cover

སྡེ་དགེའི་བསྟན་འགྱུར་པོད་ཉེར་བདུན་པ།

རྒྱུད། ལ༽

མཛད་པ་པོ་སྣ་ཚོགས། nt

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེ་བྱ་བའི་རྒྱུད་ཀྱི་དཀའ་འགྲེལ།
ཨིནྡྲབྷཱུཏི།


DTG027_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་ག་ཏནྟྲ་ནཱ་མ་པཉྩི་ཀཱ། བོད་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་དཀའ་འགྲེལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཀུན་མཛད་ཐམས་ཅད་པ། །ཀུན་ཁྱབ་མཆོད་ཆེན་རྡོ་རྗེ་དང༌། །སློབ་དཔོན་ཨིནྡྲ་བྷཱུ་ཏི་ལ། །ཤཱཀྱ་བཤེས་གཉེན་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ངེས་པའི་ཚིག །བླ་མས་བསྟན་པར་མཛད་དུ་གསོལ། །གསང་བ་ཞེས་ནི་གང་ལ་བགྱི། །མཆོག་གི་ཞེས་ནི་གང་ལ་བགྱི། །དགྱེས་པ་ཞེས་ནི་ཇི་ལྟར་བཤད། །ཐམས་ཅད་བདག་ཉིད་ཇི་ལྟར་བཞུགས། །སངས་རྒྱས་ཀུན་གྱི་དངོས་པོ་གང༌། །སེམས་དཔའ་ཞེས་ནི་གང་ལ་བགྱི། །རྣམ་པ་དག་ནི་གང་དག་གིས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །བདེ་བ་རྣམ་པ་དུ་རུ་བཤད། །རྡོ་རྗེ་སེམས་དཔའ་ཇི་ལྟ་བུ། །དེ་ནི་ཇི་ལྟར་རང་བྱུང་ཡིན། །གཅིག་པུ་ཉིད་ནི་ཇི་ལྟ་བུ། །བཅོམ་ལྡན་འདས་སྒྲ་ཇི་ལྟ་བུ། །ཆེ་བའི་ལྷ་ནི་ཇི་ལྟ་བུ། །སངས་རྒྱས་ཐམས་ཅད་དོན་གང་ལགས། །མཉམ་པར་སྦྱོར་ཞེས་གང་


DTG027_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་བགྱི། །མཁའ་འགྲོ་ཞེས་བྱ་གང་གི་མིང༌། །སྒྱུ་མ་ཇི་ལྟར་འགྱུར་བ་ལགས། །བདེ་བའི་མཆོག་ཅེས་གང་ལ་བགྱི། །དེ་བཞིན་ངན་པར་སྤྱོད་པ་གང༌། །ཁྱེད་ཀྱི་ཆགས་པ་མེད་པ་གང༌། །ཆགས་པ་ཡང་ནི་གང་ཞིག་ལགས། །ཆགས་བྲལ་མིན་པའང་ཁྱེད་ཀྱིས་ཤོད། །བུད་མེད་ཀུན་གྱི་སྒྱུ་མ་ཅི། །རྒྱ་འདི་གཉིས་མེད་ཐེག་པ་ཡི། །མཆོག་ཅེས་གང་ལ་རབ་ཏུ་བསྒྲགས། །གནས་ནི་གང་དུ་ཡང་དག་བཤད། །ཞུབ་པོར་ནི་འདིར་གྱུར་པ། །འདིར་ནི་རྒྱུད་འདིའི་སྟོན་པ་སུ། །དེར་ནི་འཁོར་ཡང་ཇི་ལྟ་བུ། །རིགས་ནི་དབྱེ་བ་དུ་རུ་བཤད། །སྔགས་བཏུ་བ་ཡི་རིམ་པ་གང༌། །སྟོང་པའི་ཀླུ་ཞེས་གང་ལ་བཤད། །བརྗོད་དང་འབྲེལ་དང་དགོས་པ་དང༌། །སྔོན་བྱུང་བ་ཡི་རྣམ་དྲུག་དང། །དེ་བཞིན་སྣ་ཚོགས་པདྨ་རས། །ཨཱ་ལི་ཀཱ་ལི་མཉམ་པའི་རྒྱ། །མཉམ་མེད་མི་གཡོ་བསྟོད་པ་དང༌། །དེ་ཉིད་མིན་པའི་རྣལ་འབྱོར་དང༌། །ཤིན་ཏུ་དེ་ཉིད་ཇི་ལྟར་འགྱུར། །རོལ་མོ་ཕྱག་རྒྱའང་བཤད་དུ་གསོལ། །མཉམ་པར་མ་གཞག་རྣལ་འབྱོར་དང༌། །རྫོགས་པའི་སངས་རྒྱས་ཉི་ཟླ་དག །ཤར་བདག་ནི་ཇི་ལྟ་བུ། །དཀྱིལ་འཁོར་ཟླུམ་པོ་སངས་རྒྱས་ཀྱི། །རྡོ་རྗེ་ཅན་གྱི་ཟླ་གམ་བཞིན། །པདྨོའི་དབང་གིས་པདྨོའི་དབྱིབས། །རིན་ཆེན་མཆོག་གི་


DTG027_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིན་ཆེན་དབྱིབས། །བྲི་བ་འམ་ཡང་ན་མི་བྲི་བའི། །དཀྱིལ་འཁོར་རྣམས་ནི་ཇི་ལྟར་གཞག །དཀྱིལ་འཁོར་དང་ནི་རྒྱུད་དང་ནི། །དེ་བཞིན་དུ་ནི་སྔགས་རྣམས་ཀྱིས། །སྦས་དང་གཙོ་བོའི་སྒྲ་ནི་གང༌། །ཆོ་ག་རྣམས་ཀྱང་བཤད་དུ་གསོལ། །སྦྱོར་བའི་རྣམ་པའང་ཇི་ལྟ་བུས། །རྡོ་རྗེ་སེམས་དཔའ་སྟོབས་ཆེན་ཡིན། །དབང་ཕྱུག་དང་ནི་ཚངས་པ་དང༌། །དབང་པོར་བཅས་དང་ཁྱབ་འཇུག་དང༌། །འདོད་ལྷ་ཆུང་མར་བཅས་གསོལ་ཞིང༌། །ལྷ་མོ་བྷི་མ་དྲུག་མིན་བཅས། །མངོན་ཐོན་སྦྱར་བས་སྤྱད་མཛད་ལ། །སྔོན་ནི་དེ་ལ་སྐྱབས་སུ་སོང༌། །རྟག་ཏུ་འདི་ལྟར་གཡུལ་འགྱེད་པ། །དེར་ནི་གསང་བ་ཇི་ལྟ་བུར། །རྡོ་རྗེ་ཅན་དེ་བརྫུན་པའི་ཚིག །ཕྱི་ནས་གསུང་བར་མཛད་གྱུར་ཏེ། །སངས་རྒྱས་རྡོ་རྗེ་སེམས་དཔའ་དང༌། །ཚངས་པ་ཁྱབ་འཇུག་ཟླ་བ་དང༌། ཐམས་ཅད་བདག་ཉིད་རྟག་བཞུགས་ཞེས། །གཞན་ཡང་སྔོན་ནི་གསུངས་པ་ཉིད། །རྡོ་རྗེ་སེམས་དཔའ་བྱེད་པ་པོ། །ལྷ་གཞན་གང་ཞིག་ཡོད་དམ་ཅི། །རྡོ་རྗེ་ཉི་མ་མནན་པ་དང༌། །རྣམ་པར་སྣང་མཛད་དཔལ་ཉིད་དང༌། །དཔལ་ལྡན་རྡོ་རྗེ་མཆོག་མནན་ཅིང༌། །དེ་བཞིན་དུ་ཡང་རྟ་མཆོག་དང༌། །འཇིག་རྟེན་དབང་ཕྱུག་སྤྲུལ་མོ་དང༌། །བྱང་ཆུབ་དེ་བཞིན་ཕ་རོལ་ཕྱིན། །རྐང་པ་རྐྱོང་དང་གནོན་པ་དང༌། །བསྐུམས་ནས་འདེགས་པའི་སྟབས་དག་གིས། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །གཟུགས་རྣམས་ཐམས་ཅད་གནོན་པར་བྱེད། །བཅོམ་ལྡན་ལྷ་ཡི་རྣལ་འབྱོར་ནི། །མངོན་སུམ་རྗེས་སུ་དཔག་པ་གང༌། །ཌཱ་ནི་ནམ་མཁར་འགྲོ་སྒྲ་དང༌། །ཐམས་ཅད་མ་ལུས་པ་ཉིད་དང༌། །ཀུན་ཏུ་ཀུན་ནས་ཐམས་ཅད་ནི། །བདག་ཉིད་ཀུན་ཏུ་རྣམ་པ་ཀུན། །སངས་རྒྱས་བརྟན་གཡོལ་སོགས་ཀུན། །ཀུན་གྱི་དངོས་པོར་ཇི་ལྟར་འགྱུར། །ཇི་ལྟར་སེམས་དེ་འདི་ལྟར་ཡང༌། །དངོས་པོ་ཀུན་ལ་གནས་པར་འགྱུར། །རྡོ་རྗེ་ཅན་གྱི་གཞི་ཉིད་དང༌། །ཁྲོ་བོའི་གཟུགས་སུ་ཇི་ལྟར་འགྱུར། །ཆོས་ཀྱི་སྐུ་ནི་ཇི་ལྟར་བཤད། །ལོངས་སྤྱོད་རྫོགས་པས་གང་ཞིག་བྱ། །སྤྲུལ་པའི་ཚིག་ནི་ཇི་ལྟ་བུ། །རྡོ་རྗེ་སེམས་དཔའི་ཚིག་ནི་གང༌། །ལྷ་ཡི་ཚིག་ནི་གང་ཞིག་ཅེས། །ཤཱཀྱའི་བཤེས་གཉེན་ཐེ་ཚོམ་གྱུར། །སྔགས་སྟོན་རྣམས་ཀྱིས་བཏུས་པ་ཡིས། །བཅོས་པའི་ཚིག་ནི་གང་ཞིག་ལྷ། །ཨིནྡྲ་བྷཱུ་


DTG027_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏི་དེ་ཉིད་མཁྱེན། །འདི་དག་ཐམས་ཅད་བཤད་དུ་གསོལ། །དེ་ནས་ལེགས་སོ་ལེགས་སོ་ཞེས། །སློབ་དཔོན་ཨིནྡྲ་བྷཱུ་ཏིས་བྱིན། །ཤཱཀྱ་ཤེས་རབ་རབ་ལྡན་ཁྱོད། །སངས་རྒྱས་ཀུན་གྱི་ངེས་པ་ཉོན། །ཇི་ལྟར་བླ་མས་བདག་ལ་བཤད། །མདོར་བསྡུས་ནས་ནི་བཤད་པར་བྱ། །གནས་ནི་ནམ་མཁའ་ལྔས་བརྒྱན་པའི། །ཤེས་རབ་བྷ་ག་ཡིན་པར་བཤད། །ཆོས་ཀྱི་འཁོར་ལོ་ལྟེ་བ་ཆེར། །རྡོ་རྗེ་ཅན་ནི་སྟོང་བར་བཞུགས། །ཉིད་ཀྱི་ཐུགས་ནི་བདག་ཉིད་ཅན། །བདེ་མཆོག་དེ་ཡི་ཞུ་བ་པོ། །རྡོ་རྗེ་ཅན་གྱིས་བདག་འདོད་སྤྱོད། །ལོངས་སྤྱོད་རྫོགས་པའི་སྐུར་མཛད་ཅིང༌། །སྤྲུལ་པའི་སྐུ་ནི་སྟོང་པ་དང༌། །ཆོས་ཀྱི་སྐུ་ནི་ཐིག་ལེར་བཅས། །ཇི་ལྟར་ཡང་དག་རྫོགས་གྱུར་ཅིང༌། །སྟོན་པ་གདན་ལ་ལེགས་བཞུགས་ཏེ། །ལོངས་སྤྱོད་རྫོགས་པའི་སྐུར་མཛད་ནས། །སངས་རྒྱས་ཀུན་སྦྱོར་བཤད་དུ་གསོལ། །བདེ་མཆོག་མ་མོའི་ཚོགས་བཅས་པར། །འདིར་ནི་ཞུ་བ་པོར་གྱུར་ཏོ། །རྡོ་རྗེ་ཅན་གྱི་མ་མ་ལ། །རིགས་ཀྱི་དབྱེ་བས་ཕྱི་སྟེ་བཤད། །འབྲེལ་བ་འཇིག་རྟེན་ཕ་རོལ་ཏེ། །དགོས་པ་སྒྲུབ་པ་པོ་རྣམས་ཀྱིས། །སྦས་པའི་སྒྲ་ནི་གསང་བ་སྟེ། །རྡོ་རྗེ་ཅན་གྱི་སྦ་བར་བཤད། །གཙོ་བོའི་སྒྲ་ནི་འདི་ནི་བཤད། །མངོན་སུམ་གྱི་ནི་ཚིག་ཉིད་དོ། །གང་ཚེ་སེམས་ནི་མི་མཐོང་བས། །སྦས་ཏེ་རྗེས་སུ་དཔག་པ་སྟེ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །གཟུགས་སོགས་སྔོ་དང་སེར་པོ་དང༌། །དཀར་དང་ལེ་བརྒན་མདོག་ཏུ་ནི། །གང་ཚེ་སེམས་ནི་མི་མཐོང་ཞིང༌། །རྣ་བདག་གིས་མི་ཐོས་པས། །གང་ཚེ་སེམས་ནི་ཇི་འདྲ་ཞེས། །རྗེས་སུ་དཔག་པར་དེ་ཚེ་འགྱུར། །གཞན་ཡང་དྲི་བཅས་སྣ་དང་ནི། །ལྕེ་ཡིས་ཚོར་བར་མི་འགྱུར་ཞིང༌། །དེ་བཞིན་ལོངས་སྤྱོད་བདེ་བ་བདག །གཞན་གྱི་སེམས་མཐོང་མི་འགྱུར་ལ། །ཁ་དང་ར་ཡིས་མ་ཡིན་ཞིང༌། །རེག་བྱ་རྣམས་ཀྱང་དེ་བཞིན་ཏེ། །གསང་བ་མཆོག་གི་དགྱེས་པ་ན། །གང་ཞིག་ཐམས་ཅད་བདག་ཉིད་བཞུགས། །རྗེས་སུ་དཔག་པས་སྒོམ་བྱེད་པ། །གསང་བའི་གཞུང་ནི་འདི་ལྟ་བུའོ། །འདི་ནི་ཞེས་བྱའི་སྒྲ་ཡོད་པས། །ལ་ལ་མངོན་སུམ་པར་འདོད་ཏེ། །རང་བྱུང་ཀུན་དུ་སྣང་གྱུར་ཅིང༌།


DTG027_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་བཞིན་ལོངས་སྤྱོད་རྫོགས་སྐུ་དང༌། །མི་རུ་སྣང་ཞིང་སྤྱོད་པ་དང༌། །སྣོམ་ཞིང་མྱང་དད་བཞད་པ་དང༌། །རྣམ་པ་སྣ་ཚོགས་གཡུལ་འགྱེད་དང༌། །དབང་པོ་གཉིས་ཀྱིས་འདོད་བདེ་དང༌། །ཕྱག་ནི་བརྒྱ་ཕྲག་བྱེ་བ་དང༌། །དབུ་ནི་འབུམ་ཁྲག་ཁྲིར་གྱུར་ཅིང༌། །ཚད་མེད་ཞབས་གཉིས་ཞབས་བཞི་དང༌། །རྡོ་རྗེ་སེམས་དཔའ་བརྟན་པ་དང༌། །གཡོ་བ་རྣམས་ནི་ཁྱབ་པ་ཞེས། །གང་ཕྱིར་སྔར་བཞིན་བཤད་པས་ན། །རྟག་ཏུ་མངོན་སུམ་སྣང་བ་ཡིས། །གསང་བ་མཆོག་གི་དགྱེས་པ་ཡི། །མངོན་སུམ་གཞུང་ནི་འདི་ལྟ་བུ། །དེ་ནས་ཤཱཀྱའི་བཤེས་གཉེན་གྱིས། །ཨིནྡྲ་བྷཱུ་ཏི་ལ་ཞུས་པ། །གསང་བ་ཞེས་ནི་བཤད་པ་དེ། །གང་གིས་མི་ལ་རབ་ཏུ་བཤད། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །དེ་ཉིད་གསང་བ་ཞེས་བཤད་པ། །ས་བོན་ལྔ་ནི་གསང་བ་སྟེ། །སྦས་པའི་བདེན་པ་བཤད་པ་ཡིན། །གསང་བའི་པདྨ་གསང་བའོ། ཀརྞ་ཀ་ཡི་དགའ་གསང་བ། །ཐམས་ཅད་འདུས་པ་གསང་བ་སྟེ། །བདེ་བའི་འོག་ནི་གསང་བ་ཞེས། །བརྡ་ཡིས་བཤད་པར་མཛད་པ་ཡིན། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །ཏིང་ངེ་འཛིན་ནི་མཆོག་ཅེས་བཤད། །སེམས་ཀྱི་རང་བཞིན་བསམ་མི་ཁྱབ། །ཡིད་བཞིན་ནོར་བུ་འདྲ་བ་བཞིན། །བདེ་མཆོག་ཅེས་ནི་བྱ་བར་བསྒྲགས། །རྡོ་རྗེ་སེམས་དཔའི་བཙུན་མོ་གང༌། །དེ་ནི་གཅིག་ལས་དུ་མར་ཕྱེ། །ཤེས་རབ་ཕ་རོལ་ཕྱིན་པའང་དེ། །ཀུན་མཁྱེན་ཀུན་རྩོལ་ཕྲ་བ་སྟེ། །སྙིང་གའི་ཕུག་གི་ནང་ན་གནས། །དེ་ནི་སྒྱུ་མའི་གཟུགས་སུ་ཤེས། །སངས་རྒྱས་ཐམས་ཅད་སྟོན་པ་ཏེ། །སྔོན་བྱུང་བ་ནི་རྣམ་ལྔ་ཉིད། །བདེ་མཆོག་ལ་ནི་ཡང་དག་བཤད། །དྲུག་པ་ཉིད་ཀྱང་འབུམ་སྡེ་ཡི། །ཚད་ཀུན་རྒྱུད་ཀྱི་ནང་ཡིན་དེ། །རྡོ་རྗེ་སེམས་དཔའ་དེ་ལ་བཤད། །མི་ཡི་འཇིག་རྟེན་དག་ན་མེད། །བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས་སོ། །སྔོན་བྱུང་གོ་རི་མས་ཇི་ལྟ་བ། །འདི་ནི་བདེན་པ་མཆོག་གི་ཚིག །སྐད་ཅིག་ཙམ་གྱིས་གྱིས་དུས་གཅིག་ན། །སྔོན་བྱུང་བ་དང་གསུངས་པ་ནི། །སྔོན་བྱུང་བ་དང་བདེ་མཆོག་གི །དུས་མང་ངག་དུ་མ་བཤད་དེ། །བླ་མ་རྡོ་རྗེ་ཅན་བཤད་པ། །མ་མོ་རྣམས་ཀྱི་ནང་དུ་བཤད། །ཐམས་ཅད་སྟོང་པ་ཉིད་


DTG027_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྨོངས་པས། །ཤིན་ཏུ་ཡོངས་སུ་མྱ་ངན་འདས། །དེ་ཚེ་རྟག་ཏུ་རྡོ་རྗེ་ཅན། །སངས་རྒྱས་སྐུར་ནི་འཛིན་མཛད་ནས། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ཁེངས་ལས་སེམས་ཅན་ཀུན་གྲོལ་མཛད། །སངས་རྒྱས་སྲིད་ལ་ལེགས་བཞག་ནས། །དབུགས་འབྱིན་པ་ནི་སྩོལ་བར་མཛད། །རྣམ་པར་སྣང་མཛད་དབུགས་འབྱིན་བཤད། །ཧེ་རུ་ཀའི་ཡང་དེ་ཉོན་ཅིག །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་གཏུམ་གདུག་པར་གྱུར། །ལྷ་ལ་སོགས་པ་འཇིགས་བྱེད་ཅིང༌། །བསྟན་པ་དག་ཀྱང་འཇིག་པར་བྱེད། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །ཁྲོ་བོའི་གཟུགས་སུ་རྣམ་པར་ཕྱུང༌། །འཇིགས་པ་ཆེན་པོའི་དུས་ལྟར་གཏུམ། །མཁའ་འགྲོ་རྣམས་ཀྱིས་ཡོངས་སུ་བསྐོར། །ཐམས་ཅད་ཟ་ཞིང་དྲལ་བ་དང༌། །ཐལ་བར་གྱུར་པའང་འཚོ་བར་བྱེད། །ཧེ་རུ་ཀ་ཡི་དབུགས་འབྱུང་བའང༌། །པདྨ་གར་གྱི་དབང་ཕྱུག་གིའམ། །རྡོ་རྗེ་ཉི་མ་རྟ་མགྲིན་ཏེ། །ཐམས་ཅད་རྡོ་རྗེ་ཅན་ལས་ཕྱུང༌། །འདི་ནི་གཏམ་གྱི་ཕྱག་རྒྱ་ལས། །འདི་ཉིད་དང་པོ་བསྟན་པ་ཡིན། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །ཚང་པ་ཁྱབ་འཇུག་དབང་པོར་བཅས། །ལྷ་ཆེན་པོ་དང་འདོད་ལྷ་དག །རྡོ་རྗེ་ཅན་གྱི་ཞབས་དག་ལ། །དད་པས་སྐྱབས་སུ་འོངས་གྱུར་པ། །ཅི་ཡི་ཕྱིར་ན་ངེ་ཡིས་གསོལ། །བི་མ་ལ་སོགས་མངོན་ཐོན་སྤྱད། །བདག་གིས་སྔར་ནི་གསོལ་མོད་ཀྱི། །འདི་ལ་ཐེ་ཚོམ་གྱུར་པ་མཆིས། །སློབ་དཔོན་གྱིས་དེ་སྐད་ཅེས་སྨྲས་སོ། །ཁྱབ་འཇུག་སྒྲ་ནི་རྣམ་ཤེས་ཡིན། །ཚངས་པ་ས་བོན་ཡིན་པར་བཤད། །དབང་པོ་ལུས་སུ་གྱུར་པ་ཡིན། །བདེ་བ་ཐམས་ཅད་འདོད་པའི་ལྷ། །ལྷ་ཆེན་པོ་ནི་སེམས་དེ་ཉིད། །གཟུགས་མེད་ཁམས་ལ་གནས་པའོ། །བི་མ་ལ་སོགས་མིང་གིས་ནི། །ཤེས་རབ་ཀྱི་ནི་བྷ་གར་བཤད། །ནང་གི་གཞུར་ནི་འདི་ཡིན་ལ། །ཕྱི་ཡི་གཞན་དུ་བཤད་པ་སྟེ། །རྡོ་རྗེ་སེམས་དཔས་ཚངས་ལ་སོགས། །མུ་སྟེགས་རྣམས་ནི་མངོན་མནན་པ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ། །རབ་ཏུ་འདུད་པར་མི་བྱེད་པས། །དགོས་པ་དེ་ཡི་དོན་དུ་ནི། །ཞབས་གཡོན་གྱིས་ནི་དྲག་པོ་མནན། །རྡོ་རྗེ་ཅན་གྱི་བརྫུན་ཚིག་ནི། །གང་ཞིག་ཁྱོད་


DTG027_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་སྔོན་དྲིས་པ། །གང་ཆོ་ལྷ་ཆེན་མནན་གྱུར་ན། །ཐམས་ཅད་ཁྱབ་པར་ཇི་ལྟར་འགྱུར། །རྡོ་རྗེ་སེམས་དཔས་འགྲོ་བ་ཀུན། །སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་ཏེ། །གཏི་མུག་ཞེ་སྡང་ཆགས་པ་ནི། །ཚངས་དང་ཁྱབ་འཇུག་ལྷ་ཆེན་གྱུར། །རྡོ་རྗེ་ཅན་གྱིས་བཀའ་མ་སྩལ། །ལྷ་ཆེན་མོ་ཡང་སྟོང་པ་ཡིན། །བསྟན་པ་ཐམས་ཅད་གནོན་པར་མཛད། །མ་ནི་མི་དང་ལྷ་མ་ཡིན། །ཧ་ནི་བཞིར་གྱུར་པ་ཉིད་དེ། །གཏི་མུག་ཞེ་སྡང་ཆགས་པ་ནི། །དེ་ནི་ལུས་ཀྱི་དབུགས་གནས་པ། །བི་ནི་རླུང་གི་གཟུགས་ཅན་ནོ། །དེ་ཉིད་ཚངས་པའི་སྒྲ་ཅན་ཏེ། །ཁྱབ་འཇུག་དང་ནི་དབང་པོའང་ཡིན། །རྡོ་རྗེ་སེམས་དཔའི་སྙིང་གནས་པའི། །བུད་མེད་རྟག་པར་འདོད་ཆགས་སྤྱད། །དེ་བས་བརྟན་དང་གཡོ་བཅས་ལ། །སྤྱོད་པས་འདོད་པའི་ལྷར་གྱུར་ཏོ། །ཐམས་ཅད་བདག་ཉིད་བཞུགས་ཉིད་ལ། །ཨིནྡྲ་བྷཱུ་ཏིའི་གཞུང་འདི་ཡིན། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །པདྨ་གསང་བ་ཞེས་བཤད་ཅིང༌། །གསང་བ་འདོད་པར་བཤད་པ་དང༌། །གསང་བ་ས་བོན་ཞེས་བཤད་ཅིང༌། །གསང་བ་མཚལ་ཆེན་ཞེས་བཤད་དོ། །གསང་བ་རྣལ་འབྱོར་པ་ཡི་རྫས། །དྲི་ཆུ་ཤ་སྟེ་ལྔ་པོ་ཡི། །མཆོག་ནི་བདུད་རྩི་རྫས་རྣམས་ཏེ། །གཡོ་བ་ཡི་ནི་ཁམས་རྣམས་ཀུན། །དགྱེས་པ་གཟི་བརྗིད་ཅེས་བཤད་ལ། །དགྱེས་པ་བདག་ལའང་གནས་པའོ། །སློབ་དཔོན་གྱིས་དེ་སྐད་ཅེས་གསུངས་སོ། །གསང་བ་བྱང་ཆུབ་སེམས་ཡིན་ཞིང༌། །མཆོག་ནི་རྟ་མཆོག་ཡིན་པར་བཤད། །དགྱེས་པ་རྣམ་པར་སྣང་མཛད་ཡིན། །ཐམས་ཅད་སྒྲ་ནི་ཧེ་རུ་ཀ །ཡི་གེ་ར་ནི་གཉིས་པ་ཡིས། །མཚལ་ཆེན་པདྨའི་རིགས་བྱུང་བའོ། །བ་ནི་རྡོ་རྗེ་ཉི་མའོ། །སྔོན་བྱུང་རིམ་པ་དེ་བཞིན་ནོ། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །ཐམས་ཅད་ཁྱབ་པའི་ཡེ་ཤེས་གང༌། །ཐམས་ཅད་བདག་ཉིད་ཇི་ལྟར་བཞུགས། །འགྲོ་བ་དང་ནི་འོང་བ་ཉིད། །ཐུགས་ཀྱི་པདྨ་ཇི་ལྟར་གནས། །སྣོད་ནི་ཇི་ལྟར་འབིགས་པར་འགྱུར། །མཐོང་བའི་གཏམ་ནི་ཇི་ལྟ་བུ། །གཞན་གྱི་གྲོང་དུ་ཇི་ལྟར་འགྲོ། །བདག་ནི་ཐེ་ཚོམ་ཆེན་པོ་འདི། །རང་གི་ལུས་ལ་རྩ་རྒྱུས་སུ། །བདག་ཉིད་ཀྱིས་ནི་ནང་ན་གནས། །འབྱུང་བ་ཀུན་ལ་གནས་པ་ཡི། །ཡེ་ཤེས་དེ་ནི་གང་དུ་


DTG027_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས། །རྣམ་པ་གང་དང་གང་དག་གིས། །རྟག་ཏུ་རོལ་ཅིང་རྩེ་བར་འགྱུར། །ཅིར་སྣང་བརྟག་པར་མི་ནུས་ལ། །ཕྲ་ཞིང་ཤིན་ཏུ་དྲི་མ་མེད། །ཧཱུཾ་ཆ་བཅས་པ་གང་ལགས་ལྷ། །ཆ་མེད་ཆ་ནི་རྣམ་སྤངས་གང༌། །སློབ་དཔོན་གྱིས་དེ་སྐད་ཅེས་གསུངས་སོ། །སྙིང་གར་གནས་པའི་ཡི་གེ་ཧཱུཾ། །ས་བོན་ཆ་དང་བཅས་པ་ཡིན། །ཡི་གེ་ཧ་ནི་ཆ་སྤངས་པ། །དེ་བཞིན་ཆ་མེད་འགྱུར་ཡིན་ཞེས། །འདུལ་བ་དོན་ཡོད་རྒྱུད་ལས་ནི། །ཕྱག་ན་རྡོ་རྗེས་གསུངས་པ་ཡིན། །མཚན་ནི་ལྡན་པར་རབ་གྱུར་ཞེས། །དེ་ཉིད་བསྡུས་ལས་བཤད་པ་ཡིན། །མི་ཤིགས་འདུ་ཤེས་བྲལ་བ་ཞེས། །དཔལ་མཆོག་ལས་ཀྱང་གསུངས་པ་ཡིན། །བཅོམ་ལྡན་དེ་ཉིད་འདི་ལྟ་བུར། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རྟག་ཏུ་མེད་ཅིང་སྣང་བ་མེད། །ནམ་མཁའ་ལྡས་ནི་རྣམ་པར་བརྒྱན། །རྐང་བའི་མཐིལ་ནས་སྤྱི་བོའི་བར། །བདག་ཉིད་རྟག་ཏུ་བརྗོད་པ་ཡིན། །དེར་ནི་སྒོམ་པར་བྱེད་པ་ན། །ཕྲེང་བ་མི་དགོས་སྔགས་མི་དགོས། །གཟུང་དང་སྦྱིན་སྲེག་ལས་རྣམས་དག །མཆོག་ལས་མཆོག་ཏུ་ལྡོག་པར་འགྱུར། །ནམ་མཁའ་མཆོག་ནི་མྱ་ངན་འདས། །མྱ་ངན་འདས་པ་ཡིན་ཞེས་བརྗོད། །ཡིད་ལས་འདས་པ་རྡོ་རྗེ་ཆེ། །རྣམ་རྟོག་མེད་ཅིང་གནས་མེད་པ། །འགྱུར་བ་མེད་ཅིང་སྣང་བ་མེད། །ཆགས་པ་མེད་ཅིང་སྐྱེ་བ་མེད། །དམིགས་སུ་མད་ཅིང་མཚན་མ་མེད། །ལུས་མེད་དབང་པོ་རྣམ་ཀྱང་མེད། །ཆ་མེད་དག་ཅིང་དྲི་མ་མེད། །གཞན་ཡང་ཞི་ཞིང་ངེས་པར་རྒྱལ། །འཆི་མེད་རྒ་བ་མེད་རྡོ་རྗེ། །ནད་མེད་བསྟན་ཏུ་མེད་པ་དང༌། །རྨ་མེད་བདེ་སོགས་སྟོང་པ་ཉིད། །ཟག་མེད་དེ་བཞིན་འཇིག་པ་མེད། །ཆགས་མེད་ཀུན་འགྲོ་གསང་བ་སྟེ། །དེ་ཉིད་གནས་པ་རྣམས་སྤངས་པ། །ཆ་མེད་ཆ་བཅས་ལས་འདས་པ། །སྒྲ་དང་རེག་པ་མེད་པ་སྟེ། །ངོ་བོ་ཉིད་དང་འབའ་ཞིག་གཅིག །དེ་བཞིན་གནས་སུ་ངེས་པ་སྟེ། །ཟུར་གཅིག་མ་ཡིན་ཟུར་གསུམ་མིན། །ལ་ལ་ཟླུམ་པོའི་དབྱིབས་སུ་མིན། །རིང་པོར་མ་ཡིན་ཐུང་དུར་མིན། །དེ་བཞིན་ཡོ་དང་དྲང་བ་མིན། །ཚད་མིན་རྣམ་པར་ཤེས་པ་མིན། །མདུན་དུ་མ་ཡིན་རྒྱབ་དུ་མིན། །མངོན་


DTG027_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུམ་མ་ཡིན་ལྐོག་ཏུ་མིན། །གཟུང་མེད་གཟུང་བ་རྣམས་སྤངས་པ། །ཆ་ཙམ་མ་ཡིན་སྤུ་ཙམ་མིན། །ཤིན་ཏུ་ཕྲ་བའི་ཆར་ཡང་མིན། །འགྲོ་བ་དང་ནི་འོང་བ་མིན། །ལམ་དང་དེ་བཞིན་ལམ་ངན་མིན། །ཚད་མེད་བསམ་གྱིས་མི་ཁྱབ་པར། །རྡོ་རྗེ་སེམས་དཔའ་རྣམ་པར་བཞུགས། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །རྫོགས་པའི་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་དག་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང༌། །བསོད་ནམས་ཐམས་ཅད་གྲུབ་པར་འགྱུར། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །བསམ་གཏན་དུས་སུ་རྣལ་འབྱོར་པས། །གསང་བའི་དཀྱིལ་འཁོར་རྟག་མཐོང་བ། །ཉི་ཟླ་དག་ནི་ཤར་བ་སྟེ། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང༌། །བསོད་ནམས་ཐམས་ཅད་འགྲུབ་པར་འགྱུར། །གཞན་དག་འདོད་པའི་གཞུང་ཡང་ནི། །ཟླ་བ་ས་བོན་ཞེས་བཤད་པ། །ཉི་མ་མཚལ་ཆེན་ཡིན་པར་འདོད། །དེ་ནས་འདྲེ་ས་པ་རྫོགས་སངས་རྒྱས། །འབྲེལ་བས་ས་བོན་མཚལ་ཆེན་པོ། །དེ་དག་མཐོང་བ་ཙམ་གྱིས་ནི། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང༌། །སྔགས་ཀྱི་གཟུགས་ཀྱིས་ཟོས་པས་ནི། །བསོད་ནམས་ཐམས་ཅད་འགྲུབ་པར་འགྱུར། །ཤར་བ་ཞེས་བྱའི་སྒྲ་གང་ཡིན། །ས་བོན་རྒྱུན་ནི་མིན་པར་བཤད། །བཞད་པའི་རྡོ་རྗེའི་གཟུང་ཡིན་ཏེ། །ཨིནྡྲ་བྷཱུ་ཏིས་གཞུང་ཡང་ཡིན། །རྩ་བའི་རྒྱུ་བར་བཤད་པ་ནི། །དེ་ནི་སྣ་སྦྱོར་གཉིས་དག་སྟེ། །དེ་དག་འདུས་པའི་དུས་ཀྱང་ནི། །ལྷ་རྣམས་དམིགས་པ་དྲན་པའོ། །འདི་ནི་འགྲོ་དང་འོང་བ་ཡི། །དོན་ནི་ཡང་དག་བསྟན་པ་ཡིན། །དེ་ནི་ལུས་ལ་སྟེང་སྒོར་ཡང༌། །རྡོ་རྗེ་ཅན་ནི་རྟག་ཏུ་གནས། །སྟེང་གི་སྒོ་ནི་འདབ་མ་གསུམ། །སྒོ་དགུ་ཡིས་ནི་ཡོངས་བསྐོར་ལ། །རྙོག་མེད་བརྟག་པར་མི་ནུས་པས། །བླ་མའི་ཁ་ལས་རྙེད་པར་འགྱུར། །རང་གི་བདག་དབུས་ནས་རྙེད་པས། །དེས་ན་རང་བྱུང་ཞེས་བརྗོད་དེ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཕྱེ་བའི་ལྷ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །ཌཱ་ནི་ནམ་མཁར་འགྲོ་མ་ཞེས། །


DTG027_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁམས་ལས་མངོན་དུ་རྟག་པ་སྟེ། །ནམ་མཁའ་ཀུན་ཏུ་སྤྱོད་འགྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཌེ་ནི་མཁའ་འགྲོ་མ་ཞེས་པའི། །དོན་ནི་ཇི་ལྟར་ཉེ་བར་སྦྱར། །དེ་ནས་སྒྲ་འདི་བརྟག་བྱ་སྟེ། །དེ་ལ་རབ་བཤད་རྡོ་རྗེ་དང༌། །སློབ་དཔོན་གཞན་གྱི་གཞུང་དག་གིས། །འདི་ནི་སྦྱོར་བ་བཤད་པར་བྱ། །ཁམས་ཀྱི་སྒྲ་ནི་ས་བོན་ཏེ། །གཅིག་ཏུ་བརྟག་པ་ཉིད་ཀྱིས་ནི། །བཟའ་བ་བརྟག་པ་དེ་བཞིན་ཏེ། །ཌཱ་ནི་མཁའ་འགྲོའི་སྒྲ་ཡིས་སོ། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །ཌེ་ནི་ལུས་ཞེས་བཤད་པ་ཡིན། །བེ་ནི་རྟག་ཏུ་རྡོ་རྗེ་འཛིན། །ཧ་ནི་གཞི་རུ་གྱུར་པ་སྟེ། །རྐང་པའི་གཞི་ནས་སྤྱི་བོར་བརྟེན། །མི་ཤིགས་གང་དང་གང་ཕྲད་པ། །རྟག་ཏུ་རང་ཉིད་བརྗོད་པ་ཡིན། །ཡ་ནི་མི་མངོན་པ་ཉིད་དེ། །མི་མངོན་གནས་ལས་བྱུང་བའོ། །འགྲོ་དང་འོང་བ་ཉིད་དག་གིས། །ཁམས་ནི་རང་གར་འགྲོ་བའོ། །རེ་ཞིག་ཁམས་ཞེས་བྱ་བའི་སྒྲ། །གསང་བའི་ཡི་གེ་བཅུ་དྲུག་སྟེ། །རི་ནི་འཚལ་ཆེན་པོ་ཡི་ཁམས། །ཧ་ནི་དེ་བཞིན་རེག་པའོ། །སྱེ་ནི་བད་ཀན་ཡིན་པར་བཤད། །ཡི་གེ་པ་ནི་འཁྲིག་པ་ཉིད། །ར་ནི་ཆུ་ཡི་ངོ་བོའོ། །མེ་ནི་དེ་བཞིན་ཚིལ་ཡིན་ཏེ། །ར་ནི་མེ་ཉིད་ཡིན་པར་བཤད། །མེ་ནི་དེ་བཞིན་ཤ་ཉིད་དོ། །ས་ནི་བཤང་བར་བཤད་པ་ཡིན། །རྦ་ནི་དེ་བཞིན་ཞག་ཡིན་ལ། །མ་ནི་པགས་པ་ཉིད་དུ་བཤད། །ནི་ནི་རུས་པ་ཉིད་ཡིན་ནོ། །ས་ནི་གཅི་བར་གྱུར་པ་ཡིན། །ད་ནི་གློ་བ་ཡིན་པར་བཤད། །སྠི་ནི་གང་གང་ཞེས་བཤད་པའི། །མཁལ་མའི་རྫས་ནི་རབ་མཛེས་པའོ། །རྟ་ནི་ཁུ་བར་གྱུར་པ་སྟེ། །བྱང་ཆུབ་སེམས་ལས་ལེགས་བྱུང་བའོ། །ཁམས་ཀྱི་སྒྲ་ནི་འདི་དག་ཏུ། །ཨིནྡྲ་བྷཱུ་ཏིའི་གཞུང་ཡིན་ནོ། །བདག་ཉིང་རང་གི་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་བསྒྲུབ་བྱ་བར། །རྒྱུད་འདིར་ཡང་དག་བསྟན་པ་ཡིན། །ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ནི། །ཁྲག་དགྱེས་པ་ཡི་རྒྱེན་དུ་རྐང༌། །རབ་ཏུ་འབད་དེ་བསྒྲུབ་པར་བྱ། །དབུས་སུ་རྣམ་སྣང་མགོན་པོ་གཙོ། །དེ་དབུས་བདེ་བ་ཆེན་པོ་སྟེ། །དངོས་གྲུབ་དཀྱིལ་འཁོར་བཞི་པོ་ནི། །རིམ་བ་བཞིན་དུ་གཞག་པར་བྱ། །སྡུད་པར་བྱེད་པས་འདི་སྐད་ཅེས་གསོལ་ཏོ། །གཙོ་བོ་ཁྱོད་ཀྱིས་གསུངས་པ་ཡི། །


DTG027_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞུང་འདི་སློབ་དཔོན་གང་གིས་ལགས། །སློབ་དཔོན་གྱིས་ནི་འདི་སྐད་ཅེས་གསུངས་སོ། །དེ་ནི་བཞད་པའི་རྡོ་རྗེ་སྟེ། །ཨིནྡྲ་བྷཱུ་ཏིའི་གཞུང་ཡིན་ལ། །སློབ་མ་རྣམས་ལ་ཕན་འདོད་པས། །དཀྱིལ་འཁོར་བྲི་བར་བཞག་པ་ནི། །ཨིནྡྲ་བྷཱུ་ཏིའི་བཤད་པའི་གཞུང༌། །དཀྱིལ་འཁོར་དབུས་སུ་ཧེ་རུ་ཀ །ཟླ་གམ་ཞེས་ནི་བཤད་པ་གང༌། །ཐོད་པ་མགོ་ཡི་ཁུ་བས་ཁྱབ། །ཟུར་བཞི་རྡོ་རྗེ་ཅན་དཀྱིལ་འཁོར། །སངས་རྒྱས་དཀྱིལ་འཁོར་ཟླུམ་པོ་ཡིན། །པདྨའི་དབྱིབས་ཞེས་བཤད་པ་ནི། །པདྨ་གར་དབང་ལས་བྱུང་བའོ། །དཀྱིལ་འཁོར་གྲུ་གསུམ་བྲི་བ་ནི། །རྟ་མགྲིན་གྱི་ནི་དཀྱིལ་འཁོར་དུ། །རིན་ཆེན་དབྱིབས་སུ་བྱ་བ་ནི། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུའོ། །ཤར་ལ་སོགས་པའི་ཕྱོགས་སུ་ནི། །སྒོ་སྲུང་བཞི་ནི་གཞག་པར་བྱ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་སེམས་དཔའ་ལྷ་མོ་དང༌། །གང་གཞན་ཧེ་རུ་ཀ་སོགས་ཀྱི། །སྔགས་ཀྱི་འབྱུང་བ་གསང་བ་དང༌། །ཁྲོ་བོ་རྣམས་ཀྱི་ཁྱད་པར་དུའོ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །དང་པོར་ཨོཾ་ནི་ཡང་དག་སྦྱར། །དེ་ནི་ལྷ་མོ་རྣམས་ལའང་བཤད། །དེ་ནས་ཨ་དང་སྦྱར་བྱས་ཤིང༌། །དེ་ཡི་འོག་ཏུ་ཡི་གེ་ཧཱུཾ། །ཧ་ནི་སྟོང་པ་ཞེས་བཤད་དེ། །མགོ་དང་ཐིག་ལེར་བཅས་བྱས་པའོ། །ཡི་གེ་སྭཱ་ཧཱར་དེ་བརྗོད་པ། །སྔགས་རྣམས་ཀྱི་ནི་དཔལ་བྱེད་པའོ། །དེ་ནས་ཕཊ་དང་སྦྱར་བ་ནི། །གང་གཞན་ཁྲོ་བོའི་དཀྱིལ་འཁོར་དུའོ། །སྔགས་ཀྱི་འབྱུང་བ་གསང་བ་ནི། །བདག་གི་དེ་ཉིད་ལ་གནས་སོ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །རྣམ་པ་དག་ནི་ཇི་ལྟ་བུ། །ལྷ་རྣམས་ཀྱི་ནི་ཁང་པར་བཤད། །ཁང་པ་རྣམ་པ་དུ་རུ་བཤད། །ལྷ་ནི་གང་ཞིག་ཁང་པ་གང༌། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །ལྷ་ནི་ལྷ་རུ་སྦྱོར་བ་སྟེ། །ལྷ་རྣམས་ཀྱི་ནི་ལྷ་ཉིད་དོ། །ཁང་པ་དཀྱིལ་འཁོར་ཞེས་བཤད་པ། །བཞད་པ་རྡོ་རྗེའི་གཞུང་ཡིན་ནོ། །ཨིནྡྲ་བྷཱུ་ཏིའི་གཞུང་ཇི་བཞིན། །ལྷ་ཡི་ཁང་པ་དེ་བཤད་བྱ། །དེ་ནི་ལུས་ཞེས་བཤད་པ་ཡིན། །བཛྲ་རྡོ་རྗེ་ཡིན་པར་བཤད། །ག་ནི་པདྨ་ཞེས་བཤད་ལ། །ར་ནི་རིན་ཆེན་འབྱུང་ལྡན་ནོ། །རིན་ཆེན་ས་བོན་ཞེས་བཤད་ཅིང༌། །རིན་ཆེན་པདྨ་ཞེས་


DTG027_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཤད་དེ། །རིན་ཆེན་བཅུད་ལེན་མཚལ་ཆེན་དང༌། །དྲི་ཆུ་ཤ་སྟེ་ལྔ་པའོ། །དམར་ཆེན་དང་ནི་ག་པུར་བཅས། །ཙནྡན་དམར་པོ་སྦྱོར་བ་དག །ཚོགས་ཀྱི་དབུས་སུ་བཞག་པ་ནི། །རས་ཡ་ན་ཀུན་སློང་བའོ། །དུས་སུ་ཡང་དག་བྱུང་བ་ཡི། །མེ་ཏོག་མཚལ་ཆེན་ཡིན་པར་བཤད། །ག་པུར་ས་བོན་ཞེས་བཤད་དེ། ཙནྡན་དམར་པོ་སྦྱར་བ་དག །རབ་ཏུ་འབད་དེ་ཟོས་གྱུར་ན། །བདུད་རྩི་སྨན་ནི་ཆེན་པོའོ། །ཆགས་མིན་ཆགས་དང་བྲལ་བ་མིན། །དབུ་མར་ཡང་ནི་མི་དམིགས་པ། །ཆགས་པ་མིན་པ་རྡོ་རྗེ་ཅན། །ཆགས་དང་བྲལ་མིན་བདེ་བའི་མཆོག །དེ་དག་ཕྱག་རྒྱ་རབ་སྦྱོར་བ། །དབུ་མར་ཡང་ནི་མི་དམིགས་པའོ། །གཞུང་གཅིག་ལེགས་པར་བཤད་ནས་ནི། །གཞུང་གཉིས་པོ་ནི་བཤད་པར་བྱ། །ཆགས་པས་གྲོལ་བར་མི་འགྱུར་ཞིང༌། །དེ་བཞིན་སྡང་བས་མ་ཡིན་པ། །གཏི་མུག་དབུ་མ་ཞེས་བརྗོད་དེ། །དེ་བས་འདི་ནི་སྤང་བར་བྱ། །སློབ་དཔོན་གཉིས་པའི་གཞུང་འདི་ཡིན། །གསུམ་པའི་གཞུང་ནི་བཤད་བྱ་སྟེ། །ཆགས་པ་མིན་པས་ས་བོན་ཏེ། །ཆགས་དང་བྲལ་མིན་རྡོ་རྗེ་ཅུ། །དབུ་མར་གྱུར་པ་མཚལ་ཆེན་པོ། །བཞི་བའི་གཞུང་ནི་བཏུ་བར་བྱ། །ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །རྟག་ཏུ་ཆགས་པར་མི་བྱ་ཞིང༌། །བུད་མེད་ཀྱིས་ནི་ཆགས་བྲལ་མིན། །སྒོམ་པ་དབུ་མར་གྱུར་པའོ། །སྐུ་གསུང་ཐུགས་ནི་བསྒྲུབ་པ་ཡི། །ཨིནྡྲ་བྷཱུ་ཏིའི་གཞུང་གིས་བཤད། །རྩ་བའི་སྦུབས་ནི་གཙོ་བོ་གསུམ། །ལུས་ཀྱི་ནང་ན་རྣམ་པར་གནས། །དེ་རྣམས་ཀྱི་ནི་ཁང་པ་དགུ། །བཅུ་པ་བླ་མའི་ཁ་ལས་སོ། །ཨཱ་ལི་ཀཱ་ལི་ཡོངས་སྤངས་ཤིང༌། །ཕྱག་རྒྱའི་ཡི་གེ་མཆོག་ཡིན་ལ། །མི་ཤིགས་རྡོ་རྗེ་ཅན་གྱིས་ནི། །ལྷ་མོ་རྟག་ཏུ་དྲན་པར་བྱ། །ཆགས་པ་མིན་པས་མིག་གི་སྒོ། །ཆགས་དང་བྲལ་མིན་ཁ་ཉིད་ཡིན། །དབུ་མ་སྣ་ཞེས་བཤད་པ་སྟེ། །གནས་གསུམ་དག་ནི་སྤང་བར་བྱ། །སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །སྟོང་པ་ནམ་མཁའ་ཞེས་བརྗོད་


DTG027_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅིང། །སྟོང་པ་བདག་ལ་རྣམ་པར་གནས། །སྟོང་པ་ཆ་ལས་འདས་པ་དང༌། །མི་ཤིགས་པ་ཡི་ཡི་གེར་བཤད། །སྟོང་པ་དངོས་པོ་མེད་པ་ཡིས། །རྡོ་རྗེ་སེམས་དཔའ་རྣམས་བཞུགས་ཏེ། །འབྱུང་བ་བཞི་སོགས་གོང་པོ་ནི། །ཆོས་ཀྱི་དབྱིངས་སུ་རབ་ཏུ་བརྟག །ཨ་ནི་མེ་ལོང་ལྟ་བུར་བཤད། །ས་ནི་མཉམ་པ་ཉིད་དུ་གྱུར། །པྲ་ནི་སྒྲ་བརྙན་ལྟ་བུ་སྟེ། །སོ་སོར་རྟོག་པ་འདྲ་བར་བཤད། །ཀྲི་ནི་བྱ་བ་བྱེད་པས་ན། །དེ་ནི་བྱ་བ་སྒྲུབ་པར་འགྱུར། །རྐང་མཐིལ་ནས་ནི་སྤྱི་མཐའ་རུ། །སྟོང་པ་དེ་ནི་དབུས་ན་གནས། །སེམས་ཅན་ཀུན་ལ་རྣམས་གནས་ནས། །རྟག་ཏུ་རང་ཉིད་བརྗོད་པར་འགྱུར། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །དཀྱིལ་འཁོར་དག་ནི་མ་ལུས་པའི། །ལྷ་ནི་དུ་ཞིག་རྣམ་པར་བཞུགས། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །དེ་ལ་དང་པོ་ཉིད་དུ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི། བདེ་མཆོག་ཀཱི་ལི་ཀཱི་ལའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་སེམས་དཔའི་དམ་ཚིག་བདེ་མཆོག་ཀཱི་ལི་ཀཱི་ལ་ཞེས་བྱ་བའི་ཕྱག་རྒྱ་དང༌། །དཔལ་རྡོ་རྗེ་བདེ་མཆོག་ཀཱི་ལི་ཀཱི་ལ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་ཆེ་བདེ་མཆོག་ཀཱི་ལི་ཀཱི་ལ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་ཚངས་པའི་མགོ་རྡོ་རྗེའི་མདའ་ཞེས་བྱ་བའི་ཕྱག་རྒྱ་དང༌། །དཔལ་རྡོ་རྗེ་སྲེད་མེད་ཀྱི་བུ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་གར་ཀྱི་དབང་ཕྱུག་ཅེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་འདོད་པའི་ལྷ་མོ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་པདྨ་རྟ་གདོང་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་ཕག་མོ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་ཉི་མའི་མེ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་ཆོས་ཀྱི་དབྱིངས་ཡང་དག་པར་འཚོ་བ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་གླིང་བུ་བྱེད་པ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་པི་ཝང་གི་བདེ་བས་རབ་ཏུ་རྨོངས་པ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་མུ་ཀུན་ད་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་རྫ་རྔ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་མེ་ཏོག་ཅེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་བདུག་པ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་མར་མེ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་དྲི་ཞེས་བྱ་བའི་ཕྱག་རྒྱ་དང༌།


DTG027_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔལ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་ཞགས་པ་ཞེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་ལྕགས་སྒྲོག་ཅེས་བྱ་བའི་ཕྱག་རྒྱ་དང༌། དཔལ་རྡོ་རྗེ་དྲིལ་བུ་ཞེས་བྱ་བའི་ཕྱག་རྒྱ་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ། །ཉི་ཤུ་རྩ་ལྔས་ཡོངས་སུ་བསྐོར། །སངས་རྒྱས་མེ་ཏོག་ཕྲེང་བརྒྱན་པའི། །དཀྱིལ་འཁོར་གཉིས་པ་བཤད་པར་བྱ། །དང་པོ་སངས་རྒྱས་ཀུན་བརྗོད་མ། །གཉིས་པ་ཤིན་ཏུ་རྒྱལ་མོ་སྟེ། །གསུམ་པ་ཀུན་ཏུ་བཟང་མོ་ཡིན། །བཞི་པ་མི་ཟད་ཟ་མ་ཏོག །རྡོ་རྗེ་སངས་རྒྱས་ཀུན་ཡན་ལག །དེ་བཞིན་ཞལ་བཟང་གཟུང་མ་དང༌། །སྤྲིན་ཆེན་མོ་ནི་བདུན་པ་སྟེ། །བརྒྱད་པ་ནམ་མཁའི་སྤྱན་ཡིན་ནོ། །སངས་རྒྱས་དཀྱིལ་འཁོར་བཤད་ནས་ནི། །ཧེ་རུ་ཀར་གྲགས་བསྟན་པར་བྱ། །དཀར་མོ་ཀུན་བྱེད་རབ་རྨོངས་དང༌། །རོ་ལངས་དེ་བཞིན་སྦོས་བྱེད་མ། །གཏུམ་མོ་སྨེ་ཤ་ཉིད་ཡིན་ཏེ། །ལྷ་མོ་བདུན་པོ་བརྡ་ཡིས་ནི། །ངེས་པར་ཐམས་ཅད་སློང་བྱེད་དེ། །པདྨར་གནས་པ་བརྒྱད་པའོ། །པདྨ་གར་གྱི་དབང་ཕྱུག་ནི། །ལྷ་མོ་བརྒྱད་ཀྱིས་ཡོངས་བསྐོར་ཏེ། །རྣམ་པར་ལྟ་བ་རྣམ་དག་དཔལ། །སྒྲོལ་མ་བློ་གྲོས་མཆོག་གྱུར་དང༌། །འཁོར་ལོས་སྒྱུར་ཉིད་བུདྡྷི་ནི། །ཁྲོ་གཉེར་ཅན་དེ་ཕྱག་རྒྱའི་ལམ། །ལྷ་མོ་དཔལ་ཆེན་ལྔ་པ་སྟེ། །དྲུག་པ་པདྨ་ལ་གནས་པ། །འདོད་པའི་དབང་མོ་བདུན་པ་ཡིན། །འགྲོ་བ་གསུམ་མོ་བརྒྱད་པའོ། །རྡོ་རྗེ་ཉི་མ་མཆོད་པ་ནི། །བརྒྱད་ཀྱིས་བསྐོར་རིམ་བདག་གིས་བཤད། །མདའ་གཞུ་དང་ནི་རལ་གྲི་དང༌། །གཟི་བརྗིད་འབར་བ་གསུམ་པའོ། །དབང་བསྐུར་བ་ནི་བཞི་པ་སྟེ། །ལག་ན་གཏོར་འཆང་ལྔ་པ་ཡིན། །ལག་ན་རྒྱལ་མཚན་དྲུག་པ་སྟེ། །མཆོད་པ་ཆེན་པོ་བདུན་པ་ཡིན། །བརྒྱད་པ་ལག་ན་ཉི་མ་སྟེ། །སྣ་ཚོགས་གཟུགས་ཅན་ཕྱག་བཞི་པ། །རྟ་མགྲིན་མཆོད་པ་གང་ཡིན་པ། །དྲག་པོའི་སྦྱོར་བས་བསྒྲུབ་པ་སྟེ། །ལྷ་མོ་བྷི་མ་དྲུག་མ་དང༌། །དེ་བཞིན་རབ་ཏུ་ཞི་མ་དང༌། །དགའ་དང་གདུག་དང་ནག་མོ་དང༌། །འདོད་མི་སྤྱོད་པའི་ཆུང་མར་བཅས། །དབང་པོའི་ཆུང་མའང་གང་ཡིན་པ། །དྲག་པོའི་སྦྱོར་བས་བསྒྲུབ་པའོ། །པི་ཝང་རོལ་མོའི་མཆོག་གང་དང༌། །


DTG027_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྕགས་ཀྱུ་ལ་སོགས་སྒོ་སྲུང་རྣམས། །འཁོར་ལོ་ཀུན་ལ་ཐུན་མོང་སྟེ། །དཀྱིལ་འཁོར་ཆོ་གའི་རིམ་པ་ཡིན། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་ཡེ་ཤེས་དང༌། དཔལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའི་ཡེ་ཤེས་དང༌། དཔལ་ཧེ་རུ་ཀའི་ཕྱག་རྒྱའི་ཡེ་ཤེས་དང༌། དཔལ་པདྨ་གར་གྱི་དབང་ཕྱུག་གི་ཕྱག་རྒྱའི་ཡེ་ཤེས་དང༌། དཔལ་རྡོ་རྗེ་ཉི་མའི་ཕྱག་རྒྱའི་ཡེ་ཤེས་དང༌། དཔལ་རྟ་མཆོག་གི་ཕྱག་རྒྱའི་ཡེ་ཤེས་ཏེ། འདི་དག་རྣམ་པ་ཇི་ལྟ་བུས། །ཚིག་འདི་གསུངས་བར་གྱུར་པ་ཡིན། །ཕྱི་ཡི་དོན་བསྟན་གང་ཞིག་ཡིན། །ཡང་ན་ཡེ་ཤེས་མཆོག་གྱུར་གང༌། །ཡེ་ཤེས་འདི་དོན་ཇི་ལྟ་བར། །འདི་དག་ཐམས་ཅད་བཤད་དུ་གསོལ། །འདི་ལ་བདག་ནི་སོམ་ཉི་སྐྱེས། །ཁྱེད་ནི་མཆོད་པར་འོས་པ་ཡིན། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །ཕྱག་རྒྱ་ལྷ་མོ་ཡིན་པར་བཤད། །ཡེ་ཤེས་རྡོ་རྗེར་བསྟན་པ་སྟེ། །རང་ཉིད་ཀྱི་ནི་ལྷ་མོའི་གཟུགས། །རབ་ཏུ་དམ་འཁྱུད་འོ་བྱེད་ཅིང༌། །རྡོ་རྗེ་སེམས་དཔའི་སྒྲ་འཛིན་པས། །རིག་པ་ཡིད་དང་འདྲ་བར་འཇོག །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་བ། །ལུས་ཀྱི་ནང་དུ་འོང་བར་བསམ། །པདྨ་ཀུ་མུད་ལས་བྱུང་བའི། །རྗེས་སུ་སྦྱོར་བས་བྱེད་པར་འགྱུར། །འདི་དག་ཐམས་ཅད་བཤད་པ་ནི། །རྣམ་པར་ཤེས་པར་གང་གིས་ནུས། །རྡོ་རྗེ་སེམས་དཔའི་རྒྱ་ཡེ་ཤེས། །ཚིག་གིས་ཁྱོད་ལ་བསྟན་པ་ཡིན། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །སེམས་དཔའ་སངས་རྒྱས་ཀུན་ངོ་བོ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་ཉིད་ཇི་ལྟར་ཤེས་པར་བགྱི། །ཨིནྡྲ་བྷཱུ་ཏིའི་གཞུང་ནི་གང༌། །རབ་བཞད་རྡོ་རྗེ་ཇི་ལྟ་བུ། །གཞན་གྱི་གཞུང་གིས་ཇི་ལྟར་བཤད། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་དག་ཐམས་ཅད་བཤད་དུ་གསོལ། །སློབ་དཔོན་ཀྱིས་འདི་སྐད་ཅེས་གསུངས་སོ། །སངས་རྒྱས་ཀུན་གྱི་ངོ་བོའི་སྒྲ། །ས་ནི་དཔལ་རྣམ་པར་སྣང་མཛད་དང༌། དཔལ་ཧེ་རུ་ཀ་དང༌། དཔལ་པདྨ་གར་གྱི་དབང་ཕྱུག་དང༌། དཔལ་རྡོ་རྗེ་ཉི་མ་དང༌། དཔལ་རྟ་མཆོག་སྟེ། འདི་དག་ནང་དུ་ཞུགས་པ་ནི། །རྡོ་རྗེ་


DTG027_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའ་བདེ་བའི་མཆོག །སློབ་དཔོན་གཞན་གྱི་གཞུང་འདི་ཡིན། །གཉིས་པའི་གཞུང་ནི་བཤད་པར་བྱ། །སངས་རྒྱས་ཀུན་གྱི་སྒྲ་ཡིས་ནི། །བཅུ་དྲུག་ཁམས་རྣམས་ཐམས་ཅད་ཡིན། །ཕུང་པོ་ལྔ་ཡང་དེ་བཞིན་ཏེ། །འབྱུང་བ་ལྔ་ལ་སོགས་བའི་ལུས། །ཐམས་ཅད་ས་བོན་དག་ལས་བྱུང༌། །མཆོག་ནི་བདེ་བས་འབྱུང་བ་ཞེས། །རབ་བཞད་རྡོ་རྗེའི་གཞུང་ཡིན་ནོ། །སློབ་དཔོན་གཉིས་པའི་གཞུང་འདི་ཡིན། །གསུམ་པ་གཞན་གྱི་གཞུང་གི་བརྡ། །ལྷ་རུ་སྦྱོར་བའི་དུས་སུ་ནི། །བ་སྤུའི་བུ་གའི་མཚམས་རྣམས་སུ། །གཟུགས་ཀྱི་རང་བཞིན་དཀྱིལ་འཁོར་དུ། །རྟག་པར་རྒྱུན་དུ་བསྒོམ་པར་བྱ། །སངས་རྒྱས་སྟོང་ཕྲག་དུ་མ་ནི། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །བདེ་བ་མཆོག་ལ་གནས་པའོ། །སློབ་དཔོན་གསུམ་པའི་གཞུང་འདི་ཡིན། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །སྔགས་པས་ཐིག་གིས་ཐིག་བཏབ་པའི། །ལྟེ་བའི་དཀྱིལ་འཁོར་བཅུ་དྲུག་པར། །ཨ་སོགས་ཀྵ་ཡི་མཐར་ཐུག་པར། །རིམ་གྱིས་དགོད་པ་བླང་བར་བྱ། །སངས་རྒྱས་ཀུན་གྱི་ངོ་བོ་ནི། །ཡི་གེ་ཐམས་ཅད་ཡིན་པར་བཤད། །གང་ཚེ་ཐ་མའི་གོང་མ་ནི། །ཆ་དང་ཐིག་ལེ་རྣམས་སྤངས་ལ། །དབུས་སུ་ཡང་དག་གནས་པ་སྟེ། །མི་མངོན་ཕྲ་ཞིང་ཟད་པ་མེད། །བྱང་ཆུབ་སེམས་མཆོག་ཡེ་ཤེས་ཏེ། །རྡོ་རྗེ་སེམས་དཔའ་མི་འཇིགས་པའི། །དེས་ནི་རང་ཉིད་ཆེ་བའི་ལྷ། །མཆོག་ཏུ་བདེ་ལ་རྣམ་པར་བཞུགས། །འདི་ནི་མི་ཤིགས་པར་བཤད་དེ། །རང་བྱུང་གཅིག་པུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་ཡི་གེའི་ཚོགས། །གོ་རིམས་ཇི་བཞིན་ཡང་དག་སྦྱར། །ཡི་གེ་ཀུན་ནི་བདེ་མཆོག་གི །ཨུ་དང་ཐིག་ལེ་རྣམས་སྤངས་པ། །ཀྵ་ཡི་མཐའ་ནི་སྤང་བྱ་སྟེ། །འདིས་ནི་ས་བོན་གཟུགས་ཅན་ནོ། །ཀ་དང་ཥར་ལྡན་ཟད་མཐའ་ཅན། །ཇི་ལྟར་ཐར་པ་ཡིན་པར་བཤད། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཀུན་དངོས་སྟོང་པ་ཡི། །ཡི་གེ་ཉིད་ནི་མཁའ་འགྲོ་མ། །སངས་རྒྱས་ཀུན་གྱི་ཇི་


DTG027_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་དོན། །ཨིནྡྲ་བྷཱུ་ཏིའི་གཞུང་བཞིན་བཤད། །གཅིག་པུ་མིན་པར་རྟག་ཏུ་སྤྱོད། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐིག་ལེ་གུག་སྐྱེད་རྣམས་སྤངས་པ། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །རྡོ་རྗེ་ཅན་འདིས་དབུས་ན་བཞུགས། །ཡི་གེ་རྣམས་ཀྱིས་ཀུན་ནས་བསྐོར། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །རོལ་མོ་རྒྱས་བཏབ་ཡེ་ཤེས་ནི། །ཇི་བཞིན་དོན་དུ་ཇི་ལྟར་སྦྱར། །ངེས་པའི་ལམ་སྟོན་ཇི་ལྟ་བུ། །རོལ་མོའི་དམ་ཚིག་ལམ་གང་ལགས། །ཧེ་རུ་ཀ་ནི་དཔལ་རོལ་མོ། །དེ་བཞིན་པདྨའི་ལམ་དང་ནི། །རྒྱུན་གྱི་རྔ་དང་དེ་བཞིན་གཞན། །རྒྱལ་པོའི་རོལ་མོ་ཤིན་ཏུ་མྱུར། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །སྙིང་པོ་ཕྱག་རྒྱ་སྔགས་རིག་དང༌། །བྱ་བ་རྣམ་པ་སྣ་ཚོགས་དང༌། །རྣམ་པར་སེལ་ལ་སོགས་བྱ་བས། །རོལ་མོའི་ཕྱག་རྒྱ་རབ་ཏུ་གནས། །གཞུང་གཞན་རྣམ་པ་སྣ་ཚོགས་དང། །སྔགས་བཏུ་བ་ཡི་ཚིག་རྣམས་དང༌། །རིགས་ཀྱི་དབྱེ་བ་རྣམ་དྲུག་དང༌། །བདུན་པ་ཚོགས་ཀྱི་དཀྱིལ་འཁོར་རྣམས། །བདག་ལ་སྒྲུབ་པ་བཞིན་དུ་བཤད། །དེ་ཉིད་མཆོག་ནི་ངེས་སྟོན་པ། །རོལ་མོ་ཀུན་གྱི་གཞིར་གྱུར་པ། །རྒྱུད་ཀྱི་རོལ་མོ་བླ་མེད་པའོ། །འདི་ལ་སློབ་དཔོན་མང་པོའི་གཞུང༌། །གཞུང་གཞན་སྔགས་ནི་ཡིན་པར་སྨྲ། །ཨིནྡྲ་བྷཱུ་ཏིའི་གཞུང་ཡང་གཞན། །རབ་བཞད་རྡོ་རྗེའི་གཞུང་ཉོན་ཅིག །རྒྱུད་བཞིན་འབབ་པའི་རྒྱུན་གྱིས་ནི། །ས་བོན་རྒྱུན་གྱིས་གང་འབབ་པ། །ཁམས་རྣམས་ཀྱི་ནི་གཞིར་གྱུར་པས། །དེས་ན་འདི་ནི་རྒྱུད་ཅེས་བྱ། །ཨིནྡྲ་བྷཱུ་ཏིའི་བཤད་པའི་གཞུང༌། །གང་འདིར་ཀུན་གྱི་སྙིང་ལ་གནས། །བརྟན་པ་དང་ནི་གཡོ་བ་ཡི། །དྷ་ནི་སེམས་ཅན་ཀུན་རྒྱུན་ཡིན། །ར་ནི་འོད་ཟེར་ཡིན་པར་བཤད། །བ་ནི་རྡོ་རྗེ་ཅན་ཡིན་ཏེ། ཏྱེ་ནི་ལུས་ཞེས་བཤད་པ་ཡིན། །ཐམས་ཅད་བདག་ཉིད་དེ་བཞིན་གནས། །བརྟག་པར་མི་ནུས་ཤེས་མི་ནུས། །ལུས་མེད་དབང་པོ་རྣམས་དང་བྲལ། །རྒྱུན་གྱི་རོལ་མོ་ཡིན་པར་བཤད། །བརྟན་པའི་ལམ་ནི་ཇི་ལྟ་བུ། །བརྟན་པའི་ལམ་གྱི་རོལ་མོ་དང༌། །སློབ་དཔོན་ལ་ལས་བཤད་པ་ནི། །བརྟན་པ་ཡོད་དང་མེད་པ་སྟེ། །བརྟན་


DTG027_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་བདེན་པ་དེས་མཐོང་དང༌། །བརྟན་པ་སྨིག་རྒྱུའི་ཆུ་ལྟ་བུ། །བརྟན་པ་ཐམས་ཅད་སྒྱུ་མ་བཞིན། །བརྟན་པ་ས་བོན་ཡིན་བཤད་པ། །རབ་བཞད་རྡོ་རྗེའི་གཞུང་ཡིན་ནོ། །ཨིནྡྲ་བྷཱུ་ཏིའི་གཞུང་ཇི་བཞིན། །དེ་ནི་བཤད་ཀྱིས་བུ་ཁྱོད་ཉོན། །འདི་དག་ཆ་ཤས་དྲུག་དང་ནི། །བརྟན་པ་རྡོ་རྗེ་ཅན་ཉིད་ཡིན། །བརྟན་པ་སྟོང་པ་ཡིན་པར་བཤད། །བརྟན་པ་མར་མེ་རྩེ་ལྟ་བུ། །བརྟན་པ་དང་པོའི་ལམ་ཉིད་ཅེས། །བླ་མའི་ཁ་ལས་སྟོན་པ་ཡིན། །བརྟན་པ་སེམས་ཞེས་བཤད་པ་སྟེ། །ཆ་དང་བྲལ་ཞིང་སྦས་པ་ཡིན། །གསུམ་པ་གཙོ་བོའི་རོལ་མོ་ཡིན། །དམ་ཚིག་གསུམ་གྱི་རོལ་མོ་ནི། །གྲགས་པ་ཀུན་ནི་བྱ་བ་སྟེ། །གར་གྱི་དུས་ཀྱི་རོལ་མོ་ཡིན། །དཀྱིལ་འཁོར་བྲི་བའི་དུས་དང་ནི། །སྐུ་གཟུགས་རྣམས་ལ་མཆོད་པ་ན། །རྣལ་འབྱོར་དེ་ཉིད་མ་ཡིན་སེམས། །བྱང་ཆུབ་སེམས་ནི་རྣམ་སྤོང་ལ། །གཞུང་འདི་ཉིད་ནི་བཤད་པ་ཡིན། །གཞན་ཡང་རབ་བཞད་རྡོ་རྗེའི་གཞུང༌། །ཏྲི་ནི་གྲུ་གསུམ་ཡིན་པར་བཤད། །ས་ནི་བུད་མེད་ཐམས་ཅད་ཡིན། །མ་ནི་རྡོ་རྗེ་སེམས་དཔའ་ཡི། །ཐུགས་ལ་གནས་པ་ཡིན་པར་བཤད། །ཡ་ནི་གང་ཞེས་བཤད་པ་ཡིན། །ནམ་མཁའི་གནས་ཀྱི་ས་བོན་ཡིན། །ས་བོན་ཉིད་ཀྱང་བ་ཡིས་ནི། །གང་ཞིག་བཤད་པའི་རྡོ་རྗེ་ཅན། །ཏྱེ་ནི་ལུས་ཞེས་གང་བཤད་པ། །བུད་མེད་བྷ་གའི་དབུས་གནས་པ། །རབ་བཞད་རྡོ་རྗེ་སློབ་མ་ལ། །དམ་ཚིག་གསུམ་གྱི་རོལ་མེར་བཤད། །ཨིནྡྲ་བྷཱུ་ཏིའི་གཞུང་གཞན་ནི། །ཤཱཀྱའི་བཤེས་གཉེན་གྱིས་ཞུས་པ། །ཏྲི་ནི་རྩ་སྦུབས་གསུམ་ཡིན་ལ། །ས་ནི་ཐམས་ཅད་ཡིན་པར་བཤད། །མ་ནི་བདག་གི་ཡིན་ཞེས་སྟོན། །ཡང་ནི་མི་ཤིགས་གང་ཡིན་པའོ། །བ་ནི་རྩ་སྦུབས་མང་པོ་སྟེ། །ཏྱེ་ནི་ལུས་ཀྱི་དབུས་གནས་པ། །སྐུ་དང་གསུང་ཐུགས་གསུམ་གྱིས་ནི། །རྡོ་རྗེ་ཅན་ནི་བསྒྲུབ་པར་བྱ། །དམ་ཚིག་གསུམ་གྱི་རོལ་བཤད་ནས། །པདྨའི་ཐལ་མོ་རྟོགས་པར་བྱ། །པདྨའི་ཐལ་མོ་རོལ་མོ་ཆེ། །པདྨའི་གར་དབང་འབྱུང་བའོ། །རོལ་མོ་མང་པོ་རྟག་པར་ནི། །ལ་ལ་སྔགས་ནི་ཡིན་པར་སྨྲ། །པདྨ་ཐལ་མོའི་སྒྲ་ཡང་


DTG027_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན། །རབ་བཞད་རྡོ་རྗེའི་གཞུང་ཉོན་ཅིག །རྐན་སོགས་མགོ་ནས་རྐང་པའི་བར། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་པའི། །རྡོ་རྗེ་ཅན་ནི་ཐལ་མོ་སྟེ། །པདྨའི་སྒྲས་ནི་བདེ་མཆོག་གོ །དེ་དག་ཕྱག་རྒྱ་རབ་སྦྱོར་བ། །པདྨ་ཐལ་མོ་དེ་བཤད་པ། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །དེ་བཞིན་ཨིནྡྲ་བྷཱུ་ཏིའི་གཞུང༌། །པདྨ་ཐལ་མོའི་བདག་ཉིད་ཆེ། །ཤཱ་ཀྱ་བཤེས་གཉེན་འདི་ཉོན་ཅིག །པདྨའི་སྒྲ་ཡིས་པདྨ་ནི། །དཀྱིལ་འཁོར་ལྔར་ལྡན་ཡིན་པར་བཤད། །དེ་ནི་གཉིད་ལོག་ཤེས་མིན་ཞིང༌། །ལུས་མེད་དབང་པོ་རྣམས་དང་བྲལ། །བྲི་བ་ཉིད་ཀྱིས་དེ་བསྐུལ་ཞིང༌། །ཐལ་མོ་དེ་གསུམ་གསུམ་ཡིན་ནོ། །དེ་ནས་རྡོ་རྗེ་ཅན་བསྐུལ་ནས། །མངལ་འཛིན་པ་ནི་ལེགས་པར་བཤད། །ཧེ་རུ་ཀ་དཔལ་དང་འདྲར་བཤད། །དོན་མང་ཕ་རོལ་གནོན་སྦས་པའོ། །ཤྲཱི་ནི་དང་པོར་ཡང་དག་ལྡན། །ཧཱུཾ་བྷྱོའི་སྔགས་ནི་བཏུ་བར་བྱ། །ཁྲོ་བས་འཁྲུག་པའི་དཀྱིལ་འཁོར་རུ། །སློབ་དཔོན་བོ་ཥཊ་སྨྲ་བར་བྱེད། །ཡི་གེ་གསུམ་གྱི་དངོས་བཟླས་པའི། །ཅང་ཏེའུ་མཚན་མོ་རྡུད་བྱེད་ན། །ཇི་སྙེད་ཐོས་པའི་མཁའ་འགྲོ་རྣམས། །ཕྱོགས་བཅུ་རྣམས་སུ་སྒྲ་ཡང་སྒྲོགས། །སྒྲ་ནི་སྟོང་པར་མི་བྱེད་ཅིང༌། །མ་མོ་རྣམས་ཀྱི་དཀྱིལ་འཁོར་གནོན། །གལ་ཏེ་རྡོ་རྗེ་མཁའ་འགྲོ་ཡི། །དཀྱིལ་འཁོར་སྒྲུབ་པ་ལྟ་འདོད་ན། །ཁ་ཊྲཱཾ་ག་ནི་གཡོན་པས་བླང༌། །མཚལ་ཅན་གྱིས་བཀང་ཐོད་པ་ཐོགས། །མི་ཡི་རྒྱུ་མས་ལུས་དཀྲིས་ཏེ། །རིག་པ་དག་ནི་སྒྲུབ་པ་ཡི། །ཤ་ཆེན་དག་ཏུ་ཕྱག་རྒྱ་དང༌། །ཐལ་བས་ལུས་ལ་བསྒོས་པ་དང༌། །ཤ་ཡིས་བཀང་པའི་ཐོད་པ་ནི། །ཕྱག་རྒྱའི་ལག་པས་སྦྱིན་པར་བྱེ། །སྨིན་མ་ལ་སོགས་བསྒོམས་ནས་ནི། །བྷ་གའི་པདྨ་མཆོད་པར་བྱ། །བྷ་གའི་དཀྱིལ་འཁོར་དུ་སྒྲུབ་པའོ། །དེར་ན་ཡི་གེ་ཕཊ་བསྒྲགས་བྱ། །ཤིང་གཅིག་དྲུང་ངམ་དུར་ཁྲོད་དམ། །ཆུང་ངོགས་དག་གམ་བཞི་མདོ་རུ། །ཟླ་བ་མར་ངོའི་བཅུ་བཞི་ལ། །རྒྱལ་དང་ལྷན་ཅིག་བརྟུལ་ཞུགས་ཅན། །བརྩོན་འགྲུས་བརྟན་པས་བགྲོད་པ་ཡིས། །སངས་རྒྱས་བྱང་ཆུབ་རབ་ཏུ་སྒྲུབ། །


DTG027_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ནི། །དེ་ལ་རྟག་ཏུ་ཕྱག་འཚལ་ཞིང༌། །ཡིད་ལ་གང་དག་འདོད་པ་ཡི། །ནམ་མཁར་སྤྱོད་པའི་དངོས་གྲུབ་སྟེར། །དངོས་གྲུབ་ཀྱི་ནི་སྦྱོར་བ་འདིས། །སློབ་དཔོན་ཀུ་ཀུ་རས་བསྒྲུབ་པ། །ཤཱཀྱའི་བཤེས་གཉེན་ཁྱོད་ལ་བཤད། །གཞན་གྱིས་སློབ་མ་གཞན་ལ་མིན། །ཧེ་རུ་ཀ་ཡི་རོལ་མོ་གསང༌། །སྦྱོར་བ་དག་གིས་བཤད་པ་ཡིན། །གཞུང་འདི་ཇི་ལྟར་སྨྲ་བ་ནི། །སློབ་དཔོན་ཨིནྡྲ་བྷཱུ་ཏི་ཡིན། །སློབ་དཔོན་རབ་བཞད་རྡོ་རྗེའི་གཞུང༌། །ཡི་གེ་ཤྲཱི་ནི་རིག་པར་བཤད། །ཧེ་ནི་ས་བོན་ཡིན་པར་བཤད། །རུ་ནི་མཚལ་ཆེན་ཉིད་ཡིན་ཞིང༌། །ཀ་ནི་སྐུ་ཡི་རྡོ་རྗེའོ། །ཁྲག་འཐུང་རོལ་མོ་བཤད་པ་ཡིན། །ཤཱཀྱའི་བཤེས་གཉེན་གྱིས་ཞུས་པ། །རྒྱལ་པོའི་རོལ་མོ་རོལ་མོ་གཞན། །ཤིན་ཏུ་མྱུར་བ་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །རྒྱལ་པོའི་རོལ་མོའི་དཀྱིལ་འཁོར་དུ། །རྟག་པར་རྒྱུན་དུ་བརྡུང་བར་ནི། །ལ་ལ་རོལ་མོ་ཉིད་དུ་འདོད། །ལ་ལ་སྔགས་ནི་ཡིན་པར་སྨྲ། །འདི་འདྲའི་དོན་གྱི་གཞུང་མང་ལ། །རབ་བཞང་རྡོ་རྗེའི་གཞན་ཡིན་ཏེ། །རཱ་ནི་མཚལ་ཆེན་ཡིན་པར་བཤད། །ཛ་ནི་རྐང་པའི་ནང་གནས་པ། །བ་ནི་མཚན་དག་ཡིན་པར་བཤད། །ཏྱེ་ནི་ལུས་སུ་གྱུར་པ་ཡིན། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །རཱ་ནི་གཟི་བརྗིད་ཡིན་པར་སྨྲ། །སྟེང་གི་སྒོ་ན་རྣམ་པར་གནས། །ཛ་ནི་གང་དུ་སྐྱེ་བ་སྟེ། །ཆོས་ཀྱི་ལྟེ་བ་བྷ་གའི་ནང༌། །བ་ནི་ཁམས་ཀྱི་གཟུགས་ཅན་ཏེ། །སྤུའི་རྩེ་མོ་བརྒྱར་གྱུར་པའི་ཆ། །ཏྱེ་ནི་སྙིང་གི་པདྨ་རུ། །བྱང་ཆུབ་སེམས་ནི་རྡོ་རྗེ་ཅན། །དབང་པོ་ཀུན་ལས་རྣམ་འདས་ཤིང༌། །དབང་པོ་ཐམས་ཅད་ཡོངས་སྦངས་པའོ། །དབང་པོ་ཐམས་ཅད་འཛིན་རྒྱལ་པོ། །རྒྱལ་པོའི་རོལ་མོར་དེ་འགྱུར་རོ། །ས་དང་ཆུ་དང་མེ་ལ་སོགས། །འབྱུང་བ་ཀུན་གྱིས་རྒྱལ་པོ་ཡིན། །ཨིནྡྲ་བྷཱུ་ཏིའི་གཞུང་འདི་ནི། །ཤཱཀྱའི་བཤེས་གཉེན་ལ་བཤད་པའོ། །ཤིན་ཏུ་མྱུར་བ་ཇི་བཞིན་སྨྲ། །གཞན་ཡང་བདག་གིས་བཤད་པར་བྱ། །ཨ་ནི་སྔགས་སུ་གྱུར་པ་


DTG027_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན། །ཏི་ནི་འདི་ཡིས་གནས་པའོ། །དྷཱུ་ནི་མཚལ་ཆེན་ཡིན་པར་བཤད། །ཏ་ནི་ས་བོན་ཉིད་ཡིན་པ། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །ཨ་ཞེས་བྱ་བའི་རིམ་པ་འདིས། །བདེ་མཆོག་སྒྲོན་མ་ལ་སོགས་པ། །ཏི་ནི་དངོས་པོ་གསུམ་སྤངས་ཏེ། །སྐུ་གསུང་ཐུགས་ལ་རེག་པ་ལ། །དྷ་ནི་ངེས་པ་ཐམས་ཅད་སྟེ། །ཏ་ནི་མི་ཟད་དེ་ཉིད་ཡིན། །གཟུགས་མེད་གྱུར་པའི་བདེ་བ་ནི། །རེག་པའི་བདེ་བ་ཚོར་བའོ། །ཡོད་དང་མེད་པ་མ་ཡིན་དང༌། །ཁམས་གསུམ་ཐམས་ཅད་བདག་ཡིན་ཞིང༌། །མྱུར་བར་ཞུ་བར་གྱུར་པ་ཡིན། །བྱང་ཆུབ་སེམས་སུ་རྣམ་པར་འཕྲུལ། །ཤིན་ཏུ་མྱུར་བའི་སྒྲར་གྲགས་པ། །བདག་གིས་ཕྱེ་སྟེ་བཤད་པ་ཡིན། །ཨིནྡྲ་བྷཱུ་ཏིའི་གཞུང་འདི་སྟེ། ཤིན་ཏུ་མྱུར་བ་མི་རྟག་པའོ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །སློབ་དཔོན་ཨིནྡྲ་བྷཱུ་ཏི་ལྷ། །བདག་ནི་སླར་ཡང་ཞུ་བར་འཚལ། །སློབ་དཔོན་རབ་བཞད་རྡོ་རྗེ་དང༌། །སློབ་དཔོན་གཞན་གྱི་གཞུང་རྣམས་ཀྱི། །རོལ་མོའི་དོན་རྣམས་མང་པོ་དང༌། །ཨཱ་ལི་ཀཱ་ལི་སྔགས་བཅས་དང༌། །གསང་བའི་གཞུང་གི་དོན་མང་དང༌། །དཀྱིལ་འཁོར་གྱི་ནི་ཆོ་གའི་རིམ། །རྫོགས་པའི་སངས་རྒྱས་ཉི་ཟླ་དང༌། །ཌཱ་ནི་ནམ་མཁའ་འགྲོ་བའི་སྒྲ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུར་མ་བདེ་བའི་མཆོག །ལྷ་ཡི་ཇི་བཞིན་བཀའ་སྩལ་ཅིང༌། །སྔགས་རྣམས་ཀྱང་ནི་གསལ་བར་མཛད། །དེ་ནས་ཤྰྐྱའི་བཤེས་གཉེན་ལ། །སློབ་དཔོན་གྱིས་ནི་ལེགས་ཞེས་གནང༌། །འདི་འདྲའི་གཞུང་ནི་ཐོས་པ་དང༌། །སྟན་ནི་ཡོངས་སུ་སྤངས་ནས་ཀྱང༌། །བུས་མོ་ས་ལ་བཞག་ནས་ནི། །བདག་ཉིད་ཡོངས་སུ་ཕུལ་བར་གྱུར། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །གནས་ནི་གང་དུ་བཞུགས་གྱུར་པ། །བརྟན་གཡོ་ཀུན་ལ་རོལ་མཛད་པ། །བཅོམ་ལྡན་ལྷ་ཡིས་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་བ། །ཤཱཀྱ་ཚུལ་བཞིན་མཉན་པར་གྱིས། །ཐམས་ཅད་བདག་ཉིད་རྟག་བཞུགས་པར། །གང་ཞིག་སྔར་ནི་བཤད་པ་ཉིད། །དཀྱིལ་འཁོར་


DTG027_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུས་ནི་ཡིན་པར་བཤད། །དེ་ནི་སྒོ་དགུ་དག་ཏུ་འགྱུར། །དེ་ལ་ལྟེ་བའི་འཁོར་ལོ་ནི། །ཐམས་ཅད་མཁྱེན་པ་ཞེས་བྱར་བཤད། །རྡོ་རྗེ་ཅན་ནི་དེར་བཞུགས་པ། །ཆ་མེད་ཆ་ནི་རྣམ་སྤངས་པ། །ལུས་ཅན་རྣམས་ཀྱི་ནང་ན་རོལ། །ལུས་ལས་འདས་ཤིང་གོས་པ་མེད། །ལ་ལར་གཟུགས་ཅན་དག་ཏུ་བཞུགས། །ལ་ལར་སྣང་དང་ཁ་དག་དང༌། ལ་ལར་རྣ་བ་སྒྲ་དག་དང༌། །ལ་ལར་དྲི་ཆེན་རྡོ་རྗེ་ཆུ། །ལ་ལར་ཚོར་དང་བཅས་པའི་སེམས། །ལ་ལར་སྐོམ་དང་ལ་ལར་བཀྲེས། །ལ་ལར་ཁྲོ་དང་ལ་ལར་ཞི། །ལ་ལར་བདེ་ལ་རྣམ་པར་གཟིགས། །ལ་ལར་བུད་མེད་འདོད་ཆགས་དེ། །ལ་ལར་གསོད་དང་འཇོམས་པ་སྟེ། །ལ་ལར་རོལ་མོ་བརྡུང་བར་མཛད། །ལ་ལར་མེ་ཏོག་འབྲས་བུར་གནས། །ལ་ལར་རོལ་ཞིང་སྤྱོད་པར་འགྱུར། །ལ་ལར་སྲོད་ཏུ་རྣམ་པར་གནས། །ལ་ལར་ས་དང་ཆུ་དང་མེ། །ལ་ལར་འབྱུང་བ་ཆེན་པོ་ལྔ། །ལ་ལར་རིགས་ཀྱི་བྱེ་བྲག་གིས། །བྲམ་ཟེ་དང་ནི་གདོལ་པ་དག །ལ་ལར་མ་དང་སྲིང་མོར་རུ། །ལ་ལར་ཆུང་མ་བུ་མོ་རུ། །ལ་ལར་ཚངས་དང་དབང་ལྡན་དང༌། །ཁྱབ་འཇུག་དང་ནི་ཉི་མ་ཉིད། །ལ་ལར་ཟླ་བ་སྐར་མས་བཅས། །ལ་ལར་ཉིན་དང་མཚན་མོར་གྱུར། །ལ་ལར་ཁམས་གསུམ་པ་རྣམས་ཀུན། །བྱེད་པ་པོ་དང་མི་ཟད་རྒྱལ། །ལ་ལར་རྒྱུ་དང་མི་རྒྱུ་བར། །ལ་ལར་ཤི་བའི་དབང་གིས་ཞུམ། །མི་གསལ་སྟོང་པའི་རྡོ་རྗེ་ཅན། །ལ་ལར་བྱང་ཆུབ་ཆེན་པོར་གཤེགས། །ལ་ལར་ཕ་རོལ་བདུད་ལས་རྒྱལ། །ལ་ལར་བྱིས་པའི་རང་བཞིན་ཉིད། །ལ་ལར་རྒས་ཤིང་འཁོགས་པའོ། །ལ་ལར་ནད་ཆེན་གྱིས་ཟིན་པ། །ལ་ལར་སྔོ་དང་ལེ་བརྒན་དང༌། །ལ་ལར་དཀར་དང་སེར་བའོ། །ལ་ལར་སངས་རྒྱས་རྣམ་སྣང་མཛད། །ལ་ལར་སྒྲོན་མ་གོས་དཀར་མོ། །ལ་ལར་སྤྱན་དང་མཱ་མ་ཀཱི། །ལ་ལར་དཀའ་ཟློག་ཞི་བ་མོ། །ལ་ལར་འདབ་ཆགས་མཁའ་ལྡིང་དང༌། །ནམ་མཁའ་དང་ནི་མཁའ་འགྲོ་ཉིད། །ལ་ལར་ཀླུ་དང་སྦྲུལ་ཆེན་པོ། །ལ་ལར་སྨད་འཚོང་སྤྲེའུ་དང་ནི། །ལ་ལར་རྨི་ལམ་མཐོང་བ་དང༌། །ལ་ལར་གཉིད་ནི་ལོག་པས་གནས། །


DTG027_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ལར་རླུང་དང་མཁྲིས་པ་དང༌། །ལ་ལར་ཁྲག་དང་པ་གས་པར་འགྱུར། །ལ་ལར་མྱ་ངན་དུ་བ་དང༌། །ལ་ལར་བསྲེག་པའི་མི་དག་ཡིན། །ལ་ལར་མཐོ་རིས་སྐྱེ་བ་སྟེ། །རྣམ་པར་འཕྲུལ་བ་འདི་ལྟ་བུ། །ཐམས་ཅད་བདག་ཉིད་བཞུགས་འདི་ལ། །ཨིནྡྲ་བྷཱུ་ཏིའི་བཤད་པ་ཡིན། །ལྷ་གང་ཆ་ནི་རྣམ་སྤངས་པའི། །དེ་ཡི་སྒྱུ་མ་སྣ་ཚོགས་འདི། །རྟག་པ་མིན་པ་རྡོ་རྗེ་ཅན། །གཟུགས་མེད་པར་ནི་བྷ་གའི་ནང༌། །ལྟེ་བའི་ནང་ན་པདྨ་ཆེ། །བཅུ་དྲུག་ཐིག་གིས་ཐིག་བཏབ་པར། །ཡི་གེ་དང་ཡང་མཉམ་སྦྱོར་བས། །བསྐོར་བའི་བྱ་བ་བྱས་པ་ཡིན། །དེ་དབུས་རྟག་ཏུ་གསང་བ་ནི། །འབྱིན་དང་སྡུད་པ་བྱེད་པའོ། །དེ་ནི་རང་ཉིད་རྡོ་རྗེ་ཅན། །གཅིག་པུ་རང་འབྱུང་ཆེ་བའི་ལྷ། །དེ་ནི་སངས་རྒྱས་ཀུན་དངོས་ཞེས། །མཚན་ནི་རབ་ཏུ་བཤད་པ་ཡིན། །གསང་བ་མཆོག་གི་དགྱེས་པ་ལ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐམས་ཅད་མཁྱེན་པས་འདི་བཤད་པའམ། །ཡང་ན་མི་ཤིགས་ཀུན་མཁྱེན་པ། །སངས་རྒྱས་ཀུན་གྱི་དངོས་པོར་ནི། །ལ་ལར་ལྷ་མོའི་ཚོགས་ལ་འདོད། །བཅོམ་ལྡན་ལྷ་ཡི་རྣལ་འབྱོར་ནི། །སྔགས་དང་ཕྱག་རྒྱ་བསྡུས་པ་ཡིན། །བསམ་གཏན་དག་ནི་ཇི་ལྟར་བགྱི། །ལྷ་ནི་ཇི་ལྟར་བསྐྱེད་པར་བགྱི། །དཀྱིལ་འཁོར་གནས་ནི་གང་དག་ཏུ། །ལྷ་རྣམས་རྣལ་འབྱོར་བསྒོམ་པ་རྣམས། །གཙོ་བོ་འདི་དག་ཐེ་ཚོམ་གྱུར། །དེ་དག་ཐམས་ཅད་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །ལུང་དང་བསྟན་བཅོས་ཤེས་པ་དང༌། །སྙན་དངགས་བྱེད་པ་ཉིད་དང་ཡང༌། །སློབ་དཔོན་མང་པོའི་གཞུང་ཐོས་ནས། །བདག་གི་གཞུང་འདི་ཟབ་གྱུར་པ། །སངས་རྒྱས་བསྟན་པ་འཛིན་པ་པོ། །ཤཱཀྱ་བློ་གྲོས་ཆེན་པོ་ཉོན། །དང་པོ་ཆགས་ལས་རྣམ་རྒྱལ་ཞིང༌། །དེ་བཞིན་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་དེ་བཞིན་ཁྲོ་བ་དང༌། །སྲེད་དང་སྡུག་བསྔལ་བཀྲེས་སྐོམ་དང༌། །བདེ་བ་མེད་ཅིང་ཆགས་བྲལ་བ། །མཛའ་བཤེས་དང་ནི་དགྲར་མཉམ་པས། །གལ་ཏེ་དངོས་གྲུབ་འདོད་གྱུར་ན། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །ལུས་གནས་བྷ་གའི་དཀྱིལ་འཁོར་དུ། །དང་པོ་སྟོང་པ་བསྒོམ་པར་བྱ། །ཤིན་ཏུ་ཕྲ་བའི་རླུང་གི་ངོས། །


DTG027_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲ་རབ་དྲུག་ཏུ་ཕྱེ་བ་ཡིས། །སྒོ་དགུ་པོ་ནི་ཐམས་ཅད་དག །རྟག་ཏུ་དེ་ཡིས་དབྱེ་བར་བྱ། །སྟེང་གི་སྒོར་ནི་ངེས་འབྱུང་བར། །སྔགས་པས་རྟག་ཏུ་བསམ་པར་བྱ། །ཟླ་བའི་དཀྱིལ་འཁོར་རྫོགས་པར་ནི། །བྷ་གའི་དབུས་གནས་བསྒོམ་པར་བྱ། །དེར་ནི་སྟོང་ཉིད་དབུས་གནས་པར། །བསྒོམས་ནས་གླུ་ནི་བརྗོད་པར་བྱ། །སྟོང་པ་ཡོད་མེད་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག་ཨོཾ་ལས་དཀྱིལ་འཁོར་བྱ་བ་སྟེ། །ཟུར་གསུམ་དུ་ནི་དཀྱིལ་འཁོར་བསྒོམ། །ཡི་གེ་ཨ་ལས་པདྨ་ཏེ། །འདབ་བརྒྱད་ལྟེ་བར་བཅས་པ་བསྒོམ། །རྟག་ཏུ་སྟོང་པ་ནམ་མཁའ་ལྔ། །དབུ་དང་ཐིག་ལེར་རྣམ་བརྒྱན་ཞིང༌། །ཟླ་བའི་ཕྱེད་དང་ལྡན་པ་ནི། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །སངས་རྒྱས་བྱེ་བ་སྟོང་ཕྲག་ནི། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །རང་གི་ངོ་བོའི་རིགས་དབྱེ་བས། །ལྷ་ནི་དེ་རུ་བསྐྱེད་པར་བྱ། །ཞལ་གཅིག་ཕྱག་ནི་གཉིས་པ་དང༌། །བརྒྱ་འམ་ཡང་ན་སྟོང་ཉིད་དུ། །སྒྲུབ་པ་པོ་ནི་ཅི་འདོད་པར། །བསམ་གཏན་དུ་ནི་བརྟག་པར་བྱ། །སྔགས་པས་ཡང་ནི་རྟག་སྟོང་པ། །ཨ་ཡིས་མནན་ཅིང་བརྒྱན་པ་ལ། །ར་ནི་སྟན་དུ་དགྲམ་བྱ་བ། །བདེ་མཆོག་སྒྲོན་མ་ལ་སོགས་པ། །ལྷ་རྣམས་བསྐྱེད་པ་འདི་ཡིས་ནི། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །རང་གི་ལྷ་ཡི་རིམ་པ་ཡི། །དེར་ནི་སྙིང་པོ་བརྗོད་པར་བྱ། །ཕྱག་རྒྱ་རྣམས་ཀྱིས་ཡོངས་བསྐོར་ནས། །སྔགས་པས་ཡོངས་སུ་རྫོགས་པར་བསྒོམ། །དྲི་ཆུ་མཚལ་ནི་ཆེན་པོ་དང༌། །དེར་ནི་མཆོད་པར་རབ་ཏུ་བྱ། །ཤ་ཆེན་ས་བོན་དག་དང་ཡང༌། །རྟག་ཏུ་མཆོད་པ་རིམ་བཞིན་བརྩམ། །ཇི་སྲིད་སྐྱོ་བར་མ་གྱུར་པར། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །སླར་ཡང་བདག་གིས་གསང་སྔགས་ཀྱི། །ལྷ་ཡི་བཟླས་བརྗོད་དག་ཀྱང་བྱ། །སྤོས་དང་མེ་ཏོག་བྱུག་པ་དང༌། །གླུ་གར་ཉེ་བར་མཆོད་པ་དང༌། །མཆོད་ཡོན་ཡང་དང་ཡང་ཕུལ་ནས། །དེ་འོག་ལྷ་རྣམས་གཤེགས་སུ་གསོལ། །སྔགས་པས་ལྷ་རྣམས་སྤྱན་དྲངས་ནས། །བདག་


DTG027_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་སྙིང་ནི་དགང་བར་བྱ། །སྔགས་པ་ཏིང་འཛིན་ལ་གནས་ནས། །བདག་ཉིད་རྣམ་པར་སེལ་བས་ནི། །སྟོང་པ་ཉིད་དུ་བསྒོམས་ནས་སུ། །སྟེང་གི་སྒོ་ནས་ཞུགས་པར་བྱ། །ཆོས་ཀྱི་འཁོར་ལོ་ལྟེ་བ་ཆེ། །སངས་རྒྱས་ཀུན་གྱིས་ཡོངས་བསྐོར་པ། །རང་གི་རིགས་ཀྱི་ལྷ་དག་ནི། །སྟོང་པའི་དབུས་གནས་བསྒོམ་པར་བྱ། །དམར་ཆེན་དང་ནི་ག་པུར་བཅས། །ཙནྡན་དམར་པོ་བཟའ་བྱ་ཞིང༌། །ཚོགས་ཀྱི་དབུས་སུ་བཞག་པ་ནི། །རས་ཡ་ན་ཀུན་སློང་བའོ། །གང་ཞིག་དེ་ཡི་རིགས་གྱུར་པའི། །བུད་མེད་ཐམས་ཅད་སྤྱད་བྱ་སྟེ། །གསང་སྔགས་ཡི་གེ་གསུམ་གྱི་ལུས། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །བྷྲཱུཾ་ནི་བྷ་གའི་དབུས་གནས་ཤིང༌། །ཧཱུཾ་ལས་རྡོ་རྗེར་གྱུར་པ་ནི། །བསམས་ནས་སྔགས་པས་ལ་ས་རིགས་བྱ། །ཆོ་ག་ཡིས་ནི་རྫས་རྣམས་བཟའ། །བགེགས་རྣམས་འདུལ་བའི་ཁྲོ་བོ་ནི། །བདུད་རྩི་ཐབ་སྦྱོར་ལས་བྱུང་བ། །དེ་དང་དམར་ཆེན་ཙནྡན་བཅས། །བདུད་རྩི་དག་ནི་བཟའ་བ་ནི། །ལས་རྣམས་ཐམས་ཅད་བྱེད་པར་བཤད། །དེ་བཞིན་དབང་དང་དགུག་པ་ལ། །དང་པོ་བདུད་རྩི་ཐབ་སྦྱོར་ཞེས། །གྲགས་པ་སྔགས་པས་བརྗོད་པར་བྱ། །དེ་ནས་སྐལ་བཟང་རྣལ་འབྱོར་པའི། །སྒྲུབ་པ་པོས་ནི་བལྟས་ཙམ་གྱིས། །ས་སྟེངས་བུད་མེད་ཇི་རྙེད་པ། །འཆི་བ་དག་ཀྱང་རྗེས་སུ་འགྲོ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་མོ། །རིགས་ངན་སྨེ་ཤ་ཁྲུས་མཁན་མ། །འདུག་པ་འམ་ནི་ལྡང་བའང་རུང༌། །གང་དུ་འདོད་པར་སྤྱད་པར་བྱ། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །ཕྱག་རྒྱར་བཅས་བདག་སྔགས་རིག་པས། །སངས་རྒྱས་བྱང་ཆུབ་བསྒྲུབ་བྱ་ཞིང༌། །བྷ་གར་བདུད་རྩི་བཟའ་བར་བྱ། །བྷ་གའི་པདྨ་རེག་བྱ་ཞིང༌། །རོ་འཛིན་པ་ཡང་བསྐྱོད་པར་བྱ། །རྙོག་པ་མེད་པའི་བྱང་ཆུབ་སེམས། །དེ་ཡིས་སངས་རྒྱས་ཉིད་འགྲུབ་འགྱུར། །དེ་ཡི་དུས་སུ་རང་གི་ལྷའི། །སྦྱོར་བ་དག་ནི་མི་བྱ་མིན། །སྐྱེ་བོ་མེད་ཅིང་དབེན་པ་དང༌། །གསང་ཞིང་བཟང་བའི་གནས་གཅིག་ཏུ། །རང་གི་ལྷ་ཡི་དཀྱིལ་འཁོར་གྱི། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །བྱང་ཆུབ་སེམས་ནི་རབ་འབད་པས། །སུ་ལའང་སྦྱིན་པར་མི་བྱའོ། །ཚོགས་ཀྱི་དཀྱིལ་འཁོར་བརྟུལ་ཞུགས་ཅན། །


DTG027_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསངས་སྔགས་དེ་ཡང་བརྗོད་མི་བྱ། །ལྷ་ཡི་རྣལ་འབྱོར་བསྒོམ་པ་དག །འདི་ནི་བྱང་ཆུབ་ཡིན་པར་བསྟན། །ཇི་ལྟར་གཟུགས་ནི་རྣམ་གནོན་པ། །གཞན་ཡང་ཡང་དག་བཤད་པར་བྱ། །སློབ་དཔོན་ལ་ལས་བཤད་པ་ནི། །རྣམ་སྣང་དཔལ་གྱི་དཀྱིལ་འཁོར་དུ། །ཆོ་ག་བཞིན་དུ་དབང་བསྐུར་ནས། །བསམ་བཟླས་ཆོ་གའི་རིམ་གྱིས་ནི། །གང་ཚེ་དེ་ལ་མི་འགྲུབ་ན། །རྐང་པས་མནན་ནས་བཟླས་བྱས་ཏེ། །ལུགས་མའམ་འབུར་དུ་བརྐོས་པའང་རུང༌། །གང་གཞན་ཁྲོ་བོའི་ལྷ་རྣམས་ནི། །སློབ་དཔོན་ཁྲོ་ལ་ཞེན་པ་ཡིས། །གཟུགས་རྣམས་ཐམས་ཅད་མནན་པར་བྱ། །རྐང་པ་རྐྱོང་དང་གནོན་པ་དང༌། །དྲག་པོའི་སྦྱོར་བས་དེ་བཞིན་དུ། །རྡོ་རྗེ་ཉི་མ་སྤྱན་བྱ་ཞིང༌། །དེ་བཞིན་རྡོ་རྗེ་འཛིན་པ་དང༌། །པདྨ་གར་གྱི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་རྟ་མཆོག་གོ །ཤེས་རབ་ཕ་རོལ་ཕྱིན་པ་དང༌། དེ་བཞིན་མཁའ་འགྲོ་ཐམས་ཅད་སྤྱད། །འདི་ལ་སློབ་དཔོན་གཞུང་མང་སྟེ། གཞན་དང་གཞན་དུ་སྟོན་པར་བྱེད། །སྔགས་ཀྱིས་གཟུགས་དག་མནན་པ་ལ། །འདི་ལྟ་བུ་ཡི་དོན་སྟོན་ཏེ། །གཟུགས་ནི་སྒྲུབ་པ་པོ་ཡི་ལུས། །རིགས་ཀྱི་དབྱེ་བས་མནན་པར་བྱ། །མནན་པ་སྒོམ་པ་ཞེས་བཤད་པས། །བདག་གིས་ཐམས་ཅད་བསྒོམ་པར་བྱ། །སྔགས་པ་གྲུབ་པར་གྱུར་པ་ནི། །ཕོངས་པ་ཀུན་ལས་གྲོལ་བར་འགྱུར། །གཞན་ཡང་རབ་བཞད་རྡོ་རྗེ་ཡིས། །གནས་འདིར་གཞུང་དུ་གྱུར་པ་ནི། །རྣམ་པར་སྣང་མཛད་དཔལ་ཀྱི་སྒྲ། །ས་བོན་ཉིད་ནི་ཡིན་པར་བཤད། །སྟོང་པའི་རྡོ་རྗེ་ལས་བྱུང་བས། །དེ་ཚེ་རྡོ་རྗེ་ཉི་མར་གྱུར། །དེ་ཉིད་རྡོ་རྗེ་འཛིན་པ་སྟེ། །པདྨ་གར་དབང་ངོ་བོའང་དེ། །སྐྱེས་པ་བུད་མེད་གཟུགས་རྣམས་ནི། །དེ་ཡིས་ཐམས་ཅད་མནན་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་པ་དང༌། །དེ་བཞིན་མཁའ་འགྲོ་མ་ཀུན་སྤྱད། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་བ། །དེ་ཉིད་བྱེད་པ་རང་ཉིད་གཙོ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རྐང་པ་རྐྱོང་དང་གནོན་པ་དང༌། །བསྐུམས་ནས་འདེགས་པའི་སྟོབས་དག་གིས། །ཀུན་བྱེད་ས་བོན་བྱེད་པ་ནི། །སྣ་ཚོགས་གཟུགས་ཅན་འགྲོ་བསྐྱེད་པ། །རབ་བཞད་རྡོ་རྗེའི་


DTG027_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞུང་ཡིན་ཏེ། །སློབ་དཔོན་ཀུ་ཀུ་ར་ཡིས་གཞན། །དཀར་མོ་རྐུ་བྱེད་མར་ལྡན་པའི། །ཧེ་རུ་ཀ་ཡིས་ཀུན་མནན་ཏེ། །དཔལ་ལྡན་རྣམ་སྣང་ཚངས་ལ་སོགས། །ཟ་ཞིང་མཚལ་ཆེན་འཐུང་བར་བྱེད། །རྡོ་རྗེ་ཅན་གྱི་སླར་བསླངས་ནས། །ཐལ་བར་གྱུར་པའང་འཚོ་བར་བྱེད། །བསྒོམ་བྱའི་གཞུང་ནི་འདི་ལྟ་བུ། །གྲུབ་པ་སློབ་དཔོན་ཀུ་ཀུ་རའི། །སློབ་དཔོན་གཞན་གྱིས་བཤད་པ་ནི། །ཤཱཀྱའི་བཤེས་གཉེན་མཉེན་པར་གྱིས། །གཟུགས་ཉིད་རྣམ་པར་སྣང་མཛད་དཔལ། །སྒྲ་ནི་རྡོ་རྗེ་ཉི་མ་ཡིན། །དྲི་ནི་རྟ་མགྲིན་ཡིན་པར་བཤད། །པགས་པ་རུས་པ་ཧེ་རུ་ཀ། ཚིགས་ནི་པདྨ་གར་དབང་ཡིན། །སེམས་ནི་བདེ་བ་ཆེན་པོའོ། །ལུས་ཀྱི་གཟུགས་སུ་རྣམ་པར་བཤད། །གནོན་པ་རིམ་བཞིན་སྤྱད་པའོ། །འབྱོར་པ་རྒྱལ་པོ་རོལ་མོ་ཆེ། །བུད་མེད་ཀུན་གྱི་གསང་བའོ། །སློབ་དཔོན་གཞན་དག་འདི་ལྟར་འདོད། །འདོད་ཆགས་རྣམ་པར་སྣང་མཛད་ཡིན། །ཞེ་སྡང་རྡོ་རྗེ་རིགས་སུ་བཤད། །གཏི་མུག་དེ་བཞིན་པདྨའི་རིགས། །ང་རྒྱལ་རྡོ་རྗེ་ཉི་མ་ཡིན། །ཁྲོ་བོ་ཉིད་ནི་ཧེ་རུ་ཀ །སྲེད་པ་རྟ་མགྲིན་ཡིན་པར་བཤད། །གང་གཞན་བུད་མེད་ལོངས་སྤྱོད་ཅིང༌། །དྲག་པོའི་སྦྱོར་བས་ལོངས་སྤྱོད་ལ། །སྣ་ཚོགས་ཕྱག་རྒྱས་ཡོངས་བསྐོར་ནས། །གཟུགས་ཀྱི་སྒྲ་ནི་མཚན་ཡིན་ཏེ། །ལུས་ཉིད་ཀྱང་ནི་གཟུགས་ཡིན་ནོ། །རིམ་པ་འདི་ཡི་སྦྱོར་བ་ཡིས། །འདི་ནི་འདི་འདྲ་སྟོན་བྱེད་པ། །སློབ་དཔོན་མང་པོའི་གཞུང་འདི་ཡིན། །ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །སངས་རྒྱས་ཀྱི་ནི་དཀྱིལ་འཁོར་གཅིག །གཉིས་པ་རྡོ་རྗེ་ཉི་མ་ཡི། །གསུམ་པ་གར་གྱི་དབང་ཕྱུག་གི །བཞི་པ་རྟ་མཆོག་ཉིད་ཀྱི་ཡིན། །རྡོ་རྗེ་འཛིན་པར་བཤད་པ་ཡི། །ཧེ་རུ་ཀ་ནི་ལྔ་པ་ཡིན། །དགའ་བ་ཆེན་པོ་རོལ་པ་ཡིས། །རྡོ་རྗེ་སེམས་དཔའ་ཀུན་ནས་མནན། །གང་ཞིག་བདེ་ཆེན་གྲུབ་པ་ཡི། །སྒྲུབ་པ་པོ་ཡི་ཡོན་ཏན་འདི། །རྟོག་པ་དག་ནི་བཞི་པ་རུ། །སྔར་ནི་བཤད་པ་མཛད་པ་ཡི། །རྐང་པ་རྐྱོང་དང་གནོན་པ་དང༌། བསྐུམས་ནས་འདེགས་པའི་སྟོབས་དག་གིས། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །ཁྲོ་བོས་ཐམས་ཅད་མནན་པར་བྱ། །སྦྱོར་པ་ཐམས་ཅད་སྤྱད་ན་ནི། །རྟག་ཏུ་དོན་ནི་འགྲུབ་པར་


DTG027_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར། །ཤེས་རབ་ཕ་རོལ་ཕྱིན་པ་དང༌། །དེ་བཞིན་མཁའ་འགྲོ་ཐམས་ཅད་སྤྱད། །འདི་ལ་མི་སྦྱིན་ཅི་ཡང་མེད། །སངས་རྒྱས་ཀུན་གྱི་དོན་བྱ་བ། །འགྲོ་བ་དང་ནི་བྱེད་པ་དང༌། །དཔུང་རྣམས་ཐམས་ཅད་རབ་འཇོམས་པར། །རྡོ་རྗེ་ཅན་གྱིས་གང་གསུངས་པ། གང་ཞིག་བདེ་ཆེན་གྲུབ་གྱུར་པའི། །སྔགས་པ་ཡིས་ནི་ཐམས་ཅད་བྱ། །དེ་ལ་ངན་འགྲོ་ཡོད་མིན་ཏེ། །རྟག་ཏུ་སྒྲུབ་པ་པོར་འགྱུར་རོ། །གདུག་པ་རྣམས་ནི་གདུལ་བའི་ཕྱིར། །ཁྲོ་བོའི་རྒྱལ་པོར་དེ་སྤྲུལ་ཅིང༌། །རྡོ་རྗེ་པདྨའི་སྦྱོར་ཆེན་གྱིས། །ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ། །སངས་རྒྱས་ཐམས་ཅད་མཐོང་བ་ལ། །སྔགས་པ་གང་ཞིག་མངོན་སློབ་པ། །སེམས་ཀུན་ལས་ནི་ལེགས་བྱུང་པ། །སངས་རྒྱས་ཆགས་པ་རྡོ་རྗེ་ཅན། །གང་ཚེ་སྔར་ནི་དེས་བཤད་པ། །བརྟན་པ་དང་ནི་གཡོ་བ་དག །རྣལ་འབྱོར་ཡང་དག་མ་ཡིན་སེམས། །གཟུགས་བརྙན་ལ་ནི་བསྒོམ་པ་སྟེ། །ལུགས་མའམ་འབུར་དུ་བརྐོས་པའམ། །བྲིས་པར་གང་དག་གྱུར་པ་ལའོ། །ཡང་དག་མཆོག་སེམས་རྣལ་འབྱོར་པ། །བྱང་ཆུབ་སེམས་ནི་རྣམ་པར་བསྒོམ། །རང་ཉིད་ཀྱི་ནི་ནང་དག་ན། །གང་ཞིག་སྟོང་པར་རྣམ་གནས་པ། །བྱང་ཆུབ་སེམས་ནི་སྟོང་པ་སྟེ། །རྡོ་རྗེ་རྣམ་སྣང་རང་ཉིད་དོ། །དེ་ཉིད་ཆགས་དང་ཆགས་བྲལ་དང༌། །སྲིད་དང་གྲོལ་བར་གྱུར་པ་ཡིན། །བརྟན་དང་གཡོ་བ་སྣ་ཚོགས་པ། །ཐམས་ཅད་དུ་ནི་འདི་འགྱུར་རོ། །གཏན་ཚིགས་དེས་ན་བདག་ཉིད་ནི། །སངས་རྒྱས་ཐམས་ཅད་ཉིད་དུ་ཤར། །རང་གི་ཆེ་བ་ལྷ་ཡི་སྒྲས། །རང་གི་སྟོང་པའི་རྡོ་རྗེ་ཅན། །བདེ་བའི་མཆོག་ལ་ཚིག་འདི་ཉིད། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །བདེ་མཆོག་སྔོན་ནི་བྱུང་བ་རྣམས། །མི་ཡི་འཇིག་རྟེན་དག་ཏུ་སྒྲོགས། །མ་ལུས་འཇིག་རྟེན་གསུམ་རྒྱལ་སྲིད། །འཇིག་རྟེན་དབང་ཕྱུག་ཀུན་དང་བཅས། །དོན་མཐོང་སྟོབས་ཀྱིས་ཕྲོགས་ནས་ནི། །དེ་ནི་དད་ལ་སྦྱིན་པར་བྱེད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང༌། །ཕྲོགས་ནས་ཀྱང་ནི་སྦྱིན་བྱེད་ན། །ལ་ས་མཆོག་དང་ནི་རབ་འབྱམས་དང༌། །དངོས་གྲུབ་དང་ནི་ཇི་ཞིག་སྨོས། །འདི་ནི་ཨིནྡྲ་བྷཱུ་ཏིའི་གཞུང༌། །ཡོན་ཏན་སྒྲུབ་པར་བྱེད་པ་ཉིད། །དབང་པོ་


DTG027_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་དག་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་ཏེ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །མིག་གི་ལམ་གྱུར་གཟུགས་རྣམས་ཏེ། །དེ་ལ་རྣམ་པར་སྣང་མཛད་གནས། །རྣ་བ་རྡོ་རྗེ་ཉི་མ་སྟེ། །སྒྲ་ཡང་དེར་ནི་རབ་ཏུ་བསྒྲགས། །སྣ་ཡི་ལམ་དུ་རྟ་མགྲིན་ཏེ། །དྲི་ཡི་ལམ་དུའང་བཤང་བ་ཡིན། །ལྕེ་ལམ་པདྨ་ཞེས་བྱ་བ། །པདྨ་གར་དབང་རོ་ཡང་ཡིན། །སེམས་ཀྱི་ལམ་ནི་གཟུགས་མེད་པར། །རྡོ་རྗེ་སེམས་དཔའ་རྣམ་པར་གནས། །པགས་པ་རུས་པ་རྐང་དག་དང༌། །ཁྲག་དང་རྒྱུ་མ་ཧེ་རུ་ཀའོ། །དེ་ལྟར་དབང་པོ་ལམ་རྣམས་ནི། །ངོ་བོ་ཉིད་ཀྱིས་ཐ་དད་པའོ། །མཉམ་པར་མ་བཞག་སྦྱོར་བ་ནི། །གཞུང་ནི་མང་དུ་བཤད་པ་ཡོད། །ལ་ལའི་གཞུང་ནི་རྟག་པ། །ལྡང་བའམ་གང་ཡང་རུང་བ་དང༌། །འདུག་དང་ཆག་པ་དག་ལའང་རུང༌། །རྟག་ཏུ་སངས་རྒྱས་དངོས་པོར་བསྒོམ། །མཉམ་པར་མ་བཞག་པ་ཡི་གཞུང༌། །རབ་བཞད་རྡོ་རྗེས་མཉན་པ་གྱིས། །དབང་པོ་གང་དང་གང་སྒོམ་ན། །འོངས་པའི་རྫས་ནི་ཡང་དག་བླང༌། །དེ་དང་དེ་ནི་ས་བོན་འགྱུར། །སྔགས་ཉིད་མཉམ་པར་མ་བཞག་པའོ། །སངས་རྒྱས་ཀུན་གྱི་དངོས་བསམས་ལ། །ཐམས་ཅད་རྡོ་རྗེ་ཅན་དུ་སྦྱོར། །པདྨའི་སྣོད་དུ་བཞག་ནས་ནི། །ལག་པ་གཡོན་དུ་སྒྲུབ་པ་པོས། །གཡས་པ་ཡི་ནི་ལག་པ་ཡིས། །བ་དན་གསུམ་པས་བཟའ་བར་བྱ། །རབ་ཏུ་བཞད་པའི་རྡོ་རྗེ་ཡིས། །མཉམ་པར་མ་གཞག་སྔགས་སུ་བཤད། །ཨོཾ་ཨ་ས་མ་ཧཱི་ཏཾ་ཨཿཨ། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །གཞན་དག་གི་ནི་གཞུང་གཉིས་པ། །མཉམ་པར་མ་བཞག་མིང་གིས་ནི། །སྟོང་པ་མི་ཤིགས་པ་ཡི་གཞུང༌། །ཆོས་ཀྱི་འཁོར་ལོ་ལྟེ་བ་ཆེར། །དེས་ནི་ཐམས་ཅད་སད་པར་བྱེད། །དེས་ན་འདི་ནི་སངས་རྒྱས་ཀུན། །མི་མཉམ་ནམ་མཁའ་ལ་གནས་པའོ། །དེ་ཡི་ཡོན་ཏན་བརྟག་པ་ནི། །མཉམ་མེད་ཅེས་བྱའི་བསྟོད་པ་ཡི། །འདི་ལ་གཞུང་ནི་གཞན་ཅིའང་རུང༌། །བདག་གིས་བཤད་པ་ཡོད་མ་ཡིན། །རིགས་ཀྱི་དབྱེ་བར་ལ་ལར་འདོད། །སྐུ་གསུམ་དུ་ནི་ལ་ལ་འཆད། །ཨ་ནི་ཆོས་ཀྱི་སྐུ་ཡིན་ལ། །མ་ནི་མཁའ་འགྲོ་ལ་བརྟན་པ། །ལོངས་སྤྱོད་རྫོགས་པའི་བཤད་པའོ། །


DTG027_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ས་ནི་མཉམ་མེད་མི་གཡོ་བའོ། །རབ་བཞད་རྡོ་རྗེའི་བཤད་པ་ནི། །ཨ་ནི་ས་བོན་ཉིད་ཡིན་ལ། །ས་ནི་སྐྱེ་འགྲོ་ཐམས་ཅད་དེ། །མ་ནི་ཤ་དང་པགས་པ་ཡི། །གལ་ཏེ་ས་བོན་མི་སྤྱོད་ན། །མྱུར་དུ་རྟག་པར་གསོད་པར་བྱེད། །གཡོ་དང་གཡོ་བས་ལེགས་པར་ནི། །བྷ་ག་ཉིད་ཁམས་རྡོ་རྗེ་ཅན། །འདིས་ནི་ས་བོན་བསྟན་པ་སྟེ། །དེ་ལ་འདིར་ནི་བསྟོད་བཤད་པའོ། །སྔོན་ནི་ཤཱཀྱས་བསྐུལ་བ་ཡི། །རང་བྱུང་གཅིག་པུ་ཆེ་བའི་ལྷ། །སྦྱོར་བ་ལ་ལས་བཤད་པ་ཡིན། །ལྷ་ཉིད་ཀྱིས་ནི་རྣལ་འབྱོར་ཡིན། །ལ་ལ་སྣ་ཚོགས་པདྨའི་རས། །གཞུང་དུ་མཁས་པ་ལ་ལ་འདོད། །ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཕྱག་རྒྱས་བསྟོད་པ་འདོན་པར་བྱེད། །སྣ་ཚོགས་མཆོད་པ་དུ་མ་སྟེ། །རས་ལ་པདྨ་བྲི་བར་བྱ། །བླ་བྲེ་བསྒྲེངས་ནས་བྲི་བྱ་ཞིང༌། །བསྒྲུབ་པའི་སྟན་ནི་འཛོམ་པར་བྱེད། །ལྷ་མོ་རྣམས་ཀྱི་རང་གི་མཚན། །གོས་དང་རྒྱན་གྱིས་རྣམ་བརྒྱན་པ། །བཞག་ནས་རིག་པ་མཆོད་བྱའི་ཕྱིར། །ཡང་དང་ཡང་དུ་སྤྱད་པར་བྱ། །ཕྱི་ནས་མཉམ་མེད་མི་གཡོ་བའི། །བསྟོད་པ་དབྱངས་སུ་གདོན་པར་བྱ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །སྣ་ཚོགས་རས་ཀྱིས་བཀབ་པ་ཡི། །ཐམས་ཅད་དག་པའི་སྟན་དེ་ནི། །རང་གི་གཞུང་ནི་གང་ཡིན་པ། །རབ་ཏུ་བརྩེ་བས་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །སྣ་ཚོགས་རྡོ་རྗེ་ཞེས་བཤད་པ། །པདྨའི་སྒྲ་ནི་བདེ་མཆོག་ཡིན། །རས་ཀྱི་སྒྲ་ནི་པགས་པར་བཤད། །ཐས་ཅད་དག་པ་ས་བོན་ཡིན། །སྟན་ནི་བྷ་ག་ཞེས་བཤད་དེ། །གང་དུ་རྣལ་འབྱོར་པས་རོལ་པ། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། ཨིནྡྲ་བྷཱུ་ཏིའི་གཞུང་ཉོན་ཅིག །སྣ་ཚོགས་དུ་མ་ཞེས་བཤད་དེ། །བསྟོད་པ་མཁའ་དང་མཚུངས་པའོ། །པདྨ་གནས་སུ་གྱུར་པ་ཡིན། །རས་ནི་དེ་ཡི་པགས་པ་ཡིན། བཀབ་པ་སྒྲུབ་པ་ཡིན་པར་བཤད། །བྷ་ག་ཐམས་ཅད་དག་པའི་སྟན། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །དེ་ཉིད་དུ་ནི་རྣམ་པར་རོལ། །སངས་རྒྱས་ཀུན་གྱི་མཉམ་སྦྱོར་བ། །གཅིག་པུ་བསྡུས་པའི་བྱ་བ་མཛད། །ནང་གི་གཞུང་ནི་འདི་ཡིན་ཏེ། །ཕྱི་ཡི་ཚོགས་ཀྱི་དཀྱིལ། །


DTG027_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ཏེ། །ཨིནྡྲ་བྷཱུ་ཏིའི་བཤད་གཞུང་གིས། །ཚོགས་ཀྱི་དཀྱིལ་འཁོར་བྱ་བ་ཡིན། །ཚེས་བརྒྱད་དང་ནི་བཅུ་བཞི་པ། །རྣལ་འབྱོར་མ་དང་བླ་མ་མཆོད། །དམར་ཆེན་ཙནྡན་བཅས་པ་ཡི། །རྫས་ནི་འདི་ཡིས་བཟའ་བར་བྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །གལ་ཏེ་ཅུང་ཟད་སྒྲུབ་འདོད་ན། །གང་ཞིག་བྱ་བ་དང་བྲལ་བས། །སྒྲུབ་པ་འགའ་ཞིག་བརྩམ་པར་བྱ། །སྦྱིན་སྲེག་ལས་ནི་མི་བྱ་ཞིང༌། །བཟླས་བརྗོད་མ་ཡིན་གཟུང་མ་ཡིན། །སྙུང་བ་བརྟུལ་ཞུགས་མཆོད་མེད་པར། །དེ་ཡིས་དངོས་གྲུབ་མཆོག་ཏུ་འགྱུར། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ཕྱག་མཚན་བཤད་དུ་གསོལ། །དེ་བཞིན་འདོད་ཆགས་ཆེ་ལས་བྱུང༌། །དེ་བཞིན་ལྷ་མོའི་སྔགས་རྣམས་དང༌། །ཆོས་གོས་དང་ནི་ལྷུང་བཟེད་ཉིད། །རྣལ་འབྱོར་རྒྱུད་ལས་བཤད་པ་ཡི། །དེ་བཞིན་གླེགས་བམ་མཁར་གསིལ་གསུང༌། །སློབ་དཔོན་གྱིས་འདི་སྐད་ཅེ་གསུངས་སོ། །འདོད་ཆགས་ཆེན་པོ་ལས་བྱུང་བ། །གཞོན་ནུ་བདག་པོ་དང་འདུས་ཁྲག །ཙནྡན་དང་ནི་ཤ་ཆེན་ཏེ། །གཅི་བ་རྡོ་རྗེ་ཆུ་ཞེས་བྱ། །རྡོ་རྗེ་བཅས་པའི་དྲི་བཤད་པའོ། །པདྨའི་སྣོད་ནི་ཀཱ་པ་ལ། །སྒྲུབ་པས་ཚོགས་ཀྱི་དཀྱིལ་འཁོར་དུ། །རྫས་དེ་དེར་ནི་བརྟག་པར་བྱ། །བདེ་མཆོག་ས་བོན་ཧཾ་ཞེས་བྱ། །བརྡ་ཡི་ཚིག་གིས་ཆོས་གོས་ཡིན། །ཀྱེ་མའོ་བདེ་བ་ཞེས་བྱ་བའི། །ཛ་ཡིས་བོན་ལྷུང་བཟེད་ཡིན། །སྒྲོན་མའི་ཡི་གེ་བ་ཡང་ཡིན། །བརྡ་ཡི་ཚིག་གིས་མཁར་གསིལ་ཡིན། །ཤ་ཤིའི་ཡི་གེ་ཧ་ཡང་ཡིན། །ས་བོན་ལྔ་དང་ལྡན་གྱུར་པ། །སངས་རྒྱས་མིང་གིས་སྦས་པ་སྟེ། དེ་ཉིད་མིང་ནི་གླེགས་བམ་མོ། །པདྨ་གར་དབང་ཕྱག་རྒྱ་ནི། །པདྨར་ལྡན་པའི་ཡི་གེ་ཧཱུཾ། །ཧཱུཾ་བྷྱོ་ཧཱུཾ་ཞེས་བཏུས་པའི་སྔགས། །སྔགས་ནི་ཧེ་རུ་ཀ་བྱུང་བའོ། །ཕྱག་རྒྱ་རྣམས་ནི་དྲིལ་བུ་ཉིད། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བཤད། །མཾ་ཏྲཱཾ་བའི་བི་ཛཾ་ཛཾ་བཾ་བཾ། རྡོ་རྗེ་ཉི་མའི་ལྷ་མོ་རྣམས། །ཨོཾ་ཨོཾ་ཉིད་དེ་སྟོང་པ་སྟེ། བཾ་བཾ་དཾ་དཾ་དེ་བཞིན་ཏེ། །སངས་རྒྱས་དཀྱིལ་འཁོར་བརྟུལ་ཞུགས་ཅན། །དེ་ནས་


DTG027_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསང་སྔགས་བརྗོད་པར་བྱ། །གཞན་གྱི་འགྲོས་ནི་རོལ་པ་སྟེ། །ཡི་གེ་ཨུ་ནི་རིང་རབ་འགྱུར། །གང་གཞན་དྲག་པོའི་སྦྱོར་བ་ནི། །རྟ་མཆོག་གི་སྟེ་མཐའ་ཡས་པའོ། །སྣ་ཚོགས་པདྨར་དེ་བཤད་པ། །བདེ་མཆོག་ཀྱེ་མ་བདེ་བ་དང༌། །སྣ་ཚོགས་པདྨ་འང་ཤ་ཤི་སྟེ། །སྒྲོལ་མ་དེ་ནི་བཞི་པའོ། །ལྷ་མོ་རྣམས་ཀྱི་སྔགས་བཤད་པ། །ས་བོན་ལྔ་དང་ཡང་དག་ལྡན། །སྟོང་པ་དྲུག་པར་ཡང་དག་སྦྱར། །དཀྱིལ་འཁོར་རྣམས་ཀྱི་རིམ་པ་ཉོན། །སྔར་ནི་བཤད་པ་བྱས་པའི་ཚིག །གནས་ནི་ཤེས་རབ་བྷ་ག་སྟེ། །དེར་ནི་པདྨ་འདབ་མ་བརྒྱད། །ལྟེ་བ་ལ་ནི་བདེ་ཆེན་པོ། །དཀྱིལ་འཁོར་རྣམས་ཀྱི་ཀུན་དུ་ཡང༌། །དེ་ཡི་རྣམ་པར་བྲི་བར་བྱ། །དབུས་སུ་པདྨ་འདབ་མ་བརྒྱད། །ལྟེ་བ་ལ་ནི་ལྷར་བཅས་པ། །སྣ་ཚོགས་གཟུགས་ཅན་ཕྱག་བཞི་པའི། །ཕྱག་རྒྱ་འདབ་མ་རྣམས་ལ་བྲི། །དགུ་པ་ལ་ནི་སྒྲ་འཛིན་པས། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་བྲི། །ངོས་ལ་མེ་ཏོག་བདུག་པ་སྤོས། །ལྕགས་ཀྱུ་ལ་སོགས་སྒོ་སྲུང་བྲི། །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། ཨིནྡྲ་བྷཱུ་ཏིའི་གཞུང་ཡང་ཡིན། །གནས་འདིར་གཞུང་ནི་འདི་ལྟ་བུས། །བྲི་བའི་དཀྱིལ་འཁོར་བྱ་བ་ཡིན། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀར། །གང་ཞིག་དབང་ནི་བསྐུར་གྱུར་པ། །དེ་དང་རྣམ་པར་སྣང་མཛད་ཞལ། །དེ་ཡི་དབུས་སུ་རང་གི་ལྷ། །ཆོ་ག་འདིས་ནི་མཆོད་བྱ་ཞིང༌། །ཚོགས་ཀྱི་དཀྱིལ་འཁོར་མཉེས་པར་བྱ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་སྒྲ་ནི་གང་དུ་བསྡུ། །དེ་བཞིན་དེར་ནི་བཅོམ་ལྡན་གང། །དེ་བཞིན་རྒྱུད་ཀྱི་སྒྲ་དག་དང༌། །རྟོག་པའི་སྒྲ་ཡང་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །དེ་ལ་བྷ་ནི་བྷ་ག་སྟེ། །ག་ནི་ནམ་མཁའ་ཡིན་པར་བཤད། །བཱན་ནི་སྟོང་པ་ཉིད་རྡོ་རྗེ། །དེར་ནི་སྒྲ་དེ་ལུས་དེ་སྟེ། །དེར་ནི་རྩ་ཡིས་ཐིག་བཏབ་པོ། །ཏ་ནི་བྱང་ཆུབ་སེམས་ཡིན་ལ། །ཏྲི་ནི་རྣམ་པ་གསུམ་པ་སྟེ། །སྐུ་དང་གསུང་དང་དང་ཐུགས་རྣམས་ནི། །གསང་བར་བཅས་པས་རྟག་ཏུ་བརྟག །རྟོག་པ་ཞེས་བཤད་ཁང་པ་སྟེ། །དཀྱིལ་འཁོར་བྱ་བར་གསུངས་པས་ན། །རྟོག་པའི་སྒྲ་ནི་དེ་བཤད་དེ། །ངན་པར་སྤྱོད་པའང་མཉན་


DTG027_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་གྱིས། །ངན་པར་སྤྱོད་པ་སྨད་འཚོང་མ། །གལ་ཏེ་དངོས་གྲུབ་སྒྲུབ་འདོད་ན། །དགའ་སྟོན་དང་ནི་བདེ་རྙེད་པར། །རང་གི་རྡོ་རྗེ་ཅན་དང་ལྡན། །འང་གི་སྒྲ་ནི་ངེས་པ་སྟེ། །སྨད་འཚོང་མ་འདི་འགྲུབ་པར་འགྱུར། །བྷ་གའི་ནང་གི་རྩ་སྦུབས་གཉིས། །ངན་པར་སྤྱོད་པ་ཡིན་པར་བཤད། །གཞོན་ནུའི་མཚལ་ཆེན་ས་བོན་དག །ལེགས་པར་རྙེད་པ་ཉིད་དགའ་བསྟན། །ལས་ཀྱི་རིགས་ནི་བསྒོམས་ནས་སུ། །བུད་མེད་ཐམས་ཅད་བསྒྲུབ་པར་བྱ། །སློབ་དཔོན་གཉིས་པའི་གཞུང་འདི་ཡིན། །སློབ་དཔོན་རབ་བཞད་རྡོ་རྗེའི་གཞུང༌། །ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི། །ཇི་ལྟར་ངན་སྤྱོད་འགྲུབ་པར་བཤད། །ངན་པར་སྤྱོད་པ་རྡོ་རྗེ་ཅན། །གཞིར་གྱུར་ས་བོན་ངོ་བོ་ཉིད། །བདེ་མཆོག་རྟག་ཏུ་སྤྱོད་པ་སྟེ། །བྷ་ག་ནང་གི་ལིང་གར་རོ། །འང་གི་སྒྲ་ནི་ངེས་པར་ཏེ། །བདེ་བ་ཆེན་པོ་དེ་འཐོབ་པའོ། །རབ་བཞད་རྡོ་རྗེའི་གཞུང་བཤད་ནས། །ཨིནྡྲ་བྷཱུ་ཏའི་གཞུང་ཉོན་ཅིག །གུག་སྐྱེད་གཉིས་དང་རྣམ་བྲལ་བ། །ངན་པར་སྤྱོད་པ་རྣམ་པར་བཤད། །དེ་ནི་ཐམས་ཅད་སྒྱུ་མ་ཉིད། །བུད་མེད་གཟུགས་སུ་འང་དེ་གནས་པ། །ངན་པར་སྤྱོད་པ་ཞེས་བཤད་དེ། །སྟོང་པ་རྡོ་རྗེ་མཁའ་ལ་གནས། །རྙེད་པ་ཀུན་དང་བདེ་སྤྱོད་པས། །ངན་པར་སྤྱོད་པའང་འགྲུབ་འགྱུར་ན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞི་བ་ལ་ནི་སྨོས་ཅི་དགོས། །སློབ་དཔོན་གཞན་དག་འཆད་པ་ནི། །ཡི་གེ་གཉིས་ནི་སྒོམ་བྱེད་ཏེ། །ཧཾ་ནི་རྡོ་རྗེ་ཅན་དུ་བཤད། །ཨ་ནི་བུད་མེད་འདི་ཡིན་ཏེ། །ཡི་གེ་གཉིས་ཀྱི་མིང་དག་ནི། །ངན་པར་སྤྱོད་པ་རྣམ་པར་བཤད། །རྙེད་དང་བདེ་བ་ཐམས་ཅད་ཀྱིས། །བུད་མེད་འདི་ནི་འགྱུར་པར་འགྱུར། །ཤཱཀྱ་འདི་ནི་མངོན་སུམ་དུ། །རྡོ་རྗེ་སེམས་དཔས་རབ་དུ་གསུངས། །ཕྱག་རྒྱའི་ཉིད་དག་གིས་ནི། །བུད་མེད་ཀུན་གྱི་སྒྱུ་མ་བཤད། །སྐུ་ནི་ཡོངས་སུ་མ་བསྒྱུར་བས། །བདེ་མཆོག་རྡོ་རྗེ་ཅན་གྱིས་གསུངས། །བསྒོམས་དང་བསམ་གཏན་འཛིན་པ་ཡི། །དེ་ལ་འདོད་ཆགས་ཡོད་མ་ཡིན། །དེ་བཞིན་ཆགས་དང་བྲལ་བ་དང༌། དབུ་མའང་དམིགས་པར་མི་འགྱུར་རོ། །ཕྲ་བའི་གཟུགས་ཅན་མཁའ་ལ་གནས། །ལྷ་མོ་དེ་ནི་དམིགས་མི་འགྱུར། །བདེ་མཆོག་


DTG027_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་པར་བྱས་ནས་ནི། །བརྟན་དང་གཡོ་བ་རྣམས་ལ་གནས། །རང་གི་གཟུགས་ནི་ཡོངས་གྱུར་པས། །བུད་མེད་ཀུན་གྱི་སྒྱུ་མར་བཤད། །ཁམས་རྣམས་དང་ནི་ལུས་ཉིད་ནི། །ལྷ་མོ་བདེ་མཆོག་ཡིན་པར་བཤད། །སྣ་ཚོགས་དུ་མར་བཤད་པ་སྟེ། །སངས་རྒྱས་རོལ་མོ་རྡོ་རྗེ་ཅན། །ཆོས་རྣམས་རྣམ་པར་མི་རྟོག་ཅིང༌། །སྟོང་ཉིད་ནམ་མཁའ་འདྲ་བ་ལས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཡོངས་སུ་རྟོག་པ་གསུངས་པ་ཡིན། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མ་དམིགས་པར་མི་འགྱུར་བའི། །སྟོང་ཉིད་གསུམ་བཤད་བདེ་མཆོག་གི །སྒྲ་བརྙན་ལྟ་བུའི་ཚིག་ཏུ་ཐོས། །དངོས་མེད་མཚན་མ་མེད་པ་ན། །ཕྱི་དང་ནང་དུ་བཅས་ན་གནས། །སྙིང་གའི་མཁའ་དང་ཕྱི་རོལ་ནས། །དེ་བཞིན་འཆར་དང་ནུབ་པ་རུ། །རྟག་ཏུ་རྡོ་རྗེ་ཅན་རོལ་ཀྱང༌། །རང་གི་སྐུ་ནི་སྣང་མི་འགྱུར། །སྟོང་ཉིད་གཅིག་པུའང་མ་ཡིན་ཏེ། །དེ་བཞིན་སྤྲུལ་པའི་སྐུར་མཛད་དོ། །སྟོང་ཉིད་མིན་པའང་མ་ཡིན་སྒྲ། །ཆོས་ཀྱི་སྐུ་ནི་ཡིན་པར་བཤད། །དབུ་མ་མིང་མེད་ཅེས་གྲགས་ཏེ། །ལྟེ་བའི་དབུས་ན་རྣམ་པར་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་མིང༌། །བདེ་མཆོག་རྡོ་རྗེ་ཅན་དུ་བཤད། །རྣལ་འབྱོར་སྒྲ་ནི་མཉམ་སྦྱོར་བ་།ཨུ་ནི་སྟོང་པ་ཉིད་ཡིན་པས། །རྣལ་འབྱོར་སྟོང་ཉིད་རྡོ་རྗེ་ཅན། །ཨུ་ཉིད་ཀྱང་ནི་བདེ་མཆོག་གོ །ཆ་དང་ཐིག་ལེར་རྣམ་བརྒྱན་ན། །ཐབས་ནི་ཐམས་ཅད་བྱེད་པར་འགྱུར། །སངས་རྒྱས་ཀྱིས་འདུས་ཐམས་ཅད་ལ། །སེམས་ཅན་ཀུན་དོན་བླ་མེད་པ། །ཆ་མེད་རྟག་ཏུ་རྡོ་རྗེ་ཅན། །ཆ་དེ་ཡོད་པ་མ་ཡིན་པ། །རླུང་གི་གཟུགས་སུ་གཉིད་ལོག་པ། །དེ་ལས་སྤྲུལ་པར་འགྱུར་བ་ཡིན། །ས་བོན་ཁམས་རྣམས་འཛིན་བྱེད་ཅིང༌། །ཁམས་རྣམས་ཐམས་ཅད་ཉིད་ཀྱང་ངོ༌། །དེ་བས་ཆོས་ཀྱི་སྐུར་འགྱུར་བ། །གང་ཚེ་སྟོང་ཉིད་ཐིག་ལེར་བཅས། །གང་ཚེ་དེ་ཡི་གུག་སྐྱེད་དང༌། །ཆད་དང་ཟླ་ཕྱེད་བྱུང་གྱུར་པ། །དེ་ཚེ་འདིར་ནི་སྐུ་ཡི་སྒྲར། །ལོངས་སྤྱོད་རྫོགས་པ་ཆེན་པོར་བཤད། །ལྟེ་བའི་དབུས་ན་པདྨ་ཆེ། །བཅུ་དྲུག་ཐིག་གིས་ཐིག་བཏབ་པ། །དེ་དབུས་རྟག་ཏུ་སྟོང་པ་ཡིན། །གཡས་པ་མཆོག་ལ་


DTG027_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞུགས་པ་ཡིན། །དབང་པོ་གཉིས་ཀྱིས་མཉམ་སྦྱོར་བས། །ཐམས་ཅད་བསྐྱེད་པར་མཛད་པ་ཡིན། །ཆོས་ཀྱི་སྐུ་ནི་བྱུང་གྱུར་ནས། །དེ་འོག་མི་རྣམས་བྱུང་བ་ཡིན། །རྟག་ཏུ་གཟུགས་མེད་རྡོ་རྗེ་ཅན། །རྟག་ཏུ་སྦྲུམ་མའི་བུ་བཞིན་ནོ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །ཐོད་པའི་ཕྲེང་བའི་དབུ་རྒྱན་དང༌། །དེ་བཞིན་སྤྱི་བོར་ནོར་བུ་འཆིང༌། །རྟག་དུའི་སྒྲ་ནི་ཇི་ལྟ་བུ། །བཅོམ་ལྡན་བླ་མས་བཤད་དུ་གསོལ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ནི། །ཧེ་རུ་ཀ་ཡི་དབང་བསྐུར་བའོ། །སློབ་དཔོན་མང་པོས་རབ་ཏུ་བཤད་རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །ཐོད་པ་ལུས་ཞེས་བྱ་བ་ཡིན། །ཕྲེང་བ་རྐེད་པའི་མིང་ཡིན་ལ། །ཅོད་པན་བྷག་ཡིན་པར་བཤད། །སངས་རྒྱས་ས་བོན་ཡིན་པར་བཤད། །ནོར་བུ་བདེ་བ་ཞེས་བཤད་དེ། །རྡོ་རྗེ་སེམས་དཔའི་ས་བོན་དག །རབ་བཞད་རྡོ་རྗེའི་གཞུང་ཡིན་ཏེ། །ཨིནྡྲ་བྷཱུ་ཏའི་གཞུང་ཉོན་ཅིག །ཐོད་པ་གཡོགས་པ་ཡིན་པར་བཤད། །ཕྲེང་བ་སྔགས་ནི་སྟོང་པའོ། །དབུ་རྒྱན་ལྟེ་བའི་ཁ་ཡིན་ཏེ། །བཅུ་དྲུག་ཐིག་གིས་ཐིག་བཏབ་པའོ། །སངས་རྒྱས་སྒྲ་རུ་བཤད་པ་དེར། །ཨ་ལ་སོགས་པའི་ཡི་གེ་རྣམས། །དེ་རྣམས་དབུས་གྱུར་སྟོང་པ་ཉིད། །དེ་ཉིད་གཙུག་གི་ནོར་བུར་བཤད། །གང་ཚེ་རྡོ་རྗེ་སེམས་དཔའ་ཡིས། །རྟག་པར་སྔོན་ནི་གསུངས་པ་ཡི། །ཐོད་པའི་ཕྲེང་བའི་དབུ་རྒྱན་དང༌། །དེ་བཞིན་སངས་རྒྱས་གཙུག་གི་ནོར། །པདྨ་དཔལ་གྱི་ནགས་གནས་འདི། །སངས་རྒྱས་ཕྱག་རྒྱའི་བརྡ་ཡིན་ཏེ། །དཔལ་ནི་ལྷ་མོའི་སྟོང་ཉིད་དེ། །ལྟེ་བའི་ཁ་ཡི་པདྨ་ཡིན། །ནགས་ཀྱི་གནས་ཞེས་བསྟན་པ་ནི། །ཨ་ལ་སོགས་པའི་ཡི་གེ་རྣམས། །འདི་ཞེས་བྱ་བར་རྗེས་དཔག་པར། །བརྡ་ཡི་སྒྲས་ནི་བསྟན་པ་ཡིན། །སངས་རྒྱས་སྒྲ་ནི་སྟོང་ཉིད་དེ། །ཕྱག་རྒྱ་བདེ་མཆོག་བྷ་ག་ཡིན། །རྡོ་རྗེ་སེམས་དཔའ་རྟག་སངས་རྒྱས། །ཧེ་རུ་ཀ་དང་རྟ་མཆོག་དང༌། རྡོ་རྗེ་ཉི་མའི་འཇིག་རྟེན་དབང༌། །སངས་རྒྱས་ཐམས་ཅད་འཇིག་རྟེན་དུ། །དེ་དག་གཟུགས་རྣམས་ཐམས་ཅད་མཛད། །སྟོང་པའི་ཐིག་ལེ་རྣམ་སྦངས་པ། །ཇི་ལྟར་ཁང་བའི་ཟུར་བཞི་ནི། །དུས་ཀྱི་མཐར་ནི་འཇིག་པར་འགྱུར། །


DTG027_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་དབུས་མ་མི་འཇིག་སྟེ། །འདི་ནི་སྟོང་པའི་མཚན་ཉིད་དོ། །ཆ་ཡི་རྙོག་དང་རྣམ་བྲལ་ཞིང༌། །སྟོང་བའི་ཐིག་ལེ་ཡོངས་སྤངས་པ། །སེམས་མེད་པར་ནི་ཡང་དག་བསྟན། །རྣལ་འབྱོར་པ་ཡི་གནས་མཆོག་གོ །སྐྱེ་གནས་ས་བོན་རིམ་ཁྱབ་པ། གཞི་དང་ཁང་པ་ཉིད་དང་ནི། །ལས་དང་སྦྱོར་བ་རང་ནུས་པ། །རང་གི་ངོ་བོར་ཡི་གེར་སྦྱར། །ཚིག་གི་དོན་ནི་བཅུ་གཉིས་པོ། །སྔགས་ཀྱི་སྙིང་པོར་གྱུར་པའོ། །དེ་དག་ཐམས་ཅད་རིག་པ་ནི། །སྔགས་ཀྱི་དེ་ཉིད་མཚོན་པ་སྟེ། །ཡིད་ལ་གང་དག་འདོད་པ་ཡི། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །དེ་ལ་རྡོ་རྗེ་ཞེས་བྱ་བ་ནི་རྩེ་ལྔ་པའོ། །རྡོ་རྗེ་བ་ཊྭཱཾ་ག་ཞེས་བྱ་བ་ནི། །རྡོ་རྗེ་ཁ་ཊྭཱཾ་གཉིད་དོ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ནི་དྲི་ལ་བུ་ཉིད་དོ། །ཀཱ་ལ་ཀ་ཞེས་བྱ་བ་ནི་ཌ་མ་རུའོ། །གོས་ཆེན་པོ་ཞེས་བྱ་བ་ནི་མིའི་པགས་པའོ། །དབང་བསྐུར་བ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བའོ། །ཤ་ཆེན་པོ་ཞེས་བྱ་བ་ནི་ཤ་ཆེན་པོ་ཉིད་དོ། །ཆང་ཆེན་པོ་ཞེས་བྱ་བ་ནི་དམར་ཆེན་པོའོ། །མཆོད་ཕྱིར་ཐོགས་ཞེས་བྱ་བ་ནི་མིའི་གོའི་ཕྲེང་བའོ་།སྟོང་པ་ཞེས་བྱ་བ་ནི་རྡོ་རྗེའོ། །སེམས་དཔའ་ཞེས་བྱ་བ་ནི་ས་བོན་ནོ། །ས་བོན་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ། །རབ་ཏུ་བཞད་པའི་རྡོ་རྗེའི་གཞུང་ནི། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལ་ཨོཾ་ཞེས་བྱ་བ་ནི་སའོ། །ཨཱཿ་ཞེས་བྱ་བ་ནི་ཆུའོ། །ཧཱུཾ་ཞེས་བྱ་བ་ནི་མེའོ། །སྭཱ་ཞེས་བྱ་བ་ནི་རླུང་ངོ༌། །ཧཱ་ཞེས་བྱ་བ་ནི་ནམ་མཁའོ། །ཧཱཾ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོའོ། །དེ་ཡང་དང་པོའི་ཨོཾ་ཎི་སའི་ངོ་བོ་སྟེ། །མིག་གིས་ནམ་མཁར་གནས་ནས་གཟུགས་རྣམས་མཐོང༌། །རྡོ་རྗེ་ཧཱུཾ་ནི་སྙིང་གར་རྣམ་བསམ་པ། །རྒྱལ་བ་རྣམས་ཀྱིས་རྣམ་ཤེས་མིང་གིས་གསུངས། །ཨཱཿ་ནི་གསུངས་སྟེ་འཇིག་རྟེན་དབང་ཕྱུག་དང༌། །རྣ་བར་གནས་སྭཱ་རྡོ་རྗེ་ཉི་མ་ཡིན། །སྣ་ཡི་ཧཱ་ནི་ཧེ་རུ་ཀ་རུ་བཤད། །རྟ་མཆོག་མིང་ནི་སྟོང་པའི་རྡོ་རྗེ་ཅན། །ཞེས་བཤད་པས་སོ། །སྡུད་པར་བྱེད་པས་ཡང་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་འགྲོ་བ་འ་ཐོན་བྱེད་བདེ་བ་ཆེ། །ཨེ་མའོ་སངས་རྒྱས་རྣམ་འཕྲུལ་བསམ་མི་ཁྱབ། །ཨེ་མའོ་


DTG027_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངེས་སྦས་སངས་རྒྱས་ཐམས་ཅད་མཆོག །ཨེ་མའོ་རྙེད་དཀའ་ཨིནྡྲ་བྷཱུ་མིའི་བླ། །སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །ཤཱཀྱས་གང་དྲིས་ཨིནྡྲ་བྷཱུ་ཏིའི་གཞུང་གི་དཀའ་འགྲེལ་བཤད། །སློབ་དཔོན་ཆེན་པོ་མང་པོས་བཤད་གཞུང་མིང་གིས་ལེགས་བཤད་པས། །བདག་གིས་བསོད་ནམས་ངེས་པར་གང་བསགས་དེས་ནི་འགྲོ་བ་ཀུན། །མྱུར་དུ་སངས་རྒྱས་ཀུན་སྐྱེས་དངོས་གྲུབ་ཆེ་མཆོག་སྣང་ཐོབ་ཤོག །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བ་རྣལ་འབྱོར་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ཨིནྡྲ་བྷཱུ་ཏིའི་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱ་ཪྻ་ཤྲདྡྷ་ཀ་ར་བརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཞིང་བསྒྱུར་ཏེ་གཏན་ལ་ཕབ་པ།། །།

རྟོག་པ་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་རྣམ་པར་བཤད་པ།
ཀུན་དགའ་སྙིང་པོ།

བཅོ་བརྒྱད་པ། དེ་ཁོ་ན་ཉིད་ངེས་ཚིག་གི་རྟོག་པའི་རྣམ་པར་བཤད་པ།


DTG027_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སརྦ་ཀལྤ་ས་མུཙྪ་ཡ་ནཱ་མ་སརྦ་བུདྡྷ་ས་མ་ཡོ་ག་ཌཱ་ཀི་ནི་ཛཱ་ལ་སམྦྷ་ར་ཨུཏྟ་ར་ཏནྲྲ་ཊཱི་ཀཱ། བོད་སྐད་དུ། རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་རྣམས་པར་བཤད་པ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལྟར་རྣམ་པར་བཤད་པ་ཆེན་པོས་རྟོག་པ་བཅུའི་བདག་ཉིད། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་དེ་ཁོ་ནའི་རྟོག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བའི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཡིས། །རྩ་བའི་རྒྱུད་ལ་སོགས་པ་ལ་བརྗོད་པའི་རྟོག་པའི་དོན་དང༌། །རྒྱུད་ཕྱི་མའི་དང་པོའི་ས་ཆོག་དང༌། །གདོད་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་དང༌། ཡིག་འབྲུ་དང༌། སྔགས་དབྱུང་བ་དང༌། ཤིན་ཏུ་དགའ་བ་དང༌། ཤིན་ཏུ་བཟང་བ་ཉིད་དང༌། རྡོ་རྗེ་སྙིང་པོའི་གཙོ་བོ་ཉིད་དང༌། སེམས་དང་སེམས་དཔའ་དང༌། ཏིང་ངེ་འཛིན་དང༌། །རྡོ་རྗེ་དང༌། རྡོ་རྗེ་འཛིན་པ་དང༌། རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དང༌། བྱང་ཆུབ་སྤྱོད་པ་དང༌། བདུད་དང་བདུད་ལས་རྒྱལ་པ་དང༌། བྱང་ཆུབ་དང༌། སངས་རྒྱས་ཉིད་དང༌། རྡོ་རྗེ་གཏུམ་པོ་མཐར་བྱེད་དང༌། ཕྱག་ན་རྡོ་རྗེ་དང༌། །དང་པོའི་རིགས་བསྐྱེད་པ་དང༌། འདོད་པའི་ཐར་པ་དང་རྣམ་པ་གསུམ་ཐམས་ཅད་ཉིད་དང༌། དང་པོའི་སྙིང་པོ་འབྱུང་བ་དང༌། ཉེ་བའི་


DTG027_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྙིང་པོ་དེ་ཉིད་དང༌། བདེ་བ་ཆེན་པོ་དང༌། རྡོ་རྗེ་དང༌། དོན་ཡོད་པའི་དམ་ཚིག་དང༌། དཀྱིལ་འཁོར་གྱི་དོན་ཤེས་པ་དང༌། དཀྱིལ་འཁོར་དུ་བཅུག་པའི་རྣམ་པར་སྨིན་པ་དང༌། དཀྱིལ་འཁོར་གྱི་ཐིག་གདབ་པ་དང༌། རྟོག་པའི་དངོས་གྲུབ་དང༌། གསང་བ་ཆེན་པོ་ལྔ་དང༌། དེ་བཞིན་ཉིད་ཆེན་པོ་དང༌། དཀྱིལ་འཁོར་གྱི་གཙོ་བོ་དང༌། རིགས་དང༌། དབང་ཐམས་ཅད་བསྐུར་བ་དང༌། ཕྱག་རྒྱ་ཆེན་པོའི་ཚིག་ཀྱི་དེ་ཉིད་དང༌། ཐམས་ཅད་འགུགས་པ་དང༌། མཆོད་པ་ཆེན་པོ་དང༌། བྱིན་གྱིས་བརླབ་པ་ལ་སོགས་པ་དང་སྒྲུབ་པའོ། །དེ་རྣམས་ཀྱི་ཚིག་དང་དོན་གྱི་འཁྲུལ་པ་བསལ་བར་བྱ་བའི་ཕྱིར་བསམ་གཏན་དང༌། བསམ་གཏན་གྱི་བདག་ཉིད་ཀྱི་དོན་དུ་རིག་པའི་ལས་ཐམས་ཅད་བསལ་བར་བྱ་བའི་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་རྣམས་གསུངས་པ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། ཞེས་པ་ལ་སོགས་པ་སྟེ། དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སེམས་དང་སེམས་ལས་བྱུང་བ་དང༌། དེ་དང་རྒྱུ་མཐུན་པ་རྣམས་སྤྲུལ་པ་དང་འདྲ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི། སངས་རྒྱས་ཐམས་ཅད་ཅེས་པའོ། །དེ་དག་ལ་ཕྱག་འཚལ་ཏེ། ཞེས་པ་ནི་སྟེ། ཞེས་པའི་སྒྲ་ནི་ངེས་པའི་དོན་ཏེ། སངས་རྒྱས་དེ་དག་ཁོ་ན་ལ་ཕྱག་འཚལ་བ་ཡིན་གྱི། གཞན་ནི་མ་ཡིན་ཞེས་པའི་ཐ་ཚིག་གི །མ་ལུས་ལུས་པ་མེད་ཅེས་པ་ལ་སོགས་པ་ནི། དེ་ལ་མ་ལུས་ཞེས་པ་ནི་ཆོད་ཀྱི་དབྱིངས་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ལའོ། །ལུས་པ་མེད་ཅེས་པ་ནི་ཐམས་ཅད་མ་ལུས་པའོ། །གྲུབ་པ་ཞེས་པ་ནི། ཐབས་དང་ཤེས་རབ་ཀྱི་དངོས་པོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒྲུབ་པར་བྱེད་པའི་སྟོབས་ཀྱིས་མངོན་དུ་གྱུར་པའོ། །རྣམ་རྟོག་མེད་བའི་སེམས་ལ་ནི། །ཞེས་པ་ནི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པ་མི་རྟོག་པའི་སེམས་རྩེ་གཅིག་པའོ། །ཡང་དེ་ཁོ་ན་གསུངས་པ་དེ་ཁོ་ན་ཉིད་ངེས་པར་ཞེས་པ་སྟེ། རྟོག་པའི་དོན་ཤེས་པ་ལ་སོགས་པ་པ་ངོ་བོ་ནི་དེ་ཁོ་ན་ཉིད་ཅེས་པའོ། །དེའི་ངེས་པ་ལ་བཟུང་བའི་ངོ་བོ་ཉིད་གནས་པ་ནི་ངེས་པར་


DTG027_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་ཞེས་པའོ། །དོན་ནི་འདི་ལྟར་གསུང་པར་འགྱུར་ཏེ། རང་བཞིན་དག་པའི་ཆོས་ཐམས་ཅད་དཔྱད་པ་ལ་གནས་པའི་སེམས་འདི་ནི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ་ཞེས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཐམས་དང་ཤེས་རབ་ཀྱི་རང་བཞིན་བསྐྱེད་པའི་ཆོས་ཀྱི་ཡི་གེས་ནི། ཡང་ནས་ཡང་དུག་གཏན་ལ་ཕབ་སྟེ་བསྐྱེད་ནས་སྒྲུབ་པ་པོས་མངོན་དུ་བྱེད་པ་ནི་རྟོག་པའི་དོན་ཤེས་པ་རྣམས་ཀྱི་གཞིར་གྱུར་པའོ། །དེ་བས་དེ་འདྲ་བ་ལ་ནི། དེ་ཁོ་ན་ཉིད་ངེས་པར་གནས་ཞེས་སོ། །དེས་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསལ་བར་བྱེད་པའི་རྒྱུ་འདི་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའི་རིགས་སུ་གསུངས་པའི་ཆོས་ཀྱི་ཕྱག་རྒྱ་ཡིས་ནི་རྟོག་པ་ཐམས་ཅད་འདུས་པ་འཇུག་པ་ལ་བཤད་པར་བྱེད་དོ། །ད་ནི་ཆོས་ཀྱི་ཕྱག་རྒྱས་གང་གྲུབ་པར་བྱེད་པ་དེ་སྟོན་པ་ནི། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ཞེས་པ་ལ་སོགས་པ་སྟེ། དེ་དག་ཀྱང་བཤད་ཟིན་ཏོ། །དེ་ལྟར་གཟུང་བའི་ཚིག་གིས་ཆོས་ཀྱི་ཕྱག་རྒྱ་ལ་དེ་ཁོ་ན་ཉིད་གནས་པར་གསུངས་ནས། དེ་གནས་པའི་མན་ངག་གི་ཚིག་གིས་རེ་ཞིག་གསུངས་པ། འདོད་ཆགས་ཆེན་པོ་བདེ་ཆེ་ལ། །ཞེས་པ་ནས་བརྩམས་ནས། ཐམས་ཅད་མི་གསུང་འོས་མ་ལགས། །ཞེས་ཇི་སྙེད་པའི་བར་དུའོ། །

བཅུ་དགུ་པ། ཆོས་ཀྱི་ཡི་གེ་འབྱུང་བའི་རྟོག་པའི་རྣམ་པར་བཤད་པ།

རྟོག་པའི་དོན་བཤད་པ།


DTG027_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་མན་ངག་གི་ཚིག་རྣམས་སྟོན་པས་གསུངས་པ། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་ཞུས་པའི་དེ་མ་ཐག་པའི་ཚིག་དེ་ཁོ་ནའོ། །སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ལ་རང་གི་བཀའ་འབྱོར་པར་བྱེད་པས་སྟོན་པ་ཞེས་པའོ། །རྡོ་རྗེ་འཛིན་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། བཀའ་སྩལ་པ་ཞེས་པ་དང་འབྲེལ་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་རྟོག་པ་ལ་ནི་རྟོག་པ་ཀུན་གྱི་ཅེས་པའོ། །དེ་དག་གི་གཙོ་བོ་ཆེན་པོ་ཞེས་པ་ནི་ནམ་མཁའི་ཁམས་ཐམས་ཅད་ལ་རྟག་ཏུ་གནས་པའི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་བཅོམ་ལྡན་འདས་བསྐྱེད་པའི་རྐྱེན་ཏོ། །ཐེ་ཚོམ་དག་གིས་ཞེས་པ་ལ་སོགས་པ་ནི་གོ་སླ་བའོ། །རྣམ་པར་མི་རྟོག་ཆོས་དག་ལ། །ཞེས་པ་ནི་ཇི་ལྟར་གསུངས་པའི་དཔལ་རྡོ་རྗེ་སེམས་


DTG027_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་ལ་སོགས་པའི་རང་བཞིན་གཟུང་འཛིན་རྣམ་པར་རྟོག་པ་མེད་པ་ལ་ཞེས་པའི་ཐ་ཚིག་གོ །སེམས་ཅན་དོན་དུ་ཡོངས་སུ་རྟོག །ཅེས་པ་ནི་འདུལ་བའི་སེམས་ཅན་དེ་དག་གི་དོན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མངོན་པར་འདོད་པའི་དོན་གྲུབ་པ་ནི་སེམས་ཅན་དོན་དུ་ཡོངས་སུ་རྟོག །ཅེས་པའོ། །དེའི་དོན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་འདི་སྒྲའི་དོན་དུ་ཤེས་པ་རྗེས་སུ་འགྲོ་བའི་ཤེས་རབ་ཀྱིས་ཕྱོགས་བཅུར་རྣམ་པར་གཞག་པ་ནི་ཡོངས་སུ་རྟོགས་ཞེས་པའོ། །དེ་ཕྱིར་རྟོག་པར་ཡང་དག་བཤད། །ཅེས་པ་ནི་འདུལ་བའི་སེམས་ཅན་གྱི་དོན་གྱི་རྒྱུད་ཡིན་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ཁོ་ནས་རྟོགས་པར་བཤད་དོ། །རྟོག་པ་ཡོངས་སུ་དག་ཕྱིར་རོ། །ཞེས་པ་ནི་འདུལ་བའི་སེམས་ཅན་གྱི་ཁམས་གྱི་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྤང་པའི་དོན་དུ་ཞེས་པའི་ཐ་ཚིག་གོ །

རྒྱུད་ཕྱི་མའི་དང་པོའི་ས་ཆོག


DTG027_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རྟོག་པའི་དོན་ཤེས་པས་དངོས་གྲུབ་གསུངས་ནས། །རྒྱུད་ཕྱི་མའི་དོན་ཤེས་པ་མེད་ན། དངོས་གྲུབ་མི་འགྱུར་ཏེ། དེ་བསལ་བའི་དོན་དུ་རྒྱུད་ཕྱི་མའི་དོན་ཤེས་པར་གསུངས་པ། འདི་ལ་ཇི་ལྟར་རྒྱུད་ཕྱི་མ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟེ། རྒྱུད་ནི་རབ་ཏུ་འབྲེལ་པར་བཤད། །ཅེས་པ་ནི་རིགས་འདི་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་དཀྱིལ་འཁོར་དེ་ཁོ་ན་ཉིད་ལ་སོགས་པ་འབྲེལ་པ་སྟེ། གསལ་བར་བྱེད་པའི་སྒྲ་འདུས་པ་ཉེ་བར་སྤྱད་པ་ནི་དེ་བཞིན་གཤེགས་པའི་རྒྱུད་ཅེས་གསུངས་སོ། །ཕྱི་མ་གོང་དུ་ཕྱུང་བ་ཡིན། །ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་བསྐལ་པ་བཟང་པོ་ལ་སོགས་པའི་སྔོན་དུ། ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་རྟག་པར་གནས་གཅིག་ཅིང་མཆོག་ཏུ་འཇིག་རྟེན་ལས་འདས་པ་དམ་ཚིག་ཆེན་པོ་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཕྱི་མའི་གོང་དུ་བྱུང་བའོ། །དེ་ཁོ་ན་ཡང་གསུངས་པ། དེ་ཉིད་གསང་བ་གསང་ཆེན་དག །དེ་ཡང་རྒྱུད་ནི་ཕྱི་མར་འདོད། །ཅེས་པ་སྟེ་དེ་ཉིད་གསང་བ་གསང་ཆེན་ནི་གོང་དུ་བསྟན་པས་ཤེས་པར་བྱའོ། །དེ་ཡང་ཞེས་པ་ནི་དོན་དེ་ཁོ་ན་ཉིད་གསུངས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ་དེ་ཉིད་དང༌། །གསང་བ་དང༌། གསང་ཆེན་དུ་གང་


DTG027_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་གང་སྟོན་པ་དེ་དང་དེ་ནི་རྒྱུད་ཕྱི་མ་ཞེས་འདིར་འདོད་པའོ། །དེ་ལྟར་ཡང་གསུངས་པ། གང་དག་འཇིག་རྟེན་གྱི་སྦྱོར་བ་དང༌། འཇིག་རྟེན་ལས་འདས་པའི་ཆོས་དེ་ཁོ་ན་ཉིད་ལ་སོགས་པ་རྣམས་དེ་དག་ནི་རྩ་བའི་རྒྱུད་ཅེས་པ་དང༌། གང་དག་འཇིག་རྟེན་ལས་འདས་པ་དམ་ཚིག་ཆེན་པོའི་དེ་ཉིད་རྣམས་དེ་དག་ནི་རྒྱུད་ཕྱི་མ་ཞེས་འདོད་དོ། །

གདོད་མ་དང་ཐ་མ་མེད་པའི་རང་བཞིན་གྱིས་བཅོམ་ལྡན་འདས་ཀྱི་གསང་བ་དང་། བདེན་པའི་རང་བཞིན་གྱིས་སྐུའི་གསང་བ་བསྟན་པ།


DTG027_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རྒྱུད་ཕྱི་མ་ཞེས་པ་བསྟན་ནས། དང་པོའི་སའི་དེ་ཉིད་ཅེས་པ་གསུངས་ཏེ། འདི་ལ་ཇི་ལྟར་དང་པོའི་ས་ཞེས་པ་ལ་སོགས་པ་སྟེ། ཕྱོགས་བཅུ་ནས་རྫས་ཐམས་ཅད་དངོས་པོའི་རང་བཞིན་དངོས་པོ་ཐམས་ཅད་གོ་འབྱེད་པ་སྦྱིན་པའི་ངོ་བོ་ནི་ནམ་མཁའ་ཀུན་དུ་ཞེས་པའོ། །དེ་རབ་ཏུ་གནས་པ་གཞན་གང་དེ་དེ་ལྟར་རོ། །དབང་པོ་རྡོ་རྗེ་དང༌། རིན་ཆེན་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་དག་གིས་བྱམས་པ་དེ་ནི། རྡོ་རྗེ་ཀུན་གྱི་དངོས་པོ་མཆོག །ཅེས་པའོ། །དེ་ཉིད་བདེ་བ་ཆེན་པོ་བསྐྱེད་པའི་ཕྱིར་བདེ་བ་ཆེན་པོ་ཞེས་པའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཀུན་ཡོངས་སུ་བསྐང་བའི་ཕྱིར་དེ་ཉིད་དགྱེས་པ་ཆེ་ཞེས་པའོ། །ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་རྟག་པར་གནས་པས་ན། དམ་པའི་ཡི་གེ་གཞལ་ཡས་ཁང༌། །ཞེས་པ་སྟེ་བརྟན་པའོ། །དེ་ལྟར་དང་པོའི་སའི་དེ་བཞིན་ཉིད་ཀྱི་ཤེས་པ་བསྟན་ནས། ད་ནི་རང་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་བརྩམས་པ་ནས་དཀྱིལ་འཁོར་བསྒོམ་པ་ལ་དེ་ཁོ་ན་ཉིད་བསམ་པའམ། སྦྱོར་བ་ལ་སོགས་པ་སྒོམ་པར་བྱེད་འདོད་པས། མི་སྐྱེ་བར་སྟོན་པའི་སྒྲ་ཡིག་དང་པོ་ལ་ཡིག་འབྲུ་ཀ་ཁ་ལ་སོགས་པ་རྣམས་དང༌། སྒྲ་ཡིག་ཨ་ལ་སོགས་པ་བཅོ་ལྔ་ནི། དེ་བཞིན་ཉིད་ཀྱི་སྦྱོར་བས་བཙུད་ནས། རང་གི་རིགས་གཙོ་བོ་དང་པོའི་རྡོ་རྗེ་ལ་སོགས་པའི་གཟུགས་བསམས་ཏེ། ཟླ་བའི་དཀྱིལ་འཁོར་གཉིས་ཀྱིས་བསྐོར་བའི་སྤྱི་བོ་ནས་མ་རེག་པར་ཟླ་གམ་གྱིས་བརྒྱན་པར་བསམས་ཏེ། དེའི་དབུས་སུ་ཟླ་བའི་ཡི་གེ་རྣམས་ཡིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རི་མོ་བྲིས་ནས་དེ་ཁོ་ན་བརྗོད་པས། བཟླས་པའི་དོན་དུ་དཀྱིལ་འཁོར་ལ་སོགས་པ་བསྒོམ་པར་བྱའོ་ཞེས་པ་སྟོན་པའི་དོན་འདི་ལ་ཇི་ལྟར་གདོད་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ཡིན་ཞེ་ན། ལན་བཏབ་པ་ཤེས་རབ་མདུན་དུ་བྱས་པའི་ཡི་གེ་ཀ་ལ་སོགས་


DTG027_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་གདོད་མ་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་དེ་ཉིད་ཅེས་པས་གསུངས་པའོ། །དེ་ལ་ཡི་གེ་ཀ་ལ་སོགས་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ལ་བྲི་བར་བྱའོ་ཞེས་བ་དང་འབྲེལ་ལོ། །དེ་ཇི་ལྟར་བྲི་བ་ཡིན་ཞེ་ན་གསུངས་པ་དྷ་ཡིག་མཐའ་དང་ང་ཉ་སྤངས་ནས་འཇུག་པར་བྱ་ཞེས་པ་སྟེ། ཀའི་སྡེ་ལ་ཡི་གེ་ང་དང༌། ཙའི་སྡེ་ལ་ཡི་གེ་ཉ་སྤངས་ནས་རང་གི་སྙིང་གའི་ཟླ་བ་ལ་གཡས་ཀྱི་གློ་ནས་ཡི་གེ་ཀ་ལ་སོགས་པ་ངའི་བར་གྱི་ཡི་གེ་འབྲུ་བཅུ་དྲུག་གི་ཕྲེང་བ་ཡིད་ཀྱིས་བྲི་བ་དང༌། ཡང་གཡོན་གྱི་གློ་ནས་ཡི་གེ་ད་ལ་སོགས་པའི་ཀྵའི་བར་ཡིག་འབྲུ་བཅུ་དྲུག་གི་ཕྲེང་བ་དང༌། དེ་ལྟར་ཕྲེང་བ་གཉིས་ཀྱི་བསྐོར་བ་བྲི་བར་བྱའོ། །དེ་ནས་ཕྲེང་བ་གཉིས་ཀྱི་དབུས་སུ་སེ་རལ་ཁའི་སྐུད་པ་བཞིན་དུ་སྒྲ་ཡིག་ཨ་ལ་སོགས་པ་བཅུ་དྲུག་གི་ཕྲེང་བ་ཡིད་ཀྱིས་བྲི་བར་བྱའོ། །དེའི་ཕྱིར་གསུངས་པ། དབུས་གནས་པར་ནི་ཨ་ཡིག་ཕྲེང༌། །ཟླ་བའི་དཀྱིལ་འཁོར་ལ་བཀོད་དོ། །ཞེས་པའོ། །ཐིག་ལེ་ཟླ་ཚེས་ལྡན་པར་ཞེས་པ་ནི་སྒྲ་ཡིག་བཅོ་ལྔ་པ་ལ་གང་ཐིག་ལེའི་གཟུགས་སུ་གནས་པ་ཟླ་ཚེས་ཀྱི་ཚུལ་དུ་ཡོངས་སུ་བཏབ་པའོ། །བར་ཞེས་པའི་སྒྲ་ནི་ངེས་པའི་ཚིག་ཡིན་པས་ཟླ་ཚེས་ཀྱི་ཚུལ་ཁོ་ན་ཞེས་པའོ། །ཚེས་དྲག་ཟླ་བ་གཉིས་ཡིན་ཏེ། །སྒྲ་ཡིག་བཅུ་དྲུག་ཚེས་དྲག་ཏུ་གནས་པ་དེ་ནི་ཡོངས་སུ་གང་བའི་ཟླ་བ་གཉིས་ཀྱི་གཟུགས་སུ་བསམ་པའོ། །ཨ་ཡིག་མི་འགྱུར་བསྒོམ་པར་བྱའོ། །ཞེས་པ་ནི་སྒྲ་ཡིག་བཅོ་ལྔ་པ་ལ་རང་བཞིན་གྱིས་ཟླ་བ་གཉིས་མེད་པས་ཡི་གེ་ཨ་མི་སྐྱེ་བའི་མྱུ་གུ་བསྒོམ་སྟེ། ཡི་གེ་ཨ་དེ་ཁོ་ན་མྱུ་གུའི་གཟུགས་སུ་ཕྱིར་གྱུར་པར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །གནས་གང་དུ་རང་བཞིན་གང་ལྟར་སྒྲ་ཡིག་མྱུ་གུ་དེ་བསྒོམ་པར་བྱ་ཞེ་ན་གསུངས་པ། དབུས་སུ་རྡོ་རྗེ་དངོས་པོར་གནས། །ཞེས་པ་ནི་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྒྲ་ཡིག་རྣམས་ཀྱི་དབུས་སུ་དང་པོ་རྡོ་རྗེ་ལ་སོགས་པའི་རང་བཞིན་གནས་པ་དེ་བསྒོམ་མོ། །དེའི་དབུས་རྟག་ཏུ་བསྒོམ་པ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཞེས་པ་ནི་དང་པོའི་རྡོ་རྗེ་ལ་སོགས་པའི་བུམ་པའི་ནང་དུ་རྟག་པར་སྦྱོར་བ་ཡིས་བསྒོམས་ནས། ཡང་ནས་ཡང་དུ་མངོན་དུ་བྱས་པའི་ཡི་གེ་ཧཱུཾ་ལ་


DTG027_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའི་རང་བཞིན་སྙིང་པོ་དང་སྔགས་དང་ཕྱག་རྒྱ་དང༌། རིག་པའི་ཡི་གེ་བདག་ཉིད་ཇི་ལྟར་གསུངས་པའི་དབུས་སུ་སངས་རྒྱས་པའི་ཡི་གེ་བྲིས་ནས་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་པས་འདོད་ཆགས་ཆེན་པོ་བདེ་བ་ཆེས་རྟག་པར་བསྒོམ་པ་ཡིན་ཏེ། འདོད་ཆགས་ཆེན་པོ་དང་བདེ་བ་ཆེན་པོ་དང་གཉིས་ཀྱིས་སྟོན་པ་དང༌། བསྐྱེད་པར་བྱ་བའི་ཕྱིར་ཡང་དེ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཞེས་གསུངས་པ་ནི་ཕྱག་རྒྱ་དང༌། སྔགས་དང༌། རིག་པའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཞེས་པའོ། །དེ་བསྒོམ་པའི་མན་ངག་ཀྱང་གོང་དུ་བཤད་ཟིན་པས་མ་བཤད་དོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་རི་མོར་གྲགས་པ་ཡིན། །ཞེས་པ་ནི་ཨཱ་ལི་ཀཱ་ལི་མཉམ་པར་བྱས་པའི་འོག་ནས་ཕྱིར་གྱུར་པ་དེའི་འོག་ཏུ་རི་མོས་ཡི་གེ་ཐམས་ཅད་བཙུད་པ་ཞེས་པ་སྟེ། གང་དུ་གསུངས་པ་འདི་དེ་ཞེས་པའི་དོན་ཏོ། །གང་གི་དོན་དུ་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་བཟླས་པའི་ཡི་གེ་བཙུད་ནས་བསྒོམ་པར་བྱ་བ་ཡིན་ཞེ་ན། གསུངས་པ་དེ་ལས་འགྲོ་བ་ཞེས་པ་ལ་སོགས་པ་སྟེ། ཅིའི་ཕྱིར་ན་འདི་ལས་ཐམས་ཅད་ལུས་པ་མེད་པའི་ཕྱོགས་བཅུ་ན་སྐྱེ་བ་དང༌། འབྱུང་བ་དང༌། གཡོ་བའི་བདག་ཉིད་པ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་འགྲོ་བ་རྣམས་ཡིན་པ་དེའི་ཕྱིར་རྣལ་འབྱོར་པས་ཀྱང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་དུ་དེ་དག་ཐམས་ཅད་རང་གི་རྒྱུད་སྐྱེད་པར་བྱེད་འདོད་པས། ཇི་ལྟར་གསུངས་པའི་རྡོ་རྗེའི་དབུས་སུ་དཔལ་སངས་རྒྱས་ཀྱི་རི་མོ་ཟླ་བའི་ཡི་གེ་རྣམས་ཡིད་ཀྱིས་བཀོད་དེ་བསྒོམ་པར་བྱའོ། །རྒྱུ་ཅིའི་ཕྱིར་ན་དང་པོའི་རྡོ་རྗེ་ཉེ་བར་བརྟག་པའི་བཅོམ་ལྡན་འདས་གདོད་མ་དང་ཐ་མ་མེད་པའི་གསུང་ཞེ་ན། ལན་གསུངས་པ། ནམ་མཁའ་ལས་བྱུང་མཚན་ཉིད་ཕྱིར། །ཞེས་པ་ལ་སོགས་པ་སྟེ། ཁ་ཅིག་གིས་ཇི་ལྟར་གསུངས་པ་ས་ཕྱོགས་འདི་ལ་རི་ལ་སོགས་པ་བསལ་བས་ནམ་མཁར་བྱའོ་ཞེས་པ་སྟེ། དེ་ནི་ལེགས་པར་ལྡན་པ་སྟེ། །གསལ་བ་ཁོ་ནར་གསུངས་པར་འགྱུར་ཏེ། རི་ལ་སོགས་པ་བསལ་ནས་ནམ་མཁར་བྱ་བའོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཡང་དག་པ་མ་


DTG027_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་པའི་ཀུན་བརྟགས་གསལ་མ་ཐག་ཏུ་རྡོ་རྗེ་སེམས་དཔའ་བསྐྱེད་དེ་ཞེས་བཏགས་པ་སྟེ། དེ་བཞིན་གཤེགས་པའི་སྙིང་པོའི་ངོ་བོ་ཡིས་ནམ་མཁའ་བཞིན་དུ་རྟག་པར་གནས་པའི་ཕྱིར་རོ། །དེ་བས་ན། གདོད་མ་ཐ་མ་མེད་མཆོག་ཡིན། །ཞེས་པའོ། །ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། རྡོ་རྗེ་ཆེན་པོ་དངོས་ཞེས་པ་སྟེ། དེ་བཞིན་ཉིད་རྡོ་རྗེ་ཆེན་པོའི་རང་བཞིན་ཞེས་པའི་དོན་ཏོ། །དེ་ཁོ་ན་སེམས་ཅན་གྱི་དོན་ལ་ཆགས་པའི་ཕྱིར་སེམས་ནི་ཞེས་པའོ། །རྡོ་རྗེ་སེམས་དཔའ་ཞེས་འདོད་དོ། །ཞེས་པ་ནི་རྒྱུད་འདི་ཁོ་ན་ལའོ། །འདེའི་བདེ་བ་ཞེས་ཁོ་ནས་དངོས་གྲུབ་འགྱུར་རོ་ཞེས་སྟོན་པས། འདི་ལ་བཅོམ་ལྡན་འདས་གང་ཡིན་ཞེས་པའི་དྲི་ཚིག་སྔོན་དུ་བྱས་ནས། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །ཅེས་པ་ལ་སོགས་པ་གསུངས་པ། དངོས་གྲུབ་ཆེན་པོ་ཡང་དེ་སྟེ། །ཀུན་གྱི་མཆོག་ཀྱང་དེ་ཉིད་པས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །ཅེས་ཏེ། གདོད་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་བྱས་པའི་ཕྱིར་རོ། །དེ་ཉིད་དབང་ཕྱུག་ཆེན་པོ་ཞེས་ཏེ། ཁམས་གསུམ་ན་ཆོས་ཀྱི་རྒྱལ་པོ་ཐོབ་པའོ། །དེའི་མཚན་མ་དབང་དུ་བྱེད་པའི་ལྷ་ནི་རིག་པའི་ལྷ་ཞེས་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནི་དཔལ་རྡོ་རྗེ་སེམས་དཔའ་ནི་སྐྱེས་བུའམ། ལྷག་པའི་ལྷ་ཞེས་གསུངས་པའི་ཕྱིར་རོ། །རྒྱལ་པོ་རྡོ་རྗེ་ཆེན་པོ་འཛིན། །ཞེས་པ་ནི་དེ་ལ་གཟུགས་ཐམས་ཅད་ཡང་དག་པར་སྣང་བར་བྱེད་པས་རྒྱལ་པོ་ཞེས་སོ། །རྡོ་རྗེ་འཛིན་ཡང་དེ་ཆེན་པོ་ཡང་དེ་ཉིད་པས་རྡོ་རྗེ་འཛིན་ཆེན་པོ་ཞེས་ཏེ་དེ་བཞིན་ཉིད་དང་རོ་གཅིག་པའི་ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་ཀྱི་དངོས་པོ་ཐམས་ཅད་རྗེས་སུ་རྟོགས་པའི་རང་བཞིན་འཛིན་པས་ན། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཛིན་ཞེས་པའོ། །དགའ་བ་དམ་པ་ཟད་མེད་ཡིན། །ཞེས་པ་ནི་བཤད་ཟིན་ཏོ། །

ཡིག་འབྲུ་བསྟན་པ།

དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་གདོད་མ་དང་ཐ་མ་མེད་པའི་རང་བཞིན་གྱིས་བཅོམ་ལྡན་འདས་ཀྱི་གསང་བ་དང༌། བདེན་པ་དམ་པའི་རང་བཞིན་གྱིས་སྐུའི་གསང་བ་བསྟན་ནས། ད་ནི་ཁྱད་པར་དུ་བསྒྲུབ་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཆོས་ཀྱི་ཡི་གེའི་སྔགས་རྣམས་གསུང་གི་གསང་བ་གསལ་བར་བྱ་བའི་དོན་དུ་


DTG027_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་ཏེ་དེ་ལ། ཇི་ལྟར་ཡི་གེ་རྟོགས་པ་ཡིན། །ཞེས་པའི་དྲི་ཚིག་ཏུ་བྱས་ནས། །ཡི་གེ་ཨ་ལ་སོགས་པ་ཞེས་པ་ལ་སོགས་པའོ། །དེ་དག་ཀྱང་གོ་སླའོ། །ཡིག་འབྲུ་ཞེས་པ་དང༌། མི་ཟད་དགའ་བའི་ཞེས་པ་ནེ་བཤད་ཟིན་ཏོ། །རྡོ་རྗེ་ཅན་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་རྒྱུ་ཅིའི་ཕྱིར་རོ། །ཨ་ལ་སོགས་པའི་ཡིག་འབྲུའི་རང་བཞིན་དགའ་བའི་རྡོ་རྗེ་ཅན་ཞེས་པ་ཡིན་ཞེ་ན་གསུངས་པ། དེ་ཉིད་ཀུན་དོན་མཚན་ཉིད་ཕྱིར། །ཞེས་པ་སྟེ། དཀྱིལ་འཁོར་ལ་སོགས་པ་དེ་ཉིད་བཅུ་ནི་དེ་ཉིད་ཀུན་ཞེས་པའོ། །དེ་དག་གི་དོན་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེའི་མཚན་ཉིད་ཅེས་པ་ནི་གསུངས་པའོ། །དེའི་ཕྱིར་ཡི་གེ་ཨ་ལ་སོགས་པའི་གསུང་གི་བྱས་པའི་མཚན་མའི་ཕྱིར་ཡི་གེ་ཞེས་གསུངས་ཏེ། དེ་ཉེ་བར་སྟོན་པའི་ཕྱིར་དེ་ལྟར་ཕྱི་ནང་གི་རང་བཞིན་སེམས་ཅན་གྱི་དོན་བྱ་བའི་ཐམས་ཀྱི་ངོ་བོ་བཅོམ་ལྡན་འདས་ཡི་གེ་ཨ་ལ་སོགས་པའི་ངོ་བོའི་རྣམ་པར་སྒོམ་པའི་དོན་གསུངས་ནས། ད་ནི་ངེས་པར་སྟོན་པའི་དོན་གསུངས་པ། འདི་ལ་ཇི་ལྟར་སྔགས་དག་འབྱུང༌། །ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །རེའུ་མིག་སུམ་ཅུ་ཐམ་པ་ལ། །བཅུ་དགུ་དང་ནི་ལྡན་པར་བྱ། །ཞེས་པ་ནི་ནུབ་ཕྱོགས་སུ་ཁ་བལྟས་ནས་འདུག་པས་ཇི་ལར་གསུངས་པའི་གྲུབ་བཞིར་བྱས་ནས། ཕྱོགས་ལ་ཇི་ལྟར་འདོད་པའི་ཆ་མཉམ་པར་བྱས་པའི་རེའུ་མིག་བཞི་བཅུ་རྩ་དགུ་ཐིག་བཅུ་དྲུག་གིས་བྱའོ། །བརྒྱ་ཕྱེད་སྟན་ལ་ཞེས་པ་ལ་སོགས་པ་ནི་དབུས་ཀྱི་རེའུ་མི་ག་ལ་ཡི་གེ་ཀྵ་ཐིག་ལེ་དང་ང་རོས་བརྒྱན་པ་མགོ་ནུབ་དུ་བལྟས་པ་བྲི་བར་བྱའོ། །མཚམས་དང་ཕྱོགས་ཀྱི་རེའུ་མིག་ལ། ཞེས་པ་ལ་སོགས་པ་ནི། ཇི་ལྟར་གསུངས་པའི་ཡི་གེ་ཀྵ་དེ་དབང་ལྡན་གྱི་རེའུ་མིག་ལ་ཡི་གེ་ཡ་དང༌། ཤར་ན་ཡི་གེ་ཤ་དང༌། མེ་མཚམས་ན་ཡི་གེ་ར་དང༌། ལྷོ་ན་ཡི་གེ་ཥ་དང༌། བདེན་བྲལ་ན་ཡི་གེ་ཡ་དང༌། ནུབ་ན་ཡི་གེ་ས་དང༌། རླུང་མཚམས་ན་ཡི་གེ་ཝ་དང༌། བྱང་ཕྱོགས་ན་ཡི་གེ་ཧ་རྣམས་བྲི་བར་བྱའོ། །མེ་མཚམས་ལ་སོགས་རེའུ་མིག་ལ། །ཞེས་པ་ལ་སོགས་པའི་རེའུ་མིག་དགུའི་ཕྱི་རོལ་གྱི་མེ་མཚམས་ཀྱི་རེའུ་མིག་ལས་བརྩམས་ནས། སྒྲ་ཡིག་བཅུ་དྲུག་བྲི་བར་བྱའོ། །ཞེས་


DTG027_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཐ་ཚིག་གོ །འདི་ལྟ་སྟེ་གཡས་སུ་བསྐོར་བའི་རིམ་པས་དང་པོར་རེ་ཞིག་སྒྲ་ཡིག་བདུན་པ་དང༌། དེ་ནས་བཞི་པ་དང༌། དེ་ནས་ལྔ་པ་དང༌། དྲུག་པ་དང༌། བརྒྱད་པ་དང༌། བཅུ་གཅིག་པ་དང༌། བཅུ་གཉིས་པ་དང༌། བཅུ་གསུམ་པ་དང༌། དགུ་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། བཅུ་དྲུག་པ་དང༌། བཅུ་པ་དང༌། དང་པོ་དང༌། གཉིས་པ་དང༌། གསུམ་པའི་སྒྲ་ཡིག་རྣམས་བྲི་བར་བྱའོ། །དེ་ལ་སྒྲ་ཡིག་རྣམས་ནི་འདི་ལྟ་སྟེ། རྀ་ཨི། ཨུ་ཨཱུ་རཱྀ། ཨེ་ཨཻ། ཨོ་ལྀ། ཨཽ་ཨོཾ་ཨཿ་ལཱྀ་ཨ་ཨཱ་ཨཱི་ཞེས་སོ། །དབང་ལྡན་ལ་སོགས་རེའུ་མིག །ཅེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ་དྲུག་གི་རེའུ་མི་ག་དེའི་ཕྱི་རོལ་ན། ཉི་ཤུ་རྩ་བཞི་པའི་རེའུ་མིག་ལ་དབང་ལྡན་གྱི་རེའུ་མིག་ནས་བརྩམས་ནས་གཡས་སུ་བསྐོར་བའི་རིམ་པས་ཡི་གེ་ཀ་ནས་བརྩམས་ནས་ཡི་གེ་བྷའི་མཐར་ཐུག་པའི་ཡིག་འབྲུ་ཉི་ཤུ་རྩ་བཞི་བྲི་བར་བྱའོ། །ཡིག་འབྲུ་དེ་དག་ཐམས་ཅད་ཀྱང་ཤར་གྱི་ཕྱོགས་སུ་མགོ་བསྟན་ལ་བྲིའོ། །སྒྲ་ཡིག་ཀྱང་དེ་བཞིན་ནོ། །ཡིག་འབྲུ་དམ་པ་དབྱུང་བར་བྱ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་གནས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧའོ། །ཟླ་ཕྱེད་གཙུག་ཕུད་ཞལ་ཞེས་པ་ནི་ཟླ་ཚེས་ཐིག་ལེ་དང་ལྡན་པའོ། །འོག་གི་དྲུག་ཅེས་པ་ནི་སྒྲ་ཡིག་དྲུག་དང་ལྡན་པའོ། །དཔལ་རྡོ་རྗེ་སེམས་དཔའི་ཆོས་ནི་ཡི་གེ་ཧཱུཾ་ངོ༌། །རེའུ་མིག་བཅུ་བཞི་ཞེས་པ་ལ་སོགས་པ་ནི་ཚེག་དྲག་དང་ལྡན་པའི་ཡི་གེ་ཛཿ་སྟེ་དཔལ་བདེ་མཆོག་མའི་འོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་ཆོས་ཀྱི་ཡིག་འབྲུ་ཁོ་ན་ཏེ། ཨེ་མ་བདེ་བ་མོའི་ས་བོན་ཧཱུཾ་ངོ༌། །རེའུ་མིག་སུམ་ཅུ་རྩ་གཅིག་པ་ཞེས་པ་ནི་ཡི་གེ་ཝའོ། །གནས་པ་ང་རོ་ཐིག་ལེར་ལྡན། །ཞེས་པ་ནི་ཟླ་ཚེས་དང་ཐིག་ལེར་ལྡན་པའི་བཾ་དེ་མར་མེ་མའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་གནས་པ་ཞེས་པ་ནི་ཡི་གེ་ཧའོ། །ཚེག་དྲག་སྦྱོར་བར་བྱ་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་དང་ལྡན་པ་སྟེ། ལྷ་མོ་ཟླ་བ་མོའི་ས་བོན་ཧའོ། །རེའུ་མིག་བཅུ་གཅིག་པ་ལ་གནས། །ཞེས་པ་ནི། སྒྲ་ཡིག་གཉིས་པའོ། །ཐིག་ལེ་ང་རོ་ཡང་དག་ལྡན། །ཞེས་པ་ནི་ཟླ་ཚེས་དང་ཐིག་ལེར་


DTG027_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པའི་ཡི་གེ་ཨོཾ་ནི་སངས་རྒྱས་བྱང་ཆུབ་མའི་འོ། །རེའུ་མིག་བརྒྱད་པ་ལ་གནས་པ། །ཞེས་པ་ནི་ཡི་གེ་བྷ་སྟེ། དེ་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པའི་འོག་ཏུ་ཡི་གེ་ར་དང༌། སྒྲ་ཡིག་དྲུག་པ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ས་བོན་ཡི་གེ་བྷྲུཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་ཚེག་དྲག་དང་བཅས་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་ས་བོན་ཏེ་ཡི་གེ་ཧའོ། །རེའུ་མིག་གཉིས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཁ་ལ་ཐིག་ལེ་དང་ང་རོ་ལྡན་པར་བྱ་སྟེ། འདོད་པ་ཀུན་མཛད་མའི་ས་བོན་ཁཾ་འོ། །རེའུ་མིག་སུམ་ཅུ་རྩ་བརྒྱད་ཅེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ་གསུམ་པ་སྟེ། ཐིག་ལེ་དང་ང་རོས་བརྒྱན་པའི་གླིང་བུ་མའི་ས་བོན་ཡི་གེ་ཨོཾ་མོ། །དབུས་གནས་བཅོ་ལྔ་ཞེས་པ་ནི་ཡི་གེ་ཏ་ལ་སྒྲ་ཡིག་བཅུ་གཅིག་པའི་ཐིག་ལེ་དང་ལྡན་པར་བྱ་སྟེ། པི་ཝང་མའི་ས་བོན་ཡི་གེ་ཏཾ་ངོ༌། །རེའུ་མིག་སུམ་ཅུ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ཝ་ལ་སྒྲ་ཡིག་ཨེ་དང་ཐིག་ལེ་དང་ལྡན་པར་བྱས་ཏེ། རྔ་ཆེན་མའི་ས་བོན་ཡི་གེ་ཝཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ས་ལ་ཐིག་ལེ་དང༌། སྒྲ་ཡིག་གཉིས་པ་དང་ལྡན་པར་བྱས་ལ་རྫ་རྡ་ཆེན་པོའི་ས་བོན་ཡི་གེ་སཾ་ངོ༌། །རེའུ་མིག་བཅུ་པ་ལ་གནས་པ་ཞེས་པ་ནི་སྒྲ་ཡིག་དང་པོ་སྟེ། མེ་ཏོག་མའི་ས་བོན་ཡི་གེ་ཨོཾ་མོ། །བཅུ་གཅིག་པ་ཡང་དེ་བཞིན་ཏེ། །ཞེས་པའི་སྒྲ་ནི་སྒྲ་ཡིག་གཉིས་པ་སྟེ་སྤོས་མེ་མའི་ས་བོན་ཡི་གེ་ཨའོ། །རེའུ་མིག་ཉི་ཤུ་རྩ་གསུམ་པ་ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅོ་ལྔ་པ་མར་མེ་མའི་ས་བོན་ཡི་གེ་ཨོཾ་ངོ༌། །བཅུ་དྲུག་པའང་དེ་བཞིན་ཏེ། །ཞེས་པ་ནི་སྒྲ་ཡིག་བཅུ་དྲུག་པ་སྟེ། དྲི་ཆབ་མའི་ས་བོན་ཡི་གེ་ཨའོ། །རྟ་མགྲིན་འཕང་མཐོ་ལྕགས་ཀྱུ་སོགས། །ཞེས་པ་ནི་རྟ་མགྲིན་འཕང་མཐོ་བའི་ས་བོན་ཡི་གེ་ཛའོ། །ཕག་མགོ་མའི་ཧཾ་ངོ༌། །ཐལ་བར་འཇིག་པའི་རོ་ལངས་མའི་ཧའོ། །ཆོས་ཀྱི་ཡིག་འབྲུ་རྣམས་སོ། །

དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ཁྱད་པར་གྱི་ཡི་གེ་འབྲུ་རྣམས་སྟོན་ནས། ད་ནི་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་གསུངས་ན། རེའུ་མིག་གཉིས་པ་


DTG027_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་ཁོ་ན། །ཞེས་པ་ལ་སོགས་པ་སྟེ་ཡི་གེ་ཁ་ལ་ཟླ་ཚེས་བརྒྱན་པར་བྱས་པ་དཔལ་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་ཡི་གེ་ཁཾ་ངོ༌། །རེའུ་མིག་བཅོ་བརྒྱད་ལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཤ་ལ་ཐིག་ལེ་དང་ང་རོར་ལྡན་པར་བྱས་ལ། ཕྱག་རྒྱའི་དཀྱིལ་འཁོར་ལ་སངས་རྒྱས་ཆོས་གོས་མའི་ཕྱག་རྒྱ་ཏེ་ཡི་གེ་ཤཾ་ངོ༌། །རེའུ་མིག་བཅུ་དགུ་ཞེས་པ་ལ་སོགས་པ་ནི་ཡི་གེ་ར་ལ་ཐིག་ལེ་དང་ང་རོར་ལྡན་པར་བྱས་ནས་སངས་རྒྱས་ལྷུང་བཟེད་མའི་ཕྱག་རྒྱ་སྟེ་ཡི་གེ་རཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་ལྔ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཀྵལ་ཐིག་ལེ་དང་ད་རོར་ལྡན་པར་བྱས་ནས་སྲེག་ཤང་མའི་ཆོས་ཀྱི་ཕྱག་རྒྱ་སྟེ་ཡི་གེ་ཀྵཾ་ངོ༌། །དབུས་གནས་ཉི་ཤུ་པ་ཞེས་པ་ལ་སོགས་པ་ནི། ཡི་གེ་ཐ་ལ་ང་རོ་དང་ཐིག་ལེར་ལྡན་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གྱི་ཕྱག་རྒྱ་སྟེ་ཡི་གེ་ཐཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཨ་ལ་ང་རོ་དང་ཐིག་ལེ་ལྡན་པར་བྱས་ལ། དཔལ་སངས་རྒྱས་དབྱངས་མའི་ལྗགས་ཀྱི་ཕྱག་རྒྱ་སྟེ་ཡི་གེ་ཧཾ་ངོ༌། །རེའུ་མིག་བདུན་པ་དེ་བཞིན་དུ། །ཞེས་པ་ལ་སོགས་པ་ནི། ཡི་གེ་ཚ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཐིག་ལེ་ང་རོས་རྒྱན་པར་བྱས་པ་ལ། དཔའ་བོ་མའི་སིལ་སྙན་ཀྱི་ཕྱག་རྒྱ་སྟེ་ཡི་ཡི་གེ་ཚཾ་ངོ༌། །དབུས་ནས་ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ཏ་འོག་ཏུ་ཡི་གེ་ར་དང་ལྡན་པར་བྱས་ནས་ཐིག་ལེ་དང་ང་རོས་བརྒྱན་པ་ཀུན་ཏུ་བཟང་མོའི་ཕྱག་རྒྱ་སྟེ་ཡི་གེ་ཏྲཾ་ངོ༌། །དབུས་ནས་བཅོ་བརྒྱད་ཅས་པ་ལ་སོགས་པ་ནི་ཡི་གེ་དྷ་ལ་ཐིག་ལེ་དང་ང་རོ་ལྡན་པར་བྱས་པ། ཟད་མེད་སྣོད་ཀྱི་དེའི་ཕྱག་རྒྱ་སྟེ་ཡི་གེ་དྷཾ་ངོ༌། །ལྷག་མ་ལྷ་མོ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཁོ་ན་ལ་གསུངས་པའི་ཆོས་ཀྱི་ཡི་གེ་གཟུང་བར་བྱའོ། །

དཔལ་ཁྲག་འཐུང་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་ཆོས་ཀྱི་ཡི་གེ་བསྟན་ནས། དེ་ནི་དཔལ་ཁྲག་འཐུང་འཁོར་དང་བཅས་པའི་གསུངས་པ། ཉི་ཤུ་རྩ་བཞིའི་རེའུ་མིག །ཅེས་པ་ལ་སོགས་པ་སྟེ་ཡི་གེ་ཧ་ལ་སྒྲ་ཡིག་བཞི་པ་དང་ལྡན་པར་བྱས་ནས། དཔལ་ཁྲག་འཐུང་གི་ཆོས་ཀྱི་ཕྱག་རྒྱ་ཡེ་གེ་ཧའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི།


DTG027_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧ་ལ་འོག་ཏུ་ར་བཏགས་ནས་སྒྲ་ཡིག་གསུམ་པ་དང་ལྡན་པ་གློ་ན་ཚེག་དྲག་ཅན་བྱས་ཏེ། དཔལ་གཽ་རཱི་མའི་ས་བོན་ཡི་གེ་ཧྲིཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་གནས་པ་དབུས་ནས་བཅུ་གཅིག་དང་ལྡན་པ་ཞེས་ཞེས་པ་ལ་སོགས་པ་ནི་ཡིག་གེ་ཧ་ལ་འོག་ཏུ་ན་བཏགས་ནས། མགོ་ལ་ཡང་སྒྲ་ཡིག་གསུམ་པ་ཚེག་དྲག་དང་བཅས་པ་ནི་ཙཽ་རཱི་མའི་ས་བོན་ཡི་གེ་ཧྲིཿའོ། །རེའུ་མིག་བཅུ་བཞི་ལ་གནས་པ། །ཞེས་པ་ལ་སོགས་པ་ནི། ཡི་གེ་ཛའི་འོག་ཏུ་ཛ་འདོགས་ཏེ། མགོ་ལ་ཡང་སྒྲ་ཡིག་གསུམ་པ་དང༌། ཚེག་ཅན་པྲ་མོ་ཧའི་ས་བོན་ཏེ་ཡི་གེ་ཛྫིཿའོ། །རེའུ་མིག་བཅུ་བཞི་པ་ལ་གནས་པ་ཞེས་པ་ལ་སོགས་ས་ནི་ཡི་གེ་ཛ་ལ་ཚེག་དྲག་དང་སྒྲ་ཡིག་གསུམ་པ་དང་ལྡན་པར་བྱས་ལ། བེ་ཏ་ལིའི་ས་བོན་ཏེ་ཡི་གེ་ཛིཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་ལྔ་པ་དང་ལྡན་པ་ལ་ཐིག་ལེ་དང་ང་རོར་ལྡན་པར་བྱས་པའོ། །ཐིག་ལེ་འབྱུང་གནས་གསུམ་པ་ཅན། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཧཱུཾ་དེ་ཁོ་ན་ཡི་གེ་མ་དང་ལྡན་པར་བྱས་པའོ། །དབུས་གནས་བཅུ་པ་གང་ཡིན་ལ། །དྲག་ཏུ་ཨ་མེད་པར་འགྱུར་བ། །ཞེས་པ་ནི་ཡི་གེ་ཊ་ལ་ཨ་མེད་པར་བྱ་བའོ། །ཡི་གེ་ནི་འདི་ལྟར་གསུང་པར་འགྱུར་ཏེ་ཧཱུཾ་ཕཊ་ཅེས་སོ། །པུཀྐ་སཱི་དང༌། ཙཎྜ་ལཱི་དང༌། གྷསྨ་རཱི་དང༌། དཔལ་ཁྲག་འཐུང་དང་འདྲ་བའི་སྨ་ཤ་ནིའི་ལྷ་མོ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་འདི་ཡིན་ནོ། །རེའུ་མིག་ཉི་ཤུ་རྩ་ལྔ་ཞེས་པ་ལ་སོགས་པ་ནི་ཡི་གེ་མ་ཐིག་ལེ་དང་ལྡན་པར་བྱས་ལ་མདའ་རྣོན་འཛིན་མའི་ས་བོན་ཡི་གེ་མཾ་ངོ༌། །དབུས་ན་དྲུག་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཝ་ལ་ཐིག་ལེ་དང་ང་རོས་བརྒྱན་པར་བྱས་པ། ཁ་ཊྭཱམ་འཛིན་མའི་ས་བོན་ཡི་གེ་ཝཾ་ངོ༌། །རེའུ་མིག་དེ་བཞིན་བཅུ་བདུན་པ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཡ་ལ་ཐིག་ལེ་དང་ང་རོས་བརྒྱན་པར་བྱས་ལ། འཁོར་འཛིན་མའི་ས་བོན་ཡི་གེ་ཡཾ་ངོ། །རེའུ་མིག་བཅུ་དགུ་ཞེས་པ་ལ་སོགས་པ་ནི་ཡི་གེ་ར་ལ་ང་རོ་ཐིག་ལེར་ལྡན་པར་བྱས་ནས་སྣ་ཚོགས་བ་དན་འཛིན་མའི་ཡི་གེ་རཾ་ངོ༌། །གླིང་བུམ་ལ་སོགས་པའི་ལྷ་མོ་བཞི་ནི་དཔལ་ཁྲག་འཐུང་གི་དཀྱིལ་འཁོར་ལ་ལྷག་པར་འགོག་པ་ཡིན་པས། དེའི་ཆོས་ཀྱི་ཕྱག་རྒྱ་མ་


DTG027_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་སོ། །མེ་ཏོག་མ་ལ་སོགས་པའི་ལྷ་མོ་བཞི་དང་དཔལ་རྟ་མགྲིན་འཕང་མཐོ་མ་ལ་སོགས་པའི་ལྷ་མོ་བཞི་ནི་དཔལ་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་ཆོས་ཀྱི་ཡི་གེ་རྣམས་གཟུང་བའོ། །

དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་ཁྲག་འཐུང་འཁོར་དང་བཅས་པའི་ཆོས་ཀྱི་ཕྱག་རྒྱ་བསྟན་ནས། ད་ནི་དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་གསུངས་པ། རེའུ་མིག་ཉི་ཤུ་རྩ་བཞི་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཧའི་འོག་ཏུ་ར་བཏགས་ནས་མགོ་ལ་ཡང་ཨེའི་སྒྲ་ཡིག་བཞི་པ་དང༌། ཚེག་དྲག་དང་ལྡན་པར་བྱས་པ་དཔལ་པདྨ་གར་གྱི་དབང་ཕྱུག་གི་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཧྲིཿའོ། །རེའུ་མིག་བཅུ་བཞི་ལ་གནས་པ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ལ་ཚེག་དྲག་དང་ལྡན་པ་སྟེ། རྣམ་པར་གཟིགས་མའི་ས་བོན་ཡི་གེ་ཛཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི། ཡི་གེ་ཧ་ལ་སྒྲ་ཡིག་དྲུག་པ་དང་ལྡན་པའི་ཐིག་ལེ་ཅན་ནི་སྒྲོལ་མའི་ས་བོན་ཡི་གེ་ཧཱུཾ་ངོ༌། །རེའུ་མིག་སུམ་ཅུ་རྩ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ཝ་ལ་ཐིག་ལེ་དང་ང་རོ་དང་ལྡན་པར་བྱས་ནས། ས་འཛིན་མའི་ས་བོན་ཡི་གེ་ཝཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་བཏགས་ནས་ཚེག་དྲག་དང་ལྡན་པ་ཁྲོ་གཉེར་མའི་ས་བོན་ཡི་གེ་ཧོཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་ཐིག་ལེ་དང་སྒྲ་ཡིག་དྲུག་པ་བཏགས་པ་རྡོ་རྗེ་གཏུམ་པོའི་དབང་ཕྱུག་མའི་ས་བོན་ཡི་གེ་ཧཱུཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་བཞི་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གཅིག་པ་བཏགས་པ་སྣ་ཚོགས་པདྨའི་ས་བོན་ཡི་གེ་ཧེའོ། །རེའུ་མིག་བཅུ་གཅིག་ཅེས་པ་ལ་སོགས་པ་ནི་སྒྲ་ཡིག་གཉིས་པ་ལ་ཚེག་དྲག་དང་བཅས་པ་པདྨའི་ན་བཟའི་ས་བོན་ཡི་གེ་ཨཱཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའི་ཚེག་དྲག་ཅན་འདོད་པའི་དབང་མོའི་ས་བོན་ཡི་གེ་ཧོཿའོ། །ལྷག་མ་རྣམས་ཀྱི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཁོ་ན་ལ་གསུངས་པའི་ཆོས་ཀྱི་ཡིག་འབྲུ་རྣམས་སོ། །

དཔལ་རྡོ་རྗེ་ཉི་མ་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་ཕྱག་རྒྱ་བསྟན་ནས། དེ་ནི་དཔལ་རྡོ་རྗེ་ཉི་མ་འཁོར་དང་བཅས་པའི་གསུངས་པ། ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་སྟེ་ཡི་གེ་ཏ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའི་ཐིག་ལེ་ཅན་ཡི་གེ་ར་བཏགས་པ་དཔལ་རྡོ་རྗེ་ཉི་མའི་ཆོས་ཀྱི་ཕྱག་རྒྱའི་ཡི་གེ་ཏྲཾ་ངོ༌། །དབུས་གནས་བཅུ་གསུམ་ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ལ་ཟླ་ཚེས་ཀྱིས་བརྒྱན་པ་དབང་བསྐུར་བ་སྟེ་ཡི་གེ་ཨོཾ་མོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །ཞེས་པ་ལ་སོགས་པ་ནི་ར་ལ་གདན་བྱས་པའི་ཡི་གེ་ཧ་ལ་སྒྲ་ཡིག་བཞི་པ་དང༌། །ཚེག་དྲག་དང་ལྡན་པར་བྱས་པ་ལྷ་མོ་གཏེར་ལྡན་མའི་ས་བོན་ཡི་གེ་ཧྲིཿའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་ལྡན་པར་བྱས་པ་ལ་ཚེག་དྲག་ལྷ་མོ་རྒྱལ་མཚན་མཆོག་ལྡན་མའི་ས་བོན་ཡི་གེ་ཧོཿའོ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །ཞེས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པ་ཟླ་ཚེས་ཀྱིས་བརྒྱན་པའི་ལྷ་མོ་མཆོད་པ་ཆེན་པོའི་ས་བོན་ཡི་གེ་ཧཱཾ་ངོ༌། །རེའུ་མིག་བཅུ་བཞི་ལ་གནས་པ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ལ་ཚེག་དྲག་ཅན་མདའ་གཞུ་འཛིན་མའི་ས་བོན་ཡི་གེ་ཛཿའོ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །ཞེས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་དྲུག་པ་དང་ལྡན་པའི་ཟླ་ཚེས་ཀྱིས་བརྒྱན་པ་རྡོ་རྗེ་རལ་གྲི་མའི་ས་བོན་ཡི་གེ་ཧཱུཾ་ངོ༌། །རེའུ་མིག་སུམ་ཅུ་རྩ་གཅིག་གནས། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཝ་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པ་རྡོ་རྗེ་ཉི་མའི་ས་བོན་ཡི་གེ་ཝཾ་ངོ༌། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ཚེག་དྲག་ཅན་རྡོ་རྗེ་སྦྱིན་སྲེག་མའི་ས་བོན་ཡི་གེ་ཧོཿའོ། །གླིང་བུ་མ་ལ་སོགས་པ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཁོ་ན་ལ་གསུངས་པའི་ཆོས་ཀྱི་ཕྱག་རྒྱ་རྣམས་གཟུང་བར་བྱའོ། །

དཔལ་རྟ་མཆོག་འཁོར་དང་བཅས་པའི་ཡིག་འབྲུ་བསྟན་པ།


DTG027_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་འཁོར་དང་བཅས་པ་བསྟན་ནས། ད་ནི་དཔལ་རྟ་མཆོག་འཁོར་དང་བཅས་པ་གསུངས་པ། རེའུ་མིག་ཉི་ཤུ་རྩ་བཞིར་གནས། །ཞེས་པ་ལ་སོགས་པ་སྟེ། ཡི་གེ་ཧ་ལ་སྒྲ་ཡིག་ལྔ་པ་དང་ལྡན་པ་


DTG027_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟླ་ཚེས་དང་ཐིག་ལེས་བརྒྱན་པ། དཔལ་རྟ་མཆོག་གི་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཧཱུཾ་ངོ༌། །རེའུ་མིག་བཅུ་བཞི་ལ་གནས་པ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ལ་རས་གདན་བྱས་པ་སྟེ་སྒྲ་ཡིག་བཞི་པ་དང་ལྡན་པ་ཚེག་དྲག་ཅན་སྣ་ཚོགས་པདྨའི་ཕྱག་རྒྱ་སྟེ་ཡི་གེ་ཛཱ་འོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་ཚེག་དྲག་ཅན་སྣ་ཚོགས་རྡོ་རྗེ་མའི་ཆོས་ཀྱི་ཕྱག་རྒྱ་སྟེ་ཡི་གེ་ཧཿའོ། །ལྷག་མའི་ལྷ་མོ་རྣམས་ཀྱི་ནི་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་གསུངས་པའི་ལྷ་མོ་ལ་གཟུང་བར་བྱའོ། །

ཉི་ཤུ་པ། སྔགས་འབྱུང་བའི་རྣམ་པར་བཤད་པ།

དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་སྔགས་འབྱུང་བ།


DTG027_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་ཁྱད་པར་གྱི་ཆོས་ཀྱི་ཕྱག་རྒྱ་བསྟན་ནས། །ད་ནི་དཔལ་རྡོ་རྗེ་སེམས་དཔའི་སྔགས་འབྱུང་བ་གསུངས་པ། འདབ་བརྒྱད་པདྨའི་ཕྱི་རོལ་དུ། །ཞེས་པ་ལ་སོགས་པ་སྟེ་ཇི་ལྟར་འདོད་པའི་ཚད་རི་མོ་ཟླུམ་པོ་གཅིག་གིས་འཁོར་ལོ་བྲིས་ཏེ། དེའི་ཕྱི་རོལ་དུ་ཡང་དེ་ཡང་འགྱུར་གྱི་ཚད་བྱས་ཏེ། དེའི་ནང་དུ་བྱས་ནས་གཉིས་པ་ཟླུམ་པོར་རི་མོ་བྲི་བར་བྱའོ། །དེ་ལྟར་རི་མོ་གཉིས་པའི་འཁོར་ལོར་འགྱུར་རོ། །དེ་ནས་དེའི་ཕྱི་རོལ་དུ་ལེགས་པར་བྲི་བས། ཕྱོགས་བཞི་ན་འདབ་མ་བརྒྱད་བྲིས་ཏེ། འཁོར་ལོ་རི་མོ་གཉིས་ཀྱི་དབུས་སུ་དབང་ལྡན་གྱི་མཚམས་ནས་བརྩམས་ནས། གཡས་སུ་བསྐོར་བའི་སྦྱོར་བ་ཡིས། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ་རི་རཱྀ། ལི་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། ཡི་གེ་ཨ་ལ་སོགས་པའི་སྒྲ་ཡིག་བཅུ་དྲུག་དང༌། ཀ་ཁ་ག་གྷ་ང༌། ཞེས་པའི་ཀའི་སྔེ་ཤར་གྱི་པདྨའི་འདབ་མ་ལ། ཙ་ཚ་ཛ་ཛྙ་ཉ། ཞེས་པ་ལྷོ་ན། ཊ་ཋ་ཌ་ཌྷ་ཎ། ཞེས་པ་ནུབ་ན། ཏ་ཐ་ད་དྷ་ན། ཞེས་པ་བྱང་ཕྱོགས་ཀྱི་པདྨའི་འདབ་མ་ལ་བྲིས་ནས། འཁོར་ལོའི་ལྟེ་བར་པ་ཕ་བ་བྷ་མ་ཞེས་བྱ་བའི་ཡི་གེ་སྟེ། ཡི་གེ་ཀྵ་དང་ལྷན་ཅིག་པ་དེ་བྲིའོ། །དེ་ནས་དབང་ལྡན་གྱི་པདྨའི་འདབ་མའི་དབུས་སུ་ཡི་གེ་ཡ། མེ་མཚམས་ཀྱི་དབུས་སུ་ཡི་གེ་ར། བདེན་བྲལ་གྱི་མཚམས་སུ་ཡི་གེ་ལ། རླུང་མཚམས་ཀྱི་པདྨའི་འདབ་མ་ལ་ཡི་གེ་ཝ། ཡང་དབང་ལྡན་གྱི་འདབ་མའི་ཕྱི་རོལ་དུ་ཡི་གེ་ཤ །མེ་མཚམས་ན་ཡི་གེ་ཥ། བདེན་བྲལ་གྱི་མཚམས་པདྨའི་ཕྱི་རོལ་དུ་ཡི་གེ་ས། རླུང་མཚམས་ཀྱི་པདྨའི་ཕྱི་རོལ་དུ་ཧ་བྲི་བར་བྱའོ། །དབུས་ཀྱི་མཐའ་རུ་གང་ཡིན་པ། །ཞེས་པ་ལ་འཁོར་ལོའི་ལྟེ་བར་གནས་པའི་སྡེ་ཐ་མར་ཡི་གེ་མའོ། །


DTG027_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐིག་ལེ་ལྡན་པའི་ཡི་གེ་ཨོ་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པའི་ཐིག་ལེ་ཅན་ནོ། །རླུང་མཚམས་ཀྱི་ཕྱི་རོལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །བདེན་བྲལ་ཕྱི་རོལ་གནས་པ་ལ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ས་ལ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །ཤར་གྱི་འདབ་མ་གཉིས་པ་ནི་ཞེས་པ་ནི་ཡི་གེ་ཁའོ། །དབུས་ལས་དབུ་མའི་དེ་བཞིན་ཏེ། །ཞེས་པ་ནི་པའི་སྡེ་ལ་ཡི་གེ་བ་ནི་དབུས་མའོ། །ལྷོ་ནས་དེ་བཞིན་དབུས་མ་ལས། །ཞེས་པ་ལ་སོགས་པ་ནི་ཙེའི་སྡེ་ལ་ཛ་ནི་དབུ་མ་སྟེ། ཡི་གེ་ར་གདན་དུ་བྱས་པའོ། །བདེན་བྲལ་གྱི་ཕྱི་རོལ་ལ་གནས་པ་ནི་ཡི་གེ་སའོ། །དེ་ནས་བྱང་གི་དང་པོའོ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཏ་ལ་ཝ་བཏགས་པའོ། །ཨ་ཡིག་ཚེག་དྲག་ཅེས་པ་ལ་སོགས་པ་ནི་སྒྲ་ཡིག་གཉིས་པ་ཚེག་དྲག་དང་བཅས་པའོ། །ལྷོ་ན་དབུས་མ་གང་ཡིན་ཞེས་པ་ལ་སོགས་པ་ནི་ཡི་གེ་ཛཿཚེག་དྲག་དང་བཅས་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྟེ། སྒྲ་ཡིག་དྲུག་པ་དང་ལྡན་པའི་ཐིག་ལེ་ཅན་ནོ། །དབུས་ལས་དབུ་མ་ཞེས་པ་ལ་སོགས་པ་ནི་བ་ཐིག་ལེ་དང་བཅས་པའོ། །རླུང་མཚམས་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ཚེག་དྲག་ཅན་ནོ། །བདེན་བྲལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །མེ་མཚམས་འདབ་མ་ལ་གནས་པ་ནི་ཡི་གེ་རའོ། །བྱང་ནས་དང་པོ་པ་དང་ཡང༌། །ཞེས་པ་ནི་ཡི་གེ་ཏའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་སའི་འོག་ཏུ་ཏ་དང་ལྡན་པ་ལ་ཐིག་ལེ་ཅན་ནོ། །ཡི་གེ་དེ་དག་འདུས་ན་ནི་འདི་ལྟར་གསུང་བར་འགྱུར་ཏེ། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཿཛཿཧཱུཾ་བཾ་ཧོཿ། སུ་ར་ཏེ་སྟྭཾ་ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཡི་གེ་བཅོ་བརྒྱད་པའི་སྔགས་སོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛཿལ་ཚེག་དྲག་དང་བཅས་པ། དབུས་ནས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛ་ར་ལ་གདན་བྱས་པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ད་རལ་གདན་བྱས་པ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །མེ་མཚམས་ཕྱི་རོལ་ཞེས་སོགས་ནི་སྡེ་བདུན་པའི་གཉིས་པ་མེ་མཚམས་ཀྱི་ཕྱི་རོལ་གྱི་ཡི་


DTG027_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གེ་ཥ་སྒྲ་ཡིག་གསུམ་པའི་ཡི་གེ་ད་གཟུང་བར་བྱའོ། །བདེན་བྲལ་གྱི་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེ་བཞིན་དབང་ལྡན་འདབ་མ་ལ། །ཞེས་པ་ནི་ཡི་གེ་ཡ་དབང་ལྡན་གྱི་འདབ་མ་ཅན་ནོ། །སྒྲ་ཡིག་ཨེ་དང་འབྱོར་བའི་ཞེས་པ་ནི་ཡི་གེ་ཀ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེ་ནས་དབུ་མའི་ཐ་མ་ལ། །ཞེས་པའི་དབུས་ཀྱི་སྡེ་ཚན་ལ་ཡི་གེ་མའོ། །ནུབ་ཀྱི་དང་པོ་ལ་བཟུང་ནས། །ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པའོ། །ཡི་གེ་དེ་དག་འདུས་པ་ནི་འདི་ལྟར་གསུང་བར་འགྱུར་ཏེ། ཛཿ་བཛྲ་དྲཾ་ཥྚིས་མ་ཀེ་མ་ཊ་ཅེས་དཔལ་བདེ་མཆོག་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་སྒྲ་ཡིག་དྲུག་པ་དང་ལྡན་པ་ཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །དེ་ནས་དབུས་ནས་དབུ་མའོ། །ཞེས་པ་ནི་ཡི་གེ་བའོ། །ལྷོ་ནས་དབུས་མ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ལ་ར་བཏགས་པའོ། །ཤར་ནས་དང་པོ་ཞེས་པ་ལ་སོགས་པ་ནི། ཡི་གེ་ཀ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །བདེན་བྲལ་འདབ་མ་ལ་གནས་པ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ལ་ལ་སྒྲ་ཡིག་བཞི་པ་དང་ལྡན་པའོ། །ཤར་གྱི་དང་པོ་བཟུང་ནས། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཀ་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བདེན་བྲལ་འདབ་མར་ལ་གནས་ཞེས་པ་ལ་སོགས་པ་ནི་ཡི་གེ་ལ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་དྲུག་པ་དང་ལྡན་པ་ལ་ཐིག་ལེ་དང་ང་རོས་བརྒྱན་པའོ། །འདུས་པ་ནི་འདི་ལྟར་འགྱུར་ཏེ། ཧཱུཾ་བཛྲ་ཀེ་ལཱི་ཀེ་ལེ་ཧཱུཾ་ཞེས་ཨེ་མ་བདེ་བ་ཆེན་པོའི་སྔགས་སོ། །དབུས་ནས་དབུ་མ་ཞེས་སོགས་ནི་ཡི་གེ་བ་ཐིག་ལེ་དང་ལྡན་པའོ། །དེ་བཞིན་དབུས་ནས་དབུ་མ་ཡང༌། །ཞེས་པ་ནི་ཡི་གེ་བ་ཁོ་ནའོ། །ལྷོ་ནས་དབུས་མ་ཞེས་སོགས་ནི་ཡི་གེ་ཛ་ར་ལ་གདན་བྱས་པ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ནུབ་ནས་ཐ་མ་ཞེས་སོགས་ནི་ཡི་གེ་ཎ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བདེན་བྲལ་ཞེས་སོགས་ནི་ཡི་གེ་ས་ལ་མ་ལྡན་པའོ། །མེ་མཚམས་ལན་གཉིས་བརྗོད་ནས་སུ་རུ་ར་ཞེས་པར་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ནུབ་ལས་དང་པོ་


DTG027_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པར་གཟུང་བའོ། །འདི་ལྟར་གསུང་བར་འགྱུར་ཏེ། བཾ་བྫྲི་ཎི་སྨར་རཱཊ་ཞེས་སྣང་མཛད་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་པ་ཞེས་སོགས་ནི། ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་དང་ལྡན་པ་ཚེག་དྲག་གཟུང་བར་བྱའོ། །དབུས་ནས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ར་དང་ལྡན་པའོ། །ཤར་ནས་དང་པོ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཀ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབུས་ལས་ཐ་མ་ཞེས་པ་ལ་སོགས་པ་ནི་ཡི་གེ་མ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབང་ལྡན་གྱི་ཕྱི་རོལ་དུ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཤ་ལ་ཡི་གེ་བ་ལྡན་པའོ། །མེ་མཚམས་ཀྱི་འདབ་མ་ཡི་གེར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་དང་པོ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཏ་རའི་གདན་བྱས་པ་ཅན་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའི་ཐིག་ལེས་བརྒྱན་པའོ། །དེ་དག་ནི་འདི་ལྟར་གསུང་བར་འགྱུར་ཏེ། ཧོ་བཛྲ་ཀཱ་མེ་ཤྭ་རི་ཏྲཱཾ། ཞེས་ལྷ་མོ་ཟླ་བ་མོའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ལ་ཐིག་ལེ་དང་ལྡན་པའོ། །ཨ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་པ་ནི་སྒྲ་ཡིག་གཉིས་པ་ཐིག་ལེ་དང་བཅས་པའོ། །དབུས་ལ་ཐ་མ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་མའོ། །ཡི་གེ་ཨུ་དང་ལྡན་པ་ཡི། །ཞེས་པ་ལ་སོགས་པ་ནི་ཡི་གེ་ད་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ནས་དབུ་མ་བཟུང་ནས་སུ། །ཞེས་པ་ནི་པའི་སྡེ་ལ་ཡི་གེ་བའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ཤར་ནས་བཞི་པ་ལ་སོགས་པ་ནི། ཡི་གེ་གྷ་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །ཐིག་ལེ་དང་བཅས་པ་ལན་གཉིས་བརྗོད་པའོ། །དེས་ནི་འདི་གསུང་པར་འགྱུར་ཏེ། ཨོཾ་ཨཱཾ་མ་ཏུ་བཛྲི་གྷཱུཾ་གྷཱུཾ། ཞེས་སངས་རྒྱས་བྱང་ཆུབ་མའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ལ་ཐིག་ལེ་དང་བཅས་པའོ། །དབུ་མ་ལ་ནི་དབུ་མ་ཡང༌། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཛའོ། །དབུས་ནས་ཐ་མ་ཞེས་པ་ལ་སོགས་པ་ནི་ཡི་གེ་མ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །ཤར་


DTG027_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་བཞི་པ་ལ་སོགས་པ་ནི་གྷ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །ཤར་ལས་གསུམ་པ་ཞེས་སོགས་ནི་ཡི་གེ་ག་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །བདེན་བྲལ་འདབ་མ་ཞེས་སོགས་ནི། །ཡི་གེ་ག་ལ་སྒྲ་ཡིག་ལྔ་པ་དང་ལྡན་པར་བྱས་སྟེ། ལན་གཉིས་བརྗོད་པ་ཤེས་པར་བྱའོ། །དབུས་ལས་བཞི་པ་ཞེས་སོགས་ནི། །རའི་གདན་ལ་གནས་པའི་ཡི་གེ་བྷ་སྒྲ་ཡིག་དྲུག་པ་དང་ལྡན་པ་ཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་མེ་གྷེ་གུ་ལུ་གུ་ལུ་བྷྲཱུཾ། ཞེས་ཆོས་ཀྱི་འཁོར་ལོ་མའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་ཅན་ནོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཚེག་དྲག་ཅན་ཡི་གེ་ཧཿའོ། །དབང་ལྡན་ཕྱི་རོལ་ལ་གནས་པ། །ཞེས་པ་ནི་ཡི་གེ་ཤའོ། །མེ་མཚམས་འདབ་མ་ཅན་དེ་བཞིན། །ཞེས་པ་ནི་ཤ་སའོ། །བྱང་ནས་གསུམ་པ་ཞེས་སོགས་ནི་ཡི་གེ་ཏ་བ་དང་ལྡན་པའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཛ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ཨ་ཡིག་ཐིག་ལེ་ཞེས་སོགས་ནི་ཤེས་སླའོ། །དེས་ཀྱང་འདི་གསུང་པར་འགྱུར་ཏེ། ཨོཾ་ཧཿ་ཤྵ་ས་ཏྭ་བཛྲི་ཨཾ་ཨཾ། ཞེས་ཁམས་གསུམ་རྣམ་རྒྱལ་མའི་སྔགས་སོ། །ཨོཾ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་པ་ནི་བཤད་ཟིན་ཏོ། །ཟླ་ཚེས་ཐིག་ལེ་གཙུག་གི་ཞལ། །ཞེས་པ་ནི་ཡི་གེ་ཁ་ཐིག་ལེ་དང་བཅས་པའོ། །དབུས་ནས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། ལྷོ་ནས་དབུ་མ་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཛའོ། །དབང་ལྡན་གྱི་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡི་ག་བཅུ་བཞི་དང་ལྡན་པའོ། །དེ་ཉིད་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་ར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཤེས་པའོ། །དེས་འདི་གསུང་བར་འགྱུར་ཏེ། ཨོཾ་ཁཾ་བཛྲ་ཤཻ་ཤི་རི་ཧཱུཾ་ཧཱུཾ། ཞེས་འདོད་པ་ཀུན་མཛད་མའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། ཡི་གེ་ཨེ་ཨཾ་སྦྱོར་བ་དང༌། །


DTG027_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་སོགས་ནི་ཡི་གེ་ཨ་སྒྲ་ཡིག་བཅུ་དྲུག་དང་ལྡན་པའོ། །མེ་མཚམས་འདབ་མ་དེ་བཞིན་ཞེས་སོགས་ནི་ཡི་གེ་རའོ། །ཨེ་ཡིས་མཉམ་ལྡན་ཞེས་སོགས་ནི་ཡི་གེ་ཏ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ར་ཡི་གདན་ཅན་ཡི་གེ་ཛའོ། །ཡི་གེ་ཨི་དང་མཉམ་ལྡན་ཞེས་སོགས་ནི་ཡི་གེ་བ་སྒྲ་ཡིག་གསུམ་དང་ལྡན་པའོ། །བདེན་བྲལ་འདབ་མ་ཞེས་སོགས་ནི་ཡི་གེ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་ཐ་མ་ཞེས་སོགས་ནི་ཡི་གེ་ན་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་དང་པོ་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཏའོ། །ནུབ་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་ཨཾ་ར་ཏི་བཛྲ་བི་ལཱ་སི་ནི་ཏྲ་ཊ། ཞེས་གླིང་བུ་མའི་སྔགས་གསུངས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་འདབ་མར་གནས་པ་ཉིད། །ཅེས་པ་ནི་ཡི་གེ་རའོ། །སྒྲ་ཡིག་ཨི་དང་ཞེས་སོགས་ནི་ཡི་གེ་ཏ་སྒྲ་ཡིག་གསུམ་དང་ལྡན་པའོ། །དབུས་ནས་དབུ་མ་བཟུང་ནས་ཞེས་སོགས་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཛའོ། །ཤར་ནས་གསུམ་པ་ཞེས་སོགས་ནི་ཡི་གེ་ག་སྒྲ་ཡིག་བཞི་པ་དང་ལྡན་པའོ། །བྱང་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཏ་སྒྲ་ཡིག་བཅུ་གཅིག་དང་ལྡན་པ་ལན་གསུམ་བརྗོད་པར་བྱའོ། །ཞེས་ཤེས་པར་བྱའོ། །ང་རོ་བཞི་པ་དང་ལྡན་པ་ཞེས་པ་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །ཡི་གེ་ཏ་ང་རོ་དང་ལྡན་པ་བཞི་པར་གྱུར་པའི་དོན་ཏོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧེ་ར་ཏི་བཛྲ་གཱི་ཏེ་ཏེ་ཏེ། ཞེས་པའི་པི་ཝང་མའི་སྔགས་གསུངས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་འདབ་མ་ལ་ཡང་ཞེས་པ་ནི་ཡི་གེ་རའོ། །སྒྲ་ཡིག་ཨི་ནི་ཞེས་སོགས་ནི་ཡི་གེ་ཏ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ནས་དབུ་མ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་


DTG027_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་ནི་ཡི་གེ་ཛ་ལ་ར་བཏགས་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེ་བཞིན་བདེན་བྲལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ལན་གཉིས་བརྗོད་པའོ་ཞེས་ཤེས་པར་བྱའོ། །དབུས་ནས་དབུ་མ་ཞེས་སོགས་ནི་ཡི་གེ་བ་ཐིག་ལེ་དང་ལྡན་པའོ། །འདི་ལྟར་གསུང་བར་འགྱུར་ཏེ། ཧེ་ར་ཏི་བཛྲ་ཧཱ་སེ་ཧ་ཧ་བཾ་ཞེས་རྔ་ཆེན་མའི་སྔགས་གསུངས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་འདབ་མར་གནས་པ་ཡང༌། །ཞེས་པ་ནི་ཡི་གེ་རའོ། །སྒྲ་ཡིག་ཨི་ནི་ཞེས་སོགས་ནི་ཡི་གེ་ཏ་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་གནས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །བྱང་ནས་ཐ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ན་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཏ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པ་ལ་འོག་ཏུ་ཡ་བཏགས་པའོ། །དེ་བཞིན་དབུས་ནས་ཞེས་སོགས་ནི་ཡི་གེ་བ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ནས་དང་པོ་ཞེས་པ་ཡི་གེ་པ་ལན་གཉིས་བརྗོད་པའོ། །དེ་ནི་ལན་གཉིས་བརྗོད་པར་བྱ། །ཞེས་གོ་སླའོ། །ལྷོ་ནས་བཞི་པ་ཞེས་སོགས་ནི་ཡི་གེ་ཛ་ང་རོ་དང་ལྡན་པ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེས་འདི་ལྟར་གསུང་བར་འགྱུར་ཏེ། ཧེ་ར་ཏི་བཛྲ་ནྲེ་ཏྱེ་བེ་པ་པ་ཛཱཾ། ཞེས་རྫ་རྔ་མའི་སྔགས་སོ། །ཨ་ཡིག་དང་པོ་བྱང་ནས་སུ། །ཞེས་པ་ནི་སྒྲ་ཡིག་དང་པོའོ། །དབུས་ནས་དབུ་མ་པ་ལ་ཡང༌། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་ཞེས་སོགས་ནི་ཡི་གེ་ཛ་ལ་འོག་ཏུ་ར་བཏགས་པའོ། །དབུས་ནས་དང་པོ་ཞེས་སོགས་ནི་ཡི་གེ་པ་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །མེ་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཥ་ལ་པ་འདོགས་པ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེས་ནི་འདི་ལྟར་གསུང་བར་འགྱུར་ཏེ། ཨ་བཛྲ་པུ་ཥྤེ། ཞེས་པ་མེ་ཏོག་མའི་སྔགས་སོ། །ཨ་ཡིག་དང་པོ་བྱས་


DTG027_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་སུ། །ཞེས་པ་སྒྲ་ཡིག་གཉིས་པའོ། །དབུས་ནས་དབུ་མ་པ་ལ་ཡང༌། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཛའོ། །བྱང་ནས་བཞི་པ་ཞས་སོགས་ནི་ཡི་གེ་དྷ་ལ་སྒྲ་ཡིག་དྲུག་པ་འདོགས་པའོ། །དབུས་ནས་དང་པོ་ཞེས་སོགས་ནི་ཡི་གེ་པ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨ་བཛྲ་དྷཱུ་པེ། ཞེས་སྤོས་མེ་མའི་སྔགས་གསུངས་སོ། །ཨ་ཡིག་དང་བོ་བྱང་ནས་སུ། །ཞེས་པ་ནི་སྒྲ་ཡིག་དང་པོ་ཐིག་ལེ་དང་ལྡན་པ་ལ་ཡང་སྟེ། དབུས་ནས་དབུ་མ་ལ་ཡང་སྟེ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཛ་ལ་སྒྲ་ཡིག་གཉིས་པ་འདོགས་པའོ། །བདེན་བྲལ་འདབ་མར་ཞེས་སོགས་ནི་ཡི་གེ་ཀ་ལ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའོ། །ཤར་གྱི་དང་པོ་ཞེས་སོགས་ནི་ཡི་གེ་ཀ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་ཨཱ་ལོ་ཀེ་ཞེས་སྣང་བ་ཞེས་བྱ་བ་མར་མེ་མའི་སྔགས་གསུངས་སོ། །ཨ་ཡི་ག་དང་པོ་བྱས་ནས་སུ། །ཞེས་པ་ནི་སྒྲ་ཡིག་དང་པོ་ཚེག་དྲག་ཏུ་བཅས་པའོ། །དབུས་ལས་དབུ་མ་དེ་བཞིན་ཡང༌། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་ཛ་ལ་འོག་ཏུ་ར་འདོགས་པའོ། །ཤར་གྱི་གསུམ་པ་ཞེས་པ་ལ་སོགས་ནི་ཡི་གེ་ག་ཐིག་ལེ་ཅན་ནོ། །བྱང་ནས་བཞི་པ་ཞེས་སོགས་ནི་ཡི་གེ་དྷ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨ་བཛྲ་གནྡྷེ། ཞེས་དྲི་ཆབ་མའི་སྔགས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ཐིག་ལེ་དང་བཅས་པའོ། །དབུས་ནས་དབུ་མ་ཞེས་པ་སྟེ། ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་ལ་སྒྲ་ཡིག་གཉིས་པ་ཐིག་ལེ་དང་ལྡན་པའོ། །ཤར་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཀ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབང་ལྡན་ཕྱིར་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ཚེག་དྲག་མཉམ་པོ་ཞེས་སོགས་ནི་ཡི་གེ་ཛ་ཚེག་དྲག་དང་བཅས་


DTG027_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲཱཾ་ཀཱ་ཤི་ཛཿ་ཞེས་རྟ་མགྲིན་འཕང་མཐོའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མ་འགྱུར་བྱས་ཏེ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་ཕྱི་རོལ་ཞེས་སོགས་ནི་རའི་གདན་ལ་བཞུགས་པའི་ཡི་གེ་ཛའོ། །དབུས་ནས་དང་པོ་ཞེས་སོགས་ནི་ཡི་གེ་པ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་དྲུག་པ་དང་ལྡན་པར་ཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་པཱ་ཤེ་ཧཱུཾ། ཞེས་ཕག་མགོ་མའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མར་འགྱུར་བྱས་ཏེ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་ཐིག་ལེ་དང་ང་རོས་བརྒྱན་པའོ། །ཤར་གྱི་དང་པོ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་ཀའོ། །སྒྲ་ཡིག་ཨེ་དང་ཞེས་སོགས་ནི་ཡི་གེ་ལ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེ་བཞིན་དུ་དབུས་ལས་ཞེས་སོགས་ནི་ཡི་གེ་བ་ཐིག་ལེ་དང་བཅས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་ཤཾ་ཀ་ལེ་བཾ། ཞེས་རྡོ་རྗེ་སྣང་མཛད་མའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ནས་དབུ་མ་ཡང་ཡིན་ཞེས་པ་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །ཤར་ལས་བཞི་པ་ཞེས་སོགས་ནི་ཡི་གེ་གྷ་ང་རོ་དང་ཐིག་ལེས་བརྒྱན་པའོ། །ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ལ་ཚེག་དྲག་དང་བཅས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་གྷཾ་ཊེ་ཧོཿ་ཞེས་ཐལ་བར་


DTG027_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇིག་པའི་རོ་ལངས་མའི་སྔགས་སོ། །དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་སྔགས་འབྱུང་བ་རྫོགས་སོ།། །།

དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་སྔགས་འབྱུང་བ།


DTG027_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་སྔགས་འབྱུང་བ་གསུངས་ནས། ད་ནི་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པ་གསུང་བ། ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་ལ་སོགས་པ་སྟེ། སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ནས་བཞི་པ་ཞེས་སོགས་ནི་ཡི་གེ་བྷ་སྒྲ་ཡིག་དྲུག་པ་དང་ལྡན་པ་ལ་ཚེག་དྲག་དང་བཅས་པའོ། །ཤར་ལས་གཉིས་པ་ཞེས་སོགས་ནི་ཡི་གེ་ཁ་ཐིག་ལེ་དང་ང་རོས་བརྒྱན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བྷཱུཿཁཾ། ཞེས་རྣམ་པར་སྣང་མཛད་ཀྱི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མ་ཡང་ཡིན་ཏེ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །བདེན་བྲལ་ཕྱི་རོལ་བཟུང་ནས་ཞེས་པ་ནི་ཡི་གེ་སའོ། །བྱང་ནས་དང་པོ་ཏ་ཡང་སྟེ། ཞེས་པ་ལ་སོགས་པ་ནི་ཡི་གེ་ཏ་བ་འོག་ཏུ་བཏགས་པའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་ཐིག་ལེ་དང་ང་རོས་བརྒྱན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་ས་ཏྭ་ཤཾ། ཞེས་སངས་རྒྱས་དབྱངས་མའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་ཅན་ནོ། །དབུས་ལས་དབུ་མ་ཡང་ཡིན་ཏེ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །མེ་མཚམས་འདབ་མར་གནས་དེ་བཞིན། །ཞེས་པ་ནི་ཡི་གེ་རའོ། །བྱང་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཏའི་འོག་ཏུ་འདོགས་པའོ། །མཇུག་ཏུ་མེ་མཚམས་ཞེས་སོགས་ནི་ཡི་གེར་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་རཏྣ་རཾ། ཞེས་དཔའ་བོ་མའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མར་འགྱུར་ཏེ་ཞེས་པ་ནི་ཡི་གེ་


DTG027_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །བྱང་ནས་བཞི་པ་གང་ཡིན་པ། །ཞེས་བ་ནི་ཡི་གེ་དྷའོ། །དབུས་ནས་ཐ་མ་ཡིན་ཏེ་ཞེས་པ་ནི་ཡི་གེ་མའི་མགོ་ན་ར་བཞག་པའོ། །དབུས་ལས་དང་པོ་ཞེས་པ་ནི་ཡི་གེ་བཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་དྷརྨ་བཾ། ཞེས་ཀུན་དུ་བཟང་མོའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལ་དབུ་མར་འགྱུར་བྱས་ཏེ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་ཛའི་འོག་ཏུ་ར་འདོགས་པའོ། །ཤར་ལས་དང་པོ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་ཀའོ། །མེ་མཚམས་ཅན་གྱི་ཞེས་སོགས་ནི་ཡི་གེ་ར་ལ་འོག་ཏུ་མ་བཞག་པའོ། །བྱང་ནས་གཉིས་པ་ཞེས་སོགས་ནི་ཡི་གེ་ཐ་ཟླ་ཆོས་དང་ཐིག་ལེ་དང་ང་རོས་བརྒྱན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་ཀརྨ་ཐཾ། ཞེས་ཟད་མེད་སྣོད་གྱི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཡིག་ཐིག་ལེ་དང་ང་རོས་བརྒྱན་པའོ། །བདེན་བྲལ་ཕྱི་རོལ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་སའོ། །དབུས་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ཏ་ལ་འོག་ནས་བ་བཏགས་པའོ། །དབུས་ནས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧཾ་ས་ཏྭ་བཛྲེ། ཞེས་སངས་རྒྱས་སྐུ་ལྡན་མའིའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པ་ལ་ཐིག་ལེ་ཅན་ནོ། །དབུས་ནས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་ཞེས་སོགས་ནི་ཡི་གེ་ཛ་ལ་འོག་ཏུ་ར་བཏགས་པའོ། །མེ་མཚམས་འདབ་མར་གནས་པ་ཉིད། །ཅེས་པ་ནི་ཡི་གེ་རའོ། །བྱང་ལས་དང་པོ་ཞེས་པ་ནི་ཡི་གེ་ཏ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པ་ལ་འོག་ཏུར་བཏགས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཛེཾ་བཛྲ་ར་ཏྲེ། ཞེས་ཞལ་མཛེས་མའོ། །བྱང་


DTG027_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་དང་པོ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཏ་ཐིག་ལེ་དང་ལྡན་བའོ། །དབུས་ནས་དབུ་མ་དེ་བཞིན་དུ། །ཞེས་བ་ནི་ཡི་གེ་བའོ། །མེ་མཚམས་བ་ལ་སོགས་པ་ནི་བའི་གདན་ལ་གནས་པའི་ཡི་གེ་ཛའོ། །དབུས་ནས་དང་པོ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཡི་གེ་རའི་འོག་ཏུ་མ་འདོགས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཏྲཾ་བཛྲ་པརྨེ། ཞེས་སྤྲིན་ཆེན་མའི་སྔགས་སོ། །བྱང་ནས་བཞི་པ་ཞེས་སོགས་ནི་ཡི་གེ་དྷ་ཐིག་ལེ་དང་ང་རོ་ཅན་ནོ། །དབུས་ནས་དབུ་མ་ཞེས་སོགས་ནི་ཡི་གེ་བ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤའི་འོག་ཏུ་བ་བཏགས་པའོ། །དབུས་ནས་དབུ་མ་དང་ལྡན་ཞེས་པ་ནི་ཡི་གེ་བའོ། །ཨེ་ཡིག་མེ་མཚམས་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་ལ་སྒྲ་ཡིག་བཞི་པ་འདོགས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། དྷཾ་བི་ཤྭ་བཛྲཱི། ཞེས་ནམ་མཁའ་སྤྱན་མའི་སྔགས་སོ། །གླིང་བུ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་གསུངས་པ་ཁོ་ན་གཟུང་བར་བྱའོ། །དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་སྔགས་འབྱུང་བ་རྫོགས་སོ།། །།

དཔལ་ཁྲག་འཐུང་འཁོར་དང་བཅས་པའི་སྔགས་འབྱུང་བ།


DTG027_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་གསུངས་ནས། ད་ནི་དཔལ་ཁྲག་འཐུང་འཁོར་དང་བཅས་པའི་གསུང་པ། ཨོ་ཡིག་ཐིག་ལེ་དང་ལྡན་པར། །སོགས་ཏེ་འགྱུར་ཞེས་པ་དང་འབྲེལ་ཏོ། །དེ་ལ་ཨོ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །ཡི་གེ་ཨེ་ཡིས་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་ར་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །ཤར་ནས་དང་པོ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་ཀའོ། །དབུས་ལས་དབུ་མ་ཡང་ཡིན་ཏེ། །ཞེས་པ་ནི་ཡི་གེ་པའོ། །མེ་མཚམས་འདབ་མར་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །བདེན་བྲལ་ཕྱི་རོལ་བཟུང་བྱས་ཏེ། །ཞེས་པ་ནི་ཡི་གེ་སའོ། །དབུས་ནས་ཐ་མ་ཡང་སྟེ། ཞེས་


DTG027_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ནི་ཡི་གེ་མའོ། །དབང་ལྡན་འདབ་མར་ཡང་ཉིད་ཅེས་པ་ནི་ཡི་གེ་ཡའོ། །ཡི་གེ་ཨེ་དང་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་པ་ཚེག་དྲག་ཅན་ནོ། །བདེན་བྲལ་ཕྱི་རོལ་གནས་པ་ལ། །ཞེས་པ་ནི་ཡི་གེ་སའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་བ་ལ་འོག་ཏུ་ར་བཏགས་པའོ། །བྱང་ལས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་དུའོ། །མེ་མཚམས་ཕྱི་རོལ་ཞེས་པ་ནི་ཡི་གེ་ཥ་ལ་འོག་ཏུ་ཊ་འདོགས་པའོ། །བདེན་བྲལ་ཕྱི་རོལ་པ་ལ་ཡང༌། །ཞེས་པ་ནི་ཡི་གེ་སའོ། །དབུ་མའི་ཐ་མ་ཡང་ཡིན་ཏེ། །ཞེས་པ་ནི་ཡི་གེ་མའོ། །དབང་ལྡན་འདབ་མར་གནས་པ་ཉིད། །ཅེས་པ་ནི་ཡི་གེ་ཡའོ། །ཡི་གེ་ཨུ་དང་མཉམ་ལྡན་ཞེས་སོགས་ནི་མ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །མེ་མཚམས་པ་སྟན་ཞེས་སོགས་ནི་རའི་གདན་ལ་ད་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབུས་ནས་དང་པོ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་པའོ། །དབུས་ནས་བཞི་པ་ཞེས་སོགས་ནི་ཡི་གེ་བྷ་ཐིག་ལེ་དང་བཅས་པའོ། །ལྷོ་ལས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་ཛའོ། །ཤར་ལས་དང་པོ་ཡང་ཡིན་ཏེ། །ཞེས་པ་ནི་ཡི་གེ་ཀའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ལ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་གཉིས་པ་ཞེས་སོགས་ནི་ཡི་གེ་ཕའོ། །ནུབ་ཀྱི་དང་པོ་ཨ་མེད་པར། །ཞེས་པ་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧྲི། སརྦ་དུ་ཥྚ་ན་ས་མ་ཡ་མུ་དྲཱ་པྲ་བྷཱཾ་ཛ་ཀ་ཧཱུཾ་ཕཊ། ཅེས་དཔལ་ཁྲག་འཐུང་གི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་སྟན་ལྡན་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །ཤར་ལས་གསུམ་པ་ཞེས་སོགས་ནི་ཡི་གེ་ག་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབང་ལྡན་འདབ་མར་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པ་ལ་འོག་ན་ཡ་འདོགས་པའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་


DTG027_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུམ་པ་དང་ལྡན་པའོ། །བྱང་ནས་བཞི་པ་གང་ཡིན་པ། །སྒྲ་ཡིག་ཨི་སྦྱོར་བྱས་ཏེ་ཞེས་པ་ནི་ཡི་གེ་དྷ་སྒྲ་ཡིག་གསུམ་པ་དང་ལྡན་པའི་འོག་ན་བ་འདོགས་པའོ། །དབུས་ལས་དང་པོ་ཞེས་སོགས་ནི་ཡི་གེ་པ་དང་ཡི་གེ་ར་དང་མའོ། །དབང་ལྡན་འདབ་མར་ཞེས་སོགས་ནི་ཡི་གེ་ཡ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའོ། །ཤར་ལས་གསུམ་པ་ཞེས་སོགས་ནི་ཡི་གེ་སྒྲ་ཡིག་བཞི་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་གནས་ཞེས་སོགས་ནི་ཡི་གེ་ཤ་འོག་ན་བ་འདོགས་པའོ། །མེ་མཚམས་འདབ་མར་ཞེས་སོགས་ནི་ཡི་གེ་ར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ལ་གནས་པ། །ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་པ་ལ་ཚེག་དྲག་དང་བཅས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧཱུཾ་བཛྲ་གུ་ཧྱེ་སིདྡྷི་པ་ར་མ་ཧཱ་ཡོ་གཱི་ཤྭ་རི་ཧྲིཿ་ཞེས་དཔལ་ཀཻ་རི་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པར་སྦྱར་ཏེ། ལན་གཉིས་བརྗོད་པའོ། །དབུས་ལས་དབུ་མ་ཡང་བཟུང་སྟེ། །ཞེས་པ་ནི་ཡི་གེ་བའོ། །ལྷོ་ནས་དབུ་མ་དེ་བཞིན་དུ། །ཞེས་སོགས་ནི་ཡི་གེ་ཛ་ལ་འོག་ན་ར་འདོགས་པའོ། །ལྷོ་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཙ་ཐིག་ལེ་དང་བཅས་པའོ། །ནུབ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཌ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་གང་ཞེས་སོགས་ནི་ཡི་གེ་ཤའི་འོག་ཏུ་བ་འདོགས་པའོ། །མེ་མཚམས་འདབ་མ་ལ་ཞེས་པ་ནི་ཡི་གེ་ར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ཤར་ནས་གཉིས་པ་གང་ཡིན་པ། །ཞེས་པ་ནི་ཡི་གེ་ཁའོ། །ནུབ་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཏ་འོག་ན་བ་བཏགས་པ་ལ་ཐིག་ལེ་བཅས་པའི་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ཤར་ལས་གསུམ་པ་ཞེས་སོགས་ནི་ཡི་གེ་ག་སྒྲ་ཡིག་གསུམ་བ་དང་ལྡན་པའོ། །དབུས་ནས་ཐ་མ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་མའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ནས་དབུ་མ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་བའོ། །ལྷོ་ནས་གསུམ་པ་ཞེས་སོགས་ནི་རའི་གདན་


DTG027_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་གནས་པའི་ཡི་གེ་ཛའོ། །ཤར་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཀ་དང་བ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །བདེན་བྲལ་འདབ་མར་དབུས་གནས་པར། །ཞེས་པ་ནི་ཡི་གེ་ལའོ། །ཡི་གེ་ཨ་ཡིས་ཞེས་སོགས་ནི་ཡི་གེ་མ་དང་ཡི་གེ་ལ་ལ་སྒྲ་ཡིག་གཉིས་པ་བཏགས་པའོ། །དབུས་ལས་ཐ་མ་ཡང་ཡིན་ཏེ། །ཞེས་བ་ནི་ཡི་གེ་མའོ། །ཤར་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཀ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །ནུབ་ཀྱི་དང་པོ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་ཊ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་འདབ་མ་ལ་ཞེས་པ་ལ་སོགས་བ་ནི་ཡི་གེ་ར་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །བདེན་བྲལ་འདབ་མར་དབུས་གནས་བར། །ཡི་གེ་ལ་གཉིས་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་འོག་ན་ཡི་གེ་ན་འདོགས་ལ། ཚེག་དྲག་དང་བཅས་པའི་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧཱུཾ་ཧཱུཾ་བཛྲ་ཙཾ་ཌེ་ཤྭ་རི་ཁ་ཊྭཾ་ག་མ་ཧི་བཛྲ་ཀ་པཱ་ལ་མཱ་ལཱ་མ་ཀུ་ཊེ་རུ་ལུ་རུ་ལུ་ཧྣིཿ། ཞེས་ཙཽ་ར་མིའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ལ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་དབུ་མ་བཟུང་བ་དང༌། ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་ཞེས་སོགས་ནི་རའི་སྟན་ལ་གནས་བའི་ཡི་གེ་ཛའོ། །བྱང་ནས་ཐ་མ་ཞེས་སོགས་ནི་ཡི་གེ་ན་དང་ཡི་གེ་ར་སྒྲ་ཡིག་གཉིས་བ་དང་ལྡན་པའོ། །དབང་ལྡན་འདབ་མར་གནས་ནས་ཀྱང༌། །ཞེས་པ་ནི་ཡི་གེ་ཡཾ་ངོ༌། །སྒྲ་ཡིག་ཨི་དང་ཞེས་སོགས་ནི་ཡི་གེ་ན་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ལྷོ་ནས་ཨུ་ཞེས་སོགས་ནི་ཡི་གེ་ཛ་འོག་ན་ཛ་འདོགས་པ་ལ་ཚེག་དྲག་དང་བཅས་པའི་སྒྲ་ཡིག་གསུམ་བ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧཱུཾ་བཛྲ་ནཱ་རཱ་ཡཾ་ནི་ཛྫིཿ། ཞེས་པྲ་མོ་ཧའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་པ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་སྟན་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཛའོ། །དབུས་ནས་དང་པོ་བཟུང་ནས་སུ། །ཞེས་པ་


