ཧཱུྃ་ཧེ་རན་ཉི་ཤུའི་བྷནྡྷ་འདིས༔ རྒྱུད་དྲུག་སྡུག་བསྔལ་ཁྲག་མི་འཕེལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྦྱོར་བའི་ལས་ལ་དབང་ཐོབ་ཤོག༔ཨ་བཛྲ་རཀྟ་ཨ་རཱ་ག་ཨ་བྷི་ཥིཉྩི་ཧཱུྃ༔གཉིས་པ་ནི༔ ཧཱུྃ༔ མེ་ལྕེའི་ཕྲེང་ལྡན་རལ་གྲི་འདིས༔ བདུད་ཀྱི་གཡུལ་བཟློག་སྐྱེ་ཤི་གཅོད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བ༔ སྒྲོལ་བའི་ལས་ལ་དབང་ཐོབ་ཤོག༔ ཨ་བཛྲ་མ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་ནི༔ ཧཱུྃ༔ སྣ་ཚོགས་རིན་ཆེན་ཆར་འབེབས་པའི༔ ནོར་སྐྱུག་འདོད་དགུ་འབྱུང་བའི་གཏེར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྒྱས་པའི་ལས་ལ་དབང་ཐོབ་ཤོག༔ ཨ་བཛྲ་རཏྣ་པུཥྚཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་བ་ནི༔ ཧཱུྃ༔ རོལ་གར་ཅིར་ཡང་སྤྲུལ་པའི་སྐུ༔ ཚུལ་སྒོའི་དབང་ཕྱུག་ཧསྟ་ཀ༔ དབང་ལྡན་ཡིད་འོང་རྨ་བྱ་གཞོན༔ རྫུ་འཕྲུལ་རྐང་བཞིའི་བོང་བུ་དམར༔ རྒྱན་མཆོག་འགུགས་འཆིང་ལྕགས་སྒྲོག་མཛེས༔ དུར་ཁྲོད་ཆས་དང་གསལ་བའི་རྒྱན༔ གསེར་གྱི་དྲིལ་བུ་འཕྲོག་བྱེད་རྔམས༔ རིན་ཆེན་གདེང་ཀ་ཞིང་ཁམས་བཅས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་མོའི་རྟེན་དང་བརྟེན་པར་བཅས༔ དེང་ནས་སྲིད་པ་ཇི་སྲིད་དུ༔ ཁྱོད་ཀྱི་ལུས་ལྷར་འཁོར་བར་ཤོག༔ ཨ་བཛྲ་མ་ཧཱ་ཀཱ་ལི་ཡེ་ཧཱུྃ་ཕཊ༔ རུ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུྃ་མ་ཧཱ་ཀཱ་ལི་ཨ་བྷི་ཥིཉྩ༔ ཀཱ་པ་ལ་ཏཱི་ནི༔ མ་ཧཱ་ཛྙཱ་ན་ཀ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ༔ གསུམ་པ་རེ་ཏིའི་དབང་བཞི་ནི༔ དང་པོ་སླག་ཆེན་ཐོགས་ལ༔ ཧཱུྃ༔ སླག་ཆེན་བརྗིད་པའི་གོ་ཆ་བཙན༔ ལྷ་མོ་ཡིད་འོང་ཐུགས་རྗེས་སྐྱོབས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ མི་མཐུན་ཕྱོགས་ལས་སྐྱོབས་པར་ཤོག༔ ཨ་བཛྲ་ཙཀྲ་རཀྵ་ཨ་བྷི་ཥཉྩ་ཧཱུྃ༔ གཉིས་པ་རྡོ་རྗེ་ཌཱ་རུའི་དབང་༔ ཧཱུྃ༔ རྡོ་རྗེ་ཌཱ་རུས་སྣང་སྟོང་སྟོན༔ བརྟུལ་ཞུགས་མཁའ་འགྲོ་འདུ་བའི་རྫས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཁམས་གསུམ་དབང་བསྡུད་དབང་ཐོབ་ཤོག༔ ཨ་བཛྲ་ཝ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་ཁ་ཊྭཱྃ་ཁྲམ་བམ་དབང་༔ ཧཱུྃ༔ དུག་གསུམ་རྩད་གཅོད་ཁ་ཊྭཱྃ་ཀ༔ སྐུ་གསུམ་དབང་རྫོགས་ཁྲམ་ཤིང་འབར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གདོན་གསུམ་དབྱིངས་སྒྲོལ་དབང་ཐོབ་ཤོག༔ ཨ་ཁ་ཊྭཱྃ་ཀ་ཤ་ཏྲུཾ་མ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་བ་ཆུ་གྲི་སོགས་ཀྱི་དབང་༔ ཧཱུྃ༔ ལྷ་མོ་ཆེན་མོ་ཕྱག་རྒྱ་ལ༔ རྒྱན་དང་ཆ་ལུགས་མ་འདྲེས་རྫོགས༔ ཆུ་གྲི་ལ་སོགས་ཐུན་མཚོན་རྟགས༔ སྐུ་དང་གནས་ཁང་བཀོད་པ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ བསྲུང་སྐྱོབ་ཕྲིན་ལས་དབང་ཐོབ་ཤོག༔ ཨ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཡིས་བུམ་པའི་དབང་རྫོགས་སོ༔ གཉིས་པ་གསང་བའི་དབང་བསྐུར་ནི༔ བུ་མོ་གཙང་མར་ལྷ་མོ་དབབས༔ ཕེབ་དུས་རྡོ་རྗེ་སློབ་དཔོན་དང་༔ འཁྲིལ་སྦྱོར་རོལ་བའི་བྱང་སེམས་སྤྲིན༔ གནས་གསུམ་ལྷར་མཆོད་ལྷག་མ་ཡིས༔ སློབ་མའི་ལྕེ་ལ་དབང་བསྐུར་རོ༔ ས་མ་ཡཱ༔ ཧཱུྃ་ཧཱུྃ༔ གསང་ཆེན་རྡོ་རྗེའི་བདུད་རྩི་འདི༔ ལྷ་ཚོགས་མཆོད་པའི་དངོས་གྲུབ་ལྷག༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམ་ཚིག་གཅིག་འབྲེལ་སྲོག་དབང་ཐོབ༔ བཟླས་པ་སྔགས་ལ་ལས་རུང་ནས༔ དེང་ཕྱིན་ཁྱོད་ཀྱིས་བོད་པའི་དུས༔ ལྷ་མོ་འཁོར་བཅས་མདུན་ན་འདོན༔ དེ་ཕྱིར་གསུང་གི་དམ་ཚིག་བསྲུང་༔ ཨོཾ་ཝཀྐ་བོ་དྷི་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དང་འབྲེལ་པའི་སྲོག་གཏད་དུ༔ སོ་སོར་རང་གི་སྲོག་འཁོར་སྔགས༔ བྲིས་ཤིང་པདྨ་རཀྟ་དང་༔ རི་ཧཱི་རྡོ་རྗེའི་གསང་རྫས་བྱུག༔ མིན་ཀྱང་རང་རང་བྱང་སེམས་རུང་༔ ལག་ཏུ་སྔགས་ཀྱི་བསྒྲང་ཕྲེང་དང་༔ བཅས་སུ་གཏད་དེ་འདི་སྐད་ཟློས༔ དཔལ་ཕྱག་ན་རྡོ་རྗེའི་སྲོག་སྔགས་ནི༔ ཨ་བཛྲ་ཙནྚ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ ཅེས་དང་༔ ལྷ་མོ་ལ༔ ཨོཾ་རུ་རུ་བེ་ཏི་སྟ་བ་དོ་ཡི༔ རུ་རུ་རོ་རུ་བེ་ཏིཥྚ་བ་དོ་སི༔ པ་ཙ་ལ་ཨ་ཤུག་མེ༔ ཧཱུྃ་བྷྱོ་ཛ༔ རེ་ཏིའི་སྲོག༔ ཨོཾ་རུ་རུ་རོ་རུ༔ ཧུ་ཏིཥྚ་བ་ཏོ་སི༔ རཀྨོ་ཙིཏྟ་ཁ་རཀྨོ་རཀྨོ་ཧཱུྃ་བྷྱོ༔ མ་མ་ཏྲག་རཀྵ༔ ཁ་མུནྟྲ་བ་ཏྲ་བ་ཏྲ་ཏྲག་རཀྵ་ཙིཏྟ་ཁ་རག་མ༔ རེ་མ་ཏི་ས་མ་ཡཱ་པྲ་མ་མ་ཧཱ་སྟེ་པྲ་དུན་བྷྱོ་རུ་ལུ་རུ་ལུ་བྷྱོ་ཛ་ཛ༔ འཁོར་མ་མོ་འབུམ་གྱི་སྲོག༔ ས་མ་ཡ་ལིང་རཀྵ་སི་ཧེ་རཀྵ༔ བྷྱོ་རཀྵ༔ དུ་རཀྵ༔ མེ་རཀྵ་སི༔ མ་རུ་ལུ་བྷྱོ་རུ༔ མ་རུ་ལུ་བྷྱོ་རུ༔ མ་རུ་ལུ་བྷྱོ་རུ༔ མ་རུ་ལུ་བྷྱོ་རུ༔ ཧཱུྃ༔ ལྷ་མོ་འཁོར་དང་བཅས་པ་ཡི༔ སྲོག་གི་སྙིང་པོ་འདི་ཡིན་ཏེ༔ ང་ཡིས་ཁྱོད་ལ་བརྩེ་བས་གཏད༔ ས་ཡ་ཅིག་གིས་དཔོན་མོ་འོང༔ ཁྲི་ཕྲག་ཅིག་གིས་གཡོག་མོ་འཁོར༔ བཟླས་པ་ཙམ་གྱིས་འཁོར་ཚོགས་འདུ༔ ད་ཕྱིན་གསང་སྔགས་རྒྱན་མ་བཅད༔ ཁྱོད་ལ་ཡོད་ཀྱིས་ཡིད་གཉིས་སྤོངས༔ གསུམ་པ་ཤེས་རབ་ཡེ་ཤེས་དབང་༔ ལྷ་མོའི་ཙཀླི་གནས་གསུམ་དུ༔ སྤྱི་བོར་ཕྱག་རྡོར་སྙིང་ལ་དཔོན༔ ལྟེ་བར་རེ་ཏི་གསང་གནས་འཁོར༔ སྲོག་གི་སྙིང་པོ་བྲི་བའམ༔ ཡང་ན་ཧཱུྃ་བྷྱོ་མ་མ་བྲི༔ ལྷ་མོ་དངོས་གསལ་སྙོམས་པར་འཇུག༔ དེས་ནི་དམ་ཚིག་གཅིག་ཏུ་འདྲེས༔ ས་མ་ཡཱ༔ ཧཱུྃ༔ འདུ་ཤེས་གསུམ་ལྡན་ཀུན་སློང་གིས༔ ཕྱག་རྒྱ་བཞི་ཡིས་འཁྱུད་སྡོམ་སྤྲད༔ འཁོར་ལོ་བཞི་ལ་བདེ་སྤྲིན་འགྱེད༔ དགའ་བ་བཞི་ཡི་ཉམས་མྱོང་གིས༔ སྟོང་པ་བཞི་ཡི་ཞེན་ཤུན་གྲོལ༔ ཆོས་ཉིད་ངང་གིས་ལྷ་མོ་ཁྲོས༔ མཚན་མའི་རྟོག་པ་འདི་ལ་མེད༔ ཧཱུྃ༔ རང་བཞིན་སྐུ་ཡི་ལྷ་མོ་ལས༔ བདེ་སྒྲ་ཚངས་དབྱངས་གསུང་གི་དམ༔ དབུ་མའི་སེམས་ལྔ་ལྷ་མོའི་ཐུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཤེས་རབ་ཕ་རོལ་ཕྱིན་པ་འདིའི༔ རྒྱུ་འབྲས་ས་བཅུ་ཅིག་ཆར་རྫོགས༔ ལྷ་མོའི་བྷ་ག་ཡངས་པ་རུ༔ དཀྱིལ་འཁོར་ཀུན་ཏུ་བཟང་ཐོབ་ཤོག༔ རྩ་སྔགས་མཐར༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐར་རྟེན་གཏོར་དབང་ནི༔ ཧཱུྃ༔ གཞོང་བ་འོག་མིན་ཆོས་ཀྱི་དབྱིངས༔ གཏོར་མ་སྐུ་གསུམ་མཁའ་འགྲོའི་དལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཀྱིལ་འཁོར་ཡོངས་རྫོགས་དབང་ཐོབ་ཤོག༔ སརྦ་མནྜ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་དམ་ཚིག་ཁས་བླངས་དང་༔ མཐའ་རྟེན་བཀྲ་ཤིས་རྫས་རྟགས་གཏད༔ མནྜལ་ཡོན་གྱིས་གཏང་རག་གཟོ༔ ལྷག་བསམ་དག་པས་བཀྲ་ཤིས་བརྗོད༔ སྲོག་གཏད་འདི་འདྲ་མ་ཐོབ་པར༔ དྲག་སྔགས་བཟླས་ན་ཕུང་བར་འགྱུར༔ ཇི་ལྟར་བསྒྲུབ་ཀྱང་འགྲུབ་མི་སྲིད༔ མཆོད་དང་གསོལ་བ་ཤ་ཐང་རྒྱུ༔ འདི་ལྡན་གང་དགོས་ལས་རྣམས་ཀུན༔ ཡེ་ཤེས་ལྷ་མོས་བསྒྲུབ་པར་འགྱུར༔ དེ་སྐད་ཤེས་རབ་བློ་འཕེལ་གྱིས། །ཡོངས་ལ་ཕན་པའི་དོན་ཆེད་དང་། །རྒྱུད་སྡེའི་བསྟན་པ་མི་ནུབ་སླད། །ཐུགས་བསྐྱེད་བཟང་པོའི་ལན་དྲུག་བསྐུལ། །གཏེར་བྱང་བྲི་རྒྱུ་ཅིང་མེད་པས། །དལ་ཅིག་ཕྱི་བཤོལ་གནས་སུ་བྱས། །ནུབ་གཅིག་བུད་མེད་ལྔ་བྱུང་ནས། ཁྱོད་ལ་སྲོག་གི་དབུགས་དབྱུང་ཡིན། །ཟེར་ནས་ཁོག་བའི་ཁ་ཕྱེ་སྟེ། །ཙིཏྟ་ཉིད་ལ་ཐིམ་པའང་རྨིས། །དེ་ཕན་བྲི་པའི་བློ་སྣང་ཐོབ། །འོན་ཀྱང་རང་གར་མ་བཞག་སྟེ། །རྒྱུད་དང་གཏེར་གྱི་སྨན་ཐུན་བསྡུས། །དགེ་བས་བསྟན་པ་མཐའ་རྒྱས་ཤོག །མངྒ་ལཾ། དགེའོ། །དགེའོ། །དགེའོ། །ལེགས་སོ། །

ཞིང་སྐྱོང་ཚེ་རིང་མཆེད་ལྔའི་བསྐང་གསོལ་བསྡུས་པ་ཕྲིན་ལས་འཁོར་ལོ།

ཞིང་སྐྱོང་ཚེ་རིང་མཆེད་ལྔའི་བསྐང་གསོལ་བསྡུས་པ་ཕྲིན་ལས་འཁོར་ལོ་བཞུགས་སོ༔

བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ འབྱོར་ཚོགས་ཡོ་བྱད་སྣ་ཚོགས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རླབས༔ རྃ་ཡྃ་ཁྃ༔ ཨ་ཨཱཿཧཱུྃ༔ ཀྱཻ༔ དབྱིངས་ཀྱི་ཡུམ་ལྔའི་ཐབས་མཁས་རྣམ་རོལ་མཛད༔ སྒྱུ་འཕྲུལ་རྡོ་རྗེ་ཚེ་རིང་མཆེད་སྡེ་ལྔ༔ སྔོན་ནས་ཐུགས་དམ་ཡལ་བར་མ་དོར་བར༔ ད་ལྟ་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ དད་གུས་པདྨ་ཉི་ཟླའི་གདན་ལ་བཞུགས༔ སངས་རྒྱས་བསྟན་སྲུང་ཕྲིན་ལས་མཛད་ཕྱག་འཚལ༔ ཤ་ཁྲག་དམར་གཏོར་འདོད་ཡོན་ལྷ་མོའི་གར༔ དགྱེས་སྐོངས་གླུ་གར་དཀར་དམར་སྐྱེམས་སྣ་ཚོགས༔ གདུགས་དང་དར་དཔྱང་རིན་ཆེན་པདྨའི་ཕྲེང་༔ དྲི་ཞིམ་བསུང་ངད་བྱ་རིགས་སྙན་པའི་སྒྲ༔ སྤྱན་གཟིགས་མདངས་མདོས་དྲི་ཆབ་རོལ་མོའི་འགྱུར༔ པི་ཝཾ་གླིང་བུ་ཕེག་རྡོབ་ཞུན་སྒྲོན་མེད༔ ཁྱད་པར་དྲིལ་བུ་གཡེར་ཁ་ཅོད་པཎ་འཕན༔ རིན་ཆེན་སྲོག་ཞུ་གར་ཆས་རྒྱན་ཕྲེང་འབར༔ རྔ་དང་རྫ་རྔ་རྒྱུད་མང་ཆས་སྣ་ཚོགས༔ ཆ་མ་ཆོ་དགུ་རྣམ་པ་བཟང་དགུའི་དངོས༔ ཆང་དང་དཀར་གསུམ་གཞལ་ཡས་བསྟོད་པའི་དབྱངས༔ ཡུམ་ཆེན་སྡེ་ལྔ་འཁོར་དང་བཅས་ལ་འབུལ༔ རྣལ་འབྱོར་ཉམས་ཆགས་བག་རྡུལ་ཡོངས་དག་ནས༔ བསྲུང་མའི་ཐུགས་ཟིན་བར་ཆད་ཞི་བ་དང་༔ ཉོན་མོངས་ཡེ་ཤེས་ཆེན་པོར་གྲོལ་བ་ཡི༔ ལྷན་སྐྱེས་དངོས་ཡིད་རིག་གཟུང་ཁྱོད་ཀྱིས་མཛོད༔ སྟོང་ཉིད་རྟགས་ཀྱི་ཐིག་ལེའི་འཕེལ་ཚད་རྫོགས༔ རྣམ་དག་དབྱིངས་གྱི་ངོ་བོ་མངོན་དུ་གྱུར༔ ཁུ་རྡུལ་རླུང་གི་རྒྱུ་བ་རྩད་བཅད་ནས༔ རྩ་རླུང་ཐིག་ལེ་ཡི་གེའི་འགྲོས་ཐིམ་བཞིའི༔ རང་བྱུང་འབྲས་བུ་ཡུམ་གྱི་མཁའ་དབྱིངས་སུ༔ ནམ་མཁའི་རྣལ་འབྱོར་བདེ་བ་ཆེན་པོར་སྦྱོར༔ དུས་གསུམ་འབྲལ་མེད་ཟུང་དུ་འཇུག་པ་དང་༔ བཀའ་ཡི་སྟོན་དང་བསྟན་བསྲུང་ཡི་དམ་གྱི༔ རྣམ་འཕྲུལ་བསམ་གྱིས་མི་ཁྱབ་མཐའ་ཡས་པ༔ ཁམས་གསུམ་འགྲོ་འདྲེན་ཕྲིན་ལས་མཐར་ཕྱིན་གྱི༔ གྲོགས་ཀྱི་དྭངས་མ་ལྷ་མོ་ཁྱོད་ཀྱིས་མཛོད༔ བཀའ་དང་དམ་ལ་མ་འདའ་ས་མ་ཡཱ༔ཅེས་ཀྱང་ག་གཱས་སོ། །

ཚེ་རིང་མཆེད་ལྔའི་གསོལ་བསྡུས་དཔག་བསམ་ལྗོན་བཟང་།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ཚེ་རིང་མཆེད་ལྔའི་གསོལ་བསྡུས་དཔག་བསམ་ལྗོན་བཟང་བཞུགས་སོ༔

ཀྱཻ༔ མདུན་དུ་གཡུ་ཡི་ཁང་བཟང་ནང་༔ ཇོ་མོ་བཀྲ་ཤིས་ཚེ་རིང་མཐིང་༔ མདའ་དར་དཀར་གསལ་ཚེ་བུམ་འཛིན༔ མདུན་དུ་གཏལ་དཀར་འགྲོ་བཟང་དཀར༔ ཕྱག་ན་ནོར་གྱི་གཞོང་བ་བསྣམས༔ གཡས་སུ་མཐིང་གི་ཞལ་བཟང་སེར༔ ཀུན་གསལ་པྲ་ཡི་མེ་ལོང་འཛིན༔ རྒྱབ་ཏུ་མི་གཡོ་གླང་བཟང་དམར༔ ཕྱག་ན་འདོད་འཇོའི་བ་མོ་བསྣམས༔ གཡོན་དུ་ཅོད་པན་མགྲིན་བཟང་ལྗང་༔ དཔག་བསམ་ལྗོན་ཤིང་རྒྱས་པ་བསྣམས༔ སྨན་མོ་འབུམ་གྱི་འཁོར་ཀྱིས་བསྐོར༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ དབྱིངས་དང་རང་བཞིན་སྤྲུལ་བའི་གནས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་བསྟིམས༔ བཛྲ་ཨ་ཡཿདེ་ཝ་པཉྩ་ས་པཱ་རི་ཝ་ར་ས་མ་ཡ་ཛ་ཛ༔ པདྨ་རྒྱས་པའི་གདན་ལ་བཞུགས༔ བསྟན་པ་བསྲུང་ཕྱིར་ཕྱག་ཀྱང་འཚལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས༔ གསང་གསུམ་ཡོན་ཏན་དྲན་པས་བསྟོད༔ བཛྲ་ཌཱཀྐི་མི་ཨ་ཡུཿདཱེ་ཝི་པཉྩ་ཛ་ཛ༔ ཅེས་བསྒྲུབ་མཐར༔ རཾ་ཡཾ་ཁཾ༔ མཆོད་ཚོགས་འདོད་ཡོན་རྒྱ་མཚོ་འདིའི༔ ཞིང་སྐྱོང་མཁའ་འགྲོའི་ཚོགས་རྗེ་མོ༔ ཚེ་རིང་མཆེད་ལྔ་འཁོར་བཅས་མཆོད༔ དགྱེས་བཞེས་གང་བཅོལ་ཕྲིན་ལས་བསྒྲུབ༔ སྔོན་གྱི་གཡར་དམ་ཅི་བཞིན་དུ༔ མ་འདའ་རྣལ་འབྱོར་མགོན་མཛོད་ཅིག༔ ཅེས་ཀྱང་མཉྫུ་མ་ཏིའི་ངོར་ཤྲཱི་ནས་སོ། །༈ ཀྱཻ༔ ཞིང་སྐྱོངས་ཚེ་རིང་མཆེད་སྡེ་ལྔ༔ ཡང་འཁོར་སྨན་བཙུན་འབུམ་དང་བཅས༔ འདིར་གཤེགས་མཆོད་བརྔན་བསངས་གཏོར་བཞེས༔ རྣལ་འབྱོར་བདག་གི་གྲོགས་དན་མཛོད༔ རླུང་སེམས་དབུ་མར་གསོད་པ་ཡིས༔ ལས་ཀྱི་ཕྱག་རྒྱ་ཁྱོད་ལ་བཅོལ༔ ཅེས་ཀྱང་ཉག་བླ་མ་རིན་པོ་ཆེའི་སྐུ་ཚའི་ངོར་ག་གཱས་སོ། །ཧཱུྃ༔ རྒྱལ་ཀུན་ཡེ་ཤེས་ལྔ་ཡི་རང་གཟུགས་ནི༔ ཞིང་སྐྱོང་མཁའ་འགྲོའི་དབང་མོ་ཚེ་རིང་མ༔ མཆོད་ལྔ་འཁོར་དང་བཅས་པ་ཐམས་ཅད་ལ༔ དམ་རྫས་འདོད་ཡོན་རྒྱན་གྱི་མཆོད་གཏོར་འབུལ༔ ཕྱི་ནང་རྐྱེན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་ཀྱང་བླ་མ་དམ་པ་སརྦ་ཛྙཱ་དེ་ཝའི་ངོར་ག་གཱས་སོ། །

ཨ་ཕྱི་ཆོས་ཀྱི་སྒྲོན་མའི་གསོལ་བསྡུས།

ཨ་ཕྱི་ཆོས་ཀྱི་སྒྲོན་མའི་གསོལ་བསྡུས་བཞུགས་སོ༔

བརྡ་ཡིག །ཧོཿ དབྱིངས་ཕྱུག་མི་འགྱུར་རྡོ་རྗེ་བཙུན་མོ་ནི༔ ལོངས་སྤྱོད་ཡུམ་ལྔ་སྒྲོལ་མ་ཉི་ཤུ་གཅིག༔ སྤྲུལ་སྐུ་ཞིང་སྐྱོང་ཚེ་རིང་མཆེད་ལྔ་དང་༔ ཡང་སྤྲུལ་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་སྟེ༔ སྐུ་གསུང་ཐུགས་སྤྲུལ་འབུམ་ཕྲག་མཁའ་འགྲོའི་དངོས༔ གནས་ཡུལ་དུར་ཁྲོད་བསྟན་པ་སྤྱིའི་བསྲུང་མ༔ རྣམ་ཐར་བསམ་གྱིས་མི་ཁྱབ་ཁྱོད་ཕྱག་འཚལ༔ དམ་ཚིག་གཉེར་དགོངས་སྐད་ཅིག་འདིར་གཤེགས་ཤིག༔ རིན་ཆེན་ཉི་ཟླ་པདྨར་བཞུགས་གསོལ་འདེབས༔ ཐབས་མཁས་རྣམ་རོལ་མཛད་ལ་རྗེས་ཡི་རང་༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ བདག་གི་དོན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས༔ ཚེ་རབས་གཏན་གྱི་བསྲུང་མར་མངའ་གསོལ་ལོ༔ སྲིད་ཞིའི་ཡོན་ཏན་མཆོག་མངའ་ཁྱོད་ལ་བསྟོད༔ ཕྲིན་ལས་རབ་འབྱམས་ཐམས་ཅད་ཁྱེད་ཀྱིས་བསྒྲུབ༔ ཐུགས་འགལ་དམ་ཉམས་མཆོད་བརྟེན་ཆགས་ལ་སོགས༔ མ་བྱམས་བུ་ཡི་འཁྲུལ་པ་ཇི་བཞིན་དུ༔ དགོངས་ཀློང་ཆོས་ཀྱི་དབྱིངས་སུ་ཡངས་པར་མཛོད༔ མི་ནོར་ཚེ་གཡང་གྲོགས་ལྷར་མཛད་ནས་ཀྱང་༔ གཞི་ཕྱིའི་ལམ་དོན་ཀུན་ཏུ་ཁ་འཛིན་བཅོལ༔ སྲིད་འདས་སྲིད་པའི་ཆ་སྟོན་མཁའ་འགྲོའི་གཙོ༔ ཁྱོད་མཁའ་བདེ་ཆེན་སྡུག་པོ་བཀོད་པ་རུ༔ མཐར་ཐུག་ལྟོས་བཅས་སེམས་ཅན་ཐམས་ཅད་ཀུན༔ མཉམ་གྲོལ་ཡུམ་ཆེན་སྲས་སུ་བཟུང་དུ་གསོལ༔ ཨོཾ་བཛྲ་དྷརྨ་ཏཱ་རེ་ཛྙཱ་ན་ཌཱཀྐི་ནི་ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཏ་ཁཱ་ཧི༔ ཞེས་སོ༔ ཡང་བསྡུ་ན༔ ཧཱུྃ༔ སྐུ་གསུམ་དབྱིངས་དང་དབྱིངས་བཞུགས་ཀྱི༔ འཁོར་འདས་ཡོངས་ཀྱི་ཨ་ཕྱི་ཆེ༔ འདིར་གཤེགས་མཆོད་བཞེས་བསྲུང་མར་བཞུགས༔ མཆོག་ཐུན་དངོས་གྲུབ་རྒྱ་མཚོ་སྩོལ༔ སརྦ་པཱུ་ཛ་ཨེ་དཾ་བྷ་ལིང་ཏ་ཁཱ་ཧི༔ རྣལ་འབྱོར་གང་ཞིག་དམ་ལྡན་གྱིས༔ འདི་ལྟར་ཡང་དག་མཆོད་བྱས་ན༔ འདི་ཕྱིའི་མི་མཐུན་རྒུད་པ་སེལ༔ ཕུན་སུམ་ཚོགས་པའི་སྐལ་བཟང་ཐོབ༔ ཡེ་ཤེས་འཇིག་རྟེན་དམ་ཚིག་དང་༔ ཤ་ཟ་ལས་ཀྱི་མཁའ་འགྲོ་སྟེ༔ སྲིད་པ་མ་མོའི་དཀྱིལ་འཁོར་གྱི༔ སྤྱི་དཔལ་འདི་ལས་གཞན་ཡོད་མིན༔ ཆོས་སྐུའི་ཕྲིན་ལས་གཟུགས་སྐུ་དང་༔ དྲེགས་པ་དམ་བཏགས་སླས་འཁོད་གཉིས༔ གོང་འོག་ཁྱད་པར་གནམ་ས་ཙམ༔ ཡོད་ཀྱང་རྨོངས་པས་མ་མཐོང་ངོ་༔ གྲུབ་ཐོབ་གསུང་གི་དགོངས་གཞི་ནི༔ ལྷ་ལ་ཡིད་ཆེས་ཡོད་མེད་ཀྱི༔ ཉམས་སད་ལྟ་བ་མ་ལོན་ནས༔ སྤོངས་ལེན་བྱེད་པ་ཁྱེད་ཚོའི་འཁྲུལ༔ ཅེས་ཀྱང་བོ་ཚེའི་བསྐུལ་ངོར་ག་གཱ་པས་སོ། །

ཕུར་བསྲུང་གསོལ་བསྡུས།

ཕུར་བསྲུང་གསོལ་བསྡུས་ནི༔ ཛ༔ ཕུར་པའི་སྲུང་མ་དམ་ཚིག་ཅན༔ སློབ་དཔོན་བཀའ་ཡི་བྱ་ར་བ༔ ཤྭ་ན་མ་བཞི་གཤེགས་སུ་གསོལ༔ ས་བདག་མ་བཞི་གཤེགས་སུ་གསོལ༔ སྐྱེས་བུ་གིང་བཞི་གཤེགས་སུ་གསོལ༔ རེ་ཏི་མཆེད་བཞི་གཤེགས་སུ་གསོལ༔ བསེ་མོ་མཆེད་བཞི་གཤེགས་སུ་གསོལ༔ བདག་ཉིད་མ་བཞི་གཤེགས་སུ་གསོལ༔ གིང་ཆེན་བཅོ་བརྒྱད་གཤེགས་སུ་གསོལ༔ བསེ་ལྕགས་དུང་གི་སྐྱེས་བུ་གཤེགས་སུ་གསོལ༔ བསྟན་མ་བཅུ་གཉིས་གཤེགས་སུ་གསོལ༔ དམ་ཚིག་གཉན་བཙུན་ཁྱེད་རྣམས་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ བྷ་ལིང་གཏོར་མའི་མཆོད་པ་འབུལ༔ སྤྱན་གཟིགས་དཀོར་ཆའི་མཆོད་པ་འབུལ༔ ཡོ་བྱེད་བཟང་དགུའི་མཆོད་པ་འབུལ༔ འདོད་ཡོན་ལོངས་སྤྱོད་མཆོད་པ་འབུལ༔ དམ་རྫས་བདུད་རྩིའི་མཆོད་པ་འབུལ༔ དགྲ་ཤ་ཁྲག་གི་མཆོད་པ་འབུལ༔ བརྩེ་བའི་ཐུགས་ཀྱིས་དེང་དུ་བཞེས༔ ཕྲིན་ལས་རབ་འབྱམས་ཐོགས་མེད་བསྒྲུབས༔ མ་འདའ་བཛྲ་ས་མ་ཡཱ༔ ཅེས་ཀྱང་འགྱུར་མེད་སྐལ་བཟང་བས་བསྐུལ་ངོར་ཨ་ག་གཱས་སོ། །

དཔལ་ལྡན་ནག་པོ་ཆེན་པོའི་མངའ་གསོལ་དཔག་བསམ་ལྷུན་གྲུབ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ དཔལ་ལྡན་ནག་པོ་ཆེན་པོའི་མངའ་གསོལ་དཔག་བསམ་ལྷུན་གྲུབ་བཞུགས་སོ༔

གཞལ་ཡས་ཁྲི་གདན་མཆོད་རྫས་དང་༔ ཁྱད་པར་རྒྱལ་སྲིད་སྣ་བདུན་གྱིས༔ མངའ་འབུལ་ཡིད་ཆེས་གདུང་ཤུགས་ཀྱིས༔ རྣལ་འབྱོར་ལེའུ་ལྷར་མངའ་གསོལ་བ༔ ཧཱུྃ༔ སྔོན་ཚེ་བཅོམ་ལྡན་དགྱེས་པ་ཆེན་པོ་ཡི༔ ཤེས་རབ་སྟོབས་ཀྱིས་གཟུང་འཛིན་རུ་ཏྲ་བསྒྲལ༔ བྱང་ཆུབ་སེམས་ནི་སྤྲུལ་སྐུར་ཞལ་གྱུར་བ༔ རབ་འཇིགས་དཔའ་བོ་དྲེགས་པ་ཀུན་འདུལ་བྱུང་༔ ཡེ་ཤེས་འཇིག་རྟེན་ཟོལ་དུ་སྨྲ་འབེབས་པའི༔ ཐུགས་བསྐྱེད་དམ་བཅའི་དགོངས་གཞི་ཅི་ཞིག་ན༔ སྲིད་གནས་འགྲོ་ཁམས་དོང་ནས་སྤྲུགས་པའི་སླད༔ ཞི་ཁྲོ་སྐུ་གསུམ་རྣམ་རོལ་བསམ་མི་ཁྱབ༔ ཀུན་བཟང་རྣམ་སྣང་རིགས་ལྔ་གངས་ཆེན་མཚོ༔ སྙིང་རྗེའི་གཏེར་ཆེན་དབང་ཕྱུག་ལྷ་ཆེན་པོ༔ ཀུན་ཀྱང་ཁྱོད་ཀྱི་ཐུགས་རྗེའི་བདག་རྐྱེན་པས༔ དུས་གསུམ་སངས་རྒྱས་ངོ་བོར་མངའ་གསོལ་ལོ༔ ཁྲོ་མེད་རྔམ་པ་ཆེན་པོའི་བརྟུལ་ཞུགས་ཀྱང་༔ ཆགས་མེད་རྗེས་ཆགས་གར་གྱི་རྣམ་འགྱུར་ཙམ༔ རྨོངས་མེད་རྨོངས་པའི་མཐུན་པ་གདུལ་སླད་དེ༔ ཐབས་མཁས་དྲང་སྲོང་ཆེན་པོ་མངའ་གསོལ་ལོ༔ སྲིད་ཞི་ཀུན་ཁྱབ་ཡེ་ཤེས་ཕྲིན་ལས་ཀྱིས༔ ཅིག་ཆར་འཇུག་པའི་མྱུར་མགྱོགས་མ་འཚལ་ནས༔ རྨུན་པོའི་རང་བརྒྱུད་དྲེགས་པར་ལྟོར་འཆའ་ཡང་༔ ཚད་མའི་ངེས་བློའི་སྐྱབས་སུ་མངའ་གསོལ་ལོ༔ གཞན་མཆོད་ཉེ་ཞིང་བཞག་ན་ཀོ་ལོང་རྐྱེན༔ འདི་སྣང་ཙམ་གྱི་ཆོས་འགའ་ཁ་འཛིན་ཀྱང་༔ ཕྱི་མའི་སྲིད་པར་རྣམ་སྨིན་མ་རུང་འདྲེན༔ ཁྱོད་ནི་གཏན་བདེའི་མགོན་པོར་མངའ་གསོལ་ལོ༔ སྲིད་གསུམ་བསྲེགས་པའི་འཇིགས་བྱེད་ཉི་ཤུ་བཞི༔ གདུལ་ཐབས་ཐུགས་རྗེ་བསྐུལ་ལ་ཁྱོད་མཁས་པའི༔ རྐྱེན་གྱི་རྐྱེན་གྲོལ་བདུད་རྩི་འབྱུང་བའི་གཞི༔ གསང་ཆེན་བསྟན་པའི་བདག་པོར་མངའ་གསོལ་ལོ༔ ཉེ་རིང་མེད་པའི་མ་འདྲེས་བཤེས་ཆེན་པོའི༔ བཏང་སྙོམས་མེད་པའི་བྱམས་གཅུགས་རྗེས་སྐྱོངས་ཀྱང་༔ གཡེལ་བ་མེད་པའི་ཕན་བདེར་གཅིག་ཏུ་གཞོལ༔ འགྲན་ཟླ་མེད་པའི་མ་མར་མངའ་གསོལ་ལོ༔ སྐྱེ་འགྲོའི་བདེ་སྐྱིད་ཆོས་ལ་རག་ལུས་པའི༔ སླར་ཡང་བསྟན་པའི་སྲུང་མར་ཐུགས་བསྐྱེད་དེ༔ ཇི་སྙེད་དཔལ་སྟུག་འབྱོར་བ་དེ་སྲིད་དུ༔ བཀའ་ཡི་བྱ་རའི་བྱེད་པོར་མངའ་གསོལ༔ ཇི་ལྟར་མཐོ་རིས་འདྲེན་པའི་མགོན་གཞུགས་ནས༔ འཆི་མེད་དབུགས་དབྱུང་མཛད་པོ་ཁྱོད་ཡིན་ན༔ ཆོས་མཛད་ཡོངས་ཀྱི་དབུ་འཕང་བསྟོད་པ་ཡིས༔ དགྲ་བླའི་རྒྱལ་པོར་ཁྱོད་ནི་མངའ་གསོལ་ལོ༔ ལྷ་ལས་རྒན་པའི་དཔུང་པ་སྟོབས་ཀྱིས་གཞོམ༔ དཀར་བོའི་དགེ་མཚན་སྐྱེ་དགུའི་ཞིང་ལ་སྨིན༔ དེ་བཞིན་མུ་སྟེགས་ནག་པོའི་རྩ་ལག་བཅས༔ བསྟན་དགྲ་གསོད་པའི་ཤན་པར་མངའ་གསོལ་ལོ༔ ཤི་འདྲེ་གྲོང་འདྲེ་རྒྱ་འདྲེ་འགོང་པོ་ཡིས༔ ཆོ་འཕྲུལ་ནད་དང་མུ་གེ་མཚོན་འཁྲུགས་སོགས༔ ཡོངས་ལ་གནོད་པའི་རྒྱུ་རུ་ལྡང་པ་ཀུན༔ རྨེགས་མེད་མཛད་པའི་གཤེད་པོར་མངའ་གསོལ་ལོ༔ ཁ་དཀར་ཁོང་ནག་བསམ་ངན་དུག་སྦྱོར་གཤོམས༔ བྱད་ཕུར་རྦོད་གཏོང་གཤེད་ལྡེབ་གཏད་ཁྲམ་ཧོམ༔ སངས་རྒྱས་བསྟན་པའི་དོན་དུ་མ་ཡིན་ཀུན༔ བཟློག་བསྒྱུར་དྲང་སྲོང་ཁྲོས་པར་མངའ་གསོལ་ལོ༔ གཙུག་ལག་ཆོས་འཁོར་རྣལ་འབྱོར་ཅན་ལ་སོགས༔ རྟག་ཏུ་བསྲུང་སྐྱོབས་མེལ་ཚེ་མཛད་པ་དང་༔ བསྟན་པའི་མངའ་ཐང་ཕྱོགས་བརྒྱར་སྤེལ་བ་ཡི༔ ཞབས་འདེགས་ཆོས་སྐྱོང་རྒྱལ་པོར་མངའ་གསོལ་ལོ༔ ཁྱད་པར་རིག་འཛིན་རྣལ་འབྱོར་བདག་ཅིག་གི༔ དབེན་པར་ཆོས་བཞིན་སྤྱོད་པའི་མཐུན་རྐྱེན་ཀུན༔ ཡོངས་སུ་གྲུབ་པའི་གྲོགས་དན་མཛད་པ་ཡིས༔ གསོས་བྱེད་ཡོན་གྱི་བདག་པོར་མངའ་གསོལ་ལོ༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཡི༔ འགལ་རྐྱེན་ཕྱི་ནང་གསང་བ་ཡང་གསང་གི༔ མི་མཐུན་ཉེར་འཚེའི་མཚན་མ་ཇི་སྙེད་པ༔ སེལ་བྱེད་གྲོགས་ཀྱི་དམ་པར་མངའ་གསོལ་ལོ༔ ཉམས་དང་རྟོགས་པའི་ཡོན་ཏན་གོང་དུ་སྤེལ༔ ལྟ་བསྒོམ་སྤྱོད་པའི་གོལ་ཤོར་འཕྲང་ལས་སྒྲོལ༔ ས་བཅུ་ལམ་ལྔའི་སྤངས་རྟོགས་ན་བསྐྱེད་པའི༔ འདྲེན་སྟོན་བླ་མ་དམ་པར་མངའ་གསོལ་ལོ༔ མཐར་ཐུག་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཀྱི་གསང་བ་བླ་མེད་པ༔ མངོན་གྱུར་གཞོན་ནུ་བུམ་པའི་སྐུར་བརྟེན་པའི༔ གདོད་མའི་མགོན་པོ་ཉིད་དུ་མངའ་གསོལ་ལོ༔ དེ་ལྟར་མངའ་གསོལ་བགྱིས་པའི་ལྷག་བྱས་ཀྱིས༔ ལས་ཀུན་དྲང་མཁན་ཁྱེད་ཀྱི་ཡོངས་བཟུང་ནས༔ དོན་གཉིས་ལྷུན་གྱི་གྲུབ་པའི་དགེ་མཚན་དཔལ༔ བཀྲ་ཤིས་མཆོག་གི་རྩེ་མོར་སོན་གྱུར་ཅིག༔ ཨོཾ་ཧཱུྃ་མ་ཧཱ་ཀ་ལ་དཱེ་ཝ་རྡུལ་ནི་ཀེའུ་ས་མ་ཡ་ཛ་ཛ༔ ཨ་ཏི་ཡོ་ཀ་རཀྵ་རཀྵ༔ ཅེས་མཐར་རྟགས་ཀྱི་མངའ་གསོལ་སོགས། །ཉོབ་ཏུ་དོགས་ནས་མ་བྲིས་སོ། །འགྱུར་མེད་གསུང་གི་ངོ་མཐོན་དུ། །ག་གཱ་ཨ་བྷྱེས་བསྟི་སྟངས་སོ། །༈ བསྡུ་ན༔ ཧཱུྃ༔ ཡེ་ཤེས་མགོན་པོ་མ་ཧཱ་ཀ་ལ་ཁྱེད༔ བསྟན་དང་བསྟན་འཛིན་སྤྱི་ཡི་བསྲུང་མ་རུ༔ སྤྱི་དཔལ་པདྨས་དབང་བསྐུར་མངའ་གསོལ་བཞིན༔ དེང་འདིར་རྣལ་འབྱོར་བདག་གི་སྐྱབས་སུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་རབ་འབྱམས་ཀྱི༔ མི་མཐུན་རྐྱེན་སོལ་མཐུན་འཇུག་ཡལ་གམ་སྐྱོངས༔ ཞེས་ཀྱང་ག་གཱས་སོ། །༼ འདི་ནི་མགོན་པོ་ཞལ་བཞིའི་མངའ་གསོལ་ཡིན་གསུང་། ༽

དཔལ་ནག་པོ་ཆེན་པོའི་མངའ་གསོལ་བསྡུས་པ་དབང་གི་ཞགས་པ།

དཔལ་ནག་པོ་ཆེན་པོའི་མངའ་གསོལ་བསྡུས་པ་དབང་གི་ཞགས་པ་བཞུགས་སོ༔

ཧཱུྃ༔ ཀུན་བཟང་ཆེ་མཆོག་སྙིང་རྗེའི་གཏེར་མཛོད་དབང་༔ བསྟན་འགྲོའི་དོན་དུ་རྔམ་བརྗིད་འབར་བའི་ཚུལ༔ དཔལ་ལྡན་མགོན་པོ་མ་ཧཱ་ཀ་ལར་བཞེངས༔ བདག་གིས་གཏན་གྱི་བསྲུང་མར་དམ་བཅའོ༔ བརྒྱུད་གསུམ་བླ་མའི་ངོ་བོར་མངའ་གསོལ་ན༔ བྱིན་རླབས་དབང་གི་ཆུ་རྒྱུན་སྩལ་དུ་གསོལ༔ ཡི་དམ་དཀྱིལ་འཁོར་འཁོར་ལོར་མངའ་གསོལ་ན༔ མཆོག་ཐུན་དངོས་གྲུབ་ཆར་ཆེན་དབབ་ཏུ་གསོལ༔ མ་བརྒྱུད་མཁའ་འགྲོའི་འཁོར་ལོར་མངའ་གསོལ་ན༔ རབ་འབྱམས་ཕྲིན་ལས་མ་ལུས་སྒྲུབ་ཏུ་གསོལ༔ དཀོན་མཆོག་གསུམ་གྱི་ངོ་བོར་མངའ་གསོལ་ན༔ འདི་ཕྱི་གཏན་གྱི་སྐྱབས་གནས་མཛད་དུ་གསོལ༔ ཆོས་སྐྱོངས་ཡོངས་ཀྱི་ངོ་བོར་མངའ་གསོལ་ན༔ ས་ལམ་བར་ཆད་ཐམས་ཅད་བསྒྲལ་དུ་གསོལ༔ ནོར་དང་གཡང་གི་ལྷ་རུ་མངའ་གསོལ་ན༔ རྒྱུ་འབྲས་དབུལ་བ་མཐའ་དག་བསལ་དུ་གསོལ༔ ཟས་དང་གྲོགས་ཀྱི་ལྷ་རུ་མངའ་གསོལ་ན༔ མཐུན་རྐྱེན་འདོད་དགུ་ཡིད་བཞིན་སྦྱོར་དུ་གསོལ༔ དཔུང་དང་དགྲ་བླའི་མཆོག་ཏུ་མངའ་གསོལ་ན༔ ནུས་མཐུ་སྟོབས་དང་རྩལ་ཤུགས་བསྐྱེད་དུ་གསོལ༔ སྡང་དགྲ་གསོད་པའི་མཚོན་ཆར་མངའ་གསོལ་ན༔ ཐལ་བའི་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ཁ་རྗེ་དབང་ཐང་གྲགས་ལྷར་མངའ་གསོལ་ན༔ སྙན་པའི་བ་དན་སྲིད་རྩེར་བསྒྲང་དུ་གསོལ༔ བྱད་བཟློག་དྲང་སྲོང་ཁྲོ་བོར་མངའ་གསོལ་ལོ༔ བསམ་སྦྱོར་ངན་པའི་འབྲས་བུ་རང་སར་བཟློག༔ བསྟན་པ་ཡོངས་ཀྱི་བསྲུང་མར་མངའ་གསོལ་ལོ༔ གཙུག་ལག་ཆོས་འཁོར་གཉན་པོའི་གཉེར་འཛིན་མཛོད༔ བསྟན་དགྲ་སྒྲོལ་གིང་ཆེན་པོར་མངའ་གསོལ་ན༔ མུ་སྟེགས་ལྟ་ལོག་རྒོལ་ངན་རྨེགས་མེད་མཛོད༔ སངས་རྒྱས་བསྟན་བསྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོངས་བསྟན་པའི་མངའ་ཐང་བསྐྱེད༔ རྣལ་འབྱོར་གྲོགས་མཛོད་ཡོན་བདག་མགོན་པོར་མཛོད༔ འགྲོ་ཀུན་ཕན་བདེའི་བཀྲ་ཤིས་མཆོག་སྩོལ་ཅིག༔ ཞེས་དང་༔ བསྡུ་ན་བར་གྱི་ཕྲིན་གསོལ་ཚིག་རྣམས་བསྟུང་ཀྱང་ཆོག་གོ༔ ཅེས་ཀྱང་སྣ་བོ་ཆེའི་བཞེད་སྐོངས་སུ་གསེར་ལྗོང་གི་རྣ་བོ་ཆེ་ག་གཱས་སོ། །

གཟའ་བདུད་ནག་པོའི་ལས་ཀྱི་བྱང་བུ་དགྲ་བགེགས་ཚར་གཅོད།

གཟའ་བདུད་ནག་པོའི་ལས་ཀྱི་བྱང་བུ་དགྲ་བགེགས་ཚར་གཅོད་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་རེ་ཡེ༔ བརྡ་ཡིག །གཏོར་མ་གཡས་གཅུས་རང་འདྲ་བརྒྱད༔ ཆོས་འབྱུང་རུ་ཏྲའི་སྟེང་བཞུགས་གསོལ༔ མཐའ་བསྐོར་མཆོད་གཏོར་བྷ་ལིང་སྟོང་༔ བསྡུ་ན་གང་འབྱོར་ཤ་ཁྲག་བརྒྱན༔ རང་ཉིད་གསང་བའི་བདག་པོར་བསྐྱེད༔ ལྟ་བའི་གདངས་དང་མི་འབྲལ་བས༔ རཱ༔ རང་ཉིད་ཡི་དམ་ལྷར་གསལ་མདུན༔ མེ་དཔུང་དམར་ནག་འབར་བའི་དབུས༔ དགྲ་བགེགས་ཉི་མ་འདབ་སྟོང་སྟེང་༔ མེ་འབྲུག་དམར་ནག་རྔམས་ཆེན་རོལ༔ སྲིད་གསུམ་སྲོག་བདག་རཱ་ཧུ་ལ༔ དབུ་དགུ་བརྩེགས་མར་སྒེག་དཔའ་འཇིགས༔ སྟེང་ཞལ་གསུམ་ནི་དཀར་ལ་མཛེས༔ བར་གྱིས་ཞལ་གསུམ་དམར་ལ་ཁྲོས༔ འོག་གི་ཞལ་གསུམ་དུད་ཁ་གཏུམ༔ ཀུན་གྱི་ཡ་གྱལ་བྱ་རོག་དབུ༔ གཡས་ཀྱི་ཕྱག་བཞི་རིམ་པ་བཞིན༔ ཆུ་སྲིན་རྒྱལ་མཚན་རལ་གྲི་དང་༔ གཏུབ་བྱེད་འཁོར་ལོ་དུག་མདའ་གཟིར༔ གཡོན་ནི་སྙིང་ཞགས་དུང་དམར་དང་༔ གནམ་རུ་འགེང་བའི་སྟབས་ཀྱིས་བསྣམས༔ ལྟོ་ཞལ་སྲིད་གསུམ་ཟ་བྱེད་ཡངས༔ ཡེ་ཤེས་སྤྱན་སྟོང་ཕྱོགས་བཅུར་གཟིགས༔ སྐུ་སྨད་སྦྲུལ་གྱི་མཇུག་མར་འཁྱིལ༔ ཡུམ་ཆེན་གདོང་མོ་རྣམ་ ༼ སྙིང་ཁྲག་བསྣམ་པ་ ༽ བཞི་དང་༔ སྤྲུལ་པ་ལས་ཀྱི་གཟའ་ ༼ མདའ་གཞུ་ ༽ ཆེན་བརྒྱད༔ ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ ཡང་མཐར་ས་ཆུ་མེ་རླུང་གཟའ༔ དཀར་སེར་དམར་ལྗང་མདའ་གཞུ་འགེངས༔ རྒྱུ་སྐར་ལྷ་མོ་ཉེར་བརྒྱད་དང་༔ སྣང་སྲིད་ལྷ་སྲིན་དབུས་ན་རོལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ མེ་རི་འབར་བ་རྩུབ་འགྱུར་ཚལ༔ འབྱུང་ལྔའི་ཁམས་ནས་གཟའ་ཆེན་པོ༔ འཁོར་དང་བཅས་པ་སྤྱན་དྲངས་བསྟིམས༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ དམ་ཚིག་གདུང་ཤུགས་དད་གུས་ཀྱིས༔ གཟའ་མཆོག་འཁོར་བཅས་སྤྱན་འདྲེན་ཀྱི༔ རྣལ་འབྱོར་བུ་བཞིན་སྐྱོངས་པ་དང་༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ དགྲ་བགེགས་གནོད་བྱེད་ཚར་གཅོད་ཕྱིར༔ རྫུ་འཕྲུལ་ཤུགས་ཀྱིས་གཤེགས་སུ་གསོལ༔ རཱ་ཧུ་ལ་ས་པཱརི་ཝ་ར་བཛྲ་ས་མ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ དགྲ་བགེགས་བསྣོལ་བའི་གདན་སྟེང་དུ༔ བསྐྱེད་པ་ཏིང་འཛིན་དཀྱིལ་འཁོར་ལ༔ དམ་ཚིག་ཡེ་ཤེས་འཁོར་ལོ་ནི༔ གཉིས་མེད་རོ་གཅིག་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ སྐུ་གསུམ་འདུ་འབྲལ་མེད་པའི་ལྷར༔ ཡེ་ཡིན་ཆེན་པོའི་ངེས་ཤེས་ཀྱིས༔ བསྟན་འགྲོའི་མགོན་དུ་གྱུར་བ་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ ན་མོ་ན་མ་ཧོ༔ མཆོད་པ་ནི༔ དགྲ་བགེགས་ཤ་ལྔ་བདུད་རྩི་ལྔ༔ དམར་གསུམ་རི་མཚོ་ཐང་དུ་བརྡལ༔ ཡེ་ཤེས་རོལ་པའི་ཕབས་ཀྱིས་བྲན༔ དམ་ཚིག་ཐུགས་དམ་བསྐང་ཕྱིར་འབུལ༔ མ་ཧཱ་མཾ་ས་རཀྟ་བྷ་ལིངྟ་ཁཱ་ཧི༔ བསྟོད་པ་ནི༔ ཧོ༔ ཀུན་གཟིགས་རྣམ་པར་སྣང་མཛད་གངས་ཆེན་མཚོ༔ མངོན་བྱུང་ཆེ་མཆོག་བུདྡྷ་ཧེ་རུ་ཀ༔སྣ་ཚོགས་གར་གྱིས་མི་སྲུན་འདུལ་མཛད་དཔལ༔ དྲང་སྲོང་ཁྱབ་འཇུག་ཆེན་པོ་ཁྱོད་ལ་བསྟོད༔ ས་ཆུ་མེ་རླུང་ནམ་མཁའི་གར་ཁྱབ་ཀྱིས༔ ཁམས་གསུམ་ས་དགུར་དབང་མཛད་དབུ་དགུ་བཞད༔ ས་བཅུའི་ཁྱད་པར་དབང་བསྒྱུར་བྱ་རོག་དབུ༔ རྣམ་ཐར་བརྒྱད་ཀྱི་རྩེར་ཕྱིན་ཕྱག་བརྒྱད་ལྡན༔ སངས་རྒྱས་སྟོང་གི་དབང་བསྐུར་སྤྱན་སྟོང་བཀྲ༔ ཚར་གཅོད་རང་རྟགས་རྒྱན་ཀྱི་ཕྱག་མཚན་ཅན༔ དྲང་སྲོང་ཡེ་ཤེས་མགོན་པོ་ཁྱོད་ལ་འདུད༔ བདེ་སྟོབས་གཟུངས་ཀྱི་གནམ་ཞལ་གདོང་མོ་དང་༔ ཡེ་ཤེས་རྒྱན་གྱི་འཁོར་ལོ་གཟའ་ཆེན་བརྒྱད༔ སྒྱུ་འཕྲུལ་རང་རྩལ་འབྱུང་ཁམས་དབང་བསྒྱུར་འཁོར༔ དྲེགས་ཚོགས་བྲན་ཁོལ་བཅས་ལ་ཕྱག་འཚལ་བསྟོད༔ སྒོ་གསུམ་གུས་པས་བསྟོད་དབྱངས་སྙན་སྤྲིན་འབུལ༔ རྟག་ཏུ་གཡེལ་བ་མེད་པར་བུ་བཞིན་སྐྱོངས༔ བཀྲ་ཤིས་བདེ་ལེགས་ཡོན་ཏན་གོང་དུ་སྤེལ༔ མི་མཐུན་བར་ཆད་རྐྱེན་གེགས་རྡུལ་དུ་རློག༔ བཀའ་དམ་མ་འདའ་བཛྲ་ས་མ་ཡཱ༔ འཛབ་བཟླ་ན༔ དྲེགས་པའི་ཐུགས་ཀར་རཱཿཡིག་མཚན༔ བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས༔ འཁྱུད་པར་དམ་ཚིག་གཅིག་འདྲེས་ནས༔ ཕྲིན་ལས་རབ་འབྱམས་བསྒྲུབ་བསམ་ཞིང་༔ རྩ་སྔགས་ནི༔ ཨོཾ་ནཱ་ག་རཀྵ་རཱ་ཧུ་ལ་ས་མ་ཡ་ཛ་ཛ༔ ༼ འདི་མན་དོ་གལ་ཆེ་ན་མ་གཏོགས་མི་འདོན༔ མཆན། ༽ སུ་ཁ་ར་ཏི་ཙ་རུ་ས་པཱ་རི་ཝཱ་ར་ས་མ་ཡཱ་ཛ་ཛ༔ ཞེས་པས་འབོད་བསྐུལ་རྟག་ཏུ་བརྩོན༔ ཟླ་བ་གསུམ་གྱིས་རྟགས་འབྱུང་ཞིང་༔ ཟླ་བ་དགུ་ཡིས་དངོས་ཞལ་མཇལ༔ འབྱུང་པོའི་གཟའ་གནོད་ཀུན་གྲོལ་ཏེ༔ ཡིད་ལ་བརྣག་པ་ཚར་གཅོད་ཀྱི༔ དྲག་པོའི་ཀིང་ཆེན་འདི་ལས་དབེན༔ དེ་ཕྱིར་ཆོས་བཞིན་བསྒྲུབ་པས་བརྩོན༔ ལེགས་པར་གྲུབ་ན་སངས་རྒྱས་ཀྱི༔ འབྲས་བུའང་འདིས་ནི་སྦྱིན་པར་ནུས༔ ས་མ་ཡཱ༔ ཙནྡྲའི་ངོར་ག་གཱས་སོ། །གསོལ་མཆོད་འདོད་ན༔ ཛཿ གཟའ་བདུད་ནག་པོ་འཁོར་བཅས་ལ༔ མཐུན་པའི་དམ་རྫས་སྣ་ཚོགས་དང་༔ དགྲ་ཤ་ཁྲག་གི་རི་མཚོ་ཐང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་ནི༔ ཀུན་བཟང་རྣམ་པར་ཐར་བ་ཡིས༔ གུས་པ་ཆེན་པོའི་བསྟི་སྟངས་བགྱིད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཤྲཱི་བས་སོ། །མཁའ་འགྲོ་ལས་དབང་མས༔ ཞུ་བ་ནི་ཟླ་བ་རྒྱལ་མཚན་གྱིས༔ ཕྲིན་ལས་ཏེ་རྣམ་བཞི་ལྷུན་གྱི་གྲུབ༔ གྲུབ་པ་ནི་པདྨ་ཚུལ་ཁྲིམས་ཞེས༔ ཆོས་བདག་གི་སྐལ་བས་འབྲེལ་བའོ༔ བྱང་གེ་སར་སྐད་པོའི་བསྟན་བཤིག་ན༔ མཐུ་རྩལ་གྱི་རང་གཟུགས་མངོན་དུ་ཡོང་༔ ཞེས་ཟེར་ཡལ༔ བཀྲ་ཤིས་སོ། །

