གནས་བརྟག་པའི་རིམ་པ།


DTG010_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཅིག་འཇིགས་གནས་ཆུ་འགྲམ་དང༌། །དུར་ཁྲོད་དབེན་པའི་ནགས་ཚལ་དང༌། །རྒྱ་མཚོའི་འགྲམ་དང་གཡུལ་འགྱེད་སར། །བསྒྲུབས་ན་དངོས་གྲུབ་ཉེ་བར་བཤད། །མཚོ་དང་གྲོང་ཁྱེར་དབུས་དག་དང༌། །སྐྱེ་བོ་འདུས་ས་ཕྱུགས་ར་དང༌། །རབ་གནས་མ་བྱས་ལྷ་ཁང་དང༌། །མཚན་ཉིད་མི་ལྡན་ས་ཕྱོགས་སུ། །གང་ཞིག་དཀྱིལ་འཁོར་རྩོམ་བྱེད་ན། །དེ་ཡི་དངོས་གྲུབ་ཐམས་ཅད་ནི། །དེ་ཉིད་མཁྱེན་པས་རིང་བར་གསུངས། །གནས་བརྟག་པའི་རིམ་པའོ།། །།