DTG027_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ཡི་གེ་པའོ། །སྒྲ་ཡིག་གཉིས་པ་དང་ཞེས་པ་ལ་སོགས་པ་ནི་ཡི་གེ་ཏ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ཤར་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཀ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །ལྷོ་ནས་དབུ་མ་ཞེས་སོགས་པ་ནི་ཡི་གེ་ཛ་ཚེག་དྲག་དང་བཅས་བའི་སྒྲ་ཡིག་གསུམ་བ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧཱུཾ་བཛྲ་པ་ཏཱ་ཀེ་ཛིཿ། ཞེས་བེ་ཏཱ་ལིའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ནས་དབུ་མ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་སྟན་ལྡན་ཞེས་པ་ནི་ཡི་གེ་ཛའི་འོག་ཏུ་ར་འདོགས་པའོ། །དབུས་ལས་དང་པོ་བཟུང་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་དང་ར་དང་ན་ལ་སྒྲ་ཡིག་གཉིས་པས་བརྒྱན་པའོ། །དབུས་ནས་ཐ་མ་ཡང་ཡིན་ཏེ། །ཞེས་པ་ནི་ཡི་གེ་མའོ། །ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧཱུཾ་བཛྲ་པྲ་ཧཱ་རཱ་ནཱ་མ་ཊ། ཞེས་པུཀྐ་སཱིའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་པ་ལ་སོགས་བ་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་ཏེ། །ཞེས་བ་ནི་ཡི་གེ་བའོ། །མེ་མཚམས་སྟན་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཛའོ། །དབང་ལྡན་ཕྱི་རོལ་ཅན་ཞེས་པ་ནི་ཡི་གེ་ཤ་སྒྲ་ཡིག་དྲུག་བ་དང་ལྡན་པའོ། །བདེན་བྲལ་འདབ་མར་ཞེས་སོགས་ནི་ཡི་གེ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ཤར་ལས་གསུམ་པ་ཞེས་སོགས་ནི་ཡི་གེ་རའི་སྟན་ལ་གནས་པའི་ག་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ལས་བཞི་པ་ཞེས་སོགས་ནི་ཐིག་ལེ་དང་བཅས་པའི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་བྷའོ། །བྱང་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ད་དང་མའོ། །ནུབ་ཀྱི་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧཱུཾ་བཛྲ་ཤཱུ་ལཱ་ཨ་གྲི་བྷིནྡ་མ་ཊ། ཅེས་ཙཎྜ་ལཱིའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པ་སྒྲ་ཡིག་ལྔ་བ་དང་ལྡན་བའོ། །དབུས་ལས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་བའི་གདན་ཞེས་


DTG027_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལ་སོགས་པ་ནི་ཡི་གེ་ཛ་རའི་གདན་ཅན་ནོ། །ཤར་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཀ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའོ། །དབང་ལྡན་གྱི་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །ལྷོ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཚའི་འོག་ཏུ་ཚ་འདོགས་པ་ལ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་གསུམ་པ་དང་ལྡན་བའོ། །བྱང་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ད་དང་མའོ། །ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧཱུཾ་བཛྲ་ཀོ་ཤེཙྪིནྡ་མཊ། ཅེས་གྷ་སྨ་རཱིའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་ཏེ། །ཞེས་བ་ནི་ཡི་གེ་བའོ། །མེ་མཚམས་སྟན་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ལས་དང་པོ་ཞེས་སོགས་ནི་ཡི་གེ་བ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ལས་ཐ་མ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་མ་དང་ལའོ། །དབུས་ལས་དང་པོ་ཞེས་སོགས་ནི་ཡི་གེ་པ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབང་ལྡན་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ལས་ཐ་མ་ཞེས་སོགས་ནི་ཡི་གེ་མའོ། །ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ལ་ཨ་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧཱུཾ་བཛྲ་བེ་མ་ལ་པཱ་ཤེ་མཊ། ཅེས་དཔལ་ཁྲག་འཐུང་དང་འདྲ་བའི་སྨ་ཤ་ནའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་ཏེ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་བ་སྟན་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །མེ་མཚམས་འདབ་མར་གནས་ཉིད་དང༌། །ཞེས་པ་ནི་ཡི་གེ་རའོ། །སྒྲ་ཡིག་ཨི་དང་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་ཏའོ། །དབུས་ལས་དང་པོ་ཞེས་སོགས་ནི་ཡི་གེ་མ་ཐིག་ལེ་དང་བཅས་པའོ། །འདིས་ནི་འདི་གསུང་བར་འགྱུར་ཏེ། ཧེ་བཛྲ་ར་ཏི་མཾ། ཞེས་ས་འཛིན་མའི་སྔགས་སོ། །དབུས་ལས་དབུ་མ་ཞེས་པ་ནི་ཡི་གེ་བ་ཐིག་


DTG027_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེ་དང་ང་རོས་བརྒྱན་བའོ། །དབུས་ལས་ཐ་མ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་མའོ། །ཡི་གེ་ཨ་དང་མཉམ་པར་ལྡན། །ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་གཉིས་པ་དང་ལྡན་པའི་ཡི་གེ་ཧའོ། །མེ་མཚམས་འདབ་མར་ཞེས་སོགས་ནི། །ཡི་གེ་ར་དང་ཏ་དང་ཡི་གེ་བའོ། །ཨེ་ཡིག་མེ་མཚམས་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པ་ལ་རའི་སྟན་ཅན་ཡི་གེ་ཛའོ། །རླུང་མཚམས་ཕྱི་རོལ་ཞེས་པ་ནི་ཡི་གེ་ཧ་དང་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ལ་ཚེག་དྲག་དང་བཅས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། བཾ་མ་ཧཱ་ར་ཏ་བཛྲི་ཧོཿ། ཞེས་ཁ་ཊྭཱཾ་འཛིན་མའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པའི། །ཞེས་བ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མ་ཡང་ཡིན་ཏེ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་ཛ་རའི་གདན་ཅན་ནོ། །ཨོ་ཡིག་དང་ནི་ཞེས་པ་ནི། །སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའི་ཡི་གེ་ལའོ། །ལྷོ་ལས་དང་པོ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་ཙའོ། །ཡི་གེ་ཨ་ཡིས་ཞེས་སོགས་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཡི་གེ་ནའོ། །དབང་ལྡན་འདབ་མར་ཞེས་སོགས་ནི་ཐིག་ལེ་དང་བཅས་པའི་ཡི་གེ་ཡའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་ལོ་ཙ་ནེ་ཡཾ། །ཞེས་འཁོར་རོ་འཛིན་མའི་སྔགས་སོ། །མེ་མཚམས་འདབ་མར་ཞེས་སོགས་ནི་ཡི་གེ་ར་ཐིག་ལེ་དང་བཅས་པའོ། །དབུས་ལས་ཐ་མ་དེ་བཞིན་ཞེས་པ་ནི་ཡི་གེ་མའོ། །སྒྲ་ཡིག་ཨི་དང་ཞེས་སོགས་ནི་སྒྲ་ཡིག་གཉིས་པ་དང་ལྡན་པའི་ཡི་གེ་ཧའོ། །དབང་ལྡན་འདབ་མར་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཤ་ལ་སྒྲ་ཡིག་བཞི་པ་དང་ལྡན་པའོ། །དབུས་ལས་དབུ་མ་ཉིད་དང་ནི། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཛ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་པ་ལ་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། རཾ་མ་ཧཱ་ཤྲཱི་བཛྲི་ཧཱིཿ། ཞེས་སྣ་ཚོགས་བ་དན་འཛིན་མའི་སྔགས་སོ། །མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་


DTG027_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སྔགས་ཡིན་ནོ། །དཔལ་ཁྲག་འཐུང་འཁོར་དང་བཅས་པའི་སྔགས་འབྱུང་བ་རྫོགས་སོ།། །།

དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་སྔགས་འབྱུང་བ།


DTG027_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་ཁྲག་འཐུང་འཁོར་དང་བཅས་པའི་སྔགས་གསུངས་ནས། ད་ནི་དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་སྔགས་གསུངས་པ། ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་ལ་སོགས་པ་སྟེ། སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མ་ཞེས་སོགས་ནི་ཡི་གེ་སའི་འོག་ཏུ་བ་འདོགས་པའོ། །དབུས་ལས་བཞི་པ་ཞེས་སོགས་ནི་ཡི་གེ་བྷ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབུས་ལས་དབུ་མ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་བའོ། །དབང་ལྡན་ཕྱིར་རོལ་ཞེས་པ་ནི་ཡི་གེ་ཤ་ལ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །བྱང་ནས་དབུ་མ་ཡང་ཞེས་པ་ནི་ཡི་གེ་ད་ལ་འོག་ཏུ་ཧ་འདོགས་པའོ། །དབུས་ལ་ས་དང་པོ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་པའོ། །བྱང་ལས་དབུས་མ་ཞེས་སོགས་ནི་ཡི་གེ་ད་འོག་ཏུ་མ་འདོགས་པའོ། །བྱང་ལས་ཐ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་ནའོ། །སྒྲ་ཡིག་ཨེ་དང་ཞེས་སོགས་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཡི་གེ་ཏའི་མགོར་ར་བཞག་པའོ། །དབུས་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ཤའི་འོག་ཏུ་བ་འདོགས་པའོ། །མེ་མཚམས་འདབ་མར་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་རའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་པའི་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷ་པདྨ་ནརྟེ་ཤྭ་རཧྲཱིཿ། ཞེས་པདྨ་གར་གྱི་དབང་ཕྱུག་གི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པའི། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །བདེན་བྲལ་ཕྱི་རོལ་གནས་པ་ཡང༌། །ཞེས་པ་ནི་ཡི་གེ་སའོ། །མེ་མཚམས་ཞེས་སོགས་ནི་ཡི་གེ་ར་མགོན་བཏགས་པའི་བའོ། །བྱང་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཏའོ། །སྒྲ་ཡིག་ཨ་དང་ལྡན་ཞེས་སོགས་ནི་སྒྲ་ཡིག་གཉིས་པ་དང་ལྡན་པའི་ཡི་གེ་ཐའོ། །ཤར་ལས་གསུམ་པ་གང་ཡིན་དང༌། །ཞེས་པ་ནི་ཡི་གེ་གའོ། །བྱང་ནས་དང་པོ་གང་ཡིན་ཏེ། །ཞེས་པ་ནི་ཡི་གེ་ཏའོ། །དབུས་ལས་དང་པོ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་བའོ། །


DTG027_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུས་ནས་ཐ་མ་ཞེས་སོགས་ནི་ཡི་གེ་མ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པ་འོག་ནམ་འདོགས་པའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛ་གཉིས་སུ་བརྩེགས་པ་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་མྨཱ་ཛྫཿ། ཞེས་རྣམ་པར་གཟིགས་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་པ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་བ་སྒྲ་ཡིག་དྲུག་པ་དང་བཅས་པའོ། །དབུས་མའི་དབུ་མ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་སྟན་ལྡན་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཛའོ། །དབུས་ལས་དང་པོ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་པའོ། །བྱང་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ད་སྒྲ་ཡིག་གསུམ་པ་དང་ལྡན་པའི་འོག་ན་མ་འདོགས་པའོ། །དེས་ནི་འདི་གསུང་པར་འགྱུར་ཏེ། ཧཱུཾ་བཛྲ་པདྨི། ཞེས་སྒྲོལ་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་པ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ལས་དང་པོ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་པའོ། །བྱང་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ང་སྒྲ་ཡིག་གསུམ་པ་དང་ལྡན་པ་ལ་འོག་ན་མ་འདོགས་པའོ། །དེ་གཉིས་ལན་གཉིས་སྦྱོར་བྱས་ཏེ། །ཞེས་པ་ནི་ཤེས་སླའོ། །དབུས་ལས་དབུ་མ་ཞེས་སོགས་ནི་ཡི་གེ་བ་ཐིག་ལེ་དང་ང་རོས་བརྒྱན་པའོ། །དེས་ཀྱང་འདི་གསུང་བར་འགྱུར་ཏེ། ཧེ་པདྨི་པདྨི་བཾ། ཞེས་པ་ས་འཛིན་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ལ་ཚེག་དྲག་ཅན་ནོ། །དབུས་ལས་དང་པོ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ད་འོག་ན་མ་འདོགས་པའོ། །དབུས་ཀྱི་ཐམས་བཟུང་བ་དང༌། ཞེས་པ་ནི་ཡི་གེ་མའོ། །ནུབ་ལས་ཐ་མ་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་ཎའོ། །མེའི་འདབ་མར་ཞེས་སོགས་ནི་ཡི་གེ་ར་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ལྷོ་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ཛ་ཐིག་ལེ་དང་ང་རོས་བརྒྱན་པའོ། །དེས་ནི་འདི་གསུང་པར་འགྱུར་ཏེ། ཧོཿ་པདྨ་མ་ཎི་རཱ་ཛཾ། ཞེས་འཕགས་མ་ཁྲོ་གཉེར་མའི་སྔགས་སོ། །རླུང་མཚམས་ཕྱིར་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒ་ཡིག་དྲུག་པ་དང་ལྡན་པའི་ཐིག་ལེ་ང་རོས་བརྒྱན་པའོ། །དབུས་ལས་དང་པོ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་


DTG027_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ད་ལ་མ་འདོགས་པའོ། །ལྷོ་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཙ་ཐིག་ལེ་དང་བཅས་པའོ། །ནུབ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ད་སྒྲ་ཡི་ག་བཅུ་གཅིག་པ་དང་ལྡན་པའོ། །དབང་ལྡན་ཕྱིར་རོལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཤའི་འོག་ན་བ་འདོགས་པའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་ར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་དྲུག་པ་དང་ལྡན་པ་ང་རོས་བརྒྱན་པའོ། །དབུས་ལས་གཉིས་པ་གང་ཡིན་པ། །ཞེས་པ་ནི་ཡི་གེ་ཕའོ། །ཨ་མེད་ནུབ་ཀྱི་དང་པོ་ཞེས་པ་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧཱུཾ་པདྨ་ཙནྜ་ཤྭ་རི་ཧཱུཾ་ཕཊ། ཅེས་པདྨ་གཏུམ་པའི་དབང་ཕྱུག་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ལས་ཐ་མ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་མའོ། །སྒྲ་ཡིག་ཡ་དང་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབུས་ལས་དབུ་མ་ཞེས་སོགས་ནི་ཡི་གེ་བ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤའི་འོག་ན་བ་འདོགས་པའོ། །དབུས་ལས་དང་པོ་དང་ལྡན་བྱ། །ཞེས་པ་ནི་ཡི་གེ་པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་ཡི་གེ་དའི་འོག་ཏུ་མ་འདོགས་པའོ། །དབུས་ལས་ཐ་མ་ཞེས་སོགས་ནི་ཡི་གེ་མ་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །ཨེ་ཡིག་མེ་མཚམས་ཅན་ལྡན་པའི། །བྱང་ལས་དང་པོར་འགྱུར་བར་བྱ། །ཞེས་སོགས་ནི་ཡི་གེ་ཏའི་མགོ་ལ་ར་འདོགས་པའི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ལས་བཞི་པ་ཞེས་སོགས་ནི་ཡི་གེ་དྷའི་འོག་ཏུ་ཡ་འདོགས་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །དབུ་མ་གཉིས་པ་གང་ཡིན་པ། །ཞེས་པ་ནི་ཕའོ། །ནུབ་ཀྱི་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ལ་ཨ་ཡིག་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧེ་མ་ཧཱ་བི་ཤྭ་པདྨ་མཱ་རྟེ་སདྡྷྱི་ཧཱུཾ་ཕཊ། ཅེས་སྣ་ཚོགས་པདྨོའི་སྔགས་སོ། །རླུང་མཚམས་


DTG027_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱི་རོལ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་ལ་ཚེག་དྲག་ཅན་ནོ། །དབུས་ལས་དང་པོ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་པའོ། །བྱང་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ད་སྒྲ་ཡིག་གསུམ་པ་དང་ལྡན་པ་འོག་ཏུ་མ་འདོགས་པའོ། །མཁས་པས་ལན་གཉིས་བརྗོད་པར་བྱ། །ཞེས་སོགས་ནི་གོ་སླའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །ཐ་མར་ཡི་གེ་ཨ་ལས་ཞེས་སོགས་ནི་ཐིག་ལེ་དང་བཅས་པའི་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧྲཱིཿ་པདྨི་པདྨི་ཧཱུཾ་ཨཱཾ། ཞེས་པདྨའི་ན་བཟང་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ལ་ཚིག་དྲག་ཅན་ནོ་།དབུས་ལས་དང་པོ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ད་ལ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ལ་འོག་ན་མ་འདོགས་པའོ། །དབུས་ལས་དབུ་མ་པ་ཉིད་ལ། །ཞེས་སོགས་ནི་ཡི་གེ་བ་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབང་ལྡན་ཕྱིར་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་གསུམ་པ་དང་ལྡན་པ་ལ་འོག་ན་བ་འདོགས་པའོ། །ཤར་ལས་དང་པོ་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཀའོ། །དབུས་ལས་ཐམ་ཞེས་སོགས་ནི་ཡི་གེ་མ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ཤར་ལས་དང་པོ་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཀའོ། །དབུས་ལས་ཐ་མ་ཡང་ཡིན་ཞེས་པ་ནི་ཡི་གེ་མའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛ་གཉིས་བརྩེགས་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཧོཿ་པདྨོ་བི་ཤྭི་ཀྲ་མཱ་ཀྲ་མ་ཧཱུཾ་ཛྫཿ། ཞེས་རྡོ་རྗེ་དབང་ཕྱུག་མའི་སྔགས་སོ། །གླིང་བུ་མ་ལ་སོགས་པ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་གསུངས་པའི་སྔགས་གཟུང་བར་བྱའོ། །དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་སྔགས་འབྱུང་བ་རྫོགས་སོ།། །།

དཔལ་རྡོ་རྗེ་ཉི་མ་འཁོར་དང་བཅས་པའི་སྔགས་འབྱུང་བ།


DTG027_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་སྔགས་ཕྱུང་བ་སྟོན་ནས། ད་ནི་དཔལ་རྡོ་རྗེ་ཉི་མ་འཁོར་དང་


DTG027_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅས་པའི་གསུངས་པ། ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་ལ་སོགས་པ་གསུངས་ཏེ། སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །སྒྲ་ཡིག་ཨི་དང་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་སའོ། །བྱང་ལས་བཞི་པ་གང་ཡིན་པ། །ཞེས་སོགས་ནི་ཡའི་གནས་ལ་གནས་པའི་ཡི་གེ་དྷའོ། །དབུས་ལས་བཞི་པ་ཞེས་སོགས་ནི་ཡི་གེ་བྷ་སྒྲ་ཡིག་ལྔ་པ་དང་ལྡན་པའི་ཚེག་དྲག་ཅན་ནོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ལས་བཞི་པ་ཞེས་སོགས་ནི་ཡའི་གདན་ལ་གནས་པའི་ཡི་གེ་དྷའོ། །དབུས་ལས་བཞི་པ་ཞེས་སོགས་ནི་ཡི་གེ་བྷ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དེ་བཞིན་དབུས་ལས་ཞེས་སོགས་ནི་ཚེག་དྲག་ཅན་ནོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་བཞི་པ་ཞེས་སོགས་ནི་ཡི་གེ་དྷ་འོག་ན་ཡ་འདོགས་པའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་འོག་ན་མ་བཏགས་པ་ཚེག་དྲག་ཅན་ནོ། །དེ་བཞིན་བདེན་བྲལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་བཞི་པ་ཞེས་སོགས་ནི་ཡི་གེ་དྷའི་འོག་ཏུ་ཡ་བཏགས་པའོ། །དབུས་ལས་ཐ་མ་དེ་བཞིན་དང༌། །ཞེས་པ་ནི་ཡི་གེ་མའོ། །ཡི་གེ་ཨ་དང་མཉམ་སྦྱོར་ཞེས་སོགས་ནི་སྒྲ་ཡིག་ཨ་དང་ལྡན་པའི་ཡི་གེ་ཧའོ། །དེ་བཞིན་དབུས་ལས་དབུ་མ་ཡང༌། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་པ་ལ་སོགས་པ་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །མེ་མཚམས་འདབ་མར་དེ་བཞིན་དང༌། ཞེས་པ་ནི་ཡི་གེ་རའོ། །བྱང་ལས་ཐ་མར་འགྱུར་ཞེས་པ་ལ་སོགས་པ་ནི་ཡི་གེ་ན་ལ་སྟེང་དུ་ཏ་བཏགས་པའོ། །དབུས་ལས་དབུ་མ་དེ་བཞིན་དུ། །ཞེས་སོགས་ནི་བ་ཞེས་པ་ལ་ལན་གཉིས་བརྗོད་པའོ། །དེ་བཞིན་ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ལན་གཉིས་བརྗོད་པའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཏ་ཐིག་ལེ་དང་བཅས་པ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་སིདྷྱ་བྷུཿ་སིདྷྱ་བྷུཿ་སིདྷྱ་སྨཿ་སི་དྷྱ་མ་ཧཱ་བཛྲ་རཏྣ་བ་པ་ཊ་ཊ་ཏྲཱཾ།


DTG027_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་དཔལ་རྡོ་རྗེ་ཉི་མའི་སྔགས་སོ། །དབུས་ལས་དབུ་མ་བཟུང་ནས་སུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་སའོ། །དབུས་ལས་དབུ་མ་ཞེས་སོགས་ནི་བའི་གདན་ལ་གནས་པའི་ཡི་གེ་ཏའོ། །ཚེག་དྲག་མཉམ་སྦྱོར་ཞེས་སོགས་ནི་ཡི་གེ་ཛ་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། བཛྲ་སཏྭ་ཛཿ། ཞེས་ལྷ་མོ་དབང་བསྐུར་མའི་སྔགས་སོ། །དབུས་ལས་དབུ་མ་དེ་བཞིན་དུ། །ཞེས་སོགས་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །མེ་མཚམས་འདབ་མར་དེ་བཞིན་ཞེས་པ་ནི་ཡི་གེ་རའོ། །བྱང་ལས་ཐ་མ་ཞེས་སོགས་ནི་ཡི་གེ་ཏ་ལ་འོག་ཏུ་བཏགས་པའོ། །རླུང་མཚམས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་སྟེ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། བཛྲ་རཏྣ་ཧཱུཾ། ཞེས་ལྷ་མོ་གཏེར་ལྡན་མའི་སྔགས་སོ། །དབུས་ལས་དབུ་མ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་ཡི་གེ་ཛའི་འོག་ཏུ་ར་བཏགས་པའོ། །བྱང་ལས་བཞི་བ་གང་ཡིན་དང༌། །ཞེས་པ་ནི་ཡི་གེ་དྷའོ། །མེ་མཚམས་ཞེས་སོགས་ནི་ཡི་གེ་རའི་འོག་ཏུ་མ་བཏགས་པའོ། །དབུས་ལས་དབུ་མ་དེ་བཞིན་དུ། །ཞེས་སོགས་ནི་ཡི་གེ་བ་ཐིག་ལེ་ཅན་ནོ། །དེས་འདི་གསུང་བར་འགྱུར་ཏེ། བཛྲ་དྷརྨ་བཾ། ཞེས་རྒྱལ་མཚན་མཆོག་མའི་སྔགས་གསུངས་སོ། །དབུས་ལས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་ར་ལ་གནས་པའི་ཡི་གེ་ཛའོ། །ཤར་ལས་དང་པོ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་ཀའོ། །མེ་མཚམས་པའི་ཞེས་སོགས་ནི་ར་ལ་གནས་པའི་ཡི་གེ་མའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའི་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། བཛྲ་ཀརྨ་ཧོཿ། ཞེས་མཆོད་པ་ཆེན་མོའི་སྔགས་སོ། །ཨ་ཡི་ག་ཐིག་ལེ་དང་ལྡན་པར། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་ཅན་ནོ། །ཨ་ཡིག་མེ་མཚམས་ཞེས་སོགས་ནི་རའི་གདན་ལ་གནས་པའི་པ་སྒྲ་ཡིག་


DTG027_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞི་པ་དང་ལྡན་པའོ། །ཡི་གེ་ཨི་དང་མཉམ་ལྡན་ཞེས་པ་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་ཏའོ། །དབུས་ལས་དབུ་མ་དེ་བཞིན་དང༌། །ཞེས་པ་ནི་ཡི་གེ་བའོ། །ཨེ་ཡིག་མེ་མཚམས་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཛ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ནུབ་ནས་ཐ་མ་ཞེས་སོགས་ནི་ཡི་གེ་ཎ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ལས་ཐ་མ་ཞེས་སོགས་ནི་ཡི་གེ་མའོ། །ནུབ་ཀྱི་དང་པོ་ཞེས་སོགས་ནི་ཡི་གེ་ཊa་ཨ་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་པྲ་ཏི་བཛྲི་ཎི་མཊ། ཅེས་མདའ་གཞུ་འཛིན་མའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་ནི་སྒྲ་ཡིག་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་བའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གང་ན་ལ་གནས་པའི་ཡི་གེ་ཛའོ། །ཨེ་ཡིག་མེ་མཚམས་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་པ་ལ་སྒྲ་ཡིག་བཞི་པ་དང་ལྡན་པའོ། །ཡི་གེ་ཨི་དང་མཉམ་ལྡན་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་ཏའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་པའི་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་པྲཱི་ཏི་ཧྲཱིཿ། ཞེས་རྡོ་རྗེ་ཁ་ཊྭཱཾ་མའིའོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་ཅན་ནོ། །ཐིག་ལེ་ཨེ་ཡིག་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པ་ཛ་ཡིག་ཐིག་ལེ་ཅན་ནོ། །ཡི་གེ་ཨ་དང་མཉམ་ལྡན་ཞེས་སོགས་ནི་ཡི་གེ་ར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ལས་ཐ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་མའོ། །ཨེ་ཡིག་དང་ནི་ཞེས་སོགས་ནི་ཡི་གེ་ན་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ཚེག་དྲག་ཨོ་ཡིག་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའི་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུང་པར་འགྱུར་ཏེ། ཞེས་རྡོ་རྗེ་ཉི་མ་མཛེས་མའི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཞེས་སོགས་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་ལྡན་པའོ། །དབུས་ལས་དབུ་མ་ཡང་ཡིན་ཏེ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་


DTG027_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རའི་གདན་ལ་གནས་པའི་ཡི་གེ་ཛའོ། །དབུས་ལས་ཐ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་མའོ། །ཡི་གེ་ཨ་དང་མཉམ་སྦྱོར་བ། །ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་གཉིས་པ་དང་ལྡན་པའོ་།དེ་བཞིན་དབུས་ལས་ཐ་མ་དང༌། །ཞེས་པ་ནི་ཡི་གེ་མའོ། །ཨེ་དང་མཉམ་ལྡན་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའོ། །ཐིག་ལེ་ཨུ་ཡིག་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བཛྲ་མ་ཧཱ་མ་ཧོ་ཧཱཾ། ཞེས་རྡོ་རྗེ་མེའི་སྔགས་སོ། །གླིང་བུ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཁོ་ནས་གཟུང་བར་བྱའོ། །

དཔལ་རྟ་མཆོག་འཁོར་དང་བཅས་པའི་སྔགས་འབྱུང་བ།


DTG027_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་རྡོ་རྗེ་ཉི་མ་འཁོར་བཅས་པའི་སྔགས་འབྱུང་བ་གསུངས་ནས། ད་ནི་དཔལ་རྟ་མཆོག་འཁོར་དང་བཅས་པའི་གསུངས་པ། ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་ཅན་ནོ། །དེ་བཞིན་བདེན་བྲལ་ཞེས་སོགས་ནི་ཡི་གེ་ས་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་བཞི་པ་གང་ཡིན་དུ། །ཞེས་པ་ནི་ཡི་གེ་བྷའོ། །ཡི་གེ་ཨི་དང་མཉམ་ལྡན་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་ནའོ། །ཐིག་ལེ་ཨུ་མིག་ཞེས་སོགས་ནི་ཡི་གེ་ས་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་བཞི་པ་གང་ཡིན་དང༌། །ཞེས་པ་ནི་ཡི་གེ་བྷའོ། །ཐིག་ལེ་ཨུ་ཡིག་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། དཔལ་རྟ་མཆོག་གི་སྔགས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དེ་བཞིན་དབུས་ལས་དབུ་མ་དང༌། །ཞེས་སོགས་ནི་ཡི་གེ་བ་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབང་ལྡན་ཕྱིར་རོལ་ཞེས་སོགས་ནི་ཡི་གེ་ཤའི་འོག་ན་བ་འདོགས་པའོ། །དབུས་ལས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཛའོ། །བྱང་ནས་བཞི་པ་ཡང་ཡིན་དང༌། །ཞེས་པ་ནི་ཡི་གེ་བྷའོ། །མེ་མཚམས་བའི་ཞེས་སོགས་ནི་མགོན་ར་བཏགས་པའི་ཡི་གེ་མའོ། །མེ་མཚམས་པའི་སྟན་


DTG027_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་ཚེག་དྲག་དང་བཅས་པའི་སྒྲ་ཡི་ག་བཞི་པ་དང་ལྡན་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་བི་ཤྭ་བཛྲ་དྷ་རྨ་ཛྲཱིཿ། ཞེས་སྣ་ཚོགས་བའི་སྔགས་སོ། །ཨོ་ཡིག་ཐི་ག་ལེ་དང་ལྡན་པར། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་ཐིག་ལེ་ཅན་ནོ། །ཨོ་ཡིག་དང་ཞེས་སོགས་ནི་སྒྲ་ཡིག་གསུམ་བ་དང་ལྡན་པའི་ཡི་གེ་བའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་འོག་ན་བ་བཏགས་པའོ། །དབུས་ལས་དབུ་མ་དེ་བཞིན་དུ། །ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ཅན་ཛའོ། །བདེན་བྲལ་ཕྱི་རོལ་བཟུང་བ་དང༌། །ཞེས་པ་ནི་ཡི་གེ་སའོ། །དབུས་ལས་དབུ་མ་ཞེས་སོགས་ནི་འོག་ན་བ་བཏགས་པའི་ཡི་གེ་ཏའོ། །ཚེག་དྲག་དང་ནི་ཞེས་སོགས་ནི་ཡི་གེ་ཧ་ཚེག་དྲག་དང་བཅས་པའོ། །དེས་ཀྱང་འདི་གསུང་བར་འགྱུར་ཏེ། ཨོཾ་བི་ཤྭ་བཛྲ་སཏྭ་ཧཿ། ཞེས་པ་ནི་སྣ་ཚོགས་རྡོ་རྗེ་མའི་སྔགས་སོ། །ལྷག་མའི་ལྷ་མོ་རྣམས་ཀྱི་ནི་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལས་གསུངས་པའི་སྔགས་གཟུང་བར་བྱའོ། །དཔལ་རྟག་མཆོག་འཁོར་དང་བཅས་པའི་སྔགས་འབྱུང་བ་རྫོགས་སོ།། །།

ཉེར་གཅིག་པ། གསང་བ་སྒྲུབ་པའི་རྣམ་པར་བཤད་པ།

ཤིན་ཏུ་དག་པ་བསྟན་པ།


DTG027_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སྔགས་འབྱུང་བ་རྫོགས་ནས། ད་ནི་ཤིན་ཏུ་དགའ་བ་ཉིད་ཀྱི་ཤེས་པ་གྲུབ་པའི་དོན་གསུངས་སོ། །འདི་ལ་བཅོམ་ལྡན་འདས་ཤིན་ཏུ་དགའ་བ་ཡིན་ཞེན་ཞེས་པ་ལ་སོགས་པའོ། །དེ་ལ་ལེགས་པར་དགའ་བ་ནི་ཤིན་ཏུ་དགའ་བ་ཞེས་པ་སེམས་ཅན་གྱི་དོན་ལ་ཆགས་སོ་ཞེས་པའི་དོན་ཏོ། །དེའི་ངོ་བོར་གྱུར་པ་ནི་ཤིན་ཏུ་དགའ་བ་ཉིད་ཅེས་པའོ། །དེ་ཁོ་ན་ཡང་བཤད་པ་སྐྱོན་མེད་རྟག་པ་ཞེས་པ་ལ་སོགས་པ་སྟེ། དགའ་བ་ཆེ་ཞེས་པ་དང་འབྲེལ་ཏོ། །དེ་ལ་ཉོན་མོངས་པའི་བག་ཆགས་མེད་པ་ནི་སྐྱོན་མེད་པ་ཞེས་བྱའོ། །དེ་ལྟ་བུའི་དུས་ཀྱི་རང་བཞིན་ཉིད་དུ་རྟག་བར་གནས་པས་ན་རྟག་པ་ཞེས་པའོ། །སྐད་ཅིག་མ་རེ་རེ་ཕ་རོལ་གྱི་མཐའ་ལ་མཐའ་ཡས་གཟུགས་སྟོན་པས་སེམས་ཅན་གྱི་དོན་བྱེད་པས་ན་གཏན་དུ་ནི་ཞེས་པའོ། །འདོད་ཆགས་ཐམས་ཅད་རྗེས་ཆགས་ཕྱིར། །དེ་ཉིད་གསང་བ་བཅོམ་ལྡན་འདས། །ཞེས་པ་ནི་རྡོ་རྗེ་སེམས་དཔའི་སྐུའི་གསང་བ་ནི་དེ་ཉིད་ཅེས་པའོ། །

ཤིན་ཏུ་བཟང་བ་ཉིད་བསྟན་པ།


DTG027_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཉིད་དེའི་གསང་བ་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་གཟུང་འཛིན་རྣམ་པར་རྟོག་པ་


DTG027_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་བཅིངས་པ་ཡིས། བརྟགས་པར་མི་བཅིང་བར་བྱ་སྟེ། སྐལ་བ་ཇི་ལྟར་གནས་པ་བཞིན་དུ་གཞན་རྣམས་ལ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །ཀུན་ཏུ་བཟང་པོ་ཞེས་པས་ནི་དགེ་བ་བྱང་ཆུབ་སེམས་ལ་སོགས་པ་མངོན་དུ་བྱེད་པའི་ངོ་བོ་དེ་ལས་གྱུར་པ་ཡང་ཀུན་དུ་བཟང་པོའོ། །ཀུན་གྱི་བདག་ཅེས་པ་ནི་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་སེམས་ཅན་གྱི་རྒྱུད་ཐམས་ཅད་ལ་རྗེས་སུ་རྟོག་པའོ། །བྱང་ཆུབ་སེམས་ཞེས་པ་ནི་རང་བཞིན་གྱི་སེམས་ཀྱིས་ཡང་དག་བ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ནི་བྱང་ཆུབ་པོ། །དེའི་རང་བཞིན་སེམས་དཔའ་ནི་བྱང་ཆུབ་སེམས་ཞེས་པའོ། །མཆོག་གི་མཆོག་ཅེས་པ་ནི་རབ་ཏུ་གྱུར་པའི་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་སོ། །

རྡོ་རྗེ་སྙིང་པོའི་ག༷ཙོ་བོ་ཉིད་བསྟན་པ།


DTG027_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་ནི་དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཆོག་རབ་ཏུ་གྱུར་པ་ནི་དངོས་གྲུབ་མཆོག་ཅེས་པའོ། །ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པ་ནི་ཀུན་གྱི་མཆོག་ཅེས་པའོ། །གདོད་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་བྱས་པའི་རང་བཞིན་ཉིད་ཀྱིས་དབང་ཕྱུག་ཆེན་པོ་ཞེས་པའོ། །དབང་པོ་ཉིད་དུ་གྱུར་པ་ཟིན་མ་ཐག་ཏུ་མཆོག་གི་ཕྱག་རྒྱ་ནི། དབང་ཕྱུག་ཆེ་མཆོག་ཕྱག་རྒྱ་ཡིན། །ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །དེས་ཀྱང༌། །རྡོ་རྗེ་དབང་ཆན་ཡར་འདྲེན་པས། །རྡོ་རྗེ་སྙིང་པོའི་གཙོ་བོའི་གཙོ་བོ། །ཞེས་པ་ནི་རྡོ་རྗེའི་དབང་ཆེན་ནི་རྡོ་རྗེ་དབང་ཆེན་ཞེས་པ་སྟེ། བྱང་ཆུབ་ཀྱི་མཚན་ཉིད་བྱང་ཆུབ་སེམས་ཀྱི་སྤྱོད་ཡུལ་གཙོར་གྱུར་པའོ། །དེའི་ཡང་འདྲེན་པ་ཞེས་བྱ་བ་ནི་གསང་བ་ཆེན་པོ་ལྔ་སྟེ། དེ་ཁོ་ན་ཉིད་ཅེས་པ་རྒྱུན་མི་འཆད་པའི་སྐད་ཅིག་མ་རེ་རེ་ཁོ་ན་ལས་བྱུང་བའོ། །ཡར་འདྲེན་པ་དེའི་ཕྱིར་རྡོ་རྗེ་སྙིང་པོ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དང་ལྷ་མོ་རྣམས་ཀྱི་གཙོ་བོ་ཞེས་འབྱུང་བའི་རྐྱེན་དུ་གྱུར་པའོ། །དེ་གང་ཡིན་ཞེ་ན། གསུངས་པ། གཙོ་བོ་ཞེས་པ་སྟེ་དབང་ཕྱུག་གམ་ཁྱབ་བདག་གདོད་མ་ནས་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ཉིད་དམ་པ་དང་སྐྱེས་བུའོ་ཞེས་པ་སྟེ། ཚོར་བ་ཙམ་གྱིས་གཟུགས་ཙམ་གྱི་སྐྱེས་བུ་བསྐྱེད་པའི་རྐྱེན་ཉིད་ཀྱིས་སྐྱེས་བུ་ཞེས་གསུངས་སོ། །

སེམས་དང་སེམས་དཔའ་བསྟན་པ།


DTG027_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཁོ་ནའི་ཐམས་ཅད་སེམས་ཉིད་གསུངས་པ། དེ་ལ་ཇི་ལྟར་


DTG027_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོམ་ལྡན་འདས་ཐམས་ཅད་ཀྱིས་སེམས་དཔའ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་འགྲོ་བའི་དངོས་པོ་དེ་རྣམས་ནི་ཐམས་ཅད་ཀྱི་སྒྲར་གསུངས་པ་དེ་དག་གི་སེམས་ནི་ཐམས་ཅད་སེམས་ཤེས་པ་སྟེ། ཚོར་བའི་གཟུགས་ཙམ་གྱིས་ཡོངས་སུ་གྲུབ་པའི་རང་བཞིན་ནོ། །དེ་ཁོ་ན་གསུངས་པ། བསམ་མེད་རྒྱ་ཆེ་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་བདག་བརྟན་པ་ཡིན། །ཞེས་པ་དང་འབྲེལ་ཏོ། །དེ་ལ་རྣལ་འབྱོར་ཐམས་ཅད་ཀྱི་བསམ་པ་ནི་མི་ནུས་པ་སྤྱོད་ཡུལ་ཉིད་དུ་མ་གྱུར་པ་ནི་བསམ་མེད་ཅེས་པའོ། །ཀུན་དུ་ཁྱབ་པ་ནི་རྒྱ་ཆེ་ཞེས་པའོ། །རྒྱ་མཚོ་ཆེན་པོ་བཞི་གཏིང་ཐུག་པར་མི་ནུས་པའི་སེམས་ནི་ཟབ་ཅེས་པའོ། །དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་སྐྱེད་པའི་རྐྱེན་ཉིད་ཀྱིས་རྟག་པར་གནས་པ་ནི། དངོས་གྲུབ་ཐམས་ཅད་ཟད་མེད་བདེ། །ཞེས་པའོ། །དེ་ཉིད་ཀུན་ཁྱབ་དྲི་མ་མེད། །ཅེས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ངོ་བོས་སེམས་ཀྱི་རྒྱུད་ཐམས་ཅད་རྗེས་སུ་རྟོགས་པ་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་མེད་བའོ། །

ཏིང་ངེ་འཛིན་བསྟན་པ།


DTG027_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་གང་ཡིན་ཞེ་ན་གསུངས་པ། བྱང་ཆུབ་སེམས་བདག་བརྟན་པ་ཡིན། །ཞེས་པའོ། །རྣལ་འབྱོར་པས་ཀྱང་ཇི་ལྟར་མངོན་དུ་བྱ་བ་ཡིན་ཞེ་ན། དེ་མངོན་དུ་བྱ་བའི་ཐབས་གསུངས་པ། སེམས་བརྟན་པའི་བྱང་ཆུབ་སེམས་དཔའ་ཡིས། །གང་དེ་སེམས་ཅན་ཐམས་ཅད་ཀྱི་ཁམས་གསུམ་དུ་རྣམ་པར་རྟོག་པས་མི་བརྟན་པའི་སེམས་དེ་ནི། ཇི་ལྟར་གསུངས་པའི་རྣམ་པར་རྟོག་པ་མེད་པ་ནི་སེམས་བརྟན་པའི་ཞེས་པའོ། །དེའི་ངོ་བོ་སེམས་བརྟན་པ་ཉིད་ཀྱིས་ནི་འདི་ནི་སེམས་དཔས་གསུངས་པའོ། །ཏིང་འཛིན་སེམས་བསྒོམ་པའི་ཞེས་པ་ནི་ཆོས་བདག་མེད་པའི་ཚུལ་གྱིས་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཞེས་པའོ། །ཆོས་བདག་མེད་པར་བསྒོམ་པ་ནི་སེམས་དཔའ་བསྒོམ་པའོ། །དེ་བས་ན་ཇི་ལྟར་གསུངས་པའི་སེམས་ནི་ཏིང་ངེ་འཛིན་ཞེས་པ་ནི་ཐ་ཚིག་གོ །

རྡོ་རྗེ་དང་རྡོ་རྗེ་འཛིན་པ་བསྟན་པ།


DTG027_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་ཤེས་ལས་སེམས་རྡོ་རྗེ་ཉིད། །ཅེས་པ་ནི་རྣམ་པར་ཤེས་པས་ནི་རྣམ་ཤེས་ཞེས་པ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་ཚུལ་ལ་སོགས་པ་རྣམ་པར་ཤེས་པའོ། །རྣམ་ཤེས་རྒྱུད་ལས་ཇི་ལྟར་གསུངས་པའི་སེམས་དེ་ནི། སེམས་རྡོ་རྗེ་ཉིད་ཅེས་པ་སྟེ། ཟླ་བ་དང་རྡོ་རྗེར་གྱུར་པའོ། །རྡོ་རྗེ་རྡོ་རྗེ་འཛིན་པ་འབྱུང༌། །ཞེས་པ་ནི་གོང་


DTG027_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་གསུངས་པའི་རྡོ་རྗེ་ལས་སེམས་བྱིན་གྱིས་རློབ་པའི་སྦྱོར་བ་ཡིས་རྡོ་རྗེ་འཛིན་པ་དང༌། རྡོ་རྗེ་སེམས་དཔའ་སྒྲུབ་པ་པོའི་རྒྱུད་ལས་འབྱུང་བར་འགྱུར་བའོ། །འདི་ལྟར་གསུང་བར་འགྱུར་ཏེ། ཇི་ལྟར་གསུངས་པའི་ཚུལ་གྱིས་དམ་ཚིག་རྡོ་རྗེ་ཁུ་ཚུར་བཅངས་པའི་མཐར་ཐུག་པའི་ཆོ་ག་བརྩམས་ནས། རང་གི་སྙིང་གའི་རྡོ་རྗེའི་དབུས་སུ་ཡིད་ཀྱིས་ཡི་གེ་ཧཱུཾ་བྲིས་ཏེ། དེ་ཉིད་ཡིད་ཀྱིས་བརྗོད་དེ། ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་ལ་རང་གི་སེམས་བསྒོམ་སྟེ། དེའི་སྟེང་ན་ཟླ་བའི་དཀྱིལ་འཁོར་གཉིས་པ། དང། ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཡང་རྡོ་རྗེར་བྱས་ནས་རྡོ་རྗེའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ནས་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བ་ཡིས། ཟླ་བ་དང་རྡོ་རྗེ་ལས་བསྐྱེད་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་གཉིད་བསམས་ནས་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །ཟླ་བ་འདྲ་བར་དག་པའི་བློ། །རྡོ་རྗེ་ཞེས་སུ་མངོན་པར་བཤད། །ཅེས་པ་ནི་གཟུང་བ་དང་འཛིན་པའི་གཟུང་བའི་དྲེགས་པ་མེད་པའི་ཤེས་རབ་ནི་རྡོ་རྗེར་གསུངས་ཏེ། རྣམ་པར་རྟོག་པ་ཐམས་ཅད་མི་འབྱེད་པ་ཉིད་ཀྱི་ཕྱིར་རོ། །

རྡོ་རྗེ་འཛིན་པ་ཆེན་པོ་བསྟན་པ།


DTG027_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་ལ་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ཞེ་ན་ཞེས་པ་ནི་བྱང་ཆུབ་སེམས་ལ་སོགས་པའི་རང་བཞིན་གཉིས་སུ་མེད་པ། སེམས་དང་སེམས་ལས་བྱུང་བ་དེ་བཞིན་ཉིད་དེ་ལས་རྡོ་རྗེ་ཆེན་པོ་འཛིན་པས་ན་རྡོ་རྗེ་འཛིན་ཆེན་པོའི་སྒྲར་གསུངས་སོ། །དེ་ཁོ་ནའི་དོན་གསུངས་པ། ཏིང་འཛིན་ལ་སོགས་རྣམ་བཞི་ཡིས། །གང་གི་བསྐྱེད་པ་ཡོད་པ་ནི། །ཞེས་པ་ནི་ཆོས་ཐམས་ཅད་རང་བཞིན་དག་པ་ཡིས། དཔྱད་པ་ལས་བྱུང་པའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཞེས་པ་ནི་སེམས་པའི་རྡོ་རྗེའི་ཚུལ་ལོ། །དེ་ལ་སོགས་པའི་སྒྲ་ནི་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པ་ལས་བྱུང་བ། ཟླ་བའི་དཀྱིལ་འཁོར་གྱི་ཚུལ་གཏན་ལ་དབབ་པ་སྟེ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་གཏན་ལ་དབབ་པ་དང༌། རྡོ་རྗེའི་ང་རྒྱལ་བསྒོམ་པ་དག་གཟུང་བར་བྱའོ། །དེ་ནས་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་ཡིས། སེམས་དཔའི་རྡོ་རྗེ་རྡོ་རྗེ་


DTG027_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའི་བདག་ཉིད་གཏན་ལ་དབབ་སྟེ། མ་ཧཱ་ས་མ་ཡ་སཏྭ་ཨ་ཧཾ། ཞེས་སོགས་པའི་དོན་བསྒོམ་པ་ཡིས། དེ་བཞིན་ཉིད་མངོན་དུ་བྱེད་པ་ནི་བསྐྱེད་པ་ཡོད་པ་ནི་ཞེས་པའོ། །འོ་ན་ཅིའི་ཕྱིར་ཞེ་ན། བསྒོམ་པ་དེ་ཡིས་གང་བསྐྱེད་པ། །རྡོ་རྗེ་འཛིན་ཉིད་ཆེན་པོ་ཡིན། །ཞེས་གསུངས་པ། བསྒོམ་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། འགྲུབ་པར་འགྱུར་ཞེས་བ་དང་འབྲེལ་ཏོ། །ཅིའི་ཕྱིར་དམ་ཚིག་སེམས་དཔའ་ཆེན་པོ་བདག་ཅེས་སྔགས་དོན་བསྒོམས་པ་དེ་ཡིས་ཐམས་ཅད་ཁོ་ན་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་དུ་སྐུ་དང་གསུང་དང༌། ཐུགས་ཀྱི་རྡོ་རྗེ་གཟུགས་བརྙན་འདྲ་བར་མཉམ་པར་གདོད་མ་ནས་སྐྱེས་པ་བདག་ཡིན་ནོ་ཞེས་བསྒོམ་པའི་རྣལ་འབྱོར་པས། དེ་བཞིན་ཉིད་མངོན་དུ་བྱེད་པ་ཡིས་ཚེ་འདི་ཁོ་ན་ཉིད་དུ་འགྲུབ་པར་འགྱུར་ཞེས་པའོ། །དེའི་ཕྱིར་འདི་ཁོ་ན་བསྒོམ་པ་དང་སྒྲུབ་པ་ངེས་པར་བྱ་བའི་དོན་གསུངས་པ། སེམས་དཔའ་བྱིན་གྱིས་བརླབ་ཕྱིར་ཀྱང༌། །ཞེས་པ་སྟེ། སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་ནི་བཤད་ཟིན་ཏོ། །ཡང་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏེ། སེམས་དཔའ་བྱིན་གྱིས་བརླབས་པ་ཁོ་ནས་འགྲུབ་པོ་ཞེས་པའི་དོན་ཏོ། །རང་བྱིན་གྱིས་བརླབ་པ་འདིར་འགྲུབ་པ་སྟེ། ཞེས་པ་ནི་རང་བྱིན་བརླབ་པ་ནི་སེམས་དཔའ་དང་རྡོ་རྗེ་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའ་བདག་ཉིད་བསྐྱེད་པའོ། །དེ་ཉིད་སྒྲུབ་པའི་མཆོག་ཅེས་ཏེ། མཆོག་ཏུ་གྱུར་པའི་དཔལ་རྡོ་རྗེ་སེམས་དཔའ་དེ་བསྐྱེད་པར་བྱ་བའི་ཕྱིར་རོ། །ཇི་ལྟར་དེ་འགྲུབ་པའི་མཆོག་ཡིན་ཞེ་ན་གསུངས་པ། དེ་ཉིད་ཉིན་རེ་ལ་ཞེས་པ་ལ་སོགས་པ་སྟེ། ཐོབ་པའི་ཞེས་པ་དང་འབྲེལ་ཏོ། །དེ་འདིས་ཞེས་པ་ནི་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བས་ཤེས་པའོ། །ཉིན་རེ་ཞེས་པ་ནི་ཉི་མ་རེ་རེའོ། །སྔ་དྲོ་ཕྱི་དྲོ་ལེ་ལོ་འགྲུབ་པ་ནི་བདག་བསྐྱེད་པ་ལ་བྱའོ། །རྡོ་རྗེ་སེམས་དཔའ་ཉིད་འཐོབ་པོ། །ཞེས་པ་ནི་ཤེས་སླའོ། །

བྱང་ཆུབ་སྤྱོད་པ་བསྟན་པ།


DTG027_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་ལ་ཇི་ལྟར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་སྤྱོད་པ་ཡིན་ཞེ་ན། གསུངས་པ་ནི་ཇི་ལྟར་གསུངས་པའི་མདུན་དུ། བཟང་པོ་དེ་ཡིས་ཕུན་སུམ་གྱི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པའོ། །དེ་ཁོ་ནའི་དོན་གསུངས་པ། སྙིང་སྟོབས་རྡུལ་ཞེས་པ་སྟེ།


DTG027_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་ཡང་བར་སྟོན་པའི་གཟུགས་ནི་སྙིང་སྟོབས་ཞེས་པའོ། །རྡུལ་ཞེས་པ་ནི་འདོད་ཆགས་སོ། །མུན་པ་ཡང་ཞེས་པ་ནི་མ་རིག་པའི་མུན་པའོ། །ཚིག་གསུམ་ཁོ་ནས་སྟོབས་ཀྱི་ལྷ་དང༌། རབ་ཏུ་འདོད་དང་གནས་པའི་མཐའ་དང༌། དབང་ཕྱུག་ཆེན་པོ་དང༌། ཚངས་པ་དང༌། ཁྱབ་འཇུག་རྣམས་དང་གསང་བའི་གཟུགས་རྣམས་གསུངས་པའོ། །ཅིའི་ཕྱིར་སེམས་ཅན་དོན་ཞེས་པ་ལ་སོགས་པ་ནི་ཤེས་སླའོ། །ཇི་བཞིན་བྱང་སེམས་སྤྱོད་ཅེས་འགྲོ། །ཞེས་བ་ནི་གདུལ་བའི་སྐྱེ་བོ་རྣམས་བྱང་ཆུབ་བར་བྱ་བའི་དོན་དུ་སྤྱོད་པ་ནི་བྱང་ཆུབ་སྤྱོད་ཅེས་པ་ནི། དེས་ཕུན་སུམ་སྤྲུལ་པའི་གཟུགས་ཀྱིས། གང་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཆོས་བཞིའོ། །བྱང་ཆུབ་ཀྱི་རྗེས་སུ་འགྲོ་བ་ནི་རྗེས་སུ་འགྲོ་ཞེས་པའོ། །

བདུད་དང་བདུད་ལས་རྒྱལ་བ་བསྟན་པ།


DTG027_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་ལས་ཇི་ལྟར་བཅོམ་ལྡན་འདས་བདུད་དང་བདུད་ལས་རྒྱལ་བ་ཡིན་ཞེ་ན། དེ་ལ་སེམས་དེ་ཁོ་ན་བདུད་ཉིད་དེ་ཞེས་བ་ནི་བདུད་ཀྱི་རྣམ་པར་འགྱུར་བའི་སེམས་ནི་བདུད་དོ། །དེའི་ངོ་བོ་ཉིད་ནི་བདུད་ཉིད་ཅེས་པ་སྟེ། རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་བགེགས་རྣམས་དེ་སྔོན་དུ་སེར་སྣ་བསྐྱེད་པའི་ཕྱིར་གསུངས་པའི་ཕྱིར་རོ། །སེམས་དེ་ཁོ་ན་དེ་བཞིན་གཤེགས། །ཞེས་པ་ནི་དེ་བཞིན་གཤེགས་པའི་གཏན་ལ་ཕབ་པར་འགྱུར་བའི་སེམས་ནི་དེ་བཞིན་གཤེགས་པ་ཞེས་པའོ། །དེ་ཉིད་དེ་བཞིན་གཤེགས་པའི་རྐྱེན་གཏན་ལ་ཕབ་པ། བདུད་ཀྱི་རྣམ་པར་རྟོག་པ་མེད་པ། བདུད་སྣང་བ་མེད་པའི་ཕྱིར་བདུད་ལས་རྒྱལ་བ་ཞེས་པའོ། །བྱང་ཆུབ་སེམས་དཔའི་སྙིང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་བརྟན་པ་ལ་བསྐྱེད་པར་བྱ་བའི་དོན་དུ། ལྷའི་བུའི་གཟུགས་ཀྱིས་བརྩེ་བར་བྱེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ནི་བདུད་ཅེས་པའོ། །དེ་ལྟར་གསུངས་པ་ཇི་ལྟར་འདོད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ལྷའི་བུའི་གཟུགས་ཀྱིས། བྱང་ཆུབ་སྙིང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བརྩེ་ནས། དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔས། བྱང་ཆུབ་སེམས་དཔའ་ལ་ཤིན་ཏུ་བརྟན་པའི་སེམས་ཉེ་བར་སྐྱེད་པར་བྱེད་དོ་ཞེས་པའོ། །དེའི་ཕྱིར་གསུངས་པ། རང་སེམས་གདུལ་བའི་དོན་དུ་ནི། །བདག་ནི་བདུད་ཉིད་ཉེ་བར་འགྲོ། །ཞེས་པ་སྟེ། མགོ་རྩོམ་པའི་


DTG027_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་བ་རྣམས་ཀྱིས་གང་སེམས་དང་གང་དཔལ་རྡོ་རྗེ་སེམས་དཔའ་ལྷའི་བུའི་བདུད་དུ་གནས་པ་དེ་དང་དེ་ནི། སྒྲུབ་པ་པོ་སེམས་དང་ཆོས་ཉིད་དུ་ལྷན་ཅིག་དབྱེར་མེད་པར་རང་གི་སེམས་ཤེས་པར་བྱ་སྟེ། དེ་ལ་འདུལ་བ་དང་བསྟན་པར་བྱ་བའི་ཕྱིར་དང༌། དེའི་དོན་དུ་བདག་ནི་བདུད་ཉེ་བར་འགྲོ་ཞེས་པའོ། །

བྱང་ཆུབ་སངས་རྒྱས་ཉིད་བསྟན་པ།


DTG027_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པ་དང་སངས་རྒྱས་ཡིན་ཞེ་ན་ཞེས་པ་ནི། དེ་ལ་རང་སེམས་སོ་སོར་རིག་པ་ནི་ཞེས་པ་ནི། ཙི་ཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཞེས་དང་པོ་ནས་བཟུང་ནས། ཇི་སྙེད་དུ་ཨོཾ་བཛྲ་ཨཱཏྨ་ཀོཉ་ཧཾ། ཞེས་པའི་བར་དུ་བསྒོམས་པ་ནི། རང་སེམས་སོ་སོར་རྟོག་པ་ནི་ཞེས་པའི་སྒྲ་ནི་ཅིའི་ཕྱིར་གྱི་དོན་ཏོ། །བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད། །ཅེས་པ་ནི་ཅིའི་ཕྱིར་ཇི་ལྟར་གསུངས་པའི་རང་སེམས་སོ་སོར་རྟོག་པའི་ཕྱིར། བྱང་ཆུབ་སེམས་མཆོག་རབ་རྡོ་རྗེ་ཉིད་དུ་གྱུར་པ་དེའི་ཕྱིར་དེ་ཉིད་མངོན་པར་བྱང་ཆུབ་པའོ། །དེ་ཁོ་ན་བཤད་པ་དེ་ཉིད་དེ་ལས་ཤེས་པ་སྟེ། རང་གི་སེམས་སོ་སོར་རྟོག་པ་དེ་ཡིས་བྱང་ཆུབ་སེམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དེ་ཁོ་ན་ཉིད་ཅེས་པའི་དོན་ཏོ། །དེས་སངས་རྒྱས་ཏེ། རང་བྱ་ནི་བརླབ་མཆོག་འགྲུབ་ཕྱིར་རོ། །ཞེས་བ་ནི་དེ་ལ་དེས་ཞེས་པ་ནི་རྗེས་སྙེགས་པའོ། །སེམས་དཔའི་རྡོ་རྗེར་གྱུར་པ་ནི་སེམས་དེ་ཡིས་སངས་རྒྱས་པའི་ངོ་བོ་ནི་དེས་སངས་རྒྱས་ཞེས་པའོ། །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་སྟ་ཐ་ཧཾ། ཞེས་སྔགས་ཀྱི་དོན་བསྒོམ་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་སུ་བདག་འགྱུར་བའི་རང་བྱིན་བརླབ་མཆོག་འགྲུབ་པའི་ཕྱིར་རོ་ཞེས་པའོ། །འགྲུབ་པ་དེ་ལས་དེས་སངས་རྒྱས་ཞེས་པའི་ཐ་ཚིག་གོ །

རྡོ་རྗེ་གཏུམ་པོ་མཐར་བྱེད་དང་ཕྱག་ན་རྡོ་རྗེ་བསྟན་པ།


DTG027_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཞེས་པ་ལ་སོགས་པས་ནི། དེ་དབྱེར་མེད་ཅེས་པས་ནི་སེམས་ཅན་དེས་སེམས་མ་ཡིན་པ་ཐམས་ཅད་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་འཇོམས་པའོ། །སོ་སོར་རྟོག་པ་དང་ཞེས་རྒྱུ་མེད་པའི་ཆོས་ཐམས་ཅད་ཅེས་གཏན་ལ་ཕབ་པའོ། །སྡང་བ་ཐམས་ཅད་ངེས་པར་གནོན་པ་ཞེས་པ་ནི་འདོད་ཆགས་ལ་སོགས་བ་ཉོན་མོངས་པ་ནི་དྲག་པོ་ལ་སོགས་བ་སེམས་ཅན་འཇོམས་པ་ལ་གནས་པ་ངག་


DTG027_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་སྡང་བ་ཐམས་ཅད་ཅེས་པའོ། །དེ་དག་ངེས་པར་གནོན་ཞེས་པ་ནི་འདོད་ཆགས་ལ་སོགས་པ་བག་ཆགས་ཀྱི་ཉོན་མོངས་པ་སྤང་པ་དང༌། དྲག་པོ་ལ་སོགས་པའི་འོག་མར་ལྟུང་བར་བྱས་ཏེ། བྱང་ཆུབ་ཆེན་པོའི་སེམས་ཀྱི་རྐང་པས་གནོན་པའོ། །སངས་རྒྱས་ཀུན་དངོས་རྡོ་རྗེ་ནི། །བྱང་ཆུབ་སེམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སངས་རྒྱས་ཐམས་ཅད་གཅིག་པར་འདུས་པའི་ཡེ་ཤེས་ནི་སངས་རྒྱས་ཀུན་ཞེས་པའོ། །དེའི་དངོས་དེའི་རྒྱུ་ཅ་ན་རྩེ་ལྔ་པ་ནི་རྡོ་རྗེ་ནི་ཞེས་པའོ། །དེ་གང་ཡིན་ཞེ་ན་གསུངས་པ། བྱང་ཆུབ་སེམས་བདག་བརྟན་པ་ཡིན། །ཞེས་པ་སྟེ། བདག་ཁོ་ན་རྣམ་པར་རྟོག་པ་ཐམས་ཅད་མེད་པས་བྱང་ཆུབ་སེམས་དབྱེར་མེད་པའོ་དེ་རྣམ་པར་འཇུག་པ་ཡིས་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དངོས་རྡོ་རྗེ་རྩེ་ལྔ་པའི་གཟུགས་སོ། །བསྟན་པ་ཐམས་ཅད་གྲུབ་དོན་དུ། །ཞེས་པ་ལ་སོགས་པ་ནི་ཇི་ལྟར་གསུངས་པའི་རྡོ་རྗེ་ཁོ་ན། དེ་བཞིན་གཤེགས་པ་བདག་གིས་ཀུན་ཏུ་བཟང་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སྤྲུལ་པར་བྱས་ཏེ། ཀུན་ཏུ་བཟང་པོ་དེ་ལ་ཇི་ལྟར་གསུངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་འཁོར་ལོས་སྒྱུར་བ་ཉིད་དབང་བསྐུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་འགྲུབ་པའི་དོན་དུ་ཕྱག་ལ་བྱིན་པས་ནི། དེའི་ཚེ་དེ་ནས་ཕྱག་ན་རྡོ་རྗེ་ཞེས་བཏགས་སོ། །རྡོ་རྗེས་ཉེ་བར་བཏགས་པའི་ཕྱག་དང་ལྡན་པ་དེ་ལ་ཕྱག་ན་རྡོ་རྗེ་གསུངས་སོ། །

དང་པོའི་རིགས་བསྐྱེད་པ་བསྟན་པ།


DTG027_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་བཅོམ་ལྡན་འདས་དང་པོའི་རིགས་འབྱུང་བ་ཡིན་ཞེ་ན་ཞེས་པའི་ལན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །འདུལ་ཕྱིར་རྡོ་རྗེ་སེམས་དཔའ་ནི། །ཞེས་པ་ལ་སོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཁོ་ན་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཕར་ཡོངས་སུ་བཏགས་པ་བྱང་ཆུབ་ཀྱི་སེམས་སེམས་ཅན་གྱི་ཁམས་འདུལ་བའི་ཕྱིར་ན་བརྩམས་པའོ། །སྐྱེ་བདག་ནི་རིགས་ཡིན་ནོ། །ཞེས་པ་ནི་དེ་བཞིན་གཤེགས་པ་ལས་བྱུང་བ། རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །གཟུགས་རྣམས་ཀྱང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་རྣམས་ནི་


DTG027_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་བཞིན་གཤེགས་པའི་རིགས་དག་གོ །དེ་ལྟར་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་གཟུགས་རྣམས་ནི་དེ་བཞིན་གཤེགས་པའི་རིགས་སོ། །དེ་ལྟར་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་མཛས་ལ་སོགས་པའི་གཟུགས་རྣམས་ཀྱང་རྡོ་རྗེ་ལ་སོགས་པའི་རིགས་བདག་ཞེས་པར་བྱའོ། །

འདོད་པའི་ཐར་པ་བསྟན་པ།


DTG027_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་འདོད་པའི་སྒྲའི་དོན་དང༌། ཐར་པའི་སྒྲའི་དོན་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་འདོད་པའི་ཐར་པ་ཡིན་ཞེས་ན་ཞེས་པ་ལ་སོགས་པ་མངོན་དུ་བྱས་ནས་ལན་བཏབ་པ། དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར། །ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཅེས་པ་སྟེ། དེ་དག་གི་རྗེས་སུ་ཆགས་པའི་ཕྱིར་ཞེས་པ་ནི་མགོ་བརྩམས་པའི་རྣལ་འབྱོར་པས་ཡང་ནས་ཡང་དུ་མངོན་དུ་བྱེད་པའོ། །དེའི་ཕྱིར་ན་དངོས་གྲུབ་ཀྱི་རྗེས་སུ་ཆགས་པས་བཅོམ་ལྡན་འདས་འདོད་ཆགས་ཞེས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་པ་ལ་མངོན་དུ་བྱས་ནས་འདོད་པའི་ཕྱིར་ཏེ་གསུངས་པས། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །ཞེས་པ་སྟེ་མི་དམིགས་པའི་སྙིང་རྗེ་ཆེན་པོའི་མཚན་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོ་ཅིའི་ཕྱིར་ཀུན་དུ་རྟོག་པ་དེའི་ཕྱིར་འདོད་ཆགས་ཆེན་པོ་ཞེས་བྱའོ། །ཀུན་འགྲུབ་ཟད་མེད་བདེ་བ་ནི། །བདེ་བ་ཆེན་པོ་ཞེས་འདོད་དོ། །ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའི་དངོས་གྲུབ་རྣམས་ནི་ཀུན་འགྲུབ་ཅེས་པའོ། །དེ་ཡིས་བསྟན་པ་ནི་ཟད་མེད་ཅེས་པའོ། །གང་བདེ་པ་ཉེ་བར་སྐྱེ་བ་ནི་གཟུང་འཛིན་རྣམ་པར་རྟོག་པ་མེད་པའི་འབྲེལ་པ་ནི་དེ་ནི་ཐར་པ་ཞེས་གསུངས་སོ། །གསང་ཆེན་ཞེས་པ་ལ་སོགས་པ་ནི་སྒྲའི་དོན་གསུངས་པ། གསང་བ་ཁྲག་འཐུང་ཞེས་སོགས་པ་སྟེ། དཔལ་ཁྲག་འཐུང་ནི་གསང་བ་ཆེན་པོའི་སྒྲར་གསུངས་སོ། །ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ། ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཕྱིར། །ཞེས་པ་སྟེ། ཆེན་པོ་ཡང་དེ་ཕྱག་རྒྱ་ཡང་དེ་ཉིད་པས་ཕྱག་རྒྱ་ཆེན་པོ་ཞེས་ཏེ། མི་བསྐྱོད་པའི་སེམས་ཀྱི་རང་བཞིན་བྱང་ཆུབ་ཀྱི་མཚན་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེས་འགྲུབ་པའི་ཕྱིར་ཞེས་པ་སྟེ། སྙིང་རྗེ་ཆེན་


DTG027_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་ཁྲོ་བོས་བཟང་པོ་ལ་སོགས་པའི་ཁྲོ་བོར་གཞོམ་པས་སོ། །མཆོག་ནི་པདྨ་འཛིན་རྒྱལ་པོ། །ཞེས་པའོ། །ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ། དམ་ཚིག་དམ་པ་ཤེས་ལྡན་ཕྱིར། །ཞེས་པ་སྟེ། དམ་ཚིག་ཅེས་པ་ནི་མི་འདའ་བའོ། །དམ་པ་ཡང་དེ་ཤེས་པ་ཡང་དེ་ཉིད་པས་དམ་པ་ཤེས་པའོ། །ཆོས་ཐམས་ཅད་རང་བཞིན་དག་གོ་ཞེས་གཏན་ལ་ཕབ་པའོ། །དེ་དང་གང་དག་ལྡན་པ་དེ་དག་ནི་དམ་པ་ཤེས་ལྡན་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་སོ། །འདི་ལྟར་གསུང་བར་འགྱུར་ཏེ། ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་པདྨ་འཛིན་འདར་མེད་པ་དེའི་ཕྱིར་དམ་ཚིག་དམ་པ་ཞེས་བྱའོ། །དགྱེས་པ་དམ་པ་ཉི་མ་སྟེ། །ཞེས་པ་ནི་དགྱེས་པ་དམ་པ་ཤེས་རབ་སྟེ། འཇིག་རྟེན་ལས་འདས་པའི་ཉི་མ་ཞེས་སོ། །དེ་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །སྦྱིན་པ་ལ་སོགས་མཆོག་གྲུབ་ཕྱིར། །ཞེས་པ་ནི་རྫས་ལ་སོགས་པའི་གཏོར་མ་ནི་སྦྱིན་བ་ཞེས་ཏེ། ཟང་ཟིང་གི་སྦྱིན་པ་དང༌། སྐྱབས་ཀྱི་སྦྱིན་པ་དང༌། བྱམས་པའི་སྦྱིན་པ་དང༌། དབང་བསྐུར་བའི་སྦྱིན་པ་ཞེས་པའོ། །སོགས་པ་ཞེས་པའི་སྒྲ་ནི་བྱང་ཆུབ་སེམས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། འདུ་བའི་ཡེ་ཤེས་ཐམས་ཅད་གསུང་བའོ། །སྦྱིན་པ་ལ་སོགས་པའི་ཆོས་དེ་དག་འདུལ་བའི་སེམས་ཅན་གྱི་རྒྱུད་ལ། བསྐྱེད་པར་བྱ་བའི་མཆོག་འགྲུབ་ཕྱིར། །ཞེས་པའོ། །བསྒྲུབ་པ་དེའི་ཕྱིར་ན་ཡིད་བཞིན་ནོར་བུ་འདྲ་བ་སྟེ། དགའ་བ་རྡོ་རྗེ་ཉི་མ་ཡིན་ནོ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པ་ནི་བྱང་ཆུབ་སེམས་ལ་སོགས་པའི་སྒྲུབ་པ་དང་ལྡན་པ་ནི་ཐམས་ཅད་བདག་ཉིད་ཅེས་པའོ། །བདག་ཉིད་དེ་ལ་རྟག་པར་དུས་ཐམས་ཅད་གནས་པ་ནི་དཔལ་རྟ་མཆོག་གོ །ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ། རྡོ་རྗེ་རྟ་མཆོག་ལས་ཉིད་ཕྱིར། །ཞེས་པ་སྟེ། བརྩོན་འགྲུས་ཀྱི་ཁ་ལོ་བསྒྱུར་བའི་ལས་རང་གི་རང་བཞིན་ཉིད་ཀྱི་ཕྱིར་དཔལ་རྟ་མཆོག་ཅེས་སོ། །སངས་རྒྱས་ཀུན་དངོས་སེམས་དཔའ་སྟེ། ཞེས་པ་ནི་མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་པར་གྲུབ་པ་རྣམས་ནི་སངས་རྒྱས་ཀུན་ཞེས་སོ། །དེའི་རང་བཞིན་ནི་དངོས་སེམས་


DTG027_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་སྟེ་ཞེས་པ་ནི་དཔལ་རྣམ་པར་སྣང་མཛད་དེ། སངས་རྒྱས་ཐམས་ཅད་རོ་གཅིག་ཏུ་འདུས་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་བཤད་པ། རྫོགས་སངས་རྒྱས་ཕྱིར་རྣམ་སྣང་མཛད། །ཅེས་སོ། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །ཡེ་ཤེས་རྡོ་རྗེ་འཛིན་མཆོག་ཕྱིར། །ཞེས་བྱ་བ་ལ། དེ་ལ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་སེམས་དཔའ་བྱིན་གྱི་རླབས་ཀྱི་སྦྱོར་བ་ལས་བསྐྱེད་པ། རྡོ་རྗེ་དྲིལ་བུ་འཛིན་པ། དཔལ་བདེ་མཆོག་མ་ལ་སོགས་པའི་ཚོགས་ཀྱི་དབུས་ན་བཞུགས་པའོ། །རྒྱལ་པོ་ཞེས་པ་ནི་དཔལ་བདེ་མཆོག་མ་ལ་སོག་སྤའི་ལྷ་མོའི་དབུས་ན་བཞུགས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེ་སེམས་དཔའི་གཟུགས་དེ་ལ་ཀུན་ཏུ་འགྲོ་བ་རྒྱལ་ཞིང་སྣང་བ་ནི་རྒྱལ་ཆེན་པོའོ། །ཡེ་ཤེས་རྡོ་རྗེ་འཛིན་མཆོག་ཕྱིར། །ཞེས་པ་ནི་གསང་བ་ཆེན་པོ་ལྔའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྟོན་པར་བྱེད་པ་དེས་ཐོབ་པ་དེ་ལས་བྱུང་བའི་རྩེ་ལྔ་པའི་དང་པོའི་རྡོ་རྗེ་ནི་ཡེ་ཤེས་རྡོ་རྗེ་ཞེས་པའོ། །རྡོ་རྗེ་དེ་ཤིན་ཏུ་སྦྱོར་བའི་ཕྱག་གིས་འཛིན་པས་ན། ཡེ་ཤེས་རྡོ་རྗེ་འཛིན་མཆོག་ཅེས་སོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་ཁོ་ནའོ། །དེས་ནི་འདི་གསུང་པར་འགྱུར་ཏེ། དཔལ་ཁྲག་འཐུང་དང༌། གར་གྱི་དབང་ཕྱུག་དང༌། ཉི་མ་དང༌། རྟ་མཆོག་དང༌། དཔལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་བདག་ཉིད་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། ཡེ་ཤེས་ཐམས་ཅད་འདུས་པའི་ངོ་བོར་བཤད་པའོ། །

རྣམ་པ་གསུམ་བསྟན་པ།


DTG027_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རྣམ་པ་གསུམ་གྱི་སྒྲའི་དོན་བཤད་པ། དེ་ལྟ་ཇི་ལྟར་བཅོམ་ལྡན་འདས། །རྣམ་པ་གསུམ་ཡིན་ཞེས་པ་སོགས་པ་སྟེ། དེ་ལ། འཇིག་རྟེན་གསུམ་དག་མཐའ་ཡས་ཕྱིར། །ཞེས་པ་ནི་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའོ། །འཇིག་རྟེན་གསུམ་ཞེས་པ་ནི་སྣོད་བཅུད་ཀྱི་རང་བཞིན་ནོ། །ཅིའི་ཕྱིར་ཁམས་གསུམ་ཉིད་ཡིན་ཞེ་ན། མཐའ་ཡས་ཕྱིར་ཞེས་པ་སྟེ། འཇིག་རྟེན་གསུམ་གྱི་ཆོས་ཉིད་གང་ཡིན་པ་དེ་ནི་གདོད་མ་དང་ཐ་མ་མེད་པའི་མཐའ་མེད་པ་དང་བདག་ཀྱང་གདོད་མ་དང་ཐ་མ་མེད་པའི་མཐའ་མེད་པའི་རང་བཞིན་ཉིད་པས་ལྷན་ཅིག་དབྱེར་མེད་པ་མཉམ་པ་ཉིད་བསམ་པ་དབང་དུ་བྱས་ནས་གསུངས་ཏེ། འཇིག་རྟེན་གསུམ་བདག་མཐའ་ཡས་ཕྱིར། །ཞེས་པའོ། །དེས་ལྟར་འཇིག་རྟེན་གསུམ་གྱི་ངོ་བོས་རྣམ་པ་གསུམ་བསྟན་ནས་ད་ནི་སྲིད་པའི་ངོ་བོར་གསུངས་པ།


DTG027_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདུལ་ཕྱིར་སྲིད་གསུམ་མཆོག་གསུམ་བདག །ཅེས་པ་སྟེ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་གསུམ་ནི་སྲིད་པ་གསུམ་ཞེས་པའོ། །ཅིའི་ཕྱིར་ན་ཁྱོད་སྲིད་པ་གསུམ་ཡིན་ཞེ་ན་གསུངས་པ། འདུལ་བའི་དོན་དུ་ཞེས་པ་སྟེ། ཁམས་གསུམ་དུ་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་སེམས་ཅན་གྱི་ཁམས་འདུལ་བའི་དོན་དུ་དེའི་གཟུགས་སུ་སྤྲུལ་པའི་ཕྱིར་ཞེས་པའི་དོན་ཏོ། །རྡོ་རྗེ་འཛིན་དང་འཇིག་རྟེན་དབང་ཕྱུག་དང༌། ནམ་མཁའི་སྙིང་པོའི་གཟུགས་སུ་སྣང་བས། དཀོན་མཆོག་གསུམ་ཞེས་པའོ། །སྟོབས་བཟངས་དང༌། འདོད་པའི་ལྷ་དང༌། གནས་ཀྱི་མངའ་བདག་གི་གཟུགས་སུ་སྣང་བས་མཆོག་གསུམ་མོ། །འཇིག་རྟེན་གསུམ་ཞེས་པ་ནི་ས་འོག་གི་འཇིག་རྟེན་དང་ས་སྟེང་གི་འཇིག་རྟེན་དང༌། ས་བླའི་འཇིག་རྟེན་ནི་གསུམ་ཞེས་པའོ། །དེའི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ན། བཅོམ་ལྡན་འདས་ཐམས་ཅད་དུ་འཇིག་རྟེན་གསུམ་ཞེས་པའོ། །ཁམས་གསུམ་ཡིན་ཞེས་པ་ནི། སེམས་ཅན་ཐམས་ཅད་ཉིད་ལ་སོགས་པ་དང༌། རྗེས་སུ་གནས་པའི་གཡོ་བ་དང༌། མི་གཡོ་བའི་དངོས་པོའི་བདག་ཉིད་ཀྱིས་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་རང་བཞིན་གྱིས་བདག་ནི་ཁམས་གསུམ་ཞེས་ཏེ། ཐམས་ཅད་ཉིད་ལ་སོགས་པ་དང་ལྡན་པའོ། །

ཐམས་ཅད་ཉིད་བསྟན་པ།


DTG027_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་བཅོམ་ལྡན་འདས་དེ་ཐམས་ཅད་ཉིད་ཡིན་ཞེ་ན། གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཐམས་ཅད་ཉིད་ཅེ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ། སེམས་ཅན་བསོད་ནམས་ཆེར་འཕགས་པ། །ཞེས་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་བསགས་པ་ནི་སེམས་ཅན་རྣམས་ཀྱི་བསོད་ནམས་ཞེས་པའོ། །ཆེར་འཕགས་ཞེས་པ་ནི་རིན་པོ་ཆེ་སྣ་བཞི་ལ་སོགས་པའི་གཟུགས་སུ་རི་རབ་ལ་སོགས་པའི་བསྐྱེད་པའོ། །བསྐྱེད་པ་དེ་ཡང་གཟུགས་ཀྱི་ཤས་ཀྱི་དངོས་ཀྱིས་སེམས་ཅན་གྱི་སེམས་ལས་དབྱེར་མེད་པའོ། །དེ་བས་ན་དེའི་རང་བཞིན་བཞིན་ཉིད་ཀྱང་བདག་ཡིན་ནོ། །དེ་བས་ན་གསུངས་པ། མི་གཡོ་བ་ཁོ་ན་བདག་ཅེས་པ་ནི། སེམས་མེད་པའི་དངོས་པོ་རྣམས་ནི་མི་གཡོ་ཐམས་ཅད་ཅེས་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མི་གཡོ་ཐམས་ཅད་ཡིན་ནོ། །གཡོ་བ་སྟེ་ཞེས་པ་ནི་སེམས་ཀྱི་དབང་གིས་ལྷག་པར་སྟོབས་ཀྱི་ཡུལ་དུ་འགྲོ་བ་ནི་གཡོ་བ་ཞེས་ཏེ། སེམས་དང་ལྡན་པའི་


DTG027_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངོ་བོའོ། །དེའི་ཕྱིར་གསུངས་པ། སེམས་འདུ་བྱེད་ཕྱིར་ཞེས་པའོ། །དེ་ལ་ཡང་མཉམ་པ་ཉིད་དུ་སྦྱོར་བ་ཡིན་ཞེས་པའོ། །འདུ་བྱེད་ཅེས་པ་ནི་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དངོས་གཞི་ནི་ཀུན་ཞེས་པའོ། །དེ་ཀུན་སེམས་ཀྱི་སྤྲུལ་པ་ཡིས་བྱེད་པས་ན་ཀུན་བྱེད་ཅེས་པའོ། །སྔོན་དུ་འཕགས་པའི་སྟོབས་ཀྱིས་སེམས་ཅན་གྱི་དོན་དུ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་དེ་ཉིད་འགྱུར་རོ་ཞེས་པའོ། །ཐམས་ཅད་ཁོ་ན་ཡིན་ཞེས་གསུངས་པའོ། །མཁའ་འགྲོ་མའི་སྒྱུ་མའི་རྣམ་གྲངས་གཞན་གསུངས་པ། མཁའ་འགྲོ་མ་དག་ལྷ་མོར་གསུངས། །ཞེས་པ་སྟེ་ནམ་མཁའ་ཐམས་ཅད་ལ་རྒྱུ་བ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང་རིག་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ནི་ལྷ་མོ་ཞེས་པ་སྟེ། ཅིའི་ཕྱིར་སེམས་ནི། བཅོམ་ལྡན་འདས་འདོད་ཆེན་པོའི་ལྷ་མོར་གསུངས་པའི་ཕྱིར་བརྡའི་སྒྲའི་དོན་གསུངས་པ། བརྡ་ནི་མཚན་མར་གསུངས་པའོ། །ཞེས་པ་སྟེ། གཙུག་ལག་གཞན་ལ་མི་དྲག་པའི་འདུ་ཤེས་ཀྱི་དོན་ཏོ། །སྐལ་བཟངས་ཀྱི་བརྡའི་རྣམ་གྲངས་གཞན་གསུངས་པ། ཐམས་ཅད་མཛད་པ་སྐལ་བཟངས་ཞེས་པ་སྟེ། ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ཐམས་ཅད་མཛད་ཅེས་བྱའོ། །རྣམ་པར་རྟོག་པ་སྐལ་བཟངས་མཚན། །ཞེས་པ་ནི་སྡུག་བསྔལ་ཐམས་ཅད་ལས་བདག་ཐར་བར་བྱ་བའི་དོན་དུ་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་དོན་ཏོ། །

དང་པོའི་སྙིང་པོ་འབྱུང་བ་བསྟན་པ།


DTG027_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི་གེ་ཧཱུཾ་གིས་དབྱངས་བསྐྱེད་པའི་དགོངས་པ་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཀྱང་དང་པོའི་དབྱངས་འབྱུང་བ་ཡེ་ཤེས་ཀྱི་རྒྱུད་ཡིན་ཞེ་ན། ཞེས་པ་ལ་སོགས་པ་སྟེ། དེ་ལ་གཏན་དུ་སྲིད་པ་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་གྲུབ་པར་བྱ་བ་ནི་ཡང་དག་གྲུབ་ཅེས་པའོ། །དེ་ཡིས་ནི་དབང་ཕྱུག་ཆེན་པོ་ཞེས་པ་སྟེ། ཆོས་ཀྱི་རྒྱལ་པོ་ཐོབ་པའོ། །དེ་གྲུབ་པའི་དོན་དུ་ཞེས་པ་ནི། དེ་ཐོབ་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པ་དང་འབྲེལ་ཏོ། །གང་དག་གིས་གྲུབ་པ་ཡིན་ཞེ་ན་གསུངས་པ། དཔའ་བོ་ཞེས་པ་སྟེ་མགོ་རྩོམ་པའི་རྣལ་འབྱོར་པ་དང༌། བྱང་ཆུབ་སེམས་དཔའ་དག་ནི་དཔའ་བོ་ཞེས་པའོ། །དེ་དག་གི་རང་བཞིན་དང་རྣམ་པར་


DTG027_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྨིན་པ་དང༌། ལོངས་སྤྱོད་དང་སྤྲུལ་པའི་སྐུ་བསྐྱེད་པ་དག་ནི་དངོས་གྲུབ་ཀུན་དོན་ཞེས་པའོ། །དེའི་དོན་དུ་སྐལ་བ་བཟང་པོ་ལ་སོགས་པའི་མདུན་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔར་གསུངས་སོ་ཞེས་པའི་ཐ་ཚིག་གོ །གསུངས་པ་དག་གི་རང་བཞིན་ཡིན་ཞེ་ན་གསུངས་པ། འདོད་ཆགས་ཆེན་པོའི་ཕྱིར་བཅོམ་ལྡན་འདས་ཞེས་སོགས་ཏེ། ཧཱུཾ་ནི་ཨི་ཡིག་ཅེས་པ་དང་འབྲེལ་ཏོ། །དེ་ལ་འདོད་ཆགས་ཆེན་པོ་ཞེས་པ་ནི་བཤད་ཟིན་ཏོ། །ཕྱིར་ཞེས་པའི་སྒྲ་ནི་ཅིའི་ཕྱིར་གྱི་དོན་ཏོ། །བཅོམ་ལྡན་འདས་ཞེས་པ་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་པ་མི་བསྐྱོད་པའི་རང་བཞིན་ཆོས་ཀྱི་དབྱིངས་སོ། །དེ་ལྟ་བུའི་རང་བཞིན་གྱིས་རྟག་པར་གནས་པའི་ཕྱིར། དམ་པའི་ཟད་མེད་ཅེས་པའོ། །དེ་ཁོ་ན་ཉིད་དང་སེམས་ཅན་གྱི་དོན་ལ་ཤིན་ཏུ་ཆགས་པས་ནི་ཤིན་ཏུ་དགའ་ཞེས་པའོ། །དེ་ཁོ་ན་གསང་བ་ཉིད་ཀྱི་ཕྱིར་ན་སྙིང་པོའི་དབྱངས་ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་རང་གི་ལྷ་མོའི་ཚོགས་དང་ལྡན་པའི་དཀྱིལ་འཁོར་གྱི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྡོ་རྗེ་རྣམས་ནི་གསང་ཉིད་ཅེས་པའོ། །དེ་ལ་གཏན་ལ་དབབ་པའི་ཡེ་ཤེས་ནི་སྙིང་པོ་ཞེས་པའོ། །དེས་བསྐྱེད་པའི་དབྱངས་ཀྱི་སྒྲའི་ཐ་སྙད་ཧཱུཾ་ཞེས་བྱ་བ་དམ་པ་ཟད་མེད་ཅེས་བསྟན་པ་དང༌། དང་པོའི་དབྱངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །

ཉེ་བའི་སྙིང་པོ་བསྟན་པ།

ཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྟན་པ།


DTG027_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སྙིང་པོ་ཞེས་གསུངས་ནས། ད་ནི་སྙིང་པོ་དེ་ཐོབ་པར་བྱེད་པ་ཉེ་བའི་སྙིང་པོའི་ཞེས་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཉེ་བའི་སྙིང་པོ་དེ་ཉིད་ཅེས་པ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟེ། དེ་དཀྱིལ་འཁོར་དག་གིས་དམན་པ་ན་ཞེས་པ་ལ་སོགས་པ་ནས་གྲུབ་པ་མིན་ཞེས་པ་དང་འབྲེལ་ཏོ། །དཀྱིལ་འཁོར་ལ་འཇུག་ན་དཀྱིལ་འཁོར་བསྒོམ་པ་དང༌། གསོལ་པ་གདབ་པ་མེད་པ་ནི་དཀྱིལ་འཁོར་དག་གིས་དམ་ཞེས་པའོ། །ན་ཞེས་པའི་སྒྲས་ནི་ཅིའི་ཕྱིར་གྱི་དོན་ཏོ། །དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་ཀྱི་རང་བཞིན་དག་གི་དོན་ནི་དམ་ཚིག་དག་ནི་ཞེས་པའོ། །དེ་དག་མེད་པ་ནི་སྤངས་པ་དང་ཞེས་པའོ། །ཡང་ཅི་འདྲ་བའི་གྲུབ་པ་ཡིན་ཞེ་ན་གསུངས་པ། དེ་ཉིད་གསང་བ་མི་ཤེས་ན། །ཞེས་པ་སྟེ། དེ་ཁོ་ན་ཉིད་ཀྱི་གསང་བ་ནི་དེ་ཉིད་གསང་བ་ཞེས་པ་སྟེ། དཀྱིལ་འཁོར་ལ་


DTG027_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇུག་པ་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། སྔགས་ཡི་གེ་ཧཱུཾ་གི་དབྱངས་ལེན་པའོ། །དེ་དག་ཡོངས་སུ་མི་ཤེས་པའི་རྣལ་འབྱོར་པས་ནི་མི་ཤེས་ན་ཞེས་པའོ། །རྡོ་རྗེ་སེམས་དཔའ་འགྲུབ་པ་མིན། །ཞེས་པ་ནི་གོ་སླའོ། །མིན་ཞེས་པ་ནི་འགོག་པའོ། །དེས་ནི་འདི་གསུང་པར་འགྱུར་ཏེ། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་དང་ལྡན་པ་དང༌། དེ་ཉིད་གསང་བ་ཡོངས་སུ་ཤེས་པས་དཔལ་རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར་ལ། ཡོངས་སུ་མི་ཤེས་ན་ནི་མི་འགྲུབ་པ་ཅིའི་ཕྱིར། དེའི་ཕྱིར་ན་ཉེ་བའི་སྙིང་པོ་ཞེས་པ་རྟག་པར་རྣལ་འབྱོར་པ་རྣམས་ཀྱིས་མངོན་དུ་བྱའོ་ཞེས་པའི་ཐ་ཚིག་གོ །ཡང་རྒྱུ་ཅིའི་ཕྱིར་ན་ཉེ་བའི་སྙིང་པོ་ཤེས་པས་མངོན་དུ་དངོས་གྲུབ་དུ་འགྱུར་ལ། གཞན་གྱིས་ནི་མི་འགྲུབ་པ་ཡིན་ཞེ་ན་གསུངས་པ། འདོད་པ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། འདོད་ཆགས་དང་མི་འབྲལ་འགྲུབ་ཅེས། །ཞེས་པ་དང་འབྲེལ་ཏོ། །དེ་ལ་འདོད་པ་ཞེས་པ་ནི་འདོད་པ་སྟེ། རྣལ་འབྱོར་པ་དག་གིས་མངོན་པར་འདོད་དོ་ཞེས་པའོ། །དེ་གང་ཡིན་ཞེ་ན་གསུངས་པ། བཅོམ་ལྡན་འདས་སེམས་དཔའ་སྟེ། ངེས་པར་འབྱེད་པའི་ཤེས་རབ་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའོ། །དེ་ཁོ་ན་ནི་འདོད་ཆགས་ཡང་ཞེས་པ་ནི་གོང་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་སྟེ། ཆོས་བདག་མེད་པའི་འདོད་ཆགས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། ཆོས་བདག་མེད་པའི་འདོད་ཆགས་ཏེ། །དེ་ལས་རྒྱལ་བ་དཔའ་བོ་ཡིན། །ཞེས་པའོ། །གཞན་ཡང་གསུངས་པ། འདོད་ཆགས་དག་ནི་དམ་ཚིག་གསུངས། །ཆོས་ཀྱི་འདོད་པའི་དོན་དག་ཕྱིར། །དེ་ཤེས་གྲུབ་པ་སྦྱོར་བ་ནི། །རྗེས་སུ་འདོད་ཆགས་ཤེས་དྲན་ནོ། །ཞེས་པའོ། །རྡོ་རྗེ་ཕྱག་ན་རྡོ་རྗེའོ། །ཞེས་པ་ནི་བཤད་ཟིན་ཏོ། །འདོད་ཆགས་དེ་དང་མི་འབྲལ་འགྱུར། །ཞེས་པ་ནི་ཇི་ལྟར་གསུངས་པའི་རྡོ་རྗེ་སེམས་དཔའ་དང༌། བསྒོམ་པའི་འདོད་ཆགས་དེ་དང་ངོ་བོ་བྲལ་བའི་སེམས་ནི་འདོད་ཆགས་བྲལ་ཞེས་པའོ། །

གསང་བའི་རང་བཞིན་རང་གི་སྙིང་གར་དཀྱིལ་འཁོར་བསྒོམ་པའི་མཚན་ཉིད་ཉེ་བའི་སྙིང་པོ་དེ་ཉིད་ཅེས་པ་བསྟན་པ།

དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྒོམ་པ་བསྟན་པ།


DTG027_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་ཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྟན་ནས་ད་ནི་དེ་ཁོ་ན་ཡང་འབྲེལ་པ་ལིང་ག་འགྲེང་བ་ཞེས་སོགས་ཏེ། བསྒོམ་པར་བྱ་ཞེས་པ་དང་འབྲེལ་ཏོ། །དེ་ལ་ལིང་ག་ཞེས་པ་ནི་མཚན་མ་གསུངས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་


DTG027_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མའོ། །འགྲེང་བ་ཞེས་པ་ནི་དེ་ཡོངས་སུ་རྫོགས་པ་དང་ལྡན་པ་དེ་དེ་ལྟར་རོ། །རང་བྱུང་ཞེས་པ་ནི་ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གྲངས་མེད་པའི་འཇིག་རྟེན་གསུམ་ལས་སྐྱེས་པའི་ཕ་དང༌། ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པའི་ངོ་བོ་སེམས་ཅན་གྱི་དོན་གྲུབ་པ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་རང་བཞིན་འོག་མིན་གྱི་གནས་ན་བྱང་ཆུབ་སྙིང་པོ་ཆེན་པོའི་ནོར་བུ་སེང་གེའི་ཁྲིལ་བཞུགས་ནས། ཟླ་བའི་མདོག་ཁ་དོག་དཀར་བའི་རྣམ་པར་བཀོད་པའི་དབུ་རྒྱུན་གྱིས་དབང་བསྐུར་བའི་སེམས་ཅན་ལ་ཕན་པའི་རྒྱུའི་ཕྱིར་སངས་རྒྱས་པར་ཤོག་ཤིག་ཅེས་འགོག་པའི་ཏིང་ངེ་འཛིན་བསམ་གཏན་མངོན་དུ་བྱེད་པའོ། །བླ་ཡི་སྟེང་དུ་བཞུགས་བྱས་ནས། །འཕགས་པ་དེ་བཞིན་ཉིད་འདུས་པ་ལས་གསུངས་པ་བཞིན་དུ། མངོན་པར་བྱང་ཆུབ་པ་ལྔའི་བསྒོམ་པའི་རིམ་པས་རྣམ་པར་སྣང་མཛད་དུ་བདག་བསྐྱེད་པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་ཇི་ལྟར་གསུངས་པ་བཞིན་དུ་སྦྱོར་བ་ཆེན་པོ་བྱས་ནས་ཆོ་ག་ཐམས་ཅད་བརྩམས་ཏེ། དཔལ་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་འཁོར་ལོ་ལས་འགྱུར་བའི་ངོ་བོ་རྩ་བའི་ཕྱག་རྒྱ་བཅིངས་ནས། སྣ་ཚོགས་པའི་ཉི་མའི་དཀྱིལ་འཁོར་ན་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡིན་ཏེ། པདྨོ་བླ་ཞེས་གསུངས་པའི་ཕྱིར་ལ། ལིང་ག་མཆོད་རྟེན་བྱིན་བརླབས་ཏེ། །ཞེས་པ་ནི་ད་ལྟའི་དུས་ཀྱི་རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཨོཾ་གྱིས་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྤྲུལ་ཏེ། ཡི་གེ་ཨོཾ་མམ་སྔགས་ཀྱིས་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བརྗོད་ནས། ཐལ་བར་འཇིག་པའི་རོ་ལངས་མའི་མཐར་ཐུག་པའི་བར་དུ་འཇུག་པར་བྱའོ། །དེ་ནས་བཛྲ་ཨཱཏྨ་ཀོ྅ཧཾ། །ཞེས་བརྗོད་ནས་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྡོ་རྗེར་བདག་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷོ་ཉཧཾ། ཞེས་བརྗོད་པས། དེ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དང་རང་བཞིན་དུ་བསྒོམ་པའོ། །ཨོཾ་སཏྭ་ས་མ་ཡ་ཧཾ། ཞེས་བརྗོད་ནས་ཆོས་བདག་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཅིག་པའི་ཡེ་ཤེས་ལས་བྱུང་བའི་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྡོ་རྗེར་བདག་བྱིན་གྱིས་བརླབ་པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་ང་རྒྱལ་བསྐྱེད་པར་བྱའོ། །

དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བསྒོམ་པ་བསྟན་པ།


DTG027_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཡི་གེ་ཁཾ་བརྗོད་ནས། རང་གི་སྙིང་གར་གནས་པའི་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྒོམ་པ་གསུངས་ནས། ད་ནི་དཔལ་རྡོ་རྗེ་སེམས་དཔའི་གསུངས་པ། ལིང་ག་འགྲེང་བ་རང་བྱུང་སྟེ། །ཞེས་སོགས་ནི་ཇི་ལྟ་བ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་སྦྱོར་བ་ཆེན་པོ་བྱས་ནས། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་སྣ་ཚོགས་པདྨའི་སྟེང་དུ་བཞུགས་ནས། ནམ་མཁའ་དང་མཉམ་པ་ཉིད་ཀྱི་སྦྱོར་བས་ནམ་མཁའི་དབྱིངས་ཐམས་ཅད་མཉམ་པར་གནས་པའི་ཚད་རང་གི་སྙིང་གི་ཟླ་བ་ལ་བཙུགས་ནས། ཡི་གེ་ཧཱུཾ་གིས་ལྷ་མོའི་ཚོགས་དང་ལྷན་ཅིག་དཔལ་རྡོ་རྗེ་སེམས་དཔའ་སྤྲུལ་ཏེ། ཡི་གེ་ཧཱུཾ་ཁོ་ནས་གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ནས། སྔོན་བཞིན་དུ་དོན་གསུམ་པོ་བསྒོམས་ཏེ། བཛྲ་སརྦ་ཨ་ཧཾ་ཨ་ཏི་ཛ། ཞེས་པས་རང་གི་སྙིང་གར་གནས་པའི་དཔལ་རྡོ་རྗེ་སེམས་དཔའི་འཁོར་གྱི་རང་བཞིན་བདག་གི་ང་རྒྱལ་དུ་བསྐྱེད་ནས། ལྷ་ཐམས་ཅད་ཀྱི་ཐུགས་ཀར་གནས་པའི་རྡོ་རྗེ་བུམ་པ་ན། ཇི་ལྟ་བ་བཞིན་དུ་ཡི་གེ་ཧཱུཾ་ཡིད་ཀྱིས་དེ་ཁོ་ན་བརྗོད་པས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་རང་བཞིན་དག་བསྒོམ་པར་བྱའོ་ཞེས་པའོ། །

དཔལ་ཁྲག་འཐུང་གི་དཀྱིལ་འཁོར་བསྒོམ་པ་བསྟན་པ།


DTG027_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའི་གསུངས་ནས། ད་ནི་དཔལ་ཁྲག་འཐུང་གི་གསུངས་པ། ལིང་ག་འགྲེང་བར་རང་བྱུང་སྟེ། །ཞེས་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དཔལ་ཁྲག་འཐུང་གི་སྦྱོར་བ་ཡིས། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལས་གསུངས་པའི་སྦྱོར་བ་ཆེན་པོ་བྱས་ནས། དཔལ་ཁྲག་འཐུང་གི་ཕྱག་རྒྱ་ཆེན་པོས་སྣ་ཚོགས་པདྨའི་གདན་གྱི་སྟེང་དུ་ཇི་ལྟ་བ་བཞིན་དུ་བཞུགས་ཏེ། དཔལ་ཁྲག་འཐུང་གི་རིགས་ཀྱི་སྙིང་པོས་རང་གི་སྙིང་པའི་ཟླ་བ་ལ་དཔལ་ཁྲག་འཐུང་འཁོར་དང་བཅས་པ་སྤྲུལ་ནས་གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ཏེ། གོང་མ་བཞིན་དུ་དོན་གསུམ་པ་བསྒོམས་ནས། ཧེ་རུ་ཀ་ཨ་ཧཾ་ཨ་ཏི་བ་ཛ། ཞེས་བརྗོད་པས་ང་རྒྱལ་བསྐྱེད་ནས། སྒྲ་ཡིག་བཞི་པ་དང་ལྡན་པའི་ཡི་གེ་ཧ་ཚིག་དྲག་ཅན། དཔལ་ཁྲག་འཐུང་གི་སྙིང་པོ་འབར་བའི་རྡོ་རྗེའི་དབུས་སུ་ཡིད་ཀྱིས་བྲིས་ཏེ། དེ་བཞིན་དུ་དེ་ཁོ་ན་བརྗོད་པས། དཔལ་ཁྲག་འཐུང་ལ་སོགས་པ་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་བདག་བསྒོམ་པར་བྱའོ། །

དཔལ་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་བསྒོམ་པ་བསྟན་པ།


DTG027_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་ཁྲག་འཐུང་གི་བསྒོམ་པ་གསུངས་ནས། ད་ནི་དཔལ་པདྨ་གར་གྱི་དབང་ཕྱུག་གི་གསུངས་པ། ལིང་ག་འགྲེང་བ་རང་བྱུང་སྟེ། །ཞེས་པ་སྟེ། ཇི་ལྟ་བ་བཞིན་དུ་དཔལ་པདྨ་གར་གྱི་དབང་ཕྱུག་གི་སྦྱོར་བས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ལས་གསུངས་པའི་སྦྱོར་བ་ཆེན་པོ་བྱས་ཏེ། སྣ་ཚོགས་པདྨའི་སྟེང་དུ་དཔལ་པདྨ་གར་གྱི་དབང་ཕྱུག་གི་སྦྱོར་བ་ཆེན་པོར་ཞུགས་པ་སྟེ་ཡིག་དེ་ཏ་ཡིས་རང་གི་སྙིང་གའི་ཟླ་བ་ལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པ་སྤྲུལ་ཏེ། གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ནས་སྔོན་བཞིན་དོན་གསུམ་བསྒོམས་ཏེ། ཤྲཱི་པདྨ་ན་རྟེ་ཤྭ་ར་ཨ་ཧཾ་མན་ཨ་ཏི་ཛ། ཞེས་ང་རྒྱལ་བསྐྱེད་པས་དཔལ་པདྨ་གར་གྱི་དབང་ཕྱུག་ལ་སོགས་པའི་རང་རང་གི་ཐུགས་ཀར་གནས་པའི་རྡོ་རྗེའི་བུམ་པར་ཡི་གེ་ཧྲཱིཿ་ཡིད་ཀྱིས་བྲིས་ཏེ། དེ་ཁོ་ན་བརྗོད་པས་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་བདག་བསྒོམ་པར་བྱའོ། །

དཔལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་བསྒོམ་པ་བསྟན་པ།


DTG027_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དཔལ་པདྨ་གར་གྱི་དབང་ཕྱུག་གི་རང་གི་དཀྱིལ་འཁོར་བསྒོམ་པ་གསུངས་ནས། ད་ནི་དཔལ་རྡོ་རྗེ་ཉི་མའི་གསུངས་པ། ལིང་ག་འགྲེང་བ་རང་བྱུང་སྟེ། །ཞེས་པ་ལ་སོགས་ཏེ། ཇི་ལྟ་བ་བཞིན་དུ་དཔལ་རྡོ་རྗེ་ཉི་མའི་སྦྱོར་བ་ཡིས། ནོར་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་སྦྱོར་བ་ཆེན་པོ་བྱས་ནས། དཔལ་རྡོ་རྗེ་ཉི་མ་ཕྱག་རྒྱ་ཆེན་པོ་བྱ་བས་སྣ་ཚོགས་པདྨའི་སྟེང་དུ་བཞུགས་ནས་ཡི་གེ་ཧྲཱིཿཡིས་རང་གི་སྙིང་གར་ལྷ་མོའི་ཚོགས་དང་ལྷན་ཅིག་པར་དཔལ་རྡོ་རྗེ་ཉི་མ་སྤྲུལ་ཏེ། གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ནས། ཇི་ལྟ་བ་བཞིན་དུ་དོན་གསུམ་བསྒོམས་ཏེ། བཛྲ་སཱུཪྻ་ཨ་ཧཾ་ཨ་ཏེ་ཛ། ཞེས་པས་ང་རྒྱལ་བསྐྱེད་ནས་རྡོ་རྗེ་ཉི་མ་ལ་སོགས་པའི་ཐུགས་ཀར་ཡིད་བཞིན་གྱི་ནོར་བུའི་དབུས་སུ་ཏྲཾ་ཡིད་ཀྱིས་བྲིས་ནས་དེ་ཁོ་ན་བརྗོད་པས་རང་གི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་བདག་བསྒོམ་པར་བྱའོ། །

དཔལ་རྟ་མཆོག་གི་དཀྱིལ་འཁོར་བསྒོམ་པ་བསྟན་པ།


DTG027_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་དཔལ་རྟ་མཆོག་གི་གསུངས་པ། ལིང་ག་འགྲེང་བ་རང་བྱུང་སྟེ། །ཇི་ལྟ་བ་བཞིན་དཔལ་རྟ་མཆོག་གི་སྦྱོར་བ་བྱས་པ་ཡིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའམ། དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་གྲུབ་པའི་སྦྱོར་བ་ཆེན་པོ་བྱས་ཏེ། སྣ་ཚོགས་པདྨའི་གནས་ཀྱི་སྟེང་དུ་དཔལ་རྟ་མཆོག་གི་ཕྱག་རྒྱ་ཆེན་པོ་ཡིས་བཞུགས་ནས། ནམ་མཁའ་ལ་


DTG027_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཉམ་པ་ཉིད་ཀྱི་སྦྱོར་བས་ནམ་མཁའི་དབྱིངས་ཐམས་ཅད་མཉམ་པར་གནས་པའི་རང་གི་སྙིང་གའི་ཟླ་བ་ལ་བཙུད་ནས། དཔལ་རྟ་མཆོག་གི་སྙིང་པོས་དཔལ་རྟ་མཆོག་འཁོར་དང་བཅས་པ་སྤྲུལ་ཏེ། དཀྱིལ་འཁོར་གྱི་སྦྱོར་བས་གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ཏེ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿ། ཨ་ཧཾ་ཞེས་པ་དང༌། ཨོཾ་སརྦ་ས་མ་ཡ་ཨ་ཧཾ། ཞེས་པའི་སྙིང་པོ་གསུམ་བརྗོད་པས་སྔོན་བཞིན་དུ་དེ་ནི་གསུམ་བསྒོམས་ཏེ། པྲ་མ་རྟ་ན་ཨ་ཧཾ། ཞེས་པས་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་སྣ་ཚོགས་རྡོ་རྗེའི་དབུས་སུ་སྒྲ་ཡིག་ལྔ་པ་དང་ལྡན་པའི་ཡི་གེ་ཏ་ཐིག་ལེ་ཅན་ཡིད་ཀྱིས་བྲིས་ཏེ། དེ་ཁོ་ན་བརྗོད་པས་དཔལ་རྟ་མཆོག་གི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱ་རང་བཞིན་དུ་བདག་བསྒོམ་པར་བྱའོ། །ཇི་སྙེད་ཉིན་རེ་བཞིན་བསྒོམས་པའི་དུས་ན་མངོན་སུམ་དུ་མཐོང་བར་བྱའོ། །

ཀུན་ཏུ་སྦྱོར་བ་བསྒོམ་པའི་མཚན་ཉིད་ཉེ་བའི་སྙིང་པོའི་དེ་ཉིད་བསྟན་པ།


DTG027_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་གསང་བའི་རང་བཞིན་རང་གི་སྙིང་གར་དཀྱིལ་འཁོར་བསྒོམ་པའི་མཚན་ཉིད་ཉེ་བའི་སྙིང་པོ་དེ་ཉིད་ཅེས་པ་བསྟན་ནས། ད་ནི་དེ་ཁོ་ནའི་གསང་ཆེན་ཞེས་པ་ཀུན་དུ་སྦྱོར་བ་བསྒོམ་པའི་མཚན་ཉིད་ཉེ་བའི་སྙིང་པོའི་དེ་ཉིད་ཅེས་པ་ཁོ་ན་གསུངས་པ། བྷ་གར་ལིང་ག་བཅུག་བྱས་ཏེ། །ཞེས་པ་སྟེ། བསྒོམ་པར་བྱའོ་ཞེས་པ་དང་འབྲེལ་ཏོ། །དེ་ལ་དཔལ་སངས་རྒྱས་དབྱངས་མལ་སོགས་པའི་ལྷ་མོ་དང་ལྷན་ཅིག་པ་དཔལ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས། རང་གི་སྙིང་གར་ཇི་ལྟར་གསུངས་པའི་འགྲེང་བའི་མཚན་མ་ཅན་ཇི་ལྟར་གསུངས་པའི་ཡི་གེ་ཁ་ཐིག་ལེ་དང་བཅས་པ་བརྗོད་པས་ཇི་སྙེད་མངོན་སུམ་དུ་མཐོང་བར་འགྱུར་བའི་བར། དེ་སྙེད་ཀུན་དུ་སྦྱོར་བ་བསྒོམ་བར་བྱའོ། །དེ་ནས་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་དང་མཉམ་པའི་ལྷ་མོ་ཐམས་ཅད་དང་ཀུན་དུ་སྦྱོར་བའི་དཔལ་རྣམ་པར་སྣང་མཛད་ཀྱི་གཟུགས་རྣམས་ཀྱིས་བར་སྣང་ལ་བཀང་བ་བསྒོམ་པར་བྱའོ་ཞེས་རྒྱུད་འདུས་པར་བྱས་ཏེ། ཡི་གེ་བརྒྱ་པས་བརྟན་པར་བྱས་ནས་གནས་པའོ། །དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་བརྗོད་པས། དཔལ་རྡོ་རྗེ་ཉི་མའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་བརྗོད་པས། དཔལ་རྟ་མཆོག་གི་རྣལ་འབྱོར་བ་དག་གིས་ཀྱང༌། རང་གི་ཚོགས་དང་ལྷན་ཅིག་པར་སྦྱོར་བ་ཇི་སྙེད་མངོན་སུམ་དུ་མཐོང་བའི་བར་དེ་སྙེད་བསྒོམ་པར་བྱའོ། །དེ་ནས་འཕྲོ་བ་དང་འདུ་བ་བསྒོམ་


DTG027_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ཏེ་གཞག་པའོ། །དེ་ལྟར་ཇི་སྙེད་ཏིང་ངེ་འཛིན་ཐོབ་པར་འགྱུར་བའི་བར་དེ་སྙེད་ཉིན་རེ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་མངོན་པར་ཤེས་པ་བསྐྱེད་པར་བྱ་བའི་ཐབས་ཀྱིས་མངོན་པར་ཤེས་པ་བསྐྱེད་པར་བྱས་ནས་ཚོགས་ཀྱི་དཀྱིལ་འཁོར་བྱས་ཏེ། གཏམ་དང་མཚན་མའི་ཕྱག་རྒྱའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འགྲུབ་པར་བྱའོ། །

སྙིང་པོ་དང་ཉེ་བའི་སྙིང་པོ་གཉིས་ཀྱི་ངོ་བོ་བསྟན་པ།


DTG027_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་ཉེ་བའི་སྙིང་པོ་དེ་ཉིད་ཤེས་པའི་དེ་ཁོ་ན་ཉིད་བསྒྲུབ་པ་བསྟན་ནས། ཡང་སྙིང་པོ་དང་ཉེ་བའི་སྙིང་པོ་གཉིས་ཀྱི་ངོ་བོ་གསུངས་པ། དེ་ཉིད་གསང་བ་གསང་ཆེ་ན་ཡང༌། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དཀྱིལ་འཁོར་ལ་སོགས་པའི་ངོ་བོ་ཉིད་རྣམ་པ་བཅུ་ནི་དེ་ཉིད་ཅེས་ཏེ། རང་གི་སྙིང་གར་དཀྱིལ་འཁོར་སྒོམ་པ་པོས་དཀྱིལ་འཁོར་གྱི་ཚུལ་གཏན་ལ་ཕབ་པའི་ཡེ་ཤེས་ནི་གསང་བ་ཞེས་པའོ། །ཀུན་དུ་སྦྱོར་བ་གྲུབ་པ་དེས་གང་གཏན་ལ་ཕབ་པའི་ཡེ་ཤེས་ནི་གསང་ཆེན་ཞེས་པའོ། །དེ་ཉིད་ལ་སོགས་པ་དེ་དག་གསུམ་ནི་སྙིང་པོར་གསུངས་སོ། །སྙིང་པོར་རྗེས་སུ་འགྲུབ་པ་ནི། །ཉེ་བའི་སྙིང་པོར་ཡོངས་གྲངས་སོ། །ཞེས་པ་ནི་ཇི་ལྟར་གསུངས་པའི་སྙིང་པོ་ཐོབ་པའི་དོན་དུ་དཀྱིལ་འཁོར་ལ་བཙུད་པ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། ཏིང་ངེ་འཛིན་གྱི་མཚན་ཉིད་ཚོལ་བའི་ལས་ནི། སྙིང་པོ་རྗེས་སུ་གྲུབ་པ་པོ་བསྐྱེད་པ་ནི། ཉེ་བའི་སྙིང་པོར་ཡོངས་གྲགས་སོ། །ཞེས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། གྲུབ་པ་ཇི་སྙེད་དེ་སྙེད་ཐམས་ཅད་ཉེ་བའི་སྙིང་པོའོ། །དེ་ཡིས་འབྲས་བུར་གྱུར་པ་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་གཏན་ལ་ཕབ་པའི་ཡེ་ཤེས་ནི་སྙིང་པོ་ཞེས་པའོ། །

ཉེར་གཉིས་པ། རྗེས་སུ་སྦྱོར་བ་དང་ལྡན་པ་སྒྲུབ་པའི་རྟོག་པའི་རྣམ་པར་བཤད་པ།

བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་དོན་ཡོད་ཀྱི་དམ་ཚིག་གི་སྒྲའི་དོན་བསྟན་པ།


DTG027_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

༄། ། ད་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་དོན་ཡོད་ཀྱི་དམ་ཚིག་གི་སྒྲའི་དོན་གསུངས་པ། འདི་ལ་ཇི་ལྟར་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་དམ་ཚིག་གི་རྒྱུད་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་ཡང་དེ་འགྲུབ་ཡང་དེ་ཉིད་པས། ཀུན་འགྲུབ་ཅེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་དུ་བསྐྱེད་པའོ། །དེས་ནི་ཟད་མེད་བདེ་བ་ནི། །ཞེས་པ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་བྱེད་པའི་མཚན་ཉིད་ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་རྟག་པར་གནས་པའོ། །དེ་གང་ཡིན་ཞེ་ན་གསུངས་པ། བདེ་བ་ཆེན་པོ་ཞེས་སུ་


DTG027_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲགས། །ཞེས་ཏེ། དེ་ཉིད་གཟུང་འཛིན་རྣམ་པར་རྟོག་པས་སེམས་ཅན་དང་སེམས་ཅན་མ་ཡིན་པ་དབྱེར་མེད་པའི་ཕྱིར། དེ་ཉིད་རྡོ་རྗེ་ཅན་དང་ནི། །དེ་ནི་རྡོ་རྗེ་འགྲུབ་པ་སྟེ། །ཞེས་པ་སྟེ་དོན་ཡོད་དམ་ཚིག་ཅེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་གཉིས་ཀྱི་སྐད་ཅིག་མ་རེ་རེ་ཁོ་ན་ལ་སྐྱེ་བའི་རྒྱུ་བདེ་བ་ཆེན་པོ་རྡོ་རྗེ་ཅན་དེ་འགྲུབ་པ་ན་དོན་ཡོད་དམ་ཚིག་ཅེས་པའོ། །ཅིའི་ཕྱིར་བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པ་དེ་དོན་ཡོད་དམ་ཚིག་ཡིན་ཞེ་ན་གསུངས་པ། འདའ་ཀ་ཡིན་ཞེས་པ། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་བསྐྱེད་པར་བྱ་བ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཡིན་ནོ། །

དཀྱིལ་འཁོར་གྱི་དོན་རྒྱུད་ལ་སོགས་པ་བསྟན་པ།


DTG027_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་དཀྱིལ་འཁོར་གྱི་དོན་རྒྱུད་ལ་སོགས་པའི་ཞེས་པ་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་དོན་ཡིན་ཞེ་ན་ཞེས་པ་སྟེ། དེ་ལ་ཇི་ལྟར་གནས་སུ་ཁཾ་འཁོར་ལོ་ཞེས་པ་ནས་བརྩམས་ནས། ཇི་སྙེད་ཇི་ལྟར་འདོད་པའི་བར། ཅི་བདེ་བར་ནི་བཤད་པར་བྱ། །ཞེས་པའི་བར་ནི་བཤད་ཟིན་ཏོ། །ནང་གི་དཀྱིལ་འཁོར་དང་ལྡན་པ། །རེའུ་མིག་བརྒྱད་ལ་འདོད་པ་སྟེ། །ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ནང་གི་དཀྱིལ་འཁོར་མངོན་སུམ་དུ་བྱས་ནས་གསུངས་པའོ། །དེ་དག་ཐམས་ཅད་ཀྱི་ནི་དཀྱིལ་འཁོར་གྱི་རེའུ་མིག་བརྒྱད་པ་དང༌། ལྟེ་བའི་རེའུ་མིག་དང་དགུར་འདོད་པའོ། །ནང་གི་དཀྱིལ་འཁོར་ཞེས་པའི་སྒྲའི་དོན་གསུངས་པ། ཕྱི་ཡིད་དཀྱིལ་འཁོར་དབུས་གནས་པས། །ནང་གི་དཀྱིལ་འཁོར་དུ་ནི་འདོད། །ཅེས་པའོ། །རེའུ་མིག་དགུ་པའི་གནས་ཀྱི་ཚད་གསུངས་པ། རེའུ་མིག་བརྒྱད་ཀྱི་དབུས་གནས་པ། །གཙོ་བོའི་དཀྱིལ་འཁོར་འདོད་པ་ཡིན། །ཞེས་པའོ། །

རྟོག་པའི་དངོས་གྲུབ་བསྟན་པ།


DTG027_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་བདེ་བར་དཀྱིལ་འཁོར་ཞེས་པ་ནས། ཇི་སྙེད་དཀྱིལ་འཁོར་རྟོགས་པར་བྱ། །ཞེས་པའི་བར་ནི་བཤད་ཟིན་ཏོ། །འདིར་སྐུ་བྲིས་པའི་སྦྱོར་བ་ཡིས། །རང་སེམས་བྲི་བར་སྦྱོར་བ་ཡིན། །ཞེས་པ་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ནི། འདིར་སྐུ་བྲིས་པའི་སྦྱོར་བ་ཡིན། །ཞེས་བཤད་པའོ། །འདིར་སྐུ་བྲིས་པའི་སྦྱོར་བ་ཡིས། །སྤྱོར་བ་དང་པོའི་ཏིང་ངེ་འཛིན་གྱིས་རང་གི་སྙིང་ག་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཁོར་དང་བཅས་པ་ཡིད་ཀྱིས་སྤྲུལ་ཏེ། གནས་ཇི་ལྟ་བ་བཞིན་དུ་


DTG027_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞུགས་སུ་གསོལ་ལོ། །དེ་ནི་རང་གི་སེམས་ཀྱིས་བྲིས་པའི་དཀྱིལ་འཁོར་བསྒྱུར་བའོ། །ལྷག་ཆད་ཆོ་གར་གྱུར་ན་ཡང༌། །བསྒྲུབས་ཏེ་སྐྱོན་དུ་མི་འགྱུར་རོ། །ཞེས་པ་ནི་བཤད་ཟིན་ཏོ། །

གསང་བ་ཆེན་པོ་ལྔ་བསྟན་པ།


DTG027_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་ཇི་ལྟར་བཅོམ་ལྡན་འདས། །གསང་བ་ལྔ་ཡི་དེ་ཉིད་ཡིན། །ཞེ་ན། །ཞེས་པ་ནས་བརྩམས་ནས། གོམས་པའི་གཙོ་བོ་ཞེས་པའི་བར་ཡང་བཤད་ཟིན་ཏོ། །སེམས་དཔའ་གདོད་མ་ཐ་མ་མེད་ཕྱིར་ཡང༌། །མཆོག་གི་དང་པོ་ཞེས་འདོད་དོ། །ཞེས་པ་ནི་ད་ལྟའི་དུས་ཀྱི་རང་བཞིན་གྱིས་བསྐལ་བཟང་པོ་ལ་སོགས་པའི་སྔོན་དུ་ཡང་རྟག་པར་གནས་པའི་ཕྱིར་གདོད་མ་དང་ཐམ་མེད་ཅེས་པའོ། །ཡང་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །མཆོག་གི་ཞེས་པ་ནི་རབ་བོ། །དང་པོ་ཞེས་པ་ནི་གོང་དུ་གསུངས་པའི་རིམ་པ་ཡིས་སོ། །འཁོར་ལོ་ཀུན་གྱི་གཙོ་བོའི་ཕྱིར། །དམ་པ་དམ་པའི་དབང་ཕྱུག་ཡིན། །ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ནི་འཁོར་ལོ་ཀུན་ཞེས་པའོ། །དེ་དག་གི་བདག་པོ་བསྐྱེད་པའི་རྒྱུ་ཉིད་དུ་གྱུར་པ་ནི་གཙོ་བོ་ཞེས་པའོ། །དམ་པ་ཞེས་པ་ནི་རབ་བོ། །དམ་པའི་དབང་ཕྱུག་ཅེས་པ་ནི་གོ་སླའོ། །

བཅོམ་ལྡན་འདས་ཀྱི་རང་བཞིན་བསྟན་པ།


DTG027_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་དེའི་རང་བཞིན་གསུངས་པ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས། །གང་ལགས་ཇི་ལྟར་གླགས་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདོད་ཆེན་པོ་ཞེས་པ་ནི་མི་བསྐྱོད་པའི་རང་བཞིན་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་ལ་སོགས་པའི་ཚོགས་སོ། །འདོད་པ་ཆེན་པོ་ཡང་དེ་ཀུན་གྱི་མཆོག་ཀྱང་དེ་ཉིད་པས། །འདོད་ཆེན་ཀུན་གྱི་མཆོག་ཅེས་པའོ། །དེ་སྔོན་དུ་རྟོགས་པའི་མཐུས་སྐྱེད་པར་བྱེད་པའི་དགའ་བ་ནི་ཡིད་དགའ་བ་ཞེས་པའོ། །དེ་རྒྱུར་གྱུར་པས་ཀུན་དུ་ཁྱབ་པ་ཅུང་ཟད་འཛུམ་པ་དེ་དེ་ལྟར་རོ། །དུས་གཅིག་ཙམ་གྱི་བར་དུ་བཅོམ་ལྡན་འདས་ཡིད་བདེ་བ་དེས་འཛུམ་པ་ཡིན་ཞེ་ན། གསུངས་པ་རྟག་པར་འཛུམ་པ་ཞེས་པ་ལ་སོགས་ཏེ། སྐད་ཅིག་མ་རེ་རེ་ཁོ་ན་ལ་གཞན་དང་གཞན་གྱི་མཐར་ཐུགས་པའི་བར་དུ་ཞེས་པའི་དོན་ཏོ། །དེ་ནས་དེ་ཡི་ཟླ་བའི་མདོག །ཅེས་པ་ལ་སོགས་པ་ནི་གོ་སླའོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་དེ་ཉིད་ལྔ་བསྟན་པ།


DTG027_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེ་ལོང་ཁྲག་འཐུང་ཞེས་རྣམས་ཞེས་པ་ནི། དཔལ་ཁྲག་འཐུང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཟིན་མ་ཐག་ཏུ་འགྱུར་རོ་ཞེས་པའི་དོན་ཏོ། །མཉམ་པ་ཉིད་ལ་གར་དབང་མཆོག །ཅེས་པ་ནི་མཉམ་པ་ཉིད་གྱི་ཡེ་ཤེས་གཟིགས་མ་ཐག་


DTG027_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་དཔལ་པདྨ་གར་གྱི་དབང་ཕྱུག་ཏུ་འགྱུར་རོ། །མཆོག་ཅེས་པ་ནི་རབ་བོ། །སོ་སོར་རྟོག་པ་ཉི་མ་སྟེ། །ཞེས་པ་ནི་སེར་སྣའི་དྲི་མ་ཉེ་བར་འཇོམས་པའི་སེམས་ཅན་གྱི་ཁམས་ཉེ་བར་དྲན་པ་ནི་སོ་སོར་ཀུན་དུ་རྟོག་པའི་མཚན་ཉིད་དོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དེ་ཟིན་མ་ཐག་ཏུ་དཔལ་རྡོ་རྗེ་ཉི་མ་དེ་བསྐྱེད་པ་སྐྱེ་བའོ། །བྱ་བ་ལ་ནི་རྟ་མཆོག་ཀྱང༌། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བྱ་བ་ནན་ཏན་གྱི་ཡེ་ཤེས་བྱ་བ་དེ་ལ། དཔལ་རྟ་མཆོག་བསྐྱེད་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ལ་སངས་རྒྱས་ནི། །ཐུབ་ཆེན་རྣམ་པར་སྣང་མཛད་དོ། །ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔར་འགྱུར་བ་སྟེ། མེ་ལོང་དང༌། མཉམ་པ་ཉིད་དང༌། སོ་སོར་ཀུན་དུ་རྟོག་པ་དང༌། བྱ་བ་ནན་ཏན་རྣམས་ཀྱི་དེ་བཞིན་ཉིད་དུ་འགྱུར་བ་ནི་ཆོས་ཀྱི་དབྱིངས་ཞེས་པའོ། །དེ་ཟིན་མ་ཐག་ཏུ་སངས་རྒྱས་ཐམས་ཅད་རོ་གཅིག་ཏུ་འདུས་པའི་ཡེ་ཤེས་ཀྱི་ངོ་བོ་དཔལ་རྣམ་པར་སྣང་མཛད་དུ་འགྱུར་རོ། །ཡེ་ཤེས་ལྔ་ཡི་བདག་ཉིད་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཞེས་པའོ། །དཔལ་རྡོ་རྗེ་སེམས་དཔར་འགྱུར་བ་སྟེ། མེ་ལོང་དང༌། མཉམ་པ་ཉིད་དང༌། སོ་སོར་ཀུན་དུ་རྟོག་པ་དང༌། བྱ་བ་ནན་ཏན་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཡན་ལག་གི་ངོ་བོས་ཡང་དག་པར་གསུངས་པ་བསྐྱེད་པ་ནི། ཡེ་ཤེས་ལྔ་ཡི་བདག་ཉིད་ནི། །ཞེས་པའོ། །གཟུགས་དང༌། སྒྲ་དང༌། ཞེས་པ་ནི། རྒྱ་ཆེར་དངོས་གྲུབ་སྟེར་བར་འགྱུར། །ཞེས་པ་དང་འབྲེལ་ཏོ། །དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཐམས་ཅད་ཀྱི་གཟུགས་སྟོན་པའི་མེ་ལོང་མཚན་མར་འཛིན་པའི་བྱང་ཆུབ་སེམས་དཔའ་ནི། གཟུགས་དང་ཞེས་པའོ། །སྒྲ་རྣམ་པ་བརྒྱད་དུ་པི་ཝང་བརྡེབས་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲ་དང་ཞེས་པའོ། །དྲི་རྣམ་པ་གསུམ་དང་ལྡན་པའི་དུང་ཕྱག་ཏུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་དྲི་དང་ཞེས་པའོ། །རོ་དྲུག་ལ་མོས་པའི་རོས་གང་བའི་སྣོད་ཕྱག་གིས་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་རོ་དང་ཞེས་པའོ། །རེག་རྣམ་པ་བཅུ་གཅིག་གི་བདག་ཉིད་རྡོ་རྗེ་དང་གོས་ཕྱག་གིས་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རེག་ཅེས་པའོ། །རྡོ་རྗེ་སེམས་


DTG027_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་འདྲ་བ་ནི། །ཞེས་པ་ནི་གཟུགས་ལ་སོགས་པ་དེ་དག་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་ཀུན་དུ་རྟོག་པ་དང༌། བྱ་བ་གྲུབ་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྣམས་ཡེ་ཤེས་སྤྱོད་ཡུལ་ཉིད་དུ་འགྱུར་བའི་ས་གཟུང་བའི་ཆའི་ངོ་བོ་ཉིད་ཀྱི་ཕྱིར་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཁོ་ནར་འགྱུར་བ་ཡིན་ནོ། །ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་དང༌། དཔལ་རྡོ་རྗེ་སེམས་དཔའི་བདག་ཉིད་དང་ནི་མཉམ་པའི་ཐ་ཚིག་སྟེ་འདྲ་བ་ཞེས་པའོ། །རང་རང་དེ་བཞིན་ཉིད་ཀྱིས་བརྟེན་པ་ནི་གཟུགས་ཀྱི་བྱང་ཆུབ་ཀྱི་མཚན་ཉིད་ནི་རང་ཉིད་ཅེས་པའོ། །སྒྲ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དྲི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རེག་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དངོས་གྲུབ་རབ་ཏུ་འགྱུར་ཞེས་པ་ནི་གོ་སླའོ། །རེག་ནི་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཁོ་ན་མ་ཡིན། གཟུགས་ལ་སོགས་པའི་སྤྱོད་ཡུལ་ལྔའི་བདག་ཉིད་ཡང་དེ་ཁོ་ནའི་བདག་ཉིད་ཡིན་པར་སྟོན་ཏེ། གཟུང་བའི་ངོ་བོའི་སྤྱོད་ཡུལ་དང༌། སྤྱོད་ཡུལ་ཅན་དབྱེར་མེད་པའི་ཕྱིར་རོ། །དཔལ་རྡོ་རྗེ་སེམས་དཔའ་ལས་ཐོས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པས། དཔལ་བདེ་མཆོག་མ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷ་མོར་གྱུར་པ་དང༌། སྦྱོར་བའི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་ཙ་འོག་ན་འདོགས་པའི་ཁྲོས་ནས་བཟླས་པའོ། །དེ་ཡང་ཙྪིནྡ་ཙྪིནྡ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཅེས་པའོ། །དཔལ་ཁྲག་འཐུང་འདྲ་བ་སྨ་ཤཱ་ནི་དང་སྦྱོར་བ་ཡིས་ཀྱང༌། ཨོཾ་སྤུཤྐ་མུ་པ་ཞེས་བུད་མེད་གང་གིས་བཟླས་པ་ནི་རྡོ་རྗེ་མཁའ་འགྲོ་མར་གྱུར་ཏོ། །

ཕྱག་རྒྱ་དང་ཕྱག་རྒྱའི་ཡན་ལག་གི་ཤེས་པ་བསྟན་པ།


DTG027_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱས་ནས་རོལ་མོ་སྒྲུབ་པ་ལས་དང་པོའི་ཕྱག་རྒྱ་འདི་སྟོན་པ་ན། རྣལ་འབྱོར་པས་ཀྱང་ཕྱག་རྒྱའི་ལན་འདི་སྟོན་པར་བྱའོ། །དེས་མཁའ་འགྲོ་མ་རྣལ་འབྱོར་པའི་དབང་དུ་འགྱུར་རོ་ཞེས་སྟོན་པའི་དོན་དུ། འདི་ལ་ཇི་ལྟར་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཤེས་པ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་གསུངས་པའོ། །དེ་ཡང་རྣམ་པ་དྲུག་ཏུ་འགྱུར། །ཞེས་སྟོན་པའི་དོན་དུ། །འཕྲོག་བྱེད་མ་དང་ཞེས་པ་ལ་སོགས་པ་གསུངས་པའོ། །སྙིང་འདྲེན་པ་ནི་འཕྲོག་བྱེད་མའི་ཕྱག་རྒྱའོ། །རྒྱས་གདབ་པ་ནི་མཆོག་རྒྱུ་མའིའོ། །ཕྱག་རྒྱ་


DTG027_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱེད་པར་བྱས་ཏེ། གཟུང་བ་དང་འཛིན་པ་ནི་གཟུངས་ཐར་མའིའོ། །ཤི་བའི་འཚོ་བྱེད་ཕྱག་རྒྱ་ཡང་བསྒྲུབ་བྱའི་སྲོག་སྐྱེད་པར་བྱེད་པའོ། །གང་དེ་ཤི་བ་འཚོ་བར་བྱེད་ནས་ནམ་མཁའ་ལ་འགྲོ་བར་བྱེད་པ་དེ་ནི་བསྒྲུབ་བྱ་གར་བྱེད་པར་བྱེད་པའོ། །གང་དེ་ནི་ལྷ་མོ་ཞེས་བྱ་སྟེ། དྲུག་པའོ། །ད་ནི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཤེས་པ་སྟོན་ཏེ། གང་གིས་སྒྲ་ནི་བསྟན་འགྱུར་ན། །ཞེས་པ་ལ་སོགས་པའོ། །འདི་ལ་ཇི་ལྟར་མཁའ་འགྲོ་མ་རྣམས་ཀྱི་མཚན་ཉིད་ཡིན་ཞེ་ན་ཞེས་པ་ལ་སོགས་པ་ནི་གོ་སླའོ། །

ཐམས་ཅད་དགུག་པའི་རྒྱུ་བསྟན་པ།


DTG027_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེས་སུ་སྦྱོར་བའི་དུས་དང༌། དཀྱིལ་འཁོར་ལ་སོགས་པ་སྒྲུབ་པའི་དུས་སུ་ཡེ་ཤེས་སེམས་དཔའ་དགུག་པའི་ཆོ་ག་དང༌། མེ་ཏོག་ལ་སོགས་པའི་དགུག་པའི་ཆོ་ག་གསུངས་པ། དེ་ལ་ཇི་ལྟར་ཐམས་ཅད་དགུག་པའི་རྒྱུ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟོན་ཏེ། དེ་ལ་རྟོག་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དྲིལ་བུ་དབྱིངས་སུ་དཀྲོལ་བ་དང༌། །ཞེས་པ་དང་འབྲེལ་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགུག་པའི་ལྕགས་ཀྱུའི་ཕྱག་རྒྱ་གསུངས་པ་གང་ཡིན་པ་དེ་ནི། དྲིལ་བུ་དང་ལྷན་ཅིག་པར་གཟུང་བར་བྱའོ། །དྲིལ་བུ་དང་བཅས་པ་དེས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དགུག་ནས་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་དེ་དག་གིས་རྒྱས་གདབ་སྟེ། བྱིན་བརླབ་དང༌། དབང་བསྐུར་བ་དང༌། མཆོད་པ་བྱས་ནས་དེ་ཉིད་ཆོས་དམ་ཚིག་གི་དྲིལ་བུའི་སྒྲས་དེ་དག་ལ་སྩལ་བར་བྱའོ། །

མཆོད་པ་ཆེན་པོ་ཐམས་ཅད་ཀྱི་ཆོ་ག་བསྟན་པ།


DTG027_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནི་རྗེས་སུ་སྦྱོར་བ་དང༌། བྱིན་བརླབ་དང༌། དབང་བསྐུར་བར་བྱས་ནས་རྡོ་རྗེ་མཚོན་ཆ་ལ་སོགས་པ་མཆོད་པ་རྣམ་པ་བཞི་ནི་མཆོད་པ་ཆེན་པོ་ཐམས་ཅད་ཅེས་པའོ། །དེའི་ཆོ་ག་ཞེས་པ་ནི་མཆོད་པའི་དབྱངས་ལེན་པ་དང༌། ཇི་ལྟ་བ་བཞིན་དུ་གར་བྱས་ནས་མཆོད་པའོ། །མེ་ཏོག་ལ་སོགས་པའི་ཕྱག་རྒྱ་བཞི་དང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དང༌། སངས་རྒྱས་རྡོ་རྗེ་མཚོན་ཆ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞི་དག་གོ །དེ་ཁོ་ན་བཤད་པ། རྟོག་པ་ཐམས་ཅད་གསང་ཆེན་གྱི། །ཞེས་པ་ལ་སོགས་པ་སྟེ། རྟོག་པ་ཡང་དེ་ཐམས་ཅད་ཉིད་པས་རྟོག་པ་ཐམས་ཅད་ཅེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ནོ། །དེ་དག་གི་གསང་ཆེན་ཞེས་པ་ནི། མཆོད་པ་རྡོ་རྗེ་མཚོན་ཆ་ལ་སོགས་


DTG027_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ལས་ཀྱི་ཕྱག་རྒྱ་བཞིའི་རང་བཞིན་ཉིད་དུ་རྒྱུར་གྱུར་པའོ། །ཀྱི་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །ཡིད་ཀྱིས་མཆོད་པ་དང་ཞེས་པ་ནི་ཤེས་སླའོ། །གཞན་ཡང༌། དབྱངས་དང་སིལ་སྙན་གར་གྱིས་ཡིན། །ཞེས་པ་ནི་ཇི་ལྟར་གསང་བའི་མཆོད་པ་བཞིས་མཆོད་ནས། དཀྱིལ་འཁོར་གྱི་སྦྱོར་བས་བཅོམ་ལྡན་འདས་བཞུགས་སུ་གསོལ་ནས། དྲིལ་བུ་དཀྲོལ་བ་དང་བཅས་པའི་ཡི་གེ་ཧཱུཾ་གི་དབྱངས་དང༌། གླིང་བུ་མ་ལ་སོགས་པའི་སིལ་སྙན་དང༌། དེའི་འོད་སྣ་ཚོགས་སུ་འཁོར་བའི་གར་གྱིས་ཀྱང་ཇི་ལྟ་བ་བཞིན་དུ་མཆོད་པར་བྱའོ། །

རང་གི་རིག་པའི་ལྷ་ཐམས་ཅད་བསྒྲུབ་ཆེན་པོའི་རྒྱུ་བསྟན་པ།


DTG027_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆོ་ག་དེས་ཀྱང་སྔོན་དུ་བཤད་པ་ཁོ་ནས་ཡང་མ་བཤད། དེ། ད་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱི་ཆོ་ག་གསུངས་པ། དེ་ལ་ཇི་ལྟར་རང་གི་རིག་པའི་ལྷ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རང་གི་རིག་པའི་ལྷ་ཐམས་ཅད་ཅེས་པ་ནི། རང་གི་ལུས་ངག་ཡིད་ཀྱི་རྡོ་རྗེ་རྣམས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རང་བཞིན་བསྐྱེད་པའི་དོན་དུ་རྣལ་འབྱོར་པས་མངོན་དུ་བྱ་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་དག་གོ །དེ་དག་ནི་སྒྲུབ་པ་ཆེན་པོ་ཞེས་པ་སྟེ། སྒྲུབ་པ་ལ་ཡང་དེ། ཆེན་པོ་ལ་ཡང་དེ་ཉིད་ལས། །སྒྲུབ་པ་ཆེན་པོ་ནི་རལ་གྲི་ལ་སོགས་པའི་གཟུགས་བསྒྲུབ་པ་དང༌། ཡི་དམ་གྱི་ལྷའི་རང་བཞིན་བསྒོམ་པའོ། །དེ་རབ་ཏུ་འབྲེལ་པ་ནི་རྒྱུད་ཡིན་ཞེས་པ་སྟེ། དེ་སྟོན་པའི་སྒྲ་འདུས་པ་ཉེ་བར་སྤྱོད་པའི་ཕྱིར་རོ། །དེ་ཁོ་ནས་འབྲེལ་པ་རྟོག་པ་ཀུན་ལ་ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་དག་ནི་རྟོག་པ་ཀུན་ལ་ཞེས་པའོ། །དེ་བསྒྲུབ་བྱ་གང་ཞེས་པ་ལ་སོགས་པ་ནི། རལ་གྲི་ལ་སོགས་པ་མིག་སྟོང་གཡོ་བའི་དངོས་གཞི་དེ་ཀུན་རང་གི་ལྷའི་གཟུགས་གཏན་ལ་ཕབ་པ་དེ་ལྟར་བྱས་ཏེ། རང་རང་གི་ལྷའི་སྦྱོར་བས་འགྲུབ་པར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ །

ཐམས་ཅད་རྗེས་སུ་བསྒྲུབ་པ་ཐམས་ཅད་ཀྱི་རྒྱུ་བསྟན་པ།


DTG027_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་རྗེས་སུ་སྒྲུབ་པ་གསུངས་པ། དེ་ནས་ཇི་ལྟར་ཐམས་ཅད་རྗེས་སུ་བསྒྲུབ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ། རྡོ་རྗེ་དྲིལ་བུ་འཛིན་གྱུར་ན། །ཞེས་པ་ལ་སོགས་པ་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་ལྔ་བསྐྱེད་ནས། རྐེད་པའི་ཕྱོགས་ལ་རང་གི་གཟུགས་དང་ལྡན་པའི་དྲིལ་བུ་གཉིས་བཅིངས་ནས་དཀྱིལ་འཁོར་བྲིས་ཏེ། ཇི་ལྟ་བ་བཞིན་


DTG027_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་རྡོ་རྗེ་དྲིལ་བུ་འཛིན་པར་གྱུར་ནས། དྲིལ་བུའི་སྒྲ་གྲག་པ་དང་ལྷན་ཅིག་པར་ཡི་གེ་ཧཱུཾ་བཟླས་ནས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསལ་བར་བྱའོ། །དེ་ལྟར་ན་དེའི་རྟོག་པ་ཐམས་ཅད་རྗེས་སུ་འགྲུབ་ཅེས་པའོ། །

རྗེས་སུ་སྦྱོར་བ་དང་ལྡན་པའི་བསྒྲུབ་པ་ཐམས་ཅད་ཀྱི་རྒྱུ་བསྟན་པ།


DTG027_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་ལེགས་པའི་དེ་ཁོ་ན་བསམ་པ་དང་སྦྱོར་བས་ཤིན་ཏུ་མཉམ་པར་གཞག་པའི་སྦྱོར་བ་བསྟན་ནས། ད་ནི་ལེ་ལོ་ཅན་གྱི་མཉམ་གཞག་མེད་པའི་སྦྱོར་བའི་སྒྲུབ་པ་གསུངས་པ། དེ་ལ་ཇི་ལྟར་རྗེས་སུ་སྦྱོར་བ་དང་ལྡན་པའི་སྒྲུབ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ། ཨོཾ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །ནུབ་ནས་དང་པོ་ཡང་ཡིན་ཏེ། །ཞེས་པ་ནི་ཡི་གེ་ཌའོ། །ཤར་ནས་དང་པོ་བཟུང་ནས་སུ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཀ་གཉིས་བརྩེགས་པ་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛཿཚིག་དྲག་དང་བཅས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་ཌཀྐི་ཧཱུཾ་ཛཿ། ཞེས་སོ། །ཉིན་རེ་ལན་ཅིག་རང་གི་ལྷའི་སྦྱོར་བ་བྱས་ནས། རང་བྱིན་བརླབ་པ་ལ་སོགས་པ་ཡང་བྱས་ཏེ། རྟག་པ་ཁོ་ནར་མཉམ་གཞག་མེད་པའི་སྦྱོར་བས་དེ་ཁོ་ན་བཟླས་ན། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་གྲུབ་པར་གྱུར་ཏོ། །དེ་ལྟར་མཉམ་གཞག་མེད་པའི་སྦྱོར་བས་ཀྱང་དངོས་གྲུབ་ཆེན་པོ་འགྲུབ་པར་གསུངས་ནས། ད་ནི་རྡོ་རྗེ་མཁའ་འགྲོ་མའི་དངོས་གྲུབ་སྒྲུབ་པ་ཡང་གསུངས་པ། ལྷོ་ལས་དང་པོ་བཟུང་ནས་སུ། །ཞེས་པ་ལ་སོགས་པ་སྟེ། ཡི་གེ་ཙ་སྒྲ་ཡིག་གསུམ་པ་དང་ལྡན་པ་ལ་འོག་ཏུ་ཚ་འདོགས་པའོ། །དེས་འདི་གསུང་བར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བའམ། དཔལ་རྡོ་རྗེ་མཆོག་མ་ལ་སོགས་པའི་སྦྱོར་བ་བྱས་ནས། ཡི་གེ་ཙྪིཾ་ཙྪིཾ་བཟླ་བར་བྱའོ། །དེ་ཁོ་ནས་རྡོ་རྗེ་མཁའ་འགྲོ་མའི་གཟུགས་བདག་ལ་བསྒོམ་པས། རྡོ་རྗེ་མཁའ་འགྲོ་མའི་གཟུགས་ཀྱིས་སྐད་ཅིག་མ་འདི་ཁོ་ནས། བསྒྲུབ་བྱའི་སྙིང་གི་པདྨ་ལ་སོགས་པ་གཅོད་པར་འགྱུར་རོ། །མིང་རབ་ཏུ་བཅུག་ནས་སམ་སྦྱོར་བའི་ཐལ་མོ་སྦྱར་བར་བྱའོ། །དེ་ཉིད་ཐིག་ལེ་དང་ལྡན་པར། །ཞེས་པ་ནི་གོང་དུ་གསུངས་པའི་ཡི་གེ་ཙྪི་ཐིག་ལེ་དང་བཅས་


DTG027_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དེ་ལྟར་ཏེ་ཙྪིཾ། བྱང་ནས་དབུ་མ་ཡང་ཡིན་ཞེས་པ་ནས་ཡི་གེ་ད་དེ་ཉིད་ལན་གཉིས་བརྗོད་པར་བྱ་ཞེས་པ་ནི་གོ་སླའོ། །རླུང་མཚམས་ཕྱི་རོལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དྲུག་པ་ཡོངས་སུ་ཞེས་སོགས་ནི་ཡི་གེ་ཕའོ། །ནུབ་ལས་དང་པོ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཌ་སྒྲ་ཡིག་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཇི་ལྟར་གསུངས་པའི་རྡོ་རྗེ་མཁའ་འགྲོ་མའི་སྦྱོར་བ་ཡིས། རྡོ་རྗེ་མཁའ་འགྲོ་མའི་གཟུགས་ཀྱི་ཡི་གེ་ཙྪིཾ་གིས་བསྒྲུབ་བྱའི་སྙིང་གི་པདྨ་བཅད་ནས། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཅེས་བཟླས་པས། བསྒྲུབ་བྱའི་ཐུན། མོང་གི་སྦྱོར་བས་ཀྱང་མ་ཤི་བར་འགུགས་པར་བྱེད་དོ། །ད་ནི་ཁྲག་འཐུང་སྨྲ་ཤཱ་ནའི་སྦྱོར་བས་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་པ་གསུངས་པ། ཨོཾ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་སོགས་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །ཡི་གེ་ཨུ་ཡིག་མཉམ་ལྡན་ཞེས་སོགས་ནི་སྒྲ་ཡིག་ལྔ་པ་དང་ལྡན་པའི་ཡི་གེ་སའོ། །མེ་མཚམས་ཕྱི་རོལ་ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཡི་གེ་ཤ་འོག་ཏུ་ན་འདོགས་པའོ། །ཚེག་དྲག་ཨུ་ཡིག་ལྡན་པ་ཡི། །ཞེས་སོགས་ནི་སྒྲ་ཡིག་ལྔ་པ་དང་ལྡན་པའི་ཡི་གེ་མ་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། དཔལ་ཁྲག་འཐུང་དང་འདྲ་བའི་སྨ་ཤཱ་ནའི་སྦྱོར་བས། ཨོཾ་སུ་སྣེ་མུཿ། ཐ་ཞེས་བཟླས་པས་གོང་དུ་གསུངས་པའི་མཁའ་འགྲོའི་ལས་རྣམས་འགྲུབ་པར་བྱའོ། །དེ་ནས་དེའི་ཐབས་སུ་འགྱུར་བ་ནི་འདི་ལྟ་སྟེ། ཁ་ཊྭཱཾ་གའི་མགོར་གནས་པའི་འབར་བའི་རྡོ་རྗེས་ཡིད་ཀྱིས་བསྒྲུབ་བྱའི་སྙིང་དྲལ་ཏེ། འཛིན་པའི་སྦྱོར་བའི་ཁ་ནས་ཤི་བར་འགུགས་པ་ཁོ་ནར་བྱེད་དོ། །དེ་ལྟར་སྟོན་པའི་གནས་ཀྱི་གཞུང་གིས་མཉམ་གཞག་མེད་པའི་སྦྱོར་བ་འགྲུབ་པ་གསུངས་ནས་ངེས་པར་སྟོན་པ་གསུངས་པ། དེ་ལྟར་དང་པོ་བསྒྲུབ་བྱ་འགྲུབ། །ཅེས་པ་ལ་སོགས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སམ། རྡོ་རྗེ་མཁའ་འགྲོ་མའི་གཟུགས་ལེགས་པར་མཉམ་གཞག་སྦྱོར་བ་ཡིས་བདག་བསྒྲུབ་བྱ་བསྒྲུབ་པར་བྱ་སྟེ། ཇི་ལྟར་འདོད་པ་ཇི་ལྟར་མོས་པ་བསྒྲུབ་པའོ། །དེ་གསུངས་པ། དེ་ནས་ཕྱི་ནས་ཅི་འདོད་པར། །ཞེས་པ་སྟེ། ཕྱིའི་དུས་ན་ཇི་ལྟར་འདོད་པའི་ལས།


DTG027_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚ་ཚའི་ལས་དང་གསུང་རབ་འདོན་པ་ལ་སོགས་པ་དགེ་བཅུའི་སྤྱོད་པ་ནི། ཅི་འདོད་འདོད་པའི་བྱ་བ་ལས། །ཞེས་པ་སྟེ། ཇི་ལྟར་འདོད་པ་ཡང༌། དེའི་བྱ་བའི་ལས་ཀྱང་དེ་བས་ཅི་འདོད་པ་བྱ་བའི་ལས་ཞེས་པའོ། །གང་ཡིན་ཞེ་ན་བྱ་བའི་རྒྱུད་ལས་འགོག་པའི་སྦྱོར་བས་རྒྱུད་དང་རྗེས་སུ་མཐུན་པ་ལ་སོགས་པའི་ཟ་བ་ནི་ཀུན་ཟས་ཤེས་པའོ། །གར་གྱི་སྦྱོར་བའི་རྗེས་སུ་སྒྲུབ་པའི་བྱེད་པ་ནི་ཀུན་བྱེད་ཅེས་པའོ། །ལངས་པའམ་ནི་འདུག་པའམ། །འགྲོ་བ་ཡིས་སམ་འགྲེང་པ་ཡིས། །ཞེས་པ་དེས་ནི་འདུག་པའི་དམ་བཅས་པ་མེད་པ་གསུངས་པའོ། །གང་དང་གང་དུ་དེ་ཅིའི་བཞིན། །ཞེས་པ་ནི་གནས་ཀྱི་ཚད་མ་མེད་པ་གསུངས་པའོ། །གང་གང་དབང་པོ་ཞེས་སོགས་ནི་གང་གང་དངོས་པོའི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཀྱི་རང་བཞིན་མིག་གི་དབང་པོ་ལ་སོགས་པའི་སྤྱོད་ཡུལ་དུ་སློབ་པར་འགྱུར་ན། དབང་པོའི་ལམ་ཉིད་དུ་འགྲོ་བ། །དངོས་པོ་དེ་དང་དེ་ནི་དེའི་རང་བཞིན་གཟུགས་ཀྱི་རང་བཞིན་དང་ལྷན་ཅིག་པར་བྱའོ། །དེ་ལྟར་སྒྲ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒྲ་དང་དྲི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དྲི་དང༌། རོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རོ་དང༌། རེག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རེག་དང༌། ཆོས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆོས་ལྷན་ཅིག་པར་བྱའོ། །དེ་ལྟར་ན་དེའི་དངོས་པོའི་རང་བཞིན་དང་གཅིག་པར་བྱའོ་ཞེས་པའོ། །སྦྱོར་བ་གཞན་མེད་པའི་སྦྱོར་བའི་བསྒོམ་པའི་རང་བཞིན་དེས། དེ་ཉིད་སྦྱོར་བས་འགྲུབ་པས་བསྐྱེད་པར་བྱས་ནས་རིགས་ཀྱི་ལྷ་ཐམས་ཅད་ཀྱི་རང་བཞིན་ཐམས་ཅད་ཁོ་ན་འགྲུབ་པོ་ཞེས་འབྲེལ་ཏོ། །དེ་གང་ལས་ཡིན་ཞེ་ན་གསུངས་པ། སངས་རྒྱས་ཀུན་དངོས་ཐམས་ཅད་དོ། །ཞེས་པ་སྟེ། ལྷ་ཐམས་ཅད་ཀྱི་རང་བཞིན་གཟུགས་ལ་སོགས་པ་ཐམས་ཅད་རྟག་པར་རྒྱུན་མི་འཆད་པར་མངོན་དུ་བསྒོམས་ན་རབ་ཏུ་འགྲུབ་ཅེས་པའོ། །ཅི་འདྲ་བར་རབ་ཏུ་འགྲུབ་ཅེ་ན་གསུངས་པ། སངས་རྒྱས་ཐམས་ཅད་ཅེས་སོགས་ཏེ། དབང་ཕྱུག་འགྱུར་ཞེས་པ་དང་འབྲེལ་ཏོ། །དེ་ལ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་པ་ནི་བཤད་ཟིན་ཏོ། །

རྟོག་པའི་དོན་བསྡུས་པ།


DTG027_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

༄། ། མཁས་པ་གང་གིས་དད་པས་ཀློག །ཅེས་པ་ནི། ཨོཾ་ཊཀྐི་ནི་ཧཱུཾ་ཛཿཞེས་པའི་སྔགས་གང་


DTG027_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བསྒོམ་པ་ཉིད་ཀྱིས་མཉམ་གཞག་མེད་པའི་སྦྱོར་བ་དང༌། སྦྱོར་ནས་བཟླས་ན། མཁས་པ་དེ་ནི་བགེགས་ཀུན་ལས་གྲོལ་ཏེ་ཞེས་སྒྲིབ་པ་ཐམས་ཅད་མེད་ནས། དངོས་གྲུབ་ཐམས་ཅད་དབང་ཕྱུག་འགྱུར། །ཞེས་སོ། དེ་ལྟར་སྣ་ཚོགས་རྗེས་སུ་ཆགས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །བདག་ནི་འདི་ན་ཞེས་པ་ནི་གཏན་ལ་ཕབ་པའི་ཡེ་ཤེས་སོ། །སྙིང་པོ་ཞེས་པ་ནི་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི་རྒྱུད་ཀྱི་རྣམ་པའོ། །ཆེན་པོ་ཡང་དེ་མཆོག་ཀྱང་དེ་ཉིད་པས་ཆེན་པོའི་མཆོག་ཅེས་པའོ། །བདེ་བ་ཆེན་པོའི་མཆོག་གི་མཆོག་འགྱུར་མཐུ་ཆེན་པོ་ཞེས་པ་ནི་མཐུ་ཆེན་པོར་འགྱུར་པའོ། །ཀུན་མཆོག་སེམས་ཅན་འབྱུང་བ་ཡི། །ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་ཀུན་མཆོག་ཅེས་པ་སྟེ། རྒྱུད་འདེ་ལས་བསྐྱེད་པ་ནི་འབྱུང་བ་ཞེས་པའོ། །དེས་ན་དེ་དག་གི་རྒྱུད་འདི་ནི་དེ་ལྟར་རོ། །ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ་རྟག་པར་ཅིའི་ཕྱིར་ཞེས་པ་སྟེ། ཅིའི་ཕྱིར་གྱི་སྒྲ་ནི་དམ་ཚིག་མགོ་འདྲེན་པའོ། །ཅིའི་ཕྱིར་རྒྱུད་འདི་ཐམས་ཅད་ལ་རྟག་པར་གནས་པ། སེམས་ཀྱི་ཁམས་ཐམས་ཅད་ལ་ཀུན་མཆོག་སའི་དབང་ཕྱུག་ཉིད་ནི་སྦྱིན་པའོ་ཞེས་པ་སྟེ། །ཀུན་མཆོག་ཀྱང་དེ་ས་ཡང་དེ་ཉིད་པས། ཀུན་ས་ནི་རིགས་ལ་ཕུན་སུམ་ཚོགས་པའོ། །དེ་ཡིས་དབང་ཕྱུག་ཅེས་པ་ནི་དབང་ཕྱུག་ནི་ཀུན་མཆོག་སའི་དབང་ཕྱུག་ཅེས་པ་སྟེ་རྡོ་རྗེ་འཛིན་ནོ། །དེའི་ངོ་བོ་ཉིད་ནི་ཀུན་མཆོག་སའི་དབང་ཕྱུག་ཉིད་ནི་ཞེས་པ་སྟེ། སྒྲུབ་པ་པོ་རྣམས་ལ་སྦྱིན་པའི་རྒྱུད་འདི་ནི། ཡོན་ཏན་འདི་དག་གིས་ཁྱད་པར་དུ་གྱུར་པ་འབའ་ཞིག་ཁོ་ན་མ་ཡིན་ཏེ། གང་གིས་ཀྱང་འདི་ཡོངས་སུ་རྫོགས་པར་བྱ་བར་ནུས་པ་མ་ཡིན་ཏེ་ཞེ་ན། གསུངས་པ། མཐའ་ཡས་ཞེས་པ་ལ་སོགས་པ་སྟེ། འདི་ནི་མཐའ་ཡས་མེད་པ་ན་མཐའ་ཞེས་པའོ། །མཐའ་ཡས་ཉིད་ཀྱི་ཕྱིར་ཁོ་ནས། གང་གིས་འདིའི་མཐའ་ཐོག་མ་མེད་ཅེས་པའོ། །དེ་བས་ན་ཐོག་མ་མེད་པའི་ཕྱིར་ཐུབ་མེད་ཅེས་པའོ། །ཡོངས་སུ་རྫོགས་པ་མེད་པའོ། །ཕྱིར་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །ཐུབ་པ་མེད་པ་ཁོ་ན་ཞེས་པའོ། །ཚུལ་ཡང༌། དེ་ཆེན་པོ་ཡང་དེ་ཉིད་པས། །ཚུལ་ཞེས་པ་སྟེ། འབྲས་བུ་དང་བཅས་པའི་བྱང་ཆུབ་


DTG027_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའི་ལམ་གྱི་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཞེས་པའི་དོན་ཏོ། །འདི་གང་དག་ཡིན་ཞེ་ན་གསུངས་པ། ཆེན་པོའི་ཆེན་པོ་ཐམས་ཅད་ཀྱི། །ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས། །རིགས་ཀྱི་ལྷ་ཐམས་ཅད་ནི་ཆེན་པོའི་ཆེན་པོ་ཐམས་ཅད་ཅེས་པའོ། །དེ་དག་གི་རྒྱུད་འདི་འདིའི་ནམ་མཁའ་བཞིན་དུ་ཁྱབ་པས་ནམ་མཁའ་དང་མཉམ་ཞེས་པའོ། །ལས་ཅི་བྱེད་པས་ཡིན་ཞེ་ན། གསུངས་པ། མཆོག་གི་དངོས་གྲུབ་འཕེལ་བར་སྦྱིན། །ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་དངོས་གྲུབ་ཅེས་པའོ། །དེའི་འབྲེལ་བ་ཞེས་པ་ནི་སྐད་ཅིག་མ་རེ་རེ་ཁོ་ན་ལ་ཕྱི་ཕྱིར་རྒྱུན་མི་འཆད་པར་བསྐྱེད་པའོ། །དེ་སྦྱིན་པས་ན་མཆོག་གི་དངོས་གྲུབ་འཕེལ་བར་སྦྱིན་ཞེས་པའོ། །དེ་བས་ན་རྒྱུད་འདི་ཡོངས་སུ་རྫོགས་པར་བྱེད་པས་ནི་གང་གིས་ནུས་ཞེས་པ་དང་འབྲེལ་ཏོ་ཞེས་ཚིག་འདྲེན་པར་བྱེད་དོ། །གདོད་མ་དང་ཐ་མ་མེད་ཅེས་པ་ནི་གདོད་མ་ནི་དངོས་པོ་མེད་པའོ། །ཐ་མ་ནི་ཡོངས་སུ་རྫོགས་ནས་འབྲེལ་པ་མེད་པར་འཇིག་པའོ། །དེ་གཉིས་མེད་པ་དང་ལྡན་པ་དེ་ནི། གདོད་མ་དང་ཐ་མ་མེད་ཅེས་པ་སྟེ། དང་པོ་དང་གཞུག་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཇི་ལྟར་གདོད་མ་ཐ་མ་མེད་པ་གསུངས་པས། ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེས་ཀུན་དུ་རྟོག་པའོ། །དེ་བས་ན། གང་གིས་རྫོགས་བྱེད་ནུས་པ་མིན། །ཞེས་པ་སྟེ། གང་གིས་ཀྱང་རྫོགས་བྱེད་མི་ནུས་པ་དེ་ཇི་ལྟར་ཡོངས་སུ་རྫོགས་པ་ཡིན་ཞེ་ན་གསུངས་པ། སེམས་ཅན་ལེ་ལོ་ཅན་ཞེས་པ་ལ་སོགས་པ་སྟེ། ཅིའི་ཕྱིར་ན། སེམས་ཅན་ལེ་ལོ་ཅན་རྒྱུད་རྒྱས་པ་ལ་འཇིགས་པའོ། །ཉུང་བར་འདོད་པའི་རྣམ་པའི་དབྱིངས་རྟག་པར་གནས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་དེ་ཀུན་དུ་ཁྱབ་པ་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་མངོན་པར་མི་ལྡན་པའོ། །དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ལ་མི་དད་པ་སྟེ། བསྒྲུབ་བྱ་དང་མི་སྦྱོར་བའི་ཕྱིར་ལྐོག་སྨྲ་བ་ཞེས་པ་ནི་གཞན་སྨྲ་ཞིང་གཞན་དུ་བྱེད་པའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ལྐོག་སྨྲ་བ་ཡིན་ཞེ་ན། གསུངས་པ་མ་དག་པ་ཞེས་པ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པས་མ་བྱིན་པ་ནི་མ་དག་


DTG027_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཞེས་སོ། །རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དོ། །འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་ནི་རྗེས་སུ་ཆགས་པའོ། །སྡོམ་པའི་ཚུལ་ཁྲིམས་ཀྱི་སྔགས་ལ་ཆགས་པ་ནི་ཆགས་བྲལ་དགའ་བ་ཡང་ཞེས་པའོ། །དེ་འདྲ་བའི་ཡོངས་སུ་མ་དག་པའི་སེམས་ཅན་དེ་དག་ལ་ཕན་གདགས་པར་བྱ་བའི་དོན་དུ་རྫོགས་པ་ཡིན་པ་དང་འབྲེལ་ཏོ། །བྱམས་པའི་སེམས་ཅན་གྱིས་མཐའ་ཡས་པར་སྟོན་པ་ཐོས་ནས། སྤང་བར་བྱས་ནས་མནར་མེད་པའི་དམྱལ་བ་ཆེན་པོ་ལ་ལྟུང་བར་འགྱུར་རོ། །དེ་བས་ན་རྫོགས་པ་ཞེས་པ་ནི་རྒྱུད་ཀྱི་རྒྱལ་པོ་འདི་མདོར་བསྡུས་ནས་ཡོངས་སུ་རྫོགས་པར་བྱས་སོ། །གང་གིས་ཁྱིམ་དུ་བཟུང་བ་ཞེས་པ་ནི་གླེགས་བམ་དུ་བྲིས་པ་དང༌། བཟུང་བ་དང་དོན་བཟུང་བའོ། །གང་གིས་འགྲུབ་པ་དང༌། བདག་གིས་ཇི་ལྟར་སྟོན་པར་འགྲུབ་པར་བྱེད་ཅེས་པ་ནི་སྦྱོར་བ་དང༌། རྗེས་སུ་སྦྱོར་བར་བསྒྲུབས་པ་ཡིས། །ཇི་ལྟར་གསུངས་པའི་རྒྱུད་འདི་འགྲུབ་པར་བྱེད་པ་གང་བསྒོམས་པའི་སྟོབས་ཀྱིས་འགྲུབ་པར་འགྱུར་ཏེ། སྒྲུབ་པ་མྱོང་བའོ། །ཐམས་ཅད་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཆོག་བཀོད་པའི་རྒྱུན་ནོ། །མི་འགྲུབ་པ་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་མི་བསྐྱོད་པའི་རྣལ་འབྱོར་པའོ། །ཅི་འདྲ་བ་ཡིན་ཞེ་ན། གསུངས་པ། གང་གིས་བསྒྲུབ་པ་རྡོ་རྗེ་འཛིན་པ་ལ་སོགས་པ་དང་ཞེས་པ་སྟེ། བྲི་བར་བྱས་ཞེས་པ་དང་འབྲེལ་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་སོ། །སོགས་པའི་སྒྲས་ནི་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ཕྱག་མཚན་གྱི་མྱུ་གུ་གཟུགས་བརྙན་ལ་སོགས་པ་ནི་མདུན་དུ་བཞག་པ་ལ་གཟུང་བར་བྱའོ། །དེ་དག་གང་དུ་བསྒྲུབ་པར་བྱ་བ་ཡིན་ཞེ་ན། གསུངས་པ། གཟུགས་ལ་སོགས་པ་ཐམས་ཅད་འདི་ལས་ཞེས་པ་སྟེ། ལུགས་མ་བརྡུངས་མ་བྱས་པ་བྲིས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཕྱག་མཚན་གྱི་མྱུ་གུ་གཟུགས་བརྙན་ལ་སོགས་པ་མདུན་དུ་གཞག་པ་ལའོ། །འདི་དག་ཐམས་ཅད་ནི་གོང་དུ་གསུངས་པའི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གཟུགས་ཀྱི་ངོ་བོ་ཡིན་ནོ། །ཡང་ཇི་ལྟར་གསུངས་པའི་གང་གིས་ནུས་པའི་ངོ་བོས་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་ལ་


DTG027_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་བསྒོམ་པའི་ངོ་བོ་བཞི་ནི། ཇི་ལྟར་མོས་པ་བཞིན་ཞེས་པ་དང་གང་ལྡན་པ་དེ་དེ་ལྟར་རོ། །གང་བྱས་པ་ཡིན་ཞེ་ན། གསུངས་པ། ཡི་གེ་ཧཱུཾ་ཡང་ཇི་ལྟར་རབ་ཏུ་འདོད་པར་བྲིས་བྱས་ན། །ཞེས་པ་སྟེ། ཡང་ཞེས་པའི་སྒྲ་ནི་ལྷག་པའི་དོན་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་དང༌། མཚན་མའི་ཕྱག་རྒྱ་འབའ་ཞིག་བྲི་བ་ནི་མ་ཡིན་ཏེ། ཡི་གེ་ཧཱུཾ་ཡང་བྲི་བར་བྱའོ་ཞེས་ལྷག་པའི་དོན་གསུངས་པའོ། །དེས་ནི་རང་འདོད་དངོས་གྲུབ་ཆོ་ག་བཞིན་དུ་འཐོབ་ཅེས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་སྒྲུབ་པ་པོས་ཡིད་ཀྱིས་ཇི་ལྟར་འདོད་པའི་དངོས་གྲུབ་ནི་རང་འདོད་དངོས་གྲུབ་ཅེས་པའོ། །རང་འདོད་དངོས་གྲུབ་དེ་དཀྱིལ་འཁོར་ལ་སོགས་པའི་ཆོ་ག་བཞིན་དུ་འགྲུབ་པར་བྱ་བ་གང་ཡིན་པ་ངེས་ནི་ཐོབ་ཅེས་ཏེ། གཞན་དུ་ནི་མ་ཡིན་ནོ། །སེམས་ཅན་དོན་དུ་ཞེས་པ་ལ་སོགས་པ་ནི་ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པའི། །སྒྲུབ་པ་པོས་སྡིག་པ་ཟད་པར་བྱ་བའི་ཟ་བ་སྤངས་པ་ལ་སོགས་པ་བཏགས་པ་བྱས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པས་གསུངས་ཏེ། བསྒོམ་པའི་སྟོབས་ཁོ་ནས་སྡིག་པ་ཟད་པའི་ཕྱིར་རོ། །རྒྱུ་དེ་ཁོ་ནའི་ཕྱིར་ཕྱིའི་བགེགས་ནི་མེད་པའོ། །དེའི་ཕྱིར་གསུངས་པ། འདི་ལ་བགེགས་མེད་ཅེས་པ་སྟེ། བདུད་ཀྱང་མེད་པའོ། །རྟོག་པ་ཡིས་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་བསྒོམ་པའི་སྟོབས་ཀྱིས་བདུད་བཞི་མི་དམིགས་པར་རྟོག་པ་འདིའོ། །རྟོག་པ་འདི་ལ་ཡིན་པ་ཅིའི་ཕྱིར། དེ་བས་ན་དངོས་གྲུབ་ཐམས་ཅད་འཕེལ་བ་ཁོ་ན་བྱིན་གྱིས་རློབ་ཅེས་པ་སྟེ། རྟོག་པ་འདི་ལ་ཇི་ལྟར་བྱ་བའི་རྒྱུད་ལ་ཞུགས་པ་རྣམས་ཀྱིས་ནི་བདག་བདུད་ཀྱི་གཟུགས་ཀྱིས་དམིགས་པའི་སྟོབས་ཀྱི་ཕྱིར། བདུད་ཉིད་ཀྱི་ནི་འགྲོ་བ་དེ་ལྟར་འདིར་མ་ཡིན་ནོ། །མི་བརྟན་པ་ཉིད་ཀྱང་མིན་ཞེས་པ་སྟེ། ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པ་ལ་གནས་པ་རྣམས་ཀྱིས་དྲན་པ་ཉམས་པར་འགྱུར་བ་ལ་སོགས་པའི་ངོ་བོས་མི་བརྟན་པར་འགྱུར་བ་བདག་དེ་ལྟར་འདིར་མ་ཡིན་ནོ། །བརྟན་པའི་རྒྱུའི་ཕྱིར་བདག་གིས་སྟོན་པར་མི་བྱེད་དེ་ཞེས་པ་ནི་ཇི་ལྟར་བྱ་བའི་རྒྱུད་ཁོ་ན་ལ་ཟ་བ་སྤངས་པ་ལ་སོགས་པའི་ངོ་བོར་སྒྲུབ་པ་པོ་ལ་བདག་གིས་བརྟན་པ་


DTG027_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདིར་བདག་མ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམས་པའི་སྟོབས་ཁོ་ནས་བདག་བརྟན་པར་འགྱུར་བ་དང༌། མྱུར་བར་མཆོག་གི་མཆོག་ཉིད་འགྲུབ་པའི་ཕྱིར། བརྟན་འགྱུར་བྱེད་ཅེས་པའི་ཕྱིར་རོ། །གང་གི་ཡིན་ཞེ་ན། གསུངས་པ། གང་དག་གིས་ནི་རྟོག་པ་འདིའི་མཆོག་ཆེན་པོ་སྒྲུབ་བྱད་པའོ་ཞེས་པའོ། །ཁྱད་པར་ཅི་འདྲ་བ་ཕྱིན་འགྱུར་བ་ཡིན་ཞེ་ན། གསུངས་པ། མཆོག་ཆེན་དངོས་གྲུབ་ཅེས་པ་ལ་སོགས་པ་སྟེ། རྟག་པར་བདག་གིས་ཐུབ་པར་བྱེད། །ཅེས་པ་དང་འབྲེལ་ཏོ། །དེ་ལ་མཆོག་ཆེན་ཞེས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེ་ལ་གནས་ནས་དངོས་གྲུབ་ཅེས་པའོ། །དག་པར་ཞེས་པ་ནི་ད་ལྟར་གྱི་དུས་ཀྱི་རང་བཞིན་ཉིད་དུ་རྟག་པར་གནས་པའོ། །བདེ་ཆེན་དང་ཞེས་པ་ནི་ཐར་པ་ཆེན་པོའོ། །ཆགས་དང་ཞེས་པ་ནི་སེམས་ཅན་སྨིན་པར་བྱ་བ་དང་གྲོལ་བར་བྱ་བ་ལ་ཆགས་པའོ། །ཤིན་ཏུ་དགའ་དང་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཡིག་ཆེན་ཞེས་པ་ནི་གདོད་མ་དང་ཐ་མ་མེད་པའོ། །རྟག་པར་ཞེས་པ་ནི་དུས་ཐམས་ཅད་དོ། །ཁྱད་པར་ཅི་འདྲ་བ་ཡིན། གང་གིས་གྲུབ་པ་ཡིན་ཞེ་ན། གསུངས་པ། གང་གི་སྙིང་པོས་བདག་ལ་རྟག་ཏུ་འགྲུབ་བྱེད་པའི་ཞེས་པ་སྟེ། ཡི་གེ་ཧཱུཾ་ལ་སོགས་པའི་སྙིང་པོས་རྟག་པར་སྒོམ་པས་བསྒོམས་ན། གང་གིས་བདག་འགྲུབ་པར་བྱེད་པ་དེས་བདག་བརྟན་པར་བྱེད་ཅེས་པ་དང་འབྲེལ་ཏོ། །དེ་ནས་དེ་མ་ཐག་པའི་སྒྲས་ཏེ་རྟོག་པ་བརྟན་པ་དེ་མ་ཐག་ཏུ་ཁོ་ན་ཞེས་སོ། །མཆོག་སྐྱེས་ཞེས་པ་ནི་སེམས་རྟོགས་པའི་མཚན་ཉིད་དེ་ཉིད་རྣམ་པ་ལྔ་ནི་མཆོག་ཅེས་པའོ། །དེ་ལ་སྐྱེ་བ་ནི་མཆོག་སྐྱེས་ཞེས་པའོ། །རྒྱལ་བ་ཐམས་ཅད་ཅེས་པ་ནི་དཔལ་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པའི་གཟུགས་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་སོ། །དགའ་གནས་སུ་ཞེས་པ་ནི་ལེགས་པར་ཤིན་ཏུ་བདེ་བ་བསྐྱེད་པའོ། །འཛུམ་པ་ཆེན་པོ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བདག་གི་དངོས་པོས་ཀུན་དུ་ཁྱབ་


DTG027_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་ཅུང་ཟད་འཛུམ་པ་ཆེན་པོ་ཞེས་པའོ། །དེ་ཁོ་ནའི་འགྲེལ་པ་ཐམས་ཅད་ཁྱབ་པ་ཞེས་པ་སྟེ། ཀུན་དུ་ཁྱབ་པ་སྟེ་འཛུམ་པ་ཆེན་པོ་མཚར་པོར་བྱེད་པ་དང་ལྡན་པ་ནི་རྣམ་པར་བྱེད་ཅེས་པའོ། །ཀུན་ནས་དེ་ལ་ལེགས་པའི་སྒྲ་ནི་འབུལ་བར་བྱེད་ཅེས་པ་ནི། ཤིན་ཏུ་དགའ་བའི་རྒྱུད་དེའི་ཕྱིར། འོག་ན་སྟོན་པའི་ལེགས་པའི་སྒྲ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་དབུལ་བར་བྱེད་ཅེས་པའོ། །རྒྱུ་གང་ཡིན་ཞེ་ན། གསུངས་པ། བདག་གི་དབྱིངས་ཀུན་ཞེས་པ་ལ་སོགས་པ་སྟེ། བདག་གི་དབྱིངས་ཀུན་གྱི་ཞེས་པ་ནི་དེ་བཞིན་ཉིད་དང་ནམ་མཁའི་དབྱིངས་སོ། །དེ་རྡུལ་ཕྲ་རབ་ནི་རྡུལ་ཕྲན་ཞེས་སོ། །དེ་ལ་རྟོག་པ་གནས་པ་ཀུན་དུ་ཆེར་ཁྱབ་པ་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྡུལ་ཕྲན་ནི་བདག་གི་དབྱིངས་ནམ་མཁའི་རྡུལ་ཕྲན་ཞེས་པའོ། །ཆེ་མཆོག་གཟུགས་ཀྱི་ཞེས་པ་ནི། དེ་ལ་རྟོག་པ་ཀུན་དུ་གནས་པ་ཆེར་ཁྱབ་པ་སྐུ་གསང་བའི་གཟུགས་རྣམས་སོ། །དེ་དག་གིས་ཇི་ལྟར་གསུངས་པའི་ལེགས་པའི་སྒྲ་འབྱིན་ཏོ་ཞེས་པའི་ཐ་ཚིག་གོ །སྦྱིན་པ་དེ་ཇི་ལྟར་འདྲ་བ་ཡིན་ཞེ་ན། གསུངས་པ། ཕ་མཆོག་ཅེས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའ་ནི་ཕ་ཞེས་པའོ། །དེ་ཉིད་དེ་བཞིན་གཤེགས་པ་དང༌། དེ་བཞིན་གཤེགས་པ་ལ་ཁྱབ་པར་ངོ་བོར་འགྱུར་བས་མཆོག་གྱུར་པ་ཞེས་པའོ། །དེ་ཁོ་ན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་བའི་དུས་སུ། །རང་གི་སྙིང་ག་ནས་སྤྲུལ་པའི་ཕྱིར་ན་ཕ་མཆོག་གྱུར་པ་སངས་རྒྱས་ཞེས་པའོ། །དེ་འདྲ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བོད་པའི་ཚིག་ཁོ་ན་གསུངས་པ། ཀྱེ་ལེགས་སོ་ལེགས་སོ་ཞེས་པ་སྟེ། ཁྱོད་ཀྱིས་གང་དཔལ་རྡོ་རྗེ་སེམས་དཔའ་དང༌། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་པ། དེ་ཀུན་ལེགས་སོ་མཛེས་སོ་སྐྱོན་ཐམས་ཅད་མེད་དོ་ཞེས་པའོ། །མཆོག་གི་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་རིན་ཆེན་གྱི་མཆོག་ཅེས་པའོ། །རྡོ་རྗེ་ལས་བྱུང་ཞེས་པ་ནི་དཔལ་ཁྲག་འཐུང་དང༌། རྡོ་རྗེ་ཉི་མ་འཁོར་དང་བཅས་པ་གསུངས་སོ། །ལེགས་སོ་ལེགས་ཞེས་པ་ནི་གོང་མ་བཞིན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཁྱོད་ཀྱིས་འདིར་གང་དཔལ་ཁྲག་


DTG027_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཐུང་དང༌། རྡོ་རྗེ་ཉི་མའི་དེ་ཁོ་ན་ཉིད་གསུངས་པ། དེ་ཀུན་ནི་ལེགས་སོ་ཞེས་པའོ། །དམ་པའི་ཆོས་ཀྱི་བདག་ཉིད་ལགས་སོ་ལེགས་སོ་ཞེས་པ་ནི་རྣམ་པ་རྣམས་ཀྱི་ཆོས་ནི་དམ་པའི་ཆོས་ཞེས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སེམས་དང་སེམས་ལས་བྱུང་བའི་ཚོགས་དང་པདྨའི་རིགས་སོ། །ཆོས་ཀྱི་བདག་ཉིད་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། པདྨོའི་རིགས་ནི་ཆོས་ཞེས་པ་སྟེ། དེའི་རང་བཞིན་ནི་ཆོས་ཀྱི་བདག་ཉིད་པདྨ་གར་གྱི་དབང་ཕྱུག་གོ །ལེགས་སོ་ལེགས་སོ་ཞེས་པ་ནི་བཤད་ཟིན་ཏོ། །དེས་ཀྱང་འདི་གསུང་བར་འགྱུར་ཏེ། ཁྱོད་ཀྱིས་འདིར་གང་པདྨའི་རིགས་ཀྱི་དེ་ཁོ་ན་ཉིད་གསུངས་པ། དེ་ཀུན་ཡང་མཛེས་སོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པའི་ཐ་ཚིག་གོ །དམ་པའི་ལས་ཅན་མཆོད་པའི་བདག་ཉིད་ལེགས་སོ་ལེགས་སོ་ཞེས་པ་ནི། དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལས་ནི་དམ་པའི་ལས་ཞེས་པ་སྟེ། སེམས་ཅན་གྱི་དོན་བྱེད་པ་དང༌། འཕགས་པ་ལ་མཆོད་པའི་ལས་བྱེད་པའི་མཚན་ཉིད་དོ། །དེའི་བརྩོན་པ་ནི་མཆོད་པ་སྟེ། དེའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དཔལ་རྟ་མཆོག་གང་ཁྱོད་ཀྱིས་སྤྲུལ་པ་དེ་ཡང་ལེགས་སོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་བདེ་བའི་ཚིག་གསུངས་པའོ། །རྟོག་པ་བྱིན་བརླབ་ཅེས་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ཀྱི་རང་བཞིན་སློབ་དཔོན་རིམ་པས། ཇི་ལྟར་མ་འོངས་པའི་དུས་སུ་རྒྱུན་མི་འཆད་པར་གནས་པར་འགྱུར་བ་དེ་ལྟར་བརྟན་པར་བྱེད་པའོ། །མཉམ་པར་བྱིན་གྱིས་བརླབས་ཞེས་པ་ནི་ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་རྟོག་པ་འདི་བྱིན་ཆགས་པའི་དོན་དུ་བྱིན་གྱིས་བརླབས་པའོ། །དོན་ཡོད་གྲུབ་ཅེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཚད་མར་གྱུར་པ་དང་གང་ལྡན་པར་རྟོག་པ་དེ་ནི་དོན་ཡོད་དངོས་གྲུབ་ཅེས་པའོ། །དོན་ཡོད་དངོས་གྲུབ་དེ་ལ་རྟག་ཏུ་ཞེས་རྒྱུན་མི་འཆད་པར་སྐད་ཅིག་རེ་རེ་ལ་ཡིག་འབྲུ་ཆེན་པོ་ཞེས་ད་ལྟའི་དུས་ཀྱི་རང་བཞིན་


DTG027_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་རྟག་པར་གནས་པའོ། །གྲུབ་པས་ཕྱིན་མི་འདུལ་བའི་དུས་ནི་ཞེས་པ་ནི་དུས་ཀྱི་སྙིགས་མ་ལ་འཐབ་མོའི་དུས་ཞེས་སོ། །དེ་དག་གི་ཡང་ཇི་ལྟར་ཞེས་པ་ནི་ཇི་ལྟར་གསུངས་པའི་ལེ་ལོ་ཅན་གྱི་སེམས་ཅན་ཉུང་བ་ཙམ་འདོད་པ་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་པ་ལ་སོགས་པ་རྣམས་ཀྱི་བསྒོམས་པ་ལས་བྱུང་བ་དམ་པའི་བདེ་བར་གྱུར་པའི་ཕྱིར་ཞེས་པ་ནི། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ལ་གསོལ་བ་གདབ་པའོ། །དེ་ལྟར་ངག་ཆེན་ཞུས་ནས་སུ། །ཞེས་པ་ནི་གོང་དུ་གསུངས་པའི་ལེགས་སོ་ལ་སོགས་པའི་སྦྱིན་པའི་ངག་གོ །སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པ་ནི་ཇི་ལྟར་གསུངས་པའི་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་དང༌། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་བཅས་པ་ནི་སྲས་བཅས་ཞེས་པའོ། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡིས། །གསུངས་པ་ལ་ནི་མངོན་པར་བསྟོད། །ཅེས་པ་ནི་ཀུན་ལ་ཁྱབ་པ་ཀུན་གྱི་བདག་ཉིད་རྡོ་རྗེ་སེམས་དཔས་གང་དག་འདིར་གསུངས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་དེ་དག་ལ་དེ་བཞིན་གཤེགས་པ་དེ་དག་གིས་མངོན་པར་བསྟོད་པར་གྱུར་ཏོ་ཞེས་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་ལ། །སངས་རྒྱས་ཉི་མ་ཟླ་བ་ནི། །དམ་པའི་ཡིག་འབྲུ་དར་བར་ཤོག །སྔོན་གྱི་སྨོན་ལམ་འབྱུང་བ་ཡིས། །སྐུ་ཡི་སྤྲིན་ནི་མཐའ་ཡས་པས། །ཡོན་ཏན་མཐའ་ཡས་གྲགས་པ་ཡི། །རྡོ་རྗེ་སེམས་དཔའ་གསུངས་པ་ལ། །རྡོ་རྗེ་སེམས་དཔའ་འབྱུང་བ་འདིར། །དངོས་གྲུབ་བདག་ཉིད་ལྷན་ཅིག་པའི། །བྱང་ཆུབ་སེམས་སོགས་ལ་ཆགས་པའི། །འགྲོ་བ་དཀར་པོར་འགྱུར་བར་ཤོག །ཐབས་དང་ཤེས་རབ་དངོས་བསྟན་པ། །ཐར་པ་ཐམས་ཅད་རྣམ་དག་པ། །གཏན་དུ་སྲིད་པ་འགྲུབ་པའོ། །དཔལ་ལྡན་ཁྲག་འཐུང་ཞེས་བྱ་བ། །དྲག་པོ་སྡང་བ་འཇོམས་བྱེད་པ། །དྲག་སོགས་སྡང་བ་མེད་དོན་དུ། །སྙིང་རྗེ་ཐབས་ཀྱིས་སྲེད་གནས་པ། །སངས་རྒྱས་ཀུན་གཞི་དར་བར་ཤོག །པདྨ་འདྲ་བར་འབྱུང་དག་པ། །ཤེས་རབ་མར་མེ་འབར་བ་ཆེ། །ཡེ་ཤེས་


DTG027_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མུན་པ་མེད་བྱེད་ཕྱིར། །འཇིག་རྟེན་ཀུན་གྱི་དབང་ཕྱུག་གཙོ། །པདྨའི་ཟླ་བ་དར་བར་ཤོག །ཡིད་བཞིན་ནོར་བུ་ཉམས་དགའ་བ། །སེར་སྣའི་ཉེས་པ་མེད་བྱེད་ཕྱིར། །ཀུན་གྱི་བདག་པོར་སྦྱིན་བྱེད་པ། །སྙིང་རྗེའི་ཉི་མ་དར་བར་ཤོག །དཔལ་ལྡན་རྟ་མཆོག་རྒྱལ་པོ་ཡང༌། །རྒྱལ་པོ་ཐམས་ཅད་འཇོམས་བྱེད་པ། །ལེ་ལོའི་དྲི་མ་མེད་དོན་དུ། །བརྩོན་འགྲུས་ལས་ཀྱི་དངོས་པོ་དགེ། །དགེ་བའི་ལས་ལ་བརྩོན་འགྲུས་དངོས། །ལྟ་བ་ངན་པ་མེད་དོན་དུ། །དགེ་བའི་ཤེས་རབ་སྣང་བྱེད་ཤོག །ཅེས་སོ། །རྒྱུད་འདི་རྣམ་པར་བཤད་བྱས་པས། །བདག་གིས་ཐོབ་པའི་དགེ་བ་གང༌། །བྱང་ཆུབ་སེམས་ཀྱི་དགེ་དགའ་བ། །སྙིང་པོ་བསམ་མེད་རྫུ་འཕྲུལ་ཆེ། །དེས་ནི་འཇིག་རྟེན་མ་ལུས་པ། །རྒྱལ་བ་རྡོ་རྗེ་འཛིན་ཆེན་ཤོག །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཇི་སྙེད་པའི་རྣམ་པར་བཤད་པ་ཤེས་རབ་སྣང་བར་བྱེད་པ་ཞེས་བྱ་བའོ། །རྣམ་པར་བཤད་པ་འདིའི་རྣམ་གྲངས་ཀྱི་ཚད་ནི་ཚིགས་སུ་བཅད་པ་དྲུག་སྟོང་ལྔ་བརྒྱ་བདུན་ཅུའོ། །སངས་རྒྱས་མཉམ་སྦྱོར་གྱི་རྣམ་པར་བཤད་པ་འདིའི་མཛད་མཁན་ནི་ཤྲཱ་ནི་ལེནྡྲན་བཞུགས་པ་རྡོ་རྗེ་སློབ་དཔོན་ཀུན་དགའ་སྙིང་པོའི་ཞེས་ཀྱིས་མཛད་པ་རྫོགས་སོ།། །།བོད་ཀྱི་དགེ་བཤེས་ལ་ཕན་ཕྱིར། །སྨྲྀ་ཏི་ཛྙཱ་ན་ཀཱི་རྟི་ཡིས། །ཊཱི་ཀ་བསྒྱུར་བའི་དགེ་འདི་ཡིས། །སེམས་ཅན་བྱང་ཆུབ་ཐོབ་པར་ཤོག །

སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀའ་འགྲེལ།
རབ་ཏུ་ཞི་བའི་བཤེས་གཉེན།

དང་པོ། དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཡེ་ཤེས་ཀྱི་ཕྱག་རྒྱའི་བརྟག་པའི་འགྲེལ་པ།


DTG027_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སརྦ་བུདྡྷ་ས་མཱཉྫ་པཉྩི་ཀཱ། བོད་སྐད་དུ། སངས་རྒྱས་ཐམས་ཅད་དང་མཉམ་བར་སྦྱོར་བའི་དཀའ་འགྲེལ། རྣལ་འབྱོར་གྱི་དབང་ཕྱུག་དམ་པ་བཅོམ་ལྡན་འདས་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །སེམས་ཅན་ཀུན་གྱི་བདེ་བ་སྐྱེད་པ། །དངོས་ཀུན་བདག་ཉིད་ཕྱག་འཚལ་ལོ། །མ་རྨོངས་བློས་ཀྱང་རྟོགས་དཀའ་བའི། །རྒྱུད་ཀྱི་མཆོག་ཅེས་བྱ་བ་སྟེ། །ཚུལ་བཞིན་གཞན་གྱིས་གསོལ་བསྐུལ་བས། །ཇི་བཞིན་གསལ་བར་རྣམ་པར་བྱེད། །འདིར་ཁ་ཅིག་ན་རེ་ཅིའི་ཕྱིར་རྒྱུད་འདིར་མགོ་ལ་སྡུད་པར་བྱེད་པས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གླེང་གཞི་མ་


DTG027_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་ཞེས་རྒོལ་བར་བྱེད་པ་ལ། ལ་ལ་དག་གིས་བཤད་པ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ན། རིགས་ཀྱི་བུ་དག་ང་ཡོངས་སུ་མྱ་ངན་ལས་འདས་ནས། ཁྱེད་རྣམས་ཀྱིས་དམ་པའི་ཆོས་རྣམས་བསྡུ་བར་བྱ་སྟེ། །ཐམས་ཅད་ཀྱི་དང་པོར་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་བྱོས་ཤིག་ཅེས་གསུངས་ལ། བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་ཏེ། དེ་བས་ན་རྟག་ཏུ་བཞུགས་ཞེས་བྱ་བའི་རིམ་པ་འདི་ཉིད་ཀྱིས་མངོན་ནོ། །གཞན་དག་ན་རེ་འཁོར་ལོས་སྒྱུར་བ་ཆེན་པོ་མངོན་སུམ་དུ་སྟོན་པར་གྱུར་པས་རྒྱུད་ཤློ་ཀ་ཁྲི་ཉིས་སྟོང་སུམ་བརྒྱ་པ་གསུངས་པ་ལས་སྟོང་ཉིས་བརྒྱ་པ་འདི་ནི་རྒྱུད་ཕྱི་མ་ཡིན་ཏེ། དེ་བས་ན་དེར་དང་པོ་རྩོམ་པ་ན་གླེང་གཞི་གྲགས་ཟིན་པས་འདིར་ཡང་མ་སྨྲས་སོ་ཞེས་འདོད་དོ། །དེ་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་ནི་བརྗོད་པར་བྱ་བ་དང༌། འབྲེལ་པ་དང་དགོས་པ་དང༌། དགོས་པའི་ཡང་དགོས་པ་དག་ཡོད་ན། འཇུག་པར་འགྱུར་བས་འདིར་དེ་དག་བསྟན་པར་བྱ་སྟེ། འདི་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་སྒྱུ་མའི་བདེ་བའི་མཆོག་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ནི་བརྗོད་པར་བྱ་བ་ཡིན་ལ། དེ་སྟོན་པའི་ཚིག་རྒྱུད་འདི་ནི་བརྗོད་པའོ། །དེ་བས་ན་བརྗོད་པར་བྱ་བ་དང༌། རྗོད་པའི་མཚན་ཉིད་དུ་འབྲེལ་པ་ནི་འབྲེལ་པའོ། །དེར་ཡང་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་འགྲོ་བ་རྣམས་དགའ་བར་བྱ་བ་ནི་དགོས་པའོ། །དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་སྒྲུབ་པ་དང༌། བསྒྲུབ་པར་བྱ་བ་མ་ཚང་བ་མེད་པའི་རིམ་པས་མཐར་ཕྱིན་པར་ནུས་ཤིང༌། རང་གི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་དགོས་པའི་ཡང་དགོས་པ་ཉིད་ཡིན་པར་ཤེས་པར་བྱའོ། །ད་ནི་རྒྱུད་འདིའི་རྟོག་པ་བཅུའི་བདག་ཉིད་ལས་དང་པོ་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བརྟག་པའི་ངོ་བོ་ཉིད་སྡུད་པར་བྱེད་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དང་པོར་གནས་ཕུན་སུམ་ཚོགས་པ་བསྟན་པ་ལ་འཇུག་པའི་ཕྱིར། སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་དཔའ་


DTG027_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་ཀུན་གྱི་དངོས། །ཞེས་བྱ་བ་ལ་སོགས་པ་སེམས་ཅན་རྣམས་ཀྱི་དོན་ལ་ཤིན་ཏུ་ཆགས་པས་ན་སེམས་དཔའོ། །ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན། སངས་རྒྱས་ཀུན་གྱི་དངོས་པོ་མི་ཕྱེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་པས་ན་རྡོ་རྗེ་སེམས་དཔའོ། །མཆོག་ཏུ་ཡང་བདེ་བ་དང་ཡིད་བདེ་བའི་ངོ་བོ་ཉིད་པས་བདེ་བའི་མཆོག་གོ །བདེ་བའི་མཆོག་ལ་སོགས་པ་དང༌། ནང་དུ་ཡང་དག་འདུས་པ་མཛད་པར་གྱུར་པའམ། ཉན་ཐོས་ལ་སོགས་པ་ལ་སྦ་བར་བྱ་བ་ཡིན་པས་ན་གསང་བ་པའོ། །ཐམས་ཅད་ཀྱི་རབ་ཏུ་གྱུར་པས་ན་མཆོག་གོ །ཉེས་པ་མ་ལུས་དང་བྲལ་བའམ། རྡོ་རྗེ་ལྷ་མོ་དང་མཉམ་པར་སྦྱོར་བའི་དགྱེས་པའི་གནས་སྐབས་ཉིད་ཀྱིས་ན་དགྱེས་པ་ནའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པའམ། ནམ་མཁའི་ཁམས་སུ་གཏོགས་པ་ཐམས་ཅད་མཉམ་པས་ན། ཐམས་ཅད་བདག་ཉིད་དེ་དཔལ་རྡོ་རྗེ་སེམས་དཔའི་གཞལ་ཡས་ཁང་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྟག་ཏུ་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །བཞི་པོ་དེ་དག་ཀྱང་རིམ་པ་བཞིན་དུ་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །བདག་ཉིད་རྫོགས་པའི་སངས་རྒྱས་ལ་སོགས་པར་བསྒོམས་པ་ལས་བྱུང་བས་ན་རང་བྱུང་སྟེ། དེ་ཉིད་ཀྱིས་ན་སངས་རྒྱས་ཐམས་ཀྱི་རང་བཞིན་ནོ། །བླ་ན་མེད་པའི་དབང་ཕྱུག་དང་ལྡན་པས་བཅོམ་ལྡན་འདས་ཏེ། དེ་ཉིད་ཀྱིས་ན་སེམས་དཔའོ། །གཉིས་པ་མེད་པས་ན་གཅིག་བུའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་སེམས་དཔའ་ནི་ཆེ་བའི་ལྷ་སྟེ་གཙོ་བོར་གྱུར་པའོ། །མི་བསྐྱོད་པ་ལ་སོགས་པ་ནི་སངས་རྒྱས་ཐམས་ཅད་དེ་བདེ་བའི་མཆོག་ལ་སོགས་པ་རྡོ་རྗེ་ལྷ་མོར་ཡོངས་སུ་གྱུར་ནས་དེ་རྣམས་ཀྱིས་ཡང་དག་པར་རམ། ཀུན་ནས་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་དང༌། ཤིན་ཏུ་སྦྱོར་བས་སེམས་སྙོམས་པར་ཞུགས་ཤིང་གཉིས་སུ་མེད་པར་བསྒོམས་པས་ཕན་ཚུན་དགྱེས་ཤིང་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་མཚན་ཉིད་དུ་སྦྱོར་བས་ན། དེའི་ཕྱིར་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བར་སྟོན་ཏོ། །ནམ་མཁའ་ལ་སྤྱོད་པའི་དངོས་གྲུབ་ཐམས་ཅད་ནི་མཁའ་འགྲོའོ། །དེ་ཉིད་ནི་སྒྱུ་མའི་གཟུགས་ཅན་པས་སྒྱུ་མ་སྟེ། དེས་བླ་ན་མེད་


DTG027_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་བདེ་བ་དང་ཡིད་བདེ་བ་ཐོབ་པ་དེའི་ངོ་བོ་ཉིད་ནི་བཅོམ་ལྡན་འདས་སོ། །དེ་བས་ན། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་བྱ་སྟེ་དེ་ཉིད་བདེ་བའི་མཆོག་ཏུ་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ལྷ་མོའི་ཚོགས་ཀྱི་ནང་དུ་ཞུགས་ན་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ་སྙམ་པ་ལ་ཆགས་པ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པ་མེད་ཅེས་བྱ་བ་ནི་ཆགས་པ་དང་བྲལ་བ་ནི་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པའོ། །དབུ་མར་ཞེས་བྱ་བ་ནི་སྒྲུབ་པའི་ཐབས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་དག་ཐམས་ཅད་ཀྱང་མི་དམིགས་ཏེ། དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ། །ལྷ་མོ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ལན་བསྟན་པའི་ཕྱིར། བུད་མེད་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་ཐམས་ཅད་ཀྱི་སྒྱུ་མ་ནི་རྗེས་སུ་ཞུགས་པ་ཡང་ཡིན་པས་ན་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་འདི་ནི་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་ནི་གཟུང་བ་དང་འཛིན་པ་སྟེ། དེ་མེད་པས་ན་གཉིས་སུ་མེད་པའོ། །འདི་གཉིས་ཀྱིས་འགྲོ་ཞིང་ཕྱིན་པས་ན་ཐེག་པ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སའི་འབྲས་བུ་དང་བཅས་པའོ། །ཉན་ཐོས་ལ་སོགས་པའི་ཐེག་པ་ལས་ཕུལ་དུ་བྱུང་བས་ན་མཆོག་གོ །རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མོ་དང་བཅས་པའི་ཡང་ཡོད་དམ་མེད་ཅེས་བྱ་བ་ལ་སོགས་པ་རང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དོན་ཡོད་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་བུད་མེད་ཐམས་ཅད་ཀྱི་སྒྱུ་མའི་ཕྱག་རྒྱ་ནི་བདེ་བའི་མཆོག་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡིན་པ་ལས་རིགས་ཀྱི་ཚོགས་གཅིག་པར་བྱས་སོ། །གཉིས་སུ་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པས་འདིའི་ངོ་བོ་ཉིད་སྟོན་པ་སྟེ། འདིས་ནི་བཅོམ་ལྡན་འདས་དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །ཀུན་རྫོབ་ཏུ་ནི་གདུལ་བྱའི་དབང་དུ་འདི་ནི་སྒྱུ་མའི་ཕྱག་རྒྱར་སྤྲུལ་ཏེ། རྣམ་པ་འདི་གཉིས་ཀྱང་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཡང་དག་པར་བསྟན་པ་ཡིན་


DTG027_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནོ། །གང་ཞིག་འདི་སྟོན་ན་ཅི་ཐབས་གཞན་དག་གིས་སེམས་ཅན་གྱི་དོན་བྱ་བ་མེད་དམ་ཞེ་ན། དེའི་ཕྱིར་སྒྱུ་མ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་དག་ནི་ཐམས་ཅད་པས། །ཞེས་བྱ་བ་ལས་སྤྲུལ་པ་ཐམས་ཅད་ཀྱི་ནང་ན་བུད་མེད་ཀྱིས་གྱུ་མ་སྟེ། བདེ་བའི་མཆོག་ལ་སོགས་པའི་ཕྱག་རྒྱ་ནི་རབ་ཏུ་ཁྱབ་པར་ཆེ་སྟེ། དེས་གདུལ་བར་བྱ་བ་རྣམས་ལ་རིམ་གྱིས་གོང་མའི་འབྲས་བུ་སྟེར་ཅིང༌། བླ་ན་མེད་པའི་བདེ་བ་དང་ཡིད་བདེ་བའི་ངོ་བོ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་བྱེད་པས་ཤིན་ཏུ་ཁྱད་པར་དུ་འཕགས་པར་གྱུར་ཏེ། དེ་བས་ན་དེ་ཉིད་ཉེ་བར་བསྟན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བྱ་བ་ཐམས་ཅད་དང་བྲལ་བ་ལ་རྒྱུ་གང་གིས་ན། འདི་ལྟར་ཁྱད་པར་དུ་གྱུར་ཅེ་ན་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་ལྷུན་གྱིས་གྲུབ་ཅིང་གྲུབ་ཟིན་པའོ། །རྒྱུ་གང་གིས་ཤེ་ན། མཐུ་དག་གིས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཆེ་བའི་བདག་ཉིད་རང་ཉིད་ཀྱིས་བསམ་ཞིང་འདོད་པ་སྟེ། དེས་བདག་ཉིད་ཀྱི་སྨོན་ལམ་ལ་བརྟེན་པའི་བར་གྱིས་སོ། །དེ་ལྟར་འདིའི་རྒྱུའི་ཆེ་བའི་བདག་ཉིད་བསྟན་ནས་འབྲས་བུ་ཆེ་བའི་བདག་ཉིད་ཉེ་བར་བསྟན་པའི་ཕྱིར། འཇིག་རྟེན་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གསུམ་ནི་ས་འོག་ས་སྟེང་ས་བླའི་མཚན་ཉིད་ཅན་ནོ། །བུད་མེད་འདིས་ཞེས་བྱ་བ་ནི་བདེ་བའི་མཆོག་ལ་སོགས་པ་སྒྲུབ་པར་བརྩོན་པའི་བུད་མེད་དོ། །འདིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའམ་སྒྱུ་མའི་ཕྱག་རྒྱའོ། །གུས་པར་བྱེད་པ་ཞེས་བྱ་བ་ནི་ཆེ་བའི་བདག་ཉིད་ཅན་དུ་བྱེད་པའོ། །ཅི་དཀའ་བ་སྤྱོད་པ་རྣམས་འགྲུབ་པར་འགྱུར་རམ་མི་འགྱུར་ཞེ་ན། རྙེད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པ་ལ་སོགས་པ་ལ་མངོན་པར་སྤྱོད་བཞིན་དུ་ཡང་འགྲུབ་པར་འགྱུར་ན་རྙེད་པ་ལ་སོགས་པ་ཡོངས་སུ་སྤོང་བ་ལ་ལྟ་ཅི་སྨོས་ཏེ། གང་གི་ཕྱིར་གན་པར་སྤྱད་པ་སྟེ། སྒྲུབ་པའི་སྤྱོད་པ་མ་ཚང་བ་རྣམས་ཀྱང་འགྲུབ་པར་འགྱུར་ཏེ། དེས་ན་དངོས་གྲུབ་མངོན་དུ་བྱེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །མཁའ་འགྲོ་མའི་དོན་བསྟན་པར་བྱ་བའི་ཕྱིར་རང་གི་ངོ་བོ་


DTG027_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ངོ་བོ་ཡོངས་སུ་བསྒྱུར་ན་ཞེས་པ་ནི་རང་གི་གནས་ཡོངས་སུ་གྱུར་པའི་སྔོན་དུ་བྱ་བ་སྟེ། བདེ་བའི་མཆོག་ལ་སོགས་པ་ནི་དངོས་པོའི་གནས་སྐབས་སུ་གྲུབ་པ་ཡོངས་སུ་རྫོགས་པའོ། །བུད་མེད་ཀུན་གྱི་སྒྱུ་མ་ནི་བུད་མེད་ཐམས་ཅད་ཀྱི་སྦྱོར་བ་བསྒོམས་པས་སོ། །གྲུབ་པ་ནི་རྫོགས་པར་གྱུར་པ་འདི་ནི། ངོ་མཚར་སྒྱུ་མའི་ཕྱག་རྒྱ་འདི། །ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱི་ངོ་མཚར་སྣ་ཚོགས་པ་སྟེ། བདེ་བའི་མཆོག་ལ་སོགས་པའི་ཕྱག་རྒྱ་ནི་མཁའ་འགྲོ་མ་ཞེས་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྐད་གང་གིས་ཤེ་ན། བརྡར་བསྟན་ཏོ་ཞེས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བརྡའི་ཚིག་ཏུའོ། །སྒྲའི་ངེས་པའི་ཚིག་ཉིད་བསྟན་པར་བྱ་བའི་ཕྱིར། ཌཱ་ནི་ནམ་མཁར་འགྲོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཌཱ་ཞེས་བྱ་བའི་ཡི་གེའི་ཁམས་ལས་ནི་མཁའ་འགྲོ་མ་ཞེས་བྱའོ། །དེ་བས་ན། ནམ་མཁའ་ཀུན་དུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་བྱ་སྟེ། རབ་ཏུ་གྲགས་པར་ཉེ་བར་འགྲོ་བའོ། །ཐམས་ཅད་དུ་མ་ལུས་པའི་ཕྱག་རྒྱ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡིན་ལ་དེ་ཡང་ཐམས་ཅད་དུ་མ་ལུས་པའི་བདེ་བའི་མཆོག་ཡིན་ཏེ། ནམ་མཁའ་ཀུན་དུ་འགྲོ་བས་ན་མཉམ་པར་སྦྱོར་པས་ཐམས་ཅད་ནི། མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་སོ། །དེ་ཡང་འདི་སྐད་སྟོན་པར་འགྱུར་ཏེ། གང་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཐམས་ཅད་དུ་འགྲོ་བ་གྲུབ་པའི་ཕྱག་རྒྱ་ཆེན་པོ་ནི་ནམ་མཁའ་ཀུན་དུ་འགྲོ་བ་ཞེས་བྱ་བ་ཉིད་ཡིན་ནོ། །སངས་རྒྱས་ཁམས་ཞེས་པ་ནི་སངས་རྒྱས་ལ་སོགས་པའི་ཁམས་ནི་སངས་རྒྱས་ཀྱི་ཁམས་ཏེ། དེ་ནི་མཁའ་འགྲོ་མ་ཞེས་བྱ་བའི་དོན་ནི། རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པའི་ཡང་ཁམས་ཀྱི་སྒྲ་འདི་ཉིད་ཀྱིས་བསྟན་ཏོ། །དེ་བས་ན་དེ་རྣམས་ཀྱིས་ཀུན་དུ་འགྲོ་བར་གྲུབ་པ་དེ་ནི། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་བྱ་བར་སྦྱར་རོ། །འདིར་ཡང་སྒོམ་པ་བརྟན་པའི་བློས་དང་པོ་སྙིང་པོ་དང་སྤེལ་བའི་ཡི་གེ་དེ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ནམ་མཁའ་ལྡིང་གིས་རྣམ་པར་བསྐྱོད་


DTG027_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་པའི་རང་གི་ལྷའི་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྒོམས་ན། ནམ་མཁར་འགྱུར་རོ་ཞེས་མན་ངག་ལས་བཤད་དོ། །བཤད་ཅེས་བྱ་བ་ནི་རབ་ཏུ་གྲགས་སོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དངོས་གྲུབ་ལས་ཐོབ་པ་སྟེ། བདེ་བ་ཆེན་པོ་ཞེས་བཤད་པ་ཡང་དེ་ཉིད་ཡིན་ནོ། །སྒྱུ་མ་ཐམས་ཅད་རབ་སྦྱོར་བ། །ཞེས་བྱ་བ་ནི་དཀྱིལ་འཁོར་མ་ལུས་པར་སྤྲུལ་པ་ལ་རབ་ཏུ་འཇུག་པ་ལས་གང་ཞིག་སྐྱེས་པའི་བདེ་བ་དམ་པ་དེ་ནི་བདེ་བའི་མཆོག་ཅེས་བཤད་པ་སྟེ། དེ་བས་ན་དེའི་ངོ་བོ་ཉིད་དུ་གྱུར་པས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བར་གྲགས་སོ། །ད་ནི་སྒྱུ་མ་ཐམས་ཅད་ཀྱི་རབ་ཏུ་སྦྱོར་བ་མ་ལུས་པར་བསྟན་པའི་ཕྱིར། ཀུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་ཀུན་དུ་དང་དངོས་པོ་ཀུན་ནས་དང༌། དངོས་པོ་ཐམས་ཅད་ཀུན་དུ་སྟེ་དུས་ཀུན་དུ་དང་རྣམ་པ་ཀུན་ཏེ། རྣམ་པ་ཐམས་ཅད་དུ་བདག་ཉིད་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་འདིས་ནི་བཅོམ་ལྡན་འདས་དེ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསྟན་ཅིང༌། མཉམ་པར་གཞག་པའི་སྒོམ་པའི་སྦྱོར་བ་སྟོན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། སངས་རྒྱས་བརྟན་གཡོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ན། སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །དེ་ཉིད་སྟོང་པ་ཉིད་བརྟན་པར་བསྒོམས་པས་གཟུང་བ་དང་འཛིན་པ་ལས་རྣམ་པར་དབེན་པར་གྱུར་པ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ནི་སེམས་དཔའ་ཞེས་བརྗོད་དོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་དམིགས་པ་ལ་སེམས་རྩེ་གཅིག་ཏུ་སྦྱོར་བ་ནི་ཏིང་ངེ་འཛིན་ཏོ། །ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ཡིན་པས་བྱང་ཆུབ་སྤྱོད་པའོ། །དེའི་སྟེང་དུ་རྡོ་རྗེ་བསྒོམ་པའི་ང་རྒྱལ་བསྐྱེད་ལ། དེ་བཞིན་གཤེགས་པ་རྗེས་སུ་ཞུགས་པ་ལས་རང་གི་ལྷའི་ངོ་བོར་བསྒོམ་པ་ནས། ཇི་


DTG027_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲིད་མཆོད་པའི་མཐར་ཐུག་པའི་བར་གྱི་ལྷའི་སྦྱོར་བ་བཤད་པ་ནི། གདུལ་བྱའི་སྦྱོར་བས་རྣམ་པ་ཐ་དད་པར་གྱུར་པ་ནི་སྣ་ཚོགས་ཉིད་དོ། །གཞན་དག་ན་རེ་བྱང་ཆུབ་ཀྱི་སྤྱོད་པ་ནི་རྒྱལ་བར་བྱེད་པ་དང༌། སྦྲང་རྩིར་བྱེད་པའི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། དེ་ཁོ་ན་ཉིད་ནི་རྣམ་པ་ཐ་དད་པས་སྣ་ཚོགས་པ་ཉིད་དེ། སྙིང་སྟོབས་རྡུལ་དང་མུན་གྱིས་ཀྱང༌། གང་ཕྱིར་སེམས་ཅན་དོན་འགྱུར་བས། །དེས་ན་བདག་ནི་ཀུན་བཟང་སྟེ། །བྱང་ཆུབ་སྤྱོད་པས་ཇི་བཞིན་འགྲོ། །ཞེས་གསུངས་པས་སོ་ཞེས་ཟེར་རོ། །འདི་ལྟར་རྣམ་པ་སྣ་ཚོགས་པ་དེ་ཉིད་བསྟན་པའི་ཕྱིར། དེ་བཞིན་བདུད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་ལོག་པར་འཇུག་པའི་སེམས་ཅན་སེམས་གསོད་པས་ཉེན་པས་ན། བདུད་དེ་རྡོ་རྗེ་སེམས་དཔའོ། །དེ་ཉིད་བདུད་བཞི་ལས་རྒྱལ་བར་གྱུར་པས་ན་བདུད་ལས་རྒྱལ་བའོ། །རང་གི་སེམས་སོ་སོར་རྟོགས་པ་ནི་བྱང་ཆུབ་ཡིན་ལ་དེ་ཉིད་སངས་རྒྱས་ཏེ། རྣམ་པར་སྣང་མཛད་དོ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་རྩེ་ལྔ་པའི་ཁྲོ་བོའི་རྡོ་རྗེ་ནི་རྡོ་རྗེའོ། །རྡོ་རྗེ་འཛིན་པར་མཛད་པས་རྡོ་རྗེ་འཛིན་ཉིད་དོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ངོ་བོ་ནི་པདྨའོ། །པདྨོ་འཛིན་པར་མཛད་པས་ན་པདྨོ་འཆང་སྟེ། པདྨོ་གར་གྱི་དབང་ཕྱུག་གོ །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་རིན་པོ་ཆེ་ཟུར་བརྒྱད་པ་ནི་ནོར་བུའོ། །དེ་འཛིན་པར་མཛད་པས་ན་རྡོ་རྗེ་ཉི་མའོ། །རྟ་མཆོག་ནི་དྲག་པོའི་ཚུལ་ཀུན་གྱི་ངོ་བོ་ཉིད་ལ་གནས་པ་ཡིན་པས་ན་བཤད་དོ། །དེ་དག་གི་ཡང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་བདུད་ལ་སོགས་པར་བསྟན་པའི་རིགས་ནི་འཁོར་ཡིན་ནོ། །ཐུགས་རྗེའི་བདག་ཉིད་ཅན་དུ་གྱུར་པས་ན་འདོད་ཆགས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐར་པའི་བདག་ཉིད་ཅན་དུ་གྱུར་བས་འདོད་ཆགས་དང་བྲལ་བས་ན་འདོད་ཆགས་དང་བྲལ་བའོ། །དངོས་གྲུབ་ཐམས་ཅད་ལ་རྗེས་སུ་དགྱེས་པས་ན་འདོད་པའོ། །དངོས་གྲུབ་ཐམས་ཅད་མི་འགྱུར་བའི་བདེ་བ་ཅན་ཡིན་པས་ན་གྲོལ་བ་སྟེ། དེ་ཡང་བཅོམ་ལྡན་འདས་འདོད་པ་དང་ཐར་པ་ཅི་ལྟ་བུ་ལགས། འདོད་ཆགས་ཆེན་པོ་བཅོམ་ལྡན་


DTG027_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདས། །དངོས་གྲུབ་ཀུན་ལ་རྗེས་སུ་དགྱེས། །དངོས་གྲུབ་ཐམས་ཅད་མི་འགྱུར་བ། །བདེ་བ་ཆེན་པོ་ཤེས་པར་བྱ། །ཞེས་གསུངས་པས་སོ། །འདས་པ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པས་ན་དུས་གསུམ་མོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིང་པའི་ངོ་བོ་ཉིད་པས་ན་སྲིད་གསུམ་མོ། །ཐེག་པ་གསུམ་གྱི་བདག་ཉིད་ཅན་པས་ན་མཆོག་གསུམ་མོ། །རྒྱལ་བར་བྱེད་པ་ལ་སོགས་པ་སྤུན་གསུམ་གྱི་ངོ་བོ་ཉིད་པས་ན་འཇིག་རྟེན་གསུམ་མོ། །འདོད་པ་ལ་སོགས་པའི་ཁམས་ཅན་པས་ན་ཁམས་གསུམ་མོ། །རྣམ་པ་ཐ་དད་པས་རྣམ་པ་སྣ་ཚོགས་པས་སོ། །རི་ལ་སོགས་པ་ནི་གནས་པའོ། །མི་ལ་སོགས་པ་ནི་འགྲོ་བའོ། །ཀུན་དུ་ཁྱབ་པས་ན་ཐམས་ཅད་ཏུའོ། །མཐའ་ཡས་མཆོག་ནི་ཐོག་མ་དང་མཐའ་ཐུག་པ་མེད་པའོ། །ཆོས་ཀྱི་དབྱིངས་དང་མཉམ་པར་སྟོན་པ་ཉིད་དང་མཚུངས་པའོ། །ནམ་མཁའི་དབྱིངས་དང་འདྲ་བ་ནི་མུར་ཐུག་པ་མེད་པ་སྟེ། ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ངེས་པའི་ཚིག་གཉིས་སྨོས་པ་ནི་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པ་ལ་གྲགས་པ་ཡིན་པར་བལྟ་བར་བྱའོ། །དངོས་པོ་ཐམས་ཅད་ནི་ཆོས་ཐམས་ཅད་དེ། དེ་དག་གིས་ནི་རང་བྱུང་ཉིད་དུ་གྱུར་པར་སྟོན་ཏོ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་དུ་གོ་སྐབས་ཡོད་པའི་དཔལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ནམ་མཁའ་ཐམས་ཅད་ཀྱི་སྐབས་ཅན་གྱི་དཔལ་གང་ལ་ཡོད་པ་ཞེས་སྦྱར་རོ། །འདིས་ནི་བཅོམ་ལྡན་འདས་ཞེས་བྱ་བ་སྟོན་ཏོ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཞེས་བྱ་བ་འདིས་ནི་གཅིག་པུ་རབ་ཏུ་ཆེ་བའི་ལྷ་ཞེས་བྱ་བ་སྟོན་ཏོ། ད་ནི་ཐོབ་པར་བྱེད་པའི་ཐབས་ཀྱི་སྦྱོར་བའི་ངོ་བོ་ཉིད་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་བསྐལ་བ་བྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །སངས་རྒྱས་ཀུན་བདག་གིས་ནི་བདེ་བའི་མཆོག་ལ་སོགས་པའི་མཚན་ཉིད་ཅན་གྱིས་ཏེ། བདེ་བའི་མཆོག་ནི་བདེ་བའི་དམ་པ་རྒྱུ་དང་འབྲས་བུར་བཅས་པའོ། །བདག་ཉིད་བསྒྲུབས་པ་ནི་ལྷའི་གཟུགས་སུ་རང་ཡོངས་སུ་གྱུར་པའོ། །ཤིན་ཏུ་ནི་ཕུལ་དུ་བྱུང་


DTG027_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་རོ། །སངས་རྒྱས་ཀུན་བདག་བདེ་མཆོག་གོ །ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་བླ་ན་མེད་པའི་བདེ་བ་དང༌། ཡིད་བདེ་བ་ཉམས་སུ་མྱོང་བའོ། །བདག་ཉིད་བསྒོམས་པའི་མཚན་ཉིད་ཅན་གྱི་བསམ་པ་དང༌། དགོས་པ་ཅན་ནི་ཡང་དག་པའི་སེམས་དང་ལྡན་པ་སྟེ། ཡང་དག་པའི་སེམས་ཀྱིས་དེ་ཁོ་ན་ཉིད་ལ་དམིགས་པའི་སེམས་དང་སྦྱོར་བར་གྱུར་པ་ནི་ཡང་དག་པའི་སེམས་ལ་སྦྱོར་བའོ། །གཞན་དག་གི་རྣལ་འབྱོར་ཡང་དག་པ་མ་ཡིན་པའི་སེམས་དེ་དང་མི་ལྡན་པ་དེས་ནི་དེའི་གཟུགས་བརྙན་གྱི་རང་བཞིན་ཏེ། གཟུགས་བརྙན་གྱི་ངོ་བོ་ས་དམིགས་པ་ལས་སྐྱེས་པ་ནི་ཡང་དག་པ་ནི་མ་ཡིན་ནོ། །དེ་ལས་བཟློག་པ་ཇི་ལྟ་བུ་ཞེ་ན། ཡང་དག་མཆོག་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་ལྷའི་བདག་ཉིད་དུ་བསྒོམས་པའི་བདག་ཉིད་ནི་རང་གི་མཆོག་གོ །རང་གི་སེམས་ཀྱི་མཚན་ཉིད་དུ་སྦྱོར་བ་ནི་བདག་སྦྱོར་བ་སྟེ། སེམས་ཅན་རྣམས་ཀྱི་སེམས་གང་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །མི་འགྱུར་བ་ནི་རྣམ་པར་མི་གཡོ་བའོ། །གཟུགས་བརྙན་ནི་གཟུགས་སུ་བྱས་པའོ། །ལུགས་མ་ནི་སྐུ་གདུང་གིས་ཡོངས་སུ་བཀང་སྟེ་བྱས་པ་ལ་སོགས་པའོ། །སོགས་པའི་སྒྲས་ནི་རི་མོར་བྲིས་པ་ལ་སོགས་པའོ། །གང་གི་ཕྱིར་འདི་ལྟར་བྱང་ཆུབ་སེམས་ལ་རབ་ཏུ་བརྩོན་པ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམས་པའི་རིམ་གྱིས་རྣལ་འབྱོར་བ་སྟེ། སྔགས་པ་རྒྱུ་དེས་ན་བདག་ཉིད་ལྷར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །བྱང་ཆུབ་ཀྱི་སེམས་ནི་སྟོང་པ་ཉིད་དུ་བསྒོམས་པའི་རིམ་གྱིས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་པའི་བདག་ཉིད་འདི་ཅི་སྐད་དུ་སྔར་བཤད་པ་ཡིན་ནོ། །རྡོ་རྗེ་ནི་དེར་རང་གི་མཚན་མར་བསྟན་པའི་བདག་ཉིད་དོ། །སངས་རྒྱས་ཀུན་གྱི་ནི་ཇི་ལྟར་བདག་ཉིད་ཀྱི་ལྷའི་གཟུགས་སུ་གྱུར་བའི་བདག་རང་གི་ཡིན་གྱིས་ཕྱི་རོལ་གྱི་ལུགས་མ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཚུལ་འདི་ལྟར་རང་གི་དམ་ཚིག་ལ་སྦྱོར་བ་ནི་ཐམས་ཅད་དུ་བདག་སྦྱོར་བ་སྟེ། ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོས་སངས་རྒྱས་ཐམས་ཅད་ཐོབ་སྟེ་བསྒོམས་པའི་སྟོབས་ཀྱིས་ཇི་ལྟར་རྣལ་འབྱོར་བ་རང་ཉིད་ལྷའི་གོ་འཕང་མངོན་སུམ་དུ་བྱེད་པའོ། །བདག་ཅེས་བྱ་བ་ནི་རང་


DTG027_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་སེམས་སོ། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དཔའ་བོ་ཐམས་ཅད་ནི་མདོ་སྡེའི་ཚུལ་ལས་ངེས་པར་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཉིད་དོ། །རྡོ་རྗེ་འཛིན་པ་ཐམས་ཅད་ནི་སྔགས་ཀྱི་ཚུལ་ལས་མངོན་པར་གྲུབ་པའི་བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར་པ་སྟེ། བསྒོམས་པའི་སྟོབས་ཀྱིས་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པར་བྱེད་པའི་རང་བཟོ་ཡོངས་སུ་དགག་པའོ། །དེ་ཁོ་ན་ཉིད་དམ་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ལྔ་སྟེ་དེ་ཉིད་སྣང་བའོ། །དེ་ཁོ་ན་ཉིད་ནི་ཡུལ་ཏེ་དེ་ལ་འཇུག་པ་ནི་ཇི་ལྟར་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་རང་གི་ལྷའི་ཕྱག་རྒྱ་གང་ཡིན་པ་སྟེ། དེ་ནི་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱའོ། །དེ་གཞུང་གང་གིས་བརྟག་པ་དེ་ལ་ནི་དེ་སྐད་ཅེས་བྱའོ། །བརྟག་པ་དང་པོའི་འགྲེལ་བའོ།། །།

གཉིས་པ། དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ་སྦྱོར་བའི་བརྟག་པའི་འགྲེལ་པ།


DTG027_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་རྡོ་རྗེ་སེམས་དཔའ་སྦྱོར་བའི་རང་གི་ངོ་བོར་བཤད་པ་ཡིན་ཏེ། ཡེ་ཤེས་ཙམ་གྱིས་སྙོམས་པར་འཇུག །སྦྱོར་བ་ཞེས་བྱར་ཞེས་པར་བྱ། །ཞེས་གསུངས་པས་སོ། །དེར་རྣལ་འབྱོར་པ་ངེས་པ་དང་ལྡན་པ་རྗེས་སུ་གཟུང་བའི་ཕྱིར། ཡེ་ཤེས་སེམས་དཔའ་ནང་དུ་བསྟིམ་པ་སྔོན་དུ་སོང་བས། བཅོམ་ལྡན་འདས་རྗེས་སུ་སྦྱོར་བའི་ངོ་བོ་ཉིད་ཀྱིས་བཞུགས་པར་བསྟན་པར་བྱ་བའི་ཕྱིར། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་པ་ནི་འདས་མ་ཐག་པའི་རྣལ་འབྱོར་གྱི་བདག་ཉིད་ཅན་ཏེ། རྡོ་རྗེ་སེམས་དཔར་བདག་སྦྱོར་བས། །རབ་ཏུ་འགྲུབ་པོ་ཞེས་བྱ་བར་རོ། །རྡོ་རྗེ་སེམས་དཔར་བདག་སྦྱོར་བ། །ཞེས་བྱ་བ་ནི་མདུན་ན་བཞུགས་པ་དེ་དང་གཉིས་སུ་མེད་པར་གྱུར་ནས་བདག་ཉིད་ཐམས་ཅད་དུ་ལྷའི་སྐུ་དང༌། གསུང་དང༌། ཐུགས་སུ་སྣང་བས་ཐམས་ཅད་འབེབས་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །རྣལ་འབྱོར་ནི་དེ་ལ་བསྒོམ་པ་གོམས་པར་བྱེད་པའོ། །དེའི་དབང་ཕྱུག་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ལ་དབང་ཐོབ་པ་སྟེ། ཐམས་ཅད་ལས་མཆོག་ཏུ་གྱུར་པའི་དབང་ཕྱུག་ཆེན་པོའི་


DTG027_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་དུའོ། །དེ་ལས་གང་བླ་ན་མེད་པའི་བདེ་བ་སྟེ། དེ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་རྣལ་འབྱོར་གྱི་དབང་ཕྱུག་གི་བདེ་བ་ཆེན་པོ་ཡིན་ལ་དེ་ཡང་རབ་ཏུ་འགྲུབ་པར་འགྱུར་རོ་ཞེས་རྒྱུ་དང་འབྲས་བུ་ཉེ་བར་གཞག་པའོ། །དེ་ཉིད་རྒྱུར་བསྟན་པར་བྱ་བའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ཞེས་པ་ནི་རྗེས་སུ་སྦྱོར་བའོ། །སངས་རྒྱས་བདེ་བ་ཀུན་ཞེས་པ་ནི་ལྷ་ཐམས་ཅད་ཀྱི་རང་བཞིན་ཏེ། བདེ་བ་དེ་ནི་བདེ་བ་ཉིད་ཀྱིས་འཐོབ་བར་འགྱུར་བའོ། །བདེ་བ་དེ་ཉིད་རྗེས་སུ་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བདེ་བ་ཉིད་ཀྱིས་ཞེས་གང་གསུངས་པ་དེ་བསྟན་པར་བྱ་བའི་ཕྱིར། འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ནི་རྗེས་སུ་སྦྱོར་བ་ལའོ། །ཁྲུས་ནི་གཙང་སྦྲ་ལ་སོགས་པའོ། །དེ་མི་དགོས་པས་ཅི་ལྟར་འདོད་པ་བཞིན་སྤྱོད་པའོ། །བསྡམ་པ་ནི་ལན་ཚྭ་ལ་སོགས་པ་ཡོངས་སུ་སྤོང་པ་སྟེ། དེ་མི་དགོས་པས་ཐམས་ཅད་བཟའ་བའོ། །དཀའ་ཐུབ་ནི་ཡུལ་ཐམས་ཅད་ལས་ལྡོག་པ་སྟེ། དེ་མི་དགོས་པས་ན་ཐམས་ཅད་སྤྱོད་པའོ། །དཀའ་བ་སྤྱོད་པ་ནི་རིག་པའི་བརྟུལ་ཞུགས་ཏེ། དེ་མི་དགོས་པས་འདོད་པའི་དགའ་བ་ལ་ཅི་དགར་སྤྱོད་པའོ། །སྤྱོད་པ་ཅི་དགར་འདོད་པ་བྱེད། །ཅེས་པ་ནི་ཅི་དགར་འདུག་ཅིང་ཉལ་བའོ། །དེ་ལྟར་རྗེས་སུ་སྦྱོར་བའི་ཆེ་བའི་བདག་ཉིད་བསྟན་ནས་རྗེས་སུ་སྦྱོར་བ་དེ་བསྟན་པར་བྱ་བའི་ཕྱིར། བསྐལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་དམ་པ་ཐམས་ཅད་ནི་རང་གི་ངོ་བོ་ཇི་བཞིན་པའོ། །ཕྱག་རྒྱའི་ཆོ་ག་ཞེས་པ་ནི་ལྷའི་སྐུར་མདུན་དུ་གཞག་པས་སོ། །བསྒྲུབས་ནས་ཞེས་པ་ནི་འདིར་ནང་དུ་བསྟིམ་པའོ། །བདག་ཉིད་ཅེས་བྱ་བ་ནི་སྔར་བཤད་པའི་སྦྱོར་བའི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོའི་གཟུགས་སུའོ། །སྒྲུབ་པ་ནི་རྗེས་སུ་སྦྱོར་བའི་བར་དུ་བྱིན་གྱིས་བརླབ་པའོ། །བརྟག་པར་བྱ་ཞེས་པ་ནི་སྔར་བཤད་པར་བྱ་ཞེས་པའོ། །བྱིན་གྱིས་བརླབས་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཅེས་བྱ་བ་གསུངས་ཏེ། དེ་ནས་ཡང་གཅིག་ནས་གཅིག་ཏུ་བརྒྱུད་པས་སངས་རྒྱས་ཐམས་ཅད་རབ་ཏུ་འགྲུབ་པའོ། །ལྡན་པ་ཞེས་པ་ནི་དེ་ཉིད་


DTG027_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་གྱུར་པའོ། །སངས་རྒྱས་ཐམས་ཅད་ནི་ཞེས་བྱ་བ་ནི་རང་གི་ལྷའི་སྦྱོར་བ་ཇི་བཞིན་པའོ། །བདེན་པ་དག་ཀྱང་མཐོང་ཞེས་པ་ནི་དམ་ཚིག་ཐོབ་པའོ། །རྣལ་འབྱོར་ཐམས་ཅད་མཉམ་པར་སྦྱོར་བས་ཞེས་བྱ་བ་ནི་འཁོར་གྱི་གཟུགས་ཀྱིས་གནས་པའོ། །འདི་དང་སངས་རྒྱས་ཐམས་ཅད་ལ་ནི་རྗེས་སུ་སྦྱོར་བ་བྱས་པའི་སྔགས་འདིའོ། །བུད་མེད་དག་ཀྱང་ཞེས་པ་ལ་ཀྱང་གི་སྒྲ་ནི་སྐྱེས་པའང་གྲོལ་བར་འགྱུར་བྱ་སྟེ། སྐྱེས་པའི་གཟུགས་སྤོངས་ནས་ལྷ་མོའི་ངོ་བོར་ཡོངས་སུ་གྱུར་པའོ། །དེ་ཡིས་ཞེས་པ་ནི་ཇི་སྐད་དུ་བཤད་པའི་རྗེས་སུ་སྦྱོར་བ་བྱས་པའོ། །འདི་ནི་ཞེས་པ་ནི་སྔགས་པའོ། །བདག་ཉིད་ཀུན་གནས་པས་ནི་ཞེས་པ་ནི་ཕྱོགས་ཐམས་ཅད་ན་གནས་པའོ། །མཆོད་པ་ཐམས་ཅད་ནི་ཕྱི་རོལ་གྱི་དཀྱིལ་འཁོར་བའི་སྣ་ཚོགས་ཀྱི་ཡོ་བྱད་ཀྱི་ངོ་བོ་སྟེ། དེ་ཉིད་ཀྱི་སྤྲིན་ཆེན་པོ་ལ་སོགས་པ་གྲངས་མང་པོས་ཁྱབ་པ་སྟེ་དེས་མཆོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་པ་ནི། བདག་ཉིད་ཐམས་ཅད་ཀྱིས་མཆོད་པར་འོས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་དམ། བདག་ཉིད་ཐམས་ཅད་ཀྱི་ལྷ་ཉིད་ཇི་ལྟ་བ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཐམས་ཅད་བདག་ཉིད་ཅེས་པ་ནི་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཡོངས་སུ་བསྒོམ་པ་ཡིན་ལ། དེའི་བདག་ཉིད་ཡིན་པས་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་རྣལ་འབྱོར་ཐམས་ཅད་དོ། །དེའི་ཉེ་བར་སྦྱོར་བ་ནི་དེའི་ང་རྒྱལ་གྱིས་ཉེ་བར་སྦྱར་བའོ། །དེས་དཔལ་ནི་གཞིར་གྱུར་ཞེས་པ་སྟེ། རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལང་ཚོ་དང་ནད་མེད་པ་དང་བདེ་བ་དམ་པའོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་ཉེ་བར་སྦྱོར་བ་བསྟན་པའི་ཕྱིར། རྣལ་འབྱོར་ཀུན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་ཞེས་པ་ནི། གཟུགས་ལ་སོགས་པའི་ཡུལ་ཏེ། དེ་རྣམས་རྣལ་འབྱོར་ཀུན་གྱི་ལོངས་སྤྱོད་ཀྱིས་བསྟན་ཅིང་ཉམས་སུ་མྱོང་བཞིན་དུ་བདག་ཉིད་ཀྱི་རང་གི་ལྷའི་སྐུའི་ང་རྒྱལ་དང་ལྡན་པ་ལ་མཆོད་དོ། །བསྟན་པ་འབའ་ཞིག་ཏུ་ཡང་མ་ཟད་དོ། རྣལ་འབྱོར་ཀུན་གྱི་བདེ་བ་དག །བདག་ཉིད་ཀུན་དུ་མྱོང་བྱེད་ན། །ཞེས་བྱ་བ་སྟེ། རང་ཉིད་སྔར་བཤད་པའི་རྗེས་སུ་


DTG027_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྦྱོར་བས་མཆོད་ཅིང༌། ལྷག་པར་སྦྱོར་བས་འགྲུབ་པར་འགྱུར་བའོ། །ཤིན་ཏུ་ཞེས་པ་ནི་བདེ་བའི་རབ་ཏུ་དགའ་བ་སྟེ། ལྷ་མོ་ཐམས་ཅད་དང་ཡང་དག་པར་སྦྱོར་བའི་མཚན་ཉིད་ཅན་ལྷག་པའི་སྦྱོར་བའི་བར་ཡང་འཐོབ་པར་འགྱུར་བའོ། །སངས་རྒྱས་ཀུན་གྱི་བདག་ཉིད་ནི་རང་གི་ལྷའི་ངོ་བོ་ཇི་ལྟ་བ་བཞིན་ནོ། །དེས་མཆོད་པས་བཅུད་ཀྱིས་ལེན་པ་བཞིན་དུ་བདེ་བའོ། །སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་རས་ཡ་ནི་བདེ་བ་དེས་རྡོ་རྗེ་སེམས་དཔར་ཡང་དག་པར་སྦྱོར་བ་ནི་ཡེ་ཤེས་སེམས་དཔར་ཡང་དག་པར་སྦྱོར་བའོ། །དེ་རྟོགས་པར་བྱེད་པས་ན་དཔལ་རྡོ་རྗེ་སེམས་དཔར་ཀུན་དུ་སྦྱོར་བའི་བརྟག་པའོ། །བརྟག་པ་གཉིས་པའི་འགྲེལ་པའོ།། །།

གསུམ་པ། ལྷ་མོ་ཐམས་ཅད་དང་མཉམ་པར་སྦྱོར་བ་སྐལ་བ་མཆོག་བཟང་པོ་དཔལ་རྡོ་རྗེ་དམ་ཚིག་གི་བརྟག་པའི་གྲེལ་པ།


DTG027_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་སེམས་དཔའི་ཀུན་དུ་སྦྱོར་བའི་ངོ་བོ་ཉིད་བསྟན་ནས། དེ་ལ་བརྟན་པར་གྱུར་པའི་རྣལ་འབྱོར་པས། ཤིན་ཏུ་སྦྱོར་བ་ལ་རབ་ཏུ་འཇུག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་དང་པོ་འདི་གཉིས་ནི་སྔར་བཤད་པའི་རྟོག་པ་གཉིས་པ་དང་འདིའི་ལྷན་ཅིག་པའི་འབྲེལ་པ་བསྟན་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའ་སྦྱོར་བའི་མཐུ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་སྦྱོར་བ་བསྟན་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་བྱས་པའི་རྣལ་འབྱོར་པས་ཤིན་ཏུ་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ་སྦྱོར་བའོ། །དེའི་མཐུ་ནི་བརྟན་པར་བྱས་པའོ། །དེས་ན་བདེ་བ་ཆེན་པོ་སྟེ། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དུ་གྱུར་པའི་རྒྱས་བཏབ་པས་ན་ཕྱག་རྒྱ་བདེ་བ་ཆེན་པོའོ། །རྣལ་འབྱོར་པ་བདེ་བ་མོས་པ་ཀུན་ཞེས་བྱ་བ་ནི་ཀྱེ་མའོ། །བདེ་བ་དང་འདུས་པ་ཉིད་ཀྱིས་བདེ་བ་ཕུལ་དུ་བྱུང་བའོ། །དེ་ལྟར་དངོས་གྲུབ་ཐམས་ཅད་བདེ་བ་མོས་པའི་དབང་ཕྱུག་དག་ལྷ་མོ་གཉིས་དང་ཡང་དག་པར་འདུས་པའི་རིག་པའི་བདེ་བ་ཕུལ་དུ་བྱུང་བ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །བུད་མེད་མཆོག་རྣམས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལྷ་མོ་ལྷག་མ་ཐམས་ཅད་དོ། །སྐྱེ་བར་འགྱུར་ཞེས་བྱ་བ་སོ་སོར་རྗེས་སུ་འགྲུབ་པ་སྟེ། དེ་དག་ཐམས་ཅད་ནི་ཤིན་ཏུ་སྦྱོར་བའི་འབྲས་བུ་བསྟན་པ་ཡིན་ནོ། །དེ་ཡི་ཞེས་བྱ་བ་ནི་རྡོ་རྗེ་སེམས་


DTG027_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའོ། །དེ་ཞེས་པ་ནི་བདེ་བའི་མཆོག་ལ་སོགས་པ་སྟེ། དེ་ལྟར་ལྷག་པར་སྦྱོར་བ་བྱས་པའི་རྣལ་འབྱོར་པ་ལ་གདོན་མི་ཟ་བར་མངོན་དུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟ་བུའི་དམ་ཚིག་གང་ཡིན་པ་ནི་གཞུང་ལུགས་ཏེ། དེ་ལས་བྱུང་བ་ནི་སྐྱེས་པའོ། །དེ་ལས་ན་དེ་ཉིད་ནི་སྡུག་པ་སྟེ། མངོན་པར་འདོད་པར་བྱ་བའོ། །དམ་ཚིག་བདག་རྗེས་འབྲང་ཞེས་བྱ་བ་ནི་བདག་གི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་གཞུང་ལུགས་ཀྱི་རྗེས་སུ་འགྲོ་བའོ། །ཤིན་ཏུ་སྦྱོར་བ་ནི་ལྷ་མོ་དང་ཐ་མི་དད་པར་གྱུར་པའོ། །དེ་ཉིད་ནི་སྦྱོར་བ་ཆེན་པོ་དང༌། ཤིན་ཏུ་སྦྱོར་བའི་བར་ཡིན་ནོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་པས་ན་ཐམས་ཅད་བདག་ཉིད་དེ་རྡོ་རྗེ་སེམས་དཔའོ། །དེའི་དམ་ཚིག་མཆོག་ནི་འདའ་བར་མི་བྱ་བ་སྟེ། ཚིག་སྔ་མ་དང་ནི་གསུམ་པ་དེའི་སྐྱེས་བུའི་མཚམས་སྦྱོར་བའོ། །གཅིག་བཞིན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའ་གཅིག་པུའི་སྤྱོད་པ་གཅིག་པུའི་བགྲོད་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་གཅིག་པུ་སྤྱོད་དོ། །ལྷན་ཅིག་སྤྱོད་པ་ནི་ལྷན་ཅིག་སྤྱོད་པས་ན་ལྷན་ཅིག་སྤྱོད་པ་སྟེ། ལྷ་མོའི་གཙོ་མོ་བཞི་པོ་དག་གོ །རྗེས་སུ་སྤྱོད་པ་དེ་ལས་གཞན་པ་སྟེ། དེ་དག་ཐམས་ཅད་སྡུད་པའོ། །ཐམས་ཅད་དགའ་བ་མ་ལུས་པའི། །ཞེས་བྱ་བ་ནི་ལྷག་པར་སྦྱོར་བ་བསྒོམས་པས་ཕྱག་རྒྱ་ཐམས་ཅད་དེ། དཀྱིལ་འཁོར་ཐམས་ཅད་ཀྱི་ལྷ་མོའི་ཕྱག་རྒྱ་མ་ལུས་པའོ། །ཐམས་ཅད་ལྷ་མོ་འདུས་པས་ནི། །ཞེས་པ་ནི་སྔར་བཤད་པའོ། །དེ་ཉིད་ཀྱིས་མ་ལུས་སྐལ་བ་བཟང་པོ་ཀུན་ཏུ་བདག་ཉིད་བསྒྲུབས་པའོ། །རྣམ་པ་ཐམས་ཅད་སྐལ་བ་བཟང་པོ་དང་ལྡན་པའི་སྦྱོར་བའི་བདེ་བས་སོ་སོར་རྗེས་སུ་འབྱུང་བར་འགྱུར་བ་སྟེ། ལྷ་མོ་དང་འདུས་པའི་བདེ་བ་རབ་ཏུ་ཐོབ་པར་འགྱུར་བའོ། །ཕྱག་རྒྱ་འདིས་ཞེས་པ་ནི་ཇི་ལྟར་རང་ཉིད་ལྷ་མོ་ཐམས་ཅད་ཀྱི་ཕྱག་རྒྱས་རྒྱས་བཏབ་པས་ན་ཐ་མི་དད་པར་འགྱུར་བའོ། །རྡོ་རྗེ་སེམས་དཔའ་གང་ཡིན་པ་དེ་ཉིད་ནི་ཆེ་བའི་ལྷ་ཡིན་པས་དེ་ནི་རྡོ་རྗེ་སེམས་དཔའ་ཆེ་བའི་ལྷའོ། །ཐམས་ཅད་རྣལ་འབྱོར་བདེ་བས་མོས། །ཞེས་བྱ་བ་ནི་རྣལ་འབྱོར་ཐམས་ཅད་ལས་སྐྱེས་པའི་བདེ་བ་ལ་ཞུགས་པའོ། །སྡིག་མེད་ནི་ཉེས་པར་སྤྱོད་པ་མེད་པའོ། །སྟོབས་ཀྱིས་ནི་སྟོབས་དང་བཅས་པས་སོ། །ངོ་འཐོན་དུ་ནི་མངོན་སུམ་དུའོ། །ཕན་ཚུན་དུ་ནི་རབ་དགའ་བས། །ཞེས་པ་ནི་


DTG027_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅིག་ལ་གཅིག་རེག་པར་དགའ་ཞིང་དགའ་བ་རྣམས་སྐྱེས་པས་སོ། །སྐྱེས་བུའི་ཚུལ་གྱིས་ཞེས་པ་ནི་བདག་ཉིད་ཀྱིའམ་སྐྱེས་བུ་བཞིན་དུ་སྤྱོད་པའོ། །དབང་པོ་ཀུན་ལས་འབྱུང་བ་ཡི། །ཞེས་པ་ནི་བ་སྤུའི་བུ་ག་ཐམས་ཅད་ནས་བྱུང་བའོ། །རྣལ་འབྱོར་བདེ་བ་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི་རྣལ་འབྱོར་ཐམས་ཅད་ལས་འབྱུང་བའི་བདེ་བ་འབབ་པས་སོ། །ཀྱེ་མའོ་བདེ་བ་ལས་བྱུང་བ། །ཞེས་པ་ནི་བྷ་ག་དང་ལིང་ག་ལས་ངེས་པར་བྱུང་བའོ། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་རིན་པོ་ཆེ་མཐོན་པོ་དང་སིལ་སྙན་རྣམས་ཀྱིས་སོ། །རབ་ཏུ་རྨོངས་པས་ཞེས་པ་ནི་ཞུགས་པ་སྟེ། ལྷ་མོ་ཐམས་ཅད་ཀྱི་ལོངས་སྤྱོད་དེ་རྣམས་ལ་བརྟེན་པར་བྱེད་པའོ། །བདག་གི་ཆེ་བའི་ལྷར་སྦྱོར་བ་ནི་རང་གི་ལྷར་བདག་ཉིད་བསྒོམ་པ་སྟེ། རྗེས་སུ་སྦྱོར་བ་དེ་ནང་དུ་ཞུགས་པའོ། །རྣལ་འབྱོར་ཐམས་ཅད་ལས་བྱུང་བའི་བདེ་བ་ནི་རྣལ་འབྱོར་ཐམས་ཅད་ཀྱི་བདེ་བ་སྟེ། མྱོང་བར་བྱེད་པས་ནི་ཉམས་སུ་མྱོང་བའོ། །ཚེ་དང་ལང་ཚོ་དང་ནད་མེད་པ་དང་བདེ་བ་མཆོག་ཅེས་བྱ་བ་འདིས་ནི་བདེ་བའི་མཆོག་ལ་སོགས་པའི་ལྷ་མོ་བཞི་རིམ་བཞིན་སྟོན་ཏོ། །སངས་རྒྱས་ཀུན་གྱི་སྐུ་ཆེན་དང༌། །ཞེས་བྱ་བ་ལ་སོགས་པ་ནི། སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་པ་བཞི་པོ་དག་གོ །སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །ཞེས་པ་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །ཅེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀ་ལ་སོགས་པ་གསུམ་སྟོན་ཏོ། །དེ་དག་དང་ནི་ཞེས་བྱ་བ་ནི། རང་གི་ལྷ་མོ་རྣམས་ཇི་ལྟ་བས་སོ། །དེ་ཞེས་པ་ནི་ལྷ་གཞན་དག་གིས་སྦྱོར་བའོ། །འཁོར་ལོས་སྒྱུར་བ་རབ་ཏུ་འགྲུབ། །ཅེས་པ་ནི་དཀྱིལ་འཁོར་དྲུག་ལ་དབང་བསྒྱུར་བར་སྐྱེ་བའོ། །རྒྱ་ཆེན་ནི་ཡོན་ཏན་ཆེ་བའོ། །མཆོག་ནི་འཇིག་རྟེན་ཐམས་ཅད་ལས་འདས་པའོ། །དངོས་གྲུབ་ཀུན་གྱི་བདེ་མོས་པ། །ཞེས་པ་ནི་ནམ་མཁར་འགྲོ་བ་ལ་སོགས་པའི་དངོས་གྲུབ་ཀྱི་བདེ་བ་ཕུལ་དུ་བྱུང་བ་སྟེ། བདེ་བའི་དབང་ཕྱུག་ཀུན་ནི་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དེ་དེ་ཉིད་མོས་པའོ། །མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་པ་ནི་ནམ་མཁའ་ལ་སྤྱོད་པ་ལ་སོགས་པའི་དངོས་གྲུབ་ཀྱི་བ་དེ་བས་ཕུལ་དུ་བྱུང་བ་


DTG027_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ལྷན་ཅིག་ཏུ་སྔར་བཤད་པའི་ལྷ་མོ་རྣམས་དང་ལྷན་ཅིག་མཉམ་པར་སྦྱོར་བས་སྐལ་བ་བཟང་པོ་སྟེ། ལྷ་མོ་ཐམས་ཅད་དང་ཡང་དག་པར་འདུས་པ་རྡོ་རྗེ་སེམས་དཔའ་ནི་སྐལ་བ་བཟང་པོ་ཅན་ནོ། །དེ་ཉིད་དཔལ་ཏེ་ལྷ་མོ་རྣམས་ཀྱིའོ། །འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེ་ཚིག་གིས་རྟོགས་པས་ན་རྟོག་པ་འདི་ལ་དེ་སྐད་ཅེས་བྱའོ། །བརྟག་པ་གསུམ་པའི་འགྲེལ་པའོ།། །།

བཞི་པ། སྣ་ཚོགས་ཐམས་ཅད་ཀྱི་སྐལ་བ་བཟང་པོ་མཆོག་གི་དངོས་གྲུབ་ཅེས་བྱ་སྟེ་དཔལ་དམ་ཚིག་གི་བརྟག་པའི་འགྲེལ་པ།


DTG027_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་བཅོམ་ལྡན་འདས་སྦྱོར་བ་དང་རྗེས་སུ་སྦྱོར་བ་དང༌། ཤིན་ཏུ་སྦྱོར་བའི་བདག་ཉིད་དུ་བརྟག་པ་གསུམ་གྱིས་བསྟན་ནས་ཐམས་ཅད་དུ་ཉམས་པ་མེད་པའི་ཡེ་ཤེས་གྲུབ་པའི་ཕྱིར། སྦྱོར་བ་ཐམས་ཅད་བསྒོམ་པའི་མཚན་ཉིད་ཅན། སྣ་ཚོགས་ཐམས་ཅད་ཀྱི་སྐལ་བ་བཟང་པོ་མཆོག་གི་དངོས་གྲུབ་ཅེས་བྱ་བ་དཔལ་དམ་ཚིག་གི་རྟོག་པའི་ངོ་བོ་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་འདིས་ནི་རབ་ཏུ་འཇུག་པའི་བརྟག་པ་དང༌། རྗེས་སུ་འབྲེལ་པའི་སྒོ་ནས་བརྟག་པ་གཞན་གཉིས་དང༌། རྗེས་སུ་འབྲེལ་པར་བལྟ་བར་བྱའོ། །ལྷ་མོ་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བ་ནི། ལྷ་མོ་ཐམས་ཅད་དང་ཡོངས་སུ་སྤྱོད་པ་སྟེ། དེས་ན་བདག་ཉིད་བསྒྲུབས་ཤིང་ལྷ་མོ་དང་ལྷན་ཅིག་མཉམ་པར་སྦྱོར་བས་ན་སྐལ་བ་བཟང་པོ་སྟེ། དེ་ཉིད་ཀྱིས་ན་འདི་ལྟར་བུད་མེད་ཀྱི་རོལ་པའི་ནང་དུ་ཞུགས་པས་མཆོག་འདོད་པའོ། །ལྷ་མོ་ཡང་དག་པར་འདུས་པའི་བདེ་བ་ཕུལ་དུ་བྱུང་བའི་ཉམས་སུ་མྱོང་བའི་ཀུན་དུ་སྦྱོར་བ་གང་ཡིན་པ་དེ་ནི་ཡང་དག་སྦྱོར་བའི་བདེ་བ་མྱོང་བའོ། །ཕུལ་དུ་བྱུང་བའི་རྗེས་སུ་ཆགས་པས་ལྷ་མོ་ཐམས་ཅད་ལ་ཡིད་ཆགས་པས་འདོད་ཆགས་ཏེ། སྦྱོར་བ་ཐམས་ཅད་ཀྱིས་རྣལ་འབྱོར་པ་གྲུབ་པའོ། །དབྱངས་ནི་འདིར་སྒྲ་ལ་བྱའོ། །རེག་བྱ་ནི་བདེ་བའི་རེག་པས་རེག་པ་ཡིན་པར་ཤེས་པར་བྱའོ། །དེ་དག་རང་གི་སྤྱད་པ་སྤྱོད་པ་ནི་བདེ་བ་བཟུང་བས་ཉེ་བར་ལོངས་སྤྱོད་པའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་འབྲས་བུའི་ཉེ་བར་ལོངས་སྤྱོད་པ་བསྟན་ནས། རྣམ་པར་སྣང་མཛད་ལ་སོགས་པའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་པའི་ཕ་རོལ་ཏུ་ཕྱིན་པ་དང༌། རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་དང༌། ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་


DTG027_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དེ་དག་ཐམས་ཅད་དང༌། ཀུན་དུ་བཟང་པོ་ལ་སོགས་པའི་གཟུགས་རྣམས་དང༌། སྐྱེ་བ་མེད་པའི་བྱང་ཆུབ་ཀྱིས་དང༌། རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་དང༌། སྤྱང་དཀའ་བ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་དང༌། ཀུན་དུ་འོད་དེ་བཅུ་གཉིས་པོ་དེ་དག་གོ །བདུད་མེད་ཅེས་བྱ་བ་ནི། བདུད་རྣམས་ཀྱི་ཟིལ་གྱིས་གནོན་པ་དང་བྲལ་བའོ། །དངོས་གྲུབ་ཅེས་པ་ནི་རབ་ཏུ་གྲུབ་པའོ། །དཀའ་བ་དང་ཞེས་པ་ནི་སེམས་ཅན་དམན་པ་དག་གིས་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་བརྩོན་འགྲུས་ཕུལ་དུ་བྱུང་བས་བསྒྲུབ་པར་བྱ་བ་ཡིན་པས་སོ། །བདེ་བ་ཆེན་པོ་ནི་དངོས་གྲུབ་ཐམས་ཅད་མི་འགྱུར་བའི་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྐལ་བ་བཟང་པོ་བདེ་མྱོང་བ། །ཞེས་པ་ནི་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བ་མྱོང་བའི་ཕྱིར་སྐལ་བ་བཟང་པོ་སྟེ། བྱང་ཆུབ་པའི་ཕྱིར་བདག་ཉིད་ཀྱིས་རྣལ་འབྱོར་ཐམས་ཅད་ཕྱིན་ཅི་མ་ལོག་པར་བསྒོམས་པས་འགྲུབ་པར་འགྱུར་བའོ་ཞེས་བྱ་བར་སྦྱར་རོ། །དངོས་གྲུབ་ཐམས་ཅད་ནི་ནམ་མཁའ་སྤྱོད་པ་ལ་སོགས་པའི་དངོས་གྲུབ་སྟེ། དེ་རྣམས་རིམ་གྱིས་རྫོགས་པ་ནི་བྱུང་བའོ། །སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཕྲོགས་ནས་ཞེས་བྱ་བ་ནི་བསྒོམས་པའི་སྟོབས་ཀྱིས་རང་གི་དབང་དུ་བྱས་པས་སོ། །ཉེ་བར་སྤྱད་པར་བྱ་ཞེས་པ་ནི་ཉམས་སུ་མྱོང་བའོ། །སངས་རྒྱས་རྒྱལ་སྲིད་ཆེན་པོ་ཀུན་ནི་རྡོ་རྗེ་ཉི་མའི་གོ་འཕང་ངོ༌། །སངས་རྒྱས་ཀུན་གྱི་གྲུབ་ཆེན་པོ། །མཆོག་གི་དབང་ཕྱུག་དམ་པ་དག །ཅེས་བྱ་བ་ནི་རྟ་མཆོག་གི་གོ་འཕང་ངོ༌། །བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། མཐུ་ཆེན་ཞེས་བྱ་


DTG027_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ལ་སོགས་པ་གསུངས་སོ། །གྲུབ་དང་ཞེས་པ་ནི་དཀའ་ཐུབ་ཟློག་མའོ། །དྲན་པ་ནི་འདོད་པའི་ལྷའོ། །སངས་རྒྱས་དོན་ཀུན་ཞེས་པ་ལ་སངས་རྒྱས་ཀྱི་དོན་ཀུན་སྦྱིན་པ་དང༌། སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་དོ་ཞེས་བྱ་བར་སྦྱར་རོ། །སྡེ་རྣམས་ཐམས་ཅད་རབ་ཏུ་འཇོམས་པ་ནི་བདུད་ཀྱི་སྡེ་ཐམས་ཅད་རབ་ཏུ་འཇོམས་པའོ། །འཁོར་ལོས་སྒྱུར་བ་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བ་ནི་རྫུ་འཕྲུལ་གྱིས་རྣམ་པར་རོལ་པའོ། །དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་ལ་ལར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སོ། །སྤྱོད་པ་ནི་སྦྱིན་པ་ལ་སོགས་པའི་མཚན་ཉིད་དོ། །མཐུན་པར་འགྲོ་བ་ནི་ཇི་ལྟར་རྗེས་སུ་འཚམ་པའོ། །ཤིན་ཏུ་འཕོ་བ་ནི་སྐྱེ་བ་ཡོངས་སུ་འཛིན་པའོ། །བྱང་ཆུབ་ཆེན་པོར་གཤེགས་པ་ནི། །བྱང་ཆུབ་པའི་ཕྱིར་གཤེགས་པ་སྟེ། བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་གཤེགས་ཞེས་བྱ་བའི་བར་དུའམ། ཡང་ན་བྱང་ཆུབ་ཆེན་པོ་ཉིད་ནི་དགའ་སྟོན་ཆེན་པོ་སྟེ། དགའ་ཞིང་མོས་པ་ཆེན་པོ་ཡིན་པས་ན། བྱང་ཆུབ་ཆེན་པོར་གཤེགས་པའོ། །འཁོར་ལོ་བསྐོར་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་རབ་ཏུ་འཇུག་པའོ། །ངེས་པའི་གར་ཞེས་པ་ནི་རྣམ་པར་རོལ་པའོ། །མ་ལུས་པར་ཕྱག་རྒྱས་བཏབ་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །སྣ་ཚོགས་པ་ནི་རྣམ་པ་དུ་མའོ། །ཐམས་ཅད་ནི་རིགས་རྣམ་པ་ལྔ་པོ་སྐལ་བ་བཟང་པོ་དང༌། མཆོག་ཀྱང་ཡིན་པར་གང་གྲུབ་པ་དེ་སྟོན་པས་སྣ་ཚོགས་ཐམས་ཅད་ཀྱི་སྐལ་བ་བཟང་པོ་མཆོག་གི་དངོས་གྲུབ་ཅེས་བྱའོ། །དཔལ་ནི་ལྷ་མོ་རྣམས་སོ། །དམ་ཚིག་ནི་འདའ་འབར་མི་བྱ་བ་སྟེ། རྡོ་རྗེ་སེམས་དཔའོ། །དེ་སྟོན་པས་ན་དཔལ་དམ་ཚིག་གི་རྟོག་པའོ། །བརྟག་པ་བཞི་པའི་འགྲེལ་པའོ།། །།