གཟའ་རྒོད་ཁྱབ་འཇུག་ཆེན་པོའི་བསྒྲུབ་བསྐང་སྲིད་གསུམ་ཡོངས་སྒྲོལ།

གཟའ་རྒོད་ཁྱབ་འཇུག་ཆེན་པོའི་བསྒྲུབ་བསྐང་སྲིད་གསུམ་ཡོངས་སྒྲོལ་བཞུགས་སོ༔

གཏོར་མ་ཟུར་གསུམ་གཡས་གཅུས་ལ༔ མཐའ་བསྐོར་བཞི་བརྒྱད་བ་ལིང་ཏ༔ ཉེར་བརྒྱད་ལ་སོགས་གྲངས་མང་བྱ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ༔ མདུན་དུ་མེ་རླུང་འཚུབ་མའི་དབུས༔ ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ༔ སྐུ་མདོག་དུད་ཁ་སྦྲུལ་མཇུག་འཁྱིལ༔ སྐུ་སྟོད་དབུ་དགུ་བྱ་རོག་བཅུ༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་གྱི༔ རྒྱལ་མཚན་དང་ནི་ཞགས་པ་བསྣམས༔ གདོང་མོ་བཞི་དང་གཟའ་ཆེན་བརྒྱད༔ རྒྱུ་སྐར་ཉི་ཤུ་བརྒྱད་ཀྱི་འཁོར༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ གནམ་ས་བར་སྣང་ཁམས་སུ་གནས༔ ཁྱད་པར་རྩུབ་འགྱུར་ཆེན་པོའི་ཚལ༔ བཀའ་སྡོད་བཅས་པ་སྤྱན་དྲངས་གྱུར༔ དེ་ནས་གསང་བདག་སྤྱན་དྲངས་ནས༔ ཛ༔ དད་དང་དམ་ཚིག་གཉན་པོ་ཡིས༔ རིན་ཆེན་སྙིང་པོའི་ཐ་ཚིག་བསྐུལ༔ རྡོ་རྗེ་ཅན་གྱི་དམ་ལ་དགོངས༔ བསྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ནཱ་གཱ་རཀྵ་རཱ་ཧུ་ལ་ས་མ་ཡཱ་ཛ༔ བཞུགས་གསོལ་ནི༔ ཧཱུྃ༔ ཉི་ཟླ་པདྨ་ཏི་ར་ཡི༔ དལ་ལ་དགྱེས་པར་བཞུགས་ནས་ཀྱང་༔ བྱམས་དང་བརྩེ་བས་ལྷ་མཆོག་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཞེས་ཕྱག་འཚལ་བ་དང་སྟབས་གཅིག་གོ༔ དེ་ནས་མཆོད་བསྟོད་ནི༔ ཧཱུྃ༔ དགྲ་ཤ་ཁྲག་གི་རྒྱ་མཚོ་དང་༔ ཛ་གད་བྷ་ལིང་རྒྱན་ལྡན་པ༔ ལྷུན་གྲུབ་འདོད་དགུ་རྟག་འཆར་བ༔ དཔའ་བོ་ཆེན་པོ་དགྱེས་ཕྱིར་འབུལ༔ མ་ཧཱ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི༔ ཧཱུྃ༔ ཁམས་གསུམ་ཀུན་ལ་དབང་བསྒྱུར་བ༔ བཛྲ་པ་ཎིའི་གང་འདུལ་ཕྱིར༔ འཇིགས་བྱེད་ཆེན་པོའི་སྐུར་བཞེངས་པ༔ སྟོབས་ཆེན་དཔའ་བོར་ཕྱག་འཚལ་བསྟོད༔ འབོད་སྔགས་ནི༔ ཨོཾ་རཱ་ཧུ་ལ་ཧཱུྃ༔ གཞན་ཡང་༔ ཧྲཱིཿཏྲི་རཀྵ་སོགས་བཟླ༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཧཱུྃ་ཨཱཿཨོཾ༔ རྃ་ཡྃ་ཁྃ༔ གཏོར་མ་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཛ༔ བཅོམ་ལྡན་རིན་ཆེན་སྙིང་པོ་དང་༔ མ་ཅིག་ལབ་སྒྲོན་དྷརྨཱ་ཤྲཱི༔ དྲི་མེད་ཆོས་ཀྱི་བཤེས་གཉེན་གྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པ༔ དྲང་སྲོང་ཆེན་པོ་རཱ་ཧུ་ལ༔ དགྱེས་སྐོང་གདོང་མོ་རྣམ་པ་བཞི༔ སྤྲུལ་བའི་གཟའ་མཆོག་བརྒྱད་དང་འཁོར༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་བཅས༔ ཐུགས་དམ་དགྱེས་པ་བསྐང་བའི་ཕྱིར༔ ཕུད་དང་སྐྱམས་གཏོར་སྣ་ཚོགས་དང་༔ ཟླ་ཕྲུམ་ཟླ་རྒྱས་གཙང་མ་དང་༔ ཤ་སྣ་སྙིང་སྣ་ཁྲག་སྣ་ཚོགས༔ ཞལ་ཟས་རྣམ་པ་སྣ་ཚོགས་དང་༔ དབང་ལྔའི་མེ་ཏོག་ཤ་གསུར་རྫས༔ ཁྲག་གི་ཡོན་ཆབ་རྐང་ཞུན་མེ༔ ལ་སོགས་དྲག་པོའི་མཆོད་པ་ཡིས༔ གཙོ་བོ་དཔའ་བོའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ གདོང་བཞི་གཟའ་བརྒྱད་ཐུགས་དམ་བསྐང་༔ རྒྱུ་སྐར་སྡེ་བརྒྱད་ཐུགས་དམ་བསྐང་༔ དྲེགས་བྱེད་རབ་འཇིགས་གོས་སེར་ཅན༔ ཟིལ་གནོན་དཔའ་བོ་ཆེན་པོ་ཡིས༔ ཞི་བ་དང་ནི་རྒྱས་པ་དང་༔ དབང་དང་དྲག་དང་ལྷུན་གྱིས་གྲུབ༔ སྡེ་བཞིའི་ཡོན་ཏན་བདུན་ལ་འཁྱུད༔ ཁྱད་པར་མཆོག་གསུམ་དབུ་འཕང་བསྟོད༔ རྣལ་འབྱོར་ཅན་ལ་བུ་བཞིན་སྐྱོངས༔ ཚེ་བསོད་ཆོས་ཀྱི་ཉེར་འཚེ་སོལ༔ མཆོག་གི་དངོས་གྲུབ་བསྒྲུབ་པ་ལ༔ གཟུགས་ཡོད་མེད་དང་སྣ་ཚོགས་པའི༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ མཁུ་ལྡོག་སྡུག་ཡུས་མ་ཆེ་ཞིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡང་ན་གོང་གི་འབོད་པ་ལ༔ གྲངས་མང་བསྐྱལ་བས་ཀྱང་ནི་འཐུས༔ དེ་ནས་མཆོད་བསྟོད་བྱའོ༔ ཡང་ཅིག་དགྲ་ལ་བསྐུལ་བར་འདོད་ན༔ ཧྲཱི་ཤག་རུ་རམ་སོགས་ཅེས་མཐར༔ ཨོཾ་བཛྲ་ཀྲོ་དྷ་རཱ་ཧུ་ལ་ཧ་ལ་དགྲ་བགེགས་གནོད་བྱེད་ཀྱི་སྟེང་དུ་ཆོ་ཡ་ཆོ་ཡ་རྦད་རྦད་སོད་སོད༔ ཅི་མང་མཐར༔ ཛ༔ ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ ང་རྒྱལ་གཟའ་རྒོད་དགྲ་ལ་བསྐུལ༔ ས་གཞི་ཡངས་པའི་ཀློང་དཀྱིལ་ནས༔ ས་གཟའ་སེར་པོ་དགྲ་ལ་བསྐུལ༔ རྒྱ་མཚོ་ཡངས་པའི་ཀློང་དཀྱིལ་ནས༔ ཆུ་གཟའ་དཀར་པོ་དགྲ་ལ་བསྐུལ༔ རྒྱ་གྲམ་རླུང་གི་དབང་ཕྱུག་པོ༔ ཕྲག་དོག་རླུང་གཟའ་དགྲ་ལ་བསྐུལ༔ སྨིན་མ་མེ་ཡི་ཀློང་དཀྱིས་ནས༔ ཞེ་སྡང་མེ་གཟའ་དགྲ་ལ་བསྐུལ༔ ཡབ་ནི་གདོང་དམར་སྲིན་པོ་དང་༔ གཏུམ་མར་ཀླུ་མོ་ཁྲག་མིག་བསྐུལ༔ འབྲོག་སྲིན་བམ་སྲིན་གོང་སྲིན་སོགས༔ རོལ་རྩལ་ནང་གི་བཀའ་སྡོད་བསྐུལ༔ ཕྱོགས་མཚམས་དབང་བསྒྱུར་གཟའ་ཆེན་བརྒྱད༔ གཞན་ཡང་རྒྱུ་སྐར་ཆེན་པོ་དང་༔ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་བསྐུལ༔ ནམ་མཁའི་སྐར་ལྟར་འཁྲུགས་ཤིང་སོང་༔ བར་སྣང་རླུང་ལྟར་འཚུབས་ཤིང་སོང་༔ བདག་ལ་སྡང་བའི་དགྲ་བོ་འདིའི༔ ཉམས་པ་བདུན་བྱས་ཞིང་བཅུ་ཚང་༔ དེ་ཕྱིར་བསྒྲལ་བའི་ཞིང་ལས་བྱུང་༔ བསྟན་དགྲ་ལངས་ལ་ཤོར་བ་ན༔ རྣལ་འབྱོར་བདག་ཀྱང་ཡིད་བསད་ཅིང་༔ ཆོས་སྐྱོང་ཁྱེད་ཀྱང་རྨ་འབེབས་ལ༔ བསྟན་དང་དེར་འཛིན་ཆེ་བ་ཉམས༔ བཀའ་དམ་གཉན་ལས་ཁྱོད་ཀྱང་འདའ༔ བྲག་ལ་ཐོག་དམར་བབ་པ་བཞིན༔ མི་བསད་ནོར་བརླག་ཕུང་དགུར་གྱུར༔ མཐའ་རྩ་སྐྱེ་བརྒྱུད་དང་བཅས་པ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ ཕྱིར་ཞིང་ངོམས་པ་མེད་པར་གཟས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཞེས་དང་༔ ཁྲག་ཆང་ཁྲག་སྐྱེམས་དང་གཏོར་མ་དགྲ་ཕྱོགས་སུ་དོར༔ ཅེས་ཀྱང་ག་གཱས་སོ། །དགེའོ། །

གཟའ་ཡི་མངའ་གསོལ་བཀྲ་ཤིས་དཔལ་ཕྲེང་།

གཟའ་ཡི་མངའ་གསོལ་བཀྲ་ཤིས་དཔལ་ཕྲེང་བཞུགས་སོ༔

བརྡ་ཡིག །ཧོ༔ སངས་རྒྱས་ཡེ་ཤེས་བླ་ན་མེད་པ་བརྙེས༔ གདུལ་བྱའི་དོན་མཛད་ཐབ༵ས་ཀྱི༵་ཕ༵་རོལ༵་ཕྱིན༔ ཕྱོགས་མེད་སེམས་ཅན་ཀུན་ལ་མ༵་ལྟར་བྱམ༵ས༔ བྱིན་རླབས་ཀུན་གྱི་རྩ་བར་མངའ་གསོལ་ལོ༔ ཆོས་སྐུ་རྣམ་སྣང་ལོངས་སྐུ་ཧེ་རུ་ཀ༔ སྤྲུལ་པའི་རོལ་མཛད་དྲང་སྲོང་ར་ཧུ་ལ༔ ཡེ༵་ཤེས༵་ཕར་ཕྱིན༵་ཡི་དམ་ཀུན་འདུས་དཔལ༔ དངོས་གྲུབ་འབྱུང་གནས་དམ་པར་མངའ་གསོལ་ལོ༔ ཆོས་དབྱིངས་མཁའ༵་ལ་རྟོགས་པའི་རྩལ་གྱིས་འ༵གྲོ༔ སྙིང་རྗེའི་ཤུགས་ལྡན་འགྲོ་ཁམས་ཁྱབ༵་པར་འཇུག༵༔ སྲིད་ཞིར་མི་གནས་ཤེས༵་རབ༵་ཕ༵་རོལ༵་ཕྱིན༵༔ མ་རྒྱུད་མཁའ་འགྲོའི་དབང་པོར་མངའ་གསོལ་ལོ༔ དཔག་ཡས་ནམ་མཁའི་ཁྱོན་ལ་དབང་བསྒྱུར་ཞིང་༔ སྲིད་གསུམ་སྐྱེ་འགྲོ་ཀུན་གྱི་སྲོག་ལ་དབང་༔ སྣང་སྲིད་གཡོ་འཁྲུགས་ནུས་པའི་རྩལ་ཤུགས་ལྡན༔ སྟོབ༵ས་ཀྱི༵་ཕ༵་རོལ༵་ཕྱིན༵་པར་མངའ་གསོལ་ལོ༔ ཕྱོགས་མེད་བསྟན་པ་བསྲུང་བར་རང་དན་བཅས༔ རིག་འཛིན་རྣལ་འབྱོར་ཡོངས་ཀྱི་མགོན་གཅིག་པུ༔ གཙུག་ལག་ཆོས་འཁོར་གཉན་པོ་སྐྱོབས་པའི་གདུགས༔ སྨོན༵་ལམ༵་ཕ༵་རོ༵ལ་ཕྱིན༵་པ༵ར་མངའ་གསོལ་ལོ༔ ཀུན་སྦྱོར་གསུམ་སྤངས་རང་ཤ་སྟེར་ལ་གུས༔ ཀུན་རྫོབ་ཡོན་ཏན་ནམ་མཁའ་མཛོད་དབང་བསྒྱུར༔འགྲོ་ཀུན་ཡིད་བཞིན་རེ་སྐོང་ཡོངས་འདུས་ལྗོན༔ སྦྱིན༵་པ༵འི་ཕ༵་རོལ༵་ཕྱིན༵་པར༵་མངའ་གསོལ་ལོ༔ ཉེས་སྤྱོད་མི་དགེའི་མཚན་མས་མ་གོས་ཤིང་༔ དགེ་ལེགས་ཡོན་ཏན་རྒྱ་མཚོའི་ཁུར་ཆེན་བཟོད༔ མཐའ་ཡས་འགྲོ་ཕན་རྩོལ་མེད་ལྷུར་ལེན་པའི༔ ཚུལ༵་ཁྲིམ༵ས་ཕ༵་རོལ༵་ཕྱིན༵་པར༵་མངའ་གསོལ་ལོ༔ ཐུགས་དབྱིངས་མཉམ་ཉིད་བཏང་སྙོམས་ཆེན་པོ་ལ༔ ཉོན་མོངས་དུག་ལྔའི་རྟོག་པ་ཀ་ནས་དག༔ འབྲས་བུ་ཡོན་ཏན་མཚན་དཔེའི་གཟི་འོད་འབར༔ བཟོ༵ད་པ༵འི་ཕ༵་རོལ༵་ཕྱིན༵་པར༵་མངའ་གསོལ་ལོ༔ རང་དོན་གྲངས་མེད་གསུམ་གྱི་ཚོགས་གཉིས་བརྩོན༔ གཞན་དོན་སྲིད་པ་ཇི་སྲིད་གོ་ཆ་བགོས༔ རིང་དུ་ལྟ་བ་དང་འབྲེལ་ཡོངས་སུ་ཟད༔ བརྩོ༵ན་འགྲུས༵་ཕ༵་རོལ༵་ཕྱིན༵་པར༵་མངའ་གསོལ་ལོ༔ ཞིབ་མོར་རྟོགས་མཁས་སྙོམས་འཇུག་རང་དབང་ཐོབ༔ བསྒྲངས་ཡས་ཏིང་འཇིན་གཏེར་ཁུང་རྡོལ་བ་ཡིས༔ ཕྱི་ནང་བདུད་ཚོགས་མཐའ་དག་འཇོམས་མཛད་པ༔ བས༵མ་གཏ༵ན་ཕ༵་རོལ༵་ཕྱིན༵་པར༵་མང༵འ་གསོ༵ལ་ལོ༵༔ ཐུགས་ཀྱི་གསུང་མཆོག་སྣང་བ་མཐའ་ཡས་ཉིད༔ མེ་གཟའ་དམར་བོར་བཞེངས་ནས་ལས་ཅན་ཀུན༔ གོས་དཀར་མོ་ཡི་ཀློང་དུ་རྒྱས་འདེབས་པའི༔ སོ༵ར་རྟོག༵ས་ཡེ༵་ཤེས༵་ཧེ་རུར་མངའ་གསོལ་ལོ༔ ཐུགས་ཀྱི་སྐུ་མཆོག་རྡོ་རྗེ་སེམས་དཔའ་ཆེ༔ ཆུ་གཟའ་དཀར་པོར་བཞེངས་ནས་ལས་ཅན་ཀུན༔ མ་མ་ཀི་ཡི་ཀློང་དུ་རྒྱས་འདེབས་པའི༔ མེ༵་ལོང༵་ཡེ༵་ཤེས༵་ཧེ་རུར་མངའ་གསོལ་ལོ༔ ཐུགས་ཀྱི་ཡོན་ཏན་རིན་ཆེན་འབྱུང་ལྡན་ཉིད༔ ས་གཟའ་སེར་པོར་བཞེངས་ནས་ལས་ཅན་ཀུན༔ སངས་རྒྱས་སྤྱན་མའི་ཀློང་དུ་རྒྱས་འདེབས་པའི༔ མཉམ༵་ཉིད༵་ཡེ༵་ཤེས༵་ཧེ་རུར་མངའ་གསོལ་ལོ༔ ཐུགས་ཀྱི་ཕྲིན་ལས་དོན་ཡོད་གྲུབ་པ་ནི༔ རླུང་གཟའ་ལྗང་གུར་བཞེངས་ནས་ལས་ཅན་ཀུན༔ དམ་ཚིག་སྒྲོན་མའི་ཀློང་དུ་རྒྱས་འདེབས་པའི༔ བྱ༵་གྲུབ༵་ཡེ༵་ཤེས༵་ཧེ་རུར་མངའ་གསོལ་ལོ༔ ཐུགས་ཀྱི་ཐུགས་མཆོག་རྒྱལ་བ་ཀུན་ཏུ་བཟང་༔ མཁའ་གཟའ་མཐིང་དཀར་བཞེངས་ནས་ལས་ཅན་ཀུན༔ ཀུན་ཏུ་བཟང་མོའི་ཀློང་དུ་རྒྱས་འདེབས་པའི༔ ཆོས༵་དབྱིངས༵་ཡེ༵་ཤེས༵་ཧེ་རུར་མངའ་གསོལ་ལོ༔ མ་དག་ཉོན་མོངས་དུག་ལྔའི་དགྲ་གདོན་བགེགས༔ ཕྲིན་ལས་དྲག་པོའི་སྒྲོལ་མཛད་ཁྲོས་པའི་སྐུར༔ ཤར་གྲོལ་དབྱིངས་ཀྱི་ངོ་བོར་ཡེ་སངས་རྒྱས༔ དྲང་སྲོང་ཡེ་ཤེས་མགོན་པོའི་དབུ་འཕང་བསྟོད༔ དེ་ལྟར་དབུ་འཕང་བསྟོད་པའི་མཐུ་བྱིན་གྱིས༔ གནས་སྐབས་ཡིད་སྲུབ་སྡེར་བཅས་ཚར་ཆོད་པའི༔ དྲག་པོ་མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ སངས་རྒྱས་བསྟན་པའི་ལྕགས་རིར་ཡོངས་འཁོར་ནས༔ མཐར་ཐུག་དྲང་སྲོང་གོ་སར་སྙོགས་པར་ཤོག༔ ཅེས་པ་འདི་སུས་ཀྱང་སྔོན་ཚེ་གོང་བསྟན་གྱི་་སངས་རྒྱས་འདི་དག་དང་༔ དུས་ཕྱིས་སུ་སངས་རྒྱས་རིན་ཆེན་མང་གི་སྤྱན་སྔར་གདུལ་བྱ་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཐུགས་བསྐྱེད་ནས༔ བསྟན་པའི་དགེ་འདུན་བྱང་ཆུབ་སེམས་དཔའ་ཆེན་པོར་བཞུགས་ཚུལ་དང་༔ ཡང་འགལ་བྱེད་ཆམ་ལ་འབེབས་མཛད་དྲག་པོའི་ཆོ་རོལ་གྱིས་བསྟན་པ་བསྲུང་བའི་ཐུགས་དམ་ཀློང་དུ་མ་གྱུར་བཞིན་དུ༔ གཟའ་བཏོན་ན་འཁུ་ལྡོག་ཆེ༔ གོལ་འགྲོ་ཟེར་བ་ལ་སོགས་པའི་ཚུལ་མ་མཐོང་བའི་གསལ་སྒྲོན༔ ལོག་རྟོག་གི་གཉེན་པོ༔ ཡེ་ཤེས་གཟའ་རྒོད་ཀྱི་ཡོན་ཏན་ལ་ངེས་ཤེས་ཆེན་པོའི་སྒོ་ནས་བསྟོད་པའོ༔ ཡང་ཡེ་ཤེས་པ་ལས་འཇིག་རྟེན་མྱུར་ཞེ་ན་དེ་ནི་སྨྲེ་ངན་ཤོར་བ་ཡིན་གྱི༔ གཞན་དུ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་ཞིང་༔སྟོབས་བཅུའི་སྟོབས་དང་ལྡན་པ་ཞིག་ལས༔ མི་ཤེས་པའི་རྒྱུ་ཡོད་ཅིང་༔ ལས་ཉོན་གྱི་གཞན་དབང་དུ་སོང་བ་དང་༔ སྟོབས་ཉི་ཚེ་བ་ཞིག་གི་མྱུར་ན་གད་མོའི་གནས་སུ་ཆེ་བ་དེ་ལས་གཞན་སུ་ཡོད་ཧོ་ཧོ༔ དེས་ནི་སྲིད་ཞི་ཀུན་ཁྱབ་ཀྱི་སྤྱི་གཟུགས་འདིའི་ཡོན་ཏན་སྲུང་མ་གཞན་གྱིས་འགྲན་ཟླ་མེད་པའི་དབང་གིས་རྒྱལ་པོ་ཆེ་ཧོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ཅེས་པ་འདི་ཡང་ཟླ་བ་ཞེས་བྱའི་བསྐུལ་བ་དོན་ཡོད་པའི་སླད་དུ། རང་བཞིན་རྫོགས་པ་ཆེན་པོའི་དོན་གྱི་ཉམས་མྱོང་གིས་དབུལ་ནའང་ཚིག་ཙམ་ཡང་རྣལ་འབྱོར་དུ་བྱེད་པར་སྤྲོ་བ་འཕེལ་ཞིང་། རིག་འཛིན་བརྒྱུད་པའི་ཞལ་ལུང་ལས། སྤྱིར་འཁོར་འདས་ཆོས་སྐུར་གོ་བ་དང་། ཁྱད་པར་དྲང་སྲོང་ཆེན་པོ་ཡེ་ཤེས་པར་རྟོགས་པའི་ངེས་བརྗོད་དུ་ག་གཱ་ཨ་བྷྱེ་ཞེས་བྱའི་བཀོད་པ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །སརྦ་མངྒ་ལཾ།།

དྲང་སྲོང་ཆེན་པོའི་རྗེས་གནང།

དྲང་སྲོང་ཆེན་པོའི་རྗེས་གནང་བཞུགས་སོ༔

གྲུབ་ཐོབ་ཆེན་པོའི་དགོངས་བཅུད་ཀྱི༔ རྗེས་སུ་གནང་བ་འདི་ན་གསལ༔ གོང་ནོན་ཕྱག་རྡོར་འབར་བ་དང་༔གཟའ་བདུད་བཀའ་སྡོད་བཅས་པ་ཡི༔ གཏོར་མ་གྲུ་གསུམ་དབུས་བཞུགས་པའི༔ གཡས་སུ་གཅུས་པ་བརྒྱད་བསྐོར་ཏེ༔ གཞུང་བཞིན་བསྒྲུབ་མཆོད་བྱས་པའི་མཐར༔ བྱིན་རླབས་རིམ་པ་འདི་ལྟ་སྟེ༔ ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་ནི༔ དཀོན་མཆོག་ཀུན་དབང་དགོངས་སུ་གསོལ༔ ཕྲིན་ལས་དྲེགས་པའི་སྲོག་གི་དབང་༔ གཙོ་བོའི་བདག་ལ་བཀའ་དྲིན་སྩོལ༔ ཞེས་གསོལ་ལན་གྱིས་དབུགས་དབྱུང་བ༔ ཧོ༔ ཆེ་མཆོག་ཕྱག་རྡོར་སྤྲུལ་པའི་སྐུ༔ དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ ཉོན་མོངས་གཞིར་གྲོལ་དག་པའི་སྐུ༔ ཁྱོད་ལ་ལེའུའི་ལྷ་རུ་སྦྱིན༔ དེ་ནས་སློབ་མ་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེར་གསལ་ནས་ཡེ་ཤེས་པ་དབབས་ཤིང་བརྟན་པར་བྱས་ལ༔ གཏོར་མ་ཡི་དམ་ཆོས་སྐྱོང་ཀུན་འདུས་སུ་གསལ་བ་སྤྱི་བོ་སོགས་གནས་གསུམ་དང་༔ ཡན་ལག་ལྔར་གཏུག་ནས༔ ཧཱུྃ༔ སྔོན་ཚེ་འོག་མིན་གསང་ཆེན་རོལ༔ ཡང་དག་དོན་གྱི་དཀྱིལ་འཁོར་དུ༔ དཔལ་ཆེན་ཆེ་མཆོག་ཞི་ཁྲོའི་ལྷ༔ སྐུ་གསུམ་བསྟན་པའི་དགོངས་ཀློང་ཅན༔ ངོ་བོ་ཉིད་ཀྱི་ཆོས་ཉིད་ལས༔ ངོ་བོ་ཉིད་ཀྱི་རང་སྒྲ་སྙན༔ སྟོན་གནས་སྡུད་འཁོར་དབྱེར་མེད་པ༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས༔ བརྗོད་པ་ཚིག་གི་བཀའ་གསང་འཛིན༔ བསྟན་པ་བཙས་ཀྱི་གཉེར་བསྲུང་བ༔ སླར་ཡང་གཟའ་བདུད་རྒྱལ་པོར་སྤྲུལ༔ རྟོགས་ན་མཉམ་ཉིད་ཡེ་ཤེས་ཏེ༔ མ་རྟོགས་ང་རྒྱལ་ཉོན་མོངས་ཡིད༔ གཞི་ལམ་འབྲས་བུ་འབྲེལ་བ་ཡིས༔ དཀྱིལ་འཁོར་ཆེན་པོ་ཡངས་བ་ཡིན༔ གཏོར་མ་ཡེ་ཤེས་ཕུང་པོར་འབར༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྐུ་ཡི་དབང་མཆོག་སྤྱི་བོར་ཐོབ༔ ལུས་ཀྱི་ནད་གདོན་བར་ཆད་སེལ༔ གྲིབ་བཞིན་སྲུང་མ་མི་འབྲལ་ཤོག༔ དགྲ་བགེགས་ཚར་ཆོད་ཕྲིན་ལས་དབང་༔ གསུང་གི་དབང་མཆོག་མགྲིན་པར་བསྐུར༔ ངག་གི་ནད་གདོན་བར་ཆད་སེལ༔ བདེན་སྨོན་དམོད་པ་གྲུབ་པར་མཛོད༔ སངས་རྒྱས་བསྟན་པའི་ར་བར་གྱུར༔ ཐུགས་ཀྱི་དབང་མཆོག་ཡིད་ལ་བསྐུར༔ སེམས་ཀྱི་སྡུག་བསྔལ་བར་ཆད་སེལ༔ འདོད་དོན་བཀྲ་ཤིས་ཆོས་བཞིན་འགྲུབ༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ ཕྲིན་ལས་དབང་ནི་ཡན་ལག་བསྐུར༔ དོན་ཉམས་སྡུག་བསྔལ་བར་ཆད་སེལ༔ ཞི་རྒྱས་དབང་དང་མངོན་སྤྱོད་པའི༔ རབ་འབྱམས་ལས་ཀུན་འགྲུབ་པར་ཤོག༔ རྗེས་གནང་བདེན་དཔང་འདི་ཡི་མཐུས༔ དེང་ནས་ཁྱེད་གཉིས་མཆེད་སྡེར་གྱུར༔ ཕན་ཚུན་དངོས་གྲུབ་ཀུན་སྩལ་ཏེ༔ སྤྱོད་འདྲེས་ལས་ཀུན་བཀོལ་མཉན་བཏུབ༔ མཁུ་ལྡོག་གདུག་རྩུབ་མི་བྱེད་པར༔ རིན་ཆེན་སྙིང་པོ་བཀའ་མ་བཅག༔ གྲུབ་ཐོབ་ཆེན་པོའི་ཚིག་མ་འདའ༔ ལྷ་མི་ཁྱེད་གཉིས་སྲོག་གཅིག་ཏུ༔ དབང་ཕྱུག་ང་ཡིས་བྱས་པ་ཡིན༔ འདས་ན་རང་ཕུང་དམྱལ་བར་བསྲེགས༔ དེ་ནས་མནའ་སྦྲེལ་བ་ནི༔ མནའ་ཆུ་གཏོར་མ་ལ་བྲན༔ སློབ་བུ་ལ་བླུད་ནས༔ ཧོ༔ རྡོ་རྗེའི་ཁྲོ་ཆུ་ཁོལ་མ་འདི༔ དཔལ་ཆེན་ཧེ་རུའི་ངོ་བོ་ཉིད༔ ཁྱེད་གཉིས་ལྕེ་ལ་བཞག་པ་ཡིས༔ བབས་པ་ཙིཏྟའི་དཀྱིལ་དུ་ཐིམ༔ བསྲུང་ན་མི་འཇིགས་ཡེ་ཤེས་སེམས༔ ཉམས་ན་ཡཀྵ་གནོད་སྦྱིན་ཁྲོ༔ སྙིང་ཁྲག་འཐུང་ནས་བརླག་པར་ཤོག༔ རང་དན་གཉན་པོའི་བྲོ་ཡང་བོར༔ ས་མ་ཡ་ན་ར་ཀན༔ ཞེས་མཐར༔ ཧཱུྃ༔ ཡེ་ཤེས་འབར་བའི་རྡོ་རྗེ་འདི༔ བཀའ་རྟགས་སྤྱི་བོའི་དཀྱིལ་དུ་བཀོད༔ གང་གིས་མནའ་ཟོས་དམ་དྲལ་ན༔ ཀླད་ཁྲག་ཞོ་ལྟར་དཀྲུགས་པ་དང་༔ གལ་ཏེ་ཚུལ་བསྲུང་བྱམས་འགྲོགས་བསྐྱངས༔ རིགས་ཀྱི་བདག་པོར་བཞུགས་པ་ཡང་༔ དཔལ་ཆེན་གསང་བའི་རྒྱལ་པོར་གྱུར༔ ཕྱག་རྒྱ་ཆེན་པོའི་སྙིང་པོ་ཡི༔ ས་ལ་མྱུར་བརྟན་བྱིན་རློབས་ཤོག༔ ཅེས་མནའ་བསྒྲིལ་ལ༔ གཟའ་དངོས་གྲུབ་དུ་སྩལ་བར་མོས་ནས༔ ཧཱུྃ༔ ཆུ་སྲིན་ཕྱག་རྒྱའི་སྲིད་པ་སྟོང་རྒྱས་འདེབས༔ ཐུགས་རྗེའི་ཞགས་པས་ཁམས་གསུམ་མགོན་མེད་འཛིན༔ སྒྲོལ་སྦྱོར་མདའ་གཞུའི་རིག་མཆོག་སྐུ་ལ་བསྟིམ༔ དངོས་གྲུབ་དམ་ཚིག་སྐལ་ལྡན་ཁྱོད་ལ་སྦྱིན༔ ཨོཾ་རཱ་ཧུ་ལ་ཙིཏྟ་མུ་དྲ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཡོན་ཏན་རྒྱན་ཆའི་དབང་༔ཧཱུྃ༔ དྲག་ཤུལ་སྟོབས་མཚོན་དུར་ཁྲོད་རོལ་བའི་ཆས༔ སྤྱན་ལྔ་རྣམ་དག་མཚོན་པའི་རིན་ཆེན་རྒྱན༔ དུས་གསུམ་རྒྱུན་ཆད་མེད་པའི་ཐུགས་རྗེའི་རྟགས༔ སྐལ་ལྡན་ཁྱོད་དབང་དེ་འདྲ་ཐོབ་ཕྱིར་འབུལ༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ གཟའ་མཆོག་སྐུ་གཏད་ལ༔ ཧཱུྃ་རཱ༔ ཐབས་ཀྱི་ཕ་རོལ་ཕྱིན་པ་རཱ་ཧུ་ལ༔ སྟོབས་ཀྱི་ཕ་རོལ་ཕྱིན་པ་རཱ་ཧུ་ལ༔ སྨོན་ལམ་ཡེ་ཤེས་རྒྱ་མཚོ་རཱ་ཧུ་ལ༔ སངས་རྒྱས་བྱང་ཆུབ་ཚུལ་བཞུགས་རཱ་ཧུ་ལ༔ དངོས་ནས་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གདུག་ཅན་དྲེགས་པ་མ་ལུས་བྲན་དུ་བཀོལ༔ ཁམས་གསུམ་དབྱིངས་སྒྲོལ་དྲག་པོ་མཐུ་ལ་དབང་༔ དེང་ནས་བཅོས་སྡུག་གཟའ་གདོན་ལྷུར་བླངས་དང་༔ བྱད་བྱས་གཉེན་སྦྲེལ་མཐུན་འཇུག་གང་བྱས་ཀྱང་༔ ཁྲོ་འཁྲུགས་འཁུ་ལྡོག་གཡེལ་དང་འགྱང་མ་མཛད༔ ཕ་ཡི་རྒྱལ་ཐབས་བུ་ལ་དབང་བསྐུར་ལྟར༔ ཆོས་སྐྱོང་ཁྱོད་ཀྱིས་འདི་ལ་དངོས་གྲུབ་སྩོལ༔ དབང་མཆོག་བསྐུར་ཅིག་བཅོམ་ལྡན་རཱ་ཧུ་ལ༔ ཞེས་བརྗོད་ནས་སྐུ་གཏད་པས༔ རཱ་ཧུ་ལ་དཀར་པོ་ཞལ་གཅིག་ཕྱག་གཉིས་དྲང་སྲོང་གི་ཆ་བྱད་ཅན་ཞིག་དུ་གྱུར་ནས་བསྲུང་བར་བསམ་ལ༔ ཕྲག་གཡས་ཕྱོགས་ཀྱི་སྐི་ལ་བཏགས་བའི་མཐར༔ རྣལ་འབྱོར་བས་གཟའ་བསྒྲུབ་པར་ཁས་ལོངས་ཤིག༔ གཙོ་བོའི་ཇི་ལྟར༴ བཀྲ་ཤིས་སོགས་བརྗོད༔ ཅེས་ཀྱང་གཟའ་གནོད་ཅན་སྤྱི་ལ་ཕན་ཕྱིར་སྲིད་གསུམ་སྲོག་གི་བདག་པོ་ལ་སྔགས་མིང་ག་གཱ་ཨ་བྷྱེས་གསོལ་བ་བཏབ་པ་ལས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག །འབར་རེའི་སྨན་རྒྱལ་ཆེན་པོའི་གསུང་བསྐུལ་ངོར། ཡི་གེའི་རིས་སུ་ཕབ་པ་གཅིག་བརྒྱུད་པའོ། །དགེའོ། །

ཤན་དམར་སྒྲུབ་ཐབས་བསྡུས་པ་གནོད་སྦྱིན་བྲན་ཁོལ།

ཤན་དམར་སྒྲུབ་ཐབས་བསྡུས་པ་གནོད་སྦྱིན་བྲན་ཁོལ་བཞུགས༔

ཤིན་ཏུ་སྤྲོས་བཅས་རྣལ་འབྱོར་བས༔ ཕྲིན་ལས་རྣམ་བཞི་བསྒྲུབ་པའི་གྲོགས༔ དྲེགས་པ་རང་རྒྱུད་ཚུལ་སྒྲུབ་པ༔ འདི་ཡང་གནོད་སྦྱིན་བྲན་ཁོལ་སྟོན༔ འདི་ལ་རྒྱན་གྱི་ཉམས་ལེན་གནད༔ སྒྲུབ་པའི་གནད་སོགས་མང་ཡོད་ཀྱང་༔ འདི་ནི་དང་པོའི་ཁུང་ཉིད་དེ༔ ཕྱི་མ་ཀུན་རྫོགས་ཁྱེར་བདེ་བའོ༔ གཏོར་མ་ཟུར་གསུམ་གྲི་གུག་མཚན༔ རང་འདྲ་བརྒྱད་སོགས་གྲངས་མང་རྟེན༔ རང་ཉིད་ལྟ་བ་གྱད་ཀྱི་ལྷར༔ གསལ་བའི་ངང་ནས་འདི་སྐད་དོ༔ ཨོཾ་སྭཱ་བྷ་ཝ༴ སྟོང་ཉིད་དག་པའི་རང་བཞིན་རང་གསལ་བའི༔ རོལ་བ་འགགས་མེད་རྒྱན་གྱི་འཁོར་ལོ་ལས༔ མདུན་དུ་རབ་འཇིགས་དུར་ཁྲོད་ཧེ་ཆེན་བརྡལ༔ ཤིན་ཏུ་སྐྱི་བོང་རྒྱན་ཆས་ལྡན་པའི་དབུས༔ ༡ཐོད་མཁར་དབུས་སུ་ཏི་ར་བསྣོལ་བའི་གདན༔ པདྨོའི་གཉེར་གྱུར་ལ་རོལ་སྟེང་ཉིད་དུ༔ བསྟན་བསྲུང་ཆེན་པོ་གནོད་སྦྱིན་དམར་ནག་པ༔ ཤན་པ་ཆེན་པོ་ཞལ་གཅིག་ཕྱག་བཞི་ལྡན༔ ༢དང་པོ་གཉིས་ན་རལ་གྲི་དགྲ་སྙིང་དང་༔ འོག་མ་གཉིས་ཀྱི་གྲི་གུག་བྷནྡྷ་དམར༔ ཁྲག་གི་རལ་པ་དམར་སེར་གྱེན་ཐུར་དུ༔ བརྫེས་ཤིང་འཕྱང་འཕྲུལ་སྐུ་མདོག་ལེ་བརྒན་ཚོན༔ ༣སྐུ་ལ་ཟ་འོག་དམར་ཁྲའི་བེར་ཆེན་གསོལ༔ གཏུམ་དྲག་ཉམས་ལྡན་ཞབས་གཉིས་དོར་སྟབས་བཞེངས༔ ཐལ་ཚོམ་ལ་སོགས་རྫས་གསུམ་རྒྱན་གཉིས་དང་༔ གོས་གསུམ་དུར་ཁྲོད་དཔལ་གྱིས་ཆས་རབ་བརྒྱན༔ ༤གསོད་བྱེད་དམར་མོ་ལྕགས་ཀྱུ་དགྲ་སྙིང་བསྣམས༔ གཉིས་སུ་མེད་སྦྱོར་སྣང་སྟོང་ཟུང་འཇུག་གི༔ རང་རྩལ་ཚོགས་བརྒྱད་དག་པ་ལས་གཡོས་རྩལ༔ སྐོས་རྗེ་དྲང་དཀར་ལ་སོགས་འཁོར་སྡེ་བརྒྱད༔ ༥ བཀའ་ཡི་ལས་བྱེད་ལྷ་སྲིན་སྤྱི་སྤྱིའི་ཚོགས༔ གཙོ་འཁོར་ཡོངས་ཀྱི་གནས་གསུམ་འོད་ཟེར་འཕྲོས༔ རང་བཞིན་དང་ནི་དུར་ཁྲོད་བརྒྱད་སོགས་ནས༔ དམ་ཚིག་དབང་གིས་སྤྱན་འདྲེན་མེ་རུ་རྩེ་ཛ༔ སྤྱན་འདྲེན་ནི༔ ཀྵ་ཧྲཱི་བྷྱོ༔ རང་བཞིན་སྨུག་ནག་བྷནྡྷའི་གཞལ་ཡས་ནས༔ དཔལ་ཆེན་གསུང་གི་ཕྲིན་ལས་འགགས་པ་མེད༔གསང་སྐོར་ཐིག་ལེའི་མཆོག་གསང་བྱ་ར་བར༔ ཡས་སྤྲུལ་གནོད་སྦྱིན་ཆེན་པོ་ཧེ་རུ་ཀ༔ ལས་བྱེད་འཁོར་བརྒྱད་ལྷ་སྲིན་སྡེ་བརྒྱད་བཅས༔སྔགས་འཆང་དམ་ཚིག་གཙང་མའི་གམ་ཡོ་རུ༔ སྔོན་གྱི་ཁས་བླང་དག་ལས་མི་འགོང་བར༔ ད་ལྟ་ཉིད་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨེ་ཧེ་མ་རུ་རྩེ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛ༔ བཞུགས་གསོལ་ཕྱག་འཚལ་ནི༔ཧཱུྃ༔ རིག་རྩལ་དྲེགས་པའི་ལྷ་ཚོགས་ཐམས་ཅད་ཀུན༔ གཉིས་སུ་སྣང་ཡང་གཉིས་མེད་རོ་གཅིག་རོལ༔དེ་སླད་སྤྲོས་བྲལ་དོན་གྱི་ལྟ་བ་རུ༔དོན་དམ་དག་མཉམ་ཆེན་པོར་དཔང་ཀྱང་མཐོ༔ ས་མ་ཡ་ཏིཥྛ་ལྷན་ན་མོ་ཧོ༔ མཆོད་བསྟོད་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གསང་བ་ཡང་གསང་བླ་ན་མེད༔ ཟད་མེད་དག་ཆེན་རྒྱན་གྱི་འཁོར་ལོའི་སྤྲིན༔ གཉིས་མེད་ལྷ་ཚོགས་གུས་པའི་ཡིད་ཀྱིས་མཆོད༔དཔལ་ཆེན་པདྨ་དབང་གི་ཕྲིན་ལས་གར༔ དབང་དྲག་ཀུན་གྱི་ཕུན་ཚོགས་སྟེར་བ་ལ༔ ཁྱོད་ལས་མཆོག་ཐུན་མངའ་དབང་ལྟག་ན་མེད༔ དེས་ན་བདག་ཀྱང་གུས་པས་རྣམ་བསྟོད་པར༔ དགྱེས་པའི་བརྩེ་དུང་མ་གཡེལ་ས་མ་ཡཱ༔ ཐུགས་ཀར་ཀྵ་དང་བྷྱོ་ཡིག་གཉིས༔ གཙོ་ཟུང་ལ་དང་འཁོར་རྣམས་ལ༔དེའི་སྟོང་གྱིས་ཁྱབ་ཐ་མར་རུ༔རང་སྔགས་ཀྱི་འཁོར་ཡོངས་བཟླས་པས༔འཁོར་བཅས་དྲེགས་པ་བྲན་ཁོལ་དམིགས༔ཞེས་སོ།། དེ་མཐར་སོ་སོ་ལའང་དམིགས་བསལ་བ༔ བསྡུས་ནས་གཙོ་བོ་གཅིག་གི་ཁུངས་སུ་འཆུན༔ཨོཾ་མེ་རུ་ཙེ་ཀྵ་བྷྱོ་ས་མ་ཡ་ཛ༔ ཞེས་བཟླའོ༔ རྦད་བསད་སོགས་གཞན་དུ་ཤེས༔ འབོད་དང་སྒྲུབ་སྔགས་གཅིག་འདིའི་འཐེར༔འབུམ་ཕྲག་བདུན་གྱིས་རྟགས་འབྱུང་སྟེ༔རབ་འབྲིང་ཐ་མ་རྣལ་འབྱོར་ཁྱད༔དེ་ནས་གང་དགོས་ལས་ལ་སྦྱར༔༈ ཡང་ཅིག་གསོལ་ཞིང་མཆོད་པ་ནི༔ རྒྱས་ན་གཞན་དང་གྲངས་བསོགས་ཚེ༔ རྃ་ཡྃ་ཁྃ༔ཨོ་ཨཱཿཧཱུྃ༔ཀྵ༔ དངོས་ཡིད་ཏིང་འཛིན་མཆོད་པ་ནི༔ དཔག་མེད་ནམ་མཁའི་མཛོད་ཆེན་པོ༔ གནོད་སྦྱིན་དམར་ནག་འཁོར་དང་བཅས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དམ་ཚིག་དབང་གིས་འདིར་གཤེགས་ལ༔ བཞེས་ནས་གང་བསམ་ཕྲིན་ལས་མཛོད༔ས་མ་ཡཱ་བྷ་ལིང་ཏ་པཉྩ་པཱུ་ཛ་ཁཱ་ཧི༔ ཞེས་པ་གྲངས་མང་བཟླས་གསོལ་བས༔ རབ་འབྱམས་ལས་ཀུན་ཐོགས་མེད་དུ༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ༈སླར་ནི་མངའ་གསོལ་ཕྲིན་བཅོལ་བསྡུས༔ འདི་ཡང་རྒྱུན་དུ་ཁྱེར་བར་བྱའོ༔ ཨོཾ་མ་རུ་ཙེ་ས་པ་རི་ཝ་ར་ན་མོ་སྟོ་ཏྲ་ཧོ༔ སྐོར་བཞིའི་ཡལ་བར་མི་འདོར་གདུལ་བྱར་ཤར་བའི་སླད༔ མི་ནུབ་རྩེ་མོར་བསྒྲེངས་ལས་སྐུ་ཡི་གེ་སར་གཞོན༔ སྙིང་པོ་གང་དེའི་བདག་ལྟོས་དང་བཅས་བསོད་ནམས་ཀྱིས༔ དཔལ་རབ་མཛེས་འབར་རྒྱན་ལ་ལྷོད་མེད་འཁྱུད་པའི་གཉེན༔ ༡མ་བཅོལ་རང་གྲུབ་མོད་ཀྱིས་སྨད་མེད་ར་གནད་གྱི༔ མཚན་དཔེའི་མི་མཚུངས་ཡོན་ལ་འཁོར་འདས་སྲིད་ཀྱང་ཞིར༔ བཟླུམ་བཞིན་ཐེར་ཟུག་དངོས་ལ་ཐེར་ཟུག་ཀུན་ལས་འདས༔ རྣམ་པ་ཀུན་ལྡན་རྣམ་པ་ཡོངས་མེད་རྡོ་རྗེ་ཆེ༔ ༢ ཁ་སྦྱོར་རང་བཞིན་ཡེ་གྲུབ་མཆོག་གི་དགའ་བའི་དཔྱིད༔ རོལ་མོར་རྣམ་རྩེན་བསྟན་དགྲའི་ཙིཏྟ་དམར་འབྱིན་པ༔ ཕ་མ་གཉིས་ཀྱང་མནར་བ་བྲལ་དུ་གསོད་བྱེད་གང་༔ འཁོར་ལོ་བར་མེད་འཁོར་དུ་རྩིབས་རྣོན་གནོད་ཀྱི་བསྙིལ༔ ༣ དེ་ལས་དེ་བྱུང་ཤུགས་ཀྱང་རྒྱུ་མེད་དུ་བྱེད་ཅིང་༔ ལྡོག་པའི་ཡིད་སྨོན་གནས་མཆོག་ཀྱང་ནི་ཚར་ཕྱིན་པ༔ དགེ་མཚན་བླ་བྲལ་དུས་ཀྱི་དགྲ་ལ་གཟོན་གནས་ཟད༔ དེ་བྱུང་འབྲེལ་གྲུབ་ནང་གི་དེ་ཉིད་ཇི་བཞིན་པས༔ ༤དཀའ་བ་མེད་པའི་བདག་ཉིད་ཁྱོད་འདྲར་རིག་པ་ཡི༔ ཀློང་མཉམ་དོན་གྱི་དབུ་འཕང་བསྟོད་དེར་ཐམས་ཅད་པ༔ མཐར་གྱུར་བ་ལས་ཀུན་ཆུབ་རོ་གཅིག་འདྲེས་པ་རུ༔ མངའ་གསོལ་བགྱིད་དོ་དེ་དེའི་མཐུ་ཡིའི་དགྱེས་སྐོངས་ནས༔ ༥ སྤྱི་མོ་དེ་ཉིད་རྒྱས་དང་མ་རྒྱས་ཐམས་ཅད་ལ༔ གང་གང་བརྡོག་པོའི་དཔལ་བཟང་ཡང་ནི་ལྷག་མར་བཅས༔ ལུས་པ་མེད་པར་མགྲོན་དུ་ཁུག་པའི་བཀྲ་ཤིས་པར༔ དབང་ཕྱོགས་མངའ་བ་ཁྱོད་ཀྱི་ལྷོད་མེད་ཕྲིན་ལས་སྩོལ༔ ༦དེ་ལྟར་ཉིད་ལས་བྱེར་ན་སྔ་མོའི་རང་དན་ལ༔ སློབ་དང་བརྒྱད་ཀྱི་ལྟེ་མི་ཆད་པ་སྨོན་དང་ཤུགས༔ རྨོངས་པ་ལས་ལྡོག་མཁྱེན་བརྩེའི་གྱི་ནས་བསྐུར་བཏབས་སོ༔ སླད་དེའི་ནམ་ཡང་མ་གཡེལ་མ་འགྱང་ས་མ་ཡཱ༔ ཅེས་འོད་གསལ་རྡོ་རྗེ་སྙིང་པོའི་སྒྲུབ་པ་ཉམས་ལེན་གྱི་ཉེ་ཞོ་ཐ་དག་གི་ཚིང་ཚིངས་འཇིལ་བའི་སྲུང་མར་དབྱིངས་ཀྱི་ཀུན་ཏུ་བཟང་མོའི་གང་འདུལ་རོལ་མོའི་སྒྱུ་འཕྲུལ་མཆོག་གི་རྒྱུན་ཁྱེར་ཀྱང་རྫོགས་པ་ཆེན་པོའི་ཚིག་རྣལ་འབྱོར་དུ་བྱེད་པ་ག་གཱ་ཨ་བྷྱེ་ནས་བསྐུལ་བ་པོའི་གསུངས་བཞིན་དུའོ། །མངྒ་ལམ། །

གནོད་སྦྱིན་དམར་ནག་གི་མཆོད་ཕྲིན་བསྡུས་པ་དཔག་བསམ་ལྗོན་ཤིང་།

གནོད་སྦྱིན་དམར་ནག་གི་མཆོད་ཕྲིན་བསྡུས་པ་དཔག་བསམ་ལྗོན་ཤིང་བཞུགས་སོ༔

ཧཱུྃ༔ མདུན་དུ་དུར་ཁྲོད་འབར་བའི་ཀློང་༔ པདྨ་ཉིད་མ་དགྲ་བགེགས་སྟེང་༔ མེ་ཁྱུང་དམར་པོ་རླུང་གཤོག་སྟེང་༔ ཚ་ཟེར་ག་བུར་སྒ་ཆ་བསྟད༔ དེ་ལ་གནོད་སྦྱིན་ཤན་པ་ནི༔ སྐུ་མདོག་དམར་ནག་ཞལ་གཅིག་ཁྲོ༔ ཕྱག་བཞི་རལ་གྲི་སྙིང་ཞགས་དང་༔ གྲི་ཐོད་སྟེང་འོག་འཛིན་པ་ལ༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ དར་དམར་བེར་གསོལ་སག་ལྷྭམ་ཅན༔ ཡུམ་མཆོག་གསོད་བྱེད་ལྕགས་ཀྱུ་དང་༔ དགྲ་སྙིང་འཛིན་པས་གཉིས་མེད་འཁྲིལ༔ ལས་མཁན་སྤྲུལ་པའི་འཁོར་བརྒྱད་དང་༔ བཀའ་ཡི་ལྷ་སྲིན་གྲངས་མེད་བསྐོར༔ གནས་གསུམ་འོད་འཕྲོས་ཧེ་ཆེན་བརྡལ༔ ལ་སོགས་དབྱིངས་དང་རང་བཞིན་ནས༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ ཆེ་ཐང་གདན་བརྩེགས་ཁྲི་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ མཐུ་སྟོབས་དམ་ཚིག་ལྡན་ལ་བསྟོད༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་མཛོད༔ ཨ་ཨེ་ཧེ་མེ་རུ་ཙེ་ཧྲཱི་ཏྲི་ས་མ་ཡ་ཧཱུྃ་ཛ༔ ༼ དབང་བསྙེན་ནི༔ ཨ་ཨེ་ཧེ་མེ་རུ་རྩེ་གུརྞ་ཧྲཱི་ཏྲི་ནཱ་ག་མ་ནུ་དེ་ཝ་ཀེ་རུ་རཏྣ་ཝ་ཤཾ་ཀུ་རུ་ཧོ༔ ༽ཅི་མང་མཐར་ནམ་མཁའ་མཛོད་སྔགས་ཀྱིས་གཏོར་མ་སྦྱངས་སྤེལ་བསྒྱུར་ནས༔ ཀྵཿ གནོད་སྦྱིན་ཤན་པ་འཁོར་བཅས་ལ༔ ཕྱི་ནང་གསང་བའི་གཏོར་མཆོད་འབུལ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ མ་འདའ་བཛྲ་ས་མ་ཡཱ༔ ཅེས་ཀྱང་མཉྫུ་མ་ཏིའི་ངོར་ཤྲྭི་བས་སོ།། ༈ རྃ་ཡྃ་ཁྃ༔ ཨ་ཨཱཿཧཱུྃ༔ ཀྱཻ༔ གནོད་སྦྱིན་ཤན་པ་འཁོར་དང་བཅས༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ ཤ་ཁྲག་དམར་གཏོར་མཆོད་འབུལ་བཞེས༔ རྐྱེན་སོལ་བསམ་དོན་ལྷུན་གྲུབ་མཛོད༔ ག་གཱས་སོ། །

