ས་བཞིའི་མཚན་ཉིད་བརྟག་པའི་རིམ་པ།


DTG010_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བྲ་ཤིང་ལ་སོགས་ས་གཞི་ལ། །གང་ཞིག་དཀྱིལ་འཁོར་རྩོམ་བྱེད་ན། །རྩོད་དང་མྱ་ངན་ནོར་ཤོར་དང༌། །ཡོན་བདག་གདུང་སྐྱེ་ཐེ་ཚོམ་མེད། །དམའ་འམ་རུས་སྦལ་རྒྱབ་འདྲ་ན། །འཆིའམ་ནད་ཆེན་འབྱུང་བར་འགྱུར། །དེ་ཕྱིར་དེ་འདྲའི་ས་གཞི་ལ། །དཀྱིལ་འཁོར་མི་བརྩམ་བློ་ལྡན་གྱིས། །ཨ་ཤོ་ཀ་སོགས་ལྡན་པ་ཡི། །ས་གཞི་དཀར་པོ་འཇམ་པ་ཡི། །བྱང་ཤར་གཡས་འབབ་ཆུ་འབབ་ན། །དེར་ནི་བླ་མེད་དངོས་གྲུབ་ཐོབ། །བརྐོས་པས་ས་ཆུས་མ་ཁེངས་ན། །དེས་ནི་དགོངས་པ་ཉམས་པར་འགྱུར། །བརྐོས་པས་ས་ཆུས་གང་ལྷག་ན། །བསམས་པའི་དགོངས་པ་འགྲུབ་པར་འགྱུར། །ས་གཞིའི་མཚན་ཉིད་བརྟག་པའོ།། །།