ལྔ་པ། གཏམ་གྱི་ཕྱག་རྒྱ་ཞེས་པའི་བརྟག་པའི་འགྲེལ་པ།


DTG027_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་བཅོམ་ལྡན་འདས་སྦྱོར་བ་ལ་སོགས་པའི་བདག་ཉིད་དུ་བསྟན་ནས། དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པའི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་བཤད་པའི་སྦྱོར་བ་བཞི་པོ་དང་ལྡན་པའི་རྣལ་འབྱོར་པས་ནི་སྔར་བསྟན་པའི་དངོས་གྲུབ་རྣམས་ཀྱི་གཏམ་དང༌། ཕྱག་མཚན་གྱི་ཕྱག་རྒྱ་དང་སྣ་


DTG027_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་པའི་ཕྱག་རྒྱས་དགོས་པ་འགྲུབ་པར་འགྱུར་བས། བཅོམ་ལྡན་འདས་གཏམ་གྱི་ཕྱག་རྒྱའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་འདིས་ནི་རྟོག་པ་སྔ་མ་དང་རྗེས་སུ་འབྲེལ་པ་སྟོན་ཏོ། །རྣལ་འབྱོར་ཞེས་པ་ནི་ཇི་སྐད་བཤད་པའི་རྣལ་འབྱོར་གྱི་ངོ་བོ་ཉིད་ཡིན་པས་སོ། །ཇི་ལྟར་སེམས་ཅན་རྣམས་འདུལ་བའི་ཚུལ་གྱིས་གནས་སྐབས་ཀྱིས་གཤེགས་པའི་ཕྱིར། དེ་བཞིན་གཤེགས་པའོ། །ཡང་དག་གྲུབ་པ་གཅིག་བུ་ཉིད། །ཅེས་པ་ནི་དོན་དམ་པ་ཉིད་དུའོ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །ཞེས་པ་ནི། འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་སེམས་ཅན་རྣམས་གདུལ་བའི་ཕྱིར་རིམ་པ་ཇི་ལྟ་བ་སྟེ། བསམ་པ་ཇི་ལྟ་བ་བཞིན་དུ་སྦྱོར་བ་ནི་རྡོ་རྗེ་སེམས་དཔའ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་བསྒོམ་པའོ། །རྟོག་པའི་ཆོག་ཐམས་ཅད་ལ། །ཞེས་པ་ནི་ཆོ་ག་འདི་རྣམས་ཉིད་ལའོ། །མཆོག་གི་ནི་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱི་དམ་པར་གྱུར་པས་སོ། །མཆོག་ནི་དེ་ལས་ཀྱང་ལྷག་པར་གྱུར་པའི་དངོས་པོ་མེད་པ་སྟེ། གྲུབ་པ་དེའི་ངོ་བོ་ཉིད་དུ་གྱུར་པའོ། །འདི་འཇིག་རྟེན་པའི་དངོས་གྲུབ་འབའ་ཞིག་ཏུ་ཡང་མ་ཟད་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་སྤྲུལ་པས་སོ། །ཆོ་ག་སྣ་ཚོགས་འདོད་པ་ཡི། །ཞེས་པ་ནི། འདོད་ཆགས་ཀྱི་བདེ་བ་དང༌། ཞེ་སྡང་དང༌། གཏི་མུག་དང༌། ནོར་ལ་སྲེད་པ་དང༌། འགྱོད་པ་ལ་སོགས་པ་ལ་སྤྱོད་པའོ། །འདུལ་བ་དང་ཞེས་པ་ནི་འདོད་ཆགས་ལ་སོགས་པ་རབ་ཏུ་སྤངས་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་རྣམ་འཕྲུལ་བས། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པའི་རོལ་པས་སོ། །ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། ཉིན་རེའམ་ཞེས་པ་ལ་སོགས་པ་གསུངས་སོ། །ཇི་བཞིན་བྱིན་གྱིས་བརླབས་ནས་ནི། །ཞེས་བྱ་བ་ནི་ཇི་ལྟར་བདག་ཉིད་སྲེད་པ་གསུམ་གྱི་སྐྱེད་མོས་ཚལ་དུ་གནས་པས་སོ། །སངས་རྒྱས་བདེ་མཆོག་བྱ་བ་ནི་རྡོ་རྗེ་


DTG027_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའ་ལ་སོགས་པའི་ཚོགས་ཀྱི་དཀྱིལ་འཁོར་གྱི་སྦྱོར་བས་སོ། །ཇི་ལྟར་ཞེ་ན། ཁམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་ཀྱི་ངོ་བོ་ཐམས་ཅད་ནི་གསེར་དངུལ་ལ་སོགས་པའི་རང་བཞིན་ནོ། །སྲོག་དང་གོ་བ་ལ་སོགས་པའི་རང་ཞིན་ལས་བྱས་པའོ། །རྩ་བ་ལས་བྱུང་བ་ནི་ཤིང་གི་རང་བཞིན་ལས་བྱས་པའོ། །དཀྱིལ་འཁོར་གང་དང་གང་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་དང་གང་ངོ༌། །བསྟེན་པ་ཞེས་པ་ནི་བསྒོམ་པའོ། །དེ་དང་དེར་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །མཆོད་པ་བྱས་ནས་ཞེས་པ་ནི་མཆོད་པའོ། །དེ་ལས་གཞན་ཡང་ཞེས་བྱ་བ་ནི་དེའི་འོག་ཏུ་སྒོ་སོ་སོའི་གཏམ་སྟོན་པའོ། །རྟོག་པ་ཀུན་གྱི་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དབུགས་དབྱུང་བའོ། །ཅི་རིགས་པར་ནི་སྤྲུལ་བྱས་པའི། །ཞེས་བྱ་བ་ནི་ཅི་རིགས་པར་རོལ་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཅི་ལྟར་རང་གི་ཚོགས་ཀྱི་དཀྱིལ་འཁོར་དུ་རང་གི་ལྷར་སྦྱོར་བའི་སློབ་མ་དང་ལྷན་ཅིག་ཏུ་རང་གི་ཕྱག་མཚན་དང༌། ཕྱག་རྒྱར་ལྡན་པས་ཇི་ལྟར་བདག་ཉིད་དབུགས་དབྱུང་བར་སྨྲས་པ་བཞིན་དུ་སློབ་མ་རྣམས་ལ་ཡང་སྨྲ་བར་བྱ་སྟེ། དེ་རྣམས་ཀྱིས་རང་གི་ལྷའི་སྦྱོར་བས་རང་གི་མངོན་པར་དད་པ་ཕུན་སུམ་ཚོགས་པ་རྫོགས་པར་བྱ་བའི་ཕྱིར་སྨྲ་བ་བཞིན་དུ་བསྒྲུབ་པར་བྱའོ། །འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་དབང་དུ་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དབུགས་དབྱུང་བ་བསྟན་པའི་ཕྱིར། སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པས་ན། ད་ལྟར་བྱུང་བ་བཞིན་ནོ། །མི་འགྱུར་བའི་ངོ་བོ་ཉིད་པས་ན་འདའ་བར་དཀའ་བ་སྟེ། ཆོས་ཀྱི་སྐུ་ལ་བྱ་བར་དགོངས་སོ། །འདུལ་བའི་ཕྱིར་ཞེས་པ་ནི་དེ་རྣམས་ཀྱིས་སེམས་ཅན་རྣམས་འདུལ་བའོ། །བྱས་པ་ཡིན་ཞེ་ན། བྱ་བ་ནི་ཀུན་རྫོབ་ཏུའོ། །དཔལ་རྡོ་རྗེ་སེམས་དཔའི་དབུགས་དབྱུང་བའོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔས་དབུགས་དབྱུང་བ་སྟེ། འདིས་འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྣམས་དབུགས་དབྱུང་བའོ། །དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཉིད་ཀུན་རྫོབ་ཏུ་འདོད་


DTG027_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆགས་ལ་སྤྱོད་པ་གདུལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསྟན་ནས། ཞི་བ་ལ་སྤྱོད་པའི་སེམས་ཅན་རྣམ་གདུལ་བར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་བཞུགས་པས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཚུལ་བསྟན་པར་བྱ་བའི་ཕྱིར། འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ལ་ཤིན་ཏུ་བརྩོན་པ་ནི་ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་བརྩོན་པ་དང་ལྡན་པའོ། །འགོག་པའི་ཆོས་ཉིད་ལ་སྦྱོར་བས། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མྱ་ངན་ལས་འདས་པ་གཉིས་དང་འབྲེལ་པའོ། །འགགས་ཤིང་ཞེས་པ་ནི་ལྷག་མ་དང་བཅས་པའོ། །ཡོངས་སུ་མྱ་ངན་ལས་འདས་ཞེས་བྱ་བ་ནི་ལྷག་མ་མེད་པའོ། །གྲོལ་བ་ཐམས་ཅད་ནི་ཉན་ཐོས་ལ་སོགས་པའི་ཡོངས་སུ་མྱ་ངན་ལས་འདས་པའོ། །དེའི་རྣམ་པར་བྱང་བ་ནི་གཉིས་སུ་མེད་པའི་རང་བཞིན་གྱི་ཆོས་ཁོང་དུ་ཆུད་ནས་ཐུགས་རྗེ་ཆེན་པོ་བསྐྱེད་པའོ། །བསྐྱེད་ཅེས་བྱ་བ་ནི་བྱས་པའོ། །སྟོང་པ་མ་ཡིན་ཞེས་བྱ་བ་ནི་བདེན་པ་སྟེ། ཡོངས་སུ་བརྟགས་པ་ལས་བྱུང་བ་དེ་ཡོད་པའོ། །མི་སྟོང་མིན་ཞེས་བྱ་བ་ནི་ཡོངས་སུ་བརྟགས་པ་ཉིད་མེད་པའོ། །དབུ་མ་ནི་དེ་གཉི་ག་མེད་པར་འཛིན་པའི་ཡེ་ཤེས་ཏེ། དབུ་མ་རབ་ཏུ་བསྒྲུབ་པའི་བར་དེ་ཡང་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡིན་པས་ན་མི་དམིགས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ཞེས་བརྗོད་དོ། །སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བས་སྙིང་རྗེའི་བདག་ཉིད་འགྲོ་བའི་དོན་བྱེད་པའི་ཕྱིར། སངས་རྒྱས་རྣམས་ཀྱི་ཐབས་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ནི་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ཆོས་ཀྱི་ཚིག་རྣམ་པར་སྣང་མཛད་དུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །རྣམ་པར་འཕྲུལ་བ་བསྟན་པའི་ཕྱིར། སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་སྙིང་རྗེ་ཉིད་དང་ཐབས་ཡོད་ཅིང་ཤེས་རབ་ཀྱི་ཕ་རུལ་ཏུ་ཕྱིན་པ་ནི་དྲི་མ་མེད་པས་དེ་སྐད་ཅེས་བྱའོ། །རྟོག་པ་མེད་པའི་ཆོས་རྣམས་ལ། །ཞེས་བྱ་བ་ནི་རྟོག་པ་ཐམས་ཅད་དང་བྲལ་ཡང་གདུལ་བྱའི་དབང་གིས་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པ་ཐམས་ཅད་དུ་རྟོག་ཅིང་ཡོངས་སུ་གྱུར་


DTG027_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །རྣམ་པར་མི་རྟོག་པའི་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ངོ་བོ་སྟེ། སེམས་ཅན་གྱི་དོན་ལ་རྟོག་པར་བྱེད་པའི་ཀུན་རྫོབ་པོ། །དོན་དམ་པར་ནི་བྲག་ཅའི་སྒྲ་དང་འདྲ་སྟེ། སྒྲ་བརྙན་དང་མཚུངས་པ་ཉིད་དོ། །ཆོས་ནི་དམ་ཚིག་གསུམ་མོ། །དེ་སྟོན་པའི་ཚིག་གང་ཡིན་པ་དེ་ནི་ཆོས་ཀྱི་ཚིག་གོ །དེ་ལས་བྱ་བ་ནི་ཆོས་ཀྱི་ཚིག་ཏུ་གྱུར་པའི་འོག་ཏུའོ། །ཐེག་པ་ཆེན་པོ་ནི་དམིགས་པ་དང༌། སྒྲུབ་པ་དང༌། ཡེ་ཤེས་དང༌། བརྩོན་འགྲུས་དང༌། ཐབས་ཀུན་དང་ལས་ཆེན་པོ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་རྣམས་ཀྱི་ངོ་བོ་ཉིད་དོ། །ཚེ་འདི་ཉིད་ལ་སངས་རྒྱས་ལ་སོགས་པའི་ངེས་པར་བསྐྱེད་པས་ཆེ་བའི་ཕྱིར། ཐེག་པ་ཆེན་པོའི་ཆེན་པོ་སྟེ། རྡོ་རྗེའི་ཐེག་པའོ། །དེ་ལས་གང་ཡང་དག་པར་བྱུང་བའི་ཡོན་ཏན་རྒྱས་པ་ནི་སྐུ་གསུམ་གྱིས་བསྡུས་པ་སྟོན་ཏེ། མཉམ་མེད་ཅེས་བྱ་བ་ལ་སོགས་པའོ། །གླུ་ནི་བསྟོད་པའོ། །དུས་གསུམ་པ་ནི་དུས་རྣམས་པ་གསུམ་མོ། །དམ་ཚིག་གསུམ་ནི་སྐུ་གསུམ་གྱི་བདག་ཉིད་དོ། །ཅི་ལྟ་བུ་ཞེ་ན། མཉམ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་གཡོ་བ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་སྐུ་སྟོན་ཏོ། །མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ། །དེ་ཉིད་མཆོག་གི་ཆོས་སོ། །མཉམ་པ་ཉིད་དེ་གང་ལ་ཡོད་པ་དེ་ནི་མཉམ་པ་ཉིད་མཆོག་གི་ཆོས་ཉིད་ཅན་ཏེ། འདི་ཉིད་ཀྱིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་ཞེས་བྱ་བ་འདིས་ནི། སྤྲུལ་བའི་སྐུའི་སྒོ་ནས་གཞན་གྱི་དོན་མཛད་པ་སྟོན་ཏེ། དེ་དག་གསུམ་པར་ཡང་མཉམ་པ་མེད་པའོ། །སྡུག་བསྔལ་སེལ་བ་ནི་སྣང་བ་དང༌། མི་སྣང་བ་སྡུག་བསྔལ་རྣམས་འཇིག་པར་མཛད་པའོ། །ཡོན་ཏན་མཐའ་ཡས་པ་ནི་མཐར་ཐུག་པ་མེད་པའོ། །དངོས་གྲུབ་ཐམས་ཅད་སྦྱིན་པར་མཛད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩོལ་བའི་ངང་ཚུལ་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་དེ་སྡུག་བསྔལ་རྣམས་སེལ་ཞིང་ཡོན་ཏན་གྱི་དངོས་གྲུབ་སྩོལ་བར་མཛད་ཅེན། ཐུགས་རྗེའི་བདག་ཉིད་ཅེས་གསུངས་པའི་


DTG027_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་རོ། །གལ་ཏེ་ཐུགས་རྗེའི་བདག་ཉིད་ཅན་ཡིན་ཡང་གང་གིས་འདི་ལྟར་སྤྱོད་པ་ཡིན་ནོ་ཞེ་ན། དྲི་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲིབ་པ་ཐམས་ཅད་དང་བྲལ་བས་དྲི་མ་མེད་པའོ། །མུ་སྟེགས་ཆན་གཞན་རྣམས་ཀྱིས་མི་བསྐྱོད་པས་ན་མི་གཡོ་བའོ། །རིམ་གྱིས་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། ཐུན་མོང་མ་ཡིན་པས་མཉམ་པ་མེད་པའི་མཆོག་གི་སྟོབས་དང༌། མི་འཇིགས་པ་ལ་སོགས་པ་སྟེ། དེ་གང་དག་ལ་ཡོད་པ་དེ་ནི་དམ་པའི་མཆོག་ཆོས་ཅན་ནོ། །མཉམ་པ་མེད་པ་ཞེས་གང་གསུངས་པ་དེ་གསལ་བར་བསྟན་པའི་ཕྱིར་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་མི་མཉམ་ཞེ་ན། ཡོན་ཏན་ཤིན་ཏུ་ཕྲ་བ་སྟེ། རབ་དང༌། འབྲིང་དང༌། ཐ་མའི་དབྱེ་བ་ཕྱེ་བའི་ཡོན་ཏན་ནོ། །ཚད་མེད་པ་ནི་མཐའ་མེད་པའོ། །གང་དང་མི་མཉམ་ཞེ་ན། དཔེ་ནི་ནམ་མཁའ་ཞེས་པ་སྟེ། གང་གི་ཕྱིར་དཔེར་བྱ་བ་ནི་ནམ་མཁའ་ལྟར་ཚད་མེད་པ་དང་ཡང་བསྐྲུན་དུ་ཡོད་པ་མ་ཡིན་ན་དཔེ་དམན་པས་བལྟ་མོས་ཀྱང་ཅི་དགོས། ཡོན་ཏན་མེད་པ་དེ་རྣམས་ནི་སེམས་ཅན་ཁམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་རྣམས་ལ་སངས་རྒྱས་ཀྱི་དངོས་གྲུབ་མཆོག་ངེས་པར་སྩལ་བའོ། །དེ་དག་ཉིད་གང་གིས་བྱུང་ཞེ་ན། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་རྣམས་ནི་ཐུགས་རྗེ་ཆེན་པོའི་དབང་གིས་ཀུན་ནས་བསླངས་པས་རྟག་ཏུ་དྲི་མ་མེད་པ་སྟེ། ཀུན་ནས་ཉོན་མོངས་པ་མེད་པའོ། །སྨོན་ལམ་གྲུབ་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དགག་པ་མེད་པའི་ཆོས་ཉིད་ཅན་ནི་འགག་པ་མེད་པའི་ངོ་བོ་ཉིད་དོ། །མཐའ་ཡས་པར་ཁྱབ་པ་ནི་ཁྱབ་པར་གྱུར་པའོ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ནི་སངས་རྒྱས་སོ། །རྟག་ཏུ་ནི་མཐའ་མེད་པའོ། །རྣམ་པར་སྣང་བ་ནི་གསལ་བར་གྱུར་པའོ། །གང་ཞིག་གིས་ཤེ་ན། ཚད་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚད་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་པས་ཀྱང་དཔག་ཏུ་མེད་པའོ། །ཤིན་ཏུ་རྟོགས་པ་ནི་འབྲས་བུ་མཐར་ཐུག་པའོ། །བདེ་བར་གཤེགས་པའི་གོ་འཕང་


DTG027_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེར་གཤེགས་པར་སྟོན་ཀྱང་ངོ༌། །དེ་དག་ཀྱང་གང་ཡིན་ཞེ་ན། འགག་པར་ཡང་མི་འགྱུར་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དེའི་སྙིང་རྗེ་ཆེན་པོའི་རྒྱུས་མྱ་ངན་ལས་འདས་པའི་ཆོས་ཅན་དུ་མི་འགྱུར་ཏེ། དེ་བས་ན་མི་འགག་པའི་ཆོས་ཅན་ཉིད་དོ། །དེ་ཉིད་ཀྱི་ན་ཨེ་མའོ་ཤིན་ཏུ་བཟང་བའི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་འདིས་མངོན་པར་གསོལ་བ་འདེབས་པ་བསྟན་ཏོ། །དམ་ཚིག་གསུམ་ནི་སྐུ་གསུམ་གྱི་བདག་ཉིད་དེ། དེའི་རྒྱུར་གྱུར་པའི་དངོས་གྲུབ་ཀྱི་བདག་ཉིད་དང་ལྡན་པས། མཆོག་སྦྱིན་དངོས་གྲུབ་རབ་མཆོག་སྩོལ་བས་བདག་ལ་སྩོལ་ཅིག་པའོ། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་དམ་པ་མཆོག་བརྙེས་པ་ནི་སྦྱིན་པའི་མཆོག་གི་གཙོར་གྱུར་པའོ། །རྟག་ཏུ་ནི་ལུས་ལ་མེད་པའོ། །དུས་གསུམ་ན་དུས་རྣམ་པ་གསུམ་གྱི་མཐར་ཐུག་པའོ། །སྒྲིབ་པ་མེད་པ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་སྡུད་པའི་སྔོན་དུ་འགྲོ་བས་བསྟོད་པའི་ཆེ་བའི་བདག་ཉིད་བསྟན་ཏོ། །ལན་ཅིག་ཙམ་བརྗོད་ཀྱང་སངས་རྒྱས་སུ་འགྲུབ་པར་འགྱུར་བ་ནི། བག་ཆགས་ཀྱི་སྟོབས་བསྐྱེད་ཅིང་བརྩོན་པ་རྣམས་ལ་ངེས་པར་འགྱུར་བར་དགོངས་སོ། །སངས་རྒྱས་ཀུན་ནི་རྡོ་རྗེ་སེམས་དཔའ་དང༌། རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་དང་བདག་ཉིད་སྦྱོར་བ་ནི་དེ་དང་གཉིས་སུ་མེད་པའོ། །དམ་ཚིག་གསུམ་གྱིས་ནི་སྐུ་གསུམ་གྱིས་སོ། །སྐུ་ནི་ལྟ་བས་མི་མངོན་པ། །ཞེས་བྱ་བ་ནི་སྐུ་མཐོང་ན་མི་མཐུན་པ་མེད་པའོ། །མཆོག་རྣམས་ཀུན་སྦྱིན་པ་ནི་རང་ཉིད་བསྟན་པ་གྲུབ་པའོ། །དེ་ནས་དེའི་ཞེས་བྱ་བ་ནི་བསྟོད་པའི་རྒྱལ་པོའོ། །བསྒྲུབ་པ་དང་ཞེས་བྱ་བ་ནི་གང་གིས་བསྒྲུབས་པའོ། །ཤིན་ཏུ་བརྟགས་པ་ཡི་ཞེས་བྱ་བ་ནི་མཆོག་ཏུ་རྗེས་སུ་འབྲེལ་པ་སྟེ། གང་གིས་སྐུ་གསུམ་གྱི་བདག་ཉིད་ཀྱི་འབྲས་བུ་ཐོབ་པ་གང་ཡིན་པ་འདི་ཉིད་གྲུབ་པའོ། །དངོས་གྲུབ་ནི་ཤིན་ཏུ་མཐར་ཕྱིན་པའོ། །རྡོ་རྗེ་སེ་གོལ་གཏོགས་པ་ཡིས། །ཞེས་པ་ནི་ལག་པ་གཡས་ཀྱིས་རྡོ་རྗེ་སེ་གོལ་དང༌། །གཡོན་གྱིས་སེ་གོལ་དང༌། གཉི་གའི་སེ་གོལ་དང༌། ཐལ་མོ་ལན་གསུམ་ཞེས་པ་ནི་གཡས་དང་གཡོན་གཉི་


DTG027_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གའི་སྟེ། ཇི་ལྟ་བའི་སེ་གོལ་གསུམ་མོ། །དབང་པོ་གང་དང་གང་ལམ་འགྱུར། །ཞེས་བྱ་བ་ནི་མཐོང་བ་ལ་སོགས་པའི་སྤྱོད་ཡུལ་ལ་འཇུག་པའོ། །དེ་དང་དེའི་ངོ་བོ་ཞེས་བྱ་བ་ནི་དེ་དང་དེའི་བདག་ཉིད་ཀྱི་རང་བཞིན་དུའོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང༌། །ཞེས་བྱ་བ་ནི་རང་གི་ལྷའི་ང་རྒྱལ་དུ་བསྒོམ་པའོ། །ཆགས་པ་ཞེས་བྱ་བ་ནི་ཥ་ད་ཛ་ཀོ་ཧ་ལ་སོགས་པའི་གླུའོ། །ཥ་ད་པ་ལ་སོགས་པ་ཞེས་བྱ་བ་ནི། ཙོཀྵ་པཉྩ་མ་ལ་སོགས་པའི་གླུ་བླང་བའོ། །བཟླས་པར་བྱ་ཞེས་བྱ་བ་ནི་གདོན་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། གོ་རིམས་སྔ་མས་རང་གི་ལྷའི་སྦྱོར་བ་དང་ལྡན་པས། དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་ལུས་ཀྱི་ནང་དུ་ཇི་ལྟ་བ་བཞིན་དུ་བསྒོམས་ལ། མཉམ་པར་གཞག་པའི་སྦྱོར་བ་དང་ལྡན་པས་སྤྱོད་ལམ་ཐམས་ཅད་དུ་དངོས་པོ་ཐམས་ཅད་བདག་ཉིད་ཀྱི་གཟུགས་སུ་ལྷག་པར་མོས་ལ། ཥ་ད་པ་ལ་སོགས་པའི་གླུ་རྣམས་དང༌། བསྟོད་པའི་རྒྱལ་པོ་བརྗོད་ན་འགྲུབ་པར་འགྱུར་རོ། །ཐམས་ཅད་བདག་ཉིད་ནི་རྣམ་པར་སྣང་མཛད་དོ། །དམ་ཚིག་གསུམ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རྟོག་པ་ཐམས་ཅད་ནི་སངས་རྒྱས་འགྲོ་བའི་ལམ་གྱིས་སོ། །ཞེ་སྡང་ལ་སོགས་པའི་སེམས་ཅན་རྣམས་གདུལ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུའི་ངོ་བོ་ཉིད་དུ་བསྟན་པའི་དོན་དུ་ཧེ་རུ་ཀའི་དབུགས་དབྱུང་བ་ཉེ་བར་བསྟན་པའི་ཕྱིར་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བ་ཞེས་བྱ་བ་ནི་བསམ་པའོ། །གཏུམ་པ་ཞེས་བྱ་བ་ནི་སྦྱོར་བའོ། །གདུག་པ་ཤིན་ཏུ་རྣོ་བར་གྱུར་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བས་ཞེས་བྱ་བ་ནི། རྒྱུ་མཐུན་པའི་འབྲས་བུ་ཡོངས་སུ་གྱུར་པའོ། །ཤེས་རབ་ཐབས་ཀྱི་ཞེས་པ་ནི་ཤེས་རབ་དང་སྙིང་རྗེའི་རྒྱུ་དང་ལྡན་པའོ། །ཁྲོ་བོ་ནི་ཁྲོ་བོ་ཉིད་དུའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཆོས་རྣམས་སྒྱུ་མ་དང་འདྲ་བར་ཐུགས་སུ་ཆུད་པས་སེམས་ཅན་གདུག་པ་རྣམས་ལ། ཐུགས་རྗེ་ཉེ་བར་གཞག་སྟེ། དེ་རྣམས་གདུལ་བར་བྱ་བའི་ཕྱིར། བཅོས་མའི་ཁྲོ་བོ་ཧེ་རུ་ཀའི་སྐུར་དེ་བཞིན་གཤེགས་པ་ཐམས་ཅད་མཛད་པར་གྱུར་པ་སྟེ། ཇི་སྐད་དུ། རྡོ་རྗེ་ཆེན་པོ་ཧེ་རུ་ཀ །འབར་བས་


DTG027_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐལ་བར་རབ་ཏུ་འཇིག །སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེ། །ཞེས་གསུངས་པས་སོ། །གང་གིས་ན་འདི་ཁྲོ་བོས་ཆད་པས་གཅོད་པར་བྱེད་ཅེ་ན། ཁྲོ་བོའི་ཚུལ་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོས་པ་ནི་དྲང་སྲོང་རྣམས་ཀྱིའོ། །ཇི་ལྟ་བུ་ཞེ་ན། ཁྲོ་བོའི་ཚུལ་ནི་གནས་པ་སྟེ། ཚུལ་ལ་གནས་པས་ན་ཚུལ་འཆང་བ་སྟེ། ཚུལ་ཙམ་ལ་གནས་པའི་ཁྲོ་བོས་ཀྱང་འཇིག་རྟེན་གསུམ་དག་བསྲེག་པར་ནུས་ན། གཞན་དུ་ཉེས་བ་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དབང་བསྒྱུར་བའི་སངས་རྒྱས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་དགོངས་སོ། །རྣམ་པ་གང་གིས་ཁྲོ་བོ་ཡང་དག་པར་འབྱིན་པར་མཛད་ཅེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣའི་དབུགས་རིང་པོ་དྲོ་བ་དང་བཅས་པ་ནི་ཡེ་ཤེས་ཏེ། དེ་དབུགས་ཕྱུང་བ་དང་བཅས་པའི་སྦྱོར་བའོ། །ཕྱག་རྒྱའི་སྦྱོར་བ་ཞེས་བྱ་བ་ནི་ཁྲོ་བོའི་སྙོམས་པར་འཇུག་པའོ། །དེ་ཉིད་ཅེས་པ་ནི་རྡོ་རྗེ་སེམས་དཔའོ། །ཕྱུང་བ་ཞེས་བྱ་བ་ནི་ངེས་པར་བསྐྱེད་པའོ། །ཁྲོ་བོ་ལ་སོགས་པའི་ཚུལ་དང་ལྡན་པ་ཞེས་བྱ་བ་ནི་ཁྲོ་བ་དང༌། དཔའ་བ་དང༌། སྒེག་པ་དང༌། འཇིག་ས་སུ་རུང་བའི་ངང་ཚུལ་དང་ལྡན་པའོ། །དེས་ན་རྣམ་པ་སྣ་ཚོགས་པ་སྟེ། ཞལ་བ་ཞི་དང་ལྡན་པས་རྣམ་པར་བསྒྱུར་བའོ། །དེས་ཕབ་ནས་ཞེས་པ་ནི་དབང་དུ་བྱས་པའོ། །གྲིབ་མ་ཞེས་བྱ་བ་ནི་མཁའ་འགྲོ་མའོ། །ཐམས་ཅད་རྡོ་རྗེ་མཉམ་སྦྱོར་བ། །ཞེས་བྱ་བ་ནི་ཁྲོ་བོ་ཐམས་ཅད་དུ་མཉམ་པར་སྦྱོར་བའོ། །དེས་མཁའ་འགྲོ་མའི་དཀྱིལ་འཁོར་འབར་བའོ། །དེས་ཅི་ཞིག་མཛད་ཅེ་ན། ཤིན་ཏུ་གདུག་ཅིང་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་འདོད་ཁྲོ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་ཁྲོ་བོའོ། །རྟག་པ་བླ་མེད་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི་ཁྲོ་བོའི་སྤྲུལ་པ་ཐམས་ཅད་ཀྱིས་སོ། །ད་ནི་བཅོམ་ལྡན་འདས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དུ་བསྟན་ཅིང་གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་གདུལ་བར་བྱ་བའི་དོན་དུ་པདྨ་གར་གྱི་དབང་ཕྱུག་གི་དབུགས་དབྱུང་བ་བསྟན་པའི་ཕྱིར། འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་


DTG027_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། ལོག་པར་ལྟ་བ་ལ་གནས་པ་ནི་མེད་པར་ལྟ་བ་ལ་མངོན་པར་ཞུགས་པའོ། །དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །བྱང་ཆུབ་སེམས་ནི་རྣམ་སྤྱང་ཕྱིར། །ཞེས་པ་ནི་ལོག་པར་ལྟ་བ་རབ་ཏུ་སྤོང་བ་སྔོན་དུ་འགྲོ་བས་སེམས་ཅན་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་རོ། །པདྨོ་ཆགས་པར་སྦྱོར་བས་ནི། །ཞེས་པས་ནི་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པའོ། །རྡོ་རྗེ་ཆོས་སུ་གནས་པར་གྱུར། །ཞེས་པ་ནི། འདོད་ཆགས་རྣམ་པར་དག་པས་བཞུགས་པའོ། །དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་ཆོས་སུ་གནས་པར་གྱུར། །ཞེས་བྱ་བ་ལ། ལ་ལ་དག་ནི་རྡོ་རྗེ་ཆོས་ཀྱི་གཟུགས་སུ་ཡོངས་སུ་གྱུར་ནས། དེ་ནས་པདྨ་གར་གྱི་དབང་ཕྱུག་ཏུ་སྐྱེས་པ་ཡིན་ནོ་ཞེས་ཟེར་རོ། །འདོད་ཆགས་ཐམས་ཅད་དག་པས་ན། །ཞེས་བྱ་བ་ནི་ཐུགས་རྗེའི་འདོད་ཆགས་རྣམ་པར་དག་པ་སྟེ། དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་འདིའི་སྐུ་མདོག་ཀྱང་པདྨ་ལྟ་བུའོ། །གདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས། །ཞེས་པ་ནི་སྒེག་མོ་ལ་སོགས་པའི་གར་སྟབས་དང་ལྡན་པས་ཞལ་སྣ་ཚོགས་སུ་རྣམ་པར་བསྒྱུར་བའོ། །སྣ་ཚོགས་པ་ནི་གདུལ་བར་མོས། །ཞེས་པ་ནི་རྣམ་པར་གཟིགས་པ་ལ་སོགས་པའི་སྤྲུལ་པ་དང༌། འདུལ་བར་མཛད་པས་ན་འདུལ་བ་སྟེ། ལྟ་བ་ལ་སྤྱོད་པའི་གདུལ་བྱ་རྣམ་པ་སྣ་ཚོགས་འདུལ་བས་ན། སྣ་ཚོགས་པ་འདུལ་བར་མོས་པའི་རྒྱུར་གྱུར་པའོ། །ཀུན་ཏུ་སྤྱན་རས་གཟིགས་པ་ནི། འདོད་ཆགས་རྣམ་པར་དག་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྤྱན་རས་ཀྱིས་གཟིགས་པའོ། །དབང་ཕྱུག་ནི་དེ་ལ་དབང་ཐོབ་བའོ། །པདྨོ་སྒྱུ་མ་མཉམ་སྦྱོར་བའི། །ཞེས་པ་ནི། པདྨའི་རིགས་ཀྱི་དཀྱིལ་འཁོར་གྱི་ངོ་བོས་གནས་ནས། །དེས་ནམ་མཁའ་ལ་སྤྱོད་པ་འགྲུབ་པ་སྟེ། པདྨའི་སྒྱུ་མའི་མཉམ་སྦྱོར་བའི་མཁའ་འགྲོ་མ་རྣམས་སོ། །དེ་ཉིད་ནི་སྒྱུ་མའམ། སྤྲུལ་པ་སྟེ་དེས་བདེ་བའི་དམ་པ་ཐོབ་པར་གྱུར་པའོ། །དེས་ཀྱང་ཅི་ཞིག་མཛད་ཅེ་ན། དཔལ་པདྨོ་གར་དབང་ལ་སོགས་པ་གསུངས་སོ། །རྟོག་པ་བླ་ན་མེད་ཅེས་བྱ་བ་ནི། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའོ། །རྣམ་པར་སྦྱངས་པ་


DTG027_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ལྟ་བ་དང་བྲལ་བར་མཛད་པའོ། །བཅོམ་ལྡན་འདས་རྣམ་པར་སྨིན་པའི་སྐུའི་ངོ་བོ་ཉིད་དུ་བསྟན་ནས་སྲེད་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་དོན་དུ་རྡོ་རྗེ་ཉི་མའི་དབུགས་དབྱུང་བ་བསྟན་པའི་ཕྱིར། འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡི་དྭགས་རྣམས་ཀྱི་ཞེས་བྱ་བ་ནི་ཡི་དྭགས་སུ་གཏོགས་པ་རྣམས་ཀྱིའོ། །དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །པདྨོའི་དོན་གྱི་ཞེས་པ་ནི། འཇིག་རྟེན་ཐམས་ཅད་ཀྱི་དོན་ལ་ཡང་དག་པར་འདས་པའོ། །ནོར་ཆེན་པོ་ནི་སྔོན་གྱི་འཕེན་ཤུགས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པའོ། །རྡོ་རྗེ་ཉི་མ་བྱུང་བར་འགྱུར། །ཞེས་པ་ནི་རྡོ་རྗེ་ཉི་མ་ཉིད་དུ་ཡོངས་སུ་གྱུར་པའོ། །ནམ་མཁའི་སྙིང་པོ་ཐམས་ཅད་ཕྱོགས། །ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའི་སྙིང་པོའི་དབང་བསྐུར་བའི་ངོ་བོ་ཉིད་དང༌། གཏེར་ཐམས་ཅད་ཀྱི་རང་བཞིན་གྱིས་ཀུན་གྱི་རེ་བ་ཡོངས་སུ་རྫོགས་པར་མཛད་པ་དང༌། རྒྱལ་མཚན་མཆོག་གི་གཟུགས་ཅན་ཡིན་པས་སོ། །བུད་མེད་ལ་སོགས་པ་རིན་པོ་ཆེ་མཆོག་ཐམས་ཅད་འབེབས་པ་ནི། མཆོད་པ་ཆེན་པོའི་ངོ་བོ་ཉིད་པས་སོ། །ཤེས་རབ་དང་སྙིང་རྗེའི་བདག་ཉིད་དེ་ཉི་མ་ལྟ་བུ་བས་ཉི་མའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རབ་ཏུ་གདུང་བ་ཞེས་གསུངས་པས་སོ། །བྱ་བ་དང་ནི་ཞེས་པ་ནི་འཕངས་པ་སྟེ། མདའ་ལ་སོགས་པས་འཐོབ་བའོ། །བཟློག་པ་དང་ཞེས་པ་ནི་ལག་པས་འཕང་བ་འཁོར་ལོ་ལ་སོགས་པ་རྣམས་ཀྱིས་སོ། །འཕྲོག་པས་ཞེས་པ་ནི་འཕངས་ནས་སླར་བཟུང་བ་སྟེ། ཞགས་པ་ལ་སོགས་པ་རྣམས་ཀྱིས་སོ། །སྡུད་པར་བྱེད་ཅེས་པ་ནི་འཇིག་རྟེན་གསུམ་པོ་སེར་སྣ་བྱེད་པ་ལས་རྒྱལ་ཞིང་ནོར་ཆེ་བ་ཉིད་དུ་མངོན་དུ་མཛད་ཅེས་བྱ་བའི་དོན་ཏོ། །འཇིག་རྟེན་གསུམ་རྒྱལ་ནི་རྡོ་རྗེ་ཉི་མ་སྟེ། དེ་ལ་སོགས་པའོ། །རྟོག་པ་ཐམས་ཅད་ནི་རིན་པོ་ཆེའི་ཚོགས་རྣམས་སྤྲུལ་པས་ན། རབ་ཏུ་བསྐངས་ཞེས་བྱ་བའི་དོན་ཏེ། སྲེད་པ་རྣམ་པར་སྦྱངས་ནས་རྡོ་རྗེ་ཉི་མའི་གོ་འཕང་ཐོབ་བར་མཛད་པའོ། །ལེ་ལོ་ཅན་གྱི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་དོན་དུ་རྟ་མཆོག་ཏུ་ཉེ་བར་བསྟན་པའི་ཕྱིར། འདས་པའི་དུས་ན་ཞེས་


DTG027_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་ལ་སོགས་པ་གསུངས་སོ། །བརྩོན་འགྲུས་ཤིན་ཏུ་ཆུང་བ་ནི་ཤིན་ཏུ་ཡང་ལེ་ལོ་ཆེ་བའོ། །དྲག་ཤུལ་གྱི་སྦྱོར་བ་ནི་ཕ་རོལ་གནོན་པའི་རྩལ་ལོ། །དེ་རྣམ་པར་དག་པ་ནི་ལེ་ལོ་བསལ་ནས། བརྩོན་འགྲུས་ལ་རབ་ཏུ་འཇོག་པའོ། །དེའི་ཕྱིར་དྲག་ཤུལ་གྱི་སྦྱོར་བ་རྣམ་པར་དག་པའི་ཚུལ་དུ་རྟ་མཆོག་ཏུ་བྱུང་བར་གྱུར་པ་སྟེ། རྟ་མགྲིན་ཉིད་དུ་གྱུར་པའོ། །ཐམས་ཅད་ཡང་དག་མོས་པ་ཡིན། །ཞེས་བྱ་བ་ནི་ལེ་ལོ་སྤོང་བ་སྔོན་དུ་འགྲོ་བས། བརྩོན་འགྲུས་བསྐྱེད་པར་འདོད་པས་སོ། །ངོ་མཐོན་ནི་མངོན་སུམ་དུའོ། །ཕ་རོལ་གནོན་པའི་རྩལ་དག་གིས། །ཞེས་པ་ནི་ནུས་མཐུའོ། །བྱི་བ་ཞེས་བ་ནི་གཞན་གྱི་ཆུང་མ་ལ་ཉེ་བར་འགྲོ་བའོ། །ཆོམ་པོ་ཡིས་ཞེས་པ་ནི་མངོན་སུམ་གྱིས་འཕྲོག་པའོ། །བྲིད་པ་ཞེས་བྱ་བ་ནི་དོར་ཐབས་སོ། །སྒྱུ་དག་ཅེས་པ་ནི་མིག་འཕྲུལ་གྱིས་སོ། །དགྲ་ཆ་ལྔ་ནི་འཁྲུལ་འཁོར་གྱིས་འཕངས་པ་ལ་སོགས་པ་སྟེ་འོག་ནས་འཆད་དོ། །དེ་རྣམས་ཀྱིས་འཐབ་པས་ན། དགྲ་ཆ་ལྔ་ཡིས་བརྒལ་བའོ། །ལྷ་མོ་བྷི་མ་ཞེས་བྱ་བ་ནི་དཀའ་ཐུབ་ཟློག་མའོ། །མིའི་དབང་ཕྱུག་མ་ཞེས་བྱ་བ་ནི་སྲེད་པ་དང༌། དབང་ཕྱུག་མ་ཞེས་བྱའོ། །རྡོ་རྗེ་འཛིན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཀྱི་རང་བཞིན་ཅན་ནོ། །སྒྲུབ་པར་བྱེད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་བསྐྱེད་པའོ། །སངས་རྒྱས་བྱང་ཆུབ་ནི་ཞི་བའི་ཆོས་ཉིད་ཐུགས་སུ་ཆུད་པའི་ངོ་བོ་ཉིད་དོ། །དེ་ལས་བསྐྱེད་པ་ནི་རྣམ་པར་སྣང་མཛད་ཡིན་ཏེ། དེ་རབ་ཏུ་བཅོམ་པ་ནི་དྲག་པོའི་སྦྱོར་བས་སེམས་ཅན་རྣམས་རྣམ་པར་གནོན་པ་སྟེ། རང་གི་རྣལ་འབྱོར་ནི་དྲག་པོའི་སྦྱོར་བའི་བདག་ཉིད་དོ། །རྒྱས་འདེབས་པ་ནི་བརྩོན་འགྲུས་ཀྱི་སྦྱོར་བའོ། །རྟོག་པ་བླ་ན་མེད་པ་ཐམས་ཅད་ནི་རིགས་ཐམས་ཅད་ཀྱིའོ། །གཏམ་གྱི་སྦྱོར་བས་ནི་ཕྱག་རྒྱ་ཤེས་པའི་རྟོག་པའི་འགྲེལ་པ་སྟེ། རྟོག་པ་ལྔ་པའི་འགྲེལ་པའོ།། །།

དྲུག་པ། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱི་བརྟག་པའི་འགྲེལ་པ།


DTG027_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཇི་སྐད་བཤད་པ་བཞིན་བསྒོམ་པས་དཀྱིལ་འཁོར་དུ་དམ་ཚིག་གསུམ་ཐོབ་པར་གྱུར་ན། འགྲུབ་པར་བསྟན་པའི་ཕྱིར་ཕྱག་མཚན་དང༌། ཕྱག་རྒྱལ་སོགས་ཆོ་གས་འདིར་བསྒྲུབ་པར་བྱ་བ་ཡིན་པས།


DTG027_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཚོགས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ་ཞེས་བསྟན་པའི་ཕྱིར་དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་ཀུན་སྣ་ཚོགས་ནི་ཀུན་དུ་སྣ་ཚོགས་པའི་གཟུགས་ཀྱི་ལྷ་མོས་ཉེ་བར་མཚོན་པའོ། །དེ་ཉིད་དམ་པས་ན་མཆོག་ཏུ་གྱུར་པ་སྟེ། བླ་ན་མེད་པའི་བདེ་བ་དང༌། ཡིད་བདེ་བའི་ངོ་བོ་ཉིད་རྡོ་རྗེ་སེམས་དཔའི་རྒྱུར་གྱུར་པས་སོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །གསང་བ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་སྲིད་པ་གསུམ་དུ་རྟག་ཏུ་གནས་ནས་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དཔལ་ནི་དཔལ་ལྷ་མོའི་རྣལ་འབྱོར་ཅན་ནི་བུད་མེད་རྣམས་ཏེ། དེ་ཡོད་པས་ན་དཔལ་ལྡན་ཏེ། ཀུན་ནས་ཡོངས་སུ་བསྐོར་ཞེས་བྱ་བའི་དོན་ཏོ། སངས་རྒྱས་ཀུན་གྱི་དངོས་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཏེ། དེའི་ངོ་བོ་ཉིད་དུ་གྱུར་བ་ཞེས་བྱ་བའི་བར་དུའོ། །རྡོ་རྗེ་སེམས་དཔའ་འབྱུང་བ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དང་ལྡན་པའོ། །བདེ་བ་ཞེས་བྱ་བ་ནི་བྱ་བའི་ཁྱད་པར་རོ། །དེ་བཞིན་གཤེགས་པའི་བདག་ཉིད་ཅན་ནི་རིག་པའི་རྒྱལ་པོ་ལ་སོགས་པ་སྟེ། དེས་སྦྲས་པའོ། །དྲི་ནི་བྱུག་པའོ། །སྲིད་པ་གསུམ་ཞེས་པ་ནི་ཁང་པ་སུམ་རྩེག་གོ །སྐྱེད་མོས་ཚལ་ནི་འོག་ནས་འབྱུང་བའི་རང་གི་སྐྱེད་མོས་ཚལ་ལོ། །འཇམ་ཞིང་ཞེས་པ་ནི་ཤིན་ཏུ་མཉམ་པ་སྟེ། སྟན་ནང་ཚངས་ཅན་ལ་བྱའོ་ཞེས་མན་ངག་ལས་བཤད་དོ། །སྣ་ཚོགས་པ་པདྨོ་ནི་གང་ལ་པདྨ་རྣམ་པ་སྣ་ཚོགས་པ་བྲིས་པ་གང་ཡིན་པའོ། །གཡོགས་པ་ནི་དེས་དགབ་པའོ། །ཐམས་ཅད་དག་པའི་གདན་ཞེས་པ་ནི་བདག་པོའི་གདན་ནོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་བྱ་བ་ནི། སྦྱོར་བའི་དཀྱིལ་འཁོར་ལ་སྦྱོར་བའོ། །དེ་ལ་དབང་ཐོབ་པས་ན་དབང་ཕྱུག་སྟེ། དེས་རྣམ་པར་འཕྲུལ་པས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་ནི་རྡོ་རྗེ་སེམས་དཔའི་ལྷ་སྟེ་ལྷ་ཞེས་བྱ་བ་ནི་གསལ་བའམ་རོལ་བས་ན་ལྷ་སྟེ། བདེ་བའི་མཆོག་ལ་སོགས་པའོ། །དེ་ན་ཞེས་པ་ནི་གདན་ནོ། །རྣམ་པར་འཕྲུལ་བར་མཛད་ཅེས་པ་ནི་གར་བྱེད་ཅིང་བདག་གང་འབྱུང་བ་གང་ལ་སྟོན་


DTG027_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །སྟན་དེ་དག་ནི་ཞེས་པ་ནི་ཐམས་ཅད་དག་པའི་གདན་ནོ། །ཐམས་ཅད་ལ་ཞེས་པ་ནི་ཀུན་ལའོ། །ཇི་ལྟར་གནས་པ་ཞེས་པ་ནི་གནས་གང་དང་གང་ཡིན་པ་དང༌། ཕྱོགས་གང་དང་གང་ཡིན་པར་གཞག་པ་ནི་ཇི་ལྟར་གནས་པ་བཞིན་ཏེ། དེ་ལ་ཇི་ལྟ་བ་བཞིན་གནས་པ་ནི་ཇི་ལྟར་བདག་ཉིད་གནས་ཕྱོགས་དང་ཕྱོགས་མཚམས་ཀྱི་མཚན་ཉིད་དེ། ཇི་ལྟར་ཞེས་པ་ནི་བདག་པོའི་སྟན་ཇི་ལྟ་བའོ། །དགོད་པ་ནི་དེར་གཞག་པ་སྟེ། སྣ་ཚོགས་པདྨའི་རས་ཀྱིས་གཡོགས་པ་དེ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་དུ་ལྷ་མོ་ཐམས་ཅད་ལ་ཡང་དེ་ལས་ཆུང་བའི་སྟན་བྱ་བ་ཡིན་ནོ། །གཞན་ཡང་སྣ་ཚོགས་པདྨའི་གསང་བ་ལས་བྱུང་བ་སྟེ། འདབ་མ་བརྒྱད་ཡོད་པས་ན་སྣ་ཚོགས་པ་ཡིན་ལ། དེ་ཉིད་རས་ཀྱིས་གཡོགས་པ་ཡང་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱིས་གཡོགས་པས་སོ། །འདི་ལྟ་བུ་ནི་ཐམས་ཅད་དག་པའི་གདན་ཏེ། གང་དུ་བདག་པོ་རྣམས་ལྷ་མོ་རྣམས་དང་རྣམ་པར་རོལ་པ་ན་ཕྱི་རོལ་ཏུ་འདི་ལྟར་རྟོག་པ་ཡིན་ཏེ། དེ་རྣམས་ཀྱི་དེ་ཡང་རྟོག་པ་ཙམ་སྟེ། ལྷ་མོ་རྣམས་དང་གཉིས་ཀྱི་བར་གྱི་མཆོག་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མིང་ཡིན་པའི་ཕྱིར་རོ། །གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་བྱེ་བྲག་ཡིན་ནོ། །ནང་གི་ཡང༌། ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །ཞེས་བྱ་བ་ལ་སོགས་པ་འཆད་དོ། །སྒོ་སྲུང་དང་ནི་ལྡན་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བྱིན་གྱིས་བརླབས་པའི་སྒོའོ། །དེ་ཉིད་ཀྱིས་ན་རྟ་གདོང་ལ་སོགས་པའི་སྒོ་སྲུང་བཞི་དགོད་པ་ཡིན་ནོ། །རང་གི་ལྷ་དང་ལྡན་པའི་ཞེས་པ་ནི་ལུགས་མ་ལ་སོགས་པའི་རང་གི་ལྷའི་ཅོད་པན་ལ་སོགས་པས་བརྒྱན་པའོ། །བུད་མེད་དག་ནི་ལེགས་པར་གྲུབ། །ཅེས་བྱ་བ་ནི་བུད་མེད་ལ་རང་གི་རྒྱན་གྱིས་བརྒྱན་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ། ནང་གི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པ་སྟེ། ལག་པ་གཡས་པ་ན་རྡོ་རྗེ་བསྟོད་དེ་འཛིན་པ། གཡོན་འགྱིང་བག་གིས་དྲིལ་བུ་འཛིན་པ། ཡང་གཡས་དང་གཡོན་དག་ན་མདའ་གཞུ་འདྲེན་པར་བདག་


DTG027_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ལྷག་པར་མོས་པར་གནས་པར་བྱའོ། །སྟན་དེ་ཉིད་ཀྱི་ཤར་ཕྱོགས་ཀྱི་འདབ་མ་ལ་བདེ་བའི་མཆོག་གི་རྣལ་འབྱོར་ཅན་གྱི་བུད་མེད་གཡོན་འགྱིང་བག་གིས་གཞུ་འཛིན་པ་གཡས་ཀྱིས་མདའ་འདྲེན་པའོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་ཨ་ཧོ་སུ་ཁའི་རྣལ་འབྱོར་ཅན་གཡས་ཀྱིས་བདག་པོ་ལ་འཁྱུད་པས་གནས་པ། གཡོན་འགྱིང་བས་བྷ་ག་དང་ལིང་ག་འཛིན་པའོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་སྒྲོལ་མའི་རྣལ་འབྱོར་དང་ལྡན་པ་གཡས་ཀྱིས་སྣ་ཚོགས་རྡོ་རྗེ་འཛིན་པ། གཡོན་འགྱིང་བས་སེ་རལ་ཁའི་ཚུལ་དུ་བསྟན་པས་རྡོ་རྗེ་ཁ་ཊྭཱཾ་ག་དང་བཅས་པའི་ཀ་པཱ་ལ་ཐོགས་པའོ། །བྱང་གི་ཕྱོགས་ཀྱི་འདབ་མ་ལ་ཤ་ཤིའི་རྣལ་འབྱོར་དང་ལྡན་པ་ལག་པ་གཡས་པས་བདག་པོ་ལ་དགའ་བས་འཁྱུད་པ། གཡོན་པ་འགྱིང་བས་ཀ་པཱ་ལ་སངས་རྒྱས་ཀྱི་སྐུ་གཟུགས་འཛིན་པ། མདོག་དཀར་པོ་འཆང་བའོ། །ནང་གི་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་རེའུ་ཆ་རྣམས་ལ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཁམས་གསུམ་ལས་རྒྱལ་བ་དང༌། འདོད་པ་ཐམས་ཅད་ཀྱི་ལྕུག་མའི་གཟུགས་ཅན་རྣམས་རིམ་བཞིན་དུ་གཡོན་ན་རང་གི་ཕྱག་མཚན་འཛིན་པའོ། །དེ་བཞིན་དུ་ཤར་ལྷོ་ལ་སོགས་པའི་རེའུ་ཆ་ལ་རྟ་གདོང་ལ་སོགས་པའི་གཟུགས་ཅན་བཞི་པའོ། །དེའི་ཕྱི་རོལ་གྱི་རེའུ་མིག་རྡོ་རྗེ་ཐིག་གི་ནང་གི་མཚམས་རྣམས་སུ་གླིང་བུ་ལ་སོགས་པའི་གཟུགས་རྣམས་ཀྱང་དེ་བཞིན་ནོ། །དེ་བཞིན་དུ་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་མེ་ཏོག་མ་ལ་སོགས་པའི་རྣལ་འབྱོར་པ་མ་གཏོགས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ལྕགས་ཀྱུ་དང༌། ཞགས་པ་དང༌། ལྕགས་སྒྲོག་དང༌། དྲིལ་བུ་འཛིན་པ་རྣམས་དགོད་དོ། །བདེ་མཆོག་ལ་སོགས་པ་བཞིའི་གདན་ནི་སྣ་ཚོགས་པདྨ་བྱའོ། །རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུ་དང་ལྡན་པར་དགོད་དོ། །གདན་དེ་ཉིད་ཀྱི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་ལྷུང་བཟེད་དང༌། ཆོས་གོས་དང༌། ཁར་གསིལ་དང༌། དམ་པའི་ཆོས་ཀྱི་གླེགས་བམ་གྱི་ཕྱག་རྒྱ་རྣམས་རིམ་པས་དགོད་དོ། །ཤར་ལ་སོགས་པའི་རེའུ་ཆ་རྣམས་ལ་སངས་


DTG027_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་ཀུན་བརྗོད་མ་ལ་སོགས་པ་བཞི་པོ་འོག་ནས་འཆད་པའི་རང་གི་ཕྱག་མཚན་འགྱིང་བ་དང་བཅས་པར་འཛིན་ཅིང་ཁུ་ཚུར་གཡོན་པ་ལག་པ་གཡས་པས་བཀབ་ནས་གནས་པའོ། །མེ་ལ་སོགས་པའི་མཚམས་སུ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལ་སོགས་པ་བཞི་པའོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པའི་ལྷ་རྣམས་ཀྱི་སྐུ་དགོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །རྟོག་པ་ཐམས་ཅད་རབ་ཏུ་བསྒྲུབ། །ཅེས་གསུངས་པས་སོ། །ལྷ་དེ་དག་ཐམས་ཅད་ཀྱང་གདན་ནི་སྣ་ཚོགས་པདྨ་བྱའོ། །དེ་བཞིན་དུ་ཧེ་རུ་ཀ་ལ་སོགས་པའི་དཀྱིལ་འཁོར་ལ་ཡང་གདན་གྱི་ངེས་པ་རྣམས་ཤེས་པར་བྱའོ། །ཧེ་རུ་ཀའི་དཀྱིལ་འཁོར་དུ་ཡང་ནང་གི་དཀྱིལ་འཁོར་གྱི་དབུས་སུ་ཧེ་རུ་ཀའི་སྐུ་ཞལ་བཞི་པ། ཕྱག་རྒྱ་གཉིས་པ་ཕྲག་པ་གཡོན་པར་རྡོ་རྗེ་ཁ་ཊྭཱཾ་ག་དྲིལ་བུ་དང་བཅས་པ་སེ་རལ་ཁའི་ཚུལ་དུ་འཛིན་པ། ཁ་ཊྭཱཾ་ག་བརྟེན་པའི་ཕྱག་གཡོན་གྱིས་མ་ཧཱ་རཀྟས་བཀང་བའི་ཀ་པཱ་ལའི་བུམ་པ་ཐོགས་པ་གཡས་ཀྱིས་བ་དན་གསུམ་པའི་ཚུལ་གྱི་རྡོ་རྗེ་རྩེ་ལྔ་པའི་འབར་བའི་ཕྲེང་བ་ཅན་འཛིན་པ་གོས་ཆེན་པོ་བླ་གོས་སུ་གྱོན་པར་དགོད་དོ། །ཤར་ལ་སོགས་པའི་འདབ་མ་རྣམས་ལ་རྡོ་རྗེ་འབར་བ་དང༌། རྡོ་རྗེ་ཁ་ཊྭཱཾ་ག་དང༌། མ་ཧཱ་རཀྟས་བཀང་བའི་ཀ་པཱ་ལའམ་ཁམ་ཕོར་དང༌། མ་ཧཱ་མཾ་ས་ཞེས་བྱ་བ་དྲག་པོས་རྙེད་པ་རྣམས་དགོད་དོ། །བསྒྲུབ་པའི་ཡང་རྡོ་རྗེ་འབར་བ་ཐོགས་པར་བྱའོ། །ལྷག་མ་རྣམས་ནི་ཇི་ལྟར་མོས་པ་བཞིན་དུ་བསྒྲུབ་བོ། །བཅོམ་ལྡན་འདས་ཀྱི་ཤར་གྱི་རེའུ་ཆ་ལ་དཀར་མོ་གདོང་བཞི་པ་ཚངས་པའི་མགོ་བོ་འདབ་བཞི་བཙུགས་པ་ཐོགས་ནས་གཡོན་བརྐྱང་ནས་འདུག་པའོ། །ལྷོར་རྐུ་བྱེད་མ་གཡོན་ཁྲོ་བོའི་ཁུ་ཚུར་གྱིས་སྙིང་གར་ལྕགས་ཀྱུ་འཛིན་པ། གཡས་ཀྱི་གུང་མོའི་རྩེར་འཁོར་ལོ་རྩིབས་བརྒྱད་པ་འཛིན་པ། ཁམས་གསུམ་གནོན་པའི་ཕྱིར་རྐང་པ་གཡོན་པ་འདེགས་པས་གནས་པའོ། །རྒྱབ་ཏུ་རབ་རྨོངས་མ་ཕག་གི་མགོ་ཅན་ཆང་སྣོད་ཐོགས་པས་བཟློག་པའི་ཕྱིར་གཡོན་བརྐྱང་པས་གནས་པའོ། །གཡོན་དུ་རོ་ལངས་མ་བདུད་རྩིའི་བུམ་པ་དཀར་པོས་དབང་བསྐུར་ཞིང་


DTG027_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་པའོ། །ཤར་ལྷོར་སྦོས་བྱེད་མ་ལག་ན་ལྕུག་མ་ཐོགས་པ་དུར་ཁྲོད་ན་གར་བྱེད་པར་གནས་པའོ། །ལྷོ་ནུབ་ཏུ་གཏུམ་མོ་ལག་ན་བ་དན་ཐོགས་པ་རླུང་གི་དཀྱིལ་འཁོར་ལ་ཞོན་པས་གནས་པའོ། །ནུབ་བྱང་དུ་སྨེ་བ་ལག་ན་མེ་ཐབ་འབར་བ་ཐོགས་པ་གཡས་བརྐྱང་བས་གནས་པའོ། །ཐལ་བ་རབ་ཏུ་འཇིག་པ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ལས་འདིར་ཡང་དེ་རྣམས་ཤིན་ཏུ་འདུག་པའི་གནས་པས་དེ་རྣམས་ཉིད་ཀྱི་གནས་གཞག་པར་བྱའོ། །པདྨའི་དབང་ཕྱུག་གི་དཀྱིལ་འཁོར་ལ་ཡང་སྣ་ཚོགས་པ་དང༌། དམར་པོ་དང༌། ལྗང་གུ་དང་དཀར་པོ་དང༌། སྔོན་པོ་དང༌། སེར་པོ་དང༌། ལེ་བརྒན་གྱི་པདྨ་ལ་པདྨས་མཚན་པའི་རྡོ་རྗེ་ལ་སོགས་པ་ཡང་ཕྱག་གི་རྩེ་མོར་ཐོགས་ནས་ལག་པ་བརྐྱང་སྟེ་འཁོར་ལོར་བྱས་པས་གར་མཛད་པ། གཡོན་དཀུར་བརྟེན་པས་སྣ་ཚོགས་པདྨ་འཛིན་པ། ཕྱག་གཡས་པས་སྙིང་གར་ཁ་འབྱེད་པ་ཤེལ་གྱི་མདོག་ཅན་འབར་བ་སྣ་ཚོགས་པ། འཁྲུག་པའི་འོད་ཀྱི་དཀྱིལ་འཁོར་ཅན་དུ་དགོད་དོ། །སྒྲུབ་པ་པོ་ཡང་གཡོན་དཀུར་བརྟེན་པས་པདྨ་འཛིན་པ་ལ། གཡས་ཀྱིས་སྙིང་གར་འབྱེད་པའོ། །ལྷག་མ་རྣམས་ནི་ཇི་ལྟར་མོས་པ་བཞིན་དུ་བསྒྲུབ་པར་བྱའོ། །ལྷོ་ཕྱོགས་ཀྱི་རེའུ་ཆ་ལ་རྣམ་པར་གཟིགས་མ། པདྨ་དམར་པོ་ཁ་དབྱེ་བ་བསྐོར་བའི་ཚུལ་གྱིས་འཛིན་པའོ། །ལྷོ་ཕྱོགས་ཀྱི་རེའུ་ཆ་ལ་སྒྲོལ་མ་ལག་པ་གཡོན་པས་པདྨ་ལྗང་གུ་འཛིན་ཅིང༌། ལག་པ་གཡས་པ་ཁུ་ཚུར་སྙིང་གར་བསྟོད་ནས་འཇོག་པའོ། །ནུབ་ཕྱོགས་ཀྱི་རེའུ་ཆ་ལ་རྒྱན་ཅན་མ་གཡོན་གྱིས་པདྨ་དཀར་པོ་འཛིན་པ། ལག་པ་གཡས་ཀྱིས་འཁོར་ལོ་རྩིབས་བརྒྱད་པ་བསྟོད་དེ་འཛིན་པའོ། །བྱང་གི་རེའུ་ཆ་ལ་ཁྲོ་གཉེར་མ་གཡོན་ན་ཨུཏྤལ་སྔོན་པོ་འཛིན་པ་གཡས་ན་བ་དན་གསུམ་པས་གར་བྱེད་ཅིང་མདུང་ཐོགས་པའོ། །ཤར་ལྷོའི་རེའུ་ཆ་ལ་པདྨོ་གནས་མ་གཡོན་ན་པདྨ་དཀར་པོ་འཛིན་པ། གཡས་ཀྱིས་གར་བྱེད་པའི་ཚུལ་གྱིས་ཆུ་སྲིན་གྱི་རྒྱ་མཚན་འཛིན་པའོ། །ལྷོ་ནུབ་ཀྱི་རེའུ་ཆ་ལ་རྡོ་རྗེ་པདྨའི་དབང་ཕྱུག་མ་གཡོན་ན་པདྨ་ལེ་བརྒན་ཐོགས་པ། གཡས་ན་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྟོད་ནས་འཛིན་པའོ། །


DTG027_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནུབ་བྱང་དུ་པདྨ་གཏུམ་མའི་དབང་ཕྱུག་མ་ནི་གཡོན་འགྱིང་བས་པདྨ་འཛིན་པ། གཡས་ཀྱིས་རྩེ་གསུམ་གར་བྱེད་པས་འཛིན་པའོ། །བྱང་ཤར་དུ་སྣ་ཚོགས་པདྨ་གཡོན་འགྱིང་བས་སྣ་ཚོགས་པདྨ་འཛིན་པ། གཡས་ཀྱིས་འཁོར་ལོ་རྩིབས་བརྒྱད་འཛིན་པའོ། །དེ་དག་ཐམས་ཅད་ཀྱང་གཡོན་པ་འགྱིང་བག་དང་བཅས་པས་རང་གི་པདྨ་ཇི་ལྟ་བ་བཞིན་དུ་འཛིན་པར་བྱའོ། །ལྷག་མ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ལས་འདིར་ཕྱག་མཚན་པདྨས་མཚན་པས་གཞག་པར་བྱའོ། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ་ཡང་དབུས་སུ་བཅོམ་ལྡན་འདས་སྐུ་མདོག་དམར་པོ་ལ་གཡོན་ན་གཞུ་འཛིན། གཡས་ན་མདའ་གསོར་བ། ཡང་གཡོན་ན་དཀྱིལ་འཁོར། གཡས་ན་རལ་གྲི་བསྣམས་པར་དགོད་དོ། །སྒྲུབ་པ་པོ་ཡང་ཉི་མའི་དཀྱིལ་འཁོར་ཐོགས་པའོ། །ལྷག་མ་རྣམས་ཀྱང་ཇི་ལྟར་མོས་པ་བཞིན་དུ་བསྒྲུབ་པར་བྱའོ། །ཤར་ལ་སོགས་པ་རེའུ་ཆ་རྣམས་ལ་དབང་བསྐུར་མ་ལ་སོགས་པ་རིན་པོ་ཆེའི་ཅོད་པན་དང༌། གཏེར་གྱི་བུམ་པ་དང༌། རྒྱལ་མཚན་དང༌། མེ་ཏོག་ལ་སོགས་པས་བཀང་བའི་མཆོད་པའི་སྣོད་རྣམས་ལག་ན་ཐོགས་པའོ། །ཤར་ལྷོ་ལ་སོགས་པའི་མཚམས་ཀྱི་རེའུ་ཆ་རྣམས་སུ་ཡང་ཕྱག་མཚན་དེ་དག་ཉིད་དོ། །ལྷག་མ་ནི་དེ་དག་སྔར་བཤད་པ་ལས་འདིར་རིན་པོ་ཆེས་མཚན་པ་ཕྱག་མཚན་འཛིན་པར་བྱའོ། །དེ་དག་ཉིད་དང་དཀྱིལ་འཁོར་གཞན་དག་གི་དབུས་སུ་ནི་དཔལ་རྟ་མཆོག་གི་སྐུ་ཕྱག་བཞི་པ་ཞབས་བཞི་པ་སྟེ། དེ་ཡང་གཡོན་གྱི་ཁུ་ཚུར་གྱི་ས་སྣ་ཚོགས་པདྨ་འཛིན་པ། གཡས་ཀྱི་བ་ངན་གསུམ་པའི་ཚུལ་གྱིས་སྣ་ཚོགས་རྡོ་རྗེ་བཏེག་ནས་འཛིན་པའོ། །ཡང་གཉིས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་མཚན་དག་ལས་ཅི་འདོད་པ་ཐོགས་པར་དགོད་པར་བྱའོ། །སྒྲུབ་པ་པོ་ཡང་སྣ་ཚོགས་རྡོ་རྗེ་ཐོགས་པར་བྱའོ། །ལྷག་མ་རྣམས་ནི་ཇི་ལྟར་མོས་པ་བཞིན་བསྒྲུབ་པར་བྱའོ། །དེ་དག་ནི་རང་གི་ཕྱག་རྒྱས་མཚན་པའོ། །དེས་སྐལ་བ་བཟང་པོ་དང་ལྡན་པས་སྐལ་བ་བཟང་ངོ༌། །ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་མཛའ་བའི་


DTG027_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདུས་པའོ། །བརྟག་པར་བྱ་བ་ནི་བསྐྱེད་པར་བྱ་བའོ། །གྲུབ་པ་ཞེས་བྱ་བ་ནི་སྔགས་ཀྱིས་དྲངས་པའོ། །ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རྣམ་པའི་ཆ་ཤས་ཀྱི་རང་བཞིན་གྱི་ཆུའོ། །དེ་ཡང་རྡོ་རྗེ་དང་བཅས་པ་ནི་རྡོ་རྗེ་བྱིན་གྱིས་བརླབ་པའོ། །མཚལ་ཆེན་པོ་ནི་ཁྲག་ཆེན་པོའོ། །བསྒྲུབས་པ་ནི་སྔགས་ཀྱིས་ཇི་ལྟ་བ་བཞིན་དུ་མངོན་པར་བསྔགས་ཏེ་ཞེས་བྱ་བའི་བར་དུའོ། །མཐུ་ཡིས་ཞེས་པ་ནི་ཆེ་བའི་བདག་ཉིད་དུ་གྲུབ་པའོ། །རབ་ཏུ་བསྒྲུབ་པ་ནི་སྔ་མ་བས་ཀྱང་མཆོག་ཏུ་གྱུར་པ་སྟེ། སྟོབས་དང་ལྡན་པས་ནི་དང་པོ་བླང་ངོ༌། །སྟོབས་མེད་པས་ནི་གཞན་དག་གོ་པདྨའི་སྣོད་ཅེས་བྱ་བ་ནི་ཐོད་པའོ། །དེ་ཉིད་རབ་ཏུ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་ཆགས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐུགས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ངོ་བོ་ཉིད་ཀྱི་རྒྱུ་མཐུན་པ་རྡོ་རྗེ་སེམས་དཔའི་སྟེ། དེའི་ཁུ་བ་རྡོ་རྗེ་སེམས་དཔའི་ངོ་བོ་ནི་ཁྲག་གོ །དེ་བས་དེའི་སྔགས་ལ་སོགས་པས་མངོན་པར་འདུས་བྱས་པར་གྱུར་པ་ནི། མཚལ་ཆེན་པོ་ནི་སྒྲུབ་པ་དག་ཅེས་བྱ་བའམ། གང་འདི་སྔགས་ཀྱི་ཡི་གེར་བྱས་ལ་ནང་དུ་བསྟིམ་པ་སྔོན་དུ་སོང་བས་ཤེས་རབ་དང་ཐབས་ལས་བྱུང་བ་ཇི་ལྟ་བར་ངེས་བར་འབྱིན་པ་འདི་ནི་མཚལ་ཆེན་པོ་ཉིད་དུ་བསྒྲུབས་པའོ། །དེ་ཉིད་རིམ་པ་སྔ་མས་མངོན་པར་འདུས་བྱས་པ། རྡོ་རྗེ་མཆུ་ཡིས་ཞེས་བྱ་བ་དམར་ཆེན་པོ་ག་པུར་དང་ཙནྡན་དང་བཅས་པར་སྦྱར་ལ་གང་གི་ཚེ། ཚོགས་ཀྱི་དཀྱིལ་འཁོར་དུ་བཞག་པ་དེའི་ཚེ་ནི་ར་ས་ཡན་ཀུན་སློང་བ་ཞེས་བྱའོ། །ཞི་བའི་བཏུང་བ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཞི་བའི་སྦྱོར་བ་རྣམས་གྱིས་ལན་གསུམ་དུ་བྱས་ལ་མྱོང་བར་བྱེད་པ་དེ་བཞིན་དུའོ། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །ར་ས་ཡའི་བདེ་བ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཀྱི་ར་ས་ཡ་ནའི་བདེ་བས་སོ། །འདིས་ཞེས་བྱ་བ་ནི་བཤད་མ་ཐག་པ་སྟེའོ། །རྡོ་རྗེ་སེམས་དཔའི་ཚེ་ལ་སོགས་པ་ནི་ལྷ་མོ་བཞིའི་བདག་ཉིད་ཀྱི་དངོས་གྲུབ་པོ། །འདུས་པ་ནི་དཀྱིལ་འཁོར་རོ། །དེར་སྦྱོར་བས་ཞུགས་པ་ནི། འདུས་པ་དེར་ནི་ཞུགས་པ་དག །ཅེས་བྱའོ། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་གསུངས་


DTG027_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཁྲུས་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློང་བར་ཞེས་བྱ་བ་ནི། སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ཞེས་བྱ་བ་ལ་སོགས་པའི་གླུ་ཡིས་སོ། །དལ་གྱིས་སུ་ཞེས་བྱ་བ་ནི་རིམ་གྱིས་སོ། །གོས་དགབ་པ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་གོས་ཀྱིས་གཡོགས་པའི་ཚུལ་གྱིས་སོ། །བདག་གིས་འབྱུང་བ་བསྐུལ་བར་བྱ་བ་ནི་བདག་ཉིད་ཀྱི་ལྷའི་སྐུར་ཐམས་ཅད་འབྱུང་བའི་སྦྱོར་བས་བསྒོམ་པའོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་སྟན་ལ་སྐྱིལ་མོ་ཀྲུང་གིས་རྡོ་རྗེ་དང་དྲིལ་བུར་ལྡན་པར་འདུག་སྟེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་དགོད་ལ། སྟོང་པ་ཉིད་དུ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་ནས། བདག་ཉིད་ནམ་མཁའ་དང་འདྲ་བར་བལྟས་ལ། དེ་ཉིད་ཟླ་བའི་དཀྱིལ་འཁོར་འདྲ་བར་བྱས་ནས། སྙིང་པོ་བརྗོད་པ་སྔོན་དུ་འགྲོ་བས་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྡོ་རྗེ་སེམས་དཔར་གྱུར་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བརྗོད། རང་གི་དམ་ཚིག་གི་ཕྱག་རྒྱས་ཀྱང་ས་མ་ཡོ་ཧཾ། །ཞེས་བརྗོད་དེ། དེ་ཉིད་ལ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་མཱཾ། ཞེས་བྱ་བའི་སྙིང་པོ་ལ་སོགས་པས་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའ་བདེ་བ་ཞེས་བྱ་བ་ལ་སོགས་པའི་རང་གི་གླུ་དང་གར་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་བ་འདི་ནི་བདག་འབྱུང་བ་རྣམ་པ་གཅིག་གོ །ཡང་དཀྱིལ་འཁོར་དུ་བཅོམ་ལྡན་འདས་གསང་བའི་ལྕགས་ཀྱུ་ཡི་གེ་ཧཱུཾ་དང་ལྡན་པས་སྤྱན་དྲངས་ལ། ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་པ་དང༌། དབང་བསྐུར་བ་བྱས་ལ་གསང་བའི་མཆོད་པ་སྔོན་དུ་འགྲོ་བའི་དེ་ཁོ་ན་ཉིད་ལ་སོགས་པ་བྱས་པའི་རྡོ་རྗེ་བཟུང་བ་བྱས་ནས་ནམ་མཁའ་ལ་འདུག་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོང་པ་ཉིད་དུ་བྱས་ལ། འོག་ཏུ་ཡི་གེ་ཧཱུཾ་ལས་རྡོ་རྗེར་བསམས་ལ། དེ་ལས་ནམ་མཁའི་ཁམས་ཀྱི་མཐས་ཀླས་པའི་རྡོ་རྗེ་བྱུང་ལ། དེ་ཡོངས་སུ་རྫོགས་པ་ལས་ཡང་སྣ་ཚོགས་པ་རྣམ་པར་བསམས་ལ། སྙིང་པོ་གདོན་པས་རྡོ་རྗེ་ཁ་ཐུར་དུ་བལྟས་པས་ས་ལ་བཞག་ནས་ནམ་མཁའ་ཐམས་ཅད་ཀྱི་


DTG027_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་ལ་རབ་ཏུ་གནས་པར་གྱུར་པ་རྣམས། ཨ་ནུ་རཱ་ག་ཡ་ཧཱུཾ། ཞེས་བརྗོད་ཅིང་དེ་ལྟར་མོས་པས་སྣ་ཚོགས་པའི་པདྨའི་གདན་བསྐྱེད་ལ། དངོས་པོའི་སྦྱོར་བ་ལ་སོགས་པའི་གོ་རིམས་ཇི་ལྟ་བས་རྟག་པར་གྱུར་ནས་ཡང་བདག་ཉིད་ཀྱིས་གཏམ་གྱི་ཕྱག་རྒྱ་དང་རྗེས་སུ་མཐུན་པས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ལ་བལྟས་ནས། དེ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རང་གི་སྙིང་གའི་རྡོ་རྗེ་སེམས་དཔའ་བསམས་ལ། དཔལ་རྡོ་རྗེ་སེམས་དཔའི་བདེ་བ་ཞེས་བྱ་བ་ལ་སོགས་པའི་གླུས་ཡང་དག་པར་བསྐུལ་ན་རྡོ་རྗེ་སེམས་དཔར་འགྱུར་རོ། །དེ་ལྟར་དང་པོའི་སྦྱོར་བ་དང་ལྡན་པ་ལ་སྟོང་པ་ཤིན་ཏུ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་བའི་ཕྱིར་རང་གི་སྙིང་པོ་བརྗོད་པས་བདག་ཉིད་ཀྱི་སྙིང་ག་ལས་ལྷ་མོའི་ཚོགས་རྣམས་ཕྱུང་སྟེ། རང་གི་བདག་པོའི་གླུའི་རྗེས་སུ་འགྲོ་བའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རང་གི་གནས་སུ་ངེས་པར་འཇོག་པ་འདི་ནི་རྣམ་པ་གཉིས་སོ། །ཡང་ལ་ལ་དག་ནི་ཡི་གེ་ཧོ་དམར་པོ་འབར་བའི་བར་དུ་བཅུག་པའི་ཡི་གེ་ཧཱུཾ་གི་བདག་ཉིད་ཅན་རང་གི་སེམས་ཙམ་གྱིས་སྦྱོར་བའི་བདག་ཉིད་ཀྱི་ཕྱག་རྒྱ་ཉིད་བཀུག་ནས་ཟླ་བའི་དཀྱིལ་འཁོར་ཞུ་བར་གྱུར་པའི་འཁོར་ལོས་སྒྱུར་བ་ཆེན་པོ་ལས་རང་གི་སྔགས་ཀྱི་རང་གི་ལྕགས་ཀྱུས་བཀུག་ནས་ཞུགས་ནས་ཕྱོགས་བཅུ་ཐམས་ཅད་ཀྱི་སྟོབས་བཅུ་དང་ལྡན་པའང་ཞུགས་པར་བྱས་ལ། དེ་རྣམས་བདེ་བའི་མཆོག་ལ་སོགས་པའི་གཟུགས་སུ་གྱུར་ཏེ། སློང་བ་དང་ཡང་དག་པར་བསྐུལ་བ་ལ་སོགས་པ་མངོན་པར་འགྲོ་བས་རང་གི་ལྷ་མོ་བཞི་རྣམས་ཀྱིས་ཇི་ལྟ་བར་བསྐུལ་བས་བདག་འབྱུང་བར་གྱུར་པ་ལ་ལྷ་རྣམས་འབྱིན་པ་ཡང་སྙིང་གའི་རྡོ་རྗེའི་ལྟེ་བར་གནས་པའི་རང་གི་རིག་པ་དང་གཉིས་སུ་མེད་པར་གྱུར་པའི་བདག་པོའི་མཐར་ཐུག་པའི་བྱང་ཆུབ་ཀྱི་སེམས་གོས་དང་འདྲ་བ་ལས་འབྱུང་བར་བལྟ་བར་བྱའོ་ཞེས་ཟེར་རོ། །རྫོགས་པའི་སངས་རྒྱས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་ཉིད་འཆར་བར་བྱེད་པས་ན་ཉི་ཟླའོ། །ངེས་པའི་ལམ་ནི་གླུའི་ཆ་མ་ཏྲ་ཕྱེད་ཙམ་པའི་ཆ་སྟེ། ཅི་རིགས་པར་རིངས་པ་དང༌། བར་མ་དང༌། བརྡལ་


DTG027_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བས་ངེས་པར་འཇུག་པ་ནི་རྣམ་པར་འདས་པའོ། །བརྟན་ཞིང་གྲུབ་པ་སློང་བྱེད་པ། །ཞེས་བྱ་བ་ནི་དང་པོ་རབ་ཏུ་རྩོམ་པར་བྱེད་པ་དང༌། རབ་ཏུ་སྒྲུབ་པར་བྱེད་པ་ལ་སོགས་པ་བརྟན་པ་སར་པ་སློང་བར་བྱེད་པ་ནི་བརྟན་པ་ཞེས་བྱ་སྟེ། གླུ་བཟང་བ་གང་དང་གང་རྩོམ་པར་བྱེད་པ་ལ་བྱའོ། །དེ་སྐད་དུ་བརྟན་པ་ལ་སོགས་པའི་གླུ་བླང་བར་བྱའོ་ཞེས་བཤད་པས་སོ། །དེ་ཉིད་བརྟན་པར་བྱ་པའི་ཕྱིར་སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཐམས་ཅད་དང་སྟོང་པ་ཉིད་ཀྱི་རོ་ངེས་པར་སྦྱོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཀྱེ་ཉིད་ལ་ངེས་པར་སྦྱོར་བ་ཅན་སེམས་ཅན་གྱིས་ཡོངས་སུ་བརྟགས་པའི་གཟུང་བ་དང༌། འཛིན་པ་གང་ཡིན་པ་དེ་རྣམས་མེད་པས་སྟོང་པའོ། །མཐུ་ནི་དེ་ལ་དམིགས་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་བྱེ་བྲག་སྟེ། དེ་རྣམས་ཀྱིས་ནམ་མཁའ་ཉིད་དུ་ཉེ་བར་གནས་པ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་གྱུར་པས་བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་དུ་འཐོབ་པའོ་ཞེས་ལ་ལ་དག་འདོད་དོ། །དེ་ལ་དམ་ཚིག་ནི་དེ་ཉིད་འདའ་བར་མི་བྱ་བ་ཡིན་པས་སོ། །དེ་ལྟར་གྱུར་པའི་བདེ་བར་གཤེགས་པ་ནི་རྡོ་རྗེ་སེམས་དཔའོ། །བདེ་བར་གཤེགས་པ་ཞེས་པ་ནི་རྟག་པ་ལ་སོགས་པའོ། །བཞེངས་སུ་གསོལ་ཞེས་པ་ནི། རྣལ་འབྱོར་དང་རྗེས་སུ་མཐུན་པའི་ཚུལ་དུ་འཇུག་པའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ལ་ཀྱེ་དང་ལ་རྡོ་རྗེ་སེམས་དཔའ་བདག་ཉིད་བསྒྲུབས་པ་སྐལ་བ་བཟང་པོ་ཁྱོད་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་མདོར་བསྡུས་པས་རང་གི་འབྱུང་བ་སྟོན་ཏོ། །ཤིན་ཏུ་མྱ་ངན་ཡོངས་འདས་པ། །ཞེས་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །ཡང་སྲིད་ཅེས་པ་ནི་འཁོར་བའོ། །ལམ་བཞི་ནི་བསྟན་པ་དང༌། སྣ་ཚོགས་དང་འགྱུར་བ་དང༌། གཡས་པ་ཞེས་བྱ་བ་ནི་གླུའི་ཡན་ལག་བཞི་སྟེ། མ་ཏྲ་ཕྱེད་དང༌། གཉིས་དང་བཞི་དང་བརྒྱད་ཀྱི་ཆས་རིམ་བཞིན་ཤེས་པར་བྱའོ། །སྣ་ཚོགས་འབྲང་བ་ཞེས་པ་ནི་སྣ་ཚོགས་ཀུན་དུ་བརྐྱང་ཞིང་མངོན་དུ་བྱས་པ་སྟེ། གནས་འདིས་ནི་སྣ་ཚོགས་པར་འབྲངས་པའོ། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་


DTG027_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་སོ། །འཇིག་རྟེན་གསུམ་གྱི་སྟོན་པ་པོ་ནི་ཧེ་རུ་ཀའི་བདག་ཉིད་པས་སོ། །འཇིག་རྟེན་གསུམ་ལ་སྦྱིན་པ་སྦྱིན་པ་ནི་རྡོ་རྗེ་ཉི་མའི་ངོ་བོ་ཉིད་པས་སོ། །འཇིག་རྟེན་གསུམ་པོ་བདག་ལ་སྒྲུབས་པ་ཞེས་བྱ་བ་པདྨ་གར་གྱི་དབང་ཕྱུག་ཉིད་དུ་མངོན་དུ་མཛོད་ཅིག་པའོ། །དེ་དག་འབྱིན་པའི་འབྲས་བུ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཐམས་ཅད་དང་ལྷན་ཅིག་རྡོ་རྗེ་སེམས་དཔའ་ཀུན་དུ་སྦྱོར་བ་ནི་ཐམས་ཅད་སྦྱོར་བའོ། །དེ་ཉིད་ཐམས་ཅད་དུ་སྣ་ཚོགས་པའི་སྐལ་བ་བཟང་པོའོ། །ཨ་ར་ལི་ཀུན་ནི་རྡོ་རྗེ་སེམས་དཔའོ། །འགྲུབ་པར་འགྱུར་བ་ནི་མངོན་སུམ་དུ་འགྱུར་བ་སྟེ། དེ་ཉིད་དམ་རྣལ་འབྱོར་པ་ལྷ་མོ་ཐམས་ཅད་དང་ལྡན་པའི་ཨ་ར་ལི་ཀུན་ནི་རྡོ་རྗེ་སེམས་དཔའོ། །གྲུབ་པར་འགྱུར་བ་ནི་སྐྱེ་བའོ། །བདག་གི་དོན་ཕུན་སུམ་ཚོགས་པ་སྔོན་དུ་འགྲོ་བ་བསྟན་ནས་ལན་ཅིག་ཅེས་བྱ་བ་ལ་སོགས་པ་བསྐུལ་བའི་ཚིག་གཉིས་ཀྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། གཞན་ཡང་འདིས་ནི་ཤིན་ཏུ་སྦྱོར་བའི་སྒྲུབ་པ་ཉིད་ཀྱང་བསྟན་པའི་ཕྱིར། བསྟན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྣ་ཚོགས་འབྲང་བ་ཞེས་བྱ་བ་ནི་ཤིན་ཏུ་སྦྱོར་བས་སོ། །དེ་ནས་ཞེས་བྱ་བ་ནི་བསྐུལ་བ་བྱས་པའི་བསྒོམ་པའི་དུས་སུ་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་འདུག་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་བདག་ཉིད་ལ་རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པའི་དམ་པ་དེ་ཁོ་ན་ཉིད་ཀྱིས་བསྐུལ་བར་བྱའོ། །རྗེས་སུ་ཆགས་པ་ནི། སོ་སོར་རིག་པས་རྗེས་སུ་ཆགས་པ་སྟེ། བདེ་མཆོག་གོ །དགའ་བ་ནི་འཁྱུད་པའི་བདེ་བ་དང་ལྡན་པ་སྟེ་ཨེ་མ་བདེ་པའོ། །པདྨ་རྣམ་པར་དག་པ་ནི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བ་སྟེ་སྒྲོལ་མའོ། །མཆོད་པ་ནི་དབང་ཕྱུག་ཆེན་པོ་ཐམས་ཅད་རབ་ཏུ་ཐོབ་པ་སྟེ་ཤི་ཤིའོ། །དེ་དག་ནི་རྣམ་པར་ཞི་ཞིང་སྣ་ཚོགས་པ་རྣམ་པ་དུ་མ་ཡིན་པས་ན། རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདྨོ་རྣམ་པར་དག་པའི་མཆོད་པའོ་ཞེས་པའི་ཚིག་རྣམ་པར་སྦྱར་ཏེ། དེ་ལྟ་བུའི་རྗེས་སུ་ཆགས་པའི་རྣམ་པ་མང་པོའི་དགའ་བའི་པདྨོ་རྣམ་པར་


DTG027_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་པའི་མཆོད་པ་དེ་རྣམས་ཀྱིས་ཁྱེད་ལ་གསལ་ཞིང་མངོན་པས་རྗེས་སུ་མཆོད་པ་བྱས་པའོ། །ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། མཆོག་ཏུ་རྟག་པའི་རྣལ་འབྱོར་ཏེ། མཆོག་ཏུ་ཕུལ་ཏུ་བྱུང་ཞིང་རྒྱུན་མི་འཆད་པར་སྦྱོར་བའི་བདེ་བའི་བདག་ཉིད་རྣམས་ཀྱིས་བདེ་བའོ་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་བས་གྲུབ་པར་མཛོད་ཅིག་ཅེས་བྱ་བ་ནི་གསོལ་བ་འདེབས་པའོ། །མཆོག་ཏུ་བདེ་བའི་ངོ་བོ་ཉིད་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །དམ་ཚིག་ནི་འདའ་བར་མི་བྱའོ། །མཆོག་ཏུ་བདེ་བའི་ཤིན་ཏུ་རྣལ་འབྱོར་ནི་མཆོག་ཏུ་བདེ་བའི་རྒྱུར་གྱུར་པ་སྟེ། དེས་བདག་ཉིད་བསྒྲུབས་ཤིང་མཆོག་ཏུ་བདེ་བ་མངོན་པར་འབྱོར་བས་ན་སྐལ་བཟང་ངོ༌། །ཐམས་ཅད་ལས་ཕུལ་དུ་བྱུང་བས་ན་མཆོག་སྟེ། ཤིན་ཏུ་ཡང་བསྟོད་ཅིང་དོན་ཐམས་ཅད་དགའ་བས་དགྱེས་པའོ། །རོལ་ཅིག་པ་ནི་གསོལ་བ་འདེབས་པའོ། །ཡང་རོལ་ཅིག་པ་ནི་ཤིན་ཏུ་ཡིད་དུ་འོང་བའོ། །ཧོ་ནི་རྗེས་སུ་ཆགས་པས་སོ། །གང་དང་རོལ་ཅེ་ན། རང་གི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་དམ་ཚིག་ཅེས་བྱ་བ་ནི་བདེ་བའི་མཆོག་གོ །སྐྱོན་མེད་ཅེས་པ་ནི་ཨེ་མའོ་བདེ་བའོ། །རྟག་པ་ནི་སྒྲོན་མའོ། །དམ་ཚིག་དེ་ཉིད་ནི་ཤི་ཤིའི་དབང་དུ་མཛད་ནས་གསུངས་པའོ། །མཆོག་ཏུ་གསང་བའི་ཞེས་བྱ་བ་ནི་སྦྱོར་བའི་མཚན་ཉིད་དོ། །བདག་པོ་ནི་རབ་ཏུ་གསང་བ་དེ་ལ་དབང་བའོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ། རབ་ཏུ་གསང་ཞིང་མཆོག་ཏུ་གྱུར་པ་ཁྱོད་ཀྱིས་ལྷ་མོ་འདི་རྣམས་དང་རོལ་ཅིག་ཅེས་བྱ་བར་སྦྱར་རོ། །འགྲོ་བའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པའི་ཕུན་སུམ་ཚོགས་པས་བསྐུལ་བ་ཡིན་ཏེ། འགྲོ་བ་ནི་སེམས་ཅན་ནོ། །རྒྱུད་ནི་སྤྲུལ་པ་རྣམས་སོ། །རྣམ་པ་སྣ་ཚོགས་པ་ནི། རྣམ་པ་ཐ་དད་པ་དུ་མས་ངོ་མཚར་དུ་གྱུར་པ་སྟེ། དེ་ལྟ་བུའི་རྣམ་པ་སྣ་ཚོགས་པའི་རྒྱུད་རྣམས་ཀྱིས་གདུལ་བ་ནི་སེམས་ཅན་གྱི་དོན་གྱི་ཐབས་སོ། །གསལ་བ་ནི་མངོན་སུམ་དུ་སྣང་བའོ། །མཁྱེན་པ་ནི་དེ་ལ་མཁས་པ་སྟེ། འགྲོ་བ་རྣམས་གདུལ་བ་ལ་མཁས་ཤིང་འདུལ་བར་གསལ་བར་མཁྱེན་པ་ཞེས་དེ་ལ་བོད་པའོ། །བརྟན་པ་ནི་རི་ལ་སོགས་པའོ། །གཡོ་བ་ནི་མི་ལ་སོགས་པ་སྟེ། གང་དངོས་པོ་ཐམས་ཅད་ངོ་བོ་


DTG027_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་དུ་གྱུར་པ་ལ་ཀྱེ་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་གྱུར་ཞེས་བོད་པ་སྟེ། ངོ་བོ་ཉིད་དུ་གྱུར་པའི་དོན་གྱིས་ན་དམ་ཚིག་ཐམས་ཅད་ཀྱི་དངོས་པོ་སྟེ་རྒྱུར་གྱུར་པའོ། །རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གོ །ཀྱེ་མ་ཞེས་པ་ནི་ངོ་མཚར་དུ་གྱུར་པའོ། །དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་ཞེས་པ་ནི། ཤིན་ཏུ་མཆོག་ཏུ་གྱུར་ཅིང་རྒྱུན་མི་འཆད་པའི་དངོས་གྲུབ་ཀྱི་དགའ་བའོ། །སྟོན་ཅེས་པ་ནི་དགའ་བར་མཛོད་ཅེས་པའོ། །ཛ་ཞེས་བྱ་བ་ལ་སོགས་པ་ནི་སྤྱན་དྲང་བར་བྱ་བའི་ཕྱིར། ལྷ་མོ་བཞིའི་སྒོ་ནས་བསྐུལ་བའི་ཚིག་སྟེ། བདེ་བའི་མཆོག་གི་སྒོ་ནས་སོ་སོར་རིག་པར་མཛོད་ཅིག་པའོ། །ཨེ་མའོ་བདེ་བས་རྣམ་པར་འཕྲུལ་ཞིང་སྒྲོལ་མས་གར་མཛོད་ཅིག་པའོ། །ཧཱུཾ་ནི་འགྲོ་བའི་དོན་དུ་ཁྲོ་བོ་མངོན་དུ་མཛོད་ཅིག་པའོ། །ཨ་ལ་ལ་ཧོ་ཞེས་པ་ནི་ངོ་མཚར་རོ། །སླབ་མ་གཞུག་ཏུ་གསོལ་ཞེས་བྱ་བ་ནི་ཚེ་རབ་ཏུ་སྤེལ་ཅིག་པའོ། །བདེ་བའི་མཆོག་ལ་སོགས་པ་ལྷ་མོ་བཞིའི་རིམ་པའི་གླུ་དང་སྦྱོར་བ་བསྟན་ཏོ། །དེ་ལྟར་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་གསོལ་བ་བཏབ་ནས། གཞན་ཡང་ཇི་ལྟར་རང་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་གླུས་གསོལ་བ་འདེབས་པ་ཡིན་ཏེ། དེ་ཡང་རྣམ་མང་ཞེས་པ་ལ་སོགས་པ་ལ་རྣམ་པ་མང་པོའི་འདོད་ཆགས་ཀྱི་རྒྱུན་ཡོད་པ་གང་ཡིན་པ། འཇིག་རྟེན་གྱི་ཁམས་མ་ལུས་པར་གཏོགས་པའི་སེམས་ཅན་ལུས་པ་མེད་པ་དེ་རྣམས་ནི། རྣམ་པ་མང་པོའི་འདོད་ཆགས་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མད་པ་སྟེ། འདོད་ཆགས་ལ་སྤྱོད་པའི་སེམས་འདུལ་བ་ནི། འདོད་ཆགས་ཀྱིས་འདོད་ཆགས་སྤོང་པའོ། །དེ་ལ་མཁས་པ་ནི་མཁྱེན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་བུད་མེད་དང་སྐྱེས་པའི་མཚན་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པའི་ཁོངས་སུ་གཏོགས་པའི་སེམས་ཅན་ལུས་པ་མེད་པ་སྟེ། དེ་རྣམས་འདུལ་བ་ནི་རྡོ་རྗེ་སེམས་དཔའི་རེག་པའི་བདེ་བ་དང༌། ཡིད་བདེ་བ་བསྐྱེད་པའོ། །དེ་ལ་མཁས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྣམ་པ་


DTG027_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མང་པོའི་ཁྲོ་བོའི་རྒྱུད་ཅེས་པ་ནི་སྲོག་གཅོད་པར་བྱེད་པའི་སེམས་ཅན་མ་ལུས་པ་ལུས་པ་མེད་པ་དེ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱ་སྟེ། དེ་རྣམས་བསྡུ་བ་ནི་སྲོག་ཉེ་བར་བསྡུ་བས་བདེ་བར་བྱེད་པ་སྟེ། དེ་ལ་མཁས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྟེན་ཕྲ་རྟེན་ཧཱུཾ། ཞེས་བྱ་བ་ལ་སོགས་པ་ནི་བསྐུལ་བའི་དམ་ཚིག་ཡིན་པར་ཤེས་པར་བྱའོ། །དེ་རྣམས་ཉིད་ཀྱིས་ནི་ཤིན་ཏུ་སྦྱོར་བ་ཇི་ལྟ་བ་བཞིན་དུ་གནས་པའི་རིམ་པས་རྗེས་སུ་ཆགས་པ་ལ་སོགས་པའི་ལས་རྣམས་ཡིན་པར་ཤེས་པར་བྱའོ། །གྲུབ་པའི་དབང་ཕྱུག་ནི་དངོས་གྲུབ་ལ་དབང་ཐོབ་པའོ། །དེའི་བར་དུ་གྲུབ་པ་ནི་སྦྱོར་བ་མཐར་ཕྱིན་པའོ། །གྲུབ་པར་འགྱུར་ཞེས་པ་ནི་དེ་རྣམས་ཀྱིས་ཤེས་པར་འགྱུར་བའོ། །གླུ་འདི་དག་ནི་ཞེས་པ་ནི་ཇི་སྐད་དུ་བཤད་པའི་གླུ་དང་ཕྱག་རྒྱ་རྣམས་ཀྱིས་སོ། །སྟོན་པའི་ཞེས་པ་ནི་ལྷ་རྣམས་སོ། །ཕྱག་རྒྱ་ཕབ་པ་ནི་ཕྱག་རྒྱས་བྱིན་གྱིས་བརླབས་པས་འགྲུབ་པའོ། །དེ་འབའ་ཞིག་ཏུ་མ་ཟད་དེ། བདེ་བའི་མཆོག་ལ་སོགས་པའི་བུད་མེད་བསྒོམ་པ་ལས་བརྩོན་པས་ཀྱང་འགྲུབ་པའོ། །ཅིའི་ཕྱིར་ཞེ་ན། བུད་མེད་མ་ཡིན་པ་སྟེ་སྐྱེས་པ་དག་ཀྱང་ཕྱག་རྒྱ་དེ་འབེབས་ནའོ། །རྡོ་རྗེར་བཅས་པའི་མཚན་མ་འཛིན་པའི་རྣལ་འབྱོར་མ་རང་གི་ལྷག་པའི་ལྷ་རྣམས་འདྲ་བར་བྱིན་གྱིས་བརླབ་པ་ནི་འབེབས་པ་སྟེ། དེས་ཉེ་བར་མཛེས་པར་གྱུར་པའོ། །སྔོན་མེད་རོལ་མོ་སིལ་སྙན་གར། །རྣམ་པར་འཕྲུལ་པས་ཞེས་བྱ་བ་ནི་གླིང་བུ་ལ་སོགས་པ་རྣམས་ཀྱིས་སོ། །འགྲུབ་པར་འགྱུར་བ་ནི་ངེས་པར་རོ། །ལྷའི་གཟུགས་ལ་སོགས་པ་ནི་སྤྲུལ་པས་སོ། །རང་གི་ལྷ་ནི་གནས་ཀྱི་བདག་པོར་བདག་ཉིད་མཐོང་བའོ། །མཆོད་པ་ནི་ལྷའི་མཆོད་པ་མེ་ཏོག་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱིས་མཉམ་པར་སྦྱོར་བ་ནི་མཆོད་པའོ། །དེས་ན་སྐལ་བ་བཟང་པོ་སྟེ་དེ་ཉིད་ཀྱིས་ན་མཆོག་གི་འདོད་ཆགས་ཅན་ནོ། །རྣམ་པ་ཀུན་གྱི་སྐལ་བ་བཟང་པོ་ནི་རྡོ་རྗེ་སེམས་དཔའི་སྦྱོར་བ་དང་ལྡན་པའོ། །སྐྱོན་མེད་པ་ནི་བདེ་བ་འདི་ཉིད་ཡང་དག་པར་སྒྲུབ་པར་བྱེད་པ་ནི་ཡོངས་སུ་སྤྱོད་པའོ། །དཔལ་རྡོ་རྗེ་སེམས་དཔའི་དངོས་གྲུབ་ནི་དེ་ལ་སྦྱོར་


DTG027_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དེས་ན་དེ་ལྷན་ཅིག་སྦྱོར་བ་དེ་ལས་དངོས་གྲུབ་ཐམས་ཅད་ཀྱི་བདེ་བའི་དཀྱིལ་འཁོར་རྗེས་སུ་མྱོང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་སྒྱུ་མས་བྱིན་བརླབས་པས། །ཞེས་པ་སྟེ། བདེ་བའི་མཆོག་ལ་སོགས་པ་ནི་སངས་རྒྱས་ཀྱི་སྒྱུ་མའི་ནུས་པ་བསྐྱེད་པས་སོ། །དེ་ལྟར་གླུ་ཡིས་བསྐུལ་བའི་ཆེ་བའི་བདག་ཉིད་བསྟན་ནས། རྒྱལ་མཚན་ཉེ་བར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བསྐུལ་བའི་འོག་ཏུའོ། །བུད་མེད་དག་ནི་བཞི་རྣམས་དང༌། །ཞེས་པ་ནི་མེ་ཏོག་ལ་སོགས་པ་མཆོད་པའི་རྣལ་འབྱོར་མ་རྣམས་ཀྱིས་སོ། །གར་གྱི་ཕྱག་རྒྱའི་མཆོད་པ་ཡིས། །ཞེས་པ་ནི་དང་པོ་གར་བྱ་བ་སྟེ། འདི་ཉིད་ཀྱི་འོག་ནས་གྱེན་དུ་འདེགས་པ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་བཅིང་བས་སོ། །མཆོད་པ་ཐམས་ཅད་ཅེས་པ་ཇི་ལྟར་ལྟར་བདག་ཉིད་ལྷ་མོ་ཐམས་ཅད་དང་འདུས་པའི་མེ་ཏོག་ལ་སོགས་པའི་མཆོད་པའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། གོ་རིམས་སྔ་མས་དཀྱིལ་འཁོར་གྱི་མཆོག་གི་ཏིང་ངེ་འཛིན་བྱས་ལ། གླུ་རྣམས་ཀྱི་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྐྱེད་ལ་འདུས་པ་བྱ་ཞིང་དབང་བསྐུར་བ་ཐོབ་ནས་ལྕགས་ཀྱུ་ལ་སོགས་པས་སྤྱན་དྲང་པ་ལ་སོགས་པ་བྱས་ཏེ། མཆོད་པ་ཕུལ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་རང་གི་ལྷའི་ཕྱག་རྒྱས་མཆོད་པ་ལ་སོགས་པ་བྱའོ། །དེ་ལྟར་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་རྫོགས་པར་བྱས་ནས། དཔལ་བདེ་བ་ཆེན་པོའི་ཕྱག་རྒྱ་དང༌། ཡི་གེ་ཧཱུཾ་གྱིས་འཁོར་ལོ་བཏེག་ལ་དེ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ནས་ཡོངས་སུ་བསྐོར་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ་ཤིན་ཏུ་བསྒྲུབ་པར་བྱ་བའི་བུད་མེད་ལ་གསང་བའི་ལྕགས་ཀྱུས་ཧཱུཾ་དང་བཅས་པའི་འཁོར་ལོ་ལ་བསྟིམ་ཞིང་འདུས་པ་བྱས་ལ་བསྟོད་ནས་སྤྱན་དྲང་བ་ལ་སོགས་པ་བྱ་སྟེ། མཆོད་ཡོན་ཕུལ་ནས་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ། དབང་བསྐུར་ནས་བུམ་པ་ལྔ་ལ་སོགས་པའི་ཆོ་ག་རྗེས་སུ་བསྒྲུབས་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་རང་གི་གསང་བའི་དེ་ཁོ་ན་ཉིད་འདི་ཉིད་ཀྱི་མེ་ཏོག་ལ་སོགས་པའི་


DTG027_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། བདག་ལ་དམ་ཚིག་མཆོག་གྲུབ་པར་མཛོད་ཅིག་ཅེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པའི་དམ་པར་གྲུབ་པར་མཛོད། །ཨོཾ་ཧཱུཾ། ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ། མེ་ཏོག་གི་དེ་ཁོ་ན་ཉིད་དོ། །དམ་ཚིག་དམ་པ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ་འདུག་པས་སོ། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །ཨོཾ་ཧཱུཾ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ་མར་མེས་སོ། །ཡང་མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ་བྱུག་པ་ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་འདི་ཞེས་པ་ནི་གསང་བའི་རྒྱུད་ཀྱི་ཕྱག་རྒྱས་སོ། །མཆོད་པ་ཐམས་ཅད་ནི་མེ་ཏོག་ལ་སོགས་པའི་མཆོད་པའོ། །འདི་དག་དང་ཞེས་བྱ་བ་ནི་བཤད་མ་ཐག་པའི་རང་གི་གསང་བའི་དེ་ཁོ་ན་ཉིད་དང་སྟེ་མེ་ཏོག་ལ་སོགས་པའི་ལྷ་མོ་རྣམས་དང་རང་གི་ཕྱག་རྒྱ་ཇི་ལྟ་བ་མཆོད་པ་བྱའོ། །མེད་ན་བདག་ཉིད་ཀྱིས་བྱའོ། །དེ་ནས་སློབ་མ་ཐམས་ཅད་གཟུང་བར་བྱའོ། །དེ་ལ་གོ་རིམས་ནི་འདི་ཡིན་ཏེ། དཀྱིལ་འཁོར་ཇི་ལྟ་བ་བཞིན་ལ་གོ་རིམས་སྔ་མས་མཆོད་པའི་མཐར་ཐུག་པའི་བར་དུ་རྫོགས་པར་བྱས་ལ་ཕྱག་ལ་སོགས་པ་བྱ་སྟེ། བདག་ཉིད་ཞུགས་ནས་བདག་ཐམས་ཅད་ཀྱི་སློབ་དཔོན་དུ་དབང་བསྐུར་ཞིང་སྣ་ཚོགས་འབྱུང་བའི་བཅོམ་ལྡན་འདས་འཁོར་དང་བཅས་པ་མངོན་པར་ཕྱོགས་པར་བསྒོམས་ལ། བདག་ཉིད་རྡོ་རྗེ་བདག་ཉིད་དང༌། ངོ་བོ་ཉིད་ཀྱིས་དག་པ་དང༌། བདག་མེད་པས་མཉམ་པ་ཉིད་ཀྱིས་ལྷ་ཐམས་ཅད་དང༌། གཅིག་ཏུ་གྱུར་པར་རིམ་བཞིན་དུ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭབྷཱ་ཤུདྡྷོཉཧཾ། ཨོཾ་སརྦ་ས་མ་ཡོ྅ཧཾ། ཞེས་བརྗོད་ལ་བདག་ཉིད་ལྷག་པར་མོས་པས་དེར་དབུས་སུ་འདུག་སྟེ། བདག་ཉིད་ཀྱིས་རོལ་མོའི་རྗེས་སུ་འགྲོ་བའི་གླུ་འདོན་བཞིན་དུ་གཏམ་དང༌། ཕྱག་མཚན་དང༌། ཕྱག་རྒྱལ་སོགས་པ་ཤིན་ཏུ་མཉམ་པར་གཞག་ནས་བསྒྲུབ་པར་བྱའོ། །གང་གི་ཚེ་རྗེས་


DTG027_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་བསྒྲུབ་པར་འདོད་པ་དེའི་ཚེ་བདག་ལ་དབང་བསྐུར་བའི་མཐར་ཐུག་པའི་བར་དུ་རྫོགས་པར་བྱ་བ་ལ་སོགས་པ་བྱས་ལ། སློབ་མ་གཞུག་པའི་ཕྱིར་གསོལ་བ་བཏབ་སྟེ། བདག་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། དཀྱིལ་འཁོར་གྱི་བདག་པོའི་སྦྱོར་བར་སློབ་མ་བྱས་ཏེ། ཤི་རི་སུ་ཁ་བཛྲ་སཏྭ་སུ་བྷ་ག་སྟྭཾ་མ་ཧཾ། ཞེས་བརྗོད་ལ། གར་སྔོན་དུ་འགྲོ་བའི་ཐལ་མོ་སྦྱར་ལ་སྤྱི་བོར་བཞག་སྟེ། མེ་ཏོག་གི་ཕྲེང་བ་དང་བཅས་པའི་ལམ་གླུ་དབུལ་བར་བྱ་སྟེ། རྡོ་རྗེ་བདག་པོའི་སྙིང་པོ་བརྗོད་པས་གཞུག་པར་བྱའོ། །ཆོ་གའི་བྱ་བ་ཐམས་ཅད་ཀྱང་བརྗོད་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་ཡང་སྟོང་པར་ཤིན་ཏུ་སྦྱོར་བ་ཞེས་བྱ་བ་ལ་སོགས་པའི་གླུ་དང་བཅས་པས་བསྐུལ་བ་སྔོན་དུ་འགྲོ་བ་དང༌། ཡང་རིམ་པ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལྟར་བསྐྱེད་ལ། དེ་ནས་བདག་གི་བདག་པོ་ཇི་ལྟ་བའི་མཚན་མ་མངོན་སུམ་དུ་བྱས་ལ། སྦྱོར་བ་ཇི་ལྟ་བས་དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་ཇི་ལྟ་བ་བཞིན་དུ་གཞག་ལ་བདག་ཉིད་འབྱུང་བའི་གླུས་བསྐུལ་བའི་བར་དུ་རྫོགས་པར་བྱས་ལ་གཞུག་པར་བྱ་སྟེ། གསང་བ་འདུས་པ་ལ་སོགས་པའི་ཆོ་གས་སློབ་མ་གཞུག་པ་ལ་སོགས་པ་ཐམས་ཅད་ཀྱང་འདིར་བལྟ་བར་བྱའོ། །སངས་རྒྱས་ཉིད་རིན་པོ་ཆེ་བས་ན་སངས་རྒྱས་རིན་ཆེན་ནོ། །ཇི་ལྟ་བར་ནི་ཞེས་གསུངས་པ་ནི། ཕྲེང་བ་ལ་སོགས་པའི་དབང་བསྐུར་བ་ཡང་འདིར་ཤེས་པར་བྱའོ། །དམར་ཆེན་པོ་མྱང་བ་ནི་གཞུག་པའི་འོག་ཏུ་བལྟ་བར་བྱའོ། །མཁའ་འགྲོ་སྒྱུ་མའི་ཚོགས་ཀྱིས་ཀྱང༌། །ཞེས་བྱ་བ་ནི་རྒྱས་འདེབས་མ་དང༌། རྨོངས་བྱེད་མ་དང༌། གནོད་བྱེད་མ་རིམ་གྱིས་སོ། །དེ་ནས་ཞེས་བྱ་བ་ནི་དབང་བསྐུར་བའི་འོག་ཏུའོ། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་འདས་པའི་རྒྱུ་ཡིས་སོ། །བདག་གི་ངོ་བོ་ཡང་སྤངས་ཤིང༌། །ཞེས་པ་ལ་ནི་བདག་ཉིད་ནི་ཤིན་ཏུ་མ་གཡོགས་པར་གྱུར་པའོ་ཞེས་བདག་ཉིད་ཀྱི་ཁྱད་པར་ཏེ། ཕུང་པོ་ཐམས་ཅད་ལ་སོགས་པ་དང༌། གཟུགས་ལ་སོགས་པ་ནི་བཏགས་པ་ཙམ་ཡིན་པར་ཤེས་པར་བྱས་ནས་ཡོངས་སུ་སྤངས་པ་ནི་འདིར་ལྟོས་པ་མེད་པ་ཡིན་ཏེ།


DTG027_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྒོམ་པའི་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པའི་སྒོ་ནས་བདེ་བར་བྱ་བའི་ཚུལ་གཞན་ལ་བཤད་པའི་སྤྱོད་པས་བདག་མི་གཟིར་བ་ནི་དཀའ་ཐུབ་ཀྱིས་མི་གཟིར་བའོ། །ཅི་བདེ་བར་ནི་བདེ་བར་སྦྱར། །ཅེས་པ་ནི་བསམ་གཏན་དང་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པའི་ལོངས་སྤྱོད་རྣམས་ལ་ཉེ་བར་ལོངས་སྤྱོད་ཅིག་པས་རྩེ་གཅིག་པར་གྱིས་ཤིག་པའོ། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཞེས་པ་ནི་བདག་ཉིད་ལྷའི་ང་རྒྱལ་དང་ཇི་ལྟ་བ་བཞིན་དུ་ལྡན་པའི་ལོངས་སྤྱོད་དོ། །ཇི་ནས་ཀྱང་མི་འཇིགས་པ་ནི་གང་ལས་འཇིགས་པ་མེད་པའོ། །དགའ་བར་གྱིས་ཞེས་པ་ནི་རྣམ་པར་རོལ་ཅིག་པའོ། །ཡུལ་ལ་ཉེ་བར་སྤྱོད་པ་འཆི་བའི་འོག་ཏུ་ངན་སོང་གི་འཇིགས་པ་ཡོད་དོ་ཞེས་རྟོག་པ་ལ་སྡིག་པ་མེད་ཀྱིས་ཞེས་བྱས་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་ཞེ་ན། དམ་ཚིག་ཅེས་བྱ་བ་ལ་སོགས་པས་གང་གསུངས་པ་སྟེ། དམ་ཚིག་ནི་ལྷ་དང་གཉིས་སུ་མེད་པར་གྱུར་པའོ། །འདའ་བར་དཀའ་བ་ནི་སྡིག་པ་ཐམས་ཅད་བསོད་ནམས་ཀྱི་རང་བཞིན་དུ་གྱུར་པས་ན་བསྒྲུབ་པར་དཀའ་བས་སོ། །གྲུབ་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། བདེ་བའི་མཆོག་ལ་སོགས་པའི་གཟུགས་ཀྱིས་ཡོངས་སུ་རྫོགས་པའོ། །ལྷན་ཅིག་སྤྱོད་པ་ནི་བདེ་བའི་མཆོག་ལ་སོགས་པའི་ལྷ་མོའི་གཙོ་མོ་རྣམས་སོ། །སྡུག་པ་ནི་ཡིད་དུ་འོང་བ་དེ་རྣམས་སོ། །ཡང་དག་ཉིད་ཀྱིས་ཞེས་པ་ནི་རང་གི་ལྷའི་ང་རྒྱལ་གྱིས་སོ། །རྣལ་འབྱོར་བཅས་དང་ཞེས་བྱ་བ་ནི་རྣལ་འབྱོར་བཞི་དང་ལྡན་པའོ། །གསང་བཅས་པའི་ཞེས་བྱ་བ་ནི་གསང་བའི་ཕྱག་རྒྱའི་ཡེ་ཤེས་དེ་ཉིད་དང་ལྡན་པའོ། །རྒྱ་ཞེས་བྱ་བ་ནི་ཕྱག་རྒྱ་དང་འདྲ་བའོ། །དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱ་ལ་སོགས་པ་བྱིན་པའི་འོག་ཏུའོ། །ཀུན་གྱི་སློབ་དཔོན་རབ་གནས་པ། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཉིད་དུ་གནས་པའོ། །ཆོས་ནི་ཞེས་བྱ་བ་ནི་ཆོས་དང་མི་འགལ་བའི་ཚུལ་གྱིས་སོ། །རྡོ་རྗེ་སེམས་དཔའི་དཔལ་གྱི་ཚུལ། །ཞེས་པ་ནི་རྡོ་རྗེ་སེམས་དཔའི་


DTG027_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་གྱི་རིམ་པའོ། །རྟོག་པ་ཐམས་ཅད་རབ་སྒྲུབ་ཅིང༌། །ཞེས་པ་ནི་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པ་དཀྱིལ་འཁོར་གྱི་དངོས་གྲུབ་སྩོལ་བའོ། །རྟོག་པ་ཀུན་ལ་རབ་སྦྱོར་བའི། །ཞེས་བྱས་བ་འདིས་ནི་ཐུན་མོང་གི་ཆོ་ག་ཉིད་དུ་སྟོན་ཏོ། །ངོ་བོ་ཉིད་ཕྱིར་ཞེས་བྱ་བ་ནི་དམ་པའི་དེ་ཁོ་ན་ཉིད་ཆེན་པོའི་མཆོག་གི་ཚུལ་གྱིས་སོ། །གང་འདི་ལྟར་སངས་རྒྱས་ལ་སོགས་པའི་དཀྱིལ་འཁོར་དང་རྟོག་པ་ཤེས་པ་ནི་དོན་མེད་པར་འགྱུར་རོ་ཞེ་ན། སྣ་ཚོགས་ལས་ཀྱི་སྦྱོར་བ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་དེ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཐབས་སྟོན་ཏོ། །གཟུགས་བརྙན་ངོ་བོར་སྦྱོར་བ་ཡི། །ཞེས་བྱ་བ་ནི་གཟུགས་བརྙན་གྱི་ངོ་བོ་ཉིད་དོ། །ཕྱག་རྒྱའི་སྦྱོར་བ་ཞེས་བྱ་བ་ནི་ལྷའི་ཕྱག་རྒྱ་འཆང་བས་སོ། །གར་བྱའོ་ཞེས་པ་ནི་སྒོམ་ཤིག་པའོ། །དམ་ཚིག་རྣམ་པ་སྣ་ཚོགས་ཀྱིས། །ཞེས་པ་ནི་ལྷག་མའི་ལུས་ཀུན་གྱིས་སོ། །དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཆོ་གས་སོ། །སངས་རྒྱས་ཀྱི་ཞིང་ནི་ཞེས་བྱ་བ་ལ་སོགས་པ་འདིས་ནི། བདག་པོ་ལྔའི་ཆེ་བ་ཉིད་སྟོན་ཏོ། །དེ་ལ་སོགས་པའི་ཞེས་བྱ་བ་འདིས་ནི་ཚད་མེད་པ་ཉིད་དུ་བསྟན་ཏོ། །ཡང་དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་སྡུད་པའོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱི་རྟོག་པ་སྟེ། རྟོག་པ་དྲུག་པའི་འགྲེལ་པའོ།། །།

བདུན་པ། དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའི་བརྟག་པའི་འགྲེལ་པ།


DTG027_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་དང་རྟོག་པ་འདི་ནི་དཀྱིལ་འཁོར་ཐམས་ཅད་དང་ཕྱག་རྒྱའི་ཡེ་ཤེས་དང་ལྡན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དཀྱིལ་འཁོར་ཐམས་ཅད་དང༌། ཕྱག་རྒྱའི་ཡེ་ཤེས་ཀྱི་རྟོག་པའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ་མོ་ཞེས་བྱ་བ་ནི་སངས་རྒྱས་ཀྱིའོ། །འཁོར་ལོ་ཐམས་ཅད་རབ་སྦྲུལ་པའོ་ཞེས་པ་ནི་དཀྱིལ་འཁོར་རྟོག་པ་ཐམས་ཅད་དེ། ལ་ལ་ལས་ནི་ཕུག་གི་སྣ་ཚོགས་པ་དག་ཏུ་ཞེས་ཟེར་ཏེ། དེར་ནི་བརྟུལ་ཞུགས་ཀྱི་གནས་རྣམ་པ་སྣ་ཚོགས་པའི་བར་ལ་བྱའོ། །ཆ་ལུགས་རྣམ་པ་སྣ་ཚོགས་པ། །ཞེས་པ་ནི་ཆ་ལུགས་རྣམ་པ་ཐ་དད་


DTG027_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །སྒྲུབ་པ་སྣ་ཚོགས་ཀྱིས་ཞེས་པ་ནི། ཡོ་བྱད་རྣམ་པ་སྣ་ཚོགས་པས་སོ། །པདྨོ་དམར་པོ་ནི་པདྨ་བཞིན་དུ་དམར་བའོ། །གནས་ཇི་ལྟ་བ་ནི་སྐྱེད་མོས་ཚལ་ལ་སོགས་པའོ། །འཁོར་ལོ་རྣམས་ཅི་འདྲ་བ་ནི་གྲུ་བཞི་ལ་སོགས་པའོ། །བཀོད་པ་ཇི་འདྲ་བ་ནི་སྒོ་ཁྱུད་ལ་སོགས་པའི་བཀོད་པ་ཅི་འདྲ་བའོ། །འགྲོ་བ་ཅི་འདྲ་བ་ཞེས་པ་ནི་གདུལ་བྱ་ཅི་འདྲ་བའོ། །འཁོར་རྣམས་བཀོད་པ་ཅི་འདྲ་བ་ནི། ལྷ་རྣམས་ཅི་འདྲ་བར་བཀོད་པ་དེ་དང་འདྲ་བའི་ཆོ་ག་ཡོངས་སུ་རྫོགས་པས་དཀྱིལ་འཁོར་ལ་མཆོག་རྒྱལ་བས་མཛད་ཅིང་སྦྲུལ་པར་གྱུར་པ་སྟེ། དཀྱིལ་འཁོར་དེ་མཐོང་བར་དེའི་བསོད་ནམས་ཅི་འདྲ་བ་ད་ལྟར་བྲིས་པའི་ཡང་དེ་བཞིན་ནོ། །ཕྱོགས་ཀུན་མཉམ་པ་ཉིད་བསྒྲུབ་ཅིང༌། །ཞེས་པ་ནི་ཤིས་པ་དང་མི་ཤིས་པའི་ཕྱོགས་ལ་མངོན་པར་ཞེན་པར་མ་བྱེད་ཅིག་པའོ། །ཤར་ཞེས་བྱ་བ་ནི་ཤར་ཕྱོགས་ལ་སོགས་པར་སངས་རྒྱས་རྣམས་དགོད་པའོ། །དོན་དམ་པར་ན་དཀྱིལ་འཁོར་རྣམས་བརྟག་པར་མི་ནུས་པ་ཡིན་ན། ཇི་ལྟར་ན་འདིར་ཡང་བསོད་ནམས་སུ་འགྱུར་ཞེས་པ་ལ། དཀྱིལ་འཁོར་ཞེས་པ་ལ་སོགས་པ་གསུངས་སོ། །རང་གི་ལྷའི་རང་བཞིན་ཞེས་པ་ནི་རང་གི་ལྷའི་གཟུགས་ཀྱིས་སོ། །གྲུབ་པ་ནི་རྫོགས་པའོ། །ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཞེས་བྱས་བ་ནི། ཀུན་ནས་ལྷ་མོ་ཐམས་ཅད་དང་ཡང་དག་པར་ལྡན་པའོ། །ཀུན་དུ་སྣ་ཚོགས་འཁོར་ལོ་ཅན་ནི་ཐམས་ཅད་དུ་སྣ་ཚོགས་ཤིང་མ་ལུས་པའི་འཁོར་དང་ལྡན་པ་སྟེ། རྡོ་རྗེ་སེམས་དཔའོ། །ཀུན་དུ་སྣ་ཚོགས་གྲུབ་པའི་ཕྱིར། །ཞེས་པ་ནི་སྔར་བཤད་པའི་དཀྱིལ་འཁོར་བཞིན་དུ་འདིའི་ཡང་ནང་དུ་ཟུར་བཞི་པ་ལ་སོགས་པ་ཀུན་ནས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། དཀྱིལ་འཁོར་ཐམས་ཅད་དང་འདྲ་བ་ལས། ནང་དུ་ཡང་ཟུར་བཞི་ཉིད་ལ་སོགས་པ་དང་ལྡན་པར་བྱས་ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱ་བའི་རྡོ་རྗེ་ཐིག་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཟུར་བཞི་པ་གཉིས་པ་སྒོ་དང་བཅས་པ་སྣ་གཅིག་གིས་བྲིས་པ་ནི་དཀྱིལ་


DTG027_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ཀུན་དུ་སྣ་ཚོགས་པ་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ། །དེ་དག་ཐམས་ཅད་ཀྱི་ཕྱི་རོལ་དུ་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའི་རྡོ་རྗེའི་དཀྱིལ་འཁོར་ཅིག་ཤོས་ལ་ནི་རང་གི་ཚོན་སྣ་གཅིག་གིས་བྲིས་པར་བལྟ་བར་བྱའོ། །དཀྱིལ་འཁོར་གྱི་ནང་ཡང་དེ་བཞིན་དུ་བསྟན་ཏོ། ཕྱི་རོལ་ཐམས་ཅད་དུ་ཡང་སྔ་མ་བཞིན་དུ་ཟུར་བཞིར་བྱའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ཟླུམ་པོ་དེ་དག་ཏུ་ཡང་རྡོ་རྗེའི་ཐིག་སྐུད་བཏབ་ལ་ཕྱི་རོལ་དུ་ནི་རི་མོ་ཟུར་བཞི་བྱའོ། །རྡོ་རྗེ་ཅན་གྱི་ཞེས་བྱ་བ་ནི་ཧེ་རུ་ཀ་ཡིའོ། །ཟླ་གམ་བཞིན་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་ཏེ། རྡོ་རྗེ་ར་བས་བསྐོར་བའི་ཕྱི་རོལ་དུ་ནི་རི་མོ་ཟུར་བཞིས་བསྐོར་བའོ། །པདྨའི་དབྱིབས་ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པ་འདྲ་བ་ལ་པདྨའི་ཕྲེང་བས་བསྐོར་བའོ། །ཕྱི་རོལ་དུ་རི་མོ་ཟུར་བཞིས་བསྐོར་བའོ། །རིན་ཆེན་དབྱིབས་ཞེས་བྱ་བ་ནི་རིན་པོ་ཆེ་ཟུར་བརྒྱད་པ་འདྲ་བ་ལ། རིན་པོ་ཆེའི་ལྕུག་མས་ཡོངས་སུ་བསྐོར་བ་ཕྱི་རོལ་དུ་ནི་རི་མོ་ཟུར་བཞིས་བསྐོར་བའོ། །ཇི་ལྟར་འདོད་པ་ནི་ཇི་ལྟར་དགའ་བའོ། །ཅི་འབྱོར་བ་ནི་ཅི་རྙེད་པས་སོ། །དཀྱིལ་འཁོར་ལྔ་པོ་འདི་དག་ལས་འདིའི་དཀྱིལ་འཁོར་ནི་དེས་པ་མེད་པས་འདིའི་གནས་སུ་དཔལ་རྟ་མཆོག་གཞག་པར་བྱའོ། །དེ་ཉིད་དེའི་དཀྱིལ་འཁོར་དུ་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཅི་ལྟ་ཅི་ལྟར་འདོད་དང་ཞེས་བྱ་བ་ནི་མངོན་སྤྱོད་དང་དབང་དུ་བྱ་བ་ལ་སོགས་པ་དང༌། རྒྱས་པའི་ལས་རྣམས་ལ་ཅི་འདོད་པ་ཐམས་ཅད་དོ། །ཇི་ལྟའི་དུས་དང་ནི་སྔ་དྲོ་དང༌། མཚན་མོ་དང༌། ཉི་མ་ཕྱེད་དང༌། ཕྱི་དྲོ་རྣམས་སུ་རིམ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་དུ་རིམ་བཞིན་འཇུག་པའོ། །ཅི་བདེ་བར་ནི་སློབ་མ་དབང་བསྐུར་བ་ལ་སོགས་པ་ཆུ་དང་བསྔ་མ་པ་ལ་སོགས་པ་མེད་པར་རོ། །རྡོ་རྗེ་ནི་རྡོ་རྗེ་རྒྱ་གྲམ་མོ། །ཕྱག་ན་བསྣམས་པས་དཔལ་རྟ་མཆོག་ཀྱང་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་ཀུན་དུ་མ་ཞུགས་ཤིང༌། །ཞེས་པ་ནི་དཀྱིལ་འཁོར་རྣམས་སུ་འཇུག་མ་མྱོང་བའོ། །དམ་ཚིག་རྣམས་ནི་སྤངས་པ་དང༌། །ཞེས་པ་ནི་དམ་ཚིག་


DTG027_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་མི་སྲུང་བའོ། །གསང་བ་ཡང་དག་ཅེས་བྱ་བ་ནི་འོག་ནས་བཤད་པའི་སྐལ་བ་ཉིད་ཀྱིས་སློབ་དཔོན་སྐལ་བ་བཟང་པོའོ། །ཅིའི་ཕྱིར་ཞེ་ན། གང་གིས་ན་བརྟན་ཞིང་ཐོག་མ་དང༌། ཐ་མ་མེད་པའི་རྣལ་འབྱོར་པ་དམིགས་པ་སྟེ། དེ་མི་སྤང་ངོ་ཞེས་བྱ་བར་སྦྱར་རོ། །ཀུན་དུ་སྣ་ཚོགས་སྐལ་བཟང་པོར། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ནི་བདག་ཉིད་བསྒྲུབས་པས་སྐལ་བ་བཟང་པོའོ། །བདག་མེད་ཆོས་ཉིད་དང་ལྡན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་པར་ཞེན་པའོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། དམ་ཚིག་ལ་སྡང་བ་སྟེ། དེ་རྗེས་སུ་སྤྱོད་པ་ལ་སྡང་བ་གང་ཡིན་པའོ། །དེ་ཉིད་ཀྱིས་ན་སྐལ་བ་ངན་པའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། དེ་ནི་སྲིད་པ་ཤིན་ཏུ་བསྒྲུབས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་རྫོགས་པས་སྐལ་བ་བཟང་པོ་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པའོ། །དཔལ་ཕྱག་ན་རྡོ་རྗེ་ནི་ཧེ་རུ་ཀའོ། །དམ་པའི་ནོར་མཆོག་སྡུད་པའི་ཕྱིར། །ཞེས་བྱ་བ་ནི། རང་གི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནོར་ཆེན་པོ་སྡུད་པར་སྟོན་པའོ། །དཀའ་ཐུབ་ནི་ལུས་ཡོངས་སུ་གདུང་པའོ། །རྒྱལ་སྲིད་མཆོག་རྣམས་ཀུན་བསྡུས་པས། །ཞེས་བྱ་བ་ནི་དྲག་པོའི་སྦྱོར་བའི་དབང་ཕྱུག་གོ །ཐུབ་པ་ནི་ཡ་མཚན་ཅན་རྣམས་སོ། །ཀུན་གྱི་སློབ་དཔོན་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་སྟེ། ཇི་སྐད་དུ། དཔལ་རྡོ་རྗེ་སེམས་དཔར་སྦྱོར་བས། སངས་རྒྱས་ཀུན་གྱི་བདག་ཉིད་སྦྱོར། །སངས་རྒྱས་ཕྱག་རྒྱའི་བརྔ་ཡིས་ནི། །སློབ་དཔོན་ཐམས་ཅད་ཅེས་བརྗོད་དོ། །ཞེས་པས་སོ། །བདེ་བ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའོ། །དེའི་བདག་ཉིད་ཀྱི་ངོ་བོ་ཉིད་དེ་སྒྲུབ་པའོ། །སློབ་མ་ལ་སོགས་པའི་ཞེས་པའི་སྒྲས་ནི་འདིར་བུ་ལ་སོགས་པ་རྣམས་སོ། །འཇུག་པས་ཞེས་པ་ནི་སློབ་མས་སོ། །གཡས་པ་ཡིས་ནི་ཞེས་བྱ་བ་ནི་ཡོན་ཐོགས་པས་སོ། །གསང་བའི་དེ་ཁོ་ན་ཉིད་བཤད་ནས་གཞུག་པར་བྱའོ། །ཀུན་དུ་སྣ་ཚོགས་བླ་མ་ལ། །ཞེས་པའི་སྒྲས་ནི་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་ནི། །དེ་ནི་


DTG027_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་གཏང་དཀའ་བ་ལ་སོགས་པའོ། །འདོད་དགུར་གྱུར་པ་ནི་མངོན་པར་དགའ་བའོ། །སངས་རྒྱས་བྱང་ཆུབ་མཆོག་གི་ཡོན། །ཞེས་པ་ནི་དཔལ་རྡོ་རྗེ་འཛིན་པའི་ཧེ་རུ་ཀའི་སྦྱོར་བ་གང་ཡིན་པ་དེའི་གོ་འཕང་ཐོབ་པ་སྟེ། ཡོན་གང་ཞིག་དཔལ་རྡོ་རྗེ་འཛིན་པ་ལ་སྦྱོར་བའི་ཡོན་དེས་སོ། །པདྨོ་ཅན་པདྨོའི་རིགས་ཀྱི་སློབ་དཔོན་གྱིའོ། །རྡོ་རྗེ་ཉི་མ་ནི་རིན་པོ་ཆེའི་སློབ་དཔོན་གྱིའོ། །ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ནི་གླིང་མཆོག་ཆས་རྣམས་དང་ལྡན་པའོ། །རྟའི་རྒྱལ་པོ་ཞེས་བྱ་བ་ནི་རྟ་མགྲིན་གྱི་དཀྱིལ་འཁོར་གྱི་སློབ་དཔོན་གྱིའོ། །སངས་རྒྱས་རིན་ཆེན་དབང་བསྐུར་བ། །ཞེས་པ་ནི་སངས་རྒྱས་ཉིད་རིན་པོ་ཆེ་སྟེ། དེས་དབང་བསྐུར་བའོ། །དེ་ཉིད་བསྟན་པའི་ཕྱིར། སྤྱི་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ལྔའི་དབུ་རྒྱན་དང་ཀ་པཱ་ལའི་ཕྲེང་བའི་དབུ་རྒྱན་གྱིས་ཐམས་ཅད་ཀྱི་སློབ་དཔོན་དུ་དབང་བསྐུར་བའི་ཕྱིར་ཐོད་པ་ཉིད་རིན་པོ་ཆེ་འམ། སངས་རྒྱས་ཉིད་དབུ་རྒྱན་ནོ་ཞེས་ཚིག་གིས་མཚམས་སྦྱར་བར་བྱ་སྟེ། སྤྱི་བོར་དབུ་རྒྱན་འདི་ཉིད་འཆང་བའི་དབྱེ་བ་ནི་འདི་ཉིད་ཡིན་པར་བལྟ་བར་བྱའོ། །རིན་པོ་ཆེ་གཅིག་ལས་བྱས་པ་ནི་སངས་རྒྱས་གཅིག་གིས་མཚན་པ་དང༌། ཐོད་པ་གཅིག་གིས་མཚན་པའོ། །དེ་བཞིན་སྣ་ཚོགས་རྒྱན་གྱིས་སྤྲས། །ཞེས་པ་ནི་ཐམས་ཅད་དུ་ལོ་མ་དང༌། ལྕུག་མ་སྣ་ཚོགས་པས་སྤེལ་བའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་དབང་བསྐུར་བ་ནི་ཅོད་པ་ལ་སངས་རྒྱས་ཀྱིས་མཚན་པའོ། །པདྨས་དབང་བསྐུར་བ་ནི་ཐོད་པས་ཅོད་པན་ལ་མཚན་པ་སྟེ། དེ་དག་གིས་སློབ་མ་ཐམས་ཅད་ཀྱི་བདེ་བའི་མཆོག་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་ཀྱིས་དབང་བསྐུར་བའོ། །རིན་ཆེན་རྡོ་རྗེ་ཞེས་བྱ་བ་ནི་རིན་པོ་ཆེས་སྤྲས་པའི་རྡོ་རྗེའོ། །རྡོ་རྗེ་ཡིན་ཞེས་བྱ་བ་ནི་རྡོ་རྗེ་འབར་བས་མཚན་པའོ། །སངས་རྒྱས་སྐུ་ཞེས་བྱ་བ་ནི་འོད་དཔག་མེད་ཀྱི་སྐུ་མཚན་པའོ། །ནོར་བུ་ཡིན་ཞེས་བྱ་བ་ནི་རྡོ་རྗེ་དང་བཅས་པའི་རིན་པོ་ཆེའོ། །སངས་རྒྱས་རིན་ཆེན་ཞེས་པ་ནི་སངས་རྒྱས་རིན་པོ་ཆེ་ནི་


DTG027_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་རིན་ཆེན་ཏེ། རྡོ་རྗེ་སེམས་དཔའ་དང༌། རྣམ་པར་སྣང་མཛད་གཉིས་ཀྱི་ཅོད་པ་ན་གཉིས་སོ། །པདྨོ་ཞེས་བྱ་བ་ནི་འོད་དཔག་མེད་ཀྱིས་དབང་བསྐུར་བའོ། །རྡོ་རྗེ་ཞེས་པ་ནི་ཧེ་རུ་ཀའི་དབང་བསྐུར་བའོ། །ཡིད་བཞིན་ནོར་བུ་ཞེས་པ་ནི་རྡོ་རྗེ་ཉི་མའི་དབང་བསྐུར་བའོ། །ཐམས་ཅད་མཆོག་ནི་རྟ་མཆོག་ལ། །ཞེས་བྱ་བ་ནི་རྟ་མཆོག་གི་སློབ་དཔོན་གྱིའོ། །མཚན་མའི་ཕྱག་རྒྱ་ཞེས་པ་ནི་རྡོ་རྗེ་ལ་སོགས་པའོ། །དེ་ཉིད་ཀྱི་དབྱེ་བ་བསྟན་པའི་ཕྱིར། ཀུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་སྣ་ཚོགས་པའི་རྣམ་པ་དང་བཅས་པ་ནི་སྐལ་བ་བཟང་པོ་ནི། ཀུན་དུ་སྣ་ཚོགས་པ་སྐལ་བ་བཟང་པོའོ་རང་བྱུང་རྣམས་ཀྱི་ནི་རྡོ་རྗེ་སེམས་དཔའི་སྟེ། འདིར་དམ་ཚིག་གསུམ་བསྟན་པ་ནི་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་དང༌། སྤྱན་གྱི་ཕྱག་རྒྱ་དང༌། གཞུ་དང་མདའི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། ཅི་དེ་དག་ཁོ་ན་ཞེ་འམ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་བཞིན་དུ་མཐར་ཐུག་པ་མེད་པ་བདེ་བའི་མཆོག་ལ་སོགས་པ་ལྷ་མོ་རྣམས་ཀྱི་ངོ་བོ་ཉིད་གཞུ་དང་མདའི་གཟུགས་ཀྱིས་གནས་པ་ནི། བཅོམ་ལྡན་འདས་ཉིད་ཀྱི་མཚན་མའི་ཕྱག་རྒྱའོ། །མཆོག་ཅེས་བྱ་བའང་དེ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གཞུ་དང་མདའ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདའ་དང་བཅས་པའི་གཞུ་ནི་བདེ་བ་མཆོག་གོ །སྐལ་ལྡན་ནི་སྐྱེས་པའི་མཚན་ནོ། །སྐལ་བ་བཟང་ནི་བྷ་གའི་ཕྱག་རྒྱ་སྟེ། དེའི་སྟེང་དུ་སྐལ་ལྡན་གཞག་པ་ནི་ཨེ་མ་བདེ་བའོ། །ཐོད་པ་དང༌། ཁ་ཊྭཱཾ་ག་དང༌། སྣ་ཚོགས་རྡོ་རྗེ་ནི་སྒྲོལ་མ་ཡིའོ། །ཐོད་པ་ཁམ་ཕོར་དང༌། སྣ་ཚོགས་རྡོ་རྗེ་ལ་འོད་དཔག་མེད་ཀྱི་སྐུ་གཞག་པ་ནི་ཤི་ཤིའོ། །མདས་ཕུག་པའི་འོག་གཞི་དང༌། གཞུ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ། །འཁོར་ལོ་རྩིབས་བརྒྱད་པ་ནི་ཆོས་ཉིད་ཀྱི་འཁོར་ལོ་མཱ་མ་ཀཱིའོ། །རྡོ་རྗེ་རྩེ་ལྔ་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་ཡིའོ། །དཔག་བསམ་གྱི་ཤིང་ལྕུག་མས་དཀྲིས་པ་ནི་འདོད་པ་ཐམས་ཅད་ཀྱི་ལྕུག་མ་ཡིའོ། །པདྨའི་སྟེང་དུ་མགོས་བསྟོད་ནས། རྟ་སྐད་འཚེར་བའི་རྟ་མགོ་ལྡང་གུ་ནི་རྟ་གདོང་མ་ཡིའོ། །ཕག་གི་མཆེ་


DTG027_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ནི་རྡོ་རྗེ་གདོང་གིའོ། །ཟླ་བ་དང་ཉི་མའི་དཀྱིལ་འཁོར་རྡོ་རྗེ་སྤྱན་གྱིའོ། །ཐོད་པའི་དབུས་སུ་སྣ་ཚོགས་རྡོ་རྗེ་ལ་སངས་རྒྱས་ཀྱིས་ཀུ་གཞག་པ་ནི་ཐལ་བས་རབ་ཏུ་འཇུག་པའི་རོ་ལངས་མ་ཡིའོ། །རྡོ་རྗེ་གླིང་བུ་ནིར་རྒྱུད་གཅིག་མ་ཡིའོ། །སྣ་ཚོགས་རྡོ་རྗེས་མཚན་པའི་པི་ཝང་ནི་རྒྱུད་མངས་མ་ཡིའོ། །མུ་ཀུནད་ནི་སྡུག་མ་ཡིན། །རྫ་རྡ་ནི་རྫ་རྡ་མ་ཡིའོ། །མེ་ཏོག་གི་ཟ་མ་ཏོག་དང༌། སྤོས་ཁང་གང་བ་དང༌། མར་མེའི་སྡོང་བུ་དང༌། དྲི་ཡི་ཕོར་བུ་ནི་གོ་རིམས་བཞིན་དུ་མེ་ཏོག་མ་དང༌། བདུག་པ་མ་དང༌། མར་མེ་མ་དང༌། དྲི་ཆབ་མ་ཡིའོ། །ཆོས་གོས་དང༌། ལྷུང་བཟེད་དང༌། འཁར་གསིལ་དང༌། དམ་པའི་ཆོས་ཀྱི་གླེགས་བམ་གྱི་ཕྱག་རྒྱ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིའོ། །ལྕེའི་ཕྱག་རྒྱ་དང༌། ཆ་ལང་ཆུང་དུ་དང༌། རྡོ་རྗེ་རྩེ་ལྔ་པ་དང༌། རིན་པོ་ཆེའི་ཟ་མ་ཏོག་ནི་རིམ་བཞིན་དུ་སངས་རྒྱས་ཀུན་བརྗོད་མ་དང༌། རྒྱན་ཅན་མ་དང། ཀུན་ཏུ་བཟང་མོ་དང༌། མི་བཟད་པའི་ཟ་མ་ཏོག་མ་ཡིའོ། །སངས་རྒྱས་ཀྱི་སྐུ་གཟུགས་དང༌། མེ་ལོང་དང༌། སྦྲིན་དང་བཅས་པའི་རྡོ་རྗེ་སེར་བ་དང༌། མིག་གི་ཕྱག་རྒྱ་ནི་རིམ་བཞིན་དུ་སངས་རྒྱས་ཐམས་ཅད་ཡན་ལག་དང་ལྡན་མ་དང༌། གཟུགས་མ་ཞལ་བཟངས་མ་དང། སྤྲིན་ཆེན་མོད་དང༌། ནམ་མཁའི་སྤྱན་རྣམས་ཀྱིའོ། །རྡོ་རྗེ་འབར་བ་དང༌། །བ་ཊྭཱཾ་ག་དང་བཅས་པའི་ཐོད་པ་དང༌། དམར་ཆེན་པོས་ཁམ་ཕོར་བཀང་བ་ཡིན་པར་ཤེས་པར་བྱའོ། །སྙིང་རྗེ་ཆེན་པོ་ནི་སྙིང་གི་པདྨ་སྟེ། དེ་ཉིད་ནི་ཤ་ཆེན་ནོ། །ཕྱག་རྒྱ་དེ་དག་ནི་དཔལ་ཧེ་རུ་ཀ་ཡིའོ། །མདའ་རྣོན་པོ་དང༌། ལྕགས་ཀྱུ་དང༌། ཆང་དང་ཆུ་རྣམས་ནི་རིམ་བཞིན་དུ་དཀར་མོ་དང༌། རྐུ་བྱེད་མ་དང༌། རབ་རྨོངས་མ་དང༌། རོ་ལངས་མ་ཡིའོ། །རླུང་གིས་བསྐྱོད་མའི་ལྕུག་མ་དང༌། རས་དང༌། འབར་བའི་མེ་རྣམས་ནི་རིམ་བཞིན་དུ་སྤོས་བྱེད་མ་དང༌། གཏུམ་མོ་དང༌། སྨེ་མ་ཡིའོ། །བཅོམ་ལྡན་འདས་པདྨ་གར་ཡིག་དབང་ཕྱུག་གི་ནི་སྣ་ཚོགས་པ་སྟེ། དམར་མོ་དང༌། ལྗང་གུ་དང༌། དཀར་པོ་དང༌། སེར་པོ་དང་ལེ་བརྒན་གྱི་པདྨའོ། །རྣམ་པར་ལྟ་མ་དང༌། སྒྲོལ་མ་དང༌། རྒྱ་ཅན་མ་དང༌། ཁྲོ་གཉེར་མ་དང༌། པདྨོ་ལ་གནས་


DTG027_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་དང༌། སྣ་ཚོགས་པདྨའི་དབང་ཕྱུག་མ་རྣམས་ཀྱི་རིམ་བཞིན་དུ་པདྨའི་ཀར་ནི་ཀ་དང༌། ཁུ་ཚུར་དང༌། འཁོར་ལོ་རྩིབས་བརྒྱད་པ་དང༌། མདུད་རྩེ་གསུམ་པ་དང༌། ཆུ་སྲིན་གྱི་རྒྱ་མཚན་དང༌། རྡོ་རྗེ་རྩེ་ལྔ་པ་རྣམས་སོ། །བཅོམ་ལྡན་འདས་རྡོ་རྗེ་ཉི་མ་ནི་གཞུ་དང༌། མདའ་དང༌། རལ་གྲི་དང༌། ཉི་མའི་དཀྱིལ་འཁོར་རྣམས་སོ། །ལྷ་མོ་དབང་བསྐུར་མ་དང༌། རིན་པོ་ཆེའི་གཏེར་དང༌། རྒྱལ་མཚན་གྱི་མཆོག་དང༌། མཆོད་པ་ཆེན་པོ་རྣམས་ནི་རིམ་བཞིན་དུ་རིན་པོ་ཆེ་ཅོད་པན་དང༌། གཏེར་གྱི་བུམ་པ་དང༌། རྒྱལ་མཚན་དང༌། ཆུན་འཕྱང་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བཀང་བའི་སྣོད་རྣམས་ཐོགས་པར་ཤེས་པར་བྱའོ། །དཔལ་རྟ་མཆོག་གི་ནི་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེ་སྟེ། ཕྱག་རྒྱ་རྣམ་པ་གཉིས་སོ། །དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའི་རྟོག་པ་སྟེ། རྟོག་པ་བདུན་པའི་འགྲེལ་པའོ།། །།

བརྒྱད་པ། མཆོད་པ་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་སྐལ་བ་བཟང་པོ་དམ་ཚིག་གི་བརྟག་པའི་འགྲེལ་པ།


DTG027_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་པ་མེད་པར་དངོས་གྲུབ་མི་འབྱུང་བས་བཅོམ་ལྡན་འདས་མཆོད་པ་ཐམས་ཅད་མཉམ་པར་སྦྱོར་བ། དཔལ་སྐལ་བ་བཟང་པོ་དམ་ཚིག་གི་རྟོག་པའི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་གཞན་ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཤེས་པའི་འོག་ཏུའོ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྟ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཡིན་པས། དཔལ་རྡོ་རྗེ་སེམས་དཔའ་དང་ལྷ་ནི་རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ་སྟེ། དེ་རྣམས་ཀྱི་རྣམ་པ་ཐམས་ཅད་དུ་ཀུན་ནས་སྣ་ཚོགས་ཤིང་མ་ལུས་པ་མཆོག་ཏུ་གྱུར་པས་ན། རྣམ་པ་ཀུན་དུ་སྣ་ཚོགས་མཆོག་གོ །མཆོད་པ་ཐམས་ཅད་ནི་རྣམ་པར་སྤྲུལ་པའོ་ཞེས་བྱ་བ་ནི་མཆོད་པ་ཐམས་ཅད་མངོན་པར་སྤྲུལ་པའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། དཀྱིལ་འཁོར་དུ་འདུས་པ་ལ་སོགས་པའི་ཡོ་བྱད་དང༌། གཞན་དག་གིས་མཆོད་པའི་བར་དུ་རྫོགས་པར་བྱས་ལ། ཕྱག་བྱ་བའི་ཕྱག་རྒྱ་རྣམས་ཀྱིས་བྱ་བའོ། །དེའི་རིམ་པ་ཡང་འདི་ཡིན་ཏེ། དཔལ་བདེ་བའི་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་གླུ་དང༌། རྡོ་རྗེ་གར་བྱས་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་འགྱིང་བག་དང་བཅས་པས་རྡོ་རྗེ་དྲིལ་བུ་བཟུང་ལ། གཡས་པ་བ་དན་གསུམ་པར་བྱས་ཏེ།


DTG027_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་ལ་སྲི་ཞུར་བཅས་ཤིང་བཏེག་པའི་མཆོག་གིས་མིག་འགུལ་བ་དང་བཅས་པའི་མགོ་གཡོན་དུ་བཏུད་ལ། ཨོཾ་ཨཱ་དི་བྷཱུ་ཧཱུཾ་ཞེས་བརྗོད་ལ་བསམ་པ་གཡོས་པས་བདག་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་ཕྱག་བྱའོ། །ཁེངས་པ་གཞན་དག་ཉིད་བསྟན་པར་བྱ་བའི་ཕྱིར། དྲག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་དབང་བཅས་ཞེས་བྱ་བ་ནི་ཁྱབ་འཇུག་པ་དང་བཅས་པའོ། །ཚངས་པར་བཅས་ཞེས་བྱ་བ་ནི་སྐྱེ་དགུའི་བདག་པོ་དང་བཅས་པའོ། །ལེགས་བྱས་ནས་ཞེས་བྱ་བ་ནི་བྱས་པའོ། །མཆོག་ཏུ་གསལ་བའི་ཆ་ཤས་གྲངས་ཀྱི་ཞེས་བྱ་བ་ལ་སོགས་པའི་གླུ་དང་གར་བྱས་ལ་རྡོ་རྗེ་ཐལ་མོ་བསྐོར་ཏེ། ཨོཾ་ཨཱ་དི་བྷཱུ་ཨོཾ། ཞེས་བརྗོད་ལ་བསམ་པ་གཡོས་པས་ཕྱག་བྱའོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་གླུ་དང་རྡོ་རྗེ་གར་བྱས་ལ་ཧེ་རུ་ཀའི་ཁུ་ཚུར་ལས་མཐེའུ་ཆུང་མཆེ་བ་དང་འདྲ་བར་ཁར་བཞག་ལ། ཨོཾ་ཨཱ་དི་བྷཱུ་ཧ་ཧ་ཧ་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ། ཞེས་བརྗོད་ལ་སྨིན་མ་གཡོས་པ་བཏེག་པའི་ཚུལ་གྱིས་རབ་ཏུ་དགོད་པས་ཕྱག་བྱའོ། །ཐལ་མོ་པདྨོ་ཁ་དབུས་བཞིན། །ཞེས་བྱ་བ་ནི་ཐལ་མོ་སྟོང་པར་བྱས་པས་པདྨོར་བྱ་བའོ། །རང་གི་སྦྱོར་ལྡན་ཞེས་བྱ་བ་ནི་རང་གི་ལྷའི་སྦྱོར་བའོ། །པདྨ་དེ་ཉིད་བསྟན་པར་བྱ་བའི་ཕྱིར་མཐེ་བོང་མཐེའུ་ཆུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐེ་བོང་མཐེའུ་ཆུང་འདབ་མ་བཞི་པའི་ཁ་གྱེས་པ་ལྟ་བུར་བྱས་པ་ནས་དེས་འདུས་པ་སྟེ། མཐེ་བོང་མཐེའུ་ཆུང་འདབ་མ་བཞི་པ་བྱས་པ་འདུས་པར་བྱའོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་ལ། རྣམ་པ་སྣ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་ནི་གླུ་དང་རྡོ་རྗེ་གར་བྱས་ལ་པདྨ་ཁ་འབུས་པའི་ཐལ་མོ་སྦྱར་ཏེ། མཐེ་བོང་གཉིས་དང་མཐེའུ་ཆུང་པདྨ་འདབ་མ་བཞི་པའི་ཕྱག་རྒྱ་སྙིང་གར་བཞག་ལ། ཨོཾ་ཨཱ་དྷི་བྷཱུ་ཧྲཱིཿ་ཞེས་བརྗོད་ལ་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་བྱའོ། །སྲིད་གསུམ་རྒྱལ་སྲིད་ཀུན་གྱི་ཞེས་བྱ་བ་ལ་སོགས་པའི་གླུས་ཆོ་གར་བྱས་ལ་ཡན་ལག་ཐམས་ཅད་ས་ལ་ཕབ་སྟེ། སྙིང་ག་ལ་སོགས་པར་རིམ་བཞིན་དུ་རིན་པོ་ཆེའི་ཐལ་མོ་སྦྱར་ལ། ཨོཾ་ཨཱ་དྷི་བྷཱུ་ཧྲཱིཿ། ཞེས་བརྗོད་ལ་ཕྱག་བྱའོ། །དྲེགས་པ་སྟོང་གི་ཞེས་བྱ་བ་སོགས་པའི་གླུ་གར་བྱས་ལ། རྡོ་རྗེ་འགྱིང་


DTG027_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐབས་འཛིན་པས། ཨོཾ་ཨཱ་དྷི་བྷཱུ། ཞེས་བྱ་བ་ལ་སོགས་པ་དང༌། གཞན་དག་བརྗོད་ནས་མིག་བཙུམས་པ་དང་བཅས་པས་རྟ་མཆོག་ལ་ཕྱག་བྱའོ། །མཆོད་པའི་ཕྱག་རྒྱར་བསྟན་པར་བྱ་བའི་ཕྱིར། གར་གྱི་རྒྱུ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ་བའི་ཞེས་བྱ་བ་ནི་བི་སྐམྦྷི་ལ་སོགས་པའོ། །ཚུལ་སྟོན་ཞེས་པ་ནི་ཡན་ལག་ཅན་དང༌། ཚིག་ཅན་དང༌། དོ་ཤལ་དང༌། སེམས་དཔའ་ཞེས་བྱ་བ་བཞི་པའོ། །འགྱིང་དང་བཅས་པ་ཞེས་བྱ་བ་ནི་སྟོང་པ་དང་བཅས་པའོ། །ཇི་ལྟའི་ཚུལ་བཞིན་གར་བྱེད་ཅིང༌། །ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་ལས་ལ་རབ་ཏུ་འཇུག་པའོ། །བསྐོར་བའི་གར་རྣམས་སྣ་ཚོགས་ཀྱིས། །ཞེས་བྱ་བ་ནི་སློབ་མ་ཐམས་ཅད་ཚོགས་པའི་འགར་གྱིས་སོ། །མཆོད་པ་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་མཆོད་པ་ཆེན་པོའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ལག་པ་གཡས་གཡོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཛེས་བསྒྱུར་ཏེ་ཞེས་བྱ་བ་ནི་འགྱིང་བག་དང་བཅས་པའི་མཆོག་གི་གར་རོ། །འདི་ཡིས་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཕྱག་རྒྱས་བཏབ་ནས་ཞེས་བྱ་བ་ནི་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་གླུ་དང་གར་སྔོན་དུ་བྱས་པས་གཡོན་པའི་མཛུམ་མོ་ཁུ་ཚུར་བཅངས་ལ། གཡས་པས་བ་དན་གསུམ་པར་བྱས་པའམ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དང༌། ཡི་གེ་ཧཱུཾ་གི་གླུས་ཡང་དག་པར་མཆོད་ལ་འདེག་པར་བྱའོ། །ད་ནི་བདེ་བའི་མཆོག་ལ་སོགས་པའི་སྦྱོར་བས་མཆོད་པ་སྟོན་ཏེ། དེ་ཡི་ཞེས་བྱ་བ་ནི་བླང་བའི་ཕྱག་རྒྱས་སོ། །བཏེག་ནས་སུ་ཞེས་པ་ནི་ངེས་པར་བཅིང་བའི་སྦྱོར་བས་སོ། །སྤྱི་བོའི་མཚམས་སུ་ཞེས་བྱ་བ་ནི་སྙིང་གར་གྱེན་དུ་བལྟ་བར་གཞག་པར་བྱའོ། །གཞག་པར་བྱ་བ་ཞེས་བྱ་བ་ནི། ཐལ་མོ་སྦྱར་བ་བརྟན་པར་བྱས་ཏེའོ། །འགྲམ་པའི་ཕྱོགས་སུ་ཡོངས་བསྒྱུར་ན། །ཞེས་བྱ་བ་ནི་གར་སྔོན་དུ་འགྲོ་བས་འགྲམ་པ་གཉིས་ཀྱི་ཕྱོགས་སུ་བསྐོར་བའོ། །ཐམས་ཅད་འབེབས་པའི་གར་བྱེད་པ། །ཞེས་བྱ་བ་ནི། ཇི་ལྟར་རང་ཉིད་བདེ་བའི་མཆོག་ལ་སོགས་པའི་ལྷ་མོ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་དང་རབ་ཏུ་ལྡན་པར་གར་བྱེད་


DTG027_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དེ་ནས་ཞེས་བྱ་བ་ནི་གོང་མ་དང་འབྲེལ་པའོ། །མཆོད་པ་ཐམས་ཅད་ཅེས་བྱ་བ་ནི་བདེ་བའི་མཆོག་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མཆོད་པའོ། །དབུལ་བར་བྱ་ཞེས་བྱ་བ་ནི་བརྟན་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་མཆོད་པ་བསྟན་པར་བྱ་བའི་ཕྱིར། ལག་པ་གཡས་གཡོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ཁམས་སམ་རྡུལ་ཕྲན་གྲངས་རྙེད་ཅེས་བྱ་བ་ལ་སོགས་པའི་གླུ་དང༌། རྡོ་རྗེ་གར་བྱས་ཏེ། རྡོ་རྗེ་ཐལ་མོ་གཡོན་ནས་བསྐོར་བ་ལེགས་པར་བྱས་ལ་ཡི་གེ་ཨོཾ་གྱི་གླུ་དང༌། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སངས་རྒྱས་ཀུན་བརྗོད་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་མཆོད་དེ། ཧེ་རུ་ཀའི་མཆོད་པ་བསྟན་པར་བྱ་བའི་ཕྱིར། ལག་པ་གཡས་གཡོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པའི་གླུ་དང༌། དཀར་མོ་ལ་སོགས་པ་དང་ཡང་རིམ་བཞིན་དུ་གར་བྱ་སྟེ། རྡོ་རྗེ་ཐལ་མོ་གྱེན་དུ་བཀྲོལ་བ་བཅིང་བ་སྔོན་དུ་འགྲོ་བས་ཧེ་རུ་ཀ་དཀར་མོ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རྣམས་དང༌། ཧ་ཧ་ཧ་ཧ། རུ་ལུ་རུ་ལུ་ཧཱུཾ། ཞེས་བྱ་བའི་རྡོ་རྗེ་གང་རྒྱངས་བྱེད་ཅིང་མཆོད་པ་བྱའོ། །པདྨ་གར་གྱི་དབང་ཕྱུག་ནི། དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ལ་སོགས་པ་རྣམ་པར་ལྟ་བའི་གླུ་དང་གར་སྔོན་དུ་འགྲོ་བས་ཡི་གེ་དེའི་གླུས་གཡས་དང་གཡོན་གྱི་ཐལ་མོ་བརྡེབས་ཤིང༌། པདྨོ་གར་གྱི་དབང་ཕྱུག་ལ་རྣམ་པར་ལྷ་མོ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རྣམ་ཀྱིས་མཆོད་དོ། །རྡོ་རྗེ་ཉི་མ་ནི་ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཅེས་བྱ་བ་ལ་སོགས་པའི་གླུ་དང༌། དབང་བསྐུར་བ་ལ་སོགས་པའི་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ལ། མཐེབ་མོ་དང་མཛུམ་མོ་བཀུག་པའི་སྦྱོར་བས་རིན་པོ་ཆེའི་ཐལ་མོ་སྦྱར་བ་བཅིངས་ལ། ཡི་གེ་དྷྲིའི་གླུས་རྡོ་རྗེ་ཉི་མའི་དབང་བསྐུར་བ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྡོ་རྗེ་ཉི་མ་མཆོད་དོ། །རྟ་མཆོག་ཀྱང་མོས་བྱེད་སྟོང་པ་ཞེས་བྱ་བ་ལ་སོགས་པ་རང་གི་ལྷ་མོའི་གླུ་དང་རིམ་བཞིན་དུ་གར་བྱས་ལ་བདག་ཉིད་ཇི་ལྟ་བར་དཀྱིལ་འཁོར་གྱི་མཆོད་པའི་ཕྱག་རྒྱ་བཅིངས་ལ། ཇི་ལྟར་འདོད་པའི་སྙིང་པོ་གཞན་གང་ཡང་རུང་བས་རྟ་མཆོག་ལ་སོགས་


DTG027_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་མཆོད་པར་བྱའོ། །ཇི་སྐད་མེ་ཏོག་ལ་སོགས་པའི་མཆོད་པ་བྱས་ཏེ། ཞེས་བཤད་པའི་མེ་ཏོག་ལ་སོགས་པའི་མཆོད་པ་དེའི་ཕྱག་རྒྱ་བསྟན་པའི་ཕྱིར་གྱེན་དུ་འཐོར་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། བདག་ཉིད་ཇི་ལྟར་སྔར་བཤད་པའི་མཆོད་པའི་ཕྱག་རྒྱས་གྱེན་དུ་འཐོར་བ་ལ་སོགས་པར་སྦྱར་བར་བྱའོ། །གང་ངམ་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པའི་ཡོ་བྱད་དང་ལྡན་པའོ་སྟོང་པ་ནི་དེ་མེད་པའོ། །ཡང་ན་ཅི་འབྱོར་བ་ནི་དེ་རྣམས་ལས་སྤྱིར་གང་ཡང་རུང་བ་རྙེད་པའོ། །དམ་ཚིག་མཉམ་པ་ནི་ལྡན་པའོ། །སྒྲུབ་པ་ནི་ལྷ་བསྒྲུབ་པ་སྟེ། སྙིང་པོ་རྣམས་དང་ཕྱག་རྒྱ་དང་སྒོམ་པ་སྔོན་དུ་འགྲོ་བས་སོ། །མཆོད་པའི་མཆོག་ཐམས་ཅད་ཀྱིས་མཆོད་པ་བྱས་པའོ། །མཉམ་པར་སྦྱོར་བ་ནི་ཡང་དག་པར་འབྱོར་པའོ། །དེ་བདག་ཉིད་བསྒྲུབས་པས་ན། སྐལ་བ་བཟང་པོ་སྟེ་རྡོ་རྗེ་སེམས་དཔའོ། །དེ་ཉིད་དཔལ་ལོ། །དམ་ཚིག་ནི་རྗེས་སུ་མི་འདའ་བ་ཉིད་དོ། །དེ་སྟོན་པའི་ཚིག་དེ་ནི་རྟོག་པ་ཞེས་བྱའོ། །མཆོད་པ་ཐམས་ཅད་མཉམ་པར་སྦྱོར་བ་དཔལ་སྐལ་བ་བཟང་པོའི་རྟོག་པ་སྟེ། རྟོག་པ་བརྒྱད་པའི་འགྲེལ་པའོ།། །།

དགུ་པ། ཀུན་ཏུ་རྣམ་པ་སྣ་ཚོགས་སྐལ་བ་བཟང་པོ་དཔལ་དམ་ཚིག་གི་བརྟག་པའི་འགྲེལ་པ།


DTG027_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་པ་རྣམས་ཀྱི་དཀྱིལ་འཁོར་ལ་སོགས་པ་བསྒྲུབ་པས་བདག་དང་གཞན་གྱི་དོན་རྫོགས་པར་གྱུར་བ་ཡང་རོལ་མོ་དང་བཅས་པའི་ཕྱག་རྒྱ་ཤེས་པ་དང་ལྡན་དགོས་པས། བཅོམ་ལྡན་འདས་ཀུན་དུ་སྣ་ཚོགས་ཀྱི་དམ་ཚིག་གི་བདག་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་ཀྱི་དཀྱིལ་འཁོར་ལ་སོགས་པར་བདག་ཉིད་བསྒྲུབ་པས་སོ་སོའི་ཁ་དོག་དང༌། འདུག་ཐབས་དང༌། ཕྱག་མཚན་དང༌། ཕྱག་རྒྱ་ཇི་ལྟ་བ་དང་ལྡན་པས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་གཞག་ལ་བསྒོམ་པར་བྱའོ། །ཐམས་ཅད་འབྱུང་བ་ཕྱག་རྒྱ་ཞེས་པའི་བར་དུ་བསྟན་པ་འདི་ཡིན་ཏེ། བདེ་བ་ཀུན་ལ་ནི་བདེ་བ་དང་ཡིད་བདེ་བ་བླ་ན་མེད་པའོ། །དེས་ཞེན་པ་ནི་དམར་པའོ། །དེ་བས་ན་དངོས་གྲུབ་ཐམས་ཅད་རྣམ་པར་དག་པའི་ཕྱིར་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའོ། །རྒྱུ་དེ་གཉིས་


DTG027_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་ན་ཟླ་བ་ཡོངས་སུ་རྫོགས་པ་ལྟ་བུ་དང༌། སྐུ་རྩ་དམར་བའོ་གདུལ་བྱ་ཐམས་ཅད་ལ་ཆགས་པ་ནི། འདོད་ཆགས་ཀུན་ཏེ། ཐུགས་རྗེ་ཆེན་པོའི་དེས་རྗེས་སུ་ཆགས་ཤིང་དགའ་བར་བྱེད་ལ། རྒྱུ་དེས་ན་དམར་པོ་སྣ་ཚོགས་འབར་བའི་འོད་དེ། ཁ་དོག་དམར་བའི་རི་མོ་དུ་མས་རྣམ་པ་སྣ་ཚོགས་སུ་འབར་བའི་འོད་གང་ལ་ཡོད་པའི་ཚིག་གིས་མཚམས་སྦྱར་ཏེ། དམར་པོ་དང༌། ལྗང་གུ་དང༌། སྔོན་པོ་དང༌། སེར་པོ་དང༌། དཀར་པོ་རྣམས་ནང་དུ་རྡུལ་ཕྲན་བཞིན་དུ་མཆོག་ཏུ་འབར་བར་གྱུར་པའི་འོད་ཀྱི་དཀྱིལ་འཁོར་དམར་པོ་ཞེས་བྱ་བའི་བར་དུའོ། །སངས་རྒྱས་རིན་ཆེན་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་སངས་རྒྱས་ལྔའི་ཅོད་པན་དང་ལྡན་པའོ། །གཞན་གྱི་ནོར་མིན་ཞེས་པ་ནི་གཞན་ལ་མེད་པའོ། །ལྷ་ཡི་ཆུ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དེས་དག་པའོ། །མཐུ་དང་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ཀྱིས་སོ། །ངོ་བོ་དག་ནི་རང་གི་ལྷག་པའི་བསམ་པའི་བདག་ཉིད་ཀྱི་སྨོན་ལམ་གྱི་བར་གྱིས་སོ། །རང་བཞིན་གྱིས་ནི་དེ་གྲུབ་པའོ་ཞེས་བྱ་བ་ནི་ལྷུན་གྱིས་ཡོངས་སུ་གྲུབ་པའོ། །རྒྱ་དེས་ན། ཐོད་པའི་ཕྲེང་བའི་དབུ་རྒྱན་དང༌། སངས་རྒྱས་ཀྱི་གཙུག་གི་ནོར་བུ་དང༌། ཁ་ཊྭཱཾ་ག་ཡང་སེམས་ཅན་རྣམས་གདུལ་བ་ལ་དབང་བས་ཀུན་ནས་ཉོན་མོངས་འཇིག་རྟེན་དབང་ཕྱུག་སྟེ། ཀུན་ནས་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་དབང་དུ་བྱེད་པ་གྲུབ་བ་མོ་དཔལ་རྡོ་རྗེ་སེམས་དཔའ་དང་ཡང་དག་པར་སྦྱོར་བ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ་སྟེ། སྦྱོར་བ་དང་རྗེས་སུ་སྦྱོར་བས་གནས་པའོ། །ལྷ་མོ་ཀུན་དང་འདུས་པ་ཡི། །ཞེས་པ་ནི་ཤིན་ཏུ་སྦྱོར་བ་བསྟན་པར་གྱུར་པ་སྟེ། དེ་ཉིད་ཀྱིས་ན་ཀུན་དུ་སྣ་ཚོགས་སྐལ་བཟང་པོའོ། །མཁའ་འགྲོ་མ་ནི་ཐམས་ཅད་གྲུབ། །ཅེས་པ་ནི། རྣལ་འབྱོར་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་རབ་ཏུ་གྲུབ་པའོ། །རྒྱས་བཏབ་པ་ནི་རྒྱས་འདེབས་མའོ། །རྨོངས་པར་བྱས་པ་ནི་རྨོངས་བྱེད་མས་སོ། །བསླང་བ་ནི་ཚེ་འཕེལ་མས་སོ། །ཕྱག་རྒྱ་འདི་ཡིས་ཞེས་པ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་སོ། །རབ་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བའི་མཚན་ཉིད་ཀྱིས་


DTG027_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤིན་ཏུ་སྦྱོར་བས་མཆོག་ཏུ་དགའ་བ་ལ་རྗེས་སུ་སྦྱོར་བའོ། །དེས་བདག་ཉིད་བསྒྲུབས་པས་སྐལ་པ་བཟང་པོར་གྱུར་པ་དཔལ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་གང་ཡིན་པ་དང༌། བདེ་བའི་མཆོག་གང་ཡིན་པའི་བདེ་བའི་མཐར་ཐུག་པར་གྱུར་པ་ནི་རོལ་པ་རྫོགས་པའོ། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །ཞེས་པ་ནི་རྐང་པ་གཡས་པས་རྐང་པ་གཡོན་པ་མནན་པའི་སྦྱོར་བ་སྟེ། དེས་བདེ་བའི་ཆ་ལུགས་དེ་ཅི་ལྟ་བ་བདེ་བར་རོ། །ད་ནི་བདེ་བའི་མཆོག་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རྣམས་བསྟན་པར་བྱ་བའི་ཕྱིར། ཟླ་བའི་ཁ་དོག་ཅེས་བྱ་བ་ལ་སོགས་པ། །གསུངས་ཏེ། ཟླ་བའི་ཁ་དོག་འཛུམ་པ་ནི་གང་གི་ཞལ་ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡོད་པ་ནི་ཟླ་བའི་ཁ་དོག་འཛུམ་པའི་ཞལ་ལོ། །དངོས་གྲུབ་ཐམས་ཅད་དག་པ་དང༌། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའོ། །ཐུགས་རྗེ་ཆེན་པོ་རྣམ་པར་དག་པས་ཀྱང་བརླའི་དབུས་ན་དམར་ལ་དཀར་བའོ། །ཕྱག་མཆོག་ལོ་མ་སྔོན་པོ་འདྲ། །ཞེས་པ་ནི་ཕྱག་དང་མཆོག་ཡིན་ལ། ལོ་མ་དང་སྔོན་པོ་ནི་ལོ་མ་སྔོན་ཕོ་སྟེ། རིམ་བཞིན་དུ་ཕྱག་དང་མཆོག་ལོ་མ་དང་སྔོན་པོ་འདྲ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཕྱག་གི་མདོག་ནི་སྔོ་ལ་རྩེ་མོ་ནི་ལོ་མའི་མདོག་ཅན་ནོ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་ཞེ་ན། དེ་བཞིན་བདེ་བའི་དབང་ཕྱུག་ཅེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའ་བདེ་བའི་དབང་ཕྱུག་ལ་དབང་ཐོབ་པའོ། །དེ་ཉིད་ཀྱི་བདེ་བ་བསྐྱེད་པའི་རེག་པ་ནི་བདེ་བའི་རེག་པ་སྟེ། འདི་ལ་དབང་ཐོབ་པའོ། །དཀར་ཞིང་སེར་བའི་བརླ་དང་ཞེས་པ་ནི་འོག་ཏུ་མདོག་དཀར་བ་ཉིད་དོ། །དེ་ཉིད་ནི་ལྷ་རྫས་སྣ་ཚོགས་ཁ་དོག་སྟེ་ཁ་དོག་ལྔ་པའོ། །ཁ་དོག་དཀར་པོ་ལ་སོགས་པ་ཇི་སྐད་བསྟན་པ་རྣམས་ལྷ་མོ་བཞི་པོ་དེ་རྣམས་ཀྱི་སོ་སོ་ཡིན་པར་ཤེས་པར་བྱ་བའམ་ཞེ་ན། དེ་དག་ནི་སྤྱིར་ཡན་ལག་ཐམས་ཅད་ཀྱི་སྒོ་ནས་ཁ་དོག་ལ་སོགས་པ་བསྟན་པ་ཡིན་ནོ། །འབར་བ་སྣ་ཚོགས་འབར་བའི་འོད། །ཅེས་པ་ནི། འབར་བ་སྣ་ཚོགས་པ་རྣམས་ཀྱིས་ཀུན་དུ་འཁྲུགས་པའི་འོད་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །པདྨོ་སྣ་ཚོགས་ལ་གནས་པས། །ཞེས་པ་ནི་སྟན་གང་ཡིན་པ་དེ་ནི་སྣ་ཚོགས་


DTG027_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པདྨ་ལ་གནས་པའོ། །ཐམས་ཅད་དག་པར་རབ་ཏུ་གནས། །ཞེས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ་དམིགས་པའི་ཡེ་ཤེས་ཐམས་ཅད་དག་པ་སྟེ། དོན་དམ་པར་དེའི་ངོ་བོ་ཉིད་དུ་གྱུར་པས་ན་ཐམས་ཅད་དག་པ་ལ་རབ་ཏུ་གནས་པའོ། །ཡང་ན་ཐམས་ཅད་དག་པར་རབ་ཏུ་གནས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་རབ་ཏུ་གནས་པ་ནི་དེ་དང་འབྲེལ་པའོ། །སངས་རྒྱས་ཏེ་ཞེས་བྱ་བ་ནི་སངས་རྒྱས་གཅིག་གིས་དབང་བསྐུར་བའོ། །པདྨ་ཞེས་བྱ་བ་ནི་ཐོད་པ་གཅིག་གིས་དབང་བསྐུར་བའོ། །དེ་ལ་སོགས་པའི་རིན་པོ་ཆེ་མཆོག་ལ་སོགས་པའི་གང་ཡིན་པ་དེ་རྣམས་ལ་དེ་སྐད་ཅེས་བྱ་སྟེ། སངས་རྒྱས་དང་པདྨ་ལ་སོགས་པའི་རིན་པོ་ཆེ་མཆོག་རྣམ་པ་སྣ་ཚོགས་པའི་རྒྱན་དང་གོས་ཡོད་པ་གང་ཡིན་པ་དེ་ནི། སངས་རྒྱས་པདྨ་ལ་སོགས་མཆོག །རིན་ཆེན་པདྨ་རྒྱན་དང་གོས། །ཞེས་བྱའོ། །སངས་རྒྱས་ཐམས་ཅད་འདུས་པ་ཡི། །ཞེས་པ་ནི། སངས་རྒྱས་ཐམས་ཅད་འདུས་པར་གྱུར་པ་སྟེ། དེས་མི་མཇེད་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་རྒྱན་བཞིན་དུ་གྱུར་པའོ། །བྱ་བ་དང་ནི་ཞེས་པ་ནི་འདིར་ལྷོད་པར་འཛིན་པར་གྱུར་པའོ། །ཟློག་པ་ནི་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་གཞུ་བཟུང་ནས་བདེ་བ་དང་ཡིད་བདེ་བ་ལ་སོགས་པས་མཉམ་པ་དང་མི་མཐུན་པའི་ཕྱོགས་ཟློག་པའོ། །འཕྲོག་མ་ནི་ལག་པ་གཡས་པ་བརྐྱང་ཞིང་གཡོན་པ་བསྐུམ་པ་ལ་སོགས་པའོ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཞེས་པ་ནི་གཡོན་འགྱིང་བས་སོ། །ཡན་ལག་ཐམས་ཅད་འཕྲོག་པ་ནི། །ཡན་ལག་ཐམས་ཅད་ཀྱི་བྱ་བའོ། །གྲུབ་པ་ནི་རབ་ཏུ་གྲུབ་པ་སྟེ་མཁས་པའི་བར་དུའོ། །འདི་སྐད་སྟོན་པར་འགྱུར་ཏེ། བྱ་བ་ལ་སོགས་པ་ལ་མཁས་པར་སྤྱོད་པས་གཡོན་པ་འགྱིང་བས་གཞུ་བཟུང་ལ། ལག་པ་གཡས་པས་མདའ་འདྲེན་པའི་ཚུལ་གྱིས་གནས་པའོ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བས་སྐལ་པ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའ་ལ་བདེ་བའི་མཆོག་གི་མདའ་དང་གཞུས་བདེ་བའི་མཆོག་གི་མཐར་ཐུག་པར་བྱས་པ་ནི་རོལ་པ་ཞེས་བྱ་བའོ། །ཨི་མའོ་བདེ་བའི་ཕྱག་རྒྱ་ཆེན་པོ་བསྟན་


DTG027_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱིར། རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་སྣ་ཚོགས་པའི་དམ་ཚིག་ནི་སྤྲུལ་པ་སྣ་ཚོགས་པས་མཚན་པ་གང་ཡིན་པ་རྡོ་རྗེ་སེམས་དཔའ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྣམ་པ་སྣ་ཚོགས་པའི་དམ་ཚིག་ལ་ཞེན་པས་ཆགས་པར་གྱུར་པའོ། །བདེ་བ་དེས་ན་དེ་ལ་འབབ་ཅིང་གཞན་གྱི་རྒྱུད་དེ་ལ་རབ་ཏུ་འཇུག་པའོ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ནི་གཡོན་འགྱིང་བ་སྟེ། དེ་ཉིད་མཆོག་ཡིན་པས་གང་གི་དབུས་ཀྱི་ལྷ་མཆོག་ཆེན་པོ་དེ་ལ་འཁྱུད་ནས་གནས་པ་ནི། དབུས་ཀྱི་ལྷ་མཆོག་ཆེན་པོ་སྟེ། ཚིག་སྔ་མའི། ཁྱད་པར་གྱིས་ན་དེའི་སྐྱེས་བུའི་མཚམས་སྦྱར་བ་སྟེ། གཡོན་པས་ནི་འགྱིང་བག་གིས་ལྷ་ག་དང་ལིང་ག་འཛིན་ལ་གཡས་ཀྱིས་ནི་བདག་པོ་ལ་དགའ་བས་འཁྱུད་པའི་བར་དང༌། གདན་གཅིག་ན་འདུག་པའོ། །བདེ་ཆེན་དབང་ཕྱུག་ནི་བདེ་བ་ཆེན་པོ་ལ་དབང་བྱེད་པ་སྟེ། རྡོ་རྗེ་སེམས་དཔའོ། །མཆོག་ཏུ་དགའ་བ་ནི་ཤིན་ཏུ་སྦྱོར་བའི་ངོ་བོ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དམ་ཚིག་གིས་འཁྱུད་པ་ཡིན་ལ། དེས་ན་བདེ་བའི་མཆོག་སྟེ། བདེ་བ་དེའི་མཐར་ཐུག་པ་ནི་རོལ་པ་ཞེས་བྱའོ། །སྒྲོན་མའི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། སེ་རལ་ཁ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཞེས་པ་ནི་ཚངས་པའི་སྐུད་པ་ཐོགས་པའི་ཚུལ་གྱིས་སོ། །རྡོ་རྗེ་རྩེ་གསུམ་པས་རྩེ་མོར་མཚན་པའི་ཁ་ཊྭཱཾ་གའི་རྡོ་རྗེ་ཁ་ཊྭཱཾ་ག་སྟེ། དེའི་ལག་པ་གཡོན་པས་ཐོད་པ་དང་བཅས་པར་འཛིན་པའོ། །པདྨའི་ཀ་པཱ་ལ་སྣ་ཚོགས་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་རྩེ་བཅུ་གཉིས་པ་དང་བཅས་པར་འཇོག་པས་ན་པང་བཅས་རྡོ་རྗེ་རྒྱ་གྲམ་མཆོག་གོ །དེ་ཉིད་ནི་བདག་ལ་འཁྱུད་པའི་ཕྱག་རྒྱ་སྟེ། གཡས་བསྙེམས་པ་དང༌། པདྨ་དང་བཅས་པའི་རྡོ་རྗེ་རྒྱ་གྲམ་དང༌། བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཞེས་མཚམས་སྦྱོར་བ་སྟེ། ཕྱག་གཡས་འགྱིང་བ་དང་བཅས་པས་སྣ་ཚོགས་རྡོ་རྗེ་འཛིན་ཅིང་ཕྱག་གཡོན་གྱིས་སེ་རལ་ཁའི་ཚུལ་དུ་རྡོ་རྗེ་ཁ་ཊྭཱཾ་གའི་བཟུང་སྟེ་བཞུགས་པའི་བར་དུའོ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ། སྐལ་བ་བཟང་པོ་དཔལ་རྡོ་རྗེ་ནི་ཁ་ཊྭཱཾ་གའི་གཟུགས་ཅན་རྡོ་རྗེ་སེམས་དཔའ་སྟེ། དེ་དང་ལྡན་པས་ན་


DTG027_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡང་དག་པར་བསྒྲེང་བའོ། །དེས་ན་བདེ་བའི་མཆོག་རོལ་པ་ཞེས་བྱའོ། །ཤི་ཤིའི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། རྫོགས་སངས་རྒྱས་ཀྱི་ཞེས་པ་ལ་སོགས་པ་གསུངས་ཏེ། རྫོགས་པའི་སངས་རྒྱས་ནི་ཚེ་དཔག་ཏུ་མེད་པའོ། །གྲུབ་པ་ནི་བཞུགས་པ་སྟེ། ཁམ་ཕོར་ཞེས་པ་ནི་པཱ་ལ་གང་ལ་རྫོགས་པའི་སངས་རྒྱས་བཞུགས་པའོ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ནི་གཡོན་བསྙེམས་པས་སོ། །དབུས་ཀྱི་ལྷ་མཆོག་ཆེན་པོ་ཞེས་བྱ་བ་ནི། དེ་བཞིན་དུ་གཡོན་དཀུར་བརྟེན་པས་ཁམ་ཕོར་ཀ་པཱ་ལ་སྣ་ཚོགས་རྡོ་རྗེའི་སྟེང་ན་སངས་རྒྱས་ཀྱི་སྐུ་གཟུགས་བཞུགས་པ་ཐོགས། གཡས་ཀྱི་གཙོ་བོ་བསྟོད་ནས་འཁྱུད་པའི་བར་དུའོ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ་སྐལ་བ་བཟང་པོ་རྡོ་རྗེའི་ཚེ་ནི། རྫོགས་པའི་སངས་རྒྱས་ཀྱི་ཁམས་ཕོར་གྲུབ་སྟེ། དེས་ན་བདེ་བའི་མཆོག་དེ་དང་ཡང་རོལ་པའོ། །རྩ་བ་ནི་གཙོ་བོ་སྟེ་དབུས་ཀྱི་རེའུ་ཆའོ། །ཕྱག་རྒྱའི་ཚོགས་ནི་དེ་ན་ཡོད་པའི་ཕྱག་རྒྱའི་ཚོགས་རྣམས་སོ། །སངས་རྒྱས་ཀྱི་བྱང་ཆུབ་མའི་ཕྱག་རྒྱ་ཆེན་པོ་བསྟན་པའི་ཕྱིར། གཙུག་ལག་ཇི་ལྟའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙུག་ལག་ཅི་ལྟའི་རྗེས་མཐུན་པ། །ཞེས་བྱ་བ་ནི། འཕོང་གི་དཔྱད་ཀྱི་རྗེས་སུ་མཐུན་པར་རོ། །དཔལ་རྫོགས་པ་ནི་བདེ་བླག་ཅན་གྱི་སྦྱོར་བ་སྟེ། དེས་གར་བྱེད་པའོ། །མདའ་བཞི་ཡོངས་སུ་འཕངས་ན་ནི། །ཞེས་པ་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པ་སྒོ་བཞིའི་ངོ་བོ་ཉིད་ཀྱི་མདའ་བཞི་ཡོངས་སུ་འཕེན་པ་སྟེ། ཉོན་མོངས་པའི་བདུད་ལ་སོགས་པ་བཞིའི་རང་བཞིན་ཚངས་པ་ཆེན་པོ་མགོ་བཞི་པ་ལས་རྒྱལ་བར་གྱུར་པས་ན། བདུད་བཞི་དག་ལས་རྒྱལ་བར་གྱུར་ཅིག །མདའ་བཞིས་ཚངས་བའི་གདོང་པ་བཞི་པའི་མགོ་ཕུག་ནས་གནས་པ་ཡིན་པར་ཤེས་པར་བྱའོ། །དེ་བས་ན་ཚངས་པ་ཆེན་པོའི་མགོ་འབིགས་པའི་དཔལ་རྡོ་རྗེ་སེམས་དཔའ་གང་ཡིན་པ་དེ་པ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་འཁོར་ལོ་མའི་ཕྱག་རྒྱ་ཆེན་པོ་བསྟན་པའི་ཕྱིར། རྐང་པ་བཏེག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐང་པ་བཏེག་པ་ནི་རྐང་བའི་ཕྱི་རོལ་དུ་བཏེག་པའོ། །ཕབ་པ་ནི་གཡོན་པ་ཡང་དེ་བཞིན་དུ་བྱ་བའོ། །


DTG027_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཤིབ་པ་ནི་གཉི་ག་ནང་དུ་འདུད་པའོ། །མཆོད་པ་ནི་གཡས་པ་སྟེང་དུ་འཇོག་པ་སྟེ་དེས་སྟབས་བྱེད་པའོ། །འཁོར་ལོའི་ཕྱག་རྒྱ་བསྟོད་ན་ནི། །ཞེས་བྱ་བ་ནི་ལག་པ་གཡས་པའི་གུང་མོ་སོར་མོའི་རྩེ་མོ་ལ་ལྟེ་བར་བཞག་སྟེ། སྟེང་དུ་འཛིན་པར་བྱས་ནས་རྐང་པ་འདེགས་པ་ལ་སོགས་པ་སྦྱོར་བས་རྐང་པ་གཡས་པ་བཏེག་ལ་ཇི་ལྟ་བ་བཞིན་དུ་འཁོར་ལོ་བསྟོད་ནས་འཛིན་པ་ཡིན་པ་ཤེས་པར་བྱའོ། །ལ་ལ་དག་ནི་རྐང་པ་བཏེག་པ་ལ་སོགས་པ་དག་ནི་རིམ་བཞིན་དུ་གཡས་བརྐྱང་པ་དང༌། གཡོན་བརྐྱང་པ་དང༌། ཟླུམ་པོའི་འདུག་སྟངས་དང། ས་གའི་འདུག་སྟངས་ཏེ། རྐང་སྟབས་བཞི་པོ་ཡིན་ནོ་ཞེས་རྟོག་གོ །ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། བྱ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་འདིར་གར་གྱི་བསྟན་བཅོས་ནས་བཤད་པ་རྣམས་སོ། །སྣ་ཚོགས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་རང་གི་ཕྱག་མཚན་གྱི་ཕྱག་རྒྱས་སོ། །འདི་སྐད་སྟོན་པར་འགྱུར་ཏེ། བྱ་བ་ལ་སོགས་པའི་རིམ་པས་རྡོ་རྗེས་མཚན་པའི་མདུང་རྩེ་གསུམ་པའི་ཕྱག་རྒྱ་འཛིན་པས་གར་བྱེད་པའོ། །འདོད་པའི་དབང་མོའི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། ལྕུག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྕུག་མ་གང་ཡང་རུང་བ་ནི། ཨ་མྲ་ལ་སོགས་པའི་ལྕུག་མ་གང་ཡང་རུང་བ་གཡས་པས་བཟུང་ལ་གཡོན་པ་འགྱིང་བ་དང་བཅས་པས་འདོད་པ་ཐམས་ཅད་ཀྱི་ལྕུག་མ་གནས་པ་ཡིན་པར་ཤེས་པར་བྱའོ། །རྟ་གདོང་གི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར། མྱང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱང་བ་རྡུབ་པ་ལྟར་བྱས་པས། །ཞེས་བྱ་བ་ནི་མྱང་བའི་ཚུལ་སྔོན་དུ་སོང་བས་ཧཱུཾ་ཞེས་བརྗོད་པས་སོ། །རྡོ་རྗེའི་གདོང་ཡང་སྣ་ལ་ཧཱུཾ། །ཞེས་བྱ་བ་ལ་སོགས་པ་རྡུབ་ཅིང་མྱོང་བའི་ཚུལ་སྔོན་དུ་འགྲོ་བས་གནས་པར་བྱེད་པའོ། །མིག་ཚུགས་ཞེན་པར་བལྟ་བ་ནི། །ཞེས་བྱ་བ་ནི། ཀུན་ནས་མྱང་བའི་ཚུལ་དུ་བལྟ་བས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཐོགས་ནས་རྡོ་རྗེ་སྒྲོན་མ་གནས་པའོ། །ཐམས་ཅད་བདག་ཉིད་མྱང་བ་ཡིས། །ཞེས་བྱ་བ་ནི་ཐམས་ཅད་བདག་ཉིད་


DTG027_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ། དངོས་པོ་ཐམས་ཅད་ཀྱིས་མྱང་བའོ། །འདི་སྐད་སྟོན་པར་འགྱུར་ཏེ། རོ་ལངས་མ་ཁམ་ཕོར་ཀ་པཱ་ལ་དང༌། སྣ་ཚོགས་རྡོ་རྗེའི་སྟེང་དུ་སངས་རྒྱས་ཀྱི་སྐུ་བཞག་པ་འཛིན་ཏེ་གནས་པའོ། །ལྷག་མ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ནི་འདིར་སྔར་བཤད་ཟིན་པ་དང༌། གཞུང་ཉིད་དུ་གསལ་བས་རྣམ་པར་མ་བཀྲོལ་ལོ། །དེ་ནས་ཕྱག་རྒྱ་ཡེ་ཤེས་འདི། །ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སོ། །གླུ་ཞེས་བྱ་བ་ནི་འོག་ནས་འཆད་པ་རྣམས་སོ། །སྲིད་པ་ཤིན་ཏུ་བསྒྲུབས་པས་ནི། །ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་སྟེ། འདིས་ནི་རོལ་བ་དང་བཅས་པས་གར་བྱས་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བདག་ཉིད་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ། །གླུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱེ་རྒྱུན་མི་འཆད་པའི་བདེ་བ་དང༌། ཡིད་བདེ་བའི་ངོ་བོ་ཉིད་དུ་གྱུར་པའི་དཔལ་རྡོ་རྗེ་སེམས་དཔའ་ཁྱོད་དང་བདག་ནི་གཉིས་སུ་མེད་པའི་ངོ་བོ་ཉིད་ལས་གྱུར་པས་བདག་གི་ཕྱིར་མངོན་དུ་གྱུར་པར་བསྒྲུབས་ལ་རྟོགས་ཤིང་ཁོང་དུ་ཆུད་པར་མཛད་དུ་གསོལ་ཞེས་པའོ། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་པ་ནི་སྤྲུལ་བ་སྣ་ཚོགས་པ་སྟེ། དེས་འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་བའི་མཆོག །གྲུབ་པ་བདག་ལ་གྲུབ་པར་མཛད་དུ་གསོལ། །ཞེས་པ་ནི་བདེ་བ་མཆོག་གི་ངོ་བོས་སོ། །མངོན་དུ་མཛོད་ཅིག་ཅེས་བྱ་བ་ནི། ཀྱེ་བདེ་བའི་ངོ་བོ་ཉིད་ཀྱིས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་ངོ་བོ་ཉིད་ཀྱི་བདེ་བ་ནི་བྱང་ཆུབ་ཀུན་གྱི་བདེ་བ་ཆེན་པོའོ། །དེའི་བདག་ཉིད་ཀྱི་མཁའ་འགྲོ་སྒྱུ་མ་ནི་སྒྲོལ་མའི་སྤྲུལ་པའོ། །དེ་ཉིད་སྣ་ཚོགས་བདེ་བའི་མཆོག་སྟེ། སྒྲོལ་མའི་ངོ་བོ་ཉིད་ཀྱི་དོན་རྣམས་གྲུབ་པར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །ཨ་ལ་ལ་ལ་ལ་ཧོ་ཞེས་བྱ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་དེ་བཞིན་གཤེགས་པའི་གར་རྣམས་མཛད་དུ་གསོལ་ཞེས་པ་སྟེ། ཤི་ཤིའི་སྤྲུལ་པར་རབ་ཏུ་སྟོན་ཅིག་ཅེས་བྱ་བར་སྦྱར་རོ། །ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བ་ནི། རིམ་བཞིན་དུ་བདེ་མཆོག་དང་སྒྲོལ་མ་ལ་སོགས་པ་རྣམས་ཀྱི་ཉེ་བར་བསྐུལ་བ་སྟེ། ཟུང་ལ་རྣམ་པར་སྤྲུལ་ཞེས་པས་ཀྱང་བདེ་མཆོག་དང༌། ཀྱེ་མ་བདེ་བ་


DTG027_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག་གི་རིམ་བཞིན་དུ་བསྐུལ་བའོ། །ཧཱུཾ་སྣང་བར་མཛད་དུ་གསོལ་ཞེས་བྱ་བ་ནི་སྒྲོལ་མའི་འོ། །སློབ་མ་གཟུང་དུ་གསོལ་ཞེས་པ་ནི་ཤི་ཤི་ཡིའོ། །དེ་བཞིན་གཤེགས་ཀུན་སྣ་ཚོགས་མཁའ་འགྲོ་སྒྱུ་མ་ཞེས་བྱ་བ་ནི་ལྷ་མོ་ལྷག་མ་རྣམས་ཀྱིས་སོ། །རྣམ་པར་སྣང་མཛད་ཀྱི་འབྱུང་བ་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །ཐར་པ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། སྲིད་པ་ལས་ངེས་པར་འབྱུང་བའི་མཚན་ཉིད་དོ། །དེའི་རྣམ་པར་དག་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པའོ། །དེ་རྫོགས་པ་ནི་སངས་རྒྱས་ཀྱི་ཕྱག་རྒྱ་ལ་རབ་ཏུ་གནས་པའོ། །དོན་དམ་པ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ནི་རྣམ་པར་དག་པའི་ཕྱིར་རོ། །ཆགས་མེད་ནི་ཉེ་བར་དམིགས་པ་ཐམས་ཅད་ཀྱི་ཕྱིར་ཕྱོགས་པའོ། །སོགས་པའི་སྒྲ་ནི་ཞེ་སྡང་དང་བྲལ་བ་དང༌། ཁོང་ཁྲོ་བས་མ་བཅོས་པ་དང༌། དངོས་པོ་རྣམས་ལ་རྗེས་སུ་ཆགས་པ་མི་དམིགས་པ་དང༌། གཏི་མུག་དང་བྲལ་བ་སྟེ། བདག་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་བའོ། །གང་ཆགས་པ་མེད་པ་ལ་སོགས་པ་དང༌། ཆགས་པ་ཆེན་པོ་དང་ལྡན་པ་དེ་དག་ནི། ཆགས་མེད་ལ་སོགས་ཆགས་ཆེན་ཕྱིར་ཏེ། དེ་དག་གིས་ནི་ཆགས་པ་མེད་པ་ལ་སོགས་པས་ནི་དཀར་བ་ཡིན་ལ། ཆགས་པ་ཆེན་པོ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པས་ན་སྣ་ཚོགས་གསལ་བའི་མདངས་ཅན་ནོ། །རིན་ཆེན་ཆོས་ནི་ཆོས་ཀྱི་བདག་ཉིད་ཅན་གྱི་རིན་པོ་ཆེའོ། །དེ་ལས་ལྷག་པ་ནི་གཞན་པའོ། །བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ཏེ། བྱང་ཆུབ་ལ་འཇུག་པའི་སེམས་སོ། །དེའི་དོན་ཐེག་པ་ཆེན་པོ་སྟོན་པའི་བདག་ཉིད་ཅན་གྱི་ཆོས་ཏེ། དེ་ཉིད་ནི་རྡོ་རྗེ་རིན་ཆེན་ནོ། །དེ་འདི་ལ་ཡོད་པས་ན། དེ་བས་ཐེག་ཆེན་བྱང་ཆུབ་སེམས། །རྒྱལ་བ་རྡོ་རྗེ་རིན་ཆེན་ཅན། །ཞེས་བྱའོ། །བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་ནི། གཡོན་པའི་ཁུ་ཚུར་བཅངས་པས་གཡས་པའི་མཐེ་བོང་དང༌། མཛུབ་མོ་གཉིས་ཀྱིས་སོར་མོ་ཐམས་ཅད་ལ་རེག་པའོ། །ཤེས་རབ་ཕ་རོལ་ཕྱིན་གསལ་


DTG027_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིང། །ཞེས་པ་འདིས་ནི་དེ་ཉིད་སྟོན་ཏེ། ཕྱག་རྒྱ་འདིས་ནི་ཕུང་པོ་ལྔ་དང༌། རིགས་ལྔ་མ་ལུས་པར་བདག་མེད་པར་སྟོན་པ་ཡིན་ནོ། །གཡས་པའི་ཡན་ལག་ཅེས་བྱ་བ་ལ་སོགས་པའི་སྒྲས་ནི་སྐྱིལ་མོ་ཀྲུང་བཅས་པའི་ཚུལ་བསྟན་པ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་བཅངས་ནས་ནི། །ཞེས་བྱ་བ་ནི། སངས་རྒྱས་ཀུན་བརྗོད་མའི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། ལག་པ་གཡས་པའི་མཐེ་བོང་ནང་དུ་བཅུག་སྟེ། སྲིན་ལག་གི་རྩར་མཐེ་བོང་གི་ལྟོས་རྩེ་མོ་མནན་པའི་རྡོ་རྗེ་ཁུ་ཚུར་བཅངས་ལ། ལག་པ་གཡོན་པས་སྟེང་ནས་གཡོགས་ཤིང་དགབ་པའོ། །གཞན་དག་ན་རེ་སངས་རྒྱས་ཀུན་བརྗོད་མ་ལ་སོགས་པ་ནི། རྡོ་རྗེ་ཁུ་ཚུར་གོས་དྲི་མ་མེད་པས་བཀབ་སྟེ། ཕྱག་རྒྱ་བཅིངས་ལ་གཟུང་ངོ་ཞེས་ཟེར་རོ། །རྡོ་རྗེ་ཁུ་ཚུར་དེ་ཉིད་ལས་མཐེའུ་ཆུང་བརྐྱང་པ་ནི་ཧེ་རུ་ཀའི་ཕྱག་རྒྱ་སྟེ། དེ་ལ་ལག་པ་གཡས་པས་བྱས་ལ་གཡོགས་པར་བྱའོ། །དེ་བཞིན་ཞེས་བྱ་བ་ནི་ལག་པ་གཡོན་པ་དེ་ལྟར་བྱས་པ་ནི་ཤིན་ཏུ་རྒྱལ་མོ་ཡིའོ། །པདྨའི་བུད་མེད་ཁུ་ཚུར་ནི། །ཞེས་བྱ་བ་ནི་ཁུ་ཚུར་བཅངས་པ་ལ་གུང་མོ་དང༌། མཛུབ་མོ་དང༌། མཐེ་བོའི་རྩེ་མོ་སྦྱར་བར་བྱས་པ་ནི་པདྨའི་ཁུ་ཚུར་ཏེ། ལག་པ་གཡས་པས་བྱས་ལ་གཡོན་པས་དགབ་པ་ནི་ཀུན་ཏུ་བཟང་པོའི་ཕྱག་རྒྱའོ། །རིན་ཆེན་མཛེས་པའི་ཁུ་ཚུར་ཡང༌། །ཞེས་བྱ་བ་ནི། ཁུ་ཚུར་བྱས་ལ་རྩེ་མོ་སྦྱར་བར་བྱས་པ་ནི། རིན་པོ་ཆེའི་ཁུ་ཚུར་ཏེ། ལག་པ་གཡས་པས་བཅིངས་ལ་ལག་པ་གཡོན་པས་དགབ་པ་ནི་མི་ཟད་པའི་ཟ་མ་ཏོག་གི་ཕྱག་རྒྱའོ། །སངས་རྒྱས་ཁུ་ཚུར་བཅིངས་ནས་སུ། །ཞེས་བྱ་བ་ནི། མཐེ་བོའི་སྟེང་དུ་སོར་མོ་ཐམས་ཅད་ཀྱི་རྩེ་མོ་གཞག་པ་ལ་ལག་པ་གཡས་པས་བྱས་ལ། གཡོན་པས་དགབ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་མའིའོ། །གཞན་དག་ན་རེ་འདིར་སྙིང་གར་སངས་རྒྱས་གཞག་པ་དང༌། དཔུང་པ་གཉིས་སུ་རྫོགས་པའི་སངས་རྒྱས་ཀྱི་དཔུང་རྒྱན་ཅན། མགྲིན་པར་སངས་རྒྱས་གཙོ་བོ་འཇོག་པ་མགུལ་རྒྱན་དང༌། དོ་ཤལ་དང༌། མགོ་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུ་གཟུགས་ཡོད་པ། ལག་པ་གཡས་པས་སངས་རྒྱས་འཛིན་པས་བྱིན་གྱིས་བརླབས་པས་ན། སངས་རྒྱས་ཐམས་ཅད་ཀྱི་ཡན་


DTG027_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལག་དང་ལྡན་མ་ཞེས་བྱའོ་ཞེས་མན་ངག་ལས་བཤད་དོ། །བུད་མེད་ཕྱག་རྒྱ་བཅིངས་ནས་སུ། །ཞེས་བྱ་བ་ནི་ལག་པ་གཡས་པའི་ཁུ་ཚུར་བཅིངས་ལ་ལག་པ་གཡོན་པས་དགབ་པ་ནི་ཞལ་བཟངས་མའི་ཕྱག་རྒྱའོ། །ལ་ལ་ན་རེ་ལག་པ་གཡོན་པའི་ཁུ་ཚུར་རང་གི་སྙིང་གར་བསྟོད་པའི་ཚུལ་ནི་བུད་མེད་ཀྱི་ཕྱག་རྒྱ་སྟེ། དེ་འཛིན་པ་ལ་ལག་པ་གཡོན་པས་མེ་ལོང་བཟུང་སྟེ། དགའ་བས་རང་གི་རང་བཞིན་གྱི་གཟུགས་བརྙན་བལྟ་བས་གནས་པའོ། །དེ་བས་ན་ཞལ་བཟངས་མ་ཞེས་ཟེར་རོ། །སོར་མོ་ཐམས་ཅད་ཀྱིས་མཐེ་བོ་བསྡུས་པ་ནི་རྟ་མཆོག་གི་ཁུ་ཚུར་ཏེ། དེ་ལག་པ་གཡོན་པས་བཀག་པ་ནི་སྤྲིན་ཆེན་མོའི་ཕྱག་རྒྱའོ། །ཁུ་ཚུར་བཅངས་ནས་མཛུབ་མོ་དང་མཐེ་བོང་གཉིས་མིག་གི་རྣམ་པར་བྱས་པ་ནི་གྲུབ་པའི་སྤྱན་གྱི་ཁུ་ཚུར་ཏེ། ལག་པ་གཡས་པས་བཅིངས་ལ་གཡོན་པས་བཀབ་པ་ནི་ནམ་མཁའི་སྤྱན་གྱི་ཕྱག་རྒྱའོ། །ཁུ་ཚུར་དེ་དག་ཐམས་ཅད་ཀྱང་རང་གི་མཚན་མ་ནང་དུ་འཛིན་པར་བལྟ་བར་བྱའོ། །དེ་དག་གི་སྐུ་མདོག་ནི་གོ་རིམས་བཞིན་དུ་ཤེལ་དང༌། གསེར་དང༌། པདྨ་དམར་པོ་དང༌། སྣ་ཚོགས་པ་དང༌། གུར་གུམ་དང༌། མེ་ལོང་གི་མདོག་དང༌། བཻ་ཌཱུཪྻ་དང༌། སེར་པོ་རྣམས་སོ། །གླིང་བུ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པས། འདི་དང་དཀྱིལ་འཁོར་གཞན་དག་ཏུ་ཡང་རང་གི་ལྷ་ལྷག་མ་ཇི་ལྟ་བ་བཞིན་དུ་དེར་ཡང་དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་ཀྱང་བལྟ་བར་བྱའོ། །ཕྱག་རྒྱ་ཤེས་པ་ནི་བཤད་མ་ཐག་པའི་ཕྱག་རྒྱ་ཆེན་པོ་ཤེས་པའོ། །སངས་རྒྱས་སྤྲུལ་པའི་ཀླུ་མཆོག་ནི། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འབྱུང་བའི་གླུའོ། །གླུ་འདི་དག་ཉིད་རིམ་བཞིན་དུ་བསྟན་པའི་ཕྱིར། སློང་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློང་བར་བྱེད་པ་དང་སྣ་ཚོགས་འབྲང་བ་དག་ནི་སྔར་བསྟན་པས་བཤད་པ་ཡིན་ནོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཤརྫའི་དབྱངས་ཀྱིས་གླུ་གཉིས་པའི་གླུ་བླངས་པ་དང༌། དེ་བ་ཏིའི་དབྱངས་ཀྱིས་གླུ་བླངས་ལ་འདི་དང་སྦྱར་བ་ཡིན་ཏེ། འདིར་དང་པོ་འགྱིང་བ་དང་བཅས་པའི་རྗེས་སུ་གར་བྱས་པ་སྔོན་དུ་འགྲོ་བས་ཕྱག་


DTG027_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་ཆེན་པོ་དེ་དག་ཐམས་ཅད་བཅིང་བར་བྱའོ། །འཇིག་རྟེན་གྱི་ཁམས་མང་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཁྱབ་པའི་སྐུའི་ཚོགས་དང་ལྡན་པ་གང་ཡིན་པ་དེ་ལ་ནི་དེ་སྐད་ཅེས་བྱ་བ་སྟེ། དེ་རྣམས་ཀྱི་རྒྱལ་བའི་དོན་ཐམས་ཅད་ལ་རབ་ཏུ་འཇུག་ཅིང༌། རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་སྙེད་ཀྱི་རྒྱལ་བའི་དོན་ཐམས་ཅད་ལ་གསལ་བར་འཇུག་པས་རྒྱལ་བའི་དོན་རྣམས་རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་སྙེད་དེ། དེ་རྣམས་ཀྱི་རྣམ་པར་འཕྲུལ་པར་མཛོད་ཅིག་ཅེས་སྦྱར་ཏེ། རྡུལ་ཕྲན་གྱི་གྲངས་སྙེད་དུ་ཡོངས་སུ་སྤྲུལ་པའི་སྐུའི་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ཅིང་སོ་སོར་ཞུགས་པ་གང་ཡིན་པ་དེས་གསལ་ཞིང་མངོན་སུམ་དུ་རྡུལ་ཕྲན་གྱི་གྲངས་སྙེད་ཀྱིས་གང་དུ་རྣམ་པར་རོལ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བྱེད་པའི་ཚིག་མེད་པར་བསྟན་པ་ཡིན་ནོ། །སྲིད་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ཉིད་ནི་བདེ་བ་ཆེན་པོའོ། །དེ་ལ་བོད་པ་ནི་དེ་བཞིན་གཤེགས་ཀུན་རྣམ་སྤྲུལ་སྣ་ཚོགས་ཀྱིས་ཞེས་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་སྤྲུལ་པ་རྣམས་སོ། །རྣམ་པར་འཕྲུལ་པར་མཛོད་ཅིག་ཅེས་བྱ་བ་ནི་མཛེས་པར་མཛོད་ཅིག་པའོ། །ཧོ་ཞེས་བྱ་བ་ནི་དགྱེས་པར་བྱ། དཔལ་རྣམ་པར་སྣང་མཛད་སྦྱོར་བ་པ་ཞེས་པ་ཡང་བོད་པའི་ཚིག་སྟེ། དེ་རིང་ཁྱེད་བདག་རབ་ཏུ་གྲུབ་པར་མཛོད་ཅིག་པ་ནི་ཚིག་གི་ལྷག་མའོ། །དེ་ནས་བུད་མེད་ཅེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །དཔལ་ཧེ་རུ་ཀའི་འབྱུང་བ་བསྟན་པའི་ཕྱིར། དེ་དག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །དམ་ཚིག་ལ་སྡང་བ་ཞེས་པ་ནི་མི་བདེན་ལ་གདུག་ཅིང་གཏུམ་པ་རྣམས་སོ། །ཕྱག་རྒྱ་ཆེན་མོ་ནི་འདིར་བཅོམ་ལྡན་འདས་ཏེ་སྔར་བསྟན་པའོ། །གོས་ཆེན་པོ་ནི་ཕྱུགས་ཆེན་པོའི་པགས་པའོ། །བླུགས་པ་ཆེན་པོ་ཞེས་བྱ་བ་ནི་ཐོད་པའི་ཅོད་པན་གཅིག་སྟེ། རྡོ་རྗེ་ཀུན་ནས་འབར་བས་མཚན་པ་དེའི་ཐོད་པའི་ཕྲེང་བ་ཅན་གྱི་ཅོད་པན་ནོ། །ལ་ལ་དག་ནི་ཚོགས་ཀྱི་དཀྱིལ་འཁོར་གཞན་དག་ཏུ་བླུགས་པ་ཞེས་པ་ནི། རྡོ་རྗེ་ཕྱག་རྒྱ་ཡིན་པར་ཡོངས་སུ་རྟོག་ལ་


DTG027_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གོས་ཆེན་པོ་ཡང་དུར་ཁྲོད་ཀྱི་ཐལ་བར་འཛིན་པར་བསྟན་ཏོ། །ཕྱག་མཚན་དང་ཕྱག་རྣམས་ཀྱིས་ནི་འདི་ལྟར་ཕྱག་བརྒྱད་པར་རྟོག་སྟེ། གཉིས་ཀྱིས་ནི་བ་དན་གྱི་ཚུལ་དུ་མིའི་པགས་པ་འཛིན་ལ། གཉིས་ཀྱིས་ནི་དབང་བསྐུར་བའི་ཚུལ་གྱིས་རྡོ་རྗེའི་ཕྱག་རྒྱ་འཛིན་ལ་ཡང་གཡས་ཀྱིས་ནི་རྡོ་རྗེ་རྩེ་ལྔ་པ་འབར་བ་གསོར། གཡོན་གྱིས་ནི་རྡོ་རྗེ་ཁ་ཊྭཱཾ་ག་འཛིན། ཡང་གཡས་ཀྱིས་མ་ཧཱ་རཀྟས་བཀང་བའི་ཁམ་ཕེར་འཛིན། ཡང་གཡོན་གྱིས་ནི་མ་ཧཱ་མཾ་སས་བཀང་བའི་ཀ་པཱ་ལ་འཛིན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་ཕྱག་བཞི་པ་ལ་གཉིས་ནི་མིའི་པགས་པའི་གོས་འཛིན་ལ། གཉིས་ནི་སྔ་མ་བཞིན་ནོ་ཞེས་ཟེར་རོ། །རྡོ་རྗེ་ཁ་ཊྭཱཾ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་པས་མཚན་པའི་ཁ་ཊྭཱཾ་དེ་ལ་དྲིལ་བུ་བཏགས་ལ། དེའི་སྒྲ་སིལ་སིལ་འཁྲོལ་བ་ནི་རྡོ་རྗེ་ཁ་ཊྭཱཾ་ག་རྡོ་རྗེ་དང་བཅས་པ་ལ་དྲིལ་བུ་འཁྲོལ་བར་སྒྲ་དང་ལྡན་པའོ་ཞེས་པ་གཉིས་པའོ་མཚམས་སྦྱར་བའོ། །དེ་དག་དང་ལྡན་པས་ན་རྡོ་རྗེ་ཁ་ཊྭཱཾ་ག་དང་རྡོ་རྗེར་བཅས་པའི་དྲིལ་བུ་འཁྲོལ་བའི་སྒྲར་བཅས་པ་ཞེས་བྱའོ། །ཕྱག་རྒྱ་སྣ་ཚོགས་རྣམ་འཕྲུལ་བ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་གར་བྱེད་པ་ལ་རབ་ཏུ་འཇུག་པས་སོ། །སེ་རལ་ཁའི་ཚུལ་དུ་དཔུང་པ་གཡོན་པ་ལ་ཁ་ཊྭཱཾ་ག་ཡན་ལག་ལ་བརྟེན་པའི་ཚུལ་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་དེ་ཇི་ལྟ་བུ་ཞེ་ན། སེ་རལ་ཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། མ་ཧཱ་རཀྟས་བཀང་བའི་ཀ་པཱ་ལ་འཛིན་པའི་ལག་པས་རྡོ་རྗེ་ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བྱས་ཏེ། གཡས་པ་བ་དན་གསུམ་པས་འབར་བའི་ཕྲེང་བ་ཅན་གྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བརླ་གཡོན་པ་ལ་རྐང་པ་གཡས་པ་གཞག་པས་སོ། །བདེ་བར་འབབ་པའི་གར་བྱེད་པས། །ཞེས་བྱ་བ་ནི་གནས་པ་འདིས་འདུས་པས་སོ། །སྐྱིལ་མོ་ཀྲུང་ནི་ཕྱེད་བཅས་ལ། །ཞེས་བྱ་བ་ནི་རྐང་པ་གཡོན་པ་ས་ལ་གཞག་པས་སོ། །རྐང་པ་རང་གི་བརླས་ཞེས་བྱ་བ་ནི་བརླ་གཡོན་པར་དང་སྦྱར་བས་སོ། །བསྡམས་ནས་ཞེས་བྱ་བ་ནི་ཡང་རྐང་པ་གཡས་པ་གཡོན་པའི་སྟེང་དུ་གཞག་སྟེ། བརླའི་


DTG027_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་དུ་བཅུག་ནས་བཙིར་བའོ། །དེ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་སྐྱིལ་མོ་ཀྲུང་ངོ༌། །དེ་ནས་བདེ་བར་བརླ་བསྡམས་ནས། །ཞེས་བྱ་བ་ནི། དེའི་ནང་དུ་གནས་པའི་བསྒྲུབ་པར་བྱ་བའི་རྐང་པ་གཡས་པས་རྐང་པ་གཡོན་པ་བདེ་བར་བསྡམས་ནས། ཇི་ལྟར་མངོན་པར་འདོད་པ་བཞིན་དུ་ཕྱིར་བཏགས་པ་ལ་སོགས་པ་བྱེད་དོ། །སྒྱུ་མ་ཞེས་པ་ནི་དགའ་བའི་དོར་ཐབས་སོ། །དེ་དག་ཅེས་བྱ་བ་ནི་སྐྱིལ་མོ་ཀྲུང་གི་ཕྱག་རྒྱའོ། །དེ་ནས་བརླ་ཕྲག་བསྐྱོད་པ་ཡིས། །ཞེས་བྱ་བ་ནི་དེའི་ནང་དུ་བསྒོམས་པའི་བུད་མེད་ཀྱི་རྐང་པ་གཡས་པས་བརླ་གཡོན་པ་བསྐྱོད་ཅིང་བསྒུལ་བས། དཔལ་ཧེ་རུ་ཀའི་འབབ་པ་སྟེ། དེའི་སྦྱོར་བས་སངས་རྒྱས་ཀྱི་མཁའ་འགྲོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་འདིར་ཞི་བའི་གདོང་ཅན་ནི་དཀར་མོའོ། །རྨོངས་པའི་གདོང་ཅན་ནི་རབ་རྨོངས་མའོ། །ཤིན་ཏུ་དགའ་བའི་གདོང་ཅན་ནི་སྦོས་བྱེད་མའོ། །རྣམ་པར་འགྱུར་བའི་གདོང་ཅན་ནི་གཏུམ་མོའོ། །ཤི་བ་ལྡང་བའི་ཚུལ་གྱིས་གདོང་ཅན་ནི་སྨེ་ཤ་ཅན་ཏེ། ལས་རྣམས་ཀྱང་ཞི་བ་དང༌། དྲག་པོ་དང༌། རྨོངས་པ་དང༌། འཆི་བ་སློང་བ་དང༌། འཆི་བ་ལྡང་བ་དང༌། ལྟ་བ་རྣམས་ནི་རིམ་བཞིན་ཤེས་པར་བྱའོ། །དེ་བཞིན་དུ་མེ་ཏོག་དང༌། བདུག་པ་དང༌། ཆང་དང་ཆུ་དང༌། ལྕུག་མ་དང༌། རས་དང༌། མེ་མར་རྣམས་ཀྱང་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ལ་རེ་རེས་སྦྱིན་ན་དེས་རྒྱས་འདེབས་སོ། །རྩེ་གཅིག་མཉམ་པར་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དཀར་མོའི་སྦྱོར་བ་དང་ལྡན་པའི་བསམ་གཏན་གྱིས་ཀྱང་ཕྱག་རྒྱས་འདེབས་པའོ། །གཉེར་བའི་ཚུལ་ནི་རྐུ་བྱེད་མའི་སྦྱོར་བ་དང་བཅས་པས་སྙིང་འདྲེན་པའོ། །བདེ་བ་སྦྱིན་པའི་ཚུལ་གྱིས་ནི་རབ་མྱོས་མའི་སྦྱོར་བ་དང་ལྡན་པས་རྨོངས་པར་བྱེད་པའོ། །རོ་ལངས་མའི་སྦྱོར་བ་དང་ལྡན་པས་ནི་ཤི་བ་ལ་ཆུས་མངོན་པར་འཐོར་ཞིང་སློང་བའོ། །སེ་གོ་ལ་བརྡབ་པ་དང་ལྡན་པ་ན་སྦོས་བྱེད་མའི་སྦྱོར་བ་དང་ལྡན་པས་ནི་གར་བྱེད་པའོ། །དལ་བུས་གྱེན་དུ་རབ་འབྱིན་པས་གཏུམ་མོ་སྦྱོར་བ་དང་ལྡན་པས་གསོད་པར་བྱེད་པའོ། །དབུགས་འབྱིན་པའི་ཚུལ་གྱིས་སྨེ་ཤ་མའི་རྣལ་འབྱོར་གྱིས་ཟ་བར་བྱེད་པའོ། །གཞན་ཡང་


DTG027_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཡོན་དུ་ལྟ་བས་བལྟ་ཞིང༌། དཀར་མོའི་སྦྱོར་བ་དང་ལྡན་པས་རྒྱས་འདེབས་སོ། །བསྒྲུབ་པར་བྱ་བའི་སྙིང་གར་བློ་བཅུག་ལ་ཡི་གེ་ཧོ་ཞེས་པ་དང་ལག་པས་དྲང་བའི་རྐུ་བྱེད་མའི་སྦྱོར་བས་སྙིང་འབྱིན་པའོ། །མངོན་དུ་ཟ་བའམ་བསྒྲུབ་པར་བྱ་བ་ལའོ། །བྱེད་པ་ནི་རབ་རྨོངས་མའི་སྦྱོར་བས་རྨོངས་པར་བྱེད་དོ། །མངོན་དུ་ཡིད་ཀྱིས་འཁྱུད་པའི་རོ་ལངས་མའི་སྦྱོར་བས་འཆི་བ་སློང་བར་བྱེད་དོ། །བསྒྲུབ་པར་བྱ་བ་དང་གཉིས་སུ་མེད་པར་གྱུར་ནས་གར་བྱེད་པའི་སྤོས་བྱེད་མའི་སྦྱོར་བས་གསོད་པར་བྱེད་དོ། །བསྒྲུབ་པར་བྱ་བ་དང་གཅིག་ཏུ་གྱུར་པ་བདེ་བའི་རབ་ཏུ་རྨོངས་པས་རྣམ་པར་མྱོས་པའི་གཏུམ་པའི་སྦྱོར་བས་བརྒྱལ་བར་བྱེད་དོ། །ཟ་བའི་ཚུལ་ཅན་སྨེ་ཤ་མའི་སྦྱོར་བས་ཟ་བར་བྱེད་དོ། །མདའ་བཞི་བཙུགས་པའི་ཚུལ་གྱིས་ཚངས་པ་གདོང་བཞི་པའི་མགོ་བོ་ལྟུང་བར་བྱེད་པའི་རྒྱས་འདེབས་སོ། །འཇིག་རྟེན་གསུམ་ལས་བརྒལ་བའི་ཚུལ་ཅན་རྐུ་བྱེད་མའི་སྦྱོར་བས་ལྕགས་ཀྱུས་འདྲེན་ཅིང་སྙིང་འབྱིན་ཏོ། །ས་ལ་འདྲེན་པའི་ཚུལ་ཅན་རབ་རྨོངས་མའི་སྦྱོར་བས་རྨོངས་པར་བྱེད་དོ། །བདུད་རྩིའི་བུམ་པས་དབང་བསྐུར་བའི་ཚུལ་ཅན་ནི་རོ་ལངས་མའིའོ། །རང་གི་ཕྱག་རྒྱའི་ཚུལ་བསྟན་པ་ནི་རོ་ལངས་མའི་སྦྱོར་བ་སྟེ། དེ་དང་ལྡན་པས་འཆི་བ་སློང་བར་བྱེད་དོ། །བསྒྲུབ་པར་བྱ་བ་དང་ལྷན་ཅིག་གཉིས་སུ་མེད་པར་གྱུར་པས་དུར་ཁྲོད་དུ་མཆོག་ཏུ་སྦྱོར་བ་ཐམས་ཅད་ལས་མངོན་པར་འདོད་པའི་དབང་གིས་རྫོགས་པར་གྱུར་པར་བལྟ་བར་བྱའོ། །བདུན་པ་ལས་ཀྱི་ཕྱག་རྒྱ་ཡིན། །ཞེས་བྱ་བ་ནི་དེ་དག་ཉིད་ནི་ལས་ཀྱི་དོན་གྱི་ཕྱག་རྒྱའོ། །མདོག་ནི་དཀར་བ་དང༌། དམར་བ་དང༌། ནག་པོ་དང༌། དཀར་པོ་དང༌། ལྗང་གུ་དང༌། སྔོན་པོ་དང༌། ནག་པོའོ། །ཕྱག་རྒྱའི་ལན་ཞེས་བྱ་བ་ནི་གཞན་དག་གིས་ལེགས་པར་རྒྱས་འདེབས་པ་དེའི་དོན་དུ་མི་ཚུགས་པར་བྱ་བའི་ཕྱིར་རབ་ཏུ་སྦྱོར་བ་བྱ་བ་གང་ཡིན་པ་དེ་ནི་ཕྱག་རྒྱའི་ལན་ཏེ། དཔལ་ལྡན་གཡོན་དཀུར་བརྟེན་པ་ལ། །དཔལ་ལྡན་ལག་པ་གཡས་པས་པདྨའི་ཁུ་ཚུར་བཅིངས་ལ། མིག་རབ་ཏུ་བལྟས་བའི་རྡོ་རྗེ་པདྨོའི་སློང་བ་འདི་དང༌། རྡོ་རྗེ་གླུ་དང་གར་དང་ལྡན་པའི་ཕྱག་རྒྱས་སོ། །གང་ཞིག་འཇོམས་པར་བྱེད་ཅེ་ན། དེ་ནས་ཞེས་


DTG027_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་སྟེ། ཧེ་རུ་ཀ་ལ་སོགས་པའི་ཕྱག་རྒྱ་ཞེས་པའོ། །དཔལ་ལྡན་རྡོ་རྗེའི་སྦྱོར་བ་ནི་ཧེ་རུ་ཀའོ། །དེའི་གླུ་བླང་བ་ནི། གང་གིས་གར་བྱེད་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིངས་པའོ། །གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་ཕྱག་རྒྱས་ཐོབ་ལ་ཞེས་བྱ་བས་ནི་ཞལ་དྲག་པོ་སྟོན་ཏོ། །འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །ཞེས་བྱ་བ་ནི་ཞལ་གཉིས་པ་རབ་ཏུ་རྨོངས་པའོ། །བདེ་བའི་མཆོག་སྟོན་ཀུན་གསོལ་ཞེས་བྱ་བ་ནི་ཞལ་གསུམ་པ་ཟ་བྱེད་ཀྱི་རང་བཞིན་ནོ། །བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །ཞེས་བྱ་བ་ནི་ཞལ་བཞི་པ་སྒེག་པའོ། །རྒྱས་བཏབ་ཅེས་བྱ་བ་ལ་སོགས་པས་ནི་ཞལ་བཞིའི་སྒོ་ནས་རིམ་པ་བཞིན་དུ་བསྐུལ་བའོ། །ཧཱུཾ་ཨ་ལ་ལ་ལ་ཧོ་སྣང་བར་མཛོད་ཅེས་པ་ནི་སྣང་བ་བསྐུལ་བའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དཀར་མོ་ལ་སོགས་པའི་གླུ་བསྟན་པའི་ཕྱིར་དམ་ཚིག་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ལ་གཞུག་ཏུ་གསོལ་ཞེས་པ་ནི་འདའ་བར་མ་མཛད་ཅིག་པའོ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །ཅེས་པ་ནི་ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བ་སྟེ་ཧེ་རུ་ཀའོ། །མ་ལུས་བ་དག་བསྣམས་སུ་གསོལ། །ཞེས་པ་ནི་གང་གིས་སེམས་ཅན་ཐམས་ཅད་ལ་ལོངས་སྤྱོད་པའོ་ཞེས་བྱ་བར་སྦྱོར་རོ། །པདྨ་གར་གྱི་དབང་ཕྱུག་གི་འབྱུང་བ་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །འདོད་ཆགས་ཐམས་ཅད་ནི་བདག་ལ་སོགས་པར་ཞེན་པའོ། །དེའི་རྣམ་པར་དག་པ་ནི། །གང་ཟག་དང་ཆོས་ལ་བདག་མེད་པར་བསྒོམས་པས་རྣམ་པར་རྟོག་པ་དང་བྲལ་བའོ། །པདྨའི་ཕྱག་རྒྱ་དཔལ་དུ་གནས། །ཞེས་བྱ་བ་ནི། འདོད་ཆགས་རྣམ་པར་དག་པ་སྟོན་པའི་ཕྱག་རྒྱ་ཆེན་པོ་སྐུ་མདོག་དཀར་པོ་མི་འགྱུར་བ་ནི་འདོད་ཆགས་ཐམས་ཅད་སྟོང་པ་ཉིད་དོ། །དེའི་གྲུབ་པ་ནི་ཐུགས་སུ་ཆུང་པའོ། །ཤེལ་སྒོང་ཤིན་ཏུ་དག་པ་འདྲ། །ཞེས་བྱ་བ་ནི། ཤེལ་གྱི་མདོག་ཅན་ནོ། །འདོད་ཆགས་ཐམས་ཅད་ནི་གདུལ་བའི་དབང་གིས་དུ་མ་ཉིད་དུ་གནས་པའི་ཐུགས་རྗེ་ཆེན་པོའོ། །དེས་གསལ་བའི་ཕྱིར་འབར་བ་སྣ་ཚོགས་


DTG027_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྲིགས་པའི་འོད་དེ། ཁ་དོག་རྣམ་པ་སྣ་ཚོགས་པས་འབར་ཞིང་འཁྲིགས་པའི་འོད་ཀྱི་དཀྱིལ་འཁོར་ཅན་ནོ། །སངས་རྒྱས་ཚེའི་ཞེས་བྱ་བ་ནི་ཚེ་དཔག་མེད་དོ། །དེ་ཉིད་རིན་པོ་ཆེ་སྟེ་དེས་སྤྲས་པ་ནི། །དབང་བསྐུར་ཞིང་བརྒྱན་པས་ན། སངས་རྒྱས་ཆེའི་རིན་པོ་ཆེས་སྤྲས་པའི་ཕྱིར་འདི་ནི་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པའོ། །ཞེས་མཚམས་སྦྱར་བའོ། །སངས་རྒྱས་ཐམས་ཅད་འདུས་པ་ཡིས། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་འདུས་པ་མཛད་པས་སོ། །བདེ་བ་ཅན་བཞིན་དམ་པར་འགྱུར་རོ་ཞེས་པ་ནི། །འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་འདྲའོ། །གར་ཐབས་རྣམ་པ་སྣ་ཚོགས་ཀྱིས། །ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་གར་ཐབས་ཀྱིས་ཡོངས་སུ་བསྒྱུར་ཞིང་རབ་ཏུ་འབྱུང་བ་སྟེ། དེས་པདྨ་དང་སྣ་ཚོགས་པདྨ་ལ་སོགས་པ་པདྨས་མཚན་པ་དང༌། རྡོ་རྗེ་དང༌། དུང་དང༌། རལ་གྲི་དང༌། འཁོར་ལོ་དང༌། དབྱིག་པ་དང༌། གཏུན་ཤིང་ལ་སོགས་པ་ནི་པདྨ་དང་བཅས་པར་གནས་པ་ནི་པདྨར་བཅས་པའོ། །པདྨའི་མཆོག་པདྨར་བཅས་བ་དེས་ཕྱག་རྒྱ་རྣམས་འཁོར་ལོར་བསྐོར་ཞེས་བྱ་བར་སྤྱར་རོ། །པདྨའི་སྒྱུ་མས་རྣམ་སྦྱངས་ནས། ཞེས་བྱ་བ་ནི་པདྨའི་མཁའ་འགྲོ་མ་རྣམས་ཀྱིས་སོ། །རྐང་པ་གཡས་པ་ས་ལ་གཞག་སྟེ། པདྨའི་གདན་གྱིས་རྐང་པ་གཡོན་པ་སྐྱིལ་མོ་ཀྲུང་གི་ཚུལ་དུ་གཞག་པ་ནི་སྐྱིལ་མོ་ཀྲུང་ཕྱེད་པའོ། །བུད་མེད་ཕྱག་རྒྱ་ཞས་པ་ནི་ཁུ་ཚུར་གྱི་ཕྱག་རྒྱའོ། །བཅིང་བར་བྱ་ཞེས་པ་ནི་བཅིངས་བ་སྟེ་འཇོག་པའོ། །སྙིང་གར་ཞེས་བྱ་བ་ནི་ལྷག་མ་སྟེ། ལག་པ་གཡོན་པས་གཟུང་བར་བྱའོ། །ཆུ་སྲིན་ཚུལ་དུ་བསྒྲེང་བར་བྱ། །ཞེས་པ་ནི་མཆོད་རྟེན་གྱི་རྒྱལ་མཚན་འཛིན་པ་སྟེ་རྣམ་པར་ལྟ་བའོ། །དེ་ལྟར་གྲུབ་པ་ནི་རྣམ་དག་དཔལ་དུ་འགྱུར་རོ། །དེ་བཞིན་དུ་སྒྲོལ་མ་ལ་སོགས་པ་ནི་བྱང་ཆུབ་མཆོག་ལ་སོགས་པ་སྟེ། དེ་དག་ཀྱང་རིམ་བཞིན་བསྟན་པའི་མདོག་ནི་ལྗང་གུ་དང༌། སྔོན་པོ་དང༌། དཀར་པོ་དང༌། གསེར་མདོག་དང༌། དམར་པོའོ། །དེ་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཕྱག་རྒྱ་ཞེས་པ་ནི་ལས་ཐམས་ཅད་ཀྱི་ཕྱག་རྒྱའོ། །རབ་ཏུ་བསྒྲུབ་ཅེས་པ་རྣམ་པར་དག་པ་བུད་མེད་ལ་སོགས་པ་ཐོབ་པ་སྟེ། གང་གིས་གར་སྔོན་དུ་སོང་


DTG027_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བས་ཕྱག་རྒྱ་ཆེན་པོ་བཅིང་པ་བྱས་ནས། །ཀྱེ་སེམས་དཔའ་པདྨོ་དག་མཆོག་ཏུ་སྒྱུ་མའི་དགའ་བ་བསྟན་དུ་གསོལ་ཞེས་བརྗོད་པར་སྦྱར་རོ། །དེ་བཞིན་གཤེགས་པ་ཀུན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་རྡོ་རྗེ་འཛིན་པ་ཚངས་པ་ལ་སོགས་པའི་གཟུགས་འཛིན་པ་ཡིན་པར་ཤེས་པར་བྱའོ། །སེམས་ཅན་རྣམ་པ་སྣ་ཚོགས་འདུལ་བ་ནི་གཏི་མུག་རབ་ཏུ་སྤོང་བའི་མཚན་ཉིད་ཅན་ཡིན་པས་ན། སེམས་ཅན་རྣམ་པ་སྣ་ཚོགས་འདུལ་བ་དང༌། མཆོག་གི་དངོས་གྲུབ་མངའ་བའོ་ཞེས་པ་གཉིས་པའི་མཚམས་སྦྱར་བའོ། །དེ་ལ་སེམས་དཔའ་པདྨ་དགའ་མཆོག་སྒྱུ་མའི་དགའ་བ་ཞེས་པ་ནི། པདྨའི་མཁའ་འགྲོའི་དགའ་བའོ། །ཀྱེ་གར་དབང་མཐར་དགའ་བའི་གར་མཛོད་ཅིག་ཅེས་པ་ནི་ཐར་པ་ལ་དགྱེས་པས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་རབ་ཏུ་སྤོང་བར་སྤྱོད་པའིའོ། །དེ་བཞིན་གཤེགས་པ་ཀུན་ལ་སོགས་པའི་གཟུགས་མཆོག་སྣ་ཚོགས་འཛིན་ཞེས་བྱ་བ་དེ་ཉིད་གསལ་བར་བསྟན་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨོ་སྒྱུ་མ་ཞེས་པ་ནི་པདྨའི་དགའ་བའི་སྒྱུ་མའི་དགའ་བའི་དཔལ་ལོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་རྣམས་ཀྱི་གླུ་བསྟན་པ་ཡིན་ཏེ། རྣམ་པ་སྣ་ཚོགས་པ་ནི་རྣམ་པ་ཐ་དད་པའི་ཚུལ་གྱིས་སེམས་ཅན་རྣམས་འདུལ་བར་མཛད་པའི་ཕྱིར། །བྱ་བ་སྣ་ཚོགས་པའི་གར་གྱི་རྣམ་པ་སྟེ། དེས་གར་མཛད་པའོ། །དེས་དག་པ་ནི་པདྨོ་དམ་ཚིག་དབང་ཕྱུག་སངས་རྒྱས་གར་རྣམས་མཛད་དུ་གསོལ་ཞེས་པ་སྟེ། ཀྱེ་གྲོགས་པོ་རྣམས་ཞེས་པའོ། །པདྨོ་འཛིན་པའི་གར་གྱི་མཆོག་ཇི་ལྟ་བུ་ཞེ་ན། འདོད་ཆགས་སད་པར་མཛད་པ་ཡིན་ཏེ། ཇི་ལྟར་པདྨ་རབ་དམར་ཡང༌། །ཞེས་བྱ་བ་ལ་སོགས་པ་དེ་ལ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐུགས་རྗེ་ཆེན་པོ་རབ་ཏུ་འཕེལ་བར་མཛད་པའི་སེམས་ཅན་ཐམས་ཅད་རྣམ་པར་སྦྱོང་ཞིང་གར་མཛད་པའོ། །རྡོ་རྗེ་ཉི་མའི་གླེང་གཞི་བསྟན་པར་བྱ་བའི་ཕྱིར། རྣལ་འབྱོར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། སེར་སྣ་ཅན་རྣམས་སེར་སྣ་རབ་ཏུ་སྤངས་ཏེ། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་འཇོག་པ་ནི་ནོར་མཆོག་རབ་ཏུ་སྤྱང་བ་


DTG027_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། དེའི་ཕྱིར་ཉི་མ་ལྟ་བུའི་གཟུགས་དང༌། སྤྱོད་ལམ་མ་དང་ཚུལ་དང༌། གཟི་བརྗིད་ཆེན་པོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་གཡས་པས་ནི་མདའ་འཛིན། །གཡོན་པས་ནི་གཞུ་འཛིན། ཡང་གཡས་པས་ནི་རལ་གྲི་བསྣམས། གཡོན་ན་ནི་རྡོ་རྗེ་ཉི་མའི་དཀྱིལ་འཁོར་བསྣམས་ལ། སྒེག་པ་དང་ལྡན་ཞིང་འཛུམ་པ་དང་བཅས་པའི་གཡོན་པ་འབྱེད་ཅིང་གྱེན་དུ་འདེགས་པའོ། །རྡོ་རྗེ་པུས་མོ་གཉིས་བཅིངས་ཏེ་ཞེས་བྱ་བ་ནི། པུས་མོ་གཡོན་པའི་སྟེང་དུ་པུས་མོ་གཡས་པའི་ལྷ་ང་གཞག་པའོ། །བདག་གི་སྟན་ལ་འདུག་ནས་ནི། །ཞེས་བྱ་བས་ནི། རྐང་པ་གཡོན་པས་སྐྱིལ་མོ་ཀྲུང་ཕྱེད་ཀྱི་ཚུལ་གྱིས་ཡང་དག་པར་མནན་པ་ནི་བདག་གི་སྟེན་ཏེ། རྐང་པ་གཡས་པ་རྐང་པ་གཡོན་པའི་འོག་ཏུ་གཞག་པར་བྱའོ། །ཇི་ལྟའི་ཚུལ་དག་སྟོན་པ་དག །ཅེས་བྱ་བ་ནི། ཇི་ལྟའི་ཅོད་པན་ཕྱེད་ལ་སོགས་པར་སྟོན་པས་སོ། །འདི་དག་གི་སྐུ་མདོག་ནི་རིམ་བཞིན་དུ་པདྨ་དམར་པོ་དང༌། ལེ་བརྒན་དང༌། བཻ་ཊཱུཪྻ་དང༌། གསེར་གྱི་མདོག་ཅན་ནོ། །ལ་ལ་ན་རེ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མོ་རྣམས་ནི་རང་རང་གི་བདག་པོའི་སྐུ་མདོག་དང་མཐུན་པའོ་ཞེས་ཟེར་མོད་ཀྱི་དེ་ནི་མ་ཡིན་ཏེ། ཁ་དོག་མ་ཚང་བ་ཉིད་ཀྱི་ཕྱིར་དང༌། མཉམ་པར་ཐལ་བའི་ཕྱིར་དང༌། ཆོ་གའི་ནང་ནས་དེ་སྐད་མི་སྨོས་པའི་ཕྱིར་རོ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པ། །ཞེས་བྱ་བ་ནི་དྲག་པོ་ལ་སོགས་པ་ཁམས་གསུམ་ན་གནས་པ་རྣམས་བཏུལ་བའོ། །རྒྱལ་པོ་སྒྱུ་མ་མཆོག་གི་གླུ། །ཞེས་བྱ་བ་ནི་རྡོ་རྗེ་ཉི་མ་འབྱུང་བའི་གླུ་སྟེ། གང་གིས་གར་སྔོན་དུ་འགྲོ་བའི་ཕྱག་རྒྱ་ཆེན་པོ་བཅིངས་པའོ། །ཁམས་གསུམ་ནི་འཇིག་རྟེན་གསུམ་མོ། །ཀུན་གྱི་རྒྱལ་སྲིད་ནི་དེར་དབང་བསྐུར་བའི་སྤྲུལ་པ་སྟེ། དེས་ན་གདུལ་བྱ་རྣམས་ཀྱི་སེར་སྣ་སྤང་བའི་ཕྱིར། དབང་བསྐུར་བ་ལ་སོགས་པ་ནི་མཆོག་གི་ནོར་དང་ལྡན་པའོ། །འདི་ནི་དབང་བསྐུར་བའི་སྒོ་ནས་བསྐུལ་བའོ། །འཇལ་དུམ་གཡུལ་འགྱེད་རྣམ་མང་ཁྱད་པར་སངས་རྒྱས་ཀྱིས་འདུལ་བཞེས་བྱ་བ་ནི་སྡུམས་དང་འདུལ་བ་དང་ཆད་པ་ཕུལ་དུ་བྱུང་བས་སོ། །དེ་ནས་གཡུལ་འགྱེད་པས་རྒྱལ་བ་ནི། སེར་སྣ་རབ་ཏུ་སྤོང་བར་མཛད་ནས་སེམས་ཅན་ཕུན་སུམ་


DTG027_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་པ་རྣམ་པ་མང་པོ་ཐོབ་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་རྒྱལ་པོ་བདེ་མཆོག་སྒྱུར་མ་སྟེ། གཏེར་གྱི་སྒོ་ནས་བསྐུལ་བའོ། །རྣམ་པ་སྣ་ཚོགས་འཇལ་དུམ་རྣམ་པར་རྒྱལ་བ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡོད་པའི་སེར་སྣ་རྣམས་སྤོང་བའོ། །དེའི་དོན་དུ་རྒྱལ་མཚན་ཏེ་རྒྱལ་མཚན་མཆོག་གི་སྤྲུལ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདི་ནི་རྒྱལ་མཚན་མཆོག་གི་སྒོ་ནས་བསྐུལ་བའོ། །རྒྱལ་པོ་ནི་རྡོ་རྗེ་ཉི་མ་སྟེ། དེ་ཡི་ངོ་བོ་ཉིད་དུ་གྱུར་པ་བདེ་བའི་མཆོག་ནི་བདེ་བའི་དམ་པའོ། །དེ་ཐོབ་པའི་ཕྱིར་སེམས་ཅན་རྣམས་ཀྱི་མཆོད་པ་ཆེན་པོ་སྤྲུལ་པའི་སྒྱུ་མའོ། །དེ་ཉིད་ནི་ཚུལ་ལྡན་ཏེ་ཚུལ་ཞེས་པ་ནི་སྤྲུལ་པ་བཞིན་དུ་བལྟ་བར་བྱ་སྟེ། འདི་ཡང་མཆོད་པ་ཆེན་པོའི་སྒོ་ནས་བསྐུལ་བའོ། །གཞན་ཡང་སེམས་ཅན་སྤྲིན་ལ་བྱང་ཆུབ་ཅེས་བྱ་བ་ནི་དབང་བསྐུར་བའི་སྒོ་ནས་སོ། །མཆོད་སྦྱིན་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་གཏེར་གྱི་སྒོ་ནས་སོ། །བདག་གི་རེ་བ་ཀུན་སྒྲུབས་མྱུར་དུ་སྟོན། །ཞེས་བྱ་བ་ནི་རྒྱལ་མཚན་མཆོག་གི་སྒོ་ནས་སོ། །ཨ་ལ་ལ་ཞེས་བྱ་བ་ལ་སོགས་པས་ནི། །མཆོད་པ་ཆེན་པོའི་སྒོ་ནས་ལྷ་མོ་རྣམས་ཀྱི་གླུ་བསྟན་པར་བྱ་བའི་ཕྱིར། །མི་ཟད་གཏེར་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཟང་གཏེར་གྱི་དབང་བསྐུར་བའི། །ཞེས་བྱ་བ་ནི། །མི་ཟད་པ་དང༌། དབང་བསྐུར་བ་དང༌། རྣམ་པར་རྒྱལ་བ་དང༌། རྒྱལ་མཚན་དང་མཆོད་པ་སྟེ། མ་ལུས་པ་ཞེས་བྱ་བ་ནི་ཐམས་ཅད་དུ་ཁྱད་པར་འདི་དག་ཐམས་ཅད་ཀྱང་དབང་བསྐུར་བ་ལ་སོགས་པའི་སྤྲུལ་པ་རྣམས་ཀྱིས་སོ། །དེ་དག་ཐམས་ཅད་ཀྱང་བུད་མེད་རིན་པོ་ཆེ་རྣམས་ཀྱི་ཕྱིར་ཏེ། སེམས་ཅན་རྣམས་ཀྱི་དབང་བསྐུར་བ་ལ་སོགས་པའི་དོན་དུ་རྣམ་པར་དག་པའི་བུད་མེད་ཐོབ་པའི་རྒྱུ་ཉིད་དོ། །རིན་ཆེན་སྣ་ཚོགས་ཀུན་ནང་ན། །བུད་མེད་རིན་ཆེན་གཅིག་པུ་མཆོག །ཅེས་པ་སྟེ། རིན་པོ་ཆེ་བསགས་པ་ཐམས་ཅད་ཀྱི་ནང་ན་བུད་མེད་རིན་པོ་ཆེ་གཅིག་པུ་ནི་མཆོག་སྟེ། དམ་པར་གྱུར་པ་ཉིད་ཡིན་ནོ། །ཇི་ལྟ་བུ་ཞེ་ན། བུད་མེད་རིན་ཆེན་དག་པ་དམ་པ་ནི་དབང་བསྐུར་བ་ལ་སོགས་པའི་ངོ་བོ་ཉིད་དང༌། ཉེས་པ་ཐམས་ཅད་དང་བྲལ་བ་ཡིན་པས་ན་བུད་མེད་རིན་པོ་ཆེ་གང་ཡིན་པ་དེ་ནི་དབང་བསྐུར་བ་ལ་


DTG027_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་དང༌། ཏིང་ངེ་འཛིན་དང་བསྒོམ་པ་ལ་སོགས་པ་ཐམས་ཅད་ཀྱི་རྩ་བའོ། །དེ་བས་ན་དེ་ལས་ཐོབ་པ་ནི་རྒྱལ་སྲིད་ཐམས་ཅད་མཉམ་སྦྱོར་བ་སྟེ། རྡོ་རྗེ་ཉི་མའི་སྦྱོར་བའོ། །དཔལ་རྟ་མཆོག་གི་སྦྱོར་བ་བསྟན་པའི་ཕྱིར། །རྣལ་འབྱོར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དག་པར་མོས་པ་ཡིས། །ཞེས་བྱ་བ་ནི་ལེ་ལོ་སྤང་བ་སྔོན་དུ་བྱས་པས་སེམས་ཅན་རྣམས་བརྩོན་འགྲུབས་བསྐྱེད་པར་དགོངས་པས་སོ། །འཇིག་རྟེན་ཐམས་ཅད་ཅེས་བྱ་བ་ནི་དབང་ཕྱུག་དམ་པ་ལ་སོགས་པའོ། །རབ་ཏུ་འཇོམས་ཞེས་བྱ་བ་ནི། གནོན་པ་སྟེ་ཕྱག་གི་རྣམ་པ་གྱེན་དུ་འབྱུང་བའི་ཆ་བྱེད་བྲག་ལ་སོགས་པའོ། །ཕྱག་བཞི་པ་ཞེས་བྱ་བ་ནི་སོ་སོར་བསྟན་པ་སྟེ། གཡོན་ན་ཁུ་ཚུར་གྱིས་སྣ་ཚོགས་པདྨ་བསྣམས། གཡས་པ་བ་དན་གསུམ་པ་བསྒྲེང་བའི་ཚུལ་གྱིས་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །ཕྱག་གཉིས་ན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་མཚན་ལས་ཅི་དགའ་བར་བསྣམས་པའོ། །གཞན་དག་ན་རེ་ཕྱག་ནི་རྣམ་པ་བཞི་བཞི་ཞེས་ཟེར་ཏེ། རྒྱུད་གཞན་དང་རྗེས་སུ་མཐུན་པ་སྟེ། གཡས་ཀྱི་བཞི་ལ་བ་དན་གསུམ་པ་བསྒྲེང་བའི་ཚུལ་ཅན་དང༌། སྣ་ཚོགས་རྡོ་རྗེ་བསྣམས་པ་དང༌། རལ་གྲི་དང་མངའ་བསྣམས་པ་སྟེ་བཞིའོ། །གཡོན་གྱི་ཁུ་ཚུར་གྱིས་སྣ་ཚོགས་པདྨ་འཛིན་པ་དང༌། མདུང་དང༌། དབྱིག་པ་དང༌། གཞུ་བསྣམས་པ་སྟེ། ཕྱག་བརྒྱད་པའོ་ཞེས་ཟེར་རོ། །ཞབས་བཞི་པ་ཞེས་བྱ་བ་གཡས་བརྐྱང་བ་དང༌། གཡས་ཀྱིས་གསུམ་གྲུབ་མ་དང་དཔལ་མོ་གནོན་པ་གཡོན་གྱིས་མིག་གསུམ་པ་དང༌། ཁྱབ་འཇུག་གནོན་པ། ཡང་གཡས་གཡོན་གཉིས་ཀྱིས་གྲོལ་མ་དང༌། དགའ་བ་དང༌། ཚངས་པ་དང༌། ལྷའི་དབང་ཕྱུག་རིམ་བཞིན་གནོན་པས་བཞུགས་ནས་སྔ་མ་བཞིན་དུ་གར་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིང་བའོ། །གླུ་བསྟན་པའི་ཕྱིར། མྱོས་བྱེད་སྟོང་པས་ལྷག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱོས་བྱེད་ནི་འདོད་པའི་ལྷ་སྟེ། དེ་སྟོང་པས་ལྷག་པའི་བདེ་བས་འདོད་པའི་གཟུགས་སྟོན་པ་སྟེ། ཡིད་འཕྲོག་པའི་སྐུར་སྤྲུལ་པ་མཛད་པས་པོ། །འདིས་ནི་ཞལ་དང་པོ་སྒེག་པར་བསྟན་ཏོ། །


DTG027_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གདུལ་བའི་དབང་གིས་ཞེས་བྱ་བ་ལ་སོགས་པས་ན། ཞལ་དྲག་པོ་བསྟན་ཏོ། །གཞན་ཡང་ཞི་བའི་སྐུར་ཡང་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་ཞི་བ་སྟེ། ཚངས་པའི་ཞལ་ལོ། །ཐམས་ཅད་དག་པས་ཞེས་བྱ་བ་ལ་སོགས་པས་ནི་བཞི་བ་རྟ་གདོང་ངོ༌། །ཧི་ཧི་ཧི་ཧི་ཞེས་བྱ་བ་ནི་ཕ་རོལ་གནོན་པས་རབ་ཏུ་འཇོམས་པའོ། །ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་ཞུགས་ཤིགས་པའོ། །རུ་ཊ་མ་ཊ་ཞེས་བྱ་བ་ནི་དགའ་བ་དང་བྲལ་བའོ། །སྨ་ར་ར་ཏི་ནི་མངོན་པར་དྲན་པ་སྟེ། ཞི་བའི་ཉམས་དང་ལྡན་པ་མངོན་སུམ་དུ་མཛོད་ཅིག་པའི་བར་དུའོ། །ཨ་ལ་ལ་ལ་ལ་ཧོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སུམྦྷ་ཞེས་བྱ་བ་ནི་ལྟུང་བར་མཛོད་ཅིག་པའོ། །ནི་སུམྦྷ་ནི་ཞེས་བྱ་བ་ནི་བརྒྱལ་བར་རོ། །ཧཱུཾ་ཞེས་བྱ་བ་ནི་གསོད་པས་སོ། །ཕཊ་ཕཊ་ཞེས་བྱ་བ་ནི་གདུལ་བ་སྟེ། དེ་དག་ནི་བསྐུལ་བའི་ཚིག་གོ །ལྷ་མོ་རྣམས་ཀྱི་གླུ་བསྟན་པའི་ཕྱིར། མཛའ་བོ་མི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བྱ་བ་འམ་མི་བྱ་བ་ཡོངས་སུ་རྟོག་པའི་དགའ་བ་གང་ཡིན་པའི་མིར་སྐྱེ་བ་ནི་མཛའ་བ་དེ་ཡང་བཅོས་མ་སྟེ། དེ་ལ་མཛའ་བོ་ཡིན་ཞེས་མཛའ་བར་སུ་ཞིག་སྨྲ། ཡང་རྒོལ་བར་བརྩམ་པ་གང་དུ་བྱ་བའམ་མི་བྱ་ཞེས་ཡོངས་སུ་རྟོག་པ་སྐྱེས་པ་དེ་ཡང་རྒོལ་བ་བཅོས་མ་སྟེ། དེ་ལ་དཔའ་བ་ཡིན་ཞེས་སུ་ཞིག་ཟེར་བར་འགྱུར། སྣ་ཚོགས་པདྨ་ལ་སོགས་པ་ལྷ་མོ་གཉིས་ནི་གླུ་འདི་ཉིད་ལས་རྗེས་སུ་དཔག་པ་ཡིན་ནོ་ཞེས་ལ་ལ་ཟེར་རོ། །དཀྱིལ་འཁོར་དུ་ལྷ་རྣམས་ཀྱི་དམ་ཚིག་གིས་བཞུགས་པར་བྱ་བ་དང༌། རྣལ་འབྱོར་པ་རྣམས་ཀྱི་ཡང་བདག་ཉིད་ཀྱིས་བསྒྲུབས་པས་རང་གི་དམ་ཚིག་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་བསྟན་པའི་ཕྱིར། མཛུབ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཛུབ་མོས་མཐེ་བོང་མནན་ནས་ནི། ཞེས་བྱ་བ་ནི་ཐལ་མོ་སྦྱར་བ་བྱས་ལ། མཛུབ་མོ་གཉིས་བཀུག་སྟེ། དེའི་རྩེ་མོ་རང་གི་མཐེ་བོའི་རྩེ་མོས་མནན་པའོ། །རང་གི་མཐེ་བོས་མཛུབ་མོ་མནན། །ཞེས་བྱ་བ་ནི་མཛུབ་མོ་དེ་དག་ཉིད་དང་མཐེའོ་སྦྱར་ནས་རིམ་གྱིས་བཞུགས་པ་ནི་དཔལ་གྲུབ་སྤྱན་ནོ། །རྡོ་རྗེ་ཐལ་མོ་སྦྱར་བ་བཅིངས་ལ་རིམ་པ་དེ་ཉིད་ཀྱིས་རྡོ་རྗེ་སྤྱན་གཉིས་བྱས་ཏེ། རྡོ་རྗེ་སྤྱན་


DTG027_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་ལས་མཛུབ་མོ་གཉིས་བཀུག་སྟེ། མིག་གི་རྣམ་པ་ལྟ་བུར་སྦྱར་ནས་བཅིངས་པ་ནི་དཔལ་རྡོ་རྗེ་སྤྱན་ནོ། །གྲུབ་པ་ནི་རྫོགས་པའོ། །འདིས་ནི་ཞེས་བྱ་བ་ནི་རྡོ་རྗེ་སྤྱན་གྱིས་སངས་རྒྱས་ཐམས་ཅད་ལ་སོགས་པ་ཉིད་དུ་འགྲུབ་པར་འགྱུར་བའོ། །རྡོ་རྗེ་འཛིན་པ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་དང༌། བདེ་བའི་མཆོག་ལ་སོགས་པ་སྟེ། དེ་རྣམས་དབང་དུ་བྱེད་པའོ། །དེས་ན་དེ་དག་ཀུན་གྱི་ཕྱག་རྒྱ་འདི་དག་ཡིན་ནོ། །རྡོ་རྗེ་ཅན་གྱི་ཕྱག་རྒྱ་ནི་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱི་ཡང་ཡིན་ནོ། །རྡོ་རྗེ་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོང་གཉིས་བར་དུ་བཅུག་པ་ནི། གཙུག་ཏོར་ཐམས་ཅད་དང་རྣམ་པར་སྣང་མཛད་འཁོར་དང་བཅས་པ་ཡིའོ། །གྱེན་དུ་དབྱེ་ནི་ཞེས་བྱ་བ་རྡོ་རྗེ་ཐལ་མོ་སྦྱར་ནས་གཞག་པ་ལས་དེ་ཉིད་ཀྱི་སོར་མོ་རྣམས་གྱེན་དུ་ཕྱེན་ནས་མཛུབ་མོ་གཉིས་བཀུག་ལ་མཐེ་བོང་གཉིས་མཐེ་བ་འདྲ་བར་འཇོག་པ་སྟེ། འདི་ནི་ཧེ་རུ་ཀ་དང་དེའི་ལྷ་མོ་རྣམས་ཀྱིའོ། །རྨོངས་པར་བྱེད་པ་ཞེས་བྱ་བ་ནི་བརྒྱལ་བར་བྱེད་པའོ། །རྡོ་རྗེ་ཐལ་མོ་མཉམ་པར་སྦྱར་ནས། གུང་མོ་གཉིས་མཉམ་པར་བྱས་ལ་མཐེ་བོད་དང་མཐེའུ་ཆུང་ཁ་ཕྱེ་བ་ནི་པདྨའི་རྒྱལ་པོ་འཁོར་དང་བཅས་པ་ཡིའོ། །མཛུབ་མོ་མཉམ་པར་ཕྱིར་བཀུག་སྟེ། ཞེས་བྱ་བ་ནི་མཛུབ་མོ་གཉིས་མཉམ་པར་བྱས་ཏེ། ཕྱིར་རོལ་ནས་བཀུག་པའོ། །མཐེ་བོ་རྡོ་རྗེ་གཡོགས་པ་ནི། །ཞེས་བྱ་བ་ནི་མཐེ་བོ་གཉིས་རྡོ་རྗེ་བྱས་ལ་དེའི་རྩེ་མོ་གཉིས་རྩེ་སྦྱར་ནས་རྗེས་སུ་བཅིངས་པ་སྟེ། འདི་ནི་རྡོ་རྗེ་མ་ལྷ་མོ་དང་བཅས་པ་ཡིའོ། །མཐེའུ་ཆུང་སྲིན་ལག་མཉམ་པར་སྦྱར། །ཞེས་བྱ་བ་ནི་མཐེའུ་ཆུང་སྲིད་ལག་དང་བཅས་པ་བརྐྱང་བ་ནི་རྐང་པ་བཞི་ཡིའོ། །མཛུབ་མོ་རྩེ་མཉམ་བཀུག་པ་ནི། །ཞེས་བྱ་བ་ནི་མཛུབ་མོ་གཉིས་མཉམ་པོར་སྦྱར་ལ་མགྲིན་པ་ལྟར་ཕྱི་རོལ་བཀུག་པའོ། །རྡོ་རྗེ་དྲིལ་བུ་ལ་སོགས་པ་རང་གི་ཕྱག་མཚན་དང༌། ཕྱག་རྒྱ་འཛིན་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ་ཞེས་པའི་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཤེས་པ་བསྟན་པར་བྱ་བའི་ཕྱིར། །ལུས་དང་དག་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང༌། སེམས་ཉིད་རྡོ་རྗེ་སྟེ། དེ་རྣམས་ཀྱི་ལྷ་དང་རྗེས་སུ་འབྲེལ་པས་སོ། །ཐམས་ཅད་འབྱུང་བའི་སྦྱོར་