གནོད་སྦྱིན་ཤན་པ་ཆེན་པོའི་དབང་བསྡུས་ཕྲིན་ལས་གཏེར་ཆེན།

གནོད་སྦྱིན་ཤན་པ་ཆེན་པོའི་དབང་བསྡུས་ཕྲིན་ལས་གཏེར་ཆེན་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གནོད་སྦྱིན་སྲོག་ལ་དབང་འདོད་པས༔ ཐོག་མར་གཏོར་ལ་བླ་རྡོ་སོགས༔ དེ་བཞིན་དམ་ཆུ་སྐུ་ཕྱག་མཚན༔ རལ་གྲི་སྙིང་ཞགས་ལྕགས་ཀྱུ་དང་༔ དགྲ་སྙིང་གྲི་ཐོད་མེ་ཁྱུང་བཅས༔ བླ་རྡོ་མེད་ན་ཀྵ་ཧྲཱིཿདང་༔ བྷྱོ་དམར་བྲིས་པ་རྣམས་བཤམས་ལ༔ བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་འཇུག་རིམ་འདི་ལྟར་རོ༔ ཀྱཻ༔བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ནི་རྣལ་འབྱོར་བསྒྲུབ་པ་པོའི༔ ཕྲིན་ལས་རྣམ་བཞི་བསྒྲུབ་པ་ཡི༔མཆོག་གི་དངོས་གྲུབ་ཐོབ་པའི་སླད༔ གནོད་སྦྱིན་ཤན་པ་དམར་ནག་གི༔ སྲོག་ལ་དེང་ནས་དབང་ཐོབ་ནས༔ སྒྲུབ་དང་གསོལ་མཆོད་བྱས་པ་ན༔ འགྲུབ་པའི་དབང་བྱིན་ནུས་པ་ཡི༔ ཡོན་ཏན་གཏེར་ཆེན་གྱི་འབྱོར་བ༔ སྙིང་རྗེའི་བདག་ལ་སྩལ་དུ་གསོལ༔ ཞེས་བརྗོད་པས་བླ་མས༔ ཀྱཻ༔ དམ་ལྡན་སློབ་མ་ཚུར་གསོན་དང་༔གནོད་སྦྱིན་སྲོག་ལ་དབང་ཐོབ་ནས༔བསྒྲུབ་བརྟེན་བསྐང་མཆོད་ཁྱོད་ཀྱིས་དགོས༔ ཕྲིན་ལས་གཉན་པོ་བསྲུང་མས་བསྒྲུབ༔ གལ་ཏེ་བསྐང་མཆོད་ལས་རལ་ཞིང་༔དམ་ཚིག་གཉན་པོ་མ་བསྲུང་ན༔ འདི་ནི་ཆོས་ཀྱི་སྐྱོང་མ་ཡིན༔ དེ་ཕྱིར་ཆད་པ་གཏོང་བར་ངེས༔ ཁྱད་པར་དུ་ཡང་གསང་སྔགས་ལ༔ ལེགས་པར་གནས་ནས་བླ་ན་མེད༔ མ་བསྒོམ་པ་ལ་ཞུད་གཡེལ་རལ༔ དེ་བས་ཁེ་ཉེན་ངེས་པས་སླད༔ བསམ་ལས་ཟློག་པ་དེ་དགའ་འམ༔ ལེགས་པར་བརྟགས་མཛོད་སྐལ་ལྡན་པ༔ དེ་ནས་སློབ་མས༔ ཀྱཻ༔ ཇི་ལྟར་བཀའ་ནི་སྩལ་བ་ལྟར༔ བདག་ནི་ཐ་ཚིག་ལས་མི་འགོང་༔ སྲོག་ལ་དབང་ཞིང་ཕྲིན་ལས་རྣམས༔ འགྲུབ་པའི་ཐབས་ཆེན་ཁྱེད་ཀྱིས་སྩོལ༔ དེ་ནས་བླ་མས༔ འོ་ན་དབང་མཆོག་ངས་བསྐུར་གྱི༔ དམ་ཚིག་ཆུ་འདི་བཏུང་ནུས་སམ༔ ནུས་ན་ཡང་ན་ཕྲིན་ལས་བསྒྲུབ༔ ཡང་ན་སྲོག་གི་ཤན་པར་ལྡང་༔ སློབ་མས༔ ངས་ནི་དམ་ཚིག་བསྲུང་བར་ནུས༔ ཉིན་རེར་བླ་མ་བརྗེད་མི་བྱ༔ བསྲུང་མ་གཉན་པོ་བསྒྲུབ་པ་ལ༔ ཐེ་ཚོམ་མ་མཆིས་དགོངས་པ་མཛོད༔ བླ་མས༔ ཨ་སྭ་བྷ༴ མ་ཧཱ་ཤུ་ནྱ་ཏ་སོགས་དམ་ཚིག་པ་བསྐྱེད་ལ༔ ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་སྟེ༔ ཀྱཻ༔ གནོད་སྦྱིན་ཆེན་པོ་བདག་ལ་དགོངས༔ བདག་གི་སློབ་མ་དམ་ཚིག་ཅན༔ འདི་ཡིས་དམ་བསྲུང་ཆོས་འགལ་སྤངས༔ རྟག་ཏུ་ཁྱོད་བསྒྲུབ་དམ་བཅའ་ཞིང་༔ རྡོ་རྗེའི་དམ་ཆུ་བཏུང་ནུས་པས༔ ཁྱོད་དང་སྲོག་སྦྲེལ་བདག་གིས་འཚལ༔ དེ་ལ་གནང་བ་མཛད་དུ་གསོལ༔ ཞེས་ཞུས་པས་གནོད་སྤྱིན་འཁོར་བཅས་ཀྱིས༔ ལྷན་དུ་འདི་སྐད་སྨྲས་པར་བསམ༔ ཀྱཻ༔ འཁོར་ལོའི་དབང་ལྡན་བླ་མ་དགོངས༔ དེང་དུས་ཆོས་ལྡན་འགའ་མེད་པས༔ གལ་ཏེ་དེ་ལྟར་མཆིས་ལགས་ན༔ ངས་ནི་སྔ་ནས་སེམས་རབ་བསྐྱེད༔ པདྨ་འབྱུང་གནས་དམ་ཚིག་བླང་༔ དེ་ཕྱིར་ཕྲིན་ལས་ལོས་ཀྱང་བསྒྲུབས༔ མནའ་ཐོ་ཟབ་མོ་བྱེད་དགོས་པས༔ གཞན་དུ་རང་གི་ལས་ལ་ངལ༔ སྲོག་ལ་ཡང་ནི་ཕངས་སེམས་སྐྱེ༔ དེ་ཕྱིར་དབང་ཕྱུག་བརྩེ་བས་དགོངས༔ ཞེས་བརྗོད༔ དེ་ནས་བླ་མས༔ ཀྱཻ༔ སློབ་མ་ལྷ་དང་བཅས་པ་དགོངས༔ ངས་ནི་རྡོ་རྗེ་མཆོག་གསང་གྲུབ༔ ཁྱེད་གཉིས་ང་ལ་བསླུ་མ་བྱེད༔ གལ་ཏེ་བསླུ་ཞིང་བརྙེས་བྱས་ན༔ ཆད་ལས་གཉན་པོ་དམ་ཆུའི་གཅོད༔ དེ་ཕྱིར་མཉམ་དུ་འདི་འཐུང་ཞིག༔ ལྷ་འདྲེ་ཚིག་གཅིག་ཡིན་ན་ཡང་༔ རྣལ་འབྱོར་མི་ལས་དུ་མ་མངོན༔ དེ་སླད་དེང་ཡང་ཞིབ་ཏུ་གཞིག༔ བསྟན་བསྲུང་དམ་པས་གནང་ནའང་༔ ངས་ཀྱང་ཕོ་ཉའི་སྲོག་སྙིང་འདི༔ འཆལ་བོར་སྟེར་བ་ཕངས་བར་འདུག༔ དེ་སླད་དམ་ཚིག་ཆུ་འཐུང་ཤིག༔ ད་དུང་ཡང་ནི་ལྡོག་པ་དྲག༔ ཞེས་བརྗོད༔ ཅི་ནས་ཀྱང་ནི་དམ་ཆུ་འཐུང་༔ བསླུས་ན་ཆད་པ་ཡོད་པར་ཤོག༔ བསྲུང་བཞིན་ཕྲིན་ལས་མ་བསྒྲུབ་ན༔ དེ་ལ་ཡང་ནི་དཔང་པོ་མཛོད༔ ཞེས་བརྗོད༔ དེ་ནས་དམ་ཆུ་ལྕེ་ལ་བཞག་ནས༔ ཀྱཻ༔ བསྲུང་མ་མི་ལ་འགོ་བ་དང་༔ དམ་བསྒྲུབ་ཆོས་ལ་བརྩོན་པ་ཡི༔ ནན་ཏན་དམ་ཆུ་འདི་ཡི་བསྐུལ༔ བསྲུང་ན་ཕན་ཚུན་དགེ་གྱུར་ཅིག༔ མ་བསྲུང་སྙིང་བསྲེགས་དུས་བསྟུང་པར༔ དཀོན་མཆོག་བདེན་པས་འགྲུབ་པར་ཤོག༔ དེ་ནས་ཕན་ཚུན་མནའ་བཞག་པར་བསམ་ལ༔ ས་མ་ཡ་ན་ར་ཀན་ཋ་ཋ༔ ཞེས་གཅོས༔ དེ་ནས་སྲོག་སྙིང་གཏད་པ་ནི༔ ཀྵ གནོད་སྦྱིན་དམར་ནག་འཁོར་བཅས་ཀྱི༔ སྲོག་གི་སྙིང་པོ་ཡི་གེའི་འཕྲེང་༔ སྐལ་ལྡན་ཁྱོད་ལ་གནད་ནས་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱི༔ སྲོག་གི་དབང་ནི་ཁྱོད་ལ་ཡོད༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་སྲོག་དྲེགས་པ་འདི་ལ་གཏད༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ན༔ ཐུགས་ཀྱིས་བརྩེར་དགོངས་དབང་ཐོབ་ཤོག༔ ཀྵ་བྷྱོ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དུ་ཕུ་ར་ཧྲི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་དམར་ནག་འཁོར་བཅས་ཀྱིས༔ སྐུ་ཡི་དཀྱིལ་འཁོར་མཛེས་པ་འདི༔ སྐལ་ལྡན་གྲོགས་སུ་གནད་ནས་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱི༔ སྐུ་ཡི་དབང་ནི་ཁྱོད་ལ་ཡོད༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་ཀྱི་ལུས་ཀྱང་འདི་ལ་གཏད༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ན༔ སྐུ་ཡང་བྲན་ཁོལ་དབང་ཐོབ་ཤོག༔ སྲོག་མཐར༔ ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་དམར་ནག་འཁོར་བཅས་ཀྱིས༔ བཟླས་སྔགས་འཁོར་ལོ་ཡོངས་རྫོགས་ཀྱི༔ སྐལ་ལྡན་གྲོགས་སུ་གནད་ནས་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱི༔ གསུང་གི་དབང་ནི་ཁྱོད་ལ་ཡོད༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་ཀྱི་ངག་ཀྱང་འདི་ལ་གཏད༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ན༔ གསུང་ཡང་བྲན་ཁོལ་དབང་ཐོབ་ཤོག༔ ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་དམར་ནག་འཁོར་བཅས་ཀྱི༔ ཕྱག་མཚན་རྣམ་ཀུན་གཅིག་བསྡུས་པ༔ སྐལ་ལྡན་ཁྱོད་ལ་ལག་ཆར་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱི༔ ཕྲིན་ལས་སྲོག་ཀྱང་ཁྱོད་ལ་དབང་༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་ཀྱི་ལས་ཀྱང་འདི་ལ་དབང་༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ན༔ ཕྲིན་ལས་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་དམན་ནག་འཁོར་བཅས་ཀྱི༔ ཡོན་ཏན་མཐར་ཕྱིན་གྷ་རུ་ཊ༔ སྐལ་ལྡན་ཁྱོད་ལ་གནད་ནས་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་ཁོར་བཅས་ཀྱི༔ ཡོན་ཏན་སྲོག་ཀྱང་ཁྱོད་ལ་ཡོད༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་ཀྱི་དཔལ་ཡོན་འདི་ལ་གཏད༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ནི༔ ཡོན་ཏན་ཡིད་བཞིན་དབང་ཐོབ་ཤོག༔ རྩ་སྔགས༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྲོག་འདུས་སྒྲུབ་པའི་བརྟེན་གཏོར་འདི༔ སྐལ་ལྡན་ཁྱོད་ལ་གནད་ནས་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱི༔ དབང་རྣམས་མ་ལུས་ཁྱོད་ལ་གཏད༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་ཀྱི་ཟས་ནོར་མི་རྒྱུད་བཅས༔ བསྲུང་མ་གཉན་པོ་འདི་ལ་གཏད༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ན༔ དབང་མཆོག་དགོས་དགུ་ལྷུན་གྲུབ་ཤོག༔ བྷ་ལིངྟ་ཀྵ་བྷྱོཿ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཅེས་བརྗོད་མཐར་དམ་ཚིག་ཁས་བླང་བཀྲ་ཤིས་བརྗོད༔ དེ་ཡིས་སྲོག་ལ་དབང་ཐོབ་འགྱུར༔ ས་མ་ཡཱ༔ ཅེས་ཀྱང་ཚེ་དཔལ་གྱི་ངོར་དུས་མཐའི་སྔགས་མིང་ནམ་མཁའ་འཇིགས་མེད་པས་སོ། །ཀྱཻ༔ ལྷ་ཡི་བླ་མ་ལྷ་ཡི་ལྷ་ཆེན་པོ༔ དབང་ཕྱུག་ཡོན་ཏན་བརྒྱད་དང་ལྡན་པས་མཐུས༔ འཁོར་འདས་ཁམས་ཀྱི་དཔལ་གཡང་དགེ་མཚན་ཀུན༔ སེམས་ཅན་ཡོངས་ཀྱི་ལོངས་སྤྱོད་སྐལ་བར་སྩོལ༔ འཛད་མེད་ནམ་མཁའ་མཛོད་གྱི་གཏེར་སྒོ་ཕྱེས༔ ཨོཾ་མ་ཧཱ་དཱེ་བ་ཛ༔ སརྦ་བ་སུ་སིདྡྷི་སིདྡྷི་ཕ་ལ་ཧོ༔ དཱ་བ་རཱ་ཛའི་བསྐུལ་ངོར་ག་གཱས་སོ། །

དམ་ཅན་སྐྱེས་བུའི་གསོལ་བསྡུས།

དམ་ཅན་སྐྱེས་བུའི་གསོལ་བསྡུས་བཞུགས་སོ༔

ཏྲཱི༔ རྡོ་རྗེ་འཛིན་པའི་བཀའ་ཉན་ཆེ༔ སྐྱེས་མཆོག་རྡོ་རྗེ་ལེགས་པ་ནི༔ སུམ་བརྒྱ་དྲུག་ཅུའི་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་འབོད༔ མ་ཐོག་མྱུར་དུ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ མཐུ་སྟོབས་དམ་ཚིག་ལྡན་ལ་བསྟོད༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡཱ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཛྲ་ས་དྷུ་ས་མ་ཡཱ་ཛ་ཛ༔ ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་ཀྱང་ཙནྡྲ་ཀིརྟིའི་བསྐུལ་བའི་ངོར་ག་གཱ་ཨ་བྷྱེས་སོ།།

གནོད་སྦྱིན་ཙིའུ་དམར་པོའི་འཁྲུགས་བསྐངས་ཕྱོགས་ལས་རྣམ་རྒྱལ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ གནོད་སྦྱིན་ཙིའུ་དམར་པོའི་འཁྲུགས་བསྐངས་ཕྱོགས་ལས་རྣམ་རྒྱལ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །སངས་རྒྱས་པདྨ་གར་གྱི་དབང་༔ གཏུམ་རྔམས་ཁྲོ་བོའི་སྐུར་བཞེངས་པ༔ གནོད་སྦྱིན་དམར་ནག་ལ་བཏུད་ནས༔ ཕྲིན་ལས་གསོལ་བ་འདི་ལྟ་སྟེ༔ ཉམས་ཆགས་འཁོན་འཁྲུགས་སྦྱོངས་པ་ནི༔ མཆོད་རྫས་མདངས་དང་མདོས་ལ་སོགས༔ ཡོ་བྱད་ཆ་མ་ཆོ་དགུ་བཤམས༔ རང་ལ་བསྔགས་ཤིང་མཐུན་པའི་ནོར༔ ཚོགས་པར་བྱས་ལ་འདི་སྐད་དུ༔ རྣལ་འབྱོར་གུས་ཤིང་གནོང་འགྱོད་ཀྱིས༔ ཕྱིན་ཆད་སྡོམ་སེམས་ཡོད་པ་གཙོ༔ ཀུན་ཏུ་སྤྱོད་པའི་སྟོབས་ལ་བཟུང་༔ ས་མ་ཡཱ༔ ན་མོ༔ དུས་གསུམ་རྒྱལ་བ་ཀུན་གྱི་གསུང་དབང་ཕྱུག༔ ཁྱབ་བདག་འོད་དཔག་མེད་མགོན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཆེན་པོ་པདྨ་ཧྱ་ཡ་གྷྲི༔ གདུལ་ཐབས་མཁས་སུ་གནོད་སྦྱིན་སྐུར་བཞེངས་ཏེ༔ སྐྱེ་རྒྱུད་གཟུགས་ཀྱི་སྒྲོན་མ་བཀོད་པའི་ཚུལ༔ ལི་སྲས་མ་ཉེས་དྲང་སྲོང་བྱང་ཆུབ་སེམས༔ ཕན་ལན་ལོག་པར་འཇལ་བས་རྒྱུད་འཁྲུགས་ནས༔ སྨོན་ལམ་ངན་བཏབས་སྐྱེ་བ་བརྒྱུད་པའི་མཐར༔ དམུ་བཙན་བྱོས་པའི་ལྷུམས་ནས་སྒོང་སྐྱེས་སུ༔ ཚོགས་དྲུག་རང་རྩལ་འཁོར་བཅས་སྡེ་བདུན་ཤར༔ པདྨ་དབང་གི་ཧེ་རུའི་དམ་ལ་བཏགས༔ རྒྱལ་བའི་བསྟན་པ་བསྲུང་བར་དབང་ཡང་བསྐུར༔ ཨོ་རྒྱན་སློབ་དཔོན་ཆེན་པོ་པད་འབྱུང་གིས༔ རྣལ་འབྱོར་དབུ་འཕང་བསྟོད་པའི་ཐ་ཚིག་བསྒྲགས༔ རྒྱལ་དབང་རྣམ་འཕྲུལ་མངའ་རིས་པཎ་ཆེན་ལ༔ སྲོག་སྙིང་མངོན་འབུལ་ཁས་བླངས་བྲོ་རྒྱས་བཏབས༔ རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་དང་༔ རིག་འཛིན་བདུད་འཇོམས་དཔལ་གྱི་ཧེ་ར་ཀ༔ གྲུབ་ཐོབ་དབང་ཕྱུག་ག་གཱ་ཨ་བྷྱེ་ཡིས༔ སླར་ཡང་མདོངས་གསོལ་རང་རང་ཕྲིན་ལས་བཅོལ༔ ད་ཕྱིན་རིག་པ་མཆོག་གི་རྒྱུད་བཅས་དང་༔ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་གནང་༔ བདག་ཀྱང་དྲེགས་པའི་དོན་ལ་ངེས་ཤེས་ཀྱིས༔ འཇིག་རྟེན་འདས་ལས་འཇིག་རྟེན་མངའ་ཐང་ཚོལ༔ འབད་མེད་དངོས་གྲུབ་ཞུ་བའི་ཡུལ་གྱུར་ལས༔ རྡོ་ཤིང་ནོར་ལ་ངལ་བ་མི་བསྐྱེད་ཀྱི༔ དེ་བཞིན་ཁྱོད་བརྟེན་དགོངས་པའི་ཀློང་ཡངས་ནས༔ ཐུགས་རྗེའི་ཉི་འོད་ཅིག་ཆར་འཆར་བར་མཛོད༔ ཁྱད་པར་སྔར་བརྟེན་དབང་དང་སྲོག་གིས་སྦྲེལ༔ རེ་ཞིག་བསྒྲུབ་ལ་བརྩོན་པའི་ཟོལ་བྱེད་ཀྱང་༔ འགྱང་གཡེལ་ཞུད་དང་འཁུ་ལྡོག་རྒྱུར་གྱུར་པའི༔ ཉེས་ལྟུང་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ ཁྱོད་ནི་ཡེ་ཤེས་ཐུགས་ལ་མ་ཡིན་ཀྱང་༔ འཁོར་གྱི་དྲེགས་པ་རང་རྩལ་དགོངས་རྒྱུད་མཉམ༔ འོན་ཀྱང་མཐུ་སྟོབས་ཡལ་གམ་བཙན་པ་ཡི༔ རང་རྟགས་མཚོན་དུ་ཁྲོ་འཁྲུགས་རྔམས་པར་སྤྱོད༔སངས་རྒྱས་བསྟན་པ་སྤྱི་ཡི་ལྕགས་རི་ལ༔ འཇིག་རྟེན་འདས་པའི་བཏང་སྙོམས་བསམ་སྤྱོད་དང་༔ བརྙེས་ཐབས་སྤངས་པའི་དགོངས་གཞི་འདིར་ཡིན་པའི༔ གནོང་འགྱོད་དེང་དུ་བཞེས་པའི་ལྟ་བར་ཤེས༔ དེ་ཕྱིར་བདག་ཅག་སྔགས་འཆང་བསྒྲུབ་པ་པོ༔ རྩལ་ཆུང་རྣམས་ཀྱི་ཉེས་པ་མི་ཚོལ་བར༔ ཚད་མེད་བཞི་ལ་གྲུབ་པ་མཐར་ཕྱིན་གྱི༔ བདེན་དོན་ད་ལྟ་ཉིད་དུ་མངོན་གྱུར་མཛོད༔ ཀྱཻ༔ བདག་གི་ལྟ་བ་དམན་པའི་གཞན་དབང་གིས༔ དྲེགས་པ་གཞན་བཟུང་རང་རྒྱུད་གོལ་བ་དང་༔ ཡེ་ཤེས་ལྷ་ཡི་གྲལ་མ་ཟིན་ཞེས་འཛེར༔ ལྷ་འདྲེ་ཐ་མལ་གོལ་བ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་བསྒྲུབ་པའི་མཆེད་ལྕམ་ལ༔ གསང་སྔགས་བཀའ་ཡི་དམ་ཚིག་ཉམས་པ་ཡིས༔ ཆོས་སྐྱོངས་བསྲུང་མའི་ཐུགས་དང་འགལ་བ་དང་༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ བསྲུང་མའི་གཟུགས་བརྙན་སངས་རྒྱས་བསྟན་དོན་དུ༔ མཛད་ན་བདེ་གཤེགས་གསུང་རབ་རྒྱ་མཚོ་ལ༔ གནོད་པའི་གཞུང་བསྲིང་དགྲར་གྱུར་ལས་ཉེས་ཏེ༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ བསྟན་སེལ་གཞན་ལ་མཛའ་གཅུགས་རྒྱུད་བརྟེན་བསྐྱངས༔ བསྲུང་མ་གཉན་པོ་ཁྱད་དུ་གསོད་པ་ལ༔ བྱམས་བྱས་ལུས་ངག་ཡིད་དང་ཡོ་བྱད་འདྲེས༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ སྲུང་མའི་བསྒྲུབ་བརྟེན་བསྐང་བའི་དམ་རྫས་རྣམས༔ གཞུང་བཞིན་མ་ཚོགས་མི་གཙང་ལོག་པར་སྤྱད༔ རྒྱུ་ཆུང་ཕུད་ཉམས་བརྙེས་དམོད་ཆ་ལུགས་སོང་༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ བསྒྲུབ་པ་ལག་ལེན་ཚུལ་བཞིན་རྔོ་མ་ཐོཊ༔ རང་དང་འཁོན་པ་ཙམ་གྱིས་དམོད་བསྐུལ་རྦད༔ བསྟན་འཛིན་སྐྱེས་བུའི་མཛད་ཕྲིན་ལ་ཕྲག་དོག༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ རིགས་མཐུན་འཁོར་གྱི་བཙན་སྡེ་སྨད་ཅིང་བརྙེས༔ དྲག་ཐབས་ལས་སྦྱོར་གནོད་པའི་རྫས་སྦྱོར་སྔགས༔ དང་བླང་རྩར་བཅིངས་གཞན་ལ་བསླབས་པ་སོགས༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ བྱ་དམར་རྟ་དང་ཁྱི་དམར་དྲེའུ་ནག༔ སྐྲོད་དང་རྔོན་བཅས་བརྡེག་གཙེས་ལ་སོགས་པའི༔ མཐུན་རྫས་ཀུན་ལ་ལྡོག་པའི་ལས་སྤྱད་སྤྱོད༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ མི་དགེ་བཅུ་བསྒྲུབ་དགེ་བཅུ་རྒྱང་དུ་བསྲིང་༔ མཚམས་མེད་ལྔ་སྤྱོད་མ་ཉེས་གལ་དུ་འཛུག༔ སྒྲུབ་ལ་བར་གཅོད་བསམ་སྤྱོད་ཆོས་འགལ་གྱི༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ དམག་དང་ཇག་གི་ཁ་འཛིན་བྱེད་པ་དང་༔ གསོད་གཅོད་སྡིག་ལ་དགའ་བའི་བྱ་བ་བྱེད༔ བསྟན་དང་འགྲོ་བའི་བདེ་སྐྱིད་འཕྲོགས་པ་ཡིས༔ འཁུ་ལྡོག་གདུག་རྩུབ་རྒྱུར་གྱུར་མཐོལ་ལོ་བཤགས༔ དམ་པའི་གནས་ལྔ་མེད་དང་དུག་སྦྱོར་གཤོམས༔ གུས་རྟག་བརྩོན་འགྲུས་དེང་བླང་ཚོད་ཡོད་ཀྱིས༔ ལྷ་ལ་གསར་ངེས་སྤངས་ལེན་སྣ་ཚོགས་བྱས༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ ཧོ༔ བདག་ནི་བག་མེད་ལས་ཉོན་གཞན་དབང་ཅན༔ ཁྱོད་མཆོག་ཐུགས་རྗེ་ཆེན་པོའི་རང་བཞིན་པས༔ ཕྱིར་ཞིང་ཉོན་མོངས་ཅན་ལ་ཐུབ་མཆོག་གི༔ རྗེས་སུ་བཟུང་བའི་ཐ་ཚིག་དེ་བདེན་ནམ༔ མ་གུས་པ་ཡང་བསོད་ནམས་དམན་སྟབས་དང་༔ གནས་ཀྱི་སྒྲིབ་པ་ཡིན་ཏེ་གཤོང་བ་མེད༔ མ་ཤེས་སྐྱེ་བོ་སྒྲིབ་པའི་གཞན་བརྟེན་གྱི༔ ཤོང་ཡངས་བསྐྱེད་དང་བྱམས་པའི་ཞིང་དུ་གཤིན༔ མ་བྱམས་བུ་ཡི་འཁྲུལ་བ་བཟོད་པ་ཡང་༔ ཚུལ་ལ་སེམས་ཀྱི་བཏང་སྙོམས་མངའ་བོ་ཁྱོད༔ བཅུ་དྲུག་གྲངས་ལྡན་སྙིང་རྗེའི་བརྒྱན་ཆ་མཛེས༔ དེ་ཕྱིར་སྒམ་པའི་ཐུགས་ཀྱིས་གཟུང་དུ་གསོལ༔ ཉེས་པ་གློ་བུར་གཞན་དབང་ལས་ལྟོས་ཀྱི༔ གདོན་ཞུགས་མི་ལ་རྒྱལ་བོའི་ཆད་པ་མེད༔ ཆང་འཐུང་འདྲ་བའི་སོ་སོའི་སྐྱེ་བོའང་༔ སྙིགས་མའི་རླུང་སྟེ་སྲོག་རྩར་འདུས་མིན་ནམ༔ དོན་དེ་དགོངས་ལ་ཆོས་སྐྱོང་བསྲུངས་མ་ཁྱོད༔ ཁྲོ་འཁྲུགས་འཁུ་ལྡོག་གདུག་རྩུབ་མ་མཛད་པར༔ དུས་གསུམ་གཡེལ་མེད་བཀའ་དྲིན་ཆེན་པོ་ཡིས༔ འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མཐའ་དག་བསྒྲུབ༔ རབ་འབྱམས་ཞི་རྒྱས་དབང་དང་དྲག་པོའི་དབལ༔ རྣལ་འབྱོར་མཆོག་དང་ཐུན་མོང་དངོས་གྲུབ་ཀྱི༔ ཕྲིན་ལས་གང་བཅོལ་ཐོགས་པ་མེད་པ་རུ༔ ཆོས་སྐྱོངས་ཡིད་བཞིན་ནོར་བུ་ཁྱོད་ལ་རེ༔ བཀའ་དམ་ཚིག་དང་རང་བྲོ་འདའ་དཀའ་བ༔ ནམ་ཡང་ཡལ་བར་མ་དོར་ཚིག་གཅིག་བདག༔ གལ་ཏེ་ལྟ་ཞིག་དཔལ་ཆེན་རྡོ་རྗེའི་འཇིགས༔ འཇིག་རྟེན་ཡིད་བཅད་རྣལ་འབྱོར་སེམས་སུན་འབྱིན༔ མི་སྐྱོན་ལྷ་ལ་བཀལ་བའི་སྒྲོ་བསྐུར་གྱིས༔ སངས་རྒྱས་བསྟན་དང་འཛིན་བསྲུང་ཀུན་ལ་གཙེར༔ མྱུར་དུ་དམ་དགྲ་ལངས་ཤོར་ཆོས་ཁྲིམས་བཤིག༔ དེ་ཕྱིར་དཔའ་རྟགས་རུ་མཚོན་དགྲ་ལ་ཕྱོར༔ བྱམས་པས་སྒྲུབ་མཆོག་འཁོར་དང་མངའ་ཐང་བསྐྱེད༔ རྟག་ཏུ་མི་འབྲལ་བསྲུང་སྐྱོབ་མེལ་ཚེ་མཛོད༔ ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་སྩོལ༔ ཞེས་བརྗོད་མདོས་མདངས་ལ་སོགས་པས༔ བསྐང་དང་མཆོད་པ་གཞན་དུ་ཤེས༔ གནས་བརྟན་ཆེན་པོའི་བཀའ་ཕེབས་པས། །ག་གཱ་ཨ་བྷྱེས་ཤར་མར་སྤེལ།།བཀྲ་ཤིས། །

༈ བསྡུ་ན་ནི༔ ཀྱཻ༔ རོལ་བ་སྐྱ་བདུན་འཁོར་དང་བཅས༔ བདག་ཅག་མ་རིག་བག་མེད་དང་༔ མ་ཤེས་སེར་སྣ་བསྔ་བཙན་དབང་༔ ལྟ་བ་དམན་པའི་བྱེད་ལས་ཀྱི༔ རྫས་དང་ཆོ་ག་བསམ་སྤྱོད་དང་༔ དམ་ཚིག་ཉམས་ཆགས་ཐམས་ཅད་ཀྱིས༔ བསྲུང་མའི་ཐུགས་དང་འགལ་བའི་ལས༔ ཚོར་དང་མ་ཚོར་གྱུར་བ་ཀུན༔ གནོང་འགྱོད་དྲག་པོའི་མཐོལ་ལོ་བཤགས༔ དག་ཚངས་སོར་ཆུད་དགོངས་ཡངས་ཀྱིས༔ བྱམས་སྐྱོངས་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་ཀྱང་ཤེས་རབ་ངོར་ག་གཱས་སོ། །

གནོད་སྦྱིན་ཙིའུ་དམར་པོའི་གསོལ་བསྡུས་ཁམས་གསུམ་དབང་བསྒྱུར།

གནོད་སྦྱིན་ཙིའུ་དམར་པོའི་གསོལ་བསྡུས་ཁམས་གསུམ་དབང་བསྒྱུར་བཞུགས་སོ༔

མཆོད་གཏོར་ལ་སོགས་ཚོགས་བྱས་ནས༔ གྲངས་ལྡན་ཏིང་འཛིན་དག་པས་བསྐྱལ༔ ཕྲིན་ལས་རབ་འབྱམས་ཐམས་ཅད་ཀུན༔ འདི་ཡིས་བསྒྲུབ་པོ་སྐལ་ལྡན་བུ༔ ཙ༔ འདི་ནས་ནུབ་ཕྱོགས་བཙན་ཡུལ་ཟངས་ཐང་ན༔ གནོད་སྦྱིན་ཆེན་པོ་རོལ་བ་མཆེད་སྡེ་བདུན༔ གཏམས་ཁྲིགས་ཕ་མཐར་བརྟོལ་བའི་རྟེན་བརྟེན་པར༔ ཡིད་ཀྱི་གཟུགས་ཆགས་དབང་བསྒྱུར་སྤྲུལ་འཁོར་བཅས༔ ཤ་ཁྲག་དམར་གཏོར་བཟའ་བཏུང་ཡོ་བྱད་འབུལ༔ ཐུགས་ཀྱི་བཞེད་པ་མཐའ་དག་འདིའི་སྐོང་ནས༔ དགྱེས་རབ་རྩེར་ཕྱིན་རབ་འབྱམས་ཕྲིན་ལས་བསྒྲུབ༔ འགལ་རྐྱེན་མཐའ་དག་ཆོས་ཀྱི་དབྱིངས་སུ་སོལ༔མཐུན་རྐྱེན་བསམ་པའི་དོན་ཀུན་ཡོངས་གྲུབ་མཛོད༔ བཀའ་དང་དམ་ལ་མ་འདའ་ས་མ་ཡཱ༔ ཅེས་བརྗོད་ཕྲག་དོག་གདུག་རྩུབ་ཞི༔ བཀྲ་ཤིས་བདེ་ལེགས་དཔལ་བསྐྱེད་དོ༔ བསྐུལ་བོས་ངོ་སོ་མ་ལྡོག་པར། །ཁྲག་འཐུང་ག་གཱ་རྒྱལ་པོས་སོ། །

ཟངས་རི་བཙན་རྒོད་གསོལ་མཆོད་ཁམས་གསུམ་དབང་གི་ནོར་བུ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཟངས་རི་བཙན་རྒོད་གསོལ་མཆོད་ཁམས་གསུམ་དབང་གི་ནོར་བུ་བཞུགས་སོ༔

བཙན་གཏོར་གཡོན་གཅུས་བཞིའི་བསྐོར་བའི༔ མཚམས་སུ་རྟ་མདུང་ཞགས་པ་དང་༔ ཁྲབ་རྨོག་ཟངས་ཀྱི་བྱང་མིག་རྟེན༔ བསྒྲུབ་མཆོད་ལྷན་དུ་འདི་སྐད་དོ༔ ཙ༔ འདི་ནས་ལྷོ་ཕྱོགས་ནུབ་བལྟས་ཚུགས༔ ཧ་ཤིང་རི་ལ་ཉེ་བར་བརྟེན༔ ཟངས་རི་བཙན་རྒོད་སྐྱ་གཅིག་ལ༔ སྤྲུལ་བ་བཙན་སྡེ་འབུམ་ཕྲག་འགྱེད༔ ཀུན་ཀྱང་མི་དམར་རྟ་དམར་ཅན༔ རབ་བཀྲམ་མཐའ་ལ་དབང་མཛད་འཁོར༔ ཕྱག་ན་དར་མདུང་དམར་པོ་དང་༔ གཡོན་པས་ཞགས་དམར་དགྲ་སྐེ་བཅིངས༔ ཡ་ལད་དམར་པོ་སྐུ་ལ་བགོས༔ ཡ་ཚ་དམར་པོའི་སྲིད་གསུམ་བསྲེགས༔ འབྱུང་བ་ཀུན་ལ་ཁྱབ་པར་འཇུག༔ སྐྱེ་འགྲོ་ཀུན་གྱི་སྲོག་ལ་དབང་༔ སངས་རྒྱས་ཀུན་གྱི་སྤྲུལ་པའི་གསུངས༔ བསྟན་པ་ཀུན་གྱི་བསྲུང་མ་མཆོག༔ རྣལ་འབྱོར་ཀུན་གྱི་མགོན་པོ་མཆོག༔ ཟབ་མོ་གཅོད་ཀྱི་བྱ་ར་བ༔ མ་ཅིག་ཇོ་མོའི་བཀའ་སྡོད་པ༔ ཐ་ཚིག་བསྒྲགས་ནས་འབོད་ལགས་ན༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ མཐོ་བ་མཁར་དང་གཞལ་ཡས་ནས༔ དམའ་བ་ཀ་ཆ་ཡན་ཆད་དང་༔ མཐོ་བ་དག་ཆེན་ཡེ་ཤེས་ནས༔ དམའ་བ་བཟའ་བཏུང་ཡན་ཆད་དང་༔ མཐོ་བ་ལྷ་མོའི་མཉམ་སྦྱར་ནས༔ དམའ་བ་དུད་འགྲོའི་སྤྱན་གཟིགས་ཡན༔ མ་ཚང་མེད་པའི་མཆོད་པ་ནི༔ ཏིང་འཛིན་རོལ་མོས་བྱིན་རླབས་སྤེལ༔ བཙན་རྒོད་འཁོར་དང་བཅས་པ་ལ༔ དམ་ཚིག་གསང་བའི་དཀོར་དུ་འབུལ༔ སྟོང་ཉིད་བསྒོམ་པའི་ཉམས་རྟོགས་སྤེལ༔ བྱང་ཆུབ་བསྒྲུབ་པའི་བར་ཆད་སོལ༔ རི་ཁྲོད་འགྲིམས་པའི་འཚོ་བ་སྦྱོར༔ ཟབ་དོན་བསྟན་པ་རྒྱས་པ་དང་༔ རྣལ་འབྱོར་ཕྲིན་ལས་ལྷུན་འགྲུབ་མཛོད༔ ཅེས་མཆོད༔ ཨོཾ་ཙ་བྷ་ག་ཡ་ས་མུ་ཏྲ་ཨེ་དཾ་བྷ་ལིངྟ་ཨ་མྲ་ཏ་ཁཱ་ཧི༔ ཅེས་བརྗོད་བསམ་དོན་ཐམས་ཅད་འགྲུབ༔ པུནྱེའི་མཚན་མིང་བཞེད་སྐོངས་སུ། །ག་གཱ་ཨ་བྷྱེ་དེ་ཡིས་སྨྲས། །སྒྲོ་བསྐུར་མཁན་ལ་མཆོད་པ་འབུལ། །དྲེགས་པ་ཀུན་ལ་སྡང་བ་ཡང་། །བསྔ་བཙན་མིན་ན་མཐོལ་ལོ་བཤགས། །སརྦ་མངྒ་ལཾ། །ལྟ་བ་དམན་པའི་གང་ཟག་གིས། །ཆོས་སྐུ་བདེ་གཤེགས་སྙིང་པོ་ནི། །ད་ལྟ་སྲིད་གསུམ་རུ་ཏྲར་སོང་། །ཟང་ཐལ་ཆོས་སྐུའི་རྟོགས་པ་ལ། །སྣང་སྲིད་དག་པ་རབ་འབྱམས་ཡིན། །ཐུགས་ལ་འགལ་ན་བཟོད་པར་གསོལ། །ཨེ་མ་ཧོ། ཧཱུྃ༔ མ་ཅིག་ལབ་གྱི་སྒྲོལ་མ་ཡིས༔ བཀའ་ཉན་དྲེགས་པ་ཀུན་གྱི་རྗེ༔ ཟངས་རི་བཙན་རྒོད་འཁོར་དང་བཅས༔ འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས༔ ཟབ་དོན་གཅོད་ཀྱི་བསྟན་པ་སྲུང་༔ བསྒྲུབ་མཆོག་རྣལ་འབྱོར་བུ་བཞིན་སྐྱོང་༔ འཚོ་བ་སྦྱོར་ལ་རྐྱེན་ངན་སོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཀྱང་ཁ་ལོའི་ངོར་ག་གཱས་སོ། །

གྲི་བཙན་གསོལ་བསྡུས།

གྲི་བཙན་གསོལ་བསྡུས་བཞུགས་སོ༔

ཨོཾ་བཛྲ་མ་ཧཱ་ས་མ་ཡ་ཕེཾ་ཕེཾཿཧཱུྃ༔ འཁོར་འདས་དབང་ཕྱུག་པདྨ་ཧེ་རུ་ཀ༔ གདུལ་བྱའི་སེམས་ཅན་འདུལ་ཕྱིར་བསྟན་སྐྱོངས་སྐུར༔ སྐྱེ་རྒྱུད་དྲེགས་པའི་ཟོལ་བསྟན་དགྲ་འཇོམས་རྩལ༔ འཁོར་བཅས་འདིར་གཤེགས་མཆོད་གཏོར་བསང་བརྔན་བཞེས༔ ༼ དམ་པ་ཞེས་ཀྱང་ཆོག་མཆན། ༽རྣལ་འབྱོར་བདག་གིས་མ་རིག་བག་མེད་ཀྱིས༔ དམ་ཅན་གཡེལ་འགྱང་འཁྲུགས་པའི་བསམ་སྤྱོད་ལས༔ མ་ལུས་བྱང་ཞིང་དག་པའི་དགོངས་ཀློང་སྩོལ༔ རབ་འབྱམས་ཕྲིན་ལས་གང་བརྩམས་ཁྱོད་ཀྱིས་མཛོད༔ རྟག་པར་བྱང་ཆུབ་སེམས་ལྡན་ཁྱོད་ལ་རེ༔ མགོན་པོ་གཅིག་ཏུ་རྩོལ་རྟོགས་གཞན་མེད་ཀྱི༔ བཅོམ་ལྡན་དཔའ་བོའི་དམ་ཚིག་གཉེར་བླང་བཞིན༔ མ་འདའ་ལྷ་ཡི་ལྷ་དབང་ཁྱོད་རྒྱལ་ལོ༔ ཅེས་ཀྱང་ཡེ་ཤེས་བཟང་པོའི་བསྐུལ་ངོར་ག་གཱས་སོ། །ཧཱུྃ༔ བསམ་ཡས་མཆིམས་ཕུའི་དབེན་གནས་ནས༔ པདྨས་དམ་བཞག་བྲག་བཙན་ཆེ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ཅེས་ཀྱང་ཤྲཱི་བས་སོ། །

གནོད་སྦྱིན་ཤྭ་བའི་དབུ་ཅན་གྱི་ཕྲིན་བཅོལ་བསྡུས་པ་བསམ་དོན་ལྷུན་གྲུབ།

གནོད་སྦྱིན་ཤྭ་བའི་དབུ་ཅན་གྱི་ཕྲིན་བཅོལ་བསྡུས་པ་བསམ་དོན་ལྷུན་གྲུབ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གཏོར་མ་དམར་གྱི་བརྒྱན་པ་ལ༔ ཟུར་གསུམ་མཆོད་རྫས་དྲག་པོའི་བསྐོར༔ དེ་ནས་གདུང་ཤུགས་གུས་བསྐུལ་གྱིས༔ རྣམ་པ་ཀུན་ཏུ་འདི་ལྟར་བྱེད༔ ན་མོ༔ དུས་གསུམ་རྒྱལ་བའི་གསུང་དབང་ཕྱུག༔ཁྱབ་བདག་པདྨ་ཧེ་རུ་ཀ༔ རྟ་མཆོག་རོལ་བ་གདུལ་ཐབས་གར༔ མཛད་པ་རྨད་བྱུང་ལྷ་ཡི་བཙན༔ ཕྲ་མིན་གཟུགས་ཀྱིས་བསྟན་པ་སྐྱོངས༔ རྣལ་འབྱོར་བདག་གི་ལེའིུ་ལྷ༔ བརྩེ་བ་ཆེན་པོའི་ཐུགས་རྗེའི་དགོངས༔ རྒྱུན་གྱི་གཏོར་མ་ཆད་མདོ་བཞེས༔ ཐུགས་འགལ་ཉམས་ཆགས་བག་རྡུལ་གྱིས༔ ཡེ་ཤེས་དྲི་བྲལ་ཤེལ་སྒོང་ལ༔ གཤིས་ལ་ཞུགས་པ་མི་སྲིད་མོད༔ འོན་ཀྱང་རང་རྒྱུད་ནོངས་པ་བཤགས༔ ལྷ་ལ་རྣམ་རྟོག་མི་མངའ་ཡང་༔ རྟེན་འབྲེལ་དབང་གིས་ཕྱུག་པས་ན༔ ལས་ལ་སྲ་ལྟས་ཤེས་མིན་གྱིས༔ འབྲས་བུ་བསྐྱེད་པའི་ནུས་སོ་གཞོམ༔ ལྔ་བདོའི་རྒུད་པའི་ཉོན་མོངས་ཀྱིས༔ འཁྲུལ་བ་རང་བརྒྱུད་ཤོར་བའི་ཕྱིར༔ ལྷ་དང་དགོངས་སྤྱོད་མ་འདྲེས་པའི༔ ཉམས་ཆགས་ཞེན་སྣང་གོལ་སྒྲིབ་བཤགས༔ ཁ་ན་མ་ཐོ་སྨྲ་གཞན་གྱིས༔ རྣམ་པར་རྟོག་པ་སླངས་པ་ཡི༔ རྒྱུད་འཁྲུལ་རྟོག་པ་གདོན་དུ་ལྡང་༔ དེ་ཡི་ལྷ་ལ་སྙད་བཏགས་བཤགས༔ འཁོར་གྱི་དྲེགས་པ་ཐམས་ཅད་ཀྱང་༔ ལེགས་ཉེས་སྟངས་འཛིན་དམ་ཚིག་ཅན༔ ཐུགས་འགལ་རྟོག་སྒྲིབ་ཉེས་སྤྱོད་ཀུན༔ གནོང་འགྱོད་དྲག་པོའི་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པ་དབང་བཙན་ལ༔ ཆོས་ཅན་རྒྱུ་འབྲས་བཀའ་བཙན་པས༔ ཆོས་སྐྱོང་བསྲུང་མ་ཐུགས་དཀྱིལ་ཡངས༔ ཆོས་བཞིན་སྤྱོད་ལ་དགོངས་པར་མཛོད༔ ཁྱད་པར་དགྲ་ལ་དཔའ་རྟགས་འདི༔ སངས་རྒྱས་བསྟན་བའི་རྭ་བ་ཡིན༔ སྒྲུབ་པ་པོ་ལ་བརྩེ་བྱམས་དེ༔ བྱང་ཆུབ་སེམས་ཀྱིས་མངོན་རྟགས་ཡིན༔ ཕྲིན་ལས་རྣམ་བཞི་རྫོགས་པ་དེ༔ དབང་བཅུ་གྲུབ་པའི་སྤྱི་གཟུགས་ཡིན༔ འཁུ་ལྡོག་གདུག་རྩུབ་ཚ་བ་ན༔ གཞུང་ངན་སྐྱེ་བོའི་ཆ་ལུགས་ལགས༔ ཚར་གཅོད་རྗེས་འཛིན་གོ་ལྡོག་ན༔ གང་ཟག་ངན་པའི་ངང་ཚུལ་ལགས༔ དགྲ་ལ་རྦད་རྟགས་མ་ཡོད་ན༔ ལང་ཤོར་བསྟན་འཛིན་སྤྱི་ལ་གཟེ༔ རང་ལ་ཤོང་རྒྱ་མ་ཆེ་ན༔ ཆོས་ཉིད་མཉམ་པའི་དོན་ལ་གཟེ༔ ཡང་གཞན་ཚིག་གཞར་རྒྱུར་གྱུར་ན༔ཁྲེལ་དང་ངོ་ཚའི་གནས་སུ་གཟེ༔ ཀྱཻ༔ སྔོན་ཚེ་པདྨ་ཐོད་ཕྲེང་དང་༔ རྗེས་འཇུག་སུརྱ་ཀིརྟི་དང་༔ གྲུབ་ཐོབ་ག་གཱ་ཨ་བྷྱེ་ཡི༔སྟོང་ཉིད་གྲུབ་པའི་གཟི་བྱིན་གྱིས༔ བཀའ་བསྒོས་དམ་བཞག་གཡར་དམ་འདི༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཐོགས་མེད་ལྷར་དག་གཟི་བྱིན་དང་༔ དམ་ཚིག་དེ་ཡི་རྒྱུད་སྦྲེལ་བ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ བཟང་ངན་རྣམ་རྟོག་དབྱེ་བསལ་རྐྱེན༔ ཐམས་ཅད་ལྟག་ཤལ་རྒྱན་གྱི་བཀྲམ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ བྱ་བྱེད་ཐམས་ཅད་ཕྱག་རྒྱར་བབས༔ ཡེ་ནས་དོན་མ་ཡིན་མེད་དམ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཉམས་འདའ་བྲལ་བའི་དམ་ཚིག་བྱིན༔ རྫོང་དུ་རྡོ་རྗེའི་མཁར་གྱི་བཟུང་༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ སེམས་དང་སེམས་བྱུང་སྒྱུ་མའི་ངང་༔ དབུ་མ་ཆེན་པོའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཐམས་ཅད་རྡོ་རྗེ་སེམས་དཔའི་བསྡུས༔ ཕྱག་རྒྱ་ཆེན་པོའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ འཁོར་འདས་རང་གྲོལ་གཞི་སྣང་རྫོགས༔ ཤིན་ཏུ་རྣལ་འབྱོར་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ མི་ནུབ་རྒྱལ་མཚན་རྩེ་མོ་ན༔ ཁད་མཉམ་ཉི་ཟླ་བརྡལ་བའི་དམ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཀྱཻ༔ འཁོར་འདས་གཞི་ལམ་འབྲས་བུའི་ཆོས༔ ལུས་དང་སེམས་ལ་ལྷུན་གྱིས་གྲུབ༔ སེམས་དང་ཡེ་ཤེས་རང་སྣང་གཉིས༔ མཐའ་སྡུད་རྒྱལ་པོ་ང་རྒྱལ་རྒྱལ༔ ཆོས་ཅན་རང་ངོའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ལུས་དང་སྐུ་ཡི་ད་ལ་ན༔ ན་དཱ་ངག་གི་རང་སྒྲ་བརྟེན༔ འགྲོ་འོང་ཁྱབ་འཇུག་ཨ་ལི་ཀ༔ སྡོམ་པ་འཁོར་ལོའི་དབང་ཆགས་ཆགས༔ ཆོས་ཅན་བསྐྱོད་མའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཁྱབ་འཇུག་སྣང་དང་སྟོང་པ་ཉིད༔ ཐིག་ལེ་ཆེན་པོ་བཅུ་དྲུག་མགོན༔ མི་འབྱེད་གཏི་མུག་ལ་གཏི་མུག༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཀྱཻ༔ དགོངས་ཤིག་དམ་ཅན་མཐུ་བོ་ཆེ༔ སྙིགས་མ་ལྔ་བརྡོའི་སེམས་ཅན་ཉིད༔ གསར་ངེས་ཆེ་བའི་དབང་ཕྱུག་གི༔ ལྷ་ལ་སྤངས་ལེན་བྱས་པ་བཤགས༔ རྣམ་རྟོག་ཆེ་བའི་བྱེད་ལས་ཀྱི༔ ཤ་ལྔ་བདུད་རྩི་དྭངས་མ་ལོན༔ ཡང་ན་ཁྱི་ཕག་བག་ཆགས་ཀྱིས༔ ཐ་མལ་ཆགས་ཞེན་སྐྱེ་བ་བཤགས༔ སེར་སྣའི་དབང་དུ་གྱུར་བ་ཡི༔ མཆོད་རྫས་རྒྱུ་ཆུང་ཕུད་ལྷག་ཉམས༔ ལེ་ལོ་ཆེ་བའི་གཞན་དབང་གིས༔ རྒྱུན་མཆོད་ཕྲིན་གཏོར་ཆགས་པ་བཤགས༔ འཆོལ་སྙོགས་སྤྱོད་དང་ཁ་ཚར་ཤོར༔ ཕོ་མོ་གྲངས་མ་འཁྱོལ་བ་དང་༔ མཚན་འཛིན་རང་དགར་སྤྱོད་པ་དང་༔ དམ་ཚིག་བསྲུང་མཚམས་ཉམས་པ་བཤགས༔ སྙིང་རྗེ་མེད་པའི་གཞན་དབང་དང་༔ སྒོས་ཀྱི་གནས་ལུགས་མ་འཚལ་བས༔ ཤྭ་བ་ཡུ་མོ་བསད་པ་དང་༔ རྔོན་བྱས་སྐྲོད་དང་ཤ་ཟོས་བཤགས༔ གཞན་ལ་མ་ཉེས་གལ་དུ་བཙུགས༔ རྐུས་གླེང་ན་ཟོས་རྣམ་རྟོག་བྱས༔ སྔོན་ལས་སྡུག་བསྔལ་མྱོང་བ་དེ༔ ལྷ་ལ་སྙད་བཏགས་སྤང་བ་བཤགས༔ བཟླས་བརྗོད་བསྙེན་གསོལ་མ་བྱས་པས༔ ཞུད་དང་འགྱངས་དང་གཡེལ་བ་ཡི༔ རང་གི་ཉེས་པ་མ་ཤེས་ཤིང་༔ ལྷ་ལ་མཐུ་མེད་སེམས་པ་བཤགས༔ ཡེ་ཤེས་ཏིང་འཛིན་དམན་པ་ཡི༔ མཆོད་གཏོར་བྱིན་གྱིས་མ་རློབས་དང་༔ ལྟ་བ་དམན་པའི་བྱེད་ལས་ཀྱིས༔ གཉའ་ནོན་ཚོལ་བ་མཐོལ་ལོ་བཤགས༔ བློ་དམན་འཁོར་འདས་རང་བརྒྱུད་བལྟས༔ དྲེགས་པ་འདྲེ་རུ་གོལ་བ་དང་༔ སྐྱེ་བརྒྱུད་དགོངས་པ་མ་ཤེས་པས༔ དེ་ལས་བརྙེས་པར་བྱས་པ་བཤགས༔ སངས་རྒྱས་སྐྱེ་བརྒྱུད་གནོད་སྦྱིན་ཀྱང་༔ རུ་ཏྲར་བརླན་པ་སྙིང་རྗེའི་གནས༔ ལྟ་བ་ངན་པས་བློ་བཅོས་ཏེ༔ འཁུ་འཁྲུགས་ཟ་བ་མཐོལ་ལོ་བཤགས༔ ཅོལ་ཆུང་ངག་འཁྱལ་བྲེ་མོ་ཡི༔ ཚིག་འཁྱལ་བག་མེད་མཐོལ་ལོ་བཤགས༔ དེ་ལྟར་བཤགས་བསྐང་བྱས་པ་ཡི༔ མི་འཁོན་ལྷ་ལ་ཕོག་པ་དང་༔ ལྷ་འཁོན་མི་ལ་གནོད་པ་དང་༔ བརྟེན་རྫས་མནོལ་དང་སྒྲུབ་རྫས་འགོངས༔ བསྐང་རྫས་འཆལ་དང་དམ་སྡོམ་རལ༔ དམེ་ཡུག་ནལ་དང་བང་གྲིབ་སོགས༔ འཁྲུགས་བཅོས་འཁོན་སྡུམ་རྨུགས་པ་བསངས༔ འཐིབ་པ་དྭངས་ནས་དངོས་གྲུབ་སྩོལ༔ དུས་གསུམ་དགེ་བའི་བཀྲ་ཤིས་མཆོག༔ རྟག་ཏུ་བདག་ལ་ཉེ་བར་མཛོད༔ སྔོན་གྱི་ཐུགས་དམ་མ་དོར་ཅིག༔ བཀའ་དང་དམ་ལས་མ་འདའ་ཞིག༔ འཁུ་ལྡོག་གདུག་རྩུབ་མ་ཆེ་ཞིག༔ བྲོ་བོར་ཐ་ཚིག་མ་དོར་ཞིག༔ མཐུ་རྩལ་དཔའ་རྟགས་མ་ཆུང་ཞིག༔ ཁ་མགོན་བྱམས་སྐྱོངས་མ་གཡེལ་ཞིག༔ བདག་གི་བྱ་བ་ཅི་ཉེས་ཀྱང་༔ བསམ་མེད་བུ་ཡི་སྤྱོད་པ་ལ༔ མ་བཞིན་ཁྲོ་འཁྲུགས་མི་མཛད་ཞུ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཀྱང་བླ་མ་འདུས་ཆུང་ནས་བསྐུལ་བ་དོན་ཡོད་ཕྱིར་དུས་མཐའི་སྔགས་པ་ག་གཱ་ཨ་བྷྱེ་ནས་བྲིས་པ་དུས་གསུམ་དགེ་བའི་འཁྲི་ཤིང་དུ་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ཡང་ཅིག་བསྡུ་ན༔ ཀྱཻ༔ ལྷ་བཙན་ཆེན་པོ་དགོངས་སུ་གསོལ༔ མ་ཤེས་བག་མེད་ནོར་འཁྲུལ་དང་༔ དམ་ཅན་བསྲུང་མའི་ཐུགས་འགལ་ལས༔ མཐོལ་ལོ་བཤགས་སོ་དག་ཚངས་སྩོལ༔ ཨོཾ་དཱེ་ཝ་ཤུ་ལ་ས་མ་ཡཱ༔ སརྦ་ཤཱུདྡྷེ་ཤཱུདྡྷེ་ཡེ་སྭཱ་ཧཱ༔ཅེས་ཀྱང་བླ་མ་དམ་པ་ཤི་ལའི་གསུང་འཕྲོ་དོན་ཡོད་པའི་ཕྱིར་ག་གཱས་སོ། །

