འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་བསྟོད་པ།
ཌོམྦི་ཧེ་རུ་ཀས་མཛད།


DTG010_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ཏཱ་ར་ཀུ་རུ་ཀུལླེ་སྟེ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་བསྟོད་པ། འཕགས་མ་སྒྲོལ་མ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །མི་འགྱུར་མཉམ་པའི་དང་ལས་མ་གཡོས་ཀྱང༌། །སོ་སོར་རྟོགས་པས་འགྲོ་བའི་དོན་མཛད་པ། །དམར་བའི་འོད་འཕྲོ་ཉི་མ་སྟོང་གི་གཟི། །ཞལ་གཅིག་ཕྱག་བཞི་མ་ལ་ཕྱག་འཚལ་ལོ། །ཧྲཱིཿ་ལས་བྱུང་བའི་ལྷ་མོ་ནི། །ཁ་དོག་དམར་ཞིང་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་མ། །ལྕགས་ཀྱུ་འཛིན་ལ་ཕྱག་འཚལ་བསྟོད། །བསྐལ་པའི་མེ་དཔུང་ལྟར་འབར་འོད། །ཞལ་གཅིག་སྤྱན་ནི་གསུམ་པ་སྟེ། །དབུ་སྐྲ་དམར་སེར་གྱེན་དུ་འབར། །ཨུཏྤལ་འཛིན་པ་ཕྱག་འཚལ་བསྟོད། །ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས། །གཏུམ་པའི་ཁྲོ་ཚུལ་འགྱིང་བག་ཅན། །ཐོད་པ་


DTG010_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡི་དབུ་རྒྱན་ཅན། །སྟག་ལྤགས་བསྣམས་ལ་ཕྱག་འཚལ་བསྟོད། །མཆེ་གཙིགས་དམར་མོ་མི་བཟད་སྐུ། །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །བརྒྱ་ཕྱེད་ཕྲེང་བའི་དོ་ཤལ་ཅན། །བདུད་འཇོམས་མ་ལ་བདག་ཕྱག་འཚལ། །ཨཱ་ལི་ཀཱ་ལི་སྙོམས་འཇུག་ལས། །བདེ་ལ་རྟག་དགྱེས་བྱང་ཆུབ་དང༌། །འོད་དཔག་མེད་ཀྱིས་དབུ་ལ་བརྒྱན། །གར་གྱིས་དགྱེས་ལ་བདག་ཕྱག་འཚལ། །མདའ་དང་གཞུ་ཡིས་བསྡིགས་པར་མཛད། །ཨུཏྤལ་ཡིས་དབང་དུ་བྱེད། །ལྕགས་ཀྱུས་ཉོན་མོངས་འདམ་ལས་འདྲེན། །བདུད་དག་ཕྱག་བཞི་ལ་ཕྱག་འཚལ། །འཕགས་མ་སྒྲོལ་མོ་ལྷ་མོ་ཀུ་རུ་ཀུལླེའི་བསྟོད་པ། སློབ་དཔོན་ཆེན་པོ་ཌོམྦི་ཀེ་རུ་ཀས་མཛད་པ་རྫོགས་སོ།།