DTG027_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ཡིས། །ཞེས་བྱ་བ་ནི་ཐམས་ཅད་འབྱུང་བའི་ཚུལ་གྱིས་སོ། །བདག་གིས་ལྷར་ནི་ཞེས་པ་ནི་བདག་གི་ལྷག་པའི་ལྷར་བདག་ཉིད་གྱུར་པ་དེ་བཞིན་དུ་སེམས་དཔའ་ཆེན་པོ་སྤྱན་དྲངས་པ་ལ་སོགས་པ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་ལ་སོགས་པའི་རིམ་པ་རྫོགས་པར་བྱས་ནས་དེའི་ང་རྒྱལ་དང་ལྡན་པས་བསྒོམ་པ་ལ་སོགས་པ་བྱའོ། །སྦྱོར་བ་དང༌། རྗེས་སུ་སྦྱོར་བ་དང་ཤིན་ཏུ་སྦྱོར་བའོ་བདག་ཉིད་ཅན་གྱིས་རྣལ་འབྱོར་གྱི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཀུན་དུ་སྦྱོར་བ་ནི་ཐམས་ཅད་འབྱུང་བའི་སྦྱོར་བ་སྟེ། དེས་གཟུགས་དང་དབྱིབས་ཇི་ལྟ་བ་དང་ལྡན་པའི་སྐུ་དང་གསུངས་དང་ཐུགས་རྡོ་རྗེ་སེམས་ཀྱི་ཕྱག་རྒྱ་དང་ལྡན་པ་ནི་རང་གི་ལྷར་གྱུར་པའི་སྦྱོར་བ་ཅན་ནོ། །ཀུན་གྱི་བདག་ཉིད་ནི་རྡོ་རྗེ་སེམས་དཔའོ། །ཀུན་གྱིས་བདག་ལ་ནི་རང་གི་ལུས་ལའོ། །ཞུགས་པར་བྱ་བ་ནི་རྗེས་སུ་སྦྱོར་བའོ། །ཆགས་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པས་ནི་བདག་ཤིན་ཏུ་སྦྱོར་བ་ཇི་ལྟར་བ་དང་ལྡན་པའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཇི་སྐད་གསུངས་པའི་རིམ་པས་སྦྱར་བ་དང༌། རྗེས་སུ་སྦྱོར་བ་རྫོགས་པས་ཆགས་པ་དང༌། མ་ཆགས་པ་ལ་སོགས་པ་སྟོང་པ་ཉིད་དུ་བསྒོམས་ནས། ལྷ་མོ་རྣམས་དང་ལྷན་ཅིག་ཏུ་བདག་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཀྱང༌། ཡོད་པ་མ་ཡིན་མེད་པ་མིན། །ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་ཉི་མའི་རྣལ་འབྱོར་པས་ནི། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་པདྨ་གར་གྱི་དབང་ཕྱུག་གི་རྣལ་འབྱོར་པས་ནི། ཇི་ལྟར་པདྨ་དམ་པོ་འདི། །ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམ་པའོ། །དེ་བཞིན་དུ་རྡོ་རྗེ་ཉི་མའི་རྣལ་འབྱོར་པས་ནི། །ཤིན་ཏུ་གདུག་ཅིང་དྲག་པོ་ལ། །ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་རྟ་མཆོག་གི་རྣལ་འབྱོར་པས་ནི། ཐམས་ཅད་དག་པར་མོས་པ་ཡིས། །ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །སྦྱོར་བ་ལ་སོགས་པ་དང་ལྡན་པའི་རྣལ་འབྱོར་པ་ཐམས་ཅད་བསྟན་པའི་ཕྱིར། སྦྱོར་བ་ཇི་སྙེད་


DTG027_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་ཇི་སྙེད་ཅེས་བྱ་བ་ནི་གར་དང་གླུའི་བསྟན་བཅོས་ལས་སོ། །ཀུན་ཤེས་བྱ་བ་ནི་གར་ལ་སོགས་པའི་བསྟན་བཅོས་ལས་བཤད་པ་རྣམས་ཀྱིས་སོ། །བྱ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་བདེ་བ་མཆོག་གི་ཕྱག་རྒྱའོ། །འོ་བྱེད་ཅེས་བྱ་བ་ལ་སོགས་པ་ནི། ཨེ་མ་བདེ་བའི་ཕྱག་རྒྱའོ། །སྦྱོར་བར་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ནི་སྒྲོན་མའི་ཕྱག་རྒྱའོ། །སྦྱོར་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་ཤི་ཤིའི་ཕྱག་རྒྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཉེ་བར་བསྟན་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དཀྱིལ་འཁོར་དུ་རང་གི་བདག་ཉིད་བསྒྲུབས་པས་ལྷ་རྣམས་ཀྱི་ཞལ་གྱི་ཕྱག་རྒྱ་ལ་སོགས་པས་རྒྱས་བཏབ་པ་དེ་ཉིད་བྱའོ་ཞེས་པ་ནི་ཞལ་གྱི་ཕྱག་རྒྱ་ཇི་སྙེད་པ་བསྟན་པའི་ཕྱིར། ལྷ་མོ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཀུན་ནི་བདེ་བའི་མཆོག་ལ་སོགས་པའོ། །བདེ་བ་ཆེན་པོ་ནི་དེ་དང་འདུས་པར་གྱུར་པའོ། །དེ་ལས་བྱུང་བ་ནི་མཛེས་པའི་ཞལ་རྣམ་པར་བསྒྱུར་བ་སྟེ། དེས་རྡོ་རྗེ་སེམས་དཔའ་ཐལ་བར་འགྱུར་བ་དང༌། འཚོ་བར་བྱེད་ཅེས་བྱ་བར་སྦྱར་ཏེ། ལྷ་མོ་རྣམས་ཉིད་དང་འདུས་པའི་བདེ་བ་མྱོང་ནས་སྦྱོར་བར་མཛེས་པར་ལྟ་བས་གར་བྱེད་ཅིང་མིག་རྣམ་པར་འདེགས་པ་གང་ཡིན་པ་དང། །ཞལ་རྣམ་པར་བསྒྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །བདེ་བའི་མཆོག་ལ་སོགས་པ་དེ་རྣམས་ཀྱི་ཞལ་གྱི་ཕྱག་རྒྱ་བསྟན་པའི་ཕྱིར། བུད་མེད་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་མཁས་པ་ནི་སྒྱུར་རྩལ་ལ་བྱང་བའོ། །དེ་རྣམས་ཀྱི་སྒྱུར་མ་ཆེན་པོ་ནི། དེ་རྣམས་ཀྱིས་མཛེས་པའི་ཞལ་རྣམ་པར་བསྒྱུར་བའི་རྣམ་པར་སྒེག་པས་རྣམ་པར་བསྒྱུར་བའོ། །རི་མོར་བཅས་ཤིང་སྒེག་པའི་མཆོག་ནི་མཛེས་བའི་རྣམ་པར་ལྟ་བས་གར་བྱེད་ཅིང་ཞལ་གྱི་མདངས་དང་ལྡན་པ་གང་ཡིན་པ་སྟེ་སྔ་མ་བཞིན་ནོ། །སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་ཞལ་གྱི་ཕྱག་རྒྱ་བསྟན་ཏོ། སངས་རྒྱས་ཀྱི་བྱང་ཆུབ་ནི་སངས་རྒྱས་ཀུན་བརྗོད་མ་ལ་སོགས་པའོ། །དེ་དང་འདུས་པ་ནི་མཉམ་པར་སྦྱོར་བའོ། །དེ་ལས་རབ་ཏུ་དགའ་བར་བྱེད་ཅིང་དེ་རྣམས་ལས་གཟིགས་ཤིང་འཛུབ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་


DTG027_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་སྟེ། སངས་རྒྱས་བྱང་ཆུབ་ལེན་པའི་རབ་ཏུ་དགའ་ཞིང་ལྟ་བ་དང་མཛུམ་མོ་ཞེས་མཚམས་སྦྱོར་རོ། །ཤིན་ཏུ་སྲིད་པ་ཡང་དག་པ་སྒྲུབས། །ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡོངས་སུ་རྫོགས་ཏེ་དེའི་དོན་དུའོ། །གསང་བ་ལྟ་བ་ལ་གནས་ནས། །ཞེས་པ་སྟེ། ཞི་བའི་ལྟ་བས་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་ཧེ་རུ་ཀའི་ཞལ་གྱི་ཕྱག་རྒྱ་དང༌། རང་གི་དབུགས་དབྱུང་བ་ནི་དེའི་འཁོར་གྱི་ཡང་བདག་གི་འབྱུང་བ་བཞིན་དུ་ཤེས་པ་བྱའོ། །སྟེག་ལ་སོགས་པས་ཞེས་བྱ་བ་ལ་སོགས་པས་ནི་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་ཞལ་གྱི་ཕྱག་རྒྱ་སྟོན་ཏོ། །འཛུམ་པའི་ཕྱག་རྒྱ་བསྟན་པའི་ཕྱིར། །ལྷ་མོ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཐམས་ཅད་དང་ཡང་དག་པར་འདུས་པ་མཛད་པའི་བདེ་བ་ཆེན་པོ་ནི་ལྷ་མོ་ཀུན་གྱི་བདེ་བ་ཆེན་པོའོ། །དེ་དང་མཛེས་པ་ནི་མཚུངས་པའོ། །མནན་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཡིའོ། །འདོད་ཆགས་ཐམས་ཅད་ཅེས་བྱ་བ་ནས་ཐལ་བར་འགྱུར་བ་ཡང་འཚོ་བར་བྱེད་ཅེས་བྱ་བའི་བར་གྱིས་ནི་རིམ་བཞིན་དུ། བདེ་བའི་མཆོག་ལ་སོགས་པའི་འཁོར་དང་བཅས་པ་ཡིའོ། །རྣམ་པར་སྣང་མཛད་འཁོར་དང་བཅས་བའི་རབ་ཏུ་དགའ་བར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་ནི་རྡོ་རྗེ་ཧ་ཞེས་བཤད་པའོ། །པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པ་ཡི་ནི་སྟེག་པ་ལ་སོགས་པའི་དབྱིངས་དང་ལྡན་པའི་རྗེས་སུ་འགྲོ་བའི་འཛུམ་པའོ། །རྡོ་རྗེ་ཉི་མ་འཁོར་དང་བཅས་པ་ཡི་ནི་ཁྲོ་བ་དང་བཅས་བའི་ཞལ་འཛུམ་པའོ། །རྟ་མཆོག་གི་ནི་རབ་ཏུ་དགའ་བའི་ཚོགས་ཀྱིས་འཛུམ་པ་སྟེ། སྔར་བཤད་པ་བཞིན་ནོ། །ལྟ་བའི་ཕྱག་རྒྱ་ཤེས་པར་བསྟན་པའི་ཕྱིར། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པ་གསུངས་ཏེ། བདེ་བ་མྱོང་བ་ནི་ལྷ་མོ་རྣམས་དང་ལྷན་ཅིག་ཤིན་ཏུ་སྦྱོར་བས་སྦྱོར་བ་ནི་བདེ་བ་མྱོང་བཅས་རབ་སྦྱོར་བའོ། །དེས་ཟམ་ཟིམ་དུ་བལྟ་ཞིང་རྣམ་པར་འགྱུར་བ་དེ་རྣམས་ཀྱིས་ཏེ། འདི་ནི་རྡོ་རྗེ་སེམས་དཔའ་ཡིའོ། །བུད་མེད་མཁས་པ་ཞེས་བྱ་བ་ལ་སོགས་པས་ནི། བདེ་བ་མཆོག་ལ་སོགས་པ་ཡིའོ། །སངས་རྒྱས་གསང་བ་ཡིས་ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་སྣང་མཛད་འཁོར་དང་བཅས་


DTG027_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའིའོ། །སྨིན་མཚམས་ཁྲོ་གཉེར་འགྱུར་བཅས་དང༌། །ཞེས་བྱ་བ་ལ་སོགས་པ་ནི། དཔལ་ཧེ་རུ་ཀ་དང་དེའི་འཁོར་དང་བཅས་པའི་སྟེ། རང་གི་འབྱུང་བ་བཞིན་དུ་བལྟ་བར་བྱའོ། །ཁྲོ་ཞིང་འགྱུར་དང་བཅས་པས་འཛུམ། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཉི་མ་འཁོར་དང་བཅས་པའོ། །སྟེག་ལ་སོགས་པའི་རོ་དང་ལྡན། །ཞེས་བྱ་བ་ལ་སོགས་པ་ནི་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའིའོ། །ཆོས་ཀྱི་ཕྱག་རྒྱ་བསྟན་པའི་ཕྱིར། །ན་མོ་སྟུ་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། ལྕེ་ལ་རྡོ་རྗེ་བཟང་པོ་བསྒོམ་པ་མངོན་དུ་བྱས་ནས། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་དགོད་པ་ནི། རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ཆོས་ཀྱི་ཕྱག་རྒྱའོ། །ཨོཾ་རུ་རུ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་ཆོས་ཀྱི་ཕྱག་རྒྱ་ཉིད་ཀུན་དུ་བསྟན་པ་ཡིན་ནོ། །བརྡར་བསྟན་པའི་ཡན་ལག་གི་སྒོ་ནས་ལྷ་མོ་བཞིའི་དབུས་སུ་བྷ་ག་ཞེས་བྱ་བ་ལ་སོགས་པས་ནི། ཧེ་རུ་ཀ་འཁོར་དང་བཅས་པའིའོ། །བདག་པོའི་སྙིང་པོ་ཟླ་བའི་ཚུལ་དུ་བསྟན་པའི་ཕྱིར། སྐད་ཀྱི་གསངས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཀྱི་གསངས་མཐོན་པོ་ལ་སོགས་པ་ནི་ཤིང་གི་རྒྱུད་རྣམས་ལ་བརྡབས་པའི་བྱེ་བྲག་སྟེ། ལུས་ཀྱང་དེའི་རྗེས་སུ་འགྲོ་བར་བྱའོ། །གཞན་དག་ན་རེ་དབྱངས་ཀྱི་མཐའི་བྱེ་བྲག་ཉིད་ཀྱི་མ་ཏྲ་ཡིན་པར་འདོད་དོ་ཞེས་ཟེར་རོ། །སྐད་ཀྱི་གསངས་མཐོན་པོ་ནི་དབྱངས་ཀྱི་བར་དུ་བཅད་པའོ། །དམའ་བ་ནི་དབྱངས་ཀྱི་བར་དུ་དབྱེ་བའོ། །གྲེ་འགྱུར་ནི་དབྱངས་ཀྱི་བར་ན་འཕོ་བའོ། །བཟླས་པ་ནི་ཆུང་ངུལ་སོགས་པའི་རིམ་པས་བཟླས་པའོ། །ཤིན་ཏུ་ཞི་བ་ནི་མི་གཏུམ་པའོ། །མཆོག་རྣམས་ནི་རོལ་མོའོ། །གསུམ་པོ་དེ་དག་གིས་སོ། །ཚིག་རྣམས་ཀུན་གྱི་ཞེས་བྱ་བ་ནི་ཤིན་ཏུ་དགའ་བའི་རྡོ་རྗེའི་ཚིག་ལ་སོགས་རྣམས་ཀྱིས་སོ། །ཅི་འདོད་པ་ཞེས་བྱ་བ་ནི་ཇི་ལྟར་དགའ་བའོ། །གླུ་ཀུན་གྱི་ཞེས་པ་ནི་ཤ་ཏ་པ་ལ་སོགས་པ་རྣམས་ཀྱིས་སོ། །ཡི་གེ་ཧཱུཾ་ནི་རྡོ་རྗེ་སེམས་དཔའི་བཟླས་པ་སྟེ། ལྷ་མོ་ཐམས་ཅད་ཀྱི་ཡང་དེ་ཉིད་དེ། བདག་པོ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་རང་གྱི་སྙིང་པོ་ནི་ཇི་ལྟར་འོག་ནས་བཤད་པའི་རྣམས་ཀྱིས་སོ། །ཀཱ་ཀ་ལི་


DTG027_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་དེ་ལ་ནི་ཤ་ཏ་ལན་གཉིས་སྒྲོགས་པའོ། །ཡི་གེ་ཨོཾ་ནི་རྣམ་པར་སྣང་མཛད་ཀྱི་བཟླས་པའོ། །ཚངས་པའི་དབྱངས་ཀྱིས་ཞེས་བྱ་བ་ནི་རིག་བྱེད་སྨྲ་བའི་དབྱངས་ཀྱིས་སོ། །རྡོ་རྗེ་དྲག་པོ་གད་མོ་ཆེ། །ཞེས་བྱ་བ་ནི། དཔལ་ཧེ་རུ་ཀའི་ཧ་ཧ་ཞེས་བྱ་བའི་གད་རྒྱངས་སོ། །འབྲུག་གི་སྒྲ་ལྟར་ཟབ་པའི་ཡི་གེ་ཧཱུཾ་སྤྲོ་བའི་གླུ་གང་ལ་རུ་ལུ་རུ་ལུ་ཞེས་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འབྲུག་གི་སྒྲ་ལྟར་ཟབ་པའི་ཡི་གེ་ཧཱུཾ་གི་སྒྲ་ཟབ་མོ་དང༌། རུ་ལུ་རུ་ལུའི་སྒྲ་ཕྱུང་བ་གང་ཡིན་པའོ། །དེ་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཧ་ཧ་ཧ་ཧ། རུ་ལུ་རུ་ལུ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་བཟླས་པ་ཡིན་ནོ། །པདྨ་གར་གྱི་དབང་ཕྱུག་གི་ནི་སྟེ་ཞེས་བྱ་བ་ལ་སོགས་པའོ། །ཧི་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཉི་མའི་འོ། །དེའི་འཁོར་རྣམས་ཀྱི་འོག་ནས་འཆད་དོ། །འཇོམས་པ་ཐམས་ཅད་བསྒྲུབ་པའོ། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་འཇོམས་པ་སྟེ། དྲག་པོའི་སྦྱོར་བ་བསྒྲུབ་ཅིང་བཟུང་བ་ཡིན་པས་འཇོམས་པ་ཐམས་ཅད་རབ་ཏུ་བསྒྲུབས་པའོ་ཞེས་མཚམས་སྦྱར་རོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་དག་ཉིད་ཀྱི་སྙིང་པོ་རྣམས་ལས་གང་ལ་དགའ་བ་དང༌། ཀཱ་ཧ་ལ་སོགས་པ་དང་ལྡན་པའི་བར་ནི་རྟ་མཆོག་གི་བཟླས་པར་བྱས་པར་བྱས་པ་ཡིན་ནོ། །ལ་ལ་ན་རེ་རྒྱུད་ཀྱི་ནང་ནས་འབྱུང་བ་དང༌། རྗེས་སུ་མཐུན་པར་ཧི་ཧི་ཧི་ཧི་ཧི་ཞེས་བྱ་བ་ནི་རྟ་མཆོག་གི་བཟླས་པ་ཡིན་ནོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཞེས་བྱ་བ་ལ་སོགས་པ་རྟོག་པའི་ནང་ནས་གསུངས་པའི་བདག་པོའི་སྔགས་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྙིང་པོའི་ནང་ནས་ལྷ་མོ་ཐམས་ཅད་ཀྱི་ཡོད་པས་ན་དེ་རྣམས་ནི་གཞན་དག་ཏུ་མ་བཤད་དེ། འདི་དག་ཉིད་ཀྱིས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་བའི་ཕྱིར་རོ། །གླུའི་ཕྱག་རྒྱ་ཤེས་པའི་ཞེས་བྱ་བ་ནི་བཟླས་པའི་ཕྱག་རྒྱ་ཤེས་པའོ། །རོལ་མོའི་ཕྱག་རྒྱ་ཤེས་པ་ཉེ་བར་བསྟན་པའི་ཕྱིར། །གླིང་བུ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླིང་བུ་ནི་ཁོང་སྟོང་གོ་རོལ་མོའོ། །རྒྱུད་གཅིག་པ་ནི་པི་ཝང་ངོ༌། །རྒྱུད་མངས་ནི་ཀུ་མུ་དའོ། །རྒྱུད་སྟུག་ནི་རྫ་ལྔའོ། །སིལ་སྙན་ནི་དེ་ལ་བརྡུང་བའི་རོལ་མོའི་ཕྱག་རྒྱ་དེ་རྣམས་སོ། །བརྡུངས་པ་དཔལ་ནི་གཞིར་གྱུར་གྲུབ། །ཅེས་བྱ་བ་ནི་ལྷ་མོ་བཞི་པའི་དངོས་གྲུབ་རྣམ་པ་བཞི་སྟེ།


DTG027_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམ་པ་བཞི་བཅིངས་པ་དང་རྗེས་སུ་འབྲེལ་པས་ཡི་གེ་ཧཱུཾ་ལ་སོགས་པ་ཅི་རིགས་པར་སྤྱོད་པའི་སྙིང་པོ་ལ་སོགས་པས་དེ་རྣམས་དང་ལྷན་ཅིག་ཏུ་བྱ་བ་རྣམ་པ་སྣ་ཚོགས་པ་འགྲུབ་པའོ། །དེས་ཀྱང་རྣམ་པར་སེལ་བ་དང་ཁྱུ་མཆོག་གི་རོལ་པ་གྷ་ཊ་ན་ལ་སོགས་པ་བྱ་བ་དེ་དག་ཉིད་ནི་རོལ་མོའི་ཕྱ་རྒྱ་སྟེ། དངོས་གྲུབ་ཐམས་ཅད་རབ་ཏུ་བསྒྲུབ་པའོ། །ཛཿ་ཧཱུཾ་བཾ་ཧོཿ་ཞེས་བྱ་བ་ནི་རིམ་བཞིན་བདེ་བ་ལ་མཆོག་ལ་སོགས་པ་བཞི་པོའི་སྙིང་པོའོ། །རུ་ཊ་མ་ཊ་ཞེས་བྱ་བ་ནི་སངས་རྒྱས་བྱང་ཆུབ་ཀྱིའོ། །སྨ་ར་ར་ཊ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ཡིའོ། །རུ་ལུ་རུ་ལུ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མའི་འོ། །བླ་སྲིད་ཏྱ་ཛ་ཞེས་བྱ་བ་ནི་འདོད་པ་ཐམས་ཅད་ཀྱི་ལྕུག་མའིའོ། །ཊ་ཀྐི་ཧཱུཾ་ཛ་ཞེས་བྱ་བ་ནི་རྟ་གདོང་མའིའོ། །ཧུ་ལུ་ཧུ་ལུ་ཞེས་བྱ་བ་རྡོ་རྗེ་གཙོ་མོའི་འོ། །ཨ་ལ་ལ་ཧོ་ཞེས་བྱ་བ་ནི་སྒྲོལ་མའི་འོ། །ཤུདྡྷ་སིདྡྷ་དཪྴ་ཡམ་བཾ་ཞེས་བྱ་བ་ནི་ཐལ་བ་རབ་ཏུ་འཇིག་པ་རོལ་པ་རོ་ལངས་མའི་འོ། །ཀ་ནི་ཞེས་བྱ་བ་ནི་གླིང་བུ་མའི་འོ། །གུ་ནི་ཞེས་བྱ་བ་ནི་རྒྱུད་གཅིག་མའི་འོ། །ཧཱུཾ་ཞེས་བྱ་བ་ནི་རྒྱུད་དམངས་ཀྱིའོ། །ཧཱུཾ་ཞེས་བྱ་བ་ནི་རྒྱུད་སྟུག་གིའོ། །ཏ་ཀེང་ཞེས་བྱ་བ་ལ་སོགས་པ་ནི་རོལ་མོའི་ཚིག་ཏུ་བརྗོད་པའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་རོལ་མོ་རྣམས་ལ་ཡང་ཅི་རིགས་པར་ལྷ་མོ་རྣམས་ཀྱི་རོལ་མོ་དང༌། སྙིང་པོ་དང་རོལ་མོའི་ཚིག་ཏུ་བརྗོད་པ་དང༌། ཡི་གེ་རྣམས་རྗེས་སུ་དཔག་པར་བྱའོ། །ཐལ་མོ་བརྡབ་པ་བསྟན་པ་ཞེས་བྱ་བ་ནི། རྟག་པ་ཞེས་བྱ་བའི་ལམ་གྱི་ཐལ་མོ་བརྡབ་པ་སྟེ། རོལ་མོ་འདི་ནི་རྡོ་རྗེ་སེམས་དཔའི་འོ། །རྒྱུད་ཀྱི་རྔ་བོ་ཆེ་ཞེས་བྱ་བ་ནི། རྣམ་པར་མ་ཆད་པའི་རོལ་མོ་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་བདེ་མཆོག་ལ་སོགས་པའིའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་འཁོར་དང་བཅས་པའིའོ། །ཀོ་ཀོ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའིའོ། །པདྨ་པདྨ་ཞེས་བྱ་བ་ལ་སོགས་པ་ནི་པདྨའི་དབང་ཕྱུག་མ་འཁོར་དང་བཅས་པའིའོ། །ཏྲཾ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཉི་མ་འཁོར་དང་བཅས་པའིའོ། །ཊ་ཀེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྟ་མཆོག་གིའོ། །བསྙེམས་པའི་འགྲོས་སོ་


DTG027_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ལ་སོགས་པ་བཞི་ནི་ཞལ་བཞི་ཉམས་དང་ལྡན་པའི་རྗེས་སུ་འབྲེལ་པ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་སེ་གོལ་གཏོགས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཞེས་བྱ་བ་གསུངས་པའི་གར་གི་ཕྱག་རྒྱ་ཤེས་པའི་གནས་སྐབས་བསྟན་པའི་ཕྱིར། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པའི་སེ་གོལ་བརྡབས་པ་ནི་གཡོན་པའི་ཐལ་མོའི། །ཐལ་མོ་དལ་བུས་བརྡབས་པ་ཞེས་བྱ་བ་ལ་སོགས་པ་ནི་གཡས་དང་གཡོན་གཉིས་དུས་གཅིག་སེ་གོལ་བརྡབས་པ་ནི་འདུས་པ་སྟེ། དེ་ཉིད་ནི་བསྡུ་བ་ཞེས་བྱའོ། །དེ་ལམ་གྱི་ཚུལ་བཞིན་འབྲང་བ་ཞེས་བྱ་བ་ནི། །ཇི་ལྟར་རྟག་པ་ལ་སོགས་པའི་ལམ་བཞི་དང་རྗེས་སུ་མཐུན་པའོ། །རྡོ་རྗེ་དྲག་པོ་ནི་དཔལ་ཧེ་ཀུ་ཀའོ། །ཤཱ་ཀྱ་ཐུབ་པ་ནི་བཞིན་གཤེགས་པའོ། །ཨ་ར་ལོ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའོ། །རྟག་པ་ནི་རྣམ་པར་སྣང་མཛད་དོ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཞེས་པ་ནི། མངོན་པར་བརྩོན་པ་ལ་སོགས་ཏེ། རྣམ་པར་རྒྱུ་བ་དང༌། བསྟན་པ་དང༌། དགའ་བ་ལ་སོགས་པ་ཅི་རིགས་པའི་ཚུལ་གྱིས་གནས་པའི་ཁྱད་པར་འདི་དག་གི་ཉམས་དང་ལྡན་པས་ཉེ་བར་གནས་ཤིང་བྱིན་གྱིས་རློབ་སྟེ། དེ་དང་འདྲ་བའམ། དངོས་པོ་ཐམས་ཅད་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ལ། རང་གི་མཆོད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྐུལ་བས་ན། འདིར་ཡང་དཀྱིལ་འཁོར་བསྡུས་པ་ཡིན་པར་རྗེས་སུ་དཔག་པར་བྱའོ། །དེ་ནི་འདི་སྐད་བསྟན་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྔ་མ་བཞིན་དུ་བྲིས་ལ། དབུས་ཀྱི་རེའུ་ཆ་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བྲི། ཤར་ལ་སོགས་པའི་རེའུ་ཆ་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོའི་འོ། །ཤར་ལྷོ་མཚམས་ཀྱི་རེའུ་ཆ་ལ་དཔལ་རྟ་མཆོག་གིའོ། །ལྷོ་ནུབ་ལ་སོགས་པའོ་རེའུ་ཆ་རྣམས་ལ་རྡོ་རྗེ་གཙོ་བོ་ལ་སོགས་པ་རྣམས་དགོད་དོ། །ཕྱི་རོལ་གྱི་རི་མོ་ནི་ནང་གི་ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་ནི་གླིང་བུ་ལ་སོགས་པའོ། །དེ་བཞིན་དུ་ཕྱི་མཚམས་སུ་ནི་མེ་ཏོག་ལ་སོགས་པའོ། །ཤར་ཕྱོགས་ལ་སོགས་པའོ་སྒོ་རྣམས་སུ་ནི་ལྕགས་ཁྱུ་མ་ལ་སོགས་དགོད་དོ། །དེ་ནས་བསྡུ་བ་ལ་སོགས་པ་བྱ་སྟེ། འཇུག་པ་


DTG027_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པའི་ཆོ་ག་མངོན་པར་རྫོགས་ནས་ཉམས་དང་ལྡན་པས་ཕྱག་རྒྱ་དང༌། ལན་གྱི་ཕྱག་རྒྱ་དང་བཅས་པར་གར་གྱི་མཆོད་པ་བྱའོ། །ཕྱག་རྒྱ་དང་གར་གྱི་མཆོད་པ་བསྟན་པའི་ཕྱིར། །ཕྱག་རྒྱའི་སྦྱོར་བ་ལ་སོགས་པ་གསུངས་ཏེ། འདི་དག་གི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །རང་གི་མཆོད་པ་ཞེས་བྱ་བ་ནི་རང་གི་ཕྱག་རྒྱ་ཆེན་པོའི་མཆོད་པའོ། །ཕྱག་རྒྱ་ཕྱག་རྒྱའི་ལན་རྣམས་དང༌། །ཞེས་བྱ་བ་ལ་སོགས་པ་ནི། །རྒོལ་བ་དང་སླར་རྒོལ་བ་ལ་སོགས་པ་དང་འབྲེལ་བའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་སོ། །ཇི་ལྟར་རབ་ཏུ་སྦྱར་ཞེ་ན། ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་གྱི་སློབ་དཔོན་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་ནོ། །ཀུན་འབྱུང་ལ་སོགས་སྦྱོར་བ་ཡིས། །ཞེས་པ་ནི་སྔར་བཤད་ཟིན་ཏོ། །གར་བྱས་ཏེ་གར་རྩོམ་པར་བྱེད་པས་བདག་ཉིད་ཇི་སྲིད་དུ་ཀུན་དུ་སྣ་ཚོགས་སྐལ་བཟང་པོ་སྟེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང་འདྲ་བར་འགྱུར་བའོ། །རྒོལ་བ་ནི་སློབ་དཔོན་གྱི་ལུས་ལས་བྱུང་བ་སྟེ། དེས་སངས་རྒྱས་ཐམས་ཅད་འབྱུང་བར་འགྱུར་བ་ནི་རྣམ་པར་སྣང་མཛད་ཕྱག་རྒྱ་ཆེན་པོར་རབ་ཏུ་བསྟན་པའོ། །སླར་རྒོལ་བ་ནི་སློབ་དཔོན་ཏེ། རྡོ་རྗེ་འཛིན་པ་ཆེན་པོའི་བསྒྱུར་ཞེས་པའམ། །དཔལ་ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོར་རོ། །རང་གི་འབྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ། །དེ་བཞིན་དུ་ལྷ་མོ་ཐམས་ཅད་ཀྱི་སྦྱོར་བ་ལ་ཅི་རིགས་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་གླུའི། །ལ་ལར་དྲི་མེད་ཅེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའི་སྒོ་ནས་བསྐུལ་བའོ། །ལ་ལར་རབ་ཏུ་འཇིགས་པའི་ཞེས་བྱ་བ་ལ་སོགས་པས་ནི། དཔལ་ཧེ་རུ་ཀའི་སྒོ་ནས་སོ། །ལ་ལར་མདངས་བཟངས་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་སོ། །ལ་ལར་འགྲོ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་པདྨ་གར་གྱི་དབང་ཕྱུག་གི་སྒོ་ནས་སོ། །གསུང་མཆོག་ཏུ་ལྡན་པར་སྟོན་ཞེས་བྱ་བ་འདི་དག་ནི་རྡོ་རྗེ་ཉི་མའི་སྒོ་ནས་སོ། །རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་ནི་རྟ་མཆོག་གི་སྒོ་ནས་སོ། །ལྷ་མོ་རྣམས་ཀྱི་གླུ་བསྟན་པའི་ཕྱིར། རྣམ་པ་མང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམ་པ་མང་པོ་གདུལ་བའི་ཕྱིར། །གང་གི་ཚུལ་


DTG027_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ནི་རྣམ་པ་མང་པོ་གདུལ་བར་མཛད་པའི་ཚུལ་ཏེ། རྣམ་པར་སེལ་བ་ལ་སོགས་པའི་བྱ་བ་ལ་རབ་ཏུ་སྦྱོར་བ་དེས་གར་མཛད་པའོ། །དེ་ལ་དག་པའི་གར་ནི་པདྨའི་དམ་ཚིག་སྟེ། གར་གི་དབང་ཕྱུག་སངས་རྒྱས་ཁྱེད་རྣམས་གར་མཁན་ཡིན་པས་གར་མཛོད་ཅིག་པའོ། །རྣམ་པ་མང་པོའི་བདེ་བའི་མཆོག་གི་རབ་ཏུ་གར་མཛད་པས་དེ་ལས་ཐར་པ་རྣམས་ཉོན་མོངས་པ་མེད་པ་ཐོབ་པར་འགྱུར་བས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་སོ་སོའི་རྡོ་རྗེའི་གླུའི་མཆོད་པའི་ཕྱག་རྒྱས་ཤེས་པ་བསྟན་པའི་ཕྱིར། རབ་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་དགའ་བ་ནི་རྡོ་རྗེ་སེམས་དཔའོ། །རྗེས་སུ་ཆགས་པ་ནི་དེ་ལ་དགའ་བའོ། །དེ་ཉིད་ནི་མདའ་དང་གཞུ་ཡིན་ལ་རབ་ཏུ་ཕྲ་བའི་ཕྱིར་ཕྱག་རྒྱ་དེ་གཉིས་ཀྱི་ཕྲ་བའི་རྒྱས་བཏབ་པ་སྟེ། དེ་ནི་བདེ་བའི་མཆོག་གི་ངོ་བོས་སོ། །རབ་ཏུ་དགའ་བས་སྦྱོར་བ་ཡི། །ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་སྟེ། དེས་བདེ་བས་ན་དེས་མྱོས་པར་འགྱུར་བའི་ཕྱིར། རབ་ཏུ་དགའ་བར་སྦྱོར་བའི་བདེ་བས་མྱོས་པའི་ཞེས་བྱ་བ་སྟེ། ཨེ་མ་བདེ་བའི་སྒོ་ནས་དེ་ལ་བོད་པའོ། །རབ་ཏུ་བདེ་མཆོག་ཅེས་ལ་རབ་ཏུ་བདེ་བའི་མཆོག་གི་རྣམ་པ་སྣ་ཚོགས་པས་རྣམ་པར་རྒྱལ་བས་ན། དེའི་ཕྱིར་རྒྱལ་མཚན་བསྒྲེང་བའི་ཏོག་ཅན་གང་ཡིན་པ་སྟེ། སྒྲོལ་མའི་སྤྲུལ་བ་དེ་ནི་རབ་ཏུ་བདེ་བའི་མཆོག་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་བ་སྟེ། །དེའི་ཉེ་བར་ལོངས་སྤྱོད་པའོ། །རབ་ཏུ་དགའ་བའི་ཞེས་བྱ་བ་ལ་སོགས་པ་ནི། ཤི་ཤི་སྒོ་ནས་བསྐུལ་བ་སྟེ། རབ་ཏུ་དགའ་བའི་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །ཀྱི་ཞེས་བྱ་བ་ལ་སོགས་པ་ནི་བདེ་བའི་མཆོག་ལ་སོགས་པའི་བདེ་བས་མཆོག་གྲུབ་པར་མཛོད་ཅིག་པའོ། །ཀྱེ་མའོ་བདེ་བ་ཞེས་པ་ནི་བྷ་ག་དང་ལིང་གའི་ཕྱག་རྒྱའི་བདག་ཉིད་དོ། །ཨེ་མའོ་བདེ་བའོ་ཞེས་བྱ་བ་ནི་ལྷ་མོས་བདེ་བ་སྩོལ་ཅིག་པ་དང༌། སྒྲོལ་མས་སྣང་བར་མཛོད་ལ་བདག་ལ་བདེ་བ་སྩོལ་ཅིག་པ་ནི་ལྷག་མའོ། །ཨེ་མའོ་ཤི་ཤི་ཞུགས་ཤིག་པ་ནི་ཤིན་ཏུ་མྱུར་བའི་མཁའ་འགྲོ་མ་བདེ་བའི་མཆོག་ཏུ་ཞུགས་པའོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་འཁོར་དང་བཅས་


DTG027_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའིའོ། །དེ་བཞིན་དུ་ཧཱུཾ་རྡོ་རྗེ་ལས་ཀྱི་མདའ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའིའོ། །ཞལ་བཞིས་སྒོ་ནས་བསྐུལ་བའི་གླུ་ལ་རབ་ཏུ་གྲག་ཅིང་ཞེས་བྱ་བ་ལ་སོགས་པ་ནི་ཞལ་དྲག་པོའི་སྒོ་ནས་ཏེ། པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའིའོ། །འགྲོ་བ་མཐའ་ཡས་ཞེས་བྱ་བ་ལ་སོགས་པ་ནི་རྒྱབ་ཀྱི་དཔའ་བོའི་ཞལ་གྱི་སྒོ་ནས་སོ། །ལ་ལར་རབ་ཏུ་ངེས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་གཡོན་གྱི་ཞི་བའི་ཞལ་གྱི་སྒོ་ནས་སོ། །ལ་ལར་རབ་ཏུ་འབར་བའི་ཞེས་བྱ་བ་ལ་སོགས་པ་ནི་དང་པོའི་སྒེག་པའི་ཞལ་གྱི་སྒོ་ནས་སོ། ཐམས་ཅད་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་ནི། བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་མོ་བཞིའི་སྒོ་ནས་བསྐུལ་བའི་གླུ་སྟེ། རྡོ་རྗེ་ཉི་མའི་འོ། །ལ་ལར་མཁས་པའི་ཞེས་བྱ་བ་ལ་སོགས་པ་ནི། རྟ་མཆོག་ཞལ་བཞིའི་སྒོ་ནས་བསྐུལ་བའོ། །མཆོད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་བ་ཉེ་བར་བསྟན་པའི་ཕྱིར། །མེ་ཏོག་དཀར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྗང་གུ་ཞེས་བྱ་བ་ནི་ཁ་དོག་ལྗང་བའོ། །སྔ་མ་བཞིན་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པའི་ཁ་དོག་ཅན་གྱི་མེ་ཏོག་དང་འདྲའོ། །རིམ་པ་འདི་ཉིད་ཀྱིས་མཚོན་དགྱེ་བའི་གོ་རིམས་ལ་ཡང་བལྟ་བར་བྱའོ། །ཁམས་ལས་བྱུང་བ་ནི་ཁམས་བྱུང་རྣམས་ཀྱང་མེ་ཏོག་གི་རང་བཞིན་དྲི་ཞིམ་པར་བྱས་པའོ། །སྔ་མ་བཞིན་ཞེས་བྱ་བས་ནི་བཅོས་མ་མ་ཡིན་པ་དང་འདྲའོ། །ཙནྡན་གཉིས་ནི་དཀར་པོ་དང༌། དམར་པོའི་བདག་ཉིད་དོ། །གན་ད་ནི་གན་ད་ར་སའོ། །རོ་དྷི་ནི་རྡོ་དྲེག་གོ །སྲྫ་ནི་ར་སའོ། །སེང་ལྡེང་བུ་རམ་ཞེས་བྱ་བ་ནི། །སེང་ལྡེང་དང་བསྐོལ་ཏེ་རི་ལུ་བྱས་པའོ། །ཀ་བི་ཙ་བཅས་ཞེས་བྱ་བ་ནི་རྩྣྡན་དང་ཏུ་རུ་སྐར་བཅས་པའོ། །རྡོ་རྗེ་ཅན་ལ་ཞེས་བྱ་བ་ནི་རྟ་མཆོག་ཅན་ནོ། །གཏོར་མའི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། །སྒེག་མོ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒེག་མོ་ནི་འབྲུ་ཆང་ངོ༌། །ན་ཆུང་སྦྲང་རྩིའི་ཆང་ངོ༌། །མྱོང་དང་ནི་བུ་ར་མ་ཆང་ངོ༌། །བདུད་རྩི་ནི་རྐུན་ཆང་ངོ༌། །གཅིག་ཕུ་དཔའ་བ་ནི་རྒུན་ཆུའི་བཏུང་བའོ། །འདོད་ཆགས་སྲི་ནི་ཚའོ། །གཡོན་ཅན་ནི་སྐྱུར་པོ་དུས་རིང་དུ་ལོན་པའོ། །བྲན་མོ་ནི་སྐྱུར་པོ་ཡུན་ཐུང་དུ་ལོན་པའོ། །ཕྱུགས་ཆེན་པོ་ནི་སྐྱེས་བུ་ཕྱུགས་ཆེན་ནོ། །རྡོ་རྗེ་ལས་ནི་ཧེ་རུ་


DTG027_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀའོ། །ཐང་པ་ཞེས་བྱ་བ་ནི་ཐང་གི་ཕྱོགས་ནས་བྱུང་བའོ། །ཤའི་མཆོག་ཅེས་བྱ་བ་ནི། ཤའི་མཆོག་དག་གོ །ཕྱག་རྒྱས་དབང་བསྐུར་བའི་ཕྱག་རྒྱ་ཤེས་པ་དག་ཉེ་པར་བསྟན་པའི་ཕྱིར། མཐེ་བོ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐལ་མོ་སྦྱར་ལ་མཐེ་བོང་གཡོན་པ་གཡས་པས་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་དུ་མནན་ལ་མཛུབ་མོ་གཉིས་བཀུག་སྟེ་གུང་མོ་གཉིས་མཉམ་པར་སྦྱར་ལ་ཚིགས་གཉིས་པར་ལྕགས་ཀྱུའི་ཚུལ་དུ་གཞག་སོར་མོ་ལྷག་མ་རྡོ་རྗེ་ཐལ་མོའི་ཚུལ་དུ་གཞག་གོ །སངས་རྒྱས་རིན་ཆེན་ཕྱག་རྒྱ་འདི་ནི་སྤྱི་བོར་ནི་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དཔྲལ་བའི་སྟེང་དུ་མི་བསྐྱོད་པ། སྐུ་མདོག་དཀར་པོས་གནོན་གྱི་ཕྱག་རྒྱ་ཅན་གྱིས་བརྒྱན་པ། གཡས་སུ་རིན་ཆེན་འབྱུང་ལྡན་བཻཌཱུ་རྒྱའི་མདོག་ཅན་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པ། རྒྱབ་ཏུ་འོད་དཔག་མེད་གསེར་བཙོ་མའི་མདོག་ཅན་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་ལྡན་པ། གཡོན་དུ་དོན་ཡོན་གྲུབ་པ་སྐུ་མདོག་ལྗང་གུ་མའི་འཇིགས་པ་རབ་ཏུ་སྩོལ་པ་བསྐྱེད་ལ། ཨོཾ་ཨ་བྷི་ཥིཉྩ་མའཾ་ཞེས་བརྗོད་ལ་དབང་བསྐུར་ཏེ། ད་ར་དཔྱངས་ཀྱི་མཐའ་ཡང་བ་ལྟར་བྱས་པ་སྔོན་དུ་འགྲོ་བས་འགྱིང་ཞིང་མཐའ་ནས་དགྲོལ་བ་བྱས་ལ་ཐལ་མོས་བརྟན་པར་བྱའོ། །སེར་མོ་ཐམས་ཅད་ནང་དུ་བསྣོལ། །ཞེས་བྱ་བ་ནི་བཅིང་བ་ནང་དུ་བྱས་པ་ལ་སོར་མོ་ཐམས་ཅད་ནང་དུ་བསྣོལ་བའོ། །སོར་མོའི་རྩེ་མོ་ཀུན་སྤྲད་ནས། ཞེས་བྱ་བ་ནི་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ཕན་ཚུན་བསྣོལ་བའི་ངོས་སྦྱར་བའོ། །མཐེ་བོང་རྡོ་རྗེ་མནན་པ་ནི། །ཞེས་བྱ་བ་ནི་རྡོ་རྗེར་བྱས་པའི་མཐེ་བོས་སྟེང་ནས་མནན་པའོ། །སྣ་དང་མིག་སྦུབས་ལྟ་བུ་སྟེ། །ཞེས་བྱ་བ་ནི་སྣ་དང་མིག་གི་སྦུབས་ཀྱི་བུ་ག་འདྲ་བའོ། །འདི་ལ་ཡང་ཧཱུཾ་ཨ་བྷིཥི་ཉྩ་མའཾ། །ཞེས་བྱ་བས་དབང་བསྐུར་ལ་ཐལ་མོའི་མཐར་ཐུག་གི་བར་དུའོ། །ཕྱག་རྒྱ་གཉིས་པོ་དེ་དག་ནི་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་འོ། །རྡོ་རྗེ་ཐལ་མོ་བཅིངས་ནས་རྡོ་རྗེ་རིན་པོ་ཆེ་བྱ་བ་ནི་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་སྟེ། ཨ་བྷི་ཥིཉྩ་མའཾ། ཞེས་བྱ་བ་དང་སྦྱར་རོ། །དཔལ་ཧེ་རུ་ཀའི་རྡོ་རྗེ་རང་གི་སྙིང་གར་བྱ་བ་སྔོན་དུ་འགྲོ་བ་སྟེ། ཨ་བྷི་ཥིཉྩ་མའཾ་ཞེས་བྱ་བས་དབང་བསྐུར་རོ། །


DTG027_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་པ་ཡང་ཐོད་པའི་ཕྲེང་བ་ཅོད་པན་གྱི་ཕྱག་རྒྱ་རྡོ་རྗེ་སེམས་དཔའ་དང་འབྲེལ་བ་སྟེ། དཔལ་རྡོ་རྗེ་སེམས་དཔའ་པདྨའི་ནོར་བུ་ཆེའི་དབུ་རྒྱན་ཞེས་བྱ་བ་འདིའི་མིང་གི་རྣམ་པའོ། །རང་གི་སྙིང་པོ་ལ་ཨ་བྷིཥིཉྩ་མའཾ། ཞེས་བྱ་བས་དབང་བསྐུར་རོ། །མཐེ་བོང་དང་དཔའ་བོའི་སྐྱིལ་མོ་ཀྲུང༌། ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་སྦྱར་བ་བྱས་ལ་མཐེ་བོང་བཅིང་པ་བྱས་ཏེ། ལྷག་མ་རྣམས་ནི་སྔ་མ་བཞིན་གཞག་གོ །འདི་ཞེས་པ་ནི་ཨ་བྷི་ཥིཉྩ་མའཾ་ཞེས་པདྨའི་དབང་ཕྱུག་འཁོར་དང་བཅས་པས་དབང་བསྐུར་རོ། །རྡོ་རྗེ་ཐལ་མོ་མཉམ་བར་སྦྱར་ལ་མཐེ་བོང་གཉིས་མཉམ་པར་བྱས་པ་བརྐྱང་ལ་མཛུབ་མོ་བསྙམས་ཏེ་རྩེ་མོ་བཀུག་ལ་མཐེ་བོང་གི་རྩེ་མོ་དང་སྤྱར་ཏེ། རིན་པོ་ཆེར་བྱས་པ་ནི་དཔལ་རྡོ་རྗེ་ནོར་བུའི་ཕྱག་རྒྱ་བྱ་སྟེ། རྡོ་རྗེ་ཉི་མ་འཁོར་དང་བཅས་པ་སྟེ། འདི་དང་ཨ་བྷི་ཥིཉྩ་ཞེས་བྱ་བ་དང་དབང་བསྐུར་རོ། །སངས་རྒྱས་རིན་ཆེན་ཞེས་བྱ་བ་ནི་ཅོད་པ་ན་ལྔ་པ་རྡོ་རྗེ་སེམས་དཔའ་དང་འབྲེལ་བའོ། རྣམ་པར་སྣང་མཛད་ཀྱི་ཡང་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་སྟེ། །སངས་རྒྱས་རིན་པོ་ཆེར་བྱས་པའོ། །རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་རྡོ་རྗེའི་ཕྱག་རྒྱའོ། །པདྨ་དམར་པོ་ཞེས་བྱ་བ་ནི་པདྨ་གར་གྱི་དབང་ཕྱུག་རྒྱའོ། །རྡོ་རྗེ་རིན་ཆེན་ཆེན་པོ་ཞེས་བྱ་བ་ནི། རྡོ་རྗེ་ཉི་མའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་དག་ཐམས་ཅད་ལ་ཡང་རྟ་མཆོག་གི་སྙིང་པོས་དབང་བསྐུར་རོ། །ད་ནི་སྙིང་གའི་ཟླ་བ་ལ་གནས་པའི་རྡོ་རྗེ་ལ་སོགས་པ་སེམས་ཀྱི་གསང་བ་བསྐུལ་བའི་རྡོ་རྗེ་ཕྱག་རྒྱ་བསྟན་པའི་ཕྱིར། །སོར་མོ་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བསམས་པ་ཞེས་བྱ་བའི་གཡོན་པ་མཛུབ་མོ་དང་མཐེ་བོང་གཉིས་མངལ་དུ་བྱས་ལ། དེར་གཡས་པའི་མཐེ་བོང་མཚན་བཅུག་ལ་བསྡམས་པ་འདི་ནི་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་སྐུའི་གསང་བ་བསྐུལ་བར་བྱེད་པའོ། །དགའ་བའི་རྡོ་རྗེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་དགའ་ཆེན་དཔལ་གྱི་རྡོ་རྗེ་ཉིད་དོ། །གུང་མོ་བཅིངས་པའི་ནང་དུ་གཞུག །ཅེས་བྱ་བ་ནི། རྡོ་རྗེ་བཅིང་པའི་ནང་དུ་ཕན་ཚུན་བསྒྱེལ་ནས་གཞག་པའི་ནང་དུའོ། །མཐེ་བོང་མཐེ་ཆུང་མོ་ཅན། །ཞེས་བྱ་བ་ནི་མཐེའུ་ཆུང་དང་མཐེ་བོང་གཉིས་སྦྱར་བ་བྱས་པའོ། །འདི་ནི་རྡོ་རྗེ་ཕྱག་རྒྱ་སྟེ། རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་


DTG027_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཀྱི་གསང་བ་སྐུལ་བར་བྱེད་པའོ། །དེ་ལས་ཞེས་བྱ་བ་ནི་དགའ་བ་ཆེན་པོ་བདེ་བའི་རྡོ་རྗེ་ལས་སོ། །དེ་ལས་གུང་མོ་གཉིས་ལྕགས་ཀྱུར་བྱས་ལ། སྙིང་གར་བསྟོད་པ་ནི་ཡང་བཅོམ་ལྡན་འདས་དེ་ཉིད་འཁོར་དང་བཅས་པའིའོ། །གསང་བའི་དམ་ཚིག་རྡོ་རྗེའི་འཁོར་ལོ་རྣམས་ནི་རྣམ་པར་སྣང་མཛད་འཁོར་དང་པའིའོ། །རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བ་ནི་བཤད་མ་ཐག་པ་དེ་ཉིད་དོ། །ཡང་དག་པར་བྱས་པ་ནི་གཅིག་ལ་གཅིག་མཐིལ་སྤྲད་པ་སྟེ། ཡི་གེ་ཨ་བརྗོད་ལ་སྤྱོད་པ་འདི་ནི་གཞུག་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་སྔར་བཤད་མ་ཐག་པའོ། །གུང་མོ་དེ་བཞིན་བཀུག་ནས་ནི། །ཞེས་བྱ་བ་ནི། གུང་མོ་ནམ་མཁའ་རྡོ་རྗེ་མཆོག །ཅེས་བྱ་བ་ནི་གུང་མོ་དེ་བཞིན་དུ་བཀུག་པ་བྱས་ལ་རབ་ཏུ་ནམ་མཁའ་ཇི་ལྟར་འགྱུར་རོ། མཐེ་བོའི་རྩེ་མོ་དེ་བཞིན་མཉམ་པ་ནི་མཐེ་བ་གཉིས་ཕན་ཚུན་བཅེར་ནས་སྦྱར་བའོ། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག། ཅེས་བྱ་བ་ནི། པདྨ་འདྲ་བར་མཛུབ་མོ་བཀུག་པ་སྟེ། འདི་ནི་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི། །རྡོ་རྗེ་པདྨ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །མཐེའུ་ཆུང་བ་བསྙམས་པའི་རྩེ་མོ་མདེའུ་ཞེས་བྱ་བ་ནི། མཐེའུ་ཆུང་གཉིས་ལེགས་པར་སྦྱར་བའོ། །རྡོ་རྗེ་མདའ་ནི་ཡོངས་སུ་འཕངས། །ཞེས་བྱ་བ་ནི་མདའ་འཕེན་པའི་ཚུལ་དུ་བྱས་པ་སྟེ། འདི་ནི་རྡོ་རྗེ་ཉི་མ་འཁོར་དང་བཅས་པའིའོ། །རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའོ། །གུང་མོ་བཅིངས་པའི་ཕྱི་རོལ་གཞག །ཅེས་བྱ་བ་ནི། གུང་མོ་གཉིས་ཕྱི་རོལ་དུ་ལེགས་པར་སྦྱར་བ་ནི་རྟ་མཆོག་གི་ཕྱག་རྒྱའོ། །བསྟོད་པ་དང་བཅས་པའི་མིང་གི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། ཨཱ་ལི་ཀའི་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་ཡི་གེའི་ཕྲེང་ངོ༌། །མཉམ་པ་ནི་མཚུངས་པའོ། །ཁ་ཡི་ཐད་ཀར་མདུད་པར་བྱ། །ཞེས་བྱ་བ་ནི། །ཇི་ལྟར་རང་གི་ཡི་གེ་རྣམས་རྣམ་པ་སྣ་ཚོགས་པ་རྟོག་པ་བཞིན་དུ། །དེའི་ཁར་དེར་ཡི་གེ་ཧྲའིཿ་ལ་སོགས་པའི་ཡི་གེ་ཐམས་ཅད་དགོད་ཅིང་བྲི་བར་བྱའོ། །གུག་སྐྱེད་ཐམས་ཅད་ནི་ལྕུག་མའི་འདབ་ཀྱི་རྣམ་པར་བྱའོ། །ཡི་གེ་ཡང་གང་དུ་བྲིས་པར་གྱུར་པར་ཡི་གེ་ར་ནི་མྱུར་གུར་བྱའོ། །ཀླད་ཀོར་དུ་གནས་པའི་སྙིང་པོ་ནི་ཉི་ཟླའོ།


DTG027_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚེག་དྲག་གཉིས་ནི་ཟླ་བ་གཉིས་སུ་བྱས་ཏེ། ཡི་གེ་བྲི་བ་འདིས། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་མིང་ཙམ་བྲིས་པས་ཀྱང་སྡིག་བ་ཀུན་ལས་ཐར་བར་འགྱུར་ཞིང་བདེ་བ་ཐམས་ཅད་ལས་སྦྱོར་བར་འགྱུར་རོ། །ལ་ལ་ན་རེ་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི། ཨ་ལ་སོགས་པའི་ཡི་གེའི་ཕྲེང་སྟེ། རིང་པོ་དང་ཐུང་དུ་ལ་སོགས་པའི་བྱེ་བྲག་གིས་མཉམ་པོ་གཉིས་ས་སུ་བྱས་ལ། ཡི་གེ་ཨ་ཡི་གེ་པའི་ཁའི་ཐད་ཀར་རི་མོས་མདུད་པར་བྱས་ནས། འོག་གི་ཨ་ལ་སོགས་པ་རིང་པོ་དང་ཐུང་དུ་ལ་སོགས་པའི་རིམ་པས་ཕྱིས་རི་མོ་རྣམས་ཀྱིས་ཡོངས་སུ་མདུད་པར་བྱའོ། །ཡི་གེ་ཐམས་ཅད་དགོད་པར་བྱ། །ཞེས་བྱ་བ་ནི། ཀ་ལ་སོགས་པའི་ཡི་གེ་རྣམས་ཀྱང་བཀུག་ནས་འོད་ཟེར་གྱི་རྣམ་པ་ལྟ་བུ་སྤྲོས་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །གུག་སྐྱེད་དག་གིས་ལྕུག་མ་ལ་བྱ་ཞེས་བྱ་བ་ནི་གུག་སྐྱེད་ནི་ཤེས་རབ་ལྕུག་མ་ནི་སྙིང་རྗེ་སྟེ། ཟླ་བ་ཕྱེད་དང་བཅས་པ་ནི་ཀླད་ཀོར་དང་བཅས་པའི་ར་ནི། །འདིར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བསམ་མོ་ཞེས་རྟོགས་པར་བྱེད་དོ། །གང་ཡང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཡི་གེ་རའི་མེས་ཞུ་བར་གྱུར་ནས་སྣ་ཚོགས་པདྨ་ལ་གནས་པའི་དཀྱིལ་འཁོར་རྫོགས་པར་བྱས་ལ་ཀ་ལ་སོགས་པའི་འོད་ཟེར་དང་བཅས་པ་འདིར་གཞག་པས་སྣ་ཚོགས་པ་བསྐྱེད་ཅིང་སྤྲོ་བ་དང་བསྡུས་བ་ལ་སོགས་པ་ཅི་ལྟ་བ་བཞིན་དུ་བྱའོ། །དེ་ལྟར་བཤད་པ་ལ་སོགས་པ་དེ་དག་ཀྱང་རྣམ་པར་རྟོག་པ་ཙམ་སྟེ། ནང་དུ་ཡི་གེ་བྲི་བའི་གནས་སྐབས་ནི་མ་ཡིན་ཏེ། བསྟོད་པ་དང་བཅས་པའི་མིང་གི་དབང་དུ་བྱས་པའི་དོན་དང་འབྲེལ་པ་མ་ཡིན་ནོ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་ཞེ་བྱ་བ་ནི་རིམ་གྱིས་བཤད་པའོ། །རབ་ཏུ་ཆགས་པ་ཞེས་བྱ་བ་ནི་ཆགས་པའི་སྒྲས་མཚན་པའོ། །མཚན་བྲིས་ན་ནི་ཞེས་བྱ་བས་ནི་མཚན་གྱི་མཆོག་ཇི་ལྟ་བ་བཞིན་དུ་དེ་རྣམས་ཀྱིས་བྲིས་བ་དང༌། དེ་བཞིན་དུ་བརྗོད་པ་དང༌། བསྒྲུབ་པའི་བར་གྱི་བསོད་ནམས་ཀྱང་ངོ༌། །བྲི་བ་དང་གདོན་པར་བྱེད་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། དཀྱིལ་འཁོར་དུ་མིང་གིས་བསང་བསྐུར་བའི་ཚེ་ཡང་དཔལ་གྱི་སྒྲས་མཚན་པར་བྱའོ་ཞེས་བསྟན་པའི་ཕྱིར་ལྷག་པའི་ལྷ་ནི་ཞེས་བྱ་བ་ལ་སོགས་


DTG027_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་གསུངས་སོ། །ལྷག་པའི་ལྷ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེའི་མཚན་ཞེས་བྱ་བ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་དཔལ་གྱིས་གས་མཚན་པར་བྱས་ཏེ། རྡོ་རྗེ་མིང་གིས་དབང་བསྐུར་བར་བྱའོ་ཞེས་བའོ། །དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་མིང་རྣམས་དང་ཡོན་ལེན་པ་སྔོན་དུ་འགྲོ་བས་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་བསྐུར་བའི་ཕྱག་རྒྱ་བཅིངས་ལ། །ཨོཾ་འདི་ལྟར་ང་ཡིས་ལུང་བསྟན་ཏེ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ངན་འགྲོ་རྣམས་ལས་ཡོངས་བཟླས་ལ། །ཤིན་ཏུ་སྲིད་པ་སྒྲུབ་པ་པོ། །ཀྱེ་ཆེ་གེ་མོ་ཞེས་བྱ་བ་ནི་རྡོ་རྗེ་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་ཏྲཾ་བྷུར་བྷུར་བ་སྭཿ། ཞེས་བརྗོད་པར་བྱའོ། །མི་སྨྲ་བ་ལས་མོས་པ་རྣམས་ཀྱིས་བཟླས་བརྗོད་ཀྱི་དུས་སུ་བརྡའི་ཐ་སྙད་བྱ་བའི་དོན་དུ་བརྡའི་ཕྱག་རྒྱ་ཤེས་པ་ཉེ་བར་བསྟན་པའི་ཕྱིར། །སྤྱི་བོར་ཉུག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨིན་མ་གཡས་པ་བསྐུལ་བ་ནི་ནམ་མཁར་འགྲོ་བ་གྲུབ་པོ་ཞེས་སྟོན་པ་ཡིན་ནོ། །གཡོན་པས་རྣམ་པར་རྒྱལ་བའི་མཆོག་ནི་དངོས་གྲུབ་རབ་ཏུ་གྲུབ་པར་རོ། །ཡང་མིག་གཡོན་པ་བསྐུལ་བ་ནི་བུད་མེད་བཟང་མོ་ཡིན་ནོ་ཞེས་བ་དང༌། གཡས་པས་ནི་སྐྱེས་པ་བཟང་པོའིའོ་ཞེས་སྟོན་ཏོ། །རྣ་བ་གཡས་པ་ལ་རེག་པས་ནི་ཤ་ཞེས་ཟེར་བ་ཡིན་ལ། གཡོན་པས་ནི་ཆང་ཞེས་ཟེར་བ་ཡིན་ནོ། མ་མཆུ་གཡོན་པ་ནི་གནོན་པ་ནི་བདེ་བ་ལ་རེག་པ་ཞེས་པའོ། །ལྐོག་མ་ལ་རེག་པ་ནི་རྟོག་པ་ཐམས་ཅད་སྨྲ་བའི་མཆོག་སྟེ། རྟོག་པ་ཐམས་ཅད་སྨྲ་ཞིང་ཐེག་པ་ཆེན་པོ་བླ་ན་མེད་པ་ཞེས་བྱ་བ་སྟོན་པ་ཡིན་ནོ། །སྙིང་གར་གྱེན་དུ་འདྲེན་མ་ནི་རྡོ་རྗེ་ཐམས་ཅད་གྱེན་དུ་འདྲེན་པའོ། །འཁོར་བ་ཤིན་ཏུ་སྡུད་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡོངས་སུ་འཛིན་པ་ཉིད་དུ་སྨྲ་བ་ཡིན་ནོ། །ལྟེ་བ་ལ་རེག་པས་ཉིད་བུ་མའི་ལམ་ལ་ནན་ཏན་དུ་བསྒྲུབས་པས་ཆོས་ཀྱི་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་ཡིན་ནོ། །རང་གི་དབང་པོ་ཞེས་བྱ་བ་ནི་སྐྱེས་བའི་སྒྲེང་བར་བྱེད་པ་ནི་བདེ་ཞིང་བདེ་བས་སངས་རྒྱས་ཀྱི་བྱང་ཆུབ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གཡས་པ་ནི་བསྟོད་པ་དང་དགུག་པའོ། །གཡོན་པ་ནི་སླར་གཏོང་པའོ། དབུང་བ་གཡས་པས་ཡོངས་སུ་འཁྱུད་པ་ནི་ཐམས་ཅད་གྲུབ་པ་ཡིན་ཞེས་སྨྲ་བ་ཡིན་


DTG027_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། གཡོན་པས་ནི་དབང་ཕྱུག་ཐམས་ཅད་གྲུབ་པ་ཡིན་ནོ་ཞེས་སྨྲ་བ་ཡིན་ནོ། །ལག་པ་གཡས་པའི་ཁུ་ཚུར་བཅངས་པ་ནི་རྒྱས་ཐོབ་ཤིག་པའི་ཚུལ་ལོ། །གཡོན་པ་བཀྲོལ་བ་ནི་ཐང་ཤིང་པའོ། །བརླ་གཡོན་པ་རབ་ཏུ་བརྡབས་པས་ནི་འདོད་པ་ཆེན་པོ་ལ་ཤིན་ཏུ་བརྩོན་པ་ཡིན་ལ་གཡས་པས་ནི་ཆོས་ལ་བརྩོན་པར་སྟོན་པ་ཡིན་ནོ། །པུས་མོའི་ལྷ་ད་གཡོན་པ་ལ་བརྡབས་པ་ནི་མདུད་པ་ཡིན་ལ། གཡས་པས་ཕྱག་འཚལ་བ་སྟོན་པ་ཡིན་ནོ། །དབྱིག་པ་གཡས་པ་རབ་ཏུ་བརྡབས་པ་ནི་རྒྱས་འདེབས་པའོ། །གཡོན་པས་ནི་གྲོལ་ཞིག་པར་སྟོན་པ་ཡིན་ནོ། །རྐང་བ་གཡོན་པས་ས་གནོན་པ་ནི་ནོན་ཅིག་པའོ། །གཡས་པ་ནི་རབ་ཏུ་ཆོམས་ཤིང་པར་སྟོན་པ་ཡིན་ནོ། །བརྡའི་ཕྱག་རྒྱ་འདི་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བ་དང་ལྡན་པས་ཇི་ལྟར་རང་གི་བརྡས་བརྟགས་པ་རྣམ་མཁར་འགྲོ་བ་ལ་སོགས་པ་འགྲུབ་ཅིང་རྫོགས་པར་འགྱུར་ཏེ། ཕྱག་རྒྱའི་སྦྱོར་བ་དེ་རྣམས་ཀྱི་ཐ་སྙད་དུ་བྱེད་བཞིན་པ་དེ་ཡིས་ནི་མི་འགྲུབ་ཅིང་མངོན་དུ་མི་འགྱུར་བ་ཡང་མེད་དོ། །དངོས་གྲུབ་བསླངས་བ་ལ་སོགས་པའི་ཕྱག་རྒྱ་འདེབས་པ་དང༌། སངས་རྒྱས་ཀྱི་བྱང་ཆུབ་ཐམས་ཅད་ལ་སོགས་པའི་བདེ་བ་ཅི་ཡོད་པ་དང༌། རང་གི་དོན་གྱི་ལམ་དེ་དག་ལ་སོགས་པ་དེ་རབ་ཏུ་འགྲུབ་ཅིང༌། དེ་རྣམས་རྫོགས་བ་ཁོ་ནར་འགྱུར་རོ། །རྒྱུད་ཀྱི་དོན་རྣམ་པར་དབྱེ་བའི་ཕྱིར་དང༌། དཀྱིལ་འཁོར་ལ་སོགས་པ་ལ་ཡང་གསང་བའི་སྐད་དུ་སྨྲ་བའི་དོན་དུ་སྒྲའི་རྣམ་གངས་ཀྱི་བརྡའི་མིང་བསྟན་པའི་ཕྱིར། །ཨོཾ་ཨཱདྷི་བྷུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ཨཱ་དྷི་བྷུ་ཞེས་བྱ་བ་ལ་ཕྱག་འཚལ་བའི་ཕྱིར་རོ། །དེ་ལ་ལན་གྱི་སྒྲ་ནི་སླར་སྨྲ་བ་སྟེ། ལན་དུ་ཕྱག་འཚལ་བའི་ཚིག་བརྗོད་པའོ། །སེམས་དཔའ་སྔོན་དང་མཐའ་མེད་པ། །ཞེས་བྱ་བ་སོགས་པས་ནི་རྡོ་རྗེ་སེམས་དཔའི་རྣམ་གྲངས་གསུངས་པ་སྟེ། སྔོན་དང་མཐའ་མེད་པ་ཞེས་བྱ་བ་ནི། ཡོད་བཞིན་དང་པོ་སྐྱེ་བ་ཉིད་མེད་པ་སྟེ། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཉིད་དོ། །རྣམ་པར་རྟོག་པ་དང་བཅས་པ་རྣམས་དང་བྲལ་བས་ན་རྡོ་རྗེ་སེམས་དཔའོ། །ཟག་པ་མེ་དཔའི་བདཻ་བ་རྒྱུན་འཆད་པའི་བད་གཉིད་དུ་གྱུར་པས་མཆོག་ཏུ་བདེ་བས་ན། འདི་ནི་ཨེ་མའོ་བདེ་བར་བྱའོ། །སངས་རྒྱས་


DTG027_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་འདུས་པའི་ཕྱག་རྒྱ་ཡིན་པས་ན་སངས་རྒྱས་ཀྱི་ཕྱག་རྒྱའོ། །ལྷ་མ་རྣམས་ཀྱི་རྣམས་ཀྱི་རྣམ་གྲངས་བསྟན་པའི་ཕྱིར། བདེ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་མཆོག་དང༌། ཨེ་མ་བདེ་བ་དང༌། སྒྲོལ་མ་དང༌། ཤི་ཤིའི་ཕྱག་རྒྱ་ལ་སོག་པ་ནི་ལས་ཀྱི་རྒྱུས་རྒྱས་འདེབས་མ་དང། རྨོངས་བྱེད་མ་དང༌། ཟ་བ་མོ་དང༌། ཚེ་འཕེལ་མ་ཞེས་བྱ་བ་རིམ་བཞིན་དུ་བསྟན་ཏོ། །ལྷ་མོ་གཞན་རྣམས་ནི་སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་མིང་གི་རྣམ་གྲངས་རེ་རེ་ཉིད་དོ། །གླིང་བུ་ལ་སོག་པ་ནས་རྫ་རྡའི་བར་གྱི་མིང་གི་རྣ་གྲང་གླིང་བུ་དང་རྒྱུད་གཅིག་པ་ལ་སོགས་པའི་རྣམ་གྲངས་སོ། །མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ནི་གླ་རྩི་དང་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པའོ། ལྷ་མོ་བཞིའི་ཕྱག་མཚན་གྱི་ཕྱག་རྒྱའི་བྱ་བ་བཤད་པའི་ཕྱིར། སྨིན་མ་བསྐྱོད་པ་ལ་སོགས་པ་གསུངས་ཏེ། བདེ་བ་མཆོག་གི་མདའ་གཞུ་སྟེ། བརྡེགས་པའི་ལྟ་བའི་བདག་ཉིད་པས་སྨིན་མ་བསྐྱོད་པ་ཞེས་གསུངས་སོ། །ཨེ་མ་བདེ་བ་ཡི་ནི་བྷ་ག་དང་ལིང་ག་ཞེས་བྱ་བ་མངལ་གྱི་ཕྱག་རྒྱ་དང་སྐྱེས་བུའི་མཚན་གྱིས་མཚན་པ་སྟེ། དེ་བས་ན་ཨེ་མའོ་བདེ་བའི་ཞེས་གསུངས་སོ། །སྒྲོལ་མའི་ཐོད་པ་པདྨ་ཡིན་པར་བཤད། །ཁ་ཏྭཱཾ་ག་ཡང་རྒྱལ་མཚན་ཞེས་གསུངས་སོ། །ཤི་ཤིའི་འདི་ནི་སངས་རྒྱས་ཕྱག་རྒྱ་པདྨོར་གནས། །བདེ་བ་ཀུན་གྱི་ར་ས་ཡ་ན་ཞེས་གསུངས་སོ། །སངས་རྒྱས་ཀུ་ནི་ཤི་སིའི་ཚིག་གི་སྒྲས་བཤད་དོ། །འཁོར་ལོ་ནི་དམ་ཚིག་གོ །སྐྱེ་བོ་དམ་པ་ཀུན་ཚོགས་པ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་རྣམ་གྲངས་སོ། །ཚོགས་ཀྱི་དཀྱིལ་འཁོར་དུ་ཡང་མཛའ་བ་ཐམས་ཅད་ཏོག་སྤས་ན་མཛའ་བ་འདུས་པ་ཞེས་བྱའོ། །དེ་བས་ན་ཤེ་པར་བྱའོ། །ཚོགས་ཀྱི་དཀྱིལ་འཁོར་ལས་གཞན་དང་གཞན་དུ་ཡང་མཛའ་བའི་ཚུལ་དག་གིས་དཀྱིལ་འཁོར་ནི་འདི་ལ་ཡོད་དོ། །རྡོ་རྗེ་སེམས་དཔའ་དང་སྦྱོར་བ་གཉིས་སུ་མེད་པར་གྱུར་པ་ནི་དཀྱིལ་འཁོར་ཞེས་བྱའོ། །ལྷ་མོ་ཐམས་ཅད་དང་ཀུན་ནས་འདུས་བ་ནི་ཤིན་ཏུ་སྦྱོར་བའི་མཚན་ཉིད་དེ། ཐམས་ཅད་དུ་སྣ་ཚོགས་པའི་སྐལ་བ་བཟང་པོ་ཞེས་བྱ་བརྗོད་དོ། །རྡོ་རྗེ་སེམས་དཔའ་ལ་སྦྱོར་བ། །ཞེས་བྱ་བ་ནི། །དེའི་བདག་ཉིད་དུ་བསྒོམ་


DTG027_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའོ། དེ་ནི་སངས་རྒྱས་ཀུན་ཏུ་བདག་ཉིད་སྦྱོར་བས་ཞེས་བྱ་བ་སྟེ། སྔར་བཤད་པ་ནི་རྗེ་སུ་སྦྱོར་བའི་མཚན་ཉིད་ཡི་ཤེས་སེམས་དཔའ་ནང་དུ་བསྟིམ་པའོ། །རྣམ་པ་ཀུན་མཁྱེན་ཤས་པའི་ཕྱིར། །ཞེས་བྱ་བ་ནི། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ། དེ་དང་གཉིས་སུ་མེད་པའི་ང་རྒྱལ་དང་ལྡན་པ་དེ་ནི་ཀུན་གྱི་སློབ་པ་དཔོན་ཡིན་ཞེས་གསུངས་སོ། །གང་གི་ཚེ་ཡང་ལྷ་མོ་ཐམས་ཅད་དང་ཡང་དག་པར་འདུས་པའི་བདག་ཉིད་ཀྱི་སྦྱོར་བ་མངོན་དུ་བྱེད་པ་དེའི་ཚེ། ཀུན་གྱི་སློབ་དཔོན་དུ་རབ་ཏུ་གནས་པ་སྟེ། ཀུན་དུ་སྣ་ཚོགས་སྐལ་བཟང་པོར་ཡང་ཤེས་པར་བྱའོ། །ཀུན་གྱི་སློབ་དཔོན་རབ་ཏུ་གནས་པ་དེའི་སྒྲུབ་པ་ནི་རྗེ་སུ་སྒྲུབ་བའོ། །གྲུབ་པ་ནི་དཔལ་རྡོ་རྗེ་སེམས་དཔའི་དབང་བསྐུར་བས་དབང་བསྐུར་བ་ནི་རྗེས་སུ་སྒྲུབ་པ་སྟེ། རྒྱལ་མཚན་ཡིན་པར་རྣམ་པར་བཤད་དོ། །མཆོག་ནི་ཀུན་གྱི་སློབ་དཔོན་ལ་སོགས་པ་སློབ་མའི་སྒྲུབ་པའི་གྲོགས་མཆོག་གོ །མཐའ་མ་ནི་དཀྱིལ་འཁོར་དུ་འཇུག་པའི་སྐལ་བ་ཅན་ནོ། །འབྲིང་ནི་དེ་བཞིན་གཤེགས་པའི་སྦྱོར་བར་དབང་བསྐུར་བའོ། །སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེ་མཆོག་གི་དབུ་རྒྱན་ནི་སང་རྒྱས་ལྔའི་དབུ་རྒྱན་ནོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི་ཐོད་པའི་ཕྲེང་པའི་དབུ་རྒྱན་ཏེ། དེ་ནི་དཔལ་གྱི་པདྨོའི་ཚུལ་དུ་བཤད་དོ། །སངས་རྒྱས་རང་བཞིན་གྲུབ་གཅིག་དང༌། །ཞེས་བྱ་བ་ནི་སངས་རྒྱས་གཅིག་གིས་མཚན་པའོ། །གྲུབ་པ་ནི་རབ་ཏུ་གྲགས་པའོ། །པདྨོའི་རང་བཞིན་གཅིག་ཅེས་བྱ་བ་ནི། ཐོད་པ་གཅིག་གིས་མཚན་པའོ། །དེ་གཉིས་ནི་རིམ་བཞིན་དུ་སངས་རྒྱས་དབང་བསྐུར་བ་དང༌། དབང་བསྐུར་བ་ཆེན་པོ་ཡིན་ཞེས་དོན་ཐམས་ཅད་གྲུབ་པས་གསུངས་སོ། །ཡོན་གྱི་དམ་པ་ནི་ནོར་གྱི་དབྱིག་ཐམས་ཅད་དང༌། སྙིང་ཡང་ཐམས་ཅད་ཡིན་ནོ་ཞེས་ཟེར་རོ། །ཙནྡན་དམར་པོ་ག་བུར་དང་སྲེས་པ་ནི་ཁྲག་ཆེན་པོ་ཡིན་པར་ཤེས་པར་བྱའོ། །གཞན་དག་ན་རེ་ནི་ཁྲག་ནག་པོ་བརྗོད་པ་ནི་རྡོ་རྗེ་འཛིན་གྱིའོ། ལ་ལ་ནི་ག་བུར་དང་ལྡན་པར་འདོད་དོ། །དེ་ཉིད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་གཞག་པ་ནི་དཔལ་ཐམས་ཅད་དང་


DTG027_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པའི་ར་ས་ཡ་ན་ཞེས་བྱའོ། །དཔལ་ཧེ་རུ་ཀའི་གཏོར་མའི་ཆོ་ག་ལ་ཕྱུགས་ཆེན་པོ་ཞེས་གང་གསུངས་པ་དེ་ལ་ཡང་བག་དེ་ལ་བྱས་པའི་རང་བཞིན་ལ་ཙནྡན་དམར་པོས་བསྐུལ་བའི་མིའི་གཟུགས་བརྙན་ཡིན་པར་ཤེས་པར་ཤེས་པར་བྱའི་ཡན་ཏུ་དག་པ་ཉིད་ནི་མ་ཡིན་ནོ། །གང་ཡང་རྟ་མཆོག་གི་གཏོར་མའི་ཆོ་ག་ལ་ཤ་སྨོས་པ་དེ་ཡང་བག་ཟན་ལས་བྱས་པའི་ཁོར་ནར་ཤེས་པར་བྱའོ། །གང་ཡང་རྒྱལ་པོའི་ཟས་ཤ་དང་ཆང་དང་ལྡན་པོ་རྡོ་རྗེ་ཉི་མའི་གཏོར་མའི་གསུངས་པ་དེ་ཡང་བག་ཕྱེའི་ཟན་ལས་བྱས་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། ལ་ལ་ན་རེ་དེ་མེད་ན་བྱ་བ་ཡིན་ཏེ། འབྲས་བུ་བཅོས་མ་ལ་སོགས་པ་བཞིན་ནོ་ཞེས་ཟེར་རོ། །མནའ་དང་དམ་ཚིག་ཅེས་པ་ནི་རྣམ་གྲངས་སོ། །སྡོམ་པ་དང་བདེ་མཆོག་ནི་རྣམ་གྲངས་ཏེ། སངས་རྒྱས་ཐམས་ཅད་ཅེས་གང་གསུངས་པ་དེ་ཡང་དམ་ཚིག་སྟེ། བདེ་མཆོག་གི་ངོ་བོ་ཉིད་དང༌། ཨེ་མའོ་བདེ་བའི་ངོ་བོ་ཉིད་དོ། །སྒྲོལ་མ་ཞེས་བྱ་བ་ནི་རབ་ཏུ་གསལ་བར་རྣམས་བར་གཞག་གོ །ཤི་ཤི་ནི་ཡང་སྲིད་པ་སྟེ། ཕྱག་རྒྱ་དེ་དག་ཐམས་ཅད་ཀྱང་དམ་ཚིག་ཅེས་བྱ་བར་བརྗོད་དོ། །གང་གིས་ཤེ་ན་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཕྱག་རྒྱའི་སྦྱོར་བ་ཡིན་པར་བཤད། །ཅེས་པའོ། །ཕྱག་རྒྱའི་སྦྱོར་བ་ཡིན་པར་གསུངས་ལ། དེ་བཞིན་དུ་སྦྱོར་བ་ཡང་ཕྱག་རྒྱ་ཡིན་པར་བཤད་དོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་བསྒོམ་པ་ལ་སྦྱོར་བས་སྟེ། དེ་ནི་སྦྱོར་བ་ཐམས་ཅད་ཅེས་བཤད་དོ། །ཅིའི་ཕྱིར་ཞེ་ན། ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སྣ་ཚོགས་པའི་དམ་ཚིག་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཞིང་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བ་དང༌། ཡིད་བདེ་བའི་ངོ་བོ་ཉིད་རྡོ་རྗེ་དགའ་བ་སེམས་ཀྱི་གསང་བའི་བདག་ཉིད་ཅན་ཏེ། དེ་བས་ན་སྦྱོར་བ་ཐམས་ཅད་ཅེས་བྱའོ། །དེའི་སྦྱོར་བ་ཐམས་ཅད་ཀྱི་བདག་ཉིད་དེའི་ཉེ་བར་ལོངས་སྤྱོད་པ་ནི་གཟུགས་ལ་སོགས་པའི་ཁམས་གསུམ་མོ། །དེ་གསལ་བར་བསྟན་པའི་ཕྱིར། །དེ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནི་རི་མོ་ཞེས་བཤད་དོ། །སྒྲ་ནི་གླུ་ཡིན་ཞེས་བྱ་བ་ནི་གླུ་བླངས་བའོ། །དྲི་དང་རབ་ཏུ་ཚིམ་པར་བྱེད་པ་ནི་


DTG027_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་གྲངས་སོ། །རོའི་མིང་ནི་ར་ས་ཡ་ན་ཞེས་བྱའོ། །རིག་པ་བདེ་བ་ནི་རེག་པ་གང་ལས་བདེ་བ་སྐྱེད་པར་བྱེད་པ་སྟེ། དེ་ནི་བདེ་བའི་རེག་པའོ། །ཆོས་ནི་ཆོས་ཀྱི་སྐྱེ་མཆེད་དེ། །སྦྱོར་བ་ཡིན་པར་བཤད་དེ། །དེ་ལྟ་བུ་ཉིད་ནི་སྦྱོར་བ་ཐམས་ཅད་ཀྱི་ཉེ་བར་ལོངས་སྤྱོད་པ་ཐམས་ཅད་ཀྱིས་བདག་གི་ལྷའི་སྦྱོར་བ་དང་ལྡན་པས་གང་ལ་ཇི་ལྟར་བདེ་བར་ལོངས་སྤྱོད་པ་དེ་ནི་རང་གི་མཆོད་པའི་དམ་ཚིག་ཡིན་པར་ཤེས་པར་བྱའོ། །རྗེས་སུ་སྦྱོར་བས་མཆོད་ན་ནི། །ཞེས་བྱ་བ་ནི། ཡེ་ཤེས་སེམས་དཔའ་ཡང་གཉིས་སུ་མེད་པར་གྱུར་བས་གཟུགས་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པར་བྱེད་པའོ། །སྦྱོར་བ་ཀུན་གྱི་བདེ་བ་ནི་གཟུགས་པ་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པ་ལས་བདེ་བ་གང་སྐྱེས་པ་དེ་ནི། བདེ་བ་ཆེན་པོ་ཡིན་ནོ་ཞེས་བཤད་དོ། །རང་གི་ལྷའི་བདག་ཉིད་དུ་བསྒོམས་པ་ནི་ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པ་སྟེ། དེ་ནི་རྣལ་འབྱོར་ཞེས་བཤེད་པ་ཡིན་ནོ། །ཏིང་ངེ་འཛིན་དང་སྦྱོར་བ་ནི་མིང་གི་རྣམ་གྲངས་སོ། །ལྷ་མོ་ཐམས་ཅད་མཉམ་པར་སྦྱོར་བ་ཤིན་ཏུ་སྦྱོར་བའི་མཚན་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་ཐམས་ཅད་འདུས་པ་ཡིན་ནོ་ཞེས་བཤད་དོ། །གང་གི་ཚེ་ཐམས་ཅད་དང་མཉམ་པར་སྦྱོར་བ་ལ་སོགས་པས་གནས་པ་ནི་སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པ་སྟེ། དེ་ལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བཞེས་བྱ་བ་འཐོབ་བོ། །བསྒྲུབ་པ་དེ་ནི་དགའ་བར་སྤྱོད་པ་ཞེས་བྱའོ། །རྗེས་སུ་སྦྱོར་བ་ནི་སྔར་བཤད་པའི་ཡོན་ཏན་བསྒྲུབ་པ་ཞེས་བྱའོ། །ལྷ་མོ་རྣམས་ཀྱིས་སྐྱེས་པ་ལྟར་བྱེད་པས་དགའ་བ་སྤྱོད་པ་ནི་སླར་རྗེས་སུ་བསྒྲུབ་པ་ཡིན་ནོ་ཞེས་བཤད་དོ། །བདེ་བའི་མཆོག་ལ་སོགས་པའི་ལྷ་མོ་རྣམས་དང་འདུས་པའི་ཤིན་ཏུ་སྦྱོར་བའི་མཚན་ཉིད་ཀྱི་བདེ་བ་གང་ཡིན་པ་དེ་ནི་འདུས་པ་ཞེས་བྱ་སྟེ། རྒྱུན་ལ་རབ་ཏུ་འཇུག་པའོ། །དེ་ནི་སྦྱོར་བ་ཀུན་ལ་མོས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་མངའ་ནི་བདེ་བ་ནི་ཡིན་ནོ་ཞེས་བཤད་དོ། །དངོས་གྲུབ་ཐམས་ཅད་ལྡང་བའི་སྒྲའི་ཚིག་ཅན་ཏེ། །ཐམས་ཅད་དུ་གྲུབ་པ་གང་ཡིན་པ་དེ་ནི་ལྡང་བ་ཀུན་དུ་འགྲོ་བ་དངོས་གྲུབ་ཆེན་པོ་སྟེ། ལྡང་བ་ཆེན་པོའོ། །དངོས་གྲུབ་ཆེན་པོ་


DTG027_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་གྱི་མཆོག །རྡོ་རྗེ་འཆང་བ་ཆེན་པོ་ཉིད་དང་དབང་ཕྱུག་ཆེན་པོ་བླ་ན་མེད་པ་ནི། བླ་ན་མེད་པའི་དབང་ཕྱུག་ཡིན་ནོ་ཞེས་བཤད་དོ། །ཁམས་གསུམ་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བས་རང་གི་རྒྱུད་དང་དངོས་གྲུབ་ཆེན་པོ་ཐམས་ཅད་ཀྱི་མཆོག་དབང་ཕྱུག་ཆེན་པོར་གྱུར་པས་བླ་ན་མེད་པའི་བདེ་བ་ནི་དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་དབང་ཕྱུག་ཆེན་པོའི་བདེ་བའི་མཆོག་སྟེ། དེ་ནི་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ། སྦྱོར་བའི་དབང་ཕྱུག་ཆེན་པོ་ཞེས་བཤད་དོ། །མེ་ཏོག་ནི་ཁྲག་ཅེས་བཤད་དོ། །བདུག་པ་ནི་མདངས་ཀྱི་ཚིག་ཅན་ནོ། །མར་མེ་ནི་ཤ་ཆེན་པོ་ཞེས་བྱའོ། །དྲི་དང་སྤོས་ཐམས་ཅད་ཀྱི་རྣམ་གྲངས་ནི་བཤད་ཟིན་ཏོ། །འོ་མར་གྱུར་པ་ལས་བྱུང་བ་ནི་ཕྲུམ་སྟེ། དེ་ནི་ཟླ་བ་ཉ་མ་ཞེས་བྱའོ། །ཤའི་མིང་ནི་སྨན་ཞེས་བྱའོ། །ཆང་ནི་བཅུད་ཀྱིས་ལེན་ཞེས་བྱའོ། །ཟས་ནི་ཚེ་ཞེས་བྱའོ། །ཤ་དང་ཆང་དུ་ལྡན་པའི་བཟའ་བ་སྣ་ཚོགས་ནི་དགའ་བའི་ལོངས་སྤྱོད་སྐལ་བ་བཟང་པོའི་ཚེའི་དམ་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཨ་མྲའི་འབྲས་བུ་སྨིན་པ་ལ་སོགས་པ་ནི་བདུད་རྩིའི་འབྲས་བུའོ་ཞེས་བཤད་དོ། །སྒྲོལ་བ་ནི་བདེ་བ་མྱང་བ་དང༌། བདེ་བས་རབ་ཏུ་རྨོངས་པ་ཡིན་ནོ་ཞེས་བཤད་དོ། །སྦྱོར་བ་དང་ཏིང་ངེ་འཛིན་རྣམ་གྲངས་ཏེ། གང་ལྷ་མོ་ཐམས་ཅད་དང་ཡང་དག་པར་འདུས་པའི་ལྷ་མོའི་སྦྱོར་བའི་མཚན་ཉིད་ནི། སངས་རྒྱས་ཐམས་ཅད་འདུས་པ་ཞེས་བཤད་དོ། ཨ་མྲ་དང་སྨིན་པ་ལ་སོགས་པ་མིང་གི་རྣམ་གྲགས་སོ། །དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བའི་གླུ་དང༌། སིལ་སྙན་དང༌། གར་བྱེད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་སྤྲུལ་པ་ཞེས་བྱའོ། །རབ་ཏུ་ཞི་བའི་སིལ་སྙན་དང༌། གླུ་དང༌། གར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གླུ་སྟེ། དེ་ནི་ཤིན་ཏུ་རྣམ་པར་འཕྲུལ་པ་ཞེས་བྱའོ། །དུར་ཁྲོད་ཀྱི་གླུ་དང་སིལ་སྙན་དང་གར་བྱེད་པ་ནི་དཔལ་ཧེ་རུ་ཀའི་ཡིན་ཏེ། དེ་ནི་རབ་ཏུ་སྤྲུལ་པ་ཞེས་བྱའོ། །ཆགས་པ་དང་བཅས་པའི་གླུ་དང༌། སིལ་སྙན་དང༌། གར་ནི་པདྨ་གར་གྱི་དབང་ཕྱུག་གི་སྟེ། དེ་ཡང་དཔལ་རྣམ་པར་སྲུལ་པ་ཞེས་བཤད་དོ། །མིའི་དབང་པོའི་གླུ་དང༌། སིལ་སྙན་དང༌། གང་ནི་རྡོ་རྗེ་ཉི་མ་དང་འགྲེལ་བ་


DTG027_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། དེ་ཡང་ཤིན་ཏུ་རྣམ་པར་སྤྲུལ་པ་ཞེས་བྱའོ། །རབ་ཏུ་དགའ་བའི་གླུ་དང༌། སིལ་སྙན་དང་གར་ནི་རྟ་མཆོག་དང་འབྲེལ་བ་སྟེ། དེ་ནི་རྟ་མཆོག་རྣ་པར་སྤྲུལ་བ་ཞེས་བྱའོ། །བདེ་ཞེས་གང་གསུངས་པ་དེ་རབ་ཏུ་བསྟན་པའི་ཕྱིར། །དེ་ཞེས་བྱ་བ་ལ་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་སྣ་ཚོགས་པའི་ཕྱག་ཕྱག་རྒྱ་འདི་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་ནམ་མཁའ་ཐམས་ཅད་དུ་འགྲོ་བས་ན། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་ཞེས་བཤད་དོ། །སྒྱུ་མའི་གར་གྱི་དབང་ཕྱུག་ནི་དཔལ་ཧེ་རུ་ཀ་དེ་ནི། །ཨ་རལླི་ཞེས་མིང་འདོགས་སོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའི་རྣམ་གྲངས་སོ། །ཊཀྐི་འདོད་པ་ཡིན་ཞེས་བཤད། །ཅེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་བླ་སྦྱོར་བའི་མཚན་སྟོན་པ་ཡིན་ཏེ། དེ་ཉིད་ནི་བདེ་མཆོག་ལ་སོགས་པ་ལྷ་མོ་བཞིའི་ངོ་བོ་ཉིད་ཀྱིས་ན་ཏཀྐི་ལ་སོགས་པར་བརྗོད་པ་ཡིན་ནོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་དེའི་ཕྱག་རྒྱ་སྟེ། དམ་ཚིག་གསུམ་གྱི་རིམ་པ་ཞེས་བྱ་བར་བརྗོད་པར་བྱའོ། །བདུག་པ་ལ་སོགས་པ་རིམ་པ་བཞིན་བསྟན་པའི་ཕྱིར། ཛ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། །བདེ་མཆོག་ལ་སོགས་པའི་སྙིང་པོ་སྟེ། འདི་དག་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཡང་ཡིན་པར་ཤེས་པར་བྱའོ། །དིཤྠ་དྷཱུཾ་ཞེས་པ་ནི་དྲོངས་ཤིག་པའོ། །ཁ་ཁ་ཁཱ་ཧི་ཨ་པི་ཙྸ་པི་ཙ་ད་ར་ད་ར། རུ་ཊ་མ་ཊ། ཧུ་ལུ་ཧུ་ལུ། ཨ་ར་ར་ཨ་ཧོ། །ཨ་ལ་ལ་ཧོ་ཞེས་བྱ་བ་འདི་དག་དང༌། གཞན་ཡང་ཧི་ཞེས་བྱ་བ་ལ་སོགས་པའི་དོན་ཡངས་སངས་རྒྱས་ཀྱི་བྱང་ཆུབ་ནས་རྫ་རྔའི་བར་གྱིས་ཏེ། མན་དག་དང་འགལ་བའི་ཕྱིར་སྙིང་པོ་འདི་དག་དོན་བཤད་པ་ནི་མེད་དོ། །འོ་ན་ཅི་ཞིག་ཅེ་ན། རོལ་མོའི་ཕྱག་རྒྱ་ཤེས་པའི་སྙིང་པོ་ཉིད་ཡིན་པས་ན་དོན་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་ཡང་རྟོག་པ་གཙོར་བྱ་ན་ནི་སྒྲུབ་ཐམས་ཅད་ཀྱི་གནས་སྐབས་སུ་འགྱུར་རོ་། །མེ་ཏོག་ལ་སོགས་པ་ཡང་ཡི་གེ་ཧཱུཾ་ལ་སོགས་པའི་གླུ་དང༌། བཟླས་པས་མཆོད་པ་ཐམས་ཅད་དབུལ་བར་བཤད་པས།


DTG027_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་གྱི་དཀྱིལ་འཁོར་དུ་བདག་པོའི་སྙིང་པོ་དེ་ཉིད་དང༌། བདེ་མཆོག་ལ་སོགས་པ་ནི་ཕྱག་རྒྱས་འདེབས་པ་ལ་སོགས་པའི་ལས་བྱེད་པས་ན། རྒྱས་འདེབས་མ་ལ་སོགས་པའི་རྣམ་གྲངས་སུ་བརྗོད་དོ། སངས་རྒྱས་ལ་སོགས་པ་ཡི་ནི་ཀུན་དུ་བསྟན་པ་ལ་སོགས་པའི་བཤད་པ་རྣམས་འདི་སྐད་བསྟན་པ་ཡིན་ཏེ། སངས་རྒྱས་ལ་སོགས་པ་ནི་ཀུན་དུ་དུ་བསྟན་པ་ལ་སོགས་ཚིགས་ནི་རྡོ་རྗེ་སེམས་དཔའ་ཡིན་པར་བཤད་དེ། །རིམ་བཞིན་དུ་ཤིན་ཏུ་བསྟན་པ་ལ་སོགས་པའི་རྣམ་གྲངས་སོ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་མིང་བསྟན་པའི་ཕྱིར། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ལ་སོགས་པའི་དོན་དང་རིམ་བཞིན་ནོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི། སངས་རྒྱས་ཀུན་བརྗོད་ལ་སོགས་པ་བཞི་པོའི་སྙིང་པོའོ། །ཐམས་ཅད་མཁྱེན་པ་དང་བདེ་བར་མཁྱེན་པ་གཉིས་ཀྱི་རྒྱུའི་སྙིང་པོ་ནི། །ཡི་གེ་ཨོཾ་དང༌། སརྦ་བིད་ནི་རྣམ་གྲང་སོ། ཨོཾ་རུ་རུ་ཏིཤྠ་སིངྡྔྷ་ལོ་ཙ་ནི་སརྦ་ཨརྷྟ་སཱ་དྷ་ནི་སཱ་ཧཱ། ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་ལྡན་པའི་བཞི་པོའི་སྙིང་པོ་ཡིན་ནོ། །དེ་དག་ཉིད་ཀྱི་དོན་བསྟན་པའི་ཕྱིར་།འཁོར་བའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བའི་དངོས་གྲུབ་ཤེས་པ་ནི། འཁོར་བའི་དངོས་གྲུབ་མཁྱེན་པ་སྟེ། ཨོཾ་རུ་རུ་འཁོར་བར་ཞུགས་ཤིག །སིདྡྷ་ལོ་ཙ་ནི་དངོས་གྲུབ་མཁྱེན་པས་ཟག་པ་མེད་པའི་མཚན་ཉི་ཅན་གྱི་གདན་ལ་བཞུགས་ཏེ། སེམས་ཅན་གྱི་དོན་ཐམས་ཅད་འདི་མཆོག་ཏུ་མཛོད་ཅིག་ཅེས་པ་ནི། །དོན་དམ་པར་མི་གནས་པའི་མྱ་དན་ལས་འདས་པའོ། །ཉེ་བར་ཞི་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་སྟེ། དོན་དམ་པ་དང་ཉེ་བར་ཞི་བ་ནི། །དོན་དམ་པ་ཉེ་བར་ཞི་བ་སྟེ། དོན་ཐམས་ཅད་བསྒྲུབ་ལ་དོན་དམ་པས་བཞུགས་ཤིག །སྭའ་ཧཱ་ས་ཉེ་བར་ཞི་བས་བཞུགས་ཤིག་ཅེས་བྱ་བར་སྦྱར་རོ། །སངས་རྒྱས་ལ་སོགས་པའི་རྣམ་གྲངས་ཀྱིས་ནི་བདག་པོའི་ངོའི་ངོ་བོ་ཉིད་ཀྱི་བཅོམ་ལྡན་འདས་དེ་ཉིད་བསྟན་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཡང་སྐལ་བ་བཟང་པོ་ཞེས་བྱ་བའི་ཚིག་གིས་བསྟན་ཏེ། སངས་རྒྱས་ལ་སོགས་པའི་ངོ་བོ་ཉིད་


DTG027_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་པའི་ཕྱིར་རོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་རྣམ་གྲངས་བསྟན་པའི་ཕྱིར། ཀོ་ཏ་ཀཥཱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིང་བཅུ་པོ་འདི་དག་ནི། སྐྱེ་མཆེད་བཅུའི་སྒོ་ནས་དེ་ཉིད་རབ་ཏུ་བསྟན་པའི་ཕྱིར། །མིང་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་མཚོན་ཆ་བ་ཏི་དང༌། །ཞེས་བྱ་བ་ནི། རྡོ་རྗེ་འབར་བ་དེ་ཉིད་ཀྱི་མིང་སྟེ། བཅོམ་ལྡན་འདས་དེ་ཉིད་ནི་གནོད་སྦྱིན་ཞེས་ཀྱང་བྱའོ། །དཔལ་ཧེ་རུ་ཀའི་རྡོ་རྗེ་ཆེན་པོ་ཐལ་བར་རབ་ཏུ་འཇིག་པ་ཞེས་བྱ་བ་ནི། རྡོ་རྗེ་འབར་བས་རབ་ཏུ་འཇིགས་པར་བྱེད་པར་བསྟན་པའི་ཕྱིར། དེ་ཉིད་ནི། སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེ། །ཞེས་པ་སྟེ། དེའི་འབར་བའི་རྡོ་རྗེའི་འཇིགས་པ་ཆེན་པོ་ཞེས་བྱའོ། །ཁཊྭཾ་གའི་ནི་རྒྱལ་མཚན་ཆེན་པོ་ཞེས་བྱའོ། །ཐོད་པ་ཁམ་ཕོར་ནི་པདྨ་ཞེས་བཤད་དོ། །ཁྲག་ཆེན་པོ་ནི་སྦྲང་རྩི་ཆེན་པོ་ཞེས་བརྗོད་དོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བྱ་བ་རྣམས་ནི་རིམ་བཞིན་དུ་སྲུངས་ཤིག་དང་མྱུར་ཅིག་པའི་དོན་ཏེ། དཀར་མོ་ལ་སོགས་པ་བཞིའི་སྙིང་པོའོ། །མ་ཊ་རུ་ཊ་སྨ་ར་ར་ཊ་ཞེས་བྱ་བ་ནི་རོལ་ཅིག་དགོངས་ཤིག་ཅེས་བྱ་བ་ལ་སོགས་པའི་དོན་ཏོ། །སྤོས་མོ་ལ་སོགས་པའི་སྙིང་པོའོ། །བཅོམ་ལྡན་འདས་འདི་ནི་རྡོ་རྗེ་འཛིན་པའི་རྒྱལ་པོ་ཆེན་པོ་དབང་ཕྱུག་ཆེན་པོའི་དམ་པ་སྟེ། དེ་ནི་སྐལ་བཟང་པོ་ཞེས་བཤད་དོ། །སངས་རྒྱས་ཉི་མ་འཇིག་རྟེན་གྱི་དབང་ཕྱུག་དང༌། རྟ་མཆོག་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྒྱལ་པོ་སྤྱན་རས་གཟིགས་ཞེས་བྱ་བྱ་བ་ལ་སོགས་པས་ནི་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་གྱི་མིང་བསྟན་པ་ཡིན་ཏེ། རྣམ་པར་ལྟ་བ་ལ་སོགས་པ་ལྷ་མོ་བཞིའི་ངོ་བོ་ཉིད་དུ་གྱུར་པས། བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ལ་སོགས་པའོ། །ཤུདྡྷ་ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་ལྟ་བ་ལ་སོགས་པ་དྲུག་གི་སྙིང་པོ་ཡིན་ནོ། །ནམ་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ་གཏོགས་པའི་མིང་བསྟན་པ་ཡིན་ཏེ། དྲུག་པོའི་བདག་པོའི་ངོ་བོ་ཉིད་ཡིན་པས་ན། ནམ་མཁའི་སྙིང་པོ་ལ་སོགས་པ་ནི་མིང་གི་རྣམ་གྲངས་ཅན་ནི་བཅོམ་ལྡན་འདས་ཉིད་ཡིན་


DTG027_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་ཤེས་པར་བྱའོ། །དབང་བསྐུར་བ་ཡི་ནི་སྙམ་ཞེས་བྱ་བའི་གཏེར་གྱི་ནི་པ་པའོ། །རྒྱལ་མཚན་གྱི་རྩེ་མོ་ཡི་ནི་ཏ་ཏའོ། །མཆོད་པ་ཆེན་པོ་ནི་ཏྲ་ཊ་ཏྲ་ཊ་ཏྲ་ཊ་ཅེས་བྱ་བའི་སྙིང་པོའོ། །སངས་རྒྱས་བྱང་ཆུབ་ལ་སོགས་པའི་དཀྱིལ་འཁོར་གྱི་བར་ལ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོ་དེ་ཉིད་ཡིན་ནོ། །ལ་ལ་དག་ནི་ལྷ་མོ་རྡོ་རྗེའི་གཙོ་མོའི་གང་ཡིན་པ་དེ་དག་ཉིད་དོ། །ཐམས་ཅད་ཀྱི་ཡང་བདེ་བའི་མཆོག་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ནི་རང་གི་བདག་པོའི་སྙིང་པོ་ཉིད་ཡིན་ནོ་ཞེས་ཡོངས་སུ་རྟོག་གོ །སྣ་ཚོགས་པདྨོ་ཞེས་བྱ་བ་ལ་སོགས་པ་ནི་རྟ་མཆོག་གི་དཀྱིལ་འཁོར་གྱི་མིང་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་སྣ་ཚོགས་པདྨོ་ཞེས་པ་ནི་མིང་གི་རྣམ་གྲངས་སོ། །བྱང་ཆུབ་ཀྱི་སེམས་ཅན་པོ་ནི་སྣ་ཚོགས་རྡོ་རྗེ་ཞེས་བྱའོ། །ཐམས་ཅད་དག་པར་མོས་པ་ཡིས། །ཞེས་བྱ་བ་ནི་ལེ་ལོ་ཐམས་ཅད་བསལ་བར་དགོངས་པའོ། །གྲོགས་པོ་ཞེས་བྱ་བ་ནི་གྲོགས་པོ་རྣམས་ཀྱིས་སོ། །བཟླས་པའི་དོན་ལྷག་པར་མོས་པ་རྣམས་ཀྱིས་ཀྱང་ཡི་གེ་ཧཱུཾ་ལ་སོགས་པ་བཟླས་ན་འགྲུབ་པར་འགྱུར་བས། ཡེ་ཤེས་ཀྱི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བཟླས་པ་ནི་ཡི་གེ་ཧཱུཾ་སྟེ། དེ་ནི་འདི་ཡིན་ཏེ་རྗེས་སུ་ཆགས་པར་བྱའོ་ཞེས་པ་སྟེ། ཁྱེད་ཀྱི་བདག་ཉིད་དུ་མངོན་དུ་བྱས་སོ་ཞེས་པའོ། །ཡི་གེ་ཨོཾ་ནི་རྣམ་པར་སྣང་མཛད་ཀྱིས་བཟླས་པར་བྱ་བ་སྟེ། འདིའི་དོན་རྗེས་སུ་ཆུད་པར་བྱའོ་ཞེས་པ་སྟེ། ཁྱེད་ཀྱི་བདག་ཉིད་ཀྱི་བྱང་ཆུབ་མངོན་དུ་བྱའོ་ཞེས་པའོ། །དཔལ་ཧེ་རུ་ཀའི་བཟླས་པ་ནི་སྔར་བཤད་པའི་རྡོ་རྗེ་ཧ་ཧ་བཞད་པའོ། །དེའི་རྗེས་སུ་སྦྱོར་བ་བྱའོ་ཞེས་པ་སྟེ། ཁྱེད་ཀྱི་བདག་ཉིད་ཆེན་པོ་གཅིག་པུར་གྱུར་པ་བསྐྱེད་པར་བྱའོ་ཞེས་པའོ། །པདྨ་གར་གྱི་དབང་ཕྱུག་གི་བཟླས་པ་ནི་ཡི་གེ་ཨོཾ་སྟེ། དེའི་དོན་རྗེས་སུ་སྦྱོར་བར་བྱའོ་ཞེས་པ་སྟེ། ཁྱེད་ཀྱི་བདག་ཉིད་རང་བཞིན་གྱིས་དག་པའི་ཆོས་ཉིད་མངོན་སུམ་དུ་བྱས་པའོ་ཞེས་པའོ། །རྡོ་རྗེ་མའི་བཟླས་པའི་ཡི་གེ་ཧི་སྟེ། དེའི་དོན་ལ་རྗེས་སུ་ཡི་རང་བར་བྱའོ་ཞེས་པ་སྟེ། ཁྱེད་


DTG027_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་བླ་ན་མེད་པའི་དོན་གྱི་ཕུན་སུམ་ཚོགས་པ་ལས་ཏུ་དགའ་བའི་བདག་ཉིད་ཀྱིས་འཇུག་པར་བྱའོ་ཞེས་པའོ། །རྟ་མཆོག་གི་བཟླས་པ་ནི་ཡི་གེ་ཧཱུཾ་ལ་སོགས་པ་གང་ཡང་རུང་བའོ། །དེའི་རྗེས་སུ་བསྟན་པར་བྱའོ་ཞེས་པ་སྟེ། ཁྱོད་དང་གཉིས་སུ་མེད་པར་གྱུར་པས་ན་ལྷ་དང་འདྲེས་པར་གྱུར་པའོ། །དངོས་གྲུབ་པ་ལ་སོགས་པ་གྲུབ་པ་དང་མ་གྲུབ་པ་ལ་སོགས་པ་ཤེས་པར་བྱ་བའི་དོན་དུ་རྣམ་པར་ཤེས་པའི་ཕྱག་རྒྱ་ཉེ་བར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའི་དཔལ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་ནི་དང་པོ་ཡི་གེ་ཧཱུཾ་ཞེས་རྡོ་རྗེ་སེམས་དཔའ་རྣམས་པར་བསམས་ལ། ཕྱི་རོལ་དུ་མཆོད་པ་ལ་སོགས་པའི་བྱ་བ་བྱས་ཏེ། ཁྱེའུ་འམ་བུ་མོ་ལ་ཕྱག་རྒྱ་ཆེན་པོས་སྤྱན་དྲང་བ་ལ་སོགས་པའི་རིམ་པ་བྱས་ལ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པོ། །དེའི་མིང་དུ་རྡོ་རྗེ་ཧཱུཾ་ལས་བྱུང་བ་རྣམ་པར་བསམས་ལ། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གདོད་ནས་དག་ཅིང་དྲི་མ་མེད། །ཅེས་བྱ་བའི་བདེན་པ་གང་ཡིན་པ་དེས་ན། ཕྱིན་ཅི་མ་ལོག་པར་མཐོང་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་སྔོན་དུ་བྱ་བ་བསྟན་ཏོ། །དེ་བཞིན་དུ་རྣ་བ་ཡང་ཐམས་ཅད་ཅེས་བྱ་བ་སྟེ། བདེན་པ་གང་གིས་ཆོས་རྣམས་སྒྲ་བརྙན་ལྟ་བུ་ཡིན་པའི་བདེན་པ་དེས་ཕྱིན་ཅི་མ་ལོག་པར་ཐོས་པར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་བྱས་ལ། སྒྲ་རྣམས་དང་པོར་བསྒོའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་ནི། ལས་ལ་སོགས་པ་ལའོ། །དེ་བཞིན་དུ་དཔལ་ཧེ་རུ་ཀའི་རྣལ་འབྱོར་བ་ནི། གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ཐམས་ཅད་ལའོ། །དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་པ་ནི། སྣ་ཚོགས་པདྨ་ཁ་འབྱེད་པའི་ཚུལ་གྱིས་པདྨ་དེ་ཉིད་ལའོ། །དེ་བཞིན་དུ་རྡོ་རྗེ་ཉི་མའི་རྣལ་འབྱོར་པ་ནི་མེ་ཏོག་ལ་སོགས་པ་ལའོ། །དེ་བཞིན་དུ་རྟ་མཆོག་གི་རྣལ་འབྱོར་པ་ནི་རེག་པ་དང་མ་རེག་པས་རྡོ་རྗེ་རྒྱལ་པོ་ལ་སོགས་པ་དང༌། ཤིང་ལ་སོགས་པ་ལ་སྟེ། རྡོ་རྗེ་ལ་སོགས་པ་ལ་རེག་པ་དང་མ་རེག་པ་ནི་ལག་པ་རིག་པ་དང༌།


DTG027_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་རིག་པ་ཡིན་པར་ཤེས་པར་བྱའོ། །བྱ་བ་དང་བྱ་བ་མ་ཡིན་པ་ལ་སོགས་པ་ཐམས་ཅད་དུ་ཡང་དང་པོའི་སྦྱོར་བ་ཡང་ཐུན་མོང་ཡིན་ནོ། །སྲུང་བའི་ཕྱག་རྒྱ་ཉེ་བར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པའི་ཐལ་བ་ལ་ཡི་གེ་ཧཱུཾ་གིས་རྡོ་རྗེ་བྱས་ལ་དེས་ཐིག་ལེར་བྱས་པས་བདག་དང་གཞན་བསྲུང་ངོ༌། །དེ་བཞིན་དུ་རྒྱ་མཚོར་འབབ་པའི་ཆུ་ལ་སོགས་པས་གཏོར་མ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །མིའི་ཐོད་པའི་ནང་དུ་བསྐྱེད་པའི་ཡུངས་ཀར་ལ་སོགས་པ་ཡང་དེ་བཞིན་ནོ། །དེ་བཞིན་དུ་མ་མཆུ་སོས་མནན་ནས་གཡོན་དུ་འབྱིང་བས་འདུད་ལ། དྲིལ་བུ་བཟུང་ལ་གཡས་པས་རྡོ་རྗེ་བཟུང་སྟེ། འཇིག་པས་ཕྱོགས་བཅིང་བ་ལ་སོགས་པར་བྱའོ། །ལྷ་མོ་ཀུན་གྱི་བདེ་བ་ནི་མཆོག་ལ་སོགས་པ་སྟེ། དེ་རྣམས་སམ་གཞན་དག་གཉིས་སུ་མེད་པར་གྱུར་པས་བདག་ཉིད་བྱིན་གྱིས་བརླབས་པ་ལ་སོགས་པ་རྫོགས་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ནི་ལག་པ་གཡས་པའི་རྡོ་རྗེ་མཚམས་བཅིང་བར་བྱའོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་བས་ནི་དེའི་གླུ་དང༌། གར་གྱི་སྦྱོར་བས་ཐམས་ཅད་བསྲུངས་ན་རིམས་ལ་སོགས་པ་འཇིག་པར་འགྱུར་རོ། །པདྨ་གར་གྱི་དབང་ཕྱུག་གི་རྣལ་འབྱོར་པས། རང་བཞིན་གྱིས་རྣམ་པར་དག་པ་ལ་མོས་པས་སྣ་ཚོགས་པདྨ་ཁ་འབྱེད་པས་སྒྲིབ་པ་དང་བྲལ་བ་ལ་སོགས་པ་རྫོགས་པར་བྱའོ། །རྡོ་རྗེ་ཉི་མའི་རྣལ་འབྱོར་པས་ནི། རང་གི་ལུས་རྡོ་རྗེ་འབར་བར་བསྒྲུབ་པས་བསྲུང་བར་བྱའོ། །དཔལ་རྟ་མཆོག་གི་རྣལ་འབྱོར་པས་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལོ་གོ་ཆ་གྱོན་པ་ནས་ཐལ་མོ་བརྡབས་དུ་རྫོགས་པར་བྱས་པས་བདག་ཉིད་བསྲུང་ངོ༌། །གཞན་ནི་བདག་གི་ནང་དུ་བཅུག་ལ་གོ་ཆ་ལ་སོགས་པས་བསྲུང་ངོ༌། །སྦྱོར་བ་ཐམས་ཅད་ལ་ཡང་རང་གི་སྙིང་པོ་རྣམས་བརྗོད་པར་བྱའོ། །རིམས་ལ་སོགས་པ་གནོད་པ་དང་བྲལ་བར་བྱ་བའི་དོན་དུ་ཆེའི་རིག་བྱེད་ཤེས་པ་བསྟན་པའི་ཕྱིར། ཆོས་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་


DTG027_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་པས། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མིག་ཕྱེ་ལ་ཞི་བའི་ལྟ་བས་བལྟས་ལ། རིམས་ལ་སོགས་པས་བཏབ་པ་ལ་སྤྱི་བོ་ནས་རྐང་པར་ཐུག་པ་ལ་བྱ་བས་ཤིང༌། བཅོམ་ལྡན་འདས་ཟླ་བའི་མདོག་ལྟ་བུས་བསྒྲུབ་པར་བྱ་བའི་ལུས་ལ་གང་པར་བསམ་མོ། །གྲང་བའི་རིམས་ལ་ནི་སྐུ་མདོག་དམར་པོ་བསམས་ཏེ། དེས་ན་ཐམས་ཅད་སེལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཐེའུ་ཆུང་ལྕགས་ཀྱུ་བཅིངས་པས་སྦྱོར་ཏེ། མཛུབ་མོ་གཉིས་སྦྱར་ལ་རིམས་ལ་སོགས་པ་ནང་དུ་བསམས་ལ་བཙིར་བར་བྱའོ། །དེ་ཉིད་བདེ་བླག་གི་སྦྱོར་བས་ཡོངས་སུ་བསྒྱུར་ཏེ། འཕྲལ་ལ་གཞག་ན་དེས་སྡུག་བསྔལ་བ་ལ་སོགས་པ་སེལ་བར་འགྱུར་རོ། །མཛུབ་མོ་ཕན་ཚུན་མངོན་ཕྱོགས་པ། །ཞེས་བྱ་བ་ནི་མཛུབ་མོ་ཕན་ཚུན་སྦྱར་ཏེ་བཟུང་ལ་ཟུག་རྡུ་འབྱིན་པ་ལྟར་བྱས་ན་དེ་ཕྱིན་པར་འགྱུར་རོ། །གཞན་ཡང་སྦྱོར་བ་འདི་ཉིད་ལ་སོགས་པས་བཙིར་བའི་ཚུལ་དུ་བྱས་ན་ནད་ཐམས་ཅད་སེལ་བར་འགྱུར་རོ། །གྲུབ་པའི་སྤྱན་གྱིས་བྱས་པ་ནི་ལོང་བར་མཐོང་བར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་ཁར་བཅུག་ནས། འཇུག་པའི་ཚུལ་དུ་བྱས་ན་སེལ་བར་འགྱུར་རོ། །རིམས་ལ་སོགས་པ་བསལ་བ་ཡང་རིམ་པ་དེ་ཉིད་དོ། །མང་ལ་ན་གནས་པ་ལ་ནི་ལྷའི་གཟུགས་སུ་བསམས་ལ། རྣམ་པར་བཟླས་པ་བྱས་ནས་འབྱུང་བར་འགྱུར་རོ། །རྡོ་རྗེ་ཐལ་མོ་སྦྱར་བ་ལ་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོང་གཉིས་བསྙམས་ཏེ་རྩེ་མོག་གཉིས་ནང་དུ་བཅུག་ལ་སྦྱར་བ་ནི་བཟུང་བའི་མཆོག་སྟེ་སེམས་དཔའི་གཙུག་ཏོར་རོ། །གཉིས་སུ་བྱས་ནས་གཡས་པའི་སེམས་དཔའི་གཙུག་གཏོར་བྱིས་པའི་མགོར་བཞག་ན་ནད་མེད་པ་དང༌། འཚོ་བར་འགྱུར་ཞིང་མི་ཟད་པའི་བདེ་བ་ཐོབ་པར་བྱེད་དོ། །ལག་པ་གཡས་པ་ཀླུའི་གདེངས་ཀ་ལྟ་བུར་བྱས་ནས། དེ་ལས་བྱུང་བ་བསྒྲུབ་པར་བྱ་ལ་རྣམ་པར་གཞུག་པས་འབར་བས་བལྟས་ན། མངོན་པར་འདོད་པའི་དབང་གིས་ཐམས་ཅད་ཟ་བ་ལ་སོགས་པ་བྱེད་དོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས། གཡས་པའི་མཐེ་


DTG027_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བོང་དང༌། གུང་མོ་གཉིས་ཀྱིས་གཡོན་པའི་ཁུ་ཚུར་གྱི་གུང་མོ་དང་མཐེ་བོང་ལ་རེག་པས་དེ་ལས་བྱུང་བ་རྡོ་རྗེ་འབར་བ་རྣམས་ཀྱིས་བཅོམ་ལྡན་འདས་གདོན་རྣམས་འཇིགས་པར་བལྟའོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་གདུག་པས་བསྒྲུབ་པར་བྱས་ལ་མངོན་དུ་ཕྱོགས་ཏེ། རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་དེ་ལས་རྡོ་རྗེ་འབར་བ་འབྱུང་བར་མོས་པའི་མཁའ་འགྲོ་མའི་ཕྱག་རྒྱས་གསལ་བར་བྱའོ། །རྟ་མཆོག་གི་རྣལ་འབྱོར་པས་རྟ་ཐམས་ཅད་བཞོན་པར་བྱའོ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་གཡས་དང་གཡོན་དུ་ཡི་གེ་ཧཱུཾ་ལས་དེའི་སྐུ་བསམས་ལ་རྣམ་པར་བཟླས་པ་བྱས་ན་སྲོག་པ་ལ་སོགས་པ་འཕེལ་བར་འགྱུར་རོ། །དེ་བཞིན་དུས་བོན་ལ་སོགས་པ་ལ་ཡང་དེའི་སྐུར་བསྐྱེད་ལ་རྨོད་ཞིང་བསྐྱེད་པ་བྱས་ན་ཐམས་ཅད་འབྱོར་པར་འགྱུར་རོ། །དཀྱིལ་འཁོར་དང་སྒྲུབ་པ་ལ་སོགས་པ་དང་རབ་ཏུ་ཏུ་ལྡན་པ་ན། གལ་ཏེ་གཞན་གྱི་དམིག་ཚོགས་ལ་སོགས་པ་འཇིགས་པ་འབྱུང་བ་ཡང་སྲིད་པས་དེ་བཟློག་པའི་དོན་དགྲ་ཆའི་ཕྱག་རྒྱ་ཤེས་པར་བསྟན་པའི་ཕྱིར། འཁྲུལ་འཁོར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁྲུལ་འཁོར་གྱིས་འཕངས་པ་ནི་མདའ་ལ་སོགས་པའོ། །མ་འཕངས་པ་ནི་རལ་གྲི་ལ་སོགས་པའོ། །ལག་པས་འཕངས་པ་ནི་འཁོར་ལོ་སོགས་པའོ། །འཕངས་ནས་སླར་བཟུང་བ་ནི་ཞགས་པ་ལ་སོགས་པའོ། །སྟོབས་སུ་འགྱེད་པ་ནི་ནུས་དང་ལྡན་དང་རོལ་པ་དང་ལངས་པ་དང་དཔའ་བ་དང༌། ལག་སྟོབས་ལ་སོགས་པའོ། །འཁྲུལ་འཁོར་གྱིས་འཕངས་པ་བསྟན་པའི་ཕྱིར། དབྱིབས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཀྱང་རིམ་བཞིན་དུ་སྟོན་ཏེ། དེ་ལ་དབྱི་བས་ནི་ས་གའི་འདུག་སྟངས་དང༌། ཟླུམ་པོའི་འདུག་སྟངས་དང༌། གཡས་བརྐྱང་བ་སྟེ་རྣམ་པ་ལྔའོ། །དེ་ཡང་གང་འདི་ལྷན་ཅིག་ལགས་པར་ནི་མཐེ་བོང་རྟིང་པ་སྦྱར་བ་ནི། མཉམ་པོར་འདུག་པའི་དབྱི་བས་བཞིན་ཤེས། །དེ་ཉིད་ཤེས་པ་རྣམས་ཀྱིས་བཤད། །རྐང་པའི་སོར་མོ་ཕྱིར་བསྟན་ཏེ། །བརླ་གཉིས་མི་སྐྱོད་འགྲེང་བ་དག །ཚུར་ནི་སོར་ཚིགས་ཉི་ཤུ་དྲུག །ས་གའི་འདུག་སྟངས་ཞེས་བྱའོ། །ངང་པའི་སྒྲ་ལྟར་མཉམ་


DTG027_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་ཞིང༌། པུས་མོ་གཉིས་དག་བཀུག་ནས་ནི། །ལག་གཉིས་ནང་དུ་འཇུག་པ་ནི། །ཟླུམ་པོའི་འདུག་སྟངས་ཡིན་པར་གྲངས། །གཡོན་པ་གཞོལ་ཞིང་བཀུག་ནས་ནི། །གཡས་པའི་ཕུས་མོ་བརླར་བརྐྱང་ནས། །གཡོན་གྱི་ཐད་ཀར་བཞག་པ་དང༌། བརླ་དང་པུས་མོ་སྦྱར་བའོ། །རྒྱར་ནི་མཐོ་ལྔ་བརྐྱང་པ་ནི། །གཡས་བརྐྱང་པར་ནི་གྲགས་པ་ཡིན། །དེ་ལས་བཟློག་པར་གྱུར་པ་ནི། །གཡོན་པ་བརྐྱང་བར་ཤེས་པར་བྱ། །མི་ལྷོད་པ་དང་སྲན་ཚུགས་དང༌། །མཉེན་ཞིང་ཡན་ལག་བསྟན་པ་དང༌། །རྒྱ་ཆེན་འགྲེང་ཞིང་རྣམ་པར་དག། ཅེས་བྱ་བ་ནི་བདེ་བླག་ཅན་གྱིས་སྦྱར་བའོ། །རང་གི་སྙིང་གར་འདྲེན་ཚུལ་ཞེས་བྱ་བ་ལ་སོགས་པ་ཀུན་དུ་སྦྱོར་ཞིང་འདྲེན་མྱུར་བའོ། །ལག་པ་གཡོན་པ་ལེགས་བསྲང་ཞེས་བྱ་བ་ལ་སོགས་པས་འགྲེང་བའོ། །རྣ་དྲུང་བར་དུ་བྱ་བ་ལ་སོགས་པ་ནི་འཛིན་པའོ། །ཡི་གེ་ཨོཾ་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་ཇི་སྲིད་བར་དུ་བཀང་བ་ཡིན་གྱི་བརྗོད་པར་བྱ་བ་མ་ཡིན་ཏེ། དུས་དེ་སྲིད་ཀྱི་བར་དུ་བཟང་ངོ་ཞེས་པའོ། །ཇི་ལྟར་རིམ་པར་དྲངས་ནས་ཞེས་དབྱེ་བ་ལ་སོགས་པ་ནི་དགོས་པའོ། །ཆང་པས་བཞེས་ཞེས་བྱ་བ་ལ་སོགས་པ་ནི་འཕེན་པའོ། །གྲུ་བཞི་པ་ལ་ཞེས་པ་ནི་དེའི་མདུན་དུ་དྲངས་པའོ། །དྲོ་བ་དང་ཞེས་པ་ནི་གཡོན་ཕྱོགས་སུའོ། །ཀུན་ནས་བསྐོར་བར་བྱ་བ་ནི་རྒྱབ་ཏུ་བཟློག་པའོ། །གང་ཕྱོགས་ན་ནི་མདའ་སྐོར་ནས། །ཞེས་བྱ་བ་ནི་གཡས་ལ་གནས་པའོ། །སྨད་དེ་ཞེས་བྱ་བ་ནི་འབེན་འོག་ཏུ་བཙུགས་པའོ། །བསྟོད་པ་དང་ནི་ཞེས་བྱ་བ་ནི་སྟེང་དུ་བཞག་པའོ། །རྐང་པས་མནན་པ་ནི་རྐང་པ་གཡས་ཀྱིས་གཡོན་མནན་པའོ། །མནན་པ་དེ་ཡང་རིམ་བཞིན་དུ་མེའི་ཕྱོགས་ནས་འབེན་ལ་འབིགས་པའོ། །མིག་པའི་རྐང་བའི་རྟིང་པ་སྟེ། །དེས་དེ་བཞིན་དུ་མནན་ནས་བདེན་བྲལ་དང༌། རླུང་གི་ཕྱོགས་ཀྱི་འབེན་ལ་འབིགས་པ་བཅུའི་ཕྱག་རྒྱའོ། །རབ་ཏུ་འཕངས་དང་ཞེས་བྱ་བ་ལ་སོགས་པ་བཞི་འཕངས་པ་སྟོན་ཏོ། །ཉམ་ང་ལག་དང་ཞེས་བྱ་བ་ལ་སོགས་བ་ལག་པས་འཕེན་པའོ། །ཐམས་ཅད་འདེབས་དང་ཞེས་བྱ་བ་ལ་སོགས་པ་ནི་འབེན་ཐབས་ལར་བཟུང་བ་སྟོན་ཏོ། །


DTG027_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྲུལ་འཁོར་གྱིས་འཕངས་པ་ཡང་བྱ་བ་ལ་སོགས་པའི་ཐ་སྙད་ཀྱིས་དེ་ལ་མཁས་རྣམས་བྱེད་དོ། །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཕྱག་རྒྱ་རྣམས་ཀྱིས་གཞག་པར་བྱ་བའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱིས་ལྷའི་སྦྱོར་བ་བྱིན་གྱིས་བརླབ་པའི་ལས་ཐམས་ཅད་ཤེས་པའི་ཕྱག་རྒྱ་བསྟན་པ་ནི། སྲིན་ལག་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྲིན་ལག་གཉིས་ཀྱི་ནང་དུ་ནི། །ཞེས་བྱ་བ་ནི་སྲིན་ལག་གི་རྩ་བའི་ནང་དུའོ། །མཐེ་བོང་ལེགས་པར་གཞུག་པར་བྱ། །ཞེས་བྱ་བ་ནི་མཐེ་བོང་གི་རྩེ་མོ་དང་སྦྱར་རོ། །མཛུབ་མོ་ལེགས་པར་གཞུག་པར་བྱའོ། །ཞེས་བྱ་བ་ནི་མཛུབ་མོའི་རྩེ་མོ་བཀུག་ལ། མཐེ་བོའི་ངོས་ཀྱིས་མནན་པ་སྟེ། །འདི་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ལས་ཀྱི་ཕྱག་རྒྱ་སྟེ། བདག་གི་མཐེ་བོང་ནང་དུ་གཞུག །ཅེས་བྱ་བ་ནི་མཐེ་བོང་ནང་ནས་ཆོས་གོས་འཛིན་པའི་ཚུལ་དུ་བཞག་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པའོ། །དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་ཁུ་ཚུར་བཅངས་པ་ལས་མཐེ་ཆུང་བརྐྱང་བའོ། །པདྨའི་ཁུ་ཚུར་ནི་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའོ། །རྡོ་རྗེ་ཁུ་ཚུར་རིན་ཆེན་མཆོག །ཅེས་བྱ་བ་ནི་སྔར་བཤད་པའི་རིན་པོ་ཆེའི་ཁུ་ཚུར་ཏེ། རྡོ་རྗེ་ཉི་མའི་འཁོར་དང་བཅས་པའོ། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལ་མཐེ་བོང་ནང་དུ་བཅུག་སྟེ། སོར་མོ་ཐམས་ཅད་ཀྱིས་མནན་པ་ནི་རྟ་མཆོག་འཁོར་དང་བཅས་པའོ། །ལས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ལག་པ་གཉིས་ཀྱིས་བཅིངས་ཏེ། དེ་རྣམས་ཀྱི་རང་གི་སྙིང་པོ་ཅི་ལྟ་བ་དང་བཅས་པར་བཅིང་ངོ༌། །འདོད་ཆགས་ལ་སོགས་པའི་བགེགས་རྣམས་ནི་ཞི་བའི་དོན་དུ་དཔལ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཤེས་པ་ཉེ་བར་བསྟན་པའི་ཕྱིར། །རྐང་པ་བརྐྱང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་རྐང་པ་བརྐྱང་དང་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་སྦྱོར་བ་བྱས་ཏེ། དེས་ཀྱང༌། གཡས་དང་གཡོན་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་རྐང་པ་གཡས་པ་དང༌། གཡོན་པ་གཉིས་ཀྱིས་རིམ་བཞིན་དུ་སྐྱེས་པ་དང་བུད་མེད་ཀྱི་གཟུགས་


DTG027_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མནན་པར་གྱུར་ན། དེ་ལྟར་བྱས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་སོགས་པ་ཐམས་ཅད་དབང་དུ་འགྱུར་རོ། །རྣལ་འབྱོར་བདག་གི་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་དང་ལྡན་པའོ། །དེ་ལྟར་བྱ་བ་ཐམས་ཅད་བྱས་ཤིང་བགེགས་རྣམས་ཉེ་བར་ཞི་བའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ལེགས་པར་སློབ་ཅིང༌། རབ་ཏུ་དམིགས་པའི་དོན་དུ་དངོས་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། ཁུ་ཚུར་སྙིང་གར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པ་སྙིང་གར་ཁུ་ཚུར་ཀྱི་བདག་ཉིད་ཅན་གྱི་བུད་མེད་ཀྱི་མེད་ཀྱི་ཕྱག་རྒྱ་བཅིངས་ན་དངོས་པོ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །བུད་མེད་ཀྱི་སྦྱོར་བ་མ་ལུས་པ་ཞེས་བྱ་བ་ནི་བདེ་བའི་མཆོག་ལ་སོགས་པའི་ལྷ་མོའི་ཚོགས་རྣམས་ཀྱིའོ། །གཡོན་པ་འགྱིང་བའི་ཚུལ་དུ་བྱ། །ཞེས་བྱ་བ་ནི་གཡོན་པའི་འགྱིང་བའི་ཚུལ་གྱིས་དྲིལ་བུ་འཛིན་པའོ། །ལག་གཡས་རྣག་གི་སྙིང་གར་ནི། །ཞེས་བྱ་བ་ནི་བུད་མེད་ཀྱི་ཕྱག་རྒྱས་སྙིང་གར་བསྟོད་པའི་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་པ་འཛིན་པའོ། །བུད་མེད་ཐམས་ཅད་ཅེས་བྱ་བ་ནི་བདེ་བའི་མཆོག་ལ་སོགས་པའི་གཙོ་བོ་སྔོན་དུ་འགྲོ་བ་བུད་མེད་ཀྱི་ཕྱག་རྒྱ་སྟེ། འདི་ནི་རྡོ་རྗེ་འགྱིང་བ་ལ་རབ་ཏུ་སྦྱར་བར་བྱ་བ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བས་ནི། གཡོན་པ་ཁུ་ཚུར་གྱིས་སྣ་ཚོགས་པདྨའི་འཛིན་པ་གཡས་པ་ལྡང་བའི་ཚུལ་གྱིས་དབང་ཕྱུག་ཐམས་ཅད་བསྒྲུབ་པར་བྱའོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་གཡོན་གྱིས་དྲིལ་བུ་འཁྲོལ་ལ། གཡས་པས་རྡོ་རྗེ་རྩེ་ལྔ་པ་འབར་བ་ཡོངས་སུ་བསྐོར་ཞིང་གསོར་བས་སྒྱུ་མ་ཐམས་ཅད་འབྱུང་བར་བྱའོ། །དཔལ་པདྨ་གར་གྱི་དབང་ཕྱག་གི་རྣལ་འབྱོར་པས། ལག་པ་གཡོན་པས་སྣ་ཚོགས་པདྨ་བཟུང་སྟེ། ལག་པ་དེ་བརླ་གཡོན་པར་གཞག་ལ་ལག་པ་གཡས་པ་གཡས་པའི་བརླའི་སྟེང་དུ་གཞག་སྟེ། དེའི་མཛུབ་མེ་སེམས་དཔའི་ལ་བཞུགས་པའི་ཚུལ་དུ་ཁར་བཞག་ན་དེས་མི་དགའ་བ་ཐམས་ཅད་ལ་བར་འགྱུར་རོ། །རྡོ་རྗེ་ཉི་མའི་རྣལ་


DTG027_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་པས་ནི་གཡོན་གྱིས་རང་གི་སྙིང་གར་བསྟོད་པའི་ཚུལ་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛིན་ལ། གཡས་ཀྱིས་ནི་བུད་མེད་ལ་སོགས་པ་རིན་པོ་ཆེ་མཆོག་འཛིན་པས་མཆོག་སྦྱིན་པ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རྟ་མཆོག་གི་རྣལ་འབྱོར་པས་ནི། གཡོན་གྱིས་རང་གི་སྙིང་གར་བསྟོད་པའི་ཚུལ་དུ་སྣ་ཚོགས་རྡོ་རྗེ་འཛིན། གཡས་རྡོ་རྗེ་འགྱིང་བས་དབང་ཕྱུག་དམ་པ་ཐོབ་པར་འགྱུར་རོ། །ཀུན་དུ་སྣ་ཚོགས་ཀྱི་དམ་ཚིག་གི་རྟོག་པ་སྟེ། རྟོག་པ་དགུ་པའི་འགྲེལ་པའོ།། །།

བཅུ་པ། ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ་དཔལ་དམ་ཚིག་གི་བརྟག་པའི་འགྲེལ་པ།


DTG027_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཕྱག་རྒྱ་ཉི་ཤུ་རྩ་བདུན་ཇི་ལྟར་བསྒྲུབ་པ་བསྟན་པའི་འོག་ཏུ། ཀུན་དུ་སྣ་ཚོགས་སྐལ་བ་བཟང་པོ་དཔལ་དམ་ཚིག་གི་རྟོག་པ་ཉེ་བར་བསྟན་པའི་ཕྱིར། དེ་ནས་ཀུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་སྣ་ཚོགས་ཀྱི་ཕྱག་རྒྱ་ཤེས་པ་ཞེས་བྱ་བ་ནི། ཕྱག་རྒྱ་ཉི་ཤུ་རྩ་བདུན་ཤེས་པའོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཀུན་དུ་སྣ་ཚོགས་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བདག་གི་ལྟར་སྦྱོར་བའི་བདག་ཉིད་དུ་བསྒྲུབ་པའོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར་སྨིན་མ་མིག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨིན་མ་མིག་ལ་སོགས་པ་གསུངས་པའི་རིམ་གྱིས། ཆ་ལུགས་ཇི་ལྟ་བ་བཞིན་དུ་གར་བྱེད་པ་སྟེ། ཇི་ལྟར་མཐུན་པར་གར་བྱེད་པས་སོ། །ཕྱག་རྒྱ་ཐམས་ཅད་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །ཡོངས་སུ་འགྲོལ་ཞེས་པ་ནི་བཅིང་བའོ། །འདི་སྐད་སྟོན་པར་འགྱུར་ཏེ། བདག་ཉིད་ཀྱི་ལྷའི་བདག་ཉིད་ཇི་ལྟ་བ་ལ་སོགས་པའི་སྨིན་མ་དང༌། མིག་ལ་སོགས་པས་བྱས་པ་མེད་ན་ནི་བདག་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་གར་བྱེད་པ་སྔོན་དུ་འགྲོ་བས། ཕྱག་རྒྱ་ཆེན་པོ་ཐམས་ཅད་བཅིང་བར་བྱའོ་ཞེས་བ་སྟེ། སྔར་བཤད་པའི་རྒྱུད་ཀྱི་ཚོགས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་པའོ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཕྱག་རྒྱ་འཇིག་པའི་ལན་གྱི་ཕྱག་རྒྱ་བསྟན་པའི་ཕྱོར། དཔལ་གཡོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པ་འགྱིང་བ་དང་བཅས་ཞེས་བྱ་བ་ནི། གཡོན་པ་འགྱིང་བ་དང་བཅས་པས་དྲིལ་བུ་འཛིན་ལ། ལག་པ་གཡས་པས་ནི་པདྨ་ཁུ་ཚུར་


DTG027_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅངས་ནས་དཔྲལ་བར་གཞག་ལ། ཁྲོས་པས་གྱེན་དུ་བལྟ་བའི་ཚུལ་དུ་བྱས་པ་ནི། །དངོས་གྲུབ་ཀྱི་མཆོག་ཐམས་ཅད་ལ་སོགས་པ་སྒྲུབ་པར་བྱེད་དོ། །ཀུན་དུ་སྣ་ཚོགས་པ་ནི་སྐལ་བ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའི་རྟོག་པ་སྟེ། རྟོག་པ་བཅུ་པའི་འགྲེལ་པའོ།། །།སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི། །རྡོ་རྗེ་ཅན་འདིས་ཆེ་བ་ཉིད་བསྟན་པ་ཡིན་ནོ། །རྒྱུད་ཀྱི་རྒྱལ་པོ་ཡོན་ཏན་མང་ལྡན་མཁས་པའི་སྤྱོད་ཡུལ་བ། །དོན་རྒྱས་དོན་ལྡན་ཚོགས་ནི་ཤིན་ཏུ་འབྲེལ་སྦས་པའི། །འདིར་ནི་བདག་གིས་ལོ་འདབ་རྩེ་ཙམ་བླངས་ནས་རྣམ་ཕྱེ་ཡི། །མཆོག་ཏུ་མཁས་པའི་རྗེས་འབྲང་དམ་པ་རྣམས་ནི་ཚད་མ་ཡིན། །དཀའ་འབྲེལ་འདི་ནི་སྦྱར་བ་ཡིས། །བདག་གི་དགེ་བ་གང་ཡིན་དེས། །རབ་ཞི་བཤེས་གཉེན་བཅས་པ་ཡི། །འཇིག་རྟེན་རྡོ་རྗེ་འཛིན་པར་ཤོག །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀའ་འགྲེལ། །སློབ་དཔོན་རབ་ཏུ་ཞི་བའི་བཤེས་གཉེན་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཙཱཪྻ་ཤྲདྡྷ་ཀ་ར་ཝརྨ་དང༌། དྷརྨཱ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ།


DTG027_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་བཛྲ་སཏྭ་གུ་ཧྱཱརྠ་དྷ་རོ་བྱཱུ་ཧ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་ཚལ་ལོ། །དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །གསང་བ་མཆོག་གི་དགྱེས་པ་ནི། །ཐམས་ཅད་བདག་ཉིད་ལ་ཕྱག་འཚལ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་ལས། །སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །ཆོ་ག་སྣ་ཆོ་གས་འདོད་པ་ཡི། །སེམས་ཅན་རྣམས་ནི་འདུལ་བ་དང༌། །བདེ་བ་ཐམས་ཅད་བསྒྲུབ་པའི་ཕྱིར། །ཅི་རིགས་པར་ནི་སྤྲུལ་བྱས་པའི། །གཏམ་དག་རབ་ཏུ་བཤད་པར་བྱ། །ཡང་དག་གྲུབ་པ་གཅིག་པུ་ཉིད། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །རྟོག་བའི་ཆོ་ག་ཐམས་ཅད་ལ། །གྲུབ་པ་དམ་པ་མཆོག་གི་


DTG027_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོག །སངས་རྒྱས་བསྟན་པ་རྣམ་འཕྲུལ་བས། །རང་བཞིན་གཞི་ལས་འཁྲུལ་པ་དང༌། །དམ་ཆོས་སྤྱོད་ལ་འཁྲུལ་པ་དག །རྒྱུས་རྐྱེན་ལས་འབྲས་གདུལ་དོན་དུ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དབུགས་དབྱུང་རྣམ་པ་དྲུག་གི་ཚུལ། །དེ་ལས་མཐའ་ཡས་རྣམ་འཕྲུལ་བས། །སྣ་ཚོགས་དཀྱིལ་འཁོར་ལྷ་རྣམས་དང༌། །སྣ་ཚོགས་རྒྱུད་དོན་གསུངས་པ་དང༌། སྣ་ཚོགས་ལས་ཀྱི་འདུལ་མཛད་པས། །དེ་བས་འདི་ནི་རྒྱུད་ཀུན་གྱི། །རྩ་བའི་དོན་དུ་ཤེས་པར་བྱ། །གང་ཞིག་སྔོན་འགྲོ་ཕུན་སུམ་ཚོགས། །ཤེས་བྱ་དངོས་གནས་ལྟ་གཞི་ཤེས། །གནས་མཆོག་ཕུན་ཚོགས་གཞི་ལྡན་པས། །དཀྱིལ་འཁོར་དབང་དང་དམ་ཚིགས་དང༌། །ཏིང་འཛིན་ཕྲིན་ལས་སྤྱོད་པའི་དོན། །ཚོགས་ཀྱི་འཁོར་ལོ་སྒྲུབ་པའི་ཐམས། །བདག་གཞན་དོན་གྱི་དབྱེ་བ་ཡིས། །རིམ་པ་གཉིས་སུ་ཤེས་པར་བྱ། །ལས་གཉིས་ཉམས་སུ་བླངས་བྱས་པས། །འབྲས་བུ་མཛད་དང་བཅས་པར་སྣང༌། །དེ་དག་རྣལ་འབྱོར་དོན་སྣང་བའི། །རྣལ་འབྱོར་ཚིག་གིས་རྣམ་པར་གྲོལ། །མུ་སྟེགས་སོགས་སྤས་གསང་བའི་བརྡ། །སྒྲ་ཚད་རྟོག་གེས་ཤེས་པ་མིན། །བཞིན་བཟངས་རང་བཞིན་ཞི་བའི་ཆོས། །སྐྱེ་བོ་ཀུན་དགའ་མཁའ་འདྲའི་བློ་།དྲི་མེད་རས་དཀར་ལེགས་གནས་ལ། །སྔོན་པོའི་ཚོན་ཞེན་འགྱུར་བ་མེད། །ལ་ལར་རྒྱལ་རིགས་བྲམ་ཟེ་དང༌། །རིགས་ངན་མཚོན་ཆའི་འཁོར་ལོ་ཅན། །དྲང་སྲོང་སློབ་སྦྱོང་དཔོན་པོ་ལྟར། །བྱང་ཆུབ་སེམས་ལྡན་དོན་སྤྱོད་པ། །མ་ལྟར་བྱམས་ཤིང་ཕ་ལྟར་སློབ། །བྲན་དང་རྒྱལ་པོ་ལྟ་བུའི་ཚུལ། །ཁྱིམ་བདག་རིག་བྱེད་སྨྲང་འདོན་དང༌། །བློན་པོ་ལས་མཁན་བཞིན་དུ་གནས། །བྱ་བ་རྣམ་པ་བཅུ་བཞི་ཡིས། །བདག་དང་གྱི་དོན་སྤྱོད་པ། །ཡིད་བཞིན་ནོར་བུའི་སྒྲོན་འབྱེད་ཅིང༌། །འོད་ཀྱི་སྣང་བ་གསུམ་ལ་སྤྱོད། །ཐེག་ཆེན་གསང་དོན་གནས་མཐོང་ནས། །གཞུང་བཞིན་ཁང་པར་ཞུགས་པ་དང༌། །གནས་གསུམ་དག་ཅིང་རྩལ་རྫོགས་པའི། །སྨིན་བྱེད་ཕྱི་ནང་གསང་མཐར་ཕྱིར། །རང་གནས་འདའ་བ་མེད་པའི་ཆོས། །ཐུན་མོང་ཁྱད་པར་རིམ་པ་བཞིན། །མཉམས་རྒྱུད་ལ་གནས་བྱ་སྟེ། །བསྐང་སོའི་ལས་


DTG027_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་བརྩོན་ལྡན་པས། །བདག་གཞན་དོན་གྱི་བྱ་བ་རྣམས། །གཞུང་བཞིན་བསྒྲུབ་པར་བསྟན་པ་ཡིན། །སྲོག་ཆགས་གསང་པར་མི་བྱ་ཞིང༌། །དཀོན་མཆོག་གསུམ་ནི་ཡོང་མི་སྤང༌། །བྱང་ཆུབ་སེམས་ཀྱང་མི་བཏང་སྟེ། །སློབ་དཔོན་སྐལ་བཟང་ཡོང་མི་སྤང་ཀུན་དུ་སྣ་ཚོགས་སྐལ་བཟང་པོར། །བདག་རང་སྒྲུབ་པས་སྐལ་བ་བཟང༌། །རང་གི་ངོ་བོ་ཡོངས་སྤངས་པའི། །དཀའ་ཐུག་ཀྱིས་ནི་གཟིར་མི་བྱ། །ཅི་བདོ་བར་ནི་བདེ་བར་སྦྱར། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་སྤྱད། །དཀྱིལ་འཁོར་ཀུན་དུ་མ་ཞུགས་ཤིང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བ་ཡང་དག་མི་ཤེས་པས། །སྒྲུབ་པ་ཅི་ཡང་མི་འགྲུབ་པོ་།བདག་མེད་ཆོས་ཉིད་དང་ལྡན་པས། །དམ་ཚིག་ལ་སྔང་སྐལ་བ་ངན། །སྲིད་པ་ཤིན་ཏུ་བསྒྲུབས་པས་ན། །སྐལ་བཟང་སངས་རྒྱས་བཅོམ་ལྡན་འདས། །ཆོས་ཀུན་རང་བཞིན་གནས་པའི་ཚུལ། །རྟོག་ཐབས་ཡོན་ཏན་སྐྱོན་དག་དང༌། །ལོག་རྟོག་སྙིང་རྗེའི་གནས་བསྟན་པའི། །དངོས་པོ་དེ་ཉིད་དོན་བསྟན་མཛད། །འདི་ནི་རང་འབྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཐེག་པའི་མཆོག །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་ཆེ། །ངོ་བོ་ཉིད་ཀྱི་མཐུ་དག་དང༌། །རང་བཞིན་གྱིས་ནི་དེ་འགྲུབ་བོ། །ཊཱ་ནི་ནམ་མཁར་འགྲོ་མ་ཞེས། །ཁམས་ལས་མངོན་དུ་བརྟག་པ་སྟེ། །ནམ་མཁའ་ཀུན་དུ་སྤྱོད་འགྲུབ་པས་།མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཆགས་མིན་ཆགས་དང་བྲལ་བ་ཡིན། །དབུ་མར་ཡང་ནི་མི་དམིགས་སོ། །ཐམས་ཅད་མ་ལུས་ཕྱག་རྒྱ་ཡིས། །ཐམས་ཅད་ལ་ལུས་བདེ་མཆོག་གི ། སྒྱུ་མ་ཐམས་ཅད་རབ་སྦྱོར་བ། །མཆོག་ཏུ་བདེ་བས་བདེ་བའི་མཆོག །དེ་ཉིས་འདོད་ཆགས་འདོད་ཆགས་བྲལ། །འདོད་པ་དང་ནི་འགྲོ་བ་ཡིན། །དུས་གསུམ་སྲིད་གསུམ་མཆོག་གསུམ་འང༌། །འཇིག་རྟེན་གསུམ་དང་ཁམས་གསུམ་དང༌། །རྣམ་པ་སྣ་ཚོགས་ཐ་དད་པའི། །གནས་


DTG027_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཐམས་ཅད་དེ་ཉིད་དོ། །འགྲོ་བ་དག་ནི་མ་ལུས་ཀུན། །ཐམས་ཅད་དུ་ནི་འདི་འགྱུར་རོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་ཉིད་མཉམ་དང་མི་མཉམ་པ། །རྣམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །དངོས་པོ་ཐམས་ཅད་དེ་ཡིན་ནོ། །སྐུ་མཆོག་མཚན་དང་དཔེ་བྱད་དང། །ཡོན་ཏན་མ་འགགས་རྩལ་རྫོགས་ཤིང༌། །དཀྱིལ་འཁོར་ལ་སོགས་རྫོགས་པར་ལྡན། །གསུངས་ཐུགས་ཕྲིན་ལས་གསལ་བར་ལྡན། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གོ །དུས་གསུམ་སྒྲིབ་པ་མི་མང་བའི། །མགོན་རྣམས་བདེ་ཆེན་གནས་བཞུགས་ཏེ། །གསལ་བ་སྟོབས་དང་མི་འཇིགས་ཐོགས། །བདག་གཞན་གཉིས་མེད་སྣ་ཚོགས་སྣང༌། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། ཁམས་གསུམ་དག་ནི་མ་ལུས་པའི། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དང་ནི་རེག་པར་འགྱུར། །དམིགས་སུ་ཡོད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །ཡོད་པ་མ་ཡིན་མེད་པ་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པའོ། །ཐབས་ཀྱི་སྒོ་ནས་བདེ་བ་ཆེ། །ཐིག་ལེ་ཕྲ་མོ་ལས་འདས་ཤིང༌། །རླུང་གི་གནས་ལ་འང་གནས་མི་མཛད། །གསང་བ་སྔགས་ཀྱི་དམིགས་བྲལ་བའོ། །ཤེས་རབ་ལས་བརྟེན་པའི་མཐུས། །འཁོར་ལོའི་བྱང་སེམས་འབེབས་དང་གཟུང༌། །རང་གི་གནས་སམ་གཞན་དུ་སྤྲོ། །རྩ་སོགས་དམན་པ་དབྱིབས་ལས་འདས། །གཉིས་མེད་ཕྱག་རྒྱ་ཆེན་པོའི་དང༌། །སྣང་བ་ཉིད་ན་སྟོང་པ་སྟེ། །སྟོང་པ་ཉིད་ན་སྣང་བ་ཡིན། །དབང་པོ་དྲུག་གི་ཡུལ་ལ་རོལ། །ཆོས་རྣམས་མངོན་སུམ་བདེ་ཆེན་པོ། །གཟུགས་སེགས་རབ་འབྲིང་ཐ་མ་མེད། །སྣང་བདེ་སྟོང་པའི་རྒྱས་བཏབ་པས། །དམིགས་པ་ཀུན་ལས་རྣམ་པར་གྲོལ། །རྣལ་འབྱོར་དབང་ཕྱུག་བདེ་བ་ཆེ། །བདེ་བས་བདེ་བ་ཀུན་ཐོབ་བོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་མཚན་མས་གཡེངས་མེད་པ། །འདི་


DTG027_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ཁྲུས་དང་བསྡམ་མི་དགོས། །དཀའ་ཐུབ་དཀའ་བ་སྤྱད་མི་དགོས། །དཀའ་ཐུབ་སྔོམ་པ་མེད་པ་དང༌། །བདེ་བ་དང་ནི་དགའ་བས་འགྲུབ། །དེ་བས་ཇི་ལྟར་འདོད་སྤྱོད་ཅིང༌། །ཀུན་ཟ་དེ་བཞིན་ཐམས་ཅད་སྤྱོད། །སྤྱོད་བ་ཅི་དགར་སྤྱོད་པར་བྱེད། །གཡོ་བ་དག་ཀྱང་ཅི་དགར་བྱེད། །གང་ལ་ཅི་དགར་སྤྱོད་ཀྱང་རུང༌། །གཉིས་མེད་བདེ་ཆེན་གྲོགས་སུ་འགྱུར། །དཀྱིལ་འཁོར་ཀུན་དུ་མ་ཞུགས་ཤིང༌། །སྒྲིབ་པ་ཀུན་དང་ལྡན་པ་ཡང༌། །རང་གི་ལྷར་ནི་བདག་སྦྱོར་ན། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །བསྐལ་བ་བྱེ་བར་མི་ཐོབ་པ། །སངས་རྒྱས་དམ་པ་ཐམས་ཅད་དེ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །བསྒྲུབས་ན་ཀུན་དུ་ཐོབ་པར་འགྱུར། །བདག་ཉིད་སྒྲུབ་པར་བྱེད་པའི་མཆོག །དེ་ནི་བདག་གིས་བ་རྟག་པར་བྱ། །རང་གི་རང་བཞིན་མ་རྟོགས་ཤིང༌། །གཞན་དུ་འཁྲུལ་བའི་འགྲོ་བདག །ཡུལ་དྲུག་རང་རྒྱུད་བརྟགས་པ་ཡིས། །སྣ་ཚོགས་གཉིས་ཀྱི་ཆོ་སུ་སྣང༌། །མི་མཐུན་བདེ་སྡུག་གནས་ལ་སྤྱོད། །ཆོས་བརྒྱད་མཚན་མས་གཡེངས་གྱུར་ཞིང༌། །ཉོན་མོངས་ཡན་ལག་དང་བཅས་པས། །འགྲོ་དྲུག་གནས་རྣམས་སོ་སོར་སྣང༌། །སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་གདུངས། །ལས་ཀྱི་འབྲེལ་པའི་དངོས་ལ་ཆགས། །ཀྱེ་མ་འདི་དག་སྙིང་རེ་རྗེ། །བདེ་ཆེན་གནས་ལས་འདི་ལྟར་གྱུར། །སྡུག་བསྔལ་འདི་གཞན་ག་ལས་འགྱུར། །ནམ་ཞིག་རང་གི་དེ་ཉིད་མཐོང༌། །ནམ་ཞིག་རང་འབྱུང་ཡེ་ཤེས་འཆར། །ནམ་ཞིག་བདེ་བ་ཆེན་པོས་རྒྱས། །ཀྱེ་མའོ་ལོག་པར་རྟོག་པ་ཡིས། །ཁ་ཅིག་ལམ་ངན་ལོག་ཞུགས་པའི། །རྒྱུ་ལས་འཁྲུལ་དང་ལམ་ལས་འཁྲུལ། །འབྲལ་བུའི་དངོས་ལས་འཁྲུལ་གྱུར་པ། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ཏེ། །ཁྱི་དང་བ་ལང་དབྱི་གུ་གསུམ། །མེ་ལྔ་སོགས་ཀྱིས་ལུས་གདུངས་ཏེ། །ཚེ་ཟད་ངན་སོང་གསུམ་དུ་འགྲོ། །རིགས་ང་ན་དམན་པའི་ལམ་ཞུགས་པས། །བདེ་འདོད་དེ་ཉིད་ལམ་ལས་གོལ། །སྡུག་བསྔལ་ཀུན་འབྱུང་སྤོང་ཤེས་འདོད། །ཕྱིར་ཞིང་སྡུག་བསྔལ་ཀུན་འབྱུང་གནས། །འགོག་ལམ་མངོན་པར་སྐོམ་བྱེད་ཀྱང༌། །འཕགས་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས། །


DTG027_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱེ་མའོ་ཡང་དག་བདེ་ལས་གཞན། །འཁྲུལ་པའི་བདེན་པ་བཞི་རུ་བརྟག །རྐྱེན་རྟོག་དགྲ་བ་ཅོམ་ས་འདོད་པས། །རྟེན་འབྲེལ་ལ་བརྗོད་དེ་ཉིད་སྤོང༌། །ཉོན་མོངས་ལས་དང་སྡུག་བསྔལ་གྱིས། །རང་བཞིན་རྨོངས་ལས་བདེ་སྤྱོད་པ། །དེ་ཉིད་མཚན་མས་འཁྲུལ་འགྱུར་ཏེ། །ཐམས་ཅད་མ་རིག་ལས་བྱུང་ན། །དེ་ཉིད་རྒྱུད་གཞན་གང་ལས་བྱུང༌། །ཐམས་ཅད་རང་བྱུང་ཡེ་ཤེས་ཡིན། །ཀྱེ་མའོ་དགྲ་བྗོམྶ་འདོད་པས། །རྒྱུན་ཞུགས་ལན་ཅིག་འོང་བ་དང༌། མི་སྔོག་སྤྱོད་སོགས་དཀའ་བ་ཡིས། །དགྲ་བཅོམ་ལམ་ཞུགས་གྲོལ་མི་འགྱུར། །ཡང་དག་བདེན་པའི་དོན་མེད་པར། །ཀུན་དུ་བརྟགས་པས་གཉིས་འཛིན་པ། །བསྐལ་པ་མང་པོར་དཀའ་སྤྱད་ཀྱང༌། །ཡང་དག་སངས་རྒྱས་ཐོབ་མི་འགྱུར། །ཀྱེ་མ་ངེས་དོན་མ་རྙེད་པས། ལམ་གཞན་གཡེངས་པས་ཚི་ཆད་དེ། །གྱད་ཀྱི་ནོར་བཞིན་ཀུན་དུ་ཚོལ། །སྐུ་གསུམ་འབྲས་བུ་སྐྱེ་མི་འགྱུར། །གང་ཞིག་ཕུན་སུམ་ཚོགས་ལྡན་ཞིང༌། །བར་ཆད་མེད་ཅིང་ཉམས་དགའ་བའི། །དབེན་པ་ཡི་ནི་གནས་དག་གམ། །རང་གི་སྐྱེད་མོས་ཚལ་སོགས་པར། །ཀུན་དུ་སྣ་ཚོགས་སྐལ་བཟང་པོར། །ཀུན་དུ་སྣ་ཚོགས་བདེ་མཆོག་གིས། །ཀུན་དུ་སྣ་ཚོགས་དགོས་པ་རྣམས། །ཅི་བདེ་བར་ནི་བསྒྲུབ་པར་བྱ། །དེ་ནི་དཀྱིལ་འཁོར་ལེགས་པ་ལ། །དྲི་སྣ་ལྔ་ཡིས་བྱུགས་བྱས་ནས། །ཤེས་རབ་ལྡན་པས་སྲད་བུ་གདབ། །ཆ་དབྱེ་ལྷ་ཡི་གདན་སོགས་དགོད། །ལུགས་མ་འམ་རས་བྲིས་སོགས་བཀྲམ་ནས། །མཆོད་པ་སྣ་ཚོགས་སྦྱོར་བར་བྱ། དེ་བཞིན་གཤེགས་པའི་ལྷ་རྫས་མཆོག །རིན་ཆེན་རྒྱན་ལ་སོགས་པས་སྤྲས། །དྲིལ་བུ་རྒྱལ་མཚན་མཆོག་ལྡན་པའི། །བླ་རེ་དམ་འབྲེས་བ་དང༌། རྡོ་རྗེ་ཚིག་དང་མཆོད་ལ་སོགས། །གླུ་དང་སིལ་སྙན་རྣམ་པར་འཕྲུལ། །མེ་ཏོག་བདུག་པའི་སྦྱོར་བ་དང༌། །མར་མེ་དྲི་ལ་སོགས་ལྡན་པར། །དེར་ནི་དང་པོར་གདན་བཤམས་ཏེ། །འཇམ་ཞིང་རེག་ན་བདེར་འགྱུར་བའི། །སྣ་ཚོགས་པདྨ་རས་ཀྱིས་གཡོགས། །དེ་ནི་ཐམས་ཅད་དག་པའི་གདན། །གཟུགས་སྒྲ་དྲི་རོ་རེག་བྱ་དང༌། །བཟའ་བཏུང་མྱང་དང་ལྡན་པ་ཡི། །མཚོ་བའི་ཟས་དང་རྐྱེན་བཟློག་སྨན།


DTG027_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་རྫས་མི་འཆི་གསང་བ་ལྔ། །ལྕགས་ཀྱུ་ལྔ་པོ་གྲོགས་དང་བཅས། །གསང་ལྡན་དཔའ་བོས་སྤྱོད་པར་བྱ། །རིགས་བཟང་གཟུགས་སོགས་མཚན་ལྡན་པའི། །དེ་ཅི་གསང་བའི་གནས་ཐུབ་པ། །རྟོག་མེད་ཐེག་ཆེན་ལ་དགའ་ཞིང༌། །གཙོ་བོ་མཉེས་པའི་ལས་ལ་མཁས། །ཁྲུས་བྱས་དྲིས་བྱུགས་རྒྱན་དང་བཅས། །དབང་བསྐུར་བྱིན་བརླབས་སྤྲོ་བ་བསྐྱེད། རྫས་རྣམས་འཚོགས་པ་སྤྱང་བྱ་ཞིང༌། །བྱིན་བརླབས་བསྡུས་ནས་གནས་སུ་དགོད། །ཆ་ལུགས་རྣམ་པ་སྣ་ཚོགས་དང༌། །སྒྲུབ་པ་རྣམ་པ་སྣ་ཚོགས་ཀྱིས། །རྡོ་རྗེ་སེམས་དཔའི་དགོངས་པ་ལས། །དཀྱིལ་འཁོར་ལ་སོགས་རབ་ཏུ་བསྒྲུབ། །ཀྱེ་མའོ་རང་གིས་བསླང་བྱས་པ། །རྨོངས་རྣམས་འབྲུལ་ཞིང་གདུངས་བ་ལ། །ཚད་མེད་ཁྱབ་པས་བཀབ་བྱས་ནས། །མྱུར་དུ་སྒྲོལ་བར་དམ་བཅའོ། །བདག་ཀྱང་གོམས་པར་མ་གྱུར་ཏེ། །འདོད་ཀྱང་ནུས་མེད་ཡོད་ཅི་ཕན། །དེ་ཕྱིར་དང་པོ་བསྒྲལ་བྱས་ཏེ། །གྲུབ་པས་གཞན་དོན་རྒྱ་ཆེར་བསམ། །སྤྲོས་བྲལ་དེ་བཞིན་ཉིད་དབྱིངས་ལས། །འགྲོ་ལ་ཁྱབ་པའི་ཐུགས་རྗེ་འབྱུང༌། །རྡོ་རྗེ་སེམས་དཔའི་སྦྱོར་ལྡན་པས། །རྣམ་གསུམ་དག་ཅིང་མཐུ་བསྐྱེད་ཕྱིར། །ཡན་ལག་ཉིང་ལག་དག་པ་ལ། །ཧཱུཾ་སོགས་བསལ་མཚན་མར་གནས། །ལྕེ་ལ་མོ་སརྦ་དྷརྨྨ། །བུ་དྷེ་བྷེ་སྔགས་མཚན་དང་བཅས། །ཐུགས་ཀར་སེམས་དཔའ་གསུམ་ལྡན་པ། །སྔགས་དང་བཅས་ཏེ་བདག་བྱིན་བརླབ། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །མཚན་མའི་ཕྱག་རྒྱ་ལྡན་བྱས་ཏེ། །ཐམས་ཅད་འབྱུང་བའི་སྦྱོར་བ་ཡིས། །བདག་གི་ལྷར་ནི་བདག་ཉིད་བྱ། མཛོད་གནས་ལས་བྱུང་དེ་ཉིད་གསལ། །སྲིད་གསུམ་རང་གི་གནས་སུ་དག །དེ་ལས་སྤྲོས་པ་རྟེན་སོགས་དང༌། །འགྲོ་གཞན་གནས་སོགས་རྣམ་པར་སྤྱང༌། །བསྐལ་པ་གསུམ་གྱི་སྡིག་བྲལ་ཞིང༌། །རང་གནས་སྐུ་གསུང་ཐུགས་སུ་དག །དངོས་གྲུབ་རྒྱལ་བ་བསྐུལ་བྱས་པས། །ཚང་བུག་སྒྲ་གནས་མཛོད་གསལ་བྱས། །ཡང་སྤྲུལ་མ་ལུས་ཁྱབ་བྱས་ཤིང༌། །སྣ་ཚོགས་གར་ལས་བྱུང་བ་ཡི། །རྡོ་རྗེ་སེ་གོལ་གཏོགས་པ་དང༌། །ཛཿ་ཧཱུཾ་བཾ་ཧོཿ་འི་སྦྱོར་ལྡན་པས། །ཐུན་མོང་


DTG027_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྱད་པར་སྤྲོས་དང་བཅས། །བླ་མ་ལྷག་པའི་ལྷ་བསྐུལ་ནས། །རང་གི་གནས་ནས་བསྐྱོད་མཛད་དེ། །ཆགས་མེད་རི་བོང་ཅན་རྣམས་བསམ། །ཨོཾ་ཕྱོགས་བཅུ་ཀུན་ནས་ལེགས་བཞུགས་པའི། །བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུ། །ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ། །སྨོན་ལམ་དབང་གིས་གཤེགས་སུ་གསོལ། །ཨོཾ་བཛྲས་མཱ་ཛཿ་ཧཱུཾ། །ཡང་དག་ཉིད་དུ་དག་མོད་ཀྱང༌། །འགྲོ་བ་ཀུན་གྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་བར་མཛོད། །གནས་འདི་ཉིད་དུ་བཞུགས་སུ་གསོལ། །མ་ཧཱ་ས་ར་ཡ་སྟྭཾ། ཨོཾ་ཐུགས་རྗེ་ཆེན་པོ་གཟིགས་ནས་ཀྱང། །སྣ་ཚོགས་རྒྱུད་རྣམས་འཕྲུལ་མཛད་པའོ། །གར་མཁན་འཁོར་ལོའི་རྒྱུད་མངའ་བ། འགྲོ་བའི་དོན་དུ་མཆོད་བཞེས་མཛོད། །གསང་སྔགས་རྒྱལ་པོ་ལས་བྱུང་བའི། །སྣ་ཚོགས་མཚོན་ཆའི་ཚོགས་སྤྲོས་ཏེ། །བགེགས་ཀུན་བཤིག་ཅིང་གཏོར་ནས་ནི། །ས་གཞིར་བ་གུར་དུ་གྱུར། །ཡི་གེ་གསུམ་སོགས་རྣམ་སྤྲོས་པས། །མཆོད་སོགས་རྫས་རྣམས་སྤྱང་བ་དང༌། བྱིན་བརླབས་ལྷ་མོ་དང་བཅས་པ། །མང་དུ་སྤྲོས་ཏེ་དབུལ་བར་བྱ། །ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །མེ་ཏོག་ལ་སོགས་ལྷ་མོ་དང༌། །གླིང་བུ་ལ་སོགས་ལྷ་མོ་ཡི། །སོ་སོའི་སྔགས་དང་ཕྱག་རྒྱ་དང༌། །རྟིང་འཛིན་དབྱངས་སུ་བཅས་པས་དབུལ། །སྣ་ཚོགས་གཟུགས་མཛེས་སྒྲ་སྙན་ཅིང༌། །དྲི་ཞིམ་རོ་མཆོག་བརྒྱ་ལྡན་པ། །རེག་བྱའི་བདེ་བ་སྤྲིན་ཕྱུང་བཞིན། ནམ་མཁའ་གང་བར་འབྱུང་བ་དང༌། །གཞན་ཡང་འགྲོ་བ་དྲུག་པོ་དག །ལྷ་དང་ལྷ་མོའི་ཚོགས་གྱུར་པས། །རྒྱན་རྣམས་ཀུན་གྱིས་ལེགས་པར་མཛེས། །གླུ་དབྱངས་ཚིགས་སུ་བཅད་པ་དང༌། །བྲོ་དང་གར་གྱིས་བསྐྱོད་བྱས་ཏེ། །སྟོང་གསུམ་རྡུལ་སྙེད་སྤྲུལ་བྱས་པས། །དཀྱིལ་འཁོར་ཀུན་ལ་ལེགས་འབུལ་ན། །མགོན་པོ་ཐུགས་རྗེ་ཅན་གྱིས་བཞེས། །ཨོཾ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བརྒྱལ་མཚོ་ཡེ་ཤེས་ཀྱི། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱོ། །བི་ཤྭ་མུ་ཁེ་


DTG027_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྷྱཿ་སརྦ་ཏཏཁཾ་ཨུཏྒ་ཏེ་སྥྲ་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ལས་བྱུང་བའི་འབྲས་བཟང་མ་ཆོག །ཀུན་མཁྱེན་གནས་མཆོག་སྙོམས་མཛད་པའི། །དོན་རྣམས་གང་ལ་ཆགས་མེད་དེ། །བྱང་ཆུབ་སེམས་དཔའི་ལམ་ཆེན་པོས། །འགྲོ་བ་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་འཛིན་པའི་གནས་ཐོབ་ཤོག །སྣ་ཚོགས་སྣང་གྲགས་རྣམ་གྲོལ་བ། །དབྱིངས་སྣང་ཆོ་འཕྲུལ་དཔག་མེད་ཀྱང༌། །དེ་ཡི་རང་བཞིན་དེ་ཉིད་ལས། །ནམ་མཁའི་ཁམས་ལྟར་སྣོ་དང་བྲལ། །འཁོར་གསུམ་ཡོངས་སུ་དག་པ་ཡི། །མཉམ་ཉིད་བདེ་བ་ཆེན་པོའི་དང༌། ཐམས་ཅད་ཀུན་དུ་འབྲལ་མེད་པའི། །དོན་གཉིས་ངོ་བོ་ལྷུན་འགྲུབ་ཤོག །ཨོཾ་བཛྲ་ས་ཏྭ་ས་མ་ཡ། །མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཊྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཁོ་མེ་བྷ་བ། སུ་པོཥོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨྶ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿ་ཀུན་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ་བྷ་ག་བཱན་སརྦ་ཏ་ཐའ་ག་ཏ་བཛྲ་མཱ་མེ་མུཉཙ། བཛྲཱི་བྷ་མ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ་ཨོཾ་ཨཱཿ་ཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་བཅིང་ཏེ། །མྯེབ་ཆེན་བསྒྲེངས་ནས་གཡོབ་པར་བྱ། །རྡོ་རྗེ་ཐལ་མོ་ལན་གསུམ་དུ། །མི་དྲག་སྨད་གཉིས་བརྡབ་པར་བྱ། །ཨོཾ་བཛྲ་གྩྪ་མུཿ་ཨོཾ་བཛྲ་ཏུ་བྷྱ་ཧོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །དཔུང་པ་གཉིས་ནི་རྡོ་རྗེ་བཅིངས། །རྡོ་རྗེ་སེ་གོལ་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕུན་པར་མི་འགྱུར་ཏེ། ཤེས་རབ་ཐབས་ཀྱི་ངོ་བོ་ཡི། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང༌། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅེ་དགོས། །དེ་ནས་སྣ་ཡི་རྩེ་མོ་ལ། །ཡིད་ནི་ཡང་དག་བརྟེན་པར་གཟུང༌། །སྣ་ཡི་དབུགས་རིང་དྲོ་བ་ལས། །རྒྱལ་བས་སྦྱོར་བའི་ཕྱག་རྒྱ་འབྱུང༌། །བཅོམ་ལྡན་དེ་ཉིད་རྣམ་འབྱོར་པས། །རྡོ་རྗེ་ཁྲོ་བོར་བསྒྱུར་ནས་འབྱུང༌། །རྡོ་རྗེ་ཆེན་པོ་ཧེ་རུ་ཀ །འབར་བས་ཐལ་བར་རབ་ཏུ་འཇིག །སེམས་དཔའ་སྔོན་པོ་འབར་བའི་དང༌། །འོད་ཀྱི་དཀྱིལ་འཁོར་དམར་པོ་འབར། །འཇིགས་པ་


DTG027_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོའི་དུས་ལྟར་དྲག །དུར་ཁྲོད་ཀྱི་ནི་མེད་དང་འདྲ། །འབར་བ་ཆེན་པོ་སྐུ་འབར་བ། །ཐོད་པ་མང་པོའི་དབུ་རྒྱན་ཅན། །འཇིག་པ་ཆེན་པོའི་དུས་ལྟར་དྲག །དུང་ཁྲོད་བཞིན་དུ་རབ་ཏུ་འཇིགས། །ཁྲོ་ལ་སོགས་པའི་ཚུལ་ལྡན་པ། ཞལ་རྣམས་སྣ་ཚོགས་བསྒྱུར་བ་དང༌། །སྨིན་མ་ཁྲོ་གཉེར་བཅས་པར་བསྒྱུར། །འབར་བའི་ཐལ་བས་གར་བྱས་པ། །གུ་ལང་དབང་ཆེན་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་པར་བཅས། །གནས་གསུམ་དག་ནི་འབར་བྱས་ནས། །ཐལ་བ་བཞིན་དུ་རབ་ཏུ་བཤིག །རྡོ་རྗེ་རྡོ་རྗེ་ཁ་ཊྭཱཾ་ག །དྲིལ་བུའི་སྒྲ་ནི་གསིལ་བ་ཡིས། །ཐམས་ཅད་ཕབ་ནས་སླར་ཡང་ནི། །ཐལ་བར་གྱུར་པའང་འཚོ་བར་བྱེད། །འདོད་པའི་རྒྱལ་པོ་དྲག་པོ་ཡིས། །ཕྱོགས་བཅུའི་བགེགས་རྣམས་བཀུག་མཛད་ནས། །ཕོ་མོར་བསྣོལ་ཏེ་ཉི་མར་དགོད། །སོ་སོའི་ཚོགས་བཅས་མྱོས་པར་འགྱུར། །སུམྦྷ་ནི་ཡི་སྔགས་བརྗོད་ཅིང༌། །བརྗིད་གནོན་ཁྲོ་བོ་ཆེན་པོའི་སྐུ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། །གྲྀ་ཧཎ་གྲི་ཧན་ཧཱུཾ། །གྲྀ་གྷཎ་པ་ཡ་གྲྀ་ཧཎཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། །བྷ་ག་བཱ་ན་བི་དྷྱཱ་རཱ་ཛ་ཧཱུཾ་ཕཊ། ཨོཾ་ཨིནྡྲ་ཡེ་སྭཱ་ཧཱ། རྣམ་རྒྱལ་ལ་སོགས་ཁྲོ་བོ་བཅུ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །ཕྱག་མཚན་རྒྱན་དང་མཚན་མ་ཀུན། །ཧེ་རུ་ཀ་བཞིན་རྣམ་པར་གནས། །ཨོཾ་བཛྲ་ཀྲོ་དྷ་བྷི་ཛཱ་ཡ་ཧ་ན་ཧ་ན་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱ་ནྟ་ཀ་པ་ཙ་པ་ཙ་ཧཱུཾ། །ཨོཾ་བཛྲ་ཀྲོདྡྷ་ཧ་ཡ་གྲྀ་བ་ཏུ་ལུ་ཧུ་ལུ་ཧཱུཾ། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྚ་ལི་ཙྪིནྡ་ཙྪིནྡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ད་ཧ་ད་ཧ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་བནྡྷ་བནྡྷ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཙི་ཏྟ་ཏི་ཥྛ་ཏིཥྛ་ཧཱུཾ། །ཨོཾ་བཛྲ་ཀྲོ་དྷ་ཧྲཻ་ལོ་ཀྱ་བྷི་ཛཱ་ཡ། བྷིནྡྡྷ་བིནྡྷ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་ག་རྫ་གརྫ་ཧཱུཾ། །ཨོམ་བཛྲ་ཀྲོདྷ་མ་ཧཱ་བ་ལ་སྥོ་ཊ་སྤོ་ཊ་ཧཱུཾ་རྡོ་རྗེ་བདུད་རྩི་རྣམ་འཕྲུལ་པས། །རྡོ་རྗེ་ཐོ་བ་ཕྱག་བསྣམས་ཤིང༌། །སྟེང་འོག་ཕྱོགས་མཚམས་བཏབ་ནས་ནི། །རང་གི་གནས་སུ་ངེས་པར་གདབ། །ཨོཾ་བཛྲ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱ་ན་ཕཊ། ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་རྡོ་ཨཱ་ཛཱ་པ་ཡ་ཏི། ཀཱ་ཡ་ཝག་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ།ཕྱོག་བཅུ་ཡང་དག་བྱུང་བ་ཡི། །བགེགས་ཀྱི་ཆུ་བོ་ཀུན་བཅོམ་ནས། །འོད་ཟེར་གནོན་པོ་འཁྲུག་ཅིང་


DTG027_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབར། །ཤིན་ཏུ་བགེགས་མེད་ས་མཐོང་ནས། །མཚམས་དང་རབ་དྲ་སོགས་ཀྱི། །རྡོ་རྗེ་འཁོར་ལོའི་རྩིབས་རྣམས་ལ། །ཁྲོ་བོའི་ཚོགས་ཀྱི་སྤྲུལ་པར་བཅས། །ཡང་སྤྲུལ་མཚོན་ཆ་འཕྲོ་བའོ། །དམིགས་པའི་ཡུལ་བྲལ་ཐམས་ཅད་སེམས་ཀྱི་དབྱིངས། །མཚན་རྟོག་ཀུན་ལས་འདས་པས་ཡེ་ཤེས་ཆེ། །མ་བཅོས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ། །སྣང་སྟོང་བཏང་སྙོམས་ཆེན་པོའི་དང་དུག་གསོལ། །ཨོཾ་དྷརྨ་བྷཱར་ཏུ་སྭ་བྷཱ་ཨཱཏམ་ཀོ྅ཧཾ། འགྲོ་ལ་ཁྱབ་པའི་ཐུགས་རྗེ་ཆེན་པོ་ནི། །རྩོལ་བྲལ་གསལ་བའི་ཡེ་ཤེས་ལྔ་ལས་བྱུང༌། །སྟོང་གསལ་བྱང་ཆུབ་སེམས་ཀྱིས་ཀུན་དུ་ཁྱབ། །དམིགས་མེད་ཀུན་དུ་སྙིང་རྗེས་ཅིར་ཡང་སྣང༌། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝའཏམ་ཀོ྅ཧཾ། འཕྲུལ་དགའི་ཚུལ་འབྱུང་རྡོ་རྗེ་སེམས་དཔའ་ནི། །སྟོང་གསུམ་ཡང་ཐོག་དག་ཏུ་གནས་མཛད་དེ། །ཨ་ནུ་རཱ་ག་ཡ་མིའི་སྔགས་བརྗོད་པས། །སྟོང་གསུམ་འབྱུང་བའི་དཀྱིལ་འཁོར་རིམ་བརྩེགས་ཆགས། །སྟོང་གསལ་ལ་ནམ་མཁའི་རང་བཞིན་གྲུབ་གསུམ་དཀར། །ཡུམ་ཆེན་ཀུན་དུ་བཟང་མོའི་སྣང་བ་གྲུབ། །རླུང་དཀྱིལ་གཞུ་ཡི་དབྱིབས་སྔོ་བ་དན་བཅས། །སྲ་མཁྲེགས་རྡོ་རྗེ་རྒྱ་གྲམ་གྲོལ་བའི་མཁའ། ཆུ་དཀྱིལ་ཟླུམ་ཞིང་དཀར་བ་བུམ་པས་མཚན། །དབུ་བའོ་མར་འཁྱིལ་པ་མཱ་མ་ཀཱི། །དབང་ཆེན་གསེར་གྱིས་གཞི་གྲུབ་བཞི་ས། །རྩ་མོ་རྡོ་རྗེས་མཚན་པ་སངས་རྒྱས་སྤྱན། །དེ་སྟེང་རྒྱ་མཚོ་ལ་གནས་རི་རབ་མཆོག །ཀར་ཏི་བཻཊཱུ་ཪྻ་མཚེར་བ་དང༌། །པདྨ་རཱ་ག་ཨིནྡྲ་ལྗང་མདོག་ཅན། །ཁ་ཁྱེར་བང་རིམ་མཚོ་དང་རི་བྲགས་བཅས། །ཡི་ཤེས་གསལ་བའི་མེད་དཀར་འོད་འབར་ཞིང༌། །རྩེ་གསུམ་རས་མཚན་ན་བཟའ་དཀར་མོའི་དབྱིབས། །ལྗོན་ཤིང་བྱ་ཚོགས་དགའ་ཚལ་ལྕོག་བཞི་དང༌། །བང་རིམ་ངོས་ལ་ཉི་ཟླའི་རྒྱན་དང་བཅས། །དེ་སྟེང་རྒྱལ་བའི་ཡོན་ཏན་སྣང་བའི་གནས། །རིན་ཆེན་ལས་གྲུབ་རྣ་ཚོགས་པདྨ་ལ། །གསེར་གྱི་འཁོར་ལོ་སྣ་ཚོགས་རྡོ་རྗེའི་དབུས། །གྲུབ་བཞི་སྒོ་ཁྱུད་རྟ་བ་བས་བཞི་ཡིས་མཚན། །རིམ་ཆེན་སྣ་ལྔ་ཕྱོགས་ཀྱི་རྩིག་པ་ལ། །རང་འབྱུང་ཉི་ཤུ་རྩ་ལྔའི་འོད་དང་བཅས། །རྡོ་རྗེས་


DTG027_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་པའི་ཀ་བ་མཆོག་བརྒྱད་སྤྲས། །རིན་ཆེན་མེ་ཏོག་མུ་ཏིག་ཕྲེང་བས་མཛེས། །གཟུགས་སྒྲ་དྲི་རོ་རེག་གི་ལྷ་མོར་འཁྱུག །གདུགས་དང་རྒྱལ་མཚན་བླ་རེ་རྡ་ཡབ་དང༌། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་བ་དན་དཔྱངས། །དྲིལ་བུ་སྙན་པའི་སྒྲ་སྙན་མཐའ་དག་སྒྲོགས། །རེའུ་ཆ་བརྒྱད་པའི་ཐིག་བཞི་ཕྱེ་བ་ལ། །སྣ་ཚོགས་པད་མཚན་མྱུ་ཁྱུད་རྡོ་རྗེ་ཅན། །མཚམས་ཀྱི་རེའུ་ཆར་བུམ་པ་གང་བ་བཞི། །བདུད་རྩིའི་བཅུད་ལྡན་རྒྱན་དང་མཚན་མས་མཛེས། །རེའུ་རིག་ཕྱི་མ་ཀུན་དུ་འཁོར་ལོའི་ཚུལ། །མཚམས་མེད་རྡོ་རྗེའི་ཕྲེང་བ་དག་དང་ལྡན། །ཕྱི་རོལ་ར་བ་རིམ་གསུམ་གནས་པའི་རྒྱབ། །ཕྱི་ཡི་ལྕགས་རི་རྡོ་རྗེ་ར་བའི་ནང༌། །ཕྱོགས་དང་མཚམས་སུ་དུར་ཁྲོད་ཆེན་པོ་བརྒྱད། །ཤིང་བརྒྱད་ངོས་ནི་ཞིང་སྐྱོང་ལུས་ཕྱེད་སྟོན། །གདོང་པ་ཕྱོགས་སྐྱོང་བརྒྱད་ཀྱི་གདན་དང་མཐུན། །གཡས་ཀྱིས་གྲི་གུག་གཡོན་ན་ཐོད་པ་འཛིན། །མཚོ་བརྒྱད་ནང་ན་ཀླུ་བརྒྱད་ལུས་ཕྱེད་སྟོན། །ཐལ་མོ་སྦྱར་ཏེ་བཅོམ་ལྡན་ཕྱོགས་སུ་གུས། །ཤིང་བརྒྱད་དྲུང་དུ་རྣལ་འབྱོར་འཁོར་བཅས་གནས། །སྤྲིན་དང་མཆོད་རྟེན་རང་འབྱུང་མཁའ་འགྲོའི་ཚོགས། །རོ་ལངས་ཤ་ཟ་འབྱུང་པོ་མང་གནས་ཤིང༌། །རོ་དང་བྱ་ཁྱི་ཅེ་སྤྱང་རྣམ་པར་འདྲེས། །དེ་དུས་དྲག་བྱེད་མཁའ་འགྲོ་ལྷ་ཚོགས་ལ། །འཛམ་བུའི་གླིང་བཞིན་དུར་ཁྲོད་རྣམ་པར་སྣང༌། །ཕྱི་རོལ་དཔག་བསམ་བུམ་པ་བྱ་དང་ཤིང༌། །འདོད་པའི་ལོངས་སྤྱོད་ཀུན་གྱིས་རྣམ་པར་མཛེས། །དབུས་ཀྱི་པདྨའི་གདན་དག་ལ། །དཔལ་མཆོག་དང་པོ་བཞུགས་མཛད་དེ། །ཆོས་ཀུན་སྟོང་ཉིད་མཚན་མར་བྲལ། །སྨོན་མེད་རང་བཞིན་འོད་གསལ་བའི། །ཏིང་འཛིན་ལ་བཞུགས་བྱམས་པར་གནས། །འགོག་པའི་རང་བཞིན་ལ་གནས་པ། །ཕྱོགས་བཅུའི་རྒྱལ་བས་བསྐུལ་མཛད་དེ། །མངོན་བྱང་ལྔ་ཡིས་རྫོགས་སྐུར་གྱུར། །རང་སེམས་ཟླ་བའི་དཀྱིལ་འཁོར་ལ། །ཨ་ཡིག་བཅུ་དྲུག་གནས་པ་ལ། །ཐུགས་རྗེ་ཆེན་པོ་ཤར་བྱེད་པའི། །ཉིད་དཀྱིལ་ཀ་ཡིག་སུམ་ཅུ་བཞི། །ལྕེ་རྩ་ཅན་བཞི་མི་གསལ་གཉིས། །སྐར་མའི་གཟུགས་འདྲ་བསྒོམ་པར་བྱ། །དེ་དག་འཕྲོ་ཞིང་འདུས་པ་ཡིས། །


DTG027_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་མོད་ཀྱི་དེ་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེས། །རྩ་བའི་སྐྱེ་མཆེད་བྱེད་ན། །ཁྱོད་ཀྱི་རྩ་བས་མ་བསྐྱེད་དེས། །དེ་ནི་ཅི་ལྟར་སྐྱེད་པར་བྱེད། །ཅེས་བྱ་བ་སྨྲས་སོ། །གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བསྐྱེད་པར་བྱེད་ན་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་མའི་བཤད་པ་སྟེ། ཕྱོགས་སྔ་མ་སྨྲ་བའི་གཞུང་བརྣན་པ་ཡིན་ནོ། །ཁྱོད་ཀྱི་རྩ་བའི་སྐྱེ་བས་མ་བསྐྱེད་པའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་ཅི་ལྟར་སྐྱེད་པར་བྱེད་སྐྱེད་པར་མི་བྱེད་པ་ཉིད་དེ་མ་སྐྱེས་པའི་ཕྱིར་སྔོན་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་བྱེད་འོག་མའི་བཤད་པ་སྟེ། ཕྱོགས་སྔ་མ་སྨྲས་པའི་གཞུང་སུན་འབྱིན་པ་ཡིན་ནོ། །དེ་དག་ཀྱང་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྔོན་མ་སྐྱེས་པའི་དངོས་པོ་ནི་མ་སྐྱེས་པའི་ཕྱིར་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ་རྩ་བའི་སྐྱེ་བས་མ་བསྐྱེད་པའི་སྐྱེ་བ་དེ་ཡང་མ་སྐྱེས་པའི་ཕྱིར་རྩ་བའི་སྐྱེ་བསྐྱེད་པར་མི་བྱེད་པ་ཉིད་དོ། །གལ་ཏེ་རྩ་བའི་སྐྱེ་བས་བསྐྱེད་པ་ཁོ་ནའི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་བསྐྱེད་པར་བྱེད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོ་པོ་དག་དེ་སྐད་ཅེས་ཟེར་ནའོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ། གལ་ཏེ་ཁྱོད་ཀྱི་རྩ་བ་ཡི། །བསྐྱེད་པ་དེ་ཡིས་རྩ་བ་སྐྱེད་ན། །དེས་མ་བསྐྱེད་པའི་རྩ་བ་དེས། །དེ་ནི་ཅི་ལྟར་སྐྱེད་པར་བྱེད། །ཅེས་བྱ་བ་སྨྲས་སོ། །གལ་ཏེ་ཁྱོད་ཀྱི་རྩ་བའི་སྐྱེ་བས་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་སྐྱེད་པར་བྱེད་ན་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་མའི་བཤད་པ་སྟེ། ཕྱོགས་སྔ་མ་སྨྲ་བའི་གཞུང་བརྣན་པ་ཡིན་ནོ། །སྐྱེ་བའི་སྐྱེ་བ་དེས་མ་བསྐྱེད་པའི་རྩ་བའི་སྐྱེ་བ་དེས་སྐྱེ་བའི་སྐྱ་བ་དེ་ཇི་ལྟར་སྐྱེད་པར་བྱེད་སྐྱེད་པར་མི་བྱེད་པ་ཉིད་དེ། མ་སྐྱེས་པའི་ཕྱིར་སྔོན་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་ཕྱེད་འོག་མའི་བཤད་པ་སྟེ། ཕྱོགས་སྔ་མ་སྨྲ་བའི་གཞུང་སུན་འབྱིན་པ་ཡིན་ནོ། །དེ་དག་ཀྱང་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྔོན་མ་སྐྱེས་པའི་དངོས་པོ་ནི་མ་སྐྱེས་པའི་ཕྱིར་སྐྱེ་བའི་སྐྱེ་བ་དེ་སྐྱེད་པར་མི་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ་སྐྱེ་བའི་སྐྱེ་


DTG027_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བས་མ་བསྐྱེད་པའི་རྩ་བའི་སྐྱེ་བ་དེ་ཡང་མ་སྐྱེས་པའི་ཕྱིར་སྐྱེ་བའི་སྐྱེ་བ་དེ་སྐྱེད་པར་མི་བྱེད་པ་ཉིད་དོ། །གལ་ཏེ་རྩ་བའི་སྐྱེ་བ་དང་སྐྱེ་བའི་སྐྱེ་བ་དག་སྐྱེ་བཞིན་པ་ན་རང་གི་བྱ་བ་བྱེད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་དེ་སྐད་ཅེས་ཟེར་ནའོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ། ཁྱོད་ཀྱི་དེ་ནི་སྐྱེ་བཞིན་པ། །མ་སྐྱེས་དེ་ཡིས་གལ་ཏེ་ནི། །དེ་ནི་སྐྱེད་པར་བྱེད་ནུས་ན། །དེ་སྐྱེད་པ་ནི་འདོད་ལ་རག །ཅེས་བྱ་བ་སྨྲས་སོ། །ཁྱོད་ཀྱི་རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་དེ་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་དེས་གལ་ཏེ་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་བྱེད་ནུས་ན་ནི་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་འདོད་ལ་རག་ན་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་དེའི་བཤད་པ་སྟེ། ཕྱོགས་སྔ་མ་སྨྲ་བའི་གཞུང་བརྣན་པ་ཡིན་ནོ། །རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་དེས་སྐྱེ་བས་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་ནུས་ཏེ། མ་སྐྱེས་པའི་ཕྱིར་རམ་སྐྱེ་བཞིན་པའི་ཕྱིར་སྔོན་བཞིན་ནམ་སྐྱེ་བར་འདོད་པའི་དངོས་པོ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་དམ་བཅའ་བ་སྟེ། ཕྱོགས་སྔ་མ་སྨྲ་བའི་གཞུང་སུན་འབྱིན་པ་ཡིན་ནོ། །དེ་དག་ཀྱང་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྔོན་མ་སྐྱེས་པའི་དངོས་པོ་ནི་མ་སྐྱེས་པའི་ཕྱིར་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་ནུས་པ་དང༌། སྐྱེ་བར་འདོད་པའི་དངོས་པོ་ནི་སྐྱེ་བཞིན་པའི་ཕྱིར་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་ནུས་པ་དེ་བཞིན་དུ་རྩ་བའི་སྐྱེ་བའམ་སྐྱེ་བའི་སྐྱེ་བ་སྐྱེ་བཞིན་པར་རང་ཉིད་མ་སྐྱེས་པ་དེ་ཡང་མ་སྐྱེས་པའི་ཕྱིར་རམ་སྐྱེ་བཞིན་པའི་ཕྱིར་སྐྱེ་བའི་སྐྱེ་བའམ་རྩ་བའི་སྐྱེ་བ་དེ་སྐྱེད་པར་མི་ནུས་སོ། །གལ་ཏེ་ལྷན་ཅིག་འབྱུང་བའི་རྒྱུས་སྐྱེ་བཞིན་པ་ལ་ཡང་སྐྱེད་པའི་མཐུ་ཡོད་པའི་ཕྱིར་ལྷན་ཅིག་འབྱུང་བ་མ་སྐྱེས་པ་དག་གམ། སྐྱེ་བཞིན་པ་དག་གིས་མ་སྐྱེས་པའི་ཕྱིར་རམ། སྐྱེ་བཞིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་མ་བསྐྱེད་པའི་ཕྱིར་རམ་སྐྱེ་བཞིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་ནོ་ཞེས་སྐྱོན་འདོགས་པ་ཡིན་ཏེ། དེ་དག་ན་རེ་ལྷན་ཅིག་འབྱུང་བའི་རྒྱུ་ནི་ཆོས་མངོན་པ་མཛོད་ལས། ལྷན་


DTG027_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོས་མཉེས་པར་མཛད། །རྔུལ་ཕྲན་ཡི་གེའི་དབྱིབས་སུ་གྱུར། །གང་ཞིག་ཞལ་དུ་ཞུགས་པ་ལས། །བདེ་བ་ཆེན་པོའི་གནས་སུ་འདུས། །འཁོར་ལོ་བཞི་ནས་རིམ་བཞིན་སྤྲོ། །འབར་ཏ་ཀ་ཏའི་གནས་འབྱུང་སྟེ། །བདེ་ཆེན་ཆགས་དང་གཉིས་མེད་འདྲེས། །ཁམས་གསུམ་འགྲོ་བའི་རྒྱུད་བསྲེགས་ནས། །རིགས་དྲུག་སོ་སོའི་དཀྱིལ་འཁོར་བསྒྲུབ། །རྣལ་འབྱོར་དག་པའི་རྒྱུད་བསྐུལ་ཞིང༌། །རྣམ་གསུམ་དཀྱིལ་འཁོར་གསལ་བར་སྣང༌། །སླར་འདུས་གནས་སུ་གཞལ་ཡས་ཁང༌། །རྒྱན་དང་གདན་བཅས་སྔོན་བཞིན་འབྱུང༌། །ཐིག་ལེས་གནས་སུ་མཚན་བྱས་ནས། །སྤྲོས་པས་ཡེ་ཤེས་དཀྱིལ་འཁོར་གསལ། །ཧཱུཾ་ལས་རྡོ་རྗེ་སེམས་དཔའ་སྟེ། །གསང་གནས་དབུས་ཀྱི་པདྨ་ལའོ། །ཛཿ་ལས་ལྷ་མོ་བདེ་མཆོག་མ། །ཧཱུཾ་ལས་ཨེ་མ་བདེ་བའོ། །བཾ་ལས་ལྷ་མོ་སྣང་མཛད་མ། །ཧོཿ་ལས་སློབ་མ་མོ་ཡི་རྒྱ། །དེ་དག་སེམས་པའི་ཕྱོགས་བཞི་ནས། །འཁྲིལ་པའི་ཚུལ་དུ་བཞུགས་པའོ། །ཨོཾ་ལས་སངས་རྒྱས་བྱང་ཆུབ་མ། །བྷཱུཾ་ལས་ཆོས་ཀྱི་འཁོར་ལོ་ཡིན། །ཧ་ལས་ཁམས་གསུམ་རྣམ་རྒྱལ་ཏེ། །ཁཾ་ལས་འདོད་པ་ཀུན་མཛད་མའོ། །དེ་དག་ཤར་ལ་སོགས་པ་ཡི། །ཕྱོགས་བཞི་ཡི་ནི་རེའུ་ཆ་ལའོ། །ཨོཾ་ལས་གླིང་བུ་ཏྲཾ་པི་ཝང༌། །བཾ་ལས་རྔ་ཆེན་ཛྫ་རྗ་རྔ། །མེ་མཚམས་ལ་སོགས་རེའུ་མིག་ཏུ། །ལྷ་མོ་བཞི་ནི་རིམ་བཞིན་བཞུགས། །ཨ་ཨཱ་མེ་ཏོག་སྤོས་མེ་མ། །ཨཾ་ཨཿ་མར་མེ་དྲི་ཆབ་མའོ། །བར་ཁྱམས་མཚམས་ཀྱི་གནས་བཞི་རུ། །ལྷ་མོ་བཞི་ནི་གནས་པ་ཡིན། །ཛཿ་ལས་རྟ་མགྲིན་འཕང་མཐོ་མ། །ཧཱུཾ་ལས་ཕག་གདོང་མཆེ་བ་ཅན། །བཾ་ལས་ཉི་ཟླ་མེ་འབར་མ། །ཧོཿ་ལས་ཐལ་བྱེད་སྒོ་བཞིར་གནས། །བྷ་གའི་གནས་ནས་སྤྲོ་བྱ་ཞིང༌། །སླར་འདུས་ཕྱི་རོལ་གནས་ལ་འཁོད། །རྡོ་རྗེ་སེམས་དཔའི་གཟུགས་འདྲ་བ། །སྐུ་གཉིས་འཕྲོ་འདུས་རང་ལ་གཞུག །ཛ་བཛྲ་ཏྲི་ས་མ་ཡ་ཕཊ། །ལྷ་མོ་བདེ་མཆོག་འགྱིང་བག་ཅན། །དཀར་མོ་སྣ་ཚོགས་རྒྱན་དང་གོས། །ཕྱག་གཉིས་མདའ་གཞུ་འགེངས་པ་སྟེ། །འཕྲོ་འདུའི་ལས་མཛད་


DTG027_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤར་དུ་བཞུགས། །ཨོཾ་བཛྲ་ཀཱི་ལི་ཀི་ལ་ཧཱུཾ། ཨེ་མ་བདེ་བ་གསེར་གྱི་མདོག །གཡས་པས་བདག་པོ་ལ་འཁྱུད་ཅིང༌། །གཡོན་པས་རྡོ་རྗེ་རིན་ཆེན་འཛིན། །འགྱིང་བཅས་ལྷོ་ཡི་ཕྱོགས་སུ་གནས། །བཾ་བཛྲ་ཎི་སྨར་རབ་ཕཊ། སྣང་མཛད་དམར་མོ་གཡས་པ་ན། །སྣ་ཚོགས་རྡོ་རྗེ་གཡོན་དག་གིས། །འགྱིང་བཅས་ཐོད་པའི་སྣོད་ཐོགས་ཤིང༌། །ཁ་ཊྭཱཾ་ལ་བརྟེན་ནུབ་ཕྱོགས་གནས། །ཧོཿ་བཛྲ་ཀཱ་མེ་ཤྭ་རི་ཏྲཾ། །སློབ་མ་མོ་འགྱིང་ལྗང་གུའི་མདོག །གཡས་པས་བདག་པོའི་སྐུ་ལ་འཁྱུད། །གཡོན་གྱི་བདུད་རྩིའི་བུམ་པ་ནས། །སངས་རྒྱས་སྐུ་འབྱུང་བྱང་གི་ཕྱོགས། །ཨོཾ་ཨཾ་མ་དུ་བཛྲི་གྷུཾ་གྷུཾ། སངས་རྒྱས་བྱང་ཆུབ་དཀར་དམར་གསལ། །ཚངས་པའི་མགོ་བཞིས་མཚན་པ་ཡིས། །མདའ་བཞི་དུས་གཅིག་འཕན་པའི་ཚུལ། །འགྱིང་བཅས་ཤར་གྱི་རེའུ་ཆར་གནས། །ཨོཾ་བཛྲ་མེ་གེ་གུ་ལུ་ཧཱུཾ། ཆོས་ཀྱི་འཁོར་ལོ་དཀར་སེར་མདངས། །གཡས་ཀྱི་གུང་མོའི་རྩེ་མོ་ལ། འཁོར་ལོ་རྩེ་བརྒྱད་འདེགས་ཚུལ་འཛིན། །འགྱིང་བཅས་ལྷོ་ཡི་རེའུ་ཆར་གནས། །ཨོཾ་ཧ་ཤ་ར་ཏ་བཛྲི་ཨིཾ་ཨ། ཁམས་གསུམ་རྣམ་རྒྱལ་དམར་སྐྱའི་མདོག །གཡས་ན་ཏྲི་ཤཱུལ་རྩེ་གསུམ་དང༌། །གཡོན་པས་རྡོ་རྗེ་རྩེ་ལྔ་འཛིན། །གར་མཛད་ནུབ་ཀྱི་རེའུ་ཆར་གནས། །ཨོཾ་ཁཾ་བཛྲ་ཤི་རི་ཧཱུཾ་ཧཱུཾ། །འདོད་པའི་དབང་མོ་ལྗང་གུའི་མདོག །ཕྱག་གཉིས་དཔག་བསམ་ལྗོན་ཤིང་ལ། །མེ་ཏོག་དང་བཅས་རླུང་བསྐྱོད་འཛིན། །གར་མཛད་བྱང་གི་ངོས་སུ་གནས། །ཨོཾ་དེ་ར་ཏི་བཛྲི་བི་ལ་སི་ཏྲ་ཐ། གླིང་བུ་སྔོན་མོ་རྡོ་རྗེས་མཚན། །སྣ་ཚོགས་སྒྲ་སྒྲོགས་མེ་ཡི་ཕྱོགས། །ཧེ་བཛྲ་གྷི་ཏེ་ཏེ་ཏེ་ཏེ། །པི་ཝང་སེར་མོ་རྡོ་རྗེས་མཚན། །གླུ་དབྱངས་དྲུག་ལྡན་བདེན་བྲལ་ཕྱོགས། །ཧེ་ར་ཏི་བཛྲ་ཧ་སི་ཧ་ས་བཾ། །རྔ་ཆེན་དམར་པོས་རྡོ་རྗེ་རྡ། །བརྡུང་མཛད་རླུང་མཚམས་ལ་གནས་པའོ། །ཧེ་ར་ཏེ་བཛྲ་ནེ་ཏྲེ་པེ་པ་ས་ཛ། རྫ་རྔ་ལྗང་གུ་རྫ་རྔ་ལ། །རྡོ་རྗེས་མཚན་བརྡུང་དབང་ལྡན་ཕྱོགས། །ཨོཾ་བཛྲ་པུཥྤེ། མེ་ཏོག་དམར་སེར་རྡོ་རྗེས་མཚན། །གཞོན་ཐོགས་མི་ཡི་མཚམས་སུ་གནས། །བཛྲ་དྷཱུ་པེ། །སྤོས་མེ་དཀར་སྔོ་རྡོ་རྗེས་མཚན། །སྤོས་ཐོགས་བདེན་བྲལ་


DTG027_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚམས་སུ་གནས། །ཨ་བཛྲ་ཨཱ་ལོ་ཀེ། མར་མེ་དམར་མོ་རྡོ་རྗེས་མཚན། །གསལ་འཛིན་རླུང་གི་མཚམས་སུ་གནས། །ཨ་བཛྲ་གནྡྙེ། །དྲི་ཆབ་ལྗང་གུ་རྡོ་རྗེས་མཚན། །གང་འཐོར་དབང་ལྡན་མཚམས་སུ་གནས། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། རྟ་གདོང་དཀར་མོ་ལྕགས་གྱུ་དང༌། །ཐོད་པ་རྟ་མགོ་ལྗང་གུ་ཤར། །ཨོཾ་བཛྲ་པཱ་ཤེ་ཧཱུཾ། །ཕག་གདོང་སྔོན་མོ་གཡས་མཆེ་བ། །གཡོན་ཞགས་ལྷོ་ཡི་སྒོ་ལ་གནས། །ཨོཾ་བཛྲ་ཤྲིཾ་ཁ་ལེ་བཾ། སྣང་བ་མོ་དམར་ཕྱོག་གཉིས་ཀྱིས། །ཉི་ཟླ་ལྕགས་སྒོག་ནུབ་ཀྱི་ཕྱོགས། །ཨོཾ་བཛྲ་གྷཎྚེ་ཧོཿ། ཐལ་བྱེད་ལྗང་གུ་གཡས་དྲིལ་བུ། །གཡོན་པས་བྷནྡྷ་ཀུ་བཅས་བྱང༌། །ཡང་ན་ལྷ་མོ་ཐམས་ཅད་ཀྱང༌། །ཟླ་བའི་ཁ་དོག་འཛུམ་པའི་ཞལ། །བརླབ་ཡི་དབུས་ནི་དམར་ལ་དཀར། །ཕྱག་མཆོག་ལོ་མ་སྔོན་མོ་འདྲ། །དཀར་ཞིང་སེར་བའི་བརླ་དང་ལྡན། ལྷ་རྫས་ཁ་ཟས་སྣ་ཚོགས་མཆོག །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །པདྨ་སྣ་ཚོགས་ལ་ངས་པ། །སངས་རྒྱས་པདྨ་ལ་སོགས་མཆོག །རིན་ཆེན་སྣ་ཚོགས་རྒྱན་དང་གོས། །མུ་ཏིག་མེ་ཏོག་ལ་སོགས་མཆོག །མཛེས་པའི་རྒྱན་ཆ་སྣ་ཚོགས་འཆང༌། མགོན་པོ་རོ་མཉམ་གནས་བཞུགས་ནས། །ཆོས་དབྱིངས་ཡེ་ཤེས་སྙོམས་འཇུག་ལས། །ལྷ་མོ་བདག་པོ་བསྐུལ་མཛད་དེ། །སེམས་ཅན་དོན་ཀུན་རྣམ་འཕྲུལ་མཛད། །རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདྨོ་རྣམས། །དག་པའི་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པ། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། །ཨེ་མའོ་མཆོད་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་ཤིན་ཏུ་རྣལ་འབྱོར་སྐལ་བཟང་མཆོག་དགྱེས་པ་།རང་གི་དམ་ཚིག་སྐྱོན་མེད་རྟག་ལ་རོལ་ཅིག་རོལ་ཅིག་ཧོ། །གློ་བུར་འཁྲུལ་པས་འཁོར་བ་ཡི། །འགྲོ་བ་ཀུན་ལ་དགོངས་ནས་བཞེངས། །དཀྱིལ་འཁོར་ཚོགས་རྣམས་གསལ་བའི་ཕྱིར། །དབང་བསྐུར་བྱིན་གྱིས་བརླབ་པར་མཛད། །གཟུགས་ཕྱུང་ཆོས་དབྱིངས་ཡེ་ཤེས་ཆེ། །མིག་ལ་སངས་རྒྱས་རྣམ་སྣང་མཛད། །རྣམ་གསུམ་གཟུགས་


DTG027_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །ཚོར་བ་ཀུན་རྟོག་ཡེ་ཤེས་ཆེ། །རྣ་བ་རྡོ་རྗེ་ཉི་མ་ཡིན། །རྣམ་གསུམ་སྒྲ་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །འདུ་ཤེས་མཉམ་ཉིད་ཡེ་ཤེས་ཆེ། །ལྕེ་ལ་པདྨ་དབང་ཕྱུག་རྒྱལ། །རྣམ་གསུམ་རོ་དང་རོལ་མཛད་དེ། །བརྟན་གཡོའི་དངོས་བོ་རྣམ་པར་འཕྲུལ། །འདུ་བྱེད་བྱ་བ་གྲུབ་པའི་གནས། །སྣ་ལ་རྟ་མཆོག་རོལ་པ་སྟེ། །རྣམ་གསུམ་དྲི་དང་རོལ་མཛད་ཅིང༌། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །རྣམ་ཤེས་མེ་ལོང་ཡེ་ཤེས་ཆེ། །ཡིག་ལ་རྡོ་རྗེ་ཧེ་རུ། ཀ །རྣམ་གསུམ་ཆོས་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །ཀུན་ཁྱབ་སྟོང་པའི་ཡེ་ཤེས་ཆེ། །ལུས་ལ་རྡོ་རྗེ་སེམས་དཔའ་གནས། །རྣམ་གསུམ་རེག་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །རྣམ་གསུམ་ཕྱག་རྒྱའི་ཚོགས་ལྡན་ཞིང༌། །ཐུགས་ཀར་ཡེ་ཤེས་སེམས་དཔའ་གནས། །རང་རིག་དཀྱིལ་འཁོར་སྤྱན་དྲངས་ནས། །དབང་བསྐུར་རིགས་ཀྱི་མཚན་མ་བསམ། །དེ་ལྟར་གཙོ་དང་སྤྲུལ་བཅས་པ། །དབང་བསྐུར་བྱིན་བརླབས་རྫོགས་བྱས་ནས། །ཕྱག་རྒྱ་བཞི་ལ་གནས་སྤྲོ་ཞིང། །ཕྱག་རྒྱའི་སྐུ་རྣམས་གསལ་བར་མཛད། །སྦྱོར་བ་བཞི་ཡི་བྱེ་བྲག་གིས། །དཀྱིལ་འཁོར་རྫོགས་པར་བྱས་ནས་ནི། །རྫེས་སུ་འགྲོ་བའི་ལས་དག་གིས། །དཀྱིལ་འཁོར་བསྐུར་པར་བྱ་བ་ཡིན། །ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །སྦྱོར་བ་ཞེས་ནི་བྱ་བར་བཤད། །ཡུམ་ལྡན་བྱིན་བརླབས་རོལ་པས་མཆོད། །གཞུག་བ་རྗེས་སུ་སྦྱོར་བའོ། །དག་མཛད་དཀྱིལ་འཁོར་རྫོགས་མཛད་ནས། །འཕྲོ་འདུ་ཤིན་ཏུ་སྤྱོན་བ་ཡིན། བྱིན་བརླབས་དབང་བསྐུར་ལས་རྫོགས་པ། །སྦྱོར་བ་ཆེན་པོ་ཞེས་བྱའོ། །ཐུགས་ཀའི་འོད་ཟེར་འཕྲོ་འདུ་ཡིས། །ཡེ་ཤེས་དཀྱིལ་འཁོར་སྦྲུལ་མཛད་ཅིང༌། །ཛཿ་ཧཱུཾ་བཾ་ཧོཿའི་སྦྱོར་ཚོགས་དང༌། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིང༌། །སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་བ་


DTG027_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཛཿ་ཧཱུཾ་བཾ་ཧོཿ་ཨེ་ཧྱེ་ཧི་བྷ་ག་ཝཱ་ན་མ་ཧཱ་ཀ་རུ་ཎི་ཀཱི་ཊྲི་ཤྱ་ཧོ། །ས་མ་ཡ་སྟྭཾ། བདེ་གཤེགས་པོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་དུ་དགོངས་ནས་ཀྱང༌། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཀཱ་ཡ་ཝཱཀ་ཙིཏྟ་ཧཱུཾ། སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་མོའི་ཚོགས། །གཞན་ལ་སྣང་བའི་དཀྱིལ་འཁོར་རྣམ་པར་མཛེས། །ཨ་ལ་ལ་ཧོ། །ཚངས་པའི་མཆོག་རྣམས་ཟིལ་གྱིས་གནོན་འཛད་ཅིང༌། །རྟོག་པ་དུ་མའི་སྒྲོ་འདོགས་གཅོད་པར་མཛད། །ཨ་ལ་ལ་ལྷོ། །གཉིས་མེད་ཡེ་ཤེས་གཉིས་ཅན་རྣམ་མཐའ་ཡས། །སྣང་སྟོང་བདེ་ཆེན་མཉམ་ཉིད་དབྱིངས་ལ་རོལ་།ཨ་ལ་ལ་ཧོ། །ཀུན་འབྱུང་ཡོན་ཏན་རྩོལ་མེད་ལྷུན་གྲུབ་སྣང༌། །རྒྱན་གྱི་དཀྱིལ་འཁོར་རྣམས་བཀོད་རང་ལས་བྱུང༌། །ཨ་ལ་ལ་ཧོ། །མཛད་པ་རྒྱ་ཆེན་འགོག་མེད་ཀུན་བསྒྲུབས་པས། །ཚོགས་བཅས་རོལ་པས་བྱ་བ་ཀུན་རྫོགས་ནས། །ཨ་ལ་ལ་ཧོ། །སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་རྒྱན། །དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། །དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་པར་བྱ། །སྲི་ཞུར་བྱས་ཤིང་བཏེག་པའི་མཆོག །བདག་ཉིད་རྡོ་རྗེ་སེམས་དཔའི་དཔལ། །འཛུམ་དང་བཅས་པའི་མིག་གིས་བལྟ། །བསམ་གཡོས་ཐལ་མོ་སྦྱར་བར་བྱ། །ཨོཾ་ཨཱཿ་ཧཱུཾ། ཨ་ཏི་པུ་ཧོ། བནྡྷ་ནཱཾ་ཀཱ་རོ་ཡ་མི། །གུ་རུ་པ་ཏི། །ཨ་ལ་ལ་ཧོ། །ཨོཾ་འབྱུང་བ་ཆེན་པོ་ཐམས་ཅད་འབྱུང༌། །སྟོང་གསུམ་རྔུལ་སྙེད་མ་ལུས་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ལྷ་མོའི་ཚོགས་རྣམས་མ་ལུས་སྤྲོ། །མེ་ཏོག་བདུག་པ་མར་མེ་མ། །དྲི་སོགས་ཀུན་གྱིས་མཆོད་པར་བྱ། །ཨོཾ་པ་ན་པེ་ན། པ་ནུ་སུ་ར་ཏ། ཏི་པུ་པ་ར་མུ། །སརྦ་ཏ་ཐཱ་ག་ཏ། ས་མ་ཡོ་གི་སི་དྡྷི་ཧཱུཾ། །ཨོཾ་བཛྲ་པུཥྤེ། །ཨོཾ་བཛྲ་དྷཱུ་པེ། ཨོཾ་བཛྲ་ཨཱ་ལོ་ཀེ། །ཨོམ་བཛྲ་གནྡྷེ། །པྲ་ཏཱི་ཙྪ་ཧོ། །ཤཱི་བྷ་ག་བཱན་ཁ་ཁ་ཁཱ་ཧི། སྐད་ཀྱི་གསངས་ནི་མཐོ་དམན་དང༌། །གྲེ་འགྱུར་བཅས་ཤིང་བཟླས་པ་ཡིས། །དུས་གསུམ་རང་བཞིན་མཆོག་


DTG027_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ཀྱིས། །ཧཱུཾ་ལ་སོགས་པའི་གླུ་བླང་ཞིང༌། །ཚིག་རྣམས་ཀུན་གྱིས་ཅི་འདོད་པར། །ཇི་ལྟར་སྤྲོས་པའི་གླུ་ཀུན་གྱིས། །ཧཱུཾ་གི་གླུ་ཡིས་ཕྱག་རྒྱ་དཔལ། །རྡོ་རྗེ་སེམས་དཔའ་རབ་བསྒྲུབ་པའོ། །གླིང་བུ་དང་ནི་རྒྱུད་གཅིག་དང༌། །དེ་བཞིན་དུ་ནི་རྒྱུད་མངས་སོགས། །གྱེན་དུ་འཐོར་དང་ཐུར་དུ་བླུགས། །གཡས་པ་མི་འདེགས་སོ་སོའི་རྒྱ། །སྦྱོར་བ་རྣམ་པ་གསུམ་ལྡན་པས། །རང་གི་གནས་ལ་སྦྱར་བར་བྱ། །ཛཿ་ཧཱུཾ་བཾ་ཧོཿ། །བདེ་བ་ཀུན་ལ་ཞེན་པ་དང༌། །དངོས་གྲུབ་ཐམས་ཅད་རྣམ་དག་ཕྱིར། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཟླ་བ་ཉ་ལྟར་རྩ་དམར་སྐུ། །གཡས་གཡོན་རྡོ་རྗེ་དྲིལ་འཛིན་པས། །བདེ་བའི་ཆ་ལུགས་གར་བྱེད་ཅིང༌། །སེམས་དཔའི་སྐྱིལ་ཀྲུང་སྙེམས་བཅས་ནས། །དཔུང་འཇོམས་དངོས་གྲུབ་ཐམས་ཅད་འགྲུབ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿ་ཛཿ་ཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ། ཟླ་བའི་ཁ་དོག་འཛུམ་པའི་ཞལ། །བདག་གནས་བཅས་པའི་གར་བཅས་འཁྱུད། །མདའ་འཛིན་སངས་རྒྱས་པདྨ་སོགས། །རིན་ཆེན་སྣ་ཚོགས་རྒྱན་གོས་ཅན། །བྱ་བ་དང་ནི་བཟློག་པ་དང༌། །འཕྲོག་པ་དག་ཀྱང་ལྷག་པ་མཛད། །བདག་ལ་འབྱུང་བའི་ཕྱག་རྒྱ་ཡིས། །ཡན་ལག་ཐམས་ཅད་འཕྲོག་པ་འགྲུབ། །རྣམ་པ་སྣ་ཚོགས་དམ་ཚིག་ཆགས། །བདེ་བ་འབར་བའི་གར་བྱེད་པས། །བདག་ལ་འཁྱུད་པའི་ཕྱག་རྒྱ་མཆོག །དབུས་ཀྱི་ལྷ་མཆོག་ཆེན་པོའོ། །སེ་རལ་ཁ་ཡི་ཚུལ་བཞིན་དུ། །རྡོ་རྗེ་ཁ་ཊྭཱཾ་ག་བཟུང་སྟེ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ནི། །བད་བཅས་རྡོ་རྗེ་རྒྱ་གྲམ་མཆོག །རྫོགས་སངས་རྒྱས་ཀྱི་ཁམ་ཕོར་གྲུབ། །བདག་འཁྱུད་པ་ཡི་ཕྱག་རྒྱ་ཡིས། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །དབུས་ཀྱི་ལྷ་མོ་མཆོག་ཆེན་པོའི། །གཙུག་ལག་ཇི་ལྟའི་རྗེས་མཐུན་བར། །དཔལ་རྫོགས་རྒྱ་ཆེར་གར་དག་གིས། །མདའ་བཞི་ཡོངས་སུ་འབང་བ་ནི། །བདུད་བཞི་དག་ལས་རྒྱལ་བར་འགྱུར། །རྐང་པ་བཏེག་ཅིང་འཕང་བ་དང༌། །གཞི་བས་ཏེ་འཕང་པའི་སྟབས་དག་གིས། །འཁོར་ལོའི་ཕྱག་རྒྱ་སྟོན་པ་ནི། །ཁམས་གསུམ་དག་ལ་མཆོག་པར་འགྱུར། །བྱ་བ་དང་ནི་བཟློག་པ་དང༌། །དབྲོག་པ་དག་གིས་ཁྱད་


DTG027_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་དུ། །སྣ་ཚོགས་ཕྱག་རྒྱས་གར་བྱེད་ཅིང༌། །ཁམས་གསུམ་དག་ནི་བསྡུ་བར་བྱ། །ལྕུག་མ་གང་ཡང་རུང་བཟུང་ནས། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །བུད་མེད་ཐམས་ཅད་རྩེན་ནས་ནི། །དཔག་བསམ་ཤིང་དག་ཡོངས་སུ་འགྲུབ། །གླིང་བུ་ལེན་པའི་ཚུལ་སྟོན་ནོ། །པི་ཝཾ་ལེན་པའི་ཚུལ་སྟོན་དང༌། །ཅང་ཏེའུ་ཚུལ་སྟོན་རྣལ་འབྱོར་དང༌། །རྫ་རྔ་ཚུལ་སྟོན་རྣལ་འབྱོར་པའོ། །མྱང་བ་བཏུང་ལྟར་བྱེད་བ་དང༌། །སྣ་ཡི་མྱང་བ་རྔུབ་བ་དང༌། །མིག་བཙུམ་ཞེན་པ་བལྟབ་དང༌། །ཐམས་ཅད་བདག་གིས་མྱང་བའོ། །རང་འབྱུང་ལྷ་མོ་དང་བཅས་པའི། །ཕྱག་རྒྱ་སྔགས་ཀྱིས་གཉིས་མེད་འགྱུར། །རྡོ་རྗེ་སེམས་དཔའ་བདེ་ཆེན་སྐལ་བཟང་དཔལ་ཁྱོད་བདག་ཅག་སྒྲུབ་པ་རྟོགས་པར་མཛད་དུ་གསོལ། །ཀྱེ་ངེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ་བ་མཁའ་འགྲོ་སྒྱུ་མའི་ཚོགས་རྣམས་བདེ་བའི་མཆོག །འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་མཆོག་གྲུབ་པ་བདག་ལ་གྲུབ་པར་མཛད་དུ་གསོལ། །ཨ་ལ་ལ་ཧོ། །དེ་བཞིན་གཤེགས་པའི་སྦྱོར་བ་རྣམ་པ་སྣ་ཚོགས་གར་རྣམས་བསྟན་དུ་གསོལ། །ཛཿ་ཧཱུཾ་བཾ་ཧོཿ་ཀྱེ་མ་བདེ་མཆོག་བདེ་བས་ཟུང་ལ་རྣམ་པར་སྤྲུལ་ཧཱུཾ་སྣང་བར་མཛད་དུ་གསོལ། །ཨ་ལ་ལ་ལ་ལ་ཧོ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མས་སློབ་མ་གཟུང་དུ་གསོལ། །མཛུབ་མོས་མཐེབ་མོ་མནན་ནས་ནི། །རང་གི་མཐེབ་མོས་མཛུབ་མོ་མནན། །དཔལ་གྲུབ་སྤྱན་གྱི་ཕྱག་རྒྱ་སྟེ། །མཛུབ་མོ་མིག་གི་འབྲས་བུར་བྱ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །ཁོང་སྟོང་དུ་ནི་སྦྱར་ནས་སུ། །སྔགས་བཅས་གནས་སུ་གཞག་བྱ་སྟེ། །རིམ་བཞིན་མཐའ་ནས་དགྲོལ་བར་བྱ། །རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས། པའི་དམ་པ་གྲུབ་པར་མཛོད། །ཨོཾ་ཨཱཿ་ཧཱུཾ། དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛད། །མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ། །རབ་ཏུ་དགའ་བ་རྗེས་སུ་ཆགས་པའི་མདའ་གཞུ་རབ་ཏུ་ཕྲ་བའི་རྒྱས་


DTG027_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཏབ་པའི། །རབ་ཏུ་དགའ་བའི་སྦྱོར་བའི་བདེ་བས་མྱོས་པའི་བདེ་བས་ཐམས་ཅད་བདག་ལ་གྲུབ་པར་མཛོད། །རབ་ཏུ་བདེ་མཆོག་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་མཚན་བསྒྲེང་བའི་ལོངས་སྤྱོད་དང༌། །རབ་ཏུ་དགའ་བའི་དབང་ཕྱུག་ཆེ་མཆོག་གྲུབ་པ་དེ་བཞིན་གཤེགས་པ་རབ་ཏུ་སྣ་ཚོགས་བདེ་བའི་མཆོག་རོལ་ཅིག་ཧོ། །བདེ་བས་བས་བདེ་བ་སློང་ཞིང་རྣམ་པར་རོལ་ཧཱུཾ་སྣང་བར་མཛོད། །ཨ་ལ་ལ་ལ་ལ་ཧོ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀུན་གྱིས་སློབ་མ་གཟུང་དུ་གསོལ། །ཀྱི་བདེ་བའི་མཆོག་གྲུབ་པར་མཛོད། །ཨེ་མའོ་བདེ་བ་གསོལ། །དམ་པ་རབ་ཏུ་ཞུགས་པར་མཛོད། །བདག་ལ་རབ་ཏུ་བདེ་བར་འགྱུར། །ཨ་ལ་ལ་ལ་ལ་ཧོ། །ཨེ་མའོ་ཤིང་ཤི་ཞུགས་ཤིང༌། །མཁའ་འགྲོ་བདེ་མཆོག་ཀུན་དུ་ཞུགས། །ལ་ལར་རབ་ཏུ་དྲག་ཅིང་སྐྱེ་བོ་དྲག་པའི་བུད་མེད་སྐུ་ལྟར་རབ་ཏུ་སྣང༌། །འགྲོ་བ་མཐའ་དག་འདུལ་ཕྱིར་ལ་ལ་རབ་ཏུ་རྣོ་བའི་འཁོར་ལོ་ཕྱག་ན་བསྣམས་པའི་སྐུ། །ལ་ལར་རབ་ཏུ་དེས་ཤིང་ཞི་བར་མི་འགྱུར་སྦྱིན་པ་ཚངས་པའི་སྐུར་ཡང་སྟོན་པར་མཛོད། །ལ་ལར་རབ་ཏུ་དེས་ཤིང་ཞི་བར་མི་འགྱུར་སྦྱིན་པ་ཚངས་པའི་སྐུར་ཡང་སྟོན་པར་མཛད། །ལ་ལར་རབ་ཏུ་འབར་བའི་ཆགས་པ་པདྨོའི་དམ་ཚིག་བདག་ལ་གྲུབ་པར་མཛོད། །ཐམས་ཅད་དབང་བསྐུར་དབང་ཕྱུག་དམ་པ་མི་ཟད་གཏེར་མཆོག་བདག་ལ་གྲུབ་པར་མཛད་དུ་གསོལ། །ཀུན་མཆོག་རྒྱལ་མཚན་བསྒྲེང་བའི་རྡོ་རྗེ་རིན་ཆེན་ཤིན་ཏུ་ཆེ་བ་བདག་ལ་སྩོལ། །ལྷ་མོ་ཀུན་གྱི་བདེ་བའི་མཆོག །མཛེས་པའི་ཞལ་ནི་རྣམ་པར་འགྱུར། །བདེ་བ་མྱོང་བར་རབ་སྦྱོར་བ། །མཛེས་པར་བལྟ་ཞིང་གར་བྱེད་པའོ། །ལྷ་མོ་ཀུན་གྱི་བདེ་བ་མཆོག །མཛེས་པའི་མ་མཆུ་སོས་མནན་པའི། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །སྣ་ཚོགས་བྷནྡྷ་བརྟག་པ་ལས། །སྣ་ཚོགས་བདུད་རྩིའི་རྣམ་པར་དག །ལྔ་ལྔ་ལྔ་ཡི་འཕྲོ་འདུ་ཡིས། །མཚན་མ་རྣམ་པ་ལྔ་དང་ལྡན། །འོད་དང་དུ་བ་དྲི་དང་སྒྲ། །ལྷ་མོའི་གཟུགས་སྟོན་བདུད་རྩིར་འགྲུབ། །རང་འབྱུང་གདོད་ནས་རྣམ་པར་དག །མཉན་པའི་དོན་ལྔ་རོལ་པར་མཛད། །བྱིན་བརླབས་མཚན་དན་བརྒྱན་ལྡན་པའི། །མི་མོ་


DTG027_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་བ། །གསང་བ་ཆེན་པོ་རྣམ་པར་རོལ། །གྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལ་འང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་རྣམ། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོང་མི་འགྱུར། །ཨེ་མའི་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་པ་བརྙེས་པ། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྩོལ་མཛད་པ་ཡི། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་འདག་ལ་སྩོ། །ཛཿ་ཧཱུཾ་བཾ་ཧོཿ་རུ་ཊ་མ་ཊ། ཧུ་ལུ་ཧུ་ལུ། པྲ་སི་དྡྷ། ཊཀྐི་ཧཱུཾ་ཛ། ཀ་ནི་ཀུ་ནི། ཧཱུཾ་ཧཱུཾ། ཊ་ཀྐི་ནི་ཧཱུཾ་ཛཿ་ཧུ་ལུ་ཧུ་ལུ། ཨ་ལ་ལ་ལ་ལ་ཧོ། ཤུདྡྷ་སིདྡྷ། དཪྴ་ཡ། སརྦ་ཏ་གྷན་གྷེ། ཏ་གྷེ་གྷེ། ཊ་ཊ་གྷེ་གྷེ་གྷེ། ཏ་གྷེ་ཏ་གྷེ། གྷེ་གྷེ་ཏ་ཏ། ཏ་གྷེ་ཏ་གྷེ། ཧེན་དོན་ཊཀྐི་ཧཱུཾ་ཛ། གྷེ་ཏ། གྷེ་དོན་ཊཀྐི་ཧཱུཾ་ཛ། ཊ་ཨ་ལ་ལ་ལ་ལ་ཧོ། །རུ་ཊ་མ་ཊ། ཐལ་མོ་བརྡབ་པ་བརྟག་པའོ། །ཏ་གྷེ་གྷེ། ཏ་གྷེ་ན་ཏ་གྷེ་ན། གྷེ་ན་གྷེ་ཏ། གྷེ་ན་གྷེ་ཏ། གྷེ་ན་གྷེ་ན་གྷེ་ན། རྒྱུན་གྱི་རྔའོ། །བདག་


DTG027_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་ལུས་ལ་འབྱུང་བར་མི་འགྱུར་ཞིང༌། །གྲིབ་མས་ཕོག་པའི་སྡུག་བསྔལ་མི་བཟད་པའི། །སྐུ་ཡི་ཕྱོགས་ཙམ་མཐོང་བས་སྨོན་ལམ་འཚོ་བ་དང༌། །གཟི་མདངས་ལུས་ལ་འཇུག་པ་བྱེ་བ་སྟོང་ཕྲག་གི ། འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་ཀུན་སྣང་བ་དང༌། །ལུས་ངག་སེམས་དང་ཚེ་ནི་རྡོ་རྗེ་རབ་བརྟན་ཏེ། །རེ་སྨོན་ཐམས་ཅད་དུས་འདིར་འགྲུབ་པར་མཛད་དུ་གསོལ། །དཀྱིལ་འཁོར་རྒྱས་པ་ལ་དམིགས་ནས། །ཐུན་མོང་འདས་དང་པོ་བརྩམ། །སེམས་དཔའ་རྣམ་པ་གསུམ་ལྡན་པར། །རང་རང་སྐུ་གསུང་ཐུགས་ཀྱི་རྟགས། །ཉི་དཀྱིལ་ཐབས་དང་ཤེས་རབ་ཀྱི། །ཕྲེང་བ་གཉིས་དང་ལྡན་པ་ལས། །སྐུ་གསུང་ཐུགས་ཀྱི་མཚན་མས་བརྒྱན། །གཙོ་བོས་ཇི་ལྟར་བཟླས་པ་བཞིན། །འཁོར་ཀྱི་དཀྱིལ་འཁོར་རྣམ་པར་གནས། །གནས་དང་འཁོར་དང་འཕྲོ་བ་ཡིས། །མཐུན་པའི་ལྷ་ཚོགས་མཉེས་མཛད་ཅིང༌། །རིགས་བསྡུས་འགྲོ་བའི་ལས་ལ་སྦྱར། །གཙོ་བོའི་ཞལ་ནས་སྦྱོར་སྔགས་ནི། །རང་གི་གསང་སྔགས་བཅུ་བཞི་པའོ། །དེ་བཞིན་ལྷ་མོ་སོ་སོ་ཡི། །སྔགས་དང་འཕྲོ་འདུ་ལས་ལྡན་པའོ། །རྫོགས་ནས་མཆོད་བསྟོད་བསྐུལ་བ་དང༌། །གསོལ་གདབ་འགྲོ་བའི་ལས་ལ་སྦྱར། །གཉིས་པ་སོ་སོའི་ལས་བྱ་བ། །གཙོ་སོགས་རིམ་པ་བཞིན་དུ་ནི། །ཕྱག་རྒྱ་བཞི་དང་ལྡན་བྱས་ཏེ། །འོད་ཀྱི་རིག་མ་དང་བཅས་ཤིང༌། །གསལ་བ་རྣམ་པ་གཉིས་ལྡན་པར། །རང་གི་གསང་སྔགས་བརྗོད་པར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱ་ཿཛཿ་ཧཱུཾ་བཾ་ཧོཿ། རྡོ་རྗེ་སེམས་དཔའ་སྙིང་པོའི་གསང་སྔགས་ཡི་གེ་བཅོ་བརྒྱད་པའོ། །འཁོར་གྱི་ལྷ་མོ་མ་ལུས་པའི། །བཟླས་རྫོགས་མཆོད་བསྟོད་བསྐུལ་བྱ་ཞིང༌། །རང་གི་ལས་ལ་སྦྱར་ནས་ཀྱང༌། །སོ་སོའི་གནས་སུ་བསྡུ་བར་བྱ། །མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག །དོན་དམ་བདེ་བ་ཆེན་པོའི་སྐུ། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཀྱི། །ལྷ་ཉིད་བརྩོན་པས་བསྒོམ་པར་བྱ། །སྣ་རྩེ་ཐིག་ལེ་ཕྲ་མོ་ལ། །ཕྱི་ཡི་དཀྱིལ་འཁོར་བསྡུ་བྱ་སྟེ། །ཡི་གེ་


DTG027_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་མ་ཕྲ་མོའི་བར། །མཚན་མ་ལྔ་གསལ་བར་དུ་གནས། །ཡི་གེ་ཀ་སོགས་ད་ཡིག་མཐའ། །ང་ཉ་སྤངས་ནས་འཇུག་པར་བྱའོ། །ཡི་གེ་དྷ་སོགས་ཤ་ཡིག་མཐའ། །ཕྲེང་བ་གཉིས་པ་ཡང་དག་བི། །དབུས་གནས་པར་ནི་ཨ་ཡིག་ཕྲེང༌། ཟླ་བའི་དཀྱིལ་འཁོར་ལ་བཀོད་དེ། །ཐིག་ལེ་ཟླ་ཚེས་དང་ལྡན་པར། །ཚེག་དྲག་ཟླ་བ་གཉིས་ཡིན་ཏེ། །ཨ་ཡིག་མི་འགྱུར་བསྒོམ་པར་བྱ། །དབུས་སུ་རྡོ་རྗེ་ངོ་བོར་གནས། །དེ་དབུས་རྟག་ཏུ་བསྒོམ་པ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་རི་མོར་གྲགས་པ་ཡིན། །ལིང་ག་འགྲེང་བ་རང་འབྱུང་སྟེ། །བྲལ་ཡི་དབུས་སུ་གཞུག་བྱས་ནས། །ལིང་ག་རྡོ་རྗེར་བྱིན་བརླབས་ཏེ། །རྡོ་རྗེ་སེམས་དཔའ་བདག་སྔོན་བསྐྱེད། །བྷ་གར་ལིང་ག་བཅུག་ནས་ནི། །དེར་ནི་ཧཱུཾ་ཡིག་བསྒོམ་པར་བྱ། །ཤིན་ཏུ་དགའ་འདྲའི་གཟུགས་དག་ནི། །སྐུ་གཉིས་ལྡན་པར་སྤྲོ་བྱའོ། །ཀུན་ཀྱང་ཁྱབ་ཅིང་དྲི་མེད་པས། །བྱང་ཆུབ་སེམས་དག་བརྟག་པའོ། །མཚན་མ་རྣམ་པ་ལྔ་ཡི་བར། །གསལ་བའི་དཀྱིལ་འཁོར་རྣམ་པར་བསྒོམ། །རྟེན་དང་བརྟེན་པའི་ཚོགས་རྣམས་ཀྱིས། །རྣམ་དག་དེ་ཉིད་དེ་གསལ་བར་བརྟག །དགེ་བཅུ་དག་ལ་རྟེན་བཅས་ཤིང༌། །བདེན་བཞི་དངོས་པོ་གཅིག་ཏུ་གནས། །རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས། །རྒྱུ་འབྲས་སྣ་ཚོགས་དང་པའི་དབྱིངས། །ཡོན་ཏན་ཚོགས་རྣམས་ཀུན་རྒྱས་ཤིང༌། །ཚངས་བའི་གནས་བཞི་ཁྱབ་མཛད་ནས། །ཆོས་ཚོགས་སུམ་ཅུ་རྩ་བདུན་ལས། །ཏིང་འཛིན་བཞི་པོར་འཇུག་པར་མཛད། །རང་བཞིན་ཡེ་ཤེས་དྲུག་དག་ལས། རིགས་ཀྱི་མཚན་མ་སྣ་ཚོགས་སྣང༌། །རྣམ་ཐར་བརྒྱད་པོ་རྟེན་བཅས་ཤིང༌། །རྡོ་རྗེ་ཐེག་པའི་ཚུལ་ཉིད་མཛེས། །མཛད་པ་རྒྱ་ཆེན་ཕྲིན་ལས་རྣམས། །ཡུལ་དྲུག་དག་གི་ཕྱག་རྒྱ་ཆེ། །མཉམ་ཉིད་དཀྱིལ་འཁོར་ཆེན་པོར་སྤྱོད། །ཐུགས་རྗེ་ཆེན་པོའི་ཆར་ཁེབས་དང༌། །བདུད་བཞི་ལས་རྒྱལ་ཐེག་ཆེན་མཆོག །མཉམ་པར་སྦྱོར་བས་ཚུལ་འཇུག་ཅིང༌། །


DTG027_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟོག་པའི་སྒྲིབ་པ་སེལ་བར་མཛད། །སྨོན་ལམ་ལས་གྲུབ་མཛད་འཕྲོ་ལས། །ཐེག་ཆེན་ཡོན་ཏན་ཅི་ཡང་འབྱུང༌། །མཚན་དང་དཔེ་བྱེད་རྫོགས་པའི་སྐུ། །བརྟེན་པའི་ཐེག་པ་སྣ་ཚོགས་སྒྲོགས། །དབང་ཕྱུག་ལ་སོགས་ཡོན་ཏན་བརྒྱ། །ཕྲིན་ལས་བཞི་ཡིས་རྣམ་ཕྱེ་ཞིང༌། །རྟེན་གནས་རྒྱུ་དང་སྤྱོད་མཛད་པའི། །གནས་ཀྱི་མཚན་མ་འགྲུབ་པ་ཡིན། །ཆགས་མེད་མཛད་པས་སྤྱོད་ཀུན་དང༌། །ཉོན་མོངས་མཚན་མས་གོས་པ་མེད། །བདེ་ཆེན་དབྱིངས་ལས་མ་འཕྲོས་ཤིང༌། །སྐུ་གསུང་ཐུགས་ཀྱི་ཐེག་པ་ཅན། །ཡོན་ཏན་འབྱུང་གནས་འཆི་མེད་ལྔས། །གང་བ་ཕྱོགས་བཞིར་གནས་དགོད་པ། །ཤེས་ལྔའི་འདོད་པའི་ལོངས་སྤྱོད་ཚོགས། །ཉི་ཤུ་བདུན་གྱི་རྒྱན་གྱིས་སྤྲས། །ཕྲིན་ལས་མཆོད་པའི་གནས་གྱུར་བའི། །འཁོར་ལོ་རང་རྟགས་མཚན་མས་མཛེས། །ཕྱི་ཡི་མཚན་ཚོགས་དག་གིས། །ཐམས་ཅད་ཡོན་ཏན་སྣང་བས་སྤྲས། །སྐུ་གསུམ་རྡོ་རྗེའི་རང་བཞིན་གྱིས། །སྣ་ཚོགས་ཕྲིན་ལས་དཔག་མེད་ཚོགས། །ཡེ་ཤེས་འབར་བའི་བྱིན་རླབས་ཀྱིས། །ལོག་རྟོག་མཚན་མ་སྲེག་པར་བྱེད། །མཚན་ཉིད་ཐེག་སོགས་གཞན་དག་ལས། །ཁྱད་པར་འཕགས་པ་ཐེག་པའི་མཆོག །ཁམས་གསུམ་གཞན་རྟོག་སྦྱོང་མཛད་ཅིང༌། །ལུས་སོགས་རྣམ་པར་དག་པའི་ཕྱིར། །ཡོན་ཏན་རྒྱན་གྱིས་རྟེན་དག་ལས། །སངས་རྒྱས་བརྒྱད་པོ་སྐུ་སྣང་མཛད། །འདྲེགས་བྱེད་འདུལ་ཕྱིར་རིགས་མཚན་མནན། །སྣོད་བཅུད་སྒྲོལ་མཛད་ཤེས་རབ་མཚོན། །སྲིད་གནས་ལས་བྱུང་རྟོགས་པའི་ཚོགས། །གཉིས་མེད་རང་གི་ངོ་བོར་མོས། །དབྱིངས་དང་ཡེ་ཤེས་མཉམ་པའི་ལྷ། །སྣང་སྲིད་གཉིས་མེད་བསྒོམ་པའི་ལྷ། །ཐུགས་རྗེ་ཆེ་ལ་སྤྲུལ་པའི་ཆར། །ཐ་བ་ལས་བྱུང་སྨིན་པར་མཛད། །རང་བྱུང་ཡེ་ཤེས་ཆེན་པོ་ལས། །ཚོགས་བརྒྱད་སྣང་བ་སྣ་ཚོགས་ཉིད། །ཐུགས་རྗེའི་སྤྲུལ་པ་དཔག་མེད་ཀྱིས། །སྟོང་གསུམ་ཁམས་ལས་འགྲོ་བར་བྱའོ། །འབྱུང་བའི་སྣང་བ་ཐ་དད་རྣམས། །ཐམས་ཅད་རྣམ་དག་དཀྱིལ་འཁོར་ཆེ། །འཁོར་བའི་རྟོག་


DTG027_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བས་མ་གོས་ཤིང༌། །བྱང་ཆུབ་ཐུགས་རྗེ་ཆགས་བའི་རྟགས། །རྡོ་རྗེ་སེམས་དཔའ་བདེ་ཆེན་སྐུ། །ཟླ་འདྲ་དམར་བའི་མདངས་དང་ལྡན། །ཆོས་དབྱིངས་སྟོང་བའི་ཡེ་ཤེས་ལས། །རིགས་ཀྱི་མཚན་མ་བཞིར་སྣང་ཞིང༌། །ཕྲིན་ལས་ཚད་མེད་རྣམ་སྤྱོད་པས། །འབྲེལ་བའི་དོན་བཞིན་སྤྱོད་པར་མཛད། །ཁམས་གསུམ་རྒྱལ་བའི་རྒྱན་བཅས་པས། །ཆ་ལུགས་སྤྱོད་ཞིང་འགྱིང་བར་མཛད། །ཡེ་ཤེས་ལྔ་ལྡན་ཟབ་མོ་དང༌། །རྒྱ་ཆེན་རིགས་ལྔའི་སྐུ་སྣང་མཛད། །རང་གི་ཐུགས་བསྐུལ་དྲན་ཚོགས་ཀྱི། །ལས་ལ་རྣམ་པར་རོལ་མཛད་དོ། །སྣ་ཚོགས་ཀུན་གྲུབ་སྐུ་གསུང་ཐུགས། །ཁམས་གསུམ་ལས་རྒྱལ་གསུང་སྒྲོགས་ཤིང༌། །ཆགས་ཕྱིར་ཞི་གནས་ལྷག་མཐོང་གི །མཚན་ཉིད་འབྲེལ་པ་སྟོན་པར་མཛད། །མཚན་བཟང་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུས་རྣམ་སྤྲས་པས། །ཐུན་མོང་ལས་གྲུབ་ཟིལ་གནོན་པའི། །དབྱིངས་དང་ཡེ་ཤེས་འབྲེལ་བའི་རྒྱན། །བྱང་ཆུབ་སེམས་སོགས་བླ་གབ་ལ། །ཐུགས་རྗེའི་རིམ་པས་ལེགས་སྦྲས་ཤིང༌། །མཛད་པའི་ལས་མང་སྣ་ཚོགས་པས། །འགྲོ་བའི་རྣམ་རྟོག་སྤྱོད་པར་སྟོན། །གཡས་སུ་བསྡུ་བ་བཞི་དག་དང༌། །གཡོན་དུ་ཚད་མེད་བཞི་སྣང་མཛད། །སྤྱི་བོར་ཕ་རོལ་ཕྱིན་དྲུག་དང༌། །གཟུགས་དང་ཏིང་འཛིན་རྟགས་སྣ་ཚོགས། །ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་པས། །ཡོན་ཏན་རྒྱན་གྱི་རིན་ཆེན་ལ། །རྣམ་པ་ལྔ་ཡི་ཚུལ་ཞུགས་ཤིང༌། །ཡོན་ཏན་རྒྱན་གྱིས་སྤྲས་པ་ཡིས། །རིགས་ཀྱི་མཚན་མ་མི་ནུབ་ཕྱིར། །གཟུགས་མཐུན་པ་ཡི་དོ་ཀེར་ཅན། །ཡོན་ཏན་སྣ་ཚོགས་རྒྱན་བཅས་པས། །དེ་ཉིད་ཀུན་གྱིས་གཟུགས་སུ་སྟོན། །དགེ་བཅུ་ཡན་ལག་རྣམ་སྤྲས་ཤིང༌། །ཞབས་ལ་རྣམ་ཐར་བརྒྱད་ཀྱིས་བརྒྱན། །བདེན་བཞིས་གདུ་བུས་མཛེས་བྱས་པས། །རྣམ་ཐར་བཞི་ཡི་རང་བཞིན་ཡིན། །དགེ་དང་ཕ་རོལ་ཕྱིན་བཅུ་ཡི། །རྐེད་ཆིངས་ཕྲེང་བ་ཉི་རིམ་མཛེས། །ཆོས་བཟང་སུམ་ཅུ་རྩ་བདུན་གྱིས། །ཚངས་སྐུད་བཞིན་དུ་རྒྱན་བཅས་ཤིང༌། །མ་


DTG027_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདྲེས་ཆོས་བཟང་བཅོ་བརྒྱད་པོས། །རིམ་གཉིས་ཕྲེང་བར་ལྡན་པ་ཡིན། །ཕྱག་རྒྱ་རྣམ་པ་བཞི་ལྡན་ཞིང༌། །འགྲོ་ལ་དེ་དོན་སྟོན་པར་མཛད། །ཕུང་པོ་ལྔ་རྣམས་རྣམ་དག་པས། །རིགས་ལྔའི་རྒྱན་གྱིས་མཛེས་པར་བྱས། །འབྱུང་བ་ཆེ་རྣམས་རྣམ་དག་ཕྱིར། །ལྷ་མོ་བཞི་དང་ཀུན་དུ་འཁྲིལ། །སྐྱེ་མཆེད་བཅུ་གཉིས་རྣམ་དག་པས། །ནང་གི་ལྷ་མོའི་ཚོགས་སུ་བྱུང༌། །ཁམས་སོགས་སྤྱོད་པ་རྣམ་དག་ཅིང༌། །ཐུགས་རྗེའི་ཕྲིན་ལས་རྒྱ་ཆེན་པོས། །ལྷ་མོའི་ཚོགས་རྣམས་དགོད་བྱས་ནས། །ཉོན་མོངས་ཉི་ཤུ་དག་པར་མཛད། །ཡེ་ཤེས་སྣང་པ་བསམ་ཡས་པས། །སྣ་ཚོགས་དཀྱིལ་འཁོར་ཅིར་ཡང་སྣང༌། །བར་ཆད་བགེགས་བཞི་བསྲུང་བ་དང༌། །དངོས་གྲུབ་ལྷག་པར་གནས་པའི་ཕྱིར། །བརྩོན་པས་ཐུན་མཚམས་རྣམ་པ་བཞིར། །གཏོར་མའི་ལས་དག་བརྩམ་པར་བྱ། །སྒྲིབ་པ་ཐམས་ཅད་སྦྱོང་བྱེད་ཅིང། །ཚོགས་ཀྱི་ལས་རྣམས་རྫོགས་བྱེད་པ། །དེ་ཉིད་སྤྱོད་དང་མཐུན་པའི་ལས། །དེས་ནི་མཛད་པ་རྒྱ་ཆེན་འགྱུར། །ཕྱི་རོལ་དཀྱིལ་འཁོར་ཟླ་གམ་ལ། །དམར་པོའི་ཚོན་གྱིས་ཁ་བསྒྱུར་ཏེ། །མཁའ་འགྲོའི་དཀྱིལ་འཁོར་རྣམ་ལྔ་ཡི། །ཐིག་ལེ་དབུས་དང་ཕྱོགས་བཞི་རུ། དབུས་སུ་རྟ་ཡི་རྒྱལ་པོ་ལ། །ལྷ་ཆེན་ལྔ་ཡི་མཚན་མས་བསྐོར། །ཤར་དུ་ཕྱོགས་སྐྱོང་ཞིང་ལ། །ལྷོ་རུ་མངོན་སྤྱོད་མ་མོའི་ཚོགས། །ནུབ་དུ་དབང་ལ་ཀླུ་ཆེན་བརྒྱད། །བྱང་དུ་རྒྱས་པའི་འགྲོ་བ་རྣམས། །རང་གི་གསང་བསངས་ཀྱིས་བསྐྱེད་ཅིང༌། །སྐུར་གྱུར་ཡེ་ཤེས་འོད་ཚོགས་སྤྱང༌། །སྒེག་མོ་དང་ནི་ན་ཆུང་དང༌། །མྱོས་དང་དེ་བཞིན་བདུད་རྩི་དང༌། །གཅིག་པུ་དཔའ་དང་འདོད་ཆགས་སྒྲ། །གཡོན་ཅན་བྲན་མོ་དེ་བཞིན་ཏེ། །ལན་ཚ་ལ་སོགས་ར་ཀུན་དང༌། །ཀ་ར་ལ་སོགས་བདུད་རྩི་བཞིན། །བདག་ཉིད་ཀུན་གྱི་རོ་གྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །ཤ་དང་ཆང་དང་ལྡན་པ་ཡི། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །དགའ་བའི་ལོངས་སྤྱོད་སྐལ་མཆོག་སྟེ། །ཚེ་ཡི་དམ་པ་རབ་ཏུ་འགྲུབ། །ཨ་མྲ་སྨིན་དང་རྒྱུན་འབྲུམ་དང༌། །པ་ན་སེ་དང་ན་ལེ་ཀེར། །ཨ་རུ་ར་ལ་སོགས་པ་ཡི། །འབྲས་བུའི་ཕྱག་


DTG027_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་མཆོག་རྣམས་དང༌། །ཁ་ར་སྦྲང་རྩི་བྱུག་པ་ཡིས། །ཨ་མྲ་ལ་སོགས་ཚི་གུས་བྱུག །ཧ་ས་ཀ་རའི་མར་ལ་སོགས། །མཉམ་པའི་དྲི་ཡིས་བསྐུ་བར་བྱ། །ཡུངས་དང་རྒྱ་སྐྱེགས་ལ་སོགས་པའི། །ཚོན་གྱིས་མཐུན་པར་ཁ་བསྒྱུར་ནས། །ཤུན་པ་དྲོ་བ་ལ་སོགས་བྱས། །མཆོད་པའི་ཚེ་ན་དབུལ་བར་བྱ། །ཐོད་པའི་ནང་དུ་སྦྱར་བྱས་པའི། །བཟའ་བཏུང་བཅའ་བ་ལ་སོགས་རྣམས། །ཧ་ཧོཿ་ཧྲཱིཿ་ཡིས་སྲེག་སྤྱང་བརླབ། །མཁའ་འགྲོའི་འཁོར་ལོ་བསྔོ་བར་བྱ། །གཏོར་མ་རྫས་ཆེན་མ་ལུས་པ། །དང་པོ་དྲི་ཡི་ཆུས་སྦྱངས་ཤིང༌། །སྣ་ཚོགས་སྒྲ་སྙན་བ་དན་སོགས། །བཀོད་པའི་མཆོད་གཏོར་བརླབས་ལ་སྤྲེལ། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །རྟ་མཆོག་གཟུགས་སུ་སྤྲུལ་བྱས་ནས། །མཛེས་པའི་ཕྱག་རྒྱ་སྔགས་ལྡན་པ། །མཁའ་འགྲོའི་ཚོགས་རྣམས་བསྡུ་བར་བྱ། །ཨོཾ་བཛྲ་ཊཱ་ཀི་ནཱི་བྷྱོ། །ཨེ་ཨ་ར་ལི་ཛ་ཛ། འཁོར་བཅས་བསྡུ་བར་འོངས་བ་དང༌། །དམ་ཚིག་ཕྱག་རྒྱ་རྣམ་གསུམ་བསྟན། །ཨོཾ་བཛྲ་གུ་ཧྱེ་དྲྀ་ཤྱ་ཧོ། །ས་མ་ཡ་སྟྭཾ། ཨོཾ་བཛྲ་གུ་ཧྱེ་དྲྀ་ཤྱ་ཧོ། །ས་མ་ཡ་སྟྭ། ཨོཾ་བཛྲ་གུ་ཧྱེ་དྲྀ་ཤྱ་ཧོ། །ས་མ་ཡ་ཕཊ། ཨོཾ་ཨ་རྒྷ་པུཥེཔ་དྷཱུམ་པེ་གནྡྡེ་པཱུ་ཛཱ་སྥ་ར་ཎ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི། ཡཾ། ལས་སྐྱེས་པའི་གཞུ་འདྲའི་དབྱིབས། །བ་དན་གཡོ་བས་མཚན་པ་སྟེ། །རཾ་བྱུང་མེ་ཡི་དཀྱིལ་འཁོར་འབར། །དམར་པོ་གྲུ་གསུམ་རཾ་གྱིས་མཚན། །ཀཾ་བྱུང་ཐོད་པ་མཚན་ལྡན་ནང༌། །འོད་གསལ་ཆགས་མེད་གནས་པ་ཡི། །མི་ཤ་ལ་སོགས་ཕྱོགས་དང་མཚམས། །ཨ་ལས་བྱུང་བའི་ཟླ་བ་དང༌། །ཧཱུཾ་བྱུང་རྡོ་རྗེས་བཀབ་བྱས་ནས། །ཧཱུཾ་ཨོཾ་ཧྲཱིཿ་ཏྲཱ་བཞི་རྣམས་སོ། །ཨོཾ་ཨཱཿ་ཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱཿ་ཐཱ། རིམ་བཞིན་སྔགས་དང་ཕྱག་མཚན་དང༌། །སྐུར་འགྱུར་འཕྲོ་དང་འདུ་བ་ཡིས། །ཡེ་ཤེས་བདུད་རྩེ་དགུག་བྱ་སྟེ། །རྡོ་རྗེ་བཞུགས་ནས་སྣོད་བཟང་བལྟམས། །ཟླ་འདྲ་འོད་ཟེར་ལྔ་བཅས་པས། །དཀྱིལ་འཁོར་འཁོར་བཅས་ཚོགས་མཉེས་བྱ། །ཨོཾ་འཇིག་རྟེན་ཀུན་གཙོ་མངའ་མཛད་པའི། །འཇིགས་བྱེད་དྲེགས་བྱེད་སྟོབས་ལྡན་པ། །བདེ་གཤེགས་སྲས་སོགས་བྲན་མཛད་པའི། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཅན། །