རྡོ་རྗེ་མཆོག་རབ་རྩལ་གྱི་མཆོད་ཕྲིན་དངོས་གྲུབ་གཏེར་མཛོད།

རྡོ་རྗེ་མཆོག་རབ་རྩལ་གྱི་མཆོད་ཕྲིན་དངོས་གྲུབ་གཏེར་མཛོད་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གཏོར་མ་ནོར་བུ་འབར་བའི་དབྱིབས༔ མདུན་དུ་ལྷ་གཡག་གཡས་སྦལ་བ༔ གཡོན་དུ་སྦལ་ལྕོང་རྒྱབ་ལོགས་སུ༔ དམར་གཏོར་སྦྲུལ་གྱིས་དཀྲིས་པ་ལ༔ བར་མཚམས་ཉེར་སྤྱོད་མཆོད་པས་བཀང་༔ རང་ཉིད་ཡི་དམ་ང་རྒྱལ་གྱིས༔ ཧཱུྃ༔ རང་ཉིད་ཡི་དམ་ལྷར་གསལ་མདུན༔ རྒྱ་མཚོ་ཆུ་ཡི་དཀྱིལ་འཁོར་སྟེང་༔ དབང་ཆན་ས་གཞི་ཡངས་པར་བརྡལ༔ ཤེལ་གྱི་སྐུ་མཁར་མཚན་ཉིད་རྒྱན༔ བཀོད་པ་ཕུན་སུ་ཚོགས་པའི་དབུས༔ དྲི་ཟ་ཀུན་གྱི་རྒྱལ་པོ་ལ༔ ནཱ་ག་ཀླུ་ཡི་གཉན་གཅིག་པུ༔ གཙུག་ལག་ཆོས་འཁོར་གཉེན་བསྲུང་བ༔ བཛྲ་ཛྭ་ལ་དྲག་པོ་རྩལ༔ སྐུ་མདོག་དཀར་སེར་འོད་དུ་འབར༔ ཟབ་བེར་དཀར་པོ་གསེར་རིས་ཅན༔ གསོལ་ཞིང་དབུ་ལ་ལ་ཐོད་བཅིངས༔ རིན་ཆེན་སྣ་ཚོགས་སྦྲུལ་ཆུ་བརྒྱན༔ ཞབས་ལ་སག་ལྷྭམ་ལྗང་ཁྲ་མནབ༔ གསེར་སྒ་ནོར་བུའི་བརྒྱན་ཆས་སྨེད༔ གློ་གོང་མཛེས་པའི་ཡོབ་ཆེན་ཅན༔ རྟ་མཆོག་ངང་དཀར་སྟེང་དུ་བསྟད༔ ཆིབས་སུ་བཅིབས་ནས་ཞི་མ་ཁྲོའི༔ གཟི་བྱིན་ལང་ཚོའི་སྒེག་པ་ཡིས༔ ཕྱག་གཡས་མདུང་དཀར་གཡོན་ནོར་བུ༔ མདུན་དུ་རྡོ་རྗེ་དཔའ་རབ་རྩལ༔ ལྷ་གཡག་དཀར་པོའི་གཟུགས་ཀྱིས་རྔམས༔ གཡས་སུ་དགེ་བསྙེན་སྨྱོ་ཁ་འབར༔ སྦལ་གདོང་སྦྲུལ་ལུས་བཤའ་གྲི་བསྣམས༔ རྒྱབ་དུ་ཀ་ལ་ཡཀྵ་འབར༔ སྡིག་གདོང་མགོ་དགུ་ཐོ་བ་བསྣམས༔ གཡོན་དུ་ཡུམ་ཆེན་གཡུ་སྒྲོན་མ༔ དཀར་གསལ་གཏེར་གྱི་བུམ་པ་འཛིན༔ མཐའ་བསྐོར་གཉན་དམག་བྱེ་བ་སྟོང་༔ དཔུང་བཞི་རུ་འདྲེན་དང་བཅས་གསལ༔ ཡང་འཁོར་རྒྱ་མཚོ་ཆུ་དཀྱིལ་དུ༔ ཀླུ་བརྒྱད་འཁོར་མང་བསམ་མི་ཁྱབ༔ མ་འདྲེས་ཡོངས་སུ་རྫོགས་པར་བསྒོམ༔ བདག་མདུན་ཐུགས་ལས་འོད་འཕྲོས་པས༔ འཇིག་རྟེན་གནས་དང་ཆོས་དབྱིངས་ནས༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལྱཱ་བཛྲ་ས་མ་ཡ་ཛ༔ དེ་ནས་སྤྱན་འདྲེན་ནི༔ ཧཱུྃ༔ ཀུན་ཁྱབ་ཆོས་དབྱིངས་ཡེ་ཤེས་སྐུ༔ རྣམ་པར་སྣང་མཛད་གངས་ཆེན་མཚོ༔ ཐབས་ཀྱིས་ཅིར་ཡང་སྣང་བའི་དཔལ༔ འཁོར་བཅས་དམ་ཚིག་དབང་གིས་བྱོན༔ འོད་དེ་གུང་རྒྱལ་གཤེགས་སུ་གསོལ༔ གཡུལ་ཕྱོགས་ ༼ གཤོག་དཔྱད། ༽གཤེགས་ཤིག་གཤེགས་སུ་གསོལ༔ ཐང་ལྷ་ཡར་བཞུད་གཤེགས་སུ་གསོལ༔ སྐུ་ལྷ་གཉན་པོ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཛྭ་ལ་ས་མ་ཡ་ཕེཾ་ཕེཾ༔བཞུགས་གསོལ་ནི༔ ཏྲཱཾཿ རིན་ཆེན་ཉི་ཟླ་པདྨ་དང་༔ བཞོན་དང་ཁྲི་རྐང་ཆེ་བརྗིད་མཛེས༔ ཏིང་འཛིན་རོལ་མོའི་གདན་བསྟབ་ཀྱི༔ སྐྱོབས་བྱེད་མགོན་དུ་བཞུགས་སུ་གསོལ༔ ཕྱག་འཚལ་ནི༔ ཧོ༔ དོན་ལ་ཡེ་ཤེས་ལྷ་ཡིན་ཀྱང་༔ རྣམ་འཕྲུལ་མ་ངེས་བསམ་མི་ཁྱབ༔ ཐབས་མཁས་འགྲོ་འདུལ་སྙིང་རྗེའི་བདག༔ བསྟན་སྲུང་རྒྱལ་པོ་ཁྱོད་ཕྱག་འཚལ༔ ན་མོ་པཱུ་རུ་ཤ་ཡ་ཧ༔ མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྣམ་ཐར་ལས་བྱུང་བའི༔ མཆོད་སྤྲིན་དག་པ་ཆེན་པོ་ནི༔ ཞིང་ཁམས་བཀོད་པ་ཡོངས་རྫོགས་ཀྱིས༔ རྡོ་རྗེ་མཆོག་རབ་འཁོར་བཅས་མཆོད༔ བཛྲ་དཱེ་ཝི་སརྦ་པཱུ་ཙ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧོ༔ སྣང་སྟོང་ཁྱབ་འཇུག་རྡོ་རྗེའི་སྐུ༔ གྲགས་སྟོང་རྒོད་གཤེ་རྡོ་རྗེའི་གསུང༔ རིག་སྟོང་སྙིང་རྗེ་རྡོ་རྗེའི་ཐུགས༔ རྡོ་རྗེ་མཆོག་རབ་འབར་ལ་བསྟོད༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཟབ་མོ་གཏེར་གྱི་གཉེར་ཁ་འཛིན༔ ཨོ་རྒྱན་པདྨའི་བཀའ་སྡོད་པ༔ ཐང་ལྷ་གཉན་པོ་ཁྱོད་ལ་བསྟོད༔ ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་བཙུན༔ ཡར་བཞུད་ཁྲི་ཤོད་ཡུལ་གཞིའི་བདག༔ རྣལ་འབྱོར་ཀུན་གྱི་བསྲུང་སྐྱོབས་མགོན༔ དྲི་ཟའི་རྒྱལ་བོར་ཕྱག་འཚལ་བསྟོད༔ གཉན་རྣམས་ཀུན་གྱིས་མདུན་ན་འདུད༔ ཀླུ་རྣམས་མ་ལུས་གཡས་ན་འདུད༔ གནོད་སྦྱིན་དྲི་ཟ་རྒྱབ་ནས་འདུད༔ ལྷ་ཡི་སྡེ་ཚོགས་གཡོན་ན་འདུད༔ མི་དང་དམུ་བཙན་ཕྱོགས་ནས་འདུད༔ དཀོན་མཆོག་གསུམ་པོ་དབྱིངས་གཅིག་འདུད༔ མཐུ་རྩལ་དྲུག་ཤུལ་བསམ་མི་ཁྱབ༔ ནོར་གཏེར་བདག་པོ་ཁྱོད་ལ་བསྟོད༔ དེ་ནས་འཛབ་བཟླས་ནི༔ ཧཱུྃ༔ བདག་ཉིད་ཡི་དམ་ཐུགས་ཀ་ནས༔ འོད་འཕྲོས་ཆོས་སྐྱོང་ལ་ཕོག་པས༔ ཐུགས་དམ་གཉན་པོ་བསྐུལ་བ་ཡིས༔ དྲེགས་པའི་སྐུ་ལས་འོད་འཕྲོས་པས༔ འཁོར་འདས་གཉིས་ཀྱི་དཔལ་ཡོན་ཏན༔ དབང་བྱིན་དངོས་གྲུབ་འོད་དམར་ཚུལ༔ བསྡུས་ཏེ་བདག་གནས་ཡོ་བྱད་ལ༔ མཚོ་ལ་ཁ་བ་བབས་པ་ལྟར༔ གཉིས་སུ་མེད་པར་ཐིམ་པར་བསམ༔ ཨོཾ་བཛྲ་ཛྭ་ལ་རཱ་ཛ་བྷྱོ་ནཱ་རཱ་ཙ་དུ་ཕུ་ས་མ་ཡ་ཛ་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞི་རྒྱས་དབང་དྲག་གང་ལ་ཡང་༔ ཏིང་འཛིན་འཕྲོ་འདུས་གཟེར་གྱིས་བསྒྱུར༔ འདི་ཡིས་མི་འགྲུབ་གང་ཡང་མེད༔ ཐེ་ཚོམ་མི་དགོས་རྡོ་རྗེའི་བཀའ༔ ས་མ་ཡཱ༔ གཉིས་པ་མཆོད་ཕྲིན་བསྐང་གསོལ་ལ༔ མདོས་དང་སྐུ་མཁར་རྒྱང་བུའམ༔ ཕོ་མོའི་གདོང་དང་མདངས་སྣ་ཚོགས༔ ཁྱད་པར་མཆོད་རྫས་ཕྱི་དང་ནང་༔ ཡོ་བྱད་རྣམ་པ་སྣ་ཚོགས་བཤམས༔ ཏིང་ངེ་འཛིན་གྱིས་དག་པར་སྦྱངས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་སྒྱུ་མ་ལྟ་བུའི་ངང་༔ འཛད་མེད་གཞན་འཕྲུལ་བཀོད་པ་ལྟར༔ འཇིག་རྟེན་འདས་དང་མ་འདས་ཀྱང་༔ ལྟག་ཤལ་འབྲེལ་བ་ངམ་པའི་ཆེ༔ ལྷ་རྫས་ཕྱི་ནང་གསང་བ་དང་༔ ངོ་བོ་དབྱེར་མེད་སྣང་བ་ནི༔ རིན་ཆེན་གཞལ་ཡས་གནས་ཕུན་ཚོགས༔ གདན་དང་བླ་བྲེ་ཁྲི་རྐང་མཛོད༔ དཔུང་ཚོགས་འཁོར་དང་རུ་འདྲེན་སྤྲིན༔ དབུ་རྒྱན་སྙན་ཆ་མགུལ་ཆུན་གདུབ༔ དར་གོས་རས་ཕྲུག་པཉྩ་ལི༔ སྲབ་འཇམ་ཡང་པའི་གོས་སྣ་ཚོགས༔ མི་དང་གཡག་རྒོད་ཤ་ཡི་གསུར༔ ནོར་སྣ་དཀོར་ཆ་བསམ་མི་ཁྱབ༔ བཟའ་བ་ཟས་སྣ་བཏུང་བའི་སྐོམ༔ རྐང་འགྲོ་ཁྱད་འཕགས་རིན་ཆེན་རིགས༔ བཞུ་དང་མི་བཞུའི་ཁམས་གྱུར་བ༔ བརྒྱ་སྤྱད་སྟོང་དུ་འཕེལ་བ་དང་༔ སྲིད་ཞིའི་གནས་ཀུན་ཡོངས་ཁྱབ་སྟེ༔ གང་འདོད་དེ་དངོས་འབྱུང་འགྱུར་གྱིས༔ ཕྱི་ལྟར་མཆོད་པ་འབུལ་བ་ནི༔ ཐང་ལྷ་ཡར་བཞུད་ཐུགས་དམ་བསྐངས༔ ནང་ལྟར་དག་གཙང་དམ་པ་ཡིས༔ དྲི་ཟའི་རྒྱལ་པོའི་ཐུགས་དམ་བསྐངས༔ གསང་བ་གཙང་དམེ་བྲལ་བ་ཡིས༔ རྡོ་རྗེ་འབར་བའི་ཐུགས་དམ་བསྐངས༔ ཐུགས་ཀྱི་དགྱེས་པ་བསྐྱེད་པའི་ཕྱིར༔ རིགས་ལྔའི་མཁའ་འགྲོའི་ཐུགས་དམ་བསྐངས༔ གསང་བའི་དམ་རྫས་ཡིན་པའི་ཕྱིར༔ ཤ་ཆེན་ལྔ་ཡི་ཐུགས་དམ་བསྐངས༔ མཐུན་པའི་དམ་རྫས་ཡིན་པའི་ཕྱིར༔ ཨ་མྲ་ཏ་ཡིས་ཐུགས་དམ་བསྐངས༔ བརྗིད་པའི་དམ་རྫས་ཡིན་པའི་ཕྱིར༔ དཔལ་གྱི་ཆས་བཅུའི་ཐུགས་དམ་བསྐངས༔ བཞོན་པའི་དམ་ཚིག་ཡིན་པའི་ཕྱིར༔ ཤུགས་འཆང་འབུམ་གྱིས་ཐུགས་དམ་བསྐངས༔ རྒྱན་གྱི་དམ་ཚིག་ཡིན་པའི་ཕྱིར༔ སྡོམ་སྡིག་སྦལ་ལྕོང་ཐུགས་དམ་བསྐངས༔ མཆོད་པའི་དམ་ཚིག་ཡིན་པའི་ཕྱིར༔ ཀླུ་ནོར་ཆ་དགུའི་ཐུགས་དམ་བསྐངས་༔ བརྟེན་པའི་དམ་ཚིག་ཡིན་པའི་ཕྱིར༔ རུ་མཚོན་དཀར་པོའི་ཐུགས་དམ་བསྐངས༔ དྲག་པོའི་དམ་རྫས་ཡིན་པའི་ཕྱིར༔ སྙིང་སྣ་བཅོ་བརྒྱད་ཐུགས་བསྐངས༔ བགོ་བའི་དམ་ཚིག་ཡིན་པའི་ཕྱིར༔ ཟ་འོག་བེར་ཕྱམ་ཐུགས་དམ་བསྐངས༔ དགྱེས་པའི་དམ་ཚིག་ཡིན་པའི་ཕྱིར༔ གླུ་བྲོ་གར་གྱིས་ཐུགས་དམ་བསྐངས༔ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ ནོར་གཡང་འཛད་མེད་ཆར་ལྟར་ཕོབ༔ རྟག་ཏུ་བྱམས་དང་བརྩེ་བས་སྐྱོངས༔ འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔ སངས་རྒྱས་བཅོམ་ལྡན་བསྟན་པ་སྲུང་༔ སྒྲུབ་མཆོག་རྣལ་འབྱོར་དབུ་འཕང་བསྟོད༔ གཉན་གྱིས་དལ་ཁ་བརྒྱད་ཅུ་སོགས༔ འཇིག་རྟེན་ཁམས་སུ་མ་བཏང་ཞིག༔ སྐྱེ་དགུ་བདེ་བའི་ཕྲིན་ལས་མཛོད༔ འདོད་པའི་དོན་ནི་ཐམས་ཅད་ཀུན༔ མ་ལུས་ཁྱེད་ཀྱིས་སྒྲུབ་པར་མཛོད༔ བདག་གི་ལུས་ལྷར་མངའ་གསོལ་ལོ༔ ས་གཉན་བརྐོས་དང་ཆུ་གཉན་དཀྲུགས༔ ཤིང་གཉན་བཅད་དང་རི་ཆེན་བཤིག༔ དུར་བཏབས་བྱ་བའི་གདོང་ཐུགས་སོགས༔ མ་ཤེས་ལས་ཀ་གང་བྱས་ཀྱང་༔ མ་བྱམས་བུ་ལ་འཁྲིལ་བ་ལྟར༔ ཐུགས་སྒམ་གཟུ་བོའི་བཀའ་ནན་མཛོད༔ འཇིག་རྟེན་དྲེགས་པ་བྲན་ཁོལ་གྱིས༔ ལས་ལ་དབང་བའི་དངོས་གྲུབ་སྩོལ༔ ཅེས་དང་བསྡུ་ན༔ ཀྱཻ༔ རྡོ་རྗེ་འབར་བའི་རྒྱལ་པོ་ལ༔ འདོད་ཡོན་ལྔ་ལྡན་དམ་རྫས་འབུལ༔ ཐུགས་དམ་བསྐང་ལ་འཁོན་འཁྲུགས་བྱང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལྟར་གྲངས་ལྡན་བསྐྱལ་པ་ན༔ གཉན་ནད་བཅོ་བརྒྱད་ལ་སོགས་པ༔ མི་མཐུན་བར་ཆད་ཐམས་ཅད་ཞི༔ ཞི་རྒྱས་དབང་དྲག་ཕྲིན་ལས་འགྲུབ༔ ས་མ་ཡཱ༔ ཅེས་པ་འདི་ཡང་ཡེ་ཤེས་ཀྱིས་བསྐུལ་ངོར་ག་གཱ་པས་སོ། །

གཉན་ཆེན་ཐང་ལྷའི་གསོལ་མཆོད་དགྲ་ལས་རྣམ་རྒྱལ།

གཉན་ཆེན་ཐང་ལྷའི་གསོལ་མཆོད་དགྲ་ལས་རྣམ་རྒྱལ་བཞུགས་སོ༔

བརྡ་ཡིག །ཨོཾ་པདྨ་ཀྲོ་དྷ་ཧྱ་གྷྲི་ཝ་ཧྲཱིཿ ཧཱུྃ༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ བཅོམ་ལྡན་དབང་ཆེན་ཧེ་རུ་ཀ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྤྱན་གསུམ་རབ་བསྒྲད་མཆེ་བ་གཙིགས༔ ཕྱག་གཡས་པད་མཚན་དབྱུག་ཏོ་འབར༔ གཡོན་པས་བྷནྡྷ་ཁྲག་བཀང་གསོལ༔ པད་ཉི་རུ་ཏྲའི་སྟེང་དུ་བརྗིད༔ དུས་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ མེ་དཔུང་འབར་བའི་ཀློང་ཡངས་སུ༔ ཁམས་གསུམ་ཟིལ་གནོན་གྱད་ཀྱི་ལྷ༔ སྣང་བ་དབང་སྡུད་སྲོག་དང་ལྡན༔ འཁོར་དུ་བདུད་བཙན་དམུ་བསེ་མོ༔ ཐེའུ་རང་གཟའ་དང་རྒྱུ་སྐར་དང་༔ ལྷ་ཀླུ་གཉན་སོགས་དྲེགས་པའི་ཚོགས༔ བསམ་ཀྱིས་མི་ཁྱབ་བལྟར་མི་བཟོད༔ ཁྱད་པར་ཡར་བཞུད་གཉན་གྱི་རྗེ༔ རྡོ་རྗེ་འབར་བ་དྲག་རྩལ་དང་༔ མཚོ་སྨན་རྒྱལ་མོ་གཡུ་སྒྲོན་སོགས༔ འཁོར་དང་ཡང་འཁོར་བཅས་པ་ཀུན༔ དམ་ཚིག་དབང་གིས་འདིར་གཤེགས་ཤིག༔ རྡོ་རྗེ་འབར་བ་རྩལ་ས་པ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛ༔ ཏིཥྛ་ཧོ༔ ཨརྒྷཾ་སོགས་ནས་ཤབྟ་པཱུ་ཙ་ཧོ༔ མ་ཧཱ་ཨ་མྲ་ཏ་རཀྟ་བ་ལིངྟ་དྷརྨཱ་དྷརྟུ་ཨ་ལ་ལ་ཧོ༔ དམ་ཉམས་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁ་རཾ་ཁཱ་ཧི༔ སངས་རྒྱས་བསྟན་པ་སྐྱོང་བའི་ལྷ༔ ཆོས་རྒྱལ་བོད་ཀྱི་ཡུལ་ལྷ་གཉན༔ དམ་ཉམས་སྒྲོལ་བའི་བཤན་པ་པོ༔ མཐུ་རྩལ་ཅན་ལ་བསྟོད་པར་བགྱི༔ ཧཱུྃ་ཧྲཱི༔ བཅོམ་ལྡན་པདྨ་འབྱུང་གནས་ཀྱི༔ དམ་ཚིག་ལ་གནས་མཐུ་བོ་ཆེ༔ དྲི་ཟའི་རྒྱལ་པོ་འཁོར་དང་བཅས༔ འདིར་བྱོན་བཅོལ་པའི་ཕྲིན་ལས་མཛོད༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ རྒྱལ་བསྟན་སྤྱི་དང་ཁྱད་པར་དུ༔ འོད་གསལ་རྡོ་རྗེ་སྙིང་པོ་དང་༔ དེར་འཛིན་སྐྱེས་བུའི་སྐུ་ཚེ་བརྟན༔ མཛད་ཕྲིན་ནམ་མཁའི་མཐར་འབྱམས་ཀླས༔ ཡོངས་ལ་གནོད་པའི་དགྲ་བགེགས་སྒྲོལ༔ མངོན་སུམ་ལྐོག་གྱུར་ཇི་སྙེད་ཀྱིས༔ བདུད་སྡེའི་དཔུང་ཚོགས་ཆོམས་ལ་ཕོབ༔ སྐྱེ་འགྲོའི་སྣང་སེམས་དབང་དུ་བསྡུས༔ ཅི་འདོད་ནོར་གྱི་སིདྡྷི་སྩོལ༔ བདག་དང་དམ་ཚིག་གཅིག་ཏུ་བཞུགས༔ བྱང་ཆུབ་བསྒྲུབ་པའི་བར་ཆད་སོལ༔ མདོར་ན་ཕྲིན་ལས་གང་བཅོལ་ཀུན༔ ཐོགས་མེད་མྱུར་དུ་འགྲུབ་བར་མཛོད༔ སྔོན་གྱི་རྒྱལ་བའི་བཀའ་མ་བཅག༔ རྗེས་འཇུག་རྣལ་འབྱོར་དམ་ཚིག་ལས༔ མ་འདའ་བཅོལ་བའི་ཕྲིན་ལས་མཛོད༔ ས་མ་ཡ༔ ཨེ་དནྟེ་ན་ར་ཀན༔ གུ་ཧྱ༔ ཞེས་པའང་ཁྲག་འཐུང་ནམ་མཁའི་རྡོ་རྗེས་བརྡ་རིས་ལས་ཕབ་པའོ། །མངྒ་ལཾ། །

གཉན་ཆེན་ཐང་ལྷའི་དབང་བསྐུལ་དུས་ཀྱི་ཞགས་པ།

གཉན་ཆེན་ཐང་ལྷའི་དབང་བསྐུལ་དུས་ཀྱི་ཞགས་པ་ཞེས་བྱ་བ་བཞུགས་སོ༔

འདི་ལ་མངར་གསུམ་སྐྱེམས་གཏོར་ཕུལ༔ ཛཿམི་མངོན་ནམ་མཁའི་དབྱིངས་རིམ་ནས༔ བཅོམ་ལྡན་འཇམ་དཔལ་ཁྲོ་བོའི་སྐུ༔ གདུལ་བྱའི་དོན་དུ་གཟུགས་སྐུར་བཞེངས༔ ལྷ་ཆེན་དབང་པོ་བརྒྱ་བྱིན་གྱི༔དབང་ཕྱུག་ཆེན་པོ་ལས་ལ་བསྐུལ༔ དེ་ཡི་སྐྱེ་བརྒྱུད་བདག་པོར་མཛད༔ དྲེགས་པའི་སྡེ་དཔོན་གྲལ་ནས་ནི༔ གཤིན་རྗེའི་ཚུལ་དུ་བསྟན་པ་སྐྱོངས༔ གངས་ཅན་བོད་ཀྱི་ཁ་རྗེ་ལས༔ སློབ་དཔོན་ཆེན་པོ་སྤྱན་དྲངས་ཏེ༔ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ༔ ཁྲི་སྲོང་ལྡེའུ་བཙན་དགྲ་བླ་མཛད༔ ཡབ་ཡུམ་སྲས་དང་བཅས་པ་ཀུན༔དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་རང་རང་གནས་ནས་བཞེངས༔ མཛོད་ཅིག་དབང་གི་ཕྲིན་ལས་མཛོད༔ ཟ་ཁ་གྲོགས་ཁ་འཐུང་ཁ་ཕྱེས༔ དེང་དུས་བོད་ཀྱི་བསྟན་པ་ལ༔ འཛིན་སྐྱོངས་སྤེལ་དང་བསྟན་འཛིན་གྱི༔ སྐྱིད་སྡུག་ལེགས་ཉེས་སྟངས་འཛིན་པས༔ ཕྲིན་ལས་བྱེད་པོ་ཁྱོད་ལ་བབས༔འཇིག་རྟེན་སྐྱེ་བོའི་ཟེར་སྒྲོས་བཞིན༔ ཡིད་ལྟར་མགྱོགས་པའི་ཤུགས་ཀྱི་བྱོན༔མི་སེམས་འཕྲོག་ལ་མི་ལག་བསྒུལ༔ མི་ལས་ཆོད་ལ་རང་ལ་སྤྲོད༔ ཆེ་བཙན་རྒྱལ་བོ་དབང་དུ་བསྡུས༔ གྲགས་མཛངས་བློན་པོ་དབང་དུ་བསྡུས༔ མཛེས་སྡུག་བཙུན་མོ་དབང་དུ་བསྡུས༔ ཕྱུག་པོ་ཁྱིམ་བདག་དབང་དུ་བསྡུས༔ ཟས་ནོར་ལོངས་སྤྱོད་དབང་དུ་བསྡུས༔ དཔལ་སྟོབས་འཕྱོར་རྒྱན་དབང་དུ་བསྡུས༔ ཁྱད་འཕགས་རིན་ཆེན་དབང་དུ་བསྡུས༔ གོས་དར་རས་ཕྲུག་དབང་དུ་བསྡུས༔ ཀ་ཆ་དཀོར་ཆ་དབང་དུ་བསྡུས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ ཛ༔ ཁྱོད་ནི་ནེ་ལེ་ཐོད་པ་རྩལ༔ སྔ་སོར་པདྨ་དྲག་པོ་དེས༔ རང་གཉིས་དམ་ཚིག་གཅིག་ཏུ་སྦྲེལ༔ དེ་ལས་མ་འདའ་ཚིག་གཅིག་བདག༔ ང་ནི་རིག་འཛིན་བརྒྱུད་པ་ལ༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ འེ་ལེན ༼ གུང་ ༽བཻ་ལེན་ ༼ མཛུབ་ ༽ཨོ་རྒྱན ༼ བྲང་སྟོན་ ༽བརྡའ༔ དྲ་ཁུ་ལྱཻ་ཁུ་དེ་ལན༔ མཛུབ་གོང་ ༼ གུང་དཔྱད། ༽བྲང་གི་སྟོན་པ་ཡི༔ བརྡ་ལན་ཤེས་ན་རྟགས་གདབས་ཡོད༔ དེ་ཡང་གོང་རྒྱལ་ཉིད་ཀྱི་སྨེད༔ སྲིད་པ་དེ་ནས་ལན་བདུན་དུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ རང་རྟགས་དེའམ་ལྷ་ཅིག་དགོངས༔ ལེགས་ན་ད་ལྟ་ཕྲིན་ལས་མཛོད༔ གློག་ལྟར་མྱུར་བའི་ཤུགས་ཀྱི་བྱོན༔ ཐོག་ལྟར་རྒོད་པའི་ཕྲིན་ལས་མཛོད༔ སྐྱེས་བུའི་ལག་པའི་བསྐྱངས་སྐུམ་ལ༔ མ་འགྱང་ཁམས་གསུམ་དབང་དུ་བསྡུས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཐང་ཀ་ར་མུ་ཉིརྑ་ཤ་ལེ་ཧཱུྃ་ཛ་ཛ༔ འཻ་ལེན་དྲ་ཁུ་ལྱེ་ཁུ་དཱེ་ཁུ་ཁུརྞི་ཏྲི་ཧཱ༔ ཅེས་བརྗོད་པདྨ་དམར་སེར་མཆོད༔ བདེ་མཆོག་རྒྱལ་པོའི་བཀའ་སྡོད་པ༔ འདི་ཡི་མི་འགྲུབ་མི་སྲིད་དེ༔ དཔའ་བོ་བརྡ་ལེན་མི་ཤེས་པ༔ དེ་ལ་ལས་ནི་མི་བྱེད་དོ༔ དེ་ལྟ་ན་ནི་སྲ་རྟགས་མེད༔ གཞན་དུ་གང་བསམ་ལྷན་གྱིས་གྲུབ༔ ས་མ་ཡཱ༔ ཛྙཱ་ནའི་ངོར་ག་གཱ་ཨ་བྷྱེ་ནས་སོ། །རཾ་ཡཾ་ཁཾ༔ ཨ་ཨཱཿཧཱུྃ༔ འཇམ་དཔལ་ནག་པོའི་དངོས་སྤྲུལ་གེ་སར་རྒྱལ༔ སྤྲུལ་པ་གྲུབ་ཆེན་ཕུ་ནུ་སུམ་ཅུ་དང་༔ དགྱེས་སྡེ་མ་སྲུ་བཅུ་གསུམ་སྐུ་འཁོར་འབངས༔ དགྲ་བླ་ཝེར་མ་ལྷ་ཀླུ་གཉན་གསུམ་སོགས༔ མ་ལུས་ལུས་པ་མེད་པ་ཐམས་ཅད་ལ༔ ཟག་མེད་དམ་རྫས་རྒྱན་གྱི་མཆོད་པ་འབུལ༔ རྟག་ཏུ་བསྲུང་སྐྱོབས་ཁ་མགོན་སྡོང་གྲོགས་མཛོད༔ དྷརྨཱ་རཱ་ཛ་ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིངྟ་ཁཱ་ཧི༔ ཤེས་རབ་ངོར་ག་གཱས་སོ། །གེ་སར་གསོལ་བསྡུས་ནི༔ ཧོ༔ དགྲ་ལྷའི་རྒྱལ་པོ་འཛམ་གླིང་སེང་ཆེན་རྒྱལ༔ ཡུམ་སྲས་སྤྲུལ་དང་ཡང་འཁོར་ཐམས་ཅད་ལ༔ མཐུན་རྫས་འདོད་དགུའི་མཆོད་པ་འདི་འབུལ་བས༔ བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ་པར་མཛོད༔ ག་གཱས་སོ།།

གཏེར་སྲུང་རྨ་གཉན་སྤོམ་རའི་སྒྲུབ་ཐབས་བསྡུས་པ་བསོད་ནམས་ལྗོན་ཤིང་།

གཏེར་སྲུང་རྨ་གཉན་སྤོམ་རའི་སྒྲུབ་ཐབས་བསྡུས་པ་བསོད་ནམས་ལྗོན་ཤིང་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གཏོར་མ་པདྨ་འདབས་བརྒྱད་སྟེང་༔ ནོར་བུ་གཅིག་རྡོག་འདབ་བཞིའི་ཚུལ༔ མཆོད་གཏོར་དཀར་བཤོས་སྦྲུལ་དཀྲིས་ཅན༔ ཉ་སྦྲུལ་སྦལ་ལྕོང་དག་གིས་བསྐོར༔ དར་དང་རཏྣའི་བརྒྱན་པར་བྱ༔ རང་ཉིད་ཡི་དམ་ང་རྒྱལ་གྱིས༔ ཧཱུྃ༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ མདུན་དུ་བཻཌཱུར་སྐུ་མཁར་ལ༔ རིན་ཆེན་ཤེལ་གྱི་ཁ་པད་ཅན༔ དེ་ནང་པདྨའི་དམ་འཛིན་པ༔ གཏེར་སྲུང་རྨ་གཉན་ལྷ་ཆེན་པོ༔ སྐུ་མདོག་ཉ་རྒྱས་ཟླ་བའི་མདངས༔ ཞལ་གཅིག་ཕྱག་གཉིས་གནོད་སྦྱིན་ཉམས༔ ཕྱག་གཡས་ས་ལུའི་ལྗང་བུ་དང་༔ གཡོན་པས་རིན་ཆེན་གཏེར་བུམ་བསྣམས༔ ཞབས་གཉིས་རིན་ཆེན་ཁྲི་སྟེང་དུ༔ རྟ་བབས་སྐྱིལ་མོ་ཀྲུང་གིས་རོལ༔ སྐུ་ལ་ནང་ནས་དཔའ་ཆས་དང་༔ ཕྱི་རོལ་ཆུ་དར་དཀར་པོ་ནི༔ གསེར་གྱི་ཧ་རིས་བཀྲ་བའི་བེར༔ གསོལ་ནས་བདག་ལ་རིངས་བས་གཟིགས༔ ཕྱོགས་བཞིའི་པདྨའི་གདན་སྟེང་དུ༔ རྡོ་རྗེ་དྲག་རྒྱལ་གཡོན་ནས་འདུད༔ སྲས་མཆོག་ནོར་བུ་དགྲ་འདུལ་མདུན༔ ཞིང་བོ་གོང་རྒྱལ་དྲག་བཙུན་གཡས༔ ལྕམ་གཅིག་རྡོ་རྗེ་གཡུ་སྨན་རྒྱབ༔ བཙུན་མོ་རིན་ཆེན་མཛེས་ཚུལ་དང་༔ དཔའ་བོ་བློན་པོའི་ཆ་ལུགས་བསྐྱེད༔ ཕྱི་རིམ་གཉན་དམག་འབུམ་གྱིས་བསྐོར༔ ཀུན་ཀྱང་ཀྭི་བསྭོ་ཆ་སྒྲ་སྒྲོགས༔ ལས་བྱེད་སྤྲུལ་བ་བསམ་མི་ཁྱབ༔ ཐུགས་ཀར་བཻ་ལས་འོད་འཕྲོས་པས༔ དམ་ཚིག་གནས་ནས་སྐད་ཅིག་གིས༔ ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱིས༔ བྱོན་ནས་གཉིས་མེད་བརྟན་པར་བཞུགས༔ བསྟན་པ་བསྲུང་ཕྱིར་ཡིད་ཕྱག་འཚལ༔ ས་བཅུའི་ཡོན་ཏན་ལྡན་ལ་བསྟོད༔ ཐུགས་སྲོག་མཐའ་མར་སྔགས་ཀྱིས་བསྐོར༔བཟླས་པས་དམ་ཚིག་སྲོག་ཐོབ་བསམ༔ ཨོཾ་བཱཻ་ནཱ་ག་ཕུ་ཏྲི་པཱ་རི་ཛ་ཀྵཾ་ཤྲཱི༔ ཛ་ཛ༔ ཀུ་ལུ་མིན་མལ་ས་མ་ཡ་ཕེཾ་ཕེཾ༔ ཞེས་བཟླའོ༔ སྤྲུལ་བ་ལས་ལ་དགོངས་ཙ་ན༔ རེས་འགའ་དཀར་གསལ་མདུང་དར་དང་༔ རིན་ཆེན་བུམ་པ་འཛིན་པ་དང་༔ རེས་འགའ་སེར་པོ་ནོར་བུ་འཛིན༔ རེས་འགའ་དབང་མདོག་ལྕགས་ཀྱུ་དང་༔ པད་འཛིན་རེས་འགའ་བུང་བས་མདོག༔ ཕྱག་ན་རལ་གྲི་ཞགས་པ་འཛིན༔ གཞན་ཡང་རྣམ་འགྱུར་བསམ་མི་ཁྱབ༔ རྟོག་གེ་གཅིག་དུ་ཞེན་པ་ཚོས༔ དཔེར་ན་ཤཱཀྱ་ཐུབ་པ་ནི༔ རྟག་པར་ཕོར་བ་བཟུང་བར་བལྟ༔ དེ་ཡང་གཞན་གྱིས་གད་མོའི་གནས༔ ཧ་ཧ༔ རེས་འགའ་བཞོན་པ་ཡོད་པའང་༔ རྟ་དཀར་གླང་ཆེན་ལ་སོགས་པ༔ དྲེགས་པའི་ཆོ་རོལ་བསམ་མི་ཁྱབ༔ རྫུ་འཕྲུལ་ཅན་གྱི་རྣམ་པ་ནི༔ བསམ་གྱིས་མི་ཁྱབ་ཕ་མཐའ་ཡས༔ སྔགས་འདི་མཁའ་འགྲོའི་སྐད་དུ་བསྒྱུར༔ དེ་ཡིས་ལས་མྱུར་སྙིང་ཡང་ཉེ༔ པདྨ་ཀཱ་རའི་ཁྱད་ཆོས་སོ༔ གཉིས་པ་གསོལ་མཆོད་བསྡུས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ཀྱི་རྣམ་སྤྲུལ་ནས༔ སྔགས་དང་ཕྱག་རྒྱའི་སྟོབས་ཤུགས་ཀྱིས༔ ཡེ་ཤེས་རོལ་མོར་བྱིན་གྱིས་བརླབས༔ དག་གཙང་ཟག་མེད་མཆོད་པའི་སྤྲིན༔ གཅིག་ལས་དུ་མ་འཆར་བའི་འཕྲུལ༔ གཏེར་སྲུང་ས་བཅུའི་དབང་ཕྱུག་ལ༔ ཐ་ཚིག་བཀའ་ཡི་ཆད་ཐོར་འབུལ༔ ལྷ་ཆེན་སྤོམ་རའི་ཐུགས་དམ་བསྐང་༔ རྡོ་རྗེ་དྲག་རྒྱལ་ཐུགས་དམ་བསྐང་༔ སྲས་མཆོག་ནོར་བུའི་ཐུགས་དམ་བསྐུང་༔ སྐུ་ཞང་དྲག་བཙུན་ཐུགས་དམ་བསྐང་༔ ལྷ་ལྕམ་གཡུ་སྨན་ཐུགས་དམ་བསྐང་༔ འཁོར་ཚོགས་སྤྲུལ་པའི་ཐུགས་དམ་བསྐང་༔ བཀའ་སྡོད་ཕྱག་ཚང་ཐུགས་དམ་བསྐང་༔ ཡང་འཁོར་ལྷ་སྲིན་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་ཡོན་ཏན་གྱིས༔ ཕོག་ཐུག་སྤང་བླང་ཉམས་ཆགས་བཤགས༔ ནོར་དང་གཡང་གི་དངོས་གྲུབ་སྩོལ༔ དགྲ་བགེགས་ཀླ་ཀློའི་རྒྱུ་འགྲུལ་ཆོད༔ བཀྲ་ཤིས་བདེ་ལེགས་དཔལ་རྒྱས་མཛོད༔ ཨོཾ་བཛྲ་ཤྲཱི་རཏྣ་ཨེ་དཾ་བྷ་ལིངྟ་ཁཱ་ཧི༔ ཅེས་བརྗོད༔ བསྡུ་ན༔ ཀྱཻ༔ གཏེར་སྲུང་རྨ་རྒྱལ་སྤོམ་ར་ནི༔ འཁོར་དང་ཡང་འཁོར་བཅས་པ་ལ༔ ཟག་མེད་བདུད་རྩིའི་ ༼ བསང་མཆོད་འབུལ༔ ཞེས་ཁ་བསྒྱུར། ༽ མཆོད་པ་འབུལ༔ རྐྱེན་སོལ་བསམ་དོན་ལྷུན་གྲུབ་མཛོད༔ རཏྣ་ཨེ་དཾ་བ་ལིཾ་ཏ་དྷཱུ་པྤེ་པཱུ་ཛ་ཁཱ་ཧི༔ དེ་ནས་གཡང་འབོད་བསྒྲུབ་པ་ནི༔ ཨོཾ་བཻ་ཀརྞ་ཌ་ཤ་ཥ་ཡནྟུ་ཙ་ཌ་ནོར་དང་གཡང་གི་དངོས་གྲུབ་སྩོལ་ཅིག༔ གླེ་པ་ཁ་ཌ་ལ་ཡ་ཤསྟི་སྤཱ་པཱ་ཧོ༔ ཞེས་བཟླས་མཐར༔ ཧཱུྃ༔ སྔོན་ཚེ་ཐུགས་བསྐྱེད་རྨ་གཡང་ནོར་འཛིན་པ༔ བསྐུལ་ལོ་མ་གཡེལ་ཡལ་གམ་ཅི་བཞིན་དུ༔ འཛད་མེད་གཏེར་དང་རྐང་བཞི་ཕྱུག་གི་གཡང་༔ རྨ་གཡང་ཟས་གཡང་བང་མཛོད་ཤེས་རབ་སྟོབས༔ གཟུགས་དང་གཟི་བརྗིད་བཀྲ་ཤིས་གཟུང་སྨོན་དབང་༔ སངས་རྒྱས་དཔལ་ཡོན་གྲུབ་པའི་ཉམས་མྱོང་དང་༔ དབང་ཕྱུག་བརྒྱད་དང་སྲིད་ཞིའི་ཕུན་སུམ་ཚོགས༔ མ་ལུས་བསྒྲུབ་མཆོག་བདག་ལ་སྩལ་དུ་གསོལ༔ གཡང་གི་ཟོ་ཞབས་མི་འཕར་བརྟན་པ་དང་༔ ཕར་འགྲོའི་རྗེས་སུ་མ་བཏང་ཚུར་འོང་གི༔ མི་ཕྱུགས་ཀུན་ཀྱི་རྗེས་སུ་གཡང་ཁུག་ཅིག༔ ཁ་ནས་མི་བོ་ཞབས་ལས་མི་ཟག་པར༔ བརྒྱ་སྟོང་ཁྲི་འབུམ་འཕེལ་བའི་ཕྲིན་ལས་མཛོད༔ ཀུན་ཀྱང་སྒྲུབ་མཆོག་བདག་ལ་སྩལ་དུ་གསོལ༔ ཁུ་ལེ་ཁུ་ཁུ་ཕྱྭ་ཁུ་ཡེ༔ ཕྱྭ་ཁ་ལ་ལ་ཁ་ཁ་ཁ་སྟོབས༔ ཞེས་པས་འཐུས་སོ༔དགྲ་ལ་གཟས་ན་གསོལ་མཆོད་མཇུག་ཏུ༔ སྔོན་ལས་འཕྲལ་རྐྱེན་ལོ་ཟླ་ཞག་དུས་ཚོད༔ སྤར་སྨེ་ཚེས་གྲངས་ཕྱི་ནང་དགྲ་དར་བ༔ ཁ་དཀར་ཞེ་གནག་སྦྱོར་ངན་ཡ་ག་སྒྲོགས༔ སྐུ་འཕྲོག་དམག་ཇག་འགྲན་བཙལ་འགྲས་ཚོལ་མཁན༔ མིང་གི་ལྷག་མ་མེད་པར་རྡུལ་དུ་བརློག༔ དགྲ་ཁ་ཆོད་ལ་མཚོན་ཁ་བསྒྱུར་དུ་གསོལ༔ དབུ་རྨོག་ལུས་ཀྱི་གོ་བཙན་ཁྱོད་ཀྱིས་མཛོད༔ རྟག་པར་མེལ་རྩེ་བྱ་ར་མ་གཡེལ་ཅིག༔ བན་བྱད་བོན་བཙོ་ཀྱིམ་ཤང་གཤེད་བསྡེབས་དང་༔ མནན་གཏད་ཁྲམ་ཤྭ་ཧོམ་ཟོར་ངན་པ་བཟློག༔ བསྲུང་སྐྱོབས་རྡོ་རྗེའི་གུར་ཁང་མགོན་དུ་གསོལ༔ ནམ་ཡང་ལྡང་མེད་གསང་གསུམ་བྲོ་རྒྱས་ཐོབ༔ སརྦ་ཤ་ཏྲུཾ་བིགྣན་མ་ར་ཡ་བྷྱོ་བཟློག་ནན་ནན༔ ཅེས་བྱས་ནས་ཐལ་མོ་བརྡབ་པས་འཐུས་སོ༔ ཅེས་པ་འདི་ཡང་བཀའ་གཉེར་ཆེན་པོའི་མདུན་ན་འདོན་གྱིས་ཇི་སྨོན་བཞིན་ག་གཱ་ཨ་བྷྱེས་སོ། །

གསོལ་བསྡུས།

གསོལ་བསྡུས་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གཙང་སྦྱར་གཏོར་མ་སྐྱེམས་ཕུད་དང་༔ བརྟེན་བསྒྲུབ་མཆོད་བསྐང་མཐུན་པའི་རྫས༔ ལེགས་ལྡན་ཚོགས་བདག་ཕྱག་ཞལ་བཞི༔ མ་ནིང་སྔགས་བསྲུང་རེ་མ་ཏི༔ ལྷ་ཆེན་དབང་ཕྱུག་གཟའ་རྣམ་སྲས༔ དུར་ཁྲོད་མ་མོ་ཞིང་སྐྱོངས་རྒྱལ༔ ཕུར་སྲུང་སྡེ་དཔོན་བསྟན་མ་སྐྱོང་༔ སྨན་བཙུན་ཚེ་རིང་རྒྱལ་པོ་དང་༔ རྡོར་ལེགས་བྲག་བཙན་ཙིའུ་དམར༔ ཐང་ལྷ་བདུད་བཙན་ཀླུ་གསུམ་དང་༔ སྲོག་བདག་བཞི་དང་གནོད་སྦྱིན་དམར༔ ཡ་བ་སྐྱ་གཅིག་གཡུ་སྒྲོན་མ༔ གངས་བཙན་གོང་བཙན་ཟངས་རི་དམར༔ དམག་ཟོར་བག་ཙེ་སྨྱོ་ཁ་དང་༔ རྡོ་རྗེ་གཤོག་རྒོད་སྲོག་སྒྲུབ་མ༔ ཤ་ཟ་ཧོར་མོ་དབང་གི་རྒྱལ༔ གཞི་བདག་གནས་བདག་འགོ་བའི་ལྷ༔ སྐྱེས་ལྷ་སྤར་སྨེ་ཚེས་གྲངས་དང་༔སྲོག་ལུས་དབང་ཐང་བརྟགས་ཆགས་ལྷ༔ མ་ལུས་འཁོར་དང་བཅས་པ་མཆོད༔མི་མཐུན་རྐྱེན་ངན་བར་ཆད་སོལ༔ མཐུན་རྐྱེན་འདི་ཕྱིའི་བདེ་ལེགས་སྩོལ༔ འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔ དམ་ལ་མ་འདའ་ས་མ་ཡཱ༔ ཨ་དྷརྨཱ་པ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ༔ཡོ་ག་ཀ་ཡ་དཱེ་ཝ་མཎྜ་དཱེ་ཝ་བྷ་ལིང་ཏ་པཱུ་ཛ་ཁཱ་ཧི༔ ཅེས་ཤེས་རབ་བློ་འཕེལ་གྱིས་བསྐུལ་ངོར་ག་གཱས་སོ། །ཧཱུྃ་ཛ༔ དྲང་སྲོང་གཟའ་མཆོག་གནོད་སྦྱིན་མེ་རུ་རྩེ༔ ཡིད་བཞིན་དབང་རྒྱལ་དབང་གི་འཁོར་ལོའི་བསྒྱུར༔ དམ་ཚིག་དབང་གིས་འདིར་གཤེགས་མཆོད་འབུལ་བཞེས༔ ཐུགས་དམ་གཉན་བསྐང་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་ཀྱང་བྷིག་ཐོའི་བསྐུལ་ངོར་ག་གཱས་སོ། །ཧཱུྃཿ ཛ༔ གཟའ་ཀླུ་གཤིན་རྗེ་བཙན་མ་མོ༔ གནོད་སྦྱིན་དམར་ནག་དབང་ཕྱུག་ཆེ༔ ཤ་ཟ་ཧོར་མོ་དབང་གི་རྒྱལ༔ གསོལ་ལོ་མཆོད་དོ་ཕྲིན་ལས་མཛོད༔ ཅེས་ཀྱང་ག་གཱས་སོ། །སྙིང་ཐིག་གསོལ་བསྡུས་ནི༔ བྷྱོ༔ མ་མགོན་ལྕམ་དྲལ་ངའི་ནུས་མ༔ རྡོ་རྗེ་ལེགས་པ་གཟའ་བདུད་རྒྱལ༔ ཕུར་བསྲུང་བཅུ་གཉིས་གཡུ་ཡི་སྒྲོན༔ ཚེ་རིང་མཆེད་ལྔ་ཙིའུ་དམར༔ འཁོར་དང་བཅས་པ་ཐམས་ཅད་ལ༔ བདུད་རྩི་སྐྱེམས་གཏོར་མཐུན་རྫས་འབུལ༔ མི་མཐུན་རྐྱེན་སོལ་རྣལ་འབྱོར་གྱིས༔ གང་བཅོལ་ཕྲིན་ལས་ལྷུན་གྲུབ་མཛོད༔ ཅེས་ཀྱང་ག་གཱས་སོ། །བརྡ་ཡིག །མ་གཟའི་བསྐང་བསྡུས་ནི༔ ཧཱུྃ༔ ཀུན་བཟང་མཁའ་འགྲོ་སྡེ་ལྔ་ནི༔ བསྟན་བསྲུང་ཟོལ་གྱི་གདུལ་དཀའ་འདུལ༔ རྣལ་འབྱོར་ཅན་གྱི་སྐྱོང་མ་ཆེ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ མ་མ་ཧྲིཾ་ཧྲིཾ་མ་ཧཱ་པཱུ་ཙ་བྷ་ལིངྟ་ཁཱ་ཧི༔ ཞེས་དང་༔ བརྡ་ཡིག །རཱ༔ དགེ་བསྙེན་ཆེན་པོ་རཱ་ཧུ་ལ༔ གདོང་བཞི་གཟའ་བརྒྱད་རྒྱུ་སྐར་སྡེ༔ མ་ལུས་འཁོར་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཕྲིན་ལས་མཛོད༔ རཱ་ཧུ་ལ་པཱུ་ཛ་བྷ་ལིངྟ་ཁ་རཾ་ཁཱ་ཧི༔ ཅེས་ཀྱང་བླ་མ་དམ་པའི་ངོར་ག་གཱ་ནས་སོ། །རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཚོགས་བདག་དམ་ཅན་སྐྱེས་བུ་དང་༔ འདོད་ཁམས་བདག་མོ་རེ་མ་ཏི༔ དུར་ཁྲོད་མ་མོ་ལྕམ་དྲལ་འཁོར༔ ཨ་ཕྱི་ཆོས་གྱི་སྒྲོན་མ་སོགས༔ མཆོད་འོས་བཀའ་སྡོད་སྤྲུལ་པར་བཅས༔ མ་ལུས་ལུས་པ་མེད་པ་ལ༔ ཕྱི་ནང་གསང་བ་ཡང་གསང་གི༔ མཆོད་པ་དམ་པ་འདི་འབུལ་ལོ༔ བདག་གི་འདོད་དོན་སྒྲུབ་དུ་གསོལ༔ ག་གཱས་སོ། །ཀྱཻ༔ གནོད་སྦྱིན་དམར་ནག་གདོང་བཅུ་བ༔ རྡོ་རྗེ་ལེགས་པ་དབང་ཕྱུག་རྒྱལ༔ མ་མགོན་ལྕམ་དྲལ་ཚེ་རིང་མ༔ ཀུན་དགའ་གཞོན་ནུ་ཙིའུ་དམར༔ ཤ་ཟ་ཧོར་མོ་དབང་གི་རྒྱལ༔ མ་ལུས་འཁོར་དང་བཅས་རྣམས་དགོངས༔ བདག་ཅག་གདུང་བ་ཞི་བྱེད་པ༔ སྲིད་ཀྱི་དོ་ར་མཛེས་པ་རུ༔ དབང་ཐང་འདབ་བརྒྱ་གཡོ་བ་ཡི༔ ཚལ་ཆེན་རྣམ་པར་བཞད་པར་མཛོད༔ ཞེས་སམ་ཡང་ན༔ འདོད་དགུའི་དངོས་གྲུབ་ཆར་ལྟར་ཕོབ༔ བཀྲ་ཤིས་བདེ་ལེགས་ལྷུན་གྲུབ་མཛོད༔ ཅེས་ཀྱང་ག་གཱས་སོ། །ཀྱཻ༔ དཀོར་སྲུང་དབང་གི་རྒྱལ་པོ་དང་༔ ལྷ་གཟའ་ཤན་གསུམ་ཧོར་མོ་སོགས༔ གསང་སྔགས་རྙིང་མའི་བསྟན་སྐྱོང་ཀུན༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐངས༔ རྐྱེན་སོལ་བསམ་དོན་ལྷུན་གྲུབ་མཛོད༔ རྟག་ཏུ་མི་འབྲལ་ཕྲིན་ལས་བསྒྲུབ༔ སརྦ་དྷརྨ་པཱ་ལ་ཨེ་དམ་བྷ་ལིངྟ་ཁཱ་ཧི༔ ཅེས་ཀྱང་རྒྱལ་ཁོའི་ངོར་ག་གཱས་སོ། །རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཀྱཻ༔ ཁྱིམ་ལྷ་ཕུག་ལྷ་ཐབ་ལྷ་དང་༔ ཕ་ལྷ་མ་ལྷ་ཞིང་ལྷ་གཉན༔ སྒོ་ལྷ་ཕྱུག་ལྷ་ནོར་གཡང་ལྷ༔ དགྲ་ལྷ་ཡུལ་ལྷ་ཟས་ཀྱི་ལྷ༔ ཁྱད་པར་བརྟེན་བསྒྲུབ་མཆོད་བསྐང་ཡུལ༔ དབེན་གནས་གཙུག་ལག་ཆོས་འཁོར་སྐྱོངས༔ སློབ་དཔོན་གཉན་པོའི་སྲུང་མ་དང་༔ སྐྱེས་ལྷ་སྲོག་ལྷ་ལེའུའི་ལྷ༔ ལུས་ལྷ་གྲོགས་ལྷ་མཚུན་ལྷ་སོགས༔ འགོ་ཞིང་སྡོང་གྲོགས་སྲུང་སྐྱོབ་མགོན༔ མ་ལུས་ལུས་པ་མེད་པ་ལ༔ གཙང་སྦྱར་བདུད་རྩི་དམ་རྫས་མཆོད་གཏོར་འབུལ༔ ༼ བསང་མཆོད་མཆན། ༽ འཁུ་ལྡོག་གདུག་རྩུབ་འཁྲེན་གཟེར་མ་སྐྱེན་པར༔ རྟག་ཏུ་བྱམས་དང་བརྩེ་བས་བདག་སྐྱོངས་ཞིང་༔ ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ལས་བསྒྲུབས༔ སརྦ་དཱེ་ཝ་ས་མ་ཡ་བཛྲ་རཀྵ་རཀྵ་ཧཱུྃ་སྭཱ་ཧཱ༔ ཅེས་ཀྱང་དབོན་ཚང་སྦྲ་ཆུང་གི་འདོད་སྨོན་བཞིན་ག་གཱ་ཨ་བྷྱེས་སོ། །འདི་ནི་གསོལ་བསྡུས་ཀྱང་ཉན་པ་ཡིན་ནོ། །དགེའོ། །ཧཱུྃ༔ སྨན་གྱི་དྲང་སྲོང་རིག་འཛིན་དང་༔ གྲུབ་པ་ཀུན་མཆོག་ལྷ་མོ་བརྒྱད༔ གཞན་ཡང་ཚེ་རིགས་བསྲུང་མའི་ཚོགས༔ མཆོད་པ་དམ་པ་འདི་བཞེས་ལ༔ འགྲོ་ཀུན་རྒྱུ་འབྲས་ད་སེལ་ཞིང་༔ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ མ་ཧཱ་བྷེ་ཥ་ཛྱེ་བྷ་ལིང་ཏ་ཁཱ་ཧི༔ ཤྲི་བས་སོ། །ཀྱེ༔ ཞིང་བློན་ཆེན་པོ་ལ་སོགས་པའི༔ བདུད་རྩི་སྨན་གྱི་བསྲུང་མ་རྣམས༔ མཆོད་སྦྱིན་སྐྱེམས་གཏོར་འདི་བཞེས་ལ༔ འགྲོ་བའི་ནད་རིམས་ཞི་བར་མཛོད༔ ཅེས་ཀྱང་ག་གཱས་སོ། །༈ ཧོ༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། སངས་རྒྱས་བསྟན་པའི་བསྲུང་མ། མགོན་ཆེན་སྡེ་ལྔ་ལ་སོགས་ལྷ་དམག་བྱེ་བ་དུང་ཕྱུར། དྲེགས་པའི་སྡེ་དཔོན་སུམ་ཅུ། བོད་སྐྱོང་བསྟན་མ་བཅུ་གཉིས། རྗེ་ཡི་མགུར་ལྷ་བཅུ་གསུམ། དཔལ་མགོན་བདུན་ཅུ་རྩ་ལྔ། རྫོགས་ཆེན་བརྒྱུད་པའི་བཀའ་སྲུང་། སྙིང་ཐིག་བརྒྱུད་པའི་ཆོས་སྐྱོངས། རྒྱ་རོང་བརྒྱུད་པའི་བསྟན་སྐྱོང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྲུང་མ། སྟེང་ལྷུན་གྲུབ་རྡོ་རྗེ་བྲག་གི་བསྲུང་མ། ཀཿཐོག་རྡོ་རྗེ་གདན་གྱི་བསྲུང་མ། ཕུག་ཁང་བླ་རབས་བརྒྱུད་ཀྱི་བསྲུང་མ། བདུད་འཇོམས་བླ་རབས་བརྒྱུད་ཀྱི་བསྲུང་མ། ཞེས་པའི་བར་དུ་གང་འདོད་ཀྱི་ལྷ་བཙུད། གཉན་པོ་རྣམས་ཀྱིས་རྣལ་འབྱོར་པ་འདི་ཚང་གི་མི་རབས་མི་བརྒྱུད་ཀྱི་བར་དུ་མགོན་སྐྱབས་སྡོང་གྲོགས་མཛོད་ཅིག བྱམས་བརྩེའི་ཐུགས་རྗེས་སྐྱོངས་ཤིག་ནད་དང་གནོད་པ་བར་ཆད་མི་མཐུན་པའི་ཕྱོགས་ལས་བསྲུང་ཤིག དགྲ་གདོན་འཇིགས་པ་ཆེན་པོའི་གཡང་ས་ཐམས་ཅད་ལས་སྐྱོབས་ཤིག གང་གཉེར་བའི་དོན་ཐམས་ཅད་འགྲུབ་པའི་གྲོགས་སུ་མཛོད་ཅིག རྒྱུ་ནོར་ལོངས་སྤྱོད་གཡང་གི་རུ་མ་མཛོད་ཅིག རྟག་ཏུ་དགའ་སྐྱིད་ཀྱི་དཔལ་དམ་པ་དང་སྤྲོད་ཅིག རུ་ང་ཕྲག་དོག་འཁྲེན་གཟེར་མ་རྐྱེན་གར་འགྲོའི་ཕྱོགས་ཀྱི་ལམ་ལྷ་མཛོད། ཚེ་ཡི་དམུ་ཐག་མཛོད། སྲོག་གི་ཀ་གདན་མཛོད། བྱད་བཟློག་གི་གུར་ཁང་མཛོད། རྐྱེན་བཟློག་གི་ཆུ་ལོན་མཛོད་ཅིག མདོར་ན་ཆོས་སྲིད་དཔལ་ཡོན་ཐམས་ཅད་ཡར་ངོས་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བར་མཛོད་ཅིག ཚུལ་ཁྲིམས་ངོར་ག་གཱས་སོ། །

