Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གསུམ་པ།


   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
རུས་སྦལ་ཞབས་ཀྱི་སྒྲུབ་པའི་ཐབས།  རྔོན་པའི་གདམས་པ།
   
   
  expand section
   
   
  expand section
   
   
   
   
   
   
   


 
previousརུས་སྦལ་ཞབས་ཀྱི་སྒྲུབ་པའི་ཐབས། རྔོན་པའི་གདམས་པ།next

རུས་སྦལ་ཞབས་ཀྱི་སྒྲུབ་པའི་ཐབས།
རྔོན་པའི་གདམས་པ།


DTG023_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཀུརྨ་པཱ་ད་སཱ་དྷ་ནཾ། བོད་སྐད་དུ། རུས་སྦལ་ཞབས་ཀྱི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རེ་ཞིག་དུར་ཁྲོད་ལ་སོགས་ཕྱོགས་དབེན་པར། །རྣལ་འབྱོར་པ་ཡིས་རྡོ་རྗེ་རྣལ་འབྱོར་མའི། །རྟེན་དགྲམ་མཆོད་དམ་གཏོར་མ་ལ་སོགས་བཤམས། །གཡེང་བའི་རྒྱུ་སྤངས་བདེ་བའི་སྟན་འདུག་སྟེ། །སྔོན་འགྲོའི་ཆ་ག་རྫོགས་བྱས་ཕྱི་ཡི་ནི། །སྣང་བ་ཡུལ་ལ་སེམས་གཏད་དེ་བརྟན་ནས། །གཉིས་པ་རང་ཉིད་ཆུ་སྐྱེས་རིག་བྱེད་གཏེར། །རལ་བ་ཆེན་དབུས་སྟོབས་ཆེན་པགས་པ་མནན། །རི་རྒྱལ་བྱ་མདོག་མིག་གི་ཕྱག་དང་ལྡན། །གྲི་གུག་ཀ་པཱ་ལ་ནི་ར་ཛོས་བཀང༌། རུས་སྦལ་


DTG023_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེང་བཞུགས་ཐོད་པས་མགོ་ལུས་བརྒྱན། །ཤ་རྒྱས་ཞལ་ནི་ཅུང་ཟད་འཛུམ་པ་ཡི། །དེ་འདྲའི་ལྷ་ལ་སེམས་བརྟན་གསུམ་པ་ནི། །སྣ་རྩེར་ཡུངས་འབྲུ་ཙམ་གྱི་ལྷ་ལ་དམིགས། །དེ་ཡང་རིམ་གྱིས་སྣང་མེད་མཁའ་ལྟ་བུ། །གསལ་ནས་དངོས་གྲུབ་རྣལ་འབྱོར་པ་ཡིས་མཐོང༌། །ཐུན་མཚམས་མཆོད་དང་གཏོར་མ་བཟླས་པ་དང༌། །བསྔོ་བ་བྱ་སྟེ་ཅི་བདེར་གནས་པར་བྱ། །རྔོན་པའི་གདམས་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཨ་ནནད་ཀ་རའི་ཞལ་སྔ་ནས་དང༌། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousརུས་སྦལ་ཞབས་ཀྱི་སྒྲུབ་པའི་ཐབས། རྔོན་པའི་གདམས་པ།next