DTG027_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །དེ་བཞིན་ཁྱབ་འཇུག་ཚངས་པ་དང༌། །བརྒྱ་བྱིན་འདོད་དགའ་ཆུང་མར་བཅས། །ལྷ་ཆན་འཁོར་བཅས་ཚོགས་རྣམས་དང༌། །ཕྱོགས་སྐྱོང་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །མཁའ་འགྲོ་དྲག་མོ་གསུས་འཛིན་མ། །དུར་ཁྲོད་མ་ཚོགས་འཁོར་བཅས་དང༌། །གཞན་ཡང་ལྷ་སྲིན་སྡེ་བརྒྱན་དང༌། །འགྲོ་བ་དྲུག་པོ་འཁོར་བཅས་རྣམས། །སྐུ་གསུང་ཐུགས་སོགས་སྤྱང་བྱས་ནས། །རང་གི་ལྷ་ཡི་གཟུགས་འཛིན་རྣམས། །གནས་འདིར་འདུས་པའི་དམ་ཚིག་ཅན། །མཆོད་གཏོར་རྒྱུན་དང་བཅས་པ་བཞེས། །དམ་ཚིག་སྲུངས་ཤིག་དམ་ཚིག་ཅན། །ལས་ལ་བརྩོན་པའི་མཁའ་འགྲོ་རྣམས། །མཁའ་འགྲོ་དྲག་མོ་འཁོར་བཅས་རྣམས། །རྣལ་འབྱོར་སྒྲུབ་པའི་གྲོགས་མཛོད་ཅིང་།ལས་མཁན་རྡོ་རྗེ་བྲན་བཅས་པས། །ཞི་རྒྱས་དབང་དྲག་ལས་གྲུབ་ཅིང༌། །ཐེག་ཆེན་གསང་སྔགས་བསྲུང་བ་དང༌། །ནང་དང་གདོན་སོགས་ཞི་བ་དང༌། །ཚེ་དབང་བཀྲ་ཤིས་སྤེལ་བ་དང༌། །བདེ་ལེགས་འབྲས་བུ་གྲུབ་པར་མཛོད། །ཨོཾ་ཨཱཿ་ཧཱུཾ་པདྨ་མུ་ཀ་ཧཱུཾ་ཧཱུཾ། རྟ་མགྲིན་ཕྱག་རྒྱ་རྣམ་གཉིས་ཀྱིས། །ལས་རྣམས་དངོས་གྲུབ་ཚོགས་གྱུར་ཅིག །དངོས་གྲུབ་དབང་དུ་བྱས་ནས་ནི། །རང་གི་གནས་ལ་དགོད་པར་བྱའོ། །ཨོཾ་ཧྲའིཿ་ཊཱ་ཀི་ནཱི་ཨི་མཾ་བ་ལིཾ་ཏྤར་ཏཱི་ཙྪ་ཧཱུཾ་ཁཱ་ཧི། ཨོཾ་ཨཱཿཧྲཱིཿ་ཁཱ་ཧི། ཐུགས་རྗེ་ཆེན་པོས་གཟིགས་ནས་ཀྱང༌། །སྣ་ཚོགས་རྒྱུད་རྣམས་སྤྲུལ་མཛད་པའི། །གར་མཁན་འཁོར་ལོའི་རྒྱུད་མངའ་བ། །དྲག་པོ་ཞི་མཛད་ཁྱོད་ཕྱག་འཚལ། །སྣ་ཚོགས་གར་གྱི་རྣམ་པར་སྤྲུལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལ་སོགས་མཚོན་ཆས་རོལ་ལ་ཕྱག་འཚལ་ལོ། །མ་ལུས་ལྷ་ཡི་ལྷ་མཆོག་སྐྱོང་ལ་ཕྱག་འཚལ་ལོ། །དཔའ་བོ་རྩ་ལ་རྫོགས་སྟོབས་བཅུའི་ཤུགས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་ཏི་བྷའུ་ཧོ། །ཨ་ལ་ལ་ལ་ལ་ཧོ། །ཐུན་བཞིས་དུས་སུ་བྱ་བ་ལས། །རྫོགས་ནས་དཀྱིལ་འཁོར་མཆོད་བསྟོད་ཅིང༌། །རང་ལས་བྱུང་ཏེ་མདུན་གཞག་ནས། །གསོལ་བཏབ་ལས་ལ་བསྐུལ་བར་བྱ། །ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་


DTG027_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱང། །སླར་ཡང་འགྲོ་བའི་དོན་ལ་དགོངས། ཨོཾ་བཛྲ་གྩྪ་མུཿ། དེ་ནས་ཕྱག་རྒྱ་རྣམས་དགོད་པ། །རིམ་བཞིན་བདག་ལ་བསྡུ་བྱས་ནས། རྣམ་གསུམ་སེམས་དཔའི་ཧའུཾ་ལ་ཐིམ། །རིམ་བཞིན་ཐིག་ལེ་མཉམ་པའི་དབྱིངས། རྗེས་འབྱུང་མཚན་མའི་སྐུར་གནས་ཏེ། །མཚན་མེད་རྒྱན་དང་ཆ་ལུགས་གསལ། །གོ་ཆ་གོ་བཅིངས་བསྲུང་བྱ་ཞིང༌། །དབང་བསྐུར་དབུ་རྒྱན་ཅོད་པན་ལྡན། །ཀཾ་ཧཾ་ཨོཾ་ཏུཾ་རྟན་མའ་ལེ་ཨ་བྷི་ཥིཉྩ། །པཊ་ལཾ་བ། ཨ་བྷི་ལཾ་ཧའུཾ། སྤྱོད་ལམ་ཀུན་དུམ་ཉམས་པར། ལྷ་ཉིད་དུ་ནི་བསྒོམ་པར་བྱ། །དབང་པོའི་སྣང་བ་ཡུལ་དུས་རྣམས། །དཀྱིལ་འཁོར་རོལ་པའི་ཚུལ་དུ་བརྟག །བཟའ་བཏུང་བྱིན་བརླབས་མ་ཉམས་བཟླས། །སྒྱུ་མ་གཉིས་མེད་ཡེ་ཤེས་རོལ། །བྱེད་སྤྱོད་ཚོགས་གཉིས་རྒྱུ་རུ་བརྟག །ཐམས་ཅད་འགྲོ་བའི་དོན་དུ་སྤྱད། །བློ་ཆོག་མཁས་ཤིང་རྩལ་ལྡན་པས། །བླ་མ་མཉེས་ལས་བྱུང་བའི་དོན། །ཚོགས་གཉིས་དུས་གཅིག་རྫོགས་པ་ཡིན། །རྒྱལ་བ་རྣམས་ཀྱི་ཡུལ་ལ་སྦྱོར། །གང་ཞིག་ཕྱི་ཡི་གཡེང་བྲལ་ཞིང༌། །ནང་གི་བདག་ཉིད་གསལ་འདོད་པས། མཉམ་བསམས་ལས་རྣམས་གདུངས་བསལ་ནས། །བླ་མའི་བདུད་རྩིའི་རོ་མྱང་བྱ། །ལས་དང་པོ་ཡིས་བརྩམ་བྱ་བ། །ཞི་གནས་མི་མཐུན་རྒྱུ་སྤོང་ཞིང༌། །ལུས་སེམས་བདེ་བར་བཞུགས་བྱས་ནས། །སྐྱེ་བའི་མཚན་ཉིད་བསམ་པར་བྱ། ཀྱེ་མའོ་རང་བཞིན་ལ་རྨོངས་རྣམས། །བློ་བུར་རྟོག་པས་ཀུན་དུའི་བསླད། །དེ་བཞིན་ཡུན་རིང་གོམས་ཤུགས་ལས། །བདེ་སྡུག་གཉིས་ཚོགས་དབང་སྤྱོད་པས། །འཁོར་བའི་ཉོན་མོངས་ཚོགས་སུ་སྣང༌། །ལ་ལས་ཞེན་ཆགས་རྣམས་པར་འཁྲུལ། །ལ་ལས་སྤོང་འདོད་སྡུག་བསྔལ་རྒྱུ། །ལ་ལས་སྤྱོད་འདོད་གནས་མ་དག །དགའ་བ་ཀུན་ལ་སྤྱོད་རྣམས་ཀྱང༌། །ལུས་ངག་གཡེང་ཞིང་སྡུག་བསྔལ་རྒྱུ། །སྣང་བདེ་མཉམ་པའི་དོན་གནས་ལ། །སྐུ་གསུང་གཉིས་སུ་མེད་པའི་ལམ། །གྲོལ་ལམ་ཐབས་ལ་བརྟེན་པ་དག །བདེ་བའི་ཡེ་ཤེས་རྟོགས་བྱའི་ཕྱིར། །རྩ་རླུང་སོ་སོ་འམ་ཐུན་མོང་གིས། །ཉམས་མྱོང་བསྐྱེད་པར་བྱ་བ་ཡིན། །འགྲོ་བ་ཀུན་གྱི་ཕུང་པོ་ལ། །འཁོར་ལོ་དཀྱིལ་འཁོར་བདེ་


DTG027_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་བཞུགས། །རྣལ་འབྱོར་མཐོང་བར་འདོད་པ་ཡིས། །ཕུང་པོའི་དཀྱིལ་འཁོར་བལྟ་བར་བྱ། །འོག་ཏུ་བསྐྱེད་པའི་རྐྱེན་དབང་གིས། །གཏུམ་མོ་རཾ་བཅས་ཡང་དང་སྦྱོར། །དབྱིངས་སྣང་རོ་བོང་འཛིན་པ་ལ། །ཡེ་ཤེས་རྡོ་རྗེ་རྩེ་ལྔ་གནས། །དམར་པོ་ཨོཾ་སོགས་ཡིག་བཅས་པའི། །དབྱིབས་ཅན་སྤྲུལ་སྐུ་གྱེན་དུ་ཕྱོགས། །དཀར་པོ་ཧཱུཾ་སོགས་ཐུར་བལྟས་པའི། །ཆོས་སྐུས་མངོན་དུ་ཕྱོགས་པར་མཛད། །སྒྲ་གནས་ཨོཾ་སོགས་ཡི་གེ་ཚོགས། །ལོངས་སྐུ་དམར་པོ་གྱེན་དུ་ཕྱོགས། །ཚངས་བུག་འོག་ཏུ་བདེ་བ་ཆེ། །ཧཾ་སོགས་དཀར་པོ་ཐུར་བལྟས་པའོ། །སྟེང་གི་ཡུད་ཙམ་དགག་བྱས་པས། །རྒྱུན་མི་འཆད་པར་རྡོ་རྗེར་བསྟིམ། །བསྐྱོད་པའི་བ་དན་གཉིས་བསྐུལ་བས། །འོག་ནས་ཡུད་ཙམ་ཡུད་ཙམ་དགག །རྒྱུན་མི་འཆད་པར་འདྲེན་བྱས་ཏེ། །རི་བོང་འཛིན་པའི་ཁམས་ཞུས་བརྒྱན། །བར་སྐབས་སྟོད་སྨད་ཡན་ལག་རྣམས། །ཉམ་ཆུང་འབར་སོགས་དྲགས་གྱུར་ན། །ཅུང་ཞིག་སྦྱོར་བ་གློད་བྱ་ཞིང༌། །གཡས་གཡོན་སྟེང་འོག་སྤྲོ་བ་དང༌། །སྤྱོད་ལམ་སོགས་ཀྱིས་བཅོས་བྱས་ནས། །བདེ་འགྱུར་གང་བཞིན་བསླབ་པར་བྱ། །དེ་བཞིན་དབང་པོ་གཞན་དག་དང༌། །ཚངས་བུག་རྟེན་གནས་དག་ཀྱང་བསྡུ། །དབྱེ་བ་བཞི་འབུམ་བརྟེན་ནུས་ན། །བུམ་པ་གང་བར་གནས་པ་ཡིན། །འབྱུང་འཇུག་གནས་པའི་འཕྲོ་འདུ་ཡིས། །མཚན་མ་གསལ་བར་བརྟག་པར་བྱ། །ཟླ་བ་རྡོ་རྗེས་རྒྱས་པ་ན། །འཁོར་བའི་གནས་སུ་རིམ་པ་བཞིན། །གཡས་གཡོན་སྡང་མིག་གསུམ་བསྒྱུར་ཞིང༌། །སྡིགས་མཛུབ་ཧྲི་ཡི་སྩོལ་བས་སྤེལ། །དེ་བཞིན་གླིང་བཞི་གནས་སྤྲོ་ཞིང༌། །སླར་ཉིད་བདེ་ཆེན་གནས་སུ་བསྡུ། །ཧཾ་ལས་འཛག་པའི་བདུད་རྩི་ཡིས། །དགའ་བ་བཞི་ཡི་རིམ་སྐྱེད་ཅིང༌། །ཕུང་པོ་བཅུད་བསྡུས་ཀྵ་སྩེར་གཟུང༌། །དགའ་བ་ཆེན་པོས་རྣམ་མྱོས་པར། །ཧའུཾ་གསུམ་ཕྱག་རྒྱས་འདྲེན་བྱས་ནས། །ཕྱི་ཡི་དཀྱིལ་འཁོར་སྤྲོ་བར་བྱ། །དངོས་ཀུན་བདེ་བའི་རོས་རྒྱས་ཏེ། །སྟོང་ཉིད་ཟག་མེད་ཡེ་ཤེས་གསལ། །དེ་ལྟར་འཁོར་བ་མྱ་ངན་འདས། །བདེ་ཆེན་སྟོང་ཉིད་རྒྱས་བཏབ་ནས། །རང་གི་མཚན་ཉིད་རྣམ་གསལ་ཅིང༌། །རྟོག་པའི་མཐའ་ལས་རྣམ་པར་


DTG027_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲོལ། །ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ། །སྤྲིན་མེད་ནམ་མཁའ་དྲི་བྲལ་ཞིང༌། །བརྟན་ཞིང་འབིགས་བྱེད་མེད་པར་གནས། །ཚེ་འདིས་སངས་རྒྱས་མངོན་དུ་འགྱུར། །ཆགས་ལམ་གཞན་ལ་བརྟེན་པ་ཡིས། །མཚན་ལྡན་རིགས་དང་མཐུན་པ་ལ། །དབང་བསྐུར་བྱིན་བརླབས་གདམས་ངག་འབོགས། །གླུ་དབྱངས་སྨན་དང་བརྡས་བསྐུལ་ནས། །བྷ་གའི་མཚན་མར་རྣམ་བརྟགས་ཏེ། །ཕྱག་རྒྱ་སོ་སོའི་སྦྱོར་བ་དག །ལྔ་ནས་དྲུག་ཅུ་རྩ་བཞིའི་བར། །སྦྱོར་ཐབས་དྲུག་ཅུ་རྩ་བཞིར་བཅས། །ཕུང་པོའི་དཀྱིལ་འཁོར་བརྟག་བྱ་སྟེ། །བསྒྲུབ་གནས་རོལ་པའི་གནས་ཤེས་བྱ། །སྤྱོད་པས་གཏུམ་མོ་ལེགས་སྦར་བས། །སྲུབ་ཐབས་སྦྱོར་བའི་དྲེས་པ་ཡིས། །ལྔ་ཕུང་སྦྱིན་སྲེག་བྱས་ནས་སུ། །སྤྲུལ་སྐུས་ལུས་རྟོག་སྦྱོངས་བར་མཛད། །གོང་ནས་གོང་དུ་སྦྱོར་བ་ཡིས། །ཆོས་དང་ལོངས་སྤྱོད་གནས་སྤྱོད་པས། །སེམས་དག་དྲི་མ་རྣམ་པར་སྤངས། །བདེ་བ་ཆེན་པོ་གནས་རྒྱས་པས། །དགའ་དང་མཆོག་དགའ་རྣམ་དགའ་དང༌། །ལྷན་གཅིག་སྐྱེས་དགའ་ལུགས་སུ་འབྱུང༌། །རྡོ་རྗེ་དབྱིངས་མཚམས་སྦྱོར་བའམ། །འབར་ཏ་ཀ་ཏའི་རྩེ་མོར་གཟུང༌། །གླིང་བ་ཞིས་རྩེ་རྣམས་བསྡུ་བྱ་སྟེ། །སྟེང་གི་མཚན་མས་བལྟ་བར་བྱ། །དགའ་བ་མ་སྐྱེས་བར་དག་ཏུ། །མ་ཟིན་ཟིན་པར་བརྟེན་གནས་བྱ། །ལུགས་བཟློག་ཧཱུཾ་དང་ཀྵཿ་ཡིས་འདྲེན། །གཏུམ་མོ་ནས་བཟུང་བདེ་ཆེན་འབར། །དགའ་བ་བཅུ་དྲུག་འཕེལ་གྱུར་ནས། །ཕྱི་ཡི་གླིང་བཞིར་སྤྲོ་བར་བྱ། ཤེས་རབ་ལ་ལ་ཐུར་བལྟས་པའི། །ཡི་གེ་ལས་བྱུང་དཀར་པོ་ཡིས། །འཁོར་ལོ་བཞི་དང་སྤྱོད་བྱས་ནས། །ཀྵཿ་རྩེའི་གནས་གཟུང་གོང་མ་བཞིན། །ཐབས་ལྡན་ས་དང་གྱེན་བལྟས་ལ། །གཅིག་འགྱུར་ཨ་ཝ་དྷའུ་ཏའིར་ཞུགས། །དེ་ལ་སྤྲུལ་པའི་འཁོར་ལོ་ཡིས། །ལུས་ཀྱི་དཀྱིལ་འཁོར་རྒྱས་པར་བྱས། །སླར་ཉིད་ཆོས་ཀྱི་འཁོར་ལོའི་གནས། །བདེ་བའི་ཡེ་ཤེས་གཟུང་བྱས་ཏེ། །ཟིན་དང་བརྟན་དང་བོགས་དབྱུང་དང༌། །དབྱུང་དུ་མེད་པའི་གནས་འཇོག་པའོ། །ཕྱི་ཡི་གནས་ཀྱང་རྒྱས་བྱས་ཤིང༌། །གཟུང་མེད་འཛིན་དང་བྲལ་བར་བཞག །ཁམས་


DTG027_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུམ་དངོས་པོ་དེ་ལྟ་བུར། །བདེ་བ་ཆེ་ལས་གཞན་མ་ཡིན། །བློ་མཆོག་སྦྱོངས་པའི་འཕྲོ་ལྡན་པས། །ཕྱི་ནང་ཆོས་ཀུན་མཁའ་བཞིན་གསལ། །སྣང་སྲིད་རང་ལས་རྣམ་གྲོལ་ཞིང༌། །འབྱུང་འཇུག་མེད་པར་ཡེ་ཤེས་ཆེ། །དབང་པོ་དྲུག་གི་ཡུལ་སྣང་བས། །དེ་ལས་གཞན་མེད་བྱང་ཆུབ་སེམས། །རྟོག་པ་མཐའ་རྣམས་འཛིན་མེད་པའི། །སྣང་གསལ་བདེ་བ་ཆེན་པོའི་ཆོས། །གནས་མེད་བཏང་སྙོམས་ཆེན་པོའི་གནས། །རྩོལ་བྲལ་བྱང་སེམས་རྩོལ་བའི་དོན། །བཅོས་མེད་དྲན་པར་རང་དགར་གནས། །ཆོས་ཉིད་མཉམ་བའི་རྒྱན་དང་བཅས། །བྱུང་ཚོར་འགོག་དང་རྗེས་དྲན་མེད། །མ་བཅོས་མཐའ་བྲལ་བདེ་བའི་རྒྱུན། །མངོན་སུམ་གསལ་བ་ཉམས་མྱོངས་བ། །སྣང་སྲིད་མ་གཡོས་ཕྱག་རྒྱའི་ཚོགས། །ཆོས་ཀུན་རང་བཞིན་དེ་ལྟ་བུར། །བདེ་ཆེན་རྡོ་རྗེ་སེམས་དཔའི་སྐུ། །གསུང་ཐུགས་ཡོན་ཏན་ཕྲིན་ལས་བརྒྱན། །མ་རྩོ་ལ་རྒོད་པ་ཆེན་པོའི་དབྱིབས། །དེ་དུས་མཚན་མ་རྣམ་མྱོང་བ། །ལུས་རྟོག་སྒྲ་སོགས་སྣང་ཞིང་སྟོང༌། །གསལ་བའི་དོན་ལས་གཞན་མི་འགྱུར། །ཆོས་རྣམས་གང་ལ་ཆགས་སྡང་མེད། །མཁའ་ལ་ཁྱུང་ཆེན་གནས་པ་དང༌། །ཆུ་ལ་ཉ་ཆེན་འཕྱོ་བཞིན། །བྱིས་པ་རྣམས་ནི་གཟུགས་སོགས་ཆགས། །འབྲིང་པོའི་བློ་ལྡན་ཆགས་བྲལ་སྤྱོད། །གཟུགས་སོགས་ངོ་བོ་ཉིད་ཤེས་པས། །བློ་མཆོག་རྣམས་ནི་གྲོལ་བར་འགྱུར། །གཟུགས་བརྙན་ལུགས་མ་ལ་སོགས་ལ། །རྣལ་འབྱོར་འབྱུང་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །དེ་བས་ཐམས་ཅད་བདག་སྦྱོར་བས། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །དེ་བས་བདག་ཉིད་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣམས་དང་ཐམས་ཅད་ཀྱང༌། །རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །སྦྱོར་བ་བཞི་ལ་ལེགས་གནས་ཤིང༌། །ཏིང་ངེས་འཛིན་ཉམས་པ་མེད་པའི་བློས། །སེང་གེ་རི་བྲགས་རྒྱུ་བ་བཞིན། །འཇིགས་མེད་ཐམས་ཅད་


DTG027_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟིལ་གྱིས་གནོན། །ཐམས་ཅད་མཉམས་པས་སྤྱད་བྱ་སྟེ། །འདོད་པའི་ལོངས་སྤྱོད་ཀུན་གྱིས་བརྒྱན། །བཟའ་སྤྱོད་ཀུན་ལ་རོལ་བྱ་ཞིང༌། །རིགས་ཀྱི་དཀྱིལ་འཁོར་མཆོད་པར་བྱ། །རྣལ་འབྱོར་ཐམས་ཅད་ཉེར་སྤྱོད་པས། །དཔལ་ནི་བཞིར་འགྱུར་འགྲུབ་པར་འགྱུར། །རྣལ་འབྱོར་ཀུན་ནི་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་ཡི་ཉེ་བར་སྦྱོར་བ་ནི། །ཁམས་གསུམ་མ་ལུས་ཐམས་ཅད་དོ། །རྣལ་འབྱོར་ཀུན་གྱིས་ལོངས་སྤྱོད་ཀྱིས། །ཇི་ལྟར་བདེ་བར་རྟེན་བྱེད་ཅིང༌། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བདག་ཉིད་རབ་ཏུ་མཆོད་པར་བྱ། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང༌། །རྣལ་འབྱོར་ཀུན་གྱི་བདེ་བ་དག །བདག་ཉིད་རབ་ཏུ་མྱོང་བྱེད་ན། །ཤིན་ཏུ་སྦྱོར་བས་འགྲུབ་བར་འགྱུར། །སངས་རྒྱས་ཀུན་གྱིས་བདག་ཉིད་ཀྱི། །ར་ས་ཡ་ནའི་བདེ་བ་འདིས། །རྡོ་རྗེ་སེམས་དཔའི་དཔལ་ཚེ་དང༌། །ལོང་ཚོ་ནད་མེད་བདེ་བ་འགྲུབ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་པས་ན། །སངས་རྒྱས་ཐམས་ཅད་རབ་ཏུ་འགྲུབ། །རྡོ་རྗེ་སེམས་དཔའི་དཔལ་སྦྱོར་བའི། །མཐུ་འདི་ཉིད་ཀྱིས་ཐམས་ཅད་དུ། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །སོ་སོ་དག་ནས་རབ་འགྲུབ་འགྱུར། །ལྟ་བས་མི་ངོམས་པ་ཡི་སྐུ། །ཐམས་ཅད་བདག་ཉིད་སྟོན་པར་མཛད། །ལེགས་སོ་ཞེས་པ་གྲུབ་པ་ནི། །དམ་པ་དག་ཀྱང་རབ་ཏུ་སྩོལ། །སྐུ་གསུམ་དབྱེར་མེད་ལས་བྱུང་བས། །སེམས་ཅན་ཀུན་དོན་རྣམ་འཕྲུལ་ཞིང༌། །མཛད་པ་རྒྱ་ཆེན་སྣ་ཚོགས་ཀྱིས། །དོན་བཞིན་སྤྲུལ་པ་མཛད་པ་ཡིན། །བརྩོན་ལྡན་ཤེས་རབ་མཆོག་གྱུར་པའི། །མཁས་མཆོག་རྣམས་ཀྱིས་རྙེད་དཀའི་དོན། །སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར། །མཁའ་འགྲོ་སྒྱུ་མ་བདེ་མཆོག་ལས། །སྐྱེས་མཆོག་གང་གིས་དྲིན་རྙེད་པའི། །རྒྱ་མཚོ་ལས་བྱུང་རིན་པོ་ཆེ། །འགྲོ་བའི་དོན་དུ་བརྟག་བྱས་པས། །འཇུག་པ་པོ་རྣམས་དགའ་བར་གྱིས། །རྒྱུད་རྒྱལ་རྣམས་ཀྱི་རྩ་བའི་དོན། །གསང་བའི་དེ་ཉིད་བཞི་བཅུ་གཉིས། །གཅེས་བསྡུས་རྟོག་པ་བཅུ་པ་དང༌། །ཕྱི་མའི་ཕྱི་མ་ཕྱི་མ་ལས། །གསང་དོན་རྣམ་པར་དགོད་བྱས་བས། །འཁྲུལ་རྟོག་མི་


DTG027_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚིག་བསླད་བྲལ་ཞིང༌། །རྒྱུད་གཞན་ཚིག་ཕྲད་ཙམ་བཀོད་དེ། །རྒྱལ་བའི་གསུང་བཞིན་རྣམ་པར་བསྡེབས། །ཅུང་ཟད་བསགས་ལས་བྱུང་བ་ཡི། །དྲི་མེད་སྟོན་ཀའི་ཟླ་འདྲ་བས། །འགྲོ་བའི་ཡེ་ཤེས་གསལ་མཛད་ནས། །དཔལ་ལྡན་སྐུ་གསུམ་ཐོབ་པར་ཤོག །དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། །སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱའ་ཀ་ར་སིཧྷ་དང༌། །ཞུ་ཆེན་གྱི་ལོ་ཙཱ་བ་བྣེད་ལྷ་རིན་པོ་ཆེས་རྒྱུད་འགྲེལ་དང་གཏུགས་ཏེ་གཏན་ལ་ཕབ་པའོ། །

དཔལ་ཧེ་རུ་ཀའི་གསང་བའི་དོན་རྣམ་པར་བཀོད་པ་ཞེས་བྱ་བ།


DTG027_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། །ཤྲའི་བཛྲ་ཧེ་རུ་ཀ་གུ་ཧྱའ་རྠ་བྱའུ་ཧ་ནཱ་མ། བོད་སྐད་དུ། དཔལ་ཧེ་རུ་ཀའི་གསང་བའི་དོན་རྣམ་པར་བཀོད་པ་ཞེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐམས་ཅད་འབྱུང་གནས་གསལ་བྱེད་ཅིང༌། །གཉིས་མེད་མ་འདྲེས་མཛད་མཐར་ཕྱིར། །སྟོང་ཉིད་ཡེ་ཤེས་དྲུག་གི་བདག །ཐུགས་མཆོག་ཁྲོ་བདག་ཕྱག་འཚལ་ཏེ། །དྲེགས་བྱེད་ཞེ་སྡང་ལ་སོགས་སྐྱེས། །ཉོན་མོངས་ལམ་ཞེན་རུ་ཏྲ་སོགས། །འཇོམས་མཛད་དཔལ་ལྡན་ཧེ་རུ་ཀའི། །གསང་དོན་རྣམ་བཀོད་པར་བྱ། །རང་བཞིན་ངག་ཚུལ་བཟང་ལས་བྱུང༌། །གཉིས་མེད་ཡོན་ཏན་སྐྱེ་བས་ཐོབ། །སྐྱབས་འགྲོ་བྱང་སེམས་སྡོམ་པ་ཅན། །དབང་ཐོབ་དམ་ཚིག་འཇིགས་མེད་པ། །ཐེག་ཆེན་གསང་སྔགས་བློ་གྲོས་མཆོག །ཧེ་རུ་ཀ་དཔལ་ལ་དགའ་བས། །ཕྱི་ནང་གཡེང་བ་རབ་གསལ་ཏེ། །རང་གི་འདོད་དོན་འབྲས་བུ་གཉེར། །དུར་ཁྲོད་དང་ནི་ལྷ་རྟེན་དང༌། །མ་མོའི་གནས་ལ་སོགས་འདུག་ནས། །རྡོ་རྗེ་འཛིན་པའི་དགོངས་པ་དག །རྣམ་པ་དུ་མ་འགྲུབ་པར་འགྱུར། །འགྲོ་ལ་སྙིང་རྗེ་ཆེན་པོ་ཡིས། །བདག་གཞན་སྒྲོལ་བར་དམ་བཅས་ནས། །སྦྱོར་ལྡན་ནུས་མཐུ་གསུམ་བསྐྱེད་པས། །བདག་དང་འགྲོ་བ་སྤྱང་བ་དང༌། །དབང་པོའི་དཀྱིལ་འཁོར་མདུན་དམིགས་ཏེ། །དང་པོ་བྱ་བའི་རིམ་རྫོགས་སྤྱང༌། །སྒྲིབ་སོགས་ལས་གྲོལ་དག་བྱེད་པའི། །སེམས་ཅན་ཚད་མེད་བློ་ཡིས་གཟུང༌། །བར་ཆད་བགེགས་བསལ་སྲུང་བྱེད་པའི། །འཁོར་ལོ་མེ་འདོར་བ་གུར། །ཕྱོགས་བཅུ་ཁྲོ་བོའི་ཚོགས་བསྐྱེད་པའི། །ཆོ་ག་རང་གི་ལས་བཞིན་བསྒོམ། །ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད། །གཉིས་མེད་


DTG027_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱང་ཆུབ་སེམས་དབྱིངས་ལས། །འགྲོ་ལ་ཕན་པའི་ཐུགས་རྗེའི་རྒྱུན། །སྟོང་གསལ་ནམ་མཁའི་ཤུགས་ལྟར་བྱུང༌། །རྡོ་རྗེ་སེམས་དཔང་སྐལ་བཟང་དཔལ། །རྣམ་འཕྲུལ་ཏིང་འཛིན་གནས་ལ་བཞུགས། །ཨེ་ཡཾ་བཾ་ལཾ་མཾ་སུཾ་རཾ། །ཨོཾ་ན་མཿ་སྲྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི་མྞྚལ་ལ་ཧའུཾ་བྷྲྰྸུཾ། ཆོས་འབྱུང་ནམ་མཁའི་རང་བཞིན་ལས། །བྱུང་བའི་དཀྱིལ་འཁོར་རིམ་བཞིན་བརྩིགས། །རི་རབ་མེ་འོད་རྒྱན་གསལ་ཞིང༌། །ཁ་དོག་དབྱིབས་རྒྱན་མཚན་མར་བཅས། །བདེ་གཤེགས་ཡོན་ཏན་སྣང་བའི་གནས། །སྣ་ཚོགས་པདྨ་རིན་པོ་ཆེ། །འཁོར་ལོ་སྣ་ཚོགས་རྡོ་རྗེའི་དབུས། །ཁང་པ་རྡོ་རྗེ་སྒོ་ཁྱུད་དང༌། །རྟ་བབས་བཞི་ཡིས་མཛེས་བྱས་པ། །ས་གཞི་ནམ་མཁའ་ལོགས་ཀྱི་ཕྱོགས། །རིགས་ཀྱི་རིན་ཆེན་འཚེར་བ་ལ། །རང་བྱུང་ཉི་ཤུ་རྩ་ལྔའི་འོད། །སྣ་ལྔའི་འོད། །སྣ་ལྔའི་རྩིག་པ་དྲ་བ་དང༌། །དྲ་ཕྱེད་རིན་ཆེན་ཕ་གུས་མཚན། །རྡོ་རྗེ་མཚན་པའི་ཀ་བ་རྒྱང༌། །རིན་ཆེན་མུ་ཏིག་མེ་ཏོག་ཕྲེང༌། །རྒྱལ་མཚན་བླ་རྔ་ཡབ་གདུགས། །འདོད་ཡོན་ལྔ་ཡི་ལྷ་མོ་འཁྱུག །ཟླ་ཕེད་རྡོ་རྗེ་རིན་ཆེན། །བ་དན་དྲིལ་བུ་སྒྲ་སྙན་སྒྲོགས། །ཕོ་ཕྲང་ཟླ་གམ་སྒོ་ཅན་ལ། རེའུ་མིག་དགུ་པ་ཐོད་པས་མཚན། །སྣ་ཚོགས་པདྨའི་གདན་མཛེས་ཤིང༌། །རྡོ་རྗེ་ཕྲེང་བས་རྣམ་པར་མཚན། །མཚམས་སུ་བུམ་པ་གང་བ་བཞི། །རིགས་ཀྱི་མཚན་མས་རྣམ་པར་མཛེས། །ཁྱམས་བཞི་ཆ་ཡི་མཚམས་བཞི་དང༌། སྒོ་གནས་ལ་སོགས་པདྨའི་གདན། །ཕྱི་རོལ་ར་བའི་རིམ་གསུམ་རྒྱབ། །ཕྱོགས་མཚམས་དུར་ཁྲོད་ཆེན་པོ་བརྒྱད། །དེ་མཐའ་འདོད་པའི་ལོངས་སྤྱོད་དང༌། །རྡོ་རྗེ་ར་བས་བསྐོར་བ་ཡི། །ཐམས་ཅད་ན་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དག་ནི་རེག་པར་འགྱུར། །དམིགས་སུ་ཡིད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །རྣམ་ཐར་སྒོ་བཞི་སྙོམས་འཇུག་གོ །འགོག་གནས་འདུལ་བྱའི་དོན་བྲལ་བ། །ཕྱོགས་བཅུའི་རྒྱལ་བས་བསྐུལ་མཛད་དེ། །མངོན་བྱང་ལྷ་ཡིས་རྫོགས་སྐུར་གྱུར། །སེམས་དང་སེམས་དཔའི་ཏིང་འཛིན་དང༌། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །དེ་བཞིན་བདུད་དང་བདུད་ལས་


DTG027_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱལ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿ་ཧའུཾ་བཾ་ཧོཿ་སུ་ར་ཏ་སྟྭཾ། རྡོ་རྗེ་སེམས་དཔའ་བདེ་ཆེན་སྐུ། །དཀར་ཞིང་དམར་བའི་མདོང་གསལ་འོད། །ཞལ་བཞི་རྣམས་གཟིགས་ཕྱག་བཞི་པ། །དང་པོ་རྡོ་རྗེ་རྩེ་ལྔ་འབར། །རྡོ་རྗེ་ཁ་ཊྭའཾ་དྲིལ་བཅས་འཁྲོལ། །འོག་མ་གཉིས་ཀྱིས་མདའ་དང་གཞུ། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་བརྒྱ། །སྟོད་གཡོགས་དར་སེར་དང་རིས་ཅན། །སྐུ་སྨད་ཚེ་གུའི་ན་བཟའ་ལ། །རིན་ཆེན་ཕྲེང་བའི་རྐེད་ཆིངས་འདྲི་ལ། །མགུལ་ཆུ་དོ་ཤལ་དཔུང་རྒྱན་དང༌། །ཕྱག་ཞབས་གདུ་བུ་སེ་མོ་དོ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ནི། །གནས་ལྔ་དག་ཏུ་གཏུག་བྱ་སྟེ། །སྔགས་ཀྱི་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སོགས་རྣམ་པར་བསམ། །ཨོཾ་ན་མཿ་སྲྦ་ཏ་ཐའ་ག་ཏ་ཀའ་ཡ་བའྒ་ཙིཏྟ་གུཎ་ཀརྨྨ། བཛྲ་སྭ་ཨཱ་བྷའ་ཨཱ་ཏྨ་ཀོ྅ཧཾ། །ལུས་ཀྱི་སྦུའི་གནས་རྣམས་སུ། །དཀྱི་འཁོར་དྲུག་གི་རྡུལ་ཕྲན་གནས། །མཁའ་དབྱིངས་དབང་ཕྱུག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱ། །ཨོཾ་དྷ་རྨའ་དྷའ་ཏུ་བཛྲ་སྭ་བྷའ་ཝ་ཨཱ་ཏྨ་ཀོ྅ཧཾ། ལག་པ་ཤིན་ཏུ་བརྐྱང་བ་ཡིས། །མཛུབ་མི་གཉིས་ནི་མདུད་པར་བཅིངས། །གུང་མེ་མཐེ་བོའི་རྩེ་མི་ཅན། །རྡོ་རྗེ་ཕྱག་རྒྱ་ཡང་བསྒྱུར་བཏེག །བསྐོར་ཞིང་ཀུན་དུ་བསྐོར་ནས་ཀྱང༌། །ཁྲོ་གཉེར་དུ་ནི་ལེགས་གཞག་བྱ། །ཧི་ཨ་བྷི་ཥིཉྩ་མའཾ། །རཏྣ་ཨཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། །པ་ཊ་ལཾ་ཨ་བྷི་ཥིཉྩ་ཨོཾ། བཛྲ་ཏུ་ཥྱ་ཧོ། །བྱིན་བརླབས་རིགས་ཀྱི་དབུ་རྒྱན་གྱིས། །རྒྱུ་ཡི་མགོན་པོ་རྡོ་རྗེ་འཆང༌། །དཔལ་ལྡན་ཧེ་རུ་ཀ་ཡི་སྐུ། །ཆ་ལུགས་མཚན་མ་རྒྱན་གསལ་གྱུར། །ཁྲག་འཐུང་མཐིང་ནག་འཇིགས་པའི་རྒྱལ། །འབར་བ་ཆེན་པོ་འོད་ཟེར་ཅན། །ཞལ་གཡས་ཞི་བའི་རང་བཞིན་དཀར། །དབུས་མ་མཐིང་ནག་དྲག་པོའིཞལ། །གཡོན་པ་རྨོངས་བྱེད་སེར་པོ་སྟེ། །རྒྱབ་མ་ཆགས་མཛད་དམར་བའོ། །སྨིན་མཚམས་ཁྲོ་གཉེར་གློག་བཞིན་གྱུར། །སྤྱན་དམར་མ་ཆེ་གཙིགས་འཇིགས་པའི་ཞལ། །དབུ་སྐྲ་སྨར་སེར་གག་ལས། །སྤུན་རྣམས་རྡོ་རྗེ་གྱེན་དུ་འཁྱིལ། །སྒེག་པ་དཔའ་བ་འཇིགས་སུ་རུང༌། །དགོད་དང་གཤེད་དང་འཇིགས་པར་བྱེད། །སྙིང་རྗེ་རྔམ་དང་ཞི་བ་ཡིས། །སྐུ་གསུང་ཐུགས་ཀྱི་གར་ཐབས་ཅན། །གཡས་གཡོན་དང་པོ་རྡོ་རྗེ་དང༌། །རྡོ་རྗེ་ཁ་ཊཱཾ་དྲིལ་བུར་བཅས། །དེ་འོག་གཉིས་ཀྱིས་


DTG027_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇིགས་བྱེད་ཀྱི། །པགས་པ་རླུང་གི་ཚུལ་དུ་བསྐོར། །གསུམ་པ་གཉིས་ན་མདའ་དང་གཞུ། །གཡས་ཀྱི་བཞི་པས་དུང་ཁྲག་འཛིན། །གཡོན་གྱི་བཞི་པ་ཐོད་པ་རུ། །སྙིང་ཆེན་པོ་ཡིས་བཀངས་པའོ། །ལ་ལར་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས་རྡོ་རྗེ་དུང་ཁྲག་འཛིན། །གཡོན་གཉིས་ཐོད་པ་ཞགས་པར་བཅས། །རྡོ་རྗེ་ཁ་ཊཱཾ་སེ་རལ་ཁ། །ལ་ལར་རྡོ་རྗེ་བྷ་ནྡྷ་དམར། །ཁ་ཊཱཾ་ག་ལ་རྒྱ་བརྟེན་མཛད། །གླང་ཆེན་སྟག་གི་པགས་པ་ཡིས། །སྟོད་སྨད་སྐུ་ཡིན་བཟར་མནབས། །ཀླུ་རྒྱལ་ཐོད་པའི་ཕྲེང་བ་ཡིས། །སྐུ་ཡི་གནས་བརྒྱད་རྣམ་སྤྲས་ཤིང༌། །ལྷ་ཆེན་དཔའ་བོའི་གཡང་གཞི་དག །མཚན་མ་ཆེན་པོ་ན་བཟེར་གསོལ། །སྐུ་ལ་ཐལ་བས་བྱུགས་པ་ལ། །ཁྲག་དང་ཞག་གི་མོས་མཚན། །ཕྱག་རྒྱ་ལྔ་ཡིས་མཚན་པ་ལ། །སྙན་གང་ཉི་ཟླ་རིན་ཆེན་ཕྲེང༌། །ཐུན་མོང་རྒྱན་སོགས་ཚངས་པ་ལ། །ཁྱད་པར་རྟགས་ཀྱིས་རྣམ་སྤྲས་པའོ། །རང་བྱུང་ངོ་བོ་ལས་བྱུང་བའོ། །ཀྲོ་དྷི་ཤྭ་རིས་འཇོ་སྒྲེག་སྟབས། །སྐུ་མདོག་སྔོ་སྐྱ་ནམ་མཁའི་ལུས། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཁ་ཊྭའཾ་ལ་རྒྱབ་རྟེན་བཅས། །ལག་པ་གཡོན་པས་ཐོད་པ་ཐོགས། །གཡས་པས་བ་དན་གསུམ་པའི་ཕྱག །རིན་ཆེན་འབར་བའི་རྒྱན་གྱིས་མཚན། །ཕྱུང་ནས་བྱིན་གྱིས་བརླབས་མཛད་དེ། །ཐབས་དང་ཤེས་རབ་ལྡན་པར་འགྱུར། །གནས་གཞི་ཡི་གེ་མཚན་མ་སྔགས། །དཀྱིལ་འཁོར་གདན་ལ་ལེགས་གནས་རྣམས། །སྤྲོ་དང་བསྡུ་བའི་རིམ་པ་ཡིས། །ཕྱག་རྒྱ་བཞི་ཡི་རྣམ་པར་གསལ། །ལྷ་མོའི་བུམ་པས་ཁྲུས་བྱས་ཏེ། །དབང་བསྐུར་རིགས་ཀྱི་བདག་པོར་བསམ། །གྲིཿ་ལས་སྐྱེས་པའི་ལིང་ག་ནི། །རྡོ་རྗེ་གསང་ལམ་ཕཊ་ཀྱིས་མཚན། །ཨ་ཡིག་དག་བྱས་བྷ་གའི་དབྱིབས། །པདྨ་འདབ་བརྒྱད་ཨེ་གནས་པ། །སྣ་ཚོགས་བརྡ་ཡིས་བསྐུལ་བྱས་ནས། །ཐབས་ཤེས་གཉིས་མེད་རོལ་པར་མཛད། །ཨོཾ་པྲ་བེ་ཤ་ཡ་ཕཊ། །ཨ་ལ་ལ་ལ་ལ་ཧོ། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །ཕྱོགས་བཅུའི་དཀྱིལ་འཁོར་མཉེས་པར་མཛད། །ལྷ་རྣམས་རང་ལ་གཞུག་བྱ་སྟེ། །གཉིས་ཀའི་དགའ་བ་རབ་སྤེལ། །ཁམས་གསུམ་འགྲོ་གནས་དག་པ་དང༌། །རྣལ་འབྱོར་མཚན་མ་རྣམ་པར་སྤྱང༌། །གསང་བའི་གནས་སུ་གཞལ་ཡས་ཁང་


DTG027_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱན་སོགས་གདན་རྣམས་སྔོན་བཞིན་འབྱུང༌། །ཐིག་ལེས་གནས་སུ་མཚན་བྱས་ནས། །སྤྲོས་པས་ཡི་གེའོ་དཀྱིལ་འཁོར་གསལ། །ཧྲྸིཿ་ལས་རྡོ་རྗེ་ཧེ་རུ་ཀ །གསང་གནས་དབུས་ཀྱི་པདྨ་པའོ། །ཧྲྸིཿ་ལས་ཤར་དུ་གཽ་རའི་མ། །ཧྣི་ལས་ཙཽ་རའི་ལྷ་ཡི་ཕྱོགས། །ནུབ་ཏུ་ཛིཧ་ལས་པྲ་མོ་སྟེ། །ཛི་ལས་བེ་ཏའ་གྱང་དུའོ། །མཚམས་བཞིར་ཧའུཾ་ཕཊ་བོན་ལས། །པུཀྐ་ལ་སོགས་ལྷ་མོབྮི། །ཡ་ཝ་རལ་བཞི་པོ་ལས། །མདའ་གནོན་འཛིན་མ་ལ་སོགས་རྣམས་། །མེ་ཚམས་སོགས་ཀྱི་གྲུ་ཆད་ལ། །རིམ་པ་བཞིན་དུ་གནས་པ་ཡིན། །ཨ་ཨཱ་མེ་ཏོག་སྤོས་མེ་མ། །ཨཾ་ཨཿ་མར་མེ་དྲི་ཆབ་སྟེ། །བར་འཁྱམས་མཚམས་ཀྱི་གནས་བཞི་རུ། །ལྷ་མོ་བཞི་རུ་གནས་པ་ཡིན། །ཛཿ་ལས་རྟ་སྲིན་འཕང་མཐོ་མ། །ཧའུཾ་ལས་ཕག་གདོང་མཆེ་བ་ཅན། །བཾ་ལས་ཉི་ཟླ་མེ་འབར་མ། །ཧོཿ་ལས་ཐལ་བྱེད་སྒོ་བཞིར་གནས། །ཨོཾ་ཤྲའི་ཧེ་རུ་ཀ་བཛྲ་ས་མ་ཡི་ཧི། །སྲྦ་ཥྚ་ནས་མ་ཡ་མུ་ཏྲ། །པྲ་བྷའྣ་ཙྐྲ་ཧའུཾ་ཕཊ། ཕྱོགས་བཅུའི་འགྲོ་བ་སྤྱང་མཛད་ནས། །ཡབ་ཡུམ་སྐུ་ལ་གཞུག་པར་བྱ། ཧའུཾ་བཛྲ་གུ་ཧེ་དྡྷེ་བ་ར་མ་ཧའ་ཡོ་གི་ཤྭ་རི་དི། །གཽ་རའི་དམར་སེར་ཞི་བ་མོ། །ཞལ་བཞི་གཡོན་བརྐྱང་གར་གྱིས་བཞུགས། །ཕྱག་བརྒྱད་གཡས་ཀྱི་མདའ་བཞི་ལ། །ཚངས་ལ་ཆྡེན་པོའི་མགོ་བཞི་དབྱངས། །ཧའུཾ་ཧའུཾ་བཛྲ་ཙྞྚ་ཤྭྸི་ར་ཁ་ཊྭའི་ག་མ་ཧའ་བཛྲ་ཀ་པའ་ལ་མའ་ལ་མྒྷུ་ཏེ་རུ་དུ། །ཙཽ་རའི་དམར་སེར་དྲག་པ་མོ། །གཡོན་ན་ལྕགས་ཀྱུག་གཡས་པ་ཡི། །གུང་མོས་འཁོར་ལོ་རྩེ་བརྒྱད་བསྟོད། །ཁ་ཊྭའཾ་བརྟེན་ཞབས་གཡས་བཏེག །ཨོཾ་བཛྲ་མ་ར་ཡོ་གི་ཛཿ། །ཕྲ་མོ་དམར་གནག་ཕྱག་པ་བཞི་མ། །དང་པོས་རྡོ་རྗེ་ཁམ་ཕོར་འཆང༌། །འོག་གཉིས་ཁུ་ཚུར་འཁོར་ལོ་འདེགས། །གཡས་བརྐྱང་རྨོངས་ཚུལ་གོང་མ་ཕག །ཨོཾ་བཛྲ་པྲེ་ཏ་ཀེ་ཛི། །བེ་ཏ་དཀར་མོ་སློང་མཛད་ཚུལ། །དགའ་བའི་གར་ཐབས་ག་ཡས་པ་ན། །ཐོད་པ་མཚན་ལྡན་བདུད་རྩིས་གང༌། །གཡོན་པ་བ་དན་གསུམ་པའི་ཕྱག །ཨོཾ་བཛྲ་པྲ་ཧ་རི་ནི་ཏྲཾ། །པུ་ཀྐ་དྲག་མོ་སྣ་ཚོགས་མདོག །གཡས་པས་རྡོ་རྗེ་རྩེ་ལྔག་གསོར། །གཡོན་པས་དཔག་བསམ་ལྕུག་མ་འཛིན། །གར་གྱིས་གཟིགས་ཐབས་འགྱུར་བ་བཞིན། །ཧའུཾ་བཛྲ་ཤའུ་ལ་ཨ་ཀི་བི་ད་ཕཊ། ཙྞྚ་སྔོ་གནག་དབུགས་འབྱིན་ཚུལ། །གཡས་ན་ར་སྐྱེས་རྡོ་རྗེས་མཚན། །རླུང་འཐོར་གཡོན་པས་ཏྲི་


DTG027_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤཱུལ་གར། །གཞན་གྱི་སྲོག་འཕྲོག་ལས་ལ་བརྩོན། །ཧཱུཾ་བཛྲ་ཀྲོ་དྷ་ཙྪིནྡ་ཀ་མཊ། གྷ་སྨ་སེར་གང་རོ་ལྡེགས་ཚུལ། །གཡས་པས་རལ་གྲི་གཡོན་མེ་ཐབ། །གཡོན་བརྐྱང་གར་གྱིས་འགྱུར་བག་ཅན། །མྱུར་བའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་བཛྲ་ས་མ་ཡ་པཱ་ཤེ་ཕཊ། །སྨེ་ཤ་མཐིང་ནག་ཕྱག་བཞི་པ། །ཕྱག་གཉིས་རྡོ་རྗེ་དུང་ཁྲག་འཛིན། །གཡོན་གཉིས་ཐོད་པ་ཞགས་པར་བཅས། །རྡོ་རྗེ་ཁ་ཊྭཱཾ་སེར་ལ་ཁ། །ཀུན་ཀྱང་ཐོད་ཕྲེང་སྦྲུལ་གདུག་དང༌། །ཞིང་ལྤགས་རློན་པ་རིན་ཆེན་ཕྲེང༌། །གདན་ནི་སྣ་ཚོགས་པདྨ་ལ། །ཞིང་དང་ཉི་མས་མཚན་པའོ། །ཧེ་བཛྲ་ར་ཏི་ཕཊ། མདའ་འཛིན་དཀར་མོ་མདའ་དང་གཞུ། །མེ་མཚམས་ཕྱོགས་ཀྱི་པདྨ་ལ། །བཾ་མ་ཧ་རཱ་ཏི་བཛྲ་ཧོ། །ཁ་ཊྭཱཾ་སེར་མོ་ཁ་ཊྭཱཾ་ག །རྡོ་རྗེ་དྲིལ་འཕན་བདེན་བྲལ་མཚམས། །ཨོཾ་བཛྲ་ལོ་ཙ་མེ་ཡཾ་ཡ། འཁོར་ལོ་འཛིན་པ་དམར་སེར་མོ། །རྩིབས་བརྒྱད་འཛིན་མ་རླུང་གི་ཕྱོགས། །ར་མ་ཧཱ་ཤྲཱི་བཛྲ་ར་ཏྲ་ཧྲི། སྣ་ཚོགས་བ་དན་ལྗང་གུ་ལ། །སྣ་ཚོགས་བ་དན་དབང་ལྡན་མཚམས། །ཨ་བཛྲ་པུཥྤེ། མེ་ཏོག་ལྗང་སེར་རྡོ་རྗེས་མཚན། །གཞོང་ཐོགས་མེ་ཡི་མཚམས་སུ་གནས། །ཨ་བཛྲ་དྷཱུཾ་པེ། སྤོས་མ་དཀར་སེར་རྡོ་རྗེས་མཚན། །པོག་ཕོར་བདེན་བྲལ་ཕྱོགས་སུ་གནས། །ཨ་བཛྲ་ཨཱ་ལོ་ཀེ། མར་མེ་དམར་མོ་རྡོ་རྗེས་མཚན། །གསལ་འཛིན་རླུང་གི་མཚམས་སུ་གནས། །ཨཿ་བཛྲ་གནྡྷེ། དྲི་ཆབ་ལྗངས་གུ་རྡོ་རྗེས་མཚན། །དག་འཐོར་དབང་ལྡན་མཚམས་སུ་གནས། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། རྟ་གདོང་དཀར་མོ་ལྕགས་ཀྱུ་དང༌། །ཐོད་པ་རྟ་མགོ་ལྗང་གུ་ཤར། །ཨོཾ་བཛྲ་པྲ་བེ་ཤ་ཧཱུཾ། །ཕག་གདོང་སྔོན་མོ་གཡས་མཆེ་བ། །གཡོན་ཞགས་ལྷོ་ཡི་སྒོ་ལ་གནས། །ཨོཾ་བཛྲ་ཤྲི་ཁ་ལེ་བཾ། སྣང་བ་དམར་མོ་ཕྱོགས་གཉིས་ཀྱིས། །ཉི་ཟླ་ལྕགས་སྒྲོག་ནུབ་ཀྱི་ཕྱོགས། །ཨོཾ་བཛྲ་ཎྚེ་ཧོཿ། ཐླ་བྱེད་ལྗང་གུ་གཡས་དྲིལ་བུ། །གཡོན་པ་བྣྡྷ་སྐུ་བཅས་བྱང༌། །ལྷ་མོ་འདི་དག་ཐམས་ཅད་ཀྱང༌། །རིན་ཆེན་རྒྱན་དང་ན་བཟའ་བ་ཀླུབས། །སྐུ་མཛེས་ཁྲོས་པའི་མཚན་མ་འཛིན། །སྒོ་བ་ཅུང་འགྱིང་བའི་ཚུལ། །མགོན་པོ་རོ་མཉམ་ལ་བཞུགས་ནས། །ཆོས་དབྱིངས་ཡེ་ཤེས་སྙོམས་འཇུག་ལས། །ལྷ་མོས་བདག་པོ་བསྐུལ་མཛད་དེ། །སེམས་


DTG027_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་ཀུན་དོན་རྣམ་འཕྲུལ་མཛད། །བརྟེན་པའི་དཀྱིལ་འཁོར་ལྷ་རྣམས་ཀྱི། །སྐྱེ་མཆེད་དྲུག་ལ་སངས་རྒྱས་དྲུག །ཕྱག་རྒྱ་བཞི་ཡི་མཚན་མ་དང༌། །རིགས་ཀྱི་བདག་པོས་བརྒྱན་པར་བྱ། །ཐུགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས། །ཡེ་ཤེས་དཀྱིལ་འཁོར་བསྐུལ་མཛད་ཅིང༌། །ཛཿ་ཧཱུཾ་བཾ་ཧོཿ་པའི་སྦྱོར་ཚོགས་དང༌། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིང༌། །སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུ། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་ཧེ་རུ་སྐལ་བཟང་དཔལ་ཁྱོད་བདག །ཛཿ་ཧཱུཾ་བཾ་ཧོཿ་ཨེ་ཧྱ་ཧི་བྷ་ག་བཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་ཤྲཱི་དྲྀ་ཤྱ་ཧོ། །ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་གིས་དགོངས་ནས་ཀྱང༌། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཀཱ་ཡ་ཝཱཀ་ཙི་ཏྟ་ཧཱུཾ། སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་པའི་ཚོགས། །གཞན་ལ་སྣང་བའི་དཀྱིལ་འཁོར་རྣམ་པར་མཛེས། །ཨ་ལ་ལ་ཧོ། །ཚངས་པའི་ཚོགས་རྣམས་ཟིལ་གྱིས་གནོན་མཛད་ཅིང༌། །རྟོག་པ་དུ་མའི་སྒྲོ་འདོགས་གཅོད་པར་མཛད། །ཨ་ལ་ལ་ཧོ། །གཉིས་མེད་ཡེ་ཤེས་གཉིས་ཅན་རྣམ་མཐའ་ཡས། །སྣང་སྟོང་བདེ་ཆེན་མཉམ་ཉིད་དབྱིངས་ལ་རོལ། །ཨ་ལ་ལ་ཧོ། །ཀུན་འབྱུང་ཡོན་ཏན་རྩོལ་མེད་ལྷུན་གྲུབ་གང༌། །རྒྱན་གྱི་དཀྱིལ་འཁོར་རྣམ་བཀོད་རང་ལས་བྱུང༌། །ཨ་ལ་ལ་ཧོ། །མཛད་པ་རྒྱ་ཆེན་འགོག་མེད་ཀུན་གྲུབ་པས། །ཚོགས་བཅས་རོལ་པས་བྱ་བ་ཀུན་རྫོགས་པ། །ཨ་ལ་ལ་ཧོ། །སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་བརྒྱན། །དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། །སྨིན་མ་གཡོ་བ་འདེགས་ཚུལ་གྱིས། །རུ་ལུ་རུ་ལུར་བཅད་དགོད་འདུད། །ཧཱུཾ་ཨ་ཏི་བྷཱུཾ་ཧོ། །བན་ད་ནཱཾ་ཀ་རོ་ཡ་མི། །གུ་རུ་པ་ཏི། ཨ་ལ་ལ་ཧོ། །ཨོཾ་འབྱུང་བ་ཆེ་ལས་ཐམས་ཅད་འབྱུང༌། །སྟོང་གསུམ་རྡུལ་སྙེད་མ་ལུས་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །མེ་ཏོག་བདུག་པ་མར་མེད་དང༌། །དྲི་ཚོགས་ཀུན་གྱིས་མཆོད་པའི་ཕྱིར། །ལྷ་མོའི་ཚོགས་རྣམས་མ་ལུས་སྤྲོ། །ཨོཾ་པ་ན་པེན་པེ་ནུས་སུ་ར་ཏ་


DTG027_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏི་བུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་ག་ཙིཏ་ཨཿ་ཧཱུཾ། ཨོཾ་བཛྲ་པུཥྤེ། ཨོཾ་བཛྲ་དྷཱུ་ལོ་ཀེ། བཛྲ་གནྡྷེ། པྲ་ཏཱི་ཙྪ་ཧོ། །ཤྲཱི་བྷ་ག་བཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། རྡོ་རྗེ་དྲག་པོ་གད་མོ་ཆེ། །མཁུར་བ་དབུགས་ཀྱི་རླུང་འབྱིན་ཅིང༌། །འབྲུག་གི་སྒྲ་ལྟར་ཟབ་པ་ཡི། །རུ་ལུ་རུ་ལུའི་སྒྲ་བརྗོད་དོ། །ཛཿ་ཧཱུཾ་བཾ་ཧོཿ། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། དམ་ཚིག་ལས་དང་རྣམ་སྤྱང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱ་གསལ། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞིབས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་གྱིས། །རྣལ་འབྱོར་བདེ་མཆོག་དམ་པར་འགྱུར། །སངས་རྒྱས་ཁྲོ་བྱ་ཁྲོ་བོ་ནི། །ཐལ་བར་འཇིག་པའི་མཆོག་ཡིན་ཏེ། །སེམས་དཔའ་སྔོན་པོ་འབར་བའི་ངང༌། །འོད་ཀྱི་དཀྱིལ་འཁོར་དམར་པོ་སྣང༌། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་འཁྲོལ་བའི་སྒྲར་བཅས་པ། །གོས་ཆེན་པོ་དང་བྱུག་པ་ཆེ། །ཤ་ཆེན་པོ་དང་སྦྲང་རྩེ་ཆེ། །དུར་ཁྲོད་ཀུན་གྱི་འབྱུང་པ་ཡི། །ཕྱག་རྒྱ་དཔལ་ལྡན་དབང་ཕྱུག་མཆོག །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཡི། །སེམས་ཅན་ཁམས་ནི་རྣམ་སྤྱང་ཕྱིར། །འདི་ནི་དཔལ་ལྡན་ཧེ་རུ་ཀའི། །རྡོ་རྗེ་རྒྱ་ཆེན་དབང་ཕྱུག་མཆོག །ཐོད་པའི་ཕྲེང་བའི་དབུ་རྒྱན་དང༌། །སངས་རྒྱས་གཙུག་གི་ནོར་བུ་དག །དཔལ་ལྡན་ཧེ་རུ་ཀ་བཅས་པའི། །ཕྱག་རྒྱ་སྣ་ཚོགས་རྣམ་འཕྲུལ་པའོ། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཁ་ཊྭཱ་ག་ལ་རྒྱབ་བརྟེན་བཅས། །ལག་པ་གཡོན་པར་ཐོད་པ་ཐོགས། །གཡས་པ་བ་དན་གསུམ་པར་བྱ། །ནམ་མཁའི་ཕྱག་རྒྱན་རྣལ་འབྱོར་པ། །ནམ་མཁའ་ཀུན་དུ་འགྲོ་བར་འགྱུར། །བུད་མེད་ལ་སོགས་རིན་ཆེན་མཆོག །དངོས་པོ་ཐམས་ཅད་མཁའ་ལ་འབྱིན། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །བདེ་བར་འབབ་བའི་གར་བྱེད་པས། །དཀྱིལ་མོ་ཀྲུང་ནི་ཕྱེད་བཅས་ལ། །རྐང་པས་རང་གི་བྲལ་མནན་ནས། །ལེགས་པར་བསྡམས་པའི་སྦྱོར་བ་ཡི། །ཡང་ནས་ཡང་དུ་བསྐྱོད་པ་ཡིས། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ །ས་མ་ཡ་སྟྭཾ། ཞི་དང་དྲག་པོ་རྨོངས་པའི་མཆོག །དགའ་བར་གར་བྱེད་འགྱུར་བར་བཅས། །ཤི་བ་ལྡང་བའི་


DTG027_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྦྱོར་བ་ཡིས། །བདེ་བའི་ཕྱག་རྒྱ་རབ་ཏུ་གནས། །ཞི་དང་དྲག་པོ་རྨོངས་བྱེད་དང༌། །གྱེན་ཏུ་འབུགས་བྱེད་གར་བྱེད་ལུས། །ལྟ་བའི་ཕྱག་རྒྱ་གྲུབ་པའི་མཆོག །གསང་བའི་སྦྱོར་བ་བདེ་མཆོག་གིས། །མེ་ཏོག་བདུག་པའི་སྦྱོར་བ་མཆོག །ཆང་དང་ཆུ་དང་ལྕུག་མ་དང༌། །རས་དང་མེ་ཏོག་གྲུབ་པ་ཡིས། །ཁྱད་པར་དུ་ནི་རྒྱས་འདེབས་སོ། །རྩེ་གཅིག་མཉམ་པར་སྦྱོར་བ་ཡིས། །སྦྱོར་བའི་གཉེར་པ་བ་བདེ་བ་བཞིན། །མངོན་པར་གཏོར་ཞིང་སེ་གཏོལ་བརྡབ། །དླ་བུས་གྱེན་དུ་དབུགས་འབྱིན་པས། །གཡོན་དུ་བལྟ་ཞིང་ལག་པས་དྲུད། །འོ་བྱེད་འཁྱུད་པ་དེ་བཞིན་ཏེ། །གར་བྱེད་རབ་ཏུ་རྨོངས་པ་དང༌། །ཟས་དང་གསང་བའི་ལུས་རྣམས་དང༌། །ཚངས་པ་ཆེན་པོའི་མགོ་དང་ནི། །དེ་བཞིན་འཇིག་རྟེན་གསུམ་ལས་རྒྱལ། །དེ་བཞིན་ས་ལས་འདྲེན་པ་དང༌། །རང་གི་ཕྱག་རྒྱའི་ཚུལ་བསྟན་དང༌། །དུར་ཁྲོད་དག་གིས་གར་བྱེད་དང༌། དེ་བཞིན་རླུང་གི་དཀྱིལ་འཁོར་དང༌། །རབ་ཏུ་འཇིགས་པར་སྲེག་པའི་མེ། །ལས་ཀྱི་ཕྱག་རྒྱ་རབ་ཏུ་གནས། དང་པོ་རྒྱས་འདེབས་མ་ཡི་རྒྱ། །སྙིང་འདྲེན་མ་ཡི་གཉིས་པའོ། །གསུམ་པ་ཤིན་ཏུ་རྨོངས་བྱེད་མའི། །དེ་བཞིན་བཞི་པ་འདེབས་བྱེད་མའི། །ལྔ་པ་གར་བྱེད་མ་ཡི་རྒྱ། །དྲུག་པ་གསོད་མ་ཡིན་པར་བཤད། །བདུན་པ་ཟ་བ་མོ་ཡི་རྒྱ། །བརྒྱད་པ་ལས་ཀྱི་ཕྱག་རྒྱ་ཡིན། །མདའ་གནོན་འཛིན་པ་ལ་སོགས་པའི། །ལྷ་མོ་བཞི་པོ་སྔ་མ་བཞིན། །མེ་ཏོག་ལ་སོགས་བརྒྱད་རྣམས་ནི། །དཀྱིལ་འཁོར་ཕྱག་རྒྱས་སྔ་མའི་ཚུལ། །རང་འབྱུང་མོ་དང་བཅས་པ་ཡི། །ཕྱག་རྒྱ་སྔགས་ཀྱིས་གཉིས་མེད་འགྱུར། །གཟིགས་པ་རྣམས་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོད་སྟོན་ཀུན་གསོལ་ལ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །རྒྱབ་བཏབ་རྨོངས་བྱས་མནབས་སུ་གསོལ། །བདེ་མཆོག་ངོ་མཚར་བདེ་ལ་བཞུགས། །ཧཱུཾ་ཨ་ལ་ལ་ལ་ཧོ། །སྣང་བར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །


DTG027_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ལུས་བདག་ལ་མནབས་སུ་གསོལ། །ཉོན་མོངས་ཐམས་ཅད་གསལ་བར་མཛོད། །སོ་སོའི་ལྗངས་ཀྱི་པདྨ་ལ། །ཆོས་ཀྱི་སྙིང་པོ་མཚན་མའི་དཀྱིལ། །སུམྦྷ་གསྟ་མ་ཧཱ་ན་དེ་བོ་ཧི་རི་མི་རི། མི་ཏི་རི་ནི་ཤྲཱི་ཡེ། རྡོ་རྗེ་ཐལ་མོ་གྱེན་དུ་དབྱེ། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །མཐེ་བོང་གཉིས་ཀྱི་མཆེན་བ་གཙིགས། །འཇིགས་པ་རྡོ་རྗེ་གནོད་སྦྱིན་མ། །སྔགས་བཅས་གནས་སུ་གཞག་བྱས་ཏེ། །རིམ་བཞིན་མཐའ་ནས་དགྲོལ་བྱའོ། །ཨོཾ་ཨཱཿ་ཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །མཉམ་པའི་གནས་ལ་རོལ་དུ་གསོལ། །ཧཱུཾ་རྡོ་རྗེ་ལས་ཀྱི་མདའ་གཞུག་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ཆགས་པའི་དམ་ཚིག་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁ་ཊྭཱཾ་ག་རབ་ཏུ་འཇིགས་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་དྲིལ་བུ་རབ་ཏུ་འཁྲོལ་མ་ལ་ཕྱག་འཚལ་ལོ། །སྣ་ཚོགས་བནྡྷ་རྟགས་པ་ལས། །སྣ་ཚོགས་བདུད་རྩིས་རྣམ་པར་བཀང༌། །ལྔ་ལྔ་ལྔ་ཡིན་འཕྲོ་འདུ་ཡིས། །མཚན་མ་རྣམ་པ་ལྔ་དང་ལྡན། །འོད་དང་དུ་བ་དྲི་དང་སྒྲ། །ལྷ་མོའི་གཟུགས་སྟོན་བདུད་རྩི་སྒྲུབ། །རང་བྱུང་གདོད་ནས་རྣམ་པར་དག །མཉམ་པའི་དོན་ལ་རོལ་པར་མཛོད། །བྱིན་བརླབས་རྒྱན་དང་མཚན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །གསང་བ་ཆེན་པོ་རྣམས་པར་རོལ། །གྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །མཉམ་པ་ཉིད་མི་གཡོ་ལ་སོགས་པའི། །བསྟོད་པའི་གླུ་རྣམས་བླངས་བྱས་ནས། །སི་ལ་སྙན་ཀུན་གྱི་སྒྲ་རྣམས་དང༌། །གར་གྱི་ལྷ་རྣམས་མཉེས་པར་བྱ། །དྷེ་ཀོཾ་ཀོཾ་ཀཾ་ཀཾ། དྷེཧ་བཛྲ་བཛྲ་ཎྱེར་ཎྱེར། ཀའཾ་ཀའཾ་ཀཱཾ་ཀཱཾ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་རུ་ལུ་རུ་ལུ་ཧཱུཾ་བྷྱོ། །དྷེ་ཀོཾ་ཀཽཾ་ཀཽཾ་ཀཽཾ་ཀཽཾ་ཀཽཾ། དྷེ་ཀཽཾ་ཀཽཾ་ཀཽཾ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་ལུས་ལ་འབྱུང་བར་མི་འགྱུར་ཞིང༌། །གྲིབ་མས་


DTG027_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕོག་པའི་སྡུག་བསྔལ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང༌། །གཟི་མདངས་ལུས་ལ་འཇུག་པ་བྱེ་བ་སྟོང་ཕྲག་གིས། །འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་སུ་སྣང་བ་དང༌། །ལུས་ངག་སེམས་དང་ཚེ་ནི་རྡོ་རྗེ་རབ་གནས་ཤིང༌། རེ་སྨོན་ཐམས་ཅད་དུས་འདིར་གྲུབ་པར་མཛད་དུ་གསོལ། །དེ་ནས་བཟླས་བརྗོད་རྣམ་གཉིས་སམ། །ཐིག་ལེ་གཉིས་སམ་ཕྲ་མོ་གཉིས། །རྣམ་དག་མཚན་མ་གསལ་བ་དང༌། །མཚན་མ་མེད་པའི་དོན་བསམ་བྱ། །མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག །དོན་དམ་བདེ་བ་ཆེན་པོའི་སྐུ། །དེ་བཞིན་དབྱིངས་ཉིད་ཡེ་ཤེས་ཀྱི། །ལྷ་ཉིད་བརྩོན་པས་བསྒོམ་པར་བྱ། །ཐུན་བཞིའི་སྐབས་སུ་གཏོར་མ་བཏང༌། །རྫོགས་ནས་དཀྱིལ་འཁོར་མཆོད་ཅིང་བསྟོད། །རང་ལས་ཕྱུང་སྟེ་མདུན་བཞག་ནས། །གསོལ་བཏབ་ལ་ས་ལ་བསྐུལ་བར་བྱ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འགྲོ་བའི་དོན་ལ་དགོངས། །ཨོཾ་བཛྲ་གཙྪ་མུཿ། དེ་ནས་ཕྱག་རྒྱ་རྣམ་བཀོད་པ། །རིམ་བཞིན་བདག་ལ་བསྡུ་བྱས་ནས། །རྣམ་གསུམ་སེམས་དཔའ་ཧཱུཾ་ལ་ཐིམ། །རིམ་བཞིན་ཐིག་ལེ་མཉམ་པའི་དབྱིངས། །རྗེས་འབྱུང་མཚན་མའི་སྐུར་གནས་ཏེ། །མཚན་དཔེ་རྒྱན་དང་ཆ་ལུགས་ལ། །གོ་ཆ་གོ་བཅིངས་བསྲུང་བྱ་ཞིང༌། །དབང་བསྐུར་དབུ་རྒྱན་གཅོད་པ་ན་ལྡན། །ཀཾ་ཧཾ་ཨོཾ་ཊྱཾ། ཨོཾ་རཏྣ་མ་ལེ་ཨ་བྷི་ཥཉྩ་ཏྲཾ། ཨོཾ་པ་ཊ་ལཾ་བ་ཨ་བྷི་ལཾ་བ་ཧཱུཾ། སྤྱོད་ལམ་ཀུན་དུ་མ་ཉམས་པར། །ལྷ་ཉིད་དུ་ནི་བསྒོམ་བྱ་སྟེ། །དབང་པོ་སྣང་བ་ཡུལ་དུས་རྣམས། །དཀྱིལ་འཁོར་རོལ་པའི་ཚུལ་དུ་བརྟག །བཟའ་བཏུང་བྱིན་བརླབས་མ་ཉམས་བཟླས། །སྒྱུ་མ་གཉིས་མེད་ཡེ་ཤེས་རོལ། །བྱེད་སྤྱོད་ཚོགས་གཉིས་རྒྱུ་རུ་བརྟག །ཐམས་ཅད་འགྲོ་བའི་དོན་ཕྱིར་སྤྱད། །ཉོན་མོངས་རབ་རླབས་འཇིགས་ལས་སྒྲོལ། །སྐྱབ་མཛད་དཔལ་ལྡན་ཧེ་རུ་ཀའི། །དོན་བཀོད་འགྲོ་བ་མ་ལུས་ཀུན། །རིགས་ཀྱི་དཀྱིལ་འཁོར་ལ་གནས་ཤོག །དཔལ་ཧེ་རུ་ཀའི་གསང་བའི་དོན་རྣམ་པར་


DTG027_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགོད་པ་ཞེས་བྱ་བ། །སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བི་དྱ་ཀར་སིདྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ལྷ་རིན་པོ་ཆེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

དཔལ་རྣམ་པར་སྣང་མཛད་ཀྱི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ།


DTG027_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་བཻ་རོ་ཙ་ན་གུ་ཧྱཱ་རྠ་དྷ་རོ་བྱཱུ་ཧ་ནཱ་མ། བོད་སྐད་དུ། དཔལ་རྣམ་པར་སྣང་མཛད་ཀྱི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའི་ལ་ཕྱག་འཚལ་ལོ། །དངོས་བདག་གསལ་བ་གཉིས་མེད་མཆོག །ལོངས་སྤྱོད་རྣམ་སྤྲུལ་བདེ་ཆེན་སྐུ། །རིགས་ཀྱི་འཁོར་ལོ་རབ་མཛེས་པའི་དཀྱིལ་འཁོར་ཀུན་འབྱུང་གནས་ཕྱག་འཚལ། །ཞི་འགོག་མྱ་ངན་འདས་སོགས་འཇོམས། །རྒྱུ་འབྲས་ལམ་ཞེན་དབུགས་སྦྱིན་མཛད། །དཔལ་ལྡན་རྣམ་སྣང་གསང་བའི་དོན། །རྣམ་དགོད་སྒྲུབ་ཐབས་མཆོག་བཤད་བྱ། །རང་བཞིན་དང་ཚུལ་བཟང་ལས་བྱུང༌། །གཉིས་མེད་ཡོན་ཏན་སྐྱེ་བ་ཐོབ། །སྐྱབས་འགྲོ་བྱང་སེམས་སྔོན་པ་ཅན། །དབང་ཐོབ་དམ་ཚིག་འཇིགས་མེད་པ། །ཐེག་ཆེན་གསང་སྔགས་བློ་གྲོས་མཆོག །རྣམ་སྣང་དཀྱིལ་འཁོར་ལ་དགའ་བས། །ཕྱི་ནང་གཡེང་བ་རབ་བསལ་ཏེ། །རང་གི་འདོད་དོན་འབྲས་བུ་གནེར། །རྟེན་གནས་དགོན་པ་གཙུག་ལག་ཁང༌། །རི་ཡི་རྩེ་རྣམས་ཐམས་ཅད་དུ། །རྣམ་པ་དུ་མ་སྣ་ཚོགས་པའི། །སངས་རྒྱས་དགོངས་པ་བསྒྲུབ་པར་བྱ། །འགྲོ་ལ་སྙིང་རྗེ་ཆེན་པོ་ཡིས། །བདག་གཞན་སྒྲོལ་པར་དམ་བཅས་ནས། །སྦྱོར་ལྡན་ནུས་མཐུག་སུམ་བསྐྱེད་པས། བདག་དང་འགྲོ་བ་སྤྱང་བ་དང༌། །དབང་པོའི་དཀྱིལ་འཁོར་མདུན་དམིགས་ཏེ། དང་པོ་བྱ་བའི་རིམ་རྫོགས་སྤྱད། །སྒྲིབ་ཚོགས་ལས་སྒྲོལ་དག་བྱེད་པའི། །སེམས་ཅན་ཚད་མེད་བློ་ཡིས་གཟུང༌། །བར་ཆད་བགེགས་བསལ་སྲུང་བྱེད་པའི། །འཁོར་ལོ་མེ་འོད་ར་བ་གུར། །ཕྱོགས་བཅུར་ཁྲོ་བོའི་ཚོགས་བསྐྱེད་པའི། །ཆོ་གས་རང་གི་ལས་བཞིན་བསྒོམ། །ཐམས་ཅད་སྤོས་བྲལ་དེ་བཞིན་ཉིད། །གཉིས་མེད་བྱང་ཆུབ་སེམས་དབྱིངས་ལས། །འགྲོ་ལ་ཁྱབ་པའི་ཐུགས་རྗེའི་རྒྱུན། །སྟོང་གསལ་ནམ་མཁའི་


DTG027_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤུགས་ལྟར་བྱུང༌། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ། །རྣམ་འཕྲུལ་ཏིང་འཛིན་གནས་ལ་ཞུགས། །ཨེ་ཡཾ་རཾ་བཾ་ལཾ་སུཾ་རཾ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མེ་མཎྚ་ལ་ཧཱུཾ་བྷཱུཾ། ཆོས་འབྱུང་ནམ་མཁའི་རང་བཞིན་ལས། །འབྱུང་བའི་དཀྱིལ་འཁོར་རིམ་བཞིན་བརྩེགས། །རི་རབ་མེ་འོད་རྒྱན་གསལ་ཞིང༌། །ཁ་དོག་དབྱིབས་རྒྱན་མཚན་མར་བཅས། །བདེ་གཤེགས་ཡོན་ཏན་སྣང་བའི་ནས། །སྣ་ཚོགས་པདྨ་རིན་པོ་ཆེ། །འཁོར་ལོ་སྣ་ཚོགས་རྡོ་རྗེ་དབུས། །ཁང་པ་གྲུ་བཞི་སྒོ་ཁྱུད་དང༌། །རྟ་བབས་བཞི་ཡིས་མཛེས་བྱས་པ། །ས་གཞི་ནམ་མཁའ་ལོགས་ཀྱི་ཕྱོགས། །རིགས་ཀྱི་རིན་ཆེན་འཚེར་བ་ལ། །རང་འབྱུང་ཉི་ཤུ་རྩ་ལྔའི་འོད། །སྣང་ལྔའི་རྩིག་པ་དྲ་བ་དང༌། །དྲ་ཕྱེད་རིན་ཆེན་ཕ་གུས་མཚན། །འཁོར་ལོ་མཚན་པའི་ཀ་བ་བརྒྱད། །རིན་ཆེན་མུ་ཏིག་མེ་ཏོག་ཕྲེང༌། །རྒྱལ་མཚན་བླ་རེ་རྔ་ཡབ་གདུགས། །འདོད་ཡོན་ལྔ་ཡི་ལྷ་མོ་མཆག །ཟླ་ཕྱེད་རྡོ་རྗེ་རིན་ཆེན་དང༌། །བ་དན་དྲིལ་བུའི་སྒྲ་སྙན་སྒྲོགས། །ཕོ་བྲང་འཁོར་ལོ་རྩེ་བརྒྱད་ལ། །པད་མཚན་མུ་ཁྱུད་འཁོར་ལོའི་ཕྲེང༌། །མཚམས་སུ་བུམ་པ་གང་བ་བཞི། །རིགས་ཀྱི་མཚན་མས་རྣམ་པར་མཛེས། །བར་སྐབས་རེའུ་ཆ་བརྒྱད་ལ། །མཚམས་ཕྱེད་འཁོར་ལོའི་ཕྲེང་བས་མཛེས། །ཁྱམས་ཀྱི་ཆ་ཡི་མཚམས་བཞི་དང༌། །སྒོ་གནས་ལ་སོགས་པདྨའི་གདན། །ཕྱི་རོལ་ར་བ་རིམ་གསུམ་བརྒྱན། །ཕྱོགས་མཚམས་དུར་ཁྲོད་ཆེན་པོ་བརྒྱད། །དེ་མཐའ་འདོད་པའི་ལོངས་སྤྱོད་དང༌། །རྡོ་རྗེར་བས་བསྐོར་བའོ། །ཡོད་པ་མ་ཡིན་མེད་པ་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པའོ། །རྣམ་ཐར་སྒོ་བཞིར་སྙོམས་འཇུག་གི །འགོག་གནས་གདུལ་བྱའི་དོན་བྲལ་ལ། །ཕྱོགས་བཅུའི་རྒྱལ་བས་བསྐུལ་མཛད་དེ། །མངོན་བྱང་ལྔ་ཡིས་རྫོགས་སྐུར་འགྱུར། །སེམས་དང་སེམས་དཔའི་ཏི་ངེ་འཛིན་དང༌། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །དེ་བཞིན་བདུད་དང་བདུད་ལས་རྒྱལ། །དེ་ཡི་བྱང་ཆུབ་སངས་རྒྱས་ཡིན། །ཨོཾ་


DTG027_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཧཱ་སུ་ཁ་བཛྲ་སཏྭ་ཨཿ་ཛཿ་ཧཱུཾ་བཾ་ཧོཿ་སུ་ར་ཏ་སྟྭཾ། རྡོ་རྗེ་སེམས་དཔའ་བདེ་ཆེན་སྐུ། །དཀར་ཞིང་དམར་བའི་མདངས་གསལ་ལོ། །ཞལ་བཞིན་རྣམ་གཟིགས་ཕྱག་བཞི་པ། །དང་པོ་རྡོ་རྗེ་རྩེ་ལྔ་འབར། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བཅས་འཁྲོལ། །འོག་མ་གཉིས་ཀྱིས་མདའ་དང་གཞུ། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཛེས། །སྟོད་གཡོགས་དར་དཀར་གསེར་རིས་ཅན། །སྐུ་སྨད་ཚི་གུའི་ན་བཟའ་ལ། །རིན་ཆེན་ཕྲེང་བའི་རྐད་ཅིངས་འདྲིལ། །མགུལ་དུ་དོ་ཤལ་དཔུང་རྒྱན་དང༌། །ཕྱག་བཞི་གདུ་བུ་སེ་མོ་དོ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ནི། །གནས་ལྔ་དག་ཏུ་གཏུགས་བྱ་སྟེ། །སྔགས་ཀྱི་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སོགས་རྣམ་པར་བསམ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨྨ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལུས་ཀྱི་བ་སྤུའི་གནས་རྣམས་སུ། །དཀྱིལ་འཁོར་དྲུག་གི་རྡུལ་ཕྲན་གནས། །མཁའ་དབྱིངས་དབང་ཕྱུག་ཕྱག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། །ལག་གཉིས་ནོར་བུ་རིན་ཆེན་དུང༌། །ཇི་ལྟར་རིགས་པ་མཉམ་སྦྱར་ནས། །མཛུབ་མོ་མཐེ་བོང་རྩེ་མོ་བཞི། །ཡོངས་སུ་བསྒྱུར་ཏེ་བཏེག་ནས་སུ། །དཔྲལ་བར་ལེགས་པར་གཞག་པར་བྱ། །ཁཾ་ཨ་བྷི་ཥིཉྩཾ། རཏྣ་མཱ་ལེ་ཨ་བྷི་ཥིཉཙ་ཏྲཾ། བ་ཏ་ལཾ་ཨ་བྷི་ཥྙྩ་ཨོཾ། བཛྲ་ཏུ་ཥྱ་ཧོ། །བྱིན་བརླབས་རིགས་ཀྱི་དབུ་རྒྱན་གྱིས། །རྒྱུ་ཡི་མགོན་པོ་རྡོ་རྗེ་འཆང༌། །སངས་རྒྱས་རྣམ་པར་སྣང་མཛད་སྐུ། །ཆ་ལུགས་མཚན་མ་རྒྱན་གསལ་གྱུར། །ཞལ་བཞི་སེར་དཀར་ལྗང་དམར་མདོག །སྐུ་མདོག་གངས་རི་ཉི་ཤར་བཞིན། །ཕྱག་ན་ཆོས་གོས་ལྷུང་བཟེད་དང༌། །འཁར་གསིལ་དམ་ཆོས་གླེགས་བམ་འཛིན། །འཁོར་ལོས་སྒྱུར་རྒྱལ་ཆ་ལུགས་དང། །ལོངས་སྤྱོད་ཀུན་གྱིས་ཉེར་མཛེས་པར། །ཐུན་མོང་རྒྱན་སོགས་ཚང་པ་ལས། །ཁྱད་པར་རྟགས་ཀྱིས་རྣམ་སྤྲས་པའོ། །རང་འོད་ངོ་བོ་ལས་བྱུང་བའི། །ཐབས་དང་ཤེས་རབ་གཉིས་མེད་ཡུམ། །སངས་རྒྱས་སྤྱན་མ་དཀར་གསལ་མདངས། །ཞལ་གཅིག་


DTG027_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་གཉིས་སྒྱུ་རྩལ་ཅན། །གཡས་པ་འཁོར་ལོ་ཐོད་པ་གཡོན། །རིན་ཆེན་རྒྱན་སོགས་ཕྲེང་བ་དང༌། །ན་བཟའ་དྲིལ་བུ་རྐེད་ཆིངས་ཅན། །ཕྱུང་ནས་བྱིན་གྱིས་བརླབས་མཛད་དེ། །ཐབས་དང་ཤེས་རབ་ལྡན་གྱུར་པ། །གནས་བཞི་ཡི་གེ་མཚན་མ་སྔགས། །དཀྱིལ་འཁོར་གདན་ལ་ལེགས་གནས་རྣམས། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །ཕྱག་རྒྱ་བཞི་ཡིས་རྣམ་པར་གསལ། །ལྷ་ཡི་བུམ་པས་ཁྲུས་བྱས་ཏེ། །དབང་བསྐུར་རིགས་ཀྱི་བདག་པོར་བསམ། །ཁཾ་ལས་སྐེཡྶ་པའི་ལིང་ག་ནི། །འཁོར་ལོ་གསང་ལམ་ཕཊ་ཀྱིས་མཚན། །ཨ་ཡིག་དག་བྱས་བྷ་གའི་དབྱིབས། །པདྨའི་འདབ་བརྒྱད་ཨེ་གནས་པ། །སྣ་ཚོགས་བརྡ་ཡིས་བསྐུལ་བྱས་ནས། །ཐབས་ཤེས་གཉིས་མེད་རོལ་པར་མཛད། །ཨོཾ་པྲ་བེ་ཤ་ཕཊ། ཨ་ལ་ལ་ལ་ལ་ཧོ། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །ཕྱོགས་བཅུའི་དཀྱིལ་འཁོར་མཉེས་པར་མཛད། །ལྷ་རྣམས་རང་ལ་གཞུག་བྱས་ཏེ། །གཉིས་ཀའི་དགའ་བ་རབ་ཏུ་འཕེལ། །ཁམས་གསུམ་འགྲོ་གནས་དག་པ་དང༌། །རྣལ་འབྱོར་མཚན་མ་རྣམ་པར་སྤྱང༌། །གསལ་བའི་གནས་སུ་གཞལ་ཡས་ཁང༌། །རྒྱན་སོགས་གདན་རྣམས་སྔོན་བཞིན་དབྱུང༌། །ཐིག་ལེ་གནས་སུ་མཚན་བྱས་ན། །སྤྲོས་པ་ཡི་གེའི་དཀྱིལ་འཁོར་གསལ། །ཁཾ་ལས་རྣམ་པར་སྣང་མཛད་དེ། །གསང་གནས་དབུས་ཀྱི་པདྨ་ལའོ། །ཧཾ་ལས་སངས་རྒྱས་ཀུན་བརྗོད་མ། །ཚཾ་ལས་དེ་བཞིན་དཔའ་མོ་སྟེ། །ཏྲཾ་ལས་ཀུན་ཏུ་བཟངས་མོ་ཡིན། །དྷཾ་ལས་མི་ཟད་སྣོད་འཛིན་མའོ། །ཨཾ་ལས་སངས་རྒྱས་ཀུན་ལྡན་པ། །བྷཱུཾ་ལས་ཞལ་བཟང་གཟུང་མ་སྟེ། །ཧ་ལས་ལྷ་མོ་སྦྲིན་ཆེན་མོ། །ཁཾ་ལས་ནམ་མཁའི་སྤྱན་མའོ། །དེ་དག་ནང་གི་ཕྱོགས་བཞི་དང༌། །ཕྱི་ནས་རེའུ་ཆའི་ཕྱོགས་བཞིར་རོ། །ཨཾ་ལས་གླིང་བུ་ཏྲཾ་པི་ཝང༌། །བཾ་ལས་རྡ་ཆེན་ཛཾ་རྫ་རྔ། །མེ་མཚམས་ལ་སོགས་རེའུ་མིག་ཏུ། །ལྷ་མོ་བཞི་ནི་གནས་པ་ཡིན། །ཨ་ཨཱ་མེ་ཏོག་སྤོས་མེ་མ། །ཨཾ་ཨཿ་མར་མེ་དྲི་ཆབ་མའོ། །བར་ཁྱམས་མཚམས་ཀྱི་གནས་བཞི་རུ། །ལྷ་མོ་བཞི་ནི་གནས་པ་ཡིན། །


DTG027_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཛཿ་ལས་རྟ་མགྲིན་འཕང་མཐོ་མ། །ཧཱུཾ་ལས་ཕག་གདོང་མཆེ་བཅན། །བཾ་ལས་ཉི་ཟླ་མེ་འབར་མ། །ཧོཿ་ལས་ཐལ་བྱེད་སྒོ་བཞིར་གནས། །ཨོཾ་བྷུ་ཁཾ་ཛཿ། རང་གི་གནས་ནས་སྤྲོ་བྱ་སྟེ། །སླར་འདུས་རང་གི་ལུས་ལ་གཞུག །ཨོཾ་ས་ཏཀྵ། སངས་རྒྱས་ཀུན་བརྗོད་ཆུ་ཤེལ་མཚུངས། །རྒྱན་མཛེས་ལྕེ་ཡི་ཕྱག་རྒྱ་འཛིན། །ཨོཾ་བཛྲ་རཏྣ་རཾ། དཔའ་བོ་ཤིན་ཏུ་རྒྱལ་མོ་མཆོག །གསར་མདོག་ཕྱག་གཉིས་ཐལ་མོ་འཛིན། །ཨོཾ་བཛྲ་དྷརྨ་པ། ཀུན་བཟང་པདྨ་རཱ་གའི་མདོག །ཕྱག་གཉིས་རྡོ་རྗེ་རྩེ་ལྔ་ཏོག །ཨོཾ་བཛྲ་ཀརྨྨ་ཧཾ། མི་ཟད་སྣོད་འཛིན་སྣ་ཚོགས་མདོག །རྒྱན་དང་སྣོད་ཀྱང་ཆོས་ཀྱི་དུང༌། །ཨོཾ་སཏྭ་བཛྲ། སངས་རྒྱས་ཀུན་བརྒྱན་གུར་ཀུམ་མདོག །ཐུགས་ཀར་སངས་རྒྱས་མི་བསྐྱོད་སྐུ། །ཚཾ་བཛྲ་ར་ཏི་ཧོ། །ལྷ་མོ་ཞལ་བཟངས་མེ་ལོང་མདོག །ཕྱག་གཉིས་མེ་ལོང་རླུང་གཡང་འཛིན། །ཏྲཾ་བཛྲ་པདྨ། སྤྲིན་ཆེན་བཻ་ཌཱུཪྻ་མདོག་མཚུངས། །ཕྱག་གཉིས་སྤྲིན་ཆེན་སེར་བ་འབེབས། །དྷ་བི་ཤྭ་བཛྲ། ནམ་མཁའི་སྤྱན་མ་སེར་སྐྱའི་མདངས། །ཕྱག་གཉིས་པད་བཅས་མིག་གི་རྒྱ། །ཧེ་ར་ཏི་ཙཀྲ་པི་ལ་སི་ཏྲ་ཐཱ། གླིང་བུ་སྔོན་མོ་སྣ་ཚོགས་སྒྲ། །འཁོར་ལོས་མཚན་པའི་གླིང་བུ་སྒོགས། །ཧེ་ར་ཏི་ཙཀྲ་ཀེ་ཏེ་ཏེ་ཏེ་ཏེ། པི་ཝངྶ་སེར་མོ་དྲུག་ལྡན་དབྱངས། །འཁོར་ལོས་མཚན་པའི་པི་ཝང་བསྒྲེང༌། །ཧེ་ར་ཏི་ཙཀྲ་ཧ་སེ་ཏ་ས་བཾ། རྔ་ཆེན་དམར་མོ་འཁོར་ལོའི་རྔ། །ཕྲིན་ལས་སོ་སོའི་ཚུལ་བཞིན་དུ། །ཧེ་ར་ཏི་ཙ་ཀྲ་ནི་པི་ཏེ་པ་པ་བ་ཛཾ། རྫ་རྔ་ལྗང་གུ་རྫ་རྔམ། །འཁོར་ལོས་མཚན་བའི་རོལ་སྟབས་ཚུལ། །ཨ་བཛྲ་པུཥྤེ། མེ་ཏོག་དམར་སེར་འཁོར་ལོས་མཚན། །རིན་ཆེན་གཞོང་པ་གང་བ་འཛིན། །ཨ་བཛྲ་དྷཱུ་པེ། སྤོས་མེ་དཀར་སྔོན་བདུག་པའི་སྣོད། །འཁོར་ལོས་མཚན་པ་གཡས་སུ་འཇོག །ཨ་བཛྲ་ཨཱ་ལོ་ཀེ། མར་མེད་མོ་འཁོར་ལོས་མཚན། །སྣོད་མང་མར་མེའི་སྡོང་པོ་འཛིན། །ཨ་བཛྲ་གནྡྷེ། དྲི་ཆབ་ལྗང་སྐྱ་འཁོར་ལོས་མཚན། །དུང་ཆོས་གཡོན་འཛིན་གཡས་པར་འཐོར། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ་རྟ་གདོང་དཀར་མོ་ལྕགས་ཀྱུ་


DTG027_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། །ཐོད་པ་རྟ་མགོ་ལྗང་གུ་འཛིན། །ཨོཾ་བཛྲ་པཱཤེ་ཧཱུཾ། ཕག་གདོང་སྔོན་མོ་གཡས་མཆེ་བ། །གཡོན་པ་རིན་ཆེན་ཞགས་པ་འཛིན། །ཨོཾ་བཛྲ་ཤྲི་ཁཾ་ལེ་བཾ། སྣང་བ་དམར་མོ་ཕྱག་གཉིས་ཀྱིས། །ལྕགས་སྒྲོག་ཉི་མ་ཟླ་བས་མཚན། །ཨོཾ་བཛྲ་གནྜྷེ་ཧོཿ། ཐལ་བྱེད་ལྗང་གུ་གཡས་དྲིལ་བུ། །གཡོན་པས་ཐོད་པ་མཐའ་ཡས་སྐུ། །ཀུན་ཀྱང་རྒྱན་ཕྲེང་ན་བཟའ་དང༌། །རིགས་ཀྱི་མཚན་མ་འགྱིང་བག་བཞིན། །འཛུམ་བཏག་དགོད་པའི་སོ་ཟུར་སྟོན། །རང་གི་ཆ་ལུགས་གར་གྱི་གནས། །མགོན་པོ་རོ་མཉམ་ལ་ཞུགས་ནས། །ཆོས་དབྱིངས་ཡེ་ཤེས་སྙོམས་འཇུག་པས། །ལྷ་མོས་བདག་པོ་བསྐུལ་མཛད་དེ། །སེམས་ཅན་ཀུན་དོན་རྣམ་འཕྲུལ་མཛད། །བརྟེན་པའི་དཀྱིལ་འཁོར་ལྷ་རྣམས་ཀྱི། །སྐྱེ་མཆེད་དྲུག་ལ་སངས་རྒྱས་དྲུག །ཕྱག་རྒྱ་བཞི་ཡི་མཚན་མ་དང༌། །རིགས་ཀྱི་བདག་པོས་ཉེ་བར་མཚན། །ཐུགས་ཀའི་འོད་ཟེར་སྤྲོ་བསྡུ་ཡིས། །ཡེ་ཤེས་དཀྱིལ་འཁོར་བསྐུལ་མཛད་ཅིང༌། །ཛཿཧཱུཾ་བཾ་ཧོཿའི་སྦྱོར་ཚོགས་དང༌། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིང༌། །སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུ། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྣམ་པར་སྣང་མཛད་སྐལ་བཟང་དཔལ་ཁྱོད་བདག །ཛཿཧཱུཾ་བཾ་ཧོཿཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀ་ཌི་ཥྱ་ཧོ། །ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་གིས་དགོངས་ནས་ཀྱང༌། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུཾ། སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་མོའི་ཚོགས། །གཞན་ལ་སྣང་བའི་དཀྱིལ་འཁོར་རྣམ་པར་མཛེས། །ཨ་ལ་ལ་ཧོ། །ཚངས་པའི་ཚོགས་རྣམས་ཟིལ་གྱིས་ནོན་མཛད་ཅིང༌། །རྟོག་པ་དུ་མའི་སྒྲོ་འདོགས་གཅོད་པར་མཛད། །ཨ་ལ་ལ་ཧོ། །གཉིས་མེད་ཡེ་ཤེས་གཉིས་ཅན་རྣམ་མཐའ་ཡས། །སྣང་སྟོང་བདེ་ཆེན་མཉམ་ཉིད་དབྱིངས་ལ་རོལ། །ཨ་ལ་ལ་ཧོ། །ཀུན་འབྱུང་ཡོན་ཏན་རྩོལ་མེད་ལྷུན་གྲུབ་སྣང༌། །རྒྱན་གྱི་


DTG027_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་རྣམ་དགོད་རང་ལས་བྱུང༌། །ཨ་ལ་ལ་ཧོ། །མཛད་པ་རྒྱ་ཆེན་འགོག་མེད་ཀུན་གྲུབ་པས། །ཚོགས་བསགས་རོལ་པས་བྱ་བ་ཀུན་རྫོགས་པ། །ཨ་ལ་ལ་ཧོ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕྲིན་ལས་རྒྱན། །དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། །རྡོ་རྗེ་དཔལ་གྱི་ཐལ་མོ་སྦྱར། །བསམ་གཡོས་བཞིན་རྒྱས་གནས་སུ་འདུད། །ཨོཾ་ཨ་ཏི་པུ་ཧོ། །བནད་ནཱཾ་ཀཱ་རོ་ཡ་མི་གུ་རུ་པ་ཏི་ཨ་ལ་ལ་ཧོ། །ཨོཾ་འབྱུང་བ་ཆེ་ལས་ཐམས་ཅད་འབྱུང༌། །སྟོང་གསུམ་རྡུལ་སྙེད་མ་ལུས་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ལྷ་མོའི་ཚོགས་རྣམས་མ་ལུས་སྤྲོ། །མེ་ཏོག་བདུག་པ་མར་མེ་དང༌། །དྲི་ཚོགས་ཀུན་གྱིས་མཆོད་པར་བྱ། །ཨོཾ་པ་ནེ་པེཾ་པོ་ནུ་སུ་ར་ཏ་ཏི་པུ་པར་མུ། སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་ག་སིདྡྷ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། པྲ་ཏཱིཙྪ་ཧོ། །ཤཱི་བྷ་ག་བཱན་ཁ་ཁ་ཁཱ་ཧི། །ལག་པ་གཡས་གཡོན་གཉིས་དག་གི །མཇུབ་མོ་མཐེའུ་ཆུང་མཛེས་པར་བསྒྱུར། །རྡོ་རྗེ་ཐལ་མོ་སྦྱར་ནས་སུ། །དེ་བཞིན་གཡོན་པ་བསྒྱུར་བར་བྱ། །དེ་ནི་སྦྱོར་བ་བཏེག་ནས་ནི། །སྤྱི་བོའི་མཚམས་སུ་གཞག་པར་བྱ། །སྐལ་བཟང་ཨོཾ་ཞེས་བྱ་བའི་གླུས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ཨོཾ་གྱི་གླུ་ཡི་ཕྱག་རྒྱ་ནི། །ཚངས་པའི་དབྱངས་ཀྱིས་ཅི་དགར་བླང༌། །ཛཿཧཱུཾ་བཾ་ཧོཿ། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཐར་པ་ཐམས་ཅད་རྣམ་དག་ཕྱིར། །སངས་རྒྱས་ཕྱག་རྒྱ་དཔལ་དུ་གནས། །དོན་དམ་རྣམ་པར་དག་པའི་ཕྱིར། །བཙོ་མ་གསེར་གྱི་ཁ་དོག་བཞིན། །ཆགས་མེད་ལ་སོགས་ཆགས་ཆེན་ཕྱིར། །དཀར་ཞིང་སྣ་ཚོགས་གསལ་བའི་མདངས། །ཆོས་ཀྱི་རྒྱལ་སྲིད་རབ་བསྒྲུབ་པ། །རིན་ཆེན་ཆོས་ལས་ལྷག་པ་མེད། །དེ་བས་ཐེག་ཆེན་བྱང་ཆུབ་སེམས། །རྒྱ་བ་རྡོ་རྗེ་རིན་ཆེན་ཅན། །གཡས་པའི་མཐེ་བོང་གུང་མོ་གཉིས། །གཡོན་པའི་ཁུ་ཚུར་བཅངས་པ་ཡི། །སོར་མོ་ཀུན་ལ་རེག་པ་ནི། །རྩ་བའི་ཕྱག་རྒྱ་ཡིན་པར་གྲགས། །གཡས་པའི་ཡན་


DTG027_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལག་གནོན་པ་ཡིས། །གཡོན་པའི་ཡན་ལག་ཀུན་ལས་རྒྱལ། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་པ། །བདུད་རྣམས་ཐམས་ཅད་འཇོམས་པར་བྱེད། །ཨོཾ་བྷུ་ཁཾ་སྭཱཧཱ། རྡོ་རྗེ་ཁུ་ཚུར་བཅངས་ནས་སུ། །གཡོན་པས་དགག་པ་ཀུན་བརྗོད་མ། །ཧེ་རུ་ཀ་ཡི་ཁུ་ཚུར་ཆེ། །གཡོན་པས་དགབ་པ་དཔའ་མོ་ཡིན། །པདྨོ་རྡོ་རྗེ་ཁུ་ཚུར་ནི། །གཡོན་དག་བ་ཀུན་ཏུ་བཟང་མོའོ། །རིན་ཆེན་འཛིན་པའི་ཁུ་ཚུར་ཡང༌། །གཡོན་པས་དགབ་པ་མི་ཟད་སྣོད། །སངས་རྒྱས་ཁུ་ཚུར་བཅངས་ནས་སུ། །དགབ་པ་སངས་རྒྱས་ཀུན་ལྡན་དཔལ། །བུད་མེད་ཕྱག་རྒྱ་བཅིངས་ནས་སུ། །དགག་པ་ཞལ་བཟང་གཟུང་མ་ཡིན། །རྟ་མཆོག་དཔལ་གྱི་ཁུ་ཚུར་ཡང༌། །དགབ་པ་སྤྲིན་ཆེན་མེ་ཡི་རྒྱ། །དཔལ་གྲུབ་སྤྱན་གྱི་ཁུ་ཚུར་དག །དགབ་པ་ནམ་མཁའི་སྤྱན་མའོ། །གླིང་བུ་མ་ཚོགས་ལྷ་མོ་ཡི། །ཕྱག་རྒྱའི་དཀྱིལ་འཁོར་སྔ་མ་བཞིན། །རང་བྱུང་ལྷ་མོ་དང་བཅས་པའི། །ཕྱག་རྒྱ་སྔགས་ཀྱིས་གཉིས་མེད་འགྱུར། །འཇིག་རྟེན་ཁམས་མང་རྡུལ་ཕྲན་གྲངས་མེད་ཁྱབ་པར་སྤྲོས་པ་ནི། །རྒྱལ་བའི་དོན་རྣམས་རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་སྙེད་ནི། །སྲིད་པའི་བདེ་ཆེན་དེ་བཞིན་གཤེགས་ཀུན་རྣམ་འཕྲུལ་ཚོགས་བཅས་ཀྱིས། །རྡུལ་ཕྲེང་གྲངས་སྙེད་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པར་མཛོད། །མཆོད་པ་ཆེན་པོ་ཐམས་ཅད་འགྲུབ་པར་མཛོད། །ཧོ་དཔལ་རྣམ་པར་མཛད་སྦྱོར་བ་ཨ་ལ་ལ་ལ་ལ་ཧོ། །དེ་རིང་གྲུབ་པར་མཛོད། །སོ་སོའི་ལྗགས་ཀྱི་པདྨོ་ལ། །ཆོས་ཀྱི་སྙིང་པོས་མཚན་པའི་དཀྱིལ། །ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྠ་སིདྡྷི་ལོ་ཙ་ནེ་སརྦཱརྠ་སཱ་དྷ་ནི་སཱ་ཧཱ། རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །མཇུབ་མོ་གཉིས་ཀྱི་རྩེ་མོ་དགུག །མཐེ་བོའི་རྩེ་མོ་མཉམ་པར་གཞག །ཁོང་སྟོང་མི་འགྱུར་དམ་པའོ། །སྔགས་བཅས་གནས་སུ་གཞག་བྱ་སྟེ། །རིམ་བཞིན་མཐའ་ནས་དགྲོལ་བར་བྱའོ། །ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་


DTG027_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཛོད། མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ། །ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆགས་ནི་གླུར་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །སངས་རྒྱས་བྱང་ཆུབ་མཉམ་སྦྱོར་བ། །རབ་ཏུ་དགའ་བས་བལྟ་ཞིང་འཛུམ། །ཤིན་ཏུ་སྲིད་པ་ཡང་དག་སྒྲུབ། །གསལ་བར་ལྟ་ལ་གནས་པར་མཛོད། །སྣ་ཚོགས་བནྡྷ་བརྟག་པ་ལ། །སྣ་ཚོགས་བདུད་རྩིའི་རྣམ་པར་དག །ལྔ་ལྔ་ལྔ་ཡི་འཕྲོ་འདུ་ཡིས། །མཚན་མ་རྣམ་པ་ལྔ་དང་ལྡན། །འོད་དང་དུ་བ་དྲི་དང་སྒྲ། །ལྷ་ཡི་གཟུགས་སྟོན་བདུད་རྩི་བསྒྲུབ། །རང་བྱུང་གདོད་ནས་རྣམ་པར་དག །མཉམ་པའི་དོན་ལས་རོལ་པར་མཛད། །བྱིན་བརླབས་མཚན་དང་རྒྱན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །གསང་བ་ཆེན་པོ་རྣམ་པར་རོལ། །གྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །མཉམ་ཉིད་མི་གཡོ་ལ་སོགས་པའི། །བསྟོང་པའི་གླུ་རྣམས་བླངས་བྱས་ནས། །སིལ་སྙན་ཀུན་གྱི་སྒྲ་རྣམས་དང༌། །གར་གྱི་ལྷ་རྣམས་མཉེས་པར་བྱ། །ཨཾ་ཨཾ་ཨཾ། །ཧཾ་ཧཾ་ཧཾ། བཾ་བཾ་བཾ། དཾ་དཾ་དཾ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་ལུས་ལ་འབྱུང་བར་མི་འགྱུར་ཞིང༌། །གྲིབ་མས་ཕོག་པའི་སྡུག་བསྔལ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་ན་མོད་ལ་འཚོ་བ་དང༌། །གཟི་མདངས་ལུས་ལ་འཇུག་པ་བྱེ་བ་སྟོང་ཕྲག་གི །འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་ཀུན་སྣང་བ་དང༌། །ལུས་ངག་སེམས་དང་ཚེ་ནི་རྡོ་རྗེར་རབ་གནས་ཏེ། །རེ་སྨོན་ཐམས་ཅད་དུས་འདིར་འགྲུབ་པར་མཛད་དུ་གསོལ། །དེ་ནས་བཟླས་བརྗོད་རྣམ་གཉིས་སམ། །ཐིག་ལེ་གཉིས་སམ་ཕྲ་མོ་གཉིས། །རྣམ་དག་མཚན་མ་གསལ་བ་དང༌། །མཚན་མ་མེད་པའི་དོན་བསམ་བྱ། །མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག །དོན་དམ་བདེ་བ་ཆེན་པོའི་སྐུ། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཀྱི། །ལྷ་ཉིད་བརྩོན་པས་བསྒོམ་པར་བྱ། །ཐུན་


DTG027_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིའི་སྐབས་སུ་གཏོར་མ་བཏང་།རྫོགས་ནས་དཀྱིལ་འཁོར་མཆོད་བསྟོད་ཅིང༌། །རང་ལས་བྱུང་ཏེ་མདུན་བཞག་ནས། །གསོལ་བཏབ་ལས་ལ་བསྐུལ་བར་བྱ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འགྲོ་བའི་དོན་ལ་དགོངས། །ཨོཾ་བཛྲ་གཙྪ་མུཿ། དེ་ནས་ཕྱག་རྒྱ་རྣམ་བཀོད་པ། །རིམ་བཞིན་བདག་ལ་བསྡུ་བྱས་ནས། །རྣམ་གསུམ་སེམས་དཔའ་ཧཱུཾ་ལ་ཐིམ། །རིམ་བཞིན་ཐིག་ལེ་མཉམ་པའི་དབྱིངས། །རྫས་འབྱུང་མཚན་མའི་སྐུར་གནས་ཏེ། །མཚན་དཔེ་རྒྱན་དང་ཆ་ལུགས་གསལ། །ཆོ་ག་གོ་བཅིངས་བསྲུང་བྱ་ཞིང༌། །དབང་བསྐུར་དབུ་རྒྱན་ཅོད་པན་ལྡན། །ཀཾ་ཧཾ་ཨོཾ་ཏུཾ་ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པ་ཊ་ལཾ་བ་ཨེ་བྷི་ཥིཉྩལཾ་བ་ཧཱུཾ། སྤྱོད་ལམ་ཀུན་དུ་མ་ཉམས་པར། །ལྷ་ཉིད་དུ་ནི་བསྒོམ་བྱ་སྟེ། །དབང་པོ་སྣང་བའི་ཡུལ་དུས་རྣམས། །དཀྱིལ་འཁོར་རོལ་པའི་ཚུལ་དུ་བརྟག །བཟའ་བཏུང་བྱིན་བརླབས་མ་ཉམས་པར། །སྒྱུ་མ་གཉིས་མེད་ཡེ་ཤེས་རོལ། །བྱེད་སྤྱོད་ཚོགས་གཉིས་རྒྱུ་རུ་བརྟག །ཐམས་ཅད་འགྲོ་བའི་དོན་ཕྱིར་སྤྱད། །དཔལ་ལྡན་རྣམ་སྣང་དཀྱིལ་འཁོར་གྱི། །གསང་དོན་རྣམ་པར་བཀོད་བྱས་ལས། །བྱུང་བའི་དགེ་བ་དྲི་མེད་དེས། །ཁམས་གསུམ་སྐུ་དྲུག་རྣམ་གསལ་ཤོག །དཔལ་རྣམ་པར་སྣང་མཛད་ཀྱི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་སིཾ་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ལྷ་རིན་པོ་ཆེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

དཔལ་པདྨ་གར་གྱི་དབང་ཕྱུག་གི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ།


DTG027_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་པདྨ་ན་རྟེ་ཤྭ་རི་གུ་ཧྱ་ཨརྠ་དྷ་རོ་བྷྱཱུ་ཧེ་ནཱ་མ། བོད་སྐད་དུ། དཔལ་པདྨ་གར་གྱི་དབང་ཕྱུག་གི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣམ་དག་ཞི་བ་ཟབ་མོའི་ཆོས། །རྒྱ་ཆེར་དྲག་ཤུལ་འོད་གསལ་ཞིང༌། །རབ་རྟོགས་བྱ་བ་གྲུབ་པའི་ཚོགས། །གསུང་བདག་གཙོ་བཅས་ལ་ཕྱག་འཚལ། །གཏི་


DTG027_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མུག་ལ་སོགས་རབ་འཇོམས་པའི། །སངས་རྒྱས་ཀུན་གྱི་པདྨོའི་སྐུ། །གར་གྱི་དབང་ཕྱུག་སྒྲུབ་པའི་ཐབས། །དེ་དོན་འདོད་པའི་དོན་ཕྱིར་བཤད། །རང་བཞིན་དང་ཚུལ་བཟང་ལས་བྱུང༌། །གཉིས་མེད་ཡོན་ཏན་སྐྱེ་བས་ཐོབ། །སྐྱབས་འགྲོ་བྱང་སེམས་སྡོམ་པ་ཅན། །དབང་ཐོབ་དམ་ཚིག་འཇིགས་མེད་པ། །ཐེག་ཆེན་གསང་སྔགས་བློ་གྲོས་མཆོག །གར་དབང་དཀྱིལ་འཁོར་ལ་དགའ་བས། །ཕྱི་ནང་གཡེང་བ་རབ་བསལ་ཏེ། །རང་གི་འདོད་དོན་འབྲས་བུ་གཉེར། །པདྨོ་སྐྱེད་མོས་ཚལ་དགའ་དང༌། །ཆུ་བོ་དག་གི་མདོ་དག་ཏུ། །པདྨའོ་འཛིན་པའི་དགོས་པ་རྣམས། །རྣམ་པ་དུ་མ་འགྲུབ་པར་འགྱུར། །འགྲོ་ལ་སྙིང་རྗེ་ཆེན་པོ་ཡིས། །བདག་གཞན་སྒྲོལ་བར་དམ་བཅས་ནས། །སྦྱོར་ལྡན་ནུས་མཐུ་གསུམ་བསྐྱེད་པ། །བདག་དང་འགྲོ་བ་སྤྱང་བ་དང༌། །དབང་པོའི་དཀྱིལ་འཁོར་མདུན་དམིགས་ཏེ། །དང་པོ་བྱ་བའི་རིམ་རྫོགས་སྤྱད། །སྒྲིབ་ཚོགས་ལས་གྲོལ་བྱེད་པ་ཡི། །སེམས་ཅན་ཚད་མེད་བློ་ཡིས་གཟུང༌། །བར་ཆད་བགེགས་བསལ་སྲུང་བྱེད་པའི། །འཁོར་ལོ་མེ་འདོར་བ་གུར། །ཕྱོགས་བཅུར་ཁྲོ་བོའི་ཚོགས་བསྐྱེད་པའི། །ཆོ་གས་རང་གི་ལས་བཞི་བསྒོམ། །ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད། །གཉིས་མེད་བྱང་ཆུབ་སེམས་དབྱིངས་ལས། །འགྲོ་ལ་ཁྱབ་པའི་ཐུགས་རྗེའི་རྒྱན། །སྟོང་གསལ་ནམ་མཁའི་ཤུགས་ལྟར་འབྱུང༌། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ། །རྣམ་འཕྲུལ་ཏིང་འཛིན་གནས་ལ་བཞུགས། །ཨེ་ཡཾ་བཾ་ལཾ་མཾ་སུཾ་རཾ། །ཨོཾ་ན་མཿསརྦ་ཏ་ཐཱ་ཏ་ཨ་ནུ་རཱ་ག་ཡ་མི་མཎྜལ་ལ་ཧཱུཾ་བྷྲཱུཾ། ཆོས་འབྱུང་ནམ་མཁའི་རང་བཞིན་ལས། །འབྱུང་བའི་དཀྱིལ་འཁོར་རིམ་བཞིན་བརྩེགས། །རི་རབ་མེ་འོད་རྒྱན་གསལ་ཞིང༌། །ཁ་དོག་དབྱིབས་རྒྱན་མཚན་མར་བཅས། །བདེ་གཤེགས་ཡོན་ཏན་སྣང་བའི་གནས། །སྣ་ཚོགས་པདྨ་རིན་པོ་ཆེ། །འཁོར་ལོ་སྣ་ཚོགས་རྡོ་རྗེའི་དབུས། །ཁང་པ་གྲུ་བཞི་སྒོ་ཁྱུད་དང༌། །རྟ་བབས་བཞི་ཡིས་མཛེས་བྱས་པ། །ས་གཞི་ནམ་མཁའ་ལོགས་ཀྱི་ཕྱོགས། །རིགས་ཀྱི་རིན་ཆེན་ཆེར་འབར་ལ། །རང་


DTG027_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱུང་ཉི་ཤུ་རྩ་ལྔའི་འོད། །སྔ་ལྔའི་རྩིག་པ་དྲ་བ་དང༌། །དྲ་བྱེད་རིན་ཆེན་ཕ་གུས་མཚན། །པདྨས་མཚན་པའི་ཀ་བ་བརྒྱད། །རིན་ཆེན་མུ་ཏིག་མེ་ཏོག་ཕྲེང༌། །རྒྱལ་མཚན་བླ་རེ་རྔ་ཡབ་གདུགས། །འདོད་ཡོན་ལྔ་ཡི་ལྷ་མོ་འཁྱུག །ཟླ་ཕྱེད་རྡོ་རྗེ་རིན་ཆེན་དང༌། །བ་དན་དྲིལ་བུའི་སྒྲ་སྙན་སྒྲོགས། །དབུས་སུ་པདྨ་འདབ་བརྒྱད་ལ། །པདྨ་མཚན་མུ་ཁྱུད་པདྨོའི་ཕྲེང༌། །མཚམས་སུ་བུམ་པ་གང་བ་བཞི། །རིགས་ཀྱི་མཚན་མས་རྣམ་པར་མཛེས། །བར་མཚམས་པདྨའི་འདབ་མ་ལ། །ཁྱམས་དང་སྒོ་སོགས་པདྨའི་གདན། །ཕྱི་རོལ་ར་བ་རིམ་གསུམ་བརྒྱན། །ཕྱོགས་མཚམས་དུར་ཁྲོད་ཆེན་པོ་བརྒྱད། །དེ་མཐའ་འདོད་པའི་ལོངས་སྤྱོད་དང༌། །རྡོ་རྗེ་རབ་བས་བསྐོར་བའོ། །ཇི་ལྟར་པདྨ་མར་པོ་འདི། །ཆགས་པའི་ཉེས་པས་མི་གོས་པ། །རྣལ་འབྱོར་ལྡན་པ་དེ་བཞིན་དུ། །གནས་ཀྱི་ཉེས་པས་ཡོང་མི་གོས། །རྣམ་ཐར་སྒོ་བཞི་སྙོམས་འཇུག་གི །འགོག་གནས་གདུལ་བྱའི་དོན་བྲལ་ལ། །ཕྱོགས་བཅུའི་རྒྱལ་བས་བསྐུལ་མཛད་དེ། །མངོན་བྱང་ལྔ་ཡིས་རྫོགས་སྐུར་གྱུར། །སེམས་དང་སེམས་དཔའི་ཏིང་འཛིན་དང༌། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །དེ་བཞིན་བདུད་དང་བདུད་ལས་རྒྱལ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿ། ཛཿ་ཧཱུཾ་བཾ་ཧོཿ་སུ་ར་ཏེ་སྟྭཾ། རྡོ་རྗེ་སེམས་དཔའ་བདེ་ཆེན་སྐུ། །དཀར་ཞིང་དམར་བའི་མདངས་གསལ་འོད། །ཞལ་བཞི་རྣམ་གཟིགས་ཕྱག་བཞི་པ། །དང་པོ་རྡོ་རྗེ་རྩེ་ལྔ་འབར། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བཅས་འཁྲོལ། །འོག་མ་གཉིས་ཀྱིས་མདའ་དང་གཞུ། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཛེས། །སྟོད་གཡོགས་དར་དཀར་གསེར་རིས་ཅན། །སྐུ་སྨད་ཚི་གུའི་ན་བཟའ་ལ། །རིན་ཆེན་ཕྲེང་བའི་རྐེད་ཆིངས་ཅན། །མགུར་ཆུ་དོ་ཤལ་དཔུང་རྒྱན་དང༌། །ཕྱག་ཞབས་གདུ་བུ་སེ་མོ་དོ། །རྡོ་རྗེ་རྩེ་ལྔའི་རྒྱ་ནི། །གནས་ལྔ་དག་ཏུ་གཏུགས་བྱས་ཏེ། །སྔགས་ཀྱིས་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སོགས་རྣམ་པར་བསམ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུཎ་ཀརྨ་བཛྲ་སྭ་བྷཱ་བ་


DTG027_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨཱཏྨ་ཀོ྅ཧཾ། ལུས་ཀྱི་བ་སྤུའི་གནས་རྣམས་སུ། །དཀྱིལ་འཁོར་དྲུག་གི་རྡུལ་ཕྲན་གནས། །མཁའ་དབྱིངས་དབང་ཕྱུག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱ། །ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱཏྨཀོ྅ཧཾ། མཐེ་བོང་སེམས་དཔའི་སྐྱིལ་མོ་ཀྲུང༌། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །གུང་མོ་གཉིས་ནི་མཉམ་པར་སྦྱར། །ལྷག་མ་རྡོ་རྗེ་ཐལ་མོའི་འོད། །རྡོ་རྗེ་རིན་ཆེན་ཕྱག་རྒྱ་འདི། །རང་བྱུང་རྣམས་ཀྱིས་དབང་བསྐུར་བའོ། །ཧྲཱིཿཨ་བྷིཥི་ཉྩ་མཱཾ། རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཾ། པཊ་ལཾ་ཨ་བྷི་ཥིཉྩ་ཨོཾ། བཛྲ་ཏུ་ཥྱཧོ། །བྱིན་བརླབས་རིགས་ཀྱི་དཔུ་རྒྱན་གྱི། །རྒྱུ་ཡི་མགོན་པོ་རྡོ་རྗེ་འཆང༌། །དཔལ་ལྡན་དྤདྨ་གར་དབང་སྐུ། །ཆ་ལུགས་མཚན་མ་རྒྱན་གསལ་གྱུར། །སྐུ་མདོག་དཀར་ལ་དམར་བཞང་ཆགས། །ཞལ་མང་བརྒྱ་ཕྱེད་ཕྱག་གིས་མཛེས། །གཡས་ཀྱིས་པདྨ་རྡོ་རྗེ་དང༌། །འཁོར་ལོ་རིན་ཆེན་དབྱུག་སོགས་ཀྱིས། །མཚན་ཞིང་གཡོན་པའི་ཕྱག་དག་གིས། །པདྨ་བརྐྱང་བའི་སྡོང་བུ་འཛིན། །མཚན་སོགས་དཔེ་བྱད་བཟང་པོས་མཛེས། །ཉི་ཤུ་རྩ་ལྔའི་འོད་ཟེར་འཕྲོ། །རིན་ཆེན་ལ་སོགས་རྒྱན་ཕྲེང་ཚོགས། །དར་གྱི་གས་རྒྱན་ཅོད་པན་དཔྱངས། །བཀྲ་ཤིས་སྐྱིལ་ཀྲུང་ལེགས་བཞུགས་ཤིང༌། །སྙེམས་བཅད་ཆགས་པའི་ཚུལ་དུ་གཟིགས། །རང་འོད་ངོ་བོ་ལས་བྱུང་པའི། །ན་བཟའ་དཀར་མོ་དཀར་གསལ་མདངས། །ཞལ་གཅིག་ཕྱག་གཉིས་པདྨ་དང༌། །ཐོད་པ་བདུད་རྩིས་གང་བ་འཛིན། །རིན་ཆེན་རྒྱན་སོགས་ཕྲེང་བ་དང༌། །ན་བཟའ་དྲིལ་བུའི་རྐེད་ཅིངས་ཅན། །ཕྱུང་ནས་བྱིན་གྱིས་བརླབས་མཛད་དེ། །ཐབས་དང་ཤེས་རབ་ལྡན་པར་གྱུར། །གནས་བཞི་ཡི་གེ་མཚན་མ་སྔགས། །དཀྱིལ་འཁོར་གདན་ལ་ལགས་གནས་རྣམས། །སྤྲོ་དང་བསྡུ་པའི་རིམ་པ་ཡིས། །ཕྱག་རྒྱ་བཞི་ཡིས་རྣམ་པར་གསལ། །ལྷ་མོའི་བུམ་པས་ཁྲུས་བྱས་ཏེ། །དབང་བསྐུར་རིགས་ཀྱི་བདག་པོར་བསམ། །ཧྲཱིཿལས་སྐྱེས་པའི་ལིང་ག་ནི། །པདྨ་གསང་ལམ་ཕཊ་ཀྱིས་མཚན། །ཨ་ཡིས་དག་བྱས་བྷ་གའི་དབྱིབས། །པདྨ་འདབ་བརྒྱད་


DTG027_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨེ་གནས་པ། །སྣ་ཚོགས་བརྡ་ཡིས་བསྐུལ་བྱས་ནས། །ཐབས་ཤེས་གཉིས་མེད་རོལ་པར་མཛད། །ཨོཾ་པྲ་བེ་ཤ་ཕཊ། ཨ་ལ་ལ་ཧོ། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །ཕྱོགས་བཅུའི་དཀྱིལ་འཁོར་རབ་མཉེས་པར། །ལྷ་རྣམས་རང་ལ་གཞུག་བྱ་སྟེ། །གཉིས་ཀའི་དགའ་རབ་ཏུ་སྤེལ། །ཁམས་གསུམ་འགྲོ་གནས་དག་པ་དང༌། །རྣལ་འབྱོར་མཚན་མ་རབ་ཏུ་སྤྱང༌། །གསང་བའི་གནས་སུ་གཞལ་ཡས་ཁང༌། །རྒྱན་ཚོགས་གདན་རྣམས་སྔོན་བཞིན་བྱུང༌། །ཐིག་ལེ་གནས་སུ་མཚན་བྱས་ནས། །སྤྲོས་པས་ཡི་གེའི་དཀྱིལ་འཁོར་གསལ། །གསང་གནས་དབུས་ཀྱི་པདྨ་ལ། །ཧྲཱིཿལས་པདྨ་གར་དབང་ཕྱུག །ཛཿལས་རྣམ་པར་གཟིགས་མ་སྟེ། །ཧཱུཾ་ལས་དེ་བཞིན་སྒྲོལ་མ་ཡིན། །བཾ་ལས་ལྷ་མོ་ས་འཛིན་ཏེ། །དེ་བཞིན་ཧོཿཡིས་ཁྲོ་གཉེར་མ། །ཧཱུཾ་གིས་གཏུམ་པའི་དབང་ཕྱུག་སྟེ། །ཧེས་ནི་སྣ་ཚོགས་པདྨའོ། །ཨ་ལས་པདྨའི་ན་བཟའ་མ། །ཧོ་ལས་པདྨའི་དབང་ཕྱུག་མའོ། །དེ་དག་ནང་གི་ཕྱོགས་བཞི་དང༌། །ཕྱི་ནས་པདྨའི་ཕྱོགས་བཞིར་རོ། །ཨོཾ་ལས་གླིང་བུ་ཏྲཾ་པི་ཝང༌། །པཾ་ལས་རྔ་ཆེན་ཛ་རྫ་རྔ། །མེ་མཚམས་ལ་སོགས་འདབ་མ་བཞིར། །ལྷ་མོ་བཞི་ནི་གནས་པ་ཡིན། །ཨ་ཨཱ་མེ་ཏོག་སྤོས་མེ་མ། །ཨོཾ་ཨཱཿམར་མེ་དྲི་ཆབ་མ། །བར་མཚམས་ཁྱམས་ཀྱི་གནས་བཞི་རུ། །ལྷ་མོ་བཞིན་གནས་པ་ཡིན། །ཛ་ལས་རྟ་མགྲིན་འཕང་མཐོ་མ། །ཧཱུཾ་ལས་ཕག་གདོང་མཆེ་བ་ཅན། །བཾ་ལས་ཉི་ཟླ་མི་འབར་མ། །ཧོཿ་ལས་ཐལ་བྱེད་སྒོ་བཞིར་གནས། །ཨོཾ་སྭ་བྷཱ་བ་ཤུདྡྷོ་བདྨ་ནེརྟེ་ཤྭ་རི་ཧྲཱིཿཛཿ། རང་གི་གནས་ནས་སྤྲོ་བྱས་ཏེ། །སླར་འདུས་ཡབ་ཡུམ་ལུས་ལ་གཞུག །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཛ། །རྣམ་གཟིགས་པདྨ་རཱ་གའི་མདོག །པདྨ་མར་པོ་ཁ་འབྱེད་མཇད། །ཨོཾ་བཛྲ་པདྨ་ཛ། སྒྲོལ་མ་ལྗང་གུ་གཡོན་དཀུར་བརྟེན། །པདྨ་སྡེ་འཛིན་གཡས་པས་བརྟེན། །ཧེ་པདྨི་པདྨི་བཾ། ས་འཛིན་སྔོན་མོ་རྒྱན་ཅན་མ། །ཆོས་ཀྱི་འཁོར་ལོ་པདྨ་དཀར། །ཧོ་པདྨ་ནི་ར་ཛཾ། ཁྲོ་གཉེར་དཀར་མོ་མདུང་རྩེ་གསུམ། །པདྨ་མཐིང་ག་སྐྱོད་པར་བྱེད། །ཧཱུཾ་པདྨ་ཙཎྜེ་ཤྭ་རི་ཧཱུཾ་ཕཊ། པད་


DTG027_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཏུ་མ་དབང་ཕྱུག་གངས་རིའི་མདོག །པདྨ་དམར་པོ་ཏྲི་ཤཱུ་ལ། །ཧ་མ་བི་ཤྭ་པདྨ་མུ་གེ་སི་ཏ་ཧཱུཾ་ཕཊ། སྣ་ཚོགས་པདྨ་ལྗང་གུའི་མདོག །པདྨ་འཁོར་ལོ་རྩིབས་བརྒྱད་འཛིན། །ཧྲཱིཿཔདྨོ་པདྨི་ཧཱུཾ་ཧཱུཾ་ཨཾ། པདྨ་ན་བཟའ་གསེར་གྱི་མདོག །པདྨ་སེར་པོ་ཆུ་སྲིན་རྒྱལ། །ཧོ་པདྨེ་ཤ་ཀྲ་མ་ཧཱུཾ་ཛ། པདྨའི་དབང་ཕྱུག་དམར་བའི་མདོག །པདྨ་ལེ་བརྒྱན་རྡོ་རྩེ་ལྔ། །ཧེ་ར་ཏི་པདྨ་བི་སི་ཏྲ་ཐ། གླིང་བུ་སྔོན་མོ་སྣ་ཚོགས་སྒྲ། །པདྨས་མཚན་པའི་གླིང་བུ་སྒྲོགས། །ཧེ་ར་ཏི་པདྨ་གེ་ཏེ་ཏ་ཏེ་ཏེ། པི་ཝང་སེར་མོ་དྲུག་ལྡན་དབྱངས། །པདྨས་མཚན་པའི་པི་ཝང་བསྒྲང༌། །ཧེ་ར་ཏི་པདྨ་ཧཱ་ས་ཧཾ། རྔ་ཆེན་དམར་མོ་པདྨའི་རྔ། །ཕྲིན་ལས་སོ་སོའི་ཚུལ་བཞིན་བརྡུང༌། །ཧེ་ར་ཏི་པདྨ་ནིར་ཏྱེ་པེ་པ་པ་ཛཾ། རྫ་རྔ་ལྗང་གུ་རྫ་རྔ་མ། །པདྨས་མཚན་པའི་རོལ་སྟོབས་ཚུལ། །ཨ་བཛྲ་པུཥྤེ། མེ་ཏོག་དཀར་སེར་པདྨས་མཚན། །རིན་ཆེན་གཞོང་པ་བཀང་བ་འཛིན། །ཨཿབཛྲ་དྷཱུ་པེ། སྤོས་མེ་དཀར་སྔོན་བདུག་པའི་སྣོད། །པདྨས་མཚན་པའི་གཡས་སུ་འདེགས། །ཨོཾ་བཛྲ་ཨཱ་ལོ་ཀེ། མར་མེ་དམར་མོ་པདྨས་མཚན། །སྣོང་མང་མར་མེའི་སྡོང་པོ་འཛིན། །ཨ་བཛྲ་གནྡྷེ། དྲི་ཆབ་ལྗང་སྐྱ་པདྨས་མཚན། །དུང་ཆོས་སྣོད་འཛིན་གཡས་པས་འཐོར། །ཨོཾ་བཛྲ་ཨཾ་ཀུ་ཛཿ། རྟ་གདོང་དཀར་མོ་ལྕགས་ཀྱུ་དང༌། །ཐོད་པ་རྟ་མགོ་ལྗང་གུ་འཛིན། །ཨོཾ་བཛྲ་པཱ་ཤ་ཧཱུཾ། ཕག་གདོང་སྔོན་མོ་གཡས་མཆེ་བ། །གཡོན་པ་པདྨའི་ཞགས་པ་འཛིན། །ཨོཾ་བཛྲ་ཤྲིཾ་ཁ་ལེ་བཾ། སྣང་བ་མོ་དམར་ཕྱག་གཉིས་ཀྱིས། །ལྕགས་སྒྲོག་ཉི་མ་ཟླ་བས་མཚན། །ཨོཾ་བཛྲ་གཎྜེ་ཧོཿ། ཐལ་བྱེད་ལྗང་གུ་གཡས་དྲིལ་བུ། །གཡོན་པ་ཐོད་པ་གཡས་པའི་སྐུ། །ཀུན་ཀྱང་རྒྱན་ཕྲེང་ན་བཟའ་དང༌། །རིགས་ཀྱི་མཚན་མ་འགྱིང་བག་བཞིན། །འཛུམ་སྟེག་དགོད་པའི་སོ་ཟུར་སྟོན། །རང་གི་ཆ་ལུགས་གར་གྱིས་གནས། །མགོན་པོ་རོ་མཉམ་ལ་ཞུགས་ནས། །ཆོས་དབྱིངས་ཡེ་ཤེས་སྙོམས་འཇུག་ལས། །ལྷ་མོས་བདག་པོ་བསྐུལ་མཛད་དེ། །སེམས་ཅན་ཀུན་དོན་རྣམ་འཕྲུལ་མཛད། །བརྟེན་པའི་དཀྱིལ་འཁོར་ལྷ་རྣམས་ཀྱི། །སྐྱེ་མཆེད་དྲུག་ལ་སངས་རྒྱས་


DTG027_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲུག །ཕྱག་རྒྱ་བཞི་ཡིས་མཚན་མ་དང༌། །རིགས་ཀྱི་བདག་པོས་ཉེ་བར་མཚན། །ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས། །ཡེ་ཤེས་དཀྱིལ་འཁོར་བསྐུལ་མཛད་དེ། །ཛཿཧཱུཾ་བཾ་ཧོཿའི་སྦྱོར་ཚོགས་དང༌། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིང༌། །སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུ། །ནམ་མཁའ་ཉིད་དུ་དམ་ཚིག་ངེས་པར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །པདྨ་གར་དབང་སྐལ་བཟང་དཔལ་ཁྱོད་བདག །ཛཿཧཱུཾ་བཾ་ཧོཿཨེ་ཧྱེ་ཧི་བྷ་ག་བཱན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ། །ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། བདེ་གཤེགས་ཕོ་དྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་གིས་དགོངས་ནས་ཀྱང༌། །འཁོར་བཅས་གཤགས་ཤིང་བཞུགས་སུ་གསོལ། །ཀཱ་ཡ་ཝཱཀ་ཙིཏྟ་ཧཱུཾ། སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་མོའི་ཚོགས། །གཞན་ལ་སྣང་བའི་དཀྱིལ་འཁོར་རྣམ་པར་མཛེས། །ཨ་ལ་ལ་ཧོ། །ཚངས་པའི་ཚོགས་རྣམས་ཟིལ་གྱིས་མནོན་མཛད་ཅིང༌། །རྟོག་པ་དུ་མའི་སྒྲོ་འདོགས་གཅོད་པར་མཛད། །ཨ་ལ་ལ་ཧོ། །གཉིས་མད་ཡེ་ཤེས་གཉིས་ཅན་རྣམ་མཐའ་ཡས། །སྣང་སྟོང་བདེ་ཆེན་མཉམ་ཉིད་དབྱིངས་ལས་རོལ། །ཨ་ལ་ལ་ཧོ། །ཀུན་འབྱུང་ཡོན་ཏན་རྩོལ་མེད་ལྷུན་གྲུབ་སྣང༌། །རྒྱན་གྱི་དཀྱིལ་འཁོར་རྣམ་དགོད་རང་ལས་བྱུང༌། །ཨ་ལ་ལ་ཧ། །མཛད་པ་རྒྱ་ཆེན་འགོག་མེད་ཀུན་གྲུབ་པས། །ཚོགས་བཅས་རོལ་པས་བྱ་བ་ཀུན་རྫོགས་པ། །ཨ་ལ་ལ་ཧོ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕྲིན་ལས་བརྒྱན། །དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། །ཐལ་མོ་པདྨ་ཁ་འབུས་བཞིན། །རང་གི་སྙིང་གར་བཅིང་བྱ་སྟེ། །མཐེ་བོང་མཐེའུ་ཆུང་པདྨ་བཞིན། །རྒྱས་པར་འདུད་པའི་ཕྱག་ཀྱང་བྱ། །ཧྲི་ཨ་ཏི་པུ་ཧོ། །བནྡྷ་ནཱཾ་ཀཱ་རོ་ཡ་མི། གུ་རུ་པ་ཏི། ཨ་ལ་ལ་ཧོ། །ཨོཾ་འབྱུང་བ་ཆེ་ལས་ཐམས་ཅད་འབྱུང༌། །སྟོང་གསུམ་རྡུལ་སྙེད་མ་ལུས་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ལྷ་མོའི་ཚོགས་རྣམས་མ་ལུས་སྒྲོ། །མེ་ཏོག་བདུག་པ་མར་མེ་དང༌། །དྲི་ཚོགས་ཀུན་གྱིས་མཆོད་པར་བྱ། །ཨོཾ་པ་ན་པེ་ན་པ་ནུ་སུ་ར་ཏ། སརྦ་ཏ་ཐཱ་ག་ཏ། ས་མ་ཡོ་གཱ་སིདྡྷི་


DTG027_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། པྲ་ཏཱིཙྪཧོ། །ཤྲཱི་བྷ་ག་བཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། ལག་པ་གཡས་གཡོན་གཉིས་དག་གི །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཏེ། །གཡས་གཡོན་ཐལ་མོ་བརྡབས་པ་ཡིས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ཏེ་ཞེས་བྱ་བ་ཀླུ་ཡི་རྒྱ། །ཐམས་ཅད་དག་པས་རབ་བསྒྲུབ་པའོ། །ཛཿཧཱུཾ་བཾ་ཧོཿ། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདོད་ཆགས་ཐམས་ཅད་རྣམ་དག་ཕྱིར། །པདྨའི་ཕྱག་རྒྱ་དཔལ་དུ་གནས། །མི་འགྱུར་དམ་པ་དག་བྱའི་ཕྱིར། །ཤེལ་སྒོར་བཞིན་དུ་དག་པའོ། །འདོད་ཆགས་ཐམས་ཅད་བསལ་བའི་ཕྱིར། །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །སངས་རྒྱས་ཚེ་ཡི་རིན་ཆེན་སྤྲས། །གོས་དང་སྣ་ཚོགས་རྒྱན་གྱིས་བརྒྱན། །སངས་རྒྱས་ཐམས་ཅད་འདུས་པ་ཡིས། །བདེ་བ་ཅན་བཞིན་དམ་པར་འགྱུར། །གར་ཐབས་རྣམ་པ་སྣ་ཚོགས་ཀྱིས། །ཡོངས་སུ་བསྒྱུར་ཅིང་གར་བྱས་པ། །པདྨའི་མཚན་མཆོག་པདྨོར་བཅས། །ཕྱག་ནི་རྒྱ་རྣམས་འཁོར་ལོ་བསྐོར། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །སྐྱིལ་མོ་ཀྲུང་ནི་ཕྱེད་མར་གནས། །རྒྱལ་བའི་སྐྱིལ་མོ་ཀྲུང་བཅས་ནས། །སྡུག་བསྔལ་ཐམས་ཅད་སེལ་བར་བྱེད། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་པདྨ་ན་རྟེ་ཤྭ་རི་ཧྲཱིཿཛ། སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་དམར་པོ་ཅི་བདེར་གཟུང༌། །སྙིང་གར་འདྲེན་ཚུལ་ཁ་འབྱེད་པ། །རྣམ་པར་གཟིགས་པའི་རྣམ་དག་དཔལ། །སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་སྔོན་པོ་ཅི་བདེར་གཟུང༌། །སྙིང་གར་འདྲེན་ཚུལ་བུད་མེད་རྒྱ། །སྒྲོལ་བའི་བྱང་ཆུབ་མཆོག་ཡིན་ནོ། །སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་དཀར་པོ་ཅི་བདེར་གཟུང༌། །འཁོར་ལོའི་རྒྱ་བཅིངས་རབ་ཏུ་བསྐོར། །རྒྱལ་ཆན་མོ་ཡི་འཁོར་ལོའོ། །སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་མཐིང་ག་ཅི་བདེར་གཟུང༌། །གཡས་པ་གར་བྱེད་བ་དན་གསུམ། །ཁྲོ་གཉེར་མ་ཡི་ཕྱག་རྒྱ་ཡིན། །སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་དམར་པོ་ཅི་བདེར་གཟུང༌། །གཡས་པ་ཏྲི་ཤཱུལ་ཚུལ་དུ་བསྒྲེང༌། །པད་གཏུམ་དབང་


DTG027_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱུག་བདེ་གནོན་རྒྱ། །སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་ལྗང་གུ་ཅི་བདེར་གཟུང༌། །གཡས་པས་འཁོར་ལོ་རྩེ་བརྒྱད་བསྟོད། །པདྨ་དབང་ཕྱུག་ཐུགས་ཀྱི་རྒྱ། །སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་སེར་པོ་ཅི་བདེར་གཟུང༌། །གཡས་པས་གར་བྱེད་ཆུ་སྲིན་བསྒྲེང༌། །པདྨོ་གནས་པའི་དཔལ་ཆེན་ཡིན། །སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་ལེ་བརྒན་ཅི་བདེར་གཟུང༌། །སྙིང་གར་འདྲེན་ཚུལ་རྡོ་རྗེའི་རྒྱ། །འདོད་པའི་དབང་མོའི་གོ་བ་གསུམ། །གླིང་བུ་མ་སོགས་ལྷ་མོ་ཡི། །ཕྱག་རྒྱའི་དཀྱིལ་འཁོར་སྔ་མ་བཞིན། །རང་བྱུང་ལྷ་མོ་དང་བཅས་པའི། །ཕྱག་རྒྱ་སྔགས་གཉིས་གཉིས་མེད་གྱུར། །དེ་བཞིན་གཤེགས་པ་ཀུན་ལ་སོགས། །ས་ཡི་གཟུགས་སོགས་སྣ་ཚོགས་འཛིན། །སེམས་ཅན་རྣམ་པ་སྣ་ཚོགས་རྣམས། །འདུལ་མཆོག་དངོས་གྲུབ་མཆོག་མངའ་བ། །སེམས་དཔའ་པདྨའི་དགའ་བ་མཆོག །སྒྱུ་མའི་དགའ་བ་བསྟན་དུ་གསོལ། །ཨ་ལ་ལ་ཧོ། །ཀྱེ་གར་དབང་ཐར་པའི་དགའ་བ་གར་མཛོད་ཅིག །སངས་རྒྱས་རྡོ་རྗེ་འཛིན་པའི་བདག །ཚངས་པ་འཇུག་སེལ་དབང་ཕྱུག་བདག །ཉི་ཟླ་བདག་ལགས། ཨ་ལ་ལ་ཧོ། །པདྨོ་སྒྱུ་མ་དཔལ་རྣམས་སྣ་ཚོགས་འདུལ་མཛད་དག་པའི་ཚུལ་གྱིས་གར་བྱེད་པ། །པདྨོ་དམ་ཚིག་དབང་ཕྱུག་སངས་རྒྱས་གར་རྣམས་མཛད་དུ་གསོལ། །འདོད་ཆགས་རྣམ་པར་སྦྱོང་བ་ཐམས་ཅད་ད་རུང་རྣམ་པར་སྦྱོངས། །པདྨོ་འཛིན་པས་མངོན་སུམ་སྤྱན་སྔར་གར་མཁན་གར་མཛོད་ཅིག །སོ་སོའི་ལྗགས་ཀྱི་པདྨ་ལ། །མཚན་མ་ཆོས་ཀྱི་སྙིང་པོར་བཅས། །ཨོཾ་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སྭཱཧཱ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །གུང་མོ་མཉམ་པར་རབ་ཏུ་སྒྲུབ། །མཐེ་བོང་མཐེའུ་ཆུད་འདབ་མ་བཞི། །པདྨ་དྲི་མེད་རབ་ཏུ་རྒྱས། །སྔགས་བཅས་གནས་སུ་གཞག་བྱ་སྟ། །རིམ་བཞིན་མཐའ་ནས་དགྲོལ་བར་བྱའོ། །ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །


DTG027_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ། །ལ་ལར་རབ་ཏུ་དྲག་ཅིང་སྐྱེ་བོ་དག་ལ་དྲག་པའི་བུད་མེད་སྐུ་ལྟར་རབ་ཏུ་སྣང༌། །འགྲོ་བ་མཐའ་ཡས་འདུལ་ཕྱིར་ལ་ལར་རབ་ཏུ་རྣོ་བའི་འཁོར་ལོ་ཕྱག་ན་བསྣམས་པའི་སྐུ། །ལ་ལར་རབ་ཏུ་དེས་ཤིང་ཞི་བ་མི་འགྱུར་སྦྱིན་པ་ཚངས་པའི་སྐུར་ཡང་སྟོན་པར་མཛོད། །ལ་ལར་རབ་ཏུ་འབར་བའི་ཆགས་པ་པདྨོའི་རྒྱལ་པོའི་དམ་ཚིག་བདག་ལ་གྲུབ་པར་མཛོད། །སྟེག་ལ་སོགས་པའི་ཉམས་དང་ལྡན། །མཛེས་པའི་བཞིན་ནི་རྣམ་སྒྱུར་ཞིང༌། །རིམ་གྲོར་བྱས་པ་སྟེག་པའི་མཆོག །སྟེག་པའི་ལྟ་བས་གར་བྱེད་དོ། །སྣ་ཚོགས་བནྡྷ་བརྟགས་པ་ལ། །སྣ་ཚོགས་བདུད་རྩིས་རྣམ་པར་དགང༌། །ལྔ་ལྔ་ལྔ་ཡི་འཕྲོ་འདུ་ཡིས། །མཚན་མ་རྣམ་པ་ལྔ་དང་ལྡན། །འོད་དང་དུ་བ་སྒྲ་དང་དྲི། །ལྷ་མོའི་གཟུགས་སྟོན་བདུད་རྩེ་འགྲུབ། །རང་འབྱུང་གདོད་ནས་རྣམ་པར་དག །མཉམ་པའི་དོན་ལྡན་རོལ་པར་མཛོད། །བྱིན་བརླབས་རྒྱན་དང་མཚན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་བརླབ་ཅིང་རྣལ་འབྱོར་པ། །གསང་བ་ཆེན་པོ་རྣམ་པར་རོལ། །གྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །མཉམ་ཉིད་མི་གཡོ་ལ་སོགས་པའི། །བསྟོད་པའི་གླུ་རྣམས་བླང་བྱས་ནས། །སིལ་སྙན་རྣམས་ཀྱི་སྒྲ་རྣམས་དང༌། །གར་གྱིས་ལྷ་རྣམས་མཉེས་པར་བྱས། །པདྨ་པདྨ་ཧྲཾ། པདྨ་པདྨ་ཧྲཱིཾ། པདྨ་པདྨ་ཧྲིཾ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུ་བས་ལུས་ལ་འབྱུང་བར་མི་འགྱུར་ཞིང༌། །གྲིབ་མ་ཕོག་པའི་སྡུག་བསྔལ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང༌། །གཟི་མདངས་ལུས་ལ་འཇུག་པར་བྱེད་བ་སྟོང་ཕྲག་གིས། །འོད་ཀྱིས་ཕྱོགས་པས་འཇིག་རྟེན་ཁམས་སུ་སྣང་བ་དང༌། །ལུས་ངག་སེམས་དང་ཚེ་ནི་རྡོ་རྗེར་རབ་ཏུ་གནས། །རེ་སྨོན་ཐམས་ཅད་དུས་འདིར་གྲུབ་པར་མཛད་དུ་གསོལ། །དེ་ནས་བཟླས་བརྗོད་རྣམ་གཉིས་སམ། །ཐིག་ལེ་གཉིས་སམ་ཕྲ་མོ་གཉིས། །རྣམ་དག་མཚན་མ་གསལ་བ་དང༌། །མཚན་མ་མེད་པའི་དོན་བསམ་བྱ། །མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག །དོན་དམ་བདེ་བ་ཆེན་པོའི་


DTG027_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐུ། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ལྷ་ཉིད་བརྩོན་པས་བསྒོམ་པར་བྱ། །ཐུན་བ་ཞིས་སྐབས་སུ་གཏོར་མ་གཏང༌། །རྫོགས་ནས་དཀྱིལ་འཁོར་མཆོད་བསྟོད་ཅིང༌། །རང་ལས་ཕྱུང་སྟེ་མདུན་བཞག་ནས། །གསོལ་གདབ་ལས་ལ་བསྐུལ་བར་བྱ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་སེམས་ཅན་དོན་ལ་དགོངས། །ཨོཾ་བཛྲ་གཙྪ་མུཿ། དེ་ནས་ཕྱག་རྒྱ་རྣམས་བཀོད་པ། །རིམ་བཞིན་བདག་ལ་བསྡུ་བྱས་ནས། །རྣམ་གསུམ་སེམས་དཔའ་ཧཱུཾ་ལ་ཐིམ། །རིམ་བཞིན་ཐིག་ལེ་མཉམ་པའི་དབྱིངས། །རྗེས་འབྱུང་མཚན་མའི་སྐུར་གནས་ཏེ། །མཚན་དཔེ་རྒྱན་དང་ཆ་ལུགས་གསལ། །གོ་ཆ་གོ་བཅིངས་བསྲུང་བྱ་ཞིང༌། །དབང་བསྐུར་དབུ་རྒྱན་ཅོད་པན་ལྡན། །ཀཾ་ཧཱཾ་ཨོཾ་ཏྲཱཾ། ཧྲཱི་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པ་ཊ་ལཾ་ཨ་བི་ལཾ་བ་ཧཱུཾ། སྤྱོད་ལམ་ཀུན་དུ་མ་ཉམས་པར། །ལྷ་ཉིད་དུ་ནི་བསྒོམ་བྱ་སྟེ། །དབང་པོ་སྣང་བའི་ཡུལ་དུས་རྣམས། །དཀྱིལ་འཁོར་རོལ་པའི་ཚུལ་དུ་བརྟག །བཟའ་བཏུང་བྱིན་བརླབས་མ་ཉམས་བཟླས། །སྒྱུ་མ་གཉིས་མེད་ཡེ་ཤེས་རོལ། །བྱེད་སྤྱོད་ཚོགས་གཉིས་རྒྱུ་རུ་བརྟག །ཐམས་ཅད་འགྲོ་བའི་དོན་ཕྱིར་སྤྱོད། །རྣམ་བཀོད་དགེ་བ་དྲི་མེད་མཆོག །མྱ་ངན་སྡུག་བསྔལ་ལས་དབུགས་འབྱིན། །བཀྲ་ཤིས་བདེ་ལེགས་འགྲུབ་བྱེད་པས། །རང་གི་དེ་ཉིད་དོན་གསལ་ཤོག །དཔལ་པདྨ་གར་གྱི་དབང་ཕྱུག་གི་གསང་དོན་རྣམ་པར་དགོད་པ་ཞེས་བྱ་བ། སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བོ་དྷི་ཀཱ་ར་སིདྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ལྷ་རིན་པོ་ཆེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

དཔལ་རྡོ་རྗེ་རིན་ཆེན་ཉི་མའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ།


DTG027_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་བཛྲ་རཏྣ་པྲ་བྷ་ཏུ་གུ་ཧྱ་ཨརྠ་དྷ་རོ་བྱཱུ་ཧེ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་རིན་ཆེན་ཉི་མའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་བདག་རྣམ་འཕྲུལ་སྟོན། །མི་འགྱུར་འཇོམས་མཛད་ཆགས་པ་མེད། །ཟག་མེད་འབྱུང་གནས་ལས་ཀུན་དག །མུན་སལ་དཀྱིལ་འཁོར་ལ་ཕྱག་


DTG027_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཚལ། །ཞེན་ཆགས་འཇུངས་དང་བཀྲེན་སོགས་འཇོམས། །རིན་ཆེན་ནོར་སོགས་སྦྱིན་མཛད་པའི། །རྡོ་རྗེ་ཉི་མའི་གསང་དོན་དགོད། །རབ་བསྡུས་དེ་འཇུག་དོན་ཕྱིར་བཤད། །རང་བཞིན་དང་ཚུལ་བཟང་ལས་བྱུང༌། །གཉིས་མེད་ཡོན་ཏན་སྐྱེ་བས་ཐོབ། །སྐྱབས་འགྲོ་བྱང་སེམས་སྡོམ་པ་ཅན། །དབང་ཐོབ་དམ་ཚིག་འཇིགས་མེད་པ། །ཐེག་ཆེན་གསང་སྔགས་བློ་གྲོས་མཆོག །རྡོ་རྗེ་ཉི་མ་ལ་དགའ་བས། །ཕྱི་ནང་གཡེང་བ་རབ་སྤངས་ཏེ། །རང་གི་འདོད་དོན་འབྲས་བུ་གཉེར། །རྒྱལ་པོའི་ཕོ་བྲང་དགའ་བ་དང༌། །པདྨོ་སྐྱེད་མོས་ཚལ་ཉིད་དུ། །རྣམ་པ་སྣ་ཚོགས་དུ་མ་ཡི། །རྒྱལ་པོའི་དགོས་པ་བསྒྲུབ་པར་བྱ། །འགྲོ་ལ་སྙིང་རྗེ་ཆན་པོ་ཡིས། །བདག་གཞན་སྒྲོལ་བར་དམ་བཅས་ནས། །སྦྱོར་ལྡན་ནུས་མཐུ་གསུམ་བསྐྱེད་པས། །བདག་དང་འགྲོ་བ་སྤྱང་བ་དང༌། །དབང་པོའི་དཀྱིལ་འཁོར་མདུན་དམིགས་ཏེ། །དང་པོ་བྱ་བའི་རིམ་རྫོགས་སྤྱད། །སྒྲིབ་སོགས་ལས་སྒྲོལ་དག་བྱེད་པའི། །སེམས་ཅན་ཚད་མེད་བློ་ཡིས་གཟུང༌། །བར་ཆད་བགེགས་བསལ་སྲུང་བྱེད་པའི། །འཁོར་ལོ་མེ་འོད་རབ་གུར། །ཕྱོགས་བཅུ་ཁྲོ་བོའི་ཚོགས་བསྐྱེད་པའི། །ཆོ་གས་རང་གི་ལས་བཞིན་བསྒོམ། །ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད། །གཉིས་མེད་བྱང་ཆུབ་སེམས་དབྱིངས་ལས། །འགྲོ་ལ་ཁྱབ་པའི་སྙིང་རྗེའི་རྒྱུན། །སྟོང་གསལ་ནམ་མཁའི་ཤུགས་ལྟར་འབྱུང༌། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ། །རྣམ་འཕྲུལ་ཏིང་འཛིན་གནས་ལ་བཞུགས། །ཨེ་ཡཾ་བཾ་ལཾ་མཾ་སུཾ་རཾ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི། མཎྜལ་ཧཱུཾ་བྷྲཱུཾ། ཆོས་འབྱུང་ནམ་མཁའི་རང་བཞིན་ལས། །འབྱུང་བའི་དཀྱིལ་འཁོར་རམ་བཞིན་བརྩེགས། །རི་རབ་མེ་འོད་རྒྱན་གསལ་ཞིང༌། །ཁ་དོག་དབྱིབས་རྒྱན་མཚན་མར་བཅས། །བདེ་གཤེགས་ཡོན་ཏན་སྣང་བའི་གནས། །སྣ་ཚོགས་པདྨ་རིན་པོ་ཆེ། །འཁོར་ལོ་སྣ་ཚོགས་རྡོ་རྗེའི་དབུས། །ཁང་པ་གྲུ་བཞི་སྒོ་ཁྱུད་དང༌། །རྟ་བབས་བཞི་ཡིས་མཛེས་བྱས་པ། །ས་གཞི་ནམ་མཁའ་ལོགས་ཀྱི་ཕྱོགས། །རིགས་ཀྱི་རིན་ཆེན་འཚེར་བ་ལ། །རང་འབྱུང་ཉི་ཤུ་རྩ་ལྔའི་འོད། །སྣ་ལྔའི་རྩིག་པ་དྲ་བར་ལྡན། །


DTG027_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲ་ཕྱེད་རིན་ཆེན་ཕ་གུས་མཚན། །ནོར་བྱས་མཚན་པའི་ཀ་བ་བརྒྱད། །རིན་ཆེན་མུ་ཏིག་མེ་ཏོག་ཕྲེང༌། །རྒྱལ་མཚན་བླ་རེ་རྔ་ཡབ་གདུགས། །འདོད་ཡོན་ལྔ་ཡི་ལྷ་མེ་འཁྲུངས། །ཟླ་ཕྱད་རྡོ་རྗེ་རིན་ཆེན་དང༌། །བ་དན་དྲིལ་བུ་སྒྲ་སྙན་སྒྲོགས། །ཕོ་བྲང་རིན་ཆེན་ཟུར་བརྒྱད་ལ། །ཐིག་བཞིས་ཕྱེ་བའི་རེའུ་མིག་བརྒྱད། །མཚམས་ཕྱེད་རིན་ཆེན་ཕྲང་བས་མཛེས། །པད་མཚན་རིན་ཆེན་མུ་ཁྱུད་ཕྲེང༌། །མཚམས་སུ་བུམ་པ་གང་བ་བཞི། །རིགས་ཀྱི་མཚན་མས་རྣམ་པར་མཛེས། །བར་ཁྱམས་ཆ་ཡི་མཚམས་བཞི་དང༌། །སྒོ་གནས་ལ་སོགས་པདྨའི་གདན། །ཕྱི་རོལ་ར་བ་རིམ་གསུམ་བརྒྱན། །ཕྱགས་བརྒྱད་དུར་ཁྲོད་ཆེན་པོ་བརྒྱད། །དེ་མཐའ་འདོད་པའི་ལོངས་སྤྱོད་དང༌། །རྡོ་རྗེ་ར་བས་བསྐོར་བའོ། །ཤིན་ཏུ་གདུག་ཅིང་དྲག་པོ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །རྣམ་པར་རྒྱལ་ཕྱིར་རབ་ཏུ་གྲགས། །དངོས་པོ་མེད་པར་བདག་སྦྱོར་བས། །ནམ་མཁའ་ཀུན་དང་མཉམ་སྦྱོར་བའོ། །རྣམ་ཐར་སྒོ་བཞི་སྙོམས་འཇུག་གི །འགོག་གནས་གདུལ་བྱའི་དོན་བྲལ་ལ། །ཕྱོགས་བཅུའི་རྒྱལ་བས་བསྐུལ་མཛད་དེ། །མངོན་བྱང་ལྔ་ཡིས་རྫོགས་སྐུར་གྱུར། །སེམས་དང་སེམས་དཔའི་ཏིང་འཛིན་དང༌། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །དེ་བཞིན་བདུད་དང་བདུད་ལས་རྒྱལ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། རྡོ་རྗེ་སེམས་དཔའ་བདེ་ཆེན་སྐུ། །དཀར་ཞིང་དམར་ལ་མདངས་གསལ་འོད། །ཞལ་བཞི་རྣམ་གཟིགས་ཕྱག་བཞི་པ། །དང་པོས་རྡོ་རྗེ་རྩེ་ལྔ་འབར། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བཅས་འཁྲོལ། །འོག་མ་གཉིས་ཀྱིས་མདའ་དང་གཞུ། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཛེས། །སྟོད་གཡོགས་དར་དཀར་གསེར་རིས་ཅན། །སྐུ་སྨད་ཚི་གུའི་ན་བཟའ་ལ། །རིན་ཆེན་ཕྲེང་བའི་རྐེད་ཆིངས་འདྲིལ། །མགུལ་དུ་དོ་ཤལ་དཔུང་རྒྱན་དང༌། །ཕྱག་ཞབས་གདུ་བུ་སེ་མོ་དོ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ནི། །གནས་ལྔ་དག་ཏུ་གཏུགས་བྱ་སྟེ། །སྔགས་ཀྱིས་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སོགས་རྣམ་པར་བསམ། །ཨོཾ་ན་མཿསརྦ་ཏ་


DTG027_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐཱ་ག་ཏཱ། ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨྨ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལུས་ཀྱི་བ་སྤུའི་གནས་རྣམས་སུ། །དཀྱིལ་འཁོར་དྲུག་གི་རྡུལ་ཕྲན་གནས། །མཁའ་དབྱིངས་དབང་ཕྱུག་ཕྱག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་དྷརྨཱ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་ཐལ་མོ་མཉམ་སྦྱོར་བ། །མཛུབ་མོ་མཉམ་སྟེ་ཕྱི་རོལ་དགུག །མཐེ་བོང་གཉིས་ནི་རབ་ཏུ་བརྐྱང༌། །རྡོ་རྗེ་ནོར་བུ་ཞེས་ཀྱང་བྱ། །དབྲལ་བར་མི་གུ་གཞག་པ་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །ཏྲཾ་ཨ་བྷིཥིཉྩ་མཾ། རཏྣ་མཱ་ལེ་ཨ་བྷི་ཥེཉྩ་ཏྲཱཾ། པཊ་ལཾ་ཨ་བྷི་ཥིཉྩ་ཨོཾ། །བཛྲ་ཏུ་ཤྱ་ཧོ། བྱིན་བརླབས་རིགས་ཀྱི་དབུ་རྒྱན་གྱི། །རྒྱུ་ཡི་མགོན་པོ་རྡོ་རྗེ་འཆང༌། །དཔལ་ལྡན་རྡོ་རྗེ་ཉི་མ་རུ། །མ་ལུས་མཚན་མ་རྒྱན་གསལ་གྱུར། །གསེར་གྱི་རི་ལ་ཉི་ཤར་བཞིན། །ཞལ་བཞི་ཕྱག་བཞིས་རྣམ་མཛེས་པ། །གཡས་ན་མདའ་དང་རལ་གྲི་འཛིན། །གཡོན་གཞུ་ཉི་དཀྱིལ་རྡོ་རྗེས་མཆན། །འོད་ཀྱི་དཀྱིལ་འཁོར་རྣམ་ལྔས་བསྐོར། །འཛུམ་བཅས་གཡོན་མིག་གྱེན་དུ་བཏེག །ལ་ལར་ཅུང་ཞིང་ཁྲོས་བ་ལ། །བྱི་རུ་དམར་པོའི་མདངས་ལྡན་སྐུ། །ཞབས་གཉིས་སྐྱིལ་ཀྲུང་ལེགས་བཞུགས་ཤིང༌། །སྔ་མའི་རྒྱན་གྱིས་མཛེས་བྱས་པའོ། །རང་འོད་ངོ་བོ་ལས་བྱུང་བའི། །མཐིང་ཤུན་མདོག་འདྲ་མཱ་མ་ཀཱི། །ཞལ་གཅིག་ཕྱག་གཉིས་སྒྱུ་རྩལ་ཅན། །ཕྱག་གཉིས་རིན་ཆེན་ཐོད་པ་འཛིན། །རིན་ཆེན་སྣ་ཚོགས་ཕྲེང་བ་དང༌། །ན་བཟའ་དྲིལ་བུ་རྐེད་ཆིངས་ཅན། །ཕྱུང་ནས་བྱིན་གྱིས་བརླབས་མཛད་དེ། །ཐབས་དང་ཤེས་རབ་ལྡན་པར་གྱུར། །གནས་བཞི་ཡི་གེ་མཚན་མ་སྔགས། །དཀྱིལ་འཁོར་གདན་ལ་ལེགས་གནས་རྣམས། །སྤྲོ་དང་བསྡུ་བའི་རིམ་པ་ཡིས། །ཕྱག་རྒྱ་བཞི་ཡིས་རྣམ་པར་གསལ། །ལྷ་མོའི་བུམ་པས་ཁྲུས་བྱས་ཏེ། །དབང་བསྐུར་རིགས་ཀྱི་བདག་པོར་བསམ། །ཏྲཱཾ་ལས་བསྐྱེད་པའི་ལིང་ག་ནི། །རིན་ཆེན་གསང་ལམ་ཕཊ་ཀྱིས་མཚན། །ཨ་ཡིས་དག་བྱས་བྷ་གའི་དབྱིབས། །པད་འདབ་བརྒྱད་ལ་ཨེ་གནས་པ། །སྣ་ཚོགས་བརྡ་ཡིས་བསྐུལ་བྱས་ནས། །ཐབས་ཤེས་གཉིས་མེད་རོལ་པར་མཛད། །ཏྲཾ་པྲ་བེ་ཤ་ཕཊ། ཨ་ལ་ལ་ལ་ལ་ཧོ། །བྱང་ཆུབ་


DTG027_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཀྱི་འོད་ཟེར་གྱིས། །ཕྱོགས་བཅུའི་དཀྱིལ་འཁོར་མཉེས་པར་མཛད། །ལྷ་རྣམས་རང་ལ་གཞུག་བྱ་སྟེ། །གཉིས་ཀའི་དགའ་བ་རབ་ཏུ་སྤེལ། །ཁམས་གསུམ་འགྲོ་གནས་དག་པ་དང༌། །རྣལ་འབྱོར་མཚན་མ་རྣམ་པར་སྤྱང༌། །གསང་བའི་གནས་སུ་གཞལ་ཡས་ཁང༌། །རྒྱན་སོགས་གདན་རྣམས་སྔོན་བཞིན་བྱུང༌། །ཐིག་ལེ་གནས་སུ་མཚན་བྱས་ནས། །སྤྲོས་པས་ཡི་གེའི་དཀྱིལ་འཁོར་གསལ། །ཏྲཾ་ལས་རྡོ་རྗེ་ཉི་མ་སྟེ། །གསང་གནས་དབུས་ཀྱི་པདྨ་ལ། །ཨོཾ་ལས་ལྷ་མོའི་དབང་བསྐུར་མའོ། །ཧྲཱིཿལས་དེ་བཞིན་གཏེར་ལྡན་མ། །ཧོཿལས་རྒྱལ་མཚན་མཆོག་ལྡན་ཡིན། །ཧཾ་ལས་ལྷ་མོ་མཆོད་ཆེན་མའོ། །ཛཿལས་ལྷ་མོ་མདའ་འཛིན་ཏེ། །ཧཱུཾ་ལས་དེ་བཞིན་རལ་གྲི་འཛིན། །བཾ་ལས་ལྷ་མོ་ཉི་མ་སྟེ། །ཧོཿལས་རྡོ་རྗེ་མེ་མའོ། །དེ་དག་ནང་གི་རེའུ་ཆ་དང༌། །རིན་ཆེན་རྩེ་མོའི་ཕྱོགས་བཞིར་གནས། །ཨོཾ་ལས་གླིང་བུ་ཏྲཾ་བི་ཝཾ། །བཾ་ལས་རྔ་ཆེན་ཛ་རྫ་རྔ། །མེ་མཚམས་ལ་སོགས་རེའུ་མིག་ཏུ། །ལྷ་མོ་བཞི་ནི་གནས་པ་ཡིན། །ཨ་ཨཱ་མེ་ཏོག་སྦོས་མེ་མ། །བར་ཁྱམས་མཚམས་ཀྱི་གནས་བཞི་རུ། །ལྷ་མོ་བཞི་ནི་གནས་པ་ཡིན། །ཛཿལས་རྟ་མགྲིན་འཕོང་མཐོ་མ། །ཧཱུཾ་ལས་ཕག་གདོང་མཆེ་བ་ཅན། །བཾ་ལས་ཉི་ཟླ་མེ་འབར་མ། །ཧོཿལས་ཐལ་བྱེད་སྒོ་བཞིར་གནས། །ཨོཾ་སྟྱི་ཏྱ་བུ་སྟྱི་ཏྱ་མ་ཧཱ་བཛྲ་རཏྣ་བ་བྷ་ཏ་ཏ་ཏྲཾ་ཛཿ། རང་གི་གནས་ནས་སྤྲོ་བྱ་སྟེ། །སླར་འདུས་ལུས་ལ་ཡབ་ཡུམ་གཞུག །བཛྲ་སཏྭ་ཛཿ་ལྷ་མོ་དབང་བསྐུར་མདངས་གསལ་དམར། །དབུ་རྒྱན་རྡོ་རྗེ་ཅོད་པན་ཅན། །བཛྲ་རཏྣ་ཧཱུཾ། གཏེར་ལྡན་དམར་སེར་ཕྱག་གཉིས་ན། །རིན་ཆེན་གཏེར་གྱི་བུམ་པ་བསྣམས། །བཛྲ་དྷརྨཱ་བཾ། རྒྱལ་མཚན་མཆོག་ལྡན་དཀར་མདོག་མ། །རིན་པོ་ཆེ་ཡི་རྒྱལ་མཚན་མཆོག །ཨོཾ་བཛྲ་ཀརྨ་ཧོཿ། མཆོག་ཆེན་ལྗང་སྔོན་རིན་ཆེན་མདོག ། རིན་ཆེན་རྫས་ཀྱིས་གང་བ་འཛིན། །ཨོཾ་བྲ་ཏི་བཛྲ་ནི་ཕཊ། མདའ་གཞུ་དམར་སེར་གཡས་དང་གཡོན། །རང་གི་མཚན་མ་འགེངས་པའི་ཚུལ། །ཨོཾ་བཛྲ་པྲ་ཏི་ཧྲིཿ། རྡོ་རྗེ་ཁ་ཊྭཱཾ་སྔོན་པོ་སྟེ། །རལ་གྲི་ཁ་ཊྭཱཾ་དྲིལ་བུས་མཚན། །ཨོཾ་ཙིཏྟ་མ་ནི་ཧོ། །རྡོ་རྗེ་ཉི་མ་རང་གི་མདོག །ཉི་མའི་དཀྱིལ་


DTG027_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ཟེར་དང་བཅས། །ཨོཾ་བཛྲ་མ་ཁ་མ་ཧཱ་ཥུཾ། རྡོ་རྗེ་མེ་མོ་དམར་ལྗང་མདོག །རིན་ཆེན་མེ་ཐབ་འབར་བ་འཛིན། །ཧེ་རཏྟི་རཏྣ་བི་སི་ཏྲ་ཐཱ། གླིང་བུ་སྔོན་མོ་སྣ་ཚོགས་སྒྲ། །ནོར་བུས་མཚན་པའི་གླིང་བུ་སྒྲོགས། །ཧེ་རཏྟི་རཏྣ། གེ་ཏེ་ཏེ་ཏེ་ཏེ་ཏེ། པི་ཝང་སེར་མོ་དྲུག་ལྡན་དབྱངས། །ནོར་བུས་མཚན་པའི་པི་ཝང་བསྒྲེང༌། །ཧེ་རཏྟི་རཏྣ་ཧཱ་ས་བཾ། རྔ་ཆེན་དམར་པོ་ནོར་བུའི་རྔ། །ཕྲིན་ལས་སོ་སོའི་ཚུལ་བཞིན་བརྡུང༌། །ཧེ་རཏྟི་རཏྣ་ནྲྀ་ཏྱེ་པེ་པ་པེ་པ་ཛ། རྫ་རྔ་ལྗང་གུ་རྫ་རྔ་ལ། །ནོར་བུས་མཚན་པའི་རོལ་སྟབས་ཚུལ། །ཨ་བཛྲ་པུཥྤེ། མེ་ཏོག་དམར་སེར་ནོར་བུས་མཚན། །རིན་ཆེན་གཞོང་པ་བཀང་བ་འཛིན། །ཨ་བཛྲ་དྷཱུ་པེ། སྤོས་མེ་དཀར་སྔོན་བདུག་པའི་སྣོད། །ནོར་བུས་མཚན་པ་གཡས་སུ་འདེགས། །ཨ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། མར་མེ་དམར་མོ་ནོར་བུས་མཚན། །སྣོད་མང་མེ་ཡི་སྡོང་བུ་འཛིན། །ཨ་བཛྲ་གནྡྷེ། དྲི་ཆབ་ལྗང་སྐྱ་ནོར་བུས་མཚན། །གཡོན་ན་དུང་ཆོས་གཡས་པར་འཐོར། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། རྟ་གདོང་དཀར་མོ་ལྕགས་ཀྱུ་དང༌། །ཐོད་པ་རྟ་མགོ་ལྗང་གུ་འཛིན། །ཨོཾ་བཛྲ་པཱ་ཤེ་ཧཱུཾ། ཕག་གདོང་སྔོན་མོ་གཡས་མཆེ་བ། །གཡོན་པ་རིན་ཆེན་ཞགས་པ་འཛིན། །ཨོཾ་བཛྲ་ཤྲཱི་ཁ་ལེ་བཾ། སྣང་བ་དམར་མོ་ཕྱག་གཉིས་ཀྱིས། །ལྕགས་སྒྲོག་ཉི་མ་ཟླ་བས་མཚན། །ཨོཾ་བཛྲ་གཎྜེ་ཧོཿ། ཐལ་བྱེད་ལྗང་གུ་གཡས་དྲིལ་བུ། །གཡོན་པས་ཐོད་པ་མཐའ་ཡས་སྐུ། །ཀུན་ཀྱང་རྒྱན་ཕྲེང་ན་བཟའ་དང༌། །རིགས་ཀྱི་མཚན་མ་འགྱིང་བག་བཞིན། །འཛུམ་སྟེག་དགོད་པའི་ས་ཟུར་སྟོན། །རང་གི་ཆ་ལུགས་གར་གྱིས་གནས། །མགོན་པོ་མཉམ་གཞག་ལ་ཞུགས་ནས། །ཆོས་དབྱིངས་ཡེ་ཤེས་སྙོམས་འཇུག་པས། །ལྷ་མོས་བདག་པོ་བསྐུལ་མཛད་དེ། །སེམས་ཅན་ཀུན་དོན་རྣམ་འཕྲུལ་མཛད། །བརྟེན་པའི་དཀྱིལ་འཁོར་ལྷ་རྣམས་ཀྱིས། །སྐྱེ་མཆེད་དྲུག་ལ་སངས་རྒྱས་དྲུག །ཕྱག་རྒྱ་བཞི་ཡི་མཚན་མ་དང༌། །རིགས་ཀྱི་བདག་པོས་ཉེ་བར་མཚན། །ཐུགས་ཀའི་འོད་ཟེར་འཕྲོ་འདུ་ཡིས། །ཡེ་ཤེས་དཀྱིལ་འཁོར་བསྐུལ་མཛད་ཅིང༌། །ཛཿཧཱུཾ་བཾ་ཧོཿའི་སྦྱོར་ཚོགས་དང༌། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིང༌། །སྟོང་


DTG027_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུ། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་ཉི་མ་སྐལ་བཟང་དཔལ་ཁྱོད་བདག །ཛཿཧཱུཾ་བཾ་ཧོཿཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ། །ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་གིས་དགོངས་ནས་ཀྱང༌། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཀཱ་ཡ་བཱཀ་ཙིཏྟ་ཧཱུཾ། སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་མོའི་ཚོགས། །གཞན་ལ་སྣང་བའི་དཀྱིལ་འཁོར་རྣམ་པར་མཛེས། །ཨ་ལ་ལ་ཧོ། །ཚངས་པའི་ཚོགས་རྣམས་ཟིལ་གྱིས་གནོན་མཛད་ཅིང༌། །རྟོག་པ་དུ་མའི་སྒྲོ་འདོགས་གཅོད་པར་མཛོད། །ཨ་ལ་ལ་ཧོ། །གཉིས་མེད་ཡེ་ཤེས་གཉིས་ཅན་རྣམ་མཐའ་ཡས། །སྣང་སྟོང་བདེ་ཆེན་མཉམ་ཉིད་དབྱིངས་ལ་རོལ། །ཨ་ལ་ལ་ཧོ། །ཀུན་འབྱུང་ཡོན་ཏན་སྩོལ་མེད་ལྷུན་གྲུབ་སྣང༌། །རྒྱན་གྱི་དཀྱིལ་འཁོར་རྣམ་དགོད་རང་ལས་བྱུང༌། །ཨ་ལ་ལ་ཧོ། །མཛད་པ་རྒྱ་ཆེན་འགོག་མེད་ཀུན་གྲུབ་པ། །ཚོགས་བཅས་རོལ་པས་བྱ་བ་ཀུན་རྫོགས་པ། །ཨ་ལ་ལ་ཧོ། །སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་རྒྱན། །དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། །ལུས་ཀྱི་ཡན་ལག་ཐམས་ཅད་ནི། །ས་ལ་བསྙལ་ཏེ་ཕྱག་བྱ་བ། །སྙིང་ག་ཁ་དང་སྤྱི་གཙུག་ཏུ། །ཐལ་མོ་སྦྱར་ཞིང་འདུད་པར་བྱ། །ཏྲཾ་ཨ་བྷུ་ཧོ། །བནད་ནཾ་ཀ་རོ་ཡ་མི། གུ་རུ་པ་ཏི། ཨ་ལ་ལ་ཧོ། །ཨོཾ་འབྱུང་བ་ཆེ་ལས་ཐམས་ཅད་འབྱུང༌། །སྟོང་གསུམ་རྡུལ་སྙེད་མ་ལུས་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ལྷ་མོའི་ཚོགས་རྣམས་མ་ལུས་སྤྲོ། །མེ་ཏོག་བདུག་པ་མར་མེ་དང༌། །དྲི་ཚོགས་ཀུན་གྱིས་མཆོད་པར་བྱ། །ཨོཾ་པ་ན་པེ་ན་པེ་ནུ། སུ་ར་ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ། ས་མ་ཡོ་ག་སིདྡྷི་ཨཱཿཧཱུཾ། ཨོཾ་བཛྲ་པུཥྛེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། པྲ་ཏཱིཙྪ་ཧོཿ། ཤྲཱི་བྷ་ག་བཱན། ཁ་ཁ་ཁཱ་ཧི། ལག་པ་གཡས་གཡོན་གཉིས་དག་གི །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཏེ། །རྡོ་རྗེ་རིན་ཆེན་ཐལ་སྦྱར་ནས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ཧྲཱིཿཞེས་བྱ་བའི་གླུ་ཡི་རྒྱ། །ཁམས་གསུམ་རྣམ་པར་


DTG027_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱལ་བར་བྱེད། །ཛཿཧཱུཾ་བཾ་ཧོཿ། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ནོར་མཆོག་རྣམ་པར་སྤྱང་བའི་ཕྱིར། །དཔལ་ལྡན་ཉི་མའི་ཕྱག་རྒྱར་གནས། །ནམ་མཁའི་སྙིང་པོ་ཐམས་ཅད་ཕྱོགས། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །བུད་མེད་ལ་སོགས་རིན་ཆེན་མཆོག །རིན་ཆེན་ཐམས་ཅད་མཁའ་ལས་འབེབས། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཉི་མ་ནི། །དམ་པའི་དོན་དུ་དྲག་པོར་འགྱུར། །དྲག་པོས་འདུལ་བའི་འཇིག་རྟེན་རྣམས། །དྲག་པོ་ཉིད་ཀྱིས་འགྲུབ་པར་བྱེད། །ཉི་མའི་གཟུགས་དང་སྤྱོད་ལམ་དང༌། །ཚུལ་དང་གཟི་བརྗིད་ཆེན་པོར་སྟོན། །གཞུ་དང་མདའ་དང་རལ་གྲི་དང༌། །དེ་བཞིན་དུ་ནི་འབར་བའི་མེ། །མདངས་གསལ་འཛུམ་དང་བཅས་པའི་སྤྱན། །གཡོན་པ་འབྱེད་ཅིང་གྱེན་དུ་འདེགས། །རྡོ་རྗེ་པུས་མོ་གཉིས་བཅིངས་ཏེ། །སྐྱིལ་ཀྲུང་གདན་ལ་ལེགས་པར་བཞུགས། །བཛྲ་རཏྣ་བྷ་ཏ་ཏ་ཏྲཾ་ཛ། དབང་བསྐུར་མ་ཡི་དབུ་རྒྱན་ཏེ། །གཏེར་ལྡན་མ་ཡི་རིན་ཆེན་བུམ། །རྒྱལ་མཚན་མཆོག་ལྡན་རིན་ཆེན་ཏོག །མཆོད་ཆེན་རིན་ཆེན་གཞོང་པ་འགེངས། །མདའ་གཞུམ་དང་ཁ་ཊྭཱཾ་ག །ཉི་མ་མོ་དང་མེ་མོ་ཞི། །རང་གི་མཚན་གྱི་ཕྱག་རྒྱ་བཞིན། །འགྱིང་བཅས་གཙོ་བོའི་ཕྱོགས་སུ་འདུད། །གླིང་བུ་མ་སོགས་ལྷ་མོ་ཡི། །ཕྱག་རྒྱའི་དཀྱིལ་འཁོར་སྔ་མ་བཞིན། །རང་བྱུང་ལྷ་མོ་དང་བཅས་པས། །ཕྱག་རྒྱ་སྔགས་ཀྱིས་གཉིས་མེད་གྱུར། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་སྣ་ཚོགས་མཆོག་གི་ནོར་ལྡན་པས། །འཇལ་དུམ་གཡུལ་འགྱེད་རྣམ་པར་ཁྱད་པར་གྱིས་འདུལ་བ། །རྣམ་པ་སྣ་ཚོགས་འཇལ་དུམ་པདྨ་རྣམ་པར་རྒྱལ་བའི་རྒྱལ་མཚན་ཅན། །རྡོ་རྗེ་ཉི་མ་རྒྱལ་པོ་བདེ་མཆོག་སྒྱུ་མ་བསྟན་དུ་གསོལ། །སེམས་ཅན་སྤྲིན་ལ་བྱང་ཆུབ་མཆོག་སྦྱིན་སྣ་ཚོགས་ཆར་འབེབས་པ། །བདག་གི་རེ་བ་ཀུན་སྒྲུབ་མྱུར་དུ་སྟོན། །ཨ་ལ་ལ་ལ་ལ་ཧོ། །མི་ཟད་གཏེར་གྱི་དབང་བསྐུར་ཁྱད་པར་བདག་ལ་སྩལ་དུ་གསོལ། །ཁྱད་བར་འདི་དག་ཐམས་ཅད་བུད་མེད་རིན་ཆེན་རྣམས་ཀྱི་ཕྱིར། །རིན་ཆེན་ཚོགས་ཀུན་ནང་ན་བུད་མེད་རིན་ཆེན་གཅིག་པུ་མཆོག །བུད་མེད་རིན་ཆེན་དག་པ་དམ་པའི་


DTG027_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིན་དུ་ཐམས་ཅད་འགྲོ། །ཨ་ལ་ལ་ཧོ། །སོ་སོའི་ལྗགས་ཀྱི་པདྨ་ལ། །ཆོས་ཀྱི་སྙིང་པོ་མཚན་མའི་དཀྱིལ། །ཏྲཱཾ་པ་པ་ཏ་ཊ་ཊ་ཏྲ་ཊ། རྡོ་རྗེ་ཐལ་མོ་མཉམ་སྦྱར་ལ། །མཛུབ་མོ་མཉམ་པར་ཕྱིར་བཀུག་སྟེ། །མཐེ་བོང་རྡོ་རྗེས་གཡོགས་པ་ནི། །རྡོ་རྗེ་དཔལ་གྱི་ནོར་བུ་ཡིན། །སྔགས་བཅས་གནས་སུ་གཞག་བྱས་ནས། །རིམ་བཞིན་མཐའ་ནས་དགྲོལ་བར་བྱའོ། །ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། །མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ། །ཐམས་ཅད་དབང་བསྐུར་དབང་ཕྱུག་དམ་པ་མི་ཟད་གཏེར་མཆོག་བདག་ལ་གྲུབ་པར་མཛད་དུ་གསོལ། །ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་བསྒྲེང་བ་རྡོ་རྗེ་རིན་ཆེན་ཤིན་ཏུ་ཆེ་བ་བདག་ལ་མཛོད། །མཆེ་བ་ཅུང་ཟད་གཙིགས་པའི་ཞལ། །ཁྲོ་ཞིང་འཛུམ་དང་བཅས་པའི་བཞིན། །ཁྲོ་ལས་གྱུར་ཀྱང་བཅས་ཞིང་འཛུམ། །གསལ་བར་བལྟ་ཞིང་ལེགས་པར་གནས། །སྣ་ཚོགས་བནྡྷ་བརྟགས་པ་ལ། །སྣ་ཚོགས་བདུད་རྩིས་རྣམ་པར་བཀང༌། །ལྔ་ལྔ་ལྔ་ཡི་འཕྲོ་འདུ་ཡིས། །མཚན་མ་རྣམ་པ་ལྔ་དང་ལྡན། །འོད་དང་དུ་བ་དྲི་དང་སྒྲ། །ལྷ་མོའི་གཟུགས་སྟོན་བདུད་རྩིར་འགྲུབ། །རང་བྱུང་གདོད་ནས་རྣམ་པར་དག །མཉམ་པའི་དོན་ལྡན་རོལ་པར་མཛད། །བྱིན་རླབས་རྒྱན་དང་མཚན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །གསང་བ་ཆེན་པོ་རྣམ་པར་རོལ། །གྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །མཉམ་ཉིད་མི་གཡོ་ལ་སོགས་པའི། །བསྟོད་པའི་གླུ་རྣམས་བླངས་བྱས་ནས། །སིལ་སྙན་ཀུན་གྱི་སྒྲ་རྣམས་དང༌། །གར་གྱིས་ལྷ་རྣམས་མཉེས་པར་བྱ། །ཏྲཾ་ཏྲཾ་ཏྲཾ། བ་བ་བ་བ་བ་བ་བ། ཊ་ཊ་ཊ་ཊ་ཊ་ཊ་ཊ་ཊ། ཏྲ་ཏྲ་ཏྲ་ཏྲ་ཏྲ་ཏྲན་ཏྲ་ཏྲེ། ཏྲཊ་ཊ་ཏུད་ཏེ། ཏ་ཏུད་ཏྲ། རུ་ཏྲ་ཊ་ཏྲ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་ལུས་ལ་འབྱུང་བར་མི་འགྱུར་ཞིང༌། །གྲིབ་མས་ཕོག་པའི་སྡུག་བསྔལ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་


DTG027_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། གཟི་མདངས་ལུས་ལ་འཇུག་པར་བྱེད་པ་སྟོང་ཕྲག་གི །འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་སུ་སྣང་བ་དང༌། །ལུས་ངག་སེམས་དང་ཚེ་ནི་རྡོ་རྗེར་རབ་གནས་པ། །རེ་སྨོན་ཐམས་ཅད་དུས་འདིར་གྲུབ་པར་མཛད་དུ་གསོལ། །དེ་ནས་བཟླས་པ་རྣམ་གཉིས་སམ། །ཐིག་ལེ་གཉིས་སམ་ཕྲ་མོ་གཉིས། །རྣམ་དག་མཚན་མ་གསལ་བ་དང༌། །མཚན་མ་མེད་པའི་དོན་བསམ་བྱ། །མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག །དོན་དམ་བདེ་བ་ཆེན་པོའི་སྐུ། །དེ་བཞིན་དབྱིངས་དང་ཡེ་ཤེས་ཀྱི། །ལྷ་ཉིད་བརྩོན་པས་བསྒྲུབ་པར་བྱ། །ཐུན་བཞིའི་སྐབས་སུ་གཏོར་མ་གཏང༌། །རྫོགས་ནས་དཀྱིལ་འཁོར་མཆོད་བསྟོད་ཅིང༌། །རང་ལས་ཕྱུང་སྟེ་མདུན་བཞག་ནས། །གསོལ་བཏབ་ལས་ལ་བསྐུལ་བར་བྱ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འགྲོ་བའི་དོན་ལ་དགོངས། །ཨོཾ་བཛྲ་གཙྪ་མུཿ། དེ་ནས་ཕྱག་རྒྱ་རྣམ་བཀོད་པ། །རིམ་བཞིན་བདག་ལ་བསྡུ་བྱས་ནས། །རྣམ་གསུམ་སེམས་དཔའ་ཧཱུཾ་ལ་ཐིམ། །རིམ་བཞིན་ཐིག་ལེ་མཉམ་པའི་དབྱིངས། །རྗེས་འབྱུང་མཚན་མའི་སྐུར་གནས་ཏེ། །མཚན་དཔེ་རྒྱན་དང་ཆ་ལུགས་གསལ། །གོ་ཆ་གོ་བཅིངས་བསྲུང་བྱ་ཞིང༌། །དབང་བསྐུར་དབུ་རྒྱན་ཅོད་པན་ལྡན། །ཀཾ་ཧཾ་ཨོཾ་ཊུཾ། ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥཉྩི་ཏྲཱཾ། པ་ཊ་ལཾ་བ་ཨ་བྷི་ལཾ་བ་ཧཱུཾ། སྤྱོད་ལམ་ཀུན་དུམ་ཉམས་པར། །ལྷ་ཉིད་དུ་ནི་བསྒོམ་བྱ་སྟེ། །དབང་པོ་སྣང་བ་ཡུལ་དུས་རྣམས། །དཀྱིལ་འཁོར་རོལ་པའི་ཚུལ་དུ་བརྟག །བཟའ་བཏུང་བྱིན་བརླབས་མ་ཉམས་བཟླས། །སྒྱུ་མ་གཉིས་མེད་ཡེ་ཤེས་རོལ། །བྱེད་སྤྱོད་ཚོགས་གཉིས་རྒྱུ་རུ་བརྟག །ཐམས་ཅད་འགྲོ་བའི་དོན་ཕྱིར་སྤྱད། །ལེགས་དགོད་སྒྲུབ་ཐབས་བསྡུས་པ་ཡིས། །རབ་སྦྱོང་ནོར་བུ་རིན་ཆེན་དེས། །ཁམས་གསུམ་རྒུད་པ་སེལ་མཛད་ནས། །རིགས་ཀྱི་དཀྱིལ་འཁོར་གསལ་བྱེད་ཤོག །དཔལ་རྡོ་རྗེ་རིན་ཆེན་ཉི་མའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ལྷ་རིན་


DTG027_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་ཆེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

དཔལ་རྟ་མཆོག་རོལ་པའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ།


DTG027_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་གུ་གྲ་ལ་བྷ་ཏ་གུཧྱ་ཨརྠ་དྷ་རོ་བྱཱུ་ཧེ་ནཱ་མ། བོད་སྐད་དུ། དཔལ་རྟ་མཆོག་རོལ་པའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཆ་མཉམ་ལ་རྒྱུད་གཟིགས། །སོ་སོའི་དོན་བཞིན་རྣམ་དྲུག་སོགས། །དབུགས་འབྱིན་ཕྲིན་ལས་ཀུན་གྱི་བདག །རྟ་མཆོག་དཀྱིལ་འཁོར་ལ་ཕྱག་འཚལ། །ལྷ་ཆེན་དྲེགས་བྱེད་འདུལ་བྱེད་པའི། །རྟ་ཡི་རྒྱལ་པོ་སྒྲུབ་པའི་ཐབས། །རྒྱུད་ལས་ཇི་སྐད་འབྱུང་བ་བཞིན། །རྣལ་འབྱོར་འཇུག་པའི་དོན་ཕྱིར་བཤད། །རང་བཞིན་ངང་ཚུལ་བཟང་ལས་བྱུང༌། །གཉིས་མེད་ཡོན་ཏན་སྐྱེ་བས་ཐོབ། །སྐྱབས་འགྲོ་བྱང་སེམས་སྡོམ་བ་ཅན། །དབང་ཐོབ་དམ་ཚིག་འཇིགས་མེད་པ། །ཐེག་ཆེན་གསང་སྔགས་བློ་གྲོས་མཆོག །རྟ་མཆོག་དཀྱིལ་འཁོར་ལ་དགའ་བས། །ཕྱི་ནང་གཡེང་བ་རབ་བསལ་ཏེ། །རང་གི་འདོད་དོན་འབྲས་བུར་གཉེར། །མཁར་ནི་རྣམ་པ་སྣ་ཚོགས་དང༌། །དེ་བཞིན་ཆུ་བོའི་འགྲམ་དག་གམ། །རྒྱལ་ཁམས་གཞན་ལས་འགྲུབ་པ་རུ། །རྡོ་རྗེ་རྟ་ནི་བསྒྲུབ་པར་བྱ། །འགྲོ་ལ་སྙིང་རྗེ་ཆེན་པོ་ཡིས། །བདག་གཞན་བསྒྲུབ་བར་དམ་བཅས་ནས། །སྦྱོར་ལྡན་ནུས་མཐུ་གསུམ་བསྐྱེད་པས། །བདག་དང་འགྲོ་བ་སྤྱང་བ་དང༌། །དབང་པོའི་དཀྱིལ་འཁོར་མདུན་དམིགས་ཏེ། །དང་པོ་བྱ་བའི་རིམ་རྫོགས་སྤྱད། །སྒྲིབ་ཚོགས་ལས་གྲོལ་དག་བྱེད་པའི། །སེམས་ཅན་ཚད་མེད་བློ་ཡིས་གཟུང༌། །བར་ཆད་བགེགས་བསལ་སྲུང་བྱེད་པའི། །འཁོར་ལོ་མེ་འོད་རབ་གུར། །ཕྱོགས་བཅུར་ཁྲོ་བོའི་ཚོགས་བསྐྱེད་པའི། །ཆོ་ག་རང་གི་ལས་བཞིན་བསྒོམ། །ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད། །གཉིས་མེད་བྱང་ཆུབ་སེམས་དབྱིངས་ལས། །འགྲོ་བ་ཁྱབ་པའི་ཐུགས་རྗེ་རྒྱུན། །སྟོང་གསལ་ནམ་མཁའི་ཤུགས་ལྟར་འབྱུང༌། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ། །རྣམ་འཕྲུལ་ཏིང་འཛིན་གནས་ལ་བཞུགས། །ཨེ་ཡཾ་བཾ་ལཾ་མཾ་སུཾ་རཾ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ཡ་མི་མཎྜལ་ཧཱུཾ་བྷཱུཾ། ཆོས་འབྱུང་ནམ་མཁའི་རང་བཞིན་ལས། །འབྱུང་བའི་དཀྱིལ་འཁོར་རིམ་བཞིན་བརྩེགས། །རི་རབ་མེ་འོད་རྒྱན་གསལ་


DTG027_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིང། །ཁ་དོག་དབྱིབས་རྒྱན་མཚན་མར་བཅས། །བདེ་གཤེགས་ཡོན་ཏན་སྣང་བའི་གནས། །སྣ་ཚོགས་པདྨ་རིན་པོ་ཆེ། །འཁོར་ལོ་སྣ་ཚོགས་རྡོ་རྗེ་དབུས། །ཕོ་བྲང་གྲུ་བཞི་སྒོ་ཁྱུད་དང༌། །རྟ་བབས་བཞི་ཡིས་མཛེས་བྱས་པ། །ས་གཞི་ནམ་མཁའི་ལོགས་ཀྱི་ཕྱོགས། །རིགས་ཀྱི་རིན་ཆེན་འཚེ་རབ་ལ། །རང་བྱུང་ཉི་ཤུ་རྩ་ལྔའི་འོད། །སྣ་ལྔའི་རྩིག་པའི་དྲ་བ་དང༌། །དྲ་ཕྱེད་རིན་ཆེན་ཕ་གུས་མཚན། །སྣ་ཚོགས་རྡོ་རྗེ་ཀ་བ་བརྒྱད། །རིན་ཆེན་མུ་ཏིག་མེ་ཏོག་ཕྲེང༌། །རྒྱལ་མཚན་བླ་རེ་རྔ་ཡབ་གདུགས། །འདོད་ཡོན་ལྔ་ཡི་ལྷ་མོ་འཁྱུག ། ཟླ་ཕྱེད་རྡོ་རྗེ་རིན་ཆེན་དང༌། །པ་དན་དྲིལ་བུའི་སྒྲ་སྙན་སྒྲོགས། །དཀྱིལ་འཁོར་གང་ཡང་རུང་བ་ལ། །སྣ་ཚོགས་རྡོ་རྗེས་རྣམ་པར་མཚན། །མཚམས་སུ་བུམ་པ་གང་བ་བཞི། །རིགས་ཀྱི་མཚན་མས་མཛེས་པར་བྱས། །དབུས་ཀྱི་ལྟེ་བ་ནས་བཟུང་སྟེ། །སྒོ་ནས་བར་དུ་པདྨའི་གདན། །དབུས་སུ་ལྷ་ཆེན་ཡབ་ཡུམ་བརྒྱད། །ཕྱོགས་བཞིར་བསྣོལ་ཏེ་རྣམ་པར་བསམ། །ཕྱི་རོལ་ར་བ་རིམ་གསུམ་བརྒྱན། །ཕྱོགས་མཚམས་དུར་ཁྲོད་ཆེན་པོ་བརྒྱད། །དེ་མཐའ་འདོད་པའི་ལོངས་སྤྱོད་དང༌། །རྡོ་རྗེ་ར་བས་བསྐོར་བའོ། །ཐམས་ཅད་དག་པར་མོས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །དྲག་ཤུལ་སྦྱོར་བས་མཉམ་སྦྱོར་བས། །འཇིག་རྟེན་ཐམས་ཅད་གཞོམ་པར་བྱ། །རྣམ་ཐར་བཞི་ཡིས་སྙོམས་འཇུག་གི །འགོག་གནས་གདུལ་བྱའི་དོན་བྲལ་ལ། །ཕྱོགས་བཅུའི་རྒྱལ་བས་བསྐུལ་མཛད་དེ། །མངོན་བྱང་ལྔ་ཡི་རྫོགས་སྐུར་གྱུར། །སེམས་དང་སེམས་དཔའི་ཏིང་འཛིན་དང༌། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །དེ་བཞིན་བདུད་དང་བདུད་ལས་རྒྱལ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿཛཿཧཱུཾ་བཾ་ཧོཿ། རྡོ་རྗེ་སེམས་དཔའ་བདེ་ཆེན་སྐུ། །དཀར་ཞིང་དམར་བའི་མདངས་གསལ་འོད། །ཞལ་བཞི་རྣམ་གཟིགས་ཕྱག་བཞི་པ། །དང་པོ་རྡོ་རྗེ་རྩེ་ལྔ་འབར། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བཅས་འཁྲོལ། །འོག་མ་གཉིས་ཀྱིས་མདའ་དང་གཞུ། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཛེས། །སྟོད་གཡོགས་དར་དཀར་གསེར་རིས་ཅན། །སྐུ་སྨད་ཚི་གུའི་ན་བཟའ་གསོལ། །རིན་


DTG027_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་ཕྲེང་བའི་རྐེད་ཆིངས་ཅན། །མགུར་ཆུ་དོ་ཤལ་དཔུང་རྒྱན་དང༌། །ཕྱག་ཞབས་གདུ་བུ་སེ་མོ་དོ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ནི། །གནས་ལྔ་དག་ཏུ་གཏུགས་བྱས་ཏེ། །སྔགས་ཀྱིས་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སོགས་རྣམ་པར་བསམ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨྨ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ལུས་ཀྱི་བ་སྦུའི་གནས་རྣམས་སུ། །དཀྱིལ་འཁོར་དྲུག་གི་རྡུལ་ཕྲན་གནས། །མཁའ་དབྱིངས་དབང་ཕྱུག་ཕྱག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱ། །ཨོཾ་དྷ་རྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །སངས་རྒྱས་རིན་ཆེན་པདྨོ་དང༌། །དེ་བཞིན་རྡོ་རྗེ་རིན་ཆེན་དང༌། །ཡིད་བཞིན་ནོར་བུ་རིན་ཆེན་མཆོག །རྟ་མཆོག་རབ་ཏུ་འགྲུབ་པར་འགྱུར། །ཧཾ་ཨ་བྷི་ཥིཉྩ་མཾ། རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། པ་ཊ་ལཾ་བ་ཨ་བྷི་ཥིཉྩ་ཨོཾ། །བཛྲ་ཏུ་ཥྱ་ཧོ། བྱིན་བརླབས་རིགས་ཀྱི་དབུ་རྒྱན་གྱི། །རྒྱུ་ཡི་མགོན་པོ་རྡོ་རྗེ་འཆང། །དཔལ་ལྡན་རྟ་མཆོག་རོལ་པའི་སྐུ། །ཆ་ལུགས་མཚན་མ་རྒྱན་གསལ་གྱུར། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །དེ་བཞིན་ཞབས་ཀྱང་རྣམ་པ་བཞི། །གཡས་པ་བ་དན་གསུམ་པ་བསྒྲེང༌། །སྣ་ཚོགས་རྡོ་རྗེ་རལ་གྲི་མདའ། །གཡོན་པ་ཁུ་ཚུར་སྣ་ཚོགས་པད། །མདུང་དང་དབྱུག་པ་གཞུ་འཛིན་པའོ། །གཡས་པས་གསུམ་གྲུབ་དཔལ་མོ་མནན། །གཉིས་པས་གྲོལ་མ་དགའ་བའོ། །གཡོན་པས་མིག་གསུམ་ཁྱབ་འཇུག་དང། །གཉིས་པས་ཚངས་པ་དགའ་རབ་གནོན། །ཞལ་རྣམས་དམར་དང་ནག་པོ་དང༌། །དཀར་ཞིང་རྟ་མགོ་ལྗང་གུ་སྟོན། །སྐུ་ཡི་ཁ་དོག་ལྗང་གུ་ལ། །ཕྱག་རྣམས་དམར་ཞིང་ཞབས་གནག་པའོ། །ཁྲོ་རྟགས་དྲུག་ཅུ་རྩ་གཅིག་དང༌། །འབར་བ་ཆེན་པོའི་རྒྱང་ཡིས་མཛེས། །རང་འོད་ངོ་བོ་ལས་བྱུང་བའི། །དམ་ཚིག་སྒྲོལ་མ་མདོག་ལྗང་སྐྱ། །སྣ་ཚོགས་རྡོ་རྗེ་ཐོད་པ་ཐོགས། །རིན་ཆེན་རྒྱན་མཛེས་འཇོ་སྒེག་སྟབས། །ཕྱུང་ནས་བྱིན་གྱིས་བརླབས་མཛད་དེ། །ཐབས་དང་ཤེས་རབ་ལྡན་པར་འགྱུར། །གནས་བཞི་ཡི་གེ་མཚན་མ་སྔགས། །དཀྱིལ་འཁོར་གདན་ལ་ལེགས་གནས་རྣམས། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །ཕྱག་རྒྱ་བཞི་ཡིས་རྣམ་པར་གསལ། །ལྷ་མོའི་བུམ་པས་ཁྲུས་བྱས་


DTG027_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། །དབང་བསྐུར་རིགས་ཀྱི་བདག་པོར་བསམ། །ཧཾ་ལས་བསྐྱེད་པའི་ལིང་ག་ནི། །རྒྱ་གྲམ་གསང་ལམ་ཕཊ་ཀྱིས་མཚན། །ཨ་ཡིས་དག་བྱས་བྷ་གའི་དབྱིབས། །པདྨའི་འདབ་བརྒྱད་ཨེ་གནས་པ། །སྣ་ཚོགས་བརྡ་ཡིས་བསྐུལ་བྱས་ནས། །ཐབས་ཤེས་གཉིས་མེད་རོལ་པར་མཛད། །ཨོཾ་པྲ་བེ་ཤ་ཕཊ། ཨ་ལ་ལ་ལ་ལ་ཏོ། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །ཕྱོགས་བཅུའི་དཀྱིལ་འཁོར་མཉེས་པར་མཛད། །ལྷ་རྣམས་རང་ལ་གཞུག་བྱ་སྟེ། །གཉིས་ཀའི་དགའ་བ་རབ་ཏུ་སྤེལ། །ཁམས་གསུམ་འགྲོ་གནས་དག་པ་དང༌། །རྣལ་འབྱོར་མཚན་མ་རྣམ་པར་སྤྱང༌། །གསང་བའི་གནས་སུ་གཞལ་ཡས་ཁང༌། །རྒྱན་སོགས་གདན་རྣམས་སྔོན་བཞིན་འབྱུང༌། །ཐིག་ལེས་གནས་སུ་མཚན་བྱས་ནས། །སྤྲོས་པས་ཡི་གེའི་དཀྱིལ་འཁོར་གསལ། །ཧི་ལས་བསྐྱེད་པའི་རྟ་མཆོག་ནི། །གསང་གནས་དབུས་ཀྱི་པདྨ་ལའོ། །ཛིཾ་ལས་སྣ་ཚོགས་པདྨའི་རྒྱ། །ཧ་ལས་སྣ་ཚོགས་རྡོ་རྗེ་མའོ། །དཀྱིལ་འཁོར་གང་ཡང་རུང་བ་ཡི། །ལྷ་མོ་ཉི་ཤུའི་ཚོགས་རྣམས་ལ། །ཁྱད་པར་ལྷ་མོ་གཉིས་ཀྱིས་ལྷག་མཆོག་ཀྱི་སྙིང་པོའི་ཕྱོགས་སུ་བསྐྱེད། །ཨོཾ་སུམྦྷ་ཧཱུཾ། ཕྱོགས་བཅུའི་འགྲོ་བ་སྤྱང་བྱས་ནས། །ཡབ་ཡུམ་སྐུ་ལ་གཞུག་པར་བྱ། །ཨོཾ་བི་ཤྭ་བཛྲ་དྷརྨཱ་ཧོཿ་།སྣ་ཚོགས་པདྨ་དམར་སྐྱ་མོ། །ཕྱག་གཉིས་པདྨའི་གར་ཐབས་སྒྱུར། །ཨོཾ་བི་ཤྭ་བཛྲ་ས་ཏྭ་ཨཿ། སྣ་ཚོགས་རྡོ་རྗེ་ལྗང་གུའི་མདོག །སྣ་ཚོགས་རྡོ་རྗེ་ཐོད་པ་འཛིན། །ལྷ་མོ་འདི་དག་ཐམས་ཅད་ཀྱང༌། །རིན་ཆེན་རྒྱན་དང་ན་བཟའ་བཀླུབས་། འཛུམ་སྟེག་དགོད་པའི་སོ་ཟུར་སྟོན། །རང་གི་ཆ་ལུགས་ཀུན་གྱིས་གནས། །མགོན་པོ་རོ་མཉམ་ལ་བཞུགས་ནས། །ཆོས་དབྱིངས་ཡེ་ཤེས་སྙོམས་འཇུག་ལས། །ལྷ་མོ་བདག་པོ་བསྐུལ་མཛད་དེ། །སེམས་ཅན་ཀུན་དོན་རྣམ་འཕྲུལ་མཛད། །རྟེན་གྱི་དཀྱིལ་འཁོར་ལྷ་རྣམས་ཀྱི། །སྐྱེ་མཆེད་དྲུག་ལ་སངས་རྒྱས་དྲུག །ཕྱག་རྒྱ་བཞི་ཡི་མཚན་མ་དང༌། །རིགས་ཀྱི་བདག་པོས་ཉེ་བར་མཚན། །ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས། །ཡེ་ཤེས་དཀྱིལ་འཁོར་བསྐུལ་མཛད་དེ། །ཛཿཧཱུཾ་བཾ་ཧོཿའི་སྦྱོར་ཚོགས་དང༌། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིང༌། །སྟོང་པ་ཤིན་ཏུ་ཡོད་མེད་རྣལ་


DTG027_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་མཐུ། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྟ་མཆོག་རོལ་པ་སྐལ་བཟང་དཔལ་ཁྱོད་བདག །ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་བཏ་ག་བཱན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧ། །ས་མ་ཡ་ཧོ། །ས་མ་ཡ་སྟཱཾ། བདེ་གཤེགས་ཕོ་དྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་གིས་དགོངས་ནས་ཀྱང༌། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུཾ། སྒྱུ་འཕྲུ་དགའ་བའི་རྡོ་རྗེ་རོལ་པའི་ཚོགས། །གཞན་ལ་སྣང་བའི་དཀྱིལ་འཁོར་རྣམ་པར་མཛེས། །ཨ་ལ་ལ་ཧོ། །ཚངས་པའི་ཚོགས་རྣམས་ཟིལ་གྱིས་གནོན་མཛད་ཅིང༌། །རྟག་པ་དུ་མའི་སྒྲོ་འདོགས་གཅོད་པར་མཛད། །ཨ་ལ་ལ་ཧོ། །གཉིས་མེད་ཡེ་ཤེས་གཉིས་ཅན་རྣམ་མཐའ་ཡས། །སྣང་སྟོང་བདེ་ཆེན་མཉམ་ཉིད་དབྱིངས་ལ་རོལ། །ཨ་ལ་ལ་ཧོ། །ཀུན་འབྱུང་ཡོན་ཏན་སྩོལ་མེད་ལྷུན་གྲུབ་སྣང༌། །རྒྱན་གྱི་དཀྱིལ་འཁོར་རྣམ་དགོད་རང་ལས་བྱུང༌། །ཨ་ལ་ལ་ཧོ། །མཛད་པ་རྒྱ་ཆེན་འགོག་མེད་ཀུན་གྲུབ་པས། །ཚོགས་བཅས་རོལ་པས་བྱ་བ་ཀུན་རྫོགས་པ། །ཨ་ལ་ལ་ཧོ། །སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་རྒྱན། །དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། །དཔལ་དོན་རྡོ་རྗེ་འགྱིང་བའི་ཐབས། །འཛུམ་པའི་མིག་གིས་ཕྱག་བྱའོ། །ཧཾ་ཨ་ཏི་པུ་ཧོ། །བནྡྷ་ནཾ་ཀཱ་རོཡ་མི། གུ་རུ་པ་ཏི། ཨ་ལ་ལ་ཧོ། །ཨོཾ་འབྱུང་བ་ཆེ་ལས་ཐམས་ཅད་འབྱུང༌། །སྟོང་གསུམ་རྡུལ་སྙེད་མ་ལུས་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ལྷ་ཡི་ཚོགས་རྣམས་མ་ལུས་སྤྲོ། །མེ་ཏོག་པ་དུག་པ་མར་མེ་དང༌། །དྲི་ཚོགས་ཀུན་གྱིས་མཆོད་པར་བྱའོ། །ཨོཾ་པ་ན་པེ་ན་པེ་ནུ་སུ་ར་ཏི་པུ་པ་ར་མུ་སརྦ་ཏ་ཐཱ་ག་ཏ། ས་མ་ཡོ་ག་སིབྡྷི་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། པྲ་ཏཱིཙྪ་ཧོ། །ཤྲཱི་བྷ་ག་བཱན་ཁ་ཁ་ཁཱ་ཧི། གྱེན་དུ་འཐོར་ཞིང་ཐུར་དུ་འབེབས། །བསྐོར་ཞིང་དེ་བཞིན་ཉུག་པ་དག །མེ་ཏོག་བདུག་པ་མར་མེ་མཆོག །དྲི་ཡི་མཆོད་པ་བྱུང་བའོ། །གང་ངམ་འོན་ཏེ་སྟོང་ངམ་རུང༌། །ཡང་ན་ཅི་འབྱོར་པ་ཡིས་ཀྱང༌། །དམ་ཚིག་མཉམ་པར་བསྒྲུབ་པ་ཡིས། །མཆོད་པ་ཐམས་ཅད་འགྲུབ་པར་འགྱུར། །ཀ་ཀ་ལ་ཡང་ཙོའུ་རའི་དབྱངས། །དེ་


DTG027_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་རབ་ཏུ་གདངས་སྙན་དང༌། །ཀ་ཧ་ལ་ཡི་གླུ་ཡི་རྒྱ། །འཇོམས་པ་ཐམས་ཅད་འགྲུབ་པའོ། །ཛཿཧཱུཾ་བཾ་ཧོཿ། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དྲག་ཤུལ་སྦྱོར་བས་རྣམ་སྦྱོང་དཔལ། །རྟ་ཡི་ཕྱག་རྒྱར་རབ་ཏུ་གནས། །ཐམས་ཅད་པདྨོ་མོས་པ་ཡིས། །སྡིག་མེད་སྟོབས་ཀྱི་ངོ་མཐོན་དུ། །རབ་ཏུ་ནོན་པའི་རྩལ་དག་གིས། །འཇིག་རྟེན་ཐམས་ཅད་རབ་ཏུ་འཇོམས། །འདོད་ཆགས་ཅན་ལ་གཡེམ་པར་སྟོན། །གདུག་པ་རྣམས་ལ་གདུག་པར་འགྱུར། །ཞི་བ་རྣམས་ལ་ཞི་བར་འགྱུར། །དྲག་ཤུལ་ཅན་ལ་དྲག་ཤུལ་སྦྱོར། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །ཞབས་བཞི་པ་ལ་རྨིག་པ་བཞི། །རྟ་མགྲིན་རྒྱལ་པོ་རྡོ་རྗེ་སྟེ། །དབང་ཕྱུག་དམ་པ་བསྒྲུབ་པར་བྱ། །གཡོན་པའི་ཁུ་ཚུར་མཛུབ་མོ་ཡིས། །དཔལ་ལྡན་པདྨ་སྣ་ཚོགས་འཛིན། །རྡོ་རྗེར་བཅས་ཤིང་སློབ་མ་འགྲུབ། །གཡས་པ་བ་དན་གསུམ་པར་བྱ། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །བརྐྱང་དང་བསྐུམ་པའི་ཚུལ་བྱས་ནས། །ཁྲོ་བོའི་སྐྱིལ་མོ་ཀྲུང་བཅས་ཏེ། །འཇིག་རྟེན་ཐམས་ཅད་རབ་ཏུ་འཇིག །ཨོཾ་སུམྦྷ་ནི། སུམྦྷ་ཧཱུཾ། ལྷ་མོ་ཉི་ཤུའི་ཚོགས་རྣམས་ཀྱིས། །ཕྱག་རྒྱ་སོ་སོའི་དཀྱིལ་འཁོར་བཞིན། །རང་བྱུང་ལྷ་མོ་དང་བཅས་པའི། །ཕྱག་རྒྱ་སྔགས་ཀྱིས་གཉིས་མེད་འགྱུར། །མྱོས་བྱེད་སྟོང་པས་ལྷག་པར་བདེ་བའི་འདོད་པའི་གཟུགས་སྟོན་པ། །འདུལ་བའི་དབང་གིས་གཤིན་རྗེ་སྟོང་བས་ལྷག་པར་རབ་ཏུ་འཇིགས། །ཞི་བའི་སྐུར་ཡང་ཚངས་པ་སྟོང་པས་ལྷག་པར་རབ་ཏུ་སྟོན། །དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་དེ་བཞིན་གཤེགས་ཀུན་གྲུབ་པར་མཛོད། །ཐམས་ཅད་དག་པས་ངོ་འཐོན་སྟོབས་ཀྱིས་ནོན་པར་མཛོད། །ཧེ་ཧེ་ཧེ་ཧེ་ཧེ། དབང་ཕྱུག་ཐམས་ཅད་རབ་ཤིག་རབ་ཏུ་ཤིག །རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱིས་ངོ་འཐོན་དབང་ཕྱུག་ནོན། །སྦྱོར་ཆེན་ཧུ་ལུ་ཧུ་ལུ་མིག་གསུམ་པོ་ལ་གསུམ་གྲུབ་དྲོངས། །རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱིས་ངོ་འཐོན་མཐུ་ཆེན་ནོན། །མཉམ་སྦྱོར་རུ་ཏྲ་མ་ཏྲའི་སྙིང་ལས་དཔལ་མོ་དྲོངས་ཤིག་རབ་དྲོངས་ཤིག །རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱིས་ངོ་འཐོན་ཚངས་པ་ནོན། །སྦྱོར་ཆེན་


DTG027_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚངས་ལས་སྒྲོལ་མ་དྲོངས་ཤིག་སྨ་ར་ཏི། །རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱིས་ངོ་འཐོན་དགའ་དབང་ནོན། །མཉམ་སྦྱོར་ཀུན་གྱིས་བདག་ལ་དགའ་དབང་དྲོངས། །ཨ་ལ་ལ་ལ་ལ་ཧོ། །གདུག་ཅིང་ཁྲོ་ལ་རབ་ཏུ་གཏུམ་པ་ཡི། །སེམས་ཅན་བསྒྲལ་བའི་ཕྱིར་སྒྲུབ་ཞུགས། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཕཊ། །མཛའ་བོ་མི་ལ་བྱའམ་མི་བྱ་ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་བླའི། །དེ་འདྲའི་མཛའ་བོ་སྒྱུ་མ་ཡིན་པས་དེ་ལ་མཛའ་ཞེས་སུ་ཞིག་ཟེར། །རྒོལ་བ་གང་ལ་བྱའམ་མི་བྱ་ཡོངས་སུ་རྟག་པ་དེ་དག་མེད་ཀྱང་བླའི། །དེ་འདྲའི་རྒོལ་བ་སྒྱུ་མ་ཡིན་པས་དེ་ལ་དཔའ་ཞེས་སུ་ཞིག་ཟེར། །སོ་སོའི་ལྗགས་ཀྱི་པདྨ་ལ། །མཚན་མ་ཆོས་ཀྱི་སྙིང་པོར་བཅས། །ཤྲཱི་པདྨ་པ་ཊབ་མུ་ཁ་ཡོ་གཱི་ཤྭ་རི། ཧི་ཧི་ཧི་ཧི་ཧི། རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །མཐེའུ་ཆུང་སྲིན་ལག་མཉམ་པར་བརྒྱང༌། །མཛུབ་མོ་རྩེ་མཉམ་བཀུག་པ་ནི། །དཔལ་མཆོག་རྟ་ཞེས་གྲགས་པ་ཡིན། །སྔགས་བཅས་གནས་སུ་གཞག་བྱ་སྟེ། །རིམ་བཞིན་མཐའ་ནས་དགྲོལ་བར་བྱའོ། །ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ། །ལ་ལར་མཁས་པའི་གཟུགས་ཀྱང་འཛིན། །ལ་ལར་དུས་མཐའི་དུས་ལྟར་དྲག །ལ་ལར་རྒྱལ་བའི་དབང་པོ་བཞིན་དུ་ཞི། །ལ་ལར་རྟ་མཆོག་སྦྱོར་བས་འདོད་པ་འགྲུབ། །སྣ་ཚོགས་བནྦྷ་བརྟགས་པ་ལ། །སྣ་ཚོགས་བདུད་རྩིའི་རྣམ་པར་དགང༌། །ལྔ་ལྔ་ལྔ་ཡི་འཕྲོ་འདུ་ཡིས། །མཚན་མ་རྣམ་པ་ལྔ་དང་ལྡན། །འོད་དང་དུ་བ་དྲི་དང་སྒྲ། །ལྷ་མོའི་གཟུགས་སྟོན་བདུད་རྩི་འགྲུབ། །རང་འབྱུང་གདོད་ནས་རྣམ་པར་དག །མཉམ་པའི་དོན་ལྡན་རོལ་པར་མཛོད། །བྱིན་རླབས་རྒྱན་དང་མཚན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །གསང་བ་ཆེན་པོ་རྣམ་པར་རོལ། །གྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །མཉམ་ཉིད་མི་གཡོ་ལ་སོགས་


DTG027_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི། །བསྟོད་པའི་གླུ་རྣམས་བླངས་བྱས་ནས། །སིལ་སྙན་ཀུན་གྱི་སྒྲ་རྣམས་དང༌། །གར་གྱིས་ལྷ་རྣམས་མཉེས་པར་བྱ། །ཊཀྐི་ཧཱུཾ་ཛཿཊཀྐི་ཧཱུཾ་ཛཿཊཀྐི་ཧཱུཾ་ཛཿཏྲ་ཏྲ་ཏྲ་ཏྲ་ཏྲ་ཏྲ་ཏྲ་ཏྲ། ཊ་ཏ་བ་ཊ་ཏ་བ་ཧཱུཾ། ཏ་ཊ་བེ་ཏ་ཊ་བེ། ཧི་དོན། ཏ་ཊ་བ། ཏ་ཊ་བ། ཏ་ཊ་བ། ཏ་ཊ་བ། ཏ་ཊ་བ་ཏྲ་ཐཱ། བདག་ཅག་དམ་ཚིག་འདི་ལ་མངོན་ཞུགས་པས། །བཅད་གཏུབས་ལུས་ལ་འབྱུང་བར་མི་འགྱུར་ཞིང༌། །གྲིབ་མས་ཕོག་པའི་སྡུག་བསྔལ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང༌། །གཟི་མདངས་ལུས་ལ་འཇུག་པ་བྱེ་བ་སྟོང་ཕྲག་གི །འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་སུ་རབ་སྣང་བ། །ལུས་ངག་སེམས་དང་ཚེ་ནི་རྡོ་རྗེར་རབ་གནས་ཏེ། །རེ་སྨོན་ཐམས་ཅད་དུས་འདིར་ཐོབ་པར་མཛད་དུ་གསོལ། །དེ་ནས་བཟླས་བརྗོད་རྣམ་གཉིས་སམ། །ཐིག་ལེ་གཉིས་སམ་ཕྲ་མོ་གཉིས། །རྣམ་དག་མཚན་མ་གསལ་བ་དང༌། །མཚན་མ་མེད་པའི་དོན་བསམ་བྱ། །མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག །དོན་དམ་བདེ་བ་ཆེན་པོའི་སྐུ། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཀྱི། །ལྷ་ཉིད་བརྩོན་པས་བསྒོམ་པར་བྱ། །ཐུན་བཞིའི་སྐབས་སུ་གཏོར་མ་གཏང༌། །རྫོགས་ནས་དཀྱིལ་འཁོར་མཆོད་བསྟོད་ཅིང༌། །རང་ལས་ཕྱུང་སྟེ་མདུན་བཞག་ནས། །གསོལ་བཏབ་ལས་ལ་བསྐུལ་བར་བྱ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འགྲོ་བའི་དོན་ལ་དགོངས། །ཨོཾ་བཛྲ་གཙྪཱ་མུཿ། དེ་ནས་ཕྱག་རྒྱ་རྣམ་བཀོད་པ། །རིམ་བཞིན་བདག་ལ་བསྡུ་བྱས་ནས། །རྣམ་གསུམ་སེམས་དཔའ་ཧཱུཾ་ལ་ཐིམ། །རང་བཞིན་ཐིག་ལེ་མཉམ་པའི་དབྱིངས། །རྗེས་འབྱུང་མཚན་མའི་སྐུར་གནས་ཏེ། །མཚན་དཔེ་རྒྱན་དང་ཆ་ལུགས་གསལ། །གོ་ཆ་གོ་བཅིངས་བསྲུང་བྱ་ཞིང༌། །དབང་བསྐུར་དབུ་རྒྱན་ཅོད་པན་ལྡན། །ཀཾ་ཧཾ། ཨོཾ་ཊུཾ་ཧཱུཾ། རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་བ་ཊ་ལཾ་བ་ཨ་བྷི་ལཾ་བ་ཧཱུཾ། སྤྱོད་ལམ་ཀུན་དུ་མ་ཉམས་པར། །ལྷ་ཉིད་དུ་ནི་བསྒོམ་བྱ་སྟེ། །དབང་པོའི་སྣང་བ་ཡུལ་དུས་རྣམས། །དཀྱིལ་འཁོར་རོལ་པའི་ཚུལ་དུ་བརྟག །བཟའ་བཏུང་བྱིན་བརླབས་མ་ཉམས་བཟླས། །སྒྱུ་མ་གཉིས་མེད་ཡེ་


DTG027_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་རོལ། །བྱེད་སྤྱོད་ཚོགས་གཉིས་རྒྱུ་རུ་བརྟག །ཐམས་ཅད་འགྲོ་བའི་དོན་ཕྱིར་སྤྱད། །གང་ཞིག་དང་པོའི་ལས་ཅན་རྣམས། །རབ་ཏུ་བཟུང་ཞིང་ཅུང་ཞིག་ཅམ། །བསྡུས་ལས་བྱུང་བའི་དགེ་བ་དེས། །རྟ་མཆོག་དཀྱིལ་འཁོར་འགྲུབ་པར་ཤོག །དཔལ་རྟ་མཆོག་རོལ་པའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སི་དྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ལྷ་རིན་པོ་ཆེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་པ་ཞེས་བྱ་བ།

དང་པོ། ཐོག་མར་བསླབ་པར་བྱ་བའི་ཚུལ་གྱིས་སྨིན་པར་བྱ་བའི་ཆོ་ག་བསྟན་པ།


DTG027_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སརྦ་མཎྜལ་ཨ་ནུཏ་བིཏ་ར་ཤ་སྲ་པཉྩ་བིདྷི་ནཱ་མ། བོད་སྐད་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་ཐོག་མཐའ་ཀུན་གཟིགས་ཤིང༌། །ཐམས་ཅད་དོན་འབྱུང་གསང་བའི་ཚུལ། །ཕྱག་རྒྱའི་བདག་ཉིད་མ་འདྲེས་སྟོབས། །རིགས་ཀུན་འཁོར་ལོའི་གནས་རྫོགས་ཤོག །རང་བཞིན་དཔའ་བོ་ཀུན་དུ་སྣང༌། །འཇོམས་བྱེད་ཆོས་ཀུན་མ་འདྲེས་པ། །ཡོན་ཏན་ཚོགས་བདག་རོལ་པའི་སྐུ། །རིགས་ཀྱི་ལྷ་མོ་ཚོགས་རྒྱལ་ཤོག །དངོས་མེད་གསང་བའི་ཕྱག་རྒྱ་ཆེ། །དེ་དག་མ་ལུས་མཐའ་སེལ་མཛད། །ཀུན་འབྱུང་ཀུན་གྱི་བདག་ཉིད་དོན། །ཐབས་མང་ཆོ་ག་རྫོགས་པས་གསལ། །དེར་འཇུག་དེ་ཡི་གནས་ལྡན་པ། །སྒྲ་ཡི་རྒྱུན་གྱིས་དོན་ཚོགས་བསྐྱེད། །མངོན་འབྱུང་གནས་ཀུན་འགྲུབ་བྱེད་པའི། །དཀྱིལ་འཁོར་ཐབས་རྣམས་འཇུག་པར་བཤད། །དཀྱིལ་འཁོར་ཐམས་ཅད་རྗེས་བསྟན་པའི། །འཇུག་ཐབས་ཆོ་ག་ལྔ་པའི་དོན། །སྟོན་པའི་ལུང་ལས་གསལ་བཤད་པ། །གཞུང་འདི་བསྡུ་བར་འོས་པ་ཡིན། །དོན་ཀུན་འདོད་པའི་རྣལ་འབྱོར་བདག །ཐབས་ཀྱི་ཆོ་ག་མང་པོ་ཡིས། །དེར་འཇུག་ལམ་ཀུན་རྫོགས་བྱེད་པས། །དྲི་མེད་དག་པའི་རྒྱུད་གཟུང་མཛད། །ཇི་ལྟར་གསང་སྔགས་ལེགས་སྦྱར་བས། །དངོས་གྲུབ་ཚུལ་མང་ཐོབ་འགྱུར་བ། །དོན་དམ་བྱ་བ་མཐར་ཕྱིན་བས། །གཞན་དག་དོན་ཚོགས་རྣམ་པར་དག །མྱུར་བར་ཕྱག་རྒྱ་སྔགས་སོགས་འཇུག །བླ་མེད་དངོས་གྲུབ་དོན་ཀུན་རྟོགས། །བསྟན་པའི་ཚུལ་གྱིས་གདམས་པའི་རྒྱུན། །ཇི་ལྟར་བྱ་བའི་སྒོ་སྟོན་བྱེད། །


DTG027_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤིན་ཏུ་སྤྱང་དཀའི་ལས་རྣམས་དག །རང་སྔགས་རྟེན་འབྲེལ་མཐུ་ཡིས་འགྲུབ། །ཚུལ་རྣམས་མ་ཉེས་དུས་མཚུངས་འཇིགས། །གནས་དང་གནས་པའི་ཚོགས་རྣམས་རྒྱས། །རྒྱས་པར་འདི་དག་ཀུན་བསྟན་ཕྱིར། །ཐབས་མང་ཚུལ་གྱིས་ཐེག་པ་ཀུན། །ངོ་བོ་བྱང་ཆུབ་སེམས་གནས་སྐྱོང༌། །རང་བཞིན་བསྐྱེད་དུ་མེད་པའི་ཆོས། །གཞན་དག་ཐེག་ཆེན་མཆོག་ཞུགས་པས། །སྔགས་ཚུལ་འདུས་པའི་ཆོ་ག་ཤེས། །བྱིན་རླབས་བརྡ་དོན་ཡོན་ཏན་གནས། །དབང་བསྐུར་བྱང་ཆུབ་རྗེས་སུ་སློབ། །རང་སེམས་རྣམ་དག་དྲི་མ་མེད། །གསང་སྔགས་ཆོ་ག་རྫོགས་པར་འགྱུར། །དེས་ནི་དངོས་གྲུབ་ཀུན་ཐོབ་ཅིང༌། །ཕྲིན་ལས་བྱ་བ་འགག་པ་མེད། །དང་པོར་བདག་གཞན་སྲུང་འདོད་པས། །བསོད་ནམས་ཡེ་ཤེས་ཚོགས་གནས་བྱ། །དེ་དག་འགྲུབ་བྱེད་ཡན་ལག་གཞན། །དངོས་ཀུན་གསང་བ་བསྟན་པའི་སྒོ། །ཐོག་མར་སྐྱབས་སུ་འགྲོ་བ་ཡིས། །རྟེན་གཉིས་དག་པར་སྤྱང་བྱ་བ། །དེ་དག་ཐུན་མོང་ཁྱད་པར་གྱིས། །མངོན་པར་འགྱུར་བའི་དོན་ཆེན་འགྲུབ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །དུས་ཀུན་སྐྱབས་སུ་འགྲོ་བྱས་ན། །གཞན་གྱི་ཕྱོགས་རྣམས་འཇིག་བྱེད་ཅིང༌། །བག་མེད་འཁྲུག་པའི་ནད་ཀུན་ཞི། །རྒྱལ་བའི་འཁོར་དུ་གྱུར་པའི་ཕྱིར། །རང་གི་སྡོམ་པ་དམ་ཚིག་གཟུང༌། །དེ་ཡང་རྒྱ་ཆེ་བློ་དམིགས་ཏེ། །མ་ལུས་ཁམས་རྣམས་ཀུན་དུ་སྤྱད། །ཇི་སྲིད་རྟོག་པའི་རྒྱུན་གནས་པ། །དེ་སྲིད་རྟོག་པས་ཉེན་པར་འགྱུར། །འདི་དག་སློབ་དཔོན་ལ་བརྟེན་ཏེ། །དམ་པའི་རྗེས་སུ་གཞོལ་བར་བྱ། །རྐང་གཉིས་རྣམས་ཀྱི་གཙོ་བོ་མཆོག །སངས་རྒྱས་མཆོག་ལ་བདག་སྐྱབས་མཆི། །ཞི་སོགས་འདོད་ཆགས་སོགས་འཇོམས་པའི། །ཐེག་ཆེན་ཆོས་ལ་སྐྱབས་སུ་མཆི། །ཐུགས་རྗེས་དོན་མི་གཏོང་བ་ཡི། །སྤྱོད་བཅས་དགེ་འདུན་ལ་སྐྱབས་གསོལ། །དུས་འདི་དག་ནས་གཟུང་བྱས་ཏེ། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །དད་བརྩོན་གུས་པས་དེ་དག་ཀུན། །མྱ་ངན་འདས་པའི་དོན་དུ་གཟུང༌། །སྲོག་གཅོད་པ་ཡི་སེམས་ཅན་དང༌། །གཞན་གྱི་ནོར་ལ་འཕྲོག་པ་དང༌། །འདོད་པ་ལོག་པར་གཡེམ་བ་དག །སེམས་ཅན་དམྱལ་བར་མྱུར་དུ་འགྲོ། །དབྱེན་བྱེད་པ་དང་ཚིག་རྩུབ་དང༌། །བརྫུན་དུ་སྨྲ་ཞིང་མི་


DTG027_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡོམ་དང༌། །བྱིས་པ་འཆལ་བ་སྨྲ་བ་རྣམས། །སོ་སོ་སྐྱེ་བོ་སླུ་བས་བཅིངས། །གཞན་གྱི་སྤྱོད་ལ་བརྣབ་སེམས་དང༌། །གནོད་སེམས་དག་ནི་མང་བ་དང༌། །མི་གང་ལྟ་བ་ལོག་ཞུགས་པ། །ངན་འགྲོ་དག་ཏུ་འགྲོ་བར་འགྱུར། །དེས་ན་ལུས་ཀྱི་སྡིག་གསུམ་དང༌། །དག་གི་སྡིག་པ་རྣམ་པ་བཞི། །ཡིད་ཀྱི་གསུམ་པོ་མ་ལུས་རྣམས། །སྡིག་པའི་ལས་ཀུན་ཟད་བྱེད་འབར། །དེས་ནི་ངན་འགྲོར་ལྷུང་བས་ན། །བག་མེད་ལས་ཀུན་བཤགས་པར་བགྱི། །འདི་དག་བདག་གིས་མི་བགྱིད་ཅིང༌། །གཞན་ལའང་གདམས་པར་མི་བྱེད་དེ། །དུས་ཀུན་མ་འདྲེས་རྒྱ་ཆེན་བློས། །ཉིན་མཚན་དྲན་པས་བཤགས་པར་བྱ། །ཁྱད་པར་སོ་སོར་ཐར་པའི་ཚུལ། །རྩ་བ་བཞི་དང་ཡན་ལག་ཚོགས། །རྣམ་བཞི་འཁོར་ཚོགས་བཅས་སྡོམ་གང༌། །ཅི་ནུས་བདག་གིས་བླང་བྱ་ཞིང༌། །སྟོན་པ་སློབ་དཔོན་ལ་སོགས་མདུན། །བསྒོ་བའི་བཀའ་དོན་དམ་པ་གཟུང༌། །ཅི་ནས་འགྲོ་ཀུན་བསྒྲལ་བའི་ཕྱིར། །དཀོན་མཆོག་གསུམ་ལ་སྐྱབས་འགྲོའི་དོན། །ཡུན་རིང་མང་དུ་སྤེལ་བའི་ཡིད། །ཕྱོགས་རྣམས་ཀུན་དུ་རྒྱས་པར་གཟུང༌། །སྟོང་གསུམ་འཇིག་རྟེན་མ་ལུས་ཀྱི། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་ནི་སྔོན་འགྲོ་བས། །སྡུག་བསྔལ་གསུམ་དང་བརྒྱད་སོགས་ཀྱིས། །གདུངས་པ་རྣམས་ལ་བལྟ་བྱས་ལ། །བདེ་དང་སྡུག་བསྔལ་བརྗེ་བྱས་ཏེ། །ཀུན་གྱི་བདེ་བ་ཐོབ་འགྱུར་ན། །བདག་ཉིད་སྡུག་བསྔལ་གྱུར་ཀྱང་བླའི། །འགྲོ་དོན་བསྒྲུབ་པར་བྱ་བའི་ཕྱིར། །ཐབས་མང་རྣམ་པ་སྣ་ཚོགས་ཀྱིས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་འགྲོ་བ་རྣམས། །སྡུག་བསྔལ་རྒྱུ་དང་དེ་ཉིད་ལས། །གྲོལ་ཞིང་ཐར་བར་བྱས་ནས་ནི། །བདེ་དང་ལྡན་པར་བྱ་བ་དང༌། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །དང་པོ་བདག་ཉིད་བསྒྲལ་བྱས་ནས། །མི་ལྡོག་སེམས་ཀྱིས་དམ་བཅས་ཏེ། །སྨོན་པས་རྫུ་འཕྲུལ་དཔག་མེད་དང༌། །ཞི་གནས་ལྷག་མཐོང་མངོན་ཤེས་སོགས། །ཐོགས་པ་མེད་པར་འབྱུང་བ་ཡིས། །མྱུར་དུ་མཐུ་སྟོབས་བརྟས་གྱུར་ནས། །གཡེང་མེད་འགྲོ་དོན་བརྩོན་བྱེད་ཅིང༌། །དབུགས་དབྱུང་ཐེག་ཆེན་ལམ་ལ་དགོད། །དུས་གསུམ་བཞུགས་པའི་སངས་རྒྱས་དང༌། །དབྱེར་མེད་སློབ་དཔོན་མཉེས་བྱས་


DTG027_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། །ཡང་དང་ཡང་དུ་ཕྱག་འཚལ་ཞིང༌། །གསོལ་བཏབ་ལམ་ལ་གནས་པར་བྱ། །ཕྱོགས་བཅུར་བཞུགས་པའི་རྒྱལ་སྲས་ཀུན། །མ་ལུས་ཕྱོགས་ནས་དགོངས་སུ་གསོལ། །བདག་གིས་མེ་ཏོག་ཕྲེང་སོགས་ཀུན། །ཁྱེད་ལ་ལེགས་པར་དབུལ་བར་བགྱི། །མཎྜལ་བཟང་བཅས་མཆོད་པའི་ཚོགས། །གནས་འདིར་རྒྱས་པར་བཀོད་བྱས་པས། །དེ་དག་འཁོར་ཚོགས་མཉེས་གྱུར་ཅིག །སྡོམ་པའི་མན་ངག་སྦྱིན་པར་བསམ། །དུས་དེ་ཉིད་ནས་ཇི་སྲིད་པར། །ཞལ་གཅིག་པར་ཡང་ལན་གསུམ་སོགས། །འགྲོ་དོན་དམིགས་པ་རྒྱ་ཆེན་གྱིས། །བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱ། །བྲིས་སྐུ་ལ་སོགས་རྩེ་གཅིག་ཏུ། །ཐལ་སྦྱར་གུས་པས་འདུག་བྱས་ཏེ། །བླ་མེད་བྱང་ཆུབ་འདོད་པ་ཡིས། །སེམས་ཉིད་རྒྱ་ཆེར་ངེས་པར་བསྐྱེད། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །གཞན་དུ་དབྱེ་བ་མེད་པའི་ཐུགས། །དུས་འདིར་བདག་ལ་དགོངས་སུ་གསོལ། །བདག་མིན་འདི་ཞེས་བགྱི་བ་ཡི། །སྐྱེ་བ་འདི་དང་གཞན་དག་ཏུ། །སྦྱིན་པ་ལས་བྱུང་བསོད་ནམས་དང༌། །ཚུལ་ཁྲིམས་ལས་བྱུང་བསོད་ནམས་དང༌། །བསྒོམས་པ་ལས་བྱུང་བསོད་ནམས་ཀྱིས། །དགེ་རྩ་བདག་གིས་བགྱིས་པ་དང༌། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཞན་ཡང་རྗེས་སུ་ཡི་རང་བའི། །དགེ་བའི་རྩ་བ་དེ་དག་གིས། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས། །རྒྱལ་བ་སྲས་དང་བཅས་པ་རྣམས། །བླ་ན་མེད་པའི་བྱང་ཆུབ་ཏུ། །ཐུགས་མཆོག་རིན་ཆེན་བསྐྱེད་པ་ལྟར། །བདག་མིང་འདི་ཞེས་བགྱི་བས་ཀྱང༌། །དུས་འདི་ནས་ནི་གཟུང་བྱས་ཏེ། །བླ་མེད་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ། །རྒྱལ་བ་རྣམས་ཀྱི་རྗེས་སུ་སློབ། །སྔོན་ཚེ་འཕགས་པ་འཇམ་དཔལ་གྱིས། །ཇི་ལྟར་བྱང་ཆུབ་སེམས་རྒྱ་ཆེན། །གྲོང་ཁྱེར་རྒྱལ་བའི་རྒྱལ་པོར་གྱུར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང༌། །འགྲོ་བ་ཐམས་ཅད་དོན་དུ་གཉེར། །དེ་དག་འཁོར་བ་ལས་བསྒྲལ་ལོ། །གནོད་སེམས་དུས་མིན་ཁྲོ་བ་དང༌། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་སྟེ་བྱང་ཆུབ་དག །ཐོབ་འགྱུར་དོན་གཞན་དག་ཀྱང་སྤང༌། །དགེ་བ་བཅུ་སོགས་སྤྱད་བྱ་


DTG027_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིང། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང༌། །སེམས་ཅན་གཅིག་གི་རྒྱུ་ཡིས་ནི། །ཕྱི་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པ། །ཞིང་ཁམས་རྣམ་པར་སྤྱང་བར་བྱ། །མིང་ལས་གཟུང་བ་བྱས་པ་དག །ཕྱོགས་བཅུ་དག་ཏུ་རྣམ་མང་ཐོས། །བདག་གི་ལུས་དང་ངག་གི་ལས། །ཅི་ནུས་སུ་ནི་དག་པར་བྱ། །ཡིད་ཀྱི་ལས་ཀྱང་དག་བྱ་ཞིང༌། །མ་དག་པ་རྣམས་མི་བྱའོ། །མ་བརྒལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་གྲོལ་བྱ་ཞིང༌། །དབུགས་མ་ཕྱིན་པ་དབུགས་ཕྱུང་ནས། །སེམས་ཅན་མྱ་ངན་འདས་ལ་དགོད། །སངས་རྒྱས་ཆོས་དང་ཚོགས་རྣམས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་འཆི། །བདག་གི་སྦྱིན་སོགས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག ། བྱང་ཆུབ་སྨོན་པའི་སེམས་དང་ནི། །འཇུག་པའི་སེམས་དག་ཅི་ནུས་པས། །ཡུལ་ངན་གནོད་པ་ཅི་བྱུང་ཡང༌། །དེ་ལས་བཟློག་སྟེ་ཡང་དག་བཟུང༌། །སྙིང་སྟོབས་ཆེ་ཞིང་དཔའ་བ་ཡིས། །ལས་གཞན་རྣམ་པར་སྤང་བྱ་སྟེ། །བསམ་པ་རྩེ་གཅིག་གནས་པ་དང༌། །དད་བརྩོན་དགེ་བའི་ལས་ཀུན་གྱིས། །མི་མཐུན་ཕྱོགས་རྣམས་ཀུན་སྤངས་ཤིང༌། །ཤེས་རབ་རྣམ་གསུམ་བསྐྱེད་བྱས་ནས། །ལོག་སེལ་རི་བོ་ཐམས་ཅད་འཇོམས། །དྲན་དང་ཤེས་བཞིན་བསྐྱེད་བྱས་པས། །རྟག་ཏུ་འགྲོ་དོན་བརྩོན་པར་བྱེད། །གྲོགས་འདིས་བདག་གཞན་གྲོལ་བར་བྱེད། །བྱང་སེམས་འཕེལ་བར་བྱེད་པ་ནི། །རྣམ་པ་བཞིར་ནི་ཤེས་བྱ་སྟེ། །སྲོག་གི་ཕྱིར་ཡང་བསམས་བཞིན་དུ། །བརྫུན་ཚིག་སྨྲ་བར་མི་བྱེད་དང༌། །ལྷག་པའི་བསམ་པ་རྣམ་དག་པས། །དུས་ཀུན་དུ་ནི་གནས་བྱ་ཞིང༌། །སེམས་ཅན་རྣམ་པ་ཐམས་ཅད་ལ། །གཡོ་སྒྱུས་སླུ་བར་མི་བྱ་དང༌། །སེམས་བསྐྱེད་བྱང་ཆུབ་སེམས་དཔའ་ལ། །སྟོན་པའི་འདུ་ཤེས་བསྐྱེད་བྱ་ཞིང༌། །ཡང་དག་པར་ནི་ཡོན་ཏན་དག །ཕྱོགས་བཅུའི་ཞིང་ཁམས་རྗོད་པར་བྱེད། །སེམས་ཅན་གང་ཞིག་དགེ་བ་དང༌། །བཀོད་བྱ་དེ་དང་ཉན་ཐོས་སོགས། །ཐེག་པ་དམན་པར་མི་སྦྱོར་ཞིང༌། །ཡང་དག་བྱང་ཆུབ་སེམས་


DTG027_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་ཆེ། །བྱང་སེམས་འགྲིབ་པར་བྱེད་པ་ཡང༌། །རྣམ་པ་བཞིར་ནི་ཤེས་བྱ་སྟེ། །དམ་པའི་དཀོན་མཆོག་བླ་མ་སོགས། །མཆོད་པར་འོས་པ་བསླུས་པ་དང༌། །འགྱོད་པའི་གནས་པ་ཡིན་པ་ལ། །གཞན་དག་ཉེ་བར་སྦྱོར་བ་དང༌། །སེམས་བསྐྱེད་བྱང་ཆུབ་སེམས་དཔའ་ཆེ། །ཞེ་སྡང་ཚིག་གིས་ཚར་གཅོད་ཅིང༌། །སེམས་ཅན་རྣམ་པ་ཐམས་ཅད་ལ། །གཡོ་དང་སྒྱུ་ཡིས་སྤྱོད་བྱེད་པའོ། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་བར་འགྱུར། །གང་གཱའི་བྱེ་མ་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཁམས་མི་གང་གིས། །རིན་ཆེན་རྫས་ཀྱིས་ཀུན་བཀང་སྟེ། །སྟོན་པ་མཆོག་ལ་ཕུལ་བྱས་པས། །གང་གིས་ཐལ་མོ་ཉེར་སྦྱར་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །མཆོད་པ་མཆོག་འདི་ཁྱད་པར་འཕགས། །དེ་ལ་མཐར་ཐུག་མ་མཆིས་སོ། །འཁོར་ལོ་དཔག་ཚད་བཅུ་གཉིས་པ། །ལྕགས་ལས་བྱས་པ་མགོ་ལ་འཁོར། །བྱང་ཆུབ་སེམས་ནི་བསྐྱེད་པ་ཡིས། །བསལ་བར་གྱུར་ཞེས་རབ་ཏུ་གྲགས། །བྱང་ཆུབ་སེམས་མཆོག་མ་བསྐྱེད་བར། །དགེ་གཞན་གང་གིས་གྲོལ་མི་འགྱུར། །འོ་མས་དུག་ནི་སེལ་ལོ་ཞེས། །འཇིག་རྟེན་པ་ལ་རབ་ཏུ་གྲགས། །དེ་ཉིད་སྦྲུལ་གྱིས་འཐུངས་པ་ན། །ཤིན་ཏུ་དུག་ནི་འཕེལ་བར་བྱེད། །མར་དང་བུ་རམ་སྨན་གྱི་མཆོག །བྱིས་པས་བཟའ་ཉེས་དུག་ཏུ་འགྱུར། །འབྲུ་མར་སྡོང་བུའི་ཕུང་པོས་ཀྱང༌། །མེ་མེད་བར་དུ་གསལ་མི་འགྱུར། །ཤེལ་སྒོང་དག་པར་གྱུར་པ་ཡང༌། །ཚོན་གཞན་དག་གིས་བསྒྱུར་བ་ཡིན། །ལོང་བ་དམིགས་བུ་མེད་པ་དག །བརྒྱ་སྟོང་གྲོང་གཞན་རྒྱུ་མི་ནུས། །རླུང་དང་བྲལ་བའི་མེ་ཉིད་གྱིས། །ནགས་ཚལ་བསྲེག་པར་ག་ལ་ནུས། །གཤེར་བྲལ་རྡུལ་གྱི་ཕུང་པོའི་ཚོགས། །འདུ་བར་མི་འགྱུར་རླུང་གིས་འཐོར། །ཆུ་རྣམས་བསགས་པའི་ལྟེང་ཀ་དག །གཉེན་པོས་མོད་ལ་འཇོམས་པར་བྱེད། །སེམས་ཉིད་རབ་ཏུ་དང་བ་ཡིས། །དགེ་བའི་བཤེས་ལ་བརྟེན་བྱ་སྟེ། །བསྙེན་བཀུར་ཆོ་ག་བཟང་པོའི་ཚོགས། །བྱ་བའི་ཁྱད་པར་གནས་ཀུན་འཕགས། །མངོན་འདོད་ཐེ་ཚོམ་མེད་པའི་ཡུལ། །དོན་ཀུན་གསང་བ་སྟོན་


DTG027_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་པ། །རབ་ཏུ་སྨིན་པ་འདི་ནས་འཇུག །བླ་མའི་བྱིན་རླབས་མཐུ་ཡིས་གྲོལ། །ལན་གྲངས་མང་པོར་གསོལ་གང་བ་ཅིང༌། །ཕུན་སུམ་ཚོགས་པས་མཐུ་བསྐྱེད་ནས། །མོས་པའི་དཀྱིལ་འཁོར་གསང་བའི་སྒོར། །རང་རྒྱུད་དག་པས་སྡོམ་གནས་འདོད། །དབང་བསྐུར་ཆོ་ག་རྫོགས་པ་ཡིས། །ལས་ཀུན་རིམ་བཞིན་མངོན་གཉེར་ཞིང༌། །ཕྱག་རྒྱའི་བསམ་གཏན་མཐུ་བཅས་པས། །ལས་ཀུན་གསང་བའི་སྔགས་རྒྱུན་འཇུག །ཐུན་མོང་ཁྱད་པར་དམ་ཚིག་གིས། །ཉེས་བསྐྱེད་རྟེན་གནས་དག་པར་བྱ། །ཐམས་ཅད་སྡོམ་པས་རྗེས་གཟུང་ཞིང༌། །བདག་གཞན་བྱ་བ་མཐར་ཕྱིན་བརྩམ། །བྱང་ཆུབ་ཆེན་པོའི་གནས་སྤྱོད་པ། །དེར་འཇུག་དེ་ཉིད་ལམ་ཆེན་སྒོ། །དོན་ཀུན་ངོ་བོ་གསལ་བྱེད་པས། །སྒོ་གསུམ་བྱ་རྒྱུ་རྟག་ཏུ་བརྟག །འགྲོ་གནས་སེམས་ཅན་རྒྱ་ཆེན་ཚོགས། །ཐེག་ཆེན་གསང་བས་གཟུང་བྱ་སྟེ། །མཐར་ཐུག་གཅིག་ཙམ་དོན་གྱི་ཕྱིར། །རྒྱལ་བའི་བཀའ་དོན་གུས་པས་གཟུང༌། །རྡོ་རྗེ་བླ་མ་སངས་རྒྱས་མཆོག །དུས་གསུམ་ཐུགས་རྗེ་གཙོར་ལྡན་པས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་འཚལ་མཆོད་པའི་གནས་ཉིད་ཡིན། །མི་མཁས་ཕྲག་དོག་ཉམས་པའི་གཞི། །དེ་རྒྱུད་གཏན་དུ་ཉམས་པར་འགྱུར། །ཐོག་མར་དོན་ཀུན་སྒོ་འཇུག་པས། །བཅས་པའི་དམ་ཚིག་སྡོམ་ལ་གཟུང༌། །ཐབས་རྣམས་ཀུན་གྱིས་བསྟན་པའི་སྒོ། །མཚན་མེད་མཚན་མ་སྣ་ཚོགས་ཀུན། །མ་ནོར་དེ་བཞིན་སྟོན་བྱེད་པ། །རྡོ་རྗེ་ཐེག་པའི་སྔགས་ལམ་རྒྱུད། །ཕྱག་རྒྱ་ཀུན་ལས་མི་འདའ་ཞིང། །མཆོད་བསྟོང་ཚོགས་ཀྱི་བྱ་བ་ཤེས། །སེམས་ཅན་དོན་སྤྱོད་འཚེ་བ་སྤང༌། །དེར་འཇུག་ཐུགས་རྗེས་རྣམ་པར་གཟུང༌། །རྟག་ཏུ་རང་གི་ལྷ་ཉིད་དང༌། །རང་གི་སྔགས་དང་ཕྱག་རྒྱའི་ཚོགས། །སྟོབས་ལྡན་རྣམས་ཀྱིས་སྤྱོད་བྱེད་པ། །དེ་དག་ཀུན་གྱི་སྒོར་འཇུག་བརྩམ། །རྟག་ཏུ་དཀོན་མཆོག་མཆོད་བྱ་ཞིང༌། །རྟག་ཏུ་རང་གི་དམ་ཚིག་བསྲུང༌། །མཆོད་རྟེན་གཙུག་ལག་ཁང་བཟང་པོ། །ཡིད་དགའ་གུས་པའི་སེམས་ཀྱིས་གནས། །ལྷ་གཞན་དག་ལ་ཕྱག་བྱེད་དང༌། །ངན་པའི་སྤྱོད་ཡུལ་ཀུན་སྟོན་པའི། །ཐེག་དམན་རྒྱུན་གཞན་བསྟན་པའི་ཕྱིར། །དོན་


DTG027_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་ཆེ་བའི་གནས་ཉམས་འགྱུར། །དྲན་ཚོགས་ཤེས་བཞིན་བློ་གྲོས་མཐུས། །དད་བརྩོན་ཏིང་འཛིན་བསྐྱེད་བྱས་ཏེ། །སྡོམ་བཅས་སྡོམ་མིན་གནས་དག་ལས། །མཆོད་བརྩོན་མཐུ་ཡིས་རྣམ་པར་གྲོལ། །དཀྱིལ་འཁོར་ཀུན་དུ་མ་ཞུགས་ཤིང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བ་ཡང་དག་མི་ཤེས་པས། །སྒྲུབ་པ་ཅི་ཡང་གྲུབ་མི་འགྱུར། །བདག་ཉིད་ཆོས་ཉིད་དང་ལྡན་པས། །དམ་ཚིག་ལ་ལྡང་སྐལ་བ་ངན། །སྲོག་ཆགས་གསད་པར་མི་བྱ་ཞིང༌། །དཀོན་མཆོག་གསུམ་ནི་ཡོང་མི་སྤང༌། །བྱང་ཆུབ་སེམས་ཀྱང་མི་གཏང་སྟེ། །སྐལ་བཟང་སློབ་དཔོན་སྤང་མི་བྱ། །སྲིད་པ་ཤིན་ཏུ་སྒྲུབ་བྱེད་པའི། །མགོན་གྱུར་རྣམས་ལ་བདག་སྐྱབས་མཆི། །ཐོག་མར་བསླབ་པར་བྱ་བའི་ཚུལ་གྱིས་སྨིན་པར་བྱ་བའི་ཆོ་ག་སྟེ་དང་པོའོ།། །།

གཉིས་པ། ཕྱོགས་ཐམས་ཅད་ནས་བསླབ་པར་བྱ་བའི་བསོད་ནམས་ཀྱི་ཚོགས་བསགས་པའི་ཆོ་ག་བསྟན་པ།


DTG027_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟེན་གྱི་དཀྱིལ་འཁོར་སྒྲུབ་པ་པོས། །མངོན་པར་བསྒྲུབ་བྱའི་གནས་གང་དག །རྒྱུད་ལས་མངོན་པར་བསྔགས་པའི་གཞི། །ཕུན་སུམ་ཚོགས་པས་དོན་ཀུན་སྤྱད། །གནས་མལ་ཕྱག་དར་ལེགས་པའི་སར། །རྒྱན་སོགས་བཀོད་པ་ལེགས་དགྲམ་ཞིང༌། །འཕགས་པའི་གནས་མཆོག་མཐུ་ལྡན་པའི། །རྟེན་གྱི་བྱ་བས་དོན་ཀུན་རྫོགས། །ས་ཆུ་ལྕི་བ་སྦྱིན་པའི་ཟས། །ལེགས་སྙོམས་བྱུགས་པ་ཚུལ་ཁྲིམས་མཆོག །གྲོག་སྦུར་སྐྱོན་བསལ་བཟོད་པ་ཉིད། །ཀུན་དུ་སྤྲོ་བའི་བརྩོན་འགྲུས་དང༌། །མི་གཡེང་བརྟན་པའི་བསམ་གཏན་དང༌། །ལེགས་པར་རི་མོ་ཤེས་རབ་རྫོགས། །ཕ་རོལ་ཕྱིན་དྲུག་དཀྱིལ་འཁོར་འདི། །རྩེ་གཅིག་སངས་རྒྱས་རྣམས་ལ་དབུལ། །གསེར་མདོག་ནད་རྣམས་ཀུན་ཞི་ཞིང༌། །ཟླ་བ་བཞིན་རྒྱས་ལྷ་མིའི་མཆོད། །ཁྱད་པར་བླ་མ་ལྷག་པའི་ལྷ། །ཐུན་མོང་དཀོན་མཆོག་ལ་དམིགས་པས། །དུས་བཞིན་མཎྜལ་བཞིན་དག་ལ། །མེ་ཏོག་སྔགས་སུ་བཅས་པས་དགྲམ། །ཨོཾ་བཛྲ་རེ་ཁེ་ཧཱུཾ། ཨོཾ་བཛྲ་ཙཀྲ་མཎྜལ་ཧཱུཾ་བྷྲཱུཾ། དཀྱིལ་འཁོར་བཟང་པོ་གནས་དེ་ཉིད། །དོན་གྱི་བྱིན་རླབས་མཐུ་ལྡན་པས། །སྟན་བཟང་ལེགས་པར་བཤམས་པ་ལ། །ཁྲུས་ཀྱིས་དག་བྱས་བདེ་བར་གནས། །རྒྱུད་དང་པོ་ཡི་དབྱེ་བ་ཉིད། །བརྟན་པས་ཉིན་རེར་གསུམ་ཞི་བ། །