བཀའ་བསྲུང་གཉན་པོ་གང་ལ་སྦྱར་ཆོག་པའི་ཕྲིན་བཅོལ།

བཀའ་བསྲུང་གཉན་པོ་གང་ལ་སྦྱར་ཆོག་པའི་ཕྲིན་བཅོལ་ནི༔ ཧོ་དགོངས་སུ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་རྣམས་བདག་ལ་སྙན་གསན་ཅིང་དགོངས་སུ་གསོལ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བཀའ་དང་ཐ་ཚིག་གཉན་པོ་གཏའ་རུ་བཞག་ཅིང་དཔང་དུ་གཙུག་ནས་ཁྱེད་རྣམས་ལ་ཕྲིན་ལས་གཉན་པོ་བཅོལ་བ་ནི་སྨན་གཏོར་རཀྟ་ཕྱི་ནང་གསང་མཆོད་བདུད་རྩི་གསེར་སྐྱེམས་ཀྱི་མཆོད་པ་རྒྱ་ཆེན་པོ་འདི་བཞེས་ལ་བདག་ཅག་རྣལ་འབྱོར་བསྒྲུབ་པ་པོ་རྣམས་ལ་དགྱེས་པའི་ཞལ་སྟོན་ཅིག༔ སྒྲུབ་པའི་རྟགས་ཕྱུངས་ཤིག༔ འདོད་པའི་དོན་སྒྲུབ་ཅིག༔ དཔལ་དང་གཟི་མདངས་བསྐྱེད་ཅིག༔ ཚེ་དང་འབྱོར་བ་སྤེལ་ཞིག༔ འཁོར་དང་བསྟན་པ་སྐྱོངས་ཤིག༔ ཆགས་ཆེ་དང་ཉམས་ང་བཟློག་ཅིག༔ མདུན་གྱི་མཁར་བ་གྱིས་ཤིག༔ རྒྱབ་ཀྱི་བརྟེན་ས་གྱིས་ཤིག༔ ཉིན་གསུམ་གྱི་བྱ་ར་གྱིས་ཤིག༔ མཚན་གསུམ་གྱི་མེལ་ཚེ་གྱིས་ཤིག༔ ནད་དང་གནོད་པ་ལས་སྐྱོབས་ཤིག༔ མི་ལ་ན་ཚ་མ་བཏང་ཞིག༔ ཕྱུགས་ལ་གོད་ཁ་མ་བཏང་ཞིག༔ ནོར་རྫས་ལ་སྟོར་བརླག་མ་བཏང་ཞིག༔ བསམ་པ་ལ་བར་ཆད་མ་བཏང་ཞིག༔ ཁ་འཛིན་དང་སྡོང་གྲོགས་མཛོད་ཅིག༔ དགྲ་རྐུན་དང་གཅན་ཟན་གྱི་གནོད་འཚེ་སྲུངས་ཤིག༔ སྡང་བའི་དགྲ་སོད་ཅིག༔ གནོད་པའི་བགེགས་ཐུལ་ཅིག༔ བར་ཆད་ཀྱི་རྐྱེན་བཟློག་ཅིག༔ ལེགས་པ་བརྒྱ་དང་སྤྲོད་ཅིག༔ ཉེས་པ་སྟོང་དང་བསྣོལ་ཞིག༔ མཐུན་རྐྱེན་ཡིད་བཞིན་དུ་སྒྲུབས་ཤིག༔ ཚེ་དང་བསོད་ནམས་གདུལ་བྱ་དང་ཕྲིན་ལས་དར་ཞིང་རྒྱས་པར་མཛད་དུ་གསོལ༔ རྣལ་འབྱོར་བ་བདག་གིས་འདི་ཕྱིའི་རེ་སྨོན་དམ་པ་ཡིད་བཞིན་དུ་གྲུབ་ནས་བཀྲ་ཤིས་དང་བདེ་ལགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ༔ དགེའོ། །ཀྱཻ༔ ཟླ་བའི་དབང་པོ་ཚེ་རིང་མ༔ གནོད་སྦྱིན་དམར་ནག་འཁོར་བཅས་ཀྱི༔ རྣལ་འབྱོར་བདག་ལ་བྱམས་བརྩེའི་དགོངས༔ གསོལ་མཆོད་ཐུགས་དམ་གཉན་པོ་བསྐང་༔ ཁྱད་པར་བདག་ལ་སྡང་བའི་དགྲ༔ བུ་ལོན་མེད་པར་ཤ་འདེད་བྱེད༔ བརྙེས་བཙུག་མ་ཉེས་ཡ་ཀ་སྒྲོགས༔ བརྡེག་བརྡུང་གསོད་གྲབ་ཕོད་བཙུགས་ཀུན༔ ད་ལྟ་ཉིད་དུ་ཐལ་བར་བརློག༔ ལྟས་ངན་ཆོ་འཕྲུལ་ཡེ་འདྲོག་ཐོངས༔ རྟགས་ཐོན་བརྟུལ་ཞུགས་ཆེ་རྔམས་ངོམས༔ བཀའ་དམ་གཉན་པོའི་ཁྲིམས་དེ་ཡིན༔ མ་འདའ་བཛྲ་ས་མ་ཡཱ༔ རཱ་ཛ་ཙནྡྲ་ས་མ་ཡ་དགྲ་བགེགས་ཆེ་གེ་མོ་ཞེས་མིང་སྤེལ་ལ་མ་ར་ཡ་རྦད་སོད༔ ཞེས་གཏོར་མ་ཤ་ཁྲག་རུས་པར་བསམ་ལ་མ་ཧཱ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་ཀཾ་ནི་རི་ཏི་ཁ་ཧཱི༔ སརྦ་དུ་ཁ་བི་ཤྭ་ཕོབ་ཡ་ཕོབ་ཡ་ཨ་ཧཱ་ར་ཁཾ་ཧོ༔ ཅེས་ཀྱང་བླ་མ་དམ་པ་ཐུབ་ཆོས་བཀའ་མ་ལྡོག་པར་ག་གཱས་སོ། །

ཡུལ་ལྷ་སྤྱིའི་གསེར་སྐྱེམས།

ཡུལ་ལྷ་སྤྱིའི་གསེར་སྐྱེམས་བཞུགས་སོ༔

ཀྱཻ༔ ཡུལ་འདིའི་གཞི་བདག་གནས་བདག་རིགས༔ ལྷ་ཀླུ་གཉན་དང་སྡེ་བརྒྱད་ཚོགས༔ དཀར་ནག་སྐྱོངས་བའི་མཐུ་བོ་ཆེ༔ དཔོན་གཡོག་སྨན་བཙུན་སླས་བྲན་སྲས༔མ་ལུས་ལུས་པ་མེད་པ་ལ༔ གཙང་སྦྱར་བདུད་རྩི་གསེར་སྐྱེམས་ཆང་༔ གུས་ཤིང་དངས་བའི་ཡི་རང་གིས༔ རྣལ་འབྱོར་མཆོད་པ་དམ་པ་འབུལ༔ འགལ་རྐྱེན་དགྲ་ཇག་ཆོམ་རྐུན་དང་༔ མི་ནད་ཕྱུག་གི་གོད་ཁ་བཟློག༔ ཁ་ཆར་བུ་ཡུག་རི་ཁྱི་སོགས༔ བརྟན་གཡོས་འཇིགས་པ་མཐའ་དག་སོལ༔ རུ་ང་ཕྲག་དོག་མ་མཛད་པར༔ བྱམས་བརྩེ་གདུང་བས་རྟག་དུ་སྐྱོངས༔ ཅེས་ཀྱང་ཨ་བྷྱེའི་ངོར་ག་གཱས་སོ། །ཡུལ་ལྷ་སྤྱིའི་བསང་བསྡུས་ནི༔ ཀྱཻ༔ ཡུལ་ཕྱོགས་འདིར་གནས་ལྷ་ཀླུ་གཉན༔ སྡེ་བརྒྱད་ཆེ་ཕྲ་ཐམས་ཅད་ལ༔ ཡེ་ཤེས་རྒྱན་གྱིས་བསངས་མཆོད་འབུལ༔ རང་གི་ཡུལ་ཕྱོགས་བདེ་བར་སྐྱོངས༔ དགྲ་ཟིན་མ་བརྗེ་འདུལ་སྐྱོངས་བྱམས༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ མི་ལ་ལྷ་མེད་མགོན་པོ་བྲལ༔ ལྷ་ཡི་མི་དོར་ཡིད་ཆད་ཁྲེལ༔ དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས༔ དྲེགས་པའི་གདུང་གིས་འདུལ་བའི་གཟུགས༔ ཐུགས་བསྐྱེད་མཐུ་རྩལ་ཆུད་མ་གསན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཀྱང་རྣལ་འབྱོར་ག་གཱས་སོ། ། ཀྱེ༔ ཡུལ་འདིའི་གཞི་བདག་འཁོར་བཅས་ལ༔ བདུད་རྩི་གསེར་སྐྱེམས་བསངས་གཏོར་འབུལ༔ རུ་ང་ཕྲག་དོག་གདུག་རྩུབ་སྤོངས༔ བྱམས་སྐྱོང་འདོད་དོན་ལྷུན་གྲུབ་མཛོད༔ ཅེས་ཀྱང་ག་གཱས་སོ། །དགེའོ། །ཧོ༔ གཟོད་ནས་སྤྲོས་བྲལ་ཆོས་སྐུར་བྱང་ཆུབ་ཀྱང་༔ ཐུགས་རྗེའི་གདུལ་ཐབས་ཡེ་ཤེས་འཇིག་རྟེན་ཚུལ༔ མ་ངེས་ཆོ་རོལ་ཅིར་ཡང་སྤྲུལ་པའི་སྐུ༔ བཀའ་སྲུང་ཆོས་སྐྱོང་གཉན་པོ་ཁྱེད་རྣམས་ཀྱིས༔ ལུང་རྟོགས་གཉིས་ལྡན་སངས་རྒྱས་བསྟན་པ་སྐྱོངས༔ བཤད་བསྒྲུབས་ཆོས་སྡེའི་དབུ་འཕང་དགུང་ལ་བསྟོད༔ དགེ་འདུན་འདུས་ཚོགས་གང་ན་འདུག་ཀྱང་རུང་༔ ཐུགས་མཐུན་ཁྲིམས་གཙང་བསླབ་འདོད་རབ་བྱུང་ཐོབ༔ དོན་འགྲུབ་རྙེད་དང་བཀུར་སྟི་ཕུ་དུད་བཅས༔ ཆོས་ཚུགས་རྒྱལ་མཚན་སྲིད་གསུམ་དག་པོ་ཡིས༔ ཕྱག་དང་མོས་གུས་བསྔགས་པའི་མེ་ཏོག་དང་༔ ཕྱོགས་བཅུའི་རྒྱལ་བའི་ཞིང་དུ་གྲགས་འབར་མཛོད༔ སྡོམ་དང་བསླབ་པ་དམ་ཚིག་བཅས་པ་ཀུན༔ མ་ཉམས་མི་དམའ་མ་འདྲེས་མ་སྦགས་པའི༔ སེམས་ལ་དབང་ཐོབ་དྲན་ཤེས་ཞི་གནས་དང་༔ ཤེས་རབ་ལྷག་མཐོང་ཟུང་འཇུག་བསྐུལ་མ་མཛོད༔ འདོད་ལྷའི་མདའ་ལྔ་ལ་སོགས་བར་ཆད་བདུད༔ དམ་སྲི་རྒྱལ་འགོངས་བདུད་བགེགས་ལོག་འདྲེན་རིགས༔ ཆོས་དང་སྲིད་ལ་གནོད་བྱེད་དགྲ་བགེགས་དཔུང་༔ མ་ལུས་ཐལ་བའི་རྡུལ་ཕྲན་བཞིན་དུ་མཛོད༔ མདོར་ན་ཞི་རྒྱས་དབང་དྲག་རབ་འབྱམས་པའི༔ ཕྲིན་ལས་གང་འདོད་གང་བསྒྲུབས་ཐམས་ཅད་ཀུན༔ བར་ཆད་ཉེ་བར་འཚེ་བས་མི་བརྫི་བར༔ ཡོངས་སུ་འགྲུབ་པའི་མཐུན་རྐྱེན་ཁྱེད་ཀྱིས་བསྒྲུབས༔ ཁྱད་པར་མཆོག་བསྒྲུབ་དངོས་པོ་ཕྲ་མོར་བཅས༔ བདེ་སྟོང་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས༔ ཕྱག་རྒྱ་འོད་གསལ་ཟུང་འཇུག་མཐར་ཕྱིན་གྱི༔ དངོས་གྲུབ་ཆེན་པོར་རེ་སྨོན་ལྷུན་གྲུབ་མཛོད༔ ཡེ་ནས་རང་བྱིན་རློབས་པའི་ཡེ་ཤེས་སེམས༔ མ་བཅོས་བདེ་བར་གཤེགས་པའི་རྨད་བྱུང་ཁམས༔ བྱང་ཆུབ་ཡོན་ཏན་མངོན་གྱུར་སངས་རྒྱས་ཀྱི༔ ཕྲིན་ལས་དམ་པས་འགྲོ་ཁམས་བསྟོངས་ནུས་པའི༔ དུས་རྣམས་ཀུན་ཏུ་ཁྱེད་ལ་རེ་ལྟོས་འཆའ༔ རྒྱལ་དང་རིག་འཛིན་དམ་པའི་བཀའ་དམ་བཞིན༔ ཡལ་གམ་ལེན་པའི་བདག་དེ་ཉིད་ལགས་ན༔ ཐུགས་བསྐྱེད་དམ་བཅའ་མ་འདའ་ས་མ་ཡཱ༔ ཅེས་ཀྱང་བསླབ་གསུམ་འཛིན་པ་ཤེས་རབ་པས་བསྐུལ་བཞིན་ག་གཱས་སོ། །

ཡུལ་སྐྱོངས་ཕོ་རོག་རྒྱལ་མོའི་གསོལ་མཆོད་ཕྲིན་བཅོལ་འཇིགས་པ་ཀུན་སྐྱོབས།

ཡུལ་སྐྱོངས་ཕོ་རོག་རྒྱལ་མོའི་གསོལ་མཆོད་ཕྲིན་བཅོལ་འཇིགས་པ་ཀུན་སྐྱོབས་ཞེས་བྱ་བ་བཞུགས་སོ༔

ཧཱུྃ༔ བདེ་ཆེན་ཀུན་ཏུ་བཟང་པོའི་མཁའ་ཀློང་དུ༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ འདི་ལས་མ་གཏོགས་འཁོར་འདས་ཡོད་མིན་པས༔ ཡེ་གྲོལ་ཆོས་སྐུའི་མ་མོའི་དཀྱིལ་འཁོར་ལ༔ ཤིན་ཏུ་རྣམ་པར་དག་པའི་ཡུམ་ཆེན་ལྔ༔ འོད་གསལ་འབྱུང་ཆེན་གཟུགས་སྐུའི་གཞི་དང་རྒྱུར༔ མ་བཅོས་ངང་གིས་གནས་པ་དེ་ཁོ་ནས༔ ཤེས་རབ་རྟགས་ཀྱི་ཕྱག་རྒྱ་ཅིར་ཡང་འཆར༔ དེ་ཕྱིར་མྱ་ངན་འདས་པའི་ཆོས་སོ་ཅོག༔ མ་མོ་མཁའ་འགྲོ་དབྱིངས་ལས་རང་ཤར་ཤིང་༔ ཟག་མེད་བདེ་དཔལ་འབྱོར་བའི་ཡོན་ཏན་ཀུན༔ མ་མོ་མཁའ་འགྲོའི་མཚན་དཔེའི་ལང་ཚོ་ཙམ༔ དེ་ཉིད་མ་མཐོང་ཕྱི་སྣོད་འཇིག་རྟེན་ཀྱང་༔ དོན་ལ་མ་མོ་མཁའ་འགྲོའི་ངོ་བོ་ཉིད༔ འགྲོ་བའི་དོན་དུ་གངས་ཆེན་མཚོར་བཀོད་དེ༔ བརྟན་གཡོས་དྭངས་བཅུད་དཔལ་ཡོན་ཚད་མེད་བཀྲམ༔ མ་མོའི་དཀྱིལ་འཁོར་ཐུགས་རྗེའི་འདུལ་ཐབས་མཁས༔ དགེ་བར་སྤྱོད་པས་བཀྲ་ཤིས་བདེ་སྐྱིད་བྱེད༔ དྭངས་སྤྲོ་འདྲེན་པས་འགྲོ་བློ་ཆོས་ལ་བསྒྱུར༔ དེ་ཡང་སྲིད་པ་མ་མོའི་ཕྲིན་ལས་ལ༔ ནག་པོར་སྤྱོད་པས་ནད་མུག་མཚོན་འཁྲུགས་སློང་༔ འཁོར་བའི་ཆོས་ལ་ངེས་འབྱུང་སྐྱོ་ཤེས་བསྐྱེད༔ ཐར་པ་དམ་པའི་བདེ་ལ་གཞོལ་བར་བསྐུར༔ དེ་སླད་སྲིད་པའི་བདེ་སྡུག་མ་མོས་བྱེད༔ སྲིད་དང་ཞི་བའི་རྣམ་རོལ་ཚད་མེད་པས༔ སྲིད་པ་མ་མོའི་དཀྱིལ་འཁོར་བསམ་མི་ཁྱབ༔ ཐམས་ཅད་དབྱིངས་གཅིག་རང་བཞིན་དབྱེར་མེད་དེ༔ རེ་ཞིག་ཕྱོགས་འདིར་ཕོ་རོག་རྒྱལ་མོ་བཙུན༔ ཞི་རྒྱས་དབང་དྲག་ཆ་ལུགས་སྣ་ཚོགས་ཀྱིས༔ རབ་འབྱམས་ཕྲིན་ལས་སེམས་ཅན་དོན་ཕྱིར་མཛད༔ དེ་ཕྱིར་མཆོད་བསྟོད་ཐུགས་གནད་ནས་བསྐུལ༔ མ་གཡེལ་མ་འགྱང་སྙིང་རྗེའི་བདག་ཉིད་ཆེ༔ ཁྱེད་ལ་བདག་གིས་ཕྲིན་ལས་གསོལ་བ་ནི༔ སངས་རྒྱས་བསྟན་སྲུང་བསྟན་འཛིན་དབུ་འཕང་བསྟོད༔ དགོན་གནས་གཙུག་ལག་ཆོས་འཁོར་སྤེལ་ཞིང་སྐྱོངས༔ ཆོས་སྐྱོངས་རྒྱལ་ཁབ་བདེ་སྐྱིད་དར་རྒྱས་མཛོད༔ འབྱུང་འཁྲུགས་སྤྱི་དང་དལ་ཡམས་གཉན་རིམས་ནད༔ གངས་ཞོད་དབྱར་དགུན་གོ་ལྡོག་ལོ་ཕྱུགས་ཉེས༔ མུ་གེ་འཁྲུགས་རྩོད་དུས་ཀྱི་རྒུད་པ་ཀུན༔ ཁྱེད་ཀྱི་མཐུ་ཡིས་བཟློག་བསྒྱུར་ལྷག་མེད་མཛོད༔ ཁྱད་པར་མ་ཉེས་རང་གར་འདུག་པ་ལ༔ བཙན་བཙུག་གླེང་འགེལ་ཐོབ་དང་སྟོབས་ཀྱིས་ལེན༔ དགྲ་ཇག་ཆོམ་རྐུན་ངན་སེམས་གནོད་གདུག་མཁན༔ མཐའ་ཡི་དམག་སྣ་འདྲེན་སོགས་དབང་པོ་བསྣུབས༔ ཁྱེད་ནི་མྱུར་མགྱོགས་དྲག་རྩལ་མཆོག་ལྡན་ཅིང་༔ དམ་ཚིག་ཐུགས་དམ་གཉན་པོའི་བདག་ཉིད་པས༔ སྔོན་དུས་པདྨའི་སྤྱན་སྔར་ཀླ་ཀློའི་ཚོགས༔ རྒྱུ་བར་མི་སྟེར་ཡལ་གམ་བླང་མིན་ནམ༔ དེ་ཕྱིར་ཀོ་ལོང་བཙན་པའི་འབྲས་བུ་ལ༔ ཕྱི་རོལ་མུ་སྟེགས་རྒྱུ་བའི་ལམ་སྲང་ཆོད༔ ཕུང་དགུའི་འདུག་སྦྱོར་གཡོམ་པའི་འདྲེ་དང་བདུད༔ ནག་པོའི་རྩ་ལག་ཡོངས་ཀྱི་གཉའ་ནོན་མཛོད༔ རི་སུལ་རྣལ་འབྱོར་རྐྱེན་སོལ་འཚོ་བ་སྦྱོར༔ སྔགས་འཆང་དགའ་བཞི་སྤོར་པའི་གཟུང་གྲོགས་བཅོལ༔ སྐྱེ་དགུའི་གདུང་བ་མཐའ་དག་ཞི་བ་དང་༔ ལྷ་ཡུལ་ལྷ་ལ་འགྲན་པའི་བདེ་སྐྱིད་སྤེལ༔ མདོར་ན་རྣལ་འབྱོར་བསམ་དོན་རེ་སྨོན་ཀུན༔ མ་ལུས་ལུས་པ་མེད་པར་ཁྱེད་ཀྱིས་བསྒྲུབ༔ ཕྱོགས་ལས་རྣམ་རྒྱལ་སྙན་པས་མཁའ་ཁྱོན་འཁོར༔ ཚེ་བསོད་དཔལ་འབྱོར་ཡར་ངོས་ཟླ་བཞིན་བསྐྱེད༔ ལས་དབང་རླུང་རྟ་གཟི་བརྗིད་སྟོབས་ཡོན་ཏན༔ ཆོས་སྲིད་ཟུང་འབྲེལ་བསྟན་པ་དར་ཞིང་རྒྱས༔ ཁམས་གསུམ་སྲིད་གསུམ་ཟས་ནོར་བློ་ཡིད་སེམས༔ བདག་སྣང་དབང་བསྡུད་གཞན་སྣང་ཟིལ་གྱིས་གནོན༔ སྔོན་དུས་ཐུགས་བསྐྱེད་གཡར་དམ་བཙན་པོའི་རྒྱ༔ བར་དུ་ཨོ་རྒྱན་དབང་བསྐུར་བཀའ་ཡི་རྒྱ༔ ཐ་མ་རིག་འཛིན་བརྒྱུད་བཅས་ཐ་ཚིག་རྒྱ༔ མ་འདའ་དངོས་ངན་བདག་གི་སྡོང་གྲོགས་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དོན་དུ་འདི་གསུངས་ཏེ༔ རྨི་ལམ་ངོགས་སུ་འཕྲུལ་གྱི་བརྡའ༔ མཁའ་འགྲོའི་དངོས་སུ་བསྟན་ལས་བསྡུས༔ དགེའོ། །༈ཧཱུྃ་བྷྱོ༔ ཀུན་བཟང་གནམ་ཞལ་སྣ་ཚོགས་ཡུམ་ཆེན་མོ༔ རྡོ་རྗེ་ཕག་མོ་ཁྲོས་ནག་ཨེ་ཀ་ཛ༔ འདོད་ཁམས་དབང་མོ་ཕོ་རོག་རྒྱལ་མོ་བཙུན༔ ཅིར་ཡང་བསྒྱུར་མཛད་ཁྱེད་ལ་མཆོད་གསོལ་བསྟོད༔ ཕྱོགས་འདིར་ནད་མུག་མཚོན་འཁྲུགས་གངས་ཞོད་སོགས༔ འཇིགས་དང་སྡུག་བསྔལ་མི་འདོད་ཀུན་ཞི་ནས༔ མཐུན་རྐྱེན་ལེགས་ཚོགས་སྨོན་དགུ་ཡོངས་འགྲུབ་ཀྱི༔ ཕྲིན་ལས་རབ་འབྱམས་བསྒྲུབ་མཛོད་ས་མ་ཡཱ༔ ཨོཾ་སརྦ་པཉྩ་བྷ་ལིངྟ་ཁཱ་ཧི༔ ཅེས་པ་འདི་ནི་ཀུན་བཙན་སྐྱེ་འགྲོ་ལ་འཚེ་བའི་གངས་ཞོད་དུས་ཚིགས་ངན་པས་སྐྲག་ཟིང་གི་ངང་ནས་ག་གཱ་ཨ་བྷྱེས་གསོལ་བ་བཏབས་པའོ། །སརྦ་མངྒ་ལཾ། །

དཔའ་བོ་ནོར་བུ་དགྲ་འདུལ་གྱི་དགྱེས་པའི་མཆོད་གསོལ་དཔག་བསམ་ལྗོན་ཤིང་།

དཔའ་བོ་ནོར་བུ་དགྲ་འདུལ་གྱི་དགྱེས་པའི་མཆོད་གསོལ་དཔག་བསམ་ལྗོན་ཤིང་བཞུགས་སོ། །

ང་དེ་ལོ་སྟབས་ཞིག་བསང་ལ་སོང་། །ཟོ་དོར་གྱི་མདུན་ན་ཟླ་གཅིག་གནས། །དེ་ཙ་ན་ཉིན་རེ་གཟུགས་རེ་བསྟན། །གྲངས་དེ་ཡིས་ཕྲིན་ལས་རེ་རེ་བསྒྲུབ། །སེམས་སྤྲོ་ནས་མཐོང་ཕྱག་འཚལ་འདོད་ཀྱང་། །སྐྱབས་མཆོག་གསུམ་ལ་བཅོལ་བས་དེ་མ་བྱས། །སླར་ཉིན་གཅིག་ཧལ་གྱིས་དངངས་ཡེད་བྱུང་། །བལྟས་ཙ་ན་མི་མདའ་དགུ་ཡང་སླེབས། །ཞྭ་སྐྱ་ལེབ་གསེར་ལ་བྱས་པ་ཞིག ། གླུ་སྙན་པའི་ཚིག་གི་རྒྱུད་མང་བཀྲོལ། །མི་ཁྱོད་ཀྱིས་ང་ངོ་ཨེ་ཤེས་ཏེ། །ང་དགེ་བསྙེན་རྡོ་རྗེ་ལས་དབང་ཡིན། །སྔོན་ཨོ་རྒྱན་པདྨའི་སློབ་མ་ཡིན། །གྲོགས་པདྨ་འདུས་རྩལ་རྗེས་ན་ཡོད། ཁྱོད་ད་ཤེས་ལྡན་མ་རྩེ་མང་རེད། །ཡང་ལྷ་ལྕམ་སྐུ་ལུས་ཕྲན་ཏེ་ཀོ །ངས་ཁྱོད་ཀྱིས་དེ་ཚོ་བསླུ་མིན་ན། །ཆོས་ཀ་དར་བསྒྲོ་གླེང་གྱིས་དང་ཟེར། ཁྱོད་གཏི་མུག་མངལ་ངན་དེ་མི་གོ །ད་འདིར་ལྟོས་ཟེར་ནས་མཆོད་ཁང་ཁྲིད། །ངས་ཀྱང་སེངྒེ་ཁྱེར་སྣང་ཤར། །ཕར་བལྟས་པས་ནམ་མཁའ་ཁྲ་ཆེམ་འདུག །འདི་རྟོགས་པའི་རྒྱུད་ཀྱི་གླེགས་བམ་སྟེ། །ངེད་ལྷ་གཉེར་བ་རུ་བསྐོས་སོ་ཟེར། ཁྱོད་ཆོས་སྐལ་ཡོད་ན་རྙོལ་དང་སྐད། །ངས་བླང་བས་པོ་ཏི་གསུམ་ཞིག་ལོན། ཁ་ཕྱེས་དུས་རླུང་གིས་ཕྱོགས་སུ་འཐོར། །ཅིང་མ་ལོན་ཁོང་ལ་ཞུ་བ་གསོལ། ཁྱེད་བསྒྲུབ་ན་ཆ་ལུགས་ཇི་འདྲ་ཡིན། །སྔགས་གང་བཟླས་ཚོགས་གཏོར་གང་ཞིག་དགོས། །རྟགས་ཅི་ཡོད་ཉི་མ་དུ་ཡིས་འགྲུབ། །ལས་གང་སྐལ་ང་ལ་གྲོགས་མཛད་དམ། །ཞེས་སྨྲས་པས་ཞ་ཕུད་ཀིའོ་བསྭོ། །ལར་ཆ་ལུགས་སྐོར་གཅིག་མཐོང་སྣང་ཡིན། །དེ་མི་འདྲ་མི་ཡི་རྒྱན་གོས་དང་། །ཡང་བཞོན་པ་ལ་སོགས་ཅི་བཞིན་ལ། ཁྱེད་མི་འདི་ཨ་འཐས་ཕྱོགས་གཅིག་རེད། །བརྐྱང་བསྐུམ་དང་བཞུགས་ཚུལ་སྐབས་གཞན་དུ། །འགུལ་མེད་ཀྱི་བེམ་རྒོག་ཨེ་མ་ཧོ། །ཕྲིན་ལས་ཀྱང་བྱ་བྱེད་གློ་བུར་བ། །སྒྲ་རྩོལ་བྱུང་ཐ་དད་དེ་དང་འདྲ། །ཨཻ་ཨེ། མང་ལ་ཡངས་བ་རྟོགས་པ་ཆེན་པོ། །ལྟ་བ་ཡོད་ན་རྫོགས་ཆེན་མ་ཡིན། །ལྟ་བ་སེམས་ཀྱི་དྲི་མ་དེ་ཀོ །དེ་ཕྱིར་ལྟ་བ་མེད་པ་བསྟན་ཡོད། །ལྟ་བ་མེད་ན་རྫོགས་ཆེན་མ་ཡིན། །སོ་སོའི་སྐྱེ་བོ་ཐ་མལ་དེ་འདྲ། །ཐེག་པ་དགུ་ཡི་ཡ་གྱལ་ཅི་ཡིན། །བསྒོམ་པ་མེད་ན་རྫོགས་ཆེན་མ་ཡིན། །དམིགས་གཏད་བློ་ཡིས་སྔ་ཕྱིར་འཆིང་ཡང་། །དམུའི་རྒྱུ་མེད་ན་བན་རྒན་སེ་རིས། །ད་རུང་འཁོར་བར་ཡུན་རིང་བཞུགས་གམ། །བསྒོམ་པ་མེད་ན་རྫོགས་ཆེན་མ་ཡིན། །གཏི་མུག་བཏང་སྙོམས་གཟུགས་མེད་གཡང་ས། །ཁ་བོ་ཆེ་སྟེ་འཆི་ཁ་ཐ་མལ། །ཇི་ལྟར་གནས་ཀྱང་སྲིད་པའི་ར་བ། །སྤྱོད་པ་ཡོད་ན་རྫོགས་ཆེན་མ་ཡིན། །ཉན་ཐོས་བྱི་ལ་འདྲ་བའི་དག་གྲོལ། །བྱང་སེམས་བྱེའུ་མ་འདྲ་བའི་རྩོལ་བ། །གསང་སྔགས་ཁྱི་ཕག་ལྟ་བུའི་ཐོ་ཅོ། །སྤྱོད་པ་མེད་ན་རྫོགས་ཆེན་མ་ཡིན། །ངན་ཞེན་མི་དགེ་སོགས་པའི་ལས་སྤྱོད། །བག་མེད་སྤྲེའུ་འདྲ་བའི་གང་ཟག །ཇི་ལྟར་བཟང་ཡང་ཚེ་གཡོག་མནའ་མ། །དམིགས་པ་ཡོད་ན་རྫོགས་ཆེན་མ་ཡིན། །གཞི་ནས་འཁྲུལ་པའི་བདུད་ཀྱི་ལོག་ཚིག །དེ་ལ་བསམ་པའི་སྒོམ་ཆེན་བཟང་འཁྲུལ། །དེས་ནི་ནམ་ཡང་དམིགས་མེད་མི་འབྱོངས། །དམིགས་པ་ཡོད་ན་རྫོགས་ཆེན་མ་ཡིན། །བྱི་བ་དང་ནི་སེམས་མེད་གནས་སྐབས། །ངོ་བོའི་དོན་ཅན་རྣམ་པར་མི་རྟོག །མདོ་ལས་ཀྱང་ནི་བསྔགས་པ་མ་བརྗོད། །སྒྲུབ་རྒྱུ་ཡོད་ན་རྫོགས་ཆེན་མ་ཡིན། །འདུས་བྱས་རྒྱུ་རྐྱེན་ཁ་ན་གཡོ་བའི། །རྩལ་སྤྲུག་འབྲས་བུས་སྤྱི་བཅིང་མི་སྲིད། །ཚིག་དོན་འགལ་བའི་ལྟག་ཆོད་གཟུགས་པོ། །བསྒྲུབ་རྒྱུ་མེད་ན་རྫོགས་ཆེན་མ་ཡིན། །རྒྱུད་ཀྱི་ཚིག་དོན་རྣལ་འབྱོར་ཐམས་ཅད། །མ་ལུས་ངལ་རྒྱུ་ཡུག་པ་རྐྱང་བར། །འདྲེན་པ་དཔལ་འཛིན་སླར་ཡང་བྱོན་ནམ། །ཧེ་ཧེ། སྟོང་བ་ཡིན་ན་རྫོགས་ཆེན་མ་ཡིན། །ནམ་མཁའ་རི་བོང་རྭ་དང་བཅས་པས། །སྟོང་རྐྱང་ཡོད་དོན་ཅོག་གི་ལྟ་བ། །དེ་ཚོ་མུ་སྟེགས་པས་ཀྱང་ཁྲེལ་ཡོང་། །སྟོང་པ་མིན་ན་རྫོགས་ཆེན་མ་ཡིན། །རྟག་གཅིག་རང་དབང་དངོས་པོ་ཅན་དང་། །དངོས་འཛིན་ཐ་མལ་འགྲོ་བ་ཐམས་ཅད། །རྟོགས་ནས་ཇི་ཕྱིར་འཁོར་བར་གནས་འདུག །ཡོད་པ་ཡིན་ན་རྫོགས་ཆེན་མ་ཡིན། །ས་རྡོ་རི་བྲག་སྣང་སྲིད་ཐམས་ཅད། །ཡིན་བཞིན་མཐོང་བ་ངོ་སྤྲོད་མི་དགོས། །དེ་བཞིན་མན་ངག་དགོས་པ་ཅི་ཡོད། །ཡོད་པ་མིན་ན་རྫོགས་ཆེན་མ་ཡིན། །འདུས་མ་བྱས་ཀྱི་སྐུ་དང་ཡེ་ཤེས། །སླད་ནས་འབྱུང་བའི་སྐྱེ་བའི་མཐའ་ཅན། །སངས་རྒྱས་དེ་ཡང་ཆུ་ཤིང་འདྲ་བ། །འཇོག་རྒྱུ་ཡོད་ན་རྫོགས་ཆེན་མ་ཡིན། །ཡེ་རྫོགས་ཡིན་ན་ད་ནི་ཅི་འཇོག ། འཇོག་རྒྱུ་དགོས་དུས་རྫོགས་ཆེན་གར་ཡིན། །སྟོང་བ་ཉིད་ལ་སུ་འཇོག་གར་འཇོག །འཇོག་རྒྱུ་མེད་ན་རྫོགས་ཆེན་མ་ཡིན། །མཉམ་བཞག་བཞག་ཐབས་དེ་ཚོའི་ཅི་དགོས། །ཅི་བྱ་གཏོལ་མེད་དེ་ལ་གནས་ཀྱང་། །གནད་གསུམ་ལྡན་པའི་འཁོར་ལོ་དེ་མིན། །གྲོལ་རྒྱུ་ཡོད་ན་རྫོགས་ཆེན་མ་ཡིན། །བུང་བ་གསེར་དུ་འགྱུར་བ་མེད་བཞིན། །གཏན་དུ་རྟོགས་པ་རང་ག་ཡིན་ན། །དེ་ལས་འཁོར་བའི་ས་བོན་མེད་དོ། །གྲོལ་རྒྱུ་མེད་ན་རྫོགས་ཆེན་མ་ཡིན། །ཅི་ཡང་མ་གྲོལ་གྲོལ་བྱེད་གདམས་པ། །རང་གྲོལ་ལ་སོགས་ཚིག་གི་ཐ་སྙད། །དེ་ཡང་སྒྲོ་བཏགས་ཙམ་དུ་བས་སོ། །སེམས་དེ་མིན་ན་རྫོགས་ཆེན་མ་ཡིན། །སེམས་ལས་གཞན་པའི་སངས་རྒྱས་བྱ་བ། །སྔ་ཕྱིར་རྒྱལ་བས་བཙལ་ཀྱང་མི་རྙེད། །དེ་ལ་བ་དེད་བྱེད་པས་ཅི་ཕན། །སེམས་དེ་ཡིན་ན་རྫོགས་ཆེན་མ་ཡིན། །ཁམས་གསུམ་རྣམ་རྟོག་སྒྲོ་བཏགས་གཞན་དབང་། །དེ་ནི་སེམས་ཅན་ཀུན་ལ་ཡོད་གསལ། །འབད་མེད་གྲོལ་བས་བརྩོན་འགྲུས་མི་དགོས། །དེ་ཚོ་ངའི་ཁྱོད་ལ་ཞུ་གཏུག་ཡིན། །རྟོགས་བསྡུར་འདི་ལ་འགལ་བ་ཡོད་ན་བཤགས། །ཆ་ལུགས་ཕྱོགས་ལྷུང་ང་ལ་མེད་ན་ཡང་། ཁྱོད་རང་སྒྲོ་བཏགས་བསམ་ན་འདས་ཀྱང་ཆོག །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཐུབ་དྲུག་དེའི། །ཕྱག་རྒྱའི་དམ་ཚིག་བསེགས་སྦོར་སོགས་ཡིན་དུ། །ཕྱོགས་ལྷུང་གདོན་གྱིས་ཟིན་ཁྱོད་འཐས་པར་གྱིས། །ཆོས་རྣམས་ཐམས་ཅད་སྒྱུ་མ་ཡིན་གསུངས་ན། །སྒྱུ་མའང་གཅིག་ལས་མི་འཆར་སེམས་རྒྱ་རུབ། །འོན་ཀྱང་ཡར་སོང་ཇ་བཟང་སྐྱེམས་མཆོད་གསོལ། །ངས་ཀྱང་གཟབ་ནས་མཚན་དཔེ་ཞིག་བསྒྲུབ་ཟེར། །དེ་ནས་སྐབས་ཤིག་ཚུར་ལ་འབོད་པ་སླེབས། །སྒོ་ནས་བལྟས་པས་གླང་ཆེན་རི་ཙམ་ཁྱེར། །ལུས་པོ་ཀུན་ལ་གསེར་ཁྲབ་རཏྣའི་ཕྲ། །ཕྱོགས་བཞིའི་གསལ་བྱེད་ཉི་ཟླ་ནོར་བུ་དང་། །ལྷ་ཡི་རང་འོད་ཟེར་བའི་ཐག་ཤར་དཀྲིས། །ཕྱག་གཡས་ན་ནི་གཟི་ཡི་ལྕག་ཚན་བསྣམས། །གཡོན་པས་གཞོང་པ་གཏེར་སྒྲོམ་བརྒྱའི་བཀང་བཟུང་། །འཁོར་དུ་ནམ་མཁའ་གང་བའི་ལྷ་དམག་ཡོད། །མིག་གི་མི་བཟོད་ལྟ་བའི་ངོ་མཚར་འབར། །དེ་ལ་བདག་གིས་ནོ་པི་ཀ་འདི་བྱས། །ཨོཾ༔ ཆོས་བཟང་འདུན་སའི་བྱད་ལས་ཉེར་འཕོས་པའི༔ དགའ་སྐྱིད་ལྷ་ཡི་ཁང་བཟང་ཡངས་པ་རུ༔ བཻཌཱུར་པད་རག་གསེར་གཡུའི་གཏམས་པའི་ཁྲིར༔ གཉིས་འཐུང་སྟོབས་ཆེན་ཁོ་ལག་ཡངས་བའི་སྟེང་༔ དགེ་བསྙེན་ཆེན་པོ་རྡོ་རྗེ་ལས་དབང་རྩལ༔ སྐུ་མདོག་དཀར་པོ་ཞོ་གསར་སྤུང་བ་ལ༔ པཉྩ་ལི་ཀ་བཀྲག་བའི་ལྭ་བ་ལྔ༔ དེ་སྟེང་རིན་ཆེན་གསེར་གྱི་ཁྲབ་བྱང་གདབ༔ འཇའ་ཚོན་སྐ་རགས་རྨོག་དཀར་དུང་རུ་བཙུག༔ སྟེང་ན་རྡོ་རྗེ་རིན་ཆེན་ཚེམ་ཚེམ་གསོལ༔ ཕྱག་གཡས་གཟི་ལྕག་ཁམས་གསུམ་དགྲ་བགེགས་འདུལ༔ གཡོན་པས་གཏེར་གཞོང་སྒྲུབ་ལ་དངོས་གྲུབ་སྩོལ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ ཞབས་ལ་འཇའ་རིས་དགུ་སྐོར་ལྷྭམ་ཆ་གསོལ༔ གནས་ལྔར་ཕྱག་རྒྱ་ལྔ་ཡི་དབང་རྟགས་བཀྲ༔ འདིར་གཤེགས་འདིར་བཞུགས་རྣལ་འབྱོར་མཐུ་དཔུང་མཛོད༔ བཛྲ་ཀརྨ་ཤྭ་རི་ཛ་ཛ༔ པདྨ་སུརྱ་ཡ་སྟྭཾ༔ ན་མོ་ན་མ༔ ཧཱུྃ༔ ཁྱོད་ལ་དགྱེས་པའི་མཆོད་པ་ནི༔ ལོག་འཚོ་སྡིག་དང་མ་འདྲེས་པའི༔ སྤྱན་གཟིགས་ཡིད་འོང་དངོས་པོ་འབུལ༔ རོལ་མོ་དབྱངས་སྙན་བསྟོད་པའི་གླུ༔ ཤངས་ལ་དྲི་བཟང་བྱུག་རྩི་དངད༼ དང་དཔྱད། ༽༔ ཞལ་ཟས་བཟའ་བཏུང་ཞིམ་མངར་གཙང་༔ མཉེན་འཇམ་རེག་བདེའི་ན་བཟའ་འབུལ༔ འབྱུང་པོའི་ཤ་ཁྲག་དམར་གཏོར་བཅས༔ བདུད་རྩི་དྲི་བསང་རྨུག་གྲིབ་སེལ༔ དམ་རྫས་གྲུབ་པ་བཞི་ལྡན་འབུལ༔ བདག་ཅག་གཞི་བྱེས་ལམ་ཀུན་ནས༔ ཁ་མགོན་རྒྱབ་རྟེན་མ་ཆུང་ཞིག༔ མི་ལ་ན་ཚ་མ་བཏང་ཞིག༔ ཕྱུགས་ལ་གོད་ཁ་མ་བཏང་ཞིག༔ དོན་ལ་ཉེ་ཞོ་མ་བཏང་ཞིག༔ ལས་ལ་གཉེན་པོ་མ་བཏང་ཞིག༔ ཟས་ལ་ཁ་ཕུང་མ་བཏང་ཞིག༔ གྲོགས་ལ་ཁ་འགོང་མ་བཏང་ཞིག༔ ཆོས་ལ་བར་ཆད་མ་བཏང་ཞིག༔ ངན་དགུའི་སྣ་དང་གདོང་བསྣོལ་དེ༔ བཟང་དགུའི་ལེགས་དང་ངོས་སྤྲོད་ལ༔ བསམ་པ་ཐམས་ཅད་ལྷུན་གྱི་གྲུབ༔ དགྲ་བགེགས་གདུག་པ་ཚར་ཆོད་ཅིག༔ དཔའ་བརྟུལ་འཕན་ཕྱག་རུ་དར་ཕྱོར༔ ཉེ་བར་གྱུར་པའི་དམ་ཚིག་སྲོག༔ ཨོ་རྒྱན་པདྨའི་དབང་སྲོག་འབྲེལ༔ བསྟན་དང་བསྟན་སྐྱོངས་ཐ་ཚིག་འབྲེལ༔ སྐྱེ་བ་ལས་ཀྱི་ལྷ་གཉན་འབྲེལ༔ མི་དང་ལྷ་རུ་འབྲེལ་བའི་མཐུའི༔ གང་བཅོལ་ལས་ཀྱི་བདག་པོར་མཛོད༔ དམ་ལ་མ་འདའ་ས་མ་ཡཱ༔ དེ་ནས་ངས་ནི་བསམ་པ་ལ༔ འདི་ནི་ས་སྦྱོངས་སེམས་དཔར་ངེས༔ སངས་རྒྱས་པདྨའི་སློབ་མར་འདྲ༔ ཉམས་ལེན་རྫོགས་པ་ཆེན་པོར་འདུག༔ གང་ལྟར་བྱས་ཀྱང་དགེ་འདུན་ཞིག༔ མིན་ཀྱང་དཀོན་མཆོག་ཕྲིན་ལས་སུ༔ གདོད་མི་ཟ་བས་རུང་ངོ་སྙམ༔ ཕྱག་འཚལ་བསྟོད་པ་འདི་ཡང་བྱས༔ ཧོ༔ ཁྱོད་ནི་རྒྱལ་བའི་ཕྲིན་ལས་མཛད༔ བཀའ་སྲུང་ཆོས་སྐྱོངས་གཉན་པོར་བསྟོད༔ ཁྱོད་ནི་ནང་དོན་རང་བྱན་ཚུད༔ བསྟན་པའི་དགེ་འདུན་ཆེན་པོར་བསྟོད༔ ཁྱོད་ནི་མཐུ་རྩལ་འགྲན་ཟླ་མེད༔ དགྲ་འདུལ་རྡོ་རྗེའི་མཚོན་ལ་བསྟོད༔ ཁྱོད་ནི་ཀླ་ཀློའི་རྒྱུ་སྲང་གཅོད༔ བཀའ་སྡོད་དྲེགས་པའི་དབང་བོར་བསྟོད༔ ཁྱོད་ནི་ཐ་ཚིག་དམ་ལ་གནས༔ གྲུབ་པའི་རྒྱལ་བོར་མངའ་གསོལ་བསྟོད༔ ཁྱོད་འདྲ་འཇིག་རྟེན་ཁམས་ན་དཀོན༔ ཡོན་ཏན་བང་མཛོད་མཆོག་ལ་བསྟོད༔ འགྲོ་བའི་དབུལ་ཕོངས་འབྱོར་རྒུད་སྐྱོབས༔ ནམ་མཁའི་མཛོད་མངའ་ཁྱོད་ལ་བསྟོད༔ བདག་ཅག་མ་རིག་མ་ལྡན་དང་༔ མ་ཤེས་བག་མེད་ཐུགས་འགལ་ལས༔ བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ༔ འཁོན་སྡུམ་འཁྲུགས་བཅོས་རྨུག་མནོལ་བསངས༔ མཐུ་རྩལ་ཆེ་བའི་རང་རྟགས་སུ༔ རྣལ་འབྱོར་དབུ་འཕང་དགུང་ལ་བསྟོད༔ ཀྭི་བསྭོ་ཆའོ་ལྷ་རྒྱལ་ལོ༔ བསྐུལ་བ་རྟ་མགྲིན་སྐྱབས་ཀྱིས་བསྐུལ། །མཁོ་བ་ཨ་རིག་ཟ་ལ་མཁོ། །བྲིས་པ་ནམ་མཁའི་རྒྱལ་པོས་བྲིས། །བོར་བ་ཉབ་ཉོབ་ཁྲོད་དུ་བོར། །གལ་ཏེ་དེ་ལྟར་མ་གྱུར་ན། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། མངྒལཾ། །ཛ༔ ཨོ་རྒྱན་པདྨའི་བཀའ་སྡོད་པ༔ དགེ་བསྙེན་ནོར་བུ་དགྲ་འདུལ་རྩལ༔ གསོལ་ལོ་མཆོད་དོ་དབུ་འཕང་བསྟོད༔ མ་གཡེལ་མ་འགྱང་བསྲུང་སྐྱོབས་མཛོད༔ སརྦ་པཉྩ་ཨ་མྲི་ཏ་ཁཱ་ཧི༔ ག་གཱས་སོ། །ཨུ་འདུས་བསང་བསྡུས་ནི༔ ཀྱཻ༔ ཡུལ་ལྷ་རྡོ་རྗེ་དགྲ་འཇོམས་རྩལ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ བདག་ཅག་ཡུལ་ཕྱོགས་དགེ་བར་སྐྱོངས༔ གནོད་བྱེད་དགྲ་བགེགས་ཚར་ཆོད་ལ༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ ཅེས་ཀྱང་ག་གཱས་སོ། །

དགེ་བསྙེན་ཆེན་པོ་རོལ་མོ་དབང་གཞུའི་གསོལ་བསངས་དགོས་འདོད་ཀུན་འབྱུང་།

དགེ་བསྙེན་ཆེན་པོ་རོལ་མོ་དབང་གཞུའི་གསོལ་བསངས་དགོས་འདོད་ཀུན་འབྱུང་བཞུགས་སོ༔

ཧཱུྃ༔ སྔོན་ཚེ་པདྨ་ལས་སྐྱེས་གར་དབང་པོའི༔ སྤྱན་སྔར་རོལ་མོའི་མཚམས་སྦྱར་དབང་ཐོབ་པའི༔ དགེ་བསྙེན་ཆེན་པོ་པདྨ་དབང་གི་རྒྱལ༔ སྐུ་མདོག་དམར་པོ་དགྱེས་ཆགས་ཉམས་ཀྱིས་བརྗིད༔ དབང་གི་ཕྱག་ན་རྡོ་རྗེ་ནོར་བུ་ལ༔ དགྲ་བགེགས་ཚར་གཅོད་རྣལ་འབྱོར་དགྲ་ལྷ་ཆེ༔ དོར་སྟབས་ཀྱིས་རོལ་གེ་སར་ཉིན་མཚན་མགོན༔ རྟག་ཏུ་གནས་པའི་རྒྱལ་ཚུལ་རྔམས་པ་ལ༔ རེས་འགའ་མི་དཀར་རྟ་དཀར་མདུང་དར་ཅན༔ ཞི་བའི་ལས་ལ་དབང་བསྒྱུར་འཛུམ་བག་བཅས༔ རེས་འགའ་སུ་ཝརྞ་ ༼ སེར་བོ་ ༽ཡི་ཁ་དོག་ཅན༔ ཕྱག་མཚན་རིན་ཆེན་ཚེ་ཡི་བུམ་པ་ཅན༔ རེས་འགའ་དབང་གི་ཁ་དོག་ཆགས་པ་ལ༔ ཕྱགས་ན་ལྕགས་ཀྱུ་ལྕགས་སྒྲོག་སྟེང་འོག་བསྣོལ༔ རེས་འགའ་ཆར་སྤྲིན་གར་དགུའི་རང་མཚན་ངོམས༔ ཕྱག་ན་དགྲ་སྙིང་ཉམས་པ་ཞལ་དུ་སྟོབས༔ ཏི་ར་ལ་རོལ་གྱད་ཀྱི་དོར་སྟབས་སུའོ༔ ཕྱོགས་བཞིར་མཆེད་བརྒྱད་དང་ནི་ལྕམ་དྲུག་གིས༔ འདུད་ཅིང་ལས་བྱེད་རྡོ་རྗེ་དགྲ་འཇོམས་རྩལ༔ ཕྱག་གཉིས་སྤུ་གྲི་ནོར་གཞོང་བམ་ཞགས་དཔྱང་༔ ཙ་ར་བཅིབས་ཤིང་བསེ་ཐེབ་ཆོས་གོས་གསོལ༔ རལ་བ་ཁམ་སེར་བརྫེས་ཤིང་ཁྲོ་ཉམས་ཅན༔ འཁོར་ཚོགས་དམག་ཆས་བྱེ་བ་དྲུག་སྡེར་བཅས༔ ཡིད་ལྟ་མགྱོགས་པའི་ཤུགས་ཀྱིས་གཉིས་མེད་རོལ༔ ཀུན་བཟང་མཆོད་སྤྲིན་ལ་འགྲན་བསང་གི་རྫས༔ ཟླ་རྒྱས་ཟླ་ཁྲུམ་ཇ་ཆང་གསེར་དངུལ་སོགས༔ དངོས་འབྱོར་གྱིས་འཕྲུལ་ཕྱི་ནང་གསང་སྦྱོར་སྒྲོལ༔ ཕུབ་ཁྲབ་ལ་སོགས་དཔའི་བོའི་ཆས་སྣ་ཚོགས༔ རིན་ཆེན་སྣ་བདུན་རྒྱལ་སྲིད་བཀྲ་ཤིས་རྟགས༔ མདོར་ན་དག་གསུམ་གྱིས་བསྐྲུན་མཆོད་པ་ནི༔ དཀར་གསུམ་ལ་སོགས་སྡིག་གིས་མ་སྨད་པས༔ དགེ་བསྙེན་ཆེན་པོ་འཁོར་བཅས་བསང་ཞིང་བརྔན༔ ༼ གསོལ་མཆོད༔༽ཀ ༽ཡང་ཅིག་འདི་ལྟར༔ གསེར་དངུལ་བཻཌཱུར་ཡལ་ག་རབ་དུད་ཅིང་༔ སྔོན་ཚེ་སྣང་སྲིད་དབང་བསྒྱུར་རྣལ་འབྱོར་བས༔ རྟེན་འབྲེལ་ནུས་པ་མངོན་གསུམ་བྱིན་བརླབས་བཅས༔ ཡུལ་ལྷའི་རྒྱལ་པོ་ཆེན་པོ་འཁོར་བཅས་བསངས༔ རྨུགས་པ་ཀུན་སེལ་འཐིབ་པ་ཀུན་དྭངས་ནས༔ འཁོན་སྡུམ་འཁྲུགས་བཅོས་གསོལ་མཆོད་ཐུགས་དམ་བསྐང་༔ ཁ ༽ བརྩེ་བས་རྗེས་སྐྱོངས་ཕྲིན་ལས་རབ་འབྱམས་པ༔ གང་བཅོལ་ཐམས་ཅད་ལྷུན་གྱིས་འགྲུབ་པར་མཛོད༔ བཀའ་དང་དམ་ལ་མ་འདའ་དམ་ཚིག་ཅན༔ ཞེས་པ་འདི་ཤིན་ཏུ་སྦས་པའི་རྣལ་འབྱོར་བ་ཀུན་བཟང་པདྨའི་ངོར་སྙིགས་དུས་ཀྱི་སྔགས་གཟུགས་པདྨ་ཀློང་ཡངས་ངམ་ག་གཱ་ཨ་བྷྱེས་རྨི་ལམ་འོད་གསལ་གྱི་མཐོང་སྣང་བཞིན་བྲིས་པ་སརྦ་མངྒ་ལཾ། །རོལ་མོའི་བསང་བསྡུས་ནི༔ ཀྱཻ༔ ཡུལ་ནི་ཀཻ་ལ་ཤ་ཡི་ཟླུམ་ར་ནས༔ དགེ་བསྙེན་ཆེན་པོ་རོལ་མོ་དབང་གི་རྒྱལ༔ ཟག་མེད་བདུད་རྩི་འདོད་དགུའི་བསང་མཆོད་འབུལ༔ རབ་འབྱམས་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད༔ ཅེས་ཀྱང་ག་གཱས་སོ། །གསེར་འཛོང་གསོལ་བསྡུས་ནི༔ ཕུད་དང་གཏོར་མ་ཟླུམ་པོའི་མཆོད༔ ཀྱཻ༔ དགེ་བསྙེན་རྡོ་རྗེ་ཐོགས་མེད་རྩལ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ ཕུད་དང་གཏོར་མ་འདོད་ཡོན་སྤྲིན༔ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་༔ ཆོས་སྲིད་བསྟན་པའི་མངའ་ཐང་བསྐྱེད༔ འཚོ་བ་སྦྱོར་ལ་ཉམས་རྟོགས་སྤེལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད༔ ༈ དེ་ནས་ཀླུ་མཆོད་ནི༔ ཛཾ༔ གཙང་སྦྱར་འདོད་ཡོན་ཕུན་སུམ་འཚོགས༔ གདེང་ཀ་ནོར་བུའི་འོད་ཟེར་འབར༔ ཀླུ་ནོར་རྣམ་པ་མ་ཚང་མེད༔ བདག་གི་གུས་དང་བཅས་པས་འབུལ༔ བྱམས་བརྩེའི་སྐྱོངས་ལ་དངོས་གྲུབ་སྩོལ༔ ཕྱུགས་གཡང་ཟས་གཡང་ཆར་ལྟར་ཕོབ༔ ཁྲོ་འཁྲུགས་གདུག་རྩུབས་མ་སྟོན་ཅིག༔ བདག་གི་གཏེར་གྱི་བདག་པོ་མཛོད༔ ཅེས་ཀྱང་ག་གཱས་སོ། །ཀྱཻ༔ ཕྱོགས་འདིར་དབང་བཙན་དྲང་སྲོང་ཡང་དག་ཤེས༔ ཡུལ་ལྷའི་ཚུལ་འཛིན་རྡོ་རྗེ་མཐུ་སྟོབས་དཔལ༔ གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ མ་འཁུམ་མ་འཁྲུགས་བྱམས་བརྩེའི་རྟུག་ཏུ་སྐྱོང་༔ ཅེས་ཀྱང་འབྲོག་འཇིག་ངོར་ག་གཱས་སོ། །རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ འུ་ཅོར་རྫད་དམར་ལ་གནས་པའི༔ བདུད་བཙན་དྲག་རྩལ་འབར་བ་ནི༔ འཁོར་དང་ཡང་འཁོར་བཅས་པ་ལ༔ གསོལ་ལོ་མཆོད་དོ་མངའ་གསོལ་བསྟོད༔ མ་ཤེས་མ་རིག་བག་མེད་པས༔ དཀར་དམར་ཐབ་གཞོབ་ཀུ་ཅོ་དང་༔ རི་བསྐོར་ཤིང་བཅད་ལ་སོགས་པས༔ ཐུགས་འགལ་རྒྱུ་རྐྱེན་ཅི་བྱས་ཀྱང་༔ ཕོག་ཐུགས་འགྲམ་འཁྲུགས་མ་རྐྱེན་པར༔ ཅི་བཅོལ་ཕྲིན་ལས་ཡོངས་འགྲུབ་མཛོད༔ བསྲུང་སྐྱོབས་མེལ་ཚེ་མ་གཡེལ་བར༔ རྟག་ཏུ་ཐུགས་རྗེའི་བཟུང་མཛད་གསོལ༔ ག་གཱས་སོ། །ཙཏྟའི་བསངས་བསྡུས༔ ཛ༔ བདུད་བཙན་ཀླུ་ཡི་ཆོ་རིགས་ཅན༔ ཨོ་རྒྱན་པདྨའི་དམ་འཛིན་པ༔ ཙིཏྟ་དམར་ནག་འཁོར་བཅས་བསང་༔ རྐྱེན་སོལ་བསམ་པ་ལྷུན་གྲུབ་མཛོད༔ ག་གཱས་སོ། །ཀུན་ཏུ་བཟང་མོ་བཛྲ་ཝཱ་ར་ཧི༔ ཉིད་ཞི་བདེ་མཆོག་རྡོ་རྗེ་དྲག་མོ་དང་༔ ཚུར་མཐོང་སྣང་ངོར་སྒོ་རྒྱལ་རི་བཀྲ་རྩལ༔ གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ ཕོག་ཐུག་འགྲམ་འཁྲུགས་ཉམས་ཆགས་ཉེས་པ་སྐོངས༔ མི་མཐུན་ཉེར་འཚེའི་མཚན་མ་དབྱིངས་སུ་ཞི༔ བཅོལ་པའི་ཕྲིན་ལས་ཡོངས་སུ་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀྲོ་ཏི་རཱ་ཛ་ཡེ༔ སརྦ་ཨ་ཁཾ་ཤུདྡྷེ་ཤུདྡྷེ་ཨཱཿཧཱུྃ༔ ཅེས་པ་འདི་ཡང་པདྨ་མཁའ་ཀློང་ཡངས་པས་སོ། །རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཀྱཻ༔ ས་ཕྱོགས་འདི་ན་བརྟགས་ཆགས་པའི༔ བཙུན་མོ་སྒོ་རྒྱལ་རི་བཀྲ་ནི༔ འཁོར་དང་ཡང་འཁོར་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཕོག་ཐུག་འགྲམ་འཁྲུགས་བཟོད་བཞེས་ནས༔ སྡོང་གྲོགས་མཐུན་བསྒྲུབ་བྱམས་བརྩེའི་སྐྱོངས༔ ཤྲཱི་བས་སོ། །

