Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ལྔ་པ།


  expand section
  collapse section
  expand section
  collapse section
   
   
   
   
   
   
   
   
   
བཟླས་པའི་ལེའུ།
   


 
previousབཟླས་པའི་ལེའུ།next

བཟླས་པའི་ལེའུ།


DTG005_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆོས་ཀུན་སྡོམ་གཅིག་པའོ། །ཞེས་བྱ་བ་ལ་སོགས་པ་སྤྱིར་བསྟན་པ་བཟླས་པའི་རྟེན་བགྲང་ཕྲེང་དང་བཟའ་བ་གཉིས་སྟོན་ཏེ། ལས་སོ་སོའི་ཕྲེང་བ་ནི། ཤེལ་གྱིས་རེངས་པའི་བཟླས་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གོ་སླའོ། །རེངས་པའི་འོ་མ་བཏུང་པ་ཉིད་ནི་ཆང་ངམ་བྱང་ཆུབ་ཀྱི་སེམས་སོ། །དབང་ལ་རང་གི་འདུན་པས་སྤྱད་ནི་གང་འདོད་པའོ། །བསད་པ་ལ་ནི་སི་ཧླ་ལ་ཉིད་ནི་རང་འབྱུང་གི་ཁྲག་གོ །དགུག་པ་ལ་ནི་བཞི་མཉམ་ཉིད་ནི་དྲི་ཆེན་ནོ། །སྡང་ལ་སཱ་ལུ་སྐྱེས་པར་བརྗོད་ནི་ཤ་ཆེན་ནོ། །བསྐྲད་པ་ཉིད་ལ་གླ་བ་བརྗོད་ནི་དྲི་ཆུའོ། །ཡང་ན་མཐའི་ཤྭ་དང་ཞེས་པ་ལ་སོགས་པ་ནི་རབ་གནས་ཀྱི་ལེའུར་བཤད་དོ། །དེ་དག་གིས་ཀྱང་རེངས་པ་ལ་སོགས་པའི་ལས་གོ་རིམས་བཞིན་ནོ། །དེ་སྐད་དུའང་། གསང་སྔགས་སྒྲུབ་པ་ལྔ་བཅུ་སྟེ། །དབང་གི་ལས་ལ་དེ་ཡི་ཕྱེད། །ཞི་ལ་བརྒྱ་ཕྲག་གཅིག་ཡིན་ཏེ། །དེ་བཞིན་རྒྱས་ལ་བརྒྱ་ལྷག་པའོ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། །ལས་གྱི་ཁྱད་པར་གྱིས་ནི་སྦྱར། །ལས་ཀྱི་བྱེ་བྲག་ཇི་བཞིན་དུ། །བགྲང་བའི་ཕྲེང་བ་ལ་སོགས་བྱ། །ཕྱོགས་དང་ཕྱོགས་མཚམས་བརྒྱད་དང་ནི། །དགུག་པ་དབུས་ཀྱི་སངས་རྒྱས་ཏེ། །སྐུད་པ་དགུ་ལ་བྱིན་གྱིས་བརླབ། །རི་ལུ་རྣམ་ནི་དགྲ་བཅོམ་སྟེ། །སྟེང་དུ་མཆོད་རྟེན་བརྟག་པར་བྱ། །མཆོད་རྟེན་ཆོས་ཀྱི་དབང་པོ་བས། །སྟེང་དུ་ཆོས་ཀྱི་དབྱིངས་ཡིན་ནོ། །ཞེས་གསུངས་པས་ནི་བགྲང་གི་ལས་ཀྱི་བྱེ་བྲག་བསྟན་ནོ། །ལེའུ་བཅུ་པའོ།། །།


previousབཟླས་པའི་ལེའུ།next