DTG027_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་ཐུན་མོང་བྱེ་བྲག་གིས། །ལས་ཀུན་ཡོངས་སུ་དག་པར་བརྩམ། །ཐོ་རངས་མལ་ནས་ལེགས་ལངས་ཏེ། །བགེགས་ཀྱི་སྦྱོར་བ་སེལ་བྱེད་པའི། །སྔགས་ཀྱི་རྒྱལ་པོས་བསྲུང་བྱས་ནས། །ཕ་རོལ་ཕྱིན་སོགས་མཐའ་ཡས་སྤྱད། །འགྲོ་བ་རྒྱ་ཆེ་ལ་དམིགས་ཏེ། །ཚད་མེད་བཞི་ནས་ཀུན་དུ་ཁྱབ། །བག་མེད་མཚན་མོའི་ཉེས་དམིགས་ཀུན། །དྲན་པ་བསྐྱེད་ཅིང་བཤགས་པ་བྱ། །དེ་བཞིན་འབད་པས་དགོངས་མོའི་དུས། །རང་རྒྱུད་དམིགས་པས་རྣམ་པར་སྤྱང༌། །རྒྱན་རྣམས་ཀུན་གྱིས་ལེགས་མཛེས་བརྒྱན། །ཀུན་དུ་གཟེངས་བསྟོད་དགའ་བའི་ཡིད། །ལྷག་པའི་ལྷ་ཡི་ང་རྒྱལ་ལྡན། །ཕྱག་རྒྱ་སྔགས་ཀྱིས་བསྲུང་བྱས་པའོ། །མེ་ཏོག་ལ་སོགས་བཅལ་བཀྲམ་ཞིང༌། །མཆོད་ཚོགས་གཏོར་མ་རྒྱས་བྱས་ནས། །རས་རིས་ལ་སོགས་གླེགས་བམ་ལ། །ཡང་དག་མོས་པ་དད་པ་སྐྱེད། །སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས། །ཕྱོགས་བཅུར་ཁྱབ་པའི་ཟླ་བ་བསམ། །སྦྱོར་བའི་རྒྱལ་པོའི་ཕྱག་རྒྱ་སྔགས། །གནས་ཀུན་དཀྱིལ་འཁོར་ལེགས་པར་བསྐྱེད། །རྣམ་པ་ཀུན་མཁྱེན་སངས་རྒྱས་གཙོ། །རིགས་ཀྱི་དཀྱིལ་འཁོར་ཚོགས་རྣམས་ཀུན། །སྐུ་རྒྱན་ཆ་ལུགས་བྱིན་རླབས་རྫོགས། །རིགས་ཀྱི་འོད་ཟེར་སྤྲུལ་པར་བཅས། །ཐམས་ཅད་རྒྱུད་ཀུན་རྣམ་དག་པས། །ཕོ་བྲང་དཀྱིལ་འཁོར་སྒོ་བཞིར་ལྡན། །ཨོཾ་བཛྲ་ཙཀྲ་མཎྜལ་ཧཱུཾ་བྷྲཱུཾ། དྲི་ཆབ་སྔགས་ཀྱིས་བྱིན་བརླབས་པས། །ཕྱོགས་རྣམས་ཀུན་དུ་གསང་གཏོར་བྱ། །མེ་ཏོག་མར་མེ་མཐའ་རྒྱས་པས། །བཀྲ་ཤིས་གཟི་མདངས་རྒྱ་ཆེར་བསྐྱེད། །གནོད་བྱེད་ཁྲོ་བོའི་སྔགས་ཀྱི་ཚོགས། །ཕྱོགས་བཅུ་ཕྱག་རྒྱས་གནས་སྤྱང་ཞིང༌། །བགེགས་ཀྱི་དངོས་པོ་བསྲེག་བྱས་ཏེ། །སྲུང་བའི་འཁོར་ལོ་རྒྱ་ཆེན་ཚོགས། །དགའ་ཆེན་དཔལ་གྱི་རྡོ་རྗེ་ལས། །རྡོ་རྗེ་སེ་གོལ་རྣམ་པ་གཉིས། །རང་གི་སྔགས་བཅས་མཐུ་ལྡན་པས། །ལྷག་པའི་ལྷར་བཅས་དཀྱིལ་འཁོར་བསྐུལ། །ཨོཾ་བཛྲ་ས་མཱ་ཡ་ཛཱ་ཧཱུཾ། ཨོཾ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཉིད། །སྣ་ཚོགས་ལྷག་པའི་བསམ་པ་ཅན། །མ་ལུས་སེམས་ཅན་དོན་མཛད་པ། །ཡེ་ཤེས་ཆེ་གནས་བྱིན་གྱིས་བརླབས། །ཛཿཧཱུཾ་བཾ་ཧོཿ། ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་


DTG027_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤྱ་ཧོ། །ས་མ་ཡ་ཧོ། །ས་མ་ཡ་སྟྲཾ། ཨོཾ་ཕྱོགས་བཅུའི་ཀུན་ལེགས་བཞུགས་པ་ཡི། །བཅོམ་ལྡན་རྒྱལ་བ་སྲས་དང་བཅས། །ཐུགས་རྗེ་ཆེ་དགོངས་འགྲོ་རྒྱུད་གཟིགས། །ཐབས་མཁས་སྨོན་ལམ་དབང་གིས་སྤྱོན། །ཨོཾ་བཛྲ་མཎྜལ་ས་པ་རི་ཝ་ར་ཧཱུཾ། ཡང་ངག་ཉིད་དུ་དག་མོད་ཀྱང༌། །འགྲོ་བ་རྣམས་ཀྱི་དོན་སླང་དུ། །ཕྱག་དང་ཞབས་ནི་བསིལ་མཛད་ཅིང༌། །དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས། །ཨོཾ་བཛྲ་ས་མཱ་ཡ། པདྨ་མཎྜལ་ཧཱུཾ། པྲ་ན་རཱ་ག་སྭཱ་ཧཱ། གང་དག་བཞུགས་པའི་སངས་རྒྱས་སྤྱན། །སྐུ་མཆོག་གསུམ་མངའ་དུས་གསུམ་ཉིད། །རབ་མཆོག་ཐེག་ཆེན་བླ་ན་མེད། །བྱང་ཆུབ་དགེ་ཚོགས་ཐུགས་ལྡན་པ། །རིག་པ་གསང་སྔགས་ཚོགས་སུ་བཅས། །ཕྱག་རྒྱའི་དཀྱིལ་འཁོར་མཐར་ཕྱིན་པ། །བསམ་འདས་བརྗོད་པར་དཀའ་བའི་ཚོགས། །གཉིས་མེད་སྦྱོར་བས་བསྟོད་པའི་གནས། །ཐམས་ཅད་དོན་ཀུན་སྟོན་མཛད་པའི། །དཀྱིལ་འཁོར་ཀུན་ལ་བདག་ཕྱག་འཚལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀཙིཏྟ་བནད་ནཱཾ་ཀ་རོ་མི། སྡིག་ལས་ལྡོག་པའི་སེམས་ཉིད་ཀྱིས། །ཐལ་སྦྱར་པུས་མོ་གཡས་བཙུགས་ཏེ། །ཉོན་མོངས་རྒྱུ་དང་ཡན་ལག་གིས། །རྨོངས་པའི་ཚོགས་འཕེལ་འཁྲུལ་པ་བསྐྱེད། །སྒོ་གསུམ་མི་དགེ་སྡིག་པ་ལས། །དུས་ཀུན་རྒྱུན་གྱིས་བཤགས་པར་བྱ། །ཐུན་མོང་ཁྱད་པར་དཀོན་མཆོག་གི །བསྟན་ལ་མངོན་པར་མ་དད་ཅིང༌། །དགེ་བཤེས་དམ་པ་སྟོན་པའི་མཆོག །ཁྱད་པར་ཞིང་དུ་གྱུར་ཀུན་ལ། །མི་དགེ་ལས་ཀུན་གང་བགྱིས་པ། །ཐོག་མེད་འཁོར་བའི་ཁ་བརྒྱུད་ནས། །རང་བཞིན་བཅས་པའི་སྡིག་པ་ཀུན། །བདག་གཞན་རྒྱུད་ལས་གང་འབྱུང་བ། །དུས་འདིར་བཤགས་ཤིང་བསྡོམ་པར་བྱ། །གང་དག་ཕྱོགས་བཅུའི་སངས་རྒྱས་དང༌། །འཕགས་པ་རྣམས་ཀྱིས་བྱང་བར་མཛོད། །ཨོཾ་སརྦ་པཱ་པཾ་སྥོ་ཊ་ད་ཧ་ན་བཛྲ་པཱ་པཾ་སྭཱ་ཧཱ། གཉིས་མེད་ཡེ་ཤེས་དག་པའི་དབྱིངས། །མི་འགྱུར་ཀུན་དུ་དག་པའི་བདག །བཀོད་པ་ཆེ་སྣང་སྣ་ཚོགས་གཞི། །དོན་ཀུན་ཕྱག་རྒྱ་འབྱུང་བའི་ཚུལ། །སྤྲུལ་པ་ཕྱོགས་བཅུར་མ་འགགས་པའི། །དབྱེར་མེད་པས་ནི་ལས་མཛད་པ། །ཐམས་ཅད་དོན་ཀུན་བསྐྱེད་པའི་མཆོག །དུས་འདིར་


DTG027_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱབས་སུ་གསོལ་བ་འདེབས། །ཨོཾ་བུདྡྷ་བོ་དྷི་སཏྭ། ཤ་ར་ཎཾ་གཙྪ་མི། བཛྲ་དྷརྨཱ་ཧྲཱིཿ། སྐྱོན་མེད་རྣམ་པར་དག་པའི་སྒོ། །རྡུལ་ཕྲན་གྲངས་མེད་བསམ་འདས་པ། །བཞི་འབྱུང་མ་ལུས་ལྷག་པའི་ཚོགས། །བདེ་གཤེགས་ཀུན་ལ་དབུལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟན་ཡ་ཨཱཏྨ་ནཱཾ་ནིཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏཱ་ཤ་ཨ་དྷི་ཏི་ཤྠ་མཾ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་མཾ་ཨ་བྷི་ཥིཉྩ་ན་ཏུ་སྭཱ་ཧཱ། སྐྱེ་རྒ་ན་འཆི་དབའ་ཀློང་གི །ཆུ་བོ་ཀུན་ལས་སྒྲོལ་བྱེད་ཤོག །མི་ཤེས་ལོག་རྟོག་ངེས་བཅོམ་དག །ཐུགས་རྗེ་མགོན་ལ་སྐྱབས་སུ་མཆི། །འགྲོ་རྣམས་ཀུན་ལ་སྨན་སླད་དུ། །སེམས་མཆོག་རིན་ཆེན་བདག་གིས་སྤྱང༌། །དུས་ཀུན་སྲོག་ཆགས་རྣམས་ཀྱི་བདག །སྐྱབས་གནས་དཔུང་གཉེན་སྐྱོབ་གྱུར་ཅིག །ཨོཾ་བོདྷི་ཙིཏྟ་ཨུདྤཱ་ད་ཡ་མི། སརྦ་པཱ་པཾ་བི་ཀ་ཏ་ཀན་ཏྱ་ཏྲ་ཊ་ཏྲཱ་ས་མ་ཡ་བོ་དྷི་ཙིཏྟ་ཧཱུཾ་སྭཱ་ཧཱ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །བསོད་ནམས་སྣ་ཚོགས་མཁས་པའི་མཆོག །འཕགས་དང་ལྷ་མི་དགེ་སྤྱོད་པའི། །བརྟུལ་ཞུགས་བཟང་པོ་བླ་མེད་པ། །བྱ་བ་རྒྱ་ཆེན་གནས་ཀུན་ཚོགས། །དེར་གཞོལ་དེ་ཉིད་སློབ་བྱེད་པའི། །བསོད་ནམས་ཚོགས་འགྱུར་གང་ཡིན་པ། །དེ་དག་ཀུན་ལ་རྗེས་ཡི་རང༌། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ནྱ་ཛྙཱ་ན་ཨནུ་མོ་ད་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཐེག་ཆེན་གསང་བ་བླ་ན་མེད། །རྡོ་རྗེ་ལྟ་བུ་ཡོན་ཏན་བརྗོད། །རྣལ་འབྱོར་ཐེག་པའི་ལམ་གྱུར་པའི། །རིན་ཆེན་སྒྲོན་མས་གསལ་བར་མཛོད། །དངོས་རྟོག་རིགས་ཀུན་སེལ་བྱེད་པའི། །ཡེ་ཤེས་ཉི་མའི་ཐུགས་རྗེ་བདག །དུས་ཀུན་རྣམ་པར་གྲོལ་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་དྷིཥྠ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། དུས་ཀུན་རྫོགས་པར་གྲོལ་བྱེད་པའི། །སྐྱོབ་པ་རྣམས་ཀྱི་གསང་བའི་སྔགས། །ཉི་མའི་སྙིང་པོ་དྲི་མེད་པས། །རྒྱ་ཆེན་ཕྱོགས་རྣམས་ཁྱབ་བྱེད་པའི། །ཉེས་པའི་སྐྱོན་ཚོགས་རབ་ཏུ་ཞི། །དེ་དག་དེ་ལས་ངེར་མཚུངས་སྟོན། །སྟོན་པ་འཇིག་རྟེན་སྒྲོན་མའི་ཚོགས། །དུས་ཀུན་མི་འགྱུར་བརྟན་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ག་ག་ནཾ། ཨ་ཏྱེ་ཤཱ་ཡ་མེ། སརྦ་ཏ་ཐཱ་ག་ཏ་ཨེ་ཏ་ར་ཏཱ་ཡ། དྷརྨཱ་ཏྲ་ཐཱ། སྟི་ཐིར་བྷ་བ་ཡེ་སྭཱ་ཧཱ། འགྲོ་རྣམས་ཀུན་ལ་ཕན་པའི་


DTG027_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར། །དགེ་བ་རྒྱ་ཆེན་གང་བསགས་པ། །འཁོར་བའི་ཆུ་བོ་འཇོམས་བྱེད་པའི། །མྱ་ངན་འདས་ལས་གྲོལ་བར་ཤོག །མ་ལུས་འདི་དག་གཅིག་པའི་བློས། །རྣམ་པར་སྦྱོར་བ་གང་དང་གང༌། །མཐར་ཐུག་དངོས་པོ་ཞི་བྱེད་པ། །དོན་ཀུན་གསལ་བ་གཉིས་མེད་མཆོག། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པུ་ན་ནིཪྻཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་ཏྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ་སྭཱ་ཧཱ། ཆུ་རྒྱུན་སྦྱངས་པ་ཀུ་ཤའི་ཚོགས། །གནས་ཀུན་དྲི་སྦྱངས་དག་པར་བྱེད། །སོ་སོའི་སྔགས་དང་ཕྱག་རྒྱ་ཡིས། །དེ་དག་བྱིན་གྱིས་བརླབས་ཤིང་དབུལ། །དཀོན་མཆོག་གསུམ་ཉིད་གཙོར་གྱུར་པ། །ལྷག་པའི་ཡོན་ཏན་མཐའ་ཡས་ཚོགས། །སངས་རྒྱས་ལ་སོགས་རྗེས་སུ་གཟུང༌། །རྣམ་གྲོལ་མཐའ་ཡས་བརྗོད་ཅིང་བསྟོད། །རྩེ་གཅིག་འདུན་པའི་རྒྱུད་ཀུན་དུ། །འཁོར་ལོས་གནས་ཀུན་འཁོར་ལོར་སྦྱོར། །དགའ་དང་གུས་པའི་ཚོགས་ཀུན་གྱིས། །བསོད་ནམས་རྒྱ་ཆེན་མཐའ་ཡས་པའོ། །ཨོཾ་ན་མོ་བྷ་ག་བ་ཏི་རཏྣ་ཀེ་ཏུ་རཱ་ཛཱ་ཡ། སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ་བྷེ་སམྱཀསཾ་བུདྡྷཱ་ཡ། ཏདྱ་ཐཱ་ཨོཾ་རཏྣེ་རཏྣེ། མ་ཧཱ་རཏྣེ་རཏྣོ་ཏ་བྷ་བེ། །རཏྣ་བྷ་ཡེ་སྭཱ་ཧཱ། ལུས་སམ་ཡང་ན་སེམས་ཀྱང་རུང༌། །ཅི་ཙམ་ནུས་བར་བསྐོར་བ་བྱ། །རྒྱ་ཆེར་འགྲོ་བ་ལ་གནས་ཏེ། །སྨོན་ལམ་མཐའ་ཡས་གདབ་པར་བྱ། །དེ་ནས་རྟེན་གནས་ཚོགས་རྣམས་ཀུན། །ཐམས་ཅད་བདག་ལ་རྣམ་བཏུད་ཅིང༌། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་དག་བྱང་ཆུབ་ལ་གཞུག་ཕྱིར། །རྣམ་གྲངས་མཐའ་ཡས་འཇུག་པའི་སྒོ། །ཁྱད་པར་བརྟན་གནས་སྐྱབས་འོས་གཟུང༌། །བླ་མ་དམ་ཆོས་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །དུས་ཀུན་བཏུད་དེ་སྐྱབས་གསོལ་ཞིང༌། །མཆོད་འོས་རྣམས་ལ་འདུད་པར་བགྱི། །འདི་དག་སྡིག་ལས་བཟློག་བགྱིད་ཅིང༌། །བསོད་ནམས་ཚོགས་ཀུན་ཡོངས་སུ་གཟུང༌། །ལུས་ཅན་རྣམས་ལ་བསོད་ནམས་དག །དེ་དག་ཀུན་ལ་རྗེས་ཡི་རང༌། །ལུས་བཏུད་ཐལ་མོ་སྦྱར་བྱས་ཏེ། །གསང་བའི་ཐེག་ཆེན་བཤད་པ་དང༌། །འགྲོ་རྣམས་རབ་ཏུ་གཞུག་སླད་ཏུ། །རྫོགས་པའི་སངས་རྒྱས་རྣམས་ལ་གསོལ། །འདི་དག་གིས་


DTG027_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བགྱིས་བསོད་ནམས་དང༌། །བདག་གིས་བགྱིས་དང་མ་བགྱིས་དང༌། །དེ་གང་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་བྱང་ཆུབ་སེམས་བསྐྱེད་ཤོག །ཆོས་ཀུན་རྣམ་དག་དྲི་མེད་དབང༌། །ཡོངས་རྫོགས་མི་ཁོམ་ཀུན་སྤངས་ནས། །སྤྱོད་པ་རང་དབང་ཡོད་པ་དང༌། །འཚོ་བ་བཟང་པོ་རྒྱུ་ལྡན་ཤོག །ལུས་ཅན་དག་ནི་ཐམས་ཅད་ཀྱང༌། །ལག་ན་རིན་ཆེན་ཉིད་ལྡན་ཞིང༌། །ཡོ་བྱད་ཆོགས་རྣམས་མཐའ་ཡས་པ། །འཁོར་འདས་སྲིད་དུས་གནས་པར་ཤོག །བུད་མེད་ཐམས་ཅད་དུས་ཀུན་དུ། །སྐྱེས་མཆོག་བྱང་ཆུབ་སེམས་ལྡན་ཞིང༌། །ལུས་ཅན་ཐམས་ཅད་རེག་པ་དང༌། །རྐང་པར་ལྡན་པ་ཉིད་དུ་ཤོག །འགྲོ་རྣམས་ཁ་དོག་ལྡན་པ་རྣམས། །གཟུགས་བཟང་གཟི་བརྗིད་ཆེ་བ་དང༌། །བལྟ་ན་སྡུག་ཅིང་ནང་མེད་པར། །སྟོབས་ཆེན་ཚེ་རིང་བརྟན་པར་ཤོག །ཐམས་ཅད་ཐབས་ལ་མཁས་གྱུར་ཏེ། །སྡུག་བསྔལ་ཚོགས་རྣམས་ལས་གྲོལ་ཞིང༌། །དཀོན་མཆོག་གསུམ་ལ་གཞོལ་བྱེད་པར། །སངས་རྒྱས་ཐེག་པའི་རྒྱན་ལྡན་ཤོག །བྱམས་སོགས་སྙིང་རྗེ་དགའ་བ་དང༌། །བཏང་སྙོམས་ཀུན་གྱི་གཞིར་གྱུར་ཅིང༌། །སྦྱིན་རྣམས་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང༌། །ཚོགས་རྣམས་ཐམས་ཅད་ཡོངས་རྫོགས་ཤིང༌། །མཚན་དང་དཔེ་བྱད་གསལ་བར་བྱ། །བསམ་གྱིས་མི་ཁྱབ་ས་བཅུ་དང༌། །རྒྱུན་མི་འཆད་པར་འགྲོ་བྱེད་ཤོག །བདག་གིས་ཡོན་ཏན་དེ་དག་དང༌། །གཞན་ཚོགས་རྣམ་པར་བརྒྱན་པའི་སྟོབས། །ཉེས་པ་ཀུན་ལས་གྲོལ་བྱེད་ཅིང༌། །སེམས་ཅན་ཀུན་མཆོག་བྱམས་པའི་གཙོ། །སེམས་ཅན་ཀུན་ཡིད་རེ་བ་བཞིན། །དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང༌། །རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་རྟོག་པའི་རྒྱུན་སེལ་ཤོག །ཁམས་གསུམ་ཀུན་གྱི་སྐྱེ་བ་གང༌། །གང་དག་སྡུག་བསྔལ་ཉན་པའི་ཚོགས། །བདག་གི་མིང་ཙམ་ཐོས་པའི་དུས། །ཤིན་ཏུ་འཇིགས་པ་མེད་གྱུར་ཅིག །བདག་ཉིད་མཐོང་ཞིང་དྲན་པ་དང༌། །མིང་ཙམ་གྲགས་པས་གཞན་དག་ཀུན། །རབ་ཏུ་འཁྲུག་མེད་རྣལ་མའི་ཡིད། །རྫོགས་པའི་བྱང་ཆུབ་ངེས་གཞོལ་ཞིང༌། །ཚེ་རབས་ཀུན་དུ་རྗེས་


DTG027_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྲང་བའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག །སེམས་ཅན་ཀུན་ལ་རྣམ་ཀུན་དུ། །རྟག་ཏུ་ཕན་པར་བགྱིད་གྱུར་ཅིག །འཇིག་རྟེན་ཀུན་ལ་སྐྱེ་བོ་གང༌། །སྡིག་པའི་རྒྱུན་ཞུགས་འདོད་གྱུར་དག །དེ་དག་ཐམས་ཅད་གནོད་མེད་པར། །རྟག་ཏུ་ཅིག་ཅར་ཟློག་གྱུར་ཅིག ། ས་ཆུ་མེ་རླུང་འབྱུང་ཚོགས་དང༌། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི། །རང་དགར་འགག་མེད་སྤྱོད་པར་ཤོག །སེམས་ཅན་རྣམས་ནི་སྲོག་བཞིན་ཕོངས། །དེ་དག་ལ་བདག་ཆེར་ཕོངས་ཤིང༌། །བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཅིག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང༌། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །གང་དུ་ས་གཞི་ལེགས་པའི་གནས། །དེར་ནམ་རྟེན་གྱི་ལས་བྱས་ཏེ། །བར་ཆད་རྐྱེན་ཀུན་བསལ་ནས་ནི། །རིགས་ཀྱི་ཏིང་འཛིན་བསྒོམ་པར་བྱ། །ས་གཞི་འཇམ་ཞིང་སྦྱིན་བདག །གཙང་མའི་གནས་ནས་བླང་བྱ་སྟེ། །དྲི་ཞིམ་སྔགས་ཀྱི་ཆུས་བརླན་ནས། །སྤྱོད་མེད་ཕ་རོལ་ཕྱིན་དྲུག་སྤྱད། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་བཛྲོད་བྷ་བ་ཡེ་སྭཱཧཱ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཨོཾ་དྷ་རྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཨོཾ་བཛྲ་མུངྐ་ར་ཨ་ཀོ་ཊ་ཡ་སྭཱ་ཧཱ། ས་གཞི་བྱིན་བརླབ་སྤྱད་པ་དང༌། །དྲི་གཙང་ཆུ་ཡིས་བསྙུ་བ་དང༌། །ཐོ་བས་བརྡུང་ཞིང་གོང་བུའི་གཟུགས། །རིགས་ཀུན་སྔགས་དང་ཕྱག་རྒྱ་ཡིས། །སོ་སོའི་ཕྲིན་ལས་རྗེས་མཐུན་པར། །འཕྲོ་འདུའི་གནས་ཀུན་སྐྱེ་བ་དང༌། །ལེགས་པར་སྣུམ་བསྐུ་ཕྱག་རྒྱ་གཞུག །གདབ་པས་སྐུ་གསུམ་གསལ་གྱུར་པའོ། །མཎྜལ་མཆོད་པ་རྒྱན་དང་བཅས། །རོལ་ཆ་ཀུན་གྱིས་མངོན་པར་བསྟོང༌། །དམ་ཚིག་དཀྱིལ་འཁོར་རིམ་བཞིན་གསལ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་གཞུག །མཆོད་པའི་ཚོགས་མང་ལེགས་བསྔོས་ནས། །ལྷ་གནས་དབང་བསྐུར་བྱིན་བརླབ་ཅིང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ། །གཏོར་མས་མགྲོན་ཚོགས་ཚིམ་པར་བྱ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿདྷརྨཱ་དྷ་རེ་སྭཱ་ཧཱ། ཨོཾ་པདྨ་སམ་ཡ་ཨ་པྲ་ཏི་ཧ་ཏ་ཡེ་ཐ་བྷ་བཛྲཱ་ཡ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཏྭ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་


DTG027_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏཱ་ཡ་ཨརྷ་ཏེ། སཾམྱཀ་སཾ་བུདྷཱ་ཡ། ཏདྱ་ཐཱ། སཱུ་ཀྵ་མེ་སཱུ་ཀྵ་མེ། ས་མ་ཡེ་ས་མ་ཡེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། ས་མ་རོ་བཱ། ཨ་ན་ཡ། ཨ་བཾ་བེ། ཨ་བཾ་བེ་ཡ། ཤོ་བ་ཏི། མ་ཧཱ་ཏེ་ཛ་ནི་ར་ཀུ་ལེ་ནི་ར་བཱ་ནི་ར་བཱ་བུ་ཏྲཾ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་ཤ་ཏི་ཏི་བ་དེ་ཛྭ་ལ་ཛྭ་ལ་དྷརྨཱ་དྷ་ཏུ་གརྦྷེ་སྭ་ཧཱ། མཐའ་མར་བཟོད་པར་གསོལ་བྱ་སྟེ། །བྱིན་རླབས་བརྟན་པར་མངའ་གསོལ་ཞིང༌། །བཀྲ་ཤིས་རྒྱ་ཆེར་བརྗོད་བྱས་པས། །དེ་དག་བསྡུ་ཞིང་གཤེགས་སུ་གསོལ། །ཨོཾ་ཨཱ་ཀ་ཤ་གརྦྷེ་སྭཱ་ཧཱ། ཨོཾ་ཡེ་དྷརྨཱ་ཧེ་དུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥཱཾ་ཏ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ། ཥཱཾ་ཙ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མཎ། ཨོཾ་སྭ་བྷཱ་བ་བི་ཤུདྡྷེ། ཧ་ར་ཧ་ར། ཨ་ཀ་ཛྭ་ལ། ཨ་ཀ་ཛྭ་ལ། དྷརྨཱ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། བྱ་བའི་ལས་ཀུན་བསྟན་འགྱུར་པས། །ཕྲིན་ལས་བཞི་བཅས་དངོས་གྲུབ་ཚོགས། །འབྱུང་བ་ལྔ་ཡི་ཁམས་རྣམས་ལ། །རང་གི་སྔགས་དང་ཕྱག་རྒྱས་གདབ། །བར་སྐབས་ཁྲུས་ཀྱི་དུས་དག་ཏུ། །དྲི་བཅས་ཆུ་རྒྱུན་བྱིན་བརླབས་པས། །བདག་དང་འགྲོ་ལ་སོགས་པ་ཡི། །ཕྱི་ནང་གསུམ་གྱི་གནས་གསུམ་སྤྱང༌། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། བྱང་ཆུབ་སེམས་དཔའ་གནོད་གནས་ལ། །ཆུ་རྒྱུན་བཟང་པོ་ཡི་ནི་སྣོད། །སྔགས་བཅས་བརྒྱ་རྩ་བརྒྱད་དུ་འབུལ། །ཁྲུས་གསོལ་ཟུག་རྡུ་སེལ་བར་བྱེད། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཕྱོགས་བཅུའི་ཁྱོར་ཆུའི་བྱིན་བརླབས་པས། །དེ་བཞིན་གཤེགས་པའི་མཚན་བརྗོད་ཅིང༌། །ཡི་དྭགས་རྒྱ་ཆེན་གནས་དམིགས་ཏེ། །ལན་གྲང་ཉི་ཤུ་རྩ་གཅིག་འཐོར། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་པ་ལོ་ཀི་ཏེ་སཾ་བྷ་ར་ཧཱུཾ། སླར་ཡང་ཟས་ཀྱི་དུས་དག་ཏུ། །ཐོག་མར་བྱིན་བརླབས་དཀོན་མཆོག་མཆོད། །སྲུང་མ་རྒྱ་ཆེན་མཉེས་བྱས་ནས། །ལྷག་མས་འབྱུང་པོ་ཚིམ་པར་བྱ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤ་ནྣཏྭཱ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཐམས་ཅད་ཐུགས་རྗེའི་མེས་བསྲེགས་ནས། །བདུད་རྩིའི་རྒྱུན་གྱིས་དག་པར་བྱེད། །ཨོཾ་ལས་འདོད་ལྔའི་ཡོན་ཏན་སོགས། །རྒྱ་ཆེན་ནམ་མཁའི་ཁམས་སུ་སྤྲུལ། །དབྱེར་མེད་ལྷ་ཡི་ང་རྒྱལ་གྱིས། །གནས་རྣམས་ཀུན་དུ་ལོངས་སྤྱོད་བྱ། །རྟག་ཏུ་བསམ་གཏན་ལ་གནས་པས། །ཟབ་མོ་རྒྱ་མཚོའི་མདོ་གདོན་ཅིང༌། །


DTG027_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཅན་ཀུན་གྱི་དོན་གྱུར་པའི། །ཕྱོགས་རྣམས་མཐུན་པར་འགྲོ་བའི་སྒོ། །ལུས་ངག་སེམས་ཀྱི་བྱ་བ་ཀུན། །རྣམ་གྲོལ་ཐེག་པ་བསོད་ནམས་ཚོགས། །ཕྱོགས་ཐམས་ཅད་ནས་བསླབ་པར་བྱ་བའི་བསོད་ནམས་ཀྱི་ཚོགས་བསགས་པའི་ཆོ་ག་སྟེ་གཉིས་པའོ།། །།

གསུམ་པ། སྤྱོད་པ་ཡོངས་སུ་དག་པ་རྣལ་འབྱོར་པས་བར་ཆད་བསལ་བའི་ཆོ་ག་བསྟན་པ།


DTG027_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགའ་ཆེན་དཔལ་གྱི་རྡོ་རྗེ་ལས། །རྡོ་རྗེ་སེམས་དཔའི་སྦྱོར་གཉིས་བཅིང༌། །ཏིང་འཛིན་སྔགས་ཀྱིས་བསྐུལ་བའི་མཐུས། །ཕྱོགས་བཅུའི་སངས་རྒྱས་ཀུན་གཤེགས་འགྱུར། །ཕྱི་ནང་ཕྱོགས་ཀུན་སྣང་བ་ཡི། །གདུག་པ་ཐམས་ཅད་ཞི་བྱེད་པ། །རང་བཞིན་སྐུ་གསུང་ཐུགས་ཀྱི་བདག ། བྱིན་བརླབས་གསལ་བས་བརྟན་པར་འགྱུར། །སངས་རྒྱས་ཐམས་ཅད་ཚོགས་པ་ཡི། །གདན་འཛོམ་བཀའ་གྲོས་བགྲོ་མཛད་ཅིང༌། །བར་ཆད་བགེགས་ཀུན་གཞོམ་པའི་ཚོགས། །རང་གི་གནས་ནས་རྣམ་པར་སྤྲོ། །རྡོ་རྗེ་འཁོར་ལོ་རལ་གྲི་དང༌། །བེ་ཇོན་རྩེ་གསུམ་ལ་སོགས་ཀྱི། །ཕྱག་རྒྱ་སྔགས་ལ་རྣམ་འཕྲུལ་པས། །ཐམས་ཅད་འཇིག་ཅིང་འཐོར་བར་བྱེད། །རང་གི་གནས་གཟུང་བརྟན་པའི་ཕྱིར། །རང་ཉིད་རྡོ་རྗེ་ཧེ་རུ་ཀའི། །གནས་ཀུན་མཚན་མ་བཟང་པོས་བརྒྱན། །ཤིན་ཏུ་འཕྲོ་བའི་ཚོགས་ཀུན་གྱིས། །ཕྱོགས་བཅུ་སྤྲུལ་པའི་འཁོར་ལོ་བརྗོད། །འདོད་པའི་རྒྱལ་པོ་ཁྲོ་བོ་ཆེས། །ཕྱོགས་ཀུན་བགེགས་རྣམས་གཟིར་བྱས་ཏེ། །ཕྱག་རྒྱ་བཞིས་བཏབ་གནས་སུ་དགོང༌། །ཉི་མ་ལ་གནས་ཁྲོ་ཚོགས་བསྒོམ། །གྲངས་མེད་སྤྲུལ་པའི་ཚོགས་ལྡན་པས། །ཕྱོགས་བཅུའི་མཐའ་རྣམས་གཏམ་བྱས་ཏེ། །མེ་རི་འབར་བའི་མཚོན་ཆར་བཅས། །ཕྱོགས་རྣམས་བྱམས་པའི་ལྟ་བ་ཡིས། །སྙིང་རྗེ་ཆེན་པོའི་གནས་ཀུན་གསལ། །འདི་ལས་ལྷག་པའི་སྲུང་བའི་མཆོག །གཉིས་མེད་སྟོང་པའི་རང་བཞིན་ལས། །ཡེ་ཤེས་ལྔ་ཡི་འོད་འབར་བ། །ཟབ་མོའི་སྔགས་ཀྱིས་མཚམས་བྱས་པའོ། །ཕྱོགས་གཞན་ཁྲོ་ཚོགས་བསྲུང་བའི་ཕྱིར། །རྡོ་རྗེ་ལ་སོགས་མཚོན་ཆ་དང༌། །ཉུངས་ཀར་ཐལ་བ་དྲི་ཡི་ཆུ། །ལེགས་སྦྱངས་བྱིན་བརླབས་རིགས་ཀྱི་ལྷ། །ཁྲོ་བོའི་དཀྱིལ་འཁོར་རབ་འབར་བས། །དེ་དག་མཐར་ཕྱིར་སེལ་བར་བྱེད། །དབྱིབས་དང་ཡེ་ཤེས་གཉིས་མེད་པའི། །དོན་ཀུན་མཆོག་ཏུ་གསང་བའི་གནས། །


DTG027_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་ཉིད་ངོ་བོ་མ་བཅོས་དབྱིངས། །ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་གསལ། །ཕྱོགས་རྣམས་སྤྲུལ་པའི་དཀྱིལ་འཁོར་ལ། །དངོས་བྱུང་རྡོ་རྗེ་སེམས་དཔའ་ཆེ། །མ་ཆགས་གཡོ་བའི་དཀྱིལ་འཁོར་གྱི། །གནས་ཀྱི་མཚན་མ་ཀུན་ལས་འཕགས། །དཀར་དམར་ཞལ་ཕྱག་བཞི་བཞིས་མཛེས། །གཡས་སྔོ་གཡོན་དམར་རྒྱབ་སེར་པོ། །དང་པོ་བ་དན་གསུམ་པ་ཡིས། །ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་འཛིན། །གཉིས་པས་རིན་ཆེན་མདའ་གསོར་ཞིང༌། །གཡོན་གྱི་དང་པོ་ཁ་ཊྭཱཾ་ཉིད། །རྒྱ་གྲམ་བ་དན་དྲིལ་བུའི་སྒྲ། །གཉིས་པ་རིན་ཆེན་སྣ་ལྔའི་གཞུ། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཛེས། །ལས་བཞིར་གཟིགས་པའི་སྤྱན་ལྡན་པ། །འོད་གསལ་རིན་ཆེན་སྣ་ལྔའི་མདངས། །རིན་ཆེན་ཕྲེང་བས་རྒྱན་རྣམས་སྤྲས། །སྐུ་སྟོད་དར་དཀར་གསེར་རིས་ལ། །སྐུ་སྨད་ཚི་གུའི་ན་བཟའ་ཉིད། །སྤྱི་བོར་ཟླ་དཀྱིལ་སྐུར་ལྡན་པ། །སྐུ་ཡི་དཀྱིལ་འཁོར་དེ་ཉིད་བསྔགས། །མགྲིན་པའི་པདྨ་གསུང་ལྡན་བར། །གསུང་གི་དཀྱིལ་འཁོར་དེ་ཉིད་བསྔགས། །ཐུགས་ཀའི་ཉི་མའི་ཐུགས་ལྡན་པར། །ཐུགས་ཀྱི་དཀྱིལ་འཁོར་དེ་ཉིད་བསྔགས། །ཡེ་ཤེས་དཀྱིལ་འཁོར་རྟེན་གསལ་བའི། །སྔགས་ཀྱི་དཀྱིལ་འཁོར་ཕྲེང་བའི་ཚུལ། །འོད་ཀྱི་དཀྱིལ་འཁོར་སངས་རྒྱས་རྣམས། །རང་གི་གནས་ཀུན་གཞུག་པར་བྱ། །བྱིན་བརླབས་ཤེས་པས་ཡེ་ཤེས་ལྷ། །རང་རིག་ཚུལ་བཞིན་སྤྱན་དྲངས་ཏེ། །མདུན་གྱི་དཀྱིལ་འཁོར་ལ་བཞག་ནས། །ཕྱག་འཚལ་མཆོད་པས་མཉེས་པར་བྱ། །དེ་རྗེས་ཕྱག་རྒྱ་རྣམ་པ་བཞིས། །རང་གི་གནས་ཀུན་བརྟེན་བྱས་ལ། །བྱིན་བརླབས་འདོད་དོན་གསོལ་གདབ་ཅིང༌། །མཆོད་བསྟོད་མཉེས་པའི་རོལ་མོས་མཆོད། །དམ་ཚིག་གསུམ་གྱི་ཕྱག་རྒྱ་ཡིས། །མདུན་ནས་སེམས་དཔའི་དཀྱིལ་འཁོར་ལ། །སྔགས་ཀྱི་ཕྲེང་བ་འཁོར་ལོའི་ཚུལ། །འཕྲོ་འདུ་གསལ་བའི་ངོ་བོར་བརྟག །སྤྱོད་ལམ་ཀུན་དུ་མ་ཉམས་བློས། །དཀྱིལ་འཁོར་གཉིས་མེད་ཚུལ་བསྒོམ་ཞིང༌། །བྱས་པའི་ཚོགས་གཉིས་རྒྱུར་ཤེས་པས། །རང་གི་བྱིན་རླབས་བརྟན་པར་བྱ། །ཇི་སྲིད་ཁ་ཟས་དུས་ཀུན་དང༌། །བྱ་བའི་ཚུལ་གཞན་དེ་བཞིན་ཉིད། །འདྲི་ཀློག་ཁ་དོན་ལ་སོགས་པའི། །དོན་ཀུན་བསྔོ་བ་རྒྱ་ཆེན་སོགས། །རང་གི་དབང་


DTG027_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་གནས་ལས་བྱུང༌། །དེ་དག་རོལ་པའི་ཚུལ་རྒྱུན་བཅས། །མ་ཉམས་དུས་ཀུན་སྣང་བྱེད་པས། །དེ་མཐའི་ཆགས་པ་གྲོལ་བར་འགྱུར། །དེ་ལྟར་དཀྱིལ་འཁོར་རྒྱ་ཆེན་པོའི། །ཚུལ་རྣམས་གང་དག་བཤད་པ་ཡང༌། །ལས་སུ་བྱ་བས་འཇུག་པ་སྟེ། །མི་གནས་གསལ་བར་གོམས་པ་ཉིད། །གདུལ་བྱའི་རྒྱུད་རྣམས་སྤྱང་བའི་ཕྱིར། །སྔོན་འབྱུང་སྤྲུལ་པའི་དཀྱིལ་འཁོར་བཞིན། །རིགས་ཀྱི་འཁོར་ལོ་གང་གནས་འཇུག །དེ་དག་བསྡུས་དང་རྒྱ་ཆེན་ཚོགས། །བྱིན་བརླབས་གསལ་བས་བརྟན་བྱས་པའི། །སྦྱོར་བའི་དོན་ཀུན་རྫོགས་པར་གནས། །བསྙེན་སྒྲུབ་ཡན་ལག་རྗེས་མཐུན་པའི། །ཕྱག་རྒྱའི་རིགས་ཀྱི་དཀྱིལ་འཁོར་དག །དེ་དག་མཚན་མ་མེད་པའི་གནས། །རོལ་པའི་བྱིན་རླབས་ཆེ་ལས་འབྱུང༌། །ཇི་སྲིད་དེ་ཉིད་སྣང་བ་ཡི། །ཚུལ་གྱིས་དེ་རྒྱུད་གསལ་བར་བྱེད། །དོན་འབྱུང་གསང་བའི་ཀུན་སྟོན་པས། །དཀྱིལ་འཁོར་ཀུན་གྱི་ངོ་བོ་ཉིད། །འདི་དག་ནང་གི་མཚན་ཉིད་དེ། །ཐམས་ཅད་སྤྱི་ཡི་ཆོས་ཉིད་དོན། །ནམ་ཞིག་སྟོང་པར་འདོད་པའི་དུས། །དེ་དག་དངོས་ཀུན་ལས་གྲོལ་བ། །དཀྱིལ་འཁོར་གཉིས་མེད་སྦྱོར་བྱེད་ཅིང༌། །བྱིན་རླབས་མཆོག་ཀུན་རྣམ་པར་རོལ། །ནང་གི་ཏིང་འཛིན་གསལ་བ་ལས། །ཐིག་ལེ་ཕྲ་མོ་ལ་སོགས་སྦྱོར། །དམ་ཚིག་ཀུན་གྱི་གནས་རྒྱས་པས། །བརྟན་པའི་ཚོགས་ཀུན་མཐར་ཕྱིན་འགྱུར། །རྒྱ་ཆེན་དཀྱིལ་འཁོར་རྣམ་དག་དང༌། །ལྷ་ཡི་རྣམ་དག་གསལ་བའི་མཐུས། །བྱང་ཆུབ་སེམས་སུ་སྒྱུ་མའི་དངོས། །ཆོས་རྣམས་ཀུན་གྱི་མཐའ་བྲལ་བའོ། །སྤྱོད་པ་ཡོངས་སུ་དག་པ་རྣལ་འབྱོར་པས་བར་ཆད་བསལ་བའི་ཆོ་ག་སྟེ་གསུམ་པའོ།། །།

བཞི་པ། འཇུག་པ་པོ་རྣམས་ཀྱི་ཕྲིན་ལས་སྣ་ཚོགས་འགྲུབ་པའི་ཆོ་ག་བསྟན་པ།


DTG027_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་བདག་གཞན་བསྲུང་འདོད་པས། །དབེན་པའི་གནས་སུ་ཚོགས་བསགས་ཤིང༌། །རྡོ་རྗེ་སེམས་དཔའི་ཏིང་འཛིན་སྦྱོར། །བསྙེན་པའི་ཆོ་གས་བརྟན་པར་བྱ། །དུར་ཁྲོད་ལྷ་ཡི་གནས་རྣམས་དང༌། །མ་མོ་གནས་ཀྱི་ཐལ་བ་མཆོག །ཐོད་པ་མཚན་ལྡན་སྦྱར་བར་གཞག །རིགས་ཀྱི་སྔགས་དང་ཕྱག་རྒྱས་བསྲུང༌། །སྙིང་པོ་ཉེ་བའི་སྙིང་པོ་དང༌། །རྩ་སྔགས་ལྷ་རྣམས་ཀུན་གྱིས་སྦྱིན། །ཏིང་འཛིན་འཕྲོ་འདུ་གསལ་རྫོགས་པའི། །བརྒྱ་སྟོང་ཁྲི་ཡི་བཟླས་


DTG027_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྗོད་བྱ། །གང་དག་བསྲུང་བར་འདོད་པ་ལ། །ཐིག་ལེ་འམ་སོར་རིས་གསུམ་དུ་ཤིས། །ཕྱོགས་མཚམས་ནམ་མཁའི་ས་བཅིངས་ན། །སྲུང་བ་ཀུན་གྱི་བླ་མེད་ཡིན། །དེ་བཞིན་སྔ་མའི་སྦྱོར་ལྡན་པས། །རྒྱ་མཚོར་འབབ་པའི་ཆུ་བླངས་ཏེ། །རིན་ཆེན་སྣོད་བཟང་བྱིན་བརླབས་ནས། །དཀྱིལ་འཁོར་བརྒྱན་པ་ལ་གཞག་ཅིང༌། །ཀུ་ཤའི་ཆུ་རྒྱུན་སྔགས་ཐིམ་པར། །ལྷ་རྫས་ཞི་བའི་ཆུ་མཆོག་གིས། །གཏོར་བ་དང་ནི་བླུགས་པ་དག །ཁྲུས་བྱས་ཕོག་པས་སྔོན་བཞིན་འགྲུབ། །མི་ཡི་ཐོད་པའི་ནང་དུ་ནི། །ཉུངས་ཀར་རྒྱལ་པོ་སྔགས་ཀྱིས་བསྐྱེད། །ཚུལ་བཞིན་ཕྱུང་ནས་ས་གཞི་ལ། །ཡུན་རིང་གོམས་པའི་བརྟུལ་ཞུགས་ལྡན། །ཕྱག་རྒྱའི་རིགས་ཚོགས་སྣ་ཚོགས་པ། །རབ་ཏུ་གྲོལ་བས་གཞན་དགུག་ཅིང༌། །བཟང་པོ་ཁྲུས་ཀྱི་ཆོ་ག་ཉིད། །དུས་གསུམ་བཟླས་བརྗོད་མཚམས་སྦྱར་ཏེ། །རིགས་ཚོགས་བརྟེན་གནས་གདན་བཅས་པའི། །རབ་ཏུ་སྤྲུལ་པའི་ཁྲོ་བོ་བསྐྱེད། །ཞི་དང་རྒྱས་སོགས་ལས་རྣམས་ལ། །དུས་བཞི་རྟེན་འབྲེལ་མཐུན་པར་སྤྱད། །དེ་ལས་བྱུང་བའི་རྫས་རྣམས་ཀྱིས། །དེ་ཉིད་ལས་ཀུན་བྱེད་པར་འགྱུར། །དཔའ་བོ་གཅིག་པའི་ཕྱག་རྒྱ་ཉིད། །བྱིན་རླབས་ཚོགས་ཀྱིས་རྣམ་པར་བརྒྱན། །རང་རིག་སྣང་བའི་དཀྱིལ་འཁོར་ཀུན། །ཕྱོགས་བཅུར་སྤྲོ་ཞིང་གསལ་བར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །གནས་གསུམ་མཚན་མའི་ཚོགས་འཇོམས་ཤིང༌། །ཕྱོགས་མཚམས་བླ་འོག་ཐམས་ཅད་ཀུན། །གང་འདོད་དེ་ཉིད་ངོ་བོར་འགྱུར། །གཞུག་དཀའ་བདག་ཉིད་ངན་པ་རྣམས། །སངས་རྒྱས་ཀུན་གྱི་བྱིན་ཀྱིས་བརླབས། །དཀྱིལ་འཁོར་རྒྱས་པ་ལ་དམིགས་ཏེ། །སྦྱོར་བ་བཞི་ཡིས་རྫོགས་བྱས་པའི། །རིགས་ཀྱི་དཀྱིལ་འཁོར་མཉམ་པར་སྦྱོར། །གནས་ཀུན་ཕྱག་རྒྱ་གསལ་བར་མཛད། །ཐམས་ཅད་སྤྲུལ་པའི་བྱང་ཆུབ་སེམས། །རིགས་རྣམས་ཕྱོགས་བཅུར་རྣམ་བཀོད་པས། །བསྒྲུབ་བྱ་གང་དག་དེ་ཉིད་ལ། །གསང་བའི་གནས་སུ་སྦྱོར་བར་བྱེད། །དོན་མཐུན་ཕྱག་རྒྱ་འདི་ཡིས་ནི། །འགྲོ་གནས་ཐམས་ཅད་བསྲུང་བར་འགྱུར། །ཆོས་དབྱིངས་ཡེ་ཤེས་ཕྱག་རྒྱ་ལས། །འོད་འབར་འཁོར་ལོའི་གཞལ་ཡས་ཁང༌། །རྡོ་རྗེ་སེམས་དཔའ་


DTG027_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་བྱུང་བའི། །རྣམ་པར་སྣང་མཛད་སྦྱོར་ལྡན་པས། །ཕྱོགས་བཅུ་ལེགས་པར་འཁོར་ལོའི་ཚུལ། །བླ་འོག་དག་ཏུ་བྱིན་བརླབས་ཤིང༌། །དཀྱིལ་འཁོར་བསྡུས་དང་རྒྱས་པ་ཡིས། །ཐམས་ཅད་སྲུང་བ་བླ་ན་མེད། །རྡོ་རྗེ་སེམས་དཔའ་སྦྱོར་བ་ལས། །ཞེ་སྡང་ལ་སོགས་འཇོམས་བྱེད་པའི། །དྲག་པོ་ཆེན་པོའི་སྐུར་སྦྱོར་ཞིང༌། །བསྡུས་དང་རྒྱས་པའི་དཀྱིལ་འཁོར་ཆེས། །ཕྱག་རྒྱ་རྡོ་རྗེའི་ཚོགས་སྤྲོ་ཞིང༌། །རང་གི་སྔགས་དང་རྣལ་འབྱོར་པས། །བརྟན་གཡོ་ཐམས་ཅད་སྲུང་བར་བྱེད། །དེ་བཞིན་ཚར་གཅོད་རེངས་པ་འགྲུབ། །སངས་རྒྱས་གར་གྱི་རྣམ་འཕྲུལ་བ། །སྦྱོར་ལྡན་རྡོ་རྗེ་སེམས་དཔའ་བཞིན། །བསྡུས་དང་རྒྱས་པའི་དཀྱིལ་འཁོར་གྱིས། །གསང་སྔགས་ཕྱག་རྒྱ་བསམ་གཏན་ལས། །སྣ་ཚོགས་པདྨ་ལ་བརྟེན་བྱ། །ཕྱག་རྒྱའི་ཚོགས་ཀུན་ཁ་འབྱེད་པས། །སྒྲིབ་པའི་ལས་ཀུན་རྣམ་གྲོལ་ཞིང༌། །ཐམས་ཅད་དག་པའི་ལས་ལ་སྦྱོར། །སེམས་དཔའ་ཆེན་པོའི་ཆ་ལུགས་ཀྱིས། །སེམས་དང་ངོ་བོ་ལ་གནས་བྱ། །དེ་བཞིན་ཉིད་ལ་སྣང་བ་ཡི། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལྡན། །རིན་ཆེན་ཚོགས་འབར་བརྗིད་པའི་གནས། །འབར་བའི་ལྟ་བའི་ཚུལ་བཞུགས་པ། །རྡོ་རྗེ་རབ་ཏུ་དྲག་པོའི་མེ། །རབ་འཇིགས་འབར་བ་མི་བཟད་འགྲུབ། །གང་དག་རྒྱས་པའི་ཚུལ་སྦྱོར་ཞིང༌། །ལས་རྣམས་དངོས་གྲུབ་སྐྱེད་བྱེད་པས། །དཀྱིལ་འཁོར་བསྡུས་དང་རྒྱས་པའི་ཚུལ། །གནས་རྣམས་ཀུན་དུ་འཕྲོས་པའོ། །ཐམས་ཅད་དག་པའི་ལས་ལ་སྦྱར། །མི་གཉིས་ཏིང་འཛིན་བརྟན་པའི་མཐུས། །རྡོ་རྗེ་སེམས་དཔའ་ལས་བྱུང་བ། །ལས་ཀྱི་ཕྲིན་ལས་ཀུན་གྱི་བདག །སོ་སོའི་ཕྱག་རྒྱ་སྔགས་ཀྱིས་སྦྱོར། །ཇི་ལྟའི་ཕྲིན་ལས་གྲུབ་པ་ཡིས། །ཨོཾ་ཊུཾ་རྡོ་རྗེ་ཁུ་ཚུར་གཉིས། །གོ་ཆ་བགོས་པའི་ཚུལ་དུ་བྱ། །གནས་ལྔར་རང་གི་སྔགས་དང་རྒྱས། །ཉིས་འགྱུར་དག་ཏུ་བཅིངས་ནས་ཀྱང༌། །སངས་རྒྱས་གཙུག་གི་ནོར་བུ་དག །དར་དཔྱང་འགྱིང་དང་བཅས་པས་དགྲོལ། །ཐལ་མོ་བརྡབས་པས་བརྟན་བྱེད་པ། །སྲུང་བ་ཀུན་གྱི་བླ་མེད་པའོ། །ཕྱི་ནང་གདུལ་དཀའ་དྲག་པོའི་ཚོགས། །འདི་དག་མཐུ་ཡིས་འཇིགས་པར་འགྱུར། །ཐམས་


DTG027_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་ཀུན་གྱིས་སྲུང་བྱེད་པའི། །བླ་ན་མེད་པའི་གོ་ཆ་མཆོག །བསོད་ནམས་ཡེ་ཤེས་ལས་བརྒྱུད་སྟོབས། །མཐུ་ཡིས་ཐམས་ཅད་འཇིགས་འགྱུར་བ། །དོན་ཀུན་གསང་བའི་ཕྱག་རྒྱ་དང༌། །གསང་སྔགས་ཏིང་འཛིན་གནས་ལས་སྐྱེས། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །ཆོས་སེམས་རྩེ་གཅིག་གནས་པ་ཡིས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ཞི་བའི་ལྟ་བས་བལྟས་ནས་ནི། །ཕྱོགས་ཀྱི་རིགས་ཀུན་གཡོ་འགྱུར་ཞིང༌། །རིམས་དུག་གདོན་རྣམས་སེལ་བྱེད་འགྱུར། །འདི་དག་བསམ་གཏན་གྱིས་འགྲུབ་པ། །བསམ་གཏན་གོམས་པའི་སྟོབས་ཀྱིས་ཏེ། །དང་པོ་ལས་ཀྱིས་སྦྱོར་བྱེད་ན། །ཕྱག་རྒྱ་སྔགས་ཀྱི་མཐུ་ལྡན་པའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཐེའུ་ཆུང་ལྕགས་ཀྱུ་རྩེ་མོས་མནན། །བསམ་གཏན་སྔགས་ཀྱིས་གནས་རྫོགས་འགྱུར། །རྩེ་གཅིག་ལྷ་ཡི་ཏིང་འཛིན་གྱིས། །ཕྱག་རྒྱ་བསྒྱུར་ཏེ་དཔྲལ་བར་གཞག །མི་མཐུན་གནས་ཀུན་ལྟ་བའི་ཚུལ། །རྡོ་རྗེ་བསྡམས་པ་བསྟན་བྱས་པའི། །མཛུབ་མོ་ཕན་ཚུན་སྐམ་པའི་ཚུལ། །ནད་དང་ཟུག་རྡུ་མ་ལུས་ཀུན། །འདྲེན་བྱེད་ཕྱག་རྒྱའི་གཙོ་བོ་མཆོག །རྟག་ཏུ་རང་གི་ཏིང་འཛིན་གནས། །བྱམས་དང་སྙིང་རྗེ་ལྟ་བར་ལྡན། །གྲུབ་པ་དཔལ་གྱི་སྤྱན་བཅིངས་ནས། །མིག་གསལ་ཕྱག་རྒྱའི་སྦྱོར་བ་འདིས། །ཤེས་རབ་ཡེ་ཤེས་མིག་བསྐྱེད་ཅིང༌། །ལོང་བ་དག་ཀྱང་མཐོང་བར་འགྱུར། །རིགས་ཀྱི་སྦྱོར་བ་མངོན་ལྡན་པར། །ཕྱག་རྒྱའི་ཡན་ལག་བརྟན་བྱས་པས། །གླད་པའི་ནད་རྣམས་ཀུན་བསྡུས་ཏེ། །ཁ་ཕྱོགས་དྲང་ཞིང་བཏུང་བར་བྱ། །རྩེ་གཅིག་བརྟན་པས་ཡང་དང་ཡང༌། །རྡོ་རྗེ་ཁུ་ཚུར་དཔལ་སྦྱོར་བས། །ནད་ཀྱི་ཟུག་རྡུ་ནད་ཚོགས་ཀུན། །གང་ལ་དམིགས་པ་སེལ་བར་འགྱུར། །དེ་དག་ཀུན་གྱི་གསང་སྔགས་འདི། །དོན་བཞིན་བརྩོན་པས་རྣལ་མ་གྲགས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་སྟ་མ་སིདྡྷི་ཧོཿ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེ། །དོན་ཀུན་རྣམ་པར་འཕྲུལ་བྱེད་པས། །ལག་གཡས་སེམས་དཔའི་གཙུག་ཏོར་བཅིང༌། །བྱིས་པ་ནད་མེད་བདེ་བའི་མཆོག །འོད་འབར་པདྨའི་དཀྱིལ་འཁོར་དུ། །བདུད་རྩི་བྱང་ཆུབ་སེམས་དཔའ་སྟེ། །ལག་


DTG027_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཡས་ཀླུ་ཡི་གདེངས་ཀ་བྱ། །འབར་བའི་ཚུལ་སྟོན་འབེབས་པར་བཅས། །མི་མཐུན་གནས་རྣམས་དུག་རྒྱས་བཏབ། །ཐམས་ཅད་སེལ་བའི་ལས་བྱེད་པའོ། །བདེ་གཤེགས་སྐུ་ནི་རིགས་ཆེན་པོས། །འཁོར་ལོའི་ཕྱག་རྒྱ་མངོན་སྦྱར་ཏེ། །སྲུང་བ་སྔགས་ཀྱི་རྒྱུད་ལྡན་དག །དགའ་བའི་རྒྱུད་ཀྱིས་གྲོལ་བར་འགྱུར། །དྲག་པོ་ཆེ་མཆོག་སྦྱོར་བ་ཡིས། །མཛེས་པའི་ཕྱག་རྒྱ་སྨིན་མཚམས་གཞག །རུ་ལུའི་སྔགས་ཀྱི་དོན་སྦྱར་བས། །མཁའ་འགྲོའི་ལས་ཀུན་འགྲུབ་པར་འགྱུར། །འགྲོ་གཞན་དུད་འགྲོ་ཕྲ་མོ་སོགས། །ཐམས་ཅད་རིགས་ཀྱིས་སྦྱངས་བྱས་ཏེ། །རྟེན་དང་སྦྱོར་བ་སྣ་ཚོགས་དང༌། །སྔགས་བཅས་བསམ་གཏན་རྩེ་གཅིག་མཐུས། །དེ་དག་ནད་མེད་བདེ་བ་དང༌། །གཟི་བྱིན་མཐུ་རྩལ་ཕུན་སུམ་ཚོགས། །མེ་ཏོག་འབྲས་བུ་སྐྱེ་ཤིང་རྣམས། །རྟེན་འབྲེལ་ཆོ་ག་ཇི་ལྟ་བར། །ཕྱག་རྒྱ་སྔགས་ཀྱིས་སྦྱོར་བྱས་ཤིང། །རིག་པའི་ཏིང་འཛིན་བསྐྱེད་པ་ཡིས། །དེ་དག་ཐམས་ཅད་བཅུད་རྫོགས་ཏེ། །རྟག་ཏུ་གཟི་མདངས་རྒྱས་པར་འགྱུར། །ཕ་རོལ་གནོན་པའི་རྩལ་དག་གིས། །འཁྲུལ་འཁོར་མཚོན་ཆའི་ཕྱག་རྒྱ་རྣམས། །མ་ཉམས་རང་གི་མཚན་ཉིད་རྫོགས། །སྔགས་དང་ཕྱག་རྒྱས་སྤྱང་བྱ་སྟེ། །ཁྲོ་བོ་བརྗིད་པའི་སྟོབས་ལྡན་པས། །མི་མཐུན་གནས་ཀུན་གཞོམ་པའི་ཕྱིར། །ཇི་སྲིད་བརྟན་པར་མ་གྱུར་བར། །དེ་སྲིད་བསྒོམ་བཟླས་རྩེ་གཅིག་ཏུ། །ཁྲོ་བོའི་ཚོགས་ཀུན་ལེགས་གཞུག་ཅིང༌། །འཕྲོ་འདུ་ཡང་ཡང་དོན་སྤྱོད་པ། །རིགས་ཀྱི་དཀྱིལ་འཁོར་མངོན་སྦྱོར་མཐུས། སྡེ་དཔུང་འཇོམས་པའི་སྟོབས་རྫོགས་འགྱུར། །དེ་དག་དཀྱིལ་འཁོར་ཇི་ལྟ་བུར། །ཡང་དག་བརྟན་པས་སྔགས་རྣམས་དང༌། །ཕྱག་རྒྱའི་སྟོབས་སྐྱེད་སྦྱོར་བྱས་ནས། །མཚོན་ཆ་སོ་སོའི་ཚུལ་བཞིན་དུ། །འདེགས་ཤིང་འཕངས་པ་དྲག་པོའི་ཚོགས། །ཚར་བཅད་བསྒྲལ་ཞིང་བརླག་པར་འགྱུར། །མི་གཉིས་ཡེ་ཤེས་ཆེ་སྦྱོར་བའི། །ཟབ་ཅིང་རྒྱ་ཆེན་དཀྱིལ་འཁོར་ཉིད། །ཐོག་མཐའི་ཡུལ་ལས་འདས་པའི་དངོས། །དཔལ་མཆོག་དང་པོའི་མཚན་ཉིད་ཅན། །ཉོན་མོངས་དྲག་པོའི་གནས་ཚོགས་བསྐྱེད། །དོན་ཀུན་འཇོམས་བྱེད་ཐེག་ཆེན་སྐུ། །ཆ་ལུགས་ཇི་


DTG027_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་གསལ་ལྡན་པ། །ཐབས་དང་ཤེས་རབ་སྙོམས་འཇུག་ནས། །རྣམ་པར་སྤྲོས་པའི་ལས་རྣམས་ཀུན། །དེ་ལྟར་སྡེར་བཅས་མནན་པའི་ཚུལ། །རྐང་པ་བརྐྱང་དང་གནོན་པ་དང༌། །བསྐུམ་ནས་འདེབས་པའི་སྟབས་དག་ནི། །ཕྲིན་ལས་བཞི་ཡི་སྦྱོར་བས་ཏེ། །ཕྱག་རྒྱ་བསམ་གཏན་སྔགས་བཅས་པས། །གཡས་གཡོན་སྦྱོར་བའི་རྒྱ་གཟུང་ཞིང༌། །གཟུགས་རྣམས་གཞོམ་ཞིང་མནན་པར་བྱ། །རིགས་ཀུན་སྦྱོར་བའི་ཏིང་འཛིན་གྱིས། །ལས་ཀུན་དཀྱིལ་འཁོར་རྣམ་པར་འཕྲུལ། །གཟུགས་སོགས་ཕུང་པོ་ལྔ་རྣམས་དང༌། །དེ་རྒྱུ་ཉོན་མོངས་དུག་ལྔའི་ཚོགས། །ཡུལ་བཅས་རྣམ་པར་དག་པའི་མཐུས། །ཐམས་ཅད་གཉིས་མེད་སངས་རྒྱས་སུ། །ཡོན་ཏན་ཕྲིན་ལས་རོལ་པའི་སྟབས། །རིགས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས། །ཡོངས་བཀུག་དབང་དུ་བསྡུ་བྱ་སྟེ། །བསམ་གཏན་སྔགས་དང་ཕྱག་རྒྱས་མནན། །རང་བཞིན་གཅིག་པའི་བཙུན་མོ་རྣམས། །དགའ་ཞིང་ལོངས་སྤྱོད་དགྱེས་པས་སྤྱད། །འདི་དག་ཟག་མེད་མཐུ་ལྡན་པས། །གཉིས་མེད་འབྲས་བུ་ཆེན་པོར་སྦྱོར། །ཇི་སྙེད་རྒྱུ་དང་ལས་ཀྱི་ཆོས། །སོ་སོའི་ཐེག་པ་གཞུང་བཞིན་དུ། །བྱང་ཆུབ་ཕ་རོལ་ཕྱིན་པ་དང༌། །གྲུབ་དང་གཟུང་དང་མདངས་རྣམས་དང༌། །རིགས་དང་ཕྱག་རྒྱའི་ཁྱད་པར་ཀུན། །སོ་སོའི་ལས་ཀུན་སྤྱོད་ཅིང་གནོན། །རྒྱུ་འབྲས་གཉིས་སུ་མེད་པའི་ཚུལ། །སོ་སོའི་མཐུ་ཡིས་སྦྱོར་བྱེད་ཅིང༌། །རྣམ་པའི་དོན་ཀུན་ལས་རྣམས་སྦྲེལ། །བསོད་ནམས་ཡེ་ཤེས་རྫོགས་པའོ། །ཉེ་བར་སྤྱོད་པ་ལྷ་མོའི་ཚོགས། །དོན་གྲུབ་གསང་བ་ཀུན་ནས་འཇུག །རིགས་མཐུན་གཙོར་གཟུང་སྦྱོར་བ་ཡི། །ཕྱག་རྒྱ་འཕྲུལ་པས་དེ་ནོན་འགྱུར། །ཉོན་མོངས་གནས་ཀུན་རྒྱུ་རྫོགས་པ། །དྲེགས་བྱེད་ལྷ་རྣམས་དབང་མཛད་དེ། །རིགས་ཀུན་དཀྱིལ་འཁོར་ཆ་ལུགས་ཀྱི། །བྱིན་བརླབས་གསང་བ་ལྷ་མོ་དག །རང་གི་སྔགས་དང་ཕྱག་རྒྱའི་མཐུས། །འཇིག་རྟེན་གསུམ་ཚོགས་རྣམ་བཀུག་ཅིང༌། །མཐུ་རྩལ་རྫུ་འཕྲུལ་དབྲོག་བྱ་སྟེ། །འདའ་བ་མེད་པར་ལས་བཞིན་དགུག །རིགས་ཀུན་ཕྲིན་ལས་རྣམ་པའི་སྟོབས། །དྲེགས་བྱེད་སྡེར་བཅས་མནན་བྱས་ཏེ། །ཆུང་མ་རྒྱན་ཚོགས་ཡོ་བྱད་རྣམས། །མཐུ་ཡིས་དབྲོག་ཅིང་


DTG027_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོངས་སྤྱོད་དོ། །དེ་བཞིན་འཇིག་རྟེན་གསུམ་དག་གི །མཐུ་ཆེན་སྡེ་བརྒྱད་དབང་ལྡན་སོགས། །ཕྱོགས་སྐྱོང་བཅུ་པོ་ལ་སོགས་རྣམས། །ཡུད་ཙམ་ཞིག་གིས་འདིར་བཀུག་སྟེ། །རང་གི་རྟེན་ལ་སྦྱོར་བསྟིམས་ནས། །སྔགས་དང་ཕྱག་རྒྱས་དབང་དུ་བྱེད། །མ་ལུས་འཇིག་རྟེན་ཀུན་གྲགས་པའི། །ཞི་དང་རྒྱས་སོགས་ལས་རྣམས་ཀུན། །དེ་དག་རྣལ་འབྱོར་མཐུ་སྦྱོར་བས། །འབད་བ་མེད་པར་འགྲུབ་པར་འགྱུར། །ལས་ཀུན་དངོས་གྲུབ་ཚོགས་ཤེས་པས། །བདག་གཞན་དོན་ཀུན་སྤྱད་པའི་རྣམས། །མི་འཇིགས་གནས་གསུམ་ཐེག་པ་དང༌། །རྟེན་འབྲེལ་གསང་བས་ཀུན་བསྟན་པའོ། །དེ་ལྟར་དགུག་དང་དབྱེ་བ་དང༌། །གསོད་དང་སྐྲོད་དང་རེངས་པ་དང༌། །རྨུགས་པ་ལ་སོགས་ལས་རྣམས་ཀུན། །འདི་ཉིད་མཐུ་ཡིས་གྲུབ་པར་འགྱུར། །སོ་སོའི་ཏིང་འཛིན་སྔགས་བཅས་པས། །རྟེན་ཅིང་འབྲེལ་པས་སྤྱད་བྱས་ཏེ། །དོན་ཀུན་གསང་བས་སྣ་ཚོགས་པའི། །ཚུལ་རྣམས་གཞན་དུ་བརྗོད་པ་བཞིན། །བསོད་ནམས་ཡེ་ཤེས་ཚོགས་ཀུན་གྱི། །ཐུན་མོང་ཆོ་ག་བཞིན་གྱུར་པའི། །ཡེ་ཤེས་ཕྲེང་བའི་འཁོར་ལོ་དག །བྱིན་བརླབས་ཚོགས་བསྐྱེད་བརྩམ་པར་བྱ། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བསྙེན་རྫོགས་སྒྲུབ་པ་ཚུལ་བཞིན་དུ། །རྟེན་ཅིང་དཀྱིལ་འཁོར་ལ་སྦྱོར་བས། །དེ་དག་གསང་སྔགས་བརྗོད་པ་གདོན། །ཐོག་མར་འཁོར་ལོ་ཚུལ་བཞིན་དུ། །རྩིབས་བརྒྱད་བཅུ་དྲུག་མུ་ཁྱུད་གཉིས། །ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། །ཤར་གྱི་གནས་སུ་སྦྱོར་བར་བྱ། །འཁོར་ལོ་མུ་བྱུང་བཞི་རྣམས་ལ། །ཡི་གེ་གསང་སྔགས་རྫོགས་པར་དགོད། །དྲག་དལ་རིང་ཐུང་ཚུལ་བཞིན་དུ། །གཡས་གཡོན་ཕྲེང་བ་ཐབས་ཤེས་རྒྱ། །ཨོཾ་ཨཱཿཧཱུཾ་ཤྲཱི་དེ་བ་ཏེ་བཛྲ་སཏྭ་སྟྭཾ་ཏྲ་ན་མོ་སྭ་ཏུ་སྟི། སརྦ་བུདྷཱ་ས་མ་ཡོ་གཱི་ནཱི་ན་ཧཱུཾ་ཧཱུཾ་སྭཱཧཱ། །རིག་སྔགས་ཕྲེང་བས་བསྒྱུར་བྱས་པའི། །འཁོར་ལོས་གནས་ཀུན་དག་པར་འགྱུར། །འདི་ནས་དམ་ཚིག་དཀྱིལ་འཁོར་རྣམས། །གསལ་བར་བསྐྱེད་ཅིང་བརྟན་བྱས་ནས། །ཡེ་ཤེས་ལྷ་དང་གཉིས་མེད་པར། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ཅིང༌། །མཆོད་བསྟོད་ལྷག་གནས་ཆོ་ག་རྫོགས། །དུས་ཀུན་ཚོགས་བསགས་དངོས་


DTG027_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲུབ་བཞི། །འཇུག་པ་པོ་རྣམས་ཀྱི་ཕྲིན་ལས་སྣ་ཚོགས་འགྲུབ་པའི་ཆོ་ག་སྟེ་བཞི་པའོ།། །།

ལྔ་པ། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྟན་པའི་ཆོ་ག


DTG027_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དངོས་གྲུབ་བཟང་པོ་ནི། །བདག་གཞན་ཀུན་ལ་ཕན་ཕྱིར་དུ། །མ་ཉམས་ཀུན་ལ་འཇུག་པའི་སྒོ། །དོན་ཀུན་གསང་དང་སྤྱང་པར་བྱ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་ཞིང༌། །གཟུགས་དབྱིབས་ཐམས་ཅད་ལྡན་པའི་རྒྱུ། །བྱིན་བརླབས་དབང་བསྐུར་གནས་རྫོགས་པས། །སྔོན་དུ་བསྙེན་ཅིང་བསྒྲུབ་པ་དང༌། །རྟེན་གྱི་མཚན་མ་གོམས་བྱས་ཏེ། །ལས་ཀུན་བྱ་བའི་སྒོ་རྣམས་དག །ཕྱི་རོལ་པྲ་སེའི་ཆོ་ག་དང༌། །རྟེན་འབྲེལ་མཐུ་ལས་བརྟག་པར་བྱ། །འབྱུང་བ་ལྔ་ཡི་ཁམས་ཀུན་ལས། །རང་རིག་སྦྱོར་བའི་ཕྱག་རྒྱ་སྔགས། །སྤྱང་ཞིང་བྱིན་བརླབས་བསྲུང་བྱས་པས། །དོན་ཀུན་ལྷ་ཡི་ངོ་བོ་ཉིད། །ཡང་དང་ཡང་དུ་སྔགས་བརྗོད་ཅིང༌། །ཡི་གེ་གཅིག་པས་ཀུན་སྟོན་འགྱུར། །དེ་ལྟར་ཕྱི་ནང་སྣ་ཚོགས་བདག །རིགས་ཀྱི་དཀྱིལ་འཁོར་ཆེ་རྣམས་ཀྱི། །ཕྱག་རྒྱས་བརྟེན་པའི་ལས་བྱས་པས། །བདེན་བརྗོད་མཚན་མ་སྣ་ཚོགས་སྟོན། །ནང་གི་ཡེ་ཤེས་ཟག་པ་མེད། །རིགས་ཀྱི་དཀྱིལ་འཁོར་ཆེ་གནས་སྦྱོར། །དེ་ཉིད་ཐུགས་ཀྱི་གསང་བ་མཆོག །སོ་སོའི་རྟེན་ལ་བསྒྲུབ་བྱ་སྟེ། །སྔགས་བཅས་བདེན་པ་བརྗོད་ཅིང་བརྟག །དོན་ཀུན་གསང་བ་སྟོན་པར་འགྱུར། །དེ་དག་ཏིང་འཛིན་གོམས་པ་ལས། །བདེན་བརྗོད་སྔགས་ཀྱི་མཐུ་བསྐྱེད་ཅིང༌། །དུས་གསུམ་ཆོས་རྣམས་མ་ལུས་པའི། །རང་གི་ཚུལ་གྱིས་གསལ་བར་བྱེད། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །དཀྱིལ་འཁོར་ཕྱག་རྒྱའི་ཆོ་ག་རྫོགས། །སོ་སོའི་རྟེན་འབྲེལ་རྫས་རྣམས་ལ། །ཕྱག་རྒྱ་སྔགས་བཅས་དོན་རྣམས་བསྒྲུབ། །འདི་དག་རྒྱུ་རྐྱེན་ཚོགས་པའི་མཐུས། །རང་གི་ངོ་བོ་བརྟན་པར་འགྱུར། །རི་ལུ་མིག་སྨན་བཅུད་ཀྱིས་ལེན་།རལ་གྲི་གསེར་འགྱུར་ལ་སོགས་རྫས། །དེ་དག་དམིགས་པའི་ཡན་ལག་གིས། །ལས་ཀུན་རྫོགས་པའི་དངོས་གྲུབ་འགྱུར། །དཀྱིལ་འཁོར་ཆེན་པོ་ཉམས་དགའི་གནས། །ཆོ་གའི་ཚོགས་རྣམས་རྫོགས་པའི་གཞི། །དེར་ནི་རང་གི་རྫས་དག་ལས། །དོན་ཀུན་དངོས་གྲུབ་སྐྱེ་བར་འགྱུར། །སོ་སོའི་རིག་པ་ཕྱག་རྒྱར་བཅས། །ཡུན་རིང་མཐའ་ཡིས་ལས་རྫོགས་པ། །ཇི་བཞིན་འཇུག་པའི་བྱིན་རླབས་


DTG027_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས། །བདེན་པའི་ཆོས་ཀུན་གསལ་བར་སྟོན། །ཕུན་སུམ་ཚོགས་པ་བཞིར་ལྡན་པས། །སྔོན་དུ་འགྲོ་བའི་ཡན་ལག་རྫོགས། །ཕྱི་དང་ནང་གི་ཁྲུས་བྱས་ནས། །སྒྲུབ་པ་ཆེན་པོ་ལ་འཇུག་བྱ། །རིགས་ཀྱི་དཀྱིལ་འཁོར་གང་རུང་བར། །སྔོན་དུ་བསྙེན་པ་རྫོགས་བྱས་ཏེ། །བདུད་རྩི་རྣམ་པ་ལྔ་པོ་དག །ཤ་ལྔའི་གྲོགས་དང་བཅས་པར་བསགས། །བནྡྷ་མཚན་དང་ལྡན་པ་རྣམས། །ཕྱོགས་མཚམས་དབུས་ཀྱི་གནས་སུ་དགོད། །རིགས་ཀྱི་དཀྱིལ་འཁོར་ཇི་བཞིན་པའི། །ཕོ་བྲང་གདན་ཁང་པ་རྫོགས་ནས། །ཡིག་འབྲུ་ཕྱག་མཚན་སྐུ་ཕྲ་མོ། །སྤྲོ་དང་བསྡུ་བས་ཡོངས་སུ་རྫོགས། །སངས་རྒྱས་ཀུན་གྱི་དམ་ཚིག་ཉིད། །གཉིས་མེད་བསྒོམས་པས་གསལ་བར་འགྱུར། །འདི་དག་རང་རང་མཐུ་སྐྱེད་པའི། །བྱིན་རླབས་རྟེན་འབྲལ་སྟོབས་རྫོགས་ནས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམས། །དགུག་གཞུག་གཉིས་སུ་མེད་པར་གནས། །རང་གི་ལྷ་ཡི་སྦྱོར་ལྡན་པས། །སྲིན་ལག་དང་ནི་མཐེ་བོད་རྩེས། །ཞི་བའི་བཏུང་བ་བཞིན་མྱངས་ནས། །རྟག་བ་ཡི་ནི་དངོས་གྲུབ་ཐོབ། །ཚུལ་བཞིན་རིགས་ཀྱི་དཀྱིལ་འཁོར་ཆེ། །འཁོར་ལོ་ཆེན་པོ་གནས་རྒྱས་པར། །བདུད་རྩི་གསང་བ་བསྒྲུབ་བྱ་སྟེ། །རང་རིག་རྒྱུ་རྐྱེན་ཚོགས་པས་སོ། །བསྙེན་སྒྲུབ་ཡན་ལག་རྣམ་བཞི་ཡིས། །བྱིན་བརླབས་དཀྱིལ་འཁོར་རྫོགས་བྱས་ཏེ། །རིགས་དང་རིགས་ཀྱི་དཀྱིལ་འཁོར་ཚུལ། །གཉིས་མེད་ཐབས་དང་ཤེས་རབ་གསལ། །འོད་དང་དུ་བ་དྲི་སྒྲ་རྒྱུན། །ལྷ་མོའི་གཟུགས་དང་མང་དུ་འཕེལ། །ཡི་གེ་དགུ་དང་བཅུ་གཅིག་དང༌། །བཅུ་བདུན་ཉི་ཤུ་རྩ་གཅིག་སོགས། །བར་སྐབས་སྔགས་ཀྱིས་གསལ་བྱས་པས། །ཕྱག་རྒྱའི་གནས་ཀུན་རྫོགས་པར་འགྱུར། །ཉི་ཟླའི་དཀྱིལ་འཁོར་ལ་གནས་པའི། །དམར་པོ་ཧྲཱིཿཡིས་ཀུན་སྡུད་དེ། །རྟ་མཆོག་ཡོན་ཏན་རོལ་པའི་མཐུས། །རིགས་ཀྱི་དཀྱིལ་འཁོར་ཀུན་མཉེས་མཛད། །ཚོགས་ཆེན་ཡོངས་སུ་རྫོགས་པ་ཡི། །དཀྱིལ་འཁོར་གནས་ཀུན་སྤྲོ་བསྡུ་བ། །ཡེ་ཤེས་འཁོར་ལོ་གཞུག་བྱས་ཏེ། །བདུད་རྩི་གསང་བ་ཆེན་པོའི་རྒྱུན། །རྡོ་རྗེ་སེམས་གཙོ་ལྷ་མོར་བཅས། །བསྡུས་དང་རྒྱས་པའི་འཁོར་ལོ་རྣམས། །དེ་དག་རིགས་ཀྱིས་


DTG027_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྱབ་བྱེད་པའོ། །བདུད་རྩི་ཤེལ་སྒོང་དག་པའི་གཟུགས། །བསྙེན་སྒྲུབ་ཡན་ལག་རྣམ་པ་བཞི། །ཆོ་གའི་དོན་ཀུན་རབ་ཏུ་རྫོགས། །འདི་དག་སྐྱེད་དང་སྤྲོ་བ་དང༌། །རྒྱ་ཆེན་སྤྲོས་པས་ཀུན་གསལ་ཞིང༌། །སངས་རྒྱས་རིགས་སོགས་འགྲོ་བའི་ཚོགས། །ཀུན་གྱི་དངོས་པོར་འདི་གྱུར་ཅིག །ཐམས་ཅད་བསྒྲུབ་པའི་བདག་ཉིད་ཀྱི། །ར་ས་ཡ་ནའི་བདེ་བའོ། །འདིས་ནི་སྲུང་བ་བྱས་ན་དཔལ། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །དེ་ནས་ཚེ་གནས་བསྐྱེད་པའི་ཕྱིར། །མཁས་པས་དེ་ཉིད་དཀྱིལ་འཁོར་བཞིན། །ཆོ་ག་རྫོགས་པས་བརྩམས་བྱས་ཏེ། །ཕུན་སུམ་ཚོགས་པས་ཀུན་སྤྱད་རྫོགས། །མགོན་པོ་ཚེ་དཔག་མེད་པའི་སྐུ། །ཆོ་ག་ཤེས་པས་བསྒོམ་པར་བྱ། །བྱིན་རླབས་རང་གི་ངང་ཚུལ་བསྟན། །ལྷ་མོའི་ཚོགས་རྣམས་རྫོགས་པར་གནས། །རྟག་ཏུ་བསྙེན་སྒྲུབ་ཡན་ལག་བཞི། །སྦྱོར་བ་བཞི་རྒྱུན་ཆོ་ག་རྫོགས། །ཕྱོགས་དུས་དཀྱིལ་འཁོར་རྟེན་སྡུད་ཅིང༌། །བཟླས་བརྗོད་གསལ་བས་བརྩོན་པས་འགྲུབ། །ཐོད་པ་མཚན་དང་ལྡན་སྔགས་པ། །རང་གི་དཀྱིལ་འཁོར་གནས་སུ་གཞག །ཐབས་དང་ཤེས་རབ་འཕྲོ་འདུ་ཡིས། །ཕྱོགས་ཀུན་སངས་རྒྱས་གསལ་བར་འགྱུར། །ཉི་མའི་འོད་ཟེར་སྣ་ཚོགས་པས། །ཚེ་གནས་བྱིན་རླབས་བསྐྱེད་པར་བྱ། །ཡེ་ཤེས་འཁོར་ལོ་ཀུན་བསྡུས་ཏེ། །རང་རིག་གནས་ཀུན་རྒྱས་པར་མཛད། །འོད་འབར་གཡོ་བ་ལ་སོགས་ཀྱི། །དངོས་གྲུབ་བཟང་པོ་རྟག་རྣམས་ཀུན། །ཡི་གེ་བདུན་དང་བཅུ་གཅིག་པ། །བཅོ་ལྔས་འཕྲོ་འདུ་རྫོགས་པར་འགྱུར། །རྟག་ཏུ་རང་གི་དམ་ཚིག་ནི། གནས་ཀུན་རྒྱས་པར་བྱེད་པའི་མཆོག །རིགས་ཀུན་དཀྱིལ་འཁོར་གནས་གསལ་བས། །ཕྲིན་ལས་བཞི་ཡི་དངོས་གྲུབ་འགྲུབ། །དེ་དག་དཀྱིལ་འཁོར་རྒྱ་ཆེན་དང༌། །བསྡུས་ཚོགས་གང་ལ་མོས་པ་བཞིན། །དམིགས་པར་བྱ་བའི་བསྒྲུབ་བྱ་རྣམས། །ཕྱག་རྒྱའི་དཀྱིལ་འཁོར་སོ་སོའི་གནས། །ཕྲིན་ལས་གསང་བ་འདི་རྒྱུད་ཀྱིས། །སོ་སོའི་ཕྲིན་ལས་མཉམ་པར་སྦྱོར། །རང་གི་གསང་སྔགས་ཇི་ལྟ་བ། །རང་གི་ཏིང་འཛིན་རྩེ་གཅིག་ཉིད། །དོན་ཀུན་གསང་བ་ལ་དམིགས་ཏེ། །ཕྱག་རྒྱའི་གནས་ཀུན་རྫོགས་པར་སྤྱད། །དེས་ནི་ཞི་རྒྱས་དབང་དྲག་གི །དངོས་གྲུབ་


DTG027_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུན་མོང་ལས་འཕགས་པའི། །རྣམ་པ་མང་པོ་མཚན་ལྡན་ཞིང༌། །དེ་དག་ལས་ཀུན་རྫོགས་པར་བྱེད། །དོན་འདི་གསང་བ་ལ་བརྟེན་ནས། །རྒྱ་ཆེན་སྔགས་དོན་ཚུལ་མང་པོ། །དེ་ཉིད་རྣམ་ཀུན་གསལ་འགྱུར་ཏེ། །ཐོགས་པ་མེད་པར་འགྲུབ་པའོ། །རྟག་ཏུ་རང་གི་དམ་ཚིག་གནས། །དེས་ནི་དངོས་གྲུབ་ཀུན་སྦྱོར་ཞིང༌། །འགྲོ་བ་རྒྱ་ཆེན་ལ་དམིགས་པས། །མཆོག་གི་ཡེ་ཤེས་བསྒྲུབ་པར་བྱ། །བསྙེན་སྒྲུབ་ཀུན་གྱི་སྔོན་འགྲོ་བའི། །ཆོ་ག་རྒྱ་ཆེན་རྫོགས་གྱུར་ནས། །རིགས་ཀྱི་དཀྱིལ་འཁོར་ཚུལ་བཞིན་དུ། །རང་རིག་དངོས་གྲུབ་རྣམ་པར་སྦྱོར། །རྟེན་གྱི་དབྱེ་བ་རྣམ་བཞི་སྟེ། །དབང་པོ་ཡུལ་དུས་བསྙེན་སྒྲུབ་སོགས། །རང་གི་འཇུག་པ་ཚུལ་བཞིན་དུ། །ཆོ་ག་རྫོགས་པའི་ཡན་ལག་རྣམས། །ཕྱག་རྒྱའི་གནས་ཀུན་ལ་བརྟེན་ནས། །དོན་དམ་གསང་བ་སྤྱད་པར་བྱ། །གཅིག་བཞིན་དུ་ནི་གཅིག་སྤྱོད་པ། །ལྷན་ཅིག་སྤྱོད་པ་རྗེས་སྤྱད་སྡུག །གོ་རིམས་སོ་སོའི་ཁྱད་པར་དག །མ་འདྲེས་གསལ་བས་དོན་ཀུན་རྫོགས། །དེ་ཡི་དམ་ཚིག་དེ་འབྱུང་བ། །སྡུག་པའི་དམ་ཚིག་བདག་རྗེས་འབྲང༌། །ཤིན་ཏུ་སྦྱོར་དང་སྦྱོར་ཆེན་པོ། །ཐམས་ཅད་བདག་ཉིད་དམ་ཚིག་མཆོག །དེ་དག་ཚུལ་གྱིས་ལས་ཀུན་ལ། །རྣམ་པར་སྦྱོར་བས་རྫོགས་པར་འགྱུར། །དངོས་གྲུབ་མཆོག་གི་མཆོག་སྦྱོར་བ། །ཕྱག་རྒྱ་ལ་གནས་གསང་བས་འགྲུབ། །རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །དབང་བསྐུར་བདེ་ཆེན་ལས་བྱུང་བ། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱི། །རབ་ཏུ་རྨོངས་ལས་དབང་བསྐུར་འགྱུར། །ལྷ་མོ་ཀུན་གྱི་ལོངས་སྤྱོད་ལ། །ཅི་བདེ་བར་ནི་བསྟེན་པར་བྱ། །བདག་ཉིད་ཆེ་བའི་ལྷར་སྦྱོར་བས། །བདག་ལ་བདག་གིས་རབ་ཏུ་མཆོད། །རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང། །ཀུན་ལ་མྱོང་བར་བྱེད་པས་ན། །ཤིན་ཏུ་སྦྱོར་བས་རབ་འགྲུབ་འགྱུར། །སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི། །ར་ས་ཡ་ནའི་བདེ་བ་དེས། །རྡོ་རྗེ་སེམས་དཔའི་ཚེ་འགྲུབ་པའི། །ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །སངས་རྒྱས་ཀུན་གྱི་སྐུ་ཆེན་དང༌། །སངས་རྒྱས་ཀུན་གྱི་གསུང་སྙན་པ། །སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་


DTG027_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་པ་ཆེ། །སངས་རྒྱས་ཀུན་གྱི་རྒྱལ་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །འཇིག་རྟེན་དབང་པོ་ཀུན་གྱི་གཙོ། །རིན་ཆན་དབང་ཕྱུག་ཀུན་གྱི་བདག །དེ་དག་དང་ནི་དགའ་སྤྱད་ན། །འདོད་པ་བཞིན་དུ་འགྲོ་འོང་ལྡེང༌། །ལྷ་མོ་གུན་གྱི་གྲུབ་ཆེན་པོ། འཁོར་ལོས་སྒྱུར་བ་རབ་ཏུ་གྲུབ། །ཐེག་ཆེན་གསང་བ་གཉིས་མེད་པའི། །དོན་མཆོག་འབྲས་བུའི་ལམ་སྟོན་པ། །རྒྱལ་བ་ཀུན་གྱི་དགོངས་མཛད་དེ། །རྗེས་སུ་འཇུག་པས་སྤྱད་པའི་ལམ། །འདི་དག་དོན་ཚོགས་རྒྱ་ཆེན་ལས། །ཉེ་བར་བསྟན་པའི་ཆོ་ག་རྣམས། །བདག་དོན་སྒྲུབ་པའི་ཐབས་ཙམ་ཞིག །ལེགས་བཤད་གསལ་བར་བྱས་པ་ཡིན། །སངས་རྒྱས་རྣམས་ཀྱིས་གང་བསྟན་པ། །དེ་དག་བྱང་ཆུབ་སེམས་དཔའི་ཡུལ། །མཆོག་ཏུ་གྱུར་པའི་རྣལ་འབྱོར་པས། །དེ་གསལ་སྒོ་རྣམས་གཟུང་བར་འོས། །ཐུན་མོང་དང་མཆོག་གི་དངོས་གྲུབ་བསྟན་པའི་ཆོ་ག་སྟེ་ལྔ་པའོ།། །།དམ་པའི་བཀའ་དོན་རྒྱ་ཆེན་པོ། །རྣམ་ཀུན་སྡུད་པར་སུ་ཡིས་ནུས། །དེ་དག་དོན་ནི་འདོར་བྱེད་པ། །ཚུལ་ལྡན་གསང་བའི་མན་ངག་མཆོག །ལེགས་བཤད་དྲི་མེད་དགེ་བ་བཟང༌། །ཆོ་གའི་གནས་ཀུན་རྣམ་གསལ་བས། །འཇིག་རྟེན་འདི་དག་ཀུན་སྒྲོལ་ཞིང༌། །ཐམས་ཅད་མཁྱེན་ཉིད་རྫོགས་གྱུར་ཅིག །དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་བསྟན་པ་ལ་འཇུག་པའི་ཆོ་ག་ལྔ་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་བཛྲ་ཧ་ས་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།


DTG027_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་གཱི་ནི་མཎྜལ་བིདྷི་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མི་མཐུན་ཚོགས་འཇོམས་རྒྱལ་བའི་སྐུ། །ཡེ་ཤེས་དབང་ཕྱུག་ཕུན་སུམ་ཚོགས་པའི་བདག །ཤེས་རབ་རྣམ་འཕྲུལ་བརྒྱ་དང་ཉི་ཤུ་བརྒྱད། །རང་འོད་ཐབས་ཚོགས་སྦྱོར་དེ་རྣམས་ཕྱག་འཚལ། །རང་རྒྱུད་པས་བསྒྲུབས་དྲག་པོའི་ཚོགས་སོགས་འཇོམས། །དབུགས་འབྱུང་སྣ་ཚོགས་རང་གི་རིགས་ལས་སྤྲུལ། །


DTG027_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟེན་དང་བརྟེན་པའི་འཇིག་རྟེན་རྣམ་འཕྲུལ་མཛད། །ཁམས་གསུམ་སྣང་མཛད་གཙོར་བཅས་ཕྱག་འཚལ་ཏེ། །དགོངས་མཛད་གཞི་ལམ་འབྲས་བུ་གསང་བའི་དོན། །དཔལ་ལྡན་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་མཆོག་རྒྱུད་དག་ལས། །དཀྱིལ་འཁོར་དྲུག་གི་གསང་དོན་རྣམ་བཀོད་ནས། །ཚོགས་བསགས་བསྲུང་ཞིང་བྱིན་རླབས་གནས་པ་དང༌། །སྒྲུབ་དོན་སློབ་མ་ལས་སུ་རུང་བའི་ཕྱིར། །རྒྱུད་བཞི་ས་ཡན་ལག་ཕྱོགས་མཐུན་ལས་བསྡུས་པའི། །རིགས་དྲུག་གཟུགས་བརྙན་ཆོ་ག་བཤད་པར་བྱ། །བདེ་ཆེན་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །རྣམ་པ་སྣ་ཚོགས་ཀུན་གྱི་མཆོག །འཁོར་ལོ་ཐམས་ཅད་རྣམ་འཕྲུལ་ལོ། །གསང་བ་མཆོག་གི་དགྱེས་པར་ནི། །ཐམས་ཅད་བདག་ཉིད་རྗེས་སུ་བསྒྲུབ། །རྟེན་གནས་ཕུན་སུམ་ཚོགས་ལྡན་བས། །སྔོན་འགྲོའི་བསྙེན་པ་རྫོགས་བྱས་ཏེ། །ས་གཞི་སྟ་གོན་གནས་པ་དང༌། །གཟུགས་བརྙན་དཀྱིལ་འཁོར་རྩོམ་སྒྲུབ་ཅིང༌། །འཇུག་པའི་སྦྱིན་སྲེག་གཏོར་མའི་ལས། །རབ་གནས་དབང་བསྐུར་ལ་སོགས་རྣམས། །བདག་གཞན་སྨིན་ཅིང་གྲོལ་བའི་ཕྱིར། །དམ་པའི་ལུང་བཞིན་བསྒྲུབ་པར་བྱ། །གཞན་དོན་རྩོམ་པའི་བློ་ལྡན་པ། །རང་བཞིན་མངོན་པར་འདུས་བྱས་པའི། །ཐུན་མོང་ཁྱད་པར་དབང་ཐོབ་ནས། །ཡོན་ཏན་རྩལ་ལྡན་གང་ཡང་རུང༌། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་སྔགས། །དགུག་མཆོད་ལས་སྦྱོར་སྲུང་བ་ཆེ། །མྱུར་དུ་གཤེགས་སུ་གསོལ་བ་ཡི། །དེ་ཉིད་བཅུ་སོགས་ལས་ལ་མཁས། །ཁྱད་པར་ལས་ཀྱི་རིམ་པ་ཡིས། །གསལ་མཛད་རྒྱ་ཆེན་འགྲོ་ལ་དམིགས། །རྒྱ་མཚོ་རི་རབ་ནོར་བུ་རྫིང༌། །ནམ་མཁའ་ས་གཞི་གསེར་བཞིན་གནས། །དེས་ཤིང་འཇམ་ལ་སྙན་པར་སྨྲ། །དད་བརྩོན་ཤེས་རབ་དང་ལྡན་པས། །ཐོས་བསམ་བསྒོམ་པའི་ལས་ལ་བརྩོན། །སེམས་ཅན་ཀུན་ལ་བྱམས་སེམས་ཅན། །སྙིང་རྗེ་དགའ་བ་བཏང་སྙོམས་གནས། །ཕ་རོལ་ཕྱིན་པ་དྲུག་ལྡན་ཞིང༌། །དཀྱིལ་འཁོར་རྒྱུད་དང་བླ་མ་དང༌། །ཟབ་མོའི་ཆོས་ལ་རྩེ་གཅིག་དགའ། །བསྟན་


DTG027_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོས་ཀུན་ལ་འཇིགས་མེད་ཅིང༌། །བརྟན་པོ་བྱང་ཆུབ་དོན་གཉེར་བས། །དང་བའི་བླ་མ་དྲི་མེད་ལ། །ལན་གསུམ་ཡོན་བཅས་གསོལ་བ་གདབ། །རིགས་ཀྱི་བུ་ཁྱོད་འབྱོར་ལྡན་ནམ། །དགོས་པའི་རྫས་རྣམས་གང་ཡོད་སྨྲོས། །མ་ཚོགས་པ་རྣམས་རྙེད་འགྱུར་ན། །ཕུན་སུམ་ཚོགས་དུས་གཟུང་བར་བྱ། །དཀྱིལ་འཁོར་ཀུན་དུ་མ་ཞུགས་ཤིང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བ་ཡང་དག་མི་ཤེས་པས། །སྒྲུབ་པ་ཅི་ཡང་མི་འགྲུབ་པོ། །ཀུན་དུ་སྣ་ཚོགས་སྐལ་བཟང་པོར། །བདག་རང་བསྒྲུབས་པས་སྐལ་བ་བཟང༌། །བདག་མེད་ཆོས་ཉིད་དང་ལྡན་པས། །དམ་ཚིག་ལ་སྡང་སྐལ་བ་ངན། །སྲིད་པ་ཤིན་ཏུ་བསྒྲུབས་པས་ན། །སྐལ་བཟང་སངས་རྒྱས་བཅོམ་ལྡན་འདས། །སྐལ་ངན་ཉན་ཐོས་འཇིག་རྟེན་ན། །ཤིན་ཏུ་ཡོངས་སུ་མྱ་ངན་འདས། །རྟོག་པ་ཐམས་ཅད་བསྒྲུབ་པའི་ཕྱིར། །སྐལ་བཟང་ཕྱག་ན་རྡོ་རྗེ་དཔལ། །སྟོང་པ་ཉིད་ལ་རབ་སྦྱོར་བས། །རང་རྒྱལ་རྣམས་ན་སྐལ་བ་ངན། །འདོད་ཆགས་ཐམས་ཅད་རྣམ་དག་པས། །སྐལ་བཟང་སྤྱན་རས་གཟིགས་ཀྱི་དབང༌། །ལོག་པར་ལྟ་དང་ལྡན་པས་ན། །སྐལ་ངན་མུ་སྟེགས་འཇིག་རྟེན་རྣམས། །དམ་པའི་ནོར་མཆོག་སྡུད་པའི་ཕྱིར། །སྐལ་བཟང་རྡོ་རྗེ་ཉི་མ་དཔལ། །བདག་གི་བུ་ལའང་མ་ཆགས་པས། །སྐལ་ངན་དཀའ་ཐུབ་སྤྱོད་པ་ཀུན། །རྒྱལ་སྲིད་མཆོག་རྣམས་བསྡུས་པས་ན། །རྟ་མཆོག་དཔལ་ནི་སྐལ་པ་བཟང༌། །བདག་མེད་ཡོངས་སུ་འཛིན་མེད་པས། །ཐུབ་པ་ཐམས་ཅད་སྐལ་བ་དན། །བདེ་བ་ཐམས་ཅད་རབ་བསྒྲུབ་ཕྱིར། །ཀུན་གྱི་སློབ་དཔོན་སྐལ་བ་བཟང༌། །ལྟ་ངན་དམ་ཚིག་ལ་སྡང་བའི། །སློབ་མ་ཐམས་ཅད་སྐལ་བ་དན། །གསང་བའི་དོན་ནི་ཡང་དག་ཉིད། །འདི་ནི་གསལ་བར་ཤེས་པ་ཡིན། །སངས་རྒྱས་ཀུན་གྱི་བཀའ་བཞིན་དུ། །སངས་རྒྱས་ཀུན་གྱི་གྲུབ་པར་འགྱུར། །དབེན་པ་ཡི་ནི་གནས་དག་གམ། །རང་གི་སྐྱེད་མོས་ཚལ་སོགས་པར། །ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཀུན་དུ་སྣ་ཚོགས་བདེ་མཆོག་གིས། །ཀུན་དུ་སྣ་ཚོགས་དགོས་པ་རྣམས། །ཅི་བདེ་བར་ནི་བསྒྲུབ་པར་བྱ། །རྟེན་དང་དགོན་པ་གཙུག་ལག་ཁང༌། །


DTG027_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རི་ཡི་རྩེ་རྣམས་ཐམས་ཅད་དུ། །རྣམ་པ་དུ་མ་སྣ་ཚོགས་པའི། །སངས་རྒྱས་དགོངས་པ་བསྒྲུབ་པར་བྱ། །དུར་ཁྲོད་དང་ནི་ལྷ་རྟེན་དང༌། །མ་མོའི་གནས་ལ་སོགས་འདུག་ན། །རྡོ་རྗེ་འཛིན་པའི་དགོས་པ་དག །རྣམ་པ་དུ་མ་སྒྲུབ་པར་འགྱུར། །པདྨོ་སྐྱེད་མོས་ཚལ་དག་དང༌། །ཆུ་བོ་དག་གི་མདོག་དག་ཏུ། །པདྨོ་འཛིན་པའི་དགོས་པ་རྣམས། །རྣམ་པ་དུ་མས་འགྲུབ་པར་འགྱུར། །རྒྱལ་པོའི་ཕོ་བྲང་དགའ་བ་དང༌། །པདྨོ་སྐྱེད་མོས་ཚལ་ཉིད་དུ། །རྣམ་པ་སྣ་ཚོགས་དུ་མ་ཡི། །རྒྱལ་པོའི་དགོས་པ་བསྒྲུབ་པར་བྱ། །མཁར་ནི་རྣམ་པ་སྣ་ཚོགས་དང༌། །དེ་བཞིན་ཆུ་བོའི་འགྲམ་དག་གམ། །རྒྱལ་ཁམས་གཞན་ལས་གྲུབ་པ་རུ། །རྡོ་རྗེ་རྟ་ནི་བསྒྲུབ་པར་བྱ། །ཆ་ལུགས་རྣམ་པ་སྣ་ཚོགས་དང༌། །སྒྲུབ་པ་རྣམ་པ་སྣ་ཚོགས་ཀྱིས། །རྡོ་རྗེ་སེམས་དཔའི་གོ་བགོས་ལ། །དཀྱིལ་འཁོར་ལ་སོགས་རབ་ཏུ་བསྒྲུབ། །སངས་རྒྱས་རྣམས་ཀྱི་པདྨོ་དམར། །ཕྱག་ན་རྡོ་རྗེ་སྣ་ཚོགས་པ། །འཇིག་རྟེན་དབང་གི་ཁ་དོག་དཀར། །རྡོ་རྗེ་ཉི་མ་དཔལ་གྱི་སེར། །ཁ་དོག་ཀུན་དང་ཅི་འབྱོར་པ། །བླ་རེ་རྒྱལ་མཚན་རྒྱན་གྱི་རྣམས། །ཐམས་ཅད་རབ་ཏུ་སྒྲུབ་པ་དཔལ། །རྟ་མཆོག་རྡོ་རྗེ་ཅན་གྱིའོ། །གནས་དང་འཁོར་རྣམས་ཅི་འདྲ་དང༌། །བཀོད་དང་འགྲོ་བ་ཅི་འདྲ་དང༌། །འཁོར་རྣམས་བཀོད་པ་ཅི་འདྲ་བ། །དེ་ཡི་འཁོར་ལོ་མཆོག་གིས་མཛད། །རྡོ་རྗེ་སེམས་དཔའི་ལྷ་རྣམས་ཀྱི། །འཁོར་ལོ་མངོན་སུམ་མཐོང་བ་ལས། །བསོད་ནམས་རྟག་པ་ཅི་འདྲ་བ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པས། །ཁམས་གསུམ་གནས་སོགས་བལྟ་བྱས་ཏེ། །རྒྱུ་རྐྱེན་འབྲས་བུ་རྣམ་དག་པའི། །ཆོས་བདག་མེད་པའི་རྣམ་པར་བསམ། །རིགས་ཀྱི་རྣམ་འཕྲུལ་ལས་བྱུང་བའི། །རྣམ་གསུམ་ནུས་པ་མཐུ་བསྐྱེད་དེ། །ཕྱག་རྒྱ་མཐུ་ལྡན་དག་པའི་ཕྱིར། །གཡས་པའི་ཉི་མ་དྲུག་སྐྱིལ་དུ། །ཧཱུཾ་ཨོཾ་ཧྲཱིཿཧྲཱི་ཏྲཱཾ་ཧཾ་ལས། །རིགས་དྲུག་སངས་རྒྱས་བསྐྱེད་པར་བྱ། །གཡོན་པའི་ཟླ་དཀྱིལ་དྲུག་དབུས་སུ། །མི་འགྱུར་ཨ་དཀར་གསལ་འབར་བས། །རིགས་མཐུན་ལྷ་མོ་དྲུག་བསམ་བྱ། །འཕྲོ་འདུ་མཛད་བཅས་གཉིས་མེད་འགྱུར། །སྒྲ་གནས་ཆོས་ཀྱི་ཕྱག་རྒྱ་ཆེ། །ཐུགས་


DTG027_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀར་ཡེ་ཤེས་སེམས་དཔའ་གནས། །སྐུ་གསུང་ཐུགས་ཀྱི་མཚན་མ་ཡིས། །གནས་གསུམ་བྱིན་བརླབ་ས་རྒྱན་བྱས་ཏེ། །བདག་དང་འགྲོ་བ་སྤྱང་བ་ཡི། །སྦྱོར་བའི་ཏིང་འཛིན་ལ་གནས་བྱ། །དབང་པོ་མདུན་དུ་དགུག་བྱས་ནས། །འཕགས་དང་སེམས་ཅན་ལ་དམིགས་ཏེ། །བཅུ་བཞིའི་བྱ་བ་རྒྱ་ཆེན་ཚོགས། །ཡོངས་སུ་དག་པའི་གསུམ་གནས་གཞག །སྲུང་བའི་འཁོར་ལོས་མཚམས་བཅད་ནས། །བཞི་ཡི་ཏིང་འཛིན་རྟེན་དང་བཅས། །སྦྱོར་བ་བཞི་ལ་ལེགས་གནས་ཤིང༌། །དམིགས་པ་གསུམ་གྱི་བྱ་བ་སྤྱད། །གཙོ་བོ་གང་གི་དཀྱིལ་འཁོར་རྩོམ། །དེ་ཉིད་བཟླས་བརྗོད་འབུམ་ཡིན་ཏེ། །འཁོར་གྱི་ལྷ་མོའི་ཚོགས་རྣམས་ལ། །རེ་རེ་ལ་ཡང་ཁྲི་འམ་སྟོང༌། །གཞན་ཡང་བསྙེན་པ་རྣམ་ལྔ་སྟ། །གྲངས་དུས་མཚན་མ་མཐོང་བ་དང༌། །གནང་བ་ཐོབ་དང་འགོག་པ་ཡི། །འཁོར་ལོ་གོམས་པ་ལས་བྱུང་བས། །རང་སེམས་དག་པས་གཏོར་མ་བརྩོམ། །ཐུན་བཞིའི་སྦྱོར་བས་འཇུག་བྱས་ཏེ། །ཆོ་ག་ཡན་ལག་སྔོན་འགྲོ་རྣམས། །རྫོགས་པས་དཀྱིལ་འཁོར་ལས་དག་བརྩམ། །སོ་སོའི་རིགས་ཀྱི་སྦྱོར་ལྡན་པས། །བདག་དང་གཞན་གྱི་དོན་ཆེད་དུ། །ཚོགས་རྫོགས་བར་ཆད་བསལ་བ་དང༌། །ལྷ་མཉེས་ལས་ཀུན་གྲུབ་བྱའི་ཕྱིར། །དཀྱིལ་འཁོར་ས་གཞི་བརྟག་པར་བྱ། །དེས་ནི་བཀྲ་ཤིས་ཕུན་སུམ་ཚོགས། །སོ་སོའི་རང་གནས་ཉམས་དགའ་བ། །ནགས་ཚལ་མེ་ཏོག་ལྕུག་མའི་རི། །ཆུ་རྒྱུན་གཡས་སུ་འཁྱིལ་པའི་ལྗོངས། །རིན་ཆེན་འབྱུང་གནས་རྒྱ་མཚོའི་དོགས། །མེ་ཏོག་འབྲས་བཟང་ཉམས་དགའ་བའི། །དེ་བཞིན་དགོན་པའི་གནས་མཆོག་ནི། །ས་གཞི་ཆགས་མེད་དབུས་མཐོ་ཞིང༌། །ཕྱག་རྒྱ་ཆེན་པོའི་རིག་འཛིན་རྟགས། །ཤར་དང་བྱང་གཞོལ་དངོས་གྲུབ་གནས། །ལྷོ་ནུབ་གཞོལ་བའི་འཇིག་རྟེན་པ། །ནུབ་བྱང་མཐོ་བས་ལས་ཕྲ་མོ། །ཤར་མཐོ་དབུས་དམའ་འགྲུབ་མི་འགྱུར། །ནམ་མཁའ་འཁོར་ལོ་རྩེ་བརྒྱད་པ། །སྒྲུབ་གནས་ལས་མཐུན་སོ་སོའི་དབྱེ་བས། །པུས་ནུབ་ཙམ་དུ་བརྐོ་བྱས་ཏེ། །སླར་ལ་ས་དེས་དགང་པའམ། །ཆུ་རྒྱུན་གང་བ་དྲི་ལྡན་ལ། །མཉམ་གཞག་རྡོ་རྗེ་དྲིལ་འཛིན་ཤར། །གོམ་པ་


DTG027_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱ་ཡི་གནས་ནས་ལོག །སྔགས་བཅས་མཚན་མ་བརྟག་ཅིང་སྤྱང༌། །གཞན་ཡང་རྣམ་ཤེས་ཕྱག་རྒྱ་དང༌། །ཡེ་ཤེས་ཕྱག་རྒྱས་བརྟག་པར་བྱ། །རྒྱལ་པོའམ་ཡུལ་གྱི་བདག་པོ་ལ། །སློང་ངམ་རིན་གྱིས་ཉོ་བར་བྱ། །བར་ཆད་མེད་པའི་ས་དབུས་སུ། །རང་རིག་ལྷ་ཡི་སྦྱོར་ལྡན་པས། །རྒྱན་བཅས་སོ་སོའི་སྐྱིལ་ཀྲུང་གིས། །འགྱིང་ཞིང་ང་རྒྱལ་གནས་བྱས་ནས། །ས་ཡི་ལྷ་ཚོགས་སྲུང་མལ། །མཆོད་སྦྱིན་གཏོར་མ་དབུལ་བར་བྱ། །ཁྱད་པར་ལས་ཀྱི་བདག་པོ་དང༌། །སྙིང་རྗེ་ལན་ཆགས་གྱུར་བ་དག །མ་ལུས་དགུག་ཅིང་ཚིམ་བྱས་ནས། །བསྒོ་ཞིང་འཚེ་བ་རིན་གྱིས་བརྫངས། །དྲི་ཡི་ཆུ་ཡིས་ལེགས་གཏོར་ཞིང༌། །སྦྱོར་བ་བཞི་ལ་ལེགས་གནས་པས། །བདུད་རྩིས་རྫས་ཀྱིས་སྤྱང་བྱ་ཞིང༌། །ཡི་གེ་གསུམ་གྱིས་དག་པར་བྱ། །ལྟོ་འཕྱེའི་རིམ་པ་ཤེས་བྱས་ལ། །དངོས་གྲུབ་རབ་འབྲིང་གསུམ་དོན་བུ། །མགྲིན་ལྟོ་པུས་མོ་མན་ཆད་དེ། །གནས་གཞན་སྤང་པར་བྱ་བ་ཡིན། །རུས་བ་གསེག་མ་གྱོ་མོ་དང༌། །སོལ་བ་ཕ་རྒན་ས་རོ་བསལ། །ས་གཉེན་འཇམ་ཞིང་སྣུམ་སྲེས་ཏེ། །དྲི་ཡི་ཆུས་གདབ་དགད་ཞིང་བཅག །དཀྱིལ་འཁོར་གནས་ཀྱི་ཚད་མཉམ་བྱ། །སོར་བཞི་ཁྲུ་གང་ལུས་ཕྱེད་ཚད། །བརྐོས་པའི་ཚད་མཉམ་འཕང་དུ་བསྟོད། །རིན་ཆེན་དྲི་སྦྱོར་སྙིང་པོར་གཞུག །ཆོས་ཉིད་དག་པའི་སྔགས་བརྗོད་པའི། །དྲི་ཡི་ཆུ་ཡིས་ལེགས་བྱུགས་པར། །སྣ་ཚོགས་མཆོད་གཏོར་ཉེར་སྦྱར་ནས། །རྣལ་འབྱོར་གྲོགས་བཞི་དང་བཅས་པས། །རང་རིག་གཙོ་འཁོར་ལྔ་བསྒོམས་ཏེ། །ས་གཞི་བྱིན་གྱིས་བརླབ་པར་བྱ། །ཨོཾ་བྷཱུཾ་ག་ག་ན་ཁཾ་ཨཱཿཧཱུཾ། ནམ་མཁའ་དག་པའི་རང་བཞིན་ལས། །འབྱུང་བ་རིམ་བརྩེགས་རི་རབ་སྟེ། །རྡོ་རྗེ་ས་གཞི་ར་བ་དང༌། །བླ་རེ་གུར་བཅས་འོད་འཕྲོ་བའོ། །རྡོ་རྗེ་གཏམས་པ་དགྱེ་བྱས་ཏེ། །རང་གི་གནས་སུ་གཞག་པར་བྱ། །ཨོཾ་མེ་དི་ནི་བཛྲ་བྷབ་བཛྲ་བནྡྷ་ཧཱུཾ། ཐལ་མོ་ས་ལ་ལན་གསུམ་དུ། །ལྷ་མོ་རྒྱན་རྣམས་ཀུན་གྱིས་མཛེས། །མདོག་སེར་བུམ་པའི་མཚན་མ་ཅན། །ལུས་ཕྱེད་ས་ལ་བཏོན་བྱས་ཏེ། །མདུན་ན་བཀའ་ཉན་ཚུལ་གནས་ལ། །མཆོད་གཏོར་ཞབས་བསིལ་སོགས་དབུལ་ཞིང༌། །ཇི་སྲིད་ལས་རྫོགས་རྣམས་ཀྱི་བར། །


DTG027_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་སྲིད་དབང་པོར་གསོལ་བ་གདབ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་ཤོག །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་ལས་ནི། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ལན་གསུམ་གསོལ་བ་བཏབ་བྱས་ནས། །ལྷ་མོ་དགྱེས་པས་མདངས་ཕྱུང་སྟེ། །སློབ་དཔོན་ཆེན་པོའི་དཀྱིལ་འཁོར་མཛོད། །དགའ་བ་ཆེན་པོས་ལས་བསྒྲུབས་ཤིང༌། །བཅུ་གཉིས་རྒྱན་གྱིས་མཛེས་བྱས་པའི། །རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡིས། །དཀྱིལ་འཁོར་བདག་པོར་གནས་པ་ལ། །ཕྱོགས་བཞིའི་ལྷ་མོ་བསྟོད་ཅིང་བསྐུལ། །ཨོཾ་བྱམས་ཆེན་ནམ་མཁའི་རིགས་སྦྱོར་བ། །རྡོ་རྗེ་འཛིན་རྒྱལ་འཇིགས་པའི་གནས། །རྣམ་འབྱེད་གསལ་བའི་ཆོས་མཆོག་ཅན། །ཡང་དག་ཡེ་ཤེས་སྤྱོད་པས་གྲོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་ཐུགས་རྗེའི་གནས་མཆོག་དག་པའི་དངོས། །མཉམ་ཉིད་ཆོས་ཀུན་འབྱུང་བའི་གཞི། །ཡོན་ཏན་རིན་ཆེན་མཆོག་སྟོན་པའི། །རྣམ་འཕྲུལ་ཆོས་ལས་རབ་ཏུ་གྲོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་དགའ་བའི་པདྨོས་མཚན་ལྡན་པ། །ཀུན་རྟོག་དངོས་གསལ་ཆགས་པ་མེད། །རྡོ་རྗེ་གསང་གསུམ་སྔགས་འདོན་པའི། །བརྗོད་འབྱུང་ཚིག་ལས་འདས་པའོ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་བཏང་སྙོམས་གནས་ངན་དྲ་བ་སེལ། །ཕྲིན་ལས་བདག་པོ་སྟོབས་དང་ལྡན། །བྱ་བའི་ཡེ་ཤེས་མཐར་མཛད་ཅིང༌། །འཕྲུལ་པའི་དཀྱིལ་འཁོར་བསྟན་དུ་གསོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གཙོ། །སྡིག་པ་ཐམས་ཅད་ལས་གྲོལ་ཞིང༌། །བསོད་ནམས་དངོས་གྲུབ་འགྲུབ་པ་ཡི། །རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག །མཐོང་དགའ་མཐོང་བ་གྲོལ་བྱེད་པ། །ལམ་མཆོག་གསང་བ་ཆེན་པོའི་ཚོགས། །བདག་ཉིད་ཆེན་པོས་བསྟན་དུ་གསོལ། །ཨ་ལ་ལ་ལ་ལ་ཧོ། །དཀྱིལ་འཁོར་གང་ཡང་རུང་བའི་བདག །སྣ་ཚོགས་རྟ་མཆོག་རོལ་པའི་སྐུ། །འཇིགས་པའི་ཆ་ལུགས་མཚོན་ཆ་འབར། །མ་ལས་ཀུན་ལ་བཀའ་བསྒོ་ཞིང༌། །མིག་གི་རྫི་མ་འདེན་


DTG027_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཡིས། །འབར་བའི་ལྟ་བས་གར་བྱས་ནས། །རབ་ཏུ་མྱུར་བར་གཡོ་མཛད་ཅིང༌། །དགུག་གཞུག་སྤྲོས་པས་རོལ་པའི་ཚོགས། །མ་ཏ་ཨ་ཡི་འཕྲོ་འདུ་ཡིས། །རྡོ་རྗེ་མེ་འོད་རླུང་སོགས་ཀྱིས། །བཤིགས་གཏོར་ར་བ་ས་གཞིར་བཅས། །བསྐོར་ཞིང་བསྐོར་བའི་རྣམ་པར་གནས། །རྡོ་རྗེ་ཁ་ཊྭཱཾ་དྲིལ་འཁྲོལ་ཞིང༌། །སུམྦྷ་ནི་ཡི་སྔགས་བརྗོད་དེ། །ཁྲོ་ཚོགས་རང་གི་གཟུགས་འཛིན་ཅིང༌། །མཚོན་ཆ་འབར་བ་རྣམས་སྤྲོས་པའོ། །ཧཱུཾ་ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང༌། །དྲི་ཟ་སྲིན་པོ་ཤ་ཟའི་ཚོགས། །གཤིན་རྗེ་མ་མོ་མཁའ་འགྲོའི་ཚོགས། །གནོད་སྦྱིན་དྲག་པོ་མ་ལུས་རྣམས། །གང་དག་ས་གཞི་འདིར་གནས་པ། །སྲུང་བྱེད་པ་ཡི་བདག་པོའི་བཀའ། །ཐོས་པ་ཙམ་གྱི་ས་མར་དུ་དེངས། །ང་ཡི་བཀའ་ལ་འདའ་མ་བྱེད། །གང་ཞིག་གནས་པའི་མཐུ་བོ་ཆེ། །རྡོ་རྗེ་དྲིལ་བུ་ཁ་ཊྭཱཾ་གས། །ཐལ་བའི་ཚོགས་བཞིན་བཤིགས་བར་བྱེད། །རབ་འབར་ཁྲོ་པོའི་གནས་འཇོམས་པའི། །རྡོ་རྗེ་འབར་བའི་གཟུགས་འདི་ཡིས། །གང་དང་གང་གིས་བདག་ཚིག་བཅག །འདོད་གསུམ་སྐྱེས་རྣམས་དགས་བྱས་ཏེ། །འཇིག་པར་འགྱུར་ཕྱིར་གཞན་འདིས་མེད། །ས་ལ་ཡོངས་སུ་བསྐོར་བྱས་ཏེ། །བགེགས་མེད་བྱ་ཕྱིར་ཕུར་པས་གདབ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། གསུམ་བརྗོད་དབང་ལྡན་མཚམས་དག་ནས། །ཐུགས་ནོན་སྔགས་བཅས་ལན་གསུམ་བསྐོར། །རྐང་པ་བསྐྱོད་ནས་ལག་པ་བསྐྱོད། །ཅུང་ཟད་ངོ་མཚར་ཟུར་མིག་ཚུལ། །རབ་དགའ་འབྲང་བས་སྨིན་མ་འདེགས། །གཡས་འདྲེན་གཡོན་འདྲེན་མིག་གི་གར། །བརླ་རྒྱས་ནུ་མ་འགྱིང་བ་དང༌། །ཁ་ཡི་པདྨ་འཛུམ་བཅས་པ། །དཀར་དམར་མཆེ་བ་གཉེར་བ་དང༌། །སོ་ཡི་ཕྲེང་ཟླུམ་ལྗགས་བསྒྱུར་ཞིང༌། །རྟ་མཆོག་རོལ་པའི་གར་ཐབས་ཀྱིས། །ཁམས་གསུམ་འདུལ་བ་རྨད་དུ་བྱུང༌། །དེ་ལ་སོགས་པ་མཐའ་ཡས་མཆོག །གར་སོགས་རྣམ་འཕྲུལ་བསམ་ཡས་ཀྱིས། །དྲག་པོའི་ཚོགས་འཇོམས་གནས་སྦྱོར་ཞིང༌། །རང་གི་ལས་གནས་བསྲུང་བར་བྱ། །བ་ཡི་རྣམ་ལྔ་དྲི་བསྲེས་བའི། །


DTG027_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདུད་རྩི་རྫས་སོགས་ཀྱིས་བྱུགས་ནས། །ལྷ་གནས་དྲི་ཡི་ཐིག་ལེ་ལ། །མེ་ཏོག་སྔགས་དང་བཅས་པ་དགྲམ། །མཆོད་པའི་རྣམ་གྲངས་ལེགས་བཀོད་ནས། །སྲུང་བའི་འཁོར་ལོ་བསམ་པར་བྱ། །གཞི་རྟེན་སྦྱོར་བའི་ཏིང་འཛིན་གྱིས། །རིགས་ཀྱི་དཀྱིལ་འཁོར་གང་རུང་བསྒོམ། །ཡེ་ཤེས་དཀྱིལ་འཁོར་ལ་དམིགས་ཤིང༌། །མདུན་གྱི་དཀྱིལ་འཁོར་མཉེས་པར་བྱ། །སོ་སོའི་བསྟོད་པ་སྒྲ་སྙན་ཚུལ། །རིགས་དྲུག་དཀྱིལ་འཁོར་སོ་སོའི་དབྱངས། །པུས་མོ་ས་ལ་བཙུགས་བྱས་ནས། །གཡས་པས་སྤོས་སྣོད་བཏེག་བྱས་ཏེ། །དཀྱིལ་འཁོར་རྫོགས་པའི་ལྷ་རྣམས་ལ། །ཚིག་འདིས་གསོལ་བ་གདབ་པར་བྱ། །ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས། །མ་ལུས་སེམས་ཅན་དོན་མཛད་པའི། །རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས། །སྟོབས་མཆོག་རྒྱ་ཆེན་རྣམས་ལ་བསྟོད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །རིགས་བདག་ཆེ་གེའི་དཀྱིལ་འཁོར་ནི། །མགོན་གྱུར་ལས་རྣམས་འགྲུབ་པའི་ཕྱིར། །རྡོ་རྗེ་གསང་བ་བདག་གིས་བྲིས། །བརྩེབས་སློབ་མ་རྣམ་ཕྱིར་དང༌། །བདག་ཉིད་རྣམས་ལ་མཆོད་པའི་ཕྱིར། །བཅོམ་ལྡན་ཁྱོད་ལ་བདག་གུས་ཏ། །དགྱེས་མཛད་འོངས་པར་གྱུར་པ་ལས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བྱ་བ་ཆེན་པོའི་འཁོར་ལོའི་ཕྱིར། །འབྲས་གནས་བྱང་ཆུབ་སེམས་སོགས་དང༌། །གསང་སྔགས་གསང་བའི་ལྷ་ཉིད་དང༌། །འབྱུང་སོགས་འཇིག་རྟེན་སྐྱོང་བ་དང༌། །རྫོགས་སངས་རྒྱས་ཀྱི་རྗེས་དགའ་བ། །བསྟན་ལ་གནས་པའི་འགྲོ་བ་དག །གང་དག་རྡོ་རྗེའི་སྤྱན་ལྡན་པ། །ཆེ་གེ་མོ་ཡི་དཀྱིལ་འཁོར་གཙོ། །དོན་གྲུབ་གསང་བ་བདག་གིས་བརྩམ། །རྗེས་སུ་བརྩེ་བས་ཉེར་དགོང་ས་ཏེ། །གནང་བར་མཛད་པའི་འོ་ས་ལགས་སོ། །ལན་གསུམ་གསོལ་བ་གདབ་བྱས་ནས། །དྲི་ཞིམ་མེ་ཏོག་ཕྲེང་བ་དང༌། །ལེགས་སྦྱར་མཆོད་པས་མཉེས་པ་དག །དབང་པོར་བརྟན་པར་བཞུགས་སུ་གསོལ། །བུ་ཁྱོད་ཚུལ་ལྡན་སྣོད་ཡིན་པས། །ཐེག་ཆེན་གསང་བའི་གཞུང་འདི་ཉོན། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་སངས་རྒྱས་རྫོགས་འདས་རྣམས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །


DTG027_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྲོ་ལ་ཕན་ཕྱིར་གནས་བཞུགས་པ། །དེ་ཀུན་གསང་སྔགས་ཟབ་མོ་ཡི། །ཆོ་ག་བཟང་པོའི་དི་རྟོགས་ནས། །སྐྱེ་མཆོག་རང་གི་གནས་ཉིད་དུ། །ཐམས་ཅད་མཁྱེན་པ་མཚན་མེད་པས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །བཅོམ་ལྡན་ཆེ་གེའི་དཀྱིལ་འཁོར་གྱིས། །བདུད་ཚོགས་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་མཐའ་དག་རྣམ་བཅོམ་པས། །དེ་ཕྱིར་ཀུན་མཁྱེན་ཡེ་ཤེས་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་སྐྱབས་སུ་འགྲོ་བར་གྱིས། །རྣལ་འབྱོར་མཁའ་འགྲོ་གསང་སྔགས་ཅན། །རིགས་ཀྱི་དཀྱིལ་འཁོར་སོ་སོ་ཡི། །འཁོར་ལོར་བཞུགས་པའི་བདག་ཉིད་རྣམས། །ཀུན་ལ་སྐྱབས་སུ་འགྲོ་བར་གྱིས། །དཔའ་བོ་དཔའ་མོ་འཁོར་བཅས་དང༌། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །ཁྱོད་ཀྱིས་སྐྱབས་སུ་འགྲོ་བར་གྱིས། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀྱིལ་འཁོར་བདག་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་སྙིང་པོ་བྱང་ཆུབ་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །སློབ་མ་སྦྱོར་དང་དངོས་གཞི་ཡིས། །དབང་པོ་ཡན་ལག་རྣམ་བཀོད་དེ། །བསོད་ནམས་ཚོགས་མཆོག་རྒྱ་ཆེན་པོ། །ཡན་ལག་བཅུ་བཞིས་དག་པར་བྱ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་གཟུང་བར་བྱ། །བདག་གི་སྡིག་པ་བགྱིས་པ་དང༌། །བགྱིད་ལ་རྗེས་སུ་ཡི་རང་བ། །མགོན་པོའི་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །རྒྱལ་བ་སྲས་བཅས་ཚོགས་རྣམས་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་བཟླས་ལ་སོགས་བསོད་ནམས་ལ། །དང་བས་རབ་ཏུ་ཡི་རང་ངོ༌། །སེམས་བསྐྱེད་མངོན་པར་སངས་རྒྱས་དང༌། །ཆོས་ཀྱི་འཁོར་ལོ་བསྐོར་བགྱིད་ཅིང༌། །ཚོགས་སྤྱོད་བྱང་ཆུབ་སེམས་དཔའ་ལ། །བདག་ནི་གུས་པར་སྐྱབས་སུ་འཆི། །སངས་རྒྱས་རྣམས་འབྱུང་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །ཐུགས་མཆོག་བྱང་ཆུབ་རྒྱ་ཆེན་པོ། །འགྲོ་བ་རྒྱ་ཆེན་དོན་ལ་དམིགས། །མགོན་རྣམས་བདག་ལ་དགོངས་སུ་


DTG027_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསོལ། །མ་ལུས་ཕྱོགས་བཞུགས་དཀྱིལ་འཁོར་རྣམས། །དུས་འདི་ཉིད་ནས་སངས་རྒྱས་བར། །བླ་མེད་རྒྱ་ཆེ་དང་བས་གཟིགས། །ཇི་ལྟར་དུས་གསུམ་བདེ་གཤེགས་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དིང་ནས་བརྩམས་ཏེ་བཟུང་ནས་ནི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བས། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བྱ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་བརྒལ་བ་རྣམས་བདག་གིས་བསྒྲལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །ཐམས་ཅད་མྱ་ངན་འདས་ལ་དགོད། །དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་སངས་རྒྱས་མྱུར་གྲུབ་ནས། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་དགོད་པར་བགྱི། །གནས་གསུམ་མཚན་མའི་ཡི་གེར་བཅས། །རྡོ་རྗེ་སྔགས་བཅས་དྲི་ཡིས་བྱུགས། །མགོ་བོར་མེ་ཏོག་མདུན་དུ་སྤོས། །མར་མེ་དྲིས་བྱུག་སྙིང་ག་རུ། །ཨུ་དུ་མྦཱ་ར་ལ་སོགས་ཤིང༌། །དྲང་པོ་གས་མེད་འབུ་རྗེས་བྲལ། །སོར་ཚད་བཅུ་གཉིས་དྲི་ཡིས་བྱུགས། །རྩེ་མོ་མེ་ཏོག་བཅས་པ་ལ། །རིགས་སྔགས་མང་དུ་བཟླས་བྱས་ཏེ། །བདེན་པ་བདར་ནས་བྱིན་པ་དང༌། །མེ་ཏོག་ལ་སོགས་བྱིན་བྱས་ལ། །བྱ་བའི་བྱེ་བྲག་རིམ་བཞིན་བསྟན། །


DTG027_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤར་ཕྱོགས་ཁ་བལྟས་མི་སྨྲ་བར། །བཅའ་ཞིང་སོ་རྩིའི་སྐྱོན་བསལ་ནས། །ལྕི་བས་ས་གཞི་བ་ཀོ་ཙམ། །རྣམ་ལྔས་མཎྜལ་བྱས་པ་རུ། །ཕན་ཚུན་དག་ཏུ་མི་བལྟ་ཞིང༌། །དྲང་པོའི་མདུན་དུ་ཚེམས་ཤིང་དོར། །དེ་ཚེ་མཚན་མའི་བྱེ་བྲག་ནི། །རྩོ་མོ་བདག་ལ་བསྟན་པ་དང༌། །རྩེ་མོ་གྱེན་དུ་ཕྱོགས་གྱུར་ན། །མཆོག་གི་དངོས་གྲུབ་མཚན་མ་ཡིན། །གཞན་དུ་ཁ་བསྟན་དངོས་གྲུབ་འབྲིང༌། །མཚམས་དང་བྱང་དུ་བལྟས་པ་ན། །འཇིག་རྟེན་པ་ཡི་ལས་འགྲུབ་འགྱུར། །རྩེ་མོ་ཐུར་དུ་བསྟན་པས་ནི། །ས་འོག་དངོས་གྲུབ་ངེས་པར་འགྱུར། །ཕྱོགས་བཞིའི་རྩེ་མོ་བྱེ་བྲག་གིས། །ལས་བཞིའི་མཚན་མ་ཤེས་བར་བྱ། །དྲི་ཆབ་བྱིན་བརླབས་སྔགས་ལྡན་པའི། །འཐོར་འཐུང་ཁྱོར་གསུམ་ཁ་བཤལ་བྱ། །ཨོཾ་ཧྲི་བི་ཤུདྡྷ་སརྦ་དྷ་རྨཱ་པཱ་པ་ནི་ཙཱ་ཤྱ་བི་ཤྭ་དྷ་ཡ། །སརྦ་བི་ཀལ་པ་ཨ་པ་ནཱ་ཡ་ཧཱུཾ། །ཡི་གེ་སྔགས་ཀྱིས་བྱིན་བརླབས་པའི། །ཀུ་ཤ་སྔགས་དང་སྟན་དུ་སྦྱིན། །ཧཱུཾ་ཨཱཿ་ཨོཾ་ཨ་ཧི་ཨ། ཧྲིཿཨ་ཏྲཱཾ། ཨ་ཧཾ་ཨ། སརྦ་རུཏ་ཏེ་ཀུ་རུ་ཀུ་རུ་སྭཱ་ཧཱ། །རང་སྔགས་ཡི་གེ་གསུམ་བཟླས་པའི། །སྲུང་སྐུད་མདུད་པ་གསུམ་ལྡན་པ། །སྐུ་ཤ་གསུམ་འགྱུར་སྦོམ་ཕྲའི་ཚད། །དཔུང་པར་བསྲུང་བའི་དོན་ཕྱིར་བཅིང༌། །ཀུན་མཁྱེན་འཇིག་རྟེན་ཁམས་འབྱུང་བ། །ཨུ་དུ་ལྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་དཔག་མེད་དོན། །མྱ་ངན་མི་འདའ་བྱེད་ནུས་པའོ། །བསྐལ་པ་བྱེ་བ་གྲངས་མེད་དུ། །གང་གིས་སྡིག་པ་སྤྱོད་བྱས་པའང༌། །དཀྱིལ་འཁོར་འདི་འདྲ་མཐོང་བས་ནི། །དེ་དག་ཐམས་ཅད་ཟད་པར་འགྱུར། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །མཉམ་པར་གྱུར་པ་གཞན་གང་ཡོད། །ཚེ་འདི་ཉིད་ལ་སྔགས་བཟླས་པས། །བླ་མེད་གནས་སུ་འགྲོ་འགྱུར་ཏེ། །སྡུག་བསྔལ་ཀུན་འབྱུང་ཉམ་ཐག་པའི། །ངན་འགྲོའི་གནས་ངན་སྡོང་བར་འགྱུར། །དེས་ན་སྤྱོད་མཆོག་ལས་འདི་ལ། །བློ་གྲོས་ཤིན་ཏུ་བརྟན་པས་ན། །དེ་རིང་ཁྱོད་ནི་རྙེད་པ་མཆོག །བདག་ཉིད་ཆེན་པོ་ཐོབ་པར་འགྱུར། །གང་གི་རྒྱལ་བ་ཐམས་ཅད་ནི། །སྲས་བཅས་རྣམས་ཀྱིས་བསྟན་པ་ནི། །བློ་མཆོག་ལྡན་པས་ཡོངས་བཟུང་སྟེ། །གནས་ནི་བདག་


DTG027_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཆེན་པོ་ལ། །ཐེག་ཆེན་གསང་བའི་གནས་དག་ཏུ། །དེ་རིང་འགྲོ་བར་འགྱུར་བ་ཡིན། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཐེག་ཆེན་གསང་བ་ཆར་འབྱུང་བ། །ཁྱོད་ནི་འགྲོ་བར་གྱུར་པས་ན། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །སྟ་གོན་གནས་མཆོག་དེ་ཉིད་དུ། །མཆོག་དབུལ་གཏོར་མ་བཏང་བྱས་ཏེ། །ཀུ་ཤའི་སྔགས་སྟན་ལེགས་པ་ལ། །མི་སྨྲ་དགེ་བའི་སེམས་བཅས་གྱིས། །སེང་གེའི་ཉལ་སྟབས་ལེགས་པ་ཡིས། །རྨི་ལམ་མཚན་མ་བརྟག་བར་བྱ། །སློབ་དཔོན་ནང་དུ་བཞུགས་མཉམ་གཞག །དཀྱིལ་འཁོར་མཆོད་ཅིང་བསྟོད་པར་བྱ། །དེ་ལྟར་མཚན་མ་བཟང་མཐོང་ན། །ཡི་རང་དངོས་གྲུབ་རབ་འབྲིང་བསྟན། །ངན་བའི་ལྟས་དག་སྦྱིན་སྲེག་དང༌། །གཏོར་མ་སྔགས་དང་ཕྱག་རྒྱས་བཟློག །བ་ཡི་རྣམ་ལྔ་དྲི་བསྲེས་ཆུ། །སྔགས་ཀྱིས་སྦྱངས་པས་དག་པར་བྱ། །མཁའ་དབྱིངས་དབང་ཕྱུག་ཕྱག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱ། །ཨོཾ་དྷརྨཱ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གསེར་དངུལ་ཟངས་ལྕགས་ལ་སོགས་པའི། །རིན་ཆེན་རྒྱན་ལས་བྱུང་བ་འམ། །འབྱོར་མེད་ས་ལས་བྱས་པ་རུ། །བུམ་པ་མགྲིན་རིང་ལྟོ་བ་ཟླུམ། །ནག་པོ་དྲི་བྲལ་ཁ་གྱེད་ཅན། །དྲི་ཞིམ་ཚོན་དཀར་གྱིས་བྱུགས་ཤིང༌། །པདྨའི་ལྟེ་བས་མཚན་པས་རྒྱན། གྲངས་བཞིན་ཚོགས་པས་ལེགས་གནས་ལ། །རིགས་ཀྱི་ཆོ་གས་བྱིན་བརླབ་ཅིང༌། །ཆ་རིགས་ཉི་ཤུ་རྩ་བདུན་བསག །བུམ་པ་ལྷ་ཡི་གནས་ཡིན་ཏེ། །ཁ་རྒྱན་མགུལ་ཆིངས་རྟ་བབས་བརྒྱན། །གཟུངས་ཐག་ཐུགས་རྗེ་ཆེན་པོའི་རྟགས། །སྨན་ལྔ་ཐུགས་རྗེ་བྱང་ཆུབ་སེམས། །འབྲུ་རྣམས་ལྷ་ཡི་རང་བཞིན་ཡིན། །རིན་ཆེན་རྣམ་ལྔ་སྐུ་ཡི་འོད། །སྙིང་པོ་ཡེ་ཤེས་ཐུགས་ཀྱི་དབྱིངས། །སྤོས་སོགས་ཚུལ་ཁྲིམས་ཡོན་ཏན་རྒྱལ། །རང་གི་གནས་སུ་དགྲམ་བྱས་ནས། །རིགས་ཀྱི་དཀྱིལ་འཁོར་དགུག་གཞུག་རྣམས། །དམ་ཚིག་ལྷ་དང་གཉིས་མེད་པར། །མཆོད་བསྟོད་བཟླས་པས་མཉེས་བྱས་ཏེ། །བརྒྱ་སྟོང་བརྒྱ་ལྷག་གྲངས་ཚད་ནས། །སྔགས་ཀྱི་ཆུ་དང་གཉིས་མེད་གྱུར། །རས་གཙང་མེ་ཏོག་བཅལ་བཀྲམ་ཞིང༌། །ཤིང་བཟང་ལོ་མ་འབྲས་བུར་བཅས། །རྡོ་རྗེ་གཟུངས་སྐུད་ཕྲེང་བས་མཚན། །བགེགས་བསྐྲད་བདུག་མཆོག་བསྲུང་བར་བྱ། །དཀྱིལ་འཁོར་བསྒྲུབས་པའི་རྗེས་


DTG027_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐོགས་ལ། །རྟེན་རྣམས་ལྷ་ཡི་རིམ་པས་དགྲམ། །བསྐྲད་བསྲུང་སྤྱང་ཞིང་ཚེ་བཟུང་བ། །བྱང་ནས་གཡོན་སྐོར་སྒོ་བཞིར་གཞག །མཆོད་དང་ཁྲུས་ཀྱི་ལས་དག་ཀུན། །ཕྱི་མཚམས་ཁྱམས་ཀྱི་གནས་དག་ཏུ། །ལས་ཀུན་པ་ནི་ཀུན་ལྡན་པ། །རྣམ་རྒྱལ་རང་གི་གནས་མཆོག་མཛེས། །སློབ་དཔོན་མཚན་ཉིད་ཀུན་ལྡན་ཞིང༌། །ཡང་དག་ཡེ་ཤེས་དེ་ཉིད་ཤེས། །རང་གི་ལྷ་ཡི་སྦྱོར་ལྡན་པས། །ཤེས་རབ་མཚན་ལྡན་བཅུ་གཉིས་བརྒྱན། །ཐིག་སྐུད་སར་པ་ཚད་ལྡན་པས། །སྔགས་བཅས་ལྷ་མོས་བཀལ་བྱས་པའི། །རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྤོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །རིན་ཆེན་ཐོད་པའི་སྣོད་གཞག་ལ། །རིགས་ཀྱི་ཡི་གེའི་སྔགས་ཀྱིས་བསྐྱེད། །སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། མིག་གི་བལྟ་བས་བཀུག་བྱས་བའི། །སངས་རྒྱས་རིགས་རྣམས་གཞུག་པར་བྱ། །ཉི་ཟླ་འབར་བའི་ལྕགས་ཀྱུ་ཡིས། །གཉིས་མེད་གཅིག་ཏུ་གནས་པ་དག །མཆོད་དབུལ་བསྟོད་པས་མཉེས་བྱས་ནས། །གཙོ་བའི་སྔགས་བརྗོད་བསྒྲིལ་བར་བྱ། །ཨོཾ་དིབྟ་དྲིཥྚི་ཨཾ་ཀུ་ཤ་ཛཿཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། སྒྲུབ་པའི་གྲོགས་མཆོག་ནུས་གནས་པས། །དེ་ཉིད་གསུམ་གྱིས་གསང་སྔགས་བཟླ། །ཛཿགྡགྶ་གཙོ་བོའི་ཐུགས་ཀ་ནས། །རང་གི་སྨིན་མཚམས་དྲང་པོར་འདྲེན། །སྟོབས་མཆོག་དཔའ་བོ་དགོངས་སུ་གསོལ། །རྡོ་རྗེ་ཐིག་གི་སྒྲ་ལྡན་པས། །ནམ་མཁའི་དཀྱིལ་འཁོར་ལེགས་གྲུབ་ཅིང༌། །འགྲོ་བའི་དོན་ལ་བསྐུལ་བར་མཛད། །ཨོཾ་ཨནྱོ་ནྱ་ཨ་ནུ་གཏ་སརྦ་དྷརྨཱ། སྥ་ར་སྥ་ར་ཨ་ནུ་གཏ་སརྦ་དྷརྨཱ། ཨ་ཏྱནྟ་ཨ་ནུ་པྲ་བི་ཥྠ་སརྦ་དྷརྨཱ་ཧཱུཾ། གྲོགས་མཆོག་རྡོ་རྗེ་ཕྱག་རྒྱ་ཡིས། །ཛ་གསུམ་ལྟེ་བའི་གནས་སུ་འདྲེན། །རྡོ་རྗེ་ཁུ་ཚུར་སར་གཞག་ཅིང༌། །དག་པོའི་ཐིག་སྐུད་གདབ་པར་བྱ། །ཤར་ནུབ་ལྷོ་བྱང་ཐིག་བཞི་ཡིས། །ལོགས་དང་མཆམས་སུ་གདབ་པར་བྱ། །དང་པོ་ཆ་ཆེན་བཅུ་དྲུག་ལས། །ཁྱམས་ཀྱི་སྣམ་བུ་མ་གཏོགས་པ། །ཆ་བྲན་བཞི་བཞིར་དགོད་བྱས་ལ། །ཕྱི་ནས་བཅུ་དྲུག་རྟ་བབས་སྒོ། །རྩིག་པ་རྒྱན་བཅས་གཡོན་པ་ནས། །ར་བ་དུར་ཁྲོད་ཅི་རིགས་བརྟག །དབུ་མ་རང་གི་རིགས་འཁོར་ལོ། །དཀྱིལ་འཁོར་སོ་སོའི་ཆ་བཞིན་བགོ །ཐིག་གདབ་ཆོ་ག་རྫོགས་བྱས་ནས། །ཡེ་ཤེས་སྐུད་པ་མཆོད་བསྟོད་ཅིང༌། །ཕྱག་རྒྱའི་ཏིང་འཛིན་


DTG027_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསང་སྔགས་ཀྱིས། །རང་གི་གནས་སུ་གཤེགས་སུ་གསོལ། །རིགས་ཀྱི་ང་རྒྱལ་སྦྱོར་ལྡན་པས། །མིག་གཉིས་ཉི་ཟླའི་ལྟ་བ་ཡིས། །ཧྲཱི་བཅས་སྒོ་དང་ཆ་རྣམས་དབྱེ། །ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཨོཾ་ཐམས་ཅད་རྣམ་འཕྲུལ་རང་བཞིན་མཆོག །དངོས་མེད་ཞི་བའི་འོད་ལྡན་གསལ། །རྡོ་རྗེ་འཛིན་པའི་གཏེར་ཆེན་འབྱིན། །དཀྱིལ་འཁོར་དག་པར་བྱིན་གྱིས་བརླབས། །མཉམ་པའི་སྔགས་བློ་རྣམས་གསལ་བས། །ཉེས་པའི་ཟུག་རྡུ་དག་པར་འགྱུར། །དཀྱིལ་འཁོར་ཐིག་གདབ་ཤེས་རབ་ཅན། །ཕྱོགས་ཀུན་མཉམ་པ་ཉིད་འགྲུབ་ཅིང༌། །ཤར་ནུབ་བྱང་གི་ཕྱོགས་རྣམས་སུ། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །དཀྱིལ་འཁོར་ཡང་དག་ཇི་ལྟ་བར། །རབ་ཏུ་བརྟག་པར་སུ་ཞིག་ནུས། །རང་གི་ལྷ་ཡི་རང་བཞིན་གྱིས། །དཀྱིལ་འཁོར་བརྟག་པར་འགྲུབ་པར་འགྱུར། །བདག་ཉིད་རང་གི་ལྷར་སྦྱོར་བས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཆོ་ག་ལྷག་གམ་མ་ཚང་ནའང༌། །ཉེས་པ་མེད་དེ་འགྲུབ་པར་འགྱུར། །གྲུ་བཞི་པ་ལ་སྒོ་བཞི་པ། །ཚད་ལྡན་རྣམ་པར་ཕྱེད་པ་ལ། །རྣམ་འཁོར་ཕྲེང་བའི་ར་བས་མཛེས། །རྟ་བབས་བརྒྱད་ཀྱིས་རྣམ་སྤྲས་ཤིང༌། །བར་ཁྱམས་ཆ་ཆེན་གཅིག་གི་ཚད། །ཀ་བ་མཆོག་བརྒྱད་གདུང་རྣམས་ལ། །སོ་སོའི་མཚན་མའི་ཕྲེང་བས་བརྒྱན། །རིན་ཆེན་རྡོར་སོགས་ཏོག་གེར་བཅས། །ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཀུན་དུ་སྣ་ཚོགས་འཁོར་ལོ་ཅན། །ཀུན་དུ་སྣ་ཚོགས་གྲུབ་པའི་ཕྱིར། །དཀྱིལ་འཁོར་ཀུན་དུ་སྣ་ཚོགས་པའོ། །དཀྱིལ་འཁོར་ཟླུམ་པོ་སངས་རྒྱས་ཀྱི། །རྡོ་རྗེ་ཅན་གྱི་ཟླ་གམ་བཞིན། །པདྨ་དབང་གི་པདྨོའི་དབྱིབས། །རིན་ཆེན་མཆོག་གི་རིན་ཆེན་དབྱིབས། །ཇི་ལྟར་འདོད་པ་ཅི་འབྱོར་པ། །ཇི་ལྟའི་དུས་དང་ཅི་བདེ་བར། །དཀྱིལ་འཁོར་ཀུན་དུ་གནས་པ་དཔལ། །རྟ་མཆོག་ཕྱག་རྒྱ་རྡོ་རྗེའོ། །རིན་ཆེན་ལྔ་སོགས་ཕྱེ་མ་རྣམས། །སྣོད་མཛེས་ལེགས་པར་བླུགས་བྱས་ཏེ། །ཆོ་ག་གསུམ་གྱིས་རིགས་ཀྱི་ལྷ། །སྤྱན་མིག་འབར་བས་དགུག་བྱས་ཏེ། །རིགས་ཀྱི་དཀྱིལ་འཁོར་གཉིས་མེད་གཞུག །མཆོད་བསྟོད་རང་གི་གནས་ནས་དབྱེ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། དཀར་པོ་མཐིང་ག་དམར་སེར་ལྗང༌། །རིགས་དྲུག་སོ་སོའི་དབྱེ་བ་ཡིས། །པཉྩ་རང་གི་གོ་རིམས་བཞིན། །བྱང་ཤར་མཚམས་ནས་བརྩམས་ནས་ནི། །


DTG027_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧཱུཾ་བརྗོད་རྡོར་འཛིན་གཡོན་གྱིས་བྲིས། །རེ་ཁཱ་མ་ཡོ་མ་འདྲེས་པར། །མཆོད་དབུལ་ཐོད་པས་བཀབ་ནས་ནི། །བདེན་པ་བརྗོད་ཅིང་བལྟ་བར་བྱ། །འདི་ནི་ཆོས་དབྱིངས་རྣམ་པར་དག །སེམས་ཅན་ཁམས་ན་རབ་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་ཆེ་གེ་མོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད། །ཐིག་ནི་ཕྱི་ནས་བཏབ་པ་ལ། །ཚོན་རྩི་ནང་ནས་དགྱེ་བར་བྱ། །དང་པོ་སློབ་དཔོན་གྱིས་བྲི་ཞིང༌། །ཕྱི་ནས་ཅི་བདེར་ཤེས་པས་བྲི། །ཉེས་པ་ཀུན་ལས་རྣམ་གྲོལ་བས། །ཚོན་གྱི་ལས་ནི་ཡང་དག་བརྩམ། །རྩེ་གཅིག་ལས་སུ་རུང་བྱས་ཏེ། །མཐོ་ཞིང་དྲང་བའི་རྒྱན་བཅས་པའོ། །རེ་ཁཱ་དམའ་བས་མི་འགྲུབ་ཅིང༌། །ཡོན་པོས་གདུང་བ་སྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །འཆི་འམ་ན་བར་འགྱུར་བ་ཡིན། །ལྷག་ཆད་ལས་ནི་ནད་འབྱུང་ཞིང༌། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །པདྨ་སོ་སོའི་གདན་དག་ལ། །རིགས་ཀྱི་མཚན་མས་བརྒྱན་པ་དང༌། །ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །རང་འབྱུང་རྣམས་ཀྱི་མཚན་མའི་རྒྱ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །ལྷ་མོ་རྣམས་ཀྱི་བདེ་བའི་མཆོག་གཞུ་དང་མདའ་དང་དེ་བཞིན་ཏེ། །སྐལ་བཟང་དེ་བཞིན་སྐལ་བ་བཟང༌། །ཐོད་པ་དང་ནི་ཁ་ཊྭཱཾ་ག །རྡོ་རྗེ་རྒྱ་གྲམ་དེ་བཞིན་ནོ། །པདྨ་རྒྱ་གྲམ་དཔག་མེད་ཚེའི། །སངས་རྒྱས་ཀུན་གྱི་ཚེ་སྒྲུབ་པ། །ལྷ་མོའི་ཚོགས་རྣམས་ཐམས་ཅད་ཀྱི། །མཚན་མའི་ཕྱག་རྒྱའི་ཚོགས་བསྒྲུབས་ནས། །མདའ་དང་དེ་བཞིན་ཚངས་པའི་མགོ །དེ་བཞིན་འཁོར་ལོའི་ཕྱག་རྒྱ་དང༌། །རྡོ་རྗེ་དྲིལ་བུ་ཕྱག་རྒྱའི་མཆོག །དཔག་བསམ་ཤིང་གི་ལྕུག་མ་དང༌། །པདྨོ་རྟ་མགྲིན་འཕང་མཐོ་བ། །རྟ་མགྲིན་ལྗང་གུ་དེ་བཞིན་ནོ། །ཕག་གི་མཆེ་བ་གྲུབ་པ་དང༌། །ཟླ་བ་ཉི་མ་དེ་བཞིན་ཏེ། །རིན་ཆེན་སྣ་ཚོགས་སྣོད་ཆེན་དུ། །སངས་རྒྱས་ཀུན་གྱི་ར་ས་ཡན། །ཐམས་ཅད་བདག་ཉིད་མྱོང་སྐལ་བཟང༌། །མཚན་མའི་ཕྱག་རྒྱའི་ཚོགས་གཞན་ནོ། །གླིང་བུ་དང་ནི་པི་ཝང་དང༌། །ཀུ་མུ་ཏ་དང་མུཉྩ་ར། །མེ་ཏོག་བདུག་པ་མར་མེ་དང༌། །སྣ་ཚོགས་དྲི་རྣམས་དེ་བཞིན་ནོ། །རིམ་བཞིན་སྙིང་པོ་སྔགས་བཅས་པས། །རང་རང་


DTG027_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་མ་སྔགས་བཅས་དགོད། །མཚམས་བཞིར་བུམ་པ་གང་བ་བཞི། །བདུད་རྩི་ལྔ་ཡི་ཐོད་པར་བཅས། །རྒྱན་བཅས་མཆོད་པ་མ་ལུས་པ། །ཕྱོགས་མཚམས་སྟེང་འོག་གནས་སུ་དགོད། །ཆོས་གོས་དང་ནི་ལྷུང་བཟེད་དང༌། །དེ་བཞིན་དུ་ནི་འཁར་གསིལ་དང༌། །དམ་པའི་ཆོས་ཀྱི་གླེགས་བམ་དག །མཚན་མའི་ཕྱག་རྒྱའི་ཚོགས་བཞིན་ནོ། །དེ་བཞིན་ལྕེ་ཡི་ཕྱག་རྒྱ་དང༌། །ཆ་ལང་དང་ནི་རྔ་ཡབ་དང༌། །རྡོ་རྗེ་དང་ནི་རིན་ཆེན་སྒྲོན། །མཚན་མའི་ཕྱག་རྒྱའི་ཚོགས་གཞན་ནོ། །དེ་བཞིན་སངས་རྒྱས་གཟུགས་བརྙན་དང༌། །མེ་ལོང་དང་ནི་རླུང་ཡབ་དང༌། །རྡོ་རྗེ་སེར་པོ་སྤྲིན་དང་བཅས། །དེ་བཞིན་མིག་གི་ཕྱག་རྒྱའོ། །ལྷ་མོ་རྡོ་རྗེ་གླང་སོགས་ཀྱང༌། །འཁོར་ལོའི་མཚན་མས་བསྒྱུར་ཏེ་དགོད། །རྡོ་རྗེ་འབར་བ་ཁ་ཊྭཱཾ་ག །ཐོད་པ་ཁམ་ཕོར་དེ་བཞིན་ནོ། །དམར་ཆེན་པོ་དང་སྙིང་ཆེན་པོ། །ཤ་ཆེན་པོ་ཡང་དེ་བཞིན་ནོ། །རྣོན་པོ་མདའ་དང་དེ་བཞིན་འདྲེན། །ཆང་དང་ཆུ་ཡང་དེ་བཞིན་ཏེ། །ལྕུག་མ་རླུང་གིས་བསྐྱོད་པ་དང༌། །རང་དང་དེ་བཞིན་མེ་དག་དང༌། །རྡོ་རྗེ་འབར་བ་ཁ་ཊྭཱཾ་ག །གཞུ་དང་ཁ་ཊྭཱཾ་དྲིལ་བུར་བཅས། །འཁོར་ལོ་རྩེ་བརྒྱད་རྣོན་པོ་དང༌། །སྣ་ཚོགས་བ་དན་དྲིལ་བུར་བཅས། །མེ་ཏོག་མ་སོགས་ལྷ་མོ་བརྒྱད། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན། །པདྨ་སྣ་ཚོགས་དམར་པོ་དང༌། །ལྗང་གུ་དེ་བཞིན་དཀར་པོ་དང༌། །མཐིང་ཁ་སེར་པོ་ལེ་བརྒན་དག །པདྨའི་མཚན་མཆོག་རྣམ་པ་བདུན། །པདྨའི་སྙིང་པོ་བུད་མེད་བརྒྱ། །དེ་བཞིན་ཆོས་ཀྱི་འཁོར་ལོ་དང༌། །བསད་ཅིང་དཔལ་བསྐྱེད་རྡོ་རྗེ་དག །པདྨའི་མཚན་མའི་ཚོགས་གཞན་ནོ། །པདྨོ་དམར་པོ་ཏྲི་ཤཱུ་ལ། །པདྨ་སྣ་ཚོགས་འཁོར་ལོ་ཆེ། །པདྨ་སེར་པོ་ཆུ་སྲིན་རྒྱལ། །པདྨ་ལེ་བརྒན་རྡོར་རྩེ་ལྔ། །གླིང་བུ་ལ་སོགས་པདྨས་མཚན། །བཅུ་གཉིས་ལ་སོགས་དགོད་པར་བྱ། །གཞུ་དང་མདའ་དང་རལ་གྲི་དང༌། །དེ་བཞིན་དུ་ནི་འབར་བའི་མེ། །དབང་བསྐུར་གཏེར་དང་རྒྱལ་མཚན་དག །མཆོད་པའི་མཚན་མས་བསྡུ་བ་དང༌། །མདའ་དང་གཞུ་དང་རལ་གྲི་དང༌། །རྡོ་རྗེ་ཉི་མའི་འོད་ཟེར་བཅས། །རིན་ཆེན་གླིང་བུ་ལ་སོགས་རྣམས། །སོ་སོའི་གནས་སུ་དགོད་པར་བྱ། །སྣ་ཚོགས་རྒྱ་གྲམ་ལ་སོགས་བརྒྱད། །དེ་བཞིན་


DTG027_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྣ་ཚོགས་པདྨ་དང༌། །རྡོ་རྗེ་རྒྱ་གྲམ་དེ་བཞིན་ཏེ། །མཚན་མའི་ཕྱག་རྒྱ་གྲུབ་པ་གཉིས། །དཀྱིལ་འཁོར་གང་གི་གནས་ཞུགས་པ། །ལྷ་མོའི་མཚན་མ་རབ་བསྟན་ཏེ། །ཁྱད་པར་ལས་ཀྱི་མཚན་མ་དང༌། །ཡི་གེའི་རིགས་ཀྱིས་བརྒྱན་པའོ། །ཁ་དོག་རིགས་ཀྱིས་རྣམ་འབྱེད་ཅིང༌། །མཚན་མའི་ཕྲེང་བས་མཛེས་བྱས་པ། །བར་ཁྱམས་ས་གཞི་དཀར་པོ་ལ། །དབུས་ནི་ཁ་དོག་ལྔ་ལྡན་པའོ། །ཤར་སྒོ་ཀར་ཏི་འོད་གསལ་ཞིང༌། །གསེར་མདོག་ལྷོ་ཡི་སྒོ་ཕྱོགས་བརྗིད། །ནུབ་སྒོ་པུ་ཤ་རཱ་གའི་མདོག །བྱང་སྒོ་ཨིན་དྲ་ནཱི་ལའོ། །རྟ་བབས་རྒྱན་བཅས་མཚན་མའི་ཚོགས། །ཉི་ཤུ་རྩ་ལྔའི་མཚན་དང་ལྡན། །པདྨ་རྡོ་རྗེ་མེ་འོད་ཀྱི། །ཁ་དོག་རང་བཞིན་རྣམ་པར་གནས། །དུར་ཁྲོད་ཕྱོགས་མདོག་ཁྱད་པར་དང༌། །ཐུན་མོང་དབྱེ་བས་རྣམ་བསྟན་པའོ། །འདོད་འབྱུང་བདུད་རྩིའི་མདོག་ཅན་ལ། །ཕྱི་ཡི་ར་བ་བཻ་ཌཱུཪྻ། །དེ་ནི་སྣ་ཚོགས་བུམ་པ་དང༌། །མཆོད་པའི་ཚོགས་མང་རབ་དགོད་ཅིང༌། །རྒྱན་སོགས་ཕྲེང་བས་མཛེས་བྱས་ལ། །སྣ་ཚོགས་མེ་ཏོག་སྔགས་བཅས་དགྲམ། །མེ་ཏོག་དཀར་དང་དམར་བ་དང༌། །མཐིང་གསེར་པོ་ཀུན་བསྡུས་པ། །མེ་ཏོག་ཕྱག་རྒྱ་མཆོག་འདི་ནི། །འདོད་པའི་ཡོན་ཏན་ལྔ་ལ་སྤྲོ། །རྒྱ་སྐྱེགས་མཐིང་ག་ལྗང་གུའི་ཚོགས། །ཚོན་སྣ་ལྔ་ཡིས་བཙོས་པ་དང༌། །དཀར་བོ་ལྔ་ཡི་ཕྱག་རྒྱ་དང༌། །སྔ་མ་བཞིན་དུ་མཉམ་པར་འགྲུབ། །ཁམས་ལས་བྱུང་བ་ཐམས་ཅད་དང༌། །སྲོག་དང་རྩ་བ་དེ་བཞིན་ཏེ། །རྣམ་པར་མཛེས་ཤིང་དྲི་ཞིམ་པ། །སྔ་མ་བཞིན་དུ་མཉམ་པར་འགྲུབ། །ཙནྡན་གཉིས་དང་གླ་རྩི་དང༌། །ག་པུར་ན་ག་ལ་ལ་ཏི། །བདུག་པ་བུ་རམ་དང་སྦྱར་བ། །ལས་རྣམས་ཐམས་ཅད་ལས་འགྲུབ་པའོ། །གར་དང་ཏྲི་དང་གུ་གུལ་དང༌། །སརྫ་ག་པུར་གླ་རྩི་དག །རྫས་འདི་དག་ལས་བཙོས་པའི་མར། །མར་མེ་བྱས་ན་སྣང་བ་བསྐྱེད། །ཙནྡན་གུར་ཀུམ་པྲི་ཀ་དང༌། །ག་པུར་དང་ནི་གླ་རྩི་དག །བཙོས་པའི་བདུག་པ་བསྒྲུབ་པ་སྟེ། །སྤོས་ཀྱི་ཕྱག་རྒྱ་སྤོས་མཆོག་འགྱུར། །ཀ་ཀོ་ལ་དང་སུག་སྨེལ་དང༌། །གླ་སྒང་ག་པུར་གླ་རྩི་དང༌། །འདི་རྣམས་ཞིབ་ཏུ་བཏགས་པ་ནི། །སེང་ལྡེང་བུ་རམ་དག་དང་སྦྱོར། །ཤིང་


DTG027_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙ་པ་ཊ་ལོ་མ་དང༌། །ན་ལེ་ཤམ་དང་ག་པུར་སྦྱར། །ཧ་ས་ཀ་རིའི་ཤིང་མངར་གྱིས། །སྤྲུས་པ་ཁ་ཡི་སྤོས་ཡིན་ནོ། །མེ་ཏོག་དམར་པོ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་སྣ་ཚོགས་པ། །འཇིག་རྟེན་དབང་ལ་ཁ་དོག་དཀར། །སེར་པོ་མཁའ་ལས་བྱུང་བ་ལ། །ཙནྡན་བདུག་པ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་དུ་རུ་ཀ །སྤྱན་རས་གཟིགས་ལ་ཀ་པི་ཏ། །ལྕེ་པོག་རྡོ་རྗེ་ཉི་མ་ལ། །མར་མེ་ཕྲེང་བ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་མར་མེ་བདུན། །སྤྱན་རས་གཟིགས་ལ་མར་མེ་བརྒྱད། །སྟོང་ནི་རྡོ་རྗེ་ཉི་མ་ལ། །སངས་རྒྱས་རྣམས་ལ་ཙནྡན་སྤོས། །རྡོ་རྗེ་ཅན་ལ་གུར་ཀུམ་ཡིན། །སྤྱན་རས་གཟིགས་ལ་ཙནྡན་དམར། །ག་པུར་རྡོ་རྗེ་ཉི་མ་ལ། །མེ་ཏོག་ཕྲེང་དང་བདུག་པ་ཀུན། །དེ་བཞིན་མར་མེ་ཐམས་ཅད་དང༌། །སྤོས་རྣམས་ཐམས་ཅད་ཇི་སྙེད་པ། །རྡོ་རྗེ་ཅན་ལ་དབུལ་དུ་རུང༌། །སྲུང་བའི་འཁོར་ལོའི་ཆོ་ག་ཡིས། །དཀྱིལ་འཁོར་རྫས་བཅས་བསྲུང་བྱས་ནས། །སྟ་གོན་ནམ་མཁར་བཏེག་པ་རྣམས། །རང་གི་གནས་སུ་མ་ནོར་དགོད། །གཞི་རྟེན་སྦྱོར་བའི་ཏིང་འཛིན་གྱིས། །དམ་ཚིག་དཀྱིལ་འཁོར་གསལ་བ་དང༌། །ཡེ་ཤེས་དཀྱིལ་འཁོར་ལ་དམིགས་ཏེ། །མདུན་གྱི་དཀྱིལ་འཁོར་གཉིས་མེད་པའི། །དཀྱིལ་འཁོར་མཉེས་པའི་ལས་རྫོགས་ན། །གཟུགས་བརྙན་དཀྱིལ་འཁོར་གསལ་བ་གདབ། །རྒྱན་བཅས་རྡོ་རྗེ་དྲིལ་ཐོགས་པས། །ཡི་གེ་བརྒྱ་པའི་སྔགས་བཅས་ཀྱིས། །བསྐང་ཞིང་སྟང་སྟབས་སྦྱོར་ལྡན་པས། །དཀྱིལ་འཁོར་ལན་གསུམ་བསྐོར་ཞིང་བསྟོད། །དཀྱིལ་འཁོར་སྒྲུབ་པ་ཤིས་བྱས་ཤིང༌། །ལས་འགྲུབ་བར་ཆད་བསལ་བའི་ཕྱིར། །གཏོར་མའི་ཆོ་ག་རྒྱ་ཆེན་པོས། །འཇིག་རྟེན་པ་ཡི་མཆོད་སྦྱིན་བྱ། །དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་རུ། །སོ་སོའི་མཎྜལ་ལེགས་དགོད་དེ། །ཤར་དུ་ཆུ་དཀྱིལ་དཀར་པོའི་ཚུལ། །ལྟེ་བ་གྲུ་གསུམ་ཟླ་གམ་གསུམ། །གྲུ་བཞི་བར་ཁྱམས་སྒོ་དང་བཅས། །རིན་ཆེན་ཕྲེང་བའི་རྒྱན་ཚོགས་མཛེས། །གཙོ་བོའི་མདུན་དུ་ལྷ་ཆེན་པོ། །ཀཾ་ལས་བྱུང་བ་དྲག་པོ་ཡི། །མིག་གསུམ་ཏྲི་ཤཱུལ་དགྲ་སྟ་དང༌། །རལ་གྲི་ཐོད་པ་ཤ་ཁྲག་བཅས། །སྔོ་སྐྱ་ཐོད་པ་ཞགས་པས་དཀྲིས། །ཉི་ཟླ་


DTG027_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིན་ཆེན་ཕྲེང་བས་མཛེས། །དབུ་མ་ལྗང་སྐྱ་ཐོད་པ་ཐོགས། །ན་རའི་རྒྱན་བཅས་རྣམ་འཁྲིལ་གནས། །གཡས་སུ་ཚངས་པ་ཨོཾ་ལས་བྱུང༌། །གསེར་མདོག་གདོང་བཞི་ཕྲེང་བས་མཛེས། །ཁམས་གསུམ་སྐྱོབ་ཚུལ་རྣམ་འགྲུབ་མ། །མཛེས་མ་ཀུན་གཟུགས་རིན་ཆེན་འཛིན། །དབང་པོ་མིག་སྟོང་ཨ་ལས་བྱུང༌། །རྡོ་རྗེ་རྩེ་གསུམ་ཟླ་འདྲའི་མདངས། །འདོད་པའི་ལོངས་སྤྱོད་ཀུན་ལ་རོལ། །ཤ་ཙི་དཀར་མོ་རིན་ཆེན་དང༌། །གཡོན་དུ་ཧ་ལས་ཁྱབ་འཇུག་སྟེ། །ནག་པོ་དྲག་ཆེན་ཁྲོས་པའི་གཟུགས། །འཁོར་ལོ་རྩེ་གསུམ་མདའ་དང་གཞུ། །གཟུགས་ཆེན་ཆེན་མོ་པདྨའི་མདོག །འདོད་དབང་དམ་པ་ལས་བྱུང་བའི། །སེར་སྐྱ་སྣ་ཚོགས་རྒྱན་གོས་ཅན། །སྣང་བའི་མདའ་འཛིན་མོས་པའི་དཔུང༌། །དྲག་མོ་གནས་རྒྱལ་རིན་ཆེན་སྐྱེས། །ཀུན་ཀྱང་རང་རིགས་གཡོག་འཁོར་དང༌། །སྟན་དང་ལོངས་སྤྱོད་ཚོགས་བཅས་པའོ། །དབང་པོ་དཀར་སྐྱ་རྩེ་གསུམ་འཛིན། །གཤིན་རྗེ་སྔོ་ནག་ཐོད་དབྱུག་གདེངས། །ཆུ་ལྷ་དམར་སེར་ཞགས་པ་ཐོགས། །གནོད་སྦྱིན་ལྗང་གུ་ཨིནྡྲ་ནིར། །དབང་ལྡན་སེར་སྐྱ་རིན་ཆེན་མཛོད། །མེ་ལྷ་དམར་སེར་བགྲང་ཕྲེང་བུམ། །རླུང་ལྷ་དུད་ཁ་བ་དན་ཕྲེང༌། །བདེན་བྲལ་ལྗང་སྔོན་རིན་ཆེན་དབྱིག །རྒྱན་བཅས་བཞོན་པ་ཆུང་མའི་ཚོགས། །ལས་མཛད་གཡོག་འཁོར་བྲན་དང་བཅས། །སྒོ་བཞི་ཉི་མ་ཟླ་བའི་ལྷ། །ས་བདག་ས་ཡི་ལྷ་མོ་གནས། །རང་མདོག་མཚན་མ་རྒྱན་དང་བཅས། །གཡོག་འཁོར་བཞོན་པའི་གནས་ལ་འཁོད། །ལྷོ་ཕྱོགས་དཀྱིལ་འཁོར་ཟུར་གསུམ་གནག །གྲུ་གསུམ་ཟླ་གམ་ཁྱམས་དང་སྣོད། །མདུན་དུ་ལས་དག་མཁའ་འགྲོ་མ། །གཡས་སུ་རྡོ་རྗེ་རིན་ཆེན་མ། །གཡོན་དུ་པདྨ་སྣ་ཚོགས་མའི། །མཁའ་འགྲོ་ལྔ་རྣམས་འཇིགས་པའི་ཚུལ། །ཕྱོགས་བཞི་མཚམས་ཀྱི་ཁྱམས་དག་ལ། །དུར་ཁྲོད་མཁའ་འགྲོ་ཆེན་མོ་བརྒྱད། །སྒོ་བཞིའི་གནས་སྲུང་དྲག་མོའི་ཚོགས། །རུ་ལུ་རུ་ལུའི་སྒྲ་འདོན་མ། །ཀུན་ཀྱང་བྷྱོ་ལས་རྣམ་འཕྲུལ་ཞིང༌། །མདོག་ནག་གྲི་གུག་ཐོད་པ་ཐོགས། །མི་ཡེ་ཐོད་ཕྲེང་ལེགས་པས་མཚན། །


DTG027_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་ཚིག་མཚན་མ་གཡོག་འཁོར་བཅས། །ནུབ་ཀྱི་པདྨ་དམར་པོ་ལ། །ཀླུ་བརྒྱད་ཡི་གེ་ཕུ་ལས་བྱུང༌། །སྣ་ཚོགས་སྦྲུལ་མགོ་གདེངས་ཀ་ཅན། །ཕྱོགས་མདོག་རིན་ཆེན་སྙེ་མ་དང༌། །བཅས་པའི་ཐལ་མོས་ཕྱོགས་སུ་གུས། །ནོར་བུའི་རྒྱན་ཕྲེང་ཆུང་མ་དང༌། །ལོངས་སྤྱོད་གཡོག་འཁོར་བཅས་པ་ཡིས། །རང་གི་ལས་བཞིན་རྣམ་པར་སྤྱོད། །བྱང་དུ་མཎྜལ་འབྱུང་ཆེན་དབྱིབས། །སེར་པོ་བར་ཁྱམས་དྲུག་པ་ལ། །ཨ་ནྲི་སུ་ཏྲི་པྲེ་དུ་ལས། །འགྲོ་བ་དྲུག་པོ་མ་ལུས་པ། །སྒོར་བཞིར་འབྱུང་པོ་མ་ལུས་རྣམས། །གཟུགས་གཞག་རིད་པ་མི་སྡུག་དགོད། །རང་རིག་སྔགས་དང་ཕྱག་རྒྱ་ཡིས། །སྤྱང་ཞིང་བྱིན་བརླབས་སྐུ་རྫོགས་པར། །བྱས་ནས་རང་རིགས་བདག་པོས་བརྒྱན། །རང་གི་རིགས་ལས་རྣམ་པར་དག །སྒེག་མོ་དང་ནི་ན་ཆུང་དང༌། །མོས་དང་དེ་བཞིན་བདུད་རྩི་དང༌། །གཅིག་པུ་པ་དང་འདོད་ཆགས་སྲ། །གཡོན་ཅན་བྲན་མོ་དེ་བཞིན་ཏེ། །ལན་ཚ་ལ་སོགས་རོ་ཀུན་དང༌། །ཀ་ར་ལ་སོགས་བདུད་རྩི་སྦྱིན། །བདག་ཉིད་ཀུན་གྱིས་རོ་གྲུབ་པས། །མ་ལུས་ལུས་པ་མེད་པར་འགྲུབ། །ཤ་དང་ཆང་དུ་ལྡན་པ་ཡི། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །དག་པའི་ལོངས་སྤྱོད་སྐལ་མཆོག་སྟེ། །ཚེ་ཡི་དམ་ཚིག་རབ་ཏུ་གྲུབ། །ཨ་མྲ་སྨིན་དང་རྒུན་འབྲུ་དང༌། །པ་ན་ས་དང་ནི་ལི་གེར། །ཨ་རུ་ཀ་ལ་སོགས་པ་ཡི། །འབྲུ་ཡི་ཕྱག་རྒྱ་མཆོག་རྣམས་དང༌། །ཁ་ར་སྦྲང་རྩིའི་བྱུག་པ་ཡི། །ཨ་མྲ་ལ་སོགས་ཚི་གུར་བཅུག །ཧ་ས་ཀ་རི་མར་ལ་སོགས། །མཉམ་པའི་དྲི་ཡིས་བསྐུ་བར་བྱ། །སྤང་དང་རྒྱ་སྐྱེགས་ལ་སོགས་པའི། །ཚོན་གྱིས་མཐུན་པར་ཁ་བསྒྱུར་ནས། །ཤུན་པ་གྲོ་ག་ལ་སོགས་བྱས། །མཆོད་པའི་ཚེ་ན་དབུལ་བར་བྱ། །སངས་རྒྱས་རྣམས་ལ་སྤོས་དབུལ་བ། །ཤ་དང་ཆང་ནི་རྣམ་པར་སྤང༌། །གླུ་དང་སིལ་སྙན་གྲུབ་པ་དང༌། །གདུགས་དང་རྒྱལ་མཚན་བ་དན་དང༌། །ཤ་དང་ཆང་དུ་བཅས་པར་ནི། །གཏོར་མའི་མཆོད་རྟེན་སྣ་ཚོགས་པའོ། །བདག་གི་དབང་ཕྱུག་སྐལ་བཟང་པོ། །རྡོ་རྗེ་ལས་ནི་དཔལ་གྲུབ་པའོ། །བཤོས་དང་གཏོར་མ་དཀར་པོ་དང༌། །པདྨའི་མེ་ཏོག་ལྡན་པ་ནི། །


DTG027_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱན་རས་གཟིགས་དབང་གཙོ་བོ་ལ། །ཕུལ་ནས་དགོས་པ་ཐམས་ཅད་འགྲུབ། །རྒྱལ་པོ་ཁ་ཟས་སྣ་ཚོགས་པ། །ཤ་དང་ཆང་དུ་ལྡན་པ་དག །གླུ་དང་སིལ་སྙན་སྐལ་བཟང་ཀུན། །རྡོ་རྗེ་ལྟ་སྟངས་ཉི་མ་ཡི། །རྡོ་རྗེ་ཉི་མའི་འཁོར་ལ་དབུལ། །ཁ་ཟས་ཀུན་གྱི་རོ་རྣམས་དང༌། །ཤ་དང་ཤ་ཡི་མཆོག་རྣམ་དག །ཤ་ཡི་སྦྱོར་བ་ཤ་སྐམ་ཚོགས། །བཤོས་དག་རྡོ་རྗེ་རྟ་ལ་དབུལ། །ཐོད་པ་སྣོད་དུ་སྦྱར་བ་ཡི། །བཟའ་བཏུང་བཅའ་བ་སྣ་ཚོགས་རྣམས། །ཧ་ཧོཿཧྲཱི་ཡིས་བསྲེགས་སྦྱངས་བརླབས། །མགྲོན་ཚོགས་རྣམས་ལ་བསྔོ་བར་བྱ། །མཆོད་པ་རྫས་ཆེན་མ་ལུས་པ། དང་པོ་དྲི་ཡི་ཆུས་སྦྱངས་པ། །སྣ་ཚོགས་སྒྲ་སྙན་བ་དན་ཚོགས། །བཀོད་པའི་མཆོད་གཏོར་བྱིན་བརླབས་སྤེལ། །སངས་རྒྱས་རྡོ་རྗེ་སེམས་དཔའ་སོགས། །རྟ་མཆོག་གཟུགས་སུ་སྤྲུལ་བྱས་ནས། །མཆོད་པའི་ཚེ་ན་དབུལ་བར་བྱ། །མགྲོན་གྱི་ཚོགས་རྣམས་བསྡུ་བར་བྱ། །ཨོཾ་བཛྲ་ས་མ་ཡེ། ཨེ་ཨ་ར་ལི་བྷྱོ་ཨ་ཨ་ཛ་ཛ། འཁོར་བཅས་བསྡུས་པས་འོངས་པ་དང༌། །དམ་ཚིག་ཕྱག་རྒྱ་རྣམ་གསུམ་བསྟན། །ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ལ་སྟྭཾ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ཧོ་ས་མ་ཡ་ཧོ། །ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ཧོ་ས་མ་ཡ་ཕཊ། ཨི་དམ་པུཥྤེ་དྷཱུ་པེ་ཏཱི་པེ་གནྡྷེ་པཱུ་ཛ་སྥ་ར་ཎ་ཨརྒྷཾ་བ་ལིཾ་ཁཱ་ཧི། ཡཾ་ལས་བསྐྱེད་པའི་གཞུ་འདྲ་དབྱིབས། །བ་དན་གཡོ་བས་མཚན་པའི་སྟེང༌། །རཾ་བྱུང་མེ་ཡི་དཀྱིལ་འཁོར་དམར། །འབར་བ་གྲུ་གསུམ་ར་ཡིས་མཚན། །ཀཾ་བྱུང་ཐོད་པ་མཚན་ལྡན་ནང། །འོད་གསལ་ཆགས་མེད་ལ་གནས་པའི། །མི་འཆི་ལྔ་སོགས་ཕྱོགས་དང་མཚམས། །ཨ་ལས་བྱུང་བའི་ཟླ་བ་དང༌། །ཧཱུཾ་ལས་རྡོ་རྗེ་དགབ་པར་བྱ། །ཧཱུཾ་ཨོཾ་ཧྲཱིཿཧྲཱི་ཏྭཾ་ཧཾ་བཞི་པའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཐཱ། རིམ་བཞིན་སྔགས་དང་མཚན་མ་དང༌། །སྐུ་གྱུར་འཕྲོ་དང་འདུ་བ་ཡིས། །ཡེ་ཤེས་བདུད་རྩི་བཀུག་བྱས་ཏེ། །རྡོ་རྗེ་བཞུགས་ནས་སྣོད་བཟང་གཏམས། །ཟླ་འདྲ་འོད་ཟེར་ལྔ་བཅས་པས། །དཀྱིལ་འཁོར་ཚོགས་བཅས་མཉེས་པར་བྱ། །ཨོཾ་འཇིག་རྟེན་ཀུན་གྱི་གཙོ་མཛད་པའི། །འཇིགས་ཆེན་དྲེགས་བྱེད་སྟོབས་ལྡན་པ། །


DTG027_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་གཤེགས་སྲས་མཆོག་བྲན་མཛད་པའི། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཅན། །དབང་ཕྱུག་ཆེན་མོ་ཆུང་མར་བཅས། །དེ་བཞིན་ཁྱབ་འཇུག་ཚངས་པ་དང༌། །བརྒྱ་བྱིན་འདོད་ཁམས་ཆུང་མར་བཅས། །ལྷ་ཆན་འཁོར་དང་བཅས་ཚོགས་དང༌། །ཕྱོགས་སྐྱོང་བརྒྱད་པོ་འཁོར་བཅས་དང༌། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང༌། །མཁའ་འགྲོ་དྲག་པོ་གསུམ་འཛིན་མ། །དུར་ཁྲོད་མ་མོའི་ཚོགས་བཅས་དང༌། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་དང༌། །མཁའ་འགྲོ་དྲུག་པོ་འཁོར་བཅས་རྣམས། །སྐུ་གསུང་ཐུགས་སོགས་སྤྱང་བྱས་ནས། །རང་གི་ལྷ་ཡི་གཟུགས་འཛིན་རྣམས། །གནས་འདིར་འདུས་པའི་དམ་ཚིག་ཅན། །མཆོད་གཏོར་རྒྱུན་དང་བཅས་པ་བཞེས། །དམ་ཚིག་སྲུངས་ཤིག་དམ་ཚིག་ཅན། །ལས་ལ་སོགས་པའི་མཁའ་འགྲོའི་ཚོགས། །མཁའ་འགྲོ་ཆེན་མོ་འཁོར་བཅས་རྣམས། །རྣལ་འབྱོར་སྒྲུབ་པའི་གྲོགས་མཛོད་ཅིང༌། །ལས་མཛད་རྡོ་རྗེ་བྲན་མཛད་པས། །ཞི་རྒྱས་དབང་དྲག་ལས་གྲུབ་ཅིང༌། །ཐེག་ཆེན་གསང་སྔགས་བསྲུང་བ་དང༌། །ནད་དང་གདོན་སོགས་ཞི་བ་དང༌། །ཚེ་དང་བཀྲ་ཤིས་སྤེལ་བ་དང༌། །བདེ་ལེགས་འབྲས་བུ་གྲུབ་པར་མཛོད། །ཨོཾ་ཨཱཿ་ཧཱུཾ་པདྨ་བ་མུ་ཁི་ཧཱུཾ་ཧྲཱིཿ། རྟ་མགྲིན་ཕྱག་རྒྱ་རྣམ་གཉིས་ཀྱིས། །ལས་རྣམས་དངོས་གྲུབ་ཚོགས་གྱུར་ཅིག །དངོས་གྲུབ་དབང་དུ་བྱས་ནས་ནི། །རང་གི་གནས་ལ་དགོད་པར་བྱ། །ཨོཾ་ཧྲཱི་བཛྲ་ཌཱ་ཀི་ནི་མཾ་བ་ལིཾ་ཏ་པྲ་ཏཱི་ཙྪ་ཧཱུཾ་ཁཱ་ཧི། ཨོཾ་ཧ་ཧྲི་ཧ་ཁཱ་ཧི། ཐུགས་རྗེ་ཆེན་པོས་གཟིགས་ནས་ཀྱང༌། །སྣ་ཚོགས་རྒྱུད་རྣམས་སྤྲུལ་མཛད་པའི། །གར་མཁན་འཁོར་ལོའི་རྒྱུད་མངའ་བ། །དྲག་པོ་ཞི་མཛད་ཁྱོད་ལགས་སོ། །སྣ་ཚོགས་གར་གྱིས་རྣམ་པར་འཕྲུལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལ་སོགས་མཚོན་ཆས་རོལ་ལ་ཕྱག་འཚལ་ལོ། །མ་ལུས་ལྷ་ཡི་ལྷ་མཆོག་སྐྱོང་ལ་ཕྱག་འཚལ་ལོ། །དབའ་རྩལ་རྫོགས་བཅུ་ཤུགས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་ཏི་བྷུ་ཧོ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་བོའི་སུལ་དང་འབབ་ཆུའི་གླིང༌། །ཁྱིམ་གྲོང་གྲོང་གི་ངོགས་གནས་སོགས། །ཞིང་ཁམས་གྲོང་ཁམས་


DTG027_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོང་པ་དག །སེམས་ཅན་སྣོད་དང་ཐང་སོགས་པ། །ཆུ་ཡི་གནས་མལ་ཁྱད་པར་དུ། །དྲག་པོ་ནག་པོ་དྲག་ཆེན་མོ། །མ་མོ་དང་ནི་མཉམ་པར་གནས། །ནག་པོ་གཙིགས་པ་འཇིགས་སུ་རུང༌། །དགའ་ལས་འདས་དང་ལོག་འདྲེན་མ། །གདོལ་པ་ཆེན་མོ་ལམ་པ་ཀྱི། །སུམ་ཅུ་རྩ་གསུམ་དབང་ཕྱུག་མ། །གཡོན་ལྡན་མར་མེ་འཇིགས་བྱེད་མ། །གྲོང་དུ་གནས་པའི་རྣལ་འབྱོར་ཚོགས། །འཇིགས་པའི་གཟུགས་འཛིན་འཇིགས་ཆེན་མོ། །མཆེ་བ་གཟུགས་ངན་འཇིགས་པ་ཉིད། །ཐོད་པའི་ཕྲེང་བ་འཕྱང་བ་དང༌། །མཐུ་ཆེན་ལག་ན་ཁ་ཊྭཱཾ་ག །ལག་ན་དགྲ་སྟ་རལ་གྲི་དང༌། །རྡོ་རྗེ་མཚོན་ཆ་གཞུ་ཡི་ལག །མཁའ་འགྲོ་ཆེན་པོ་དེ་ཉིད་ཆེ། །ལས་རྣམས་རྗེས་སུ་སྒྲུབ་པར་བྱེད། །རྣལ་འབྱོར་དཀྱིལ་འཁོར་རྒྱལ་ཆེན་པོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ལས། །སྐྱོན་མེད་རྣལ་འབྱོར་འབྱིན་པ་མོ། །ཐམས་ཅད་གནས་ནས་ཚོགས་པ་རྣམས། །རང་གི་དམ་ཚིག་ལས་མཛོད་ཅིག །ཨོཾ་ཀཀྐ་ཌྷ་ན། བབྦནྡྷ་ན། ཁ་ཁྑཱ་ད་ན། སརྦ་དུཤྚ་ནཾ། ཧ་ན་ཧ་ན། གྷ་གྷ་གྷཱ་ཏ་ཡ། ཨ་མུ་ཀ་སྱ། ཤཱིནྟཾ་ཀུ་རུ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཛྭ་ལ་སྭཱཧཱ། ཨོཾ་ཨཱཿཧཱུཾ་མུཿབཛྲ་གཙྪ། དཀྱིལ་འཁོར་ཆེན་པོ་ཐོག་མ་དང༌། །བར་དང་ཐ་མའི་གནས་རྣམས་སུ། །ཞི་རྒྱས་དབང་དང་མངོན་སྤྱོད་དང༌། །ལས་ཀུན་པ་ཡི་སྦྱིན་སྲེག་བརྩམ། །གསང་སྔགས་ཀྱིས་ནི་འགྲུབ་བྱེད་ཅིང༌། །སྦྱིན་སྲེག་ལས་ཀྱིས་འབྲས་བུ་འབྱིན། །སྒྲུབ་པ་ཐམས་ཅད་དོན་ཡོད་པར། །སྔགས་བཟླས་སྦྱིན་སྲེག་ཤིས་པ་ཡིན། །བཟླས་བརྗོད་གྲངས་ནི་བཅུར་འགྱུར་ཏེ། །སྦྱིན་སྲེག་སྔགས་གྲངས་བཅུ་ཆའོ། །དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ། །ལས་ཀུན་པ་དང་རྒྱས་པ་བརྩམ། །བྱང་དུ་ཞི་བ་ལྷོར་མངོན་སྤྱོད། །ནུབ་ཏུ་དབང་དང་དགུག་པའི་ལས། །ཐབ་ཁུང་གི་ནི་ནང་རྒྱ་རུ། །ཁྲུ་གང་ཟབས་སུ་ཕྱེད་བརྐོ་ཞིང༌། །ཁ་ཁྱེར་རིམ་གསུམ་བསྐྱེད་བྱས་ལ། །རིམ་བཞིན་སོར་ནི་བཞི་བཞིར་གནས། །ཞི་ལ་ཟླུམ་པོ་རྒྱས་གྲུ་བཞི། །དབང་ལ་ཟླ་གམ་གྲུ་གསུམ་དྲག་དཀར་སེར་དམར་གནག་རིམ་


DTG027_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་ནོ། །ལས་ཀུན་དབྱིབས་དང་མདོག་ཀུན་ལྡན། །འཁོར་ལོ་རིན་ཆེན་པདྨ་དང༌། །རྡོ་རྗེས་མཚན་ཅིང་ཕྲེང་བས་བརྒྱན། །ཚནྡན་དཀར་པོ་དན་དཀའི། །ཤིང་སོགས་འོ་མ་དང་ལྡན་པའི། །མངར་གསུམ་དྲི་ཡི་ཆུས་བྱུགས་པའི། །ཞི་བའི་ཁང་པ་ཟླུམ་པོར་བརྩིག་གསེར་ཞིང་བིལ་བ་མ་དན་དང༌། །འབྲས་བུ་མེ་ཏོག་དང་བཅས་པ། །གི་ཝང་ཛཱ་ཏི་སེར་པོའི་ཤིང༌། །རྒྱས་ལ་རིན་ཆེན་ཟུར་བརྒྱད་དབྱིབས། །རྒུན་ཤིང་ཁམ་བུ་དྷི་ཀ་རི། །ནགས་ཀྱི་ལྕུག་མ་དྲི་མར་སོགས། །གུར་ཀུམ་དྲི་སོགས་དམར་པོའི་མདོག །དབང་ལ་རྩི་གསུམ་ཟླ་གམ་དབྱིབས། །བསེ་ཤུན་སྟ་རུ་མརྒ་ཏི། །སེང་ལྡེང་སྨུག་པོ་འབྲས་བུའི་ཤིང༌། །ཆག་གས་གདུག་པའི་རྫས་བཅས་པས། །དྲག་པའི་དབྱིབས་བཞིན་བསྟན་པའོ། །རྩེ་མོའི་ཆ་ལས་བྱུང་བ་ཡི། །སོར་བཞི་བརྒྱད་དང་བཅུ་དྲུག་གཉིས། །སོ་སོར་དམར་གྱིས་བྱུགས་པ་ལ། །མེ་ཏོག་དྲི་བཅས་བརྒྱན་པར་བྱ། །ཐབ་ཀྱི་ཕྱི་རོལ་ཉེ་འཁོར་དག །ཀུ་ཤ་རྒྱན་དང་མཚོན་ཆ་དང༌། །མེ་ལོང་རྔ་མ་ཡོལ་བ་བཅས། །ཚོན་སྣ་ལྔ་ཡི་ཐག་པས་བསྐོར། །མེ་ཏོག་བདུག་པ་མར་མེ་དྲི། །སྨན་མར་འབྲུ་རྣམས་བདུད་རྩི་ཆང༌། །མེ་ཏོག་རིམ་གྱིས་བརྒྱན་པ་དང༌། །ཏིལ་འབྲུ་ཉུངས་ཀར་མངར་གསུམ་རྫས། །འོ་མ་འབྲས་ཆང་ཞོ་མར་ཆན། །གྲོ་འབྲས་མ་ཤ་ནས་སོ་བ། །བིལ་བ་ཀུ་ཤ་སྟར་ཀ་དཱུ་ར། །ཛཱ་ཏ་ཕ་ལ་འབྲས་བུ་གསུམ། །ཨུ་དུམ་ནགས་ཀྱི་ལྕུག་སོགས་ཤིང༌། །རིན་ཆེན་ཕྲེང་བ་བ་དན་སོགས། །མི་འཆི་ལྔ་དང་ལྕགས་ཀྱུ་བཅས། །སྒྲུབ་པ་པོ་ཡི་མདུན་དུ་གཞག །གཡས་སུ་རྡོ་རྗེ་དྲིལ་བུ་དང༌། །ཡམ་ཤིང་ཏིལ་འབྲུ་རླུང་གཡབ་གཞག །གཡོན་དུ་མེ་ཏོག་དྲི་ཆུ་བཅས། །དཱུར་བ་ཀུ་ཤའི་ཆུན་པོ་དག །མཆོད་ཡོན་ཡན་ལག་བརྒྱད་ལྡན་པ། །མཆད་རྫས་ཀུན་གྱི་སྣ་ལ་དགོད། །ཧཱུཾ་བཞིའི་སྦྱོར་བས་བགེགས་བསལ་ཞིང༌། །རྫས་རྣམས་བསངས་སྦྱངས་གནས་སུ་དགོད། །རྡོ་རྗེ་སེམས་དཔའི་སྦྱོར་བ་ལས། །རིགས་ཀྱི་དཀྱིལ་འཁོར་གསལ་བྱས་ནས། །ཆས་གོས་ལྔ་པོ་བགོས་བྱས་ཏེ། །ཕྱག་རྒྱ་ལྔ་སོགས་རྒྱན་གྱིས་མཚན། །བདུད་རྩིའི་རི་ལུ་ཁར་བཅུག་ཅིང༌། །


DTG027_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་པོ་ཀུན་ལ་ཐིག་ལེས་མཚན། །སྙོམས་འཇུག་ཕྱག་རྒྱའི་ཚུལ་བཞིན་དུ། །དཀྱིལ་འཁོར་གྲུ་བཞི་སོགས་རྣམ་པས། །བྱམས་པའི་སེམས་སོགས་ཉར་གཞག་སྟེ། །དུས་བཞིའི་བྱེ་བྲག་དབྱེ་བ་ཡིས། །སོ་སོའི་སྟན་ལ་ལེགས་གནས་པས། །ཕྱོགས་བཞིར་ལྟ་ཚུལ་ལས་ལ་དམིགས། །ཀུ་ཤ་རུས་པ་མཚན་མའི་དབྱིབས། །དག་བྱེད་གཡོན་པའི་མིང་མེད་བརྒྱན། །ལུས་ངག་ཡིད་གསུམ་མཐུ་བསྐྱེད་ཅིང༌། །བདག་དང་འགྲོ་བ་སྦྱངས་བྱས་ནས། །འཕགས་དང་སེམས་ཅན་ལ་དམིགས་ཏེ། །མཛད་པ་རྒྱ་ཆེན་རབ་སྤྱོད་དོ། །གཞི་རྟེན་སྦྱོར་བ་ལ་གནས་པས། །དམིགས་པ་གསུམ་གྱི་ལས་རྫོགས་ནས། །རང་གི་སྔགས་དང་ཕྱག་རྒྱ་ཡིས། །ཐམས་ཅད་བྱིན་གྱིས་བརླབ་པར་བྱ། །མདུན་དུ་དཔལ་མཆོག་ལས་བྱུང་བའི། །རཾ་བསྐྱེད་ལས་དང་རྗེས་མཐུན་པའི། །དཀར་སེར་དམར་གནག་གོ་རིམས་བཞིན། །ཞི་རྒྱས་ལས་མཛད་མེ་ལྷ་བསྐྱེད། །མིག་གསུམ་གདོང་བཞི་རལ་པ་ཅན། །གསུས་པོ་ཆེ་ལ་ཕྱག་བཞི་པ། །མི་འཇིགས་བགྲང་ཕྲེང་སྤྱི་བླུགས་དང༌། །དབྱུག་པ་སྲད་བུའི་ཕྲེང་བ་ཐོགས། །སུམ་མདོ་རིས་མཚན་ཡུམ་དང་ཁྲིལ། །པདྨའི་གདན་ལ་རྣམ་པར་གནས། །དབང་བསྐུར་བྱིན་བརླབས་དབུ་རྒྱན་ཅན། །མེ་རི་འབར་བས་མཚན་བཅས་པ་འོ། །ཛཿཧཱུཾ་བཾ་ཧོཿའི་སྦྱོར་བ་དང༌། །སྔགས་སོགས་འོད་ཟེར་ཕྱག་རྒྱ་ཡིས། །སྔ་མའི་ཆ་ལུགས་འདྲ་བ་ཡི། །ལྷ་ཉིད་གནས་སུ་དགུག་པར་བྱ། །གཡས་ནི་མི་འཇིགས་སྦྱིན་པ་ལས། །མཐེ་བོང་སྲིན་ལག་རྩར་བཟུང་བསྐྱོད། །ཨོཾ་ཨེ་ཧྱེ་ཧི། མ་ཧཱ་བྷུ་ཏ། དེ་བ་རྀ་ཥི་དྭི་ཛ་སཏྭ། མ་ཏི་ཀྲི་ཏ་ཨ་ནུ་མ་ཧཱ་ས་ནོད་ཏོཏ་བ་བྷ། ཨོཾ་བ་བྷ་ཀ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རི་སརྦ་དྲ་བྱཾ་ཤྭ་དྷ་ཡ་སྭཱཧཱ། གནོད་མཛེས་སྔགས་ཀྱིས་བགེགས་བསྐྲད་དེ། །གཉིས་མེད་ཕྱག་རྒྱ་བཞི་ཡིས་གདབ། །དགེ་འདུན་རྒྱལ་པོ་སྨད་འཚོང་དང༌། །རིགས་ངན་ཤན་པའི་རིགས་དག་གམ། །མེ་ལོང་མེ་ཤེལ་གཙུབ་ཤིང་དང༌། །རྡོ་ལྕགས་སྦྱོར་བའི་མེ་བླངས་ནས། །གཡས་ནས་ལན་གསུམ་


DTG027_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྐོར་བྱས་ཏེ། །སྔགས་དང་ཕྱག་རྒྱས་རླུང་གཡབ་གཡབ། །ཨོཾ་ཨ་ཊཀྐི་ཧཱུཾ། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ཨོཾ་ཨ་ཛྙཱ་ན་ཛྭ་ལ་རཾ། གཡས་པས་ཀུ་ཤ་ཆུན་པོ་ཡིས། །ཕྱོགས་རྣམས་ཀུན་དུ་བསང་གཏོར་བྱ། །ལག་གཉིས་མཆོད་ཡོན་ཕྱག་རྒྱ་ཡིས། །དུང་ཆོས་བླངས་ཏེ་དབུལ་བར་བྱ། །དགང་གཟར་རྒྱར་ནི་སོ་བཞི་ལ། །ཟབས་སུ་སོར་གཉིས་ཚད་བརྐོས་པས། །རྩེ་མོ་རྒྱུན་འཇུག་སེར་བཞི་པ། །པད་འདབ་བུག་པ་མཐེའུ་ཆུང་ཚད། །རང་གི་ཕྲེང་བའི་མཚན་མས་བསྐོར། །ཁྲུ་གང་རྡོ་རྗེ་རིན་ཆེན་བཅས། །བླུགས་གཟར་སོར་གཉིས་ཕྱེད་བརྐོས་ཤིང༌། །པད་འདབ་རྡོ་རྗེའི་མཚན་མས་བརྒྱན། །ཐོག་མ་བར་དང་མཐའ་མར་བཅས། །བར་དུ་རྫས་གཞན་སྣ་ཚོགས་པའོ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭཱ་ལ་སརྦ་བྷི་སྨིཾ་ཀུ་རུ་སརྦ་དུཥྚ་ཧཱུཾ་ཕཊ། མེ་སྦར་བ་ཡི་དོན་ཆེད་དུ། །དགང་བླུགས་གསུམ་མམ་བདུན་ཕུལ་ལ། །བགགས་ཀྱི་མཚན་མ་བརྟགས་བྱས་ཏེ། བཟློག་གཟིར་མནན་པའི་ལས་རྣམས་བྱ། །ཨོཾ་ན་མཿས་མནྟ་ཨགྣ་ཡེ་སྭཱཧཱ། དགང་བླུགས་དབུལ་བའི་སྔགས་སོ། །ཨོཾ་སརྦ་པཱ་པཾ་ད་ཧ་ནཱ་ཡ་སྭཱཧཱ། ཏིལ་གྱིའོ། །ཨོཾ་ཨགྣ་ཡེ་བཛྲ་ཛྙཱ་ན་སྭཱཧཱ། ཡམ་ཤིང་གིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲྭ་ཡ་སྭཱཧཱ། ཏིལ་དང་མར་བསྲེས་པའིའོ། །ཨོཾ་སརྦ་སཾ་པ་དེ་སྭཱཧཱ། ཞོ་འིའོ། །ཨོཾ་སརྦ་སི་མ་ཏེ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། དཱུར་བའི་མྱུ་གུ་མར་གྱིས་བྱུགས་པའི་འོ། །ཨོཾ་མ་ཧཱ་བེ་ག་ཡེ་སྭཱཧཱ། ནས་ཀྱིའོ། །ཨོཾ་བཛྲ་གྷསྨ་རི་ཡེ་སྭཱཧཱ། གྲོའིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱཧཱ། འབྲས་སོ་བའིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱཧཱ། མ་ཤའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱ། འབྲས་སོ་བའི་འོ། །ཨོཾ་པུ་ཤེ་ཡེ་སྭཱཧཱ། འབྲས་མ་གྲུས་པ་དང་མར་བསྲེས་པའི་འོ། །ཨོཾ་མ་ཧཱ་ཤོ་པ་ཡེ་སྭཱཧཱ། བིལ་བ་དང་སྟར་གའིའོ། །རྫས་གཞན་སྣ་ཚོགས་གང་ཡིན་དག །རིགས་ཀྱི་གཙོ་བོའི་གསང་སྔགས་སམ། །ཡི་གེ་བདུན་ནམ་ལྔ་ཡིས་སམ། །རང་མིང་སྦྱར་བས་དབུལ་བར་བྱ། །ཨོཾ་པྲ་བར་སཏ་ཀཱ་ར་པྲ་ཏཱིཙྪ་ཧོ་སྭཱཧཱ། ཞེས་བྱ་བས་ཡང་དགང་བླུགས་དབུལ་ལོ། །དེ་ནས་ཉེ་རེག་སོགས་དག་བྱས། །མཆོད་


DTG027_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལྔ་ཡིས་མཉེས་པ་དང༌། །བདེན་པའི་དབྱངས་ཀྱིས་བསྟོད་བྱས་ནས། །རང་གི་ལས་ལ་རབ་ཏུ་བསྐུལ། །ལག་གཉིས་ཐལ་སྦྱར་བསྐྱོད་བྱས་ཏེ། །རྫས་རྣམས་ལན་གསུམ་སྤྱང་བར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལི་བི་མ་ལ་རི་ཏི་བཛྲ་ཊཀྐི་ནི་ཧྲྀ་ད་ཡ་ཧཱུཾ་ཕཊ། མེ་གནས་གཞལ་ཡས་གདན་བཅས་ལ། །གཟུགས་བརྙན་དཀྱིལ་འཁོར་རིམ་བཞིན་དགོད། །བཞུགས་གསོལ་ཞབས་བསིལ་སོགས་དབུལ་ཞིང༌། །མཆོད་བསྟོད་ཆོ་ག་རྒྱ་ཆེན་བྱ། །ལས་ཀྱི་ཆོ་ག་བཞིན་དུ་ནི། །མི་གནས་ཁང་བ་གདན་བསྐྱེད་ཅིང༌། །དམ་ཚིག་དཀྱིལ་འཁོར་རིམ་བཞིན་དགོད། །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་ཚོགས། །མཆོད་པའི་ཕྱག་རྒྱས་མཉེས་པ་དག །སོ་སོའི་ལས་ལ་རྣམ་པར་སྦྱར། །རང་གི་རིགས་ཀྱི་དཀྱིལ་འཁོར་དག །སྦྱོར་སྔགས་མཐའ་མའི་གནས་སུ་སྤེལ། །ཡམ་ཤིང་འོད་ལ་དབུལ་བྱས་ཏེ། །ཏིལ་ཞོ་ནས་ནི་ཕྱག་ཏུའོ། །ཀུ་ཤ་དཱུར་བ་གཙུག་ཏོར་ལ། །མར་ཁུ་ནས་གྲོ་སོ་བ་དང༌། །མ་ཤ་ཀ་སོགས་ཞལ་དུ་དབུལ། །ཞུ་བའི་རྫས་ཀུན་དེ་བཞིན་ནོ། །སྤོས་རྣམས་ཤངས་ལ་མེ་ཏོག་སྤྱན། །དྲི་མཆོག་དཀར་དམར་མེ་ཡི་འོད། །མཆོད་ཡོན་འཐོར་འཐུང་ཕྱག་ཏུ་དབུལ། །བདུད་རྩི་ལྗགས་ལ་གོས་མཆོག་སྐུ། །རིན་ཆེན་ཕྲེང་བ་དབུ་དང་སྙན། །རོལ་མོའི་རྫས་རྣམས་མདུན་དུའོ། །དེ་ནས་སློབ་དཔོན་ལ་སོགས་པའི། །སྡིག་པའི་གཟུགས་བརྙན་སྦྱངས་བྱས་ནས། །བསྲུང་ཤིང་ཤིས་པའི་ལས་ཀུན་དང༌། །འདོད་དོན་གང་ཡིན་གསོལ་བ་གདབ། །སླར་ཡང་མཆོད་ཅིང་བསྟོད་བྱས་ཏེ། །དགང་བླུགས་ཕུལ་ཏེ་མཉེས་པར་བྱ། །གཟུགས་བརྙན་གནས་ནས་སྤྱན་དྲངས་པ། །སླར་ཉིད་རང་གི་གནས་སུ་དགོད། །ཡེ་ཤེས་དཀྱིལ་འཁོར་བསྡུས་པ་དག །དམ་ཚིག་ལྷ་དང་གཉིས་སུ་དབྱེ། །མཆོད་བསྟོད་ཕྱག་རྒྱས་གཤེགས་སུ་གསོལ། །བསྐྱེད་པའི་རིམ་བཞིན་བསྡུ་བར་བྱ། །མཐར་ཡང་མེ་ལྷ་མཆོད་བྱ་སྟེ། །གཤེགས་གསོལ་རང་གི་གནས་སུ་བསྡུ། །སྣ་ཚོགས་རྒྱན་རྣམས་ཐམས་ཅད་ཀྱིས། །གནས་ཀྱི་ས་གཞི་ཉེར་མཛེས་པར། །སློབ་དཔོན་ཁྲུས་བྱས་རྒྱན་གྱིས་


DTG027_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཀླུབས། །རྡོ་རྗེ་དྲིལ་འཛིན་སྦྱོར་ལྡན་པས། །རབ་གནས་བྱ་བར་འོས་པ་དང༌། །སྣ་ཚོགས་མཆོད་པའི་རྫས་རྣམས་བསགས། །རྡོ་རྗེ་ཁྲོ་བོར་བྱིན་བརླབས་པའི། །མཚན་མའི་རྫས་ཀྱིས་བགེགས་རྣམས་བསྐྲད། །ཚོགས་བསགས་སྲུང་བའི་འཁོར་ལོ་དང༌། །གཞི་རྟེན་སྦྱོར་བའི་ཏིང་འཛིན་དང༌། །ཡེ་ཤེས་ལྷ་དམིགས་ལས་རྫོགས་ནས། །རབ་གནས་རྟེན་རྣམས་སྤྱང་བར་བྱ། །བསང་གཏོར་སྔགས་ཀྱིས་གཏོར་བྱས་ནས། །ཉུངས་ཀར་སྔགས་བཅས་ལན་གསུམ་དུ། །ཁམ་ཕོར་མེ་ཡི་ནང་དུ་བསྲེག །སླར་ཡང་ཆུ་ཡིས་ཤིས་པར་བྱ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། བ་ཡི་རྣམ་ལྔ་ལེགས་སྦྱར་བ། །འདག་ཆལ་རྣམ་ལྔ་བདུད་རྩིའི་སྦྱར། །དཱུར་བའི་པིར་གྱིས་སྐུ་བྱུགས་ཏེ། །བརླན་འཇིག་པ་ལ་མེ་ལོང་ངོས། །ཧཱུཾ་ཨོཾ་ཧྲཱིཿཧྲཱིཿཏྲཾ་ཧོ། །ཨོཾ་རྣམ་དག་ཀུ་ཤའི་ཆུ་རྒྱུན་གྱིས། །དྲི་མའི་མཚན་མ་དག་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀཙིཏྟ་ཤོདྷ་ནེ་བཛྲ་སྭཱཧཱ། དྲི་ཞིམ་སྦྱར་བའི་མར་བྱུགས་ཏེ། །སྐྱུ་རུ་ར་ཡི་འདག་ཆལ་དང༌། །ཤུན་པ་ལྔ་ཡི་རྫས་རྣམས་ཀྱིས། །དངོས་སམ་མེ་ལོང་གཟུགས་བརྙན་ཕྱི། །མདུན་གྱི་སངས་རྒྱས་དཀྱིལ་འཁོར་རྣམས། །མཆོད་པའི་ཚོགས་ཀྱིས་མཉེས་བྱས་ཏེ། །སྟ་གོན་གནས་ཤིང་དགོངས་བྱའི་ཕྱིར། །སྤོས་སྣོད་བཟུང་སྟེ་གསོལ་བ་གདབ། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་གནས་ནས་བྱོན་མཛད་དེ། །སྒྱུ་འཕྲུལ་ཆེན་མོའི་ལྷུམས་ཞུགས་ལྟར། །དེ་བཞིན་འདིར་ཡང་བཞུགས་སུ་གསོལ། །མགོན་མཆོག་གནས་འདིར་བཞུགས་ནས་ཀྱང༌། །མེ་ཏོག་ལ་སོགས་མཆོད་བཞེས་ལ། །འདི་དོན་གཟུང་བར་བྱ་བ་དང༌། །བྱང་ཆུབ་སེམས་མཆོག་འཕེལ་བར་མཛད། །བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེ་བརྩེ་བ་ཡིས། །ནང་པར་རབ་གནས་བགྱིད་པར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །བཀའ་དྲིན་ཆོ་ག་བྱ་བར་འོས། །འགྲོ་བའི་འཁོར་ནས་སྒྲོལ་མཛད་པ། །སངས་


DTG027_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང༌། །གང་དག་གསང་སྔགས་ཀྱི་ལྷ་དང༌། །འཇིག་རྟེན་སྐྱོང་བའི་ལྷ་ཚོགས་དང༌། །འབྱུང་པོ་རྫོགས་སངས་རྒྱས་བསྟན་པ། །མངོན་པར་དགའ་བའི་གནས་བསྟན་པ། །རྡོ་རྗེའི་སྤྱན་དང་ལྡན་པའི་ཚོགས། །རྡོ་རྗེ་ཆེ་གེ་མོ་བདག་གིས། །རིག་པའི་རྒྱལ་པོ་ཆེ་གེ་མོའི། །རབ་གནས་ཡོ་བྱད་ཅི་འབྱོར་ཞིང༌། །འགྲོ་ལ་ཕན་ཕྱིར་བགྱིད་པར་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཉེ་བར་དགོངས་ནས་ཀྱང༌། །རབ་ཏུ་གནས་པའི་ལས་རྣམས་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྐུ་གཟུགས་ལུགས་མ་ལ་སོགས་རྣམས། །གཞི་རྟེན་སྦྱོར་བའི་ཏིང་འཛིན་གྱིས། །རང་རིག་ལྷ་ཡི་རྣམ་པར་བསམ། །ཕྱག་རྒྱ་བཞི་ཡིས་བརྟན་པར་བྱ། །པུ་ཏི་རིགས་ཀྱི་ལྷ་ཉིད་ལས། །གསུང་སོགས་ཡི་གེའི་རྣམ་པར་གྱུར། །མཆོད་རྟེན་ལ་སོགས་གཞིར་བཅས་པ། །མོས་པའི་ལྷ་རྣམས་གང་ཡང་རུང༌། །ཛཿཧཱུཾ་བཾ་ཧོཿའི་སྦྱོར་བ་ཡིས། །ལྷ་རྣམས་བརྟན་པར་བཞུགས་སུ་གསོལ། །མཆོད་ཅིང་བསྟོད་པས་མཉེས་པ་དང༌། །སྔགས་མང་བརྗོད་ཅིང་ན་བཟའ་གཡོགས། །དེ་ནས་སྔ་དྲོའི་དུས་སུ་ནི། །སྔ་མའི་སྦྱོར་བཅས་ཚིག་གིས་བསྐུལ། །བཞེངས་གསོལ་གོས་སོགས་བསལ་བྱས་ནས། །སྔར་བཞིན་བསྒོམ་བཟླས་མཆོད་སོགས་བྱ། །ཇི་ལྟར་བལྟམས་མ་ཐག་ཏུ་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དྲི་མེད་རས་གྱིས་རླན་ཕྱིས་ཤིང༌། །དྲི་ཞིམ་རྫས་ཀྱིས་བྱུག་པར་བྱ། །དངུལ་སྣོད་མར་དཀར་སྦྲང་རྩིས་བཀང༌། །གསེར་ཐུར་རྩེར་བླངས་སྤྱན་ལ་བྱུག །ཨོཾ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། མེ་ཡི་སྲེག་ཁང་བཟང་པོ་རུ། །རྒྱས་པའི་སྦྱིན་སྲེག་དབུལ་བར་བྱ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཨོཾ་མེ་ལྷའི་མེ་ཏོག་ཤིན་ཏུ་དམར། །ལྷ་ཡི་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་


DTG027_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་བཞུགས་སུ་གསོལ། །ཨོཾ་མར་མེ་འོད་བཟང་འབར་བ་ནི། །ངན་འགྲོའི་མུན་པ་འཇོམས་བྱེད་པ། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེ་བཞེངས་སུ་གསོལ། །ཨོཾ་ཙནྡན་གུར་ཀུམ་སྦྱར་བ་ཡི། །དྲི་མཆོག་བདུག་པ་འདི་བཞེས་ལ། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །ཨོཾ་སྣ་ཚོགས་ལྷ་ཡི་དྲི་ལྡན་པ། །སྣ་ཚོགས་ག་པུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུཾ་ལས་ཡང་དག་བྱུང༌། །དྲི་མཆོག་འདི་དག་བ་ཞེས་སུ་གསོལ། །ཨོཾ་ཁ་དོག་དྲི་དང་རོར་ལྡན་པའི། །བཟའ་བའི་བྱེ་བྲག་སྣ་ཚོགས་རྣམས། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པཾ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་ཏྱེ་ཨཱཿཧཱུཾ། ཨོཾ་དཔག་པས་མ་ཤིང་སོགས་རྒྱུ་ལས་བྱུང༌། །ལྷ་ཡི་ན་བཟའ་རིན་ཐང་འཕགས། །བཙོ་མ་གསེར་གྱི་མདོག་དང་མཚུངས། །སྣ་ཚོགས་རིན་ཆེན་རྒྱན་སོགས་དབུལ། །ཨོཾ་བཛྲ་ས་མ་ཡེ་སྭཱ་ཧཱ། དེ་ནས་མཆོད་པའི་རོལ་མོའི་ཚོགས། །སྣ་ཚོགས་རྣམ་པར་དབུལ་བྱ་ཞིང༌། །དགའ་བའི་གླུ་དང་དབྱངས་ཀྱིས་དབུལ། །བཀྲ་ཤིས་འདོན་ཞིང་བསྐོར་བ་བྱ། །དབང་བསྐུར་ལྔ་ཡི་ཆོ་ག་ཡིས། །བྱིན་བརླབས་བསྐྱེད་དེ་བརྟན་པར་བྱ། །སྦྱིན་སྲེག་གཏོར་མ་ལ་སོགས་པས། །ལས་བསྒྲུབ་པར་ཆད་བསལ་བར་བྱ། །སྔགས་བཅས་བྱིན་རླབས་བསྐྱེད་འདོད་པས། །ཁྲུས་བྱས་རྒྱན་གྱིས་བརྒྱན་པར་བྱ། །མཆོད་པ་གཏོར་མའི་ཚོགས་བཤམས་ནས། །ཏིང་འཛིན་རིམ་པས་བསྐྱེད་པར་བྱ། །དབང་བསྐུར་བྱིན་རླབས་རྫོགས་བྱས་ཏེ། །དགུག་གཞུག་མཆོད་ཅིང་བརྟན་པར་བྱ། །རང་གི་གསང་སྔགས་བརྒྱ་རྩ་བརྒྱད། །བཀྲ་ཤིས་གླུ་བཅས་བརྗོད་པར་བྱ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེ་ནི་སྐྱེ་དགུའི་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་


DTG027_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མཆོག་མངའ་བའི། །དོན་རྣམས་མ་ལུས་མཚུངས་པར་བརྟུལ་བ་ཡང་ལྡན་པ། །ཚོགས་ཀྱི་ལས་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷས་བསྐོར་བ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པའི་ཆེ་བའི་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་བསྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་བ། །བཻ་ཌཱུཪྻ་ལྟར་སྔོ་བའི་རྩ་བཏིང་སྟེང་ན་བཞུགས། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཆུ་བོའི་འགྲམ་ན་ཙཪྵའི་འཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཏེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེའི་གདན་བཞུགས་ཏེ། །


DTG027_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམ་བཏུལ་ནས། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་ཝཱ་རཱ་ཎ་སཱིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང༌། །ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང༌། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག །ཉེ་བར་སྟོན་པ་རྒྱལ་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག ། འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ། །མནྡཱ་ར་བའི་མེ་ཏོག་མང་པོས་མངོན་གཏོར་བ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པ་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །རིགས་རྫོགས་སློབ་མའི་དོན་གྱི་ཕྱིར། །བསྲུངས་ཤིང་དགོངས་མོ་ཁྲུས་བྱས་ཏེ། །དྲིས་བྱུགས་ཕྲེང་ཐོགས་རྒྱན་བཏགས་ཤིང༌། །དྲི་བཟང་སྟན་བདེའི་གནས་དག་ཏུ། །བདག་ཉིད་འཇུག་པའི་ཆོ་གའི་རིམ། །བརྟན་པ་ཡན་ལག་ཀུན་རྫོགས་པའི། །འདོད་ཆགས་ཆེན་པོ་ལས་བྱུང་བའི། །འཁོར་ལོ་དེ་ཉིད་གཟུགས་བརྙན་བཞིན། །གང་གིས་ཤེས་ན་སློབ་མ་རྣམས། །གཞུག་ཕྱིར་གཙོ་སོགས་རྣམ་པར་ཤེས། །ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་དབྱིངས། །སེམས་དཔའི་རྡོ་རྗེ་ཆེ་རང་བཞིན། །རིགས་མཆོག་མགོན་པོ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །


DTG027_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དག་པ་སྟེ། །བཅོམ་ལྡན་དེ་ཉིད་ཀྱིས་སྒྲུབས་ཤིག །འདོད་ཆགས་དག་པ་ཀུན་གྱི་མཆོག །གདོང་ནས་གྲོལ་བའི་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་མཆོག་ཏུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་རྒྱལ། །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་ཅན་བདག་བདག་མཛོད་ཅིག །སེམས་ཅན་ཀུན་ཡིད་ཁྱབ་པའོ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་བྲལ་བའི་དམ་ཚིག་མཆོག །མཆོད་པའི་གར་ཚོགས་གླུ་བཅས་པ། །དཀྱིལ་འཁོར་མཉེས་པའི་བསྟོད་པ་བྱ། །ཤེས་རབ་ཐབས་ཀྱི་དཀྱིལ་འཁོར་མཆོག །བདེན་པའི་བྱིན་རླབས་ཆེན་པོ་ཡིས། །མགོན་ཆོགས་འཕྲུལ་པའི་དཀྱིལ་འཁོར་གྱི། །འདོད་པ་ཐམས་ཅད་སྐོང་བྱེད་ཤོག །ཐམས་ཅད་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་འཛིན་རབ་སྤངས་བརྗོད་དུ་མེད། །རྒྱུ་དང་རྐྱེན་ལས་བྱུང་བ་དག །ཆོས་ཉིད་དེ་ཁོ་ཉིད་ལས་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བ་དྲི་མེད་གནས། །སེམས་ཅན་ཀུན་གྱིས་མཐོང་བར་ཤོག །དབང་བསྐུར་ཕྱི་ནང་གསང་ཆེན་དང༌། །གསང་ཆེན་རིམ་བཞིན་རྒྱུད་ལས་སྐྱེས། །སྔོན་གྱི་བླ་མ་དཀྱིལ་འཁོར་ཚོགས། །མཆོད་ཅིང་ཡོན་གྱིས་མཉེས་བར་བྱ། །ཚོགས་ཀྱི་སྟོན་མོ་སྦྱིན་སྲེག་མཆོག ། ལས་མང་ནང་དུ་དམིགས་པར་མཆོད། །ཀུན་གྱི་སློབ་དཔོན་ལ་གནས་པས། །འཁོར་ལོར་འཇུག་པར་བྱེད་པ་ན། །སྒོ་མཚམས་མཎྜལ་སྟེགས་བྱས་ཏེ། །སློབ་མ་སྒོ་དྲུང་བུམ་པས་བསང༌། །མཆོད་པའི་སྦྱོར་བ་རྣམ་མང་དང༌། །ལྷ་མོ་བཞི་པོ་དག་གིས་ནི། །མེ་ཏོག་ལ་སོགས་མཆོད་བྱས་ནས། །སློབ་མ་ཐམས་ཅད་གཟུང་བར་བྱ། །དེ་ནས་གདོང་ནི་མཛེས་པ་དག །ཨཱ་ཁཾ་པཱི་ར་ཧཱུཾ་བཟླས་བའི། །རས་བཟང་སོ་སོའི་རིགས་མཐུན་པས། །ལེགས་པར་བསྒྲིམས་ཏེ་གནས་པར་བྱ། །དངོས་གྲུབ་འདོད་པས་ཅི་འདོད་པས། །སྙིང་པོའི་ཁར་ནི་ཀུན་བསྐྱོད་ནས། །རིན་


DTG027_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་མེ་ཏོག་ཀུན་ཕྲེང་འཛིན། །རྩེ་གཅིག་བརྟན་པའི་སེམས་བསྐྱེད་ནས། །དཀྱིལ་འཁོར་འདོད་པའི་སློབ་མ་ལ། །གསང་བ་ཡང་དག་མཐའ་ཡས་མཆོག །ཐོག་མ་ཉིད་དུ་གསལ་བརྗོད་པ། །བུ་ཁྱོད་ཅི་ལ་དགའ་ཞེས་དྲི། །སྐལ་པ་བཟང་ལ་བདག་དགའ་ཞེས། །འཇུག་པ་པོས་ཀྱང་སྨྲ་བར་བྱ། །བླ་མས་བུ་ལ་སླར་སྨྲས་པ། །དེ་ཡིས་ཁྱོད་ལ་ཅི་ཞིག་བྱ། །སངས་མཆོག་སྲས་བཅས་དམ་ཚིག་ལས། །ཡོན་ཕུལ་ཐུགས་རྗེས་བདག་ལ་དགོངས། །སངས་རྒྱས་སྐུ་གསུམ་རང་བཞིན་མཆོག །སློབ་དཔོན་མགོན་ལ་བདག་སྐྱབས་མཆི། །སྐལ་བཟང་ལྷ་མོ་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །རྒྱལ་བ་ཀུན་གྱིས་གནས་བཞུགས་པའི། །དཀྱིལ་འཁོར་ཆེན་པོ་ཉམས་དགའ་བ། །སྙིང་པོའི་གྲོང་ཁྱེར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །དེ་ནས་ཡོལ་བའི་ནང་མཚམས་སུ། །ལས་ཀྱི་རྡོ་རྗེས་གཞུག་པར་བྱ། །གསང་བ་ཡང་དག་འདི་ཤེས་ནས། །ཇི་ལྟར་འདོད་པ་རབ་ཏུ་གཞུག །གསང་བ་ཡང་དག་མི་ཤེས་ན། །གཡས་པ་ཡིས་ནི་གཞུག་པར་བྱ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི་ཧཱུཾ། ཐོག་མེད་དུས་ནས་འཁོར་བ་ཡི། །བདག་གིས་སྡིག་པའི་ལས་གང་བགྱིས། །བགྱིད་པ་ཡི་རང་དུས་འདིར་བཤགས། །ཕྱིན་ཆད་མི་བགྱིད་སྡོམ་རབ་གཟུང༌། །རྒྱལ་བ་སྲས་ཚོགས་དགེ་རྩའི་གཞི། །འགྲོ་གཞན་ལེགས་བྱས་གང་ཡིན་པ། །དེ་དག་ཀུན་ལ་ཡི་རང་སྟེ། །བྱང་ཆུབ་ཆེན་པོར་བདག་གིས་བསྔོ། །སངས་རྒྱས་ཚོགས་རྫོགས་དགེ་འདུན་ལ། །བདག་ནི་དུས་གསུམ་སྐྱབས་སུ་མཆི། །ཉོན་མོངས་སྡུག་བསྔལ་བཅད་པ་དང༌། །དགེ་བའི་ཚོགས་མང་སྤེལ་བའི་ཕྱིར། །བྱང་སེམས་གཉིས་མེད་དོན་བསྐྱེད་ནས། །འགྲོ་དོན་དི་རིང་དུས་འདིར་གཉེར། །སངས་རྒྱས་གྱུར་ནས་བདག་གིས་ནི། །འགྲོ་རྣམས་སྲིད་པའི་གནས་ནས་གདོན། །རྡོ་རྗེ་མེ་ཏོག་ཕྲེང་བཅས་པས། །སློབ་མའི་སྙིང་གང་གཞག་སྟེ་བསྒོ། །བདེ་གཤེགས་ཀུན་གྱིས་ཁྱོད་ཉིད་ནི། །དེ་རིང་བྱིན་གྱིས་བརླབས་པས་ན། །དེ་བཞིན་གཤེགས་པའི་གསང་ཆེན་འདི། །དཀྱིལ་འཁོར་དག་


DTG027_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏུ་མ་ཞུགས་ཤིང༌། །དད་པ་མེད་པའི་མི་རྣམས་ལ། །ནམ་ཡང་སྨྲ་བར་བྱ་བ་མིན། །ཨོཾ་སུ་ར་ཏ་ས་མ་ཡ་སྟྲཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་མཛད་དེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་ས་མ་ཡ་ཨུ་ད། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་གྲུབ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲཾ་ཏ་ཧཱུཾ་བཛྲ་ཨཱ་སུ་ཀ་ཏ་ཧྲཱིཐ། དི་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །གང་ཞིག་བསྒོ་བའི་ལས་རྣམས་བྱོས། །ང་ལ་བརྙས་པར་མ་བྱེད་ཅིག །གལ་ཏེ་ཅུང་ཞིག་བརྙ་ས་ན་ནི། །དུས་མིན་འཆི་ཞིང་དམྱལ་བར་འགྱུར། །རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །སྐུ་དང་གསུང་འཕྲུལ་ལས་མཛད་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །དི་རིང་བདག་ལ་དབབ་ཏུ་གསོལ། །རྐང་ཐིལ་སྙིང་ག་མ་གྲིན་སྤྱི་བོར། །ས་བོན་ལས་བྱུང་འབྱུང་བཞིའི་ཁམས། །སོ་སོའི་ས་བོན་མཚན་འདོགས་པར། །རྟ་ཡི་རྒྱལ་པོའི་སྔགས་ཀྱིས་བསྲུང༌། །རྡོ་རྗེ་འཛིན་ཅིང་དྲིལ་བུ་དཀྲོལ། །ཨ་བེ་ཤ་ཡ་སྟམྦྷ་དང༌། །ར་བཞི་ཛ་ལ་ཡང་གཉིས་ཧཱུཾ། ཨ་ཧ་ཛྷེཾ་སྔགས་བརྒྱ་རྩ་བརྒྱད། །སྐུ་ཡི་མཚན་མས་གཡོ་འགྱུར་ཞིང༌། །བདག་གིས་སྔགས་བཅས་ཚིག་རྣམས་བརྗོད། །ཐུགས་ཀྱིས་མངོན་པར་ཤེས་པ་གསལ། །གསུམ་སྔགས་བརྟན་པའི་ལས་ལ་སྦྱོར། །རྣལ་འབྱོར་བཅས་དང་གསང་བཅས་པའི། བདག་གི་ཡེ་ཤེས་བརྒྱ་བསྒྲུབས་ནས། །ཇི་ལྟའི་ཚུལ་གྱིས་གར་བྱེད་པས། །སློབ་མ་རྣམས་ལ་བདེ་བ་སྦྱིན། །སློབ་མ་དམ་པས་དེང་ཕྱིན་ཆད། །ཕྱག་རྒྱའི་ཡེ་ཤེས་རྗེས་བཟུང་བས། །རྣམ་པར་སྣང་མཛད་མཆོག་སྦྱིན་དུ། །སངས་རྒྱས་ཀུན་གྱི་བདག་ཉིད་འགྲུབ། །དེ་ནས་བདག་གིས་རབ་བསྒྲུབས་ནས། །ཀུན་གྱི་སློབ་དཔོན་ལ་གནས་པ། །ཇི་ལྟའི་ཚུལ་གྱིས་འཇུག་པ་ཡི། །བདེན་པའི་ཆོས་ནི་བརྗོད་པར་བྱ། །མགོན་མཆོག་གསང་བའི་དཀྱིལ་འཁོར་འདིར། །སློབ་མ་མཆོག་འདི་གཞུག་པར་བགྱི། །རིགས་ཀྱི་ལྷ་ཡི་བྱེ་བྲག་དང༌། །བསོད་ནམས་གང་


DTG027_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་དེ་བཞིན་ཤོག །དེ་བཞིན་དངོས་གྲུབ་མཚན་མ་དག །སྙིང་པོའི་གནས་འདི་ལེགས་སྟོན་པར། །ཁ་དོག་དབྱིབས་ཀྱི་བྱེ་བྲག་གིས། །མཚན་མ་སྣང་ལས་ལས་མཐུན་འགྲུབ། །དངོས་གྲུབ་ཇི་ལྟ་ཐོབ་འདོད་པས། །སློབ་མ་མེ་ཏོག་འཐོར་དུ་གཞུག །ལྷ་མོ་གང་ལ་ལྷུང་བ་ནི། །ལྷ་དེ་དེ་ཡིས་འགྲུབ་པར་འགྱུར། །ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། །སྐུ་སྟོད་སྐུ་སྨད་ཡན་ལག་གམ། །དེ་ལྟར་མཚན་སྒོའི་གནས་རྣམས་སོགས། །དངོས་གྲུབ་རིམ་པ་བྱེ་བྲག་སྟེ། །ར་བ་ལས་འདས་ལན་གསུམ་བསྐྱང༌། །སླར་ཉིད་ཕྲེང་བའི་མེ་ཏོག་གིས། །སློབ་མའི་མགོ་ལ་བཅིངས་ཏེ་བརྒྱན། །སྟོབས་ལྡན་སེམས་དཔའི་རྒྱལ་པོ་ཆེ། །ཕྲེང་བ་འདི་དང་ལྡན་པར་གྱིས། །ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། གསེར་གྱི་ཐུར་མའི་ཨོཾ་སོགས་ཀྱིས། །སྤུས་མཚན་དྲི་མ་བསལ་བར་བྱ། །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་མཛད་དེ། །མིག་གི་སྒྲིབ་གཡོགས་ཀུན་བསལ་ནས། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཕཊ། གདོང་གཡོགས་ལེགས་པར་བསལ་བྱས་ནས། །སྙིང་པོའི་དཀྱིལ་འཁོར་བལྟ་བར་བྱ། །ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ། །ཐར་པ་ཆེན་པོའི་དཀྱིལ་འཁོར་དུ། །མེ་ཏོག་གང་ལ་ལྷུང་བ་ནི། །དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ། །རྟ་མགྲིན་འཕང་མཐོ་ནས་བཟུང་སྟེ། །གཙོ་བོའི་བར་དུ་མིང་རྣམས་བསྟན། །དེ་ནས་རོ་དང་ཟས་དང་གནས། །གླུ་དང་སིལ་སྙན་ལ་སོགས་པ། །དེ་དག་མགོན་པོ་རྣམས་ལ་དབུལ། །རྡོ་རྗེ་བླ་མ་ཆེན་པོ་དག །སྦྱོར་བའི་རྫས་ཀྱིས་མཉེས་བྱས་ཤིང༌། །བདག་དང་གཞན་ཡང་འདོད་དགུས་མཆོད། །བུ་ཁྱོད་དང་བས་རབ་གུས་བསྒྱེང༌། །དཀྱིལ་འཁོར་བཟང་པོ་ལེགས་པར་ལྟོས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་རིགས་མཆོག་འཛིན། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་འཛིན་ཅིང་རྗེས་ཆགས་དང༌། །གསང་སྔགས་སྙིང་པོ་འཛིན་པར་གྱིས། །བློ་ལྡན་ཡོན་མཆོད་ཐོགས་པ་ཡིས། །བླ་མའི་ཞབས་གུས་གསོལ་བ་གདབ། །རྒྱལ་བ་ཀུན་གྱིས་གསང་བའི་ལམ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །


DTG027_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁའ་འགྲོ་མ་ཡི་འཁོར་ལོ་མཆོག །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དེ་རིང་དབང་བསྐུར་གནང་བ་ཡི། །དུས་ལ་བབ་པའི་འོས་པ་ལགས། །དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་རིམ་བཞིན་བདག་ལ་སྩོལ། །རིག་པ་ཆེན་པོའི་ལས་བསྒྲུབས་ནས། །དངོས་གྲུབ་ཚོགས་རྣམས་ཤེས་པ་དང༌། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་རྡོ་རྗེ་སློབ་དཔོན་གཟུང༌། །འཇུག་པའི་སྒོ་ཡི་ཕྱོགས་ཉིད་དུ། །ཁྲུ་དོས་ཆོད་པ་དབུས་ཀྱི་ཚད། །སློབ་མའི་སྟེགས་བུ་སྒོ་དང་བཅས། །པདྨ་འདབ་བརྒྱད་མཚན་མ་བྲི། །སེང་གེ་སྣ་ཚོགས་པདྨའི་གདན། །གཉིས་མེད་གུས་པའི་སེམས་བཅས་གཞག །འཕན་གདུགས་མེ་ཏོག་ཕྲེང་སོགས་དང༌། །སྣ་ཚོགས་གོས་ཀྱིས་ཉེ་བར་བརྒྱན། །དྲི་ཆུ་ཉུངས་ཀར་སྦྱིན་སྲེག་དང༌། །ཀུ་ཤའི་ཆུ་ཡིས་ཤིས་པར་བྱ། །བདུད་རྩིའི་སྔགས་ཀྱིས་བསྲུང་བ་དང༌། །དེ་ཉིད་གསུམ་གྱིས་སྤྱང་བར་བྱ། །ཆོས་ཉིད་རྣམ་དག་སྦྱོར་བ་ལས། །རིགས་ཀྱི་ལྷ་རུ་བསྒོམ་པར་བྱ། །མཆོད་དབྱངས་རོལ་མོ་སིལ་སྙན་ཚོགས། །བཀྲ་ཤིས་ཚིགས་བཅད་རྒྱ་ཆེན་གདོན། །རྣམ་རྒྱལ་བུམ་སོགས་ཁྲུས་གསོལ་ཞིང༌། །ཕྱི་ཡི་བུམ་པས་དབང་བསྐུར་བྱ། །ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་ལ་ནི་བླུགས་བསམས་ཏེ། །བག་ཆགས་མ་ལུས་དག་གྱུར་ཅིག །ཡེ་ཤེས་སེམས་དཔའི་གནས་འབྱུང་བས། །ཡེ་ཤེས་དཀྱིལ་འཁོར་དགུག་བྱས་ཏེ། །གཉིས་མེད་སྦྱོར་བའི་བྱིན་སྟོབས་ཀྱིས། །མཚོན་བྱེད་རྟགས་ཀྱི་ཟླ་བ་གདན། །རིགས་མཐུན་དང་པོ་ལྷ་མོ་བཞི། །ཕྱོགས་བཞི་ནས་ནི་དབང་བསྐུར་མཛད། །ཨོཾ་ལྷ་ཡི་ཆུ་ནི་རྣམ་དག་པ། །རྡོ་རྗེ་གསང་གསུམ་གནས་ལས་བྱུང༌། །རིག་པའི་ལྷ་མོ་ཚོགས་ལྡན་པའི། །རང་བཞིན་གཅིག་ཏུ་གྱུར་པ་ཡིན། །ཨོཾ་བཛྲ་ཨ་བྷི་ཤིཉྩ་མི། བྱང་ཆུབ་སེམས་ཉིད་དག་པའི་རྒྱུན། །རང་གི་ཡེ་ཤེས་རྣམ་པར་གསལ། །མེ་ལོང་ཡེ་ཤེས་རང་བཞིན་གྱི། །མི་བསྐྱོད་ངོ་བོ་ཆུ་ཡི་དབང༌། །ཁམས་ཀྱི་རང་བཞིན་ཐམས་ཅད་དང༌། །སྲོག་དང་རྩ་བ་དེ་བཞིན་ཏེ། །སངས་རྒྱས་རིན་ཆེན་དབང་བསྐུར་བ། །


DTG027_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁས་པས་རྣམ་པ་སྣ་ཚོགས་བརྟག །སྤྱི་བོ་དང་ནི་དཔྲལ་བ་དག་ལྷན་པ་གཉིས་དང་དབྲལ་བ་དུ། །སངས་རྒྱས་རིན་ཆེན་ཐམས་ཅད་ཀྱི། །དབུ་རྒྱན་མི་འགྱུར་དམ་པའོ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང༌། །སྲོག་དང་རྩ་བ་དེ་བཞིན་ཏེ། །ཐོད་པ་རིན་ཆེན་དབུ་རྒྱན་ཅན། །སངས་རྒྱས་གཙུག་གི་ནོར་བུ་དག །ཀུན་དུ་སྣ་ཚོགས་བླ་མར་ནི། །ཀུན་གྱི་སློབ་དཔོན་ཀུན་ལ་བྱ། །རིན་ཆེན་ངོ་མཚར་གཅིག་ལས་བྱས། །དེ་བཞིན་སྣ་ཚོགས་རྒྱན་གྱིས་སྤྲས། །སངས་རྒྱས་པདྨོར་དབང་བསྐུར་བས། །སློབ་མ་ཐམས་ཅད་དབང་བསྐུར་རོ། །སངས་རྒྱས་རྡོ་རྗེ་རིན་ཆེན་ཕྱེད། །རྡོ་རྗེའི་རིགས་ལ་རྡོ་རྗེ་ཡིན། །སྤྱན་རས་གཟིགས་ཀྱི་སངས་རྒྱས་སྐུ། །ནོར་བུ་འཛིན་གྱི་ནོར་བུ་ཡིན། །སངས་རྒྱས་རིན་ཆེན་པདྨོ་དང༌། །རྡོ་རྗེ་ནོར་བུ་དེ་བཞིན་དུ། །ཐམས་ཅད་མཆོག་ནི་རྟ་མཆོག་ལ། །རང་གི་དབང་བསྐུར་བསྡུས་པའོ། །བླུགས་པ་དང་ནི་བྱས་པ་དང༌། །བརྡུད་པའམ་ཡང་ན་བྲིས་པའང་རུང༌། །སྣ་ཚོགས་རབ་ཏུ་ལེགས་པ་ཡི། །མཚན་མའི་ཕྱག་རྒྱ་རབ་ཏུ་བརྟག །སངས་རྒྱས་རིན་ཆེན་དབང་བསྐུར་བས། །ཇི་ལྟ་བར་ནི་དབང་བསྐུར་རོ། །ཨོཾ་སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་ལས་བྱུང་དབུ་རྒྱན་ཆེ། །ཐོར་གཙུག་དབུ་རྒྱན་གྱིས་བརྒྱན་པའི། །དར་དབྱང་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་བ་ར་ཏ་ཀ་བཛྲ་ཨ་ར་ལི་ཧོ། །ཨ་བྷི་ཥིཉྩ་ཏྲཾ། མཉམ་ཉིད་ཡེ་ཤེས་རང་བཞིན་གྱི། །ཉི་མའི་ངོ་བོ་དབུ་རྒྱན་ནོ། །རྡོ་རྗེ་རྩེ་ལྔ་བྱིན་བརླབས་པ། །གཡས་པ་སློབ་མའི་སྙིང་གར་གཏུག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་ཆེན་པོའི་དོན། །དི་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་གཟུང་བར་གྱིས། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི། སླར་ཉིད་སློབ་མའི་ལག་གཡས་གཏད། །ལན་གསུམ་གཏོད་དེ་ཐུགས་ཀར་གཟུང༌། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་བདག་བདག་པོའི་བདག །ཀུན་རྟོག་ཡེ་ཤེས་རང་བཞིན་གྱི། །གར་དབང་ངོ་བོའི་རྡོ་རྗེའི་དབང༌། །དྲིལ་བུ་མདུང་ཞག་བྱིན་བརླབས་ཏེ། །དཀྲོལ་ཞིང་སློབ་མའི་ལག་གཡོན་གཏད། འདི་ནི་རྣལ་འབྱོར་


DTG027_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཚོགས་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་རྟག་ཏུ་བཅང་བར་བྱ། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་ཨ་དྷི་པ་ཏི་སྟྭཾ། ཨ་དྷི་ཥིཉྩ་མི། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་རྣམས། །སྲིད་པའི་དམ་པ་བྱེད་པར་འགྱུར། །བྱ་བའི་ཡེ་ཤེས་རང་བཞིན་གྱི། །རྟ་མཆོག་ངོ་བོ་དྲིལ་བུའི་དབང༌། །རྡོ་རྗེ་དྲིལ་བུ་བསྣོལ་བའི་ཕྱག །སྦྱོར་བཅས་སློབ་མའི་མགོ་བོར་གཞག །གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །དབང་པོའི་སྤྱོད་ཡུལ་གང་དང་གང༌། །བདེ་མཆོག་སྒྱུ་མའི་དཀྱིལ་འཁོར་ཉིད། །ཨོཾ་ཤྲཱི་ཆེ་གེ་མོ་ཨ་བྷི་ཥིཉྩ་མཱཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཡ་ཧོ། །ཆོས་དབྱིངས་ཡེ་ཤེས་རང་བཞིན་གྱི། །རྣམ་སྣང་ངོ་བོ་མིང་གི་དབང༌། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་ཚིག་གིས་ཀྱང༌། །རྒྱས་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། །དེ་ནས་མནའ་ནི་བསྒགས་བྱས་ནས། །སངས་རྒྱས་ཐམས་ཅད་མཐུན་པ་ཡིས། །མཆོག་ཏུ་རྟག་པའི་བཀའ་སྩལ་ཏེ། །དམ་ཚིག་སྡོམ་པ་སྦྱིན་པར་བྱ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱོད་བྱེད་པ། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་དག་དང༌། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་རིང་ནས། །སྙིང་ལས་ཁྲག་ཆེན་འཐུང་བར་འགྱུར། །སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་ནི་བསྒྲུབ་པར་བྱ། །རང་གི་ངོ་བོ་ཡོངས་སྤངས་ཤིང༌། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་པ་མེད་ཀྱིས་ཁྱེད་མ་འཇིགས། །དམ་ཚིག་འདའ་བར་དཀའ་བའོ། །མགོན་ཁྱོད་ཐུགས་རྗེའི་རང་བཞིན་གྱིས། །དཀྱིལ་འཁོར་སློབ་དཔོན་དབང་བསྐུར་སོགས། །བདག་གཞན་དོན་གྱི་


DTG027_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་རྣམས། །གྲུབ་བྱེད་དབང་བསྐུར་བདག་ལ་སྩོལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཆེ། །ཟུང་ཤིག་ཡང་དག་གཟུང་བར་གྱིས། །དི་རིང་རྡོ་རྗེ་སློབ་དཔོན་ཆེ། །སློབ་མའི་ཚོགས་རྣམས་གཟུང་བར་གྱིས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྟག་ཏུ་ཁྱོད་ཀྱིས་ཀྱང་བཟུང་སྟེ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བ་རྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི། ཧི་ཧི་ཧི་ཧི་ཧོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བསྐྱེད། །ཨོཾ་མ་ཧཱ་བཛྲ་ཧཱུཾ། ཨོཾ་བཛྲ་གྷཎྚ་ཨ། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་བྱར་བརྗོད། །ལུས་ཀུན་བརྟན་བྱེད་གང་ཞིག་ནི། །ཕྱག་རྒྱར་རབ་ཏུ་གྲགས་པ་ཡིན། །ཨོཾ་མ་ཧཱ་ཀཱ་ཡ་ཝཱཀ་ཙིཏྟ་མ་ཧཱ་ས་མ་ཡ་ཧཱུཾ། མཆོད་ཚོགས་གར་བསྐོར་བསྟོད་དང་བཅས། །དགྱེས་པའི་བརྟུལ་ཞུགས་དབང་མཆོག་གོ །སེམས་དཔའི་ང་རྒྱལ་རྣལ་འབྱོར་པས། །སྙེམས་བཅས་མེ་ཏོག་ཕྲེང་འཕང་བྱ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་བཅས་ཀུན་ནས་རྣམ་པར་རོལ། །རྡོ་རྗེ་སེམས་སོགས་རབ་སྦྱོར་བས། །བདག་བསྟོད་བདེ་ཆེན་མཆོད་པ་མཛོད། །ཨོཾ་བཛྲ་ལཱ་སྱ་ཧཱུཾ། སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །བཅོམ་ལྡན་ཀུན་དུ་མི་འབྲལ་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །མཱ་ལྱེ་ཧཱུཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་དབྱངས་སྙན་པའི་ཚིག་བརྗོད་པས། །བདེ་བར་གཤེགས་པའི་དངོས་གྲུབ་མཆོག །མྱུར་དུ་བདེ་བ་མྱོང་བར་འགྱུར། །གི་བཛྲ་གཱི་ཏི་ཧཱུཾ། གར་བཅས་ཐལ་མོ་སྦྱོར་བ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱོས། །སངས་རྒྱས་འདུས་པའི་ཕྲིན་ལས་ཀྱི། །གར་དབང་ཚུལ་བཞིན་བསྒྱུར་བར་གྱིས། །ཨོཾ་བཛྲ་ནྲི་དྱེ་ཧཱུཾ། རྫོགས་སངས་རྒྱས་ལ་སྤོས་འབུལ་མ། །བརྟུལ་ཞུགས་བཟང་པོས་ལེགས་པར་ཚིམ། །ལུས་ཅན་བདེ་གཤེགས་ཆ་འདྲ་བར། །ཡེ་ཤེས་ཅན་གྱིས་ཚིམ་པར་གྱིས། །ཨོཾ་བཛྲ་དྷཱུ་པྲེ་ཧཱུཾ། མེ་ཏོག་སངས་རྒྱས་རྣམས་སུ་འཐོར། །བྱང་ཆུབ་ཡན་ལག་ཚོགས་པའི་


DTG027_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒོ། །མཚན་བཟང་དཔེ་བྱད་ཀུན་ལྡན་པའི། །བདེ་བར་གཤེགས་པའི་སྐུ་ཐོབ་འགྱུར། །བྷྲཱུཾ་བཛྲ་པུཥྤེ་ཧཱུཾ། ཆོས་ཀྱི་མིག་འབྱེད་སྒྲོན་གསལ་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་མུན་འཐོམས་པའི། །ཡེ་ཤེས་སྣང་བ་གསལ་བར་གྱིས། །པྲ་བཛྲ་ཨཱ་ལོ་ཀེ་ཧཱུཾ། རྒྱལ་བ་རྣམས་ལ་དྲི་སྦྱོར་ཞིང༌། །ཚུལ་ཁྲིམས་ཕུང་པོ་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བྱུག །ཨ་བཛྲ་གནྡྷེ་ཧཱུཾ། བདག་གཞན་དངོས་གྲུབ་ལས་ཀྱི་ཚོགས། །ཐུན་མོང་འབྲིང་པོ་ཚོགས་གྱུར་པའི། །ཞི་རྒྱས་དབང་དང་དགུག་པ་དང༌། །སྡང་གནོད་ངེས་པའི་ལས་ཀུན་དང༌། །འབྱེད་རྨོངས་བསྐྲད་པའི་ཆོ་ག་རྣམས། །ཐོགས་པ་མེད་པར་བསྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །ཐོག་མེད་མི་འབྱིང་སྐས་འཇོག་ཅིང༌། །གསེར་འགྱུར་རི་ལུ་ཉི་ཟླ་གཟུང༌། །ཆར་དབབ་ལ་སོགས་ལས་ཀྱི་ཚོགས། །རྣམ་ཤེས་བསྒྲུབ་དང་ཡེ་ཤེས་བསྒྲུབ། །ཕྱག་རྒྱ་ཤེས་པའི་དངོས་གྲུབ་དང༌། །ཐམས་ཅད་བསྒྲུབ་ཅིང་གྲོལ་བ་ཡི། །དོན་ཉིད་ཡང་དག་གྲོལ་བར་གྱིས། །རྒྱལ་བ་ཀུན་གྱི་གནས་འཇུག་ཅིང༌། །སྐུ་གསུང་ཐུགས་མཆོག་ཡོན་ཏན་རྒྱས། །ཕྲིན་ལས་གཞན་དག་སྦྱོར་བ་ཡི། །མཁའ་འགྲོ་སྒྱུ་མའི་དངོས་གྲུབ་གནང༌། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་བ་ཧ་ར་པ་ཊ་ལཾ་ཧྲཱིཿ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །རང་བཞིན་མེད་ཅིང་བདག་མེད་བ། །ཆོས་རྣམས་དེ་བཞིན་ཤེས་བྱས་ནས། །སེམས་ཅན་དོན་ལ་ཡང་དག་བྱོས། །འོན་ཀྱང་སངས་རྒྱས་རིགས་སུ་སྐྱེས། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་པ་ཡི། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་


DTG027_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །རིགས་ཀྱི་ཡི་གེ་མཚན་ལྡན་པའི། །མདའ་འཕང་བ་དང་འཁོར་ལོ་གནོན། །གཡས་པས་དུང་གི་སྒྲ་འབྱིན་ཞིང༌། །གཡོན་པར་རང་གི་གླེགས་བམ་མོ། །ཨོཾ་ཕ་རོལ་ཕྱིན་དྲུག་ལས་རྣམས་ཀྱིས། །སེམས་ཅན་ཀུན་དོན་རབ་སྦྱོར་ཞིང༌། །འཁོར་བའི་རྒྱུན་གཅོད་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། །ཐེ་ཚོམ་རྟོག་ཚོགས་གཅོད་མཛད་པའི། །ཆོས་ཀྱི་དུང་ནི་སྒྲ་སྒྲོགས་ཤིང༌། །གསང་སྔགས་སྙིང་པོའི་གསང་ཆེན་འདི། །སྣོད་ལྡན་ཀུན་ལ་རབ་ཏུ་ཤོད། །དེས་ནི་རྒྱལ་བ་ཐམས་ཅད་ལ། །ཕན་འདོགས་དྲིན་བུ་གཟོ་ཞེས་བྱ། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས། །ཁྱོད་ལ་རྟག་ཏུ་སྲུང་བར་མཛོད། །མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་སུ། །རྡོ་རྗེའི་འཁོར་ལོ་བསྐོར་དུ་གསོལ། །རྡོ་རྗེ་གནས་སུ་བདེ་གཤེགས་རིན། །པདྨོ་ལས་ཀྱི་རྗེས་སུ་གནང༌། །འདི་ལྟར་ང་ཡིས་ཁྱོད་ལུང་བསྟན། །རྡོ་རྗེ་དཔལ་ལྡན་གསང་བའི་བདག །དངོས་པོ་མཆོག་ཏུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་གྲོལ། །ཆེ་གེ་མོ་ཞེས་བྱ་བ་ནི། །དེ་བཞིན་གཤེགས་པ་བྷུར་བྷུ་བ་སྭཿ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །དུས་གཅིག་ཏུ་ནི་ལུང་བསྟན་པས། །ཕྱག་རྒྱ་ཆེན་པོའི་སྔགས་བཅས་མཐུས། །སྐད་ཅིག་དུས་ཀྱི་ལུང་བསྟན་མཛད། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་བྱ་མ་ཡིན། །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་སོགས་རྒྱུད་རྣམས་འཛིན་པར་གྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་བསྲུངས། །སེམས་ཅན་ཀུན་ལ་སྙིང་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །རྩེ་གཅིག་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་ཤིང་མཐོང་ལ་སོགས་པ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང༌། །ཁྱེད་རྣམས་རབ་ཏུ་དགྱེས་པར་གནས། །


DTG027_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཀྱང་འཆི་བ་ཡོད་མེད་ཅིང༌། །མཚུངས་མེད་ཐུབ་པར་མི་འགྱུར་ཏེ། །ཅིས་ཀྱང་མི་འཇིགས་དགའ་བར་གྱས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །བྱང་ཆུབ་སེམས་ནི་ཡོངས་མི་སྤང༌། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་སྟེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་དག་མི་སྨད་ཅིང༌། །མ་གུས་སྤང་ཞིང་དོར་མི་བྱ། །མི་ཤེས་སྣོད་མིན་རྨོངས་པ་ལ། །ནམ་ཡང་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་དག་ལ་གུས་པར་གྱིས། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །བདག་པོར་རྒྱལ་ཆེན་དབང་བསྐུར་ཞིང༌། །བདུད་རྣམས་ཐམས་ཅད་ལས་རྒྱལ་བས། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །འདི་ཡིས་ཁྱེད་རྣམས་དུས་འདི་རུ། །སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །དབང་བསྐུར་རྗེས་ཐོབ་དབུགས་ཕྱུང་བས། །སློབ་མ་ཡོན་འབྱུང་རྒྱལ་པོར་འགྱུར། །སློབ་དཔོན་བློ་གྲོས་དམ་ཚིག་ལྡན། །བརྟན་གཡོའི་མཐའ་ལས་རྣམ་པར་གྲོལ། །ལམ་མཆོག་འཇུག་སོགས་དབུགས་དབྱུང་སྟེ། །ངལ་བའི་གནས་ངན་ཀུན་དུ་སྤངས། །རིགས་ཀྱི་འཁོར་གང་ཡིན་པ་ཡི། །བརྟེན་པའི་དཀྱིལ་འཁོར་དེ་བཞིན་ཉིད། །རྟེན་གནས་ཁང་པ་རྒྱན་བཅས་པའི། །རྣམ་དག་རང་བཞིན་རྒྱན་བསྟན་ཅིང༌། །བསྐྱེད་པའི་ལས་ལམ་བྱེ་བྲག་སོགས། །སློབ་དཔོན་ཕྱོགས་གཅིག་ནས་འཇུག་པའི། །རིག་པའི་ཡན་ལག་རྒྱུད་དོན་བཞིན། །སློབ་དཔོན་དབང་བསྐུར་དོན་དུ་བསྟན། །དེ་ནས་སྣ་ཚོགས་རྒྱན་རྣམས་དང༌། །མཆོད་པ་ཀུན་དང་གཏོར་མ་ཀུན། །སྔ་མ་བཞིན་དུ་ཕུལ་བྱས་ཏེ། །དཀྱིལ་འཁོར་ལྷ་རྣམས་བསྟོད་པར་བྱ། །ཀུན་དུ་སྣ་ཚོགས་བླ་མ་ལ། །ཡོན་མཆོག་བདག་གིས་དབུལ་བར་བྱ། །གང་ལ་ཡོངས་སུ་གཏང་དཀའ་བ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །གང་དང་གང་ནི་སྡུག་པའི་མཆོག །ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དང་དེ་ནི་བླ་མ་ལ། །དེ་ནི་ཟད་པར་འདོད་པས་དབུལ། །ཡང་ན་དེ་ནི་འདོད་གྱུར་པའམ། །འོན་ཏེ་སེམས་ལ་དགོས་པ་དག །དེ་བཞིན་ཡང་ན་དགོས་པར་བྱ། །