ཀླུ་མཆོད་བསྡུས་པ།

ཀླུ་མཆོད་བསྡུས་པ་ནི༔ མཆོད་གཏོར་བྱིན་གྱིས་བརླབས་པ་ནི༔ རཱ་ཛ་པྲ་བྷ་མ་ལེ་ས་མ་ཡ་ཕེམ་ཛ༔ ཨོཾ༔ འདོད་ཡོན་རྒྱན་གྱི་འཁོར་ལོ་དང་༔ ཀླུ་ནོར་ཆ་མ་ཆོ་དགུའི་ཚོགས༔ ནད་གསོས་སྨན་དང་འཆི་གསོས་རྩི༔ ནོར་བུའི་སྒྲོན་མེ་གདེངས་ཀ་འབུམ༔ མཁའ་ལྡིང་སྐྱོབས་པའི་རྡོ་རྗེར་གུར༔ བཟའ་བཏུང་གོས་རྒྱན་མི་ཟད་དཀོར༔ ཡེ་ཤེས་རོལ་པས་བྱིན་རླབས་ལྡན༔ ཕྱོགས་འདིའི་ས་བདག་ཀུན་གྱི་བཤེས༔ ཀླུ་རྒྱལ་འོད་ཀྱི་ཕྲེང་མཛེས་མཆོད༔ ཡུམ་མཆོག་བཀྲ་ཤིས་ཆར་འབེབས་མཆོད༔ སྲས་གཅིག་ཀུན་ཏུ་དགེ་བྱེད་མཆོད༔ བཀའ་སྡོད་མུན་སེལ་གདུང་སྐྱོབས་མཆོད༔ འཁོར་དང་བཅས་པ་ཐམས་ཅད་མཆོད༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་ཉམས་རྟོགས་འཚོ་ཆས་བསྒྲུབ༔ ཀླུ་ཡི་གདུག་རྩུབས་མ་བཏང་ཞིག༔ ས་ཕྱོགས་ཡུལ་རིས་བདེ་བ་དང་༔ བཀྲ་ཤིས་བདེ་ལེགས་དཔལ་རྒྱས་ཤོག༔ ཅེས་ཀྱང་རིག་འཛིན་ཆེན་པོའི་གསུང་བཞིན་ག་གཱས་སོ། །༈ ཀླུ་རྒྱལ་ཕྱག་གཡས་ནོར་བུ་དང་༔ གཡོན་འབྲུག་བསྣམ་པ༔ ཡུམ་ཕྱག་གཡོན་བུམ་པ༔ སྲས་སྨན་ཕོར་བསྣམས་པའོ༔ བློན་པོ་སྦྲུལ་ཞགས་དང་༔ ཀུན་ཀྱང་དབུ་ལ་གདེངས་ཀ་འབར་བ༔ སྐུ་སྨད་གསེར་གཡུ་མུ་ཏིག་མུ་མིན་ཀྱིས་སྦྲུལ་དུ་རིམ་པར་འཁྱིལ་བ༔ འོད་ཟེར་ཅན་མའི་རྒྱུན་བསངས་བཞུགས་སོ༔ མུྃ༔ ཆོས་སྐུ་སྣ་ཚོགས་ཡུམ་ཆེན་མོ༔ ལོངས་སྐུ་རྗེ་བཙུན་ཏཱ་རེ་དང་༔ སྤྲུལ་སྐུ་འོད་ཟེར་ཅན་མ་སྟེ༔ སྐུ་གསུམ་དབྱེར་མེད་འགྲོ་འདུལ་དཔལ༔ རང་བཞིན་ཆོས་དབྱིངས་གནས་མཆོག་དང་༔ མ་ལ་ཡ་ཡི་ཚལ་གྱི་རྩེར༔ ལྷ་མོ་ཆེན་མོའི་སྐུར་བཞེངས་པ༔ ཁྲོ་འཛུམ་ལྗང་སེར་འོད་དུ་འབར༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ རྣོ་གཅོད་རལ་གྲི་འབར་བ་དང་༔ གཡོན་པའི་ཕྱག་གིས་ལྕགས་སྒྲོག་བསྣམས༔ ཞབས་གཉིས་སེམས་མའི་སྐྱིལ་ཀྲུང་གིས༔ པདྨ་ཉི་མའི་གདན་ལ་བཞུགས༔ འཁོར་དུ་རང་འདྲའི་རིགས་བཞི་དང་༔ བྱེ་བ་འབུམ་སྡེའི་མ་ཚོགས་བསྐོར༔ གདུང་ཤུགས་དད་པས་ཐུགས་དམ་བསྐུལ༔ ཐུགས་རྗེ་ཆེན་པོའི་རྗེས་དགོངས་ལ༔ མཆོད་བརྟེན་གནས་འདིར་གཤེགས་སུ་གསོལ༔ བསངས་རྫས་ ༼ གཏོར་མ་ ༽ ཟག་མེད་མཆོད་པའི་སྤྲིན༔ ནམ་མཁའ་རབ་འབྱམས་མཐའ་ཀླས་པར༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱི༔ རོལ་མོ་ཡེ་ཤེས་བྱིན་འབར་བ༔ འགྲོ་བའི་དོན་དུ་སྤྱོད་དུ་གསོལ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ ཕྱི་ནང་བདུད་དགྲ་བགེགས་ཀྱི་ཚོགས༔ ཉེ་བར་ཞི་བའི་ཕྲིན་ལས་མཛོད༔ མཐར་ཐུག་མགོན་པོའི་གསང་གསུམ་ཀྱི༔ གོ་འཕང་མཆོག་ལ་རགས་གྱུར་ཅིག༔ ག་གཱས་སོ། །དགེའོ། །དགེའོ། །དགེའོ། །

བསང་བསྡུས་དགེ་ལེགས་འབྱུང་གནས།

བསང་བསྡུས་དགེ་ལེགས་འབྱུང་གནས་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །བསང་རྫས་སྣ་ཚོགས་ཚང་བྱས་ལ༔ རང་ཉིད་ཡི་དམ་གསལ་བའི་ངང་༔ ཧོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་དོན་དུ་བྱང་སེམས་བསྐྱེད༔ གནས་སྐབས་མཐར་ཐུགས་ཚོགས་རྫོགས་ཕྱིར༔ མཆོད་སྦྱིན་རྒྱ་མཚོའི་དགོངས་པར་འཛུམ༔ བྷྲཱུྃ༔ ལས་རིན་ཆེན་སྣོད་ནང་དུ༔ མཆོད་བསྲེགས་གཙང་སྦྱར་འདོད་ཡོན་ཚོགས༔ ཟག་མེད་ཏིང་ངེ་འཛིན་གྱིས་བརླབས༔ འཁོར་འདས་གྱ་ནོམ་ལོངས་སྤྱོད་གྱུར༔ ཨོཾ་ཨཱཿཧཱུྃ༔ རཾ༔ ཞལ་ཕྱག་མཚན་བྲལ་གོས་དཀར་མོའི༔ མཁའ་ཀློང་བདེ་སྤྲིན་ལྷ་མོ་ནི༔ ཀུན་མཆོག་དཔལ་ལྡན་བླ་མ་དང་༔ རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོ་དང་༔ རྩ་བ་གསུམ་གྱི་ལྷ་ལ་འབུལ༔ སྐྱབས་མཆོག་རིན་ཆེན་རྣམ་གསུམ་དང་༔ སྐུ་གསུམ་ཀློང་བཞུགས་ལྷ་ཡི་ཚོགས༔ བསོད་ནམས་ཡེ་ཤེས་ཞིང་རབ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ བཀའ་གཏེར་གསར་རྙིང་སྲུང་མ་དང་༔ འགོ་ཞིང་སྐྱོབས་དང་གནས་ཡུལ་གཞིའི༔ ཁ་མགོན་སྡོང་གྲོགས་བྱེད་པ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ཕོ་གདོན་མོ་གདོན་ཀླུ་གདོན་དང་༔ གཟའ་གདོན་སྡེ་བརྒྱད་ལ་སོགས་པའི༔ སྣང་སྲིད་དཀར་ནག་ལྷ་འདྲེ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ལན་ཆགས་བདག་པོ་བདག་མོ་དང་༔ ཕ་མ་རིགས་དྲུག་སྙིང་རྗེའི་མགྲོན༔ སྲིད་པ་བར་མའི་འགྲོ་བ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ཁས་ཞན་དབང་ཆུང་ཉམ་ཐག་པའི༔ ལྷག་མའི་མགྲོན་དུ་གྱུར་པ་དང་༔ ནད་ཡམས་དལ་གྱིས་བདག་པོ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ༈ གཞན་ཡང་འཁོར་འདས་གཉིས་ཆར་གྱི༔ མཆོད་འོས་བརྔན་འོས་མགྲོན་རིགས་ལ༔ འདོད་ཡོན་མ་ཚང་མེད་པ་འདིའི༔ བདུད་རྩི་བསང་གི་མཆོད་པ་འབུལ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་༔ འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་བསྒྲུབས༔ ལན་ཆགས་བུ་ལོན་དཀོར་སྒྲིབ་བྱང་༔ སོ་སོའི་སྡུག་བསྔལ་ཀུན་བྲལ་ཤོག༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ བསང་འདིས་མཐར་ཐུག་སྐུ་གཉིས་ཀྱི༔ གོ་འཕང་བདེ་བླག་ཐོབ་པར་ཤོག༔ ཅེས་ཀྱང་པདྨ་མ་ཏིའི་ངོར་ག་གཱས་སོ། །༈ ཡང་ན༔ དགྲ་ལྷ་གཉན་པོ་འཁོར་དང་བཅས༔ རྣལ་འབྱོར་བདག་གི་བརྟེན་བསྒྲུབས་དང་༔ མཆོད་བསྐང་འབྲེལ་བའི་མགོན་པོ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ཞེས་བཏགས་ཀྱང་ཆོག༔ ཡང་རྗེས་སུ༔ དེ་ལྟར་བསང་ཞིང་བརྔན་པའི་མཐུས༔ རྣལ་འབྱོར་རྒུད་པའི་རླུང་རྟ་བསྟོད༔ འཁོར་འདས་ཕྱྭ་གཡང་བདག་ལ་སྩོལ༔ བསྡུ་ལྡང་སོགས༔ འཁོར་གསུམ་དམིགས་པའི་དངོས་པོ་ཀུན༔ དམིགས་མེད་ཆོས་དབྱིངས་ངང་དུ་བཞག༔ གནས་སྐབས་མཐར་ཐུག་སྨོན་གནས་ཀྱི༔ རེ་འབྲས་ཡིད་བཞིན་ལྷུན་གྲུབ་པའི༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག༔ ཅེས་པ་འདི་དག་ཀྱང་རྡོ་རྗེའི་མཆེད་ཀྱི་དངས་མ་བླ་མ་ཨོ་མུག་དང་ཐེག་མཆོག་གཉིས་ཀྱི་གསུང་བསྐུལ་ངོར་ག་གཱས་སོ། །དགེའོ། །ཉོན་མོངས་ཤེས་བྱའི་སྒྲིབ་པས་དྲི་མའི་བག༔ ཀུན་བརྟགས་གཟུང་དང་འཛིན་པའི་རྣམ་རྟོག་ཀུན༔ རང་བྱུང་ཡེ་ཤེས་ཆེན་པོའི་ཀློང་དུ་དག༔ བསང་དང་བསང་བྱ་དབྱེར་མེད་ངང་དུ་གྲོལ༔ ཨ་ལ་ལ་ཧོ༔ བཛྲ་ཤུདྡྷོ་ཨཱ༔ ཀིས་ཧིས་ཧིས༔ ག་གཱས་སོ། །ཁ་དོག་རབ་དཀར་ཀཻ་ལ་ཤ་རིར་ཟླ་གཞོན་འབུམ་འཁྱུད་བརྟན་པ་འཕྲོགས། །དབང་རྒྱལ་འོད་འབར་སྒྲུབ་མཆོག་བུ་ལ་འདོད་རྒུའི་དངོས་གྲུབ་མཆོག་སྟེར་དང་། །མངོན་ཤེས་རིགས་གསུམ་ཆགས་ཐོགས་མེད་མཚོན་མེ་ལོང་བསྣམས་པས་སྒེག་ཚུལ་ཅན། །གཡུ་སྒྲོན་མཆེད་ལྔའི་མཚན་སྙན་གདུགས་དཀར་སྲིད་རྩེར་གཡོ་གང་དེ་ལ་འདུད། །ཚུར་རོལ་ཕ་རོལ་མཐའ་ལས་འདས་པས་ཡེ་ཤེས་སྒྱུ་འཕྲུལ་མཚུངས་པ་མེད། །ཆེ་བཙན་རྒྱལ་པོའི་ཟོལ་དུ་མཛད་ཅིང་འབྲས་ཆོས་ལྔ་ཡི་རང་མདངས་འཁོར། །ཚད་མེད་བདེ་ཆེན་རུ་འདྲེན་དཔུང་ཚོགས་ཡན་ལག་བཞི་ཡི་དབུས་ན་རྔམས༔ ཆོས་སྐྱོང་ཆེན་པོ་ལི་བྱིན་བེ་དཀར་དགྱེས་སྡེ་སྤྲུལ་པའི་ཚོགས་ལ་འདུད༔ ཤྲཱི་ག་གཱས་སོ། །

སྔོན་འགྲོ་རྣམ་གྲོལ་ཤིང་རྟ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ སྔོན་འགྲོ་རྣམ་གྲོལ་ཤིང་རྟ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ འདི་ལ་ཕྱི་ནང་གསང་བ་ཡང་གསང་བཞི༔ དང་པོ་ནི༔ ན་མོ༔ དཀོན་མཆོག་ཀུན་འདུས་བླ་མ་མཁྱེན༔ དལ་འབྱོར་ཡོན་ཏན་ཕུན་སུམ་ཚོགས༔ སྡོམ་གསུམ་སྣོད་གྱུར་དྲུག་ལྡན་ཁམས༔ དོན་དང་ལྡན་པར་བྱིན་གྱིས་རློབས༔ ཕྱི་ནང་བརྟན་གཡོ་གནས་སྐབས་སུ༔ མི་རྟག་གློག་གི་ཟློས་གར་བཞིན༔ འཇིག་མེད་རྟེན་པ་གནས་མིན་ལས༔ བློ་སྣ་འབྱོངས་བར་བྱིན་གྱིས་རློབས༔ འཁོར་བ་མེ་ཡི་འོབ་དང་འདྲ༔ སྡུག་བསྔལ་གསུམ་གྱི་རྟག་ཏུ་གཏུགས༔ བདེ་བར་འཁྲུལ་དང་བཏང་སྙོམས་ལ༔ ངེས་འབྱུང་སྐྱེ་བར་བྱིན་གྱི་རློབས༔ དཀར་ནག་བསླུ་བ་མེད་པ་ལས༔ མཁྱེན་པའི་ཚད་མ་མངའ་བས་གསུང་༔ མཐོང་ཆོས་འགའ་ཡང་མི་བསླུ་བར༔ བླང་དོར་ནུས་པར་བྱིན་གྱིས་རློབས༔ ཡོན་ཏན་ཆེ་བའི་རྙེད་དཀར་ཤེས༔ ངེས་པ་མེད་པའི་འཇིག་པར་རིག༔ མཐོང་བས་རྗེས་སུ་དཔག་པ་ཞུགས༔ སྐྱེ་སྲིད་རང་ལ་མི་རྟོགས་པ༔ ཕྱིན་ལོག་བློ་བཞི་རབ་བཞིག་ནས༔ གཅིག་ཏུ་ཆོས་ལ་བཀོལ་མཉན་གཏུབ༔ ཚེ་འདིར་སངས་རྒྱས་ཐོབ་པ་ཞིག༔ བླ་མའི་ཐུགས་རྗེས་བྱིན་གྱི་རློབས༔ གཉིས་པ་ནང་གི་སྔོན་འགྲོ་ལ༔ ན་མོ༔ ཕྱི་ནང་གསང་བ་ཡང་གསང་གི༔ རྒྱུ་དང་འབྲས་བུ་ལྷུན་གྱིས་འགྲུབ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ ཐུན་མཆོག་བསླབ་བྱ་བདག་གི་བཟུང་༔ ཧོ༔ སྨོན་འཇུག་བདེན་གཉིས་བྱང་ཆུབ་སེམས༔ ཁྱད་པར་བླ་མེད་བྱང་ཆུབ་སེམས༔ རང་བྱུང་ཡེ་ཤེས་བསྐྱེད་པར་བྱ༔ བསླབ་གནས་ཐམས་ཅད་མི་འདར་སྤྱོད༔ ཧཱུྃ༔ ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་བ༔ དེ་ཉིད་རྡོ་རྗེ་སེམས་དཔའ་ཤར༔ ཡབ་ཡུམ་སྣང་སྟོང་སྒྱུ་མའི་ཚུལ༔ རང་གི་སྤྱི་བོར་དགྱེས་བཞུགས་པས༔ སྤྱན་སྔར་སྡིག་སྒྲིབ་ཉམས་ཆགས་ཀུན༔ བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ ཝཾ་གྱི་དགྱེས་སྤྲིན་ག་བུར་རྡུལ༔ དག་བྱེད་མཆོག་གི་ཁྲུས་སུ་ཞུགས༔ དག་ཚངས་དྲི་མེད་ཤེལ་སྒོང་བཞིན༔ སླར་ཡང་གསང་གསུམ་རྡོ་རྗེའི་ལྡང་༔ ཡི་གེ་བརྒྱ་དྲུག་བཟླས་པ་བྱ༔ ཨོཾ་ཨཱཿཧཱུྃ༔ གཞི་ལམ་འབྲས་བུ་སྣང་སྟོང་ཆོས༔ གདོད་ནས་ལྷུན་གྲུབ་མཎྜ་ལ༔ ལྷ་ལ་ལྷ་རོལ་ཚུལ་དུ་མཆོད༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ གསུམ་པ་གསང་བ་ནི༔ ཧཱུྃ༔ སྣོད་བཅུད་ཡེ་ནས་འོག་མིན་ཞིང་༔ རང་སྣང་ལོངས་སྐུའི་བཀོད་པ་ཅན༔ རྣམ་སྨིན་ཆས་སུ་རྡོ་རྗེ་ཡི༔ སྤྱི་བོར་ཡེ་ཡིན་རང་གི་རིག༔ རྡོ་རྗེ་བླ་མ་ཀུན་ཏུ་བཟང་༔ ཡབ་ཡུམ་གཉིས་མེད་རོལ་བ་ལ༔ རྣམ་དག་བདུན་གྱི་མཆོད་པ་འབུལ༔ སྒོ་གསུམ་གུས་པའི་གསོལ་བ་འདེབས༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་མཛོད༔ ཨོཾ་བཛྲ་གུ་རུ་ས་མནྟ་བྷ་དྲ་ཨ་ཧཱུྃ༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ དཀྱིལ་འཁོར་དབང་ཕྱུག་འཁོར་ལོའི་མགོན༔ གཞི་ལམ་འབྲས་བུས་ཧེ་རུ་ཀ༔ ལྟ་བ་མཇལ་བའི་མཉམ་པར་སྦྱོར༔ གནས་གསུམ་ཁྱབ་འཇུག་ཡེ་ཤེས་ལས༔ དཀར་དམར་སྔོན་པོའི་ཕྲ་རྡུལ་འཕྲོས༔ བུམ་གསང་ཤེས་རབ་དབང་བྱིན་ཐོབ༔ སླར་ཡང་ཧཱུྃ་ལས་བསྐྱར་ཞིང་ཐིམ༔ ཚིག་གི་དབང་ཐོབ་འོད་ཞུ་བས༔ བདག་ཐིམ་དྲི་བཅས་འཛིན་པ་ཞི༔ ཡེ་ཤེས་ཆེན་པོའི་དབྱིངས་སུ་འཁྱིལ༔ ཀ་ཡ་ཝཀྐ་ཙིཏྟ་སིདྡྷི་ཕ་ལ་ཨ་ཧཱུྃ༔ མྱུར་གསང་འོད་ཀྱི་རྩ་བཞི་ནས༔ རྣམ་ཤེས་ཐིག་ལེ་རྡོ་རྗེའི་མཚན༔ རང་བཞིན་སྤྲུལ་པའི་ཞིང་དུ་འཕང་༔ བསྲེ་འཕོ་ཟུང་འཇུག་ཨེ་མ་ཧོ༔ སྲིད་པའི་བར་དོ་མི་མཐོང་བར༔ བླ་མའི་ཐུགས་རྗེའི་ཟང་ཐལ་ཤོག༔ ཧིག༔ མ་རིག་ཉོན་མོངས་ཕུང་འདྲེ་འདིའི༔ སྲིད་པའི་མུན་པར་བཅུད་སྨིན་པོ༔ སྒྱུ་མའི་མགྲོན་དུ་སྒྱུ་མ་འགྱེད༔ སྒྱུ་མའི་རྣལ་འབྱོར་འགྲུབ་པར་ཤོག༔ ཕཊ༔ སྐབས་འདིར་ཕྱིའི་རུ་ཤན་བྱས་ལ་དེ་རྗེས༔ བཞི་པ་ཡང་གསང་ནི༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་ཕྲ་མོ་ཡི༔ གནས་དྲུག་རིགས་དྲུག་ས་བོན་བསྲེགས༔ བསྐལ་མང་སྐད་ཅིག་གནས་སྦྱང་གིས༔ སྦུབས་གསུམ་དབྱེར་མེད་འབྲས་བུར་སྨིན༔ ཨོཾ་ཨཱཿཧཱུྃ༔ འབུམ་བདུན་བཟླས༔ ཧཱུྃ༔ ལུས་ནི་རྡོ་རྗེ་རྩེ་གསུམ་པས༔ བགེགས་དང་ལོག་འདྲེན་ཕྲ་མོ་བསྲེག༔ སྲིད་པ་རྡོ་རྗེའི་དཀྱིལ་འཁོར་དུ༔ ཆེ་བའི་ཡོན་ཏན་ཧོ་ཡི་དབྱིངས༔ ཧོ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾ༔ ཧོ་སྦྱངས་བྱས༔ ཧཱུྃ༔ རྒྱལ་ཀུན་སྤྱི་གཟུགས་བླ་མ་གསལ༔ ལྷ་སྔགས་ཆོས་ཉིད་དབྱེར་མེད་ངང་༔ བརྟན་གཡོ་ཐལ་འབྱིན་རྣམ་བཞིའི་སྒྲོལ༔ ཀུན་ཀྱང་ཧཱུྃ་དུ་གཏམས་ཁྲིག་གདལ༔ ཧཱུྃ༔ ཧཱུྃ་སྦྱངས་བྱས༔ ཧཱུྃ་གི་ཏིང་འཛིན་རྟེན་དུ་ཤར༔ ཧཱུྃ་གི་རྫོགས་སྨིན་སྦྱངས་གསུམ་གྱིས༔ ཧཱུྃ་གི་བསླབ་གནས་ལ་བཟླས་ཏེ༔ ཧཱུྃ་ལ་སྐུ་ལྔ་ལྷུན་གྱིས་གྲུབ༔ ཨོཾ་རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ ཨཱ༔ རྡོ་རྗེ་ཀུན་ཁྱབ་བྱང་སེམས་རོལ༔ ཧཱུྃ་རྡོ་རྗེ་མཆོང་བས་གོམ་སྟབས་ཀྱི༔ ཚངས་པའི་ཡུལ་ས་རྩེ་ནས་གནོན༔ ཕཊ༔ གད་མོ་ཆེན་པོ་གད་རྒྱངས་ཆེ༔ ཧ་ཧ་ཧི་ཧི༔ ཞེས་སོར་གཞུག༔ ཨཱ༔ ནམ་མཁའ་ལམ་ལ་རབ་གནས་པ༔ ཡིད་བཞིན་ནོར་བུ་ཆེན་པོ་དབང་༔ དཔག་བསམ་ཤིང་ཆེན་རྒྱས་པ་ལྟར༔ བུམ་པ་བཟང་བོ་ཆེ་བའི་མཆོག༔ ཞེས་རྣལ་དུ་དབབས་སོ༔ སྐབས་འདིར་དངོས་གཞི་བསྒོམ༔ ཡང་ན་ཡང་གསང་གི་སྔོན་འགྲོ་འདི་མ་བཏོན་ཀྱང་ཆོག༔ འཕོ་བའི་གོང་དུ་ལུས་སྦྱིན་འདོན་ཏེ་དཀྲུག་པར་བྱའོ༔ རྗེས་ལ༔ དགེ་འདིས་མཚོན་དེ་དུས་གསུམ་དུ༔ བྱས་བསགས་དགེ་བའི་རྩ་བ་ཀུན༔ དུས་གསུམ་རྒྱལ་བའི་ཡོངས་བསྔོ་གྲུབ༔ འཁོར་གསུམ་དམིགས་མེད་ངང་དུ་ཨཱ༔ ཅེས་བརྗོད༔ འདི་ནི་འཇམ་ལོ་དང་རྒྱ་མཚོ་གཉིས་ཀྱི་ངོར་ག་གཱས་སོ། །དགེའོ། །བཀྲ་ཤིས་ཤོག །ཧཱུྃ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཡི༔ རྩེ་ལ་སྤྲུལ་བའི་ཁྱུང་ཁྲ་འཕྲོ༔ སྟེང་གདོན་གཟའ་དང་རྒྱུ་སྐར་སྡེ༔ འོག་གདོན་ཀླུ་དང་ས་བདག་ཚོགས༔ མ་ལུས་ཐལ་བའི་བརྡུལ་དུ་རློག༔ ཕྱག་གཡོན་གནམ་ལྕགས་ཕུར་བ་གཟིར༔ ལྕགས་སྡིག་ནག་པོའི་ཟི་ར་འཕྲོ༔ རྒྱལ་འགོང་སྡེ་བརྒྱད་སྤྱི་ནས་ཟ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ༔ སྟག་མོ་གྲུས་མའི་སྟེང་ན་འགྱིངས༔ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ ཞལ་ནས་དྲག་པོའི་གད་རྒྱངས་སྒྲོགས༔ འབར་བའི་གར་གྱི་བརྗིད་པ་ཡི༔ སྐུ་ལས་མེ་དཔུང་མཚོན་ཐུན་དང་༔ ཁྲོ་ཆུང་ཕོ་ཉའི་འཕྲོ་འདུ་ཡི༔ གནོད་བྱེད་འབྱུང་པོ་ཐམས་ཅད་ཀུན༔ ཚར་གཅོད་བརྡུལ་དུ་བརླག་པ་དང་༔ ཤ་ཁྲག་ཧབ་ཧབ་ཟོས་པར་བསམ༔ དམ་ཚིག་ཏིང་འཛིན་དཀྱིལ་འཁོར་ལ༔ དབྱིངས་བཞུགས་རྒྱལ་བ་ཞི་ཁྲོའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དབྱེར་མེད་ལྟ་བ་མཇལ་ཕྱག་འཚལ༔ ཁམས་གསུམ་དུག་གསུམ་ཤ་ཁྲག་རུས༔ དབྱིངས་གྲོལ་ཆེན་པོའི་མཆོད་པ་འབུལ༔ མཚན་མ་རྣམ་དག་ཤུགས་ཁྲོའི་ངང་༔ སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་ཁྲོ་བོ་ལོད་ནིརྨ་ཀ་ཡ་ཁྲོཾ་ཏི་པ་ཙ་སརྦ་བིགྣན་ན་ག་རཱ་ཛ་མ་ར་ཡ་ཕཊ༔ ཅེས་ཅི་མང་བཟླའོ༔ མཐར་ནི་མཆོད་བསྟོད་བསྡུ་རིམ་ལ༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་མཆོད་པ་འབུལ༔ ཡོན་ཏན་མངོན་ཤེས་ལྟ་བས་བསྟོངས༔ དག་པའི་རྟེན་འབྲེལ་སྒྱུ་འཕྲུལ་ཀུན༔ མི་དམིགས་ཆོས་ཀྱི་དབྱིངས་སུ་ཨཱ༔ ཅེས་བརྗོད་དེ་ཡི་ནད་ལས་གྲོལ༔ རིག་འཛིན་མཆོག་གི་ངོས་སྐལ་དུ༔ ཁྲག་འཐུང་ག་གཱ་ཨ་བྷྱེས་སོ། །

མ་ཅིག་ཌཱཀྐིའི་རྒྱུན་ཁྱེར་མཁའ་སྤྱོད་རིག་འཛིན་ཞིང་བསྒྲོད།

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་ཅིག་ཌཱཀྐིའི་རྒྱུན་ཁྱེར་མཁའ་སྤྱོད་རིག་འཛིན་ཞིང་བསྒྲོད་བཞུགས་སོ༔

ན་མོ་ཌཱཀྐི་ནི་ཡེ་བྷྱ༔ མ་དང་ཌཱཀྐིའི་ཚོགས་ལ་གུས་བཏུད་ནས༔ སྤྲོས་མེད་རྣལ་འབྱོར་རྒྱུན་གྱི་ཁྱེར་བདེ་ནི༔ དཀྱིལ་འཁོར་གཏོར་མ་བསྐྱེད་རིམ་མང་མི་དགོས༔ འཇུག་པ་བདེ་ཕྱིར་སྤྲོས་བྲལ་གཉུག་མའི་ངང་༔ སྐྱབས་སུ་འགྲོ་ཞིང་བྱང་སེམས་བསྐྱེད་པ་ནི༔ ན་མོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ གཞན་དོན་བྱང་ཆུབ་མཆོག་སེམས་བསྐྱེད༔ ལན་གསུམ་བྱ༔ ཨཱ༔ འཁོར་འདས་མཉམ་ཉིད་དག་པ་ཆོས་སྐུའི་ཀློང་༔ རང་རྩལ་འགགས་མེད་སྙིང་རྗེ་སྤྲུལ་པའི་ལྷ༔ མ་ཅིག་ལབ་ཀྱི་སྒྲོལ་མ་སྐུ་མདོག་དཀར༔ ཞི་འཛུམ་ལང་ཚོ་རབ་མཛེས་བཅུ་དྲུག་ཚུལ༔ གནག་སྣུམ་དབུ་སྐྲ་ཚར་གྱི་ལན་བུ་གཡོ༔ རིན་ཆེན་རྩེ་བྲན་དར་སྣ་ལྔ་ཡིས་བརྒྱན༔ ཞལ་གཅིག་ཕྱག་གཉིས་གཡས་པས་ཅང་ཏེའུ་འཁྲོལ༔ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན༔ དར་དཀར་རལ་ཀ་གསོལ་ཞིང་རུས་པས་བརྒྱན༔ དྲིལ་གཡེར་སྙན་པའི་སྒྲ་སྒྲོགས་འོད་ལྔའི་ཀློང་༔ བདེ་སྟོང་གཡོ་མེད་གར་གྱི་རྣམ་རོལ་གྱིས༔ ཆགས་བྲལ་པདྨ་ཟླ་བའི་གདན་ལ་བཞུགས༔ རང་བཞིན་མ་གྲུབ་གསལ་འཚེར་འོད་ཟེར་འབར༔ སྣང་སྟོང་དབྱེར་མེད་སྐུ་གསུམ་ཌཱཀྐིའི་ལྷ༔ མ་དག་གཟུང་འཛིན་འཁྲུལ་རྟོག་དབྱིངས་སུ་ཡལ༔ དག་པ་རབ་འབྱམས་ལྷ་ཡི་འཁོར་ལོར་ཤར༔ ཅེས་བརྗོད་སྐྱེ་མེད་རྡོ་རྗེའི་བཟླས་པ་ནི༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ༔ ཅེས་བཟླས༔ དེ་ནས་རྩ་བའི་བསྙེན་པ་དངོས་ནི༔ ཨོཾ་བཾཿཧཿརིཿནིཿསཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་ཡེངས་མེད་རྩེ་གཅིག་ངང་ནས་བཟླས༔ གཏད་མེད་བློ་འདས་ཆོས་སྐུའི་ངང་ལ་བཞག༔ རྟོག་ཚོགས་ཡེ་ཤེས་ལྷ་ཡིས་དཀྱིལ་འཁོར་བསྒོམ༔ མ་དང་ཌཱཀྐིའི་ཡང་སྙིང་འདི་བཟླས་པས༔ སྣང་བ་བརྡ་དང་རྟེན་འབྲེལ་ཆོས་སྐུར་འཆར༔ མ་ཅིག་ཌཱཀྐིའི་དངོས་ཉམས་རྨི་ལམ་དུ༔ བླང་དོར་ལུང་སྟོན་བློ་གྲོས་ཐོགས་མེད་རྒྱས༔ སྣང་སྲིད་ལྷ་འདྲེ་མ་ལུས་བྲན་དུ་ཁོལ༔ ནམ་ཞིག་མཁའ་སྤྱོད་རིག་འཛིན་ཞིང་དུ་བསྒྲོད༔ ཨྠི༔ རྒྱ་རྒྱ་རྒྱ༔ ས་མ་ཡཱ༔ དེ་ལྟར་ཁོ་བོ་ནམ་མཁའི་མིང་ཅན་གྱིས། །ཆོས་ཉིད་ནམ་མཁའི་ཀློང་མཛོད་ཟབ་མོ་ནས། །རྟེན་འབྲེལ་ཕྱོགས་མེད་བསྒྲིགས་པའི་དགོས་ཆེད་དུ། །རིག་རྩལ་མཁའ་འགྲོའི་བརྡ་རིས་ལས་ཕབ་པས། །དགེ་བས་འགྲོ་དོན་ནམ་མཁའ་མཉམ་པར་ཤོག །ཅེས་གསུངས་སོ། །དགེའོ། །དགེའོ། །དགེའོ། །

བསྲེགས་བླུགས་བསྡུས་པ་བཀྲ་ཤིས་རྒྱན་ཕྲེང་།

བསྲེགས་བླུགས་བསྡུས་པ་བཀྲ་ཤིས་རྒྱན་ཕྲེང་ཞེས་བྱ་བ་ནི༔ ཡོད་རིགས་ཀྱི་རྫས་ཚོགས་པར་བྱས་ཏེ༔ རཾ་ཡཾ་ཁཾ༔ གིས་བསྲེགས་གཏོར་སྦྱངས༔ སྭ་བྷ་ཝ་ཡིས་ལྟ་བའི་ངང་༔ ཨོཾ་ཨཱཿཧཱུྃ་བྱུང་བདུད་རྩིར་བརླབས༔ དེ་ནས་ཐབ་ཏུ་མེ་སྦར་ལ༔ ཨཱཾ་པཱཾ་ཧྲཱིཿརཾ༔ ཞེས་མེ་ལྷ་བཞི་ཡིན་པར་ཤེས་པའི་ངེས་ཤེས་བསྐྱེད་དེ་ཡཾ་ཞེས་མེ་ཡབ་ཀྱིས་བསྐུལ༔ དཀྱིལ་འཁོར་གང་ཡིན་གྱི་རྩ་སྔགས་ཀྱིས་དེའི་ནང་དུ་ལྷ་གསལ་ལམ༔ མིན་ཀྱང་ཆོས་ཉིད་དག་མཉམ་ཡུམ་གོས་དཀར་མོའི་བྷ་ག་ལ་དཀྱིལ་འཁོར་ཐམས་ཅད་ཀྱང་རྫོགས་པའི་ལྟ་བསྒོམས་དྲན་པའི་ངང་ནས༔ ཨོཾ༔ མི་དམིགས་ཆོས་དབྱིངས་སྤྲོས་བྲལ་ལས༔ རང་རིག་སོར་རྟོགས་ཤེས་རབ་མེའི༔ རང་བཞིན་ཡེ་ནས་དཀྱིལ་འཁོར་གྱི༔ གསུང་གཅིག་ཀུན་བཟང་ཨེ་མ་ཧོ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཐུགས་དམ་ཀྱི་རྒྱུད་བསྐུལ་ཏེ༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷ་དང་༔ བསྲེགས་ལྷ་བཅོམ་ལྡན་འདས་ཞི་ཁྲོ་རོལ་བའི་འཁོར་ལོ་ཐམས་ཅད་སྤྱན་དྲངས་ཏེ་མཚོ་ལ་ཁ་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་ལ༔ ཨོཾ་བཛྲ་ཛྙཱ་ན་ས་མ་ཡ་ཨགྞེ་དེ་ཝ་ཨེ་ཧྱ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲ་ཤ་ཧོ༔ ཛཿཧཱུྃ་བཾ་ཧོ༔ བརྟན་པར་བྱས་ལ༔ ཨོཾ་ཨ་མྲ་ཏེ་སྭཱ་ཧཱ༔ ཞེས་བྱོན་སྐྱེམས་བདུན་ཕུལ༔ ཧཱུྃ་ཧཱུྃ༔ རིགས་ལྔའི་ཞི་ཁྲོའི་དཀྱིལ་འཁོར་ནི༔ འཁོར་དང་བཅས་པའི་ཞལ་ཧོམ་ཡངས༔ གཏི་མུག་འཇོམས་པའི་མེ་ནི་སྨུག་ལ་མཐུག༔ ཞེ་སྡང་འཇོམས་པའི་མེ་ནི་དཀར་ལ་ཚ༔ ང་རྒྱལ་འཇོམས་པའི་མེ་ནི་སེར་ལ་བརྗིད༔ འདོད་ཆགས་འཇོམས་པའི་མེ་ནི་དམར་ལ་ཞུགས༔ ཕྲག་དོག་འཇོམས་པའི་མེ་ནི་ལྗང་ལ་ཟ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ལྷུན་གྲུབ་ཅིང་༔ རིགས་ལྔ་མཁའ་འགྲོའི་རང་བཞིན་གྱིས་བརྒྱན་པར༔ ཟག་མེད་བདུད་རྩིའི་མཆོད་པ་འདི་འབུལ་བས༔ སྡིག་སྒྲིབ་ཉམས་ཆག་ཀུན་དག་ནས༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ རྟོག་པའི་ཡན་ལག་བརྒྱད་ཅུ་ནི༔ ཡེ་ཤེས་ལྷ་དང་མཉམ་སྦྱོར་ཞིང་༔ ཆོས་སྐུ་སྐྱེ་མེད་དོན་རྟོགས་ཏེ༔ རང་གྲོལ་གཏན་སྲིད་ཟིན་པར་ཤོག༔ རྩ་སྔགས་མཐར༔ ཨོཾ་མ་ཧཱ་པཱུ་ཛ་ཁཱ་ཧི༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅེས་སམ༔ ཡང་ན་རྫས་སྐོར་ཚང་བར་སོང་མཐར་གཞུང་གི་ཚོགས་འཁོར་རམ་གཞན་དུ་ཕྱི་ནང་གི་མཆོད་པའི་སྔགས་ཐམས་ཅད་ཀྱིས་མཆོད་དེ༔ ཧཱུྃ༔ ཡེ་ཤེས་འཇིག་རྟེན་མེ་དབྱིངས་ན༔ རྫོགས་པའི་དཀྱིལ་འཁོར་བསམ་མི་ཁྱབ༔ ཡོན་ཏན་རྣམ་ཐར་དྲན་པ་ཡིས༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཞེས་བསྟོད་ལ༔ ཧཱུྃ༔ ཨ་མྲ་ཏེ་ཁཱ་ཧི༔ ལན་བདུན་གྱིས་གཤེགས་སྐྱེམས་ཕུལ་ལ༔ ཡིག་བརྒྱའི་ནོངས་པ་བཤགས༔ བཛྲ་ཀ་ཡ་ཝཀྐ་ཙིཏྟ་བཛྲ་སྭ་བྷ་ཨཏྨ་ཀོ྅ཧཾ༔ ཞེས་བསྡུ་ལྡང་བསྐྱེད་རྫོགས་ཟུང་འཇུག་གི་ལྷ་སྐུ་དབྱེར་མེད་དྲན་པར་བྱས་ལ༔ དེས་སྤྲོས་པ་མ་ཞི་ན༔ བཛྲ་མུཾ༔ གྱིས་གཤེགས་སུ་གསོལ༔ རང་གཞུང་གི་བསྔོ་སྨོན་བཀྲ་ཤིས་བརྗོད་དོ༔ ཞི་ཁྲོའི་རྩ་བསྒྲུབ་གྱིས་མཚོན་ནས་གང་ལའང་བཏགས་ཆོག་པའི་བསྡུས་ཐབས་འདི་ཡང་ཀུན་ལ་ཕན་ཕྱིར་ཤེས་རབ་བློ་འཕེལ་ཁྲོས་པའི་ངང་ཚུལ་ཅན་གྱིས་བསྐུལ་ངོར་ག་གཱས་སོ། །གཡུ་ལོ་བཀོད་པའི་ཞིང་སྨོན་ནི༔ ཨེ་མ་ཧོ༔ སངས་རྒྱས་ཡེ་ཤེས་དབྱིངས་ཆེན་འབྲལ་མེད་ལ༔ དག་པ་བག་ཆགས་གསུམ་གྱི་རང་དུ་སོང་༔ རྣམ་པར་ཤར་ལས་རང་སྣང་གཡུ་ལོ་བཀོད༔ བདེ་སྐྱིད་ཡོན་ཏན་བསམ་མི་ཁྱབ་ལྡན་པར༔ བྱ་བ་གྲུབ་པའི་ཡེ་ཤེས་གཟུགས་སྐུ་ནི༔ དོན་ཡོད་གྲུབ་པ་གཙོ་འཁོར་འཆར་བའི་དབྱིངས༔ དམ་ཚིག་སྒྲོལ་མ་ཆེན་པོའི་ཞབས་དྲུང་དུ༔ བདག་སོགས་འཆི་འཕོ་ལས་ཀྱི་རྣམ་སྨིན་དུ༔ སྐད་ཅིག་ཉིད་ལ་ཡར་གྱི་ཟང་ཐལ་དུ༔ རང་གྲོལ་ངོ་བོའི་གཏན་སྲིད་ཟིན་པར་ཤོག༔ སྤྲུལ་སྐུའི་བྱ་བ་རྣམ་པ་བཞི་ལྡན་གྱི༔ འགྲོ་བ་འདྲེན་པའི་དཔལ་དུ་འགྲུབ་པར་ཤོག༔ ཅེས་ཀྱང་བླ་མ་ཨཀྵ་རིས་མིང་གི་བསྐུལ་ངོར་ག་གཱས་སོ། །དགེའོ། །

བླ་འགུགས་རྡོ་རྗེའི་ལྕགས་ཀྱུ།

དགོངས་གཏེར་རྡོ་རྗེའི་གན་མཛོད་ལས༔ བླ་འགུགས་རྡོ་རྗེའི་ལྕགས་ཀྱུ་བཞུགས༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །ཐོག་མར་རང་ཉིད་ལྷ་རུ་གསལ༔ དེ་ཡི་བསྙེན་པ་ཅི་འགྲུབ་མཐར༔ ལས་ལ་སྦྱར་བའི་རིམ་པ་ནི༔ བཅའ་ཤོམས་ལ་སོགས་མེད་ཀྱང་རུང་༔ རང་ཉིད་ཡི་དམ་གྱི་ཐུགས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུ་མཐའ་ཡས་མུ་མེད་པར་འཕྲོས་པས༔ དུས་བཞི་ཕྱོགས་བཅུའི་ཁམས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་འཆི་བ་མེད་པའི་ཚེ་བཅུད༔ རྡོ་རྗེ་ལྟ་བུའི་གཟི་བྱིན༔ གཡུང་དྲུང་ལྟ་བུའི་མངའ་དབང་ཐམས་ཅད་བསྡུས་ཏེ་སྲོག་མི་ཤིགས་པའི་གའུར་བརྟན་པར་བསམ་ལ༔ ཨ་ཨཱཿཧཱུྃ་སྭཱ་ཧཱ༔ བྷྲཱུྃ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨཱ་ཡུཿ ཥེ་ཧཱུྃ་ཨཱ༔ ཅི་འགྲུབ་མཐར༔ སླར་ཡང་འོད་ཟེར་མར་འཕྲོས༔ ཁམས་གསུམ་སྣོད་བཅུད་ཀྱི་དཔལ་ཡོན་དང་༔ ཁྱད་པར་དུ་རང་གི་བླ་འཁྱམས་པ་དང་༔ རྐྱེན་གྱིས་ཡར་བ་དང་༔ བྱད་དུ་བཀུགས་པ༔ ལྷ་འདྲེའི་འཕྲོགས་པ་ལ་སོགས་པ་ཐམས་ཅད་བཀུགས་ནས་གནས་ལྔར་བླ་དྭགས་རླུང་ཁ་དོག་ལྔའི་མིང་གཟུགས༔ སྤྱི་བོ་ན་མིང་ཡིག་ཐིག་ལེའི་བརྒྱན་པ༔ མགྲིན་པ་ན་རུས་ཡིག་ཐིག་ལེའི་བརྒྱན་པ༔ སྙིང་ཀ་ན་སྲོག་ཡིག་ཐིག་ལེའི་བརྒྱན་པ༔ ལྟེ་བ་ན་བླ་ཟོག་ཐིག་ལེའི་བརྒྱན་པ༔ མདོམས་ན་ལུས་ཁམས་ཀྱི་རང་བཞིན་རླུང་དབྱིབས་མདོག་མ་གྲོགས་ཀྱི་མཚན་པ་ཐིག་ལེའི་བརྒྱན་པ༔ ཡང་མགོ་བོ་ན་རླུང་གི་ཐིག་ལེ་དམར་པོའི་དབུས་སུ་ཁམས་བྱང་སེམས་རྟ་སྦྲུལ་དམར་པོ༔ ལག་གཡས་ན་འབྲུག་ལྗང་གུ༔ གཡོན་ན་ལུག་སེར་པོ༔ ༼ མཁལ་གཡས་སུ་སྟག་ཡོས་ལྗང་གུ༔ ༽མཁལ་གཡོན་ན་བྱ་སྤྲེལ་ནག་པོ༔ རྐང་གཡོན་དུ་ཁྱི་སྔོན་པོ༔ ཕོ་མོའི་དབང་པོ་ལ་བྱི་ཕག་དཀར་པོ༔ རྐང་བ་གཡས་སུ་གླང་སེར་པོ་རྣམས་ཀྱི་སྙིང་གར་མི་ཤིགས་སུམ་བརྩེགས་ཀྱི་ཧེ་རུ་ཀ༔ སྙིང་ཀ་ལ་ཆེ་མཆོག༔ མཁལ་གཡས་སུ་ཡང་དག༔ མགོ་བོ་ལ་འཇམ་དཔལ༔ རྩིབ་གཡོན་ན་རྟ་མཆོག༔ མདོམས་ཀྱི་དབང་པོ་ལ་ཕུར་པ་ཕྲིན་ལས༔ ལག་གཡས་སུ་སྣ་ཚོགས་ཧེ་རུ༔ གཡོན་ན་རིག་འཛིན་རྡོ་རྗེ༔ རྐང་གཡོན་གསང་བདག༔ གཡས་སུ་སྟོབས་ལྡན་རྣམས་རྡོ་རྗེ་དྲིལ་བུ་འཛིན་པ༔ ཐུགས་ཀར་རླུང་གི་གཉུག་མ་ཐིག་ལེ་རང་མདོག་གི་སྙིང་པོ་ཧཱུྃ་རེའི་བརྒྱན་པ༔ འཁོར་ལོ་ལྔའི་ཐིག་ལེའི་དབུས་སུ་དཔའ་བོ་དཀར་དམར་མཐིང་སེར་ལྗང་གུ་གྲི་ཐོད་འཛིན་པའི་ཐུགས་ཀར་ཧཱུྃ་ར་ཙ་ཧྲཱི་ཡ༔ ཀུན་ཀྱང་ཡུམ་གྲི་ཐོད་འཛིན་པ་རང་མདོག་གིས་འཁྱུད་པའི་ཐུགས་ཀར་བཾ་ཧ་རི་ནི་སཿམཚན་པ་ཅན༔ དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ་རྣམས་གསལ་བ་ལ་ཐིམ་པས་རྟག་པ་རྒྱུན་གྱི་འཁོར་ལོའི་མངའ་ཐང་ཕུན་སུམ་ཚོགས་པ་རྫོགས་པར་བསམ་ལ༔ རྩ་སྔགས་མཐར༔ ཁམས་གསུམ་སྐྱེ་རྒུའི་བླ་ཡིད་ཝ་ཤཾ་ཀུ་རུ་ཧོ༔ ཞེས་མཐར༔ ཨ༔ ཕྱི་ལྟར་འབྱུང་བ་སྣ་ཚོགས་ཁམས༔ ནང་ལྟར་ཕུང་ལྔའི་སྟོང་པའི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་མངོན་རྫོགས་ཧེ་རུ་ཀ༔ ཡང་གསང་མཁའ་འགྲོ་སངས་རྒྱས་དཔལ༔ མཆོག་གསང་རྡོ་རྗེ་ཀུན་བཟང་གཙོ༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ དབུས་ཀྱིས་ཕྱོགས་སུ་ཡར་བའི་བླ༔ སྟོང་ཆའི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ ཚངས་པའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ༼ ཧཱུྃ༔ ཕྱི་ལྟར་འབྱུང་བ་ཤིང་གི་ཁམས༔ ནང་ལྟར་ཟིན་ཞེས་རྩ་ཡི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་ཡང་དག་ཧེ་རུ་ཀ༔ ཡང་གསང་མཁའ་འགྲོ་རྡོ་རྗེ་དཔལ༔ མཆོག་གསང་རྡོ་རྗེ་སེམས་དཔའ་སྟེ༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ཤར་གྱི་ཕྱོགས་སུ་ཡར་བའི་བླ༔ རྩ་ཡི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ དྲི་ཟའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ བརྡ་ཆད་སླར་ཁ་བསྐང་ངོ་། ༽ ཧཱུྃ༔ ཕྱི་ལྟར་འབྱུང་བ་མེ་ཡི་ཁམས༔ ནང་ལྟར་ལི་ཡན་ཚེ་ཡི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་གཤིན་རྗེའི་གཤེད་པོ་སྟེ༔ ཡང་གསང་མཁའ་འགྲོ་རིན་ཆེན་དཔལ༔ མཆོག་གསང་རྡོ་རྗེ་རིན་ཆེན་མཛོད༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ལྷོ་ཡི་ཕྱོགས་སུ་ཡར་བའི་བླ༔ དྲོད་ཀྱི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ གཤིན་རྗེའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་འབྱུང་བ་ལྕགས་ཀྱི་ཁམས༔ ནང་ལྟར་དྭ་ཞེས་རུས་པ་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་རྟ་ཡི་རྒྱལ་པོ་འབར༔ ཡང་གསང་མཁའ་འགྲོ་པདྨ་དཔལ༔ མཆོག་ཏུ་རྡོ་རྗེ་ཆགས་མཆོག་ཚོགས༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ནུབ་ཀྱི་ཕྱོགས་སུ་ཡར་བའི་བླ༔ སྲ་བའི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ ཆུ་བདག་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་འབྱུང་བ་ཆུ་ཡི་ཁམས༔ ནང་ལྟར་ཁམ་ཞེས་སྤར་ཁའི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་ཐལ་འབྱིན་རྡོ་རྗེ་ཞེས༔ བླ་མེད་ལས་ཀྱི་མཁའ་འགྲོ་ལ༔ མཆོག་གསང་རྡོ་རྗེ་དོན་ཡོད་རྩལ༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ བྱང་གི་ཕྱོགས་སུ་ཡར་བའི་བླ༔ ཁྲག་གི་ཁམས་ལ་བརྟེན་པའི་བླ༔ རྣམ་ཤེས་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ གནོད་འཛིན་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་འབྱུང་བ་རླུང་གི་ཁམས༔ ནང་ལྟར་ཟོན་ཏེ་དབུགས་ཀྱི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་བི་ཤྭ་ཧེ་རུ་ཀ༔ ཡང་གསང་སྣ་ཚོགས་མཁའ་འགྲོའི་དཔལ༔ ཤིན་ཏུ་ཡིད་མི་འཁྲུགས་པའི་ངང་༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ཤར་ལྷོ་ཕྱོགས་སུ་ཡར་བའི་བླ༔ དབུགས་ཀྱི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ མེ་ལྷའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་འབྱུང་བ་ས་ཡི་ཁམས༔ ནང་ལྟར་ཁོན་ཏེ་ཤ་ཡི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་བླ་མ་རིག་འཛིན་སྐུ༔ ཡང་གསང་དམ་ཚིག་མཁའ་འགྲོ་མ༔ མཆོག་ཏུ་མགོན་པོ་སྤྱན་རས་གཟིགས༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ལྷོ་ནུབ་ཕྱོགས་སུ་ཡར་བའི་བླ༔ ཤ་ཆེན་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ སྲིན་པོའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་འབྱུང་བ་ནམ་མཁའི་ཁམས༔ ནང་དུ་ཁེན་གནམ་ཤེས་པའི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་དྲེགས་པ་ཀུན་འདུལ་སྐུ༔ ཡང་གསང་ཤ་ཟ་མཁའ་འགྲོ་མ༔ མཆོག་ཏུ་རྡོ་རྗེ་རྣམ་སྣང་དཔལ༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ནུབ་བྱང་ཕྱོགས་སུ་ཡར་བའི་བླ༔ སེམས་ཀྱི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ རླུང་ལྷའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་རི་ཡི་དབང་པོའི་ཁམས༔ ནང་ལྟར་གིང་འཁོར་སྙིང་གི་ལྷ༔ དངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་སྟོབས་ལྡན་འབར་བའི་སྐུ༔ ཡང་གསང་ལས་ཀྱི་མཁའ་འགྲོ་མ༔ མཆོག་ཏུ་མི་བསྐྱོད་རྡོ་རྗེ་སྟེ༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ བྱང་ཤར་ཕྱོགས་སུ་ཡར་བའི་བླ༔ སྲོག་གི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ དབང་ལྡན་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་བླ་ཡི་མིང་གཟུགས་ལ༔ གདན་ནི་འབྱུང་བ་ཆེན་པོ་དགུ༔ རང་བཞིན་བྱང་ཆུབ་དྭངས་མའི་ཁམས༔ གཟུགས་ལ་ལོ་སྐོར་བཅུ་གཉིས་ཤར༔ ཕྱག་རྒྱ་སྤར་ཁའི་རྟགས་བརྒྱད་དོ༔ འཕོ་བའི་བྱེད་པས་སྨེ་བ་སྲིད༔ གཡོ་གནས་དུས་ཀྱི་ལོ་ཟླ་སྟེ༔ སེལ་དུ་རྟེན་འབྲེལ་སྲིད་པ་བྱུང་༔ ངོ་བོ་རང་སེམས་དུག་ལྟར་སྐྱེས༔ སྐྱོབས་མཛད་ལྷ་ལ་དེ་སྙེད་གྲངས༔ ངེས་པར་སངས་རྒྱས་དཀྱིལ་འཁོར་ཆེ༔ སྲོག་ལ་ཡི་གེ་ལྔ་ལས་ཆགས༔ གནས་ལུགས་རང་གྲོལ་ཡེ་ཤེས་ལྔ༔ ཆོས་ཅན་ཆོས་ཉིད་འདི་དག་གིས༔ བདེན་པ་ཆེན་པོའི་བླ་ཁུག་ཅིག༔ བླ་རྟེན་གཟུགས་དང་དབྱེར་མེད་བསྟིམ༔ སྤར་སྨེ་ཚེས་ལྷས་མགོན་པོ་མཛོད༔ རྒྱལ་བ་རིགས་ལྔས་བྱིན་གྱིས་རློབས༔ དཔའ་བོ་མཁའ་འགྲོའི་རྒྱ་ཡིས་ཐོབ༔ ཨོཾ་བཛྲ་ཎ་ཨཾ་ཀུ་ཤ་ཛ་ཛ༔ དེ་ནས་རབས་བྱུང་བཤད་པ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ རྒྱལ་པོ་ཆེན་པོ་ཟས་གཙང་གི༔ བླ་ཚེའི་ལྗོན་པ་ཉམས་པ་ན༔ ཐབས་མཁྱེན་བཅོམ་ལྡན་འཁོར་བཅས་ཀྱིས༔ གསང་སྔགས་ཆོ་ག་བཀྲོལ་མཛད་དེ༔ དུས་མ་ཡིན་པའི་འཆི་བ་བཟློག༔ ཡང་སྔོན་བདེ་བ་ཅན་གྱི་ཞིང་༔ རྒྱལ་པོ་ཆེན་པོ་དབང་པོའི་དཔལ༔ བླ་ཚེའི་ལྗོན་པ་ཉམས་པ་ན༔ ཐབས་མཁྱེན་བྲམ་ཟེའུ་རྒྱ་མཚོའི་རྡུལ༔ གསང་སྔགས་ཆོ་ག་བཀྲོལ་མཛད་དེ༔ དུས་མ་ཡིན་པའི་འཆི་བ་བཟློག༔ དེ་འོག་བེ་ཏའི་སྤོར་ཐང་རྒྱལ༔ བདེ་སྤྱོད་བཟང་པོ་ཞེས་བྱ་བའི༔ བླ་ཚེའི་ལྗོན་པ་ཉམས་པ་ན༔ ཐབས་མཁྱེན་འཕགས་པ་ཀླུ་སྒྲིབ་ཀྱིས༔ གསངས་སྔགས་ཆོ་ག་བཀྲོལ་མཛད་དེ༔ དུས་མ་ཡིན་པའི་འཆི་བ་བཟློག༔ དེ་རྗེས་བྲག་དམར་བསམ་ཡས་སུ༔ ཁྲི་སྲོང་ལྷ་ཡི་མེ་ཏོག་གི༔ བླ་ཚེའི་ལྗོན་པ་ཉམས་པ་ན༔ ཐབས་མཁྱེན་པདྨ་འབྱུང་གནས་ཀྱི༔ གསང་སྔགས་ཆོ་ག་བཀྲོལ་མཛད་དེ༔ དུས་མ་ཡིན་པའི་འཆི་བ་བཟློག༔ ད་ལྟ་རྣལ་འབྱོར་བདག་གིས་ཀྱང་༔ དཔོན་སློབ་འཁོར་དང་བཅས་པ་ཡི༔ སུ་ཞིག་བླ་ཚེ་ཉམས་པ་དང་༔ ཐབས་མཁས་གསང་སྔགས་རྗེས་བསྒྲུབ་སྟེ༔ མཐུ་སྟོབས་མགོན་པོ་ཁྱེད་གསོལ་ན༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ བླ་ཚེ་ལྕགས་ཀྱི་ལྗོན་པ་ལ༔ མངོན་མཐོའི་དཔལ་གྱི་ཡལ་ག་རྒྱས༔ ངེས་ལེགས་དཔྱིད་པོའི་འབྲུར་ཆགས་ནས༔ རང་གཞན་ཀུན་གྱི་ཕོངས་པ་སེལ༔ བདེ་སྐྱིད་བཅུད་ཀྱིས་འཚོ་བ་ཡིས༔ བཀྲ་ཤིས་ཡར་གྱི་ཟླ་རྒྱས་ཤོག༔ དེ་ནས་བརྟན་པར་རྒྱས་གདབས་པ༔ ཧཱུྃ༔ དོན་གྱི་རྡོ་རྗེ་གཉུག་མ་རྩེ་གཅིག་བླ༔ འཕོ་བའི་སྒྲིབ་པས་མ་སྨད་ཕྱག་རྒྱ་ཆེ༔ དེ་རིང་རྣལ་འབྱོར་བླ་འདི་ལྕགས་ལས་སྲ༔ ཡས་དབབ་རང་བཞིན་གཅིག་པའི་བརྟན་བྱིན་ཕོབ༔ བྷྲཱུྃ༔ རྫས་ཀྱི་རྡོ་རྗེ་མི་ཤིགས་རྩེ་ལྔའི་བླ༔ ནམ་མཁའ་ཇི་སྲིད་གཞིར་བཞེངས་སྐྱོབས་པའི་གཟུགས༔ ངོ་བོ་གཅིག་པའི་གསེར་འགྱུར་རྩིའི་ཐེབས་ཤིང་༔ དེ་རིང་རྣལ་འབྱོར་བླ་འདི་ལྕགས་ལས་སྲ༔ བྷྲཱུྃ༔ རྟགས་ཀྱི་རྡོ་རྗེ་རྩེ་བརྒྱ་རྣོ་ལ་གཟེངས༔ རྐྱེན་གྱིས་མི་ཤིགས་གསང་སྔགས་ཡ་ལད་བཙན༔ ཏིང་འཛིན་ཕྱག་རྒྱ་རྫས་སྔགས་ཞུན་ཐར་གཏམས༔ དེ་རིང་རྣལ་འབྱོར་བླ་འདི་ལྕགས་ལས་སྲ༔ ཨོཾ༔ འབྲས་བུའི་རྡོ་རྗེ་རྩེ་གསུམ་བསྲུང་བཀོད་ལས༔ བླ་རྐུན་བགེགས་ཀྱི་སྤྱི་ནས་སྟོང་དུ་འགས༔ དེ་ཡང་སྟོབས་ཤུགས་གྲོགས་སུ་དགུགས་པའི་མཐུས༔ དེ་རིང་རྣལ་འབྱོར་བླ་འདི་ལྕགས་ལས་སྲ༔ ཨོཾ་ཙཀྲ་བཛྲ་ཝརྟི་རཀྵ་རཀྵ་བྷྲཱུྃ༔ ཞེས་བརྗོད་མཐར༔ དཀྱིལ་འཁོར་གང་ཡིན་གྱི་བཀྲ་ཤིས་བརྗོད་ལ་ཏིང་ངེ་འཛིན་ལྟ་བུའི་ངང་དུ་མཉམ་པར་བཞག་གོ༔ དེ་ལྟར་བླ་འགུགས་ཆོ་ག་གསལ་བ་འདི༔ ཡོན་ཏན་ཀུན་ལྡན་ཁྲེལ་བའི་བཀའ་བཀྱོན་གྱི༔ སྣ་ལ་འགྱོད་བཅས་ག་གཱས་གཅོས་གཏམ་བཤད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ ཡང་བསྡུ་ན༔ ཧཱུྃ༔ རྣལ་འབྱོར་བླ་གནས་འཕོ་ཡུལ་སུམ་ཅུ་ལ༔ བརྟེན་པའི་བླ་ནི་རྣམ་ཤེས་འཁོར་བའི་གནས༔ ཆད་ཉམས་ཡར་ཟབ་བརྐུས་དང་འཕྲོགས་པ་ཀུན༔ ཡེ་ཤེས་ལྷ་ཡི་ཐུགས་རྗེས་འདིར་ཁུག་ཅིག༔ འཇིག་རྟེན་སྲུང་མའི་སྟོབས་ཀྱིས་འདིར་ཁུག་ཅིག༔ གསང་སྔགས་རིག་སྔགས་བདེན་པས་འདིར་ཁུག་ཅིག༔ རྟེན་འབྲེལ་བསླུ་མེད་བདེན་པས་འདིར་ཁུག་ཅིག༔ ཁམས་ལྔ་རྫས་ཀྱི་རྟེན་ལ་དབྱེར་མེད་བསྟིམ༔ འཕོ་མེད་རྡོ་རྗེའི་ཕྱག་རྒྱས་ཆིངས་སུ་བཅིང་༔ འཆི་མེད་ཚེ་ཡི་དབང་མཆོག་ཐོབ་ནས་ཀྱང་༔ མི་བསྐྱོད་ཡེ་ཤེས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཀྱང་བྲེལ་ཚུབ་གཅིག་གི་ངང་ནས། །གཉོམ་གཏམ་ཞིག་ལ་སྐྲག་ནས། །སྡིགས་འདོད་ཞིག་ཏུ་མཐོང་སྟེ། །སྦ་གསང་མེད་པར་ཐོལ་བྱུང་། །སྙནངག་མེད་པའི་དྭོ་ཧ། །ངོ་ཚ་མེད་པའི་ག་གཱས། །ངལ་བ་མེད་པས་བྲིས་སོ། །

ས་དཔྱད་རིན་ཆེན་བང་མཛོད་ཅེས་བྱ་བ་ལ་ཤིན་ཏུ་མང་ཡང་འདིར་རྨི་ལམ་དུ་ཤར་བ་མདོར་བསྡུས།

ས་དཔྱད་རིན་ཆེན་བང་མཛོད་ཅེས་བྱ་བ་ལ་ཤིན་ཏུ་མང་ཡང་འདིར་རྨི་ལམ་དུ་ཤར་བ་མདོར་བསྡུས་བཞུགས། །

དེ་ལ་མ་ཧཱ་ཙི་ནས་མཁན་པོ་ཞིག་དང་། ཡང་གཞན་དུ་བུད་མེད་ཞིག་གིས་དྲི་ལེན་དུ་ན་རེ། ཨེ་ཨེ། རྟེན་འབྲེལ་ས་ཡི་དཔྱད་པ་ལ། །ཐོག་མར་དགེ་བ་མིང་དུ་གཙོ། །བར་དུ་དགེ་བ་རྟེན་འབྲེལ་གཙོ། །ཐ་མར་དགེ་བ་དབྱིབས་སུ་གཙོ། །དེ་ནས་ཕན་ཆད་བཏང་སྙོམས་དང་། །རོ་སྙོམས་འཁུ་འཁྲིག་སྤངས་བར་བྱ། །ལྟ་བ་རྟོགས་པའི་དག་ཆེན་གྱིས། །ཁྲུས་ཀྱི་གདབས་ཐིག་སྣོད་བཅུད་བཅས། །བལྟའ་ལོག་སྤངས་ལ་གཏེར་དུ་སྦ། །ཡང་ན་བདུད་རྩི་ཚོགས་སུ་ཕུལ། །དེ་ལ་སོགས་པ་འདོན་ཆ་ལས། །གསལ་ཕྱིར་འདིར་ནི་མ་སྤྲོས་སོ། །ང་ནི་ཀུན་གྱི་ཚ་བོ་རུ། །བྱ་བ་ལ་ནི་སྔ་མོར་རུ། །དྲི་བ་དྲི་ལེན་འདི་ལྟར་རོ། །ཨེ་ཨེ་ཧ་ཤང་ཆེན་པོ། །ས་ལ་རྣམ་པ་དུ་ཡོད། །གང་ལ་གང་ཞིག་འཚམ་མོ། །དབྱིབས་ཀྱི་རྣམ་པ་གང་འདྲ། །རྟེན་འབྲེལ་བརྟགས་ཐབས་དུ་ཞིག །དགེ་དང་ཤེས་མི་རྟགས་གང་། །ཞེས་སུ་སྨྲས་ལ་ལན་དུ། །ཨཻ། ང་ནི་མ་ཧཱ་དཎྜི་རབ་འབྱམས། །བསྟན་པ་འདི་ལ་མ་ཡེངས་ཉོན་ཅིག །རྟེན་འབྲེལ་བརྟགས་ཐབས་ཐོག་མར་གཙོ། །ཚིག་དང་བརྡ་ཡི་རྟེན་འབྲེལ་དང་། །མིང་དང་མཚན་མའི་རྟེན་འབྲེལ་བརྟགས། །དེ་ནི་རྟེན་འབྲེལ་བརྟགས་ཐབས་སོ། །གཉིས་པ་ས་དཔལ་འདི་ལྟ་སྟེ། ཨཻ། ཕྱོགས་མཚམས་བརྟགས་དང་ཆུ་དཔལ་དང་། །ནམ་མཁའ་དག་ལ་བརྟགས་པ་དང་། །ཉི་མ་ཟླ་བ་ལ་ནི་བརྟགས། །རྩི་ཤིང་ནགས་ཚལ་དག་ལ་བརྟགས། །བྲག་དང་རྡོ་དང་རླུང་ལ་བརྟགས། །དང་པོ་ཕྱོགས་ལ་བརྟགས་པ་ནི། །ཤར་ཕྱོགས་པདྨ་རྒྱས་འདྲ་དགོས། །མི་འཆི་ཚེ་ཡི་རྫིའུ་ལགས། །ལྷོ་ཕྱོགས་རིན་ཆེན་བསྒྲིགས་འདྲ་དགོས། །མི་འཛད་ནོར་གྱི་རྫིའུ་ལགས། །ནུབ་ཕྱོགས་གློ་སྒོ་འདན་འདྲ་དགོས། །དགྲ་འདྲེའི་མི་ཚུགས་རྫིའུ་ལགས། །བྱང་ཕྱོགས་ཀྱང་ ༼ གྱང་དཔྱད། ༽ལོགས་བྲིས་འདྲ་དགོས། །ཤི་གཤེད་རྨེག་མེད་རྫིའུ་ལགས། །ཤར་ལྷོ་ཉིད་དང་བྱང་ཤར་ཏེ། །མཚམས་གཉིས་གཞོལ་ཉམས་ཡོད་པས་ནི། །སྲོག་ལ་ཉེ་ཞོ་མེད་པ་དང་། །ཁྱད་པར་དུ་ནི་ཡོན་ཏན་ལྡན། །ཡང་ཤར་ཕྱོགས་རྒྱ་སྟག་ཁྲ་བོ་ལ། །ལྷོ་ཕྱོགས་གཡུ་འབྲུག་སྔོན་མོ་དང་། །ནུབ་ཕྱོགས་བྱ་དང་བྱང་རུས་སྦལ། །དེ་དག་རེ་རེ་ཐམས་ཅད་ལ། །སྟག་ལ་སད་མདའ་མ་ཕོག་དགོས། །གཡུ་འབྲུག་རོ་ཁུར་མ་ཡིན་དགོས། །རྨ་བྱ་ལ་སོགས་དེ་དང་འདྲ། །པདྨ་ཤར་གྱི་དབྱིབས་སུ་ཡིན། །འདབ་མ་ཉམས་ན་ཚེ་ལ་འགོངས། །གཡུ་འབྲུག་ཆུ་བོ་འབབས་པའི་ཀླུང་། །དེ་ལ་རྒྱུན་གྱི་མ་ཆད་དགོས། །རྨ་བྱ་རྙི་ལ་མ་ཐོགས་དགོས། །རུས་སྦལ་ཤིང་གཟུགས་མ་སོང་དགོས། །ས་མཆེ་གནམ་བཅས་ལྡེབས་ཏེ་གཅིག །པདྨ་འཁོར་ལོ་རྩིབས་བཞི་བརྒྱད། །གང་ལ་གྲྭ་ཆག་ལོ་ལྷ་དེར། །གནས་པ་དག་ལ་མ་དགོས་སོ། །ཡང་། གྱད་ཀྱི་མགོ་བོ་མ་ནོན་དགོས། །རྒྱབ་རིའི་མགོ་ཡི་ཕ་ཝཾ་ཡིན། །དཔུང་པ་དགྲ་ཡིས་མ་བཅག་དགོས། །གཡས་ཀྱི་བྲག་ཤིང་ལམ་གྱིས་བཅད། །གྲི་ཆུང་སྙིང་ལ་མ་ཟུག་དགོས། །ཤར་ལམ་གྲུབ་གསུམ་བསྟན་པ་ལ། །ལྟག་པ་གྲི་ཡིས་མ་བཅད་དགོས། །རྒྱབ་ཀྱི་ལམ་ནི་གྲུ་གསུམ་དང་། །བྲག་གི་རྩེ་མོ་གཟེངས་བ་ཡིན། །འཕར་བས་རྒྱུག་འཛང་མ་ཉེ་དགོས། །ཚེ་སྲོག་རྐུ་བའི་རྟགས་གཟུགས་ལ། །ནུབ་ཀྱི་མཐོང་མཚམས་འཇབ་ ༼ འཇམ་དཔྱད། ༽ པ་འདྲ། །ཤར་དབང་བོ་ཁྲོས་པའི་རྡོ་རྗེའི་གཟུགས། །ལྷོ་གཤིན་རྗེའི་ལག་གི་བེ་ཅོན་དང་། །ནུབ་ཆུ་ལྷ་ངུས་པའི་མཆི་མ་དང་། །བྱང་གནོད་སྦྱིན་ཤི་བའི་གཡང་གཞི་ལྔ། །དེ་བྲག་དང་གྲོག་ཤུལ་དབྱིབས་ལ་ཟེར། །ཤར་ལྷོ་མེ་ལྷ་ཁྲོས་པའི་མེ་དབལ་གཏོང་། །ལྷོ་ནུབ་སྲིན་པོ་ཁྲོས་པའི་སྤར་རྗེས་དང་། །ནུབ་བྱང་རླུང་ལྷ་ཁྲོས་པའི་བ་དན་གཡུག །བྱང་ཤར་དབང་ལྡན་ཁྲོས་པའི་ཐན་གཟུགས་དང་། །སྟེང་ཕྱོགས་ལྷ་ཁམས་ཁྲོས་པའི་ཐུན་གཡུག་དང་། །འོག་ཀླུ་ཁམས་ཁྲོས་པའི་རྒྱ་མཚོ་མེ་རིའི་གཟུགས། །དེ་རྣམ་ཐམས་ཅད་མ་ཡོད་དགོས། །ཤར་དབང་པོ་དགའ་བས་རྡོ་ལེབ་དཀར། །དེ་བསྒྲིགས་ལེགས་མི་རབས་ཚེ་རིང་དགེ །ལྷོ་གཤིན་རྗེ་བྲོས་པས་རི་བོ་གྱེད། །དེ་མི་རབས་རྒྱུད་དུ་ནད་མེད་བདེ། །ནུབ་ཆུ་ལྷ་དགའ་བས་གྲོགས་གདན་འཐུགས། །དེ་ལོངས་སྤྱོད་ནོར་ལ་ཕུན་སུམ་ཚོགས། །བྱང་གནོད་སྦྱིན་དགའ་བས་བཞིན་འཛུམ་བསྟན། །དེ་བདུད་བགེགས་ཞི་བས་ཕུན་སུམ་ཚོགས། །ཤར་ལྷོ་ནས་རིམ་བཞིན་གཡས་བསྐོར་དུ། །མིག་ལ་ཁྲག་ཆུ་མ་འཁྱིལ་དགོས། །དེ་ཤར་ཕྱོགས་དམར་པོའི་ཆུ་འགོའི་སྒྲོན། །ལྕེ་ལ་བདུད་རྩི་བབས་པ་དགོས། །ཆུ་མདོ་མིག་གི་དགྲ་རུ་ལྡང་། །སྙིང་ལ་ཆུ་བོ་མ་བསགས་དགོས། །ལྷོ་ནས་འཁོད་པས་ཆུ་འགོ་ལགས། །གཡུ་འབྲུག་རོ་ཁུར་རྐེད་པ་བཅད། །དེ་དག་ཐམས་ཅད་སྔ་མ་ལྟར། །ནུབ་ཕྱོགས་སྲིན་མོ་འཁྲུགས་པས་ཁྲག་ཆར་དེ། །མཚེའུ་དམར་པོ་ཆལ་ཆོལ་དགྲམ་ལ་ཟེར། །བྱང་ཕྱོགས་གནོད་སྦྱིན་ཤ་རིར་མ་བརྩིགས་དགོས། །དེ་ལ་ཀླུ་བདུད་སྦལ་ཁྱུང་འཁྲུགས་པས་དབྱེ། །ཤར་སྲོག་རྟེན་སྦ་དཀར་སྨྱུག་མ་དང་། །ལྷོ་གཡང་འཕེལ་དཔག་བསམ་ལྗོན་པ་དང་། །ནུབ་འདོད་འཇོ་བཀྲ་ཤིས་རི་བྲག་དང་། །བྱང་མི་མཐུན་སྐྱོབས་པས་ཡོལ་བ་འཇམ། །བདུད་རྩི་བུམ་ཆུ་བསྒྲེང་བ་སྟེང་དགོས། །གནམ་ཆུ་བོ་བོ་འདྲ་ཤར་ན་ཡོད། །མ་རྨོས་ལོ་ཐོག་འཁྲུངས་བ་ལྷོ་ན་ཡོད། །རྩི་ཤིང་ལྷུན་གྲུབ་རྒྱས་པ་དགོས། །ཁམས་གསུམ་དབང་སྡུད་དབང་གི་ཕྱོགས། །དམར་ཞིང་འཐུག་ན་རབ་ཏུ་བཟང་། །རྒྱབ་རི་ཅུང་ཟད་འདུད་པ་ལ། །རྡོ་རྗེ་བྲག་རི་བརྗིད་པ་དགོས། །སྡུག་བསྔལ་ཞི་བ་དབང་པོའི་ཕྱོགས། །དཀར་ཞིང་དྭངས་ན་རབ་ཏུ་ཞི། །བསོད་ནམས་རྒྱས་པ་ལྷོ་ཡི་ཕྱོགས། །དགོས་འདོད་འབྱུང་བ་སེར་པོའི་དགེ །དགྲ་བགེགས་ཚར་གཅོད་དྲག་པོའི་སར། །ཅུང་ཟད་གནག་ལ་རབ་ཏུ་བསྔགས། །སྔགས་ནག་ཕུར་དབལ་མ་ཟུག་དགོས། །ཉི་ཟླའི་ཉམས་སད་མ་བྱས་དགོས། །འབྲེང་གྱོང་སྣུམ་ལ་ཟུག་པ་དགོས། །ལྷོ་ལྗོན་ཤིང་ལོ་འབྲས་མ་ཉམས་དགོས། །བྲག་ནག་རྩེ་རྣོན་བྱང་ནས་ཟུག །ཉི་ཟླ་ལན་གཉིས་ཤར་ནུབ་པ། །ལས་སྣེ་ཆུར་ཟུག་ཤར་ནས་ཟླུམ། །ལམ་ཤར་ལམ་ཚེ་ལམ་འགྲིམས་ས་ལ། །དེ་ལ་མདའ་མོ་མ་ཟུག་དགོས། །ལྷོ་ལམ་གྲོགས་ཀྱི་འགྲིམས་སྒོ་ལ། །གྲོགས་ལ་ཁ་ཕུང་མ་རལ་དགོས། །ནུབ་ཕྱོགས་དགྲ་ཡི་རྒྱུ་ལམ་ལ། །སྣ་ནས་ཆོད་ན་སྐྱོན་པ་མེད། །བྱང་ཕྱོགས་གཤེད་པོའི་དྲང་དུ་ཤར། །དེ་ཡང་ཕྱོགས་གཞན་ཁ་སྨས་ཡོད། །མཐོ་ལ་དམའ་འམ་དམའ་འམ་མཐོ། །རྒྱབ་རི་གནམ་ལ་བཅོལ་བའོ། །རྟེན་ཕུར་ས་ལ་བརྟེན་རྩ་བརྟན། །ཁྲི་དྲུག་གཡོ་འགུལ་མ་བྱས་གལ། །རླུང་གིས་དངངས་བསླངས་རྣ་བར་གཟེན། །ཆུ་ཡི་སྒྲོན་མ་མིག་ཏུ་འཛེར། །ནམ་མཁའི་སྒྲོན་མས་གྱོད་ཕུང་བསྐྱེད། །དེ་རྣམས་བསྡུས་ནས་བསྟན་པའོ། །དེའི་ཚེ་གྲོང་ཁྱེར་དེའི་རྒྱབ་ན་བྲག་ནར་ནང་ཞིག་ཡོད་པས། །དེ་ཅི་ཡིན་དྲིས་ཚེ། །ཧ་ཤང་ན་རེ། །བྲག་འདི་རྔོན་པའི་རྒྱབ་ཀྱི་དུག་མདའ་ཡིན་ཟེར། །བདག་གིས་བླ་མའི་རྒྱབ་ཀྱི་ཆོས་བརྩིགས་ཡིན་ནམ་སྨྲས། །ཁོ་ན་རེ། ཧ་ཧ། ས་ལ་ནོར་བ་ཤིན་ཏུ་མང་བས་བལྟ་ཞིབ་དགོས་ཏེ། བླ་མའི་རྒྱབ་ཀྱི་གླེགས་བམ་དང་། །རྔོན་པའི་རྒྱབ་ཀྱི་དུག་མདའ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །རྔོན་པའི་རྒྱབ་ཀྱི་དུག་མདའ་དང་། །ཡར་མི་འགྲོ་བའི་གཉའ་ཤིང་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །བན་དྷེའི་རྒྱབ་ཀྱི་ཆོས་གོས་དང་། །སྡིག་ཅན་རྒྱབ་ཀྱི་ཤ་བརྩིགས་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །རྒྱབ་རི་རིན་ཆེན་སྤུང་བ་དང་། །མི་ཐེག་ཁུར་གྱིས་ནོན་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ཁྱུ་མཆོག་གླང་ཆེན་མཁལ་ཁུག་དང་། །མི་རྒན་ལྟོག་པའི་ལྟོ་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །རྒྱབ་རི་གནམ་གྱིས་བྱས་པ་དང་། །གནམ་སའི་ཁ་ཞབས་ལྷུང་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །རྒྱབ་རི་གནམ་གྱིས་བྱས་པ་དང་། །གནམ་གྱི་འཇུ་ཐག་ཆད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །གནམ་གྱི་འཁོར་ལོ་རྩིབས་བརྒྱད་དང་། །གནམ་མཆེ་ས་རུ་ཟུག་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ས་ཡི་པདྨ་འདབ་བརྒྱད་དང་། །ས་མཆེ་གནམ་དུ་ཟུག་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །དགྲ་བླའི་བ་དན་ཕྱར་བ་དང་། །རྣོན་པོའི་སོ་འོག་ཚུད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །མ་ཧཱ་ཀཱ་ལའི་བིང་ཆེན་དང་། །སྤྲང་པོའི་དབྱུག་ཏོ་ཕྱར་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །བཙུན་མོའི་བྲང་གི་བདུད་རྩི་དང་། །སྲིན་མོའི་ཁྲག་གི་ཁ་ཕྲུ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །སྤྱི་གཙུག་བུམ་པའི་ཁྲུས་ཆུ་དང་། །མྱ་ངན་མཆི་མ་འཛགས་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ལྕེ་ཐོག་བདུད་རྩི་བླུགས་པ་དང་། །བདུད་མོའི་མོ་མཚན་བསྒྲད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །སྔགས་པས་དར་ནག་ཕྱར་བ་དང་། །བསེན་མོའི་རེ་སྒྱེ་ཕྱར་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ཕྱུགས་མང་སླས་སུ་འདུ་བ་དང་། །ཕ་ནོར་དགྲ་ཡིས་བཅོམ་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ཕྱུགས་མང་རྩེད་འཇོ་བྱེད་པ་དང་། །མང་པོ་འཐབ་འཛིང་བྱེད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །འབྲི་བརྒྱ་གཡག་གིས་བསྐོར་བ་དང་། །དཀོར་ནོར་ཁྱི་ཡིས་བརྟོལ་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །མི་ནུབ་རྒྱལ་མཚན་ཕྱར་པ་དང་། །ཟོ་སྟོང་གནམ་དུ་བཏགས་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །རྨ་བྱའི་གདུགས་ཆེན་ཕུབ་པ་དང་། །བཙན་པོའི་སྦར་ཞབས་ཚུད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ས་མདོའི་སྟག་མོ་ཁེར་སྡོད་དང་། །མི་གཅིག་དཔའ་མེད་དཔུང་རྒྱུག་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ཆེ་བཙུན་གུས་འདུད་བྱེད་པ་དང་། །གྱོད་ངན་ཀྱལ་འུར་བྱེད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །གསེར་ཉ་གཡུ་ཉ་ཁ་སྤྱོད་དང་། །མི་རོ་རྟ་རོ་བསྣོལ་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །གཡུ་འབྲུག་གྱེན་དུ་འགྲོ་བ་དང་། །སྦྲུལ་ནག་ཐུར་དུ་རྒྱུག་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ནེ་ལེའི་ཁ་ནས་ནོར་སྐྱུག་དང་། །གཅན་གཟན་ཁ་ནས་མི་རོ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །བུ་མོ་སྦྲུམ་མའི་ལྟོ་བ་དང་། །དམུ་ཆུ་སྐྲང་པ་རྡོལ་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །བཙུན་མོའི་པང་གི་བུ་ཆུང་དང་། །ཐན་གྱི་མི་རོ་སྒོ་སྐྱེལ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ཞེས་སོགས་འབྱུང་ལྔ་ཉི་ཟླ་གཟའ་སྐར་སླས་གཟུགས་ལོ་སྨེ་སྤར་ཁ་ཕོ་མོ་རྒན་གཞོན་བྱིས་པ་སྐུ་གསུང་ཐུགས་རྟེན་ཡུལ་མཁར་ཕུང་སྲིའི་བྲུབ་གནས་རྣལ་འབྱོར་ཉམས་ལེན་གྱི་གནས་སོགས་རྒྱ་ཆེར་བཤད་དོ། །དེ་ཡང་གཟུགས་དང་རྫས་ལ་དཔྱད་པ་དང་། །དེ་དག་ཡོད་ཕྱོགས་སུ་ལ་བཟང་། །ཉེས་སམ་ཐམས་ཅད་གསལ་བར་སྟོན། ཀུན་ཀྱང་རྒྱས་པར་བཤད་པ་ལ། །བརྡ་ཡིག །ཡི་གེའི་རྣམ་པར་གང་ ༼ ཆོས་སྨྲ་བའི་གང་ཟག་དང་ལོ་ཙྭ་བ་སོགས་ལ་བཟང་། ༽སྣང་བ། །བླ་མའི་རྒྱབ་ཀྱི་གླེགས་བམ་ཡིན། །མེ་མདའི་རྣམ་པར་གང་ཤར་བ། །རྔོན་པའི་རྒྱབ་ཀྱི་དུག་མདའ་ཡིན། ༼ རྔོན་པ་དང་ཆོམ་རྐུན་གྱི་རྒྱབ་རི། ༽དྲང་པོ་དབྱུག་པ་འདྲ་ན་གཉའ་ཤིང་ཡིན། །༼ ལྟག་ཆོད་ཡིན། ༽དམར་སེར་ཚལ་བུ་བརྩེགས་པའི་བྲག་ནི་ཆོས་གོས་ཡིན། །༼ འདུལ་བ་འཛིན་པ་ལ་བཟང་། ༽དམར་ནག་རད་རོད་བརྩེགས་པ་ཤ་རྩིགས་ཡིན། །༼ བསྟན་པའི་དམར་ལས་མཁན་ལ་བཟང་གཞན་ལ་ངན། ༽ཡིད་འོང་ལྷུན་བརྗིད་ཆེ་ན་རིན་ཆེན་སྤུང་བ་དང་། །༼ ཀུན་ལ་བཟང་བའི་རི་ཡིན་ཁྱད་པར་བུམ་གཏེར་སྦ་ས་ཡིན། ༽ མདོག་མི་སྡུག་ཅིང་འཕྲེད་ལམ་དོད་པའི་བྲག་ནི་ཁུར་ཆེན་ཡིན། །༼ དབུལ་པོའི་བླ་རི་ཡིན་པས་གཞན་ལ་ངན། ༽ གླང་ཆེན་རྒྱགས་པའི་མཁལ་མ་དང་འདྲ་འཇམ་ཞིང་སྣུམ་ལ་མི་དགའ་མེད། །༼ ཀུན་ལ་བཟང་ཁྱད་པར་ནོར་ལྡན་ལ་བཟང་། ༽མི་རྒན་ལྟོག་བ་སྟོང་ལ་ཁ་དོག་བཙའ། །༼ ཀུན་ལ་ངན་སྤངས། ༽གཞུང་ཆེན་ན་དམར་བདོལ་ ༼ རྡོལ་དཔྱད། ༽ ལ་ས་ལྟེ་ནོར་བུ་འདྲ། །༼ ཀུན་ལ་བཟང་ཁྱད་པར་ཡུལ་ཁམས་ལ་དབང་བསྒྱུར་བའི་མི་ལ་བཟང་། །༽ དེ་ལ་གནམ་གྱི་རྒྱབ་རི་བྱས་ཤིང་ཡོན་ཏན་ཀུན་ནས་རྒྱས། །རི་རབ་ཕྱོགས་ནས་མདའ་ལྟོང་ཆེ་ཞིང་གནམ་ས་སྟེང་འོག་བསྒྱུར་འདྲ་ནི། །༼ ཀུན་ལ་ངན། ༽ བཙན་པོ་གནམ་གྱི་ཁ་ཞབས་ལྷུང་བ་ཞེས་བྱའོ། །ས་ནག་བྲ་རལ་ཐང་ཆེན་དཀྱིལ་ནི་གནམ་གྱི་འཇུ་ཐག་ཆད་པ་ཡིན། །༼ དབུལ་པོའི་བླ་ས། ༽ཕྱོགས་མཚམས་ཀུན་ནས་འཚམ་པར་གནམ་ལ་ཙཀྲ་རྩིབས་བརྒྱད་ལེགས་པར་ཤར། །༼ དགོན་ཆེན་དང་རྣལ་འབྱོར་ཉམས་ལེན་གྱི་བསྟི་གནས། ༽ ཕྱོགས་གཅིག་ཕྱོགས་གཉིས་མཚམས་བཞི་ལ་སོགས་གང་རུང་ནས། །གཅན་གཟན་ངར་མའི་མཆེ་བ་འདྲ་བའི་གནམ་མཆེ་ངན། །༼ སྤྱིར་ཀུན་ལ་ངན། ཁྱད་པར་ལོ་གང་གི་སྟེང་ཡིན་ན་དེ་ལ་ངན། ༽ཕྱོགས་མཚམས་ཀུན་ནས་འཇམ་མཉེན་ཡིད་འོང་པདྨའི་འདབ་མ་རྒྱས་འདྲ་བཟང་། །༼ རྣལ་འབྱོར་བ་སོགས་ལ་ལེགས། ༽ ཕྱོགས་མཚམས་དག་ནས་རི་རྩེ་རྣོན་པོའི་གནམ་སྔོན་ཕིག་འདྲ་གོང་མར་ངན། །༼ འགོ་བའི་ལྷ་དང་རང་མི་མི་ཆེན་སོགས་ལ་ངན། ༽རྒྱབ་རི་དགྲ་ལྷའི་བ་དན་ཕྱར་བ་ལྟ་བུའི་རི་རྒྱུད་མཛེས། །༼ དམག་དཔོན་སོགས་ལ་བཟང་། ༽ལྷོ་ནུབ་ཕྱོགས་ན་རི་ནག་ཁྲོ་བོ་གནམ་གྱི་རྗེས་འགྲོ་རལ་གྲི་ལྟ་བུའི་བྲག་ཤར་ཕྱར། །༼ གོང་དུ་ཤོར་བའི་དགྲ་རི་ཡིན་པས་ཀུན་གྱིས་སྤངས། ༽མགོན་པོ་ལྟ་བུའི་རི་རབ་ཆེ་བརྗིད་སྣུམ་བག་ལྡན་ལ་ཡིད་དུ་འོང་། །༼ ལྷ་སྲུང་གི་བླ་རི་ཞེས་བྱ་སྟེ་གྲགས་པ་འཕེལ་བས་བཟང་། ༽ གཡས་ན་རི་རྒྱུད་བིང་ཆེན་ལྟ་བུ་རྩེ་མོ་ཡིད་བཞིན་ནོར་འདྲའི་བརྒྱན། །བྲག་རལ་དང་ནི་ས་ནག་རི་བོ་གཡས་ན་གྲོག་ཤུལ་ཕྲག་གོང་བལྟ། །༼ སྤྲང་པོའི་བླ་རི་ཞེས་བྱ་སྟེག་གཞན་གྱིས་མིན། ༽སྤྲང་བོ་མུ་ཏོའི་དབྱུག་པ་ཕྱར་བ་ཞེས་བྱའོ། །མདུན་ན་མོ་རི་ཕྲ་ཞིང་མཉེན་ལ་ཆུ་མིག་ཡིད་འོང་བྲང་ནས་འབབས། །༼ སྔགས་འཆང་གི་ཡུམ་སོགས་ལ་ལེགས། ༽དེ་ལྡོག་རི་ནག་སྲིན་མོ་ཁྲོས་འདྲའི་ཁ་ནས་ཆུ་ངན་བོ། །༼ འདྲེ་མོའི་བླ་རི་ཞེས་བྱ་སྟེ་བུད་མེད་འདྲེ་རིགས་ཅན་དང་རྔོན་པ་ལ་བཟང་། དེ་མིན་ངན། ༽སྐབས་སྐབས་དུས་སུ་ཆར་བ་འབེབས་སླ་རིན་ཆེན་སྤྲིན་ཚོགས་ལྷག་པར་རྒྱས། །༼ ཡོན་ཏན་ཅན་གྱི་བླ་རི་ཞེས་བྱ་སྟེ་སློབ་མ་དད་དམ་ཅན་སོགས་ལ་བཟང་། ༽སྙན་པའི་འབྲུག་སྒྲ་གཞན་ལས་ཆེས་ལྷག་དུས་དང་དུས་སུ་རབ་ཏུ་སྒྲོགས། །རྒྱབ་ཀྱི་རི་ལ་ཆུ་མིག་རྡོལ་ལམ་མིག་གི་ཐད་ན་སྒྲོན་མ་ཅན། །༼ ཀུན་གྱིས་སྤང་། ༽ཞལ་གྱི་ཐད་ན་བཞིན་མཛེས་བུ་མོ་འདྲ་བའི་བྷཉྫ་བདུད་རྩིའི་བཀང་བ་འདྲ་བའི་མཚོའུ་འཁྱིལ་བ་བཟང་། ༼ འདོད་པ་དོན་དུ་གཉེར་བ་ཀུན་ལ་བཟང་། ༽ མདུན་ན་མོ་མཚན་བསྒྲུད་པ་ལྟ་བུའི་གྲོག་ཤུལ་ནང་དུ་སྐབས་འགར་ཆུ་ཕྲན་རྒྱུག ༼ བཙུན་པ་ལ་ངན། ཁྱིམ་ཐབ་མ་རྙེད་པའི་སྐྱེ་བོ་ལ་ལེགས། ༽ སྔགས་པའི་དར་ནག་བསེན་མོའི་རེ་སྒྱེ་ཕོ་རི་མོ་རིའི་བྱེ་བྲག་འབྱེད། །༼ འདི་གཉིས་སྔགས་པ་ལ་བཟང་ངན་ཕྱོགས་གང་གནས་ཀྱིས་ཤེས། གཞན་ལ་ངན། ༽ མེ་ལྷ་དང་གཤིན་རྗེའི་ཕྱོགས་ན་ནགས་ཚལ་གནག་ཕྱུགས་འདུ་བ་དང་། །༼ བཟང་། ༽དགྲ་ཡིས་དེད་འདྲ་དུམ་ཆོད་དུམ་ཆོད་ཕྱིར་ཕྱོགས་པ། །༼ ངན། ༽རྩི་ཤིང་སྣ་ཚོགས་ཕྱུགས་རྣམས་རྩེ་ལྟར་རྒྱས་པ་དང་། །༼ བཟང་། ༽རྒྱ་བོད་ཧོར་འཇང་སོགས་འཐགས་འཐབ་བྱེད་པ། །༼ འདི་ངན་པའི་ས་སྟེ་དེ་དབུས་མནན་པ་བྱས་ན་བཟང་། ༽འབྲི་བརྒྱ་ལྟ་བུའི་གད་ནག་དེས་ས་མདུན་གྱི་ནེའུ་སེང་དབུས་ན་མཛེས། །༼ བཟང་། ༽ མདུན་རིའི་ལྟོ་བ་རལ་བ་ལྟ་བུའི་གྲོག་སྐམ་གད་ནག་མི་མཛེས་པ། །༼ ངན། ༽ས་རི་བྲག་རི་གྲོག་སྐམ་ཟོ་སྟོང་ཁ་བལྟས་པ། །༼ འདི་གང་བ་སྟོང་པའི་རི་ཡིན་པས་ཀུན་གྱིས་སྤང་། ༽ ཕྱོགས་ཕྱོགས་དག་ན་རྒྱལ་མཚན་ལྟ་བུའི་ལྷུན་པོ་མཛེས་ཤིང་རབ་མཐོ་བ། །༼ འདི་གཞན་གྱིས་མི་ཐུབ་པའི་རི་ཞེས་བྱ་སྟེ། ལྷ་བསང་དང་རླུང་རྟའི་ཀ་འཛུགས་བྱས་ན་ལེགས། དེ་སོགས་གཞན་ལའང་ལེགས། ༽ རྒྱབ་རིའི་རྩེ་མོར་གཡའ་སྔོན་རྨ་བྱའི་གདུགས་ཕུབ་དང་། །༼ འདི་བླ་ཆེན་སོགས་ལ་ཤིན་ཏུ་བཀྲ་ཤིས་པའི་རི་བཟང་ཞེས་བྱའོ། ༽ གཅན་གཟན་ཁྲོ་བོའི་སྡེར་མོ་འདྲ་བའི་རྫ་བྲག་ཉིལ། །༼ མནན་གནས། ༽ ལུང་ཆེན་སུམ་མདོར་རྒྱ་སྟག་འདྲ་བའི་བྲག་དེའུ་དང་། །༼ བུ་ཚ་སྟག་ལོ་བར་བཟང་། ༽ ཆུ་མེད་རྩ་མེད་ལུང་མདར་རྐང་ཐང་ལྟ་བུའི་ཕ་བོང་གཅིག ། ༼ འདི་ཐེའུ་རང་སྒྲུབ་པ་ལ་བཟང་གཞན་ལ་ངན། ༽དྲི་ཟ་མེ་ལྷ་གཤིན་རྗེའི་ཕྱོགས་ནས་རྒྱ་ནག་ ༼ ཤིང་སྡོང་། ༽ ཧོར་དང་ ༼ དེའུ། ༽ཁ་ཆེ་ ༼ ཕ་བོང་། ༽སོགས། །ཆེ་བཙུན་འཕྱོར་བོའི་བདག་ལ་འདུད་དེ་འདུད་པའི་ཚུལ་དུ་འདུག ། ༼ བླ་མ་མི་དཔོན་སོགས་ལ་བཟང་། ༽ སྤྱོད་ངན་གྱལ་འུར་བྱེད་པ་འདྲ་བའི་རྡོ་ཤིང་ས་འབུར་གང་རུང་ལ། །༼ འདིར་མནན་པ་རྒྱབ་ན་དགྲ་བོ་ནང་ངན་ཕུང་ཞིག་དུ་འགྲོ་གཞན་ལ་ངན་པས་སྤང་། ༽ སྲིན་པོ་རླུང་ལྷ་ཀླུ་དབང་དག་གིས་དབྱེན་ལྕེ་འདོགས་ཤིང་ཕྲ་མ་འཕེན། །༼ རླུང་སྒྲོན། ༽ མདུན་ཐང་གསེར་སྒང་གསེར་ཉ་འདྲ་དང་མཚོ་ཆེན་གཡུ་ཉ་འཁྱིལ། །༼ བཀྲ་ཤིས་པའི་ས་ཆུ་སྟེ་བཟང་། ༽ མི་རོ་ལྟ་བུའི་ས་སྒང་དང་ནི་རྟ་རོ་འདྲ་བའི་འཕྲང་གི་འཕྲེད། །༼ འདི་བར་མནན་གནས། ༽ གཡའ་སྔོན་ཡིད་འོང་གཡུ་འབྲུག་མཁའ་ལ་འཕྱོ་བ་དང་། །༼ བཟང་། ༽ བྲག་ནག་རི་ནག་རེ་འབྱམས་ཐུར་དུ་རྒྱུག་འདྲ་ཡོད། །༼ འདིའི་སྣ་འོག་མནན་གནས། ༽ ནཻ་ལེའི་ཁ་ནས་ནོར་བུ་སྐྱུག་འདྲའི་རི་སྣར་བྲག་དཀར་རྒྱུག ། ༼ འདི་གནོད་སྦྱིན་ནོར་རི་ཞེས་བྱ་སྟེ་བུམ་གཏེར་སོགས་སྦས་ན་བཟང་། ༽ ཡང་ན་བྲག་དཀར་ཁ་ནས་ཆུ་མིག་བོ་དེ་མདུན་རིར་ཡིན། །རི་དམར་བྲག་དམར་ཁ་ནས་ཤིང་སྐམ་སྐྱེས་པ་དང་། །བྲག་དམར་མི་རོ་འདྲ་བ་རི་ཆེན་ཁ་རུ་ཆུབ། །༼ གཡུལ་མདོས་སོགས་འཕང་ན་ལེགས་ཏེ་ཀུན་གསོད་སྲིན་པོའི་རི་ཞེས་བྱའོ། ༽ ས་མིག་གང་དུ་བུ་མོ་སྦྲུམ་མའི་ལྟོ་ལྟར་འབུར་ལ་གཤོང་། །༼ དུར་ས་སོགས་ཕལ་ཆེར་ལ་མཁོ། ༽ ཡ་ཡོ་མེད་པར་འཇམ་དང་བརྒྱག་དང་རོ་དང་བརླན། །དེ་ལྡོག་བྲག་རལ་རྡོ་གསོག་ཤིང་ཚེར་འོག་ཆུ་རྡོལ། །༼ འདི་ངན་ཡང་ཀླུ་བཙན་ལ་གཏད་རྒྱབ་བྱེད་ན་འདི་འོག་མཆོག །མདུན་གྱི་མོ་རི་བཟང་བོའི་བང་གི་བྲག་དཀར་བུ་ཆུང་འདྲ་བ་དང་། །༼ རྨིང་པོ་བུ་མེད་སོགས་ལ་ལེགས། ༽ བྲག་ནག་དཀྱིལ་སྐྱེས་སྟོང་ཟླུམ་དང་ནི་རི་ནག་དབང་གི་བྲག་འདི་སོགས། །ངན་རིགས་བཟང་རིགས་རིག་པས་བརྟགས་ནས་ཞིབ་ཏུ་སྤང་བླང་བྱ་དགོས་སོ། །ཁ་དོག་ལ་སོགས་མིག་ཏུ་མི་མཛེས་སྐྲག་སྔངས་སྐྱེ་བའི་གནས། །དེ་ནས་རྣམ་པར་འཕྲུལ་བས་དཔྱད་ན་འཇིག་རྟེན་ཀུན་རྫོབ་ཆོས་རྣམས་ལ། །བསམ་གྱིས་མི་ཁྱབ་མང་པོ་ནམ་མཁའི་མཐའ་དང་མཉམ་པ་ཡོད། །འོན་ཀྱང་ས་དཔྱད་རིན་ཆེན་བང་མཛོད་འདི་ནི་རྒྱ་ནག་མཁས་པའི་ལུགས། །ཡུལ་གྲུ་སོ་སོའི་ལུགས་ནི་བསམ་འདས་གཅིག་ཏུ་བརྒལ་བའི་བློ་གྲོས་ངལ། །དེས་ན་འདི་ཙམ་མཐོང་བའི་མོད་ལ་རྣོ་རིག་འཕེལ་བ་འཇམ་དཔལ་གྱི། །ཐུགས་རྗེའི་འོད་དམར་སེམས་ཅན་ཁམས་ལ་རྣམ་པར་ཤར་བར་རིག་པར་བྱ། །མཆོག་ཏུ་མི་འགྱུར་འོད་གསལ་བདེ་ཆེན་སྟོང་བ་ཉིད་ཀྱི་རང་གདངས་ནི། །སྙིང་རྗེ་ཆེན་པོའི་ཡོངས་སུ་གང་བའི་གང་ཟག་དཔའ་བོ་དམ་པ་ལ། །བདེ་སྡུག་སྣ་ཚོགས་དཔག་ཏུ་མེད་པའི་བསྟི་གནས་དེ་ནི་ཡོངས་སུ་ཟད། །འགྲོ་བ་གང་ལ་སྡུག་བསྔལ་རྣམ་པ་དུ་མའི་གདུང་བར་གྱུར་བ་ལ། །ལས་དང་ལས་ཀྱི་འབྲས་བུ་ཡང་ནི་ཆུད་མི་ཟ་བར་སྨིན་ཕྱིར་རོ། །ཅི་སྟེ་བདེན་པ་མཐོང་ན་དངོས་པོའི་རྟག་འཛིན་ཐམས་ཅད་རྣམ་པར་གཞིག །ཅི་བྱས་ཐམས་ཅད་བཀྲ་ཤིས་དམ་པ་ཟག་པ་མེད་པའི་རྒྱུ་རུ་འགྱུར། །དེ་ཕྱིར་འདི་ནི་འཇིག་རྟེན་མཐུན་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་མཆོག་ཡིན། །༼ འདིའི་མ་ཡིག་ཤིན་ཏུ་མི་དག་པས་དཔྱད་འཚལ། ༽ ན་མོ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་ཁྱད་པར་དུ་མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དགོངས་སུ་གསོལ། རྒྱུ་འབྱོར་བ་ཡོན་གྱི་བདག་པོ་འདིའི་སེམས་ཅན་འདིའི་སེམས་ཅན་འདི་རྣམས་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བཏང་བ་འདི་ཐུགས་དགྱེས་པ་ཆེན་པོའི་དེང་དུ་བཞེས་ནས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་སྐྱོབས་པར་མཛད་དུ་གསོལ། སྡུག་བསྔལ་བའི་སེམས་ཅན་ཁྱེད་རྣམས་སྲོག་འདོན་ཅིང་ཚེ་ཐར་ལ་བཏང་བ་ཡིན་པས་དགའ་བ་བླ་ལྷག་དུ་བསྐྱེད་ལ་ན་སྒབ་དང་ཤི་སྒབ་ཐམས་ཅད་ཆོད་པར་གྱིས་ཤིག མི་འཇིགས་སྐྱབས་ཀྱི་སྦྱིན་པ་འདི་ཡིས་མཐུས། ཕ་མའི་གཙོ་བྱས་བདག་སོགས་འགྲོ་ཀུན་གྱི། །གནས་སྐབས་མཐར་ཐུག་རྒུད་པའི་རྐྱེན་སེལ་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ག་གཱས་སོ། །༈ ཨེ་ཝཾ་བླ་མེད་རྒྱུད་སྡེ་རྒྱ་མཚོའི་གཏེར། །བརྟན་མཁས་བདག་ཉིད་མ་ཧཱ་གུ་རུ་གཙོའི། །ཟབ་ཅིང་ཡངས་མཆོག་མཛོད་གསུམ་བཀའི་ཕ་ཕོག །ཇི་བཞིན་རྟོགས་གྲོལ་གྲུབ་པའི་སྐལ་ཐོབ་ཤོག །ཤྲི་བས་སོ། །

ཉེར་མཁོ་རིན་ཆེན་ཕྲེང་བ།

ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལས༔ ཉེར་མཁོ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔

ཐོག་སྔགས་ནི༔ མུ་ནེ་ནཱ་ག་ཤྭ་རི་ར་ཛ་རཀྵ་རཀྵ༔ ཞེས་བརྗོད་པས་བཟློག་གོ༔ ཤིག་མི་སྡུབ་པའི་སྔགས་ནི༔ ཨོཾ་སད་ད་རི་དུམ་སྭཱ་ཧཱ༔ ཞེས་དང་༔ ཨོཾ་ཥ་རུ་ཡ་ཤུདྡྷེ་པྲ་ཙ་ལི་བཻ་ན༔ མར་རྙིང་ཤིག་དུག་དང་སྦྱར་ལ་བསྔགས་ནས་བྱུག་ན་ཕན་ནོ༔ གཉན་ནད་བཅོ་བརྒྱད་རྒྱུན་གཅོད་པའི་སྔགས་བྱང་ལེའུ་གསུམ་པ་ནི༔ གླ་རྩི་སྤང་རྩི་དོ་བོ་འཛིན་པ་ས་ལ་ཐང་ཕྲོམ༔ དང་པོ་ཚ་བ་ལ་བརྟེན་པ་དྲུག་ལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་དུ་ལ་སརྦ་དུ་ཁརྨ་ཤ་ཏུན་ཏང་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད་སྨན་ཆེན་ ༼ བཙན་དུག་ ༽གླ་རྩི་དང་༔ ཁྱད་པར་གཉན་འཇོམས་ ༼ སྟག་ཤ་ ༽ཀུན་བྱེད་ ༼ བོང་ནག་ ༽ བསྔགས༔ ཟོས་པ་ཙམ་གྱིས་སྡུག་བསྔལ་གྲོལ༔ སྐེ་ལ་བཏགས་ན་བསྲུང་བའི་མཆོག༔ ཚ་བའི་ལེའུ་སྟེ་དང་པོའོ༔ ཡང་ཅིག་གྲང་བས་བསྐྱེད་པ་དྲུག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི༔ ཨོཾ་ཁཾ་པ་ཀ་ཏཾ་ཏེ་སརྦ་དུ་ཁརྨ་ཤ་ཏུན་ཏང་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ འདི་ལ་བཟང་དྲུག་བསིལ་གསུམ་ ༼ གུར་གུམ་ལི་ཤི་སུག་སྨེལ་སོགས་ ༽བསྔགས༔ ཟོས་པ་ཙམ་གྱིས་སྡུག་བསྔལ་གྲོལ༔ སྐེ་ལ་བཏགས་ན་སྲུང་བའི་མཆོག༔ གྲང་བའི་ལེའུ་སྟེ་གཉིས་པའོ༔ གསུམ་པ་སྲ་བསྲེར་གྱུར་བ་ལ༔ སྨན་ནི་གཙོ་བོ་བརྒྱད་པ་ལ༔ ཨོཾ་ཨཱ་ཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་དུ་ལ་སརྦ་དུ་ཁ་ཛྭ་ཁཾ་དམ་པ་སནྡྷི་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བསྔགས་ཟོས་ན་སྡུག་བསྔལ་གྲོལ༔ སྐེ་ལ་བཏགས་ན་བསྲུང་བའི་མཆོག༔ ལེའུ་སྟེ་གསུམ་པའོ༔ ཡང་ཅིག་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་པོར་ནི༔ ཐོག་མར་རླུང་ལས་གྱུར་པ་ནི༔ བརྒྱ་དང་རྩ་གཅིག་གཉེན་པོ་རུ༔ ཤ་ཆེན་བསྔགས་ཚ་ཤེས་ཆེར༔ ག་བུར་ ༼ གཉན་ལ་མི་ཉན་ཚ་བ་ལ་དགོས༔ ༽ རམ་ནི་སྨན་ཆེན་ནོ༔ གྲང་བ་ལ་ནི་རྡོ་སོལ་དང་༔ བསྟུན་ཏེ་བད་ཀན་ཅོང་ཞི་ ༼ མོ་ཅོང་མཆོག་ ༽ འམ༔ ཡང་ན་ཚྭ་མཆོག་རྒྱལ་ཚྭའི་བསྒྱུར༔ ཨོཾ་ཡྃ་ཡྃ་ཨེ་ལ་སྟྭམ་ཁ་ཏི་ཁ་ཏི་སྭཱ་ཧཱ༔ ཞེས་བཏུང་བས་ངེས་པར་ཞིའོ༔ ཡང་ཅིག་མཁྲིས་པའི་ནད་རིགས་ལ༔ ཏིག་ཏ་ ༼ ལྕགས་སུམ་ཟངས་ ༽ རིགས་གསུམ་དོམ་མཁྲིས་ནི༔ གང་རུང་བསྔགས་ལ་ཚ་ཤེས་ལ༔ ཀུན་བྱེད་རླུང་ལ་ཤ་རིགས་མཆོག༔ བད་ཀན་ལ་ནི་རྒྱལ་ཚྭའོ༔ གྲང་ཤེས་ཆེ་ན་ལན་ཚྭ་ ༼ བྱང་ཚྭ་ ༽ བསྣན༔ ཨོཾ་ཨཱ་ཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཟེ་ཡ་པ་ཧི་ན་ལཾ་སྭཱ་ཧཱ༔ ཞེས་བཟླས་བསྔགས་ལ་དེ་ཡི་སོགས༔ གསུམ་པ་བད་ཀན་ཞི་བའི་ཕྱིར༔ ཟས་མཆོག་ཚེ་རྫས་ ༼ བླ་མའི་བྱང་སེམས་ ༽སམ་མ་འབྱོར་ན༔ དཀར་པོ་དྲུག་ལ་སྔགས་བཏབ་པ༔ རྣམ་འགྱུར་གཉེན་པོ་ ༼ ཚ་བ་ལ་སྨན་ཆེན་ཀུན་བྱེད་གྲང་བར་བྱ་ཐལ་ཁྲག་ལ་བ་ཤ་ཀའོ། །༽སུམ་ཆ་འཕྲུལ༔ ཨོཾ་ལྕགས་ཀྱི་སྭཱ་ཧཾ་ཝ་ར༔ ཞི་ཞི་སྭཱ་ཧཱ༔ དེ་ཡིས་སྨུག་པོ་ཐམས་ཅད་ཐུབ༔ ཡང་ན་སྐྱ་སེར་གང་ལ་ཡང་༔ མཛེ་ཚ་ ༼ ཚ་ལྡན་ ༽ཟེ་ཚ་ ༼ བ་ཚ་ ༽ ཡ་བག་སྐྱ༔ ཁྱད་པར་གོ་བོའི་ཕོ་ ༼ ཁ་ ༽གྲེ་ ༼ བ་ ༽ཁ༔ ཡང་ན་རྣམ་པར་སྣང་མཛད་ ༼ བྱ་ཐལ་ ༽ལ༔ ཨོཾ་བགྴ་བགྴ་ཡ་ཁྲུ་ཕ་སི་པི་ཏྲ་ར༔ ཞེས་པས་ངེས་པར་ཐུབ་པོ༔ ཡང་ནད་རིགས་བཞི་བརྒྱ་རྩ་བཞི་ལ་གཉེན་པོ་གཅིག་ཆོག༔ སྨན་མཆོག་རྒྱལ་པོ་ལ་ ༼ ཨ་རུ་ར་ ༽བཟློས་ཏེ༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་དུ་ཁ་ན་ཐཾ་ཧེ་ཧེ་སྭཱ་ཧཱ༔ ཞེས་སོ་འདི་ཡང་ཡོན་ཏན་ཀུན་ལྡན་ལ་ག་གཱ་རྒྱལ་པོའི་སྨྲས་སོ། །དེང་སང་གི་གཉན་རིམས་ཀུན་ལ་དཀར་ནག་ ༼ ཕག་ལུད་ ༽ བསྔགས་ཏེ༔ ཨོཾ་རུ་ཊ་ཀ་ར་དུ་ཁ་མ་ར་ཡ་སོད་སྭཱ་ཧཱ༔ ཞེས་བཟླས་ཟོས་པས་ཐམས་ཅད་དང་༔ སེམས་ཅན་བདེ་སྐྱིད་དཔལ་ལ་སྤྱོད༔ མོ་ནད་ཀུན་ལ་སྐྱེས་པའི་གཅིན་ནམ་ལུས་དྲེགས་བསྔགས༔ ཨོཾ་རཀྟ་སྟྭམ༔ པདྨ་སུ་ཁ་ཧོ་ཤིནྟཾ་ཀུ་ཡེ་སྭཱ་ཧཱ༔ ཞེས་དང་༔ དྲེགས་འབམ་ཀུན་ལ་བོང་ཁྲག་བསྔགས༔ རླུང་ཏི་ཁྲ་རཀྵ་དུ་ཧོ༔ ཁྲི་བཟླས་བདེ་བར་ག་གཱས་སོ། །བྱིས་པ་བསྲུང་ཐབས་ས་སིནྡྷུ་ར་ཡིས་ལྕེ་ལ་བྷྲཱུྃ་དང་ཤ་པ་སུཾ་བྲིས་ལ༔ ཨོཾ་ས་ཏུཉྫ་ན་རཀྵ་ཤ་ཏྲུན་མ་ར་ཡ་ཕཊ༔ བྱིས་པ་བསྲུང་༔ ཞེས་འབྲས་བུ་གསུམ་ཐང་དང་བློན་པོ་སུམ་སྦྱོར་གྱིས་མཆོག་དུ་གྱུར་ཅིག༔ ཡང་གག་པ་ལ་རང་གི་གཅིན་ལ་བསྔགས་ཏེ་བཏུང་བས་སེལ་ལོ༔ དེའི་སྔགས་ནི༔ ཨོཾ་གུ་རུ་སརྦ་ཝ་གི་ཙཀྲ་སུ་བྷ་དྲ་ཡེ་སྭཱ་ཧཱ༔ ཡང་སོ་སྲིན་ལ༔ ཨོཾ་ཀ༔ ཞེས་ཚྭ་རྡོག་ཞིག་སོ་བར་ནས་བཟུང་བས་སེལ་ལོ༔ ཡང་ཁྱི་སྨྱོན་ལ༔ ཨོཾ་ཀུ་ཀུ་རཱ་ཛ༔ ཁ་ཐཾ་དནྵ་ཋ་མ་ར་ཡ་སོད༔ ཞེས་སོ། །ཀུ་ཀུ་རཱ་ཛའི་ཁ་ཐཾཿསྐྱ་རངས་མཆེ་བའི་དུག་སོད༔ ཞེས་གཟིག་གི་ ༼ གཅིག་གི་ཞེས་དཔེ་གཅིག་ན་སྣང་། ༽ཤའམ་ཟན་ལ་བསྔགས་སོ༔ ཡང་མར་ཆེ་བའི་སྔགས་ནི༔ ཨོཾ་ཚ་ཚ་སྨ་ཡ་སྭཱ་ཧཱ༔ ཞེས་དང་༔ ཡང་ན་ཤུག་དམར་ལ༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་གྷརྦྷ་ས་ར་མ་ཧཱ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་རྐྱལ་བར་བྲིས་བཅུག་ཕུ་བཏབས་བསྔགས༔ མར་ཕྱེད་ལྷག་འགྲོ༔ འོ་ཁ་མི་ལྡོག༔ རྐྱལ་ཤིང་ལ༔ ཨོཾ་ཙུ་ཙུ་སྨིན་སྭཱ་ཧཱ༔ ཧཱུྃ་ཙུ་ཙུ་སྨིན་སྭཱ་ཧཱ༔ བྲིས་ནས་རྐྱལ་བའི་ནང་དུ་འཕེན༔ བུད་མེད་ཀྱི་ཤེས་ན་རྐྱལ་བའི་ནང་ལ་ཕུ་བཏབ་ཅིང་བཟང་། །ག་གཱས་སོ། །སེམས་ཅན་མི་འགྲོགས་པའི་སྔགས་ནི༔ ཨོཾ་སརྦ་ཝ་ཏི་ལྷན་ལྷན་བཻ༔ ཞེས་སྐེ་ལ་བཏགས་སོ༔ ཨོཾ་ལོངས་སོད་སྭཱ་ཧཱ༔ ཞེས་མིག་ནད་ཐམས་ཅད་སེལ་ལོ༔ ཡང་གློ་ལ༔ ཨ་བ་སུ་དྷ་ར་ན་གློ་ལས་བསྲུང་ཤིག༔ བརྡ་ཡིག །ཡང་གོར་ལ༔ བརྡ་ཡིག །ཨ་བ་སུ་བྷ་ན་ཛྭོ་ར་དུ་ཁ་མ་ར་ཡ་ཕཊ༔ ཞེས་སྐེ་ལ་བཏགས་སོ༔ ཡང་ས་བསྲུང་ནི༔ དཀར་པོ་གཅིག་ཐུབ་བསྔགས་ལ༔ ཨོཾ་སརྦ་ག་རུ་ཎ་མ་ཌ་པ་ཏ་རཀྵ་རཀྵ་༔ ཞེས་སྐེ་ལ་བཏགས་སོ༔ ཉེར་མཁོ་རིན་ཆེན་ཕྲེང་བ་ཞེས་བྱ་བ་ཡོན་ཏན་ཀུན་ལྡན་གྱི་བསྐུལ་བས་ག་གཱས་སོ། །

གསང་སྔགས་ཀྱི་མཆོག་གི་ཁོལ་བྱུང་སྣ་ཚོགས།

གསང་སྔགས་ཀྱི་མཆོག་གི་ཁོལ་བྱུང་སྣ་ཚོགས་བཞུགས་སོ༔

ཐོག་མར་སྤྱང་ཀུ་བཅིངས་ཐབས་ནི༔ འདིར་ཐི་གུ་དཀར་པོ་ལ་བླ་མ་དང་བཀའ་གསུང་གི་དྲི་མ་བསྒོས་ལ༔ རྒྱ་ཆིངས་དགུ་སྤྲུག་གི་རང་ལུགས་མདུད་དེ༔ སྔགས་ནི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ཏེ་དྷརྨ་སངྒྷ་གུ་རུ་དེ་ཝ་ཌཱཀྐི་ནི་དྷརྨ་སམ་བྷོ་ནིརྨ་ཀ་ཡ༔ དཱནྵ་ཊ་ཆིངས་ཆིངས་ནན་ནན༔ སརྦ་བིགྷྣན་མ་ར་ཡ་རྦད་སོད༔ སུ་པུ་བྷ་ཊ་སྭཱ་ཧཱ༔ ཞེས་བརྗོད་ལ་ར་ལུག་གང་ལ་བཏགས་ན་ཁྱུ་བསྲུང་ངོ་༔ གཉིས་པ་ནི་དགྲ་བོ་ལ་སོགས་སྟེང་བཏགས་པས་བསྲུང་འཁོར་ནི༔ ཨོཾ་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་སརྦ་ཤ་དྲུན་དགྲ་བགེགས་ལ་ལྟས་ངན་སྣ་ཚོགས་སྟོན་ཅིག༔ ཨོཾ་ཤ་ཟ་ཧོར་མོ་མ་མོ་དྲི་དུན་མིང་ནས་བོས་རཱ་ཛ་ཙནྡྲ་ས་མ་ཡ་དགྲ་བགེགས་ཀྱི་ཙཀྵུ་ཕྱུང་ཕྱུང་རྨེ་རུ་ཙེ་རླུང་ལ་ཁཱ་ཧི༔ ཞེས་བྲིས་པས་བདེ་བར་འགྱུར་རོ༔ གསུམ་པ་ནི༔ ཁ་ཟ་ཙ་ཊ་ཧོ༔ བརྒྱ་དང་རྟ་དམར་ཁྲག་རིལ་བརྒྱ༔ གསང་ནས་བྱིན་པས་དེ་མ་ཐག༔ ཐམས་ཅད་ཀུན་ཀྱང་འཁོར་རྒྱུན་ཆོད༔ ཅེས་པ་དག་ཀྱང་པདྨ་མ་ཏི་ལ། །ག་གཱ་ཨ་བྷྱེའི་གདམས་པའོ། །གཉིད་སྲབ་པའི་སྔགས་ནི༔ ཨ་སརྦ་བུདྡྷ་ཛྙཱ་ན་མེརྠ་སང་པ་ལེ་ཡེ་སྭཱ་ཧཱ༔ ཞེས་ག་གཱས་སོ། །བརྡ་ཡིག །ཟ་ཡིག་གོ༔ ཅེས་ཀྱང་ག་གཱས་སོ། །ཨ་བུདྡྷ་ཝ་ཀི་ཨིནྡྲ་ཨཀྵིཾ་སརྦ་སིདྡྷི་ཕ་ལ་ཨ་ཧཱུྃ༔ ཞེས་རབ་རང་གི་དྲི་ཆུ་འཐེབ་གང་རེ་སྔགས་སྟོང་ཐུན་རེའི་བསྔགས༔ འབྲང་ཐའི་བླ་མའི་གཙང་ཆབ་རིལ་བུ་བསྔགས་གོ༔ དེ་ནས་བཟའ་བཏུང་གི་སྐད་སྙན༔ རྫས་འབྲུག་གི་གྲེ་བའམ་ཁུ་བྱུག་གི་གྲེབ་བརྡུང་ལ་བསྔགས་ནས་བཟའོ་ཅེས་ཀྱང་ག་གཱས་སོ། །

མཚོན་ཆའི་འཇིགས་པ་བཟློག་པའི་རྫས་དང་སྔགས་ཀྱི་རིམ་པ་མི་འཇིགས་རྡོ་རྗེའི་ཕ་ལམ།

མཚོན་ཆའི་འཇིགས་པ་བཟློག་པའི་རྫས་དང་སྔགས་ཀྱི་རིམ་པ་མི་འཇིགས་རྡོ་རྗེའི་ཕ་ལམ་བཞུགས་སོ༔

མཚོན་བསྲུང་༔ བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །རང་གི་ལུས་མེ་དཔུང་དུ་བསྒོམ་ལ༔ ཨོཾ་རྣོར་སོད༔ ཆུམ་བཟློག༔ དྲེལ་ནན་མི་སྭཱ་ཧཱ༔ ཞེས་ས་གཙང་མ་ ༼ འབུམ་གྱི་དཔྱད། ༽བསྔགས་ལ་དགོས་དུས་སུ་བརྒྱ་རྩ་བཟླས་ཤིང་ལུས་ལ་བྱུག་གོ༔ ཡང་ཨ་གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་བིགྣན་ཚེནྡྷ་དུ་ཁ་མ་ར་ཡ་ཕཊ༔ རཀྵ་རཀྵ་བྷྲཱུྃ༔ དམག་རྐུན་སོགས་ཀྱིས་མི་མཐོང་བར་འདོད་པས༔ ཨཱོཾ་ན་མོ་རུ་ཏྲི་ཡ་ན་མོ༔ ཧི་རི་མི་རི་སྭཱ་ཧཱ༔ ཞེས་པའམ༔ ཡང་ན་ཨོཾ་ན་མོ་རཏྣ་ཏྲ་ཡ་ཡ༔ ཨོཾ་ཙཀྵུ་ཐུམ་ཐག་གུ་རཀྵ་རཀྵ་བྷནྡྷ་བྷནྡྷ༔ ཞེས་སྐྱེས་པ་གྲིར་ཤིའི་ཤ་ལྤགས་རོས་དབུར་ནག་རྣམས་གཉིས་རྩི་བཞིན་བཏགས་པ་རྭ་ནང་དུ་བླུག་པ་ཞག་ཉེར་གཅིག་བསྒྲུབ་ཏེ་འགྲོ་དུས་དཔྲལ་བར་ཐིག་ལེ་བྱས་པས་མི་མཐོང་བ་དང་མཐོང་ཀྱང་གྲུམ་ཆིངས་རྒོལ་སེམས་མེད་པར་འགྱུར་རོ༔ ཅེས་ཀྱང་ག་གཱས་ཛྙཱ་ནས་ངོར་སྨྲས། ཡང་ཆུ་ལ་མི་བྱིང་བར་འདོད་ན་ཤིང་སྣ་འདྲ་མིན་དགུ་སྐེ་ལ་གདགས་ནས༔ ཨོཾ་ན་ག་ཙ་ལ་བཻ་ཁཾ་དུ་ཏ་རཱ་ཀརྨ་གུ་རོ༔ ཞེས་བརྒྱ་རྩ་བརྒྱད་བཟླས་གོང་བསྙེན་བྱེ་བ་གཅིག་གི་མཐའི་རྒྱ་མཚོའི་དཀྱིལ་ནས་ཀྱང་ངོགས་སུ་བཟློག་གོ༔ ག་གཱས་ཀློང་ཡངས་ངོར་བྲིས། ཡང་ཇག་པ་ཁ་བཅིངས་ནི༔ མཆིག་གི་ལྟེ་ཕྱེ༔ བ་སྤྲུ༔ ཉུང་དཀར་གསུམ་བསྲེས་ལ༔ ཨོཾ་ཨོ་ཏི་ཨི་ཏན་སོད་ཡ༔ ཞེས་འབུམ་ཐེར་ཀྱི་བསྔགས་ལ་དགྲ་བྱུང་དུས་རྫས་དགྲ་ཕྱོགས་སུ་གཏོར་ཞིང་སྔགས་བཟླའོ༔ ཡང་༔ མ་མོ་ཤ་ཟ་ཧོར་མོ་རྒྱུག་རྒྱུག་དགྲ་བོའི་རྒྱུས་པ་ཆིང་ཆིང་༔ ཙ་ཁུག་གྲུམ་ནན་རྦུད་དེ་རྦུད་ནི་ཡ་ཀན་ཆིང་༔ ཞེས་སྔགས་རྫས་སྔར་ལྟར་རོ༔ ཕྱོགས་གཞན་དུ་རྒྱུ་བའི་ཚེ་རྟ་ཁལ་སོགས་རྐུན་པོ་ལ་མི་ཤོར་བའི་ཕྱིར༔ ཨོཾ་ཨ་ལ་ཧྲ་ཏྲི་ཡ་ན་བིགྣན་ནན་ནན་ཆིངས༔ ཞེས་ཡི་གེ་བྲིས་པ་སྟོང་བཟླས་བསྲུང་བྱའི་སྐེ་ལ་བཏགས་པས་ཕར་ལ་ཁྱེར་བ་ཚུར་ལ་འཁོར༔ ཡང་ཅིག་དགྲ་བོ་རྒྱུས་པ་ཆིངས༔ གཞན་ཡང་མགོ་འཁོར་ལ༔ ཡས་ལ་ཚིག་བྱས་སྔགས་འདི་གདབས༔ ཨོཾ་འོར་མོ་འོར་མོ་ཐུམ་ཐུམ་རྨུག་ཡ་ལད་ཕྲག་ཏུ་ཨ་དུན་ཀ་ཏེ་སྭཱ་ཧཱ༔ ཞེས་པ་ཁྲི་བསྔགས་སྐེ་ལ་བཅིང་༔ དགོས་དུས་རང་འཐག་ཕྱི་ལ་བསྐོར༔ འཐག་པ་ཙམ་གྱིས་དགྲ་བགེགས་ཆོམ༔ ཡང་ཅིག་བསྲུང་མ་གཉན་པོ་ནི༔ རྦད་བསྐུལ་རྗེས་སུ་སྔགས་འདི་བཏགས༔ ཨོཾ་གུ་རུ་བིཏྱ་དྷཱ་ར་ཝཀྐ་ས་མ་ཡཱ་བིགྣན་ཤ་དྲུས་གནོད་བྱེད་མ་ར་ཡ་ཕཊ༔ ཆོམ་ཆོམ་དྲིན་ན་རཱ་ཛ་བྷྱེ་ཧུར་ཐུམ་ཀུནྩེ་མ་རཱ་ཡ་སོད་སོད༔ ཞེས་བཏགས་གོ༔ འདི་ནི་རྣོ་དབལ་རྡོ་རྗེའི་མཚོན༔ མེད་ལས་སྔགས་པ་ཀུན་གྱིས་བརྙེས༔ དེ་སླད་བསྟན་པ་བསྲུང་བའི་ཕྱིར༔ ཁྲག་འཐུང་ག་གཱ་རྒྱལ་པོའི་བྲིས། །ཨོཾ་ན་མོ་རཏྣ་ཏྲ་ཡ་ཡ་མེ་དུ་ཤ་ན་ཡཾ་ཁ་ལ་བྷྱེ་ནན་ནན༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ༔ ཙིཏྟ་བཛྲ་ཡཾ་ཡཾ་ནན་ནནཿ ཧཱུྃ་ཧཱུྃ་ཧཱུྃ༔ འདི་ས་ལ་བཏབས་ནས་གཏོར་ན་ཕྱོགས་བཞིའི་རླུང་རང་མལ་དུ་གནོན་ཏོ༔ ཅེས་ཀྱང་ག་གཱས་སོ། །ཨོཾ་རཱ་ཛ་ཙནྡྲ་ས་མ་ཡ་ཛ་ཛ་ས་པཱ་རི་ཝ་རི་པདྨ་ཤ་ཝ་རི་ཀརྨ་ཡཾ་ཡཾ་སུ་ཁ་སུརྱ་གུ་ཌ་ཧཱུྃ༔ རླུང་འབོད་ནི༔ ཨོཾ་བཛྲ་བ་ཡ་ཝེ་ཛ་ཛ༔ ཡཾ་ཡཾ་སརྦ་ཀརྨ་ཕེམ་ཕེམ༔ ཞེས་ཁ་གར་ཕྱོགས་ནས་རླུང་འོང་༔ ཨོཾ་སརྦ་ནཱ་ག་ཕཊ་ཕཊ༔ བཾ་བཾ་ཕཊ་ཕཊཿ བཾ་དྷ་ར་ཕཊ་ཕཊ༔ ཅེས་བཟླས་པས་སྤྲིན་གཏོར་རོ༔ ཅེས་པ་འདི་ཡང་ཛྙཱ་ནའི་ངོར་ག་གཱས་སོ། །ནད་བརྒྱ་སྔགས་གཅིག་ནི༔ ༼ གཉན་ལ་སྨན་ཆེན། གདོན་ལ་ཡུངས་དཀར། གྲིབ་ལ་གུ་གུལ་བསྔགས་ལ་བཅིང་༔ ཨཱོཾ་གུ་རུ་བུདྱཱ་དྷ་ར་མ་ར་སྱཻ་ན་པྲ་མརྟ་ན་བཛྲ་ཨཱ་ཧཱུྃ༔ སརྦ་དུ་ཁ་ཚེད་དཿཕཊ་ཕཊ༔ ཅེས་ཀྱང་འཇིག་དགའི་ངོར་ག་གཱས་སོ། །ཚོང་ཁེ་བའི་སྔགས་ནི༔ ཨ་བཛྲ་ར་ཏི་ཀརྨ་ཧ་ཧོ་སརྦ་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཅེས་ཀྱང་ག་གཱས་སོ། །ཨ་ར་ཧོ་ཧཾ་ཀརྟྲེ་ཀརྞ་ཧཾ་ཕུ༔ ཞེས་ཀྱང་ག་གཱས་སོ། །ཆགས་པ་ཆེ་བའི་སྔགས་ནི༔ ཨ་རཱ་ག་ར་ག་མ་ཧཱ་རཱ་ག་སྭཱ་ཧཱ༔ ནུབ་གཅིག་བུད་མེད་བརྒྱ་ལ་སྤྱོད༔ ལིང་ཀ་འགྲེང་བའི་སྔགས་ནི༔ ཨ་བཛྲ་བཛྲ་མ་ཧཱ་བཛྲ༔ ས་མནྟ་ཛ་ཏྲི་དྷ་ར་སྭཱ་ཧཱ༔ རྡོ་རྗེ་རབ་ཏུ་སྲ་བའི་སྔགས༔ ཨོཾ་བཛྲ་སྭ་ཋ་ཚེ་དྷ་ན་ཏིཀྵ་སྭཱ་ཧཱ༔ རྡོ་རྗེ་སྦོམ་པའི་སྔགས་ནི༔ བཛྲ་སྦ་མ་ཡ་ཏི༔ པདྨོ་ཆུང་བའི་སྔགས་ནི༔ ཨོཾ་པདྨོ་ཨལྤ་ཡ་སྭཱ་ཧཱ༔ ཆ་ག་བའི་རོ་ཕྱེ་མར་བྱས་ནས་བསྔགས་པས་ཆུ་ལམ་མ་འགགས་ཙམ་དུ་འགྲོ༔ ཡང་བར་བྱེད་ན་སྤང་བརྒྱན་ལ་བསྔགས་ནས་སྦྱིན་ནོ༔ རོ་རྩའི་བསྐྱེད་སྔགས་ནི༔ ཨོཾ་ཧྲི་ད་གརྦྷ་པ་ར་ཏི་ལ་ཧ་ཧོ་ཧྲཱི་སྭཱ་ཧཱ༔ དབང་ལག་བསྔགས་ནས་ཟོས་ཁུ་བ་འཛད་མེད་འཕེལ༔ ཅེས་ཀྱང་ཀུན་ལྡན་བས་བསྐུལ་ངོར་ག་གཱས་སོ། །རང་ལ་ན་ཆུང་དགའ་བའི་སྔགས་ནི༔ ཨོཾ་ཀུ་མ་རི་ཏ་ཏི་སྭཱ་ཧཱ༔ ཆགས་པ་སྤྱོད་ཅིང་ལྕེ་དང་མཆིལ་མ་ཁ་ལ་བསྐུས་པས་སྐྱེས་པ་གཞན་ལ་མི་དགའ་འོ༔ ཡང་བུད་མེད་ལ་ཆགས་པ་བསྐྱེད་པའི་རྫས་སྔགས་ནི༔ རྒྱ་ཚྭ་དང་བྱ་བྲུན་ ༼ ཕུག་རོན་ ༽ འདུལ་ནས་རྡོ་རྗེ་ལ་བསྐུས་ཏེ་ཆགས་པ་སྤྱོད་པས་བུད་མེད་འདོད་པས་མྱོས་ནས་རྟ་སྐད་རང་དབང་མེད་པར་སྒྲོགས་པ་དང་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེ་ཞིང་རྟོགས་པ་ངོ་འཕྲོད་རྣམ་རྟོག་འགགས་པར་འགྱུར་རོ༔ སྔགས་ནི༔ ཨོཾ་ཛྙཱ་ན་ར་ག་སུ་ཁ་སྭཱ་ཧཱ༔ ཞེས་སོ༔ ཨ་ན་གོ་ཤ་ཡ་ར་ཏི་ཤ་ཏྲུཾ་ཕཊ༔ ཞེས་ནང་བར་གསང་མཚན་ལ་བརྒྱ་རེ་བསྔགས་ན་འདོད་པས་བསླུས་པའི་ཆོས་གེགས་སེལ་ལོ༔ བུད་མེད་བརྒྱ་དང་ལྷན་དུ་ཉལ་ཀྱང་ཆགས་པའི་གདོན་དབང་དུ་མི་འགྲོ༔ ཅེས་ཀྱང་ཤྲཱི་བས་སོ། །བེའུའི་རྣ་ཐོགས༔ བརྡ་ཡིག །རྔ་བསྲུང་༔ ཁྱི་སྨྱོན་སྔགས་བསྲུང་བཞུགས་སོ༔ བརྡ་ཡིག །བཀྲ་ཤིས་ནད་རིགས་འཇོམས་པའི་འཁོར་ལོ་བཀྲ་ཤིས་རྒྱ་མཚོའི་ནོར་བུ་བཀྲ་ཤིས་བཀྲ་ཤིས་བཀྲ་ཤིས་བཞུགས༔ ངེས་པར་གསང་སྔགས་བཟླ་ན་ནི༔ ཉིད་ཀྱི་བསྙུན་ལ་ བདུད་རྩི་བསྔགས༔ ༼ ཀ ༽ སྟར་བུ་ལ་སྦྱར་ ༼ བདུད་རྩི་ཆོས་སྨན་དང་དྲི་ཆུ་༣ ༽ བཏུང་བ་ནི༔ ཀུན་མཆོག་མུ་སྟེགས་མིག་འབྱིན་ཡིན༔ བུད་མེད་དེ་ལ་ལས་ངན་བྱས་པས་ལན་ཡིན་པས་འདི་ཕྱག་བསྐོར་ཁྱད་པར་དུ༔ ཧཱ༔ ༼ ཟ་ཡིག་བྱས་ནས་ཡང་ཟོས་བསྲེགས་ཐལ་བྱས་ཀྱང་ཆོག་ ༽ བཟླས་ནས་ལྟེ་ལྐོགས་ཤར་མཛུབ་མནན༔ ཡང་ཚྭ་བརྔོས་རྡོ་ཡི་ཚིལ་ ༼ ཅོང་ཞི་བསྲེགས་ནས་ཚོས་པ་ན་ཆང་གིས་ངར་ཕབ་ཏེ་དྲོད་དུ་བཀུག་ཟེ་ཚ་ ༼ ཤོས་ཡིན་ ༽ ཅོང་ཞིའི་མགོ་མཉམ་མམ་ཕྱེད་ཆ་ཙམ་ནས་བསྔགས་ལ་སྦྱིན་མཛུབ་མོ་ལ་སྔགས་བཀོད་དེ་ལྟེ་ལྐོག་མནན་ཅིང་བཟླས་པས་ཀྱང་ཆོག་པའོ། །༽ བུ་བསྔགས༔ བཟའ་བ་ཀུན་ལས་ཕུལ་དུ་གྱུར༔ ག་གཱས་ངོ་ཚ་མེད་པའི་འབྲེལ་མེད་མིང་ཅན་བཀྲ་ཤིས། ཤེས་རབ་ཆེན་པོའི་སྔགས་ནི༔ ཨ་པྲཛྙཱ་མ་ཧཱ་ར་ཛ་སྭཱ་ཧཱ༔ ཞེས་རྟག་ངུ་དང་སྦྱར་ནས་ཟོས་པས་ཤེས་རབ་མེ་ལྟར་འབར་ཞིང་རྒྱུད་སྡེ་རྒྱ་མཚོའི་བདག་པོར་འགྱུར་རོ༔ ག་གཱས་སོ། །ཨ་རཀྟ་ཁུ་ཏ་ཡ་མི་ཏ་ཁཾ༔ ཅེས་བརྗོད་ནས་ཟུག་རྔུའི་རྨ་སྐྲང་སྟེང་དུ་མཆིལ་མ་དྲོད་མོ་རང་གི་བཏབས་ཀྱང་འདྲ་གཞན་གྱིས་བྱས་ན་ནི་མཆིལ་མ་མི་བཏབ་པར་མཛུབ་མོའི་བྱིལ་བ་བྱེད་དོ་ཅེས་ཀྱང་ཉི་མ་རབ་འབྱམས་ཀྱིས་རྒྱུད་ནས་བྱུང་བ་མྱོང་གྲུབ་ཡོད་པའོ། །བྱི་ཕུག་རྒན་པོའི་མཇུག་མ་ལ་སྔགས་འདི་བཏབས་ན་ཁྱུ་བསྲུང་ངོ༔ ཨོཾ་ཨཱརྱ་ཏ་རེ་ཤ་ན་མ་རཀྵ་རཀྵ༔ ཞེས་སམ་ཡང་ན་གུ་གུལ་བཙན་དུག་ཐང་ཕྲོམ་སྙ་ལོ་དུག་ཉུང་ཆོས་སྨན་རྣམས་སྐེ་ལ་བཏགས་ནས་སྔགས་འདིའི་རབ་གནས་བྱ༔ ན་མོ་རཏྣ་ཏྲ་ཡ་ཡཱ་བ་སུ་དྷ་ར་མ་ཎི་དུཿཁ་སརྦ་ཛྭ་ར་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ འདི་ཡིས་མི་བསྲུང་གང་ཡང་མེད༔ དེ་ཕྱིར་ནག་པོ་དགུ་ཐུབ་ཟེར༔ ཛྙཱ་ནའི་མིང་གིས་བཞེད་སྐོངས་སུ། སྔགས་རྒན་མཁའ་ཀློང་ཡངས་པས་སོ། །མངྒ་ལཾ༔ ཨ་བཛྲ་པཱ་ཎི་སརྦ་ན་ཏི་ཙ་རཀྵ་རཀྵ༔ ཞེས་མཐར་བཟླས་ཆོག་རྟེན་སྙིང་གིས་བསྐོར་ལ་སྤང་སྤོས་ཆོས་སྨན་གཟའ་དུག་གིས་བྱུག་ཕོའི་གཡས་མོའི་གཡོན་རྭ་ལ་བཏགས་པས་ཁྱུ་བསྲུང་ངོ་༔ ཆམས་ངན་སེལ་བའི་སྔགས་རྒོད་ནི༔ ཨོཾ་ན་མོ་རཏྣ་ཏྲཱ་ཡཱ་ཡ༔ སརྦ་ཛྭ་ར་ཏྲི་ཏི་མ་ར་ཡཱ་ཧཱུྃ་ཕཊ༔ ཞེས་ཅི་ཡིན་འདི་ཡིན་མེད་པས་སྔགས་རྒོད་འདི༔ ཅི་ལུགས་འདི་ལུགས་མེད་པས་ག་གཱས་སོ། །ཨ་སྲིན་ལིང་སོད༔ སྲིན་ལག་སྔགས་ནས་མིག་ཕྱིའོ༔ ཤྲཱི་བས་སོ། །ཧཱུྃ་བྃ་རིལ་ཐཾ་ཕཊ༔ གདོན་རྫས་ཐོག་ལ་མཚལ་གྱིས་བྲིས་ན་བཟང་ངོ༔ ག་གཱས་སོ། །ཨ་ན་མོ་རཏྣ་ཏྲ་ཡ་ཡཱ༔ ཨ་སརྦ་མཾ་པ་བཱི་ཥ་སརྦ་དུ་ཥ་ཚེ་ད་ན་ཧཱུྃ་ཕཊ༔ འདི་སྐྱབས་འགྲོ་དང་བསྒྲགས་ནས་འབུལ་བརྗོད་ན་རྒྱུད་དང་མི་རྒྱུའི་དུག་ནད་ཀུན་སེལ་ལོ༔ ཅེས་ཀྱང་ག་གཱས་སོ། །རང་ཉིད་གུ་རུ་དྲག་པོར་བསྒོམ་ལ༔ གར་ནག་ ༼ ཕག་བྲུན་ ༽ ༡་ཟི་ར་ནག་༢ མྱང་རྩེ་ནག་པོ་ ༼ ལྕགས་ཀྱུ་ ༽ ༣གཉན་འདུལ་ ༼ སྟག་ཤ་ ༽ ༤ གཉན་ཁྱུང་ ༼ སྤང་རྩི་ ༽ ༥མ་ག་དྷ་ ༼ གླ་རྩི་ ༽ ༦ སྲིན་དུག་ ༼ ལང་ཐང་རྩེ་ ༽ ༧ཝ་ཏི་ ༼ ཐང་ཕྲོམ་ ༽ ༨ ཤ་ཆེན་ ༼ མི་ཤ་ ༽ ༩ མ་གྷ་ཏ་ ༼ བོང་ནག་ ༽ ༡༠ ཤིང་ཀུན་ ༼ གུལ་ནག་ ༽ ༡༡ ནག་པོ་ ༼ ཁྱི་བྲུན་རྒྱུའི་ཆེན་གསུམ་མོ་མཆན། ༽ ༡༣ རྣམ་པར་རྒྱལ་བ་ ༼ ཨ་རུ་ ༽ ༡༤ བགེགས་འདུལ་ ༼ ཡུངས་དཀར་ ༽ ༡༥ དང་བཅས་པ་ལ་རིག་སྔགས་འདི་ཡིས་གདབས་སོ༔ ཨ་ན་མོ་རཏྣ་ཏྲ་ཡ་ཡཱ༔ ཊ་ཋ་ཊ་དྷ་ཎ༔ དྷ་ཏཱུ་དརྴ་ས་མ་ཏུ་གྲི་ནི་ས་པཉྩ་ར་ཏི་སརྦ་དུ་ཁ་ཧཱུྃ་ཕཊ༔ཞེས་པ་གོང་བསྙེན་འབུམ་ཐེར་བཅུ་བཟླས་པས་བྱིན་རླབས་སྔགས་གདབས་པས་ཟོས་དང་བཅིང་བས་ནད་རིགས་ཀུན་འགོགས་ཅིང་ཐུབ༔ བསྡུ་ན་ཨ་བཛྲ་གུ་རུ་ཀྲོ་ཏ་སརྦ་དུཿཁ་ཚེ་ད་ན་ཧཱུྃ་ཕཊཿ ཅེས་སོ༔ གྲགས་ལོས་ངོར་ག་གཱས་སོ། །འོད་གསལ་བསྒོམ་པའི་གང་ཟག་གིས་མིག་མི་འགྲིབ་པའི་སྔགས༔ ཨ་སརྦ་ཏ་ཐཱ་ག་ཏ་ཙཀྵུ་ཤྭ་ར་ན་མོ་ཨརྨ་ཀོ་ཙཀྵུ་པྲ་ཀརྚ་ཡེ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྗོད་པས་མིག་གི་དབང་པོ་རབ་ཏུ་གསལ་ལོ༔ ཡང་ཨ་ཁྲག་ཏུ་བཟློག༔ རྩ་ཁུ་ཧཾ་ཀྵ་ཊ་ཤ་ཝ་ཀེ་ཏྲུ༔ ཞེས་པས་མིག་འགྲིབ་མི་སྲིད་དོ༔ ཡང་མིག་དུ་གྲ་མ་སོང་ན༔ ཨ་བྷ་ར་ཁེརྴ་དྷ་ཀ་བིརྫ༔ ཞེས་ལན་བདུན་གྱིས་ཐོན་ནོ༔ ཡང་མིག་རླུང་གིས་ན་ན་གོ་སྙད་ཀྱིས་ཚུགས་བྱའོ༔ མིག་ཁྲག་གིས་ན་ན་བ་ཤ་ཀ་དང་སྐྱུ་རུ་རུའི་མིག་སྦྱར་ལ་འཐུང་ངོ་༔ མིག་སྲིན་གྱི་ན་ན་རྩེ་གསུམ༔ ༼ མ་རི་རྩེ་བྱི་ཏང་རྩེ་ལོང་ཐང་རྩེ་མཆན། ༽ འཐུང་ཞིང་སྐྱེར་ཁུ་བྱུག་གོ༔ དེས་སེལ་ལོ༔ ཞེས་ཁུང་དག་གི་རྒྱུད་ལས་སྐྱེས་སོ༔ ག་གཱས་སོ། །༈ ཧ་རཾ༔ ཞེས་བརྗོད་ན་ཁྱི་ཡུད་བུད་དོ༔ ཕུ་འདེབས་སོ། །ཡང་ཅིག་རྐུན་མ་བསྲུང་བ་ལ༔ ཨོཾ་སརྦ་ཤ་ཏྲུན་ཙཀྵུ་ཨ་མུ་ཁཾ་ནན་ནན༔ སརྦ་མ་ནུ་དེ་ཝ་རཀྵ་རཀྵ༔ ཞེས་ཕྱུགས་གང་དམར་གྱི་སོག་ཕྲག་ཏུ་བཏགས་པས་རྐུན་མས་མི་མཐོང་སྐད་དོ༔ ཤྲཱི་བས་སོ། །ཨོཾ་གྲེ་གུ་གྲེ་ནག་སྭཱ་ཧཱ༔ ཞེས་མན་ངག་ལྟར་བྱའོ༔ དེའི་ཚངས་དབྱངས་འབྲུག་སྒྲ་ལྟ་བུ་ཐོབ་པར་འགྱུར་རོ༔ ག་གཱས་སོ། །མོ་ནད་ལ༔ བྷ་ཏི་ཀ་ཙ་ཌ་ནི་རཀྟ་ཀུ་ཏྲ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་འོལ་སེའི་ཆུ་ལ་བསྔགས་ནས་བླུད་ན་བདེ་ཞིར་བྱེད་དོ༔ རིག་སྔགས་ཟབ་མོ་ཤྲཱི་བས་སོ། །ཨ་མ་ཧཱ་ཏི་ལ་ཁ་ཤཱི་ལ་ཤུ་ན་ཀུ་ལ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་གྲེས་འབྲུལ་ལ་བསྔགས་ནས་ཟོས་ན་ཁམས་འཁྲུགས་ཉམས་འཁོར་ཆག་གི་ནད་རྣམས་ཞིའོ༔ ཤྲཱི་བས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཏཏྱ་ཐཱ༔ ཨོཾ་ཁ་ལི་ཁ་ལི་བ་ལི་ཏེ་སྭཱ་ཧཱ༔ ཞེས་སོ་ཆུ་ཁྱོར་གང་ཉེར་གཅིག་གིས་བསྔགས་ནས་གདོང་བཀྲུ༔ གང་༢༡ བསྔགས་ནས་བཏུང་ངོ་༔ ཨ་ཆེན་ཀོང་ཆེན་བྷ་ཧཱ་ན་ཞུ་ཆེན་ཞུ་ཧ་ན་གྷ་མེ་སྟོན་ཡཾ༔ ༈ ཨོཾ་ལིང་པ་ལིང་པ་ཏིང་ཏིང་སོད༔ ཞེས་མིག་ལའོ༔ ཚེ་ཐར་ག་བ་དུང་མགོ་ལ་བཏགས། །སྨྱོ་བསྲུང་ལ༔ ཨོཾ་བཛྲ་པཱ་ཎི་རཀྵ་རཀྵ་ཀྱེ་ཏ་ཀྱེ་ཏ་ ༼ ཀེ་ཏ་ཀེ་ཏ་དཔྱད། ༽རཱ་ཧུ་ལ་རཀྵ་རཀྵ་བ་སུ་དུཿཁ་ཚེ་ད་སརྦ་སིདྡྷི་རཀྵ་རཀྵ་སྭཱ་ཧཱ༔ ཨོཾ་རཱ་ཛ་ཙནྡྲི་ས་མ་ཡ་ཧཱུྃ༔ ཞེས་དང་༔ སྔར་དྲེད་མོང་གི་སྨྱོ་བསྲུང་དེ་གཉིས་ཀ་སྐེ་ལ་བཏགས་ཤིང་བག་ཕྱེ་ལ་བསྔགས་ནས་བདུག་ན་དེ་ལས་མི་དགོས་སྙམ་མོ༔ ཨ་སྤེན་གསུང་བསྐུལ་ངོར་མེད་གི་ཆུ་སེར་བཙག་པ་ཡིན་ནོ། །ག་གཱས་སོ། །ཡང་སྨྱོ་ཆུ་བླང་ནས་བུད་མེད་ཡུག་ས་རབ་ཆད་མས་མ་ཚོར་བར་བྱས་ལ་དུམ་གཅིག་འཆགས་པའི་ཞབས་སུ་མནན་དུམ་གཅིག་ཁྱིའི་མཇུག་མར་བཅིངས་ནས་མེར་བསྲེགས་དུམ་གཅིག་ཚྭ་གཟུངས་འཇུག་ལྡན་པའི་རྒྱའི་གདབས་པའི་ཞབས་སུ་མི་འཕར་བར་གླན་ཏེ་མི་འཇིག་པའི་རྡོ་སྒམ་སོགས་ཀྱི་ནང་དུ་སྦས་ན་ཆོད་ཅེས་པ་དང་ བརྡ་ཡིག །་ཞེས་པའི་ཕྱག་རྒྱ་འདིའི་འོག་ཏུ་མནན་ཀྱང་ཆོད་དོ༔ ཤྲཱི་བས་སོ། །བརྡ་ཡིག །རྫས་སྔགས་འཁོར་ལོའི་མཁྱུད་དཔྱད་སུམ་སྤྲུགས་རྫོགས་སོ། །རྫས་ལ་མི་རྟ་ཁྱི་ཡི་རཀྟ་གསུམ༔ རབ་ཏུ་བྱི་ཕུག་རྒན་པོའི་མཇུག་དྲེགས་ཁྲུད༔ གང་རུང་རིག་སྔགས་ཁྱད་པར་འདི་ཡིས་བརླབས༔ ཨོཾ་ཋ་ཀིནྟྲ་ཧ་པ་ལ་ཕཊ་ཕཊ་ཕཊ༔ ཁྲི་བདུན་གྱིས་བཟླས་སྔགས་བྲིས་དར་དམར་དྲིལ༔ ཕོ་ཡི་རྣ་གཡོན་མོ་ཡིས་གཡས་ལ་བཏགས༔ རྫས་ལ་གླ་བའི་རྩི་བཏབ་སྣ་བུག་གཏིག༔ གནད་དེའི་ལོ་གཅིག་སྲུང་བར་རྣམ་རྟོག་འགྱུས༔ ཡིན་ནམ་མ་ཡིན་མཁྱུད་དཔྱད་སྤྱི་དང་མཐུན༔ ཤྲཱི་བས་སོ། །སྦལ་བ་མི་འོང་བའི་སྔགས་ལ༔ ཨ་ས་ཏ་ཤ་ཕཊ༔ ཞེས་འོལ་ཁྲག་རྙེད་ན་དེའི་སྦག་པ་རབ༔ མིན་ཀྱང་ལན་ཚྭ་ཕྱེ་མ་བསྲེས་གཏོར༔ འདོམ་བཅུ་ཚུན་མི་འོང་༔ སྦྲུལ་ལ་སོགས་འཇིགས་པའི་གཟུགས་ཅན་མི་འོང་ཕྱིར༔ ཨ་གྲུབ་པར་གྱུར་ཅིག༔ ཀྲོ་ཤ་ར་ཙ་ཏི་ཙ་ཧ་ར་མ་ཐ་ཤ་ན༔ ཞེས་སྦྲུལ་ཤུན་ལུས་ལ་བཅིངས་བས་ཕན་ནོ༔ སྔགས་ཀྱི་འཁྱུད་དཔྱད་འདི་ལས་ཟངས་རྩི་ནག་པོའི་དུད་བདུག་དྲི་ཐོན་བྱས་པས་ཉིན་རེ་སུ་ཡང་མི་འོང་བྱི་རུག་གི་ཡོ་བྱད་ཀུན་ལ་བྱུག་ན་ཀུན་ཕྱིར་འགྲོའོ༔ ག་གཱས་སོ། །སྐད་ཀྱི་སྨན་དུ་ཚར་བོང་༔ སྤང་རྒྱན་དཀར་བོ༔ སྲོ་ལོ༔ ཤིང་མངར༔ ལོ་མི༔ ཀ་ར་རྣམས་ལ་བོང་མཉམ་སྤྱི་བཞུར༔ གདངས་ཆེ་བ་ལ་གཡུ་འབྲུག་གྲེ་བའམ་ཁ་ཆུ༔ སྙན་པ་ལ་ཁུ་བྱུག་གི་གྲེ་བ༔ མཉེན་འགྱུར་ལ་འཇོལ་མོའི་གྲེ་བ་བསྣན་ནས་བསྔགས་ལ༔ ཨོཾ་ཝཱ་ཀི་དཱེ་ཝི་ཧྲིང་༔ ས་ལ་མུ་ཁི་པཱ་ཏི་སྭཱ་ཧཱ༔ ཞེས་ཁྲི་བདུན་གྱི་གོང་བསྙེན་བྱས་ནས་རྒྱུན་པར་ནང་རེ་ཉེར་གཅིག་བཟླས་བསྔགས་ཏེ་བཟའ༔ དེའི་ཚངས་པའི་དབྱངས་ཀྱི་ཆ་ཤས་ཐོབ་ཅིང་བློ་རྣོ་མི་བརྗེད་པའི་གཟུངས་སྒོ་ཡངས་པ་དང་ཐོགས་མེད་ཀྱི་ཤེས་རབ་སྤོབས་པའི་གཏེར་བརྒྱད་དང་ལྡན་པར་འགྱུར་རོ༔ སྤྲུལ་པའི་སྐུ་རིན་པོ་ཆེའི་བཞེད་སྐོངས་སུ་གྲོང་སྔགས་རྒན་པོ་ག་གཱས་སོ། །ཡང་ཅིག་དུས་ངན་མ་མོའི་དལ༔ ཀུན་ཐུབ་རྡོ་རྗེའི་ཕ་ལམ་ཟེར༔ མ་དང་མཁའ་འགྲོའི་གསང་ཚིག་གཉན༔ འདི་ཉིད་འགྲོ་ཕན་བཙས་སུ་བཞག༔ དར་ལ་རྫས་སྔགས་ལྷ་ཡི་བསྲུང་༔ རྣམ་པ་མང་ཞིག་མཆིས་པ་ལས༔ རྫས་ནི་མུ་ཟི་གུ་གུལ་ནག༔ བཙན་དུག་གླ་རྩི་ནག་པོ་ལ༔ སྔགས་འདི་བཏབ་ཅིང་བསྲུང་བའི་མཆོག༔ ཨོཾ་བྷི་སྟི་ཀུ་ཡ་ཨ་ཏི་པ་ཡེ་ཤ་ས་ན་ཕཊ་ཕཊ་ཕཊ༔ ཞེས་ནང་རེ་བརྒྱ་རྩ་བཟླས་པ་ན༔ ཉི་མ་དེ་ཡི་འགོས་ནད་ཐུབ༔ རྫས་ལ་སྔགས་སྟོང་གིས་བརླབས་པས༔ ལོ་རེའི་གདོན་ཐུབ་ཐེ་ཚོམ་མེད༔ ཡང་ན་ག་བུར་ནག་པོ་བསྣན༔ བཏུང་བས་ནད་འདི་རྩད་ནས་འདོན༔ བདེན་རྫུན་ལག་ཏུ་བླང་བར་མཛོད༔ ཅེས་ཀྱང་ཤྲི་བས་སོ། །མཁའ་འགྲོ་མའི་སྐད་དུ༔ ཊི་ཏ་ཀེ་ཀྵུ་ར་ཡ༔ བོད་སྐད་དུ༔ རྟ་དྲིལ་གྱི་ལྷའི་བསྲུང་བ༔ ཊཱི་ཀི་ནི་ས་ར་ན་མོ༔ འདི་སྐད་མཁའ་འགྲོའི་དབང་མོ་པདྨ་ཝཱ་ར་ཧི་ལ༔ མཁའ་འགྲོ་ཀུན་ཁྱབ་མས་གླེང་བསླང་བ་ལ༔ སེམས་ཅན་རྟ་དྲིལ་གྱི་ཁྱུ་ལ་ནད་དང་གདོན་བགེགས་ཀྱིས་འཚེ་ན་ཇི་ལྟར་བྱ་ཞེས་གསོལ་བ་ལ༔ མཁའ་འགྲོའི་གཟུང་སྔགས་ཁྱད་པར་ཅན་འདིའི་གྲོལ་ལོ༔ ཞེས་གསུངས་ནས་གཟུངས་འདི་སྐད་བཀའ་སྩལ་ཏོ༔ ཨོཾ་སརྦ་ཊི་ཏ་ཤ་ཐིམ་ཏི་ན་ཏི་ན་བཻ༔ ཀུ་ས་ལ་ཡ་ཏི་ཀ་ཏེ་ཀ་ཏི་ཤ་ཧོ་ཏྲ༔ ཞེས་གཟུངས་བརྒྱ་རྩ་བརྒྱདབཟླས་ནས་ཉིན་རེ་བཞིན་བསྐོར་བ་བྱ་ཞིང་༔ ཡུངས་དཀར་ལ་བཏབ་སྟེ་གཏོར་ན་རྟ་དྲིལ་རྣམས་ཀྱི་ཚེ་སྲོག་ལ་གནོད་པའི་འབྱུང་པོའི་ཚོགས་དཔག་ཚད་བཅོ་བརྒྱད་ཚུན་ལ་ཉེ་མི་ནུས་ཤིང་༔ འཚེར་བཅུ་ལ་སོགས་པའི་རྟ་ནད་ཞི་བ་དང་༔ རྟ་སྲི་རྟ་གོད་ཐམས་ཅད་ཆད་པ་ལ་ཐེ་ཚོམ་མེད་དོ༔ ཞེས་ངས་སྔོན་འཁོར་ལོ་སྡོམ་པ་ལས་ཐོས་ཤིང་༔ རྒྱལ་པོ་ཅོག་རོའི་ཉམས་སུ་བླང་ནས་རྟ་གཡང་འཁོར་ཏེ་སྨོན་པའི་གནས་སུ་གྱུར་ཏོ༔ དེ་ལྟར་གསུངས་བ་དང་མཁའ་འགྲོ་མས་ཡི་རང་སྟེ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དེ་སྐད་གསུང་བ་ངོ་མཚར་ཆེའོ༔ ཐབས་ལ་མཁས་སོ༔ རྨད་དུ་བྱུང་བའི་གསང་སྔགས་ཀྱི་ཁྱད་ཆོས་སོ༔ ཞེས་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་དོ༔ རྟ་བསྲུང་གི་རིགས་སྔགས་རྫོགས་སོ༔ ག་གཱས་རིག་པའི་འོག་མིན་ནས་ཐོས་སོ། །བརྡ་ཡིག །མཁའ་འགྲོའི་ཟ་ཡིག་འབྲུ་ཉེར་གཅིག་འདི་ཟབ་པའོ༔ ས་འགག་སྲུང་བའི་ཟ་ཡིག་མེ་ལ་སྲེགས་ནས་དེས་ཐལ་བ་ཆུ་ལ་བཏབ་ནས་འཐུང་ན་བཟང་ངོ་། །ག་གཱས་སོ། །གཅན་གཟན་སྤྱང་ཀུ་ཁ་ཆིངས་ན༔ རིག་སྔགས་འདྲ་བཟོ་བྱས་པ་འདི༔ བདེན་དོན་ཡིད་ཆེས་ཉིད་ལ་རག༔ དེ་ཕྱིར་རྟག་ཏུ་འདི་ལ་བཟླ༔ ས་མ་ཡཱ༔ ཨོཾ་ཨ་ཙ་ཀ་སྲོག་ཐིལ་ཁ་ཊ་ཆིང་ཆིངས་སརྦ་མརྟ་ཤ་པ་ཐ་ལ་མ་ན་རྦད་སོད་ཀརྨ་ར་ཊི་ཀི་སྭཱ་ཧཱ༔ ཐི་གུ་དཀར་པོར་བསྔགས་ལ་བཏགས༔ ཡང་ན་ཕྱེ་ལ་བསྔགས་ནས་བདུག༔ དེ་ཡིས་རི་ཁྱི་སྔོན་མོ་འཆིང་༔ སྤྱང་ལུག་ལྷན་ཅིག་རྩེ་ཞིང་བྱམས༔ གྲུབ་ཐོབ་སྔགས་རྒོད་དགོངས་པར་བརླབས༔ ཅེས་ཀྱང་ག་གཱ་ཨ་བྷྱེ་ནས། །བུག་ཐོའི་བསྐུལ་བ་དོན་ཡོད་བྱས། །དགེའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲང་སྲོང་གཟའ་མཆོག་ཆེན་པོ་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ བརྒྱ་རེ་མ་ཆགས་པར་བྱས་ན་གཟའ་ནད་ལས་གྲོལ་ཞེས་ག་གཱས་སོ། །ཨམཱམཨཐྚཀཤམཤཾ༔ གླང་མ་ཤུན་ཕྲལ་གྱི་སྣ་གཅུར་བྲིས་ནས་ ༼ ལྡོང་རོལ་བྱུག་སྟེ་ ༽ བྱིས་པའི་རྒྱབ་ཏུ་བཏགས་པས་མི་བརྒྱལ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་བདུད་ཀྱི་སྡེ་བཅོམ་པ་འཇིགས་པ་ཐམས་ཅད་ལས་སྐྱོབས་པ་རྣམས་ལ་སྐྱབས་སུ་མཆིའོ༔ རིག་སྔགས་ཀྱི་ལྷ་མོ་ཆེན་པོ་མི་འཇིགས་པའི་མཆོག་སྦྱིན་པ་རྣམས་ལ་སྐྱབས་སུ་མཆིའོ༔ ན་མོ་རཏྣ་ཏྲ་ཡ་ཡཱ༔ ན་མོ་བྷ་ག་ཝ་ཏེ་སརྦ་བུདྡྷ་སརྦ་དེ་ཝི་ཀརྨ་དྷ་ན་ཡ༔ ཉཱཙྪ་ཀུརྱནྟུ་ཏྲ་ཏ་ཀ་ན་བིགྣན་ཏྲུནྟུ་ཕཊཿཕཊཿཕཊཿ ཧ་ན་ཧ་ན༔ ཚིནྡྷ་ཚིནྡྷ༔ ཧ་ར་ཧ་ར༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་འཇིགས་པ་སྟོང་ བརྡ་ཡིག །ལས་བསྲུང་༔ ག་གཱས་སོ། །ཨ་ཏཱ་རེ་ཏུ་རེ་ཏུ་རེ་བཛྲ་རཱ་ཛ་མ་ཏི་པྲ་ཛ་མ་ཏི་པྲཛྙ་ཨཱཿ དྷེ་ཝ་ཎི་མ་ནུ་ཥེ་ནཱ་ག་ས་པཱ་རི་ས་མུ་དྲ་ལོ་ཀ་ཝ་ཤཾ་ཀུ་རུ་ཧོ༔ ཨུ་ཥནྩ་ར་ཏི་ཥ་པཉྩ་ར་ཏི་ཧོ་ཧ་ཧཱུྃ་ཛ༔ ཞེས་བཀྲ་ཤིས་པའི་རྫས་བརྒྱད་ལ་བསྒྲུབ་རྟེན་དུ་བྱས་ནས༔ ཁྱད་པར་ལི་ཁྲི་ཤས་ཆེ་བར་མཛད་ནས་ལག་མཐིལ་གཉིས་སུ་ཧཱུྃ་བྲིས་མཛད་ན་ཁམས་གསུམ་དབང་དུ་འདུ་སྲིད་གསུམ་ཟིལ་གྱིས་གནོན་པར་འགྱུར་རོ༔ ག་གཱ་ཨ་བྷྱེ་ནས་སོ། །དགེའོ། །དགེའོ། །དགེའོ།