DTG027_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནི་ཆུང་ཡང་མཆོག་ཡིན་ནོ། །གལ་ཏེ་དེ་ལ་མཆོག་བདོག་ལ། །དེ་ཡང་ངན་པའི་ཡོན་དབུལ་ན། །ཀུན་གྱི་སློབ་དཔོན་བརྙས་པས་ན། །དེ་ནི་རྟག་ཏུ་སྡུག་བསྔལ་ཐོབ། །བུ་མོ་ཤིན་ཏུ་བརྒྱན་པའམ། །དེ་བཞིན་ཆུང་མ་སྡུག་པ་དག །ཕུལ་ནས་རིན་གྱིས་བསླུ་བ་ནི། །སངས་རྒྱས་བྱང་ཆུབ་མཆོག་གི་ཡོན། །མི་ཆེན་དག་ནི་ཕུལ་ནས་སུ། །སླར་ཡང་རིན་གྱིས་བསླུ་བ་ནི། །རྡོ་རྗེ་འཛིན་པ་དཔལ་སྦྱོར་བ། །ཡོན་དེ་མཆོག་གི་ཡོན་ཡིན་ནོ། །མུ་ཏིག་ཟངས་དང་ནོར་བུ་དང༌། །ཤིན་ཏུ་དཀར་དང་རས་ཟུང་དང༌། །དེ་བཞིན་རྟ་ནི་དཀར་པོ་དང༌། །པདྨ་ཅན་གྱི་ཡོན་མཆོག་ཡིན། །རྒྱལ་སྲིད་ལོངས་སྤྱོད་གཏེར་རྣམས་དང༌། །གོས་དང་རྒྱན་གྱི་ཚོགས་རྣམས་དང༌། །དེ་བཞིན་མཆོད་པ་ཐམས་ཅད་དང༌། །རྡོ་རྗེ་ཉི་མའི་ཡོན་ཡིན་ནོ། །རྟ་མཆོག་ཤིན་ཏུ་བརྒྱན་པའམ། །གླང་པོ་ཤིན་ཏུ་བརྒྱན་པ་དང༌། །ཤིང་རྟ་རིན་ཆེན་བཀང་བ་དག །རྟ་ཡི་རྒྱལ་པོའི་ཡོན་ཡིན་ནོ། །དེ་ནས་དབེན་པའི་གནས་དག་ཏུ། །དྲིས་བྱུགས་མཎྜལ་ལེགས་བཤམས་ནས། །སྣ་ཚོགས་རྒྱན་སོགས་མེ་ཏོག་བཀྲམ། །བླ་མ་བདེ་བའི་སྟན་ལ་གཞག །ཤེས་རབ་ཕུན་སུམ་མཚན་ལྡན་པ། །སྣོད་ལྡན་དབང་ཐོབ་དམ་ཚིག་གནས། །ཡོན་བཅས་བླ་མ་ལ་ཕུལ་ནས། །སྟོན་མོའི་གཡོས་སོགས་དགའ་ལོངས་སྤྱོད། །རྡོ་རྗེ་ཡོལ་བས་བར་བཅད་ལ། །གུས་པས་རྒྱང་ནས་གསོལ་བ་གདབ། །དཔལ་ལྡན་མགོན་པོ་བདེ་བ་ཆེ། །བདེ་ཆེན་བདེ་བའི་གནས་ལ་བཞུགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་བདེ་སྩོལ་མཛོད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡི། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་སོགས་འགྲོ་ཀུན་གྱི། །སྡུག་བསྔལ་ཐམས་ཅད་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་རྟོག་པའི་རབ་རིབ་སེལ། །གང་གིས་བྱང་ཆུབ་བླ་མེད་པ། །དེ་རིང་བདག་གིས་ཐོབ་པར་མཛོད། །བློ་གྲོས་ཐུགས་རྗེ་ཆེན་པོ་ཡིས། །བརྩེ་བའི་གསུང་གིས་སླར་བརྗོད་པ། །བུ་ཁྱོད་ཇི་ལྟར་འདོད་པ་བཞིན། །རྒྱལ་བ་ཀུན་གྱི་བདེ་ཆེན་སྦྱིན། །ཏིང་


DTG027_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛིན་སྦྱོར་སྔགས་གསལ་བ་ཡིས། །རང་གི་གནས་སུ་ལེགས་པར་སྡོད། །དེ་ནས་ཕྱི་ནང་ཁྲུས་སོགས་ཀྱིས། །དམ་ཚིག་ལྷ་མོ་སྤྱང་བྱས་ནས། །ཉུངས་ཀར་སྔགས་ཀྱིས་བགེགས་བསྐྲད་ཅིང༌། །སྦྱོར་བ་རྗེས་སྦྱོར་གྱིས་བསྐྱེད་དེ། །དབང་བསྐུར་བྱིན་བརླབས་རྫོགས་བྱས་ནས། །རོལ་པའི་བརྡས་བསྐུལ་སྤྲོ་བ་བསྐྱེད། །གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས། །སློབ་མའི་ཁ་རུ་དབབ་པར་བྱ། །ཇི་ལྟར་རྒྱལ་བ་བདེ་གཤེགས་ཀྱིས། །རང་གི་སྲས་མཆོག་དབང་བསྐུར་ཞིང༌། །བྱང་ཆུབ་སེམས་དེ་དག་པའི་ཆུ། །རྟོག་ཚོགས་དྲི་མ་དག་པར་བྱས། །ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང༌། །ལོངས་སྤྱོད་གནས་ལ་གཞུག་བྱས་ཏེ། །རིགས་ཀྱི་ཆ་ལུགས་གསལ་བ་དག །ཆུ་ཟླ་སྒྱུ་མའི་རྣམ་པ་བཞིན། །རྫོགས་རིམ་བཅུད་རྫོགས་བླ་མ་མཆོག །འགྲོ་བ་སྐྱོབ་པའི་བློ་ལྡན་པ། །རྡོ་རྗེ་འཛིན་པའི་གསང་གནས་དོན། །སློབ་མས་རྒྱུད་ལ་རབ་བསྐུལ་མཛད། །མཚན་ལྡན་ཡུལ་བཅས་བླ་མ་ལ། །མཆོད་ཅིང་གསོལ་བ་གདབ་པར་བྱ། །ཀྱེ་ཀྱེ་མགོན་པོ་བདེ་བ་ཆེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །ཕྱག་རྒྱ་མི་ཕྱེད་རབ་སྒྲུབ་པ། །མངོན་སུམ་ཉམས་མྱོང་བསྐྱེད་པའི་ཕྱིར། །བདག་ཉིད་ཆེན་པོས་ཇི་ལྟ་བར། །གཙོ་བོས་བདག་ལ་མཛད་དུ་གསོལ། །རྟོག་པའི་དྲི་མས་བསྒྲིབས་པ་རྣམས། །བྱང་ཆུབ་ཆུ་ཡིས་དག་པར་མཛོད། །རིགས་མཐུན་མཚན་ལྡན་བྱིན་བརླབས་པའི། །ལྷ་མོ་བུ་ཡི་ལག་ཏུ་གཏད། །དགའ་པའི་གནས་ཆེན་ལྷ་མོ་འདི། །སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང༌། །ལེགས་པར་ཟུང་ཤིག་བློ་གྲོས་མཆོག །དགའ་བདེའི་མཆོད་པ་རབ་ཏུ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་འདི་དག་ཐམས་ཅད་འགྱུར། །དེ་བས་ཁྱོད་ཀྱིས་འདི་ཉིད་ཏུ། །ནམ་ཡང་འབྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ལྷ་མོས་གྲོགས་ལ་དགའ་བའི་བཞིན། །རྒྱས་མཛད་པདྨ་ཁ་ཕྱེ་བསྟན། །ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུའི་བཟའ་


DTG027_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཏུང་དང༌། །རཀ་ཏ་ག་པུར་མཱཾས་དང༌། །བུད་མེད་རྣམས་ལ་དད་གུས་དང༌། །བྷ་གར་འོ་བྱེད་མི་རྟོག་པ། །སྨྲོས་ཤིག་གྲོགས་པོ་བདེ་བ་ཅན། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་ཁྲག་ལ་སོགས་བཟའ་བ་དང༌། །བུད་མེད་རྣམས་ལ་རྟག་གུས་ཤིང༌། །བྷ་གའི་པདྨར་འོ་བགྱིད་ཅིང། །རྨད་བྱུང་གསང་བའི་པདྨ་འདི། །ཐམས་ཅད་བདེ་བར་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་སྤྱོད་ན། །དེ་ཉིད་བདེ་ཆེན་འབྲལ་མི་འགྱུར། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཐམས་ཅད་རྣམ་པར་གྲོལ། །བདེ་ཆེན་རྒྱལ་བ་འདི་ཉིད་ནི། །དངོས་པོ་ཀུན་གྱི་རང་བཞིན་གནས། །ནང་གི་རྩ་ཡི་འཁོར་ལོའི་ཚོགས། །པདྨ་ལ་བཞུགས་རབ་ཏུ་རྒྱས། །བྷ་གའི་མཁའ་དབྱིངས་ནམ་མཁའི་དབྱིངས། །འབྱུང་བ་ལྔ་པོ་རྒྱན་བཞིན་དགོད། །ལྟེ་བ་ཟེའུ་འབྲུ་གེ་སར་ཟླུམ། །འདབ་མ་བརྒྱད་སོགས་རྣམ་པར་མཛེས། །དེ་ཡི་དབུས་སུ་གནས་པ་ནི། །དེ་ཉིད་བདུད་རྩི་བདེ་ཆེན་གཟུགས། །བྷཉྫ་མོཀྵ་ཧོ། །དབེན་པའི་གནས་མཆོག་དྲི་བཅས་བརྒྱན། །ཡོལ་བའི་རབ་སྟན་བདེ་ལ། །ཐབས་ཤེས་སྦྱོར་བའི་ཏིང་འཛིན་དང༌། །རྗེས་སུ་སྦྱོར་དང་སྦྱོར་ཆེན་བསྒོམ། །ཀ་མ་ལ་ཡི་གཙུག་ལག་གཞུང༌། །རིམ་གྱིས་བདེ་བའི་ཡེ་ཤེས་བསྐྱེད། །དངོས་གྲུབ་ཤིས་དང་མི་ཤིས་ལས། །ཡི་གེ་ལྔ་བཅུའི་མཚན་མ་བརྟག །ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །སྙིང་རྗེ་ཆན་པོ་མཁའ་འདྲ་ཞིང༌། །རྡུལ་བྲལ་ཐར་པ་ཞི་བ་ཆོས། །རང་གི་རང་བཞིན་དེ་ཉིད་དོ། །བྱང་སེམས་རྡོ་རྗེ་ལྕེ་ཡིས་བླང༌། །མཆོད་ཡོན་དབུལ་བསྐོར་གཏང་རག་གཏང༌། །བླ་མ་དམ་པའི་མན་ངག་གིས། །དབང་བཞིའི་རིམ་པ་བསྟན་པའི་ཕྱིར། །ཐབས་དང་ཤེས་རབ་གཉིས་མེད་པའི། །རྣམ་གསུམ་ཕྱག་རྒྱ་གང་རུང་ལས། །གཉིས་མེད་བདེ་བའི་ཡེ་ཤེས་དོན། །མངོན་སུམ་ཉམས་མྱོང་རྒྱུད་ལས་བསྐྱེད། །རྣལ་འབྱོར་བདེ་བ་ཐམས་ཅད་ཀྱིས། །དབང་བསྐུར་བདེ་ཆེན་ལས་བྱུང་བའི། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱིས། །རབ་ཏུ་མྱོས་པས་དབང་བསྐུར་འགྱུར། །དེ་དོན་རྟོག་པ་བདུན་པ་ལས། །རྒྱས་པར་བསྟན་པའི་གཞུང་


DTG027_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་བསླབ། །ཕྱི་ནང་གསང་བ་གསང་ཆེན་གྱི། །དབང་བསྐུར་དམ་པ་བཞི་དག་ལས། །རྒྱུད་གཞན་ལ་ལས་བུམ་པ་དང༌། །གསང་བ་ཤེས་རབ་ཡེ་ཤེས་དང༌། །བདེ་ཆེན་བཞི་པ་ཞེས་བརྗོད་དེ། །དེ་དོན་རང་བཞིན་མཚུངས་པའོ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །འདོད་པས་ལོག་པར་གཡེམ་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །རྡོ་རྗེ་བླ་མ་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་བྱང་ཆུབ་སེམས། །དྲན་པ་གསལ་བས་གཟུང་བྱས་ནས། །ལྷག་པའི་ལྷ་བཞིན་རིན་ཆེན་ཏོག ། ཕྱི་དང་ནང་གི་སྦྱིན་སྲེག་དང༌། །གཏོར་མའི་ལས་རྣམས་རྫོགས་བྱས་ནས། །རབ་ཏུ་གཅེས་པའི་རིན་ཆེན་སོགས། །བླ་མའི་ཞབས་ལ་བཏུད་ཏེ་དབུལ། །དེང་ནས་བརྩམས་ཏེ་དུས་ཀུན་དུ། །བླ་མ་བཟང་ལ་རབ་གུས་དང༌། །ཐུགས་རྗེ་བརྩེ་བ་ཉེར་བཞག་ནས། །བདག་ལ་དགོངས་ཤིང་གཟིགས་པར་མཛོད། །འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །སོན་ལམ་རྒྱ་ཆེན་གདབ་པར་བྱ། །དཀྱིལ་འཁོར་རྣམ་གསུམ་རིམ་པ་བཞིན། །བསྡུ་བའི་ཆོ་ག་རྒྱ་ཆེར་བྱ། །སྦྱིན་པ་རྣམ་བཞིའི་བྱེ་བྲག་གིས། །མགྲོན་ཚོགས་མ་ལུས་དགུག་པར་བྱ། །བཀྲ་ཤིས་གླུ་གར་རོལ་མོའི་ཆོགས། །དེ་ཉིད་ལོངས་སྤྱོད་ཉེ་བར་གནས། །མགོན་པོས་ཇི་ལྟར་རྣམ་བཀོད་པ། །དེ་དོན་གསང་བ་རྒྱ་མཚོའི་རྒྱུད། །རབ་བསྡུས་དཀྱིལ་འཁོར་ཆོ་ག་བཞིན། །དྲི་མེད་ཡན་ལག་རྒྱས་པའི་ཚུལ། །རྣལ་འབྱོར་འཇུག་པའི་ཡན་ལག་ཏུ། །བསྟན་པའི་དགེ་བས་འགྲོ་བ་རྣམས། །རང་གི་ཡེ་ཤེས་ཟག་པ་མེད། །བདུད་རྩིའི་བཅུད་ཀྱིས་རྒྱས་པར་ཤོག །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གུ་ལེནྡྲ་གུབྟ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དྲན་བ་ནམ་མཁས་བསྒྱུར་བ། ཕྱིས་ཀྱི་ལོ་ཙཱ་བ་ལྷ་རིན་པོ་ཆེས་བཅོས་ཤིང་གཏན་ལ་ཕབ་པའོ། །

སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཚོགས་ཀྱི་ཆོ་ག་ཞེས་བྱ་བ།
ཨིནྡྲབྷཱུཏི།


DTG027_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སརྦ་བུདྡྷ་ས་མ་ཡ་ཡོ་གཱི་ག་ཎ་བི་དྷི་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་


DTG027_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་ཀྱི་ཆོ་ག་ཞེས་བྱ་བ། དཔལ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་ཆེན་སེམས་དཔའི་མཆོག །སངས་རྒྱས་སྲས་མཆོག་འཁོར་ལོའི་གནས། །རྣམ་འཕྲུལ་ཆོ་ག་སྟོན་མཛད་པའི། །སྐུ་གསུང་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པ་སྣ་ཚོགས་མཆོག་གྱུར་པའི། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་ལས། །ཚོགས་ཀྱི་ཆོ་ག་བཤད་པར་བྱ། །དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་འབྱུང་བ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་པས། །ཀུན་ལྡན་ཚོགས་ཀྱི་འཁོར་ལོ་ཡི། །རིགས་ཀྱི་བཀོད་པ་སོ་སོའི་གནས། །ཕུན་སུམ་ཚོགས་པར་བསྟན་པའམ། །ཡང་ན་བདེ་བའི་གནས་དག་ཏུ། །སྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ། །མར་ངོའི་བརྒྱད་དང་བཅུ་བཞི་དང༌། །ཡར་ངོའི་བརྒྱད་དང་བཅུ་མཚམས་གཉིས། །དེར་ནི་དང་པོ་གདན་བཤམས་ཏེ། །འཇམ་ཞིང་རེག་ན་བདེ་འགྱུར་བའི། །སྣ་ཚོགས་པདྨ་རས་ཀྱིས་གཡོགས། །དེ་ནི་ཐམས་ཅད་དག་པའི་གདན། །སངས་རྒྱས་ཀུན་གྱི་དམ་ཚིག་དཔལ། །རྡོ་རྗེ་སེམས་དཔའི་སྣང་བ་བདེ། །དེ་བཞིན་གཤེགས་པའི་ཕོ་བྲང་མཆོག །རིན་ཆེན་རྒྱན་ལ་སོགས་པས་སྤྲས། །དྲིལ་བུ་རྒྱལ་མཚན་མཆོག་ལྡན་པའི། །བླ་རེ་དམ་པ་བྲེས་པ་ན། །རྡོ་རྗེ་ཚིག་དང་མཆོག་ལ་སོགས། །གླུ་དང་སིལ་སྙན་རྣམ་པར་འཕྲུལ། །མེ་ཏོག་བདུག་པའི་སྦྱོར་བ་དང༌། །མར་མེ་དྲི་ལ་སོགས་ལྡན་པར། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བསྒྲུབ། །སློབ་དཔོན་མགོན་ལ་ལེགས་ཞུས་ནས། །ཕུན་སུམ་ཚོགས་པའི་རྗེས་འཇུག་ཅིང༌། །སངས་རྒྱས་བརྡ་དང་ལྡན་པ་ཡིས། །མེ་ཏོག་ཐོགས་ཏེ་འགྲོ་ལ་བསྐུལ། །རྣལ་འབྱོར་ཕོ་མོ་ཐམས་ཅད་ཀུན། །དགའ་ཞིང་དང་བའི་སེམས་བཅས་ཀྱིས། །དོ་ནུབ་བདག་གི་གནས་དག་ཏུ། །ཚོགས་ཀྱི་ཆོ་ག་མཛད་པར་གསོལ། །ཨེ་མ་བུ་ནི་སྙིང་རྗེ་ཆེ། །གལ་ཏེ་ལག་པའི་ཕྲེང་སྟོན་ན། །འདུ་བར་བྱ་ཞེས་སྨྲ་བ་ཡིན། །


DTG027_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲེང་བ་མངོན་པར་བཏང་བྱས་ནས། །དམ་ཚིག་ལ་གནས་བརྟུལ་ཞུགས་བཟང༌། །དཔའ་བོ་གཞན་དོན་སྤྱོད་པའོ། །དེ་ནས་ནུབ་མོ་འདུས་པ་དང༌། །ཕྱི་ནས་འདག་ཆལ་དྲི་ཆབ་ཆུས། །ཁྲུས་བྱས་མེ་ཏོག་གིས་བརྒྱན་ཅིང༌། །རྣལ་འབྱོར་དག་ཆོས་སྔགས་ཀྱིས་སྤྱང༌། །དེ་ནས་ནང་གི་ཁྲུས་བྱས་ཏེ། །སྔགས་ཀྱིས་བསྲུངས་ཤིང་བྱིན་བརླབས་ནས། །དམ་ཚིག་ཚོགས་རྣམས་བ་སྐད་གསོ་ཞིང༌། །རིམ་བཞིན་ནང་དུ་འགྲོ་བར་བྱ། །དམ་ཚིག་བརྡ་སོགས་བརྟག་པའི་ཕྱིར། །ཁྲོ་བོའི་རྒྱན་སྔོན་ལས་མཁན་གཉིས། །རིག་པའི་སྔགས་བརྗོད་ཐོ་བ་འཛིན། །བསྲུང་བའི་དོན་ཕྱིར་སྒོ་འགྲམ་གཉིས། །ཀྱེ་ཁྲོ་རྒྱལ་སྔོན་དག་གིས་མཛེས། །དམ་ཚིག་རྣམ་པར་སྤྱོད་པ་པོ། །དངོས་གྲུབ་རིན་ཆེན་དབྱུག་ཏོ་འཛིན། །དཔའ་བོ་དཔའ་མོ་འདུ་བར་མཛོད། །མཁའ་མཛེས་རྣལ་འབྱོར་མ་དཀྱིལ་དུ། །དམ་པའི་མཚན་ལྡན་བདག་ཐོང་ཤིག །ཨོཾ་མ་ཧཱ་ས་ཡ་ཧཱུཾ། སུ་ར་ཏ་སྟྭཾ། རྡོ་རྗེ་སློབ་མ་ཆེན་པོ་དང༌། །རང་གི་གྲོགས་མཆོག་ལྷ་རྣམས་ལ། །བསྐོར་ཞིང་ཕྱག་འཚལ་རང་ཉིད་ཀྱི། །སྟན་ལ་གུས་པའི་སེམས་ཀྱིས་འདུག །ཡོན་བདག་ལས་མཁན་གང་རུང་གིས། །ས་གཞི་ལེགས་བཤམ་དྲི་བཅས་ཆུས། །ཁྲུ་གང་ལ་སོགས་ཚད་མཉམ་པའི། །མཎྜལ་རྒྱན་དང་བཅས་པར་བཤམ། །རྡོ་རྗེ་བརྗིད་གནོན་སྔགས་ཀྱིས་ནི། །བསང་སྤྱང་བསྲུང་ཞིང་བྱིན་གྱིས་རློབ། །རིག་པ་ཆད་དག་རྣམ་ཕྱེ་ལ། །དཀྱིལ་འཁོར་སྔགས་ཀྱིས་མེ་ཏོག་དགྲམ། །ཨོཾ་བཛྲ་རེ་ཁེ་ཧཱུཾ། འཇིག་རྟེན་པ་ཡི་མཎྜལ་ནི། །དེ་ཡི་འོག་ཏུ་བརྩམ་པར་བྱ། །ཕྱོགས་བཞིར་དཀྱིལ་འཁོར་རྣམ་བཞིའམ། །ཡང་ན་གཅིག་ཏུ་དགོད་པར་བྱ། །དབུས་སུ་རྟ་མཆོག་ལྷ་མོ་སྟེ། །ཟླ་གམ་ལྷ་མཆོག་ཆེན་པོའི་གནས། །པར་ཁྱམས་དང་པོར་ཕྱོགས་སྐྱོང་ལྷ། །གཉིས་པར་མཁའ་འགྲོའི་ཚོགས་རྣམས་ཏེ། །གསུམ་པར་ཀླུ་རྒྱལ་འཁོར་བཅས་ཚོགས། །བཞི་པར་འགྲོ་དྲུག་བགེགས་ཚོགས་སོ། །སོ་སོའི་ལས་དང་མཐུན་པ་ཡི། །ཚོགས་པའི་རྒྱན་རྣམས་དགྲམ་པར་བྱ། །མཆོད་ཡོན་མཆོད་ཚོགས་རིམ་གྲོ་དང༌། །ཉ་ཤ་ལ་སོགས་


DTG027_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཟའ་བ་དང༌། །ཆང་རྩི་མྱོས་བྱེད་ཕྲེང་བ་དང༌། །གཡོན་དུ་ཉེ་བར་དགོད་པར་བྱ། །གཡས་པ་དག་ཏུ་ཆུ་ཡི་སྣོད། །ཀུ་ཤའི་ཆུན་པོ་ཉུངས་ཀར་བཅས། །མདུན་དུ་མཆོད་ཡོན་བཟེད་ཞལ་དང༌། །རྡོ་རྗེ་དྲིལ་བུ་ཕྱག་རྒྱའི་ཚོགས། །མཆོད་པའི་ཕྱག་རྒྱའི་ཤེས་ཚོགས་རྣམས། །མདུན་གྱི་དཀྱིལ་འཁོར་དང་པོ་ལ། །མཆོད་པ་ཀུན་གྱི་གཏོར་མའི་ཚོགས། །ཕྱག་རྒྱ་ཤེས་པའི་རྫས་རྣམས་ནི། །འཇིག་རྟེན་པ་ཡི་དཀྱིལ་འཁོར་ལ། །བགོད་དེ་བསྲུང་སྤྱང་ཤིས་པར་བྱ། །བསོད་ནམས་ཚོགས་ཀྱིས་དག་བྱས་ནས། །སྲུང་བའི་འཁོར་ལོ་བསྒོམ་པར་བྱ། །གཞི་རྟེན་སྦྱོར་བའི་ཏིང་འཛིན་གྱིས། །དམ་ཚིག་དཀྱིལ་འཁོར་སྦྱོར་ལྡན་པས། །བསྒོམ་པའི་ཡན་ལག་མ་ཉམས་པར། །རིགས་ཀྱི་རྣམ་པར་བསྒོམ་པར་བྱ། །ཡེ་ཤེས་དཀྱིལ་འཁོར་ལ་དམིགས་ཤིང༌། །མདུན་གྱི་དཀྱིལ་འཁོར་གཉིས་མེད་པའི། །དཀྱིལ་འཁོར་མཉེས་པའི་ལས་བྱའོ། །ཆང་ལ་སོགས་པའི་ཡོ་བྱད་རྣམས། །མདུན་ནས་ཕྱག་ཏུ་ཅི་རིགས་དབུལ། །ལྟོས་ཤིག་རྣལ་འབྱོར་རྒྱན་མཛེས་རྣམས། །འདི་ལ་རྣམ་རྟོག་ཡོད་མ་ཡིན། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པས་ལྷན་ཅིག་བཟའ། །ཨོཾ་མ་ཧཱ་ས་མ་ཡ། ཀུ་རུ་ཀུ་རུ་དྷ་རོ་ཀུ་རུ་ཧཱུཾ་ཕཊ། བདེ་གཤེགས་དེ་ནི་སྡིག་མེད་ཅིང༌། །འདོད་ཆགས་སོགས་པའི་སྐྱོན་དང་བྲལ། །གཟུང་འཛིན་དྲི་མ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །གཡས་དང་གཡོན་གྱི་ལག་གཉིས་ཀྱིས། །པདྨའི་བསྐོར་བ་བྱས་ནས་ནི། །རོལ་པར་བཅས་པས་བཟའ་བ་བཟུང༌། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ཇི་བཞིན་དུ་ནི་འཇུག་པར་བྱའོ། །རྡོ་རྗེ་སློབ་དཔོན་བློ་ལྡན་པས། །ཆང་སོགས་རྫས་རྣམས་བྱིན་གྱིས་བརླབ། །གཡོ་ཞིང་འབར་བའི་གཟུགས་ཅན་དང༌། །ཁྱད་པར་དུ་ནི་བསྐོར་བ་ཉིད། །ཤེལ་གྱི་གཟུགས་ཀྱིས་བྱིན་བརླབ་ཅིང༌། །ཐམས་ཅད་བདུད་རྩིའི་ངོ་བོར་བརྟག །དེ་ཉིད་ཡང་དག་སྤྱོད་པ་འདིས། །རྣལ་འབྱོར་པ་ནི་ཀུན་ནས་བདག །ཇི་ལྟར་བདེ་བར་བརྗོད་པར་བྱ། །སྒྱུ་མ་ལྟ་བུ་མཛེས་པ་ཡི། །འོ་བྱེད་སོགས་སྦྱོར་ཀུན་འཁྱུད་


DTG027_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ། །སེམས་ཅན་དོན་དུ་ཡང་དག་སྤྱད། །དེ་ནས་མནའ་ནི་བསྒགས་བྱས་ནས། །སངས་རྒྱས་ཐམས་ཅད་མཐུན་པ་ཡི། །མཆོག་ཏུ་རྟག་པའི་བཀའ་སྩལ་པ། །དམ་ཚིག་དམ་པ་སྦྱིན་པར་བྱ། །སངས་རྒྱས་ཐམས་ཅད་མཉམ་སྤྱོར་བའི། །སྔོམ་པ་ཉམས་པར་ཁྱེད་བྱེད་པ། །ཇི་སྙད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་དག་དང་ནི་མི་དག་དང༌། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་རིང་ནས། །སྙིང་ནས་ཁྲག་ཆེན་འཐུངས་པ་ཡིན། །བདག་གི་ངོ་བོ་ཡོངས་སྤངས་ཤིང༌། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་མེད་སྟོབས་ཀྱིས་ཁྱོད་མ་འཇིགས། །དམ་ཚིག་འདའ་བར་དཀའ་བའོ། །ཚོགས་ཀྱི་དཔའ་པོའི་སྟོན་མོ་ལས། །སློབ་དཔོན་ལས་ཀྱི་རིམ་པའོ། །དེ་ནས་ཁྲུས་བྱས་དྲི་ཡི་ལུས། །ཇི་ལྟར་འབྱོར་པའི་གོས་དང་རྒྱན། །སྣ་ཚོགས་རྣམ་པར་བགོས་ནས་ནི། །མེ་ཏོག་ཕྲེང་ལྡན་ཁ་དྲི་ཞིམ། །སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་དུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །མཉམ་པ་ཉིད་དུ་བསྒྲུབ་པར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པར་བྱས། །རྡོ་རྗེ་རིན་ཆེན་པདྨོ་སོགས། །སྒོ་སྲུང་དང་ནི་ལྡན་པར་བྱ། །རང་གི་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་བསྒྲུབས་པས། །སྐལ་བཟང་རང་གི་ཕྱག་རྒྱས་མཚན། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །སྦྱོར་བའི་དབང་ཕྱུག་རྣམ་འཕྲུལ་བས། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །དེ་ནི་རྣམ་པར་འཕྲུལ་བར་མཛད། །བརྟན་ཞིང་གྲུབ་པའི་སློང་བྱེད་པ། །ཀུན་ནས་སློང་བའི་བདེ་བ་ནི། །སོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག།


DTG027_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨོཾ་ཨེ་ཧྱེ་ཏི་བྷ་ག་བཱན་མྷཱ་ཀཱ་རུ་ཎི་ཀ་ཏྲི་ཤྱ་ཧོ་ས་མ་ཡ་སྟྭཾཿཛཿཧཱུཾཿ་བཾ་ཧོཿས་མ་ཡ་སྟྭཾ། དེ་ནས་ཡང་དག་རབ་གསལ་བས། །བུད་མེད་དག་ནི་བཞི་རྣམས་ལ། །གར་གྱི་ཕྱག་རྒྱའི་མཆོད་པ་ཡིས། །མཆོད་པ་ཐམས་ཅད་དབུལ་བར་བྱའོ། །ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། །མཆོད་པ་ཆན་པོ་ཐམས་ཅད་གྲུབ་པར་མཛད། །གླུ་ཡི་ཕྱག་རྒྱ་འདི་ནི་དཔལ། །རྡོ་རྗེ་སེམས་དཔའ་ལ་གནས་ཏེ། །མཆོད་ཕམ་ལུས་བྱེད་པ་ཡི། །རབ་འབྱམས་ལས་ལ་སྦྱོར་དུ་རུང༌། །གང་དག་གྲུབ་པར་མ་གྱུར་དང༌། །མཆོད་པ་དག་ནི་མི་འབྱོར་བ། །ཕྱག་རྒྱ་འདི་ཡིས་མཆོད་བྱས་ནས། །མཆོད་པ་ཐམས་ཅད་མྱུར་དུ་འགྲུབ། །དེ་ནས་རོ་མཆོག་བཟའ་བཏུང་ནས། །གླུ་ཚིག་སིལ་སྙན་ལ་སོགས་པ། །དེ་དག་མགོན་པོ་རྣམས་ལ་དབུལ། །དཀྱིལ་འཁོར་ཚོགས་བཅས་དབྱེར་མེད་བློས། །རྡོ་རྗེ་བླ་མ་ཆེན་པོ་དང༌། །བདག་གཞན་ཆོགས་ལ་འདོད་དགུས་མཆོད། །རྣམ་པ་མང་པོའི་འདོད་ཆགས་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཏེ་ན་ཏེ་ཏེ་ཧཱུཾ། རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་ཧཱུཾ་ཧཱུཾ། རྣམ་པ་མང་པོ་ཁྲོ་བོའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མ་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རྣམ་པ་མང་པོ་སྲོག་གི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཧཾ་ཤི་ཤྭ་བ་ཤྭི་ཧཱུཾ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་


DTG027_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེ་པྲ་ཡ་ཙྪ། སརྦ་ཀརྨསུ་ཙ་མེ་ཙི་ཏྟཾ། ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། །བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མཧཱ་ས་མ་ཡ་སཏྭ་ཨཱཿ། དེ་ནས་ཟོས་ཤིང་འཐུངས་པ་ཡི། །ལྷག་མའི་ཚོགས་རྣམས་ཀུན་བསྡུས་ཏེ། །གོང་དུ་བཀོད་པའི་གཏོར་མ་དང༌། །སོ་སོར་བྱིན་བརླབས་བསྔོ་བར་བྱ། །ཧ་ཧོ་ཧྲཱིཿཡི་སྦྱོར་བ་ཡིས། །བདུད་རྩིའི་རང་བཞིན་འདོད་ལྔའི་ཚོགས། །མཛེས་པའི་ཕྱག་རྒྱ་སྨིན་མཚམས་གནས། །སྔགས་བཅས་མགྲོན་ཚོགས་བསྡུ་བར་བྱ། །ཨོཾ་ཧ་ཧི་རུ་ལུ་རུ་ལུ་ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནི་བྷྱོ། །ཨེ་ཨ་ར་ལི་ཧོ་ཛ་ཛ། ཨོཾ་སུམྦྷ་ནི་སུམྦྷ་ཛཿཧཱུཾ་བཾ་ཧོཿཨཱ་ཀཌ་ཌྷ་ཡ། ཨཱ་ཀཌ་ཌྷ་པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། མོ་ཧ་ཡ། མོ་ཧ་ཡ། ཨེ་ཨ་ར་ལི་ཧོ། །ཧྲིཾ་ཧྲིཾ་ཧྲིཾ། ཧཱུཾ་ལས་རྔམ་ཆེན་འབར་བའི་སྐུ་སྟོན་ཅིང༌། །འཇིག་རྟེན་ལྷ་ཆེན་ཡབ་ཡུམ་ཞབས་ཀྱིས་གནོན། །དྲག་པོའི་དཀྱིལ་འཁོར་སྣ་ཚོགས་སྟོན་མཛད་ཅིང༌། །དབུ་མང་རྟ་སྐད་འཚེར་ཞིང་གར་མཛད་པ། །ཉི་མ་འབུམ་གྱི་འོད་མངའ་སྐུ་ལ་རྫོགས། །ཁྲོ་རྒྱལ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །འཇིགས་བྱེད་དབང་ཕྱུག་ཆེན་པོ་དང༌། །དེ་བཞིན་ཚངས་པ་བརྒྱ་བྱིན་སོགས། །ཁྱབ་འཇུག་འདོད་དགའི་དབང་ཕྱུག་དང༌། །འཇིག་རྟེན་སྐྱོང་བའི་ལྷ་དང་ཀླུ། །གང་དག་རྫུ་འཕྲུལ་མཐུ་མངའ་རྣམས། །བྲན་མངགས་གཡོག་དང་ཆུང་མར་བཅས། །དཔའ་བོའི་སྤྱན་སྔར་དམ་བཅས་བཞིན། །རང་གི་དམ་ཚིག་དྲན་བྱོས་ལ། །ཚོགས་ཀྱི་དཀྱིལ་འཁོར་བསྲུང་བའི་ཕྱིར། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོད་ཟེར་སྔགས་ཀྱིས་སྤྱང་བྱས་ནས། །རིགས་ཀྱི་དཀྱིལ་འཁོར་མངོན་པར་གསལ། །ཨོཾ་ཀཀྐ་ཌྷ་ན། བབྦན་དྷ་ན་ཁཁྑཱད་ན། སརྦ་དུཥྚ་ན། ཧ་ན་ཧ་ན། གྷ་གྷ་གྷཱ་ཏ་ཡ། ཨ་མུ་ཀ་སྱཱ། ཤཱནྟི་ཀུ་རུ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཛ་སྭཱ་ཧཱ། བདུད་རྩི་བསམ་གཏན་དམིགས་ནས་ནི། །བདུད་རྩིས་ཁ་ནི་དག་པར་བྱ། །ཨོཾ་གུ་རུ་ཏྲོ་ཏ་ཁཱ་ཧི། ས་མ་ཡ་བྲཾ་ཤ་ཁཱ་ཧི། བྷཀྵ་སུ་གན། བྷུ་ཏ་ཀྵེ་ཏྲེ་པྲ་ཏི་སྟཾམྦྷ་ཡ་ཁཱ་ཧི། ལྷག་མ་ཁ་ཆུའི་ཚོགས་ཀྱིས་པྲན། །དགྱེས་པའི་ལོངས་


DTG027_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྱོད་རྣམ་པར་རོལ། །ཨོཾ་འཇིག་རྟེན་ཀུན་གཙོ་མངའ་མཛད་པའི། །ལྷ་ཆེན་དྲེགས་བྱེད་སྟོབས་ལྡན་པ། །བདེ་གཤེགས་སྲས་སོགས་བྲན་མཛད་པའི། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཅན། །དབང་ཕྱག་ཆེན་པོ་ཆུང་མར་བཅས། །དེ་བཞིན་ཁྱབ་འཇུག་ཚངས་པ་དང༌། །བརྒྱ་བྱིན་འདོད་དགའ་ཆུང་མར་བཅས། །ལྷ་ཆེན་འཁོར་བཅས་ཚོགས་རྣམས་དང༌། །ཕྱོགས་སྐྱོང་བརྒྱད་པོ་འཁོར་བཅས་དང༌། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང༌། །མཁའ་འགྲོ་ཆེན་མོ་གསུས་འཛིན་མ། །དུར་ཁྲོད་མ་མོའི་ཚོགས་བཅས་དང༌། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་དང༌། །འགྲོ་བ་སྡུག་པོ་འཁོར་བཅས་རྣམས། །སྐུ་གསུང་ཐུགས་སོགས་སྤྱང་བྱས་ནས། །རང་གི་ལྷ་ཡི་གཟུགས་འཛིན་རྣམས། །གནས་འདིར་འདུས་པའི་དམ་ཚིག་ཅན། །མཆོད་གཏོར་རྒྱན་དང་བཅས་པ་བཞེས། །དམ་ཚིག་སྲུངས་ཤིག་དམ་ཚིག་ཅན། །ལས་ལ་སོགས་པའི་མཁའ་འགྲོའི་ཚོགས། །མཁའ་འགྲོ་ཆེན་མོ་འཁོར་བཅས་རྣམས། །རྣལ་འབྱོར་བསྒྲུབ་པའི་གྲོགས་མཛོད་ཅིག །ལས་མཛད་རྡོ་རྗེ་བྲན་བཅས་པས། །ཞི་རྒྱས་དབང་དྲག་ལས་གྲུབ་ཅིང༌། །ཐེག་ཆེན་གསང་སྔགས་བསྲུང་བ་དང༌། །ནད་དང་གནོད་སོགས་ཞི་བ་དང། །ཚེ་དབང་བཀྲ་ཤིས་སྤེལ་བ་དང༌། །བདེ་ལེགས་འབྲས་བུ་གྲུབ་པར་མཛོད། །ཨོཾ་སརྦ་དུཥྚ་ན། གྷི་ན་གྷི་ན། གཙྪ་ཧཱུཾ་ཕཊ། དེ་ནས་སྣ་ཚོགས་གར་གྱི་རྒྱ། །དགའ་མཛེས་སྟོབས་ཀྱིས་བསྒྱུར་བྱ་ཞིང༌། །སྣ་ཚོགས་གླུ་རྣམས་སྙན་པའི་དབྱངས། །དཔའ་བོའི་ཚོགས་ཀྱིས་ལེགས་པར་བླང༌། །རྡོ་རྗེ་ཐལ་མོ་ལེགས་སྦྱར་བ། །རང་གི་སྙིང་གར་གཞག་ནས་སུ། །སེམས་ཅན་ཐམས་ཅད་ལ་དམིགས་ཏེ། །སྨོན་ལམ་རྒྱ་ཆེན་གདབ་པར་བྱ། །སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། །དུས་ཀུན་དུ་ནི་བདེ་གྱུར་ཅིག །སངས་རྒྱས་ཉིད་དང་འཕྲད་འགྱུར་བའི། །ལམ་དེ་ཉིད་ལ་ཞུགས་ནས་ཀྱང༌། །མ་སྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བར་ཤོག །ཀུན་གྱིས་རིག་འཛིན་བགྲོད་བྱས་ནས། །སྐུ་གསུང་འབྲས་བུ་སྐྱེ་འགྱུར་ཞིང༌། །རྣལ་འབྱོར་གཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་


DTG027_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་པར་ཤོག །དཀྱིལ་འཁོར་རིམ་བཞིན་བསྡུ་བྱ་སྟེ། །ཡེ་ཤེས་ལྷ་ཚོགས་གཤེགས་སུ་གསོལ། །དམ་ཚིག་གསལ་མཉེས་བསྲུང་བར་བྱ། །གཟུགས་བརྙན་དབེན་པའི་གནས་སུ་གཞག །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་སེམས་ཅན་དོན་ལ་དགོངས། །ཨོཾ་ཨཱཿཧཱུཾ་མུཿབཛྲ་གཙྪ་མུཿ། གསང་མཆོད་སྙིང་པོ་དྲི་མ་མེད། །ཚོགས་གཉིས་གཅིག་ཏུ་རབ་སྤྱོད་པ། །ཡེ་ཤེས་བླ་མའི་རྩལ་རྫོགས་དོན། །དཔའ་བོ་ལོངས་སྤྱོད་སྤྱད་པའི་ཐབས། །སྒྲུབ་ཐབས་སྔ་མའི་ཡན་ལག་ཏུ། །ཆོ་གའི་དབྱེ་བ་བཀོད་བྱས་པས། །འགྲོ་རྣམས་ཚོགས་གཉིས་རྣམ་འཕྲུལ་ནས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཚོགས་ཀྱི་ཆོ་ག་ཞེས་བྱ་བ། སློབ་དཔོན་ཆེན་པོ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ནནད་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དྲན་བ་ནམ་མཁས་བསྒྱུར་བ་ལས། ཕྱིས་ལོ་ཙཱ་བ་ལྷ་རིན་པོ་ཆེས་བཅོས་ཤིང་གཏན་ལ་ཕབ་པའོ།། །།

དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས།


DTG027_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཧེ་རུ་ཀ་ནཱ་མ་ནོ་པི་ཀ །བོད་སྐད་དུ། དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དངོས་དང་དངོས་མེད་རྟོག་བྲལ་ཞིང༌། །ཐུགས་རྗེ་མཛད་པ་སྣ་ཚོགས་སྣང༌། །ཐབས་མཁས་ཁྲོ་སྟོན་རྒྱལ་བའི་སྐུ། །མ་ལུས་འཇིགས་ལ་ཕྱག་འཚལ་ཏེ། །མཁའ་འགྲོ་སྒྱུ་མའི་རྗེས་འགྲོ་བ། །དེ་ཉིད་སྒྲུབ་ཐབས་ཆོ་གར་བཅས། །རྣལ་འབྱོར་འདོད་པའི་བདེ་སྐྱེད་དོན། །ཅུང་ཟད་འཇུག་པའི་དོན་ཕྱིར་བཤད། །ཐེག་མཆོག་བླ་མ་བཟང་ལས་བྱུང༌། །ཡོན་ཏན་སྟོབས་སོགས་ཀུན་ནས་མཛེས། །རབ་ཏུ་སྦྱངས་པའི་རྣལ་འབྱོར་མཆོག །འདོད་པའི་ལྷ་ལ་དད་མོས་འདུད། །ཚུལ་ཁྲིམས་བརྟུལ་ཞུགས་ལ་སོགས་ཀྱི། །ཐབས་མཁས་ཡན་ལག་རྣམ་སྤྱད་པས། །དེ་ནས་གོམས་བྱེད་ལས་རྫོགས་ཏེ། །ཀུན་དུ་འཁོར་ལོ་མཐར་ཕྱིན་འགྱུར། །བྱམས་སོགས་


DTG027_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚད་མེད་བཞི་རྣམས་ཀྱིས། །འགྲོ་རྣམས་ཐམས་ཅད་ཉེ་བར་གཟུང༌། །ཤིན་ཏུ་དག་པའི་གནས་ཉིད་དུ། །བདེ་བའི་སྟན་ལ་ལེགས་པར་གནས། །ཡང་དག་དཀྱིལ་འཁོར་བཟང་པོ་ཉིད། །ཡང་དག་ཁྲུས་ཀྱི་ཆོ་ག་དང༌། །ཡང་དག་མཆོད་རྒྱན་གཏོར་མར་བཅས། །ཡང་དག་ཕྱག་རྒྱ་སྔགས་སོགས་ལྡན། །ཐམས་ཅད་ཡུལ་ཀུན་རྣམ་དག་པའི། །བྱང་ཆུབ་སེམས་ཉིད་བརྟན་པ་ལས། །ཐུགས་རྗེས་ཉི་མའི་མཐའ་ཡས་ཟེར། །ཐམས་ཅད་ཡུལ་ཀུན་ཁྱབ་པར་གསལ། །ཡི་གེ་ཧཱུཾ་གི་འཕྲོ་འདུ་ལས། །སྲུང་བའི་འཁོར་ལོ་རྒྱ་ཆེན་པོ། །འཁོར་ལོ་མེ་འོད་མཚོན་ཆའི་ཕྲེང༌། །ཁྲོ་ཚོགས་སྤྲུལ་བཅས་ཚོམ་རྔམ་ཚོགས། །ཕྱོགས་བཅུར་བསྟན་པར་བྱ་བའི་ཕྱིར། །ཧཱུཾ་བཞིའི་ཕྱག་རྒྱ་སྔགས་ཀྱིས་བསྲུང༌། །རིགས་ཀྱི་ཡི་གེ་མཚན་མར་བཅས། །ཕྲ་མོའི་སྐུར་གསལ་འཕྲོ་འདུ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བྱས་ཏེ། །གཏུམ་རྔམ་ཁྲོས་པའི་ཆ་ལུགས་ཅན། །ཐམས་ཅད་གཅིག་ཏུ་སྦྱོར་བའི་མཐུས། །དམ་ཚིག་རྒྱལ་པོ་ཧེ་རུ་ཀ །ཞལ་གཅིག་ཕྱག་གཉིས་མཐིང་གའི་མདངས། །འོད་འབར་དུར་ཁྲོད་རྒྱན་གྱིས་བརྗིད། །ཁྲོ་རྟགས་མཚན་མ་ཀུན་རྫོགས་ཤིང༌། །ཉམས་དགུའི་རྔམ་བརྗིད་ཚུལ་དང་བཅས། །སྤྱན་དམར་མཆེ་གཙིགས་ཁྲོ་གཉེར་ཅན། །གཡས་པ་རྡོ་རྗེ་རྩེ་ལྔ་གདེངས། །གཡོན་པ་སྣོད་བཅུད་ཁ་ཊྭཱཾ་བཅས། །ཀླུ་རྒྱལ་བརྒྱད་ཀྱིས་ཉེར་མཛེས་ཤིང༌། །སྤུ་རྣམས་རྡོ་རྗེ་འོད་འབར་བ། །ཁྲོ་བོའི་དཀྱིལ་འཁོར་ཕྱོགས་བཅུར་སྤྲོ། །རྡོ་རྗེ་ཕྲེང་བ་ཕྱག་རྒྱ་ལྔ། །རིགས་ཀྱི་དབུ་རྒྱན་སེམས་དཔར་བཅས། །གནས་གསུམ་འོད་གསལ་དག་བྱེད་པའི། །དཀྱིལ་འཁོར་ལ་གནས་སྐུ་གསུངས་ཐུགས། །ཕྱོགས་བཅུར་སྤྲོ་ཞིང་བསྡུས་པའི་མཐུས། །བྱིན་བརླབས་གནས་གསུམ་བརྟན་བར་འགྱུར། །སྙིང་གའི་འོད་ཟེར་རྒྱ་ཆེན་པོས། །རིགས་ཀྱི་ཁྲོ་བོ་ཀུན་བསྡུས་ཏེ། །རང་གི་གནས་སུ་བརྟན་བྱས་ནས། །འདོད་པའི་དངོས་གྲུབ་གསོལ་བ་གདབ། །ཕྱི་ནང་མཆོད་པ་སྣ་ཚོགས་ཀུན། །རྒྱ་ཆེན་སྤྲོ་ཞིང་དག་པར་དབུལ། །ཚད་མེད་བཞི་ཡི་ཕྱག་རྒྱ་ཡིས། །སྐུ་གསུང་ཐུགས་སུ་སྦྱོར་པར་


DTG027_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ། ཏིང་འཛིན་སེམས་དཔའི་མཚན་མ་ལ། །སྔགས་ཀྱི་འཁོར་ལོ་སྤྲོ་ཞིང་བསྡུ། །ཨོཾ་ཤྲཱི་ཧེ་རུ་ཀ་ཧཱི་སྭཱ་ཧཱ། །མར་མེའི་ཕྲེང་བ་འཁོར་བའི་ཚུལ། །ཡན་ལག་རྫོགས་པའི་ཏིང་འཛིན་གྱིས། །དངོས་གྲུབ་མཚན་མ་ཀུན་སྟོན་ཅིང༌། །ཡང་དག་བྱང་ཆུབ་བརྟན་པར་འགྱུར། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུར་མ་ཐམས་ཅད་དུ། །མཐོང་བ་དག་ནི་རེག་པར་འགྱུར། །དམིགས་སུ་ཡོད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །བུད་མེད་ལ་སོགས་རིན་ཆེན་མཆོག །མཁའ་ལས་དངོས་གྲུབ་ཐམས་ཅད་སྤྱོད། །དངོས་པོ་མེད་པར་བདག་སྦྱོར་བས། །ནམ་མཁའ་ཀུན་དང་མཉམ་པར་སྦྱོར། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཤིན་ཏུ་བསྟན་པས་འགྲུབ་པར་འགྱུར། །སྤྱོད་ལམ་ཀུན་དུ་མ་ཉམས་པར། །རྣལ་འབྱོར་ཡང་དག་ཏིང་འཛིན་གནས། །རྣམ་པ་མང་པོའི་ཡུལ་ཅན་ཀུན། །ཐབས་དང་ཤེས་རབ་རོལ་མོའི་ཚོགས། །བཟའ་བཏུང་དག་པའི་ཏིང་འཛིན་གྱིས། །དཀྱིལ་འཁོར་ཐམས་ཅད་ཚིམ་འགྱུར་ཅིང༌། །བསོད་ནམས་ཡེ་ཤེས་ཚོགས་ཆེན་ལ། །འགྲོ་རྣམས་དག་པར་ཉེ་བར་སྦྱོར། །ཀུན་དུ་ཆ་ལུགས་ཆུ་ཟླ་བཞིན། །མ་གོས་ཆགས་པ་མེད་པའི་རྒྱལ། །ཐམས་ཅད་ཆོས་རྣམས་བླང་དོར་མེད། །བྱ་བའི་ལམ་རྫོགས་མཐར་ཕྱིན་འགྱུར། །ཚེ་འདིར་ཡོན་ཏན་ཆོས་ཀུན་དང༌། །རིག་འཛིན་གོ་འཕང་མངོན་པར་བརྙེས། །ཐམས་ཅད་སྦྱོར་བའི་རྒྱུད་ཆེན་པོ། །དེ་ཉིད་ངེས་པར་བསྟན་པའི་དོན། །ཕྱག་རྒྱ་གཅི་པའི་སྒྲུབ་ཐམས་མཆོག །ཡང་དག་རྫོགས་པའི་ཚུལ་གྱིས་འཇུག །ལེགས་པར་བསྡུས་པའི་བསོད་ནམས་ཀྱིས། །ཁམས་གསུམ་ཐམས་ཅད་བཅོམ་ལྡན་འདས། །སྟོབས་མཆོག་དཔལ་ལྡན་ཧེ་རུ་ཀར། །ཡང་དག་ཉིད་དུ་གྲོལ་གྱུར་ཅིག །དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཐུ་བོ་ར་ཛ་ཧ་སྟིས་མཛད་པ་རྫོགས་སོ། །

དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཞེས་བྱ་བ།
ཧཱུཾ་མཛད་རྡོ་རྗེ།


DTG027_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཧེ་རུ་ཀ་སཱདྷ་ན་ནཱ་མ། བོད་སྐད་དུ། དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཞེས་


DTG027_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མགོན་པོ་བདེ་ཆེན་ལས་བྱུང་བའི། །རིགས་སྐུ་ཡེ་ཤེས་ཀུན་གྱི་བདག །དྲེགས་བྱེད་རྒྱུ་འབྲས་འཇོམས་མཛད་པའི། །སྟོབས་ཆེན་ཁྲོ་རྒྱལ་དཔལ་ལ་འདུད། །ཡང་དག་གྲུབ་པའི་ལས་གཞུང་གི །བསྙེན་སྒྲུབ་བཞི་ཡི་རིམ་བ་ལས། ཁྲོ་བོའི་དཀྱིལ་འཁོར་སྒྲུབ་པའི་ཐབས། །དགོས་དོན་འབྲེལ་པའི་སྒོ་ནས་བཤད། །རྩོད་དུས་སེམས་ཅན་གདུལ་དཀའ་ཞིང༌། །ལོག་པའི་ལམ་ལ་གནས་དག་ལ། །མཛད་སྤྱོད་ཞི་བས་མི་འདུལ་ཕྱིར། །ཁྲོ་བོའི་ཕྲིན་ལས་བསྟན་པ་ཡིན། །དེ་ཉིད་གྲུབ་པའི་གཞུང་དག་ལ། །ལོག་རྟོག་འཁྲུལ་པས་བསླད་པ་དག །ངེས་པའི་གཞུང་དོན་རྟོགས་བྱའི་ཕྱིར། །ལེགས་བསྡུས་བསྟན་པ་གསལ་བར་བྱ། །འཇུག་པའི་རྣལ་འབྱོར་རྩལ་ལྡན་དང༌། །ཤེས་རབ་ཀྱིས་ནི་བློ་ཕྱེ་ནས། །ངེས་པར་བརྟག་པའི་ས་གཞི་ལས། །བླ་མས་ངེས་པའི་ལུང་འདི་བསྟན། །སྣུམ་པ་ཡི་ནི་དམ་ཚིག་དང༌། །གཙང་དང་འཇིགས་པའི་བརྟུལ་ཞུགས་ཅན། །དེ་དག་གོམས་ནས་ཉམས་སུ་བླང༌། །གྲུབ་པའི་དཔང་ཕྱུག་ཕུང་སུམ་ཚོགས། །བློ་ཞན་ཤེས་རབ་ཆུང་བས་ནི། །བསྒྲུབས་ཀྱང་གྲུབ་པར་མི་འགྱུར་ཏེ། ཕུང་བྱེད་གཉི་ག་བསྲེགས་པས་ན། །དེ་བས་གཞན་དུ་བསྟན་པ་མི། །དུར་ཁྲོད་དང་ནི་ལྷ་རྟེན་དང༌། མ་མོའི་གནས་ལ་སོགས་འདུག་ནས། །རྡོ་རྗེ་འཛིན་པའི་དགོས་པ་དག །རྣམ་པ་དུ་མར་འགྲུབ་པར་འགྱུར། །ཕྱི་དང་ནང་གི་རྫས་བསགས་ནས། །རང་རྒྱུད་དག་པའི་རྣལ་འབྱོར་པས། །བགེགས་ཚོགས་ཉེ་བར་ཞི་བྱ་དང༌། །ཚོགས་བསགས་བསྲུང་བའི་དོན་ཆེད་དུ། །འབྱུང་པོའི་གཏོར་མ་བཏང་ནས་ནི། །གསང་བའི་དོན་གྱི་ལས་རྣམས་བྱ། །བདག་ཉིད་རང་གི་ལྷར་སྦྱོར་བས། །ལུས་ངག་ཡིད་གསུམ་མཐུ་བསྐྱེད་ཅིང༌། །བདག་དང་འགྲོ་བ་སྤྱང་བྱས་ནས། །རང་བཞིན་དག་པའི་རྣམ་པར་བསམ། །སྙིང་གའི་སྔགས་ཀྱི་འཕྲོ་འདུ་ཡིས། །དཀྱིལ་འཁོར་མདུན་དུ་བསམ་བྱས་ནས། །རྩེ་གཅིག་སེམས་ཀྱིས་མཆོད་སོགས་དང༌། །འགྲོ་དོན་སྤྱོད་པ་རྒྱ་ཆེར་བྱ། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །ཐུག་


DTG027_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་ཆེ་དང་ལྡན་པ་ཡི། །དཀྱིལ་འཁོར་ལྔ་ལ་སོགས་པ་ཡི། །ཞི་བའི་མཆོད་པས་མཉེས་བྱས་ཏེ། །བསྙེན་པའི་དུས་སུ་གོམས་བྱས་ནས། །འཁོར་བཅས་མཆོད་བ་རྫོགས་པར་བྱ། །དེ་ཡང་སྤྱི་དང་སོ་སོ་ཡི། །སྒྲུབ་པའི་བྱེ་བྲག་རྣམ་གཉིས་ཏེ། །བསྡུས་དང་རྒྱས་ལ་དགའ་བ་ཡི། །དབྱེ་བ་གཉིས་སུ་ཤེས་པར་བྱ། །དང་པོར་ཆོས་ཀྱི་དབྱིངས་ཉིད་ལ། །དམིགས་པ་མེད་པའི་དོན་གྱིས་བསྒོམ། །དངོས་པོ་མེད་པར་བདག་སྦྱོར་བས། །ནམ་མཁའ་ཀུན་དང་མཉམ་སྦྱོར་བའོ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དུ་ནི་ཁྱབ་པ་ལས། །ཆོས་ཀུན་སྟོང་གསལ་རང་བཞིན་མེད། །མི་དམིགས་སྙིང་རྗེ་ཆེན་པོའི་དང༌། །ཨོཾ་དྷརྨ་ཐཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྐད་ཅིག་མ་ཡིས་སྐུར་གནས་ཏེ། །ཧཱུཾ་གི་འོད་ཟེར་འཕྲོས་པའི་མཐུས། །རྡོ་རྗེ་རྒྱ་གྲམ་ས་གཞི་ལ། །ར་བ་གུར་དང་བླ་རེ་དང༌། །ཕྱོགས་བཅུར་མེ་འོད་འབར་བ་ཡི། །མཚོན་ཆའི་ཕྲེང་བས་འཁོར་བར་བསྒོམ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །མཁའ་དབྱིངས་སྣ་ཚོགས་ལ་གནས་ནས། །ཅིར་ཡང་གྱུར་པའི་ཡིག་འབྲུ་ལས། །འོད་ཟེར་ཚུལ་དུ་སྤྲོས་ནས་ཀྱང༌། །མ་ལུས་ཉེ་བར་ཁྱབ་བྱས་ཏེ། །རེ་ཞིག་རྔམ་པའི་ཚུལ་དུ་དགོངས། །ཨེ་ལས་མཁའ་དབྱིངས་གྲུ་གསུམ་དཀར། །བཟང་པོའི་མཁའ་དབྱིངས་གྱེན་བསྒྲེང་ནས། །ཡཾ་ལས་རླུང་དཀྱིལ་གཞུ་ཡི་དབྱིབས། །དུད་ཁ་སྲ་མཁྲེགས་སྒྲོལ་མའི་མཁའ། །རཾ་ལས་མེ་འོད་དམར་སེར་ལས། །གྲུ་གསུམ་གོས་དཀར་ནམ་མཁའི་དབྱིངས། །བཾ་ལས་ཆུ་དཀྱིལ་དཀར་ཞིང་ཟླུམ། །བུམ་པས་མཚན་པ་མཱ་མ་ཀཱི། །ལམ་ལས་གསེར་གྱི་ས་གཞི་སྟེ། །གྲུ་བཞི་སྤྱན་ལ་རྡོ་རྗེས་མཚན། །ཁཾ་ལས་རཀྟའི་དཔའ་ཀློང་འཁྱིལ། །འདོད་ཆགས་ཆེན་པོའི་རང་བཞིན་རྟགས། །ཀཾ་བྱུང་ཀེར་རུས་རི་རབ་སྟེ། །རིན་ཆེན་རྒྱན་སྤྲས་རྡོ་རྗེས་མཚན། །དེ་དབུས་བྷཱུཾ་ལས་གཞལ་ཡས་ཁང༌། །གྲུ་བཞི་སྒོ་དང་སྒོ་ཁྱུད་ཅན། །རིན་ཆེན་ཐོང་པ་སྣ་ཚོགས་དང༌། །ཉི་ཟླ་རྡོ་རྗེའི་རྒྱན་གྱིས་མཛེས། །དཀྱིལ་འཁོར་ཟླ་གམ་གནས་པ་ལ། །རེའུ་མིག་དགུ་པ་རྡོ་རྗེས་མཛེས། །སྣ་ཚོགས་ལྷ་མོའི་


DTG027_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲེང་བ་དང༌། །འཕན་གདུགས་རྔ་ཡབ་རྟ་བབས་ལྡན། །ཞིང་འཕྲུལ་ཚངས་པའི་གཡང་གཞི་སོགས། །དུར་ཁྲོད་རྒྱན་གྱིས་འཇིགས་པར་བརྒྱན། །རིན་ཆེན་ཀ་གདུང་ཏོག་དང་བཅས། །འདོད་ཡོན་སྣ་ཚོགས་རྒྱན་གྱིས་མཛེས། །དཀྱིལ་འཁོར་ཕྱི་རི་མ་གནས་བརྒྱད་དུ། །དུར་ཁྲོད་ཤིང་དང་ཞིང་སྐྱོད་དང༌། །ཕྱོགས་སྐྱོང་རྣལ་འབྱོར་མཚོ་དང་སྤྲིན། །ཀླུ་རྒྱལ་ལ་སོགས་གནས་བརྒྱད་དུ། །ཤ་ཟ་འབྱུང་པོ་གཤིན་རྗེ་དང༌། །མཁའ་འགྲོ་བྱ་ཀྱི་རོ་ལ་སོགས། །ཅེ་སྤྱད་ཁྲོ་ཚོགས་སྒྲའི་འབྱིན་ཅིང༌། །རོ་ཡི་ཚོགས་ལ་ལོངས་སྤྱོད་མཛད། །རང་བྱུང་མཆོད་རྟེན་དང་བཅས་པ། །ཕྲེང་བ་རིམ་གསུམ་ཕྱི་རོལ་གནས། །དེ་དབུས་འཁོར་ལོའི་ལྟ་བ་ལ། །པདྨ་དྲེགས་བྱེད་ཉི་ཟླའི་སྟེང༌། །དཔལ་མཆོག་དང་པོ་གནས་གྱུར་ནས། །སྤྲུལ་པའི་ཏིང་འཛིན་ལ་གནས་མཛད། །ཆོས་རྣམས་ཐམས་ཅད་རྣམ་བརྟགས་ན། །དངོས་མེད་མཚན་མ་ཀུན་དང་བྲལ། །བྱང་སེམས་ཡེ་ཤེས་དང་པོའི་གཟུགས། །ཨཱ་ལི་ཟླ་དཀྱིལ་གསལ་བར་བསྒོམ། །བྱང་སེམས་ཡེ་ཤེས་གཉིས་པའི་རྟགས། །དེ་སྟེང་ཀཱ་ལི་ཉི་མར་བཅས། །མཚན་དང་དཔེ་བྱད་གསལ་བའི་དོན། །མཛད་པའི་འཕྲོ་འདུར་བཅས་པའོ། །དེ་དག་འོད་དུ་གྱུར་པ་ལས། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། །དཀར་པོ་བུམ་པ་ཧཱུཾ་གིས་མཚན། །བཛྲ་ཨ་ཧཾ། གདོད་མ་ཐ་མ་མེད་པའི་དབྱིངས། །དང་པོ་རྡོ་རྗེ་ཆེན་པོ་ཡིན། །འོད་ཟེར་ལྔ་ཡི་འཕྲོ་འདུ་ཡིས། །དཀྱིལ་འཁོར་དྲུག་གི་ལས་མཛད་ནས། །སྐུ་གསུང་ཐུགས་དབྱིངས་བཞུགས་པ་ལས། །འོད་ཟེར་ཕྲེང་མཛེས་བརྗིད་པའི་མཆོག །དེ་ལ་སྐུ་མཆོག་ཕྱག་རྒྱ་ཡི། །སྔགས་ཀྱི་ཡི་གེ་བརྗོད་པར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨ། ཛཿཧཱུཾ་བཾ་ཧོཿསུར་ཏ་སྟྭཾ། དེ་དག་ཡེ་ཤེས་བྱང་ཆུབ་སེམས། །མངོན་བྱང་ལྔ་ཡི་བདག་ཉིད་དོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཆེ། །དཀར་དམར་ཞལ་ལྔ་ཕྱག་བཞི་པ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས་།འོག་མ་གཉིས་ཀྱིས་མདའ་དང་གཞུ། །རིན་ཆེན་རྒྱན་དང་ན་བཟའ་ཅན། །དབུ་ལ་རིན་ཆེན་ཕྲེང་བས་མཛེས། །ལུས་ཀྱི་བ་སྤུའི་གནས་རྣམས་སུ། །དཀྱིལ་འཁོར་དྲུག་གི་རྡུལ་ཕྲན་གནས། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ནི། །གནས་ལྔ་དག་ཏུ་གཏུགས་


DTG027_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་སྟེ། སྔགས་ཀྱིས་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སོགས་རྣམ་པར་བསམ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་འོད་ཡུམ་དང་འཁྲིལ་པ་ཡི། །གསང་གནས་ཧཱུཾ་དང་ཨཱས་བརྒྱན་ཏེ། །ཡེ་ཤེས་རྡོ་རྗེ་ཕཊ་དང་བཅས། །རྩེ་མོ་ནོར་བུ་འབར་བས་མཚན། །རྣམ་ཐར་པདྨ་ཨེ་དཀྱིལ་ཅན། །མདོག་སེར་ལྟེ་བ་ཟེའུ་འབྲུ་དམར། །ས་མ་ཡ་སོགས་བརྡས་བསྐུལ་ནས། །ཛཿ་ཧཱུཾ་བཾ་ཧོཿ་ས་རོལ་པ་བྱ། །ཨོཾ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ལ་ལ་ཧོ། །བདེ་བ་ཆེན་པོའི་འོད་ཟེར་གྱིས། །ཕྱོགས་བཅུའི་རྒྱལ་བ་མཉེས་མཛད་ནས། །འགྲོ་བའི་ལུས་ངག་ཡིད་གསུམ་སྤྱང༌། །སྐུ་གསུང་ཐུགས་ཀྱི་རྒྱན་གྱིས་བརྗིད། །ཐམས་ཅད་འོད་ཀྱིས་སླར་བསྡུས་ནས། །སྟོང་གསུམ་ཏིལ་གོང་འབྲུ་འདྲ་རྣམས། །སངས་རྒྱས་དྲུག་གི་གསུང་དུ་གྱུར། །བ་སྤུའི་བུ་ག་ཀུན་དུ་ཐིམ། །ཐུགས་ཀའི་གནས་སུ་ཞུགས་པ་དག །བདེ་བ་ཆེན་པོའི་གནས་ནས་བབས། །འདོད་ཆགས་ཆེན་པོ་དགའ་བའི་མེས། །སྐུ་དང་བཅས་པ་འོད་དུ་གྱུར། །སྔོན་གྱི་གོམས་ཤུགས་ལྷ་མོ་བཞིས། །ཕྱོགས་བཞི་ནས་ནི་བསྐུལ་མཛད་དེ། །སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུ། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཡེ་ཤེས་གསང་བའི་རྒྱུད་བསྐུལ་ནས། །ཐུགས་རྗེས་འགྲོ་ལ་གཟིགས་མཛད་དེ། །འབྲས་བུའི་སེམས་དཔའ་སྔ་མ་བཞིན། །ཆོ་ག་གསུམ་གྱིས་གསལ་བར་བྱ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །རྡོ་རྗེ་སེ་གོ་ལ་ཕྱག་རྒྱས་ནི། །སངས་རྒྱས་ཐམས་ཅད་བསྡུ་བར་མཛད། །འཇིག་རྟེན་ཁམས་ནི་མ་ལུས་པ། །སངས་རྒྱས་རྡོ་རྗེ་འཛིན་བཅས་རྒྱན། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང༌། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་


DTG027_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །དེ་ནས་སྣ་ཡི་རྩེ་མོ་ལ། །ཡིད་ནི་ཡང་དག་བརྟན་པར་གཟུང༌། །སྣ་ཡི་དབུགས་རིང་དྲོ་བ་ལས། །རྒྱལ་བའི་སྦྱོར་བའི་ཕྱག་རྒྱ་འབྱུང༌། །བཅོམ་ལྡན་དེ་ཉིད་རྣལ་འབྱོར་པས། །རྡོ་རྗེ་ཁྲོ་བོར་བསྒྱུར་ནས་ཕྱུང༌། །ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཧེཿསརྦ་དུཥྚ། ས་མ་ཡ་མུ་དྲ་པྲ་བྷཾ་ཛ་ཀ་ཧཱུཾ་ཕཊ། སྔ་མ་ལས་ནི་གནས་གྱུར་ཏེ། །བསྐལ་པའི་མེ་དཔུང་འཁྲིགས་པ་བཞིན། །ཁྲག་འཐུང་མཐིང་ནག་འཇིགས་པའི་སྐུ། །འབར་བ་ཆེན་པོའི་འོད་ཟེར་ཅན། །ཞལ་གཡས་ཞི་བའི་རང་བཞིན་དཀར། །དབུས་མ་མཐིང་ན་གནག་པོའི་ཞལ། །གཡོན་པ་རྨོངས་བྱེད་སེར་པོ་སྟེ། །རྒྱབ་མ་ཆགས་མཛད་དམར་པོའོ། །སྨིན་མཚམས་ཁྲོ་གཉེར་གློག་བཞིན་འགྱུ། །སྤྱན་གསུམ་ཁྲོ་གཉེར་མཆེ་གཙིགས་ཞལ། །དབུ་སྐྲ་སྨར་སེར་ནག་མཛེས། །སྤུ་རྣམས་རྡོ་རྗེ་གྱེན་དུ་འཁྱིལ། །སྒེག་པ་དཔའ་བ་འཇིགས་སུ་རུང༌། །དགོད་དང་གཤེ་དང་འཇིགས་པར་བྱེད། །སྙིང་རྗེ་རྔམ་དང་ཞི་བ་ཡི། །སྐུ་གསུང་ཐུགས་ཀྱི་གར་ཐབས་ཅན། །གཡས་གཡོན་དང་པོས་རྡོ་རྗེ་དང༌། །རྡོ་རྗེ་ཁཊྭཱཾ་དྲིལ་བུར་བཅས། །དེ་འོག་གཉིས་ཀྱིས་འཇིགས་བྱེད་ཀྱི། །པགས་པ་བཀླུབས་ཀྱི་ཚུལ་དུ་བསྐོར། །གསུམ་པ་གཉིས་ན་མངའ་དང་གཞུ། །གཡས་ཀྱི་བཞི་པས་དུང་ཁྲག་འཛིན། །གཡོན་ཀྱི་བཞི་པས་ཐོད་པ་རུ། །སྙིང་ཆེན་པོ་ཡིས་བཀང་པའོ། །ལ་ལར་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་འཇིགས་པའི་མེ་འོད་ཅན། །གཡས་པས་བ་དན་གསུམ་པ་ཕྱར། །རྡོ་རྗེ་རྩེ་ལྔ་འབར་ཕྲེང་ཅན། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བུར་བཅས། །ཐོད་པ་གང་བ་གཡོན་པ་ན། །འབར་བ་ཆེན་པོ་སྐྲ་འབར་བ། །ཐོད་པ་མང་པོའི་དབུ་རྒྱན་ཅན། །འཇིགས་པ་ཆེན་པོའི་དུས་ལྟར་དྲག །དྲུག་ཁྲོད་བཞིན་དུ་རབ་ཏུ་འཇིགས། །ཞལ་རྣམས་སྣ་ཚོགས་འགྱུར་བ་དང༌། །འབར་བའི་ལྟ་བས་གར་བྱེད་པ། །རྡོ་རྗེ་རྡོ་རྗེ་ཁ་ཊྭཱཾ་ག །དྲིལ་བུའི་སྒྲ་ནི་གསིལ་བ་ཡིས། །ཐམས་ཅད་ཕབ་ནས་སླར་ཡང་ནི། །ཐལ་བར་གྱུར་པ་འང་འཚོ་བར་བྱེད། །གཏི་མུག་དབང་མཛད་ཐེག་ཆེན་བརྒྱན། །གླང་ཆེན་ཀོན་རློན་སྟོད་གཡོགས་མན་བས། །འདོད་ཆགས་གཞན་གྱི་རྒོལ་བའི་


DTG027_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས། །ཚར་བཅད་སྟག་གི་པགས་པ་ཡིན། །ང་རྒྱལ་ཐུགས་རྗེས་འགྲོ་སྒྲོལ་རྟགས། །འཇིགས་བྱེད་ཆེན་བོའི་ཚར་མ། །ཞེ་སྡང་གཟུང་འཛིན་རྣམ་དག་པས། །གནས་བརྒྱད་སྤྲུལ་གྱི་ཕྲེང་བ་ཅན། །ཆགས་པ་གཉིས་དང་ལྡན་པ་ཡིས། །སྐུ་ལ་རཀྟའི་ཐིག་ལེས་བརྒྱན། །ཕྲིན་ལས་སྣ་ཚོགས་མཛད་པ་ཡིས། །ཐལ་བའི་ཚོམ་བུས་མཚན་པ་ཡིན། །བྱང་སེམས་གཉིས་མེད་དྲི་བྲལ་དོན། །ཞག་གི་རི་མོས་སྤྲས་པའོ། །ཕྲག་དོག་སྐུ་གསུང་རྒྱན་ལྡན་པས། །ཐོད་ཕྲེང་ཐོད་དང་སེ་རལ་ཐོགས། །དྲེགས་བྱེད་ཟིལ་གྱིས་མནན་པའི་ཕྱིར། །ཉི་ཟླ་སྙན་གྱི་གོང་རྒྱན་བྱས། །ལུས་དང་ངག་སེམས་རྡོ་རྗེ་ཡི། །མཚན་མའི་ཕྱག་རྒྱར་ལྡན་བྱས་ཏེ། །ཐམས་ཅད་འབྱུང་བའི་སྦྱོར་བ་ཡིས། །བདག་གི་སླར་ནི་བདག་ཉིད་བྱ། །ཨོཾ་ཨཱཿཧཱུཾ། ཐུགས་གསལ་ཉི་མ་ལ་གནས་པའི། །ཡེ་ཤེས་སེམས་དཔའ་ཧྲཱིཿ་དང་བཅས། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །ལྷ་མོས་བདུད་རྩིའི་བུམ་པས་དཀྲིས། །ཐོད་ཕྲེང་ལ་གནས་རིགས་ལྔས་བརྒྱན། །ལག་པ་ཤིན་ཏུ་བརྐྱང་པ་ཡིས། །མཛུབ་མོ་གཉིས་ནི་མདུད་པར་བཅིང༌། །གུང་མོ་མཐེ་བོའི་རྩེ་མོ་ཅན། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བསྒྱུར། །བཏེག་ནས་ཁྲོ་གཉེར་ལག་བཞག་སྟེ། །ཧི་བཅས་དབང་བསྐུར་སྔགས་བརྗོད་བྱ། །ཡབ་ཡུམ་མཁའ་གསང་ཧི་དང་ཨས། །རྡོ་རྗེ་པདྨར་བསྐྱེད་བྱས་ནས། །ལིངྒ་འགྲེང་བ་རང་བྱུང་བ། །བརླ་ཡི་དབུས་སུ་བསྒོམ་བྱས་ནས། །ལིངྒ་པདྨ་བྱིན་བརླབས་ཏེ། །ཁྲག་འཐུང་འདྲ་བའི་གཟུགས་སྐྱེའོ། །བྱང་ཆུབ་སེམས་དེ་ཀུན་དུ་དགོད། །མ་ལུས་ཉེ་བར་ཁྱབ་བྱས་ནས། །འདོད་པར་བྱ་བ་རབ་ཏུ་མཉེས། །འོད་འདུས་ཐོག་མའི་གཟུགས་ལ་གཟུང༌། །གསང་གནས་སོ་སོའི་གདན་དག་ལ། །ཆོས་ཀྱི་སྙིང་པོའི་ལྷ་གནས་བསྐྱེད། །ཧྲཱིཿ་ལས་དཔལ་ཆེན་ཧེ་རུ་ཀ །གསང་བའི་དཀྱིལ་འཁོར་དབུས་སུ་དགོད། །ཧྲཱིཿལས་ལྷ་མོ་གཽ་རཱི་མ། །ཧྣིཿལས་དེ་བཞིན་ཙཽ་རཱི་མ། །ཛྷིཿ་ལས་ལྷ་མོ་པྲ་མོ་ཡིན། །ཛྷི་ལས་བེཏྟ་ཕྱོགས་བཞིར་དགོད། །མཚམས་སུ་ཧཱུཾ་ཕཊ་ལས་བྱུང་བའི། །ལྷ་མོ་པུཀྐ་ལ་སོགས་བཞི། །མཾ་ཁཾ་ཡཾ་རཾ་ལས་བྱུང་བའི། །ཕྱི་རོལ་མྒྣའ་


DTG027_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛིན་ལ་སོགས་བསྐྱེད། །ཨ་ཨཱ་ཨཾ་ཨཿབྮི་པོ་ལས། །ལྷ་མོ་མེ་ཏོག་ལ་སོགས་རྣམས། །ཛཿཧཱུཾ་བཾ་ཧོཿ་ཡི་གེ་ལས། །སྒོ་བཞིར་རྟ་མགྲིན་འཕང་མཐོ་སོགས། །བྷ་ག་ལ་ནི་ལིངྒ་གཞག །ལིངྒ་རྡོ་རྗེར་བྱིན་བརླབས་ནས། །ཁྲག་འཐུང་འདྲ་བའི་སྐུ་གཉིས་ནི། །སྤྲོ་ཞིང་རང་ལ་ཐིམ་པར་བྱ། །ཧཱུཾ་བཛྲ་གུ་ཧྱ་སིདྡྷི་པར་མ་ཡོ་གེ་ཤྭ་རི་ཧྲཱིཿ་གཽ་རཱི་དཀར་སེར་ཞི་བའི་མདངས། །ཞལ་བཞི་ཕྱག་བརྒྱད་བརྗིད་པའི་སྟོངས། །གཡོན་བརྐྱང་གར་གྱིས་བཞུགས་མཛད་ཅིང༌། །མདའ་བཞི་དུས་གཅིག་བཀང་བ་ལ། །ཚངས་པའི་མགོ་བཞི་སྦྱངས་པ་སྟེ། །འཕྲོ་འདུ་དང་བཅས་མདུན་དུ་བཞུགས། །ཧཱུཾ་ཧཱུཾ་བཛྲ་ཙཎྜ་ཤྭ་རི་ཁ་ཊྭཱཾ་གི་མ་ཧཱ་བཛྲ་ཀ་པཱ་ལ་མཱ་ལ་ཀུ་རུ་ཀུ་རུ་ལླུ་ཧྲཱིཿ། ཙཽ་རི་དམར་པོ་དྲག་པོའི་ཞལ། །གཡོན་པས་ལྕགས་ཀྱུ་ཁ་ཊྭཱཾ་འཁྱུད། །གཡས་པའི་གུང་མོས་རྩི་བས་བརྒྱད་བསྟོད། །གཡས་བཏེག་གཡོན་སྟོབས་ལྷོ་ཡི་ཕྱོགས། །ཧཱུཾ་བཛྲ་ནཱ་རཱ་ཡ་ནི་ཛྲ། །པྲ་མོ་དབུ་གཉིས་གོང་མ་ཕག །འོག་མ་དམར་པོ་ཕྱག་བཞི་པ། །གཡས་ཀྱི་དང་པོས་རྡོ་རྗེ་རྩེ་གསུམ་བསྣམས། །གཡོན་གྱི་དང་པོས་ཁམས་ཕོར་འཆང༌། །འོག་གཉིས་ཁུ་ཚུར་སོ་སོར་འཆང༌། །འཁོར་ལོ་འཛིན་ཅིང་བཏེག་པའི་ཚུལ། །གཡས་བརྐྱང་བསྟབས་བཅས་ནུབ་ཕྱོགས་སུ། །རྨོངས་ཚུལ་མདོག་དམར་པདྨ་ལ། །ཧཱུཾ་བཛྲ་པ་ཏཱ་ཀེ་ཛ། བེཏྟ་མདོག་དཀར་སློང་ཚུལ་གཟིགས། །གཡས་ན་ཁམ་ཕོར་བདུད་རྩིའི་གང༌། །གཡོན་པ་བ་དན་གསུམ་པ་མཛད། །དགའ་བཞིན་བྱང་གི་ཕྱོགས་སུ་གནས། །ཧཱུཾ་བཛྲ་ཧ་རི་ནི་མ་ཊ། པུཀྐ་དྲག་པོ་གར་བྱེད་ཚུལ། །བོལ་བཞི་བརླ་དཔུང་དཀར་བ་ལ། །ལུས་སྦུབས་ཉ་བཞི་དམར་བ་སྟེ། །ཕྱག་མཆོག་ལོ་མ་སྔོན་པོ་འདྲ། །གཡས་ན་རྡོ་རྗེ་རྩེ་ལྔ་འབར། །གཡོན་པས་དཔག་བསམ་ལྕུག་མ་འཛིན། །གར་གྱི་གཟུགས་ཐབས་འགྱུར་དང་བཅས། །མེ་མཚམས་འཁོར་ལོའི་སྟན་ལ་གནས། །ཧཱུཾ་བཛྲ་ཤཱུ་ལེ་གྲ་བྷི་ཏ་མ་ཏ། ཙནྡན་གྱེན་དུ་དབུགས་འབྱིན་ཚུལ། །གཞན་གྱི་སྲོག་འཕྲོག་ཁ་དོག་གནག །གཡས་པས་ར་སྐྱེས་རྡོ་རྗེས་མཚན། །རླུང་འཐོར་རྡོ་རྗེ་ཁུ་ཚུར་འཛིན། །གཡོན་པས་ཏྲི་ཤཱུལ་གར་དང་བཅས། །བདེན་བྲལ་འཁོར་ལོའི་སྟན་ལ་གནས། །ཧཱུཾ་བཛྲ་ཀི་ཤིཙྪིནྡ་མ་ཏ། གྷ་སྨ་རོ་ལྡན་ཚུལ་དུ་


DTG027_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟིགས། །སེར་ནག་གཡས་པས་རལ་གྲི་འཛིན། །གཡོན་པ་མེ་ཐབས་གཡོན་བརྐྱང་ཚུལ། །རླུང་མཚམས་འཁོར་ལོའི་སྟན་ལ་གནས། །ཧཱུཾ་བཛྲ་པེ་མཱ་ལ་པཱ་ཤེ་མ་ཏ། །སྨེ་ཤ་ཀུན་གྱི་ལས་མཛད་མ། །ཁྲག་འཐུང་དཔལ་དང་འདྲ་བསྟེ། །གཡས་བས་རྡོ་རྗེ་དུང་ཁྲག་གསོལ། །གཡོན་གྱིས་ཐོད་པ་ཞགས་པར་བཅས། །རྡོ་རྗེ་ཁ་ཊྭཱཾ་སེ་རལ་ཁ། །དབང་ལྡན་འཁོར་ལོའི་རྩིབས་ལ་གནས། །ཀུན་ཀྱང་ཐོད་ཕྲེང་སྤྲུལ་དང་བཅས། །ཞིང་ལྤགས་རློན་པ་གོས་སུ་གསོལ། །གདན་ནི་པདྨ་སྣ་ཚོགས་ལ། །ཞིང་དང་ཉི་མས་མཚན་པའོ། །ཧེ་བཛྲ་ར་ཏི་བཾ། མདའ་འཛིན་དཀར་མོ་མདའ་དང་གཞུ། །མེ་མཚམས་ཕྱོགས་ཀྱི་གྲུ་ཆད་ལ། །ཨོཾ་མ་ཧཱ་ར་ཏ་བཛྲེ་ཧོ། །ཁ་ཊྭཱཾ་སེར་མོ་ཁ་ཊྭཱཾ་ག །རྡོ་རྗེ་དྲིལ་ཅན་བདེན་བྲལ་མཚམས། །ཨོཾ་བཛྲ་ལོ་ཙ་ནེ་ཡཾ་ཡ། འཁོར་ལོ་འཛིན་མ་དམར་སེར་མོ། །རྩིབ་བརྒྱད་འཛིན་པ་རླུང་གི་ཕྱོགས། །རཾ་མ་ཧཱ་ཤྲཱི་བཛྲི་ཧི། །སྣ་ཚོགས་བ་དན་ལྗང་གུ་ལ། །སྣ་ཚོགས་འཕན་དྲིལ་དབང་ལྡན་མཚམས། །ཨཱཿ་བཛྲ་པུཥྤེ། མེ་ཏོག་སེར་མོ་མེ་ཏོག་སྣོད། །རྡོ་རྗེས་མཚན་པ་བར་ཁྱམས་མེ། །ཨཱཿ་བཛྲ་དྷཱུ་པི། །སྤོས་མེ་སྔོན་མོ་རྡོ་རྗེ་པོག །ཁྱམས་ཀྱི་བདེན་བྲལ་པད་གནས་པའི། །ཨཱཿ་བཛྲ་ཨཱ་ལོ་ཀེ་མར་མེ་དམར་མོ་རྡོ་རྗེ་སྒྲོན། །བར་ཁྱམས་རླུང་ཕྱོགས་པདྨར་གནས། །ཨཱཿ་བཛྲ་གནྡྷེ། དྲི་ཆབ་ལྗང་གུ་དག་བྱེད་འཐོར། །བར་ཁྱམས་དབང་ལྡན་པདྨར་གནས། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཤར་སྒོ་རྟ་མགྲིན་འཕང་མཐོ་དཀར། །གཡས་ན་རྟ་གདོང་གཡོན་ལྕགས་ཀྱུ། །ཨོཾ་བཛྲ་པཱ་ཤེ་ཧཱུཾ། ལྷོར་སྒོར་ཕག་གདོང་སྔོན་མོ་སྟེ། །གཡས་པས་མཆེ་བ་གཡོན་ཞགས་འཛིན། །ཨོཾ་བཛྲ་ཤྲཱི་བ་ལེ་བཾ། ནུབ་སྒོར་སྣང་བྱེད་དམར་མོ་ནི། །ཕྱག་གཉིས་ཉི་ཟླ་ལྕགས་སྒྲོག་འཛིན། །ཨོཾ་བཛྲ་གཎྜེ་ཧོཿ། །བྱང་སྒོར་ཐལ་བྱེད་མདོག་ལྗང་གུ། །སངས་རྒྱས་གཟུགས་དང་དྲིལ་བུའོ། །ལྷ་མོ་འདི་དག་ཐམས་ཅད་ཀྱང༌། །རིན་ཆེན་རྒྱན་དང་ན་བཟས་བཀླུབས། །སྐུ་མཛེས་ཁྲོས་པའི་མཚན་མ་འཛིན། །སྒོ་བ་ཅུང་ཞིག་འགྱིང་བའི་ཚུལ། །ཀུན་མཁྱེན་ཡེ་ཤེས་ལས་གྲུབ་ཕྱིར། །འཁོར་ལོའི་ལྷ་རྣམས་ཐམས་ཅད་ཀྱི། །མིག་ལ་སངས་རྒྱས་


DTG027_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་སྣང་མཛད། །རྣ་བར་རྡོ་རྗེ་ཉི་མ་ཡིན། །ཁ་ལ་པདྨ་གར་དབང་ཕྱུག །སྣ་ལ་རྟ་མཆོག་རོལ་པ་སྟེ། །ལུས་ནི་རྡོ་རྗེ་ཧེ་རུ་ཀ །ཡིད་ལ་རྡོ་རྗེ་སེམས་དཔའ་གནས། །གནས་གསུམ་ཕྱག་རྒྱའི་ཚོགས་ལྡན་ཞིང༌། །ཐུགས་ཀར་ཡེ་ཤེས་སེམས་དཔའ་གནས། །རང་རིག་དཀྱིལ་འཁོར་སྤྱན་དྲངས་ནས། །དབང་བསྐུར་རིགས་ཀྱི་མཚན་མ་བསམ། །གཉིས་མེད་འོད་ཟེར་ལྕགས་ཀྱུ་ཡིས། །སློང་བ་དལ་གྱིས་བསྐུལ་མཛད་ཅིང༌། །མཛེས་པའི་ཕྱག་རྒྱ་གྱེན་དུ་བསྒྲེང༌། །སྨིན་མཚམས་དབུས་སུ་གཏད་པར་བྱ། །ཛཿ་ཧཱུཾ་བཾ་ཧོཿ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། ཨཱ་ཀཌྜྷྱ་ཡ། ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། །བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། །བཛྲ་ཌཱ་ཀི་ནཾ། ཧྲྀ་ད་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུ་ཥྚཾ་ས་མ་ཡ་མུ་ཌ་པྲ་བན་ཙ་ཀྲ་ཧཱུཾ་ཕཊ། ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་སླད་དམ་ཚིག་དགོང་ས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །པདྨའི་ཕྱག་རྒྱ་གཡས་ནས་བསྐོར། །གར་བཅས་ཐལ་མོ་ལན་གསུམ་བརྡབ། །ཨོཾ་ཨེ་ཧྱེ་ཧི་བྷ་གབཱན། ཛཿ་ཧཱུཾ་བཾ་ཧོཿ། །རུ་ལུ་རུ་ལུ། ཛཿ་ཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི། དྲྀ་ཤྱ་ཧོ། །ས་མ་ཡ་སྟྭཾ། ཛཿ་ཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །ཨེ་ཧྱེ་ཧི། དྲྀ་ཤྱ་ཧོ། །ས་མ་ཡ་སྟྭཾ། ཨོཾ་ཨེ་ཨཱ་རལི་ཧོ། །ཧྲི་ཧྲི་ཧྲི། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །ཆོས་སྐུ་ཞི་བའི་དང་ལས་ཀྱང༌། །གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །ཐུགས་རྗེ་ཆེ་ལ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྦྲུལ་པ་མང་པོའི་ཚོགས་དང་གཤེགས། །ཐོད་ཕྲེང་ཕྱག་རྒྱ་བཅིངས་པ་ལས། །གཡས་ནས་རིམ་བཞིན་བསྐོར་བར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུ་ཥྚན། ས་མ་ཡ་མུ་དྲ། པྲ་བེ་ཤ་ཡ། ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཛཿ་ཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། སརྦ་དུ་ཥྚ་ན། །ས་མ་ཡ་མུ་དྲ། པྲ་ཝན་ཙཀྲཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། །བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་དུ་དགོངས་ནས་ཀྱང༌། །འཁོར་བཅས་


DTG027_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ལུས་གཤེགས་སུ་གསོལ། །རྡོ་རྗེ་ཐལ་མོ་བསྐྱེད་ནས་ཀྱང༌། །སོར་མོ་བསྣོལ་ཏེ་བསྐྱོད་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་ས་མ་ཡ་ཧི། །སརྦ་དུ་ཥྚཱན། །ས་མ་ཡ་མུ་དྲ། པྲ་བན་ཙཀྲ་ཧཱུཾ། ཀཱ་ཡ་ཝཱ་ཀ་ཙིཏྟ། ཏིཥྛ་བཛྲ། སེམས་ཅན་དོན་ཕྱིར་ནན་གཏན་མཆོག་བསྐྱེད་ཅིང། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༌། །མི་གཉིས་དོན་ཕྱིར་དངོས་གྲུབ་མཆོག་གི་གནས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལས། །མཐེ་བོང་མཐེའུ་ཆུང་སོ་སོར་བསྒྲེང༌། །ཨོཾ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། སརྦ་དུཥྚཱན། །ས་མ་ཡ་དཾཥྚ། ཨ་པཥྚོཾ་པ་ཡ་ཧཱུཾ་ཕཊ། ཆེ་མཆོག་མཉམ་སྦྱོར་འབར་བའི་ཀློང་དཀྱིལ་ནས། །ཐུགས་རྗེ་ཁྲོས་པས་གདུག་པ་འདུལ་མཛད་པ། །གསང་སྔགས་རྨད་བྱུང་དྲག་པོའི་ཕྲིན་ལས་རྣམས། །ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དམ་ཚིག་ཕྱག་རྒྱ་རྣམ་གསུམ་ནི། །རིམ་བཞིན་བཅིངས་ཏེ་བསྐུལ་བར་བྱ། །ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་སྟྭཾ། ཨོཾ་བཛྲ་གུ་ཧྱྀ་དྲ་ཤྱ་ས་མ་ཡ་ཧོ། །ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཕཊ། དམ་ཚིགས་ལ་བཞེས་པ་ཡི། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དམ་ཚིག་ཚུལ་བཞིན་མ་བསྲུངས་སམ། །གྲུབ་པའི་མཆོག་དག་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བའོ། །ཞིག་པར་གྱུར་པར་གདོན་མི་ཟ། །ཟིལ་གནོད་བསྲུང་ཞིང་བསྡིགས་པའི་ཕྱིར། །ལས་ཀྱི་ཕྱག་རྒྱ་རྣམ་གསུམ་བཅིང༌། །ཛཿ་ཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། སརྦ་དུ་ཥྚན། ས་མ་ཡ་མུ་དྲ། པྲ་བན་ཙ་ཀྲ། བག་ཤ་ཡ། བག་ཤ་ཡ། བི་དྷྭཾ་ས་ཡ། བི་དྷྭཾ་ས་ཡ། ཧེ་བྷ་ག་བཱན། བུ་ཏ་ཀྵེ་ཏིཥྚཾ་པཱ་ཡ་ཧཱུཾ་ཕཊ། སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ། །ང་ནི་བདུད་ཀྱི་བདུད་བདག་སྟེ། །མཁའ་འགྲོའི་ཚོགས་བཅས་གནས་བསྡུས་པའོ། །ཨོཾ་ཤྲཱི་ཀ་ར་མུ་ཀ་ཤར་ཡཱ་ཡ་ན་མཿ། ཨོཾ་ཤྲཱི་རཱ་ག་ས་མ་ཡཱ་ཡ་ན་མཿ། ཨོཾ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཛྭ་ལ་ཡཱ་ཡ་ན་མཿ། ཨོཾ་ཤྲཱི་བཛྲ་གནྡྷ་དྷེ་པྲ་ཛཱ་ལ་ཡཱ་ཡ་ན་མཿ། ཨ་ཏི་པུ་ཧོ། །པྲ་ཏི་པུ་ཧོ། །སརྦ་ཏ་ཐཱ་ག་ཏ། བནྡྷ་ནཾ་ཀཱ་རོ་ཡ་མི། །མ་ཧཱ་ཡོ་གཱི་ནི། ཨ་ལ་ལ་ཧོ། །ཨོཾ་བདག་མེད་ཕྱོགས་བྲལ་དོན་དམ་


DTG027_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུགས་ཆུད་ཅིང༌། །བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡང༌། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༌། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིད་བྱམས་མའི་ཚུལ་གྱིས་གྲོགས་མཛད་པའི། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་།སངས་རྒྱས་ཁྲོ་བྱུང་ཁྲོ་བ་ནི། །ཐལ་བར་འཇིག་པའི་མཆོག་ཡིན་ཏེ། །སེམས་དཔའ་སྔོན་པོ་འབར་བ་ཅན། །འབར་བའི་དཀྱིལ་འཁོར་དམར་པོ་སྣང༌། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་འཁྲོལ་བའི་སྒྲར་བཅས་པ། །གོས་ཆེན་པོ་དང་བཀླུབས་པ་ཆེ། །ཤ་ཆེན་པོ་དང་སྦྲང་རྩི་ཆེ། །དུར་ཁྲོད་ཀུན་གྱི་འབྱུང་པོ་ཆེ། །ཕྱག་རྒྱ་དཔལ་ལྡན་དབང་ཕྱུག་མཆོག །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཡི། །སེམས་ཅན་ཁམས་ནི་རྣམ་སྤྱང་ཞིང༌། །འདི་ནི་དཔལ་ལྡན་ཧེ་རུ་ཀའི། །རྡོ་རྗེ་རྒྱ་ཆེན་དབང་ཕྱུག་མཆོག །སེར་ལ་ཁ་ཡི་ཚུལ་ངག་ཏུ། །ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བཅས། །ལག་པ་གཡོན་པར་ཐོད་པ་ཐོགས། །གཡས་པ་བད་དན་གསུམ་པ་བྱས། །ནམ་མཁའི་ཕྱག་རྒྱ་རྣལ་འབྱོར་པ། །ནམ་མཁའ་ཀུན་དུ་འགྲོ་བར་འགྱུར། །བུད་མེད་ལ་སོགས་རིན་ཆེན་མཆོག །དངོས་པོ་ཐམས་ཅད་མཁའ་ལས་འབྱིན། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །བདེ་བ་དབབ་པའི་གར་བྱེད་པ། །སྐྱིལ་མོ་ཀྲུང་ནི་ཕྱེད་བཅས་ལ། །རྐང་པ་རང་གི་བརླས་མནན་པའོ། །ཞི་དང་དྲག་པོ་རྨོངས་པའི་མཆོག །དགའ་བའི་གར་བྱེད་སྒྱུ་མར་བཅས། །ཤི་བའི་རོ་སྡང་བསྒྱུར་བ་ཡིས། །བདེ་བའི་ཕྱག་རྒྱ་རབ་ཏུ་གནས། །ཞི་དང་དྲག་པོ་རྨོངས་བྱེད་དང༌། །གྱེན་དུ་དབུགས་འབྱིན་གར་བྱེད་ལུས། །ལྟ་བའི་ཕྱག་རྒྱ་གྲུབ་པའི་མཆོག །གསང་བའི་སྦྱོར་བ་བདེ་མཆོག་གོ །ཚངས་པ་ཆེན་པོའི་མགོ་དང་ནི། །དེ་བཞིན་འཇིག་རྟེན་གསུམ་ལས་རྒྱལ། །དེ་བཞིན་ས་ལས་འདྲེན་པ་དང༌། །རང་གི་ཕྱག་རྒྱའི་ཚུལ་བསྟན་དང༌། །


DTG027_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུར་ཁྲོད་དག་གི་གར་བྱེད་དང༌། །དེ་བཞིན་རླུང་གི་དཀྱིལ་འཁོར་དང༌། །རབ་ཏུ་འཇིགས་པ་བསྲེག་པའི་མེ། །ལས་ཀྱི་ཕྱག་རྒྱར་རབ་ཏུ་གནས། །གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པ་ས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོད་སྟོན་ཀུན་གསོལ་ལ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །རྒྱབ་བཏབ་རྨོངས་བྱེད་མན་བས་སུ་གསོལ། །བདེ་མཆོག་དོ་མཚར་བདེ་བར་བཞུགས། །ཧཱུཾ་ཨ་ལ་ལ་ལ་ལ་ཧོ་སྣང་བར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་བདག་ལ་མནབས་སུ་གསོལ། །ཉོན་མོངས་ཐམས་ཅད་བསལ་བར་མཛོད། །རྡོ་རྗེ་ཐལ་མོ་གྱེན་དུ་དབྱེ། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །མཐེ་བོང་གཉིས་ཀྱི་མཆེ་བ་གཙིགས། །འཇིགས་པའི་རྡོ་རྗེ་གནོད་སྦྱིན་མའོ། །ཡི་གེ་བརྒྱད་པ་དང་ལྡན་པའི། །དམ་ཚིག་མཆོག་གི་ཕྱག་རྒྱ་ནི། །ལྷ་རྣམས་ཀུན་གྱི་གནས་དག་ཏུ། །སྔགས་དང་སྦྱོར་ཏེ་བསྐུལ་བར་བྱ། །ཨོཾ་པ་ན་པོཾ། པེ་ནུ་སུ་ར་ཏ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཡོ་གི་སིདྡྷི་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛེད། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དམ་ཚིག་སྐོངས། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །དགྱེས་མཉམ་ལོངས་སྤྱོད་མཆོག་ལ་རོལ། །ཨོཾ་ཤྲཱི་བཛྲ་རཱ་གཔུཥྤེ་པུ་དྷཱུ་པེ་དྷཱུ། །ཨཱ་ལོ་ཀེ་ཧྲཱིཿ་གནྡྷེ་ཧཾ། བཛྲ་ལཱ་སྱེ་ཧཱུཾ། བཛྲ་གཱི་ཏི་ཧྲཱིཿ་བཛྲ་ནྲཾ་ཏྱེ་ཨཿ། ཨ་ལ་ལ་ལ་ལ་ཧོ། །བདེ་བར་གཤེགས་པ་ཁྲོ་རྒྱལ་གཅོ། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། །བེ་ཤྭ་མུ་ཁེ་བྷྱཿ། སརྦ་ཏད་ཁཾ་ཨུངྒ་ཏེ། སྥ་རཎ་ཧི་མཾ་ག་


DTG027_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ག་ན་བི་སྭཱཧཱ། ཨོཾ་འབྱུང་བ་ལྔ་ལས་ཐམས་ཅད་འབྱུང༌། །རང་ལས་མ་བྱུང་གང་ཡང་མེད། །གཙང་སྨེ་དྲི་རྟོག་ཀུན་བྲལ་བའི། །བདུད་རྩི་བྱང་ཆུབ་སེམས་ཆེན་པོས། །བདག་སོགས་གཉིས་མེད་མཆོད་པའི་ཕྱིར། །མཉམ་པ་ཆེན་པོའི་རྒྱན་ལ་རོལ། །ཨོཾ་ན་མཿ་སརྦཏ་ཐཱ་ག་ཏ་པཉྩ་ཨ་མྲྀཏ་ཨཱཿཧཱུཾ། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ། ཙིཏྟ་སིདྡྷི་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀ་ཨི་དཾ་དྷཱུ་པ་པུཥྤེ། དཱི་པ། གནྡྷ། བ་ལི་ཏཾ། པྲ་ཏཱི་ཙྪ་ཧོམ། །ཤྲི་བྷ་ག་བཱན། ཁ་ཁ་ཁ། ཁཱཧི་ཁཱ་ཧི་ཁཱ་ཧི། ཛཿཧཱུཾ་བཾ་ཧོཿ། །ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་ཏཱིཙྪ་ཧོ། །ཤྲཱི་བཱན། ཁ་ཁ་ཁ། ཁཱ་ཧི་ཁཱི་ཧི་ཁཱ་ཧི། སྒེག་པ་དཔའ་བོ་མི་སྡུག་འཇིགས་སུ་རུང༌། །དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང༌། །སྙིང་རྗེ་རྡམ་དང་ཞི་བ་ལ་སོགས་པའི། །སྐུའི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡི། །གར་བྱས་གྲུབ་པོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །བཟའ་བ་ལ་སོགས་སྙིང་པོ་ཅན། །མཾ་ས་ལ་སོགས་བྲོ་མཆོག་སྩོལ། །མེ་ཏོག་ལ་སོགས་ཙནྡན་ཕྲེང༌། །བཟང་དགུར་དབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་བརྗོད། །ཨོཾ་ཤིན་ཏུ་བརྒྱན་པའི་རིགས་དང་མཚན་ལྡན་མཆོག །བཀྲ་ཤིས་དབྱངས་དང་གར་གྱིས་བསྐྱོད་པ་ཡིས། །ལྷ་མོ་རྡུལ་སྙེད་ཕྱོགས་བཅུར་སྤྲོ་བྱས་ནས། །བྱང་སེམས་བདེ་བའི་མཆོད་པའི་རྣམ་པར་རོལ། །ཧཱུཾ་ཧཱུཾ་ཧཱུཾ། མ་ཧཱ་སུ་ཁ་བོདྷི་ཙིཏྟ་ཨ་ལ་ལ་ལ་ལ་ཧོ། །ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་སྙིང་སྟི་རར་བཅས། །དམར་བྱི་ཨ་རྒྷ་རྒྱ་མཚོ་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་རྣམས། །མ་ལུས་བཞེས་ནས་བསྣམས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། །ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། སརྦ་དུཥྚན། ས་མ་ཡ་མུ་དྲ། མཱ་ར་ཁ་ཁ། ཁཱཧི་ཁཱ་ཧི། ཧྲྀ་དཡ་པི་པ་ཧཱུཾ་ཕཊ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང༌། །གདུལ་ཀ་བ་དག་གདུལ་


DTG027_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་མཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨྀ་མྲ་ཏ། མ་ཧཱ་ཨ་རྒྷཾ་པྲ་ཏཱི་ཙྪ་ཧོ། །ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། །ཀོ་ཏཤ །ཀོ་ཏ་པ། ཀོ་ཏ་ཀོ་ཏ། བ་ས་པ། ཀི་ར་རཱ་ག །ཀོ་ལ་ཤ །ཀོ་ལ་བ། ཀོ་ལ་ཀོ་ལ་བ། ཀལ་བ། ཤྚཐ། རྣམ་དག་སྒྲིབ་སྤྱང་སྲིད་གསུམ་སྐྱོན་བྲལ་ཞིང༌། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བ། །བཅོམ་ལྡན་བདེ་གཤེགས་དྲི་མེད་རྡོ་རྗེའི་དཀྱིལ་འཁོར་དབྱིངས། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང༌། །ཕྱག་རྒྱ་གཏུམ་ཆེན་རྔམ་པའི་ཚོགས་ལ་སོགས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རྣམས་རྫོགས། །དགྱེས་ཤིང་རོལ་པའི་དུས་མཆོད་སྦྱར་བ་འདི། །བཞེས་ཏེ་ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཨོཾ་བཛྲ་ཨེ་ས་ཧཱུཾ། བེ་ས་ཧཱུཾ། ས་མ་ཡ་བག་ཤ་ཧཱུ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུ། ཛཿ་ཧཱུཾ་བཾ་ཧོཿ། པྲ་ཏི་ཛཿ། པྲ་ཏི་ཛཿ་ཧཱུཾ་བཾ་ཧོཿ། ཡ་ནས་མཉམ་ཉིད་ཆོས་སྐུ་དག་པ་ལས། །ལོག་རྟོག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་བཟློག་དོན་དུ་རྒྱལ་བའི་དམ་མནོས་པས། །རྒྱལ་བ་ཞི་ཁྲོའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེའི་དང་ཅན་རྣམས་ལ་བཟོད་པར་གསོལ། །བཅོམ་ལྡན་རྡོ་རྗེ་དཔལ་ཆེན་ཧེ་རུ་ཀ །ཁྱོད་ཀྱི་ཐུགས་རྗེ་ནམ་མཁའི་མཐའ་དང་མཉམ། །མཁའ་འགྲོའི་དཀྱིལ་འཁོར་ཚོགས་དང་བཅས་པ་ཡིས། །འགྲོལ་བརྩེར་དགོངས་ཚངས་པར་སྩལ་དུ་གསོལ། །བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་ལུས་ལ་འབྱུང་བར་མི་འགྱུར་ཞིང༌། །གྲིབ་མས་ཕོག་པའི་སྡུག་བསྔལ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང༌། །གཟི་མདངས་ལུས་ལ་འཇུག་པ་བྱེ་བ་སྟོང་ཕྲག་གི །འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་སུ་སྣང་བ་དང༌། །ལུས་ངག་སེམས་དང་ཚེ་ནི་རྡོ་རྗེ་རབ་གནས་ཏེ། །རེ་སྨོན་ཐམས་ཅད་དུས་འདིར་གྲུབ་པར་མཛད་དུ་གསོལ། །ཡེ་ཤེས་སེམས་དཔའི་སྔགས་འཁོར་ལོ། །ལྷ་རྣམས་ཀུན་གྱི་གནས་ཞུགས་པ། །ཡན་


DTG027_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལག་རྣམ་གསུམ་ལྡན་བྱས་ཏེ། །གསལ་བ་གཉིས་ཀྱི་སྒོ་ནས་བརྩམ། །དང་པོ་རྟེན་དང་བརྟེན་པའི་སྔགས། །འཁོར་ལོའི་ཚུལ་ལྡན་ཤེས་རབ་ཐབས། །ཡི་གེ་མཚན་མ་སྐུ་ཡི་གནས། །བགྲང་དང་བགྲང་བ་ལས་འདས་པའོ། །རྩེ་གཅིག་གནས་སུ་འཁོར་བ་དང༌། །ལངས་དང་རྒྱུ་དང་འཕྲོ་བ་ལས། །མཆོད་བསྐུལ་ལས་མཛད་བསྡུ་བྱེད་ཅིང༌། །དཀྱིལ་འཁོར་གསལ་བར་གྱུར་པའོ། །ལས་ཀྱི་སྦྱོར་བ་ཀུན་སྦྱོར་ཞིང༌། །དབྱངས་དྲུག་བླངས་པས་དོན་དྲུག་གསལ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཐུན་མོང་གི་སྙིང་པོ་ཕྲིན་ལས་ཀུན་ལ་འཇུག་པའི་ཡི་གེ་འབྲུ་བརྒྱད་པའོ། །སོ་སོའི་ལས་ལ་སྙོམས་འཇུག་ནས། །རང་གི་མཚན་མ་སྔགས་དང་བཅས། །འཕྲོ་འདུས་རང་གི་ལས་མཛད་ཅིང༌། །སྐུ་གསུང་ཐུགས་ལྡན་བཟླས་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ས་མ་ཡ་ཧི། སརྦ་དུཥྚཱ་ན་ས་ཡ་མུ་དྲ་པྲ་བཾ་ཛ་ཀ་ཧཱུཾ་ཕཊ། ཁྱད་པར་གྱི་སྙིང་པོ་རྩ་བའི་སྔགས་ཡི་གེ་ཉི་ཤུ་རྩ་དྲུག་པའོ། །སྔགས་གཞན་རིམ་བཞིན་གསལ་ལྡན་པས། །གོ་རིམས་འཁྲུལ་མེད་བཟླས་བརྗོད་བྱ། །ལས་རྫོགས་མཆོད་བསྟོད་བསྐུལ་བྱ་ཞིང༌། །རང་གི་གནས་སུ་བསྡུ་བར་བྱ། །མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག །དོན་དམ་བདེ་བ་ཆེན་པོའི་སྐུ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སྐུ། །ལྷ་ཉིད་བརྩོན་པས་བསྒོམ་པར་བྱ། །གཞན་ཡང་ཐིག་ལེ་འམ་ཕྲ་མོ་དག །ལྷ་དང་དཀྱིལ་འཁོར་རྣམ་དག་གི །མཚན་མས་དམིགས་པ་སྤྱང་བྱས་ཏེ། །ཆོས་སྐུའི་ཕྱག་རྒྱ་ཆེན་པོར་གནས། །རིགས་ཀྱི་དཀྱིལ་འཁོར་གསལ་བྱས་ནས། །ཚོགས་གཉིས་རྫོགས་པས་གྲུབ་བྱེད་པའི། །ཚོགས་ཀྱི་དགའ་བདེའི་ལོངས་སྤྱོད་ཀྱིས། །རྣལ་འབྱོར་ཚོགས་ཀུན་མཉེས་བྱས་སོ། །རྟ་མཆོག་མཁའ་འགྲོའི་ཚོགས་བཅས་བ། །ལྷག་མའི་མཆོད་པས་མཉེས་བྱས་ནས། །རང་གི་ལས་ལ་སྦྱར་བྱས་ཏེ། །དངོས་གྲུབ་དོན་ཕྱིར་མཚམས་སུ་གཞག །གང་ཞིག་ཐུན་བཞི་ལ་སོགས་པར། །དཀྱིལ་འཁོར་དེ་ཉིད་བསྒོམས་པས་ནི། །ཡེ་ཤེས་དཀྱིལ་འཁོར་གཤེགས་སུ་གསོལ། །དམ་ཚིག་དཀྱིལ་འཁོར་རིམ་བཞིན་བསྡུ། །སླར་ཉིད་སྦྱོར་ལྡན་བསྲུང་བྱས་ཏེ། །སྤྱོད་ལམ་རྣལ་འབྱོར་གནས་


DTG027_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱ། །ཚོགས་འགྱུར་སྤྱོད་ལམ་བྱ་བ་ཡིས། །དུས་ཀུན་དུ་ནི་འགྲོ་དོན་བརྩམ། །ས་སྟེངས་འགྲོ་ལ་གྲགས་པ་ཡིས། །འགྲོ་ལ་ཐུགས་རྗེ་རྣམ་དག་སྟོན། །རྣམ་བཀོད་རྒྱ་མཚོ་འཁྲུག་འདྲ་ལས། །བདེ་བའི་གྲོལ་ལམ་སྟོང་གསལ་མཛད། །སྲིན་བུས་གྲོང་ཁྱེར་གསལ་མིན་ཡང༌། །དམན་རྣམས་དོན་ཕྱིར་ཅུང་ཟད་ཞིག །སྒྲུབ་དོན་དམ་པའི་གཞུང་གསལ་བྱས། །གྲགས་སོགས་ངན་རྟོག་བློས་མ་ཡིན། །ཐུགས་རྗེའི་དགོངས་མཛད་ཇི་ལྟ་བཞིན། །ངལ་བ་ལས་བྱུང་ཉི་ཟེར་གྱིས། །ཁམས་གསུམ་མུན་སོགས་སེལ་མཛད་ནས། །ཡང་དག་གྲུབ་པའི་འབྲས་ཐོབ་ཤོག །དཔལ་ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཧཱུཾ་མཛད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་སིདྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ལྷ་རིན་པོ་ཆེས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།

དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་པའི་ཐབས།
ཧཱུཾ།


DTG027_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་སཱ་དྷ་ན། བོད་སྐད་དུ། དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལས་བྱུང་འགྲོ་པའི་མགོན། །ཡེ་ཤེས་སྐུ་རིགས་ཀུན་གྱི་དངོས། །རྒྱུ་འབྲས་དྲེགས་སོགས་འཇོམས་མཛད་པའི། །ཁྲོ་རྒྱལ་སྟོབས་ཆེན་དཔལ་ལ་འདུད། །ཡང་དག་གྲུབ་པའི་ལས་གཞུང་གིས། །བསྙེན་སྒྲུབ་བཞི་ཡི་ཚུལ་འཇུག་པ། །ཁྲོ་བོའི་དཀྱིལ་འཁོར་རྣམ་འཕྲུལ་བཅས། །དགོས་འདོད་འབྲེལ་པའི་སྒོ་ནས་བཤད། །རྩོད་དུས་ལོག་པའི་སྟོབས་རྒྱས་པའི། །གདུལ་དཀའ་རྒྱུན་སྲང་ཤིང་མེ་ལྟར། །མཛད་སྤྱོད་ཞིང་བས་མི་ཐུལ་བར། །ཐུགས་སྤྲུལ་ཤུགས་ཀྱིས་ལས་བསྟན་མཛད། །དེ་ཉིད་སྒྲུབ་གཞུང་ཕྱག་རྒྱའི་ཚོགས། །བདུང་རྩི་བཅུད་བྲལ་འཁྲུལ་རྟོག་སླང༌། །ངེས་གཞུང་དོན་རྟོགས་སྤྱོད་སྒོ་གསལ། །ཚུལ་གྱིས་ལེགས་བསྡུས་བསྟན་པ་དབྱེ། འཇུག་པའི་རྣལ་འབྱོར་རྩལ་འཆང་བ། །ཤེས་རབ་དོན་ནི་བློ་ཕྱེ་ནས། །ངེས་པར་བརྟགས་པའི་ས་གཞི་ལ། །བླ་མ་ངས་པས་ལུང་འདི་བསྟན། །སྣུམ་པ་ཡི་ནི་དམ་ཚིག་དང༌། །གཙང་དང་འཇིགས་པའི་བརྟུལ་ཞུགས་ཅན། །དེ་དག་གོ་མས་ནས་ཉམས་སུ་བླང༌། །སྒྲུབ་པའི་


DTG027_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་ཕྱུག་ཕུན་སུམ་ཚོགས། །བློ་ཞན་ཤེས་རབ་ཆུང་པས་ནི། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །ཕུང་བྱེད་གཉི་ག་བསྲེགས་པས་ན། །དེ་བས་གཞན་དུ་བསྟན་པ་མིན། །དུར་ཁྲོད་དང་ནི་ལྷ་རྟེན་དང༌། །མ་མོའི་གནས་ལ་སོགས་འདུག་ན། །རྡོ་རྗེ་འཛིན་པའི་དགོས་པ་དག། རྣམ་པ་དུ་མ་འགྲུབ་པར་འགྱུར། །ཕྱི་དང་ནང་གི་རྫས་བསགས་ནས། །རང་རྒྱུད་སྦྱངས་པའི་རྣལ་འབྱོར་པས། །བགེགས་ཚོགས་ཉེ་བར་ཞི་བྱ་དང༌། །ཚོགས་བསགས་བསྲུང་བའི་དོན་ཆེད་དུ། །འབྱུང་པོའི་གཏོར་མ་བཏང་ནས་ནི། །གསང་བ་དོན་གྱི་ལས་རྣམས་བྱ། །བདག་ཉིད་རང་གི་ལྷར་སྦྱོར་ལ། །ལུས་ངག་ཡིད་གསུམ་མཐུ་བསྐྱེད་ཅིང༌། །གནས་གསུམ་འགྲོ་བ་སྤྱང་བྱས་ནས། །རང་བཞིན་རྣམ་དག་ལྷ་ཡི་སྐུ། །རྣམ་གསུམ་སེམས་དཔའི་འཕྲོ་འདུ་ཡིས། །དཀྱིལ་འཁོར་མདུན་གྱི་ཟླ་དཀྱིལ་གཞག །རྩེ་གཅིག་སེམས་ཀྱིས་མཆོད་སོགས་དང༌། །འགྲོ་དོན་སྤྱོད་པ་རྒྱ་ཆེན་བྱ། །རྡོ་རྗེ་སེམས་དཔའི་སྦྱོར་གསལ་ཞིང༌། །རྡོ་རྗེ་སེ་གོལ་གཏོགས་པའི་མཐུས། །ཐམས་ཅད་འདུས་པ་ཁྲོ་བོའི་སྐུ། །ཐུགས་སྔགས་མཚོན་ཆའི་ཚོགས་སྤྲོ་མཛད། །རྡོ་རྗེ་ས་གཞི་ར་བ་གུར། །བླ་རེ་མཚོན་ཆ་མེ་འོད་འཕྲོ། །འཁོར་ལོས་སྒྱུར་བ་གདན་བཅས་ལ། །རིགས་ཀྱི་ཁྲོ་བོ་རབ་འཇིགས་པའོ། །དང་པོ་ཆོས་ཀྱི་དབྱིངས་ཉིད་ལ། །དམིགས་པ་མེད་པའི་དོན་གྱིས་བསྒོམ། །དངོས་པོ་མེད་པར་བདག་སྦྱོར་བར། །ནམ་མཁའ་ཀུན་དང་མཉམ་སྦྱོར་བའོ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བཏཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་ཀུན་ལའང་ཁྱབ་པར་བསམ། །ཆོས་ཀུན་སྟོང་གསལ་རང་བཞིན་མེད། །མི་དམིགས་སྙིང་རྗེ་ཆེན་པོའི་དང༌། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །མཁཱ་དབྱིངས་སྣ་ཚོགས་ལ་གནས་ནས། །ཅིར་ཡང་གྱུར་པའི་ཡིག་འབྲུ་ལས། །འོད་ཟེར་ཚུལ་དུ་སྤྲོས་ནས་ཀྱང༌། །མ་ལུས་ཉེ་བ་ཁྱབ་བྱས་ཏེ། །རེ་ཞིང་རྔམ་པའི་ཚུལ་དུ་དགོངས། །ཨེ་ལས་མཁའ་དབྱིངས་གྲུབ་གསུམ་དཀར། །བཟང་པོའི་མཁའ་དབྱིངས་གྱེན་བསྒྲེང་ནས། །ཡཾ་ལས་རླུང་དཀྱིལ་གཞུ་ཡི་དབྱིབས། །


DTG027_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུང་ཁ་སྲ་མཁྲེགས་སྒྲོལ་མའི་མཁའ། །བཾ་ལས་ཆུ་དཀྱིལ་དཀར་ཞིང་ཟླུམ། །བུམ་བས་མཚན་པ་མཱ་མ་ཀཱི། །ལཾ་ལས་གསེར་གྱི་ས་གཞི་སྟེ། །གྲུ་བཞི་སྤྱན་མ་རྡོ་རྗེས་མཚན། །ཁཾ་ལས་རཀྟའི་དཔའ་ཀློང་འཁྱིལ། །འདོད་ཆགས་ཆེན་པོའི་དང་བཞིན་རྟགས། །ཀཾ་བྱུང་ཀེང་རུས་རི་རབ་སྟེ། །རིན་ཆེན་རྒྱན་སྤྲས་རྡོ་རྗེས་མཚན། །རཾ་ལས་མེ་ཏོག་དམར་སེར་འབར། །གྲུ་གསུམ་རས་མཚན་གོས་དཀར་དབྱིངས། །དབུས་སུ་བྷཱུཾ་ལས་གཞལ་ཡས་ཁང༌། །གྲུ་བཞི་སྒོ་ཁང་སྒོ་ཁྱུད་ཅན། །རིན་ཆེན་ཐོད་པ་སྣ་ཚོགས་མཁྲེགས། །ཉི་ཟླ་རྡོ་རྗེའི་རྒྱན་གྱིས་མཛེས། །པད་གདུགས་རྔ་ཡ་བརྟ་བབས་ལྡན། །འདོད་ཡོན་སྣ་ཚོགས་རྒྱན་གྱིས་མཛེས། །དཀྱིལ་འཁོར་ཟླ་གམ་སྒོ་ཅན་ལ། །རེའུ་ཆ་དགུ་བ་རྡོ་རྗེ་ཕྲེང༌། །རིན་ཆེན་ཀ་གདུང་རྡོ་རྗེ་ཏོག །སྣ་བདུན་མཆོད་པའི་རྒྱན་ཕྲེང་ཚོགས། །ཞིང་སྤྲུལ་ཚངས་པའི་གཡང་གཞི་སོགས། །དུར་ཁྲོད་རྒྱན་གྱིས་འཇིགས་པར་བརྒྱན། །དཀྱིལ་འཁོར་ཕྱི་རིམ་གནས་བརྒྱད་དུ། །དུར་ཁྲོད་ཞིང་དང་ཞིང་སྐྱོང་དང༌། །ཕྱོགས་སྐྱོང་རྣལ་འབྱོར་མཚོ་དང་སྤྲིན། །ཀླུ་རྒྱལ་དེ་དག་གནས་བརྒྱད་དུ། །ཤ་ཟ་འབྱུང་པོ་གཤིན་རྗེ་དང༌། །མཁའ་འགྲོ་བྱ་ཁྱི་རོ་ལངས་སོགས་ཅེ་སྤྱང་ཁྲོ་སོགས་སྒྲ་འབྱིན་ཅིང༌། །རོ་ཡི་ཚོགས་ལ་ལོངས་སྤྱོད་མཛད། །རང་འབྱུང་མཆོད་རྟེན་དང་བཅས་པ། །ཕྲེང་བ་རིམ་གསུམ་ཕྱི་རོལ་གནས། །དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ། །པད་གདན་དྲེགས་བྱེད་ཉི་ཟླའི་སྟེང༌། །དཔལ་མཆོག་དང་པོ་གནས་གྱུར་ནས། །འཕྲུལ་བའི་ཏིང་འཛིན་ལ་གནས་མཛད། །ཆོས་རྣམས་ཐམས་ཅད་རྣམ་བརྟགས་ན། །དངོས་མེད་མཚན་མ་ཀུན་རྟོག་བྲལ། །ཟླ་དཀྱིལ་ཨཱ་ལི་གསལ་བ་དང༌། །ཉི་དཀྱིལ་ཀཱ་ལི་གནས་པ་དག །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །ཚན་བཟང་དཔེ་བྱད་གསལ་བའི་དོན། །ཐམས་ཅད་གཅིག་ཏུ་བསྡུས་པ་ལས། །འོད་དཔུང་ཁ་དོག་སྣ་ལྔ་ཉིད། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། །དཀར་པོ་བུམ་པར་ཧཱུཾ་གིས་མཚན། །གདོད་མཐའ་མ་མེད་པའི་དབྱིངས། །དང་པོའི་རྡོ་རྗེ་ཆེན་པོ་ཡིན། །བཛྲ་ཨ་ཧེ། འོད་ཟེར་དྲུག་གི་འཕྲོ་འདུ་ཡིས། །དཀྱིལ་འཁོར་དྲུག་གི་ལས་མཛད་


DTG027_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས། །སྐུ་གསུང་ཐུགས་དབྱིངས་ཞུགས་པ་ལས། །འོད་ཟེར་ཕྲེང་མཛེས་བརྗིད་པའི་མཆོག །དེ་ལས་སྐུ་མཆོག་ཕྱག་རྒྱ་ཆེ། །སྔགས་ཀྱི་འཁོར་ལོས་གསལ་བར་བྱས། །མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོཿ་སུ་ར་ཏ་སྟྭཾ། དེ་དག་ཡེ་ཤེས་བྱང་ཆུབ་སེམས། །མངོན་བྱང་ལྔ་ཡི་བདག་ཉིད་དོ། །བདེ་གཤེགས་རིགས་ཀུན་རྡོ་རྗེའི་དངོས། །ཉོན་མོངས་དྲི་བྲལ་ཆགས་པའི་བཞིན། །གཡས་སྔོ་གཡོན་དམར་རྒྱབ་ཞལ་སེར། །ཕྱག་བཞི་རྡོ་རྗེ་རྩེ་ལྔ་བསྒྱིངས། །རྡོ་རྗེ་ཁ་ཊྭཱཾ་བ་དན་དྲིལ། །འོག་མ་གཉིས་ཀྱིས་མདའ་དང་གཞུ། །རིན་ཆེན་རྒྱན་སོགས་ན་བཟའ་བཀླུབས། །ཐོར་ཚུགས་མཚན་དཔེ་ཕྱག་རྒྱས་སྤྲས། །རྡོ་རྗེ་རྩེ་ལྔའི་ཆོ་ག་ནི། །གནས་ལྔ་དག་ཏུ་གཏུགས་བྱས་ཏེ། །སྔགས་ཀྱིས་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སོགས་རྣམ་པར་བསམ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་གུ་ཎ་ཀརྨ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལུས་ཀྱི་བྶྤུའི་གནས་རྣམས་སུ། །དཀྱིལ་འཁོར་དྲུག་གི་རྡུལ་ཕྲན་གནས། །མཁའ་དབྱིངས་དབང་ཕྱུག་ཕྱག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླ་བར་བྱ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རང་རིག་འོད་གསལ་ཕྱག་རྒྱ་ཡུམ། །འཁྲིལ་བའི་ཕྱག་རྒྱ་ཧཱུཾ་ལས་བརྒྱན། །ཡ་ཤེས་རྡོ་རྗེ་རྩེ་ལྔས་ཕཊ། །རིན་ཆེན་ཟུར་བརྒྱད་འབར་བས་མཚན། །རྣམ་ཐར་པདྨ་ཨེ་དཀྱིལ་ཅན། །མདོག་སེར་ལྟེ་བ་ཟེའུ་འབྲུ་དམར། །ས་མ་ཡ་སོགས་བརྡས་བསྐུལ་ནས། །ཛཿཧཱུཾ་བཾ་ཧོཿ་ས་རོལ་པ་བྱ། །ཨོཾ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ལ་ལ་ཧོ། །བྱང་སེམས་བདེ་ཆེན་འོད་ཟེར་གྱིས། །ཕྱོགས་བཅུའི་རྒྱལ་བ་མཉེས་མཛད་ནས། །འགྲོ་བའི་ལུས་དག་ཡིད་རྟོག་སྤྱང༌། །སྐུ་གསུང་ཐུགས་ཀྱི་འོད་བརྒྱན་བརྗིད། །ཐམས་ཅད་འོད་ཀྱིས་སླར་བསྡུས་ནས། །སྟོང་གསུམ་ཏིལ་གོང་འབྲུ་འདྲ་རྣམས། །སངས་རྒྱས་དྲུག་གསུང་ཡི་གེའི་ཚོགས། །བ་སྤུའི་བུ་ག་ཀུན་དུ་ཐིམ། །ཐུགས་ཀའི་གནས་སུ་ཞུ་པ་དག །བདེ་ཆེན་གནས་འདུས་རིམ་བཞིན་བཅས། །འདོད་ཆགས་ཆེན་པོ་དགའ་བའི་མེས། །སྐུ་བཅས་འོད་དཔུང་ཁ་དོག་ལྔ། །སྔོན་གྱི་གོམས་ཤུགས་ལྷ་མོ་བཞིས། །ཕྱོགས་བཞི་ནས་ནི་བསྐུལ་


DTG027_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཛད་དེ། །སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུ། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཡེ་ཤེས་གསང་བའི་རྒྱུད་བསྐུལ་ནས། །ཐུགས་རྗེས་འགྲོ་བའི་རྒྱུད་གཟིགས་ཏེ། །འབྲས་བུའི་ཕྱག་རྒྱ་སྔ་མ་བཞིན། །ཆོ་ག་རྫོགས་པས་གསལ་བར་འགྱུར། །དེ་ནས་བཅོམ་ལྡན་རྡོ་རྗེ་འཆང༌། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །རྡོ་རྗེ་སེ་གོལ་གཏོགས་བྱས་ཏེ། །སངས་རྒྱས་ཐམས་ཅད་བསྡུ་བར་མཛད། །འཇིག་རྟེན་ཁམས་ནི་མ་ལུས་པ། །སངས་རྒྱས་རྡོ་རྗེ་འཛིན་བཅས་བརྒྱན། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང༌། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །དེ་ནས་སྣ་ཡི་རྩེ་མོ་ལ། །ཡིད་ནི་བརྟན་པར་ཡང་དག་གཟུང༌། །སྐུ་ཡི་དབུགས་རིངས་དྲོ་བ་ལས། །རྒྱལ་བའི་སྦྱོར་བ་ཕྱག་རྒྱ་འབྱུང༌། །བཅོམ་ལྡན་དེ་ཉིད་རྣལ་འབྱོར་པས། །རྡོ་རྗེ་ཁྲོ་བོར་བསྒྱུར་ནས་བྱུང༌། །ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་ཧི། སརྦ་དུཥྚ་ས་མ་ཡ་མུ་དྲ། པྲ་བཾ་ཛ་ཀ་ཕཊ། །སྔ་མ་ལས་ནི་གནས་འགྱུར་ཏེ། །སྐལ་པའི་མེ་དཔུང་འཁྲིགས་པའི་ཚུལ། །དབུ་སྐྲ་སྨར་སེར་གནག་མཛེས། །སྦུ་རྣམས་རྡོ་རྗེ་གྱེན་དུ་འཁྱིལ། །སྒེག་པ་དཔའ་བོ་འཇིགས་སུ་རུང། །དགོད་དང་གཤེ་དང་འཇིགས་པར་བྱེད། །སྙིང་རྗེ་རྔམ་དང་ཞི་བ་ཡི། །སྐུ་གསུང་ཐུགས་ཀྱི་གར་ཐབས་ཅན། །གཡས་གཡོན་དང་པོས་རྡོ་རྗེ་དང༌། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བུར་བཅས། །གཉིས་པ་དག་ན་འཇིགས་བྱེད་ཀྱི། །པགས་པ་རླུང་གི་ཚུལ་དུ་བསྐོར། །གསུམ་པས་དབང་བསྐུར་དབུ་རྒྱན་ཆུ། །ཐ་མ་གཉིས་ན་དུང་ཆེན་ཁྲག །ཐོད་པ་ཤ་ཆེན་སྙིང་གིས་བཀང༌། །དུར་ཁྲོད་གར་གྱི་ཕྱག་རྒྱར་བསྒྱུར། །ལ་ལར་ཞལ་གཅིག་ཞལ་གསུམ་སྐུ། །མཐིང་ནག་འཇིགས་པའི་མེ་འོད་འབར། །གཡས་པ་བ་དན་གསུམ་པ་ཕྱག །རྡོ་རྗེ་རྩེ་ལྔ་འབར་ཕྲེང་ཅན། །


DTG027_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་བཅས། །ཐོད་ཁྲག་གང་བ་གཡོན་པ་ན། འབར་བ་ཆེན་པོ་སྐྲ་འབར་བ། །ཐོད་ཁྲག་གང་བ་གཡོན་པ་ན། །འབར་བ་ཆེན་པོ་སྐྲ་འབར་བ། །ཐོད་པ་མང་། །ལིངྒ་འགྲེར་བ་རང་བྱུང་པའི་དུས་ལྟར་དྲག །དུར་ཁྲོད་བཞིན་དུ་རབ་ཏུ་འཇིགས། །ཞལ་རྣམས་སྣ་ཚོགས་འགྱུར་བ་དང༌། །འབར་བའི་ལྟ་བས་གར་བྱས་པ། །རྡོ་རྗེ་རྡོ་རྗེ་ཁ་ཊྭཱཾ་ག །དྲིལ་བུའི་སྒྲ་ནི་གསིལ་བ་ཡིས། །ཐམས་ཅད་ཕབ་ནས་སླང་ཡང་ནི། །ཐལ་བར་འགྱུར་བའང་འཚོ་བར་བྱེད། །གཏི་མུག་དབང་མཛད་ཐེག་ཆེན་རྒྱན། །གླང་ཆེན་ཀོ་རློན་སྟོད་གཡོགས་མནབས། །འདོད་ཆགས་གཞན་གྱིས་རྒོལ་བའི་ཚོགས། །ཚར་གཅོད་སྟག་གི་ཤམ་ཐབས་ཡིན། །ང་རྒྱལ་ཐུགས་རྗེས་འགྲོ་སྒྲོལ་ཕྱིར། །འཇིགས་བྱེད་ཆེན་པོའི་གཡང་གཞི་གྱོན། །ཞེས་སྡང་གཟུང་འཛིན་རྣམ་དག་པས། །གནས་བརྒྱད་སྦྲུལ་གྱི་ཕྲེང་བ་ཅན། །ཆགས་པ་གཉིས་སྤངས་གཉིས་ལྡན་པས། །ཁྲག་གི་ཐིག་ལེས་ཚོམ་བུར་བརྒྱན། ཕྲིན་ལས་སྣ་ཚོགས་མཛད་པ་ཡིན། །ཐལ་བའི་ཚོམ་བུའི་མཚན་མ་ཅན། །བྱང་སེམས་གཉིས་དང་མི་འབྲལ་དོན། །ཞགས་གི་རི་མོས་སྦྲས་པའོ། །ཕྲག་དོག་སྐུ་གསུང་རྒྱན་ལྡན་ཕྱིར། །ཐོད་ཕྲེང་ཐོད་དང་སེ་རལ་ཐོགས། །དྲེགས་བྱེད་ཚོགས་རྣམས་ཟིལ་མནན་པའི། །ཉི་ཟླས་སྙན་གྱི་གོང་རྒྱན་བྱས། །ལུས་དང་ངག་སེམས་རྡོ་རྗེ་ཡི། །མཚན་མའི་ཕྱག་རྒྱར་ལྡན་བྱས་ཏེ། །ཐམས་ཅད་འབྱུང་བའི་སྦྱོར་བ་ཡིས། །བདག་གི་ལྷར་ནི་བདག་ཉིད་བྱ། །ཨོཾ་ཨཱཿཧཱུཾ། ཐུགས་ཀར་ཉི་མ་ལ་གནས་པའི། །ཡེ་ཤེས་སེམས་དཔའ་ཧཱུཾ་དང་བཅས། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །ལྷ་མོས་བདུད་རྩི་བུམ་པས་ཁྲུས། །རིན་ཆེན་དབུ་རྒྱན་རྩེ་མོ་གཅིག །རྡོ་རྗེ་ཕྲེང་བའི་རིགས་དག་དང༌། །ཐོད་ཕྲེང་ལ་གནས་རིགས་ལྔས་བརྒྱན། །ལག་པ་ཤིན་ཏུ་བརྐྱང་པ་ཡིས། །མཛུབ་མོ་གཉིས་ནི་མདུད་པར་བཅིང། །གྲུང་མོས་མཐེ་བོའི་རྩེ་མོ་མནན། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བསྒྱུར། །བཏེག་ནས་ཁྲོ་གཉེར་ལ་བཞག་སྟེ། །ཧི་བཅས་དབང་བསྐུར་སྔགས་བརྗོད་བྱ། །ཡབ་ཡུམ་མཁའ་གསང་ཧི་དང་ཨས། །རྡོ་རྗེ་པདྨོ་བསྐྱེད་བྱས་ལ། །ལིངྒ་འགྲེར་བ་རང་བྱུང་པ། །བརླ་ཡི་


DTG027_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུས་སུ་གཞུག་བྱས་ཏེ། །དབྱིངས་དང་ཡེ་ཤེས་སྦྱོར་བ་ལས། །ཧེ་རུ་ཀ་ཡི་དཀྱིལ་འཁོར་བསྐྱེད། །བྱང་ཆུབ་སེམས་དེ་ཀུན་དུ་དག །མ་ལུས་ཉེ་བར་སྤྱང་བྱས་ནས། །འདོད་པར་བྱ་བ་རབ་ཏུ་མཉེས། །འོད་འདུས་ཐོག་མའི་གཟུགས་ལ་གཟུང༌། །གསང་གནས་སོ་སོའི་གདན་དག་ལ། །ཆོས་ཀྱི་སྙིང་པོས་ལྷ་རྣམས་བསྐྱེད། །ཧི་ལས་དཔལ་ཆེན་ཧེ་རུ་ཀ །གསང་བའི་དཀྱིལ་འཁོར་དབུས་སུ་དགོད། །ཧྲཱིཿལས་ལྷ་མོ་དཀར་མོ་སྟེ། །དེ་བཞིན་ཧྣི་ལས་རྐུན་མོ་ཡིན། །ཛྷིཿལས་ལྷ་མོ་རྨོངས་བྱེད་མ། །ཛྷི་ལས་ཐལ་བྱེད་ཕྱོགས་བཞིར་རོ། །མཚམས་སུ་ཧཱུཾ་ཕཊ་ལས་བྱུང་བའི། །སྦོས་བྱེད་ལ་སོགས་ལྷ་མོ་བཞི། །མཾ་ཁཾ་ཡཾ་རཾ་ལས་བྱུང་ལྷ་མོ་བཞི། །མདའ་འཛིན་ལ་སོགས་ཕྱི་རོལ་མཚམས། །ཨ་ཨཱ་ཨཾ་ཨཿཡི་གེ་ལས། །ལྷ་མོ་མེ་ཏོག་ལ་སོགས་བཞི། །ཛཿཧཱུཾ་བཾ་ཧོཿབྮི་རྣམས་ལས། །སྒོ་བཞིར་རྟ་མགྲིན་འཕང་མཐོ་སོགས། །བྷ་ག་ལ་ནི་ལིངྒ་གཞག །ལིངྒ་རྡོ་རྗེར་བྱིན་བརླབས་ནས། །ཧེ་རུ་ཀ་ཡི་སྐུ་གཉིས་དག །སྤྲོ་ཞིང་རང་ལ་བསྟིམ་པར་བྱ། །ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧི་སརྦ་དུཥྚཱན་ས་མ་ཡ་མུ་དྲ་པྲ་བཾ་ཛ་ཀ་ཧཱུཾ་ཕཊ། ཛྫཿདྐར་མོ་དཀར་སེར་ཞི་བའི་མདངས། །ཞལ་བཞི་ཕྱག་བརྒྱད་འཇིགས་པའི་སྟབས། །གཡོན་བརྐྱང་གར་གྱིས་བཞུགས་པར་མཛད། །མདའ་བཞི་དུས་གཅིག་བཀང་བ་ལ། །ཚངས་པའི་མགོ་བཞི་དཔྱངས་པ་སྟེ། །སྤྲོ་ཞིང་བསྡུས་པས་ཤར་དུ་བཞུགས། །ཧཱུཾ་བཛྲ་གུ་ཧྱ་སིདྡྷི་པ་ར་མ་ཡོ་གི་ཤྭ་རི་ཛྫ། རྐུན་མོ་དམར་སེར་དྲག་མོའི་ཞལ། །གཡོན་པས་ལྕགས་ཀྱུ་ཁ་ཊྭཱཾ་འཁྱུད། །གཡས་པའི་གུང་མོས་རྩེ་བརྒྱད་བསྟོང༌། །གཡས་བཏེག་སྟབས་གནོན་ལྷོ་ཡི་ཕྱོགས། །ཧཱུཾ་ཧཱུཾ་བཛྲ་ཙཎྜེཤྭརི་ཁ་ཊྭཱཾ་ག་མ་ཧཱ་བཛྲ་ཀ་པཱ་ལ་མཱ་ལ་ཀུ་ལུ་རུ་ལླུ་ཧྣི་ཛྫ། རྨོངས་བྱེད་མདོག་གཉིས་གོང་མ་ཕག །འོག་མ་དམར་མོ་ཕྱག་བཞི་པ། །གཡས་ཀྱི་དང་པོས་རྡོ་རྗེ་གསུམ། །གཡོན་ཀྱི་དང་པོས་ཁམ་ཕོར་འཆང༌། །འོག་གཉིས་ཁུ་ཚུར་རོལ་གཏོད། །གཡས་བཏེག་སྟོབས་གནོན་ལྷོ་ཡི་ཕྱོགས། །རྨོངས་ཚུལ་ནུབ་ཀྱི་ཕྱོགས་སུའོ། །ཧཱུཾ་བཛྲ་ན་རཱ་ཡ་ནི་ཛྷི་ཛྷ། ཐལ་བྱེད་མདོག་དཀར་སློང་ཚུལ་གཟིགས། །གཡས་ན་ཐོད་པ་བདུད་རྩིས་བཀང༌། །གཡོན་པ་བ་དན་གསུམ་པའི་


DTG027_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གར། དགའ་བའི་བཞིན་བཅས་བྱང་གི་ཕྱོགས། །ཧཱུཾ་བཛྲ་པ་ཏ་ཀེ་ཛྫ། སྤོས་མོ་དྲག་མོ་གར་བྱེད་ཚུལ། །བོལ་བཞི་བརླ་དཔུང་དཀར་བ་ལ། །ལུས་སྦུབས་དམར་གསལ་ཡན་ལག་སྔོ། །རྡོ་རྗེ་རྩེ་ལྔ་དཔག་བསམ་ཤིང༌། །གཡས་གཡོན་གར་གྱི་བསྒྱུར་བ་བཅས། །མེ་མཚམས་འཁོར་ལོའི་སྟན་ལ་གནས། །ཧཱུཾ་བཛྲ་ཤུ་ལེ་གྲ་བྷནྡ་མ་ཊ་ཛྫ། རོ་ཁྲོད་རོ་རྟགས་ཚུལ་འཆང་ཞིང༌། །སེར་ནག་གཡས་པ་རལ་གྲི་འཛིན། །གཡོན་པ་མེ་ཐབ་རྡོ་རྗེས་མཚན། །གཡོན་བརྐྱང་རླུང་མཚམས་འཁོར་ལོ་སྟོན། །ཧཱུཾ་བཛྲ་ཀི་ཤི་ཙྪ་ཏ་མ་ཊ་ཛྫ། ཀུན་སྤྱོད་ཀུན་གྱི་ལས་མཛད་ཅིང༌། །གཡས་པས་རྡོ་རྗེ་དུང་ཁྲག་གསོལ། །གཡོན་གྱིས་ཐོད་པ་ཞགས་པར་བཅས། །ཞལ་བཞི་མཐིང་ནག་གཙོ་བོའི་བཞིན། །རྡོ་རྗེ་ཁ་ཊྭཱཾ་སེ་རལ་ཁ། །དབང་ལྡན་འཁོར་ལོའི་རྩིབས་ལ་གནས། །ཧཱུཾ་བཛྲ་པེ་མཱ་ལ་པཱ་ཤེ་མཊ་ཛྫ། ཀུན་ཀྱང་ཐོད་ཕྲེང་སྦྲུལ་མདུད་དང༌། །གཡང་གཞི་བརྒྱངས་ཏེ་གོས་སུ་གོན། །གདན་ནི་སྣ་ཚོགས་པདྨ་ལ། །ཡི་དྭགས་ཉི་མས་མཚན་པའོ། །མདའ་འཛིན་དཀར་མོ་མདའ་དང་གཞུ། །མེ་ཡི་མཚམས་ཀྱི་གྲུ་ཆད་ལ། །ཧེ་བཛྲ་ར་ཏི་བཾ་ཛྫ། ཁ་ཊྭཱཾ་སེར་མོ་ཁ་ཊྭཱཾག །རྡོ་རྗེ་དྲིལ་ཅན་བདེན་བྲལ་མཚམས། །བཾ་མ་ཧཱ་ར་ཏ་བཛྲ་ཧོ་ཛྫ། འཁོར་ལོ་འཛིན་མ་དམར་སེར་མོ། །རྩིབས་བརྒྱད་འཛིན་པ་རླུང་གི་ཕྱོགས། །ཨོཾ་བཛྲ་ལོ་ཙ་ནེ་ཡཾ་ཡ་ཛྫ། སྣ་ཚོགས་བ་དན་ལྗང་གུ་ལ། །སྣ་ཚོགས་འཕན་དྲིལ་དབང་ལྡན་ཕྱོགས། །རཾ་མ་ཧཱ་ཤྲཱི་བཛྲ་ཧིཿཛྫཿཛ། མེ་ཏོག་སེར་མོ་མེ་ཏོག་སྣོད། །རྡོ་རྗེས་མཚན་པ་བར་ཁྱམས་མེ། །ཨ་བཛྲ་པུཥྤེ་ཧཱུཾ་ཛྫ། སྤོས་མེ་སྔོན་མོ་རྡོ་རྗེ་པོག ། བར་ཁྱམས་བདེན་བྲལ་པད་གནས་པའོ། །ཨ་བཛྲ་དྷཱུ་པ་ཛྫཿ། མར་མེ་དམར་མོ་རྡོ་རྗེ་སྒྲོན། །བར་ཁྱམས་རླུང་ཕྱོགས་པདྨར་གནས། །ཨ་བཛྲ་ཨཱ་ལོ་ཀེ་ཛྫ། དྲི་ཆབ་ལྗང་གུ་དག་བྱེད་སྣོད། །འཐོར་བྱེད་དབང་ལྡན་པདྨར་གནས། །ཨ་བཛྲ་གནྡྷེ་ཛྫ། ཤར་སྒོར་རྟམ་མགྲིན་འཕང་མཐོ་དཀར། །གཡས་ན་རྟ་གདོང་གཡོན་ལྕགས་ཀྱུ། །ཨོཾ་བཛྲ་ཨཾ་ཀུ་ཤི་ཛྫཿ། ལྷོ་སྒོར་ཕག་གདོང་སྔོན་མོ་སྟེ། །གཡས་པས་མཆེ་བ་གཡོན་ཞགས་འཛིན། །ཨོཾ་བཛྲ་པཱ་ཤེ་ཧཱུཾ་ཛྫ། ནུབ་སྒོར་སྣང་བྱེད་དམར་མོ་ནི། །ཕྱག་གཉིས་ཉི་ཟླ་ལྕགས་སྒྲོག་འཛིན། །ཨོཾ་བཛྲ་ཤྲིཾ་ཁ་ལི་བཾ་ཛྫ། བྱང་སྒོར་ཐལ་བྱེད་མདོག་


DTG027_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྗང་གུ། །སངས་རྒྱས་གཟུགས་བཅས་དྲིལ་བུ་འཁྲོལ། །ཨོཾ་བཛྲ་གྷཎྜེ་ཧོཿཛྫ། ཕྱི་ཡི་ལྷ་མོ་བཅུ་གཉིས་ཚོགས། །རིན་ཆེན་རྒྱན་ཕྲེང་ན་བཟའ་བཀླུབས། །ཁྲོ་བརྗིད་འཛུམ་བག་མཚན་མ་འཛིན། །སྒོ་བ་ཅུང་ཞིག་འགྱིང་བའི་ཚུལ། །ཀུན་མཁྱེན་ཡེ་ཤེས་ལས་གྲུབ་ཕྱིར། །དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ཀྱི། །མིག་ལ་སངས་རྒྱས་རྣམ་སྣང་མཛད། །རྣ་བ་རྡོ་རྗེ་ཉི་མ་ཡིན། །ཁ་ལ་པདྨ་གར་དབང་ཕྱུག །སྣ་ལ་རྟ་མཆོག་རོལ་པའོ། །ཡིད་ལ་རྡོ་རྗེ་ཧེ་རུ་ཀ །ལུས་ལ་རྡོ་རྗེ་སེམས་དཔའི་གནས། །གནས་གསུམ་ཕྱག་རྒྱའི་ཚོགས་གསལ་བས། །ཐུགས་ཀར་སེམས་དཔའི་གསུམ་སྔགས་བཅས། །རང་རིག་དཀྱིལ་འཁོར་སྤྱན་དྲངས་ནས། །དབང་བསྐུར་རིགས་ཀྱི་མཚན་མ་བསམ། །དགའ་ཆེན་དཔལ་གྱི་རྡོར་ཇེ་ལས། །རྡོ་རྗེ་སེ་གོལ་གར་དང་བཅས། །དཔུང་མགོར་ལན་གསུམ་བསྡུ་བའི་རྒྱ། །གཉིས་མེད་འོད་ཟེར་ལྕགས་ཀྱུས་དགུག་ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ཅན། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་སླད་དམ་ཚིག་དགོངས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །མཛེས་པའི་ཕྱག་རྒྱ་གྱེན་དུ་བསྒྲེང༌། །སྨིན་མཚམས་དབུས་སུ་གཏད་པར་བྱ། །ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། ཨཱ་ཀཌྜྷྱ་ཡ། ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོཥ་ཡ། ཏོ་ཤ་ཡ། །བཛྲ་ཌཱ་ཀི་ནཱི་ནཾ། ཧྲྀ་ད་ཡཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧི། །སརྦ་དུཥྚུ་ས་མ་ཡ་མུ་དྲ་པྲབཾ་ཇ་ཀ་ཧཱུཾ་ཕཊ། པདྨའི་ཕྱག་རྒྱས་གཡས་ནས་བསྐོར། །གར་ཐབས་ཐལ་མོས་ལན་གསུམ་གདབ། །དད་པར་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །ཆོས་སྐུ་ཞི་བའི་དང་ལས་ཀྱང༌། །གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྲུལ་པ་མང་པོའི་ཚོགས་དང་གཤེགས། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་ཛཿཧཱུཾ་བཾ་ཧོཿ།རུ་ལུ་རུ་ལུ་ཛཿཧཱུཾ་བཾ་ཧོཿ། ཨེ་ཧེ་ཧྱེ་ཧི་དྲྀ་ཤྱ་ཧོཿ། ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། ཨེ་ཧེ་ཧྱེ་ཧི་ཨར་ཀི་ཧོ། །ཧྲིཾ་ཧྲིཾ་ཧྲིཾ།


DTG027_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐོད་ཕྲེང་ཕྱག་རྒྱ་བཅིངས་པ་ལས། །གཡས་ནས་རིམ་བཞིན་བསྐོར་བར་བྱ། །བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་གིས་དགོངས་ནས་ཀྱང༌། །འཁོར་བཅས་གཤེགས་རྣམས་བཞུགས་སུ་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་མུ་དྲ་ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། པྲ་བེ་ཤ་ཡ། ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། རྡོ་རྗེ་ཐལ་མོ་བསྐྱེད་བྱས་ནས། །སོལ་མོ་བསྣོལ་བསྡམས་བསྐྱོད་པར་བྱ། །སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང༌། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༌། །མི་གཉིས་དོན་གྱི་དངོས་གྲུབ་མཆོག་གི་གནས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧི། །སརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བན་ཙཀྲ་ཧཱུཾ་ཕཊ། ཀཱ་ཡ་བཱཀ་ཙིཏྟ། ཏིཥྛ་བཛྲ་ཧཱུཾ། རྡོ་རྗེ་ཁུ་ཚུར་བཅིངས་པ་ལས། །མཐེ་བོ་མཐེའུ་ཆུང་བསྒྲེད་པར་བྱ། །ཧཱུཾ་ཆེ་མཆོག་མཉམ་སྦྱོར་འབར་བའི་ཀློང་དཀྱིལ་ནས། །ཐུགས་རྗེ་ཁྲོས་པས་གདུག་པ་འདུལ་མཛད་པ། །གསང་སྔགས་རྨད་བྱུང་དྲག་པོའི་ཕྲིན་ལས་རྣམས། །ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་སརྦ་དུཥྚཱན། ས་མ་ཡ་སྟྭཾ། ཨ་བ་སྟཾ་བ་ཧཱུཾ་ཕཊ། དམ་ཚིག་ཕྱག་རྒྱ་རྣམས་གསུམ་ནི། །རིམ་བཞིན་བཅིངས་ཏེ་བསྐུལ་བར་བྱ། །ཨོཾ་བཛྲ་གུ་ཧྱ་དྀ་ཤྱ་ཧོ་ས་ཡ་སྟྭཾ། ཨོཾ་བཛྲ་གུ་ཧྱ་ས་ཡ་ཧོ། །ཨོཾ་བཛྲ་གུ་ཧྱ་ས་མ་ཡ་ཧོ། །ཨོཾ་བཛྲ་གུཧྱ་ཏྲི་ས་མ་ཡ་ཕཊ། དམ་ཚིག་ས་ལ་བཞེངས་པ་ཡི། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དམ་ཚིག་ཚུལ་བཞིན་མ་བསྲུངས་སམ། །གྲུབ་པའི་མཆོག་དག་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བར་རོ། །ཞིག་པར་གྱུར་པར་གདོན་མི་ཟ། །ཟིལ་གནོན་བསྲུང་ཞིང་བསྡིག་པའི་ཕྱིར། །ལས་ཀྱི་ཕྱག་རྒྱ་རྣམ་གསུམ་བཅིང༌། །ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱ་ནས་མ་ཡ་མུ་དྲ་མ་རཾ་པྲ་བན་ཙཀྲ། བག་ཤ་ཡ་བག་ཤ་ཡ། བི་དྷྭཾ་ས་ཡ་པིདྷྭཾ་ས་ཡ། བྷུ་ཏ་ཀྵེ་ཏི་པར་ཏི་སྟྭཾ་བྷ་ཡ་ཧཱུཾ་ཕཊ། སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ། །ང་ནི་བདུད་ཀྱི་བདུད་བདག་སྟེ། །མཁའ་འགྲོའི་ཚོགས་བཅས་ངས་བསྡུས་པའོ། །ཨོཾ་ཤྲཱི་བཛྲ་ཀ་ར་མུ་ཀ་ཤ་ར་ཡཱ་ཡ་ན་མཿ། ཨོཾ་ཤྲཱི་བཛྲ་ཁཊྭཱཾ་ག་བྲ་ཛཱ་ལཱ་ཡ་ན་མཿ།ཨོཾ་


DTG027_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤྲཱི་བཛྲ་གནྡྷེ་པྲ་ཛཱ་ལ་ཡ་ན་མཿ། ཨ་ཏི་བྷུ་ཧོ། །སརྦ་ཏ་ཐཱ་ག་ཏ་བནད་ནཱཾ་ཀཱ་རོ་ཡ་མི་མ་ཧཱ་ཡོ་གི་ནི་ཨ་ལ་ལ་ཧོ། །པྲ་ཏི་བྷུ་ཧོ། །སྨིན་མ་གཡོན་པ་འདེགས་ཚུལ་གྱིས། །རུ་ལུ་རུ་ལུ་བཅས་པས་འདུད། །ཨོཾ་བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང༌། །བྱམས་དང་སྙིང་རྗེས་སྒྲ་ཟིན་མི་མངའ་ཡང༌། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༌། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་མའི་ཚུལ་གྱིས་གྲོགས་མཛད་པའི། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཧཾ་ཨ་ཏི་བྷུ་ཧོ། །ཚད་མེད་བཞི་ཡི་ཕྱག་རྒྱ་ཡིས། །གཉིས་སུ་མེད་པར་བསྟན་བྱས་ནས། དམན་པའི་ཕྱག་རྒྱ་རྣམ་པ་བཞིས། །རང་གི་དེ་ཉིད་ལས་སྦྱོར་བའི། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམས་སྤྱང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ། །སངས་རྒྱས་ཁྲོ་འབྱུང་ཁྲོ་བ་ནི། ཐལ་བར་འཇིག་པའི་མཆོག་ཡིན་ཏེ། །སེམས་དཔའི་སྔོན་མོ་འབར་བ་ཅན། །འབར་བའི་དཀྱིལ་འཁོར་དམར་པོ་སྣང༌། །རྡོ་རྗེ་ཁཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་འཁྲོལ་བའི་སྒྲར་བཅས་པ། །གོས་ཆེན་པོ་དང་བླུགས་པ་ཆེ། །ཤ་ཆེན་པོ་དང་སྦྲང་རྩི་ཆེ། །དུར་ཁྲོད་ཀུན་གྱི་འབྱུང་པོ་ཡིས། །ཕྱག་རྒྱ་དཔལ་ལྡན་དབང་ཕྱུག་མཆོག །ཤིན་ཏུ་ཁྲོག་གདུག་པ་ཡི། །སེམས་ཅན་ཁམས་ནི་རྣམ་སྤྱང་ཕྱིར། །འདི་ནི་དཔལ་ལྡན་ཧེ་རུ་ཀའི། །རྡོ་རྗེ་རྒྱ་ཆེན་དབང་ཕྱུག་མཆོག །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཁཊྭཱཾ་ག་ལ་རྒྱབ་རྟེན་བཅས། །ལག་པ་གཡོན་པས་ཐོད་པ་ཐོགས། །གཡས་པ་བ་དན་གསུམ་པར་བྱས། །ནམ་མཁའི་ཕྱག་རྒྱ་རྣལ་འབྱོར་བ། །ནམ་མཁའ་ཀུན་དུ་འགྲོ་བར་འགྱུར། །བུད་མེད་ལ་སོགས་རིན་ཆེན་མཆོག །དངོས་པོ་ཐམས་ཅད་མཁའ་ལས་འབྱིན། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །བདེ་བར་འབབ་པའི་གར་བྱེད་པས། །སྐྱིལ་མོ་ཀྲུང་ནི་ཕྱེད་བཅས་ལ། །རྐང་པ་རང་གི་བརླས་མནན་པའོ། །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཧི། །སརྦ་དུཥྚཱ། ས་མ་ཡ་མུ་དྲ། པྲ་བཾ་ཀ་ཧཱུཾ་ཕཊ། མ་ཧཱ་མུ་ཧི། སྐར་མོ་ཐུག་མཆོག་ཞི་བའི་མདངས། །གཟིགས་ཚུལ་ཕྱོགས་


DTG027_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་གར་བསྒྱུར་ཞིང༌། །མདའ་བཞི་དུས་གཅིག་འཕངས་པ་ཡིས། །བདུད་བཞི་དག་ལས་རྒྱལ་བར་བྱེད། །ཧཱུཾ་བཛྲ་གུ་ཧྱ་སིདྷི་པ་ར་མ་ཡོ་གེ་ཤྭ་རི་ཧྲཱིཿ། མ་ཧཱ་མུ་དྲ་ཧྲཱིཿ། རྐུན་མོ་རྒྱས་མཛད་དྲག་པོའི་བཞིན། །ཐུགས་རྗེ་སྐྱོ་བས་འགྲོ་གནས་འདྲེན། །ཁམས་གསུམ་ལས་རྒྱལ་གནོན་པའི་སྟོབས། །ཀུན་དུ་མྱུར་བའི་ཚོགས་པ་བསྟོད། །ཧཱུཾ་ཧཱུཾ་བཛྲ་ཙཎྜེ་ཤྭྲི་ཁཊྭཱཾ་ག་མ་ཧཱ་བཛྲ་ཀ་པཱ་ལ་མཱ་ལ་ཀུ་རུ་ལུ་རུ་ལླུ་ཧྣི། མ་ཧཱ་མུ་དྲ་ཧྣི། རྨོངས་བྱེད་དབང་གིས་ཆགས་ཚུལ་འཆང༌། །ཞལ་གཉིས་མཐུན་པའི་སྟབས་བཅས་པས། །གནས་གསུམ་རྣམ་དག་སྐུ་གསུམ་སྦྱོར། །བདུད་རྩི་བཅུད་ལྡན་འཁོར་ལོའི་རྒྱ། །ཧཱུཾ་བཛྲ་ཨ་ན་ར་ཡ་ནི་ཛྷི། ཐལ་བྱེད་དྲག་མོ་སློང་བའི་ཚུལ། །སྣོད་བཅུད་བདེ་བ་ཆེན་པོར་རོལ། །བ་དན་གསུམ་པའི་གར་ཐབས་ཀྱིས། །སྐུ་གསུང་ཐུགས་ཀྱི་དགའ་མདངས་གསལ། །ཧཱུཾ་བཛྲ་པ་ཏ་ཀེ་ཛ། མཧཱ་མུ་དྲ་ཧི། སྤོས་མོ་ཕྲིན་ལས་རྣམ་འཕྲུལ་ཞིང༌། །ཀུན་སྣང་གསལ་བས་དྲག་པའི་ཚུལ། །ཡེ་ཤེས་རིགས་འབྱུང་ལྔ་ཡི་མཚན། །ཀུན་འབྱུང་གར་ཐབས་འགྱུར་བར་བཅས། །ཧཱུཾ་བཛྲ་ཧ་ར་ནི་ཕཊ། མ་ཧཱ་རུ་ཏྲ་ཧཱི། གཏུམ་མོ་འདོད་བའི་ལས་ལ་བརྩོན། །གཞན་གྱི་སྲོག་འཕྲོག་འགྱུར་བ་མེད། །འཐོར་བྱེད་རིགས་ཀྱི་མཚན་མ་ཅན། །གར་བཅས་རྩེ་གསུམ་དབུགས་འབྱིན་ཚུལ། །ཧཱུཾ་བཛྲ་ཤཱུ་ལ་གྲ་བྷནྡི་མ་ཊ། མ་ཧཱ་རུ་ཏྲ་ཧི། རི་ཁྲོད་ཆོས་ཉིད་རོ་མྱོང་བས། །ཤེས་རབ་མཚོན་ཆས་ཀུན་གཅོད་ཅིང༌། །སྲེག་བྱེད་རིགས་ཀྱི་ཕྱག་རྒྱ་འཆང༌། །རིགས་ཀྱི་ཚུལ་གྱིས་གར་བྱེད་པའོ། །ཧཱུཾ་བཛྲ་ཀི་ཤིཙྪནྡ་ཕཊ། མ་ཧཱ་རུ་ཏྲ་ཧི། ཀུན་སྤྱོད་ཚུལ་རྣམས་ཀུན་གྱིས་རོལ། །དབྱིངས་དང་ཡེ་ཤེས་ཆགས་པའི་ལས། །སྟོང་གསུམ་མི་གཏོང་འཆིང་བྱེད་པའི། །འཇིགས་བྱེད་རྔམ་པའི་ཆ་ལུགས་ཅན། །ཧཱུཾ་བཛྲ་པེ་མཱ་ལ་པཱ་ཤེ་ཕཊ། མཧཱརུ་ཏྲ་ཧི། །བྱམས་པའི་མདའ་འཛིན་སྒེགས་པའི་ཚུལ། །མ་བཅོས་ཟུང་དུ་འཇུག་པའི་གཞུ། །མཉམ་ཉིད་འཕྲོ་བས་ཀུན་བརྩོན་པའི། །རྩེ་གཅིག་ཕྲིན་ལས་འགྱུར་བ་མེད། །ཧེ་བཛྲ་ར་ཏི་བཾ། མ་ཧཱ་རུ་ཏྲ་ཧི། ཐུགས་རྗེ་སྣ་ཚོགས་ཁྱབ་པ་ཡི། །སྒྲར་བཅས་སྐུ་གསུང་ཐུགས་རྒྱལ་བྱེད། །གནས་གསུམ་ལས་རྒྱུད་དག་བྱེད་པའི། །ཡོན་ཏན་ཀུན་གནས་འཕྲུལ་པའི་མཆོག །བཾ་མ་ཧཱ་ར་ཏ་བཛྲ་ཧོ། །མ་ཧཱ་རུ་ཏྲ་ཧི། །དགའ་བྱེད་མྱུར་བའི་


DTG027_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྟུལ་ཞུགས་འཆང༌། །ལས་རྒྱུད་གཅོད་བྱེད་ཐེག་པའི་མཆོག །ཟབ་ཅིང་རྒྱ་ཆེ་ཀུན་ཚུལ་གྱིས། །ཡོན་ཏན་བརྒྱད་འཛིན་བྱེད་པའོ། །ཨོཾ་བཛྲ་ལོ་ཙ་ནེ་ཡཾ་ཡ། མ་ཧཱ་རུ་ཏྲ་ཧི། བཏང་སྙོམས་སྣ་ཚོགས་ཕྲིན་ལས་སྐུ། །གཟུགས་མཛེས་སྤྱོད་པའི་སྒྲ་དང་བཅས། །དག་བྱེད་ཕྲིན་ལས་བསྙེངས་པ་མེད། །ཐམས་ཅད་ཡེ་ཤེས་རྣམས་སྤྲོས་པའོ། །རཾ་མ་ཧཱ་བཛྲི་ཧིཿ། མ་ཧཱ་རུ་ཏྲ་ཧིཿ། སྦྱིན་པའི་མཆོག་རྣམས་རྣམ་པར་གྲོལ། །གཟུགས་མཆོག་ལྷ་རྫས་མེ་ཏོག་རྒྱ། །ས་གཞི་མདུན་རོལ་གཡས་གཡོན་བསྟོད། །སྣ་ཚོགས་སྤུངས་པ་འཐོར་བྱེད་པའོ། །ཨ་བཛྲ་པུཥྤེ། མ་ཧཱ་རུ་ཏྲ་ཧི། ཚུལ་ཁྲིམས་དྲི་མཆོག་ཚིམ་བྱེད་པའི། །བདུག་སྤོས་ལེགས་པར་སྦྱར་བའི་མཆོག །གཡས་སྐོར་བཏེག་སྟེ་ཕྱོགས་བཅུར་བསྒྱུར། །མདུན་དུ་ཕྱོགས་པར་སྔོ་བྱེད་པའོ། །ཨ་བཛྲ་དྷཱུ་པ། མ་ཧཱ་རུ་ཏྲ་ཧི། བཟོད་གསོལ་ཤེས་རབ་ཏིང་ངེ་འཛིན། །ཕུན་ཚོགས་སེལ་བྱེད་མེ་མར་རྒྱ། །ཀུན་དུ་བསྐོར་བའི་གར་བསྒྱུར་ཞིང༌། །ཐུགས་ཀའི་མཚན་མ་གསལ་སྟོན་པའི། །ཨ་བཛྲ་ཨཱ་ལོ་ཀེ་ཧཱུཾ། མ་ཧཱ་རུ་ཏྲ་ཧི། །བརྩོན་འགྲུས་རྩེ་གཅིག་འགྱུར་བ་མེད། །ཆོས་ཀུན་དག་བྱེད་བྱུག་པའི་དྲི། །སྲིན་མྒྠེབ་སྤྲད་ནས་རྩེ་གསུམ་འཐོར། །ཕྱོགས་ཀུན་དངོས་བཅས་རྣམ་དག་འགྱུར། །ཨ་བཛྲ་གནྡྷེ། མ་ཧཱ་རུ་ཏྲ་ཧི། །པདྨ་བནྡྷའི་བདུད་རྩི་བསྟོད། །མྱང་བ་རྡུབ་པ་ལྟར་བྱེད་ཅིང༌། །ལྕགས་ཀྱུའི་ཕྱག་རྒྱ་རྡོ་རྗེར་བཅས། །དགུག་པའི་ཚུལ་མཆོག་ལས་གྲུབ་པའོ། །ཨོཾ་བཛྲ་ཨཾ་ཀུ་ཤི་ཛཿམ་ཧཱ་རུ་ཏྲ་ཧི། རྡོ་རྗེ་མཆེ་བ་གཙིགས་པའི་རྒྱ། སྣ་ཡི་མྱང་བ་རྡུབ་པ་ཡིས། །རིན་ཆེན་ཞགས་པ་གསོལ་ཀའི་ཚུལ། །རང་གི་ལས་ལ་སྦྱོར་བྱེད་པའོ། །ཨོཾ་བཛྲ་པཱ་ཤེཧཱུཾ། མ་ཧཱ་རུ་ཏྲ་ཧི། རྡོ་རྗེ་ལྕགས་སྒྲོག་ཉི་ཟླར་བཅས། །མིག་མཚུངས་ཞེན་པར་ལྟ་བ་ཡིས། །ཁམས་གསུམ་ཀུན་ལ་གཟིགས་པའི་རྒྱ། །ཕྱག་རྒྱའི་ལས་ཀྱིས་བསྟན་བྱེད་པའི། །བཛྲ་ཤྲི་ཁཾ་ལེ་བཾ། མ་ཧཱ་རུ་ཏྲ་ཧི། མཚམས་ལྡན་སྐུ་མཆོག་བདུད་རྩིས་བཀང༌། །ཐམས་ཅད་བདག་ཉིད་མྱང་བ་ཡིས། །སྟོན་པའི་གསུང་དབྱངས་ཀུན་དུ་སྒྲོགས། །ཐལ་འཇིག་རྒྱུད་རྣམས་སླར་འཚོ་མཛད། །ཨོཾ་བཛྲ་གྷཎྜ་ཧོཿ། མ་ཧཱ་རུ་ཏྲ་ཧི། གཟིགས་པ་རྣམ་པ་སྣ་ཚོགས་པ་ཡི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་


DTG027_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོད་སྟོན་ཀུན་གསོལ་ལ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །རྒྱས་བཏབ་རྨོངས་བྱེད་མནབས་སུ་གསལ། །བདེ་མཆོག་ངོ་མཚར་བདེ་བར་བཞུགས། །ཧཱུཾ་ཨ་ལ་ལ་ལ་ལ་ཧོ། །སྣང་བར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་པ་ནི་མན་བས་སུ་གསོལ། །ཉོན་མོངས་ཐམས་ཅད་བསལ་བར་མཛད། །གསུང་གནས་པདྨ་རྡོ་རྗེ་ལ། །ས་བོན་གསང་སྔགས་འཕྲོ་འདུར་བཅས། །རྒྱལ་བའི་གསུང་ཚོགས་གཉིས་མེད་པའི། །རྡོ་རྗེ་གསང་གསུམ་ཚིག་འདོན་པའོ། །ཨོཾ་སུམྦྷ་གསྟ་མ་ཧྣ་དེ་བི་ཧི་རི་མི་ཏི་རི་ཤྲཱི་ཡེ་ཧི་སྭཱ་ཧཱ། བཛྲ་ཛི་སྭཱ་ཧཱ། ཨོཾ་བཱཀ་བཛྲ་ཨཱཿཧཱུཾ། རྡོ་རྗེ་ཐལ་མོ་གྱེན་དུ་དབྱེ། །མཛུབ་མོ་གཉིས་ནི་རྩེ་མོ་དགུག །མཐེ་བོ་གཉིས་ཀྱི་མཆེ་བ་གཙིགས། །འཇིགས་པའི་རྡོ་རྗེ་གནོད་སྦྱིན་མ། །ཡི་གེ་བརྒྱ་སྔགས་ལྡན་པ་ཡི། །དམ་ཚིག་མཆོག་གི་ཕྱག་རྒྱས་ནི། །ལྷ་རྣམས་ཀུན་གྱི་གནས་དག་ཏུ། །རྣམ་གསུམ་མཐུ་ཡིས་བསྐུལ་བར་བྱ། །རྡོ་རྗེ་ཁུ་ཚུར་བཅས་པ་ལས། །མཐེའུ་ཆུང་གཉིས་ནི་རབ་བརྐྱང་ནས། །སོ་སོའི་གསང་སྔགས་སྦྱར་བ་ཡི། །ལས་ཀྱི་སྔགས་བཅས་དོན་སྦྱོར་བའོ། །ལག་པ་གཡས་གཡོན་གཉིས་དག་གི །མཛུབ་མོ་མཐེ་ཆུང་མཛེས་བསྒྱུར་ཏེ། །རྡོར་ཇེ་ཐལ་མོ་གྱེན་དུ་དགྲོལ། །མཆོད་པའི་གཏོར་མ་ཀུན་གྱི་ཚུལ། །ཨོཾ་པ་ན་པེ་ན། པེ་ནུ་སུ་རུ་ཏ། པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ། ས་མ་ཡ། ཡོག་སི་དྡྷ་ཨཱཿཧཱུཾ། ཨོཾ་ཨཱཿ་ཧཱུཾཿ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛད་དུ་གསོལ། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དམ་ཚིག་བསྐངས། ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཨ་ལ་ལ་སྟེ་དངོས་གྲུབ་སྕོལ། །དགྱེས་མཉམ་ལོངས་སྤྱོད་མཆོག་ལ་རོལ། །ཨོཾ་ཤྲཱི་ར་ག་བཛྲ་ཨ་པུཥྤེཔུ། །ཨ་དྷཱུ་པ་དྷུ། །ཨ་ཨཱ་ལོ་ཀེ་ཧྲཱིཿ། ཨ་གནྡྷེ་བཛྲ་ར་ཏི་པཾ། བཾ་མ་ཧཱ་ར་ཏ་བཛྲ་ཧོ། །ཨོཾ་བཛྲ་ལོ་


DTG027_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙ་ན་ཡཾ་ཡ། རཾ་མ་ཧཱ་ཤྲཱི་ཧི། །ཨ་ལ་ལ་ཧོ། །བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་ཐམས་ཅད་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ན་མཿསརྦ་ཏུ་ཐཱ་ཏེ་བྷྱོ་བི་ཤྭ་མུ་ཁ་བྷྱཿསརྦ་ཏད་ཁཾ་ཨུདྒ་ཏེ་སྥ་ར་ན་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་འབྱུང་བ་ལྔ་ལས་ཐམས་ཅད་འབྱུང༌། །རང་ལས་མ་བྱུང་གང་ཡང་མེད། །གཙང་སྨེའི་དྲི་རྟོག་ཀུན་བྲལ་བའི། །བདུད་རྩི་བྱང་ཆུབ་སེམས་ཆེན་པོས། །བདག་སོགས་གཉིས་མེད་མཆོད་པའི་ཕྱིར། །མཉམ་པ་ཆེན་པོའི་རྒྱན་ལ་རོལ། །ཨོཾ་ན་མཿསརྦ་པཉྕ་ཨ་མྲི་ཏ་ཨཱཿཧཱུཾ་ཨོཾ་ཀཱ་ཡ་སིདྷྷི་ཨོཾ། ཨོཾ་བཱཀ་སིདྷྷི་ཨཱཿ། ཨོཾ་ཙེཏྟ་སིདྷྟི་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀ་ཨི་དཾ་དྷཱུ་པ་པུཥྤ་དཱི་པ། གནྡྷ། བ་ལི་ཏ། པྲ་ཏཱིཙྪ་ཧོ། །ཤྲཱི་བྷ་ག་བཱན་ཁ་ཁ་ཁ་ལེ་ལེ་ལེ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་ཉའ་བེ་ཤ་ཡ། ཨཱ་བེ་ཤ་ཡ། པྲ་བེ་ཤ་ཡ། པར་བེ་ཤ་ཡ། པྲ་ཧཱི་ཙྪ་ཧོ། །ཤྲཱི་བྷ་ག་བཱན། ཁ་ཁ་ཁ། ཁཱཧི་ཁཱཧི་ཁཱཧི། སྒེག་པ་དཔའ་བོ་མི་སྡུག་འཇིགས་སུ་རུང༌། །དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང༌། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུ་ཡེ་དངོས་པོ་ཤིན་ཏུ་བསྒྱུར་བ་ཡི། །གར་བྱས་གྲུབ་པའི་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །བཟའ་བ་ལ་སོགས་སྙིང་པོ་ཅན། །མཱམ་ས་ལ་སོགས་བྲོ་མཆོག་སྩོལ། །མེ་ཏོག་ལ་སོག་སྩནྡན་ཕྲེང༌། །བཟང་དགུར་དབུལ་གྱིས་བཞེངས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐབས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཧཱུཾ་ཤིན་ཏུ་བརྒྱན་པའི་རིགས་དང་མཚན་ལྡན་མཆོག །བཀྲ་ཤིས་དབྱངས་དང་གར་གྱིས་མཆོད་བྱས་པའི། །ལྷ་མོ་རྡུལ་སྙེད་ཕྱོགས་བཅུར་སྤྲོས་བྱས་པའི། །བྱང་སེམས་པདེ་བའི་མཆོད་པ་རྣམས་པར་རྒྱལ། །ཧཱུཾ་ཧཱུཾ་མཧཱ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོ། །ཧེ་རུ་ཀ་ཡི་གནས་བཅུ་དང། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་སྟི་རར་བཅས། །དམར་གྱི་ཨརྒྷ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་རྣམས། །མ་ལུས་བཞེས་ནས་


DTG027_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྡམས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྜཱ་ན་ས་མ་ཡ་མུ་དྲ་མ་རཾ་ཁ་ཁ་ཁ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧྲྀ་ད་ཡ་ཕི་བ་ཧཱུཾ་ཕཊ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང༌། །གདུལ་དཀའ་མ་ལུས་གདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། ས་མ་ཡ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྕ་ཨ་མྲྀ་ཏ། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོ། །ཁ་ཁ་ཁ། ལེ་ལེ་ལེ་ཧོ། །བྷྱོ་ཧཱུཾ་ཧཱུཾ་བྷྱོ། །ཀོ་ཏ་ཀྵ། ཀོ་ཏ་བ། ཀོ་ཏ་ཀོ་ཏ། བ་ས་པ་ས། ཀ་ཏི་རབ། །ཀོ་ལཱ་ཀྵ། ཀོ་ལ་བ། ཀོ་ལ་ཀོ་ལ། ཀ་ལ་བ། ཤྚཋ། རྣམ་དག་སྒྲིབ་སྦྱངས་སྲིད་གསུམ་སྐྱོན་བྲལ་ཞིང༌། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བ། །བཅོམ་ལྡན་བདེ་གཤེགས་རྡོ་རྗེའི་དཀྱིལ་འཁོར་དབྱིངས། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང༌། །ཕྱག་རྒྱ་གཏུམ་ཆེན་རྔམ་པའི་འཁོར་ལ་སོགས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས། །དགྱེས་ཤིང་རོལ་པའི་དུས་མཆོག་སྦྱར་བ་ཡི། །བཞེས་ཏེ་ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཨོཾ་བཛྲ་ཨེ་ས་ཧཱ་པེ་ས་ཧུ། སམ་ཡ་བག་ཤ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ། །པྲ་ཏཱིཙྪཧོ། །ཡེ་ནས་མཉམ་ཉིད་ཆོས་སྐུ་དག་པ་ལ། །ལོག་རྟོག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་བཟློག་དོན་ཕྱིར་རྒྱལ་བའི་དམ་མནོས་པས། །རྒྱལ་བ་ཞི་ཁྲོའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེའི་དང་ཅན་རྣམས་ལ་བཟོད་པར་གསོལ། །བཅོམ་ལྡན་དཔལ་ལྡན་རྡོ་རྗེ་ཧེ་རུ་ཀ །ཁྱོད་ཀྱི་ཐུགས་རྗེ་ནམ་མཁའ་མཐའ་དང་མཉམ། །མཁའ་འགྲོའི་དཀྱིལ་འཁོར་ཚོགས་དང་བཅས་པ་ཡིས། །འགྲོ་ལ་བརྩེར་དགོངས་ཚངས་པར་སྩལ་དུ་གསོལ། །བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་ལུས་ལ་འབུང་བར་མི་གྱུར་ཞིང༌། །གྲིབ་མས་ཕོག་པའི་སྡུག་བསྔལ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་དྲན་པས་མོད་ལ་འཚོ་བ་དང༌། །གཟི་མདངས་ལུས་ལ་འཇུག་པ་བྱེ་བ་སྟོང་ཕྲག་གི །འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་འདིར་སྣང་བ་དང༌། །ལུས་ངག་སེམས་དང་ཚེ་ནི་རྡོ་རྗེར་རབ་བརྟེན་ཏེ། །རེ་སྨོན་ཐམས་ཅད་


DTG027_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུས་འདིར་གྲུབ་པར་མཛད་དུ་གསོལ། །རྣམ་གསུམ་སེམས་དཔའ་སྔགས་ཀྱི་ཕྲེང༌། །དཀྱིལ་འཁོར་ཀུན་གྱི་གནས་ཞུགས་པ། །ཡན་ལག་རྣམ་གསུམ་སྤྲོ་བསྡུ་ཡི། །གསལ་བ་གཉིས་ཀྱི་སྒོ་ནས་བརྩམ། །རིམ་གྱིས་རྟེན་ཉིད་རྟེན་སྔགས་དག །འཁོར་ལོའི་ཚུལ་ལྡན་ཤེས་རབ་ཐབས། །ཡི་གེ་མཚན་མ་སྐུ་ཡི་གནས། །བགྲང་ཞིང་གྲངས་འདས་ཚོགས་སྤྱོད་པའོ། །རྩེ་གཅིག་གནས་སུ་འཁོར་བ་ལས། །ལངས་ཤིང་འཁྲུལ་འཁོར་འཕྲོ་བ་དག །མཉེས་བསྐུལ་ལས་མཛད་བསྡུ་བྱེད་ཅིང༌། །དཀྱིལ་འཁོར་གསལ་བར་གྱུར་པའོ། །ལས་ཀྱི་སྦྱོར་བ་ཀུན་སྦྱོར་ཞིང། །དབྱངས་དྲུག་བླངས་པས་དོན་དྲུག་གསལ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཐུན་མོང་བསྙེན་པ་ལས་ཀུན་ལ། །འཇུག་པའི་ཡིག་འབྲུ་བརྒྱད་པའོ། །སོ་སོའི་ལས་ལ་སྙོམས་འཇུག་ལས། །རང་གི་མཚན་མ་སྔགས་ཕྲེང་གཉིས། །འཕྲོ་འདུས་རིགས་མཐུན་ལས་མཛད་ནས། །སྐུ་གསུང་ཐུགས་ཀྱི་བཟླས་བརྗོད་བརྩམ། །ཨོཾ་ཤྲཱི་ཧེ་རུ་ཀ །བཛྲ་ས་མ་ཡ་རྷི་སརྦ་དུ་ཥྚ་ས་མ་ཡ་མུདྲ་པྲ་བཾ་ཙཀྲ་ཧཱུཾ་ཕཊ། ཁྱད་པར་གཙོ་བོའི་སྙིང་པོའི་སྔགས། །ཡི་གེ་ཉི་ཤུ་རྩ་ལྔ་པའོ། །གཞན་ཡང་རིམ་བཞིན་སྔགས་གསལ་བས། །གོ་རིམས་འཁྲུལ་མེད་བརྗོད་པར་བྱ། །བཟླས་རྫོགས་མཆོད་བསྟོད་བསྐུལ་བྱས་ནས། །རང་གི་གནས་སུ་བསྡུ་བར་བྱ། །གཞན་ཡང་ཐིག་ལེ་ཕྲ་མོའི་ཚོགས། །དཀྱིལ་འཁོར་ལྷ་ནི་རྣམ་དག་ཀུན། །མཚན་བཅས་དམིགས་པའི་ལས་སྦྱངས་པས། །ཆོས་སྐུའི་ཕྱག་རྒྱ་གསལ་གྱུར་བསྒོམ། །རིགས་ཀྱི་དཀྱིལ་འཁོར་གསལ་བྱས་ནས། །ཚོགས་གཉིས་རྫོགས་ནས་འགྲུབ་བྱེད་པའི། །དགའ་བདེའི་ལོངས་སྤྱོད་ཚོགས་འགྱུར་བས། །རྣལ་འབྱོར་ལོངས་སྤྱོད་མཉེས་པར་བྱ། །རྟ་མཆོག་མཁའ་འགྲོའི་ཚོགས་བཅས་པ། །ལྷག་མའི་མཆོད་པས་མཉེས་པ་དག །རང་གི་ལས་ལ་སྦྱར་བྱ་སྟེ། །དངོས་གྲུབ་དོན་ཕྱིར་མཚམས་སུ་གཞག །མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག །དོན་དམ་བདེ་བ་ཆེན་པོའི་སྐུ། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཀྱི། །ལྷ་ཉིད་བརྩོན་པས་བསྒོམ་པར་བྱའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །


DTG027_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དང་ནི་རེག་པར་འགྱུར། །དམིགས་སུ་ཡོད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །གང་ཞིག་ཐུན་བཞི་ལ་སོགས་པར། །དཀྱིལ་འཁོར་འདི་ཉིད་བསྒོམས་པས་ན། །ཡེ་ཤེས་དཀྱིལ་འཁོར་གཤེགས་གསོལ་ཞིང༌། །དམ་ཚིག་དཀྱིལ་འཁོར་རིམ་བཞིན་དུ། །སླར་ཉིད་སྦྱོར་ལྡན་བསྲུང་བྱས་ཏེ། །སྤྱོད་ལམ་རྣལ་འབྱོར་གནས་པར་བྱ། །ཚོགས་འགྱུར་སྤྱོད་མཐུན་བྱ་བ་ཡིས། །དུས་ཀུན་དུ་ནི་འགྲོ་དོན་བརྩམ། །མགོན་མཆོག་ས་སྟེངས་ཀུན་གྲགས་པས། །ཐུགས་རྗེས་འགྲོ་དོན་རྣམ་དག་སྟོན། །རྒྱ་མཚོ་འཁྲུག་འདྲ་རྣམ་ལོགས་པས། །ངེས་དོན་རྣམ་པར་བཀོད་པའི་སྒོ། །དོན་གསལ་སྲིན་བུས་གྲོང་ཁྱེར་མིན། །དམན་སོགས་མ་འོངས་གཟུང་བྱའི་ཕྱིར། །སྒྲུབ་དོན་དམ་པའི་གཞུང་གསལ་བྱས། །ཁེ་གྲགས་ངན་རྟོག་བློས་མ་ཡིན། །ཐུགས་རྗེ་མཆོག་གི་དགོངས་མཛད་བཞིན། །ངལ་བའི་དགེ་སོགས་ཉི་ཟེར་གྱིས། །ཁམས་གསུམ་མུན་ཚོགས་བསལ་འགྱུར་ཞིང༌། །ཡང་དག་གྲུབ་པའི་འབྲས་ཐོབ་ཤོག །དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ཧཱུཾ་གི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་ས་ཧ་དང༌། །སྒྲ་བསྒྱུར་གྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །སླད་ཀྱི་ལོ་ཙཱ་བ་ཕྱི་མ་དག་གིས་སུམ་ཐུག་ཏུ་ཞུ་ཆེན་བཅོས་པའོ། །

ཡན་ལག་བཞིའི་དོན་སྣང་བར་བྱེད་པ་ཞེས་བྱ་བ།
ཧཱུཾ་མཛད་གྲགས་པ།


DTG027_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། །ཙ་ཏུར་ཏཱཾ་གཱརྠ་ཨཱ་ལོ་ཀ་ནཱ་མ། བོད་སྐད་དུ། །ཡན་ལག་བཞིའི་དོན་སྣང་བར་བྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་ངང་ལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །མཁའ་མཉམ་གསལ་བ་གཉིས་མེད་པའི། །ཡོན་ཏན་རིན་ཆེན་སྣ་ཚོགས་གཞི། །ཐམས་ཅད་རང་བཞིན་བདེ་ཆེན་སྐུ། །བཀོད་པ་ཀུན་སྣང་རོལ་སྟོན་འདུད། །བསྟན་པའི་སྙིང་པོ་དྲི་མེད་བཀའ། །གསང་དོན་གསང་བ་ཀུན་གྱི་མཆོག །བསྡུ་ཞིང་དེ་ངོན་གསལ་མཛད་པའི། །མཆོག་རྣམས་ཀུན་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་མཆོག་རྒྱུད་དག་ལས། །རིམ་འཇུག་སྒྲུབ་ཆེན་དོན་བཀོད་པའི། །ཚིག་དོན་རྟོགས་དཀའི་རིམ་པ་དག །རྣམ་གསུམ་དགུ་ཡི་གཞུང་གསལ་ཕྱིར། །བསྙེན་སྒྲུབ་ཆོ་གའི་རིམ་རྒྱས་པར། །དངོས་གཞི་དགོངས་མཛད་


DTG027_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྦྲེལ་བསྡུས་པ། །དམ་པའི་རྗེས་འབྲངས་མཐའ་གཉིས་བསལ། །གཞུང་བྲལ་འཁྲུལ་སོགས་དགག་ཕྱིར་བཤད། །བསྐལ་པ་བྱེ་བ་གྲངས་མེད་པར། །སངས་རྒྱས་ཐམས་ཅད་མ་ཐོབ་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དེ་ནི་བདག་གིས་བརྟག་པར་བྱ། །སངས་རྒྱས་ཀུན་དག་བདེ་བའི་མཆོག །བདག་ཉིད་བཞིན་དུ་བསྒྲུབས་པ་ལས། །སངས་རྒྱས་ཀུན་དག་བདེ་མཆོག་གོ །རྣལ་འབྱོར་ཡང་དག་མ་ཡིན་སེམས། །ལྷ་ལ་དམིགས་པར་བྱེད་པ་དག །རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ། །ལུགས་མ་ལ་སོགས་རྣལ་འབྱོར་སྐྱེ། །ཡང་དག་མཆོག་སེམས་རྣལ་འབྱོར་པ། །ལྷ་ལ་དམིགས་པར་བྱེད་པ་དག །རང་གི་དམ་ཚིག་བདག་སྦྱོར་བས། །མི་འགྱུར་དམ་པ་གྲུབ་པར་འགྱུར། །གཟུགས་བརྙན་ལུགས་མ་ལ་སོགས་ལ། །རྣལ་འབྱོར་འབྱུང་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཆོས་རྣམས་ཐམས་ཅད་སྣང་གྲོལ་དབྱིངས། །ཀུན་གསལ་སྟོང་ཉིད་ཟུང་འཇུག་དངོས། །རང་བཞིན་མ་བཅོས་ལྷུན་གྱིས་གྲུབ། །བདེ་བ་ཆེན་པོ་མཆོག་གི་རྒྱ། །བྱང་སེམས་མཁའ་དབྱིངས་དག་པ་ལས། །ཡོན་ཏན་མ་རྩལ་ཀུན་འབྱུང་སྣང༌། །སྣ་ཚོགས་སྣང་བ་རིས་མ་འགྲུབ། །རྟོག་དཔྱོད་ཞེན་ཆགས་ཡུལ་ལས་འདས། །དབུ་མར་ཡང་ནི་མི་དམིགས་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཐབས་ཀྱི་སྙིང་རྗེའི་བདག་ཉིད་རྣམས། །དེ་བས་དེ་ནི་སྙིང་རྗེའི་ཐབས། །ཤེས་རབ་ཕ་རོལ་ཕྱིན་བར་གསལ། །འདི་ནི་རྣལ་འབྱོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཡང་དག་གྲུབ་པ་གཅིག་པུ་ཉིད། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །རྟོག་པའི་ཆོག་ཐམས་ཅད་ལ། །གྲུབ་བ་དམ་བ་མཆོག་གི་མཆོག །སྣ་ཚོགས་ལས་ཀྱི་སྦྱོར་བ་ཡི། །ཆོག་སྣ་ཚོགས་འདོད་པ་ཡིས། །སེམས་ཅན་རྣམས་ནི་འདུལ་བ་དང༌། །བདེ་བ་ཐམས་ཅད་བསྒྲུབ་པའི་ཕྱིར། །བཅོམ་ལྡན་རྣལ་འབྱོར་དེ་ཉིད་ནི། །སངས་རྒྱས་ཐམས་ཅད་རྣམ་འཕྲུལ་བས། །སེམས་ཅན་ཀུན་དོན་རྣམ་འཕྲུལ་ནས། །མྱུར་དུ་ཤིན་ཏུ་འགྲུབ་པར་འགྱུར། །འདས་


DTG027_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུས་བསྐལ་པ་རིམ་བཞིན་དུ། །ལོག་པའི་ལམ་ཞུགས་རྣམ་དྲུག་པོས། །བདག་གཞན་གཉིས་ག་ཕུང་བྱེད་ཅིང༌། །དྲེགས་བྱེད་ཆེན་པོར་གྱུར་པ་ལ། །ཐབས་གཞན་དག་གིས་མི་འདུལ་ཕྱིར། །སངས་རྒྱས་ཐུགས་རྗེ་ཆེན་པོ་ཡིས། །དགོངས་མཛད་གསང་བ་བླ་མའི་མཆོག། རྣམ་འཕྲུལ་ཆེན་པོ་བསྟན་པ་ཡིན། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ལ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་།འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །རྒྱལ་བ་ཀུན་གྱི་དགོངས་མཛད་མཆོག །འཁོར་ལོ་གསང་བའི་རྒྱུད་ཆེན་དག །རིམ་བཞིན་བརྡ་དོན་གསལ་མཛད་ཅིང༌། །ངེས་སྐྱེས་ཕྱག་རྒྱས་གཏན་ལ་དབབ། །ཤེས་བྱའི་དཀྱིལ་འཁོར་གསལ་གྱུར་ནས། །རྟེན་མཆོག་གི་ནི་དོན་སྦྱར་ནས། །ཡན་ལག་བཞི་སྣང་བཅུ་དྲུག་ཚོགས། །རྒྱུ་རྐྱེན་ཚོགས་འབྲས་མཛད་བཅས་རྫོགས། །གང་ཞིག་ཡུན་རིངས་སྤྱང་པའི་མཐུས། །སྙིང་རྗེ་ཆེན་པོའི་གོམས་ཤུགས་ཅན། །དད་བརྩོན་ལྟ་བས་བློགས་ལ་ཟིང༌། །དེས་བརྟགས་དཀྱིལ་འཁོར་དབང་ཐོབ་པས། །སྨིན་ལམ་རྫོགས་བྱེད་འགྱུར་མེད་གནས། །བླ་མས་བསྒོ་བའི་དོན་བཞིན་སྤྱོད། །བདག་གཞན་དོན་སྒྲུབ་ལམ་ལ་གནས། །བློ་གྲོས་མཆོག་གྱུར་གསང་བའི་སྣོད། །དཀྱིལ་འཁོར་ཐེག་པར་མ་ཞུགས་ཤིང༌། །དམ་ཚིག་སྤངས་ཤིང་གསང་དོན་རྨོངས། །ཤེས་རབ་ཆེ་དང་སྙིང་རྗེ་བྲལ། །ལོག་སྨན་གུས་པ་མེད་སྤངས་བྱ། །གང་དུ་འབྲས་བུ་ཕུན་ཚོགས་ཤིང། །དབེན་པའི་དགོན་པ་ཉམས་དགའ་བ། །གཞན་དབང་དགྲ་ཡི་ཚེར་མ་མེད། །ཆུ་མཆོག་ཤིང་གིས་མཛེས་བྱས་པར། །ཀུན་དུ་སྣ་ཚོགས་སྐལ་བཟང་པོར། །ཀུན་དུ་སྣ་ཚོགས་བདེ་མཆོག་གིས། །ཀུན་དུ་སྣ་ཚོགས་དགོས་པ་རྣམས། །ཅི་བདེ་བར་ནི་བསྒྲུབ་པར་བྱ། །རྟེན་དང་དགོན་པ་གཙུག་ལག་ཁང༌། །རི་ཡི་རྩེ་རྣམས་ཐམས་ཅད་དུ། །རྣམ་པ་དུ་མ་སྣ་ཚོགས་པའི། །སངས་རྒྱས་དགོངས་པ་བསྒྲུབ་པར་བྱ། །པདྨའི་སྐྱེད་མོས་ཚལ་དགའ་དང༌། །ཆུ་བོ་དག་གི་མདོ་དག་ཏུ། །པདྨ་འཛིན་པའི་དགོས་པ་རྣམས། །རྣམ་པ་དུ་མར་འགྲུབ་པར་འགྱུར། །རྒྱལ་པོའི་ཕོ་བྲང་


DTG027_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགའ་བ་དང༌། །པདྨོ་སྐྱེ་མོས་ཚལ་ཉིད་དུ། །རྣམ་པ་སྣ་ཆོགས་དུ་མ་ཡིས། །རྒྱལ་བའི་དགོངས་པ་བསྒྲུབ་པར་བྱ་།མཁར་ནི་རྣམ་པ་སྣ་ཚོགས་དང༌། །དེ་བཞིན་ཆུ་བོའི་འགྲམ་དག་གམ། །རྒྱལ་ཁམས་གཞན་ལས་གྲུབ་པ་རུ། །རྡོ་རྗེ་རྟ་ནི་བསྒྲུབ་པར་བྱ། །ཡུལ་འཁོར་ཡོ་བྱད་རྒྱན་བཅས་དང༌། །ཆ་ལུགས་རྣམ་པ་སྣ་ཚོགས་ཀྱིས། །གནས་ཀྱི་ས་བཞི་མཛེས་བྱས་ཏེ། །སྒྲུབ་པའི་སྐྱེས་བུ་དབྱེ་བ་ལས། །སྒྲུབ་པ་རམ་པ་སྣ་ཚོགས་ཀྱིས། །བདག་གཞན་བྱ་བ་སྣ་ཚོགས་འགྲུབ། །གཞན་དོན་དམིགས་པའི་ལས་ལ་ནི། །སློབ་དཔོན་དེ་ཉིད་བཅུ་སོགས་ཤེས། །ཚད་ལྡན་རང་རྒྱུད་དག་པ་ཡིས། །དཀྱིལ་འཁོར་དབང་བསྐུར་སྒྲུབ་པ་དང༌། །ཕྲིན་ལས་ཚོགས་བསགས་བསྲུང་དོན་དུ། །བསྙེན་འགྲོ་བསྙེན་པ་རྫོགས་བྱས་པས། །ས་གཞི་སས་བོན་ལ་འཇུག་ཅིང༌། །ཡང་དག་དཀྱིལ་འཁོར་རྒྱས་པ་ཡི། །གཞུང་བཞིན་འཇུག་པར་བྱ་བ་སྟེ། །རྟོག་པ་སྣ་ཚོགས་ལས་འཕྲོས་པའོ། །བདག་དོན་བྱ་བ་དེ་ལས་གཞན། །ས་གཞི་སྟ་གོན་སྔོན་བརྩམས་ཕྱིར། །བདག་ཉིད་རང་གི་ལྷར་སྦྱོར་བས། །ལུས་ངག་ཡིད་གསུམ་མཐུ་བསྐྱེད་ཅིང༌། །བདག་དང་འགྲོ་བ་སྤྱང་བྱས་ནས། །རང་བཞིན་དག་པའི་རྣམ་པར་བསམ། །བྱ་བའི་རྒྱུད་སོགས་གསུངས་པ་ཡི། །གཏོར་སྦྱིན་ཆེན་པོའི་ཆོ་ག་ཡིས། །མགྲོན་ཚོགས་བཞི་པོ་ཚིམ་བྱས་ནས། །བསྒོ་བའི་ཕྲིན་ལས་དྲག་ཏུ་བྱ། །ཕྱོགས་བཞིར་སྲུང་བའི་སྟེགས་བུ་ལ། །བསྲུང་བའི་ཡི་གེ་བརྩམས་ཏེ་གཞག །ཡང་དག་གསང་བའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདི་བ་ལས་ནི་མ་གཏོགས་ཤིང༌། །ཉན་པ་ལས་ནི་མི་དབང་བའི། །བགེགས་དང་འབྱུང་པོ་ཐམས་ཅད་ཀུན། །ད་ལྟ་ཉིད་དུ་སོ་སོར་དངས། །ཇི་སྟེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང༌། །རྡོ་རྗེ་མཚོན་ཆེན་འབར་བ་ཡིས། །གཏན་དུ་བརླག་ཅིང་ཕུང་བར་འགྱུར། །ཧཱུཾ་བཛྲ་ཛྭ་ལ་རཾ་ཡཾ། ཁཾ་ཙ་ཀྲ་བི་ཤྭ་ཧཱུཾ་ཕཊ་ཕཊ། ཐབས་དང་ཤེས་རབ་སྒྲུབ་པ་པོས། །ཕྱི་དང་ནང་གི་བསྐང་བཤགས་ཀྱིས། །རིན་ཆེན་སྣོད་མཛེས་དྲི་ཡང་བསྒྲིབས། །རྣམ་དག་རིས་གསལ་ཇི་བཞིན་པའོ། །ཐུགས་ཀའི་འོད་ཟེར་སྤྲོ་བསྡུ་ཡིས། །དཀྱིལ་


DTG027_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་མདུན་དུ་དགུ་ག་བྱ་སྟེ། །དགའ་ཆེན་དཔལ་ལས་བྱུང་བ་ཡི། །སེ་གོལ་དཔུང་མགོར་ལན་གསུམ་གཏོགས། །རྡོ་རྗེ་བཅིང་སྐྱོའི་སེ་གོལ་གྱིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཨོཾ་བཛྲ་ས་མཱ་ཛཿ་ཧཱུཾ། ཨོཾ་ཐམས་ཅད་སྤྲོས་བྲལ་དེ་ཉིད་ཆེ། །མཁའ་མཉམ་ཡེ་ཤེས་རྟོགས་མེད་མཆོག །གཉིས་སྣང་སོ་སོར་སྨིན་དགོངས་མཛད། །ཐུགས་རྗེས་སྨོན་ལམ་ཐབས་མཁས་པ། །དབང་པོའི་གཞུ་བཞིན་ཅིང་འདུལ་སྟོན། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །ལྷ་མོ་དག་མཆོག་དམ་པའི་ལྷ། །དཀྱིལ་འཁོར་ཚོགས་རྣམས་དགོངས་སུ་གསོལ། ཛཿ་ཧཱུཾ་བཾ་ཧོཿ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎྀ་ཀ་ས་མ་ཡ་སྟྭཾ། སྣ་ཚོགས་གར་ལས་བྱུང་བ་ཡི། །རྡོ་རྗེ་ཐལ་མོ་སྤྱི་བོར་སྦྱར། །ཨོམ་རྡོ་རྗེ་རྒྱལ་པོ་ཡོན་ཏན་མཆོག །བྱང་ཆུབ་མཆོག་སྟོན་འདྲེན་མཛད་ཅིང༌། །ཉོན་མོངས་མཆོ་སྐེམས་སྒྲོན་མས་བརྒྱན། །ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི། །ཕྱོགས་བཅུ་ཀུན་ན་བཞུགས་པ་ཡི། །རྫོགས་སངས་ཐུབ་པ་སྲས་ཚོགས་བཅས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །གུས་པར་ཕྱག་འཚལ་སྐྱབས་སུ་མཆི། །ཨོཾ་ཨ་ཏི་བྷཱུ་ཧཱུཾ། ཨོཾ་ཧྲིཿ་ཧྲིཿ་ཏྲཾ་ཧཱུཾ། མཚོན་ཆ་དྲུག་གི་ཚུལ་འདྲ་ཡི། །ཐལ་མོ་ཁ་ཡི་གནས་སུ་གཏུག་ཨོཾ་ན་མཿ་སརྦ་ཏྲོ་ཏ་ཧཱུཾ། ཨོཾ་ཧྲིཿ་ཧྲིཿ་ཏྲཾ་ཧོ། །མཆོད་པ་སོ་སོའི་རྗེས་མཐུན་པར། །ལྷ་མོ་གར་བཅས་ཕྱག་རྒྱ་བཅིང༌། །ཨོཾ་སྟོང་གསུམ་མི་མཇེད་གནས་འདི་དང༌། །གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི། །ལས་ཀྱི་ལོངས་སྤྱོད་མངོན་རྒྱུད་དང༌། །སངས་རྒྱས་ཡོན་ཏན་སྣང་བ་ཡི། །མཆོད་རྫས་བཟང་པོ་ཁྱད་པར་ཅན། །དངོས་སུ་སྦྱར་ཚོགས་སེམས་ཀྱིས་སྤྲུལ། །མེ་ཏོག་གཟུགས་མཛེས་ཁ་དོག་དང༌། །དབྱིབས་རྣམས་སྣ་ཚོགས་མཐའ་ཡས་མཆོག །བདུག་སྤོས་དྲི་མཆོག་ཁྱད་པར་ཅན། །སོ་སོའི་རྒྱུ་ལས་བྱུང་བའི་དྲི། །མར་མེ་རིན་ཆེན་ཤིང་གི་འོང༌། །མུན་པའི་ཚོགས་འཇོམས་གསལ་བྱེད་རྒྱུན། །དྲི་མཆོག་བཟང་པོས་སྦྱར་བ་ཆུ། །རྣམ་རྟོག་དྲི་མ་དག་བྱེད་རྒྱུན། །བཟའ་བཏུང་སྣ་ཚོགས་རྒྱུ་ལས་བྱུང༌། །ཚིམ་བྱེད་རོ་མ་མཆོག་བརྒྱ་ལྡན་རྫས། །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་ཆུ། །མཆོད་ཡོན་ཚུལ་དུ་དགའ་


DTG027_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེའི་མཆོད་།དཀྱིལ་འཁོར་ཀུན་ལ་ལེགས་འབུལ་ན། །མགོན་པོ་ཐུགས་རྗེ་ཅན་གྱིས་བཞེས། །ཨོཾ་བཛྲ་པུ་ཥྤེ་ཨོཾ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོམ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། ཨོཾ་བཛྲ་གྣྡྷེ་ཧོཿ། ཨོཾ་བཛྲ་ན་ཝི་ཏྱེ་ཏྲེཾ། ཨོཾ་བཛ་ཨཱ་ཧ་ར་ཧི། །སྨན་དང་འབྲུ་ཡི་རྣམ་པ་དང། །བླ་རེ་ན་བཟའ་རྒྱལ་མཚན་གདུགས། །བ་དན་ཕྲེང་བ་སྣ་ཚོགས་དང༌། །དོ་ཤལ་དབུང་རྒྱན་སོར་གདུབ་སྤྲས། །དམ་པ་རྣམས་ཀྱི་ལོངས་སྤྱོད་རྐྱེན། །བསོད་ནམས་མཐུ་ལས་བྱུང་བ་ཡི། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ནོར་བུ་རིན་ཆེན་འཁོར་ལོའི་མཆོག་བློན་པོ་དམག་དཔོན་བཙུན་མོ་བཟང༌། །རྟ་མཆོག་གླང་པོ་རིན་ཆེན་མཆོག །རྣམ་སྤྲས་ཉེ་བའི་རིན་ཆེན་བདུན། །བཀྲ་ཤིས་རྫས་མཚོག་བཅུ་དྲུག་མཆོག །བུམ་པ་བཟང་པོ་རྒྱན་ལ་སོགས། །ཕ་ཊའི་ཕྲེང་བ་མཛེས་སོགས་རྣམས། །དཀྱིལ་འཁོར་ཀུན་ལ་ལེགས་འབུལ་ན། །མགོན་པོ་ཐུགས་རྗེ་ཅན་གྱིས་བཞེས། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱོ། །བི་ཤྭཱ་མུ་ཁེ་བྷྱིཿ་སརྭ་ཏད་ཁམ་ཨུ་ཏྒ་ཏེ་སྥར་ན་ཧི་མམ་ག་ག་ན་ཁམ་སྦཱ་ཧཱ་། ཨོཾ་རིགས་ལྔའི་དམ་ཚིག་རྫས་ཆེན་པོ། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་དབྱིངས། །རྒྱུད་ལྔའི་སེམས་ཅན་ཀུན་གྲོལ་ཞིང༌། །རྒྱུད་ལྔའི་སེམས་ཅན་བདུད་རྩི་འདི། །འགྲོ་བ་དྲུག་པོ་དག །ལྷ་ཚོགས་ལྷ་མོར་བཅས་འགྱུར་བས། །རྒྱན་རྣམས་ཀུན་གྱིས་ལེགས་མཛེས་པར། །གླུ་དབྱངས་ཚིགས་སུ་བཅས་པ་དང༌། །ཁྲོ་ཚོགས་གར་གྱིས་བསྐྱོད་བྱས་པའི། །སྟོང་གསུམ་རྡུལ་སྙེད་སྤྲུལ་བྱས་རྣམས། །དཀྱིལ་འཁོར་ཀུན་ལ་ལེགས་འབུལ་ན། །མགོན་པོ་ཐུགས་རྗེ་ཅན་གྱིས་བཞེས། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱོ། །བི་ཤྭཱ་མུ་ཁེ་བྷྱིཿ་སརྦ་ཏ་ད་ཁམ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་རིགས་ལྔའི་དམ་ཚིག་རྫས་ཆེན་པོ། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་དབྱིངས། །རྒྱུད་ལྔའི་སེམས་ཅན་ཀུན་གྲོལ་ཞིང༌། །རྒྱུད་ལྔའི་སེམས་ཅན་བདུད་རྩི་འདི། །སྙིང་པོ་ཚིམ་བྱེད་བཅུད་ཀྱི་མཆོག །བྱང་ཆུབ་སེམས་སོགས་བདེ་བའི་རྒྱུན། །མ་ལུས་ཀུན་གྱི་རེག་བྱ་ལས། །རོལ་པ་སྣ་ཚོགས་སྣང་བ་དང༌། །སྲིད་གསུམ་བརྟན་གཡོའི་དངོས་པོ་དང༌། །ཉོན་མོངས་སྒོ་གསུམ་སྤྱོད་ཚོགས་དང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །གཟུགས་


DTG027_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཟང་མཆོད་སྤྲིན་ཐམས་ཅད་ཀུན། །སྐུ་ལྔ་རིགས་ལྔ་ཡེ་ཤེས་ལྔ། །ལྷ་མོ་སྲས་བཅས་ངོ་བོ་ཉིད། །འཁོར་འདས་སྣང་བའི་དཀྱིལ་འཁོར་ཀུན། །སྣ་ཚོགས་དངོས་མེད་བྱང་ཆུབ་སེམས། །གཉིས་སུ་མེད་པར་འབུལ་ལགས་ན། །མཉམ་ཉིད་བླང་དོར་མེད་པས་བཞེས། །ཨོཾ་ན་མ། སརྦ་པཉྩ་རཱ་ས་ཡ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ། །བརྡ་མེད་རྩེ་གཅིག་སེམས་ངེས་པར། །རྡོ་རྗེ་ཐལ་མོ་སྙིང་གར་སྦྱར། །ཧཱུཾ་བདག་དང་མཐའ་ཡས་སེམས་ཅན་གྱི། །མགོན་པོའི་སྤྱན་སྔར་བཤགས་པ་ནི། །ཐོག་མ་མེད་ནས་དུད་འདིའི་བར། །མི་དགེ་ལས་ཀྱི་དབང་སོང་སྟེ། །ཉོན་མོངས་སྒོ་གསུམ་སྐྱེས་པ་ཡི། །མི་དགེ་བཅུ་དང་མཚམས་མེད་ལྔ། །ལྟ་ལོག་སྒྲོ་སྐུར་ཞེན་ལོག་གིས། །རྣམ་གྲོལ་ལམ་ལས་གོལ་གྱུར་དང༌། །ཉོན་མོངས་ཉེ་བའི་ཉོན་མོངས་ཚོགས། །ཤེས་དང་མི་སྤངས་གཞན་གཟུང་དང༌། །བགྱིད་དང་བགྱིད་དང་བགྱིད་དུ་སྩལ་བ་དང༌། །གང་གཞན་རྗེས་སུ་ཡི་རང་བཤགས། །མགོན་པོ་རྣམ་ཀྱི་སྤྱན་ལམ་དུ། །རང་བཞིན་ཁ་ན་མ་ཐོ་སྡིག །མི་འཆབ་རིམ་བཞིན་ངེས་བཤགས་ཤིང༌། །ཕྱིས་ཀྱང་མི་བྱེད་སྡོམ་པ་གཟུང༌། །བཅས་སྡོམ་སོ་སོར་ཐར་པ་ལས། །རྩ་བ་ཡན་ལག་ཉམས་པ་དང༌། །སྐྱབས་འགྲོ་མཁན་སོགས་སློབ་དཔོན་སྤངས། །དད་པའི་དགེ་འདུན་དབྱེན་སོགས་དང༌། །ལོག་ཚོ་ཉེས་བྱས་ཕྲ་ལ་སོགས། །ཚུལ་ཁྲིམས་ཞིག་འགྱུར་ལས་རྣམས་བཤགས། །ཧཱུཾ་བྱང་ཆུབ་སེམས་སོགས་མ་སྐྱེས་ཤིང༌། །སྡོམ་པ་རྣམས་པར་སྤངས་པ་དང༌། །ཕ་རོལ་ཕྱིན་གཞུང་ཉམས་པ་ཡི། །ལོག་པའི་ལམ་ལ་ཞུགས་པ་དང༌། །ཚངས་པའི་གནས་ནས་བསྡུ་བ་བཞི། །ལམ་སོགས་སུམ་ཅུ་རྩ་བདུན་དང༌། །མ་འདྲེས་འབྲས་བུ་མཛད་པར་བཅས། །སྨོད་སྤངས་སྡིག་རྣམས་དུས་འདིར་བཤགས། །ཧཱུཾ་གསང་ལྡན་རྡོ་རྗེ་ཆེ་གེ་མོས། །རྡོ་རྗེ་སློབ་དཔོན་སྨོད་འགལ་ཞིང༌། །ལྷ་སྤངས་མཆེད་ལ་འཁུས་པ་དང༌། །སྔགས་དང་ཕྱག་རྒྱ་སྤང་པ་དང༌། །སྣོད་མིན་གསད་བ་བསྒྲགས་ལ་སོགས། །གཉིས་གསུམ་ཉི་ཤུ་རྩ་བརྒྱད་ཚོགས། །ཡན་ལག་ཆ་ཤས་ཉམས་ལས་འདས། །འགྱོད་སེམས་དེས་པར་བཤད་པར་བགྱི། །ཨོཾ་ན་མཿ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་པཱ་པཾ་ཤུདྡྷ་ཤུདྡྷ་ཧཱུཾ་


DTG027_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྭཱ་ཧཱ། འདས་དང་ད་ལྟར་མ་བྱོན་ཚོགས། །རྒྱལ་བ་སྲས་དང་བཅས་རྣམས་ཀྱི། །དད་བརྩོན་ཤེས་རབ་ཆེ་བསྐྱེད་ཅིང༌། རྒྱུ་འབྲས་ཚོགས་གཉིས་བསགས་བྱས་ནས། །མཛད་པ་བཅུ་གཉིས་ལ་སོགས་དང༌། །ཁྱད་པར་གསད་སྔགས་མཛད་པ་ཡིས། །འགྲོ་རྣམས་ལམ་གཉིས་མཛད་ཐོབ་ལ། །བདག་གི་རྗེས་སུ་ཡི་རང་ངོ༌། །ལམ་གཞན་འཕགས་པ་རང་རྒྱལ་དང༌། །ཉན་ཐོས་སོ་སོ་སྐྱེ་བོ་ཡི། །དགེ་བསམ་སྒོམ་སོགས་གང་སྤྱད་ལ། །ཕྲག་དོག་མེད་པར་རྗེས་ཡེ་རང༌། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །མགོན་པོ་ཐུགས་རྗེའི་དབང་གིས་ནི། །འགྲོ་བའི་མོས་པ་བཞིན་སྟོན་ཅིང༌། །སྔོན་གྱི་སྨོན་ལམ་ཇི་ལྟ་བར། །དམ་ཆོས་བཙུན་པར་མཛད་པའི་ཆེད། །བསྐུལ་བའི་ས་བླ་བཞུགས་པ་དང༌། །ཇི་ལྟར་ཚངས་པའི་རྒྱལ་ཚོགས་ཀྱིས། །ཆོས་འཁོར་འགྲོ་བའི་དོན་བསྐོར་ཕྱིར། །གསེར་གྱི་འཁོར་ལོ་སྟོང་ལྡན་ཕུལ། །འཇིག་རྟེན་མགོན་ལ་བདག་གསོལ་འདེབས། །རྒྱལ་བ་བདེ་གཤེགས་བཅོམ་ལྡན་འདས། །ཐོགས་མ་འདི་ནས་ཐ་མའི་བར། །མཛད་པ་རྣམ་གསུམ་མཐར་ཕྱིན་ནས། །སྐུ་ལྔ་ཡེ་ཤེས་ཆེན་པོར་ནི། །མྱུར་དུ་སྤྲུལ་པ་བསྡུ་བཞེད་རྣམས། །འགྲོ་རྣམས་ཀུན་གྱི་དོན་སླད་དུ། །བསྐལ་བ་ཇི་སྲིད་གནས་ཀྱི་བར། །གཟུགས་མང་སྤྲུལ་སྐུའི་ཚུལ་བཞུགས་ཤིང༌། །མཚན་དཔེ་ཆོ་འཕྲུལ་མི་འཇིགས་སྟོབས། །བཀྲ་ཤིས་ཚོགས་ཀྱིས་རྒྱས་མཛད་ཅིང༌། །རྟག་ཏུ་ཉི་ཟླ་སྒྲིབ་གསལ་ལྟར། །སྙོམས་མཛད་འགྲོ་བའི་མུན་སེལ་མཛོད། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་འགྲོ་བ་རྣམས། །སྡུག་བསྔལ་རྒྱུ་དང་དེ་ཉིད་ལས། །བསྒྲལ་ཞིང་ཐར་བར་བྱས་ནས་ནི། །བདེ་ཚོགས་ལྡན་པར་བྱ་བ་དང༌། །བླ་མེད་འབྲས་བུ་བསྐྱེད་བྱའི་ཕྱིར། །དང་པོ་ཐབས་ཀྱིས་བདག་བསྒྲལ་ནས། །སྨོན་ལམ་རྫུ་འཕྲུལ་དཔག་མེད་དང༌། །ཞི་གནས་ལྷག་མཐོང་མངོན་ཤེས་སོགས། །ཐོགས་པ་མེད་པར་འབྱུང་བ་ཡིས། །མྱུར་དུ་མཐུ་སྟོབས་བརྟས་གྱུར་ནས། །གཡེལ་མེད་འགྲོ་དོན་བརྩོན་བྱེད་ཅིང༌། །ཐམས་ཅད་དབུགས་དབྱུང་བྱས་ནས་ནི། །རྡོ་རྗེ་འཛིན་པའི་གནས་བཀོད་པའོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བླ་མ་རྡོ་རྗེ་


DTG027_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྕམ་དྲལ་དང༌། །དཀྱིལ་འཁོར་ཚོགས་རྣམས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སྐྱེ་བ་འདི་དང་གཞན་དག་ཏུ། །དགེ་རྩ་སྤྱི་དང་ཁྱད་པར་དོན། །སྔོན་བགྱིས་བགྱིད་ལ་རྗེས་ཡི་དང༌། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས། །རྒྱལ་བ་སྲས་བཅས་ཚོགས་གྱུར་པས། །བླ་ན་མེད་པའི་བྱང་ཆུབ་ཏུ། །ཐུགས་མཆོག་རིན་ཆེན་བསྐྱེད་པ་ལྟར། །བླ་མེད་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ། །རྒྱལ་བ་རྣམས་ཀྱི་རྗེས་སུ་སློབ། །མདོར་ན་འགྲོ་བ་མ་ལུས་པ། །སྐུ་གསུམ་འབྲས་བུ་ཐོབ་བྱའི་ཕྱིར། །དཀྱིལ་འཁོར་དྲུག་གི་སྤྲུལ་པ་ཡིས། །རྣམ་པར་རོལ་པའི་དོན་གནས་བྱ། །དེ་ལས་བྱུང་བའི་འབྲས་བཟང་མཆོག །ཀུན་མཁྱེན་གནས་མཆོག་སྙོམས་མཛད་པ། །དངོས་རྣམས་གང་ལའང་ཆང་མེད་དེ། །བྱང་ཆུབ་སེམས་དཔའི་ལས་ཆེན་པོས། །འགྲོ་བ་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་འཛིན་པའི་གནས་ཐོབ་ཤོག །སྣ་ཚོགས་སྣང་གྲགས་རྣམ་གྲོལ་བ། །དབྱིངས་ན་ཆོ་འཕྲུལ་དགག་མེད་ཀྱང༌། །དེ་ཡི་ཆོ་འཕྲུལ་དེ་ཉིད་པས། །ནམ་མཁའི་མཐའ་ལྟར་སྔོན་དང་བྲལ། །འཁོར་གསུམ་ཡོངས་སུ་དག་པར་ནི། །མཉམ་ཉིད་བདེ་བ་ཞེན་པོའི་དང༌། །ཐམས་ཅད་འདུ་འབྲལ་མེད་པ་ཡི། །དོན་ཉིད་ངོ་བོ་ལྷུན་གྲུབ་ཤོག །རྡོ་རྗེ་ཁུ་ཚུར་གཉིས་གཞིབས་ཏེ། །མཐེ་བ་ཆེན་བསྒྲེངས་ནས་གཡོབ་པར་བྱ། །ཨོཾ་བཛྲ་གཙྪ་མུཿ། རྡོ་རྗེ་ཐལ་མོས་ལན་གསུམ་དུ། །མི་དྲ་སྨད་གཉིས་བརྡབ་པར་བྱ། །ཨོཾ་བཛྲ་ཏུ་ཥྱ་ཧོཿ། མ་ལུས་འགྲོ་བ་ཐམས་ཅད། །མཉམ་སྙོམས་ཉིད་དུ་དམིགས་ནས་ཀྱང༌། །བྱམས་པའི་སེམས་ནི་ཉེར་གནས་པས། །སྡུག་བསྔལ་གསུམ་དང་བརྒྱད་དག་གིས། །གདུངས་པའི་ཉམ་ཐག་གང་ཡིན་པ། །དེ་དག་སྡུག་བསྔལ་མེད་འདོད་ཕྱིར། །སེམས་ཅན་གྲངས་མེད་སྐུར་སྤྲུལ་ནས། །འོད་ཟེར་མཐུ་དང་རྫུ་འཕྲུལ་ཚོགས། །དཔག་མེད་སྲུལ་པས་དོན་མཐུན་ཚུལ། །བྱམས་པ་ཆེན་པོས་ཁྱབ་པར་བྱ། །རྣམ་གསུམ་སྙིང་རྗེ་ཆེན་པོ་ཡིས། །དེ་དག་བདེ་བ་ཐོབ་བྱས་ཏེ། །འདོད་པའི་ཡོན་ཏན་ལྔ་སོགས་ཀྱི། །བདེ་བ་དག་ལ་སྤྲུལ་བྱ་སྟེ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་གྲངས་མེད་སྐུར་སྤྲུལ་ནས། །འོད་ཟེར་མཐུ་དང་རྫུ་འཕྲུལ་ཚོགས། །འཕངས་མེད་


DTG027_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཅན་ཀུན་ལ་གཏང༌། །དོན་ལྡན་དགའ་བ་ཆེན་པོའི་བློས། །རེག་པས་འགྲོ་བའི་བག་ཆགས་ཀུན། །རིམ་གྱིས་བྱང་སེམས་ལམ་རྣམ་བདུན། །མྱུར་བར་བྱང་ཆུབ་རྫོགས་མཐར་ཕྱིན། །སྐུ་དང་ཡེ་ཤེས་ཕུན་སུམ་ཚོགས། །བཀོད་པའི་ཡོན་ཏན་དཔག་མེད་སྣང། །གཞིར་གྱུར་བཏང་སྙོམས་ཆེན་པོའི་བློས། །ངན་པའི་མཚན་རྟགས་རྣམ་བྲལ་ནས། །གསལ་སེམས་སྙོམས་གནས་བྲལ་བ་མེད། །རང་བཞིན་བྱང་སེམས་མཉམ་པའི་དབྱིངས། །མི་རྟོག་ཏིང་འཛིན་ཆེན་པོ་ཡིས། །མཐའ་ལས་གྲོལ་བའི་སེམས་ཉིད་བསྐྱེད། །འདི་ནི་ཚངས་པའི་གནས་བཞི་ལས། །མཆོག་ཏུ་གྱུར་པའི་ཚད་མེད་བཞི། །སྙིང་པོ་སྔགས་ཀྱིས་སྤྲོ་བྱས་ལ། །རིག་བཅས་འོད་ཟེར་ཁྱབ་པར་གནས། །ཕྱོགས་གཞན་རྟོག་པ་སྣ་ཚོགས་ཀྱིས། །རྐང་དང་སྲེག་མནན་ཆོ་ག་དང༌། །གསར་བུ་ཤིས་བར་བྱས་པའི་ལས། །ལས་ཀྱི་ཆོ་ག་གཞན་བསྟན་པའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །དགའ་བའི་རྡོ་རྗེ་ལས་བྱུང་བའི། །དཔུང་མགོར་སེ་གོལ་བརྡབ་བྱས་ནས། །རྡོ་རྗེ་བཅིང་ཀྱོའི་སེ་གོ་ལ་སྒྲས། །འཇིག་རྟེན་ཁམས་ནི་མ་ལུས་པ། །སངས་རྒྱས་རྡོ་རྗེ་འཛིན་བཅས་ཀུན། །དམ་ཚིག་མཆོག་གི་གསང་སྔགས་ཀྱིས། །ཏིལ་གྱི་གོང་བུ་བཞིན་དུ་རྒྱས། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་པས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང༌། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །དེ་ནས་སྣ་རྩེའི་རྩ་མོ་ལ། །ཡིད་ནི་བརྟན་པར་ཡང་དག་ཟུང༌། །སྣ་ཡི་དབུགས་རིངས་དྲོ་བ་ལས། །རྒྱལ་བས་ཕྱག་རྒྱའི་སྦྱོར་བ་འབྱུང༌། །བཅོམ་ལྡན་དེ་ཉིད་རྣལ་འབྱོར་པས། །རྡོ་རྗེ་ཁྲོ་བོར་བསྒྱུར་ནས་ཕྱུང༌། །དཔལ་ཆེན་རྡོ་རྗེ་ཧེ་རུ་ཀ །འབར་བས་ཐལ་བ་རབ་ཏུ་འཇུག །སེམས་དཔའ་སྔོན་མོ་འབར་བའི་དང༌། །འོད་ཀྱི་དཀྱིལ་འཁོར་དམར་པོ་འབར། །དུར་ཁྲོད་ཀྱི་ནི་མེ་དང་འདྲ། །འབར་བ་ཆེན་པོ་སྒྲ་འབང་བ། །ཐོད་པ་མང་པོའི་དབུ་རྒྱན་ཅན། །འཇིགས་པ་ཆེན་པོའི་དུས་ལྟར་དྲག །དུར་ཁྲོད་བཞིན་དུ་རབ་ཏུ་འཇིགས། །ཁྲོ་ལ་སོགས་


DTG027_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཚུལ་ལྡན་པ། །ཞལ་རྣམས་སྣ་ཚོགས་འགྱུར་བ་དང༌། །སྨིན་མ་ཁྲོ་གཉེར་བཅས་པར་བསྒྱུར། །འབར་བའི་ལྟ་བས་གར་བྱས་པས། །གུ་ལང་དབང་ཆེན་དེ་དབང་བཅས། །ཉི་ཟླ་གཤིན་རྗེའི་ཚངས་པར་བཅས། །གནས་བཅས་དག་ནི་འབར་བཅས་ནས། །ཐལ་བ་བཞིན་དུ་རབ་ཏུ་བཤིག །རྡོ་རྗེ་རྡོ་རྗེ་ཁ་ཊྭཱཾ་ག །དྲིལ་བུའི་སྒྲ་ནི་གསིལ་བ་ཡིས། །ཐམས་ཅད་ཕབ་ནས་སླར་ཡང་ནི། །ཐལ་བར་གྱུར་པའང་འཚོ་བར་བྱེད། །གཡས་གཉིས་ལྕགས་ཀྱུ་རལ་གྲི་སྟེ། །གཡོན་གཉིས་ཞགས་པ་ཐོད་པ་ཐོགས། །འོག་མ་གཉིས་ཀྱིས་མདའ་དང་གཞུ། །བརྐྱང་བསྐུམ་ཉི་མའི་གདན་ལ་གནས། །དེ་ཡི་འབར་བའི་ཉི་མ་ལས། །བྱུང་བའི་གྲིབ་མ་མི་ཟད་པ། །བསྐྱེད་ནས་མ་ལུས་བདུད་ལ་སོགས། །གདུག་པ་རྣམས་ཀྱི་ཁྲག་ཟ་ནུ་ས། །རང་སྔགས་འོད་ཟེར་གཡོ་བའི་མཐུས། །ཤིན་ཏུ་བགེགས་མེད་ས་མཐོང་ནས། །རྡོ་རྗེ་ས་གཞིར་སོགས་བསྒོམ། །འཁོར་ལོ་མེ་འོད་མཚོན་ཆར་བཅས། །འདོད་པའི་རྒྱལ་པོ་དྲེགས་ཆེན་པོས། །སུམྦྷ་ནི་ཡི་སྔགས་བརྗོད་ཅིང༌། །བརྗིད་གནོན་ཁྲོ་བ་ཆེན་པོའི་ཚུལ། །ཕྱོགས་བཅུའི་བགེགས་རྣམས་བཀུག་མཛད་ནས། །ཕོ་མོར་བསྣོལ་ཏེ་ཉི་མར་བཀོད། །སོ་སོའི་ཚོགས་བཅས་མྱོས་པར་མཛད། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ། ཨཱ་ན་ཡ་ཧོཿ་བྷ་ག་པཱན། བིདྱ་རཱ་ཛ་ཧཱུཾ་ཕཊ། ཨིནྡྲ་ཡེ་ཛཿ། ཡཱ་མ་ཡ་ཛཿབ་རུ་ཎ་ཡེ་ཛཿ། ཀུ་བེ་ར་ཡེ་ཛཿ། ཨགྣེ་ཡེ་ཛཿ། ནཻ་རྲྀ་ཏི་ཡེ་ཛཿ། བ་ཡ་བེ་ཡེ་ཛཿ། ཨི་ཤྭ་ན་ཡེ་ཛཿ། ཙནྡྲ་ཡེ་ཛཿ། སཱུཪྻ་ན་ཡེ་ཛཿ། སུ་རི་ཏ་ཡེ་ཛཿ། ཨ་དྷི་པ་ཏ་ན་ཡེ་ཛཿ། ཡེ་ཤེས་ཆེ་ལས་སྤུལ་པའི་སྐུ། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །གཡས་དཀར་གཡོན་དམར་མཐིང་ནག་སྐུ། །རྡོ་རྗེ་ཐོད་ཁྲག་རལ་གྲི་ཞགས། །ཐོ་བ་ལྕགས་ཀྱུ་གཡས་དང་གཡོན། །དུར་ཁྲོད་འཇིགས་པའི་ཆ་ལུགས་བརྒྱན། །ཨོཾ་བཛྲ་ཀྲོ་དྷ་བི་ཛཱ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུཾ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། །ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨཱ་ཙ་ལ་ཧཱུཾ། །བནྡྷ་བནྡྷ་ཧཱུཾ་ཕཊ། །ཨོཾ་བཛྲ་ཀྲོ་དྷ་ཨ་བ་ར་ཇི་ཏེ་ཧཱུཾ། ཏིཥྛ་ཏེཥྛ་ཧཱུཾ་ཕཊ། ཨོཾ་


DTG027_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཛྲ་ཀྲོ་དྷ་ཏྲཻ་ལོ་གྱ་བིཛ་ཡ་ཧཱུཾ་བིནད་བིནད་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་གརྫ་ཀརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། རྡོ་རྗེ་བདུད་རྩི་རྣམ་འཕྲུལ་བས། །རྡོ་རྗེ་ཐོ་བ་ཕྱག་བསྣམས་ཤིང༌། །ཕྱོགས་མཚམས་སྟེང་འོག་བཏབ་ནས་ནི། །རང་གི་གནས་སུ་ངེས་པར་འདེབས། །ཨོཾ་བཛྲ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཕཊ། བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། །ཨོཾ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རྣམས། །འཇིགས་པའི་མཚོན་ཆ་མེ་འོད་འཕྲོ། །རིགས་མཐུན་ཁྲོ་བོའི་འཁོར་ཚོགས་དང༌། །དབང་བསྐུར་རིགས་ཀྱི་སྐུས་བརྒྱན་པའོ། །སངས་རྒྱས་ཀུན་གྱི་དམ་ཚིག་དཔལ། །རྡོ་རྗེ་སེམས་དཔའ་སྣང་བ་བདེ། །དེ་བཞིན་གཤེགས་པའི་ལྷ་རྫས་མཆོག །རིན་ཆེན་རྒྱན་ལ་སོགས་པས་བརྒྱན། །དྲིལ་བུ་རྒྱལ་མཚན་མཆོག་ལྡན་པའི། །བླ་རེ་དམ་པ་བྲེས་པས་ན། །རྡོ་རྗེ་ཚིག་དང་མཆོད་ལ་སོགས། །གླུ་དང་སིལ་སྙན་རྣམ་པར་འཕྲུལ། །མེ་ཏོག་བདུག་པའི་སྦྱོར་བ་དང༌། །མར་མེ་དྲི་ལ་སོགས་པར་ལྡན། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་སྒྲུབ། །མེ་ཏོག་དཀར་དང་དམར་བ་དང༌། །མཐིང་གསེར་པོ་ཀུན་བསྡུས་པ། །མེ་ཏོག་ཕྱག་རྒྱ་མཆོག་འདི་ནི། །འདོད་པའི་ཡོན་ཏན་ལྔ་ལས་འཕྲོ། །རྒྱ་སྐྱེགས་མཐིང་ག་ལྗང་གུའི་མཆོག །ཚོན་སྣ་བཞི་ཡིས་བཙེས་པ་དང༌། །དཀར་པོ་ལྔ་ཡི་ཕྱག་རྒྱ་དག །སྔ་མ་བཞིན་དུ་མཉམ་པར་འགྱུར། །ཁམས་ལས་བྱུང་བ་ཐམས་ཅད་དང༌། །སྲོག་དང་རྩ་བ་དེ་བཞིན་ཏེ། །རྣམ་པར་མཛས་ཤིང་དྲི་ཞིམ་པ། །སྔ་མ་བཞིན་དུ་མཉམ་པ་འགྲུབ། །ཙནྡན་གཉིས་དང་གླ་རྩི་དང༌། །ག་པུར་ན་ཀ་ལ་ལ་གྱི། །བདུག་པ་བུ་རམ་དང་སྦྱར་བ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པའོ། །གནྡྷ་དྲི་དང་གུ་གུལ་དག །སརྫ་ག་པུར་གླ་རྩི་དང༌། །རྫས་འདི་དག་ལ་བཙོས་པའི་མར། །མེ་མར་བྱས་ན་སྣང་བ་སྐྱེད། །ཙནྡན་གུམ་ཀུམ་པྲི་ཀ་དང༌། །ག་བུར་དང་ནི་གླ་རྩི་དག །བཙོས་པའི་བདུག་པ་བསྒྲུབ་པ་སྟེ། །སྤོས་ཀྱི་ཕྱག་རྒྱས་སྤོས་མཆོག་འགྱུར། །ཀཀྐོ་ལ་དང་སུག་སྨེལ་དང༌། །གླ་སྒང་ག་བུར་གླ་རྩི་དང༌། །འདི་དག་ཞིབ་ཏུ་བཏགས་པ་ནི། །སེང་ལྡེང་བུ་རམ་དག་དང་སྦྱར། །ཤིང་ཚ་པ་ཏྲ་ལོ་འདྲ་དང༌། །ན་ལེ་ཤམ་དང་ག་


DTG027_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པུར་སྦྱར། །ཧ་ས་ཀ་རི་ཤིང་མངར་གྱིས། །སྤུས་པ་ཁ་ཡི་སྤོས་ཡིན་ནོ། །མེ་ཏོག་དམར་པོ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་སྣ་ཚོགས་པ། །འཇིག་རྟེན་དབང་ལ་ཁ་དོག་དཀར། །སེར་པོ་མཁའ་ལས་བྱུང་བ་ལ། །ཙནྡན་བདུག་པ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་ཏུ་རུཥྐ། །སྤྱན་རས་གཟིགས་ལ་ཀ་པི་ཏ། །ལྕེ་པོག་རྡོ་རྗེ་ཉི་མ་ལ། །མར་མེའི་ཕྲེང་བ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་མར་མེ་བདུན། །སྤྱན་རས་གཟིགས་ལ་མར་མེ་བརྒྱ། །སྟོང་ནི་རྡོ་རྗེ་ཉི་མ་ལ། །སངས་རྒྱས་རྣམས་ལ་ཙནྡན་སྤོས། །རྡོ་རྗེ་ཅན་ལ་གུར་གུམ་ཡིན། །སྤྱན་རས་གཟིགས་ལ་ཙནྡན་དམར། །ག་པུར་རྡོ་རྗེ་ཉི་མ་ལ། །མེ་ཏོག་ཀུན་དང་བདུག་པ་ཀུན། །དེ་བཞིན་མར་མེ་ཐམས་ཅད་དང༌། །སྤོས་རྣམས་ཐམས་ཅད་ཇི་སྙེད་པ། །རྡོ་རྗེ་རྟ་ལ་དབུལ་དུ་རུང༌། །སྒེག་མོ་དང་ནི་ན་ཆུང་དང༌། །མོས་དང་དེ་བཞིན་བདུད་རྩི་དང༌། །གཅིག་པུ་དཔའ་དང་འདོད་ཆགས་སྲ། །གཡོན་ཅན་བྲན་མོ་དེ་བཞིན་ཏེ། །ལན་ཚྭ་ལ་སོགས་རོ་ཀུན་དང༌། །ཀ་ར་ལ་སོགས་བདུད་རྩི་སྦྱིན། །བདག་ཉིད་ཀུན་གྱི་རོ་འགྲུབ་པ། །ཤ་དང་ཚང་དུ་ལྡན་པ་ཡི། །བཟའ་བ་སྣ་ཚོགས་འགྲུབ་པ་ནི། །དགའ་བའི་ལོངས་སྤྱོད་སྐལ་མཆོག་སྟེ། །ཚེ་ཡི་དམ་ཚིག་རབ་ཏུ་བསྒྲུབ། །ཨ་མྲ་སྨིན་དང་རྒུན་འབྲུམ་དང༌། །པ་ན་སེ་དང་ན་ལེ་ཀར། །ཨ་ཀ་རུ་ལ་སོགས་པ་ཡི། །འབྲས་བུའི་ཕྱག་རྒྱ་ཐམས་ཅད་འགྲུབ། །ཁར་སྦྲང་རྩིས་བྱུགས་པ་ཡི། །ཨ་མྲ་ལ་སོགས་ཚི་གུ་བྱུག །ཧ་ས་ཀ་རི་མར་ལ་སོགས། །མཉམ་པའི་དྲི་ཡིས་བསྐུ་བར་བྱ། །ཡུང་དང་རྒྱ་སྐྱེགས་ལ་སོགས་པའི། །ཚོན་གྱིས་མཐུན་པར་ཁ་བསྒྱུར་ནས། །ཤུན་པ་གྲོ་ག་ལ་སོགས་བྱས། །མཆོད་པའི་ཚེ་ན་དབུལ་བར་བྱ། །སངས་རྒྱས་རྣམས་ལ་བཤོས་དབུལ་བ། །ཤ་དང་ཆང་ནི་རྣམ་པར་སྤངས། །གླུ་དང་སིལ་སྙན་གྲུབ་པ་དང༌། །གདུགས་དང་རྒྱལ་མཚན་བ་དན་དང༌། །ཤ་དང་ཆང་དུ་བཅས་པ་ནི། །གཏོར་མའི་མཆོག་སྟེ་ཚོགས་པའོ། །བདག་གི་ཕྱུག་སྟེ། སྐལ་བཟང་པོ། །རྡོ་རྗེ་ལས་ནི་དཔལ་གྲུབ་པའོ། །བཤོས་དང་གཏོར་མ་དཀར་པོ་དང༌། །པདྨ་མེ་ཏོག་ལྡན་པ་ནི། །སྤྱན་རས་གཟིགས་དབང་གཙོ་བོ་ལ། །ཕུལ་ན་དགོས་པ་ཐམས་ཅད་འགྲུབ། །རྒྱལ་པོ་ཁ་ཟས་ལ་སོགས་པ། །ཤ་དང་ཆང་དུ་ལྡན་པ་དང༌། །གླུ་དང་སིལ་སྙན་སྐལ་བཟང་


DTG027_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག །རྡོ་རྗེ་ཉི་མའི་འཁོར་ལ་འབུལ། །ཁ་ཟས་ཀུན་གྱི་རོ་ཀུན་དང༌། །ཤ་དང་ཤ་ཡི་མཆོག་རྣམས་དང༌། །ཤ་ཡི་སྦྱོར་བ་ཤ་སྐམ་དང༌། །བཤོས་དག་རྡོ་རྗེ་ལྷ་ལ་དབུལ། །གཞན་ཡང་བཟའ་བཏུང་ལོངས་སྤྱོད་ཚོགས། །གཡོས་ཀྱི་སྟོན་མོ་མང་དུ་བཤམ། །དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀུན་ནས། །སྤོས་ཆེན་སིལ་སྙན་ཕྲེང་ཐོགས་ཤིང༌། །གར་དབྱངས་དྲོ་ཐབས་དྲག་འགྱུར་རྩེ། །གཟིངས་བསྟོད་དགའ་བའི་བཞིན་རྒྱས་སྤྱོད། །ཧཱུཾ་འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །དམ་ཚིག་བསྐང་བའི་དུས་ལ་བབ། །དངོས་གྲུབ་སྩལ་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྟོབས་བཅོམ་ལྡན་འདས། །བྱིན་ཆེན་བྱིན་རློབས་བཅོམ་ལྡན་འདས། །དབྱིན་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་གི་ལས་རྣམས་གང་སྒྲུབ་པ། །འབྲས་བུ་དུས་འདིར་མཆིས་པར་མཛོད། །ཨ་ལ་ལ་ཧོ་བྷ་ག་བཱན། ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། ཨོཾ་ཡེ་ནས་རྣམ་པ་ཀུན་ལྡན་པའི། །གསང་བ་ཆེན་པོའི་དཀྱིལ་འཁོར་འདིར། །གསལ་ལ་བརྟན་པའི་རྣལ་འབྱོར་པས། །གཉིས་མེད་བརྡ་ཡིས་མཚན་པར་བྱོས། །ཨོཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྱོགས་བཞིའི་དཀྱིལ་འཁོར་དབུས་རྣམས་ཀྱི། །སྐྱེ་འགྲོ་རྡུལ་སྙེད་གནས་པ་ཀུན། །བདེ་གཤེགས་ལྔ་ཡི་དཀྱིལ་འཁོར་དབྱིངས། །ཕྱོགས་དུས་ཀུན་ནས་ཚོགས་པའི་ལྷ། །གཉིས་སུ་མེད་པས་ཕྱག་འཚལ་ལོ། །ཧཱུཾ་ཨོཾ་ཧྲི་ཏྲཾ་ཧཾ། ཨ་ཏི་བྷུ་ཧོ། །པྲ་ཏི་བྷུ་ཧོ། །ཏ་ཐཱ་ག་ཏོ་གུ་རུ་པ་ཏི་ཨ་ལ་ལ་ཧོ། །ལུས་ངག་སྤྱི་དང་ཁྱད་པར་གྱི། །གསང་སྔགས་བརྡ་ཡི་ཕྱག་རྒྱ་འཛིན། །བྱིན་རླབས་མཚན་མ་གསལ་གྲུབ་ཕྱིར། །ཕྱག་རྒྱའི་མཚན་ཉིད་སྤྱད་པར་བྱ། །ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །དམ་ཚིག་རྟགས་ཀྱི་མཚན་མ་ཡི། །དཔལ་གྱི་ཆས་བརྒྱད་རྒྱན་དང་བཅས། །འཁོར་བའི་རྒྱུ་རྐྱེན་འབྲས་བུ་རྣམས། །ཐུགས་རྗེས་རྩད་ནས་གཅོད་པའི་ཕྱིར། །སྤྱི་དང་ཁྱད་པར་རྟགས་དག་དང༌། །དོན་གྱི་སྒོ་ནས་གཞོམ་པར་མཛད། །སེམས་ཉིད་བདེ་བ་ཆེན་པོའི་གནས། །ཕུང་པོ་དུར་ཁྲོད་གཞལ་ཡས་ཁང༌། །དགའ་བ་ཆེན་པོའི་གླུ་དང་གར། །དངོས་ཀྱང་མཆོད་པའི་རྫས་སུ་བསྔོ། །


DTG027_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་བསྒྱུར་ཆེན་པོའི་ཏིང་འཛིན་སོགས། །ཐམས་ཅད་ཚུལ་བཞིན་བྱིན་བརླབས་ཏེ། །ཅིར་ཡང་གྱུར་པའི་ཡིག་འབྲུ་ལས། །འབར་པའི་ཁང་པ་རྣམ་པར་བརྗིད། །རང་འོད་ས་བོན་སོ་སོ་ལས། །བཀོད་པའི་རྒྱན་གྱི་དཀྱིལ་འཁོར་ཆེ། །སྐུ་གསུང་ཐུགས་ཀྱི་གསང་ཆེན་པོས། །བསྒྲུབ་རྫས་དེ་དག་བྱིན་གྱིས་བརླབས། །ཀྲོ་དྷེ་ཤྭ་རི་དག་བྱེད་ཀྱིས། །མཚན་མའི་གནས་ཀུན་སྤྱང་བར་བྱ། །མཚན་ལྡན་པདྨའི་ཕོ་བྲང་དུ། །འཆི་མེད་ལྕགས་ཀྱུ་ཚོགས་པ་དག །དཔའ་བོ་འབྲུ་དགུའི་འཕྲོ་འདུ་ཡིས། །ཐམས་ཅད་བདུད་རྩི་བྱང་ཆུབ་སེམས། །མཆོད་དང་གཏོར་ཚོགས་ཞལ་ཟས་རྣམས། །ཀུན་བཟང་དཀྱིལ་འཁོར་རྣམ་པར་དག །ཨོཾ་མ་ཧཱ་བཛྲ་ཙཀྲ་མཎྜལ་ཧཱུཾ། །ཧཱུཾ་ཨོཾ་ཧི་ཧྲི་ཏྲཾ་ཧཾ། ཨོཾ་ཨཱཿཧཱུཾ། ཨོཾ་མཧཱ་ཀྲོ་དྷེཤྭ་རི་སརྦ་ཏྲབ་ཕྱཾ་ཤྭ་དྷ་ཡ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏེ་ཧཱུཾ་ཧྲི་ཐ། ཨོཾ་ཏེ་ཛོ་བ་ལིཾ་ཏེ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡ་སྭཱ་ཧཱ། སོ་སོའི་ཏིང་འཛིན་ཕྱག་རྒྱ་དང༌། །སྔགས་ཀྱིས་གསལ་བར་བྱས་ནས་ནི། །སྒྲུབ་པའི་དཀྱིལ་འཁོར་གནས་རྣམས་སུ། །དེ་དག་སོ་སོར་དགོད་པར་བྱ། །དཀྱིལ་འཁོར་སྔོན་འགྲོ་རྫོགས་བྱས་ནས། །བསྙེན་སྒྲུབ་ཡན་ལག་རྣམ་བཞི་ཡིས། །ལས་ཀུན་འབྲས་བུའི་གནས་སྦྱོར་བའི། །ཕྱག་རྒྱའི་དཀྱིལ་འཁོར་བསྒྲུབ་པར་བྱ། །དང་པོ་ཆོས་ཀྱི་དབྱིངས་ཉིད་ལ། །དམིགས་པ་མེད་པའི་དོན་གྱིས་བསྒོམ། །དངོས་པོ་མེད་པར་བདག་སྦྱོར་བས། །ནམ་མཁའ་ཀུན་དང་མཉམ་སྦྱོར་བའོ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དུ་ཡང་ཁྱབ་བྱས་ལ། །ཆོས་ཀུན་སྟོང་གསལ་རང་བཞིན་མེད། །མི་དམིགས་སྙིང་རྗེ་ཆེན་པོའི་ངང༌། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །མཁའ་དབྱིངས་སྣ་ཚོགས་ལ་གནས་ནས། །ཅིར་ཡང་གྱུར་པའི་ཡིག་འབྲུ་བསམ། །འདོ་ཟེར་ཚུལ་དུ་འཕྲོས་ནས་ཀྱང༌། །མ་ལུས་ཉེ་བར་ཁྱབ་བྱས་ཏེ། །རེ་ཞིང་དམ་པའི་ཚུལ་དུ་དགོངས། །ཨེ་འབྱུང་འ་ཁའ་དབྱིགས་གྲུ་གསུམ་དཀར། །གྱེན་བསྒྲེང་བཟང་པོའི་མཁའ་དབྱིངས་ནས། །ཡམ་འབྱུང་རླུང་གི་དཀྱིལ་འཁོར་དབྱིབས། །དུད་ཁ་སྲ་མཁྲེགས་སྒྲོལ་མའི་མཁའ། །བཾ་ལས་ཆུ་དཀྱིལ་དཀར་ཞིང་ཟླུམ། །བུམ་པས་མཚན་པ་མཱམ་ཀཱི། །ལཾ་ལས་


DTG027_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསེར་གྱི་ས་གཞི་སྟེ། །གྲུ་བཞི་སྤྱན་མ་རྡོ་རྗེས་མཚན། །ཁཾ་ལས་སྣ་ཚོགས་ཅན་གྱི་མཚོ། །ལྕགས་རི་མུ་ཁྱུད་ནོར་བུས་མཚན། །སུཾ་ལས་རི་རབ་བང་རིམ་ལྕོག །རིན་ཆེན་སྣ་ཚོགས་རྒྱུ་ལས་གྲུབ། །རཾ་ལས་མེད་ཀྱིལ་དཀར་སེར་འབར། །ཟུར་མང་གོས་དཀར་ནམ་མཁའི་དབྱིངས། །སྲ་མཁྲེགས་རྡོ་རྗེའི་གཞི་སྟེངས་ལ། །ཀུན་འབྱུང་འཁོར་ལོ་སྣ་ཚོགས་འབུམ། །དེ་དབུས་བྷྲཱུཾ་ལས་གཞལ་ཡས་ཁང༌། །ཡེ་ཤེས་རིན་ཆེན་སྣ་ཚོགས་རྒྱན། །ནང་གི་དཀྱིལ་འཁོར་གནས་རྣམས་སུ། །རེའུ་མིག་འཁོར་ལོ་མཚུངས་པ་བརྒྱད། །རྡོ་རྗེ་ཕྲེང་བའི་ཚོགས་གྱིས་བརྒྱན། །སྣ་ཚོགས་པདྨ་གདན་གྱིས་མཚན། །དཀྱིལ་འཁོར་ཕྱི་རིམ་གནས་བརྒྱད་དུ། །དུར་ཁྲོད་ཤིང་དང་ཞིང་སྐྱོང་དང༌། །ཕྱོགས་སྐྱོང་རྣལ་འབྱོར་མཚོ་དང་སྤྲིན། །ཀླུ་རྒྱལ་དེ་དག་གནས་བརྒྱད་དུ། །ཤ་ཟ་འབྱུང་པོ་གཤིན་རྗེ་དང༌། །མཁའ་འགྲོ་བྱ་ཁྱི་རོ་ལངས་དང༌། །ཅེ་སྤྱང་ཁྲོས་པའི་སྒྲ་འབྱིན་ཅིང༌། །རོ་ཡི་ཚོགས་ལ་ལོངས་སྤྱོད་མཛད། །རང་འབྱུང་མཆོད་རྟེན་དང་བཅས་པ། །ཕྲེང་བ་རིམ་གསུམ་ཕྱི་རོལ་གྱི། །ར་བའི་མཚམས་སུ་གནས་པ་ལས། །ཀུན་འབྱུང་རྒྱན་གྱིས་མཚན་སྤྲས་པའོ། །དེ་དབུས་འཁོར་ལོའི་ལྟེ་བ་ལ། །པད་ཟླ་ཉི་མའི་གདན་སྟེངས་སུ། །དཔལ་མཆོག་དང་པོ་གནས་མཛད་ནས། །འཕྲུལ་དགའི་ཏིང་འཛིན་མངོན་པར་སྟོན། །ཆོས་རྣམས་ཐམས་ཅད་རྣམ་བརྟགས་ན། །དངོས་མེད་མཚན་མ་ཀུན་དང་བྲལ། །ཟླ་དཀྱིལ་ཨཱ་ལི་བཅུ་དྲུག་བཞི། །ཉིད་ཀྱིལ་འ་ལིས་བརྒྱན་པའི་འོད། །འཕྲོ་འདུ་མཛད་པར་བཅས་པ་ཡིས། །ཉིས་འགྱུར་མཚན་དང་དཔེ་བྱད་གསལ། །དེ་དག་འོད་དུ་གྱུར་པ་ལ། །འོད་ཕུང་ཁ་དོག་སྣ་ལྔ་ཉིད། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། །དཀར་པོ་བུམ་པར་ཧཱུཾ་གིས་མཚན། །ཐོག་མ་ཐ་མ་མེད་པའི་དབྱིངས། །དང་པོ་རྡོ་རྗེ་ཆེན་པོ་ཡིན། །བཛྲ་ཨ་ཧཾ། འོད་ཟེར་ལྔ་ཡི་འཕྲོ་འདུ་ཡིས། །དཀྱིལ་འཁོར་དྲུག་གི་ལས་མཛད་ནས། །སྐུ་གསུང་ཐུགས་དབྱིངས་ཞུགས་པ་ལས། །འོད་ཟེར་ཕྲེང་མཛེས་བརྗིད་པའི་མཆོག །དེ་ལས་སྐུ་མཆོག་ཕྱག་རྒྱ་ཡིས། །སྔགས་ཀྱི་ཡི་གེ་བརྗོད་པར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨ། །ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ། དེ་དག་ཡེ་ཤེས་བྱང་ཆུབ་སེམས། །མངོན་བྱང་ལྔ་ཡི་བདག་ཉིད་དོ། །


DTG027_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེལ་མདོག་དཀར་ཏེ་འོད་འབར་བའི། །རི་བོ་ཉི་མའི་མདངས་ཆགས་པ། །བཞིན་འཛུམ་སྣུམ་ཞིང་ཉམས་ཚོགས་རྒྱས། །ཆགས་ཚུལ་དར་ལ་བབ་པ་བཞིན། །ཞལ་ཕྱག་མཚུངས་ཞིང་སྔོན་དམར་སེར། །གཡས་ན་རྡོ་རྗེ་རྩེ་ལྔ་འབར། །གཡོན་པ་ཁ་ཊྭཱཾ་དྲིལ་བུར་བཅས། །འོག་མ་གཉིས་ཀྱིས་མདའ་དང་གཞུ། །རིན་ཆེན་རྒྱན་དང་ན་བཟའ་དང༌། །མགུལ་དུ་དོ་ཤལ་དཔུང་རྒྱན་དང༌། །ཕྱག་ཞབས་གདུ་བུ་སེ་མོ་དོ། །མཚན་དཔེ་ཕྱག་རྩ་ལྔ་ཡིས་མཛེས། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ནི། །གནས་ལྔ་དག་ཏུ་གཏུགས་བྱ་སྟེ། །སྔགས་ཀྱིས་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུངས་ཐུགས་སོགས་རྣམ་པར་བསམ། །ཨོཾ་ནམཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལུས་ཀྱི་བ་སྤུའི་གནས་རྣམས་སུ། །དཀྱིལ་འཁོར་དྲུག་གི་རྡུལ་ཕྲན་གནས། །མཁའ་དབྱིངས་དབང་ཕྱུག་ཕྱག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱ། །ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་འོད་ཡུམ་དང་འཁྲིལ་བ་ལས། །གསང་གནས་ཧཱུཾ་དང་ཨཱས་བརྒྱན་ཏེ། །ཡེ་ཤེས་རྡོ་རྗེ་ཕཊ་དང་བཅས། །རྩེ་མོ་ནོར་བུ་འབར་བས་མཚན། །རྣམ་ཐར་པདྨ་ཨེ་དཀྱིལ་ཅན། །མདོག་སེར་ལྟེ་བ་ཟེའུ་འབྲུ་དམར། །ས་མ་ཡ་སོགས་བརྡས་བསྐུལ་ནས། །ཛ་ཧཱུཾ་བཾ་ཧོཿས་རོལ་བ་བྱ། །ཨོཾ་བྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ལ་ལ་ཧོ། །བདེ་བ་ཆེན་པོའི་འོད་ཟེར་གྱིས། །ཕྱོགས་བཅུའི་རྒྱལ་བ་མཉེས་མཛད་དེ། །འགྲོ་བའི་ལུས་ངག་ཡིད་རྟོག་སྦྱངས། །སྐུ་གསུང་ཐུགས་ཀྱི་རྒྱུན་གྱིས་བརྗིད། །སྟོང་གསུམ་ཏི་ལ་གང་འབྲུ་འདྲ་རྣམས། །ཐམས་ཅད་འོད་ཀྱིས་སླར་བསྡུས་ནས། །སངས་རྒྱས་དྲུག་གི་ཡི་གེར་གྱུར། །བ་སྤུའི་བུ་ག་ཀུན་དུ་ཐིམ། །ཐུགས་ཀའི་གནས་སུ་ཞུ་བ་དག །བདེ་བ་ཆེན་པོའི་གནས་ནས་བབ། །འདོད་ཆགས་ཆེན་པོ་དགའ་བའི་མེས། །སྐུ་དང་བཅས་པ་འོད་དུ་གྱུར། །སྔོན་གྱི་གོ་མས་ཤུགས་ལྷ་མོ་བཞིས། །ཕྱོགས་བཞི་ནས་ནི་བསྐུལ་བྱས་ཏེ། །སྟོང་བ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུ། །ནམ་མཁའ་ཉིད་དུ་དམ་ཚིགས་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁོད་བདག །ཡེ་ཤེས་གསལ་བའི་རྒྱུད་བསྐུལ་ནས། །ཐུགས་རྗེས་འགྲོ་ལ་དམིགས་མཛད་དེ། །རྒྱུ་ཡི་རྗེས་མཐུན་


DTG027_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མགོན་པོའི་སྐུ། །རྡོ་རྗེ་སེམས་དཔའ་བཞེངས་པར་འགྱུར། །མཚན་མ་རྒྱན་སོགས་ཆ་ལུགས་དང༌། །སྐུ་མདོག་ཕྱག་མཚན་སྔ་མ་བཞིན། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །མཚན་མའི་ཕྱག་རྒྱར་ལྡན་བྱས་ཏེ། །ཐམས་ཅད་འབྱུང་བའི་སྦྱོར་བ་ཡིས། །བདག་གི་ལྷར་ནི་བདག་ཉིད་བྱ། །ཨོཾ་ཨཱཿཧཱུཾ། ཐུགས་གསལ་ཉི་མ་ལ་གནས་པའི། །ཡེ་ཤེས་སེམས་དཔའ་ཧཱུཾ་སྔགས་བཅས། །གསང་བའི་ཕྱག་རྒྱ་རྣམ་པ་བཞིས། །ལས་ཀུན་གྲུབ་བྱེད་དངོས་གྲུབ་གསལ། །འདོ་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །ཐུགས་ཀ་ནས་བྱུང་ལྷ་མོ་བཞིས། །བདུད་རྩི་བུམ་པས་ཁྲུས་བྱས་ནས། །གནས་གསུམ་དབང་བསྐུར་དྲི་བྲལ་བྱས། །སླར་འདུས་ཚང་བུག་གནས་སུ་ཐིམ། །མཐེ་བོ་སེམས་དཔའི་སྐྱིལ་མོ་ཀྲུང༌། །མཛུབ་མོ་གཉིས་ནི་རྩེ་མོ་དགུག །གུང་མོ་གཉིས་ནི་མཉམ་པར་སྒྱར། །ལྷག་མ་རྡོ་རྗེ་ཐལ་མོ་བྱ། །སྤྱི་བོ་དང་ནི་དབྲལ་བ་དང༌། ལྷན་པ་གཉིས་དང་ལྟག་པར་སྦྱར། །ཨོཾ་ཨ་བྷི་ཥིཉྩ་མཾ། སོར་མོ་ཐམས་ཅད་ནང་དུ་བསྣོལ། །རྩེ་མོ་ངོས་རྣམས་ཀུན་སྤྲད་ནས། །མཐེ་བོད་རྡོ་རྗེས་མནན་པ་ནི། །སྣ་དང་མིག་ཕུགས་ལྟ་བུ་སྟེ། །གོང་བཞིན་མགོ་བོའི་གནས་ལྔར་གཏུགས། །རིན་ཆེན་ཐོད་ཕྲེང་སྐུར་བཅས་འགྱུར། །ཧཱུཾ་ཨ་བྷི་ཥིཉྩ་མཾ། སངས་རྒྱས་ཀུན་གྱི་རིན་ཆེན་མཆོག །དཔུང་རྒྱན་ཀུན་དུ་བརྒྱན་པར་བྱ། །ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཱཾ། དབུ་རྒྱན་བཅིངས་པས་བཅིངས་ནས་ནི། །འགྱིང་ཞིང་མཐའ་ནས་གྲོལ་བར་བྱ། །ཨོཾ་པ་ཊ་ལམ་བ་ཨ་བྷི་ཥིནྩ་ཧཱུཾ། དར་གྱི་མཐའ་མ་དབྱངས་པ་ལྟར། །བྱས་ནས་ཐལ་མོ་བརྡབ་པར་བྱ། །ཨོཾ་བཛྲ་ཏུ་ཤྱེ་ཧོ། །ཁམས་གསུམ་དག་ན་རིན་ཆེན་གཞན། །སངས་རྒྱས་རིན་ཆེན་ལྟ་བུ་མེད། །སངས་རྒྱས་ཀུན་གྱི་རིན་པོ་ཆེ། །དབུ་རྒྱན་ཅན་ནི་དེ་བས་མཆོག །གཞན་གྱི་ནོར་མིན་མི་འཕྲོག་པ། །ལྷ་ཡི་ཆུ་ནི་དག་པ་སྟེ། །ཐོད་པའི་ཕྲེང་བའི་དབུ་རྒྱན་དང༌། སངས་རྒྱས་གཙུག་གི་ནོར་བུ་ཡི། །རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདྨོ་རྣམས། །དགའ་བ་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པས། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་གྲུབ་མཛོད། །ཨེ་མའོ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་རྣལ་


DTG027_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་སྐལ་བཟང་མཆོག་དགྱེས་པ། །རང་གི་དམ་ཚིག་རྟག་ལ་རོལ་ཅིག་རོལ་ཅིག་ཏོ། །ཡབ་ཡུམ་གསང་གནས་ཧཱུཾ་དང་ཛཿས། །རྡོ་རྗེ་པདྨ་བསྐྱེད་བྱས་ནས། །ལིངྒ་འགྲེང་བར་རང་བྱུང་བ། །བརླ་ཡི་དབུས་སུ་གཞུག་བྱས་ཏེ། །ལིང་ག་རྡོ་རྗེར་བྱིན་བརླབས་ནས། །རྡོ་རྗེ་སེམས་སོགས་སྐུ་བསྟོད་དོ། །བྱང་ཆུབ་སེམས་དེ་ཀུན་དུ་དག །མ་ལུས་ཉེ་བར་ཁྱབ་བྱས་ནས། །འདོད་པར་བྱ་བར་རབ་ཏུ་མཉེས། །འོད་འདུས་ཐོག་མའི་གཟུགས་ལ་གཟུང༌། །གནས་ནས་སོ་སོའི་གདན་དག་ལ། །ཆོས་ཀྱི་སྙིང་པོས་ལྷ་རྣམས་བསྐྱེད། །ཧཱུཾ་ལས་རྡོ་རྗེ་སེམས་དཔའ་སྟེ། །སྐྱིལ་ཀྲུང་དབུས་ཀྱི་གདན་ལའོ། །རྫཿལས་དཔལ་ལྡན་བདེ་མཆོག་མ། །ཧཱུཾ་ལས་ཨེ་མ་བདེ་མཆོག་མ་།བམ་ལས་ལྷ་མོ་སྣང་མཛད་མ། །ཧོཿལས་དེ་བཞིན་སློབ་མའོ། །འདི་དག་གཙོ་བོའི་ཕྱོགས་བཞི་ཡི། །རིའུ་ཆའི་གདན་ལ་རིམ་བཞིན་གནས། །ཨོཾ་ལས་སངས་རྒྱས་བྱང་ཆུབ་མ། བྷྲཱུཾ་ལས་ཆོས་ཀྱི་འཁོར་ལོ་སྟེ། །ཧམ་ལས་ཁམས་གསུམ་རྣམ་རྒྱལ་ཡིན། །ཁམ་ལས་འདོད་པ་ཀུན་མཛད་མའོ། །འདི་དག་ཤར་ལ་སོགས་པ་ཡི། །རེའུ་མིག་འཁོར་ལོའི་རྩེ་ལ་གནས། །ཨོཾ་ལས་གླིང་བུ་ཏྲཱཾ་པི་ཝང༌། །བཾ་ལས་རྔ་ཆེན་རྫ་རྔ་མ། །ལྷ་མོ་འདི་བཞི་མེ་མཚམས་ཀྱི། །འཁོར་ལོའི་རྩེ་ལ་རིམ་བཞིན་གནས། །ཨ་ལས་མེ་ཏོག་ཨཱ་སྤོས་མ། །ཨཾ་ལས་མར་མེ་ཨི་དྲི་ཆབ། །འདི་དག་མཚམས་ཀྱི་གནས་བཞི་རུ། །རིམ་པ་བཞིན་དུ་བསྐྱེད་པའོ། །ཛཿཧཱུཾ་བམྷོཿས་སྒོ་བཞི་རུ། །རྟ་མགྲིན་འཕང་མཐོ་ལ་སོགས་བསྐྱེད། །བྷ་གར་ལིངྒ་བཅུག་བྱས་ནས། །དེར་ནི་མཚན་མ་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེ། །སྐུ་གཉིས་ལྡན་པ་སྤྲོ་བར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཱཾ་ཛ། ཤེས་རབ་ཕ་རོལ་ཕྱིན་པ་དང༌། །ཐབས་ལ་མཁས་པའི་ཕྲིན་ལས་ཀྱིས། །འདུལ་ཕྱིར་རྡོ་རྗེ་སེམས་དཔའ་ནི། །སྐྱེ་བ་དག་གི་རིགས་ཡིན་ནོ། །བདེ་མཆོག་འགྱིད་བཅས་གར་མདངས་ཅན། །གཡོན་པས་གཞུ་འཛིན་གཡས་མདའ་འདྲེན། །རིན་ཆེན་ཕྲེང་མཛེས་གོས་རྒྱན་བཀླུབས། །ཕྱོགས་བཅུར་འགྲོ་བའི་དོན་དབྱུང་སྤྲོ། །ཛཿབཛྲ་ཏིཥྛཱ་ས་མ་ཀེ་མ་ཛྫ། མཐར་ཕྱིན་རིགས་མཐུན་ལས་མཛད་མ། །སླར་འདུས་ཤར་གྱི་གདན་ལ་གནས། །ཨེ་མ་བདེ་བ་གསེར་གྱི་མདོག །གཡས་པས་ལིངྒ་


DTG027_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་མཚན། །གཡོན་པས་བྷ་ག་རིན་ཆེན་སྣོད། །བདེ་སྤྲོས་འགྱིང་བཅས་ལྷོ་ཕྱོགས་སུ། །ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཧཱུཾ་ཛྫ། སྣང་མཛད་དམར་པོ་གཡས་པ་ན། །སྣ་ཚོགས་རྡོ་རྗེ་གཡོན་དག་གིས། །འགྱིང་བཅས་ཐོད་པའི་སྣོད་བདུད་རྩི། །ཁ་ཊྭཱཾ་ག་རྟེན་ནུབ་ཕྱོགས་གནས། །བཾ་བཛྲི་ནི་སྨ་ར་རཏ་ཛྫ། སློབ་མ་མོ་ནི་མདོག་ལྗང་སེར། །གཡས་ཀྱིས་མདའ་བཅས་བདག་པོ་འཁྱུད། །གཡོན་པས་དཀྱིལ་ཚུལ་བདུད་རྩིའི་སྣོད། །སངས་རྒྱས་སྐུ་འཛིན་བྱང་གི་ཕྱོགས། །ཧོ་བཛྲ་ཀཱ་མེ་ཤྭ་རི་ཏྲཾ་ཛ། ཀུན་ཀྱང་རྒྱན་བཅས་ཞི་བའི་མདངས། །འོད་ཀྱི་དཀྱིལ་འཁོར་འབར་བས་མཛེས། །ཆགས་པ་བཞིན་འཛུམ་སྟེགས་པའི་མཆོག །བདག་པོ་ཆགས་ཚུལ་སྐུལ་བར་བྱེད། །སངས་རྒྱས་བྱང་ཆུབ་དཀར་མདངས་དམར། །ཚངས་པའི་མགོ་བཞིས་མཚན་པ་ཡི། །མདའ་བཞི་དུས་གཅིག་འཕེན་པའི་ཚུལ། །འཕྲོ་འདུས་འཁོར་ལོའི་ཤར་ཕྱོགས་གནས། །ཨོཾ་ཨ་ཧ་མ་དུ་བཛྲི་གྷུཾ་གྷུཾ་ཛྫ། ཆོས་ཀྱི་འཁོར་ལོ་དཀར་མ་དངས་སེར། །གཡས་པའི་གུང་མོའི་རྩོ་མོ་ལ། །འཁོར་ལོ་རྩེ་བརྒྱད་གཉིས་བརྩེགས་བསྟོང༌། །འཁོར་ལོའི་ལྷོ་ཕྱོགས་རྩེ་ལ་གནས། །ཨོཾ་བཛྲ་མེ་གྷེ་གུ་ལུ་གུ་ལུ་བྲུཾ་ཛྫ། ཁམས་གསུམ་རྣམ་རྒྱལ་དམར་སྐྱའི་མདོག །གཡས་གཉིས་ཏྲི་ཤཱུལ་རྩེ་གསུམ་སྟོང༌། །གཡོན་པས་རྡོ་རྫེ་རྩེ་ལྔ་འཛིན། །གར་མཛད་འཁོར་ལོའི་ནུབ་ཕྱོགས་གནས། །ཨོཾ་མ་ཧཱ་ཤ་ར་ཏི་བཛྲི་ཨོཾ་ཨོཾ་ཛྫ། འདོད་པའི་དབང་མོ་ལྗང་གུའི་མདོག །ཕྱག་གཉིས་དཔག་བསམ་མེ་ཏོག་ཤིང༌། །ལྕུག་མ་རླུང་གིས་བསྐྱོད་པ་འཛིན། །གར་མཛད་འཁོར་ལོའི་བྱང་དུ་གནས། །ཨོཾ་ཁཾ་བཛྲ་ཤི་ཤི་རི་ཧཱུཾ་ཧཱུཾ་ཛྫ། གླིང་བུ་སྔོན་མོ་རྡོ་རྗེས་མཚན། །སྣ་ཚོགས་སྒྲ་སྒྲོགས་མེ་ཡི་ཕྱོགས། །ཨེ་ཧེ་ར་ཏི་བཛྲ་བི་ལ་སི་ནི་ཏྲ་ཊ་ཛྫ། པི་ཝང་སེར་མོ་རྡོ་རྗེས་མཚན། །གྲུ་དབྱངས་དྲུག་ལྡན་བདེན་བྲལ་ཕྱོགས། །ཧེ་ར་ཏི་བཛྲ་ཏེ་ཏེ་ཏེཾ་ཛྫ། རྫ་རྔ་དམར་མོ་རྡོ་རྗེའི་རྔ། བརྡུང་མཛད་རླུང་མཚམས་ལ་གནས་པའོ། །ཧེ་ར་ཏི་བཛྲ་ཧཱ་ས་ཧ་བཾ་ཛ། རྫ་རྡ་ལྗང་གུ་རྫ་རྡ་ལ། །རྡོ་རྗེ་ས་མཚན་བརྡུང་དབང་ལྡན་ཕྱོགས། །ཧེ་ར་ཏི་བཛྲ་ནྲྀ་ཏྱེ་པེ་པ་པེ་ཛཾ་ཛྫ། མེ་ཏོག་དམར་སེར་རྡོ་རྗེས་མཚན། །གཞོང་ཐོགས་མེ་ཡི་མཚམས་སུ་གནས། །ཨོཾ་བཛྲ་པུཥྤེ་ཛྫ། སྤོས་


DTG027_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེ་དཀར་སྔོན་རྡོ་རྗེས་མཚན། །སྤོས་ཐོགས་བདེན་བྲལ་མཚམས་སུ་གནས། །ཨོཾ་བཛྲ་དྷཱུ་པེ་ཛྫ། མར་མེ་དམར་མོ་རྡོ་རྗེས་མཚན། །གསལ་འཛིན་རླུང་གི་མཚམས་སུ་གནས། །ཨོཾ་བཛྲ་ཨཱ་ལོ་ཀེ་ཛྫ། དྲི་ཆབ་ལྗང་གུ་རྡོ་རྗེས་མཚན། །དགའ་འཐོར་དབང་ལྡན་མཚམས་སུ་གནས། །ཨོཾ་བཛྲ་གནྡྷེ་ཛྫ། རྟ་མགྲིན་འཕང་མཐོ་དཀར་མདངས་ཅན། །ལྕགས་ཀྱུ་རྟ་མགོ་ལྗང་གུ་ཤར། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛྫ། ཕག་གདོང་ནག་མོ་ཞགས་པ་གཡོན། །གཡས་པས་མཆེ་བ་ལྷོ་ཡི་སྒོར། ཨོཾ་བཛྲ་པཱ་ཤ་ཧཱུཾ་ཛྫ། སྣང་བ་དམར་མོ་ཕྱག་གཉིས་ཀྱིས། །ཉི་ཟླ་ལྕགས་སྒྲོག་ནུབ་ཀྱི་ཕྱོགས། །ཨོཾ་བཛྲ་ཤྲིཾ་ཁ་ལེ་བཾ་ཛྫ། ཐལ་བྱེད་ལྗང་གུ་གཡས་དྲིལ་བུ། །གཡོན་པས་བྷནྡྷ་སྐུ་བཅས་བྱང༌། །ཨོཾ་བཛྲ་གཎྜེ་ཧོཿཛྫ། ལྷ་མོ་འདི་དག་མཛེས་པའི་མདངས། །རིན་ཆེན་རྒྱན་དང་ཕྲེང་བས་བརྒྱན། །ཀུན་མཁྱེན་ཡེ་ཤེས་ལས་གྲུབ་ཕྱིར། །དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ཀྱི། །མིག་ལ་སངས་རྒྱས་རྣམ་སྣང་མཛད། །རྣ་བ་རྡོ་རྗེ་ཉི་མ་རྒྱ། །ཁ་ལ་པདྨ་གར་དབང་ཕྱུག །སྣ་ལ་རྟ་མཆོག་རོལ་པ་མཆོག །ཡིད་ལ་རྡོ་རྗེ་ཧེ་རུ་ཀ །ལུས་ལ་རྡོ་རྗེ་སེམས་དཔའོ། །གནས་གསུམ་ཕྱག་རྒྱའི་ཚོགས་ལྡན་ཞིང༌། །ཐུགས་ཀར་ཡེ་ཤེས་སེམས་དཔའ་གནས། །རང་རིགས་དཀྱིལ་འཁོར་སྤྱན་དྲངས་ནས། །དབང་བསྐུར་རིགས་ཀྱི་མཚན་མ་བསམ། །ལག་གཉིས་གར་ཐབས་བསྐྱེད་བྱས་ཏེ། །གཡས་གཡོན་མདུན་རོལ་བསྐོར་བར་བྱ། །རྡོ་རྗེ་བཅིང་བའི་རྒྱ་གཉིས་ལས། །རྡོ་རྗེ་སེ་གོ་ལ་བརྡབ་པར་བྱ། །དམིགས་མེད་མཁའ་ལྟར་དག་པ་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༌། །ཐུགས་རྗེའི་དང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །བསྙེངས་པ་མི་མངའ་སྟོབས་བཅུའི་ཤུགས་ལྡན་ཞིང༌། །མ་འདྲེས་སངས་རྒྱས་ཆོས་རྣམས་རབ་ཏུ་རྫོགས། །དཔའ་བོ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །མཁའ་འགྲོ་ཀུན་དང་ཐབས་ཅིག་གཤེགས་སུ་གསོལ། །ཐུགས་རྗེ་ཆེན་པོའི་སྐུ་མངའ་གསུང་གཉིས་རྫོགས། །མི་འཇིགས་ཐུགས་མངའ་སེང་གེ་བསྐྱོད་དུ་མེད། །གདུག་པའི་ཚོགས་མང་ཟིལ་གྱིས་གནོན་མཛད་པ། །བཅོམ་ལྡན་འགྲོལ་


DTG027_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྩེ་སླད་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་བྷག་བཱན། །མ་ཧཱ་ཀ་རུ་ཎི་ཀྀ་ཌ་ཤྱ་ཧོ་ས་མ་ཡ་སྟྭཾ། རྡོ་རྗེ་གར་ལས་བྱུང་བ་ཡི། །དགུག་གཞུག་བཅིང་དང་པདྨའི་རྒྱ། །བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་གིས་དགོངས་ནས་ཀྱང༌། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཨོཾ་ཨཱཿཧཱུཾ། ཀཱ་ཡ་བཱཀ་ཙིཏྟ་ཏིཥྛ་བཛྲ་ཧཱུཾ། དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་པ་ཕྱར། །སྲི་ཞུར་བཅས་ཤིང་སྟེག་པའི་མཆོག །བདག་ཉིད་རྡོ་རྗེ་སེམས་དཔའ་དཔལ། །འཛུམ་དང་བཅས་པའི་མིག་གིས་བལྟ། །བསམ་གཡོས་ཐལ་མོ་སྦྱར་བར་བྱ། །སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་མོའི་ཚོགས། །གཞན་ལ་སྣང་བའི་དཀྱིལ་འཁོར་རྣམ་པར་མཛེས། །ཚངས་པའི་ཚོགས་རྣམས་ཟིལ་གྱིས་གནོན་མཛད་པའི། །རྟོག་པ་དུ་མའི་སྒྲོ་འདོགས་གཅོད་པར་མཛད། །གཉིས་མེད་ཡེ་ཤེས་གཉིས་ཅན་རྣམ་མཐའ་ཡས། །སྣང་སྟོང་གཉིས་མེད་བདེ་ཆེན་དབྱིངས་ལ་རོལ། །ཀུན་འབྱུང་ཡོན་ཏན་སྩོལ་མེད་ལྷུན་འགྲུབ་སྣང༌། །རྒྱན་གྱི་དཀྱིལ་འཁོར་རྣམ་བཀོད་རང་ལས་བྱུང༌། །མཛད་པ་རྒྱ་ཆེན་གྲོགས་མེད་ཀུན་གྲུབ་པས། །ཚོགས་བཅས་རོལ་པས་བྱ་བ་ཀུན་རྫོགས་མཛད། །སྣ་ཚོགས་སྐུ་སྤྲུལ་རིགས་ཀྱི་སྐུ་གནས་མཆོག །ཟབ་ཅིང་རྒྱ་ཆེ་གསུང་དབྱངས་རྡོ་རྗེའི་གླུ། །ཡེ་ཤེས་ཟག་མེད་ཐམས་ཅད་མཁྱེན་པའི་ཐུགས། །རིན་ཆེན་ཚོགས་ཀྱིས་ལེགས་སྤྲས་ཀུན་འབྱུང་ཞིང༌། །བདག་གཞན་སྤྱོད་ཚོགས་ལས་རྣམས་འབྲས་མཐར་ཕྱིན། །དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ། ཨ་ཏི་བྷུ་ཧོ། །སརྦ་ཏ་ཐཱ་ག་ཏ་ནཾ་ཀཱ་རོ་ཡ་མི་ཨ་ལ་ལ་ཧོ། །ཨོཾ་ཨ་ཏི་བྷུ་ཧཱུཾ། ཏ་ཐཱ་ག་ཏཱ་ས་མ་ཡོ་ག་སིདྡྷི་ཨཱཿཧཱུཾ། སྐད་ཀྱི་གསངས་ནི་མཐོ་དམན་དང༌། །གྲེ་འགྱུར་ཧཱུཾ་བཅས་སོགས་པའི་གླུས། །འགྱིང་ལ་སོགས་པའི་ཚུལ་བཅས་ནས། །ཇི་ལྟའི་ཚུལ་བཞིན་གར་བྱེད་ཅིང༌། །བསྐོར་བའི་གར་རྣམས་སྣ་ཚོགས་ཀྱེས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ཨོཾ་པ་ན་པེ་ན་པེ་ནུ་སུ་ར་ཏ། དི་པུ་པར་མུ། སརྦ་ཏ་ཐཱ་ག་ཏ། ས་མ་ཡོ་ག་སིདྡྷི་ཨཱཿཧཱུཾ། གྱེན་དུ་འཐོར་དང་ཐུར་དུ་འབེབས། །གསལ་


DTG027_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་འདེགས་སོགས་སོ་སོའི་རྒྱ། །གླིང་བུ་དང་ནི་རྒྱུད་གཅིག་དང༌། །རྒྱུད་མངས་རྒྱུད་དྲུག་སིལ་སྙན་བརྡུང༌། །དངོས་འབྱོར་འཕྲུལ་པ་གང་ཡང་རུང༌། །རིགས་ཀྱི་དཀྱིལ་འཁོར་མཉེས་པར་བྱ། །ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དམ་པ་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དམ་ཚིག་བསྐངས། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །དགྱེས་མཉམ་ལོངས་སྤྱོད་མཆོག་ལ་རོལ། །ཨོཾ་ཤྲཱི་རཱ་ག་ཧཱུཾ། ཨ་བཛྲ་བུཥྤེ་ཧཱུཾ། ཨ་བཛྲ་དྷཱུ་པེདྷུ། ཨ་བཛྲ་ཨཱ་ལོ་ཀེ་ཧྲཱིཿཨ་བཛྲ་གནྡྷེགཾ། ཨོཾ་ཧེ་ར་ཏི་བཛྲ་བི་ལ་སི་ན་ཏྲ་ཊ། ཧེ་ར་ཏི་བཛྲ་གྷི་ཏེ་ཏེ་ཏེཾ། ཧེ་ར་ཏི་བཛྲ་ཧཱ་སེ་ཧ་ཧ་པེཾ། ཧེ་ར་ཏི་བཛྲ་ནྲྀ་ཏྱ་པེ་པེ་པེ་པ་ཛཾ། ཨ་ལ་ལ་ལ་ལ་ཧོ། །ཚད་མེད་བཞི་ཡི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་མདུན་བསྐུལ་གཡོ་བྱས་ནས། །དགའ་བའི་ཁམས་སྙོམས་འོད་དཔུང་ཚོགས། །མ་འདྲེས་སོ་སོའི་གནས་སུ་བསྟིམ། །ཧཱུཾ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །བདེ་བ་ཀུན་ལ་ཞེན་པ་དང༌། །དངོས་གྲུབ་ཐམས་ཅད་རྣམ་དག་ཕྱིར། །རྡོ་རྗེ་སེམས་དཔའི་བདེ་བའི་མཆོག །ཟླ་བ་ཉ་ལྟར་རྩ་དམར་སྐུ། །འདོད་ཆགས་ཀུན་ལ་ཆགས་པའི་ཕྱིར། །ཆགས་པ་ཆེན་པོའི་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །དམར་པོ་སྣ་ཚོགས་འབར་བའི་འོད། །བདན་གསུམ་པའི་ཕྱག་རྒྱ་ཡིས། །རྡོ་རྗེ་རྩེ་ལྔ་ཐུགས་ཀར་བསྟོད། །ཁ་ཊྭཱཾ་བ་དན་དྲིལ་བསྐྱོད་སྒྲ། །འགྱིང་ཚུལ་སྐུ་ཡི་གནས་སུ་བརྟན། །ལྷག་མཐོང་ཐབས་ཀྱི་མངའ་གསོར་ཞིང༌། །ཞི་གནས་ཤེས་རབ་གཞུ་ཡིས་མཛེས། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །བདེ་བའི་ཆ་ལུགས་གར་བྱེད་ཅིང༌། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། །དབྱུང་རྣམས་ཐམས་ཅད་རབ་ཏུ་འཇོམས། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭཱ་ཨཿ། ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ། མ་ཧཱ་སཱུ་ཏྲ་ཧཱུཾ་སྟྭཾ། ཟླ་བའི་ཁ་དོག་


DTG027_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛུམ་པའི་ཞལ། །དངོས་གྲུབ་ཐམས་ཅད་དག་པ་དང༌། །པདྨོ་འདོད་ཆགས་རྣམ་དག་ཕྱིར། །བརླ་ཡི་དབུས་ནི་དཀར་ལ་དམར། །ཕྱག་མཆོག་ལོ་མ་སྔོན་པོ་འདྲ། །དེ་བཞིན་བདེ་བའི་དབང་ཕྱུག་དང༌། །བདེ་བར་རེག་པའི་དབང་ཕྱུག་པས། །དཀར་ཞིང་སེར་བའི་བརླ་དང་ལྡན། །ལྷ་རྫས་སྣ་ཚོགས་ཁ་དོག་མཆོག །འབར་བ་སྣ་ཚོགས་འཁྲུགས་པའི་འོད། །པདྨོ་སྣ་ཚོགས་ལ་གནས་པ། །ཐམས་ཅད་དག་པར་རབ་ཏུ་གནས། །སངས་རྒྱས་པདྨ་ལ་སོགས་མཆོག །རིན་ཆེན་སྣ་ཚོགས་རྒྱན་དང་གོས། །སངས་རྒྱས་ཐམས་ཅད་འདུས་པས་སོ། །མི་མཇེད་ལ་སོགས་བརྒྱན་པ་བཞིན། །བྱ་བ་དང་ནི་བཟློག་པ་དང༌། །དབྲོག་པ་དག་ཀྱང་ཁྱབ་པར་མཛད། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཡན་ལག་ཐམས་ཅད་འཕྲོག་པ་འགྲུབ། །ཛཿབཛྲཾ་དྲིཥྚི་ས་མ་ཡ་ཀེ་མ་ཊ། མ་ཧཱ་མུཏྲ་ཧཱུཾ། རྣམ་པ་སྣ་ཚོག་དམ་ཚིག་ཆགས། །བདེ་བ་འབབ་པའི་གར་བྱེད་པ། །བདག་ལ་འཁྱུད་པའི་ཕྱག་རྒྱ་མཆོག །དབུས་ཀྱི་ལྷ་མཆོག་ཆེན་མོའོ། །ཧཱུཾ་བཛྲ་ཀཱི་ལི་ཀཱི་ལི་ཧཱུཾ། མཧཱ་མུ་ཏྲ་ཧཱུཾ། སེ་རལ་ཁ་ཡི་ཚུལ་དག་ཏུ། །རྡོ་རྗེ་ཁ་ཊྭཱཾ་ག་བཟུང་སྟེ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ནི། །པད་བཅས་རྡོ་རྗེ་རྒྱ་གྲམ་མཆོག །བཾ་བ་ཛྲི་ཎི་སྨ་ར་རཏ་ཊ། མཧཱ་མུདྲ་ཧཱུཾ། རྫོགས་སངས་རྒྱས་གྱི་ཁམ་ཕོར་གྲུབ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །དབུས་ཀྱི་ལྷ་མོ་མཆོག་ཆེན་མོ། །ཧོཿབཛྲ་ཀཱ་མེ། ཤྭ་རི་ཏྲཱཾ། མ་ཧཱ་མུ་དྲ་ཧཱུཾ། གཙུག་ལག་ཇི་ལྟའི་རྗེས་མཐུན་པར། །དཔལ་རྫོགས་རྒྱ་ཆེ་གར་དག་གིས། །མདའ་བཞི་ཡོངས་སུ་འཕང་ནས་ནི། །བདུད་བཞི་ལས་ནི་རྒྱལ་བར་འགྱུར། །ཨོཾ་ཨཾ་མ་དུ་བཛྲི་གྷུཾ་གྷུཾ། མ་ཧཱ་མུ་དྲ་ཧཱུཾ། རྐང་པ་བཏེག་ཅིང་ཕང་པ་དང༌། །བཤེག་སྟེ་འཕང་པའི་སྟབས་དག་གིས། །འཁོར་ལོའི་ཕྱག་རྒྱ་བསྟོད་ནས་ནི། །ཁམས་གསུམ་དག་ལས་མཆོངས་པར་འགྱུར། །ཨོཾ་བཛྲ་མེ་གྷེ་གུ་ལུ་གུ་ལུ་བྲུཾ། མ་ཧཱ་མུ་དྲ་ཧཱུཾ། བྱ་བ་དང་ནི་བཟློག་པ་དང༌། །དབྲོག་པ་དག་གི་ཁྱད་པར་དུ། །སྣ་ཚོགས་ཕྲག་རྒྱ་གར་བྱེད་ཅིང༌། །ཁམས་གསུམ་དག་ནི་བསྡུ་བར་བྱ། །ཨོཾ་མ་ཧཱ་ཤྭར་ད་བཛྲི་ཨོཾ་ཨོཾ། མ་ཧཱ་མུ་དྲ་ཧཱུཾ། ལྕགས་ཀྱུས་གང་ཡང་རུང་བཟུང་ནས། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །བུད་མེད་ཐམས་ཅད་རྩེན་ནས་ནི། །


DTG027_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔག་བསམ་ཤིང་དང་ཡོངས་སུ་འགྲུབ། །ཨོཾ་ཁཾ་བཛྲ་ཤེ་ཤི་རི་ཧཱུཾ་ཧཱུཾ། མ་ཧཱ་མུ་དྲ་ཧཱུཾ། གླིང་བུ་ལེན་པའི་ཚུལ་སྟོན་ཅིང༌། །ཇི་ལྟར་འབབ་པའི་གར་བྱེད་པས། །སྟབས་ག་ཏུགས་གླུ་བཅས་བསྒྱིངས་བའི་ཚུལ། །ཡིད་འཕྲོག་སྔགས་ཀྱིས་ལས་མཛད་པའོ། །ཨོཾ་ཧེ་ར་ཏི་བཛྲ་བི་ལ་སི་ན་ཏྲ་ཊ། མ་ཧཱ་མུ་ཏྲ་ཧཱུཾ། པི་ཝང་ལེན་པའི་ཚུལ་སྟོན་ཅིང༌། །ཇི་ལྟར་འབབ་བའི་གར་བྱེད་པས། །སྣ་ཚོགས་བསྒྱུར་ཅིང་དེ་དོན་འཕྲུལ། །དགའ་དབྱངས་བསྒྱུར་བས་གནས་གསུམ་བསྐྱོད། །ཧེ་བཛྲ་གྷེ་ཏེ་ཏེ་ཏེཾ། མ་ཧཱ་མུ་དྲ་ཧཱུཾ། ཅང་ཏེའི་ཚུལ་སྟོན་རྣལ་འབྱོར་པའི། །ཇི་ལྟར་དབབ་པའི་གར་བྱེད་པས། །སྐུ་གསུང་ཐེག་ཆེན་རྒྱུད་སྟོན་པའི། །ཕྱག་རྒྱ་གར་གྱིས་ཀུན་ལས་རྒྱལ། །ཨོཾ་ཧེ་རཱ་ཏི་བཛྲ་ཧཱ་སེ་ཧ་ཧ་པཾ། མ་ཧཱ་མུ་དྲ་ཧཱུཾ། རྫ་རྔའི་ཚུལ་སྟོན་རྣལ་འབྱོར་པ། །ཇི་ལྟར་འབབ་པའི་གར་བྱེད་ཅིང༌། །གཡས་གཡོན་མདུན་རྒྱབ་བལྟ་བའི་བཞིན། །བཞི་སྦྱོར་གླུ་བཅས་ཀུན་བསྟན་པའོ། །ཨོཾ་ཧེ་རཱ་ཏི་བཛྲ་ནྲྀ་ཏེ་པེ་ཏེ་པེ་པེ་པཾ་ཛཿམ་ཧཱ་མུ་དྲ་ཧཱུཾ། ཅང་ཏེའུའི་ཚུལ་སྟོན་རྣལ་འབྱོར་པས། །སྤྱིན་པའི་མཆོག་གནས་རྣམ་པར་གྲོལ། །གཟུགས་མཆོག་ལྷ་རྫས་མེ་ཏོག་རྒྱ། །ས་གཞི་མདུན་རོལ་གཡས་གཡོན་བསྟོད། །སྣ་ཚོགས་དཔུང་པ་འཐོར་བྱེད་པའོ། །ཧེ་ར་ཏི་བཛྲ་པུཥྤེ། མ་ཧཱ་མུ་དྲ་ཧཱུཾ། ཚུལ་ཁྲིམས་དྲི་མཆོག་ཚིམ་བྱེད་པའི། །བདུད་མཆོག་སྤོས་ལེགས་སྦྱར་བའི་མཆོག །གཡས་སྐོར་བཏེག་ཏེ་ཕྱོགས་བཅུར་བསྒྱུར། །མདུན་དུ་ཕྱོགས་པར་སྔོ་བྱེད་པའོ། །ཨོཾ་བཛྲ་དྷཱུ་པ་མ་ཧཱ་མུ་དྲ་ཧཱུཾ། བཟོད་གསོལ་ཤེས་རབ་ཏིང་ངེ་འཛིན། །མུན་ཚོགས་གསལ་བྱེད་མར་མེའི་རྒྱ། །ཀུན་དུ་བསྐོར་བའི་གར་བསྒྱུར་ཞིང༌། །ཐུགས་ཀའི་མཚན་མ་གསལ་སྟོན་པའོ། །ཨོཾ་བཛྲ་ཨཱ་ལོ་ཀེ། །མ་ཧཱ་མུ་དྲ་ཧཱུཾ། བརྩོན་འགྲུས་རྩེ་གཅིག་འགྱུར་བ་མེད། །ཆོས་ཀུན་དག་བྱེད་བྱུག་པའི་དྲི། །སྲིན་མཐེབ་རང་གནས་རྩེ་གསུམ་འཐོར། །ཕྱོགས་ཀུན་དངོས་ནི་བཅོས་དག་འགྱུར། ཨོཾ་བཛྲ་གནྡྷེ། མ་ཧཱ་མུ་དྲ་ཧཱུཾ། པདྨ་ཅན་དེའི་བདུད་རྩི་བསྟོད། །མྱང་བ་རྡུབ་པ་ལྟར་བྱེད་པའི། །ལྕགས་ཀྱུའི་ཕྱག་རྒྱ་རྡོ་རྗེར་བཅས། །འགུགས་པའི་ཚུལ་ལས་གྲུབ་པའོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿམ་ཧཱ་མུ་དྲ་ཧཱུཾ། རྡོ་རྗེ་མཆེ་བ་འཇིགས་པའི་རྒྱ། །སྣ་ཡི་མྱང་བའི་རྡུབ་པ་ཡིས། །རིན་ཆེན་ཞགས་བཅས་གསོལ་ཀའི་


DTG027_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚུལ། །རང་གི་ལས་ལ་སྦྱོར་བྱེད་པའོ། །ཨོཾ་བཛྲ་པཱ་ཤེ་ཤཱུཾ། མ་ཧཱ་མུ་དྲ་ཧཱུཾ། རྡོ་རྗེ་ལྕགས་སྒྲོག་ཉི་ཟླར་བཅས། །མིག་བཙུམས་ཞེན་པར་བལྟ་བ་ཡིས། །ཁམས་གསུམ་ཀུན་ལ་གཟིགས་པའི་རྒྱ། །ཕྱག་རྒྱའི་ལས་ཀྱིས་བསྟེན་བྱེད་པའོ། །ཨོཾ་བཛྲ་ཤྲིཾ་ཁ་ལེ་བཾ། མ་ཧཱ་མུ་དྲ་ཧཱུཾ། མཚན་ལྡན་སྐུ་མཆོག་བདུད་རྩིས་བཀང༌། །ཐམས་ཅད་བདག་ཉིད་མྱང་བ་ཡིས། །སྟོང་པ་གསུང་དབྱངས་རྒྱུན་མི་འཆད། །ཐལ་འཇིག་རྒྱུད་རྣམས་སླར་འཚོ་མཛད། །ཨོཾ་བཛྲ་གྷཎྜེ་ཧོཿམ་ཧཱ་མུ་དྲ་ཧཱུཾ། རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །བདག་ཅག་སྒྲུབ་ལ་རྟོག་པར་མཛད་དུ་གསོལ། །ཀྱེ་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བའི་མཆོག །འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ། །དངོས་གྲུབ་བདག་ལ་གྲུབ་པར་མཛད་དུ་གསོལ། །ཨ་ལ་ལ་ཧོ། །དེ་བཞིན་གཤེགས་པའི་སྦྱོར་བ་རྣམས། །རྣམ་པ་སྣ་ཚོགས་གར་རྣམས་བསྟན་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཀྱེ་བདེ་བ་ཆེན་པོའི་མཆོག་ཀུན་གྱི། །བདེ་བས་ཟུང་ལ་རྣམ་པར་འཕྲུལ་པར་མཛད། །ཧཱུཾ་སྣང་བར་མཛད་དུ་གསོལ། །ཨ་ལ་ལ་ཧོ། །བདེ་གཤེགས་མཁའ་གྲོ་སློབ་མ་གཟུང་དུ་གསོལ། །མཚན་མའི་ཡི་གེ་པདྨའི་དཀྱིལ། །ཀུན་གྱི་རྩེ་ལ་བསྒོམ་བྱས་ནས། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །རང་སྔགས་ཆོས་ཀྱི་ཕྱག་རྒྱར་བཅས། །ཨོཾ་ན་མོ་བཛྲ་སརྦ་སྟུ་ཏ་སརྦ་ཏུ་དྡྷེ་བྷྱཿཧཱུཾ་སྭཱ་ཧཱ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི། །སྦྱོར་བའི་སྔགས་ཀྱི་མཐུ་དག་གིས། །ལ་སོགས་མཆོད་པ་མ་ལུས་པ། །ལུས་པ་མེད་པར་ཀུན་ལ་སྦྱར། །མཛུབ་མོས་མཐེ་བོ་མནན་ནས་ནི། །རང་གི་མཐེ་བོས་མཛུབ་མོ་མནན། །དཔལ་གྲུབ་ཅན་གྱི་ཕྱག་རྒྱ་སྟེ། །མཛུབ་མོ་མིག་གི་འབྲས་བུར་བྱ། །རྡོ་རྗེ་ཐལ་མོ་མཉམ་སྦྱོར་ནས། །ཁོང་སྟོང་དུ་ནི་བྱས་ནས་སུ། །གསང་སྔགས་དམ་ཚིག་སྦྱོར་བཞག་སྟེ། །རིམ་བཞིན་མཐའ་ནས་གྲོལ་བར་བྱ། །ཨོཾ་བཛྲ་ས་ཏྭས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲཾ་ཌྷོ་མེ་བྷ་གསུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པཥྱོ་མེ་བྷ་བ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨཱ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། །བྷ་ག་བཱ་ན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུ་ཉྩ། བྫྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ། །སྲིན་ལག་མཐེའུ་ཆུང་ཡན་ལག་དབུས། །


DTG027_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐེ་བོ་ལེགས་པར་གཞག་པར་བྱ། །དེ་ནས་ཁུ་ཚུར་བཅིངས་ནས་ནི། །མཛུབ་མོ་ལེགས་པར་དགུག་པར་བྱ། །གསང་སྔགས་ལ་སོགས་སྦྱོར་བྱས་པས། །སོ་སོའི་ལས་ལ་གཞུག་བྱ་སྟེ། །ལས་ཀྱི་ཕྱག་རྒྱའི་འཆིང་གྲོལ་གྱིས། །རང་གི་ཕྲིན་ལས་ཀུན་སྤྱོད་པའོ། །དམན་པའི་ཕྱག་རྒྱ་རྣམ་པ་བཞིས། །དངོས་གྲུབ་བ་སྣ་ཚོགས་ལས་སྦྱོར་བའོ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྦྲིན་མཆོག་ཏུ་རོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། །བི་ཤྭ་མུ་ཁེ་བྷྱེཿསརྦ་ཏདྑཾ་ཨུངྒ་ཏེ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་འབྱུང་བ་ལྔ་ལས་ཐམས་ཅད་འབྱུང༌། །རང་ལས་མ་བྱུང་གང་ཡང་མེད། །གཙང་སྨེའི་དྲི་རྟོག་ཀུན་བྲལ་བའི། །བདུད་རྩི་བྱང་ཆུབ་སེམས་ཆེན་པོས། །བདག་སོགས་གཉིས་མེད་མཆོད་པའི་ཕྱིར། །མཉམ་པ་ཆེན་པོས་གནས་ལ་རོལ། །ཧཱུཾ་མ་ཧཱ་སུ་ཁ་བོདྷི་ཙིཏྟ་ཨ་ལ་ལ་ཧོ་ཨ་ལ་ལ་ཧོ། །ཨོཾ་མཉམ་མེད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེས་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་པ་མེད་པའི་ཆོས་མཆོག་ཅན། །ཨོཾ་ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡང་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལས་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །ཨོཾ་རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེ་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཨོཾ་ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡིས། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་ཏུ་སྩོལ་མཛད་ཅིང༌། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨོཾ་ཨེ་མའོ་ཤིན་ཏུ་བཟང་པོའི་དངོས་གྲུབ་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་རྣམས་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་བསྒྲིབ་པ་མེད་པར་རབ་མཁྱེན་པ།


DTG027_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །ཨོཾ་ཕྱོགས་བཅུ་ནམ་མཁའི་མཐའ་ཀླས་པར། །སེམས་ཅན་ཀུན་གྱི་དོན་སྒྲུབ་ལ། །ཇི་ལྟར་ཐུགས་ཀྱི་དབང་ཕྱུག་བཞིན། །དེ་ཉིད་སྤྱོད་པར་བདག་གྱུར་ཅིག །ཇི་སྲིད་ཐོག་མ་མེད་དུས་ནས། །འཁོར་བ་ཡི་ནི་མཐར་ཐུག་པར། །དེ་སྲིད་སེམས་ཅན་ཕན་པ་ཉིད། །མཐའ་ཡས་སྤྱོད་པར་བདག་གྱུར་ཅིག །སྔགས་ཀྱི་ཚུལ་གྱིས་སེམས་ཅན་རྣམས། །དེ་ཚེ་བདག་གིས་དུལ་འགྱུར་ཞིང༌། །ཀུན་གྱིས་རིག་འཛིན་གནས་ཐོང་ནས། །དེ་ཉིད་མགོན་པོ་མཐོང་བར་ཤོག །ལྷ་རྣམས་ཀུན་གྱི་གནས་ཞུགས་པའི། །ཡེ་ཤེས་སེམས་དཔའི་སྔགས་འཁོར་ལོ། །ཉི་ཟླ་རྟེན་དང་བརྟེན་པའི་སྔགས། །འཁོར་ལོའི་ཚུལ་ལྡན་ཤེས་རབ་ཐབས། །ཡི་གེ་མཚན་མ་སྐུ་ཡི་གནས། །ཡན་ལག་རྣམ་གསུམ་ལྡན་བྱས་ཏེ། །གསལ་བ་ཉིད་ཀྱི་སྒོ་ནས་བརྩམ། །བགྲང་བ་ལས་ནི་འདས་པའོ། །རྩེ་གཅིག་གནས་སུ་འཁོར་བ་དང༌། །ལས་དང་རྒྱུ་དང་འཕྲོ་བ་ལས། །མཆོད་བསྐུལ་ལས་མཛད་བསྡུ་བྱེད་ཅིང༌། །དཀྱིལ་འཁོར་གསལ་བར་གྱུར་པའོ། །ཨོཾ་བཛྲ་སཏྭ་མ་ཧཱ་ས་མ་ཡ་ཨཱཿཧཱུཾ་སྭཱཧཱ། ཐུན་མོང་གི་གསང་སྔགས་ཡི་གེ་བཅུ་བཞི་པའོ། །སོ་སོའི་ལས་ལ་སྙོམས་ཞུགས་ནས། །རང་གི་ཐུན་མཚན་སྔགས་ཡིག་བཅས། །འཕྲོ་འདུས་རང་གི་ལས་མཛད་ནས། །སྐུ་གསུང་ཐུགས་ཀྱི་གསལ་གྲུབ་པའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿ། ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ། ཁྱད་པར་གྱི་སྙིང་པོ་ཡི་གེ་བཅོ་བརྒྱད་པའོ། །སྔགས་གཞན་རིམ་བཞིན་གསལ་ལྡན་པས། །གོ་རིམས་འཁྲུལ་མེད་བཟླས་བརྗོད་བྱ། །ལས་རྫོགས་མཆོད་བསྟོད་བསྐུལ་བྱས་ནས། །རང་གི་གནས་སུ་བསྡུ་བར་བྱ། །ཐུན་མཚམས་གཞན་དུ་བསམ་བྱ་བ། །བཟླས་བརྗོད་ཁྱད་པར་ཕྱེད་པའི་ཚད། །བཞིའམ་དྲུག་ཏུ་རིམ་བཞིན་བཟླ། །ཀུན་བཟང་མཆོད་པ་ནས་བརྩམས་ཏ། །དེ་མཐར་ཕྱིན་པའི་ལས་རྫོགས་ནས། །གླུ་གར་དབྱངས་ཀྱིས་དངོས་གྲུབ་བསྐུལ། །རིགས་ཀྱི་དཀྱིལ་འཁོར་གསལ་བྱས་ནས། །ཚོགས་གཉིས་རྫོགས་པར་སྒྲུབ་བྱེད་པའི། །ཚོགས་ཀྱི་དགའ་བདེའི་ལོངས་སྤྱོད་ཀྱིས། །རྣལ་འབྱོར་བཅས་པ་མཉེས་པར་བྱ། །ལྷ་རྣམས་མཉེས་ཤིང་ཚིམ་པ་དང༌། །ལས་ཀུན་བསྒྲུབ་པར་བྱ་བའི་ཕྱིར།


DTG027_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་རྣམས་མ་ལུས་བསྡུས་པ་ཡི། །སྦྱིན་སྲེག་ཆོ་ག་རྒྱས་པར་བརྩམ། །རྟ་མཆོག་མཁའ་འགྲོ་འཁོར་བཅས་ལ། །ལྷག་པའི་མཆོད་པས་མཉེས་བྱས་ནས། །རང་གི་ལས་ལ་སྦྱར་བྱ་སྟེ། །དངོས་གྲུབ་དོན་ཕྱིར་མཚམས་སུ་གཞག །ནང་པར་དཀྱིལ་འཁོར་མཆོད་བསྟོད་ཅིང༌། །བསྐོར་བཅས་རྒྱུན་དུ་བཤགས་ཏེ་གདོན། །ཡེ་ཤེས་དམ་ཚིག་གཉིས་མེད་བསྡུ། །རྡུལ་ཚོན་གཙང་མའི་གནས་སུ་གཞག །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཇི་ལྟའི་གཟུགས་དང་དབྱིབས་སུ་ལྡན། །བདེ་བ་ཉིད་ཀྱིས་ཀུན་དུ་བདག །ཀུན་གྱིས་བདག་ལ་གཞུག་པར་བྱ། །ཆགས་མེད་ཅིང་མ་ཆགས་མེད། །དབུ་མར་ཡང་ནི་དམིགས་སུ་མེད། །བུད་མེད་ཀུན་གྱི་རྒྱུ་སྦྱོར་འདི། །གཉིས་སུ་མེད་པའི་ཐེག་པའི་མཆོག །མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་གཞི། །དོན་དམ་བདེ་བ་ཆེན་པོའི་སྐུ། །དེ་བཞིན་ཉིད་དང་དབྱིངས་ཡེ་ཤེས་ཀྱི། །ལྷ་ཉིད་བརྩོན་པས་བསྒོམ་པར་བྱ། །མཛོད་གནས་དཔའ་བོའི་གཟུགས་བརྙན་མཆོག །རིན་ཆེན་སྣ་ལྔའི་ཕྲེང་བས་འཁྲིགས། །ཚོན་གང་ཟླ་ཉིའི་གདན་ལ་གནས། །ཕོ་བྲང་སྒོ་བཞི་གདན་པདྨ། །ཆོས་ཀྱི་སྙིང་པོ་ཉིད་ཤུ་གཅིག །ཟླ་མདངས་འཁོར་ལོའི་ཚུལ་འཆང་བའོ། །མི་གསལ་གསལ་བའི་རྣམ་པར་བརྟག །འཕྲོ་འདུས་རིགས་ཀྱི་སྐུར་རྫོགས་ཤིང༌། །རྒྱན་ཆས་ཆ་ལུགས་གསལ་བྱས་ཏེ། །རང་གི་ཕྲིན་ལས་སྤྲོ་བྱེད་པའོ། །ཕྱག་རྒྱ་བཞི་རྫོགས་དབང་བསྐུར་ལྡན། །ཡེ་ཤེས་དཀྱིལ་འཁོར་གཉིས་མེད་བསྟིམ། །མཆོད་བསྟོད་ལས་ལ་བསྐུལ་གསལ་འགྲུབ། །ཡུན་རིང་མཚན་མ་ལྔ་ཡི་མཐར། །དཀྱིལ་འཁོར་རྒྱས་པ་ལ་དམིགས་ཏེ། །ཀུན་གྱི་གསང་བའི་མཛོད་རྒྱས་པར། །དམིགས་པ་གཅིག་བཞིན་གསལ་བ་རུ། །བརྟེན་པར་གྱུར་ནས་སྤྲོ་བར་བྱ། །རྒྱ་ཆེར་གནས་གསུམ་རྡོ་རྗེ་ལ། །བུམ་པའི་ཁང་པར་དཀྱིལ་འཁོར་བསྒོམ། །རིམ་བཞིན་གཙོ་བོའི་རྣམ་པ་གནས། །འཁོར་གྱི་ལྷ་མོ་མཐར་ཐུག་པར། །དཀྱིལ་འཁོར་གཉིས་མེད་རྫོགས་པའི་མཐར། །མཉེས་མཛད་འགྲོ་བའི་དོན་ལ་སྦྱར། །དཔའ་བོ་མཚན་མ་གསང་གསུམ་སྔགས། །འཕྲོ་འདུའི་ཕྲེང་བ་ཀུན་འཁོར་བས། །འགལ་མེའི་འཁོར་ལོའི་རྣམ་པ་བཞིན། །


DTG027_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་ཀུན་བར་ཆད་མེད་པར་བརྩམ། །སྨིག་རྒྱུ་དུ་བ་སྲིན་བུ་མེ། །མར་མེ་ཟླ་ཉིའི་འོད་བཞིན་དུ། །ཐིག་ལེ་རྒྱས་པའི་དཀྱིལ་འཁོར་གྱིས། །ཕྱག་རྒྱ་ཆེན་པོའི་ལམ་ལ་སྦྱོར། །གཉིས་མེད་རོལ་པའི་མཁའ་གསང་དུ། །གཙོ་བོའི་མཚན་མ་གསལ་གྱུར་ནས། །བུམ་པར་རྟེན་དང་བརྟེན་པའི་ལྷ། །གཙོ་བོ་ནས་བཟུང་རིམ་པར་བསྒོམ། །ཕྱག་རྒྱ་རྒྱན་ཆས་ཆ་ལུགས་ཀྱི། །རིགས་ཀྱི་དཀྱིལ་འཁོར་རྫོགས་པ་དང༌། །ཕྱག་རྒྱ་བཞིས་མཚན་དབང་བསྐུར་འབྲས། །སྐྱེ་མཆེད་བྱིན་བརླབས་གསལ་བར་བྱ། །ཡེ་ཤེས་ལྷ་དང་སྦྱོར་གནས་ནས། །དམན་པའི་ཕྱག་རྒྱ་བཞི་ཡིས་གདབ། །མཆོད་བསྟོད་འགྲོ་བའི་དོན་སྤྲོ་བ། །རིམ་བཞིན་མཚན་མ་ལྔ་ཡི་བར། །ལྷ་རྣམས་ཀུན་སྦྱོར་གནས་རྒྱས་པར། །རྣམ་གཅིག་བསྐུལ་གསལ་ཇི་ལྟ་བར། །སྤྲོ་དང་བསྡུ་བའི་ཚུལ་བརྟན་པ། །ཕྲ་རགས་དཀྱིལ་འཁོར་མཐར་ཕྱིན་པའོ། །དེས་ནི་ཕྲིན་ལས་དངོས་གྲུབ་ཀྱི། །ཕྲ་མོའི་ལས་ཀུན་བརྩམས་པས་འགྲུང༌། །དེ་ལྟར་ཐིག་ལེ་ཕྲ་མོའི་ཚུལ། །དཀྱིལ་འཁོར་ལྷ་ཡི་རྣམ་དག་གི །མཚན་མས་དམིགས་པ་སྤྱང་བྱས་ཏེ། །ཆོས་སྐུའི་ཕྱག་རྒྱ་ཆེན་པོར་གནས། །གང་ཟག་བཞི་ཡི་དབྱེ་བ་ཡིས། །རང་གི་ཕྲིན་ལས་སྦྱོར་བའི་མཐུས། །བསྙེན་སྒྲུབ་ཡན་ལག་བཞི་རྫོགས་ཏེ། །མཆོག་གྱུར་ཕྱག་རྒྱ་བཞི་མཐར་ཕྱིན། །བསྙེན་སྒྲུབ་སྦྱོར་བ་བཞི་དག་གིས། །དང་པོའི་དཀྱིལ་འཁོར་མཉེས་བྱས་པ། །སྤྱི་ཡི་བསྙེན་པ་དང་པོ་སྟེ། །ཐུན་མོང་བཞི་ཡི་དཀྱིལ་འཁོར་ཡིན། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་བསྒྲུབ་འདོད་པས། །བར་ཆད་མེད་པར་ཞི་རྒྱས་དབང༌། །ཕྲིན་ལས་སྣ་ཚོགས་སྒོ་དག་ནས། །ཉེ་བའི་བསྙེན་པ་བརྩམ་པའི་ཕྱིར། །དཀྱིལ་འཁོར་བཞི་ཡི་ལས་ལ་འཇུག །དང་པོ་ཞི་བ་ཆེན་པོའི་ལས། །རྒྱུད་སྤྱང་བསྲུང་ཞིང་ལྷག་གནས་དང༌། །དངོས་གྲུབ་ཤིས་པ་བརྟག་པའི་ཕྱིར། །རྣམ་སྣང་དཀྱིལ་འཁོར་ཉེ་བར་བསྙེན། །དེ་བཞིན་ཉིད་ནས་བརྩམ་བྱ་སྟེ། །ཕྲེང་བས་བརྒྱན་པའི་བར་དུ་བསྒོམ། །ནང་གི་དཀྱིལ་འཁོར་དབྱིངས་དག་ནི། །རེའུ་མིག་ཟླུམ་པོ་འཁོར་ལོས་བརྒྱན། །འཁོར་ལོའི་ཕྲེང་བས་རྣམ་པར་སྤྲས། །སྣ་ཚོགས་པདྨའི་གདན་གྱིས་མཚན། །ཕྱི་རོལ་རབ་


DTG027_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུར་ཁྲོད་དང༌། །ཀུན་འབྱུང་ཁོར་ཡུག་ཏུ་བཞིས་མཚན། །མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །མགོན་པོ་རྒྱུ་ཡི་སེམས་དཔའ་བསྐྱེད། །སྐུ་མདོག་རྒྱན་ཆ་ནས་བཟུང་སྟེ། །བྱིན་རླབས་རྫོགས་པས་དག་པར་བྱ། །རང་འོད་རིག་མ་བསྐྱེད་པ་ནས། །ལྷ་མོས་བསྐུལ་བའི་མཐར་ཐུག་བརྩམ། །ཐུགས་རྗེས་འགྲོ་བའི་རྒྱུད་གཟིགས་ཏེ། །ཁཾ་དང་འཁོར་ལོ་ལས་བྱུང་སྟེ། །ཞིང་ཨོཾ་བྷྲུཾ་ཁཾ་གིས་བསྐྱེད་པའི། །འདུལ་ཕྱིར་རྣམ་སྣང་མཛད་དུ་གྱུར། །གསེར་མདོག་ཞལ་བཞི་ཕྱག་བཞི་མཛེས། །ཞལ་གསུམ་དཀར་དམར་ལྗང་གུའི་མདོག །ཆོས་ཀྱི་འཁོར་ལོའི་རྩིབས་རྣམས་ལ། །སྣ་ཚོགས་མཚན་མས་བརྒྱན་པའམ། །ལྷུང་བཟེད་ཁར་གསིལ་ཆོས་གོས་དང༌། །དམ་པའི་ཆོས་ཀྱི་གླེགས་བམ་འཛིན། །རིན་ཆེན་སྣ་ཚོགས་རྒྱན་དང་གོས། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་སྦྲས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང༌། །ཡེ་ཤེས་སེམས་དཔའ་སྔགས་དང་བཅས། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང༌། །དབུ་ལ་རིགས་ཀྱི་བདག་པོས་བརྒྱན། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། །ལག་གཉིས་ནོར་བུ་རིན་ཆེན་དུ། །ཇི་ལྟར་རིགས་པས་མཉམ་སྦྱར་ནས། །མཛུབ་མོ་མཐེ་བོ་རྩེ་མོ་བཞི། །ཡོངས་སུ་བསྒྱུར་ཏེ་བཏེག་གནས་སུ། །དབྲལ་བའི་གནས་སུ་གཞག་པར་བྱ། །ཨོཾ་ཨ་བྷི་ཥིཉྩ་མཱཾ། རིན་ཆེན་མྱུ་གུ་འཁོར་ལོའི་ཕྲེང༌། །དར་དཔྱངས་དགྱེས་པའི་ཐལ་མོར་བཅས། །རང་འོད་ཡུམ་དང་འཁྲིལ་བ་ནས། །གནས་ནས་ཁཾ་དང་ཤཾ་བརྒྱན་ཏེ། །ལིངྒ་འབར་བའི་རིན་ཆེན་ཕཊ། །རྩེ་མོ་འཁོར་ལོ་རྣམ་པར་མཛེས། །རྣམ་ཐར་པདྨ་ཨེ་དཀྱིལ་ཅན། །མདོ་ལྟེ་བ་ཟེའུ་འབྲུ་དམར། །ས་མ་ཡ་སོགས་བརྡས་བསྐུལ་ནས། །ཛཿཧཱུཾ་བཾ་ཧོཿས་རོལ་པ་བྱ། །ལིངྒ་འགྲེང་བ་རང་འབྱུང་བ། །བརླ་ཡི་དབུས་སུ་གཞུག་བྱས་ནས། །ལིངྒ་མཚན་མར་བྱིན་བརླབས་ཏེ། །རྡོ་རྗེ་དབྱིངས་དག་སྔོན་སྐྱེའོ། །གསང་གནས་སོ་སོའི་གདན་དག་ལ། །ཆོས་ཀྱི་སྙིང་པོས་ལྷ་རྣམས་བསྐྱེད། །ཁཾ་ལས་རྣམ་པར་སྣང་མཛད་ཉིད། །དབུས་ཀྱི་གདན་ལ་བསྒོམ་པར་བྱ། །ཤཾ་ལས་སངས་རྒྱས་དབྱངས་མ་སྟེ། །རཾ་ལས་དེ་བཞིན་དཔལ་མོ་མ། །མཾ་ལས་ཀུན་དུ་བཟང་མོ་ཡིན། །ཐཾ་ལས་ཟད་མེད་སྣོད་འཛིན་མའོ། །འདི་བཞིའི་གཙོ་བོའི་ཕྱོགས་རྣམས་སུ། །


DTG027_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕོ་བྲང་པདྨ་བཞི་ལ་གནས། །ཧཾ་ལས་སངས་རྒྱས་སྐུ་ལྡན་མ། །ཚཾ་ལས་ལྷ་མོ་ཞལ་མཛེས་མོ། །ཏྲཾ་ལས་དེ་བཞིན་སྤྲིན་ཆེན་མོ། །དཾ་ལས་ནམ་མཁའི་སྤྱན་མ་ཡིན། །གླིང་བུ་མ་སོགས་ལྷ་མོ་རྣམས། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན། །བྷ་གར་ལིངྒ་བཅུག་བྱས་ནས། །དེར་ནི་མཚན་མ་བསྒོམ་པར་བྱ། །རྣམ་པར་སྣང་མཛད་གཟུགས་འདྲ་བའི། །སྐུ་གཉིས་ལྡན་པ་སྤྲོ་བྱའོ། །ཨོཾ་བྷྲཱུ་ཁཾ་ཛྫ། ཕྱོགས་བཅུར་དོན་བྱས་འདུས་པ་དག །གཙོ་བོ་ཡབ་ཡུམ་ལ་གཞུག་བྱ། །སངས་རྒྱས་དབྱངས་མ་ཆུ་ཤེལ་མདངས། །རྒྱན་མཛེས་ལྕེ་ཡི་ཕྱག་རྒྱས་མཚན། །ཨོཾ་བཛྲ་ས་ཏྭ་ཤཾ་ཛྫ། དཔལ་མོ་གསེར་མདོག་ཕྱག་གཉིས་ཀྱིས། །ཆ་ལང་འཁྲོལ་ཞིང་གར་མཛད་པའོ། །ཨོཾ་བཛྲ་རཏྣ་རཾ་ཛྫ། ཀུན་དུ་བཟང་མོ་དམར་གསལ་མདངས། །ཕྱག་གཉིས་རྡོ་རྗེ་རིན་པོ་ཆེ། །ཨོཾ་བཛྲ་དྷརྨཱ་མཾ་ཛྫ། ཟད་མེད་སྣོད་འཛིན་སྣ་ཚོགས་མདོག །རྒྱན་ཆས་སྣོད་དང་དུང་འཛིན་པའོ། །ཨོཾ་བཛྲ་ཀརྨ་ཐཾ་ཛྫ། འདི་བཞི་དབུས་ཀྱི་ལྷ་མོ་སྟེ། །ཕྱག་རྒྱའི་སྐུ་དང་འཁྲིལ་བར་བཞུགས། །སངས་རྒྱས་སྐུ་ལྡན་མེ་ལོང་མདོག །ཕྱག་གཉིས་མི་བསྐྱོད་ཐུགས་ཀར་འཛིན། །ཧཾ་སཏྭ་བཛྲ་ཛྫ། ཞལ་མཛེས་སྔོ་སྐྱ་ཕྱག་གཉིས་ཀྱིས། །མེ་ལོང་མདངས་གསལ་རླུང་ཡབ་འཛིན། །ཚཾ་བཛྲ་རཏྣེ་ཛྫ། སྤྲིན་ཆེན་བཻ་དཱུཪྻ་མདོག་ཕྱག །རྡོ་རྗེའི་སྤྲིན་ལས་སེར་བ་འབེབས། །ཏཾ་བཛྲ་པདྨེ་ཛྫ། ནམ་མཁའི་སྤྱན་མ་གུར་གུམ་མདོག །ཕྱག་ན་པདྨ་ལ་གནས་སྤྱན། །དཾ་བི་ཤྭ་བཛར་ཛྫ། འདི་དག་ཕྱོགས་ཀྱི་འཁོར་ལོ་ལ། །རིམ་པ་བཞིན་དུ་དགོང་པར་བྱ། །ལྷ་མོ་འདི་དག་མཛེས་པའི་མདངས། །རིན་ཆེན་དར་དང་ཕྲེང་བས་བརྒྱན། །བྱིན་བརླབས་དང་བསྐུར་རྫོགས་བྱས་པས། །དམ་ཚིག་དཀྱིལ་འཁོར་གསལ་བར་གྱུར། །སྤྱོར་བས་རང་རིག་དཀྱིལ་འཁོར་བསྐུལ། །ཞི་བའི་ཚུལ་བཅས་མདུན་དུ་བཞུགས། །རྡོ་རྗེ་དཔལ་གྱི་ཐལ་མོ་བསྒྱུར། །བསམ་བ་གཡོས་པས་ཕྱག་རྒྱའོ། །ཨོཾ་ཨ་ཏི་བྷུ་ཨོཾ། །གར་བསྒྱུར་རྡོ་རྗེ་ཐལ་མོ་བསྒྱུར། །གཡོན་སྐོར་སྤྱི་བོའི་མཚམས་སུ་གཞག །སྐལ་བཟང་ཨོཾ་ཞེས་བྱ་བའི་གླུ། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ཚད་མེད་བཞི་ཡི་སྦྱོར་བ་ཡིས། །ལྷ་རྣམས་གཉིས་སུ་མེད་པར་གྱུར། །ཨོཾ་རྣལ་འབྱོར་དེ་


DTG027_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཐར་པ་ཐམས་ཅད་རྣམ་དག་ཕྱིར། །སངས་རྒྱས་ཕྱག་རྒྱ་དཔལ་དུ་གནས། །དོན་དམ་རྣམ་པར་དག་པའི་ཕྱིར། བཙོ་མ་གསེར་གྱི་ཁ་དོག་བཞིན། །ཆགས་མེད་ལ་སོགས་ཆགས་ཆེན་ཕྱིར། །དཀར་ཞིང་སྣ་ཚོགས་གསལ་བའི་མདངས། །ཆོས་ཀྱི་རྒྱལ་སྲིད་རབ་བསྒྲུབ་པ། །རིན་ཆེན་ཆོས་ལས་ལྷག་པ་མེད། །དེ་བས་ཐེག་ཆེན་བྱང་ཆུབ་སེམས། །རྒྱལ་བ་རྡོ་རྗེ་རིན་ཆེན་ཅན། །གཡས་པའི་མཐེ་བོང་གུང་མོ་གཉིས། །གཡོན་པའི་ཁུ་ཚུར་བཅངས་བ་ཡིས། །སོར་མོ་ཀུན་ལ་རེག་པ་ནི། །རྩ་བའི་ཕྱག་རྒྱ་ཡིན་པར་གྲགས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་གསལ་ཡིན། །གཡས་པའི་ཡན་ལག་གནོན་པ་ཡིས། །གཡོན་པའི་ཡན་ལག་ཀུན་ལས་རྒྱས། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ན། །དཔུང་རྣམས་ཐམས་ཅད་འཇོམས་པར་བྱེད། །ཨོཾ་བྷཱུ་ཁཾ་མ་ཧཱ་མུ་དྲ་ཨོཾ། རྡོ་རྗེ་ཁུ་ཚུར་བཅངས་ནས་ཀྱང༌། །ལག་བ་གཡོན་པས་བཀབ་ནས་ནི། །སངས་རྒྱས་ཀུན་བརྗོད་དངོས་གྲུབ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །ཨོཾ་བཛྲ་སཏྭ་ཤཾ་མ་ཧཱ་མུ་དྲ་ཨོཾ། དེ་བཞིན་དཔལ་ལྡན་ཧེ་རུ་ཀའི། །རྡོ་རྗེ་ཁུ་ཚུར་ཆེན་པོ་དགབ། །དཔའ་བོ་མ་ཡིས་དངོས་གྲུབ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །ཨོཾ་བཛྲ་རཏྣ་རཾ་མ་ཧཱ་མུ་དྲ་ཨོཾ། པདྨོའི་བུད་མེད་ཁུ་ཚུར་ནི། །དེ་བཞིན་ལག་པ་གཡོན་པས་དགབ། །བྱང་ཆུབ་སྤྱོད་པ་རབ་གྲུབ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །ཨོཾ་བཛྲ་དྷརྨ་མཱཾ་མ་ཧཱ་མུ་དྲ་ཨོཾ། རིན་ཆེན་འཛིན་པའི་ཁུ་ཚུར་ཡང༌། །ལག་པ་གཡོན་པས་བཀབ་ནས་ནི། །སངས་རྒྱས་ནོར་ཀུན་དངོས་གྲུབ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །ཨོཾ་བཛྲ་ཀརྨ་མ་ཧཱ་མུ་དྲ་ཨོཾ། སངས་རྒྱས་ཁུ་ཚུར་བཅངས་ནས་སུ། །ལག་པ་གཡོན་པས་བཀབ་ནས་ནི། །སངས་རྒྱས་ཀུན་གྱི་ཚེ་སྒྲུབ་པ། །མ་ལུས་ལུས་པ་མེད་པ་འགྲུབ། །ཧཾ་ས་ཏྭ་བཛྲ་མ་ཧཱ་མུ་དྲ་ཨོཾ། བུད་མེད་ཕྱག་རྒྱ་བཅིངས་ནས་སུ། །ལག་པ་གཡོན་པས་བཀབ་ན་ནི། །དངོས་གྲུབ་ཐམས་ཅད་མྱུར་འགྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །ཚཾ་བཛྲ་རཏྣེ་མ་ཧཱ་མུ་དྲ་ཨོཾ། །རྟ་མཆོག་དཔལ་གྱི་ཁུ་ཚུར་ཡང༌། །ལག་པ་གཡོན་པས་བཀབ་ནས་


DTG027_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི། །ཐམས་ཅད་འགུགས་པ་རབ་བསྒྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །ཏྲཱཾ་བཛྲ་པདྨེ་མ་ཧཱ་མུ་དྲ་ཨོཾ། དཔལ་གྲུབ་སྤྱན་གྱི་ཁུ་ཚུར་ཡང༌། །ལག་པ་གཡོན་པས་བཀབ་ན་ནི། །སྣང་བ་ཐམས་ཅད་རབ་འགྲུབ་འགྱུར། །མ་ལུས་ལུས་པ་མེད་པར་འགྲུབ། །དཾ་བི་ཤྭ་བཛྲ་མ་ཧཱ་མུ་དྲ་ཨོཾ། ཨོཾ་འཇིག་རྟེན་ཁམས་མང་རྡུལ་ཕྲན་སྙེད། །གྲངས་མེད་ཁྱབ་པར་སྤྲོས་པ་ཡིས། །རྒྱལ་བའི་དོན་རྣམས་རབ་དག་ཏུ། །ཕྲ་བའི་རྡུལ་གྱི་གྲངས་སྙེད་པ། །སྤྲུལ་པའི་སྐུ་རྣམས་རབ་དག་ཏུ། །ཕྲ་བའི་རྡུལ་གྱི་གྲངས་སྙེད་ནི། །སྲིད་པ་བདེ་ཆེན་དེ་བཞིན་གཤེགས། །རྣམ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས། །རྡུལ་ཕྲན་གྲངས་སྙེད་དེ་བཞིན་གཤེགས། །རྣམ་པར་འཕྲུལ་པས་རོལ་མཛད་དོ། །རྣམ་པར་སྣང་མཛད་དཔལ་སྦྱོར་བ། །ཨ་ལ་ལ་ཧོ་བདེ་གྲུབ་མཛོད། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོཙྪ་ནེ་སརྦ་ཨརྠ་སིདྡྷ་ནི་སྭཱ་ཧཱ། རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །མཐེ་བོའི་རྩེ་མོ་མཉམ་པར་བཞག །ཁོང་སྟོང་མི་འགྱུར་དམ་པ་པོ། །སྤྱི་བོའི་གཙུག་ཏུ་བཞག་ནས་ཀྱང༌། །སྔགས་བཅས་རིམ་བཞིན་གྲོལ་བར་བྱ། །རྡོ་རྗེ་ཁུ་ཚུར་ལེགས་བཅིངས་ལ། །བདག་གི་མཐེ་བོ་ནང་ནས་གཞུག །ཞི་བའི་ལས་རྣམས་བསྒྲུབ་པ་ཡིས། །ཕྱག་རྒྱ་སྔགས་རྣམས་མཉམ་སྦྱོར་བའོ། །ཕྱི་ནང་གསང་བའི་མཆོད་ཚོགས་དག །བྱིན་བརླབས་སྔགས་དང་ཕྱག་རྒྱས་དབུལ། །མཉམ་མེད་མི་གཡོ་ལ་སོགས་པའི། །བསྟོད་པའི་ཕྱག་རྒྱས་མཉེས་པར་བྱ། །སྨོན་ལམ་རྒྱ་ཆེན་བཏབ་བྱས་ནས། །བཟླས་བརྗོད་ཐིག་ལེ་ཕྲ་མོ་དང༌། །དཀྱིལ་འཁོར་དེ་ཉིད་གང་རུང་གིས། །མཚན་མའི་དཀྱིལ་འཁོར་བརྟན་པར་བྱ། །སྒྲིབ་སྤྱང་བདེ་བ་བསྐྱེད་པའི་ཕྱིར། །རིན་ཆེན་བུམ་པ་བྱབས་པའི་རྫས། །སྔགས་ཀྱི་བྲ་ཏི་མེ་ཏོག་ཕྲེང༌། །བཟའ་བཏུང་ཕྱག་རྒྱ་བདུད་རྩིའི་ཚོགས། །ལམ་མཉེས་མགྲོན་ཚིམ་ལས་གྲུབ་བྱེད། །ཚོགས་དང་སྦྱིན་སྲེག་ལྷག་མའི་ལས། །ལས་རྫོགས་མཆོད་བསྟོད་བསྐུལ་བྱས་ཤིང༌། །རང་གི་གནས་སུ་བསྡུས་ནས་ནི། །མཚན་མ་ཀུན་དང་ཡོངས་བྲལ་བའི། །མཉམ་ཉིད་དབྱིངས་སུ་གནས་པར་བྱ། །ཡོད་པ་མ་ཡིན་མེད་པ་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །


DTG027_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པའོ། །ཐམས་ཅད་དབང་དུ་བྱ་བའི་ཕྱིར། །པདྨ་གར་དབང་མཆོད་བྱས་ཏེ། །ཆགས་བཅས་བསྡུས་ཤིང་གཟུང་བྱས་ནས། །ཚེ་ཡི་ཆོ་ག་རྒྱ་ཆེར་བྱ། །གཞི་ཡི་ཏིང་འཛིན་རིམ་པ་ནས། །ཕྲེང་བས་བརྒྱན་པའི་བར་དུ་བསྒོམ། །ནང་གི་དཀྱིལ་འཁོར་དབྱིབས་དག་ནི། །རེའུ་ཆ་དགུ་དང་པདྨས་བསྐོར། །པདྨའི་ལྕུག་མ་མུ་ཁྱུད་མཛེས། །སྣ་ཚོགས་པདྨའི་གདན་གྱིས་མཚན། །ཕྱི་རོལ་རབ་དུར་ཁྲོད་དང༌། །ཀུན་འབྱུང་ཁོར་ཡུག་ཏུ་བཞིས་མཚན། །མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །མགོན་པོ་རྒྱུ་ཡི་སེམས་དཔའ་བསྐྱེད། །སྐུ་མདོག་རྒྱན་ཆ་ནས་བཟུང་སྟེ། །བྱིན་བརླབས་རྫོགས་པས་དག་པར་བྱ། །རང་འོད་རིག་མ་བསྐྱེད་པ་ནས། །ལྷ་མོས་བསྐུལ་བའི་མཐར་ཐུག་བརྩམ། །ཐུགས་རྗེས་འགྲོ་ལ་དམིགས་ནས་བཞེངས། །ཧྲཱིཿ་དང་པདྨོ་ལས་བྱུང་བའོ། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་པདྨ་ནརྟེ་ཤྭ་རེ་ཧྲཱིཿ། དཔལ་ལྡན་པདྨ་གར་དབང་ཕྱུག །ཟླ་གསལ་ཤེལ་མདངས་ཞལ་བཅོ་ལྔ། །ལྔ་བཅུ་གཉིས་ལྡན་མཚན་བཅས་གར། །ཞལ་བཞི་མཉམ་པའི་པདྨ་ལ། །ཟླ་མདོག་དམར་མདངས་ཞལ་བཞི་པ། །ཕྱག་གཡས་ཉི་ཤུ་རྩ་ལྡན། །པདྨ་རྡོ་རྗེ་སོགས་ཀྱིས་མཚན། །ཁ་དོག་བདུན་ལྡན་ཉི་ཤུ་ལྔ། །རིན་ཆེན་སྣ་ཚོགས་རྒྱན་གོས་བཀླུབས་མཚན་དཔེ་ཕྱག་རྒྱ་ལྔ་ཡིས་སྤྲས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང༌། །ཡེ་ཤེས་སེམས་དཔའ་སྔགས་དང་བཅས། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང༌། །དབུ་ལ་རིགས་ཀྱི་བདག་པོས་བརྒྱན། །མཐེ་བོང་སེམས་དཔའི་སྐྱིལ་མོ་ཀྲུང༌། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །གུང་མོ་གཉིས་ནི་མཉམ་པར་སྦྱར། །ལྷག་མ་རྡོ་རྗེ་ཐལ་མོའི་འོད། །རྡོ་རྗེ་རིན་ཆེན་ཕྱག་རྒྱ་འདི། །རང་འབྱུང་རྣམས་ཀྱི་དབང་བསྐུར་བའོ། །ཨོཾ་ཨ་བྷི་ཥིཉྩ་ཧྲིཿ། པདྨའི་མྱུ་གུ་ཕྱག་རྒྱའི་ཕྲེང༌། །དར་དཔྱངས་དགྱེས་པའི་ཐལ་མོ་བཅས། །རང་འོད་ཡུམ་དང་འཁྲིལ་བ་ལས། །གསང་གནས་ཧྲཱིཿ་དང་ཛཿས་བརྒྱན་ཏེ། །པདྨ་འབར་བ་ཕཊ་དང་བཅས། །རྣམ་ཐར་པདྨ་ཨེ་དཀྱིལ་ཅན། །མདོག་སེར་ལྟེ་བ་ཟེའུ་འབྲུ་དམར། །བརྡས་བསྐུལ་བྱིན་བརླབས་རོལ་པར་མཛད། །ལིངྒ་བསྒྲིང་བ་རང་བྱུང་བ། །བརླ་ཡི་དབུས་སུ་གཞུག་བྱས་ནས། །ལིངྒ་པདྨོར་བྱིན་བརླབས་ཏེ། །པདྨོ་གར་བདག་སྔོན་


DTG027_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱེའོ། །གསང་གནས་སོ་སོའི་གདན་དག་ལ། །ཆོས་ཀྱི་སྙིང་པོས་ལྷ་རྣམས་བསྐྱེད། །ཧྲཱིཿ་ལས་པདྨ་གར་དབང་ཕྱུག །གསང་གནས་དབུས་ཀྱི་གདན་ལ་བསྒོམ། །ཛཿཡིས་རྣམ་པར་གཟིགས་པ་སྟེ། །ཧཱུཾ་གིས་ལྷ་མོ་སྒྲོལ་མའོ། །བཾ་གྱིས་ལྷ་མོ་རྒྱན་བཅས་མ། །ཧོཿཡིས་ཁྲོ་གཉེར་ཆེན་མོའོ། །ཧཱུཾ་གིས་གཏུམ་པའི་དབང་ཕྱུག་མ། །ཧེས་ནི་སྣ་ཚོགས་པདྨ་ཡིན། །ཨ་ལས་པདྨའི་ན་བཟའ་སྟེ། །ཧོཿཡིས་འདོད་པའི་དབང་མོའོ། །གླིང་བུ་མ་ལ་སོགས་པ་ཡི། །ལྷ་མོ་གཞན་རྣམས་སྔ་མ་བཞིན། །བྷ་གར་ལིངྒ་བཅུག་བྱས་ནས། །དེར་ནི་ཧྲཱིཿཡིག་བསྒོམ་པར་བྱ། །པདྨ་གར་དབང་གཟུགས་འདྲ་བ། །སྐུ་གཉིས་ལྡན་པར་སྤྲོ་པའོ། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་པདྨ་ནརྟེ་ཤྭ་རི་ཛྫ། ཕྱོགས་བཅུར་དོན་བྱས་འདུས་པ་དག །གཙོ་བོ་ཡབ་ཡུམ་གཞུག་པར་བྱ། །རྣམ་གཟིགས་དཀར་དམར་མདངས་ལྡན་པ། །གཡོན་པས་པདྨར་གཡས་འབྱེད་ཤར། །ཨོཾ་སརྦ་ཏ་ཐཱ་ག་ཏེ་པདྨི་ཛྫ། སྒྲོལ་མ་དཀར་གསལ་གཡོན་དཀུར་བརྟེན། །ཨུཏྤལ་སྔོ་གཡས་བུད་མེད་ལྷོ། །ཨོཾ་བཛྲ་པདྨི་ཛྫ། རྒྱན་ཅན་དམར་མོ་གཡོན་པད་དཀར། །གཡས་པས་འཁོར་ལོ་རྩེ་བརྒྱད་ནུབ། །ཧེ་པདྨི་པདྨི་བཾ་ཛྫ། ཁྲོ་གཉེར་ལྗང་གུ་གཡོན་པ་མཐིང༌། །དཀུར་བརྟེན་གཡས་པས་རྩེ་གསུམ་བྱེད། །ཧོ་པདྨ་ནི་ར་ཛ་ཛྫ། པད་གཏུམ་དབང་ཕྱུག་མཐིང་ག་གཡོན། །པདྨ་གཡས་པས་རྡོ་རྗེ་འཛིན། །ཧཱུཾ་པདྨ་ཙཎྜེ་ཤྭ་རི་ཧཱུཾ་ཕཊ་ཛྫ། །སྣ་ཚོགས་པདྨ་སྔོན་མོ་གཡོན། །སྣ་ཚོགས་པད་འཛིན་གཡས་འཁོར་ལོ། །ཧེ་མ་ཧཱ་བི་ཤྭ་པདྨ་མུ་དྲེ་སིདྡྷ་ཧཱུཾ་ཕཊ་ཛྫ། པདྨའི་ན་བཟའ་སེར་མོ་གཡོན། །པད་མཐིང་གཡས་པས་ཆུ་སྲིན་རྒྱལ། །ཧྲཱིཿཔདྨ་པདྨེ་ཧཱུཾ་ཨཾ་ཛྫ། རྡོ་རྗེ་པདྨ་དབང་ཕྱུག་ལྗང༌། །གཡོན་ན་པདྨ་གཡས་རྡོ་རྗེ། །ཧོ་པདྨ་བི་ཤྭ་ཀྲ་མ་ཧཱུཾ་ཛྫ། འདི་བཞི་ཕྱི་རོལ་པདྨ་ཡི། །ཤར་སོགས་རིམ་བཞིན་གནས་པའོ། །འོད་འབར་སྣ་ཚོགས་འཁྲུགས་འོད་བཅས། །པདྨ་རྒྱན་བཅས་ཕྲེང་བས་མཛེས། །དབང་བསྐུར་བྱིན་བརླབས་རྫོགས་བྱས་ཏེ། །དབུ་ལ་རིགས་ཀྱི་བ་དག་པོས་མཚན། །སྦྱོར་བས་རིགས་ཀྱི་དཀྱིལ་འཁོར་བསྐུལ། །ཆགས་པའི་ཚུལ་བཅས་མདུན་དུ་བཞུགས། །ཐལ་མོ་པདྨ་ཁ་འབུས་


DTG027_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན། །རང་གི་འབྱོར་ལྡན་སྙིང་གར་བཅིང༌། །མཐེ་བོ་མཐེའུ་ཆུང་འདབ་མ་བཞིན། །རྒྱས་པར་འདུད་པའི་ཕྱག་ཀྱང་བྱ། །ཨོཾ་ཨ་ཏི་བྷུ་ཧྲཱིཿ། གར་བསྒྱུར་གཡས་གཡོན་ཐལ་མོས་བརྡབ། །པདྨོ་གར་གྱི་མཆོད་པ་འབུལ། །ཚད་མེད་བཞི་ཡི་སྦྱོར་བ་ཡིས། །ལྷ་རྣམས་གཉིས་སུ་མེད་པར་བྱ། །ཧྲཱིཿ་རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདོད་ཆགས་ཐམས་ཅད་རྣམ་དག་ཕྱིར། །པདྨའི་ཕྱག་རྒྱ་དཔལ་དུ་གནས། །མི་འགྱུར་དམ་པ་དག་པའི་ཕྱིར། །ཤེལ་སྒོང་བཞིན་དུ་དག་པ་འདྲ། །འདོད་ཆགས་ཐམས་ཅད་བསལ་བའི་ཕྱིར། །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །སངས་རྒྱས་རིན་ཆེན་རབ་ཏུ་སྤྲས། །གོས་དང་སྣ་ཚོགས་རྒྱན་གྱིས་མཛེས། །སངས་རྒྱས་ཐམས་ཅད་འདུས་པ་ཡི། །བདེ་བ་ཅན་བཞིན་དམ་པར་འགྱུར། །གར་ཐབས་རྣམ་པ་སྣ་ཚོགས་ཀྱིས། །ཡོངས་སུ་བསྒྱུར་ཞིང་གར་བྱས་པ། །པདྨའི་མཚན་མཆོག་པདྨོར་བཅས། །ཕྱག་ནི་རྒྱ་རྣམས་འཁོར་ལོ་བསྐོར། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །སྐྱིལ་མོ་ཀྲུང་ནི་ཕྱེད་མར་བཅས། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་པདྨ་ནརྟེ་ཤྭ་རི་ཧྲཱིཿ་མ་ཧཱ་མུ་དྲ་ཧྲཱིཿ། སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་དམར་པོ་ཅི་བདེར་གཟུང༌། །རང་གི་སྙིང་གར་འདེན་པའི་ཚུལ། །གཡས་པས་འདབ་མ་ཁ་འབྱེད་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་པདྨེ་ཛྫཿ་མ་ཧཱ་མུ་དྲ་ཧྲཱིཿ། སྙེམས་པའི་ལག་པ་གཡོན་པ་ཡི། །སྐྱིལ་མོ་ཀྲུང་ནི་ཕྱེད་མར་བྱ། །པདྨ་སྔོན་པོ་ཅི་བདེར་གཟུང༌། །རང་གི་སྙིང་གར་འདྲེན་ཚུལ་གྱིས། །བུད་མེད་ཕྱག་རྒྱ་བཅིང་བར་བྱ། །ཧཱུཾ་བཛྲ་པདྨི་མ་ཧཱ་མུ་དྲ་ཧྲཱིཿ། སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་དཀར་པོ་ཅི་བདེར་གཟུང༌། །འཁོར་ལོའི་ཕྱག་རྒྱ་བཅིངས་ནས་ནི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཧེ་པདྨི་པདྨི་བཾ་མ་ཧཱ་མུ་དྲ་ཧྲཱིཿ། སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་མཐིང་ག་ཅི་བདེར་གཟུང༌། །གཡས་པ་རབ་ཏུ་གར་བྱེད་པ། །དཔལ་གྱི་ཕྱག་རྒྱ་བ་དན་གསུམ། །ཧོ་པདྨ་ནི་རཛཾ་མ་ཧཱ་མུ་དྲ་ཧྲཱིཿ། སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་དམར་པོ་ཅི་བདེར་གཟུང༌། །གཡས་པས་རྡོ་རྗེ་སྟོད་བྱེད་ཅིང༌། །གཞན་དག་ཟིལ་གནོན་འཇིགས་པའི་ཚུལ། །ཧཱུཾ་པདྨ་ཙཎྜ་ཤྭ་རི་ཧཱུཾ་ཕཊ། མ་ཧཱ་མུ་དྲ་ཧྲཱིཿ།


DTG027_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྙེམས་པའི་ལག་པ་གཡོན་པ་ཡིས། །སྣ་ཚོགས་པདྨ་ཅི་བདེར་གཟུང༌། །གཡས་ཀྱི་འཁོར་ལོའི་ཕྱག་རྒྱ་ཡིས། །ཁམས་གསུམ་ཕྲིན་ལས་གནོན་པའོ། །ཧེ་མ་ཧཱ་བི་ཤྭ་པདྨ་མུ་དྲེ་སིདྡྷྱ་ཧཱུཾ་ཕཊ། མ་ཧཱ་མུ་དྲ་ཧྲཱིཿ། སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་མཐིང་ག་ཅི་བདེར་གཟུང༌། །གཡས་པས་རབ་ཏུ་གར་བྱེད་པས། །ཆུ་སྲིན་ཚུལ་དུ་བསྒྲེང་བར་བྱ། །ཧྲཱིཿ་པདྨི་པདྨི་ཧཱུཾ་ཨཱཿ་མ་ཧཱ་མུ་དྲ་ཧྲཱིཿ། སྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་ལེ་བརྒན་ཅི་བདེར་གཟུང༌། །རང་གི་སྙིང་གར་འདྲེན་ཚུལ་གྱིས། །རྡོ་རྗེའི་ཕྱག་རྒྱ་བཅིང་བར་བྱ། །ཧོ་པདྨོ་ཤྭ་ཏྲ་མ་ཧཱུཾ་ཛྫ། མ་ཧཱ་མུ་དྲ་ཧྲཱིཿ། དེ་བཞིན་གཤེགས་པ་ཐམས་ཅད་ལ། །སོགས་པའི་གཟུགས་མཆོག་སྣ་ཚོགས་འཛིན། །སེམས་ཅན་རྣམ་པ་སྣ་ཚོགས་ཀྱིས། །འདུལ་མཆོག་དངོས་གྲུབ་མཆོག་མངའ་བ། །སེམས་དཔའ་པདྨོ་དགའ་བའི་མཆོག །སྒྱུར་མའི་དགའ་བ་བསྟན་དུ་གསོལ། །ཨ་ལ་ལ་ཧོ། །ཨེ་མ་ཧོ། །གར་དབང་ཐར་པའི་གར་མཛོད་ཅིག །སངས་རྒྱས་རྡོ་རྗེ་འཛིན་པའི་བདག །ཚངས་པ་འཇུག་སེལ་དབང་ཕྱུག་བདག །ཉི་ཟླ་བདག་ལགས་ཨ་ལ་ལ་ཧོ། །པདྨོ་སྒྱུ་མ་དཔལ་སྣ་ཚོགས། །འདུལ་མཛད་དགའ་བའི་ཚུལ་དགར་མཛོད། །པདྨོ་དམ་ཚིག་སངས་རྒྱས་ཀྱི། །དབང་ཕྱུག་གར་རྣམས་མཛད་དུ་གསོལ། །འདོད་ཆགས་རྣམ་པར་སྦྱོང་བ་དག །ཐམས་ཅད་ད་རུང་རྣམ་པར་སྦྱོང༌། །པདྨོ་འཛིན་པས་མངོན་སུམ་དུ། །སྤྱན་སྔར་གར་མཁན་མཛོད་ཅིག །ཨོཾ་ཏཱ་རེ་ཏུདྷཱ་རེ་སྭཱཧཱ། རྡོ་རྗེ་ཐལ་མོ་མཉམ་སྦྱར་ན། །གོང་མ་མཉམ་པ་རབ་ཏུ་བསྒྲུབ། །ཐེ་བོ་མཐེའུ་ཆུང་འདབ་མ་བཞི། །པདྨ་དྲི་མེད་རབ་ཏུ་རྒྱས། །བརྡེག་པའི་ཁུ་ཚུར་བཅངས་པ་ལས། །མཐེ་མོ་དག་ལ་གུང་མོ་གཞག །པདྨའི་ཁུ་ཚུར་གྲུབ་པ་སྟེ། །ཐམས་ཅད་གྲུབ་པའི་ལས་ལ་སྦྱར། །ཕྱི་ནང་གསང་བའི་མཆོད་ཚོགས་དག །བྱིན་རླབས་སྔགས་དང་ཕྱག་རྒྱས་དབུལ། །མཉམ་མེད་མི་གཡོ་ལ་སོགས་པའི། །བསྟོད་པའི་ཕྱག་རྒྱ་མཉེས་པར་བྱ། །སྨོན་ལམ་རྒྱས་གདབ་བྱས་ནས་ནི། །བཟླས་བརྗོད་ཐིག་ལེ་ཕྲ་མོ་དང༌། །དཀྱིལ་འཁོར་དེ་ཉིད་གང་རུང་གིས། །མཚན་མའི་དམིགས་པ་བརྟན་པར་བྱ། །ཕོ་བྲང་བཀྲ་ཤིས་མཚན་ལྡན་


DTG027_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ། །པདྨ་ལ་གནས་གསང་བའི་མིང༌། །བདུད་རྩིས་བཀང་བ་བསྒྲུབ་པའི་མཆོག །རིགས་ཀྱི་དཀྱིལ་འཁོར་ཕྱག་རྒྱ་ར་བཅས། །གསང་སྔགས་མཐའ་རྒྱན་མ་ཉམས་པར། །འཕྲོ་འདུའི་དམིགས་པ་གསལ་ལྡན་ཞིང༌། །བསྐུལ་ཚིག་གླུ་དབྱངས་ཕྱག་རྒྱའི་གར། །བཟའ་བཏུང་ཚོགས་བཅས་རོལ་པས་སྤྱད། །ལྷ་མཉེས་མགྲོན་ཚིམ་ལས་གྲུབ་བྱེད། །ཚོགས་སྒྲུབ་སྦྱིན་སྲེག་ལྷག་མའི་ལས། །ལས་རྫོགས་མཆོད་བསྟོད་བསྐུལ་བྱས་ཤིང༌། །རང་གི་གནས་སུ་བསྡུས་ནས་ནི། །མཚན་མ་ཀུན་དང་ཡོངས་བྲལ་བའི། །གཉིས་མེད་དབྱིངས་སུ་གནས་པར་བྱ། །ཇི་ལྟར་པདྨ་དམར་པོ་འདི། །ཆགས་པའི་ཉེས་པས་མི་གོས་པ། །རྣལ་འབྱོར་ལྡན་པས་དེ་བཞིན་དུ། །གནས་ཀྱི་ཉེས་པས་ཡོང་མི་གོས། །ཐམས་ཅད་རྒྱས་བར་བྱ་བའི་ཕྱིར། །རྡོ་རྗེ་ཉི་མའི་ཚོགས་སྒྲུབ་སྟེ། །དཔལ་དང་བཟི་མདངས་ཀུན་གྲུབ་པའི། །རྒྱས་པའི་ལོངས་སྤྱོད་དགོད་པར་བྱ། །གཞི་ཡི་ཏིང་འཛིན་ནས་བཟུང་སྟེ། །ཕྲེང་བས་བརྒྱན་པའི་བར་དུ་བསྒོམ། །ཕོ་བྲང་ནང་གི་མཚན་བཅས་སོགས། །རིན་ཆེན་འབར་བ་ཆ་བརྒྱད་པ། །ཉིས་རིམ་ལྟེ་བ་རེའུ་ཆ་དགུ། །རིན་ཆེན་ཕྲེང་བ་མུ་ཁྱུད་འཛིན། །ཀ་བ་མཆོག་བརྒྱད་རིན་ཆེན་ཏོག །སྣ་བདུན་པདྨའི་གདན་གྱིས་མཚན། །ཕྱི་རོལ་རབ་དུར་ཁྲོད་དང༌། །ཀུན་འབྱུང་འཁོར་ཡུག་ཏུ་བཞིས་མཚན། །མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །མགོན་པོ་རྒྱུ་ཡི་སེམས་དཔའ་བསྐྱེད། །སྐུ་མདོག་རྒྱན་ཆ་ནས་བཟུང་སྟེ། །བྱིན་རླབས་སྤྲུལ་པས་དག་པར་བསྒོམ། །རང་འོད་རིག་མ་བསྐྱེད་པ་ནས། །ལྷ་མོས་བསྐུལ་བའི་མཐར་ཐུག་བརྩམ། །ཐུགས་རྗེས་འགྲོ་བའི་རྒྱུད་གཟིགས་ཏེ། །ཏཾ་ཡིག་ནོར་བུ་མདའ་ལས་བྱུང༌། །ཨོཾ་སིདྡྷྱ་བྷུ་སིདྡྷྱ་བྷུ། སིདྡྷྱ་ས་མ་སིདྡྷྱ་ཤ །མ་ཧཱ་བཛྲ་རཏྣ་བྷ་ཝཱ་ཏ་ཏྲཱཾ། དཔལ་ལྡན་རྡོ་རྗེ་ཉི་མ་རྒྱལ། །གསེར་མདོག་ཞལ་བཞི་ཕྱག་མཛེས་མཚུངས། །གཡས་པས་མདའ་གསོར་གཡོན་གཞུ་འཛིན། །འཛུམ་བཅས་གཡོན་མིག་གྱེན་དུ་གཟིགས། །གཡས་ཀྱི་འོག་མས་རལ་གྲི་འཛིན། །གཡོན་པ་པདྨ་ཉི་དཀྱིལ་ལ། །རྡོ་རྗེ་རྩེ་ལྔ་འབར་བ་གནས། །ཞབས་གཉིས་རྒྱལ་པོའི་སྐྱིལ་མོ་ཀྲུང༌། །ཁྲོ་མདངས་པདྨ་རཱ་གའི་མདོག །ཉི་མའི་དཀྱིལ་འཁོར་འབར་བས་མཚན།


DTG027_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིན་ཆེན་སྣ་ཚོགས་རྒྱན་དང་གོས། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཚན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང༌། །ཡེ་ཤེས་སེམས་དཔའ་སྔགས་དང་བཅས། །སངས་རྒྱས་ཀུན་གྱི་དབང་བསྐུར་ཞིང༌། །དབུ་ལ་རིགས་ཀྱི་བདག་པོས་བརྒྱན། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །མཛུབ་གཉིས་མཉམ་སྟེ་ཕྱི་རུ་དགུ། །མཐེ་བོང་གཉིས་ནི་རབ་ཏུ་བརྐྱང༌། །རྡོ་རྗེ་ནོར་བུ་དཔལ་བར་གཞག །ཨོཾ་ཨ་བྷི་ཥིཉྩ་ཏྲཱཾ། རིན་ཆེན་མྱུ་གུའི་ཕྱག་རྒྱ་ཕྲེང༌། །དར་དཔྱངས་དགེས་པའི་ཐལ་མོར་བཅས། །རང་འོད་ཡུམ་དང་འཁྲིལ་པ་ལས། །གསང་གནས་ཧྲཱིཿདང་ཨས་བརྒྱན་ཏེ། །རིན་ཆེན་འབར་བ་ཕཊ་དད་བཅས། །བརྡས་བསྐུལ་གཉིས་མེད་རོལ་པ་མཛད། །ལིངྒ་བསྒྲེད་བ་རང་བྱུང་བ། །བརླ་ཡི་དབུས་སུ་གཞུག་བྱས་ནས། །ལིངྒ་རིན་ཆེན་བྱིན་བརླབས་ཏེ། །རྡོ་རྗེ་ཉི་མར་བདག་མངོན་བསྐྱེད། །གསང་གནས་སོ་སོའི་གདན་དག་ལ། །ཆོས་ཀྱི་སྙིང་པོས་ལྷ་རྣམས་བསྐྱེད། །ཏྲཾ་ལས་རྡོ་རྗེ་ཉི་མ་སྟེ། །གསང་གནས་དབུས་ཀྱི་གདན་ལའོ། །ཛཿལས་ལྷ་མོ་དབང་བསྐུར་མ། །ལྷཱུཾ་གིས་ལྷ་མོ་གཏེར་ལྡན་མཆོག །བཾ་ལས་རྒྱལ་མཚན་མཆོག་ལྡན་སྟེ། ཧོཿལས་ལྷ་མོ་མཆོད་ཆེན་མོ། །དེ་བཞིན་ཨོཾ་ལས་མདའ་འཛིན་རྒྱལ། །ཧྲཱིཿལས་རལ་གྲི་འཛིན་མ་ཡིན། །ཧོ་ཡིས་ལྷ་མོ་ཉི་མ་སྟེ། །ལྷཾ་ལས་རྡོ་རྗེ་མེ་མའོ། །ལྷག་པའི་ལྷ་མོ་གླིང་སོགས་རྣམས། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན། །བྷ་གར་ལིངྒ་བཅུ་གནས་ནི། །དེར་ནི་ཏཾ་ཡིག་བསྒོམ་པར་བྱ། །རྡོ་རྗེ་ཉི་མའི་གཟུགས་འདྲ་བ། །སྐུ་གཉིས་ལྡན་པར་སྤྲོ་བྱའོ། །ཨོཾ་སིདྡྷྱ་བྷུ་སིདྡྷྱ་བྷུ་སིདྡྷྱ་ས་མ་སིདྡྷྱ་ཤ །མ་ཧཱ་བཛྲ་ར་ཏྣ་བྷ་བ་ཏ་ཏ་ཏྲཾ་ཛྫ། ཕྱོགས་བཅུར་དོན་མཛད་འདུས་པ་དག །གཙོ་བོ་ཡབ་ཡུམ་ལ་གཟུག་བྱ། །ལྷ་མོ་དབང་བསྐུར་དཀར་གསལ་མདངས། །དབུ་རྒྱན་རྩེ་ལྔ་བུམ་པའི་ཆུ། །བཛྲ་ས་ཏྭ་ཛཿཛྫ། གཏེར་ལྡན་སེར་མོ་ཕྱག་གཉིས་ན། །རིན་ཆེན་གཏེར་གྱི་བུམ་པ་ཐོགས། །བཛྲ་རཏྣ་ཧཱུཾ་ཛྫ། རྒྱལ་མཚན་མཆོག་ལྡན་དམར་བའི་མད་ངས། །རྒྱལ་མཚན་རིན་ཆེན་ཏོག་བཅས་འཛིན། །བཛྲ་རཏྣ་མ་བཾ་ཛྫ། །མཆོད་ཆེན་ལྗང་སྔོན་རིན་ཆེན་སྣོད། །རིན་ཆེན་མཆོད་རྫས་གང་བ་འཛིན། །བཛྲ་ཀརྨ་ཧོཿཛྫ། དེ་དག་གཙོ་བོའི་ཕྱོགས་བཞི་ཡི། །


DTG027_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིའུ་ཆའི་པདྨ་དག་ལ་གནས། །མདའ་གཞུ་དམར་སེར་མཚན་ཐུན་ཕྱག །ཤར་ཀྱི་ཕྱོགས་ཀྱི་རྩེ་ལ་དགོད། །ཨོཾ་པྲ་ཏི་བཛྲ་ནི་མ་ཛྫ། རྡོ་རྗེ་ཁ་ཊུའཾ་བཻཊཱུ་ཪྻ། རལ་གྲི་ཁ་ཊྭཱཾ་ལྷོ་ཡི་རྩེ། །ཨོཾ་བཛྲ་པྲ་ཏི་ཧྲཱིཿཛྫ། རྡོ་རྗེ་ཉི་མ་དམར་སེར་མདངས། །ཉི་མའི་དཀྱིལ་འཁོར་ནུབ་ཀྱི་ཕྱོགས། །ཨོཾ་ཙིནྟ་མ་ནི་ཧོ་ཛྫ། རྡོ་རྗེ་མི་མོ་ལྗང་སེར་མདོག །རྡོ་རྗེ་སྣོད་བཅས་མི་འཛིན་བྱང༌། ཨོཾ་བཛྲ་མ་ཥ་ཧཱ་ཥྚཾ་ཛྫ། །ཕྱི་རོལ་ཤ་སོགས་པདྨའི་གདན། །རིན་ཆེན་འབར་བའི་རྩིབས་ལ་གནས། །འོད་འབར་སྣ་ཚོགས་འཁྲུགས་འོད་བཅས། །རིན་ཆེན་རྒྱན་ཕྲེད་ན་བཟའ་བཀླུབས། །བྱིན་རླབས་དབང་བསྐུར་རིགས་བདག་གིས། །དམ་ཚིག་དཀྱིལ་འཁོར་གསལ་བར་འགྱུར། །སྦྱོར་བས་རང་གི་དཀྱིལ་འཁོར་བསྐུལ། །རྒྱལ་བའི་ཚུལ་བརྗིད་གདན་ལ་བཞུགས། །ལུས་ཀུན་ས་ལ་བསྙལ་བྱས་ཏེ། །གནས་གསུམ་ཐལ་སྦྱར་ཕྱག་འཚལ་ལོ། །ཨོཾ་ཨ་ཏི་བྷཱུ་ཧྲཱཾ། གར་བསྒྱུར་རིན་ཆེན་ཐལ་སྦྱར་ནས། །ཉི་མའི་ཚོགས་མ་ཉེས་མཆོད་པ་དབུལ། །ཚད་མེད་བཞི་ཡི་སྦྱོར་བ་ཡིས། །ལྷ་རྣམས་གཉིས་སུ་མེད་པར་བྱ། །ཏྲཱཾ་རྣལ་འབྱོར་དེ་ནིང་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ནོར་མཆོག་རྣམ་པར་སྤྱང་བའི་ཕྱིར། །རྡོ་རྗེ་ཉི་མའི་ཕྱག་རྒྱར་གནས། །ནམ་མཁའ་སྙིང་པོ་ཐམས་ཅད་ཕྱོགས། །རེ་བ་ཐམས་ཅད་ཡོངས་རྫོགས་པར། །བུད་མེད་ལ་སོགས་རིན་ཆེན་མཆོག །རིན་ཆེན་ཐམས་ཅད་མཁའ་ལས་འབེབས། །དྲག་པོ་འདུས་པའི་འཇིག་རྟེན་རྣམས། །དྲག་པོ་ཉིད་ཀྱིས་སྒྲུབ་པར་བྱེད། །ཉི་མའི་གཟུགས་དང་སྤྱོད་ལམ་དང༌། །ཚུལ་དང་གཟི་བརྗིད་ཆེན་པོ་སྟོན། །རྡོ་རྗེ་གཞུ་དང་མདའ་མཆོག་དང༌། །ཤིན་ཏུ་ལེགས་པར་བཟུང་བ་སྟེ། མདངས་གསལ་འཛུམ་དང་བཅས་པའི་སྤྱན། །གཡོན་པས་འབྱེད་ཅིང་གྱེན་དུ་འདེགས། །རྡོ་རྗེ་པུས་མོ་གཉིས་གཞིབས་ཏེ། །རྒྱལ་པོའི་སྐྱིལ་མོ་ཀྲུང་བཅས་ནས། །རང་གི་སྟན་ལ་འདུག་ནས་ནི། །བགེགས་ནམས་ཐམས་ཅད་གཞིག་པར་བྱ། །ཨོཾ་སིདྡྷྱ་བྷུ་སིདྡྷྱ་བྷུ་སིདྡྷྱ་ས་མ་སིདྡྷྱ་ཤ །མ་ཧཱ་བཛྲ་རཏྣ་བྷ་ཝ་ཏ་ཏྲཱཾ། མ་ཧཱ་མུ་དྲ་ཏྲཱཾ། ཁམས་གསུམ་གནས་ཀུན་དག་མཛད་ཅིང༌། ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི། །ཡེ་ཤེས་ལྡས་མཚན་རྒྱན་གྱིས་སྤྲས། །སྐྱོན་གྱིས་མ་གོས་སྒྲིབ་ཚོགས་སྤངས། །བཛྲ་


DTG027_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ས་ཏྭ་ཛཿམ་ཧཱ་མུ་དྲ་ཏྲཾ། རྒྱལ་སྲིད་ཀུན་ལ་ལོངས་སྤྱོད་ཅིང༌། །འཕགས་པའི་ནོར་ཚོགས་ཟག་པ་མེད། །རང་བཞིན་མི་འགྱུར་ལྷུན་གྲུབ་རྒྱས། །རྟག་ཏུ་འགྱུར་མེད་རྣམ་པར་སྤྱོད། །བཛྲ་རཏྣ་ཧཱུཾ་མ་ཧཱ་མུ་དྲ་ཏྲཾ། ཆོས་ཀུན་མཚན་མ་ལས་རྒྱལ་ཞིང༌། །ཡོན་ཏན་ཚོགས་ལྡན་ནུབ་པ་མེད། །ཆགས་པའི་ཐུགས་རྗེས་ཀུན་ཁྱབ་མཛད། །མཆོག་གི་མཚན་མས་མཉེས་པའི་ཚུལ། །བཛྲ་དྷྱརྨཱ་བཾ་མ་ཧཱ་མུ་དྲ་ཏྲཾ། མཉེས་མཛད་ཕྲིན་ལས་ཀུན་སྤྱོད་ཅིང༌། །ཀུན་འབྱུང་ཡོན་ཏན་སྣོད་བཅུད་སོགས། །རྣམ་ཀུན་སྤུངས་པའི་སྤྲིན་ཆེན་པོ། །སྣ་ཚོགས་ལས་མཛད་འགྱུར་བ་མེད། །བཛྲ་ཀརྨཱ་ཧོཿ་མྷཱ་མུ་དྲ་ཏྲཾ། ཐབས་དང་ཤེས་རབ་འབྲེལ་པའི་མཆོག །རྒྱ་ཆེན་ཟབ་མོའི་དབྱིངས་སུ་སྦྱོར། །ཆགས་པའི་སྐྱོན་བྲལ་རྒྱས་བྱེད་མདངས། །ཐུགས་རྗེ་མཛད་པས་བཤོལ་བ་མེད། །ཨོཾ་བྲ་ཏི་བཛྲ་ནི་ཕཊ། མ་ཧཱ་མུ་དྲ་ཏྲཾ། སྐུ་གསུང་ཐུགས་མཆོག་རྟགས་ལྡན་པས། །སྣ་ཚོགས་སྒྲར་བཅས་ཁམས་གསུམ་གནོན། །ཤེས་རབ་མཚོན་ཚོགས་གཡུལ་ལས་རྒྱལ། །དོན་དམ་འགྱུར་མེད་མཁའ་འགྲོ་མ། །ཨོཾ་བཛྲ་པྲ་ཏི་ཧྲིཿམ་ཧཱ་མུ་དྲ་ཧྲཾ། སྲ་བརྟན་མི་ཤིགས་འགྲོ་རྒྱུད་ཁྱབ། །འོད་མདངས་གསལ་བའི་དཀྱིལ་འཁོར་ཅན། །ལྷག་པའི་ཐུགས་གཉིས་དབྲི་དཀྲོལ་མེད། །དེ་ཉིད་བཞིན་འདས་ཚུལ་སྟོན་པའོ། །ཨོཾ་ཙིནྟ་མ་ནི་ཧོ་མ་ཧཱ་མུ་དྲ་ཧྲཾ། དྲག་པོ་བསྐལ་པས་འཁྲིགས་བྱས་ནས། །མི་མཐུན་གནས་ཀྱི་རྒྱུད་ཀུན་བསྲེག །ཀུན་སྤྱོད་ཡོན་ཏན་མཐར་ཕྱིན་པའི། །གསུང་གསུམ་རྟེན་བཅས་འགྲོ་ལ་སྟོན། །ཨོཾ་བཛྲ་མ་ཥཱམ་ཧཱ་ཥུཾ་མཧཱ་མུ་དྲ་ཏྲཾ། ཏྲཾ་ཁམས་གསུམ་ཀུན་གྱི་རྒྱལ་སྲིད་བདག །སྣ་ཚོགས་མཆོག་གི་ནོར་ལྡན་པས། །འཇལ་དུམ་གཡུལ་འགྱེད་ལ་སོགས་པའི། །རྣམ་མང་སངས་རྒྱས་ཀྱིས་འདུལ་ག །རྣམ་པ་སྣ་ཚོགས་འཇལ་དུམ་ལས། །རྣམ་པར་གྱལ་བའི་རྒྱལ་མཚན་ཅན། །རྡོ་རྗེ་ཉི་མའི་རྒྱལ་པོ་ཡི། །བདེ་མཆོག་སྒྱུ་མ་བསྟན་དུ་གསོལ། །སེམས་ཅན་སྤྲིན་ལ་བྱང་ཆུབ་སེམས། །མཆོག་སྦྱིན་སྣ་ཚོགས་ཆར་འབེབས་པ། །བདག་གི་རེ་བ་ཐམས་ཅད་བསྒྲུབ། །མྱུར་སྟོན་ཨ་ལ་ལ་ལ་ཧོ། །མི་ཟད་གཏེར་གྱི་དབང་བསྐུར་བ། །ཁྱབ་པར་བདག་ལ་བསྟན་དུ་གསོལ། །ཧཱུཾ་པ་པ་ཏ་ཏ་ཊྲ་ཊྲ་ཏ་ཏ། ཏཾ་ཏཾ་སྭཱ་ཧཱ། རྡོ་རྗེ་


DTG027_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐལ་མོ་མཉམ་སྦྱར་ལ། །མཛུབ་མོ་མཉམ་པར་ཕྱིར་བཀུག་སྟེ། །མཐེ་བོ་རྡོ་རྗེ་གཡོགས་པ་ནི། །རྡོ་རྗེ་དཔལ་གྱི་ནོར་བུ་ཡིན། །རྡོ་རྗེ་ཁུ་ཚུར་རིན་ཆེན་མཆོག །འབེབས་པ་ཐམས་ཅད་ཡོངས་རྫོགས་པའོ། །ཕྱི་ནང་གསང་བའི་མཆོད་ཚོགས་བདག །བྱིན་རླབས་སྔགས་དང་ཕྱག་རྒྱ་འབུལ། །མཉམ་མེད་མི་གཡོ་ལ་སོགས་པའི། །བསྟོད་པའི་ཕྱག་རྒྱས་མཉེས་པར་བྱ། །སྨོན་ལམ་རྒྱ་ཆེན་བཏབ་བྱས་ནས། །སླར་བརྗོད་ཐིག་ལེ་ཕྲ་མོ་དང༌། །དཀྱིལ་འཁོར་དེ་ཉིད་གང་རུང་གིས། །མཚོན་མའི་དཀྱིལ་འཁོར་བརྟན་པར་བྱ། །འབྱོར་ཚོགས་ཡོན་ཏན་རྒྱས་པའི་ཕྱིར། །རིན་ཆེན་སྣོད་བཟང་ལེགས་སྤྲས་པར། །དཀྱིལ་འཁོར་ཕོ་བྲང་ཐིག་གི་ས་དབྱེ། །བཟའ་བཏུང་བརྡ་སྦྱོར་བདུད་རྩིས་བཀང༌། །རིགས་ཀྱི་བསྒོམ་བཟླས་འཕྲོ་འདུར་བཅས། །གླུ་གར་དབྱངས་ཀྱི་སྤྲུལ་པར་བྱ། །གཉིས་མེད་རོལ་པས་ལོངས་སྤྱོད་ཅིང༌། །རྟེན་གྱི་དཀྱིལ་འཁོར་བཅང་བར་བྱ། །ལྷ་མཉེས་མགྲོན་ཚིམ་ལས་གྲུབ་བྱེད། །ཚོགས་འཁོར་སྦྱིན་སྲེག་ལྷག་མའི་ལས། །ལས་རྫོགས་མཆོད་བསྟོད་བསྐུལ་བྱས་ཤིང༌། །རང་གི་གནས་སུ་བསྡུས་ནས་ནི། །མཚན་མ་ཀུན་དང་ཡོངས་བྲལ་བའི། །མཉམ་ཉིད་དབྱིངས་སུ་གནས་པར་བྱ། །ཤིན་ཏུ་གདུག་ཅིང་དྲག་བོ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ནི། །རྣམ་པར་རྒྱལ་ཕྱིར་རབ་ཏུ་དྲག །སྣ་ཚོགས་ལས་རྣམས་བརྩམ་པའི་ཕྱིར། །རྟ་མཆོག་དཀྱིལ་འཁོར་མཆོད་བྱ་སྟེ། །བྲོ་གར་རྒྱའི་ཚིགས་བཅས་པས། །རང་གི་ལས་གཟུང་རྣམ་པར་འཕྲུལ། །དེ་བཞིན་ཉིད་ནས་བརྩམ་བྱ་སྟེ། །ཕྲེང་བས་བརྒྱན་པའི་བར་དུ་བསྒོམ། །ནང་གི་དཀྱིལ་འཁོར་དབྱིབས་དག་ནི། །སྣ་ཚོགས་པདྨ་འདབ་བརྒྱད་མཛེས། །འཁོར་ལོས་མཚན་པ་མུ་ཁྱད་མཆོག །རིམ་གཉིས་རྒྱ་གྲམ་པདྨའི་གདན། །ཕྱི་རོལ་རབ་དུར་ཁྲོད་དང༌། །ཀུན་འབྱུང་ཁོར་ཡུག་གྲུབ་ཞིས་མཚན། །མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །མགོན་པོ་རྒྱུ་ཡི་སེམས་དཔའ་བསྐྱེད། །སྐུ་མདོག་རྒྱན་ཆ་ནས་བཟུང་སྟེ། །བྱིན་བརླབས་རྫོགས་པས་དག་པར་བྱ། །རང་འོད་རིག་མ་བསྐྱེད་པ་ནས། །ལྷ་མོས་བསྐུལ་བའི་མཐར་ཐུག་བརྩམ། །ཐུགས་རྗེས་འགྲོ་རྒྱུད་གཟིགས་མཛད་དེ། །ཧཾ་ཡིག་རྒྱ་གྲམ་ལས་བྱུང་


DTG027_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའོ། །ཨོཾ་སུམྦྷ་ནི་སུམྥ་ཧཱུཾ། རྟ་མཆོག་ལྗང་སེར་ཞལ་གསུམ་པ། །དབུས་སྟེང་རྟ་མགོ་ལྗང་སྔོན་བཅས། །བགེགས་བ་ཅས་དྲག་ཚུལ་ཞི་མདངས་ཁྲོས། །ལག་དང་བརྒྱད་བ་དཔའ་བོའི་མཆོག །གཡས་པས་བདན་གསུམ་པའི་ཕྱག །འདེགས་པའི་ཚུལ་དུ་མཛད་པ་དང༌། །གཉིས་པ་རྡོ་རྗེ་རྒྱ་གྲམ་འཛིན། །འོག་མ་གཉིས་ན་རལ་གྲི་མདའ། །གཡོན་གྱི་ས་སྣ་ཚོགས་པདྨ་དང༌། །ཤག་ཏི་རྩེ་གཅིག་བེ་ཆོན་གཟུ། །གཡས་ཀྱི་རྨིག་པ་དང་པོ་ཡིས། །དངོས་གྲུབ་གསུམ་དང་དཔལ་མོ་གནོན། །གཉིས་པས་ཞི་ལ་དགའ་བ་མོ། །གཡོན་པས་དྲག་པོ་ཁྱབ་འཇུག་དང༌། གཉིས་པས་ཚང་པ་འདོད་པའི་ལྷ། །རིན་ཆེན་སྣ་ཚོགས་རྒྱན་དང་གོས། །ཁྲོ་འཇུམ་ཕྲག་རྒྱ་ལྔ་ཡིས་སྤྲས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང༌། །ཡེ་ཤེས་སེམས་དཔའ་སྔགས་དང་བཅས། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང༌། །དབུ་ལ་རིགས་ཀྱི་བདག་པོས་བརྒྱན། །སངས་རྒྱས་རིན་ཆེན་པདྨོ་དབང༌། །དེ་བཞིན་རྡོ་རྗེ་རིན་ཆེན་དང༌། །ཡིད་བཞིན་ནོར་བུ་རིན་ཆེན་མཆོག །རྟ་མཆོག་རབ་ཏུ་འགྲུབ་པར་འགྱུར། །ཨོཾ་ཨ་བྷི་ཥིཉྩ་ཧཾ། རྒྱ་གྲམ་ཕྲེད་བའི་ཕྱག་རྒྱ་དང༌། །དར་དཔྱངས་དགྱེས་པའི་ཐལ་མོར་བཅས། །རང་འོད་ཡུམ་དང་འཁྲིལ་བ་ལས། །གསང་གནས་ཧཱུཾ་དང་ཨས་བརྒྱན་ཏེ། །རྒྱ་གྲམ་འབར་བ་ཕཊ་དང་བཅས། །རྣམ་པར་ཐར་པ་ཨེ་དཀྱིལ་ཅན། །སམ་ཨ་སོགས་བརྡས་བསྐུལ་ནས། །ཛཿཧཱུཾ་བཾ་ཧོཿས་རོལ་པ་བྱ། །ལིངྒ་འགྲེང་བ་རང་འབྱུང་བ། །བརླ་ཡི་དབུས་སུ་གཞུག་བྱ་སྟེ། །ལིངྒ་སྣ་ཚོགས་རྡོ་རྗེ་སྟེ། །རྟ་ཡི་རྒྱལ་པོར་བདག་སྔོན་བ་སྐྱེད། །གསང་གནས་སོ་སོའི་གདན་དག་ལ། །ཆོས་ཀྱི་སྙིང་པོས་ལྷ་རྣམས་བསྐྱེད། །ཧཾ་གི་རྟ་མཆོག་རྒྱལ་པོ་སྟེ། །གསང་གནས་དབུས་ཀྱི་གདན་ལའོ། །ཛཱི་ལས་སྣ་ཚོགས་པདྨའི་རྒྱ། །ཧ་ལས་སྣ་ཚོགས་རྡོ་རྗེ་མ། །ཁྱད་པར་རྟ་ཡི་ལྷ་མོ་སྟེ། །གཡས་གཡོན་ཕྱོགས་ཀྱི་པདྨ་ལའོ། །འཁོར་ག་ཞན་རིགས་རྣམས་གང་རུང་གི །ལྷ་མོ་ཉི་ཤུ་གོང་མ་བཞིན། །བྷ་གར་ལིངྒ་བཅུག་ནས་ནི། །དེར་ནི་ཧཱུཾ་ཡིག་བསྒོམ་པར་བྱ། །རྟ་མཆོག་རོལ་པའི་གཟུགས་དག་ནི། །སྐུ་གཉིས་ལྡན་པས་སྤྲོ་བྱའོ། །ཨོཾ་སུམྥ་ནི་སུམྥ་ཧཱུཾ་ཛྫ།


DTG027_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱོགས་བཅུར་དོན་བྱས་འདུས་པ་དག །གཙོ་བོ་ཡབ་ཡུམ་ལ་གཟུག་བྱ། །སྣ་ཚོགས་པདྨ་ལྗང་སེར་འཕྲོ། །མཚན་མཐུན་ཕྱག་རྒྱ་གཡས་ཀྱི་ཕྱོགས། ཨོཾ་བྷི་ཤ་བཛྲ་དྷ་བོ་ཛྫཿ། སྣ་ཚོགས་རྡོ་རྗེ་ལྗང་སྔོན་འཕྲོ། །མཚན་མཐུན་ཕྱག་འཛིན་གཡོན་གྱི་ཕྱོགས། །ཨོཾ་བྷཾ་ཤ་བཛྲ་ས་ཏྭ་ཛྫ། །འཁོར་གཞན་ལྷ་མོ་ཚོགས་བཅས་པ། །སྣ་ཚོགས་རྡོ་རྗེ་རྒྱན་ཕྲེང་མཛེས། །བྱིན་རླབས་དབང་བསྐུར་རྫོགས་བྱས་པས། །དམ་ཚིག་དཀྱིལ་འཁོར་གསལ་བར་སྣང༌། །སྦྱོར་བས་རང་རིགས་དཀྱིལ་འཁོར་བསྐུལ། །སྣ་ཚོགས་ཚུལ་གྱིས་མདུན་དུ་བཞུགས། །དཔལ་ལྡན་རྡོ་རྗེ་འགྱིང་བའི་ཐབས། །འཇུམ་པའི་མིག་གིས་ཕྱག་བྱའོ། །ཨོཾ་ཨ་ཏི་བྷུ་ཧཾ། གང་ངམ་འོན་ཏེ་སྟོང་ཡང་རུང༌། །ཡང་ན་ཅི་འབྱོར་པ་ཡིས་ཀྱང༌། །དམ་ཚིག་མཉམ་པར་བསྒྲུབ་པ་ཡིས། །མཆོད་པ་ཐམས་ཅད་འགྲུབ་པར་འགྱུར། །ཚད་མེད་བཞི་ཡི་སྦྱོར་བ་ཡིས། །ལྷ་རྣམས་གཉིས་སུ་མེད་པར་བྱ། །ཧཱུཾ་རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དྲག་ཤུལ་སྦྱོར་བས་རྣམས་སྦྱོར་བ། །རྟག་མཆོག་ཕྱག་རྒྱས་རབ་ཏུ་གནས། །ཐམས་ཅད་པདྨོ་མོས་པ་ཡིས། །སྡིག་མེད་སྟོབས་ཀྱི་ངོ་འཐོན་དུ། །རབ་ཏུ་གནོན་པའི་སྩལ་དག་གིས། །འཇིག་རྟེན་ཐམས་ཅད་རབ་ཏུ་འཇོམས། །འདོད་ཆགས་ཅན་ལ་གཡེམ་པར་སྟོན། །གདུག་པ་རྣམས་ལས་གདུག་པར་འགྱུར། །ཞི་བ་རྣམས་ལ་ཞི་བའི་མཆོག །དྲག་ཤུལ་ཅན་ལ་དྲག་ཤུལ་སྦྱོར། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཞལ་བཞི་པ་ལ་རྨིག་པ་བཞིན། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །དབང་ཕྱག་དམ་པ་འགྲུབ་པར་འགྱུར། །གཡོན་པའི་ཁུ་ཚུར་མཛུབ་མོ་ཡིས། །དཔལ་ལྡན་པདྨ་སྣ་ཚོགས་འཛིན། །རྡོ་རྗེར་བཅས་ཤིང་སློང་བ་འགྲུབ། །གཡས་པ་སབ་དན་གསུམ་པ་བྱས། །གཡས་དང་གཡོན་པའི་སྦྱོར་པ་ཡིས། །བརྐྱང་བསྐུམ་པ་ཡི་ཚུལ་བྱས་ནས། །ཁྲོ་བོའི་སྐྱིལ་མོ་ཀྲུང་བཅས་ཏེ། །འཇིག་རྟེན་ཐམས་ཅད་རབ་ཏུ་བཤིག ། ཧཾ་མྱོས་བྱེད་སྟོང་པས་ལྷག་པ་ཡི། །བདེ་བར་འདོད་པའི་གཟུགས་སྟོན་པ། །འདུལ་བའི་དབང་གིས་གཤིན་རྗེའི་ཆོགས། །སྟོང་པས་ལྷག་པར་རབ་ཏུ་འཇིགས། །ཞི་བའི་སྐུར་ཡང་ཚངས་པའི་ཚོགས། །སྟོང་པས་ཤིན་ཏུ་ལྷག་པར་སྟོན། །དཀྱིལ་འཁོར་ཀུན་གྱི་མཆོག་དག་ཏུ། །དེ་བཞིན་


DTG027_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཤེགས་ཀུན་གྲུབ་པར་མཛོད། །ཐམས་ཅད་དག་པར་མོས་པ་ཡིས། །དོ་འཐོན་སྟོབས་ཀྱིས་ནོན་པས་གནོན། །ཨེ་ཧི་ཨི་ཧི་དབང་ཕྱུག་ཚོགས། །ཐམས་ཅད་རབ་ཤིག་རབ་ཏུ་ཤིག །རབ་ཀྱི་རྩལ་གྱིས་ནོན་པ་ཡིས། །སྟོབས་ཀྱི་ངོ་འཐོན་དབང་ཕྱུག་གནོན། །སྦྱོར་ཆེན་ཧུ་ལུ་ཧུ་ལུ་ཡི། །མིག་གསུམ་པ་ལས་གསུམ་གྲུབ་དྲོངས། །རབ་ཀྱི་རྩལ་གྱིས་མངོན་གནོན་པའི། །སྟོབས་ཀྱིས་པོ་འཐོན་མཐུ་ཆེན་གནོན། །མཉམ་སྦྱོར་རུ་ཏྲ་མ་སྙིང་ལས། །དཔལ་མི་དྲོངས་ཤེས་རབ་དྲོངས་ཤིག །རབ་ཀྱི་རྩལ་གྱིས་གནོན་པ་ཡིས། །སྟོབས་ཀྱི་ངོ་འཐོན་ཚང་པ་གནོན། སྦྱོར་ཆེན་ཚངས་པའི་སྒྱུ་མ་ལས། །སྒྲོལ་མ་དྲོངས་ཤིག་སྨར་ཏ། །རབ་ཀྱི་རྩལ་གྱིས་གནོན་པ་ཡི། །སྟོབས་ཀྱིས་ངོ་འཐོན་དགའ་དབང་གནོན། །མཉམ་སྦྱོར་ཀུན་གྱིས་བདག་ལ་དགའ། །དྲོངས་ཤིག་ཨ་ལ་ལ་ལ་ཧོ། །གདུག་ཅིག་ཁྲོ་ལ་རབ་གཏུམ་པའི། །སེམས་ཅན་བསྒྲལ་བའི་ཕྱིར་བསྒྲུབ་ཞུགས། །ཨ་ལ་ལ་ཧོ་ཨ་ལ་ལ་ལ་ཧོ། །ཨོཾ་སུ་མྦྷ་ནི་སུམྦྷ་ཧཱུཾ་པཊ། མ་ཧཱ་མུ་དྲ་ཧཾ། མཛའ་བོ་མི་ལ་བྱ་བའང་མིན། །ཡོངས་རྟོག་དེ་དག་མེད་ཀྱང་བླ། །དེ་འདྲའི་མཛའ་བོ་སྒྱུ་བཞིན་པས། །དེ་ལ་མཛའ་ཞེས་སུ་ཞིག་ཟེར། །རྒོལ་བ་མི་ལ་བྱང་མིན། །ཡོངས་སུ་རྟོག་པ་མེད་ཀྱང་བླ། །དེ་འདྲའི་རྒོལ་བསྒྲུབ་བཞིན་པས། །དེ་ལ་སུ་ཞིག་པ་ཞེས་ཟེར། ཨོཾ་ཤྲཱི་པདྨ་བ་ཌ་བ་མ་ཁ་ཡོ་གེ་ཤྭརི་ཧི་ཧི་ཧི་ཧི་ཧཾ། རྡོ་རྗེ་ཐལ་མི་མཉམ་སྦྱར་ནས། །མཐེའུ་ཆུང་སྲིན་ལག་མཉམ་པར་བརྐྱང༌། །མཛུ་བ་མོ་རྩེ་བསྙམས་བཀུག་པ་ནི། །དཔལ་མཆོག་རྟ་ཞེས་གྲངས་པ་ཡི། །རྡོ་རྗེ་ཁུ་ཚུར་དཔལ་བཅིངས་ལ། །སོར་མོ་ཐམས་ཅད་ཡོངས་སུ་བཟུང༌། །དེ་ལྟར་ཕྱག་རྒྱ་གོང་མ་དང༌། །རང་རང་ལས་ལ་སྦྱར་བར་བྱ། །ཕྱིན་ང་གསང་བའི་མཆོད་ཚོགས་དག །བྱི་རླབས་སྔགས་དང་ཕྱག་རྒྱས་དབུལ། །མཉམ་མེད་མི་གཡོ་ལ་སོགས་པའི། །བསྟོད་པའི་ཕྱག་རྒྱས་མཉེས་པར་བྱ། །སྨོན་ལམ་རྒྱ་ཆེན་གདབ་བྱས་ནས། །བཟླས་བརྗོད་ཐིག་ལེ་ཕྲ་མོ་དང༌། །དཀྱིལ་འཁོར་དེ་ཉིད་གང་རུང་གིས། །མཚན་མའི་དཀྱིལ་འཁོར་བརྟན་པར་བྱ། །གླུ་གར་བྲོ་སྔགས་ཕྱག་རྒྱའི་ཚོགས། །ཕྲིན་ལས་རྣམ་བཞིའི་བཞིན་ལྟར་འཛུམ། །ལས་ཀྱི་བསྐུལ་ཚིག་དང་བཅས་པའི། །སྣ་ཚོགས་


DTG027_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟང་སྟབས་འཕྲོ་འདུའི་གར། །ལྷ་མཉེས་མགྲོན་ཚིམ་ལས་གྲུབ་བྱེད། །ཚོགས་དང་སྦྱིན་སྲེག་ལྷག་མའི་ལས། །ལས་རྫོགས་མཆོད་བསྟོད་བསྐུལ་བྱས་ཤིང༌། །རང་གི་གནས་སུ་བསྡུས་ནས་ནི། །མཚན་མ་ཀུན་དང་ཡོངས་བྲལ་བའི། །མཉམ་ཉིད་དབྱིངས་སུ་གནས་པར་བྱ། །ཐམས་ཅད་དག་པར་མོས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །དྲག་ཤུལ་སྦྱོར་བས་མཉམ་སྦྱར་བས། །འཇིག་རྟེན་ཐམས་ཅད་གཞོམ་པར་བྱེད། །ཕྱག་རྒྱ་སྒྲུབ་པའི་དུས་སུ་ནི། །སྔ་མ་ལས་ནི་གནས་བསྒྱུར་ཏེ། །བསྐལ་པ་མེ་དཔུང་འཁྲིགས་པ་བཞེན། །འབར་བའི་ཚོགས་ནི་རྣམ་པར་བསམ། །གཞི་དང་རྟེན་པའི་ཏིང་འཛིན་ཉིད། །སྦྱོར་བ་བཞི་ཡིས་གསལ་བྱས་ཏེ། །དམ་ཚིག་འཕྲོ་འདུའི་ཡན་ལག་དག །མངོན་སུམ་སྣང་བ་ལྟར་གནས་ནས། །ཡེ་ཤེས་དཀྱིལ་འཁོར་ལ་དམིགས་ཤིང༌། །མདུན་ནས་གཉིས་མེད་དཀྱིལ་འཁོར་གྱི། །ཆོ་ག་རྫོགས་པར་སྤྱད་བྱས་པས། །ཡེ་ཤེས་དཀྱིལ་འཁོར་བསྒྲུབ་པར་བྱ། །འཁོར་བཅས་མཆོད་པ་རྫོགས་ནས་ནི། །བསྙེན་པའི་ལུང་བཞིན་བརྩོན་པས་འབད། །བསྙེན་པར་གནས་པའི་དབང་ཐོབ་ནས། །བསྒོམ་དབྱངས་ཡིན་གེ་འབྲུ་བརྒྱད་བསྟན། །འཕྲོ་འདུའི་ཡན་ལག་ཀུན་ལྡན་པས། །དབྱངས་དྲུག་བླངས་པས་དོན་དྲུག་གསལ། །སྔགས་མཆོག་ཡི་གེའི་འབྲུ་བརྗོད་པས། །དེས་ནི་དྲག་པོའི་དཀྱིལ་འཁོར་བསྐྱེད། །དགེ་མཆོག་དངོས་གྲུབ་ཀུན་བསྡུས་ཏེ། །གནས་གསུམ་བསྐོར་ཞིང་གསང་མཆོག་སྒྲུབ། །ཁྱད་པར་གསང་སྔགས་རིམ་པ་བཞིན། །འཕྲོ་འདུ་མཆོད་བསྟོད་བསྐུལ་ཚིག་ལྡན། །མཐར་ཕྱིན་གསང་སྔགས་རྒྱལ་པོ་ཡིས། །ལས་ཀྱི་སྦྱོར་བ་ཀུན་བརྩམ་བྱ། །མཉེས་ཤིང་མགྲོན་ཚིམ་ལས་གྲུབ་བྱེད། །ཚོགས་དང་སྦྱིན་སྲེག་ལྷག་པའི་ལས། །ལས་རྫོགས་མཆོད་བསྟོད་བསྐུལ་བྱས་ཤིང༌། །རང་གི་གནས་སུ་བསྡུས་ནས་ནི། །མཚན་མ་ཀུན་དང་ཡོངས་བྲལ་བའི། །མཉམ་ཉིད་དབྱིངས་སུ་གནས་པར་བྱ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དང་ནི་རེག་པར་འགྱུར། །དམིགས་


DTG027_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་ཡོད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །དབུགས་དབྱུང་དཀྱིལ་འཁོར་རྣམ་དྲུག་དག །སྦྱོར་བ་བཞི་དང་ལྡན་པར་བྱ། །སྦྱོར་དང་རྗེས་སུ་སྦྱོར་བ་དང༌། །ཤིན་ཏུ་སྦྱོར་དང་སྦྱོར་ཆེན་པོ། །ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །སྦྱོར་བ་ཞེས་ནི་བཤད་པ་ཡིན། །ཡུམ་ལྡན་བྱིན་བརླབས་རོལ་པས་མཆོད། །གཞུག་པ་རྗེས་སུ་སྦྱོར་བའོ། །དག་མཛད་དཀྱིལ་འཁོར་རྫོགས་བྱས་ནས། །འཕྲོ་འདུ་ཤིན་ཏུ་སྦྱོར་བ་ཡིན། །བྱིན་བརླབས་དབང་བསྐུར་ལས་རྫོགས་པ། །སྦྱོར་བ་ཆེན་པོ་ཞེས་བྱའོ། །སྒྲུབ་པ་དངོས་གྲུབ་ཚུལ་བཞིན་དུ། །མཚན་བརྟགས་གསལ་བའི་གནས་ཤེས་པས། །བདག་གཞན་དོན་ཚོགས་ལས་སྦྱར་ཏེ། རེ་དོག་མཐའ་ཀུན་བྲལ་བས་བླང༌། །དེ་བཞིན་ཉིད་ནས་བརྩམ་བྱ་སྟེ། །ཕྲེང་བས་བརྒྱན་པའི་བར་དུ་བསྒོམ། །ནད་གི་དཀྱིལ་འཁོར་དབྱིབས་དག་ནི། །ཐིག་བཞིས་རྣམ་པར་ཕྱེ་བ་ལ། །སོ་སོའི་ཕོ་བྲང་ཇི་ལྟར་བར། །རིགས་བསྡུས་དཀྱིལ་འཁོར་རྒྱས་པའི་ཚུལ། །དབུས་སུ་རིགས་བདག་འཁོར་ལོ་སྟེ། །ཤར་དུ་དེ་བཞིན་གཤེགས་པའི་རིགས། །ལྷོ་ཕྱོགས་རྡོ་རྗེ་དྲ་པོའི་ཚོགས། །ནུབ་ཏུ་པདྨ་རྣམ་དག་ཆོས། །བྱང་ཕྱོགས་ཡོན་ཏན་རིན་ཆེན་མཛོད། །ཤར་མཚམས་བཞི་དཀྱིལ་སྡུད་པའི་ཚུལ། །ལྷོ་མཚམས་དྲག་པོ་སྲེག་བྱེད་ལྟར། །ནུབ་མཚམས་དབང་མཛད་གཡོ་བའི་བཞིན། །བྱང་མཚམས་རྒྱས་པ་དབང་ཆེན་ལྟར། །རང་དང་ཕྲེང་བས་མཛེས་པར་བྱ། །ཕོ་བྲང་ཁ་དོག་རིན་ཆེན་བཞི། །སྣ་ཚོགས་པདྨ་གདན་གྱིས་མཚན། །ཕྱི་རོལ་ར་བ་དུར་ཁྲོད་དང༌། །ཀུན་འབྱུང་ཁོར་ཡུག་ཏུ་བཞིས་མཚན། །མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །མགོན་པོ་རྒྱུ་ཡི་སེམས་དཔའ་བསྐྱེད། །སྐུ་མདོག་རྒྱན་ཆ་ནས་བཟུང་སྟེ། །བྱིན་རླབས་རྫོགས་པས་དག་པར་བྱ། །རང་འོད་རིག་མ་བསྐྱེད་པ་ནས། །ལྷ་མོས་བསྐུལ་བའི་མཐར་ཐུག་བར། །ཐུགས་རྗེས་འགྲོ་རྒྱུད་ལ་གཟིགས་ནས། །འོད་ཀྱི་གོང་བུ་ལས་འཕྲོ་བའི། །ཐིག་ལེ་རིན་ཆེན་སྣ་ལྔའི་མདངས། །ཕྱོགས་མཚམས་དབུས་ཀྱི་ལྟེ་བ་ལ། །ཡི་གེ་འཕྲོ་འདུས་མཚན་མ་སྟེ། །སྔགས་ཀྱི་ཕྱག་རྒྱ་ཆེན་པོའི་སྐུ། །སྐུ་མདོག་ཕྱག་ཆན་རྒྱན་ཆ་དང༌། །ཆ་ལུགས་


DTG027_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ་སོའི་དཀྱིལ་འཁོར་བཞིན། །སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་དང༌། །ཡེ་ཤེས་སེམས་སེམས་དཔའ་སྔགས་དང་བཅས། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང༌། །དབུ་ལ་རིགས་ཀྱི་བདག་པོས་མཚན། །སོ་སོའི་དབང་བསྐུར་ཕྱག་རྒྱ་དང༌། །རང་གི་གསང་སྔགས་བཅས་པའོ། །རིན་ཆེན་མྱུ་གུ་ལ་སོགས་དང༌། །དར་དབྱངས་དགྱེས་པའི་ཐལ་མོར་བཅས། །སོ་སོའི་ཡུམ་དང་འཁྲིལ་བ་ལས། །གསང་གནས་བྱིན་རླབས་བཅས་བསྐུལ་ཏེ། །སྙོམས་འཇུག་ཆོས་ཀྱི་སྙིང་པོ་ལས། །རིགས་དགུའི་དཀྱིལ་འཁོར་གསལ་བར་བསྒོམ། །ཕྱི་ནང་སྔགས་ཀྱིས་སྤྲོ་མཛད་ནས། །རང་རིག་དཀྱིལ་འཁོར་གནས་ལ་འཁོད། །བྱིན་རླབས་དབང་བསྐུར་རྫོགས་བྱས་པས། །དམ་ཚིག་དཀྱིལ་འཁོར་གསལ་བར་འགྱུར། །ཡེ་ཤེས་དཀྱིལ་འཁོར་རྒྱས་དམིགས་པས། །མདུན་གྱི་དཀྱིལ་འཁོར་མཉེས་པར་བྱ། །གཉིས་མེད་དཀྱིལ་འཁོར་རྒྱས་བཏབ་ནས། །ཆོ་ག་ལྷག་མས་མཉེས་པར་བྱ། །རྣམ་ཤེས་ཡེ་ཤེས་བྱེ་བྲག་གིས། །དཀྱིལ་འཁོར་དྲུག་གི་རིམ་པ་བཞིན། །ཡི་གེ་གཅིག་པའི་སྔགས་བཟླས་ཤིང༌། །ལས་བཞིའི་བསྐུལ་སྔགས་གསང་བ་ལ། །མཐའ་བརྒྱན་གྱུར་པས་གསོལ་གདབ་ཅིང༌། །བར་སྐབས་མཆོད་བསྟོད་འཕྲོ་འདུ་དང། །གླུ་དབྱངས་གར་གྱིས་བསྐུལ་བར་བྱ། །རྣམ་ཤེས་ཡེ་ཤེས་བྱེ་བྲག་གིས། །མཚན་མ་གང་རུང་གསལ་བར་བརྟག །རྡོ་རྗེས་མི་མཐུན་འཇོམས་བྱེད་ཅིང༌། །འཁོར་ལོས་ཁམས་གསུམ་གཙོ་བོར་འགྱུར། །མདའ་ཡིས་ཕྲ་བར་འབིགས་བྱེད་ཅིང༌། །རལ་གྲིས་ལྷ་མིན་གྲོང་ཁྱེར་འཇོམས། །པདྨས་ལྷ་མོ་ལ་སོགས་འགུགས། །རྩེ་གསུམ་ལྷ་དབང་དུ་ལ་འགྱུར་ཞིང༌། །བུམ་པས་བཀྲ་ཤིས་བདུད་རྩི་འགྲུབ། །རྒྱ་གྲམ་ས་འོག་གསེར་འགྱུར་རྩི། །ཉི་མས་གསེར་མདོག་འོད་དང་ལྡན། །ལྕགས་ཀྱུས་སྲིད་པའི་རྩེ་མོར་འགྲོ། །ནོར་བུས་གྲོང་ཁྱེར་རྒྱས་པར་བྱེད། །མེ་ལོང་མངོན་པར་ཤེས་པ་འགྲུབ། །པི་ཝང་སྣ་ཚོགས་གསུང་སྒྲོགས་ཤིང༌། །གླིང་བུས་ཆོས་ཀྱི་ཚིག་བརྗོད་པའོ། །གཞན་ཡང་གཟུགས་སོགས་མང་བཤད་པའི། །ཡུལ་དྲུག་སྣང་བའི་མཚན་མ་ཀུན། །ཏིང་འཛིན་སྔགས་དང་ལས་སྦྱར་ཞིང༌། །བརྩོན་ལྡན་བར་


DTG027_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆད་མེད་པས་གཟུང༌། །གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་ལ། །ཡབ་ཡུམ་ས་བོན་བཅུ་གཉིས་བསྒོམ། །ཟུང་དུ་སྤྲོས་ཤིང་འདུས་པ་ལས། །རིགས་ཀྱི་ལྷ་ཚོགས་སྙོམས་འཇུག་པའོ། །སོར་མོ་ཕན་ཚུན་སྤྱོར་རྫས་བསྣོལ། །གཉིས་མེད་རྡོ་རྗེ་ཐལ་མོའི་རྒྱ། །དེ་རྗེས་རྡོ་རྗེ་བསྡམས་པ་ལས། །གཡོན་མཛུབ་རྩེ་མོའི་ནང་དག་ཏུ། །གཡས་པའི་མཐེ་བོའི་མཚན་མ་གཟུག །ལེགས་བསྡམས་སྤྱོད་པ་དགའ་ཆེན་དཔལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཐུན་མོང་སྔོན་འགྲོའི་ཡན་ལག་ཡིན། །དགའ་ཆེན་དཔལ་གྱི་རྡོ་རྗེ་ལས། །གུང་མོ་བཅིངས་པའི་ནང་དུ་གཞུག །མཐེ་བོད་མཐེའུ་ཆུང་རྩེ་མོ་ཅན། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བསྒྱུར། །དེ་ལས་གུང་མོ་ལྕགས་ཀྱུ་ནི། །སྙིང་གར་སྦྱོར་བ་དགུག་པའི་མཆོག །རྡོ་རྗེ་བསྡམས་པ་བྱས་ནས་ནི། །གུང་མོ་བཅིངས་པའི་ནང་དུ་གཞུག །མཐེའུ་ཆུང་མཐེ་བོའི་རྩེ་མོ་ཅན། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བསྒྱུར། །དེ་ལས་གུང་མོ་ལྕགས་ཀྱུ་ནི། །རྡོ་རྗེ་འཁོར་ལོ་སྣང་མཛད་རྒྱ། །རྡོ་རྗེའི་རྒྱ་བཅིངས་སྦྱོར་ལྡན་པས། །ཐལ་མོ་ཁོང་སྟོང་ཁེབས་པ་ཡི། །རྡོ་རྗེའི་ཕྱག་རྒྱ་བཅིངས་པ་ལས། །གུང་མོ་དེ་བཞིན་བཀུག་ནས་ནི། །རྡོ་རྗེ་རྡོ་རྗེ་ཞེས་བརྗོད་དེ། །གུང་མོ་ནམ་མཁའ་རྡོ་རྗེ་མཆོག །རྡོ་རྗེ་བསྡམས་པ་ལ་གནས་ཏེ། །རྡོ་རྗེའི་རྩེ་མོ་དེ་བཞིན་བསྙམས། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །རྡོ་རྗེ་ཕྱག་རྒྱ་དག་བྱེད་པའོ། །རྡོ་རྗེ་པདྨོར་བྱས་པ་ལས། །གུང་མོ་བཅིང་པའི་དབུས་ན་གནས། །མཐེའུ་ཆུང་བསྙམས་པའི་རྩེ་མོ་མདེའུ། །རྡོ་རྗེ་མདའ་ནི་ཡོངས་སུ་འཕང༌། །རྡོ་རྗེའི་ཕྱག་རྒྱ་ཡོངས་བཅིངས་ན། །གུད་མོ་བཅིངས་པ་ཕྱི་རོལ་གཞག །རྡོ་རྗེ་སྣ་ཚོགས་དཔལ་གྱི་རྒྱ། །ལྡང་བ་ཐམས་ཅད་རབ་སྒྲུབ་པའོ། །ལྟ་བས་མི་ངོམས་པ་ཡི་སྐུ། །ཐམས་ཅད་བདག་ཉིད་སྟོན་པར་མཛད། །ལེགས་སོ་ཞེས་པ་གྲུབ་པ་ནི། །དམ་པ་དག་ཀྱང་རབ་ཏུ་སྩོལ། །བསམ་པ་ཐམས་ཅད་ཡོངས་རྫོགས་པའི། །གྲུབ་པ་ཀུན་མཆོག་ཉམས་དགའ་བ། །ཇི་ལྟར་འདོད་པའི་ལོངས་སྤྱོད་དག །ཐམས་ཅད་ཀྱི་ནི་བདག་ཉིད་སྩོལ། །དབང་ཕྱུག་བདེ་བ་ལ་སོགས་དྲུག །སྐུ་དང་ཡེ་ཤེས་གསལ་བར་འགྲུབ། །ཕན་གནོད་བྱེད་པ་རྣམ་


DTG027_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་པའི། །གཟུགས་དང་སྒྲ་དང་དྲི་དག་གི །མཚན་མ་རྣམ་གསུམ་སྣང་བ་ན། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །གལ་ཏེ་དངོས་གྲུབ་མི་གསལ་ན། །ཞི་རྒྱས་དབང་དང་མངོན་སྤྱོད་དང༌། །མནན་དང་བཟློག་གི་ལས་བརྩམ་ཞིང༌། །སྤོགས་པའི་ཆོ་གས་བསྐྱར་བར་བྱ། །ལྷ་མཉེས་མགྲོན་ཚིམ་ལས་སྒྲུབ་བྱེད། །ཚོགས་འཁོར་སྦྱིན་སྲེག་ལྷག་མའི་ལས། །ལས་རྫོགས་རིགས་ཀྱི་སྐུ་བརྟེན་པས། །དངོས་གྲུབ་ལེགས་སྦྱོར་འགྱུར་མེད་བརྟན། །མཆོག་ཏུ་གྱུར་བའི་ཕྱག་རྒྱ་བཞིས། །ལས་སྦྱར་འབྲས་བུ་མཛད་བཅས་འགྲུབ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་པོའི། ཆོ་གས་ལས་ཀུན་འགྲུབ་བྱེད་ཅིང༌། །རིག་འཛིན་གོ་འཕང་རྫོགས་བྱེད་པས། །འཁོར་ལོ་འཁོར་ལོ་ཆེ་གནས་སྦྱོར། །རང་གི་ལྷ་ཡི་སྦྱོར་ལྡན་པས། །རྫས་རྣམས་སྤྱང་ཞིང་བྱིན་གྱིས་བརླབ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པར་བྱས། །རང་གི་ལྷ་དང་འདྲ་བ་ཡིས། །བུད་མེད་རྣམས་ནི་ལེགས་བསྒྲུབས་པ། །རྡོ་རྗེ་རིན་ཆེན་པདྨ་སོགས། །སྒོ་སྲུང་དང་ནི་ལྡན་པར་བྱ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །སྦྱོར་བའི་དབང་ཕྱུག་རྣམ་འཕྲུལ་བས། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །དེ་ན་རྣམ་པར་འཕྲུལ་པ་མཛད། །དཀྱིལ་འཁོར་སོ་སོའི་ཏིང་འཛིན་གྱིས། །སྦྱོར་བ་སྔ་མ་བཞིན་དུ་གསལ། །སྐལ་བཟང་རང་གི་ཕྱག་རྒྱས་མཚན། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །ཡེ་ཤེས་དཀྱིལ་འཁོར་ལ་དམིགས་ཤིང༌། །མདུན་གྱི་དཀྱིལ་འཁོར་སྤྲུལ་བྱས་ལ། །ཚད་མེད་ཕྱག་རྒྱ་བཞིས་བསྟིམས་ནས། །གསང་བའི་ཕྱག་རྒྱ་བཞི་རྒྱས་གདབ། །ལྷ་མོ་ཀུན་གྱི་བདེ་བའི་མཆོག །མཛེས་པའི་ཞལ་ནི་རྣམ་འགྱུར་ཞིང༌། །བདེ་བར་མྱོང་པ་རབ་སྦྱར་བ། །མཛེས་པར་བལྟ་ཞིང་གར་བྱེད་པའོ། །བུད་མེད་མཁས་པ་སྒྱུ་མ་ཆེ། །མཛེས་པའི་བཞིན་ནི་རྣམ་པར་འགྱུར། །རི་མོར་བཅས་ཤིང་སྟེག་པའི་མཆོག །མཛེས་པས་ལྟ་བའི་གར་བྱེད་པའོ། །སངས་རྒྱས་བྱང་ཆུབ་མཉམ་སྤྱོར་བ། །རབ་ཏུ་དགའ་བས་ལྟ་ཞིང་འཛུམ། །ཤིན་ཏུ་སྲིད་པ་ཡང་དག་བསྒྲུབ། །གསང་བར་བལྟ་ལ་གནས་པའི་རྒྱ། །སྟེག་ལ་སོགས་བའི་ཉམས་དང་ལྡན། །མཛེས་པའི་བཞིན་ནི་རྣམ་འགྱུར་ཞིང༌། །རིམ་གྲོར་བཅས་པ་སྟེག་པའི་མཆོག །སྟེག་པའི་ལྟ་


DTG027_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བས་གར་བྱེད་པའོ། །མཆེ་བ་ཅུང་ཟད་གཙིགས་པའི་ཞལ། །ཁྲོ་ཞིང་འཛུམ་དང་བཅས་པའི་བཞིན། །ཁྲོ་ལས་གྱུར་པར་བཅས་ཤིང་འཛུམ། །གསལ་བར་ལྟ་ཞིང་ལེགས་པར་གནས། །འདོད་ཆགས་མྱོས་པས་གཡེམ་སྤྱོ་བ། །མཛེས་པའི་བཞིན་ནི་རྣམ་པར་འགྱུར། །དྲག་པོ་མཆེ་བ་གནོན་པོ་གཙིགས། །གདུག་པ་ཟབ་འཇིགས་འཇིགས་ལྟ། །དངོས་པོ་ཀུན་གྱི་བདེ་བ་མཆོག །རབ་ཏུ་དགའ་བར་བལྟ་ཞིང་འཛུམ། །སྤྱི་བོར་རྟ་མགྲིན་འཕང་མཐོ་བ། །མཆེ་གཙོགས་ལྗང་སེར་ཁ་དོག་གསལ། །ལྷ་མོ་ཀུན་གྱི་བདེ་བ་མཆོག །མཛེས་པའི་མ་མཆུ་སོས་མནན་ཅིང༌། །འདོད་ཆགས་བདེ་བས་གཡེམ་སྤྱོ་བ། །སྟེག་པའི་མ་མཆུ་སོས་མནན་པའོ། །སྦྱོར་བ་ཀུན་གྱི་བདེ་བ་མཆོག །མཛེས་པའི་མ་མཆུ་གཡོ་བར་བྱེད། །ཤ་ཆེན་གྱི་ནི་རོ་མྱང་ཞིང༌། །མཛེས་པའི་མ་མཆུ་སོས་མནན་ཅིང༌། །བདེ་བ་ཀུན་གྱི་རོ་མྱང་ཞིང༌། །མ་མཆུ་རྣམ་པར་མཛོས་པར་བྱའོ། །བདེ་བ་མྱོང་བར་རབ་སྤྱོར་བས། །ཟམ་ཟིམ་བལྟ་བའི་རྣམ་འགྱུར་བཅས། །བུད་མེད་མཁས་པ་སྒྱུ་མ་མཆོག །མཛེས་པར་ལྟ་བའི་གར་བྱེད་པའོ། །སངས་རྒྱས་གསང་བའི་མཉམ་སྦྱོར་བ། །ལྟ་བ་རབ་ཞི་བདེ་བར་གནས། །སྨིན་མཚམས་ཁྲོ་གཉེར་འགྱུར་བར་བཅས། །ལྟ་བ་རབ་འབར་རྣམ་པར་འགྱུར། །སྟེག་པ་ལ་སོགས་རོ་དང་ལྡན། །སྒེག་བཅས་ལྟ་བའི་གར་བྱད་པ། །ཁྲོ་ཞིང་འགྱུར་བ་བཅས་པར་འཛུམ། །ལྟ་བ་གསལ་བར་བདེ་བར་གནས། །རིགས་ཀྱི་དཀྱིལ་འཁོར་སོ་སོའི་རྒྱ། །ཕྱག་རྒྱ་གླ་དང་བཅས་པ་དག །ཧཱུཾ་ལ་སོགས་པས་སྣ་དྲངས་ཏེ། །མཆོད་ཚོགས་ཀུན་ལ་སྦྱར་བར་བྱ། །དེ་ནས་ཚོགས་ཀྱི་ཞལ་ཟས་རྣམས། །ལྷ་ཚོགས་རྣལ་འབྱོར་རྣམས་ལ་འབུལ། །རྡོ་རྗེ་བླ་མ་ཆེན་པོ་དང༌། །བདག་དང་གཞན་ཡང་འདོད་དགུས་མཆོད། །ལྷ་མོ་མཚན་ལྡན་སྒྱུ་རྩལ་ཅན། །ལས་མཁན་གྲོགས་དང་བཅས་པ་ཡིས། །པདྨ་མཚན་ལྡན་དཔའ་བོས་བཀང༌། །བདུད་རྩི་རྫས་མཆོག་བྱིན་བརླབས་པས། །བཀྲ་ཤིས་དབྱངས་དང་གར་ཚོགས་ཀྱིས། །ཐམས་ཅད་རྣམ་རྟོག་མེད་པར་མཆོད། །སྟོན་མོའི་ཡན་ལག་གཞན་དག་ཀྱང༌། །རིམ་པ་བཞིན་དུ་དྲང་བར་བྱ། །ཨོཾ་ཐམས་ཅད་རྣམ་དག་བདུད་རྩིའི་


DTG027_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན་ཏེ། །སྐུ་ལྔ་ཆོས་ལྔ་གཉིས་མེད་ངོ་བོ་གཅིག །དེ་ཕྱིར་དག་ལས་དག་པ་ཉིད་མཆོད་དེ། །ཆོས་ཉིད་ལ་ཐིམ་ཡེ་ཤེས་རྣམ་པར་རོལ། །ཨ་ལ་ལ་ཧོ། །རྣལ་འབྱོར་དཀྱིལ་འཁོར་ཀུན་གྱིས་ཀྱང༌། །གར་དང་དབྱངས་སུ་བཅས་པ་ཡིས། །ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང༌། །དགའ་མགུའི་ཚུལ་གྱིས་བླང་བར་བྱ། །རིགས་ཀྱི་དཀྱིལ་འཁོར་གསལ་བྱས་ནས། །ལྕེ་ལ་སོ་སོའི་མཚན་མ་དང༌། །ཆོས་ཀྱི་སྙིང་པོ་བསམ་བྱ་སྟེ། །རང་གི་ལུས་ལ་གནས་པར་སྦྱོར། །དུས་གསུམ་རབ་ཞི་མཆོག་རྣམས་ཀྱིས། །ཧཱུཾ་ལ་སོགས་པ་གླུ་བླང་ཞིང༌། །ལྷ་མོའི་ཀ་ཀ་ཤ་ཏ་སོགས། །གླུ་རྣམས་རྗེས་སུ་བླང་བར་བྱ། །ཧཱུཾ་རབ་ཏུ་དགའ་བའི་རྗེས་སུ་ཆགས་པ་ཡི། །མདའ་གཞུ་རབ་ཏུ་ཕྲ་བའི་རྒྱས་བཅས་པའི། །རབ་ཏུ་དགའ་བའི་སྦྱོར་བའི་བདེ་བས་མྱོས། །བདེ་བ་ཐམས་ཅད་བདག་ལ་གྲུབ་པར་མཛོད། །རབ་ཏུ་བདེ་མཆོག་རྣམ་པ་སྣ་ཚོགས་རྣམས། །རྒྱལ་བའི་རྒྱལ་མཚན་བསྒྲེང་བའི་ལོངས་སྤྱོད་དང༌། །རབ་ཏུ་དགའ་བའི་དབང་ཕྱུག་བདེ་མཆོག་གྲུབ། །དེ་བཞིན་གཤེགས་པ་རབ་བཞུགས་ཧོ་རྟ་མཆོག །རབ་ཏུ་སྣ་ཚོགས་བདེ་མཆོག་རོལ་ཅིག་ཧོ། །བདེ་བས་སློང་བ་རྣམས་རོལ་སྣང་བར་མཛོད། །ཧོ་དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་ཡི། །སྒྱུ་མའི་ཚོགས་ཀྱིས་སློབ་མ་གཟུང་དུ་གསོལ། །ཨོཾ་གྱི་གླུ་ཡི་ཕྱག་རྒྱ་ནི། །ཚངས་པའི་དབྱངས་ཀྱིས་ཅི་བདེར་བླང༌། །ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གསུང་བ་དང༌། །རྡོ་རྗེ་ལས་རྣམས་བྱེད་པར་འགྱུར། །རྡོ་རྗེ་དྲག་པོ་གང་མོ་ཆེ། །འཁུར་བའི་དབུགས་ཀྱི་རླུང་འབྱིན་ཅིང། །འབྲུག་གི་སྒྲ་ལྟར་ཟབ་བ་ཡི། །རུ་ལུ་རུ་ལུའི་སྒྲ་ཕྱུང་ནས། །ཧཱུཾ་རྡོ་རྗེ་ལས་ཀྱི་མདའ་གཞུ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ཆགས་པའི་དམ་ཚིག་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁ་ནྭཾ་ག་རབ་ཏུ་འཛིན་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་དྲིལ་བུ་རབ་ཏུ་འཁྲོལ་བ་ལ་ཕྱག་འཚལ་ལོ། །ཏེ་ཞེས་བྱ་བ་གླུ་ཡི་རྒྱ། །ཐམས་ཅད་དག་པར་རབ་སྒྲུབ་པའི། །ཏེ་ལེར་རབ་ཏུ་དྲག་ཅིང་གཞན་དྲག་ལ། །དྲག་པོའི་བུད་མེད་སྐུ་ལྟར་རབ་ཏུ་སྣང༌། །འགྲོ་བ་མཐའ་ཡས་འདུལ་ཕྱིར་ལ་ལ་ནི། །རབ་ནོའི་འཁོར་ལོ་ཕྱག་ན་བསྣམས་པའི་སྐུ། །ལ་ལར་རབ་ཏུ་ངེས་ཤིང་ཞི་བ་ཡི། །མི་འགྱུར་སྦྱིན་པའི་ཚངས་


DTG027_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སྐུར་སྟོན་མཛད། །ལ་ལར་རབ་འབར་ཆགས་པ་པདྨོ་ཡི། །རྒྱལ་པོའི་དམ་ཚིག་བདག་ལ་གྲུབ་པར་མཛོད། །ཧི་ཞེས་བྱ་བ་གླུ་ཡི་རྒྱ། །ཁམས་གསུམ་རྣམ་པར་རྒྱལ་བར་བྱེད། །ཧི་ཐམས་ཅད་དབང་ཕྱུག་དམ་པ་མི་ཟད་པའི། །གཏེར་མཆོག་བདག་ལ་གྲུབ་པར་མཛད་དུ་གསོལ། །ཀུན་མཆོག་རྒྱལ་མཚན་རྒྱལ་བ་བསྒྲེང་རྡོ་རྗེ། །རིན་ཆེན་ཤིན་ཏུ་ཆེ་བ་བདག་ལ་མཛད། །ཀ་ཀ་ལ་ལག་དང་གཙོ་རྒྱ་ཡི་དབྱངས། །དེ་བཞིན་རབ་ཏུ་གདངས་སྙན་དང༌། །ཀ་ཧ་ལ་ཡི་གླུ་ཡི་རྒྱ། །འཇོམས་པ་ཐམས་ཅད་རབ་སྒྲུབ་པའོ། །ཧི་ལར་མཁས་པའི་གཟུགས་ཀྱང་འཛིན། །ལ་ལར་དུས་མཐའ་དུས་ལྟར་དྲག །ལ་ལར་རྒྱལ་དབང་བཞིན་དུ་ཞི། །ལ་ལར་རྟ་མཆོག་སྦྱོར་བས་འགྲུབ། །དེ་དག་སྐུ་ཡི་གླུ་ཡི་མཆོག །ཕྱག་རྒྱ་སྔགས་ཀྱི་སྦྱོར་བཅས་པའོ། །ཚོགས་སྒྲུབ་ཆེན་པོའི་དུས་སུ་ནི། །ཕྱག་རྒྱ་ཡི་ནི་ཡན་ལག་དག །བརྡ་དང་སྦྱོར་བ་སྣ་ཚོགས་ཀྱིས། །འཁོར་ལོ་རིམ་བཞིན་བསྐོར་བྱས་ཏེ། །དཔའ་བོ་བཏུང་བས་ཚིམ་འགྱུར་ནས། །བགེགས་བསྐྲད་སྤྱང་ཞིང་བྱིན་གྱིས་བརླབ། །དེ་ཡི་དམ་ཚིག་དེ་འབྱུང་བའི། །སྡུག་པ་དམ་ཚིག་བདག་རྗེས་འབྲང༌། །ཤིན་ཏུ་སྦྱོར་དང་སྦྱོར་ཆེན་པོ། །ཐམས་ཅད་བདག་ཉིད་དམ་ཚིག་མཆོག །གཅིག་བཞིན་དུ་ནི་གཅིག་སྤྱོད་པ། །ལྷན་ཅིག་སྤྱོད་པ་རྗེས་སྤྱོད་དྲུག །ལྷ་མོ་ཀུན་གྱི་ལོངས་སྤྱོད་ལ། །ཅི་བདེ་བར་ནི་བསྟེན་པར་བྱ། །དེ་ནས་ཁྲུས་བྱས་དྲི་ཞིམ་ལུས། །ཅི་འབྱོར་པ་ཡི་གོས་དང་རྒྱན། །སྣ་ཚོགས་རྣམ་པར་བགོས་ནས་ནི། །མེ་ཏོག་ཕྲེང་ལྡན་ཁ་དྲི་ཞིམ། །སྣ་ཚོགས་ཀུན་གྱི་སྐལ་བཟང་པོས། །སློང་བས་དལ་གྱིས་དལ་གྱིས་སུ། །གོས་དགབ་པ་ཡི་སྦྱོར་བ་ཡིས། །བདག་གིས་དབྱུང་བ་བསྐུལ་བར་བྱ། །རྫོགས་པའི་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་དག་གིས་མཐོང་བ་ཡིས། །ངེས་པའི་ལམ་དང་ཀུན་ལྡན་པ། །རྣམ་པར་འདས་པས་རྣམ་པར་བརྒྱན། །དབང་བསྐུར་ཀུན་ལས་བྱུང་བ་ཡི། །མཆོད་པའི་སྤྲིན་ཆེན་རྣམ་བཀོད་པ། །རབ་འབྱམས་ཚོགས་རྣམས་ཐམས་ཅད་ཀྱིས། །ཀུན་གྱི་བདག་ཉིད་མཆོད་པར་བྱེད། །བདུད་རྩི་རྣམ་པ་ལྔ་པོ་དག །སོ་སོའི་ཕྲད་དང་སྦྱར་བྱས་ནས། །ཚོགས་ཀྱི་དབུས་སུ་བཞག་པ་ནི། །ར་ས་ཡན་ཀུན་སློང་བའོ། །རིགས་ཀྱི་དཀྱིལ་འཁོར་འཕྲོ་འདུ་སྔགས། །


DTG027_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དངོས་གྲུབ་བསྐུལ་ཚིག་དབྱངས་ཀུན་བླང༌། །ཨོཾ་ཨཱཿཧཱུཾ་ཧཱུཾ་ཨོཾ་ཧི་ཧྲི་ཏྲཱཾ་ཧཾ། ཧེ་པཉྩ་ཨ་མྲྀ་ཏ་ར་ས་ཡ་ན་སིདྡྷི། སརྦ་ཨརྠ་སིདྡྷི། ཧཱུཾ་ཨོཾ་ཧི་ཧྲི་ཧྲཾ་ཧཾ། ཧྲི་ཐ། ཨོཾ་པ་ཧུ་བི་ཝྸི་ཏ། ཛཱི་བནས་ནྟ་ཏི། ཨ་ཤེ་ཥ་ནེ་ཤེ་ཥ། སཱ་དྷ་བི་ན་ཡ། སརྦ་ཏ་ཐཱ་ག་ཏ་ཅ་ལེ་པྲ་ཙ་ལེ། གུརྦ་བི་གུརྦ། སརྦ་ཤམྦ་རེ་ཧཱུཾ། བི་ཤ་བི་ཤ་ཧཱུཾ། ཨོཾ་བ་ཧུ་བི་ཝི་ཏ། ར་ག་སནྟ་ནི། ཨ་ཤེ་ཥ་ཤེ་ཥ། །སརྦ་བི་ན་ཡ། སརྦ་ཏ་ཐཱ་ག་ཏ། །ཙ་ལེ་པྲ་ཙ་ལེ། གུརྦ་བི་གུརྦ། སརྦ་ཤམྤ་རེ། ཧཱུཾ་ཧཱུཨཾ་ཧཱུཾ། །ཨོཾ་བ་ཧུ་བི་ཝྸིཏ། རཻ་ཏ་སནྟ་ནི། ཨ་ཤེ་ཥ་ནི་ཤེ་ཥ། །སརྦ་བི་ན་ཡ། སརྦ་ར་ཐཱ་ག་ཏ། ཙ་ལེ་པྲ་ཙ་ལ། ཀུརྦ་བི་ཀུརྦ། །སརྦ་ཤམྤ་རེ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཤཱནྟིང་ཀུ་རུ་བ་ཤཾ་ཀུ་རུ། པུཥྚིཾ་ཀུར་རུ། མཱ་ར་ཡ། བཾ་ཧཱུཾ་སྭཱཧཱ་ཕཊ། མཆོག་གི་བདུད་རྩི་དོན་སྦྱར་བའི། །གསང་སྔགས་ཡི་གེ་བཅུ་གཅིག་པ། །བདུད་རྩེ་ལྔ་པར་བཅུད་ལེན་དོན། །དངོས་གྲུབ་གནས་ཀུན་གསལ་བར་བྱེད། །འོད་དང་དུ་བ་སྤྲིན་དང་སྒྲ། །ལྷ་མོ་གཟུགས་སྟོན་བརྟེན་པར་གནས། །ཉེ་བར་སྤྱོད་པའི་བསྙེན་སྒྲུབ་བཞི། །ཡན་ལག་བཞི་ཡི་གནས་སྦྱོར་ཏེ། །མཐའ་སྔགས་བསྐུལ་ཚིག་འབྲེལ་པ་ཡིས། །རིགས་ཀྱི་ཕྲིན་ལས་གསལ་བར་འགྲུབ། །རང་གི་ལྷ་ཡི་སྦྱོར་ལྡན་པས། །སྲིན་ལག་དང་ནི་མཐེ་བོང་རྩེས། །ཞི་བའི་བཏུང་བ་བཞིན་མྱང་ཤིང༌། །ལྷ་གཞན་ལ་ཡང་དབུལ་བར་བྱ། །གནས་ཀུན་ཐིག་ལེས་བརྒྱན་བྱས་ཤིང༌། །རིགས་ཀྱི་དངོས་གྲུབ་བླང་བར་བྱ། །དེ་དུས་འགྲོ་དོན་རྒྱ་ཆེ་དང༌། །དབང་བསྐུར་ལས་ཀུན་བརྩམ་བྱ་ཞིང༌། །བདག་དོན་འགྲོ་བའི་གནས་སྦྱོར་ཏེ། །དམ་ཚིག་སྔོམ་པ་གཟུང་བར་བྱ། །གླིང་བུ་དང་ནི་རྒྱུད་གཅིག་དང༌། །དེ་བཞིན་རྒྱུད་མངས་རྒྱུད་དྲུག་དང༌། །སིལ་སྙན་ཕྱག་རྒྱར་བཤད་པ་རྣམས། །གླུ་སྐད་གོང་མ་དང་སྦྱར་བརྡུང༌། །ཛཿཧཱུཾ་བཾ་ཧོཿརུ་ཏྲ་མ་ཏྲ། སྨར་རཊ། ཧུ་ལུ་ཧུ་ལུ། པྲ་སིཏ། ཊཀྐི་ཧཱུཾ་ཛཿཀི་ནི་དུ་ནི་ཧཱུཾ་རུཾ། ཊཀྐི། ཧཱུམ་ཛཿཧུ་ལུ་ཧུ་ལུ། ཨ་ལ་ལ་ཧོ། ཤྡྡྷ་སི་དྡྷ། ད་རི་ཤ་ཡ་བན་ཏ་གྷེ་ན་གྷེ། ཏ་གྷེགྷེ། ཊ་ཊ་གྷེ་གྷེ་གྷེ། གྷེ་གྷེ་ཏ་ཏ། གྷེ་ཏ་གྷེ། ཧེན་དོན། ཊཀྐི་ཧཱུཾ་ཛ། གྷེ་ཏ། ཊཀྐི་ཧཱུཾ། ཏྲན་ཨ་ལ་ལ་ཧོ། །རུ་ཊ་མ་ཏྲ། ཐལ་མོ་བརྡབ་པ་བརྟག་པའོ། །ཏ་གྷེ་གྷེ། ཧ་གྷེ་གྷེ། ཏ་གྷེ་ན་ཏ་གྷེན། ཏ་གྷེན་གྷེ་ཏ། གྷེན་གྷེན་གྷེན། རྒྱུན་གྱི་རྡའོ། །


DTG027_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨཱ་ཨཱ་ཨཱ། ཧཾ་ཧཾ་ཧཾ། བཾ་བཾ་བཾ། དྷཾ་དྷཾ་དྷཾ། དམ་ཚིག་གསུམ་གྱི་རྔའོ། །དྷེ་ཀོཾ་ཀོཾ་ཀོཾ་དྷེ། བཛྲ་བཛྲ་ནར་ནེ། ཀོཾ་ཀོཾ་ཀོཾ་ཀོཾ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། དྷེཾ་ཀོཾ་ཀོཾ། ཀོཾ་ཀོཾ་ཀོཾ་ཀོཾ། དྷེཾ་ཀོཾ་ཀོཾ་ཀོཾ། དཔལ་ཧེ་རུ་ཀའི་རྔའོ། །པདྨ་པདྨ་ཧྲི། པདྨ་པདྨ་ཧྲི། དཔལ་པདྨོའི་ཐལ་མོ་བརྡབ་པའི་རྔའོ། །ཏྲཾ་ཏྲཾ་ཏྲཾ། བ་བ་བ་བ་བ་བ་བ། ཊ་ཊ་ཊ་ཊ་ཊ་ཊ་ཊ། ཏྲན་ཏྲན་ཏྲན་ཏྲན། ཏྲན་ཏྲ་ཏེ། ཊ་ཏུད་ཏེ། རུད་ཏད་ཏད་ཏ། རྒྱལ་པོའི་རྔའོ། །ཊཀྐི་ཧཱུཾ་ཛ། སྙེམས་པའི་འགྲོས་སོ། །ཏྲ་ཏྲ་ཏྲ་ཏྲ་ཏྲ་ཏྲ་ཏྲ། མྱུར་ཞིང་རབ་ཏུ་མྱུར་བའོ། །ཊཏ་བ། ཊ་ཏབ། ཧཱུཾ་ཊ་ཏ་བ། ཊ་ཏ་བ་ཧཱུཾ། དཔལ་རྟ་མཆོག་རྣམ་པར་རོལ་པའོ། །ཊ་ཊ་པ་ཊ་ཊ་བ་ཊ་ཊ་བ། ཊཊ་པ་ཊཊ་པ་ཊཊ་པ། ཊ་ཏ། ཤིན་ཏུ་མྱུར་བའི་རྔའི་ཕྱག་རྒྱའོ། །ལྷ་རྣམས་མཉེས་པར་བྱ་བ་དང༌། །ལས་རྣམས་འགྲུབ་པར་བྱ་བའི་ཕྱིར། །ཐོག་མ་བར་སྐབས་མཐའ་རྣམས་སུ། །སྤྱིན་སྲེག་དྲུག་གི་ལས་བརྩམ་བྱ། །དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ། །ལས་ཀུན་བ་དང་རྒྱས་པ་བརྩམ། །བྱང་དུ་ཞི་བ་ལྷོར་མངོན་སྤྱོད། །ནུབ་ཏུ་དབང་དང་དགུག་པའི་ལས། །ཐབ་ཁུང་ཀུན་གྱི་ནང་རྒྱ་རུ། །ཁྲུ་གང་ཟབས་སུ་ཕྱེད་བརྐོས་ཤིང༌། །ཁ་ཁྱེར་རིམ་གསུམ་བསྐྱེད་བྱས་པ། །རིམ་བཞིན་སོར་ནི་བཞི་བཞིར་གནས། །ཞི་ལ་ཟླུམ་པོ་རྒྱས་གྲུ་བཞི། །དབང་ལ་ཟླ་གམ་གྲུ་གསུམ་དྲག །དཀར་སེར་དམར་ནག་རིམ་བཞིན་མདོག །ལས་ཀུན་དབྱིབས་དང་མདོག་ཀུན་ལྡན། །དགུག་པ་ལྕགས་ཀྱུ་མཆོན་ཆའི་ཚོགས། །རང་གི་རིགས་མཐུན་ཁ་དོག་ཅན། །འཁོར་ལོ་རིན་ཆེན་པདྨ་དང༌། །རྡོ་རྗེས་མཚན་ཅིང་ཕྲེད་བས་བརྒྱན། །སོ་སོའི་རིགས་དང་མཐུན་པ་ཡི། །བུད་ཤིང་རང་གི་དབྱིབས་སུ་བརྩིག །སོར་བཞི་བརྒྱད་དང་བཅུ་དྲུག་གཉིས། །ཡམ་ཤིང་མེ་ཏོག་དྲི་ཡིས་བརྒྱན། །རྩེ་མོའི་ཆ་ལས་རྩེ་མོ་སྟེ། །སོ་སོའི་མར་གྱིས་བྱུག་པའོ། །ཐབ་གྱི་ཕྱི་རོལ་འཁོར་དག་ཏུ། །ཀུ་ཤ་རྒྱན་དང་ཚོན་ཆ་དང༌། །མེ་ལོང་རྔ་མ་ཡོལ་བར་བཅས། །ཚོན་ཆ་སྣ་ལྔའི་ཐག་པས་བསྐོར། །གཡས་སུ་རྡོ་རྗེ་དྲིལ་བུ་དང༌། །ཡམ་ཤིང་ཏིལ་དང་རླུང་ཡབ་གཞག །གཡོན་དུ་དྲི་ཆུ་མེ་ཏོག་དང༌། །དཱུར་བ་ཀུ་ཤའི་ཆུན་པོ་གཞག །མདུན་དུ་མཆོད་པ་རྣམ་ལྔ་དང༌། །མཆོད་རྫས་གཞན་ཡང་གཞག་པར་བྱ། །མཆོད་ཡོན་ཡན་ལག་


DTG027_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱད་ལྡན་པ། །དྲི་སྣ་མེ་ཏོག་དཀར་པོ་དང༌། །ཞོ་དང་དཱུར་བས་བཀང་བ་དང༌། །འབྲས་དཀར་ཡུངས་ཀར་མར་དང་ཞོ། །མཆོད་རྫས་ཀུན་གྱི་སྣ་བ་དགོད། །བགེགས་བསལ་བསྲུང་སྤྱང་བྱིན་གྱིས་བརླབ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །རིགས་ཀྱི་དཀྱིལ་འཁོར་གསལ་བྱས་ནས། །ཆས་གོས་ལྔ་པོ་དབུ་རྒྱན་ཕྲེང༌། །ཕྱག་རྒྱ་ལྔ་སོགས་རྒྱན་གྱིས་མཆན། །མདུན་དུ་དཔལ་མཆོག་ལས་བྱུང་བའི། །རཾ་སྐྱེས་ལས་དང་རྗེས་མཐུན་པའི། །དཀར་སེར་དམར་གནག་གོ་རིམས་བཞིན། །ཞི་སོགས་ལས་མཛད་མེ་ལྷ་བསྐྱེད། །མིག་གསུམ་གདོད་བཞི་རིམ་པ་ཅན། །གསུས་པོ་ཆེ་ལ་ཕྱག་བཞི་པ། །མི་འཇིགས་རྒྱ་ཕྲེང་སྤྱི་བླུགས་དང༌། །དབྱིག་པ་སྲད་བུའི་ཕྲེང་བ་ཐོགས། །སྙིང་གསུམ་མདོ་ཡུམ་དང་འཁྲིལ། །པདྨའི་གདན་ལ་རྣམ་པར་གནས། །དབང་བསྐུར་བྱིན་རླབས་དབུ་རྒྱན་བཅས། །མེ་རི་འབར་བས་མཚན་པའོ། །དམ་ཚིག་སེམས་དཔའི་གཟུགས་འདྲ་བའི། །ཡེ་ཤེས་འཕྲུལ་པ་སྤྱན་དྲངས་ནས། །ཐབ་ཀྱི་ལོགས་སུ་གཞག་བྱས་ལ། །བསང་གཏོར་མཆོད་ཡོན་ཞབས་བསིལ་དང༌། །ཉེ་རེག་ཕུལ་ཏེ་ཕྱག་རྒྱ་བཞི། །གཉིས་སུ་མེད་པར་བསྟན་པར་བྱ། །ཨོཾ་ཊ་ཀི་ཧཱུཾ་ཛ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ། ས་ཡཡ་སྟྭཾ། གཡས་པས་ཀུ་ཤའི་ཆུང་པོ་བཟུང༌། །ཕྱོགས་རྣམས་ཀུན་དུ་བསང་གཏོར་བྱ། །སོ་སོའི་ལས་དང་མཐུན་པའི་མེ། །རླུང་ཡབ་བ་དན་དང་བཅས་སྦར། །ཨོཾ་ཛྙཱ་ན་ཛྭ་ལ་རཾ། ལག་གཉིས་མཆོད་ཡོན་ཕྱག་རྒྱ་ཡིས། །དུད་ཆོས་བླངས་ཏེ་དབུལ་བར་བྱ། །དགང་གཟར་བླུགས་གཟར་ཚད་ལྡན་ལ། །མཚན་མའི་ཡེ་ཤེས་བརྒྱན་བྱས་ཏེ། །འོད་བཅས་མར་ཁུས་བཀང་ནས་ནི། །ལན་གསུམ་ལྷ་ཡི་ཞལ་དུ་བསྟིམ། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། ཨགྣ་ཡེ་སྭཱཧཱ། དགང་བླུགས་ཀྱི་སྡགས་སོ། །མཆོད་པ་རྣམ་པ་ལྔ་ཡི་ཚོགས། །སོ་སོའི་སྔགས་དང་ཕྱག་རྒྱས་དབུལ། །ཨོཾ་ཨགྣ་ཡེ་སྭཱཧཱ། །ཡམ་ཤིང་གིའོ། །ཨོཾ་སརྦ་པཱ་པཾ་ང་ཧ་ན་བཛྲཱ་ཡ་སྭཱཧཱ། །པཱ་པ་ད་ཧ་ན་སྭཱཧཱ། །ཏིལ་དང་མར་བསྲེས་པའི་འོ། །ཨོཾ་བཛྲ་ཨཱ་ཡུ་ཤེ་སྭཱཧཱ། །དཱུར་བའི་མྱུ་གུ་མར་གྱིས་བྱུང་པའོ། །ཨོཾ་བཛྲ་པུཤྤེ་ཡེ་སྭཱ་ཧཱ། །འབྲས་མ་གྲུས་པ་དང༌། །མར་བསྲེས་པའི་འོ། །ཨོཾ་སརྦ་པ་དེ་སྭཱཧཱ། ཞོའི་འོ། །ཨོཾ་ཨ་པྲ་ཏི་ཧ་ཏ་ནི་ཧ་དྷ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་རྐྱང་


DTG027_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་འོ། །ཨོཾ་པྲ་བར་སཏྐ་པྲ་ཏིཙྪ་ཧོ་ཞེས་པ་ཡང་དང་བླུགས་སོ། །ཉེ་རེག་ལ་སོགས་བྱས་ནས་ནི། །དཔའ་བོ་རྡོ་རྗེ་དྲིལ་འཁྲོལ་ཞིང༌། །བསྟོད་པའི་ཕྱག་རྒྱས་མཉེས་བྱས་ནས། །གར་དབྱངས་རོལ་མོས་བསྐུལ་བར་བྱ། །ལག་གཉིས་ལྟོ་སྦྱོར་སྤྱོད་བྱས་ཏེ། །རྫས་རྣམས་ལན་གསུམ་སྤྱང་བར་བྱ། །ཨོཾ་ཀི་ལཱི་ཀི་ལཱི། བི་མ་ལ་རིའུ་ཏྲི། ཏ་ཀི་ནི་ཧྲྀ་ད་ཡ་ཧཱུཾ་ཕཊ། དེ་ནས་དཀྱིལ་འཁོར་གང་ཡིན་པའི། །ལྷ་རྣམས་མེ་ཡི་གནས་སུ་གཞུག །གོང་མའི་དཀྱིལ་འཁོར་རིམ་པ་བཞིན། །རང་གནས་གདན་ལ་ལེགས་བཞུགས་སམ། །མ་འབྲེལ་མེ་ལྷའི་ཁང་པ་རུ། །དམ་ཚིག་དཀྱིལ་འཁོར་རིམ་བཞིན་བསམ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །དགུག་གཞུག་ལ་སོགས་གཉིས་མེད་པར། །མཆོད་བསྟོད་ལས་རྣམས་སྔོན་བཞིན་ལས། །གསང་སྔགས་མཐའ་སྔགས་སྐུལ་ཚིག་བཅས། །ཨོཾ་ལྷ་ཡི་མེ་ལྷ་ཤིན་ཏུ་ཚོགས། །ལྷ་ཡི་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་དུ་བཞུགས་སུ་གསོལ། །ཨོཾ་མར་མེ་འོད་ཟེར་འབར་བ་ནི། །ངན་འགྲོའི་མུན་པ་འཇོམས་བྱེད་པའི། །ལྷ་ཡི་མིག་འབྱེད་དམ་པ་འདི། གོ་ལ་དགོངས་ཏེ་བཞེས་སུ་གསོ། །ཨོཾ་ཙནྡན་ག་པུར་བཅས་པ་ཡི། །དྲི་མཆོག་བདུག་སྤོས་དམ་པ་ཡི། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །ཨོཾ་སྣ་ཚོགས་ལྷ་ཡི་དྲི་ལྡན་པ། །སྣ་ཚོགས་ག་པུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུཾ་ལས་ཡང་དག་བྱུང༌། །དྲི་མཆོག་འདི་དག་བཞེས་སུ་གསོལ། །ཨོཾ་ཁ་དོག་དྲི་དང་རོར་ལྡན་པའི། །བཟའ་བའི་བྱེ་བྲག་སྣ་ཚོགས་དག །ཞལ་ཟས་ཕུན་སུམ་ཚོགས་པའི་གཞི། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ལྷ་རྣམས་མཉེས་ཤིང་ཚིམ་པ་དང༌། །འདོད་པའི་འབྲས་བུ་གསོལ་བཏབ་ཅིང༌། །མཆོད་བསྟོད་བསྐུལ་ཚིག་ལས་བྱས་ཏེ། །སྔ་མའི་དཀྱིལ་འཁོར་གནས་སུ་དགོད། །གལ་ཏེ་མ་འབྲེལ་སྤྱན་དྲངས་ལྷ། །ཐུགས་ཀ་ནས་བཏོན་ཁ་ལ་བཞག །ཞལ་བསིལ་ལ་སོགས་དབུལ་བྱས་ཏེ། །སྔར་བཞིན་གཤེགས་གསོལ་བསྡུས་པ་དག །སྔགས་དང་ཕྱག་རྒྱས་གཤེགས་སུ་གསོལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་


DTG027_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་བྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུཾ། བཛྲ་གྩྪ་མུཿ། རིགས་ཀྱི་དཀྱིལ་འཁོར་བསྡུ་བྱས་ནས། །ལྷག་མས་མེ་ལྷ་མཆོད་བྱས་ཏེ། །སྔར་བཞིན་གཤེགས་གསོལ་བསྡུས་པ་དག །མཉམ་ཉིད་རང་ལ་གནས་པར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །དཀྱིལ་འཁོར་ཕྱི་རོལ་མཚམས་དག་ཏུ། །ཁོར་ཡུག་ཟླུམ་པོའི་རིམ་པ་ལ། །དྲགས་བྱེད་མཁའ་འགྲོའི་ཚོགས་རྣམས་ཀྱི། །ཕོ་བྲང་གདན་དང་མཆན་མའི་རྟགས། །རིན་ཆེན་རྒྱན་ཚོགས་ཕྲེང་བར་བཅས། །སྣ་ཚོགས་བཟའ་བཏུང་གཏོར་མའི་ཚོགས། །ལྷག་མའི་ཚོགས་བཅད་དགྲམ་པར་བྱ། །རྫས་རྣམས་ཚོགས་ནས་དྲི་ཡིས་བསང༌། །བདུད་རྩིའི་རྒྱུན་དབབ་སྤྱང་ཞིང་བསྲུང༌། །དབུས་ཀྱི་ལྷ་ཚོགས་རྡོ་རྗེའི་སྟེང༌། །ཧི་ལས་རྟ་མཆོག་རྒྱལ་པོ་བསྒོམ། །ཕྲིན་ལས་རྣམས་བཞིའི་བཞིའི་དཀྱིལ་འཁོར་ལ། །དུག་གསུམ་འབྱུང་བཞི་རང་རྟགས་ཕྲེང༌། །སྒོ་བཞི་བར་ཁྱམས་ཕྱི་རོ་སྒོ། །རང་གི་མཚན་མས་མཛེས་པར་བྱས། །མདུན་དུ་དབང་ཕྱུག་ཆེན་པོ་སྟེ། །གཡས་སུ་ཆད་པ་བརྒྱ་བྱིན་ལྷ། །གཡོན་དུ་ཁྱབ་འཇུག་འདོད་ལྷ་སྟེ། །ཆུད་མ་བཞོན་པ་ལ་གནས་པའི། །མཆན་མ་རྒྱན་བཅས་འཇིགས་པའི་འཚུལ། །རང་གི་ས་བོན་སྡགས་ལས་སྐྱེས། །དབང་ལྡན་མེ་ལྷའི་རྒྱལ་པོ་དང༌། །སྲིན་པོའི་རྒྱལ་པོ་རླུང་གི་བདག །ཆུང་མ་བཞོན་པའི་གདན་དང་བཅས། །ལྷོ་འམ་ཤར་དུ་ལྷ་ཆེན་བརྒྱན། །ལྷོ་རུ་ཤིན་རྗེ་མ་མོའི་ཚོགས། །ནུབ་ཕྱོགས་ཕོ་ཉ་ཀླུ་ཡི་འཁོར། །བྱང་དུ་གནོད་སྦྱིན་ཆེན་པོ་བརྒྱད། །སྒོ་བཞིར་ཉི་ཟླ་ས་བདག་ཆེ། །ས་ཡི་ལྷ་མོ་གནས་པའོ། །ཕྱི་ཁྱམས་མ་ཚོགས་དབང་ཕྱུག་རྣམས། །སྒོ་བཞིར་མཁའ་འགྲོ་ཆེན་མོ་བཞི། །ཀུན་ཀྱང་རྒྱན་བཅས་ཆ་ལུགས་དང༌། །ལག་ཆ་བཞོན་པར་བཅས་པ་ཡི། །ཆུང་མ་ཁྱོ་དང་བྲན་ཚོགས་གཡོས། །གསང་སྔགས་ལས་བསྐྱེད་གསལ་བར་དགོད། །དགུག་ཅིང་གནས་སུ་གཞུག་བྱས་ནས། །ཟིལ་གནོན་དམ་ཚིག་ཕྱག་རྒྱ་བསྟན། །མཚད་བསྟོད་ལས་ལ་བསྐུལ་བྱས་ནས། །རྟ་མགྲིན་ཕྱག་རྒྱ་རྣམ་གཉིས་བཅིང༌། །ཧཱུཾ་ཁྲོ་ལས་རྔ་ཚན་འབར་བའི་སྐུར་སྟོན་


DTG027_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅིང། །འཇིགས་བྱེད་ལྷ་ཆེན་ཡབ་ཡུམ་ཞབས་ཀྱིས་གནོན། །དྲག་པོའི་དཀྱིལ་འཁོར་སྣ་ཚོགས་སྟོན་མཛད་པའི། །དབུ་མར་རྟ་སྐད་འཚེར་ཞིང་གར་མཛད་པ། །ཉི་མ་འབུམ་གྱི་འོད་མདངས་སྐུ་ལ་རྫོགས། །ཁྲོ་རྒྱལ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ། ཨཱ་ཀཌྜྷ་ཡ། ཨཱ་ཀཌྜྷ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ཡ་མོ་ཧ་ཡ། ཨོཾ་ཨེ་ཨཱ་ར་ལི་ཧོ། །ཧྲིཾ་ཧྲིཾ་ཧྲིཾ། ཨོཾ་འཇིགས་བྱེད་ལྷ་ཆེན་དབང་ཕྱུག་དང༌། །དེ་བཞིན་ཚངས་པ་བརྒྱ་བྱིན་དང༌། །ཁྱབ་འཇུག་འདོད་དགའི་དབང་ཕྱུག་དང༌། །འཇིག་རྟེན་སྐྱོང་བའི་ལྷ་ཀླུ་དང༌། །གནོད་སྦྱིན་གཤིན་རྗེ་མ་མོའི་ཚོགས། །མཚམས་ཀྱི་དབང་ལྡན་ལ་སོགས་པའི། །གལ་ཏེ་རྫུ་འཕྲུལ་མཐུ་མངའ་རྣམས། །བྲན་ཚོགས་གཡོག་དང་ཆུང་མར་བཅས། །དཔའ་བོའི་སྤྱན་སྔར་དམ་བཅས་བཞིན། །རང་གི་དམ་ཚིག་རང་བྱོས་ལ། །ཚོགས་ཀྱི་དཀྱིལ་འཁོར་བསྲུང་པའི་ཕྱིར། །འཁོར་དང་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི། རུ་ལུ་རུ་ལུ་ཛཿཧཱུཾ་བཾ་ཧོཿ། ཨོཾ་བཛྲ་ཊཱ་ཀི་ནཱི་བྷྱོ་ཨེ་ཨར་ལི་ཛཿཛཿ། ཨོཾ་ཌཱ་ཀི་ནཱི་ཨཱ་ཀཱཪྵ་ཡ་ཨཱ་ཀཱཪྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ན་མོ་ཧ་ན། སརྦ་ན་ཏ་ཀི་ནན། ཧྲྀ་ད་ཡ་ཧཱུཾ་ཕཊ་ཛ་ཛཿཧཱུཾ་བཾ་ཧོཿ། ཌ་ཀི་ནི་ཧཱུཾ་ཛཿ། ཌ་ཀི་ཕྱག་རྒྱས་དགུག་པའོ། །ཨོཾ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། སརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་པཉྩ་ཀྲ་ཧཱུཾ་ཕཊ། ཧེ་རུ་ཀའི་ཕྱག་རྒྱས་ཟིལ་གྱིས་མནན་པའོ། །ཨོཾ་བཛྲ་བ་ཏ་མུ་ཁ། ཨཱ་ཀཱ་ར་ཥ་ཡ། ཨཱ་ཀཱཪྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་ཌྵ་ཀི་ནན། ཧྲྀ་ད་ཡན། ཧ་ཧ་ཧེ་ཧི། ཨོཾ་ཨཱཿཧཱུཾ། རྟ་མགྲིན་ཕྱག་རྒྱས་དབང་དུ་བསྡུ་བའོ། །རྡོ་རྗེ་ཕུར་པ་གདབ་བྱས་པས། །བགེགས་ཀུན་གཡོ་བ་མེད་པར་བྱས། །ཡེ་ཤེས་མེས་བསྲེགས་བདུད་རྩིས་གསོས། །སྤྱང་ཞིང་བྱིན་བརླབས་ལྷ་ཡི་སྐུར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང༌། །རིགས་ཀྱི་བདག་པོའི་མཚན་མས་བརྒྱན། །སྔ་མའི་ཕྱག་རྒྱའི་ཆ་ལུགས་ལས། །འོད་མདངས་རྒྱན་ཆས་འབར་བ་ཡི། །འཁོར་བཅས་བསྡུས་པའི་དགའ་འགྱུར་ཀུན། །དམ་ཚིག་ལྷ་དང་གཉིས་


DTG027_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་སྦྱོར། །ཨོཾ་ཐུགས་རྗེ་ཆེན་པོས་གཟིགས་ནས་ཀྱང༌། །སྣ་ཚོགས་རྣམ་པར་འཕྲུལ་མཛད་ཅིང༌། །གར་མཁན་འཁོར་ལོའི་རྒྱུད་མངའ་བའི། །དྲག་པོའི་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྣ་ཚོགས་གར་གྱིས་རྣམ་པར་འཕྲུལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལ་སོགས་མཚོན་ཆས་རོལ་ལ་ཕྱག་འཚལ་ལོ། །མ་ལུས་ལྷ་ཡི་ལྷ་མཆོག་སྐྱོང་ལ་ཕྱག་འཚལ་ལོ། །དཔའ་བོ་རྩ་ལ་རྫོགས་སྟོབས་བཅུའི་ཤུགས་ལ་ཕྱག་འཚལ་ལོ། །ཧཾ་ཨ་ཏི་པུ་ཧོ། །ཨ་ལ་ལ་ཧོ། །མ་ལུས་མཆོད་གཏོར་རྫས་རྣམས་ཀུན། །ཧོ་ཧོ་ཧྲྀཿཡིས་བསྲེགས་སྦྱངས་བརླབ། །རིན་ཆེན་དབྱིབས་མཛེས་སྤྲས་པའི་སྣོད། །འདོད་ལྔའི་ལོངས་སྤྱོད་བདུད་རྩིའི་མཚོ། །ལྷ་མོས་འཁྲིལ་བའི་དགྱེས་སྟོབས་ཤིང༌། །ཀུན་བཟང་མཆོད་སྤྲིན་གང་བར་དམིགས། །དད་པོ་དྲི་ཡི་ཆུས་བསངས་ནས། །མཆོད་ཡོན་ཞབས་བསིལ་མེ་ཏོག་འཐོར། །སོ་སོའི་ཏིང་འཛིན་ཕྱག་རྒྱས་སྔགས། །མཆོད་གཏོར་རིམ་བཞིན་དབུལ་བར་བྱ། །ཨོཾ་བཛྲ་པུཥྤེ། ཨོཾ་བཛྲ་དྷཱུ་པེ། ཨོཾ་བཛྲ་གནྡྷེ། ཨོཾ་བཛྲ་ནཻ་བེ་དྷྱེ་པཱུ་ཛ་སྥར་ཎ་སྭཱཧཱ། ཨོམ་ཏདྱ་ཐཱ། ནམ་བཛྲ་མ་ཧཱ་དེ་བ། བཛྲ་བིཥྞུ། བཛྲ་བྲ་མ། བཛྲ་ཨིནྡྲ། བཛྲ་ཀཱ་མ་དེ་བ། བཛྲ་ཡ་ཡུ་དྷ། བཛྲ་མཱ་ཡ། བཛྲ་ཤོ་དྷ། བཛྲ་བྷཻ་ར་ཝ། བཛྲ་ག་ན་པ་ཏི། བཛྲ་དྷ་ཤྀ་གྲ་བ། བཛྲ་པཱ་ཤ་ཀཱ་ལ། བཛྲ་ཀུ་མ་ར། བཛྲ་ཡ་མ་རཱ་ཛ། བཛྲ་ཡམ་ཀ་ལ། བཛྲ་ཡ་མ་དུ་ཥྚཱ་ན། བཛྲ་ཡ་མ་ཀྲོ་དྷ། བཛྲ་ཡ་མ་ཙ་ཀྲ། བཛྲ་ཡ་མ་ཤཱུ་ལ། བཛྲ་ཡ་མ་ས་ར། བཛྲ་ཡ་མ་མུ་རཾ། བཛྲ་ནཱ་ག་ཙཀྲ། བཛྲ་ནཱ་ག་བ་སུ་ཀ །བཛྲ་ནཱ་ག་ཀརྐོ་ཊ། བཛྲ་ནཱ་ག་པདྨ། བཛྲ་ནཱ་ག་མ་ཧཱ་པདྨ། བཛྲ་ནཱ་ག་ཤཾ་ཁ་པཱ་ལ། བཛྲ་ནཱ་ག་ག་ཡུ། བཛྲ་ནཱ་ག་ཀུ་ལི་ཀ །བཛྲ་ནཱ་ག་བ་ལ་ཏ། བཛྲ་ནཱ་ག་གུ་སུ། བཛྲ་ཡ་མ་ཎི་བྷ་དྲ་ཡེ། བཛྲ་པཱུརྞ་བྷ་དྲ་ཡེ། བཛྲ་ད་ན་དྷ་ཡ། བཛྲ་མ་ཧཱ་དྷཱ་ཛ་ན། བཛྲ་ཛི་བི་ཀུ་ལནྡྷ་ཡ། བཛྲ་ཛཾ་བྷ་ལ་མུ་ཁནྟ་ཡ། བཛྲ་ཛིཾ་བྷ་ལ་ཛྭ་ལཻནྡྲ་ཡ། བཛྲ་ཀི་ལི་མི་ལི་ནི། བཛྲ་ཨགྣ་ཡེ། བཛྲ་ནི་རྲྀ་ཏེ། བཛྲ་བཻ་རཾ་བ། བཛྲ་ཨཱི་ཤ་ན་ཡེ། བཛྲ་ནཱ་ག་ཨུ་ལི་ཀ །བཛྲ་ནཱ་ག་པ་ལ་ཏི། བཛྲ་སུཪྻ་བ། བཛྲ་ཙནྡྲ་བ། བཛྲ་གཾ་ཙི་ཏྲི། བཛྲ་པྲ་ཏི་བི་དེ་བ། བཛྲ་ཌཱི་ཀི་ནཱི་ཀཱ་ལ་བཛྲ་བྷྱོ། བཛྲ་ཌཱ་ཀི་ནཱི་ཀཱ་ལ་རཏྣ་བྷྱོ། བཛྲ་ཌཱ་ཀི་ནཱི་ཀཱ་ལ་པདྨ་བྷྱོ། །བཛྲ་


DTG027_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཌཱ་ཀི་ནཱི་ཀཱ་ལ་ཀརྨ་བྷྱོ། །ས་པཱ་རི་ཝ་ར། ཨི་དཾ་དྷཱུ་པ། པུཥྤ། དཱི་པཾ། གནྡྷཾ། ནཻ་བི་ཏྱེ། དི་ས་ན་ཀ་ཏཾ། པ་ལཱི་པྲ་ཧ་རཾ། པྲ་ཏིཙྪ། ཡུ་བ་བུཾ་ཛ། ན་མ་སརྦ་སཏྭ། ནན་བ་ཏི། རཏྞྡྱ། སུ་བརྞ། དྷ་ན་དྷྱ་ནྱ། དྷ་ན་དྷྱ་ནྱ། ཨ་ཡུ་ཡོ་བ་ན། ཨ་རོཀྱ། སད་སུ་ཁཾ། ཨ་པ་ཧ་ར་ཀཾ། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། པ་ཥཾ་ཀུ་རུཾ། མཱ་ར་ཡ། སརྦ་ཀརྨ་ཨརྠ་སིདྡྷི་ཧཱུཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཐམས་ཅད་གཉིས་མེད་ཐུགས་རྗེའི་མཆོག །རྡོ་རྗེ་གསང་གསུམ་གནས་ལས་བྱུང༌། །དམ་པའི་དཀའ་སྤྱོད་བྱང་ཆུབ་སེམས། །དྲག་པོའི་གཟུང་འཛིན་མཁའ་འགྲོའི་ཚོགས། །དམ་ཚིག་བསྟན་པ་གནས་བསྲུང་ཞིང༌། །རྣལ་འབྱོར་སྒྲུབ་པའི་ལས་མཛད་མ། །དོན་ཀུན་ཕྲིན་ལས་སྔགས་ཀྱི་མཐུས། །འགྲོ་བའི་གནས་ཀུན་རྣམ་པར་དག །བྱང་ཆུབ་སྤྱོད་པ་རྒྱ་མཚོའི་ཚོགས། །དམ་བཅས་ཕྲིན་ལས་སྣ་ཚོགས་ཀྱིས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དོན་སྟོན་མཛད། །ཨོཾ་ཤིན་ཏུ་དྲག་ཆེན་སྤྲུལ་བའི་སྐུ། །ཁམས་གསུམ་གནས་ཀུན་གཡོ་མཛད་པ། །ཀཾ་ལས་སྤྲུལ་བའི་ལྷ་ཆེན་པོ། །དཀར་སེར་ཁྱུ་མཆོག་གདན་ལ་བཞུགས། །ཞལ་ཕྱག་མཚུངས་པར་ཏྲི་ཤཱུ་ལ། །དགྲ་སྟ་རལ་གྲི་ཐོད་ཁྲག་ཤ །སྤྱན་གསུམ་རལ་པ་ཐོད་ཕྲེང་རྒྱན། །རིན་ཆེན་སྣ་ཚོགས་གོས་ཀྱིས་བཀླུབས། །ཟླ་བ་ཕྱེད་པའི་རུ་མཚོན་ཅན། །སྒེག་དགྱེས་ཆགས་པའི་གཟི་མདངས་ཀྱིས། །ཨུ་མ་ལྗང་སྐྱ་ཐོད་པ་ཐོགས། །ཞི་བ་རིན་ཆེན་རྒྱན་བཅས་འཁྲིལ། །སྟོབས་ལྡན་དཔའ་བོ་དཔའ་མོའི་ཚོགས། །འཁོར་བཅས་གནས་འདིར་འདུས་པ་རྣམས། །མཆོད་གཏོར་རྒྱུན་བཅས་འདི་བཞེས་ཤིག །རང་གི་དམ་ཚིག་དྲན་བྱོས་ལ། །ཞི་རྒྱས་དབང་དྲག་ལས་ཀུན་དང༌། །ཐུན་མོང་དངོས་གྲུབ་འདོད་པའི་དོན། །བདག་སོགས་རྣལ་འབྱོར་སྒྲུབ་པའི་ཚོགས། །མ་ལུས་ཐོགས་མེད་གྲུབ་པར་མཛོད། །ཨོཾ་ཁམས་གསུམ་གཙོ་བོ་འབྱིན་བྱེད་ལྷ། །ཨོཾ་ལས་སྤྲུལ་པའི་ཚངས་པ་ཆེ། །གསེར་མདོག་གདོང་བཞི་ཕྲེང་བས་མཛེས། །གཡས་གཉིས་པ་སེར་རལ་གྲི་ཐོགས། །གཡོན་གཉིས་འཁོར་ལོ་རིན་ཆེན་འོད། །ངང་པ་ཟླ་བའི་ཁྲི་སྟེངས་གནས། །ཁམས་གསུམ་བསྐྱོད་ཚུལ་


DTG027_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་གྲུབ་མ། །མཛེས་མ་ཀུན་གཟུགས་ཡུམ་དང་འཁྲིལ། །ཨོཾ་བྱང་ཆུབ་སེམས་དཔའ་གཙོ་བོ་མཆོག །ཨ་ལས་སྤྲུལ་པའི་ལྷ་དབང་རྒྱལ། །དཀར་གསལ་ཟླ་རྒྱས་མདངས་དབང་ཕྱུག །གོས་རྒྱན་རིན་ཆེན་ཚོགས་ཀྱིས་བཀླུབས། །གཡས་གཉིས་རྡོ་རྗེ་རྩེ་གསུམ་རིན། །གཡོན་གཉིས་རིན་ཆེན་ཕྲེང་བ་བུམ། །གླང་ཆེན་རིན་ཆེན་ཁྲི་སྟེངས་ན། །ཤ་རྩི་དཀར་མོའི་རིན་ཆེན་པད། །འཁྲིལ་ཚུལ་འདོད་པའི་ལོངས་སྤྱོད་ཚོགས། །རིན་ཆེན་སྣ་བདུན་ཚོགས་ལ་རོལ། །ཨོཾ་སྟོབས་ལྡན་དྲག་པོ་མཐུ་བོ་ཆེ། །ཧཾ་ལས་སྤྲུལ་པ་ཁྱབ་འཇུག་གཙོ། །མཐིང་ནག་ཁྲོ་པོའི་ཚུལ་འཆང་བ། །འཁོར་ལོ་རྩེ་གསུམ་མདའ་དང་གཞུ། །འཇིགས་པའི་ཆ་ལུགས་གོས་རྒྱན་བཀླུབས། །རི་དྭགས་ཤིང་རྟ་རིན་ཆེན་ཁྲི། །གཟུགས་འཛིན་དྲག་མོ་པདྨ་འཛིན། །མཚོན་ཆ་འཁྲིགས་པའི་ཕྲེང་བ་ཅན། །ཨོཾ་མ་ལུས་འདོད་ཚོགས་ཀུན་གྱི་བདག །དྷཾ་ལས་བྱུང་བའི་འདོད་ལྷ་མཆོག །སེར་སྐྱ་སྣ་ཚོགས་རྒྱན་གྱིས་བཀླུབས། །གཡས་གཉིས་མདའ་མཆོག་རིན་པོ་ཆེ། །གཡོན་གཉིས་རིན་ཆེན་གཞུ་པདྨ། །འདོད་དཔུང་རིན་ཆེན་ཀུན་ལ་སྤྱོད། །དྲག་པོ་གནས་རྒྱལ་རིན་ཆེན་སྐྱེས། །རིན་ཆེན་ཁྲི་བཅས་རྟ་ཡི་ཚོགས། །ལྷ་ཡི་བདུད་སོགས་མོས་པའི་དཔུང༌། །ཡན་ལག་བཞི་བཅས་ལས་མཛད་པ། །ཨོཾ་ཤར་གྱི་ཕྱོགས་ནས་ལྷ་ཆེན་ཚོགས། །གསང་བའི་བཀའ་འཛིན་དམ་ཚིག་ཅན། །ཨ་ཡིག་སྔགས་ཀྱིས་སྤྲུལ་པ་རྣམས། །ཞི་བའི་རྒྱན་བཅས་བྱང་སེམས་གསལ། །རྡོ་རྗེ་མཚོན་ཆ་གསེར་མདོག་འོད། །ཞལ་ཕྱག་བཞི་པ་རྡོ་རྗེ་རིན། །པདྨ་བུམ་པ་བདུད་རྩིའི་རྒྱུན། །རིན་ཆེན་གོས་རྒྱན་ཡུམ་དང་བཅས། །རྒྱལ་པོ་ཆེན་པོའི་ཚུལ་འཛིན་ཅིང༌། །གླང་ཆེན་རིན་ཆེན་སྟེགས་ལ་གནས། །རྡོ་རྗེ་སྒྱུ་མ་སྔོ་བསངས་མདོག །གཡས་གཉིས་འཁོར་ལོ་རལ་གྲི་འཛིན། །གཡོན་གཉིས་དུང་དང་པདྨོ་ཐོགས། །ཉི་མའི་འོད་མདངས་སྟན་ལ་གནས། །དབུ་རྒྱན་ཕྲེང་བ་གོས་ཀྱིས་བཀླུབས། །བཙུན་མོའི་འཁོར་ཚོགས་སུམ་ཅུ་གཉིས། །རྡོ་རྗེ་གླང་སྣ་དཀར་སེར་མདངས། །གཡས་གཉིས་གཏུན་ཤིང་རལ་གྲི་དང༌། །གཡོན་གཉིས་ཕྲེང་བ་རིན་ཆེན་འཁོར། །ཆུ་སྲིན་རིན་ཆེན་


DTG027_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པདྨའི་ཁྲི། །མཆེ་གཙིགས་ཁྲོ་ཚུལ་དྲག་པོ་སྤྱན། །བཙུན་མོ་གཏུམ་ཆེན་བདུད་རྩིའི་སྣོད། །རྡོ་རྗེ་འཇིགས་བྱེད་ཁྲོ་བོའི་མཆོག །སྔོ་ནག་མེ་འོད་འབར་བའི་ཕྲེང༌། །གཡས་གཉིས་རྩེ་གསུམ་འཁོར་ལོ་མྱུར། །གཡོན་གཉིས་མཚོན་ཆ་མེ་འོད་ཕྲེང༌། །མ་མོའི་གདན་ལ་ཡུམ་དང་འཁྲིལ། །ཐོད་རུས་སྤྲུལ་གྱི་ཕྲེང་བས་བརྒྱན། །རྡོ་རྗེ་ཚོགས་བདག་ལྗང་སེར་སྐུ། །རིན་ཆེན་གོས་རྒྱན་འཇིགས་པའི་ཚོགས། །གཡས་གཉིས་བདུད་རྩི་རིན་པོ་ཆེ། །གཡོན་གཉིས་ཟླ་བ་རྩེ་གསུམ་མདུང༌། །རྡོ་རྗེ་བྲག་ཆེན་རླུང་དཀྱིལ་མྱུར། །བཙུན་མོ་སྟོབས་ཆེན་བརྒྱད་ཀྱི་དབུས། །རྡོ་རྗེ་སྲིན་མོ་སྔོ་སྐྱའི་འོད། །སྲིད་གསུམ་ཐལ་བྱེད་རྔ་སྐད་སྒྲོགས། །གཡས་གཉིས་གྲི་གུག་དབྱུག་པ་འཛིན། །གཡོན་གཉིས་པདྨོའི་ཐོད་པ་འཆང༌། །ཐུབ་དཀའ་སྲིན་པོའི་གདན་ལ་གནས། །ཡུམ་བཅས་རྒྱན་ཕྲེང་འཇིགས་པའི་ཚུལ། །རྡོ་རྗེ་ཞགས་པ་གནས་ཀུན་རྒྱལ། །མདོག་གནག་མི་ལྤགས་ཐོད་པའི་རྒྱན། །གཡས་གཉིས་ཞགས་པ་རྩེ་གསུམ་འོད། །གཡོན་གཉིས་གྲི་གུག་ཐོད་པའི་སྣོད། །ལུས་ངན་སྤྲུལ་བའི་ཁྲི་ལ་གནས། །ཡུམ་ཚོགས་ཕོ་ཉ་གཙོ་བོ་བརྒྱད། །རྡོ་རྗེ་གཞོན་ནུ་གདོང་དྲུག་ལྷ། །དམར་སེར་ཞི་བའི་རྒྱན་གྱིས་མཛེས། །གཡས་ན་རིན་ཆེན་པདྨ་མདའ། །གཡོན་ན་ཕྲེང་བ་བུམ་བཟང་གཞུ། །དང་པ་པདྨོ་རྫིང་བཅས་གདན། །ཕྱག་རྒྱ་ཡུམ་སོགས་གནས་དྲུག་མ། །ཨོཾ་ལྷོ་ཡི་རྒྱལ་ཆེན་གཤིན་རྗེའི་ཚོགས། །བྱང་སེམས་ཡང་ལས་འཕྲུལ་བའི་གཟུགས། །ཁྲོ་བོ་འཇོམས་བྱེད་རྒྱན་ཕྲེང་བཀླུབས། །འཇིགས་པའི་གཟུགས་མཆོག་ཁྲོ་གཉེར་འགྱུར། །མཆེ་གཙིགས་ཕེཾ་སྒྲོགས་སྤྱན་གསུམ་བགྲད། །སེར་སྐྱའི་སྐྲ་འབར་སྨ་ར་ཅན། །མ་ཚོགས་ཡུམ་བཅས་ཐལ་ཞག་ཁྲག །ལུས་བྱུགས་ཐོད་ཕྲེང་མ་ཧེའི་གདན། །རྡོ་རྗེ་གཤིན་རྗེའི་རྒྱལ་ཆེན་པོ། །སྔོ་ནག་འཁོར་ལོ་རལ་གྲི་འཛིན། །རྡོ་རྗེ་གཤིན་རྗེ་དུས་ཀྱི་ཚོགས། །མདོག་དམར་གླེགས་བམ་ཁྲམ་ཤིང་ཐོགས། །རྡོ་རྗེ་གཤིན་རྗེ་སྡང་བ་འཇོམས། །སེར་སྐྱ་རྩེ་གསུམ་བ་དན་དྲིལ། །རྡོ་རྗེ་གཤིན་རྗེ་ཁྲོ་བོ་མཆོག །སྔོ་ནག་རལ་གྲི་ཐོད་ཁྲག་ཤ །རྡོ་རྗེ་གཤིན་རྗེ་འཁོར་ལོའི་


DTG027_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག །དུད་ཀ་འཁོར་ལོ་ཕྲེང་བ་མེ། །རྡོ་རྗེ་གཤིན་རྗེ་མདུང་འཛིན་གནོན། །སྔོ་སྐྱ་མདུང་རྩེ་གསུམ་པ་རླུང༌། །རྡོ་རྗེ་གཤིན་རྗེ་མདའ་འཛིན་རྒྱལ། །དམར་སྐྱ་མདའ་གཞུ་གློག་ཕྲེང་རྒྱན། །རྡོ་རྗེ་གཤིན་རྗེ་ཐུབ་པ་ཆེ། །སྔོ་ནག་གྲི་གུག་ཐོད་ཁྲག་སྤྲིན། །དུར་ཁྲོད་གནས་ཆེ་གཏུམ་པ་ཡི། །མཁའ་འགྲོ་འཇིགས་བྱེད་བརྒྱད་རྣམས་ཀུན། །མདོག་ནག་མུན་པའི་ཚོགས་ལྟར་གཏིབས། །ལག་ན་གྲི་གུག་ཐོད་ཁྲག་ཤ །དུས་འཛིན་འཆི་བདག་ཟློག་བྱེད་ཅིང༌། །མ་མོ་སྦེད་པའི་གདོན་ལ་བརྩོན། །ཨོཾ་ནུབ་ཕྱོགས་རྡོ་རྗེ་ཀླུ་ཡི་ཚོགས། །བྱང་ཆུབ་སེམས་སོགས་ཕུཿ་ལས་སྤྲུལ། །རྫུ་འཕྲུལ་མཐུ་སྟོབས་བྱིན་རླབས་ཅན། །རིན་ཆེན་འབར་བའི་སྤྲུལ་མགོའི་རྒྱན། །ཕོ་བྲང་རིན་ཆེན་ཁང་མཛེས་ན། །བདུད་རྩིའི་རྒྱ་མཚོ་རྫིང་བུའི་ཚོགས། །བཙུན་མོ་ཡུམ་ཚོགས་དགའ་བ་རྣམས། །རིན་ཆེན་པདྨའི་སྐྱེད་ཚལ་གནས། །རྡོ་རྗེ་མཐའ་ཡས་སྔོ་བསངས་མདོག །སྤྲུལ་ཞགས་རིན་ཆེན་བུམ་པ་ཐོགས། །རྡོ་རྗེ་ནོར་རྒྱས་མདོག་དཀར་ལ། །ནོར་བུ་རྩེ་དགུ་ཕྲེང་བའི་ཚུལ། །རྡོ་རྗེ་འཇོག་པོ་དམར་མདངས་ཅན། །སྤྲིན་ཕུང་རིན་ཆེན་ཆར་འབེབས་མཛེད། །རྡོ་རྗེ་ཀརྐོཌ་ནག་པོ། །རིན་ཆེན་ཕྲེང་བ་པདྨའི་རྒྱ། །རྡོ་རྗེ་པདྨ་ཆུ་ཤེལ་མདངས། །འདོད་པའི་ཞལ་ཟས་བདུད་རྩིའི་རྒྱུན། །རྡོ་རྗེ་པད་ཆེན་དཀར་སྐྱའི་མདངས། །མེ་ཏོག་ཨུཏྤལ་སྒྲ་སྙན་སྒྲོགས། །རྡོ་རྗེ་དུང་སྐྱོང་གསེར་གྱི་མདོག །ཕྲེང་བ་ལྗོན་ཤིང་མེ་ཏོག་རྒྱན། །རྡོ་རྗེ་རིགས་ལྡན་སྣ་ཚོགས་སྐུ། །ཆུ་སྲིན་རིན་ཆེན་གཏེར་མཛོད་སྦྱོར། །ཨོཾ་བྱང་གི་གནོད་སྦྱིན་འཇིགས་པའི་གཙོ། །ཕོ་བྲང་རིན་ཆེན་གནས་ཀྱི་བདག །མིའུ་ཐུང་གཟུགས་འདྲ་སྟོབས་ལྡན་པ། །བྱང་སེམས་རིགས་སོགས་ཧཾ་ལས་སྤྲུལ། །རིན་ཆེན་བུམ་ཚོགས་ནོར་བུའི་ཚོགས། །པདྨ་བདུན་བརྩེགས་རིན་ཆེན་ཁྲི། །དཔག་བསམ་རྒྱན་ཕྲེང་བུམ་པའི་ལྷོ། །རྒྱལ་བློན་བཙུན་མོའི་ཚོགས་དང་བཅས། །རྡོ་རྗེ་གང་བཟང་ཆུ་ཤེལ་མདོག །རིན་ཆེན་མཁའ་མཛོད་ཟླ་གསལ་མདངས། །རྡོ་རྗེ་བུམ་བཟང་གསེར་ལྟ་བུ། །རྩེ་གསུམ་བུམ་པ་ལག་ན་འཛིན། །རྡོ་རྗེ་ནོར་བཟང་བཻ་ཌཱུཪྻ། །ནོར་བུ་རིན་ཆེན་ཕྲེང་བའི་ཚོགས། །རྡོ་རྗེ་རྣམ་ཐོས་གསེར་གྱི་མདངས། །མཆོད་


DTG027_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟེན་རིན་ཆེན་དབྱིག་པ་ཐོགས། །རྡོ་རྗེ་ལུས་ངན་ལྗང་སྐྱའི་འོད། །རིན་ཆེན་དབྱུག་པ་ལྕུག་མའི་རྒྱུན། །རྡོ་རྗེ་གནོན་འཇིགས་མཐིང་ཤུན་མདོག །རལ་གྲི་ཨུཏྤལ་མེ་ཏོག་ཕྲེང༌། །རྡོ་རྗེ་གནོན་གནས་ཉི་མའི་མདངས། །ཤིང་ཐོག་ནེའུ་ལེའི་རྒྱལ་བུ་འཐོར། །རྡོ་རྗེ་སྡེ་བཟང་ཨིནྡྲའི་མདོག །གླེགས་བམ་རིན་ཆེན་བུམ་པའི་ཆུ། །ཁྲོ་གཉེར་སྤྱན་དམར་དབུ་སྐྲ་འཁྱིལ། །མཆེ་བ་ཅུང་ཟད་འཛུམ་མདངས་བརྒྱན། །རིན་ཆེན་གོ་ཆ་མཚོན་སྣ་ཚོགས། །འདོད་པའི་ལོངས་སྤྱོད་ཀུན་གྱིས་མྱོས། །ཨོཾ་མཚམས་ཀྱི་རྒྱལ་ཆེན་དཔའ་བོའི་དཔུང༌། །རང་གི་འཁོར་ཚོགས་འདུལ་མཛད་པ། །བྱང་ཆུབ་སེམས་སོགས་གཞན་དོན་མཛད། །ས་བོན་ཨ་རི་ཡཾ་མིང་ལས། །འཕྲུལ་བས་བྱིན་རླབས་གཟུགས་དང་ལྡན། །གཙོ་བོ་རང་རིག་རྒྱན་གྱིས་མཛེས། །རྡོ་རྗེ་མེ་ལྷ་དམར་སེར་འོད། །བགྲང་ཕྲེང་སྤྱི་བླུགས་སྲད་བུས་བརྒྱན། །རྡོ་རྗེ་སྲིན་པོ་དམར་སེར་འོད། །ཆུ་སྲིན་པདྨ་འཇིགས་བྱེད་གཟུགས། །རྡོ་རྗེ་རླུང་ལྷ་དུད་ཁའི་མདོག །བ་དན་ཕྲེང་བ་ཁ་མང་རྒྱ། །རྡོ་རྗེ་དབང་ལྡན་ཨིནྡྲ་རིན། །བེ་ཅོན་རྩེ་གསུམ་འོད་ཕྲེང་འཁྲིགས། །བཙུན་མོའི་འཁོར་ཚོགས་ལས་མཛད་པ། །ར་སྐྱེས་ཆུ་སྲིན་ཤ་བ་དང༌། །མི་རོའི་སྟན་ལ་རིན་ཆེན་བརྒྱན། །འདོད་པའི་ལོངས་སྤྱོད་དགའ་རྩེར་རོལ། །ཨོཾ་སྒོ་བཞི་ཕོ་ཉ་མཐུན་པའི་གྲོགས། །རྣལ་འབྱོར་དམ་ཅན་སྐྱོང་མཛད་པ། །སྟེང་འོག་ཉིན་མཚན་དུས་འབྱེད་ཅིང༌། །བྱང་ཆུབ་སེམས་སོགས་སྤྱོད་ལྡན་པས། །ཚད་མེད་བཞི་ཡིས་རྣམ་པར་རོལ། །ས་བོན་སུཾ་ཙཾ་པྲ་ཏཾ་ལས། །འབྱུང་བའི་གཟི་བརྗིད་འོད་པོ་ཆེ། །བཙུན་མོ་དམ་པའི་གནས་ལོངས་སྤྱོད། །བློན་པོ་དེད་དཔོན་དཔུང་བཅས་པས། །དམ་ཆོས་བསྟན་པ་རྒྱས་པར་མཛད། །རྡོ་རྗེ་ཉི་མ་མེ་ཤེལ་མདངས། །པདྨ་རིན་ཆེན་ཤིང་རྟར་ལྡན། །རྡོ་རྗེ་ཟླ་བ་ཆུ་ཤེལ་འོད། །བདུད་རྩི་ཀུ་མུ་ངང་བའི་ཁྲི། །རྡོ་རྗེ་ས་འཛིན་གསེར་གྱི་མདོག །བུམ་པ་བགྲང་ཕྲེང་པདྨའི་གདན། །རྡོ་རྗེ་ཐགས་བཟངས་བཙོད་གྱི་མདོག །གོ་མཚོན་འབྲུག་གི་ཁྲི་ལ་གནས། །འཇིག་རྟེན་གསུམ་ལ་མངའ་མཛད་པའི། །སྟོབས་ལྡན་ཕྲིན་ལས་མྱུར་བའི་ཚུལ། །ཨོཾ་བདེ་གཤེགས་སྲས་ཚོགས་བཀའ་ཉན་བྲན། །མཁའ་


DTG027_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྲོའི་རྒྱལ་པོ་རྒྱལ་མོ་རྣམས། །རྣམ་པ་རང་གི་གཟུགས་ཉིད་ལ། །རང་བཞིན་བདེ་གཤེགས་སྐུ་གསུང་ཐུགས། །ཕྱག་རྒྱ་རྣམ་བཞི་དབུ་རྒྱན་དང༌། །རིགས་ཀྱི་བདག་པོར་དབང་བསྐུར་བའི། །རྒྱལ་བའི་སྲས་ཚོགས་ཐུགས་རྗེ་ཅན། །བཀའ་གསང་དམ་ཚིག་བྲན་བྱོས་ལ། །རྨད་བྱུང་མཐུ་དང་རྫུ་འཕྲུལ་གྱིས། །རིག་འཛིན་སྒྲུབ་པའི་གྲོགས་མཛོད་ཅིག །དགྲ་བགེགས་ནད་གདོན་པར་ཆད་རྣམས། །ཕྲིན་ལས་ཀུན་གྱིས་འདུལ་མཛད་ཅིང༌། །ཚེ་དབང་བཀྲ་ཤིས་བདེ་ལེགས་ཚོགས། །དུས་ཀུན་དུ་ནི་རྒྱས་པར་མཛོད། །ཨོཾ་ཕྱི་རོལ་མ་ཚོགས་མཁའ་འགྲོའི་སྐུ། །ཐམས་ཅད་འཕྲུལ་བའི་རྫུ་འཕྲུལ་ཅན། །སྣ་ཚོགས་དབང་ཕྱུག་ཕྲིན་ལས་ཀྱིས། །རྟག་ཏུ་རང་གི་དོན་བརྩོན་ཞིང༌། །དྲག་པོ་མཁའ་འགྲོའི་ཆོགས་བསྡུས་པས། །གཞན་དོན་ལས་ལ་རྣམ་པར་རོལ། །སྤྲུལ་པ་ཡང་སྤྲུལ་འཇིགས་པའི་གཟུགས། །གསོད་དོན་ཤ་ཁྲག་ལས་ལ་བརྩོན། །ཤར་གྱི་རྡོ་རྗེ་སྒྱུ་འཕྲུལ་གཙོ། །གཟུགས་ཆེན་ནམ་མཁའི་གོས་གྱོན་མ། །ཀེང་རུས་རྣམ་པར་འགྱུར་བ་དང༌། །མཁའ་ཆེན་འདྲ་བའི་སྒྱུ་མ་ཆེ། །རྡོ་རྗེའི་ཐོག་འབེབས་མཐུ་རྩལ་ཅན། །མུན་པའི་ཚོགས་འཇོམས་སྣང་བའི་སྐུ། །རྡོ་རྗེ་རིགས་ཚོགས་མཁའ་འགྲོའི་རྒྱལ། །དཀར་མོ་རྡོ་རྗེ་རྩེ་གསུམ་དང༌། །འཁོར་ལོ་གཏུན་ཤིང་གྲི་གུག་མཚོན། །མདའ་རྣོན་ལྕགས་ཀྱུ་ཞགས་པ་དང༌། །རལ་གྲི་ཐོད་དབྱུག་མདུང་འཕེན་མ། །མི་མགོ་རྒྱུ་མའི་ཕྲེང་བ་ཐོགས། །འཇིགས་པའི་མཚོན་ཆ་མེ་ལྟར་འཕྲོ། །གཏུམ་པའི་རྔམ་ཚིག་འབྲུག་བཞིན་སྒྲོགས། །ཤར་གྱི་གནས་མཆོག་ལྷུན་པོའི་རྩེ། །དཀྱིལ་འཁོར་འབར་བའི་ལས་མཛོད་ཅིག །ལྷོ་ཕྱོགས་རིན་ཆེན་འོད་མཛེས་བརྒྱན། །བྱང་ཆུབ་གནས་བསྲུང་རྫུ་འཕྲུལ་ཆེ། །ཁྲོ་གཉེར་འཇིགས་པའི་སྤྲུལ་པ་ཅན། །གཤིན་རྗེའི་ཚོགས་འཇོམས་མཆེ་བ་ཐོགས། །འོད་ཆེན་ཁམས་གསུམ་ཁྱབ་པ་མོ། །རིན་ཆེན་དབྱུག་པའི་གླུ་དབྱངས་སྒྲོགས། །སྔོན་འགྲོ་རལ་གྲི་ཐོད་ཁྲག་འཐུང༌། །འཁོར་ལོ་སྟི་ར་མེ་ཐབ་དང༌། །བདུད་ཀྱི་ཁྲམ་ཤིང་ཞགས་པ་བདུན། །རྩེ་གསུམ་མགོ་ཐོད་དུམ་བུ་དང༌། །དྲ་བ་ལྕགས་ཀྱུ་འབར་བ་ཐོགས། །འཇིགས་པའི་འོད་འབར་རིན་ཆེན་གནས། །རྒྱ་མཚོ་


DTG027_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྱིལ་བའི་ཀླུང་གནས་སྦྱོན། །བན་ཆེན་ཡི་དྭགས་གདན་རྣམས་སུ། །སྤྲུལ་པའི་ཉི་མའི་འོད་ཟེར་ལྟར། །དམ་བཅས་ཕྲིན་ལས་སྐབས་ལ་བབ། །ནུབ་ཕྱོགས་པདྨའི་འདོད་ཆགས་མ། །རྡོ་རྗེ་ཀེང་རུས་གནས་ཀུན་འཇོམས། །ཤུགས་འཆང་རླུང་གི་གྲོང་ཁྱེར་བདག །སྒྲུབ་པའི་གསང་འཛིན་ཕྱག་རྒྱ་ཅན། །རོ་ཡི་ཕྲེང་བས་བསྐྱོད་པའི་གནས། །མཚོན་ཆ་གློག་གི་ཕྲེང་ཐོགས་མ། །དམར་པོ་ཐོད་དབྱིག་རྒྱུ་མའི་ཕྲེང༌། །གྲི་གུག་འཐེན་ཐག་ཟངས་དུང་དང༌། །མཁའ་ལྡིང་མི་སྙིང་ཁྲག་འཛག་མ། །མདའ་ཡི་མེ་ཏོག་ལྕུག་མ་དང༌། །རྡོ་རྗེ་འཕྲེང་བ་ཐོད་དབྱུག་འཆང༌། །རོ་ཡི་ནགས་ཚལ་ལྕུག་མ་ཅན། །ཁམས་གསུམ་འཁྲུག་པའི་ཁྲག་མཚོ་ནས། །དབང་པོ་སྲིད་གསུམ་ཆགས་མཛད་སྤྱོན། །བྱང་གི་རྡོ་རྗེ་ལས་མཆོག་གཙོ། །ཀུན་དུ་བཟང་མོ་ཡིད་ཀྱི་ཤུགས། །རྡོ་རྗེ་གནོད་བྱེད་དཔའ་མོའི་མཆོག །དཔལ་ལྡན་བཟང་མོའི་རྒྱན་ཆ་ཅན། །འབར་བའི་སྤྱན་ཅན་དྲག་པོའི་གཟུགས། །ལས་རྣམས་ཀུན་ལ་མངའ་མཛད་རྒྱལ། །ལྗང་གནག་རྡོ་རྗེ་རྒྱ་གྲམ་ཁྲག །མེ་རི་འབར་བཅས་ལྕགས་ཀྱུ་ཞགས། །གནོད་སྦྱིན་དབྱུག་པ་བདུད་རྩི་དང༌། །བེ་ཅོན་ཟླ་དཀྱིལ་ཐག་མདུང་དྲི། །འཁྲུལ་འཁོར་མེ་ཏོག་ལྕུག་མ་དང༌། །རྩེ་གསུམ་པ་དན་མི་ཡི་རྐང༌། །གནོད་བྱེད་སྟོབས་མཆོག་འཇིགས་པའི་རི། །བྱང་གི་གཏུམ་འཕྲུལ་རོལ་པའི་ཚོགས། །མ་མོ་མཁའ་འགྲོ་གཟུགས་ཅན་རྣམས། །དམ་ཚིག་མཆོག་གི་གནས་གྲུབ་མཛོད། །ཨོཾ་བུདྡྷ་ཌཱ་ཀཱི་ནི་མན་བ་ལིཾ་ཏ་པྲ་ཏིཙྪ་ཧོ་ཨོཾ་ཕཊ་ཁཱ་ཧི། ཨོཾ་བཛྲ་ཌཱ་ཀཱི་ནི་མན་བ་ལིཾ་ཊཾ་པྲ་ཏིཙྪ་ཧོ་ཧཱུཾ་ཕཊ་ཁཱ་ཧི། ཨོཾ་རཏྣ་ཌཱ་ཀཱི་ནི་མན་བ་ལིཾ་ཊཾ་པྲ་ཏིཙྪ་ཧོ་ཧྲཾ་ཕཊ་ཁ་ཧི། ཨོཾ་པདྨ་ཌཱ་ཀཱི་ནི་མན་པ་ལིཾ་ཏ་པྲ་ཏིཙྪ་ཧོ་ཧྲི་ཕཊ་ཁཱ་ཧི། ཨོཾ་ཀརྨ་ཌཱ་ཀཱི་ནི་མན་བ་ལིཾ་ཏ་པྲ་ཏིཙྪ་ཧོ་ཧཾ་ཕཊ་ཁཱ་ཧི། ཛཿཧཱུཾ་བཾ་ཧོཿ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་ཏིཙྪ་ཧོ། །ཤྲཱི་བྷ་ག་བཱན། ཁ་ཁ་ཁ། ལེ་ལེ་ལེ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཨོཾ་གྷུ་རུ་ཏྲོ་ཧ་ཀ །ས་མ་ཡ་པྲ་ཤ་ཁཱ་ཧི། བག་ཤ་སུ་ནན། བུདྡྷ་ཀྵེ་ཊ་པྲ་ཏིཥྚཾ་པ་ཡ་ཁཱ་ཧི། པདྨའི་ཕྱག་རྒྱས་ཁ་ཆུས་མཆོད་པའོ། །ལག་གཉིས་རྒྱབ་སྦྱར་སྙིང་གར་གཏད། །མཛུབ་བསྣོལ་སྲིན་ལག་མིག་གི་ཚུལ། །གུང་མཐེག་


DTG027_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་གདངས་རྩེ་སྦྲང་ཁ། །མཐེའུ་ཆུང་གྱེན་དུ་བསྒྲེང་བའི་རྒྱས། །འཇིག་རྟེན་པ་ཡི་ལས་ཚོགས་རྣམས། །ཕྱོགས་ཀུན་དངོས་གྲུབ་རྒྱས་བྱེད་པའོ། །ཨོཾ་པདྨ་བ་མུ་ཀརྨ་སིདྡྷི་ཧཱུཾ། ཕྱག་རྒྱ་བདུན་རོལ་བསྒྱུར་བྱས་ཏེ། །མཐེབ་གུང་མཛུབ་སྲིན་གོང་བཞིན་སྦྱར། །དངོས་གྲུབ་མཆོག་རྣམས་དབང་བྱས་པས། །རྟེན་བྱེད་མི་འབྲལ་ཀུན་སྤྱོད་མཛོད། །ཨོཾ་པདྨ་བ་མུ་ཁེ་ཨ་བེ་ཤ་ཡ་ཧྲཱིཿ། རྡོ་རྗེ་ཁུ་ཚུར་བཅངས་པ་ཡི། །མཐེ་བོ་རྩེ་བཞི་མཆེ་བའི་ཚུལ། །མཆོད་གཏོར་ཕྱོགས་ཀུན་གནས་བསྒྱུར་བས། །ལས་ཀུན་བྱ་བ་མཐར་ཕྱིན་འགྱུར། །ཨོཾ་བཛྲ་ཨེ་ས་ཧཱུཾ། པཱུ་ས་ཧཱུཾ། ས་མ་ཡ་བག་ཤ་ཧཱུཾ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཕྱག་རྒྱའི་ཏིང་འཛིན་སྔགས་བཅས་ལྡན། །གཏོར་མའི་ལས་བསྐུལ་གནས་སུ་བཏང༌། །སླར་ལོག་དཀྱིལ་འཁོར་མ་ཉམས་བློས། །བཀྲ་ཤིས་དངོས་གྲུབ་བསྐུལ་བར་བྱ། །ཨོཾ་དངོས་གྲུབ་དབང་ཕྱུག་ཡང་དག་བདེན་བའི་སྟོབས། །ཕུན་སུམ་ཚོགས་པ་ཀུན་དུ་འབྱུང་བའི་གཞི། །སྟོབས་མཆོག་མི་འཇིགས་གདོན་བྲལ་འཚེ་བ་འཚེ་བ་ལྡན་བཀྲ་ཤིས་མི་འགྱུར་བརྟན་པར་ཤོག །ཨོཾ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཡི། །མཁའ་འགྲོ་སྒྱུ་མ་བདེ་བ་ཆེན་པོའི་མཆོག །དཀྱིལ་འཁོར་ཕྱག་རྒྱ་གསང་སྔགས་སྦྱོར་བའི་མཐུས། །རིགས་ཀུན་བཀྲ་ཤིས་མི་འགྱུར་བརྟན་པར་ཤོག །ཨོཾ་ཐམས་ཅད་དངོས་གྲུབ་དོན་ཚོགས་རྒྱ་ཆེན་པོ། །ཐུན་མོང་མངོན་ཤེས་རྣམ་ལྔ་སྒོ་གསལ་ཞིང༌། །གསེར་འགྱུར་བུམ་པ་བཅུད་ལེན་བདུད་རྩིའི་ཚོགས། །བཅུ་དྲུག་བཀྲ་ཤིས་མི་འགྱུར་བརྟན་པར་ཤོག །ཨོཾ་མཚན་མཆོག་དཔེ་བྱད་མི་འགྱུར་བརྟན་ཞིང་བརྗིད། །བདུད་འདུལ་བཀྲ་ཤིས་གདུགས་མཆོག་རྒྱལ་མཚན་དུང༌། །འཁོར་ལོ་དཔལ་བེའུ་གསེར་ཉ་བུམ་པ་མཚོན། །ཉེ་བའི་བཀྲ་ཤིས་མི་འགྱུར་བརྟན་པར་ཤོག །ཨོཾ་ཞི་རྒྱས་དབང་དྲག་མནན་བཟློག་ལས་རྣམས་ཀུན། །ཐམས་ཅད་སྐད་ཅིག་མཐུ་ཡིས་གྲུབ་འགྱུར་ཞིང༌། བདག་གཞན་ཆ་ལུགས་གནས་ཀུན་སྦྱོར་བྱེད་པའི། །ཕྲིན་ལས་བཀྲ་ཤིས་མི་འགྱུར་བརྟན་པར་ཤོག །ཨོཾ་རྒྱལ་བ་ཐམས་ཅད་གཉིས་མེད་མཉམ་པའི་དབྱིངས། །ཡེ་ཤེས་སྐུ་མཆོག་རིགས་དང་སྤྲུལ་པའི་ཚོགས། །མ་འདྲེས་དངོས་གྲུབ་འབྲས་བཟང་དཔེ་དང་བྲལ། །སྙོམས་འཇུག་


DTG027_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་འགྱུར་བཀྲ་ཤིས་བརྟན་པར་ཤོག །ལས་རྫོགས་རྣལ་འབྱོར་ཕོ་མོ་ཀུན། །ལུ་གུ་རྒྱུད་ཀྱི་ཕྱག་རྒྱས་འབྲེལ། །ཨོཾ་མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་དང༌། །རབ་འབྱམ་རྒྱལ་བའི་བཀའ་ལ་དབང་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །འདི་ལྟ་བུ་ཡི་མན་ངག་ལུང་སྟོན་ཅིང༌། །བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་དང༌། །སྲོག་གི་ལུ་གུ་རྒྱུད་ཀྱི་འབྲེལ་པ་རྣམས། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ། །དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང༌། །གསང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། །བླ་མེད་སྐུ་གསུང་ཐུགས་མཆོག་གྲུབ་གྱུར་ནས། །རྒྱལ་བའི་མཛད་པས་འགྲོ་རྣམས་སྒྲོལ་བྱེད་ཤོག །རང་རིག་དཀྱིལ་འཁོར་རྒྱས་པ་དང༌། །ཕྲིན་ལས་བཅུ་དྲུག་གནས་འཇུག་ཅིང༌། །ཕྱག་རྒྱ་གསང་སྔགས་འཁྲུལ་འཁོར་སྦྱོར། །བསམ་གཏན་བྱ་བའི་ལས་བཞིན་དུ། །བདག་གཞན་དོན་འགྱུར་དུ་ཚོད་ཤེས། །ཆོ་ག་རྟེན་འབྲེལ་རྫོགས་པར་སྤྱད། །དེ་ཡང་རྟེན་གྱི་དབྱེ་བ་ཡིས། །བསམ་གཏན་བཟླས་བརྗོད་སྦྱིན་སྲེག་དང༌། །ལས་སྦྱོར་འཁྲུལ་འཁོར་རྫས་ལས་སྒྲུབ། །མོས་སོགས་གོམས་པའི་ཤུགས་ཀྱིས་འཇུག །དང་པོར་སྦྱོར་བ་མཐུན་པའི་ལས། །སྔོན་དུ་འགྲོ་བའི་ཆོ་ག་རྫོགས། །ལས་ཀྱི་ཡན་ལག་དག་བྱས་ན། །རུང་ཞིང་བྱིན་གྱིས་བརླབས་བ་ཙམ། །གསང་བ་ལས་དང་མཐུན་གནས་སུ། །གྲོགས་སོགས་དབང་བསྐུར་བྱིན་བརླབས་ལྡན། །མོས་པས་བྱང་ཆུབ་མཆོག་སེམས་བསྐྱད། །དད་བྲྩྶོན་བློ་གྲོས་འགྱུར་བ་མེད། །གསང་བའི་ཕྱག་རྒྱ་རྒྱ་ཆེན་སྒོ། །ཚུལ་བཞིན་ཐེ་ཚོམ་མེད་པས་འགྲུབ། །དེ་ལྟར་བྱིན་རླབས་མྱུར་བའི་མཐུས། །ལས་ཀྱི་རྟོག་ཚོགས་རབ་འཇིག་པའོ། །སྦྱོར་བ་ཇི་སྙེད་ཡོད་པ་ཀུན། །བྱེད་པ་རྣམ་པ་སྣ་ཚོགས་ལ། །རྡོ་རྗེ་སེམས་དཔའ་དཔལ་གྱི་རྒྱུ། །དངོས་གྲུབ་ཐམས་ཅད་རབ་གྲུབ་པའོ། །བྱ་བ་དང་ནི་བཟློག་པ་དང༌། །ཁྱད་པར་དུ་ནི་དབྲོག་པ་དག །ཡན་ལག་ཀུན་དུ་བྱེད་པའི་ནང༌། །དེས་ནི་ནོར་རྣམས་ཀུན་ཀྱང་དབྲོག །འོ་བྱེད་འཁྱུད་པ་ལ་སོགས་པས། །ཁམས་གསུམ་པ་ཡང་རྒྱས་འདེབས་


DTG027_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །ཐར་པར་བྱེད་ཅིང་གསོད་པར་བྱེད། །སྦྱོར་བའི་ལོངས་སྤྱོད་ཐམས་ཅད་ཀྱིས། །ཁམས་གསུམ་པོ་ནི་མ་ལུས་པར། །རྒྱས་བཏབ་རྨོངས་བྱས་བླངས་ནས་སུ། །གར་བྱས་ནས་ནི་ཟ་བར་བྱེད། །སྦྱོར་བ་ཀུན་གྱི་བདེ་མྱོང་བས། །ཁམས་གསུམ་པ་ནི་མ་ལུས་པར། །རྒྱས་བཏབ་རྨོངས་བྱས་ཟོས་པ་དང༌། །ཐལ་བར་གྱུར་པའང་འཚོ་བར་བྱེད། །སྦྱོར་བ་ཐམས་ཅད་ཕྱག་རྒྱ་ཡི། །རིགས་མཆོག་གཙོ་བོའི་ལྷ་མོར་བཅས། །སྣ་ཚོགས་ཕྲིན་ལས་མ་ལུས་ལ། །རང་གི་ཚུལ་བཞིན་རྣམ་པར་སྦྱར། །རས་དང་གྲོ་ག་ཤིང་སོགས་ལ། །གུར་གུམ་གིའུ་ཝང་ཚོན་སྣ་ལས། །བདག་གཞན་ཕོ་མོ་ལ་དམིགས་ཏེ། །རྟེན་གྱི་གསང་སྔགས་སྦྱོར་བཅས་བྲི། །མུ་ཁྱུད་ཕྲེང་བ་རིམ་གསུམ་ནང༌། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། །འཁོར་ལོ་རྩིབས་བརྒྱད་ཉིས་འགྱུར་བརྩེགས། །རང་གི་མཚན་མས་བརྒྱན་པར་བྲི། །འཁོར་ལོ་ལྟེ་བ་རྣམས་ལ་ནི། །རིགས་བདག་རྩ་པའི་དཀྱིལ་འཁོར་སྔགས། །འཁོར་ལོ་གཉིས་པར་ཡི་གེ་བརྒྱ། །སྣ་ཚོགས་མཚམས་བཞིར་ཞལ་བཞི་པ། །མུ་ཁྱུད་ནང་མར་ཕྲེང་བའི་སྔགས། །གཉིས་པར་ཡི་གེ་མ་མོ་རྣམས། །གསུམ་པ་རིགས་ཀྱི་མཚོན་ཆ་ཕྲེང༌། །བར་མཚམས་བསྒྲུབ་བྱའི་མིང་གསོལ་འདེབས། །དེ་ལ་ཕྲེང་བའི་གསང་སྔགས་ཆེ། །རྡོ་རྗེ་སེམས་དཔའི་སྦྱོར་བ་གཉིས། །རིགས་གཞན་དཀྱིལ་འཁོར་ཕྱག་རྒྱའི་ཚོགས། །ཐམས་ཅད་ཤར་ནས་གཡས་སུ་བསྐོར། །ཨོཾ་ཨཱཿཧཱུཾ་ཤྲཱི་དེ་བ་ཏ། བཛྲ་སཏྭ་སྟོ་ཏྲ་ན་མོ་སྟུ་སྟི་སརྦ་བུདྡྷ། ས་མ་ཡོ་གཱི་ན་མ་ཧཱུཾ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཤྲཱི་བཛྲ་སྭ་ཛྱོ་སྟྱ་ཏེ་སུ་རཱ་ག་ན་མོ་སརྦ་བུདྡྷ་ས་མ་ཡོ་གཱི་ཛྭ་ལ་སཾ་བྷཱ་ར་ན་མ་ཧཱུཾ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿཧཱུཾ་མ་ཧཱ་རཱ་ག་མུ་ག་ཏ། ཤྲཱི་བཻ་རོ་ཙ་ན། སརྦ་ཅ་ཀྲ་ས་མ་ཡོ་ག་རཱ་ག་ཨི་ཏི་ན་མ་ཨོཾ་ཁཾ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཀ་རུ་ཎ་ཨ་མ་ལ་ཀྲོ་དྡྷ་ཤྲཱི་ཧེ་རུ་ཀ །སརྦ་བཛྲོད་ས་མ་ཡོ་གཱི་ནི་སྟོ་ཏྲ་ན་མོ་སྟུ་ཏ་ན་མ་ཧི་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཤྲཱི་པདྨ་རཱ་ག་ཤུདྡྷ་ཤུདྡྷོ་སརྦ་མཧཱ་རཱ་ག་པདྨོ་ས་མ་ཡོ་གཱི་ནི་ན་མ་ཧི་ཧཱུཾ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཤྲཱི་བཛྲ་བྷ་བ་ཏ་ཨོ་ཛ་ཉ་ཏོཏྟ་རཏྣ་ས་མ་ཡོ་གཱི་ནི་ན་མ་ཏྲཾ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཤྲཱི་ཨཤོད་པ་ར་ཀྲ་མ་སརྦ་བི་ཤྭ་ས་མ་ཡོ་གཱི་མ་ཧཱ་རཱ་ག་ན་མ་ཧཾ་ཧཱུཾ་སྭཱཧཱ། རིགས་ཀྱི་དཀྱིལ་འཁོར་གསལ་ལྡན་པས། །རྟེན་གྱི་སྦྱོར་བ་རང་ཉིད་བཞིན། །རྫོགས་པར་དགུག་གཞུག་


DTG027_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྟན་བྱས་ནས། །བྱིན་བརླབས་དབང་བསྐུར་ཤིས་བྱས་ལ། །མཆོད་དབུལ་བསྟོད་ཅིང་གསོལ་བ་གདབ། །གྲངས་ཀྱི་བཟླས་བརྗོད་རྫོགས་པ་དང༌། །ཚོགས་བསགས་བསྲུང་བ་ལ་རོབ་གདོན། །སྒྲུབ་པོས་གཟུངས་བཟླས་མཆོད་པར་བྱ། །སྦྱོར་བའི་དཀྱིལ་འཁོར་གསལ་རྫོགས་པས། །ཆས་གོས་རྒྱན་ཆས་རྫས་བསག་ཅིང༌། །རྡོ་རྗེ་འཁྲུལ་འཁོར་སྔགས་ཀྱི་མཐུས། །ཕྱི་རོལ་དགྲ་བཏེགས་བདུད་དཔུང་ཚོགས། །ཉོན་མོངས་རྣམ་རྟོག་ནང་གི་ལས། །ཀུན་སྦྱོར་ཕྱག་རྒྱ་འཁྲུལ་འཁོར་སྔགས། །བསམ་གཏན་རིགས་ཀྱི་ཆོ་ག་ལྟར། །ཡང་དག་བརྩོན་པ་མཐུ་ཡིས་འཇིག །ས་ཆུ་མེ་རླུང་འབྱུང་སོགས་འཁྲུག །ཐམས་ཅད་ཞི་བའི་གནས་སུ་འགྱུར། །ལས་མཆོག་ཁྲོ་བོའི་སྦྱོར་བཅས་པས། །གཏོར་མ་གོས་དང་མར་མེ་ཟས། །ཡུངས་ཀར་ཐལ་ཆེན་སྔགས་ཀྱི་མཐུགས། །བགེགས་ལ་བཀའ་བསྒོ་བསྐྲད་པར་བྱ། །ཞག་བདུན་ལ་སོགས་དུས་ཀྱི་མཐར། །སྡིག་པའི་གཟུགས་བརྙན་འབྱུང་ཞིང་སྤྱང༌། །མེ་དང་ཆུ་ཡིས་ཤིས་བྱས་ཏེ། །ཕྱི་ནང་ལས་བཞིན་དག་པའི་ཕྱིར། །མིང་རུས་དག་ལ་གཏན་གཞག་ཅིང༌། །སྔགས་ཀྱི་ཆུ་ཡིས་ཁྲུས་བྱས་ཏེ། །དྲི་མཆོག་མེ་ཏོག་བཟང་ལྡན་དང༌། །གསང་སྔགས་འཁོར་ལོས་གནས་ཀུན་བརྒྱན། །དབང་པོའི་སྒོ་རྣམས་བྱིན་བརླབས་ནས། །གོས་བྱས་ཕྲེང་བ་གདགས་པར་བྱ། །དཀྱིལ་འཁོར་གནས་སུ་རིམ་པ་བཞིན། །འཇུག་པའི་ཆོ་ག་ཚུལ་བཞིན་དུ། །གསང་བའི་སྔགས་བློ་ལྡན་པ་ཡིས། །རོ་ལ་མཆོད་རྫས་ཆོ་ག་རྫོགས། །དཀྱིལ་འཁོར་ཆེན་པོར་རིགས་དབང་སོགས། །བྱ་བའི་ཆོ་ག་སྐབས་ཀྱི་དོན། །འཁོར་ལོ་རྫོགས་པའི་གནས་བརྩམས་པས། །བསྲེག་ཁང་རིགས་མཆོག་ཕོ་བྲང་དུ། །མ་ལུས་དཀྱིལ་འཁོར་གཉིས་མེད་རྫོགས། །ཡེ་ཤེས་དཀྱིལ་འཁོར་དགུག་གཞུག་བསྟིམ། །རྣལ་འབྱོར་གྲོགས་སོགས་རྒྱན་བཅས་པས། །བཟའ་བཏུང་རྒྱན་དང་བགོ་བ་རྣམས། །བྱིན་བརླབས་རིམ་གྱིས་ལྷར་གསལ་ཞིང༌། །ཕྱི་ནང་གསང་བའི་མཆོད་ཆེན་དབུལ། །ལས་སྔགས་མཐའ་རྒྱན་འབྲེལ་པའི་མཐུས། །སྟོང་གསུམ་འགྲོ་གནས་སྤྱང་བར་བྱ། །མེ་ལྷ་མཉེས་པས་ལས་རྫོགས་


DTG027_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། །དངོས་གྲུབ་འདོད་དོན་གསོལ་བ་གདབ། །མཉམ་ཉིད་མི་གཡོས་བསྟོད་བྱས་ནས། །སྨོན་ལམ་རྒྱ་མཚོ་དོན་མཐར་དབྱུང༌། །དཀྱིལ་འཁོར་རྣམ་གསུམ་རྫོགས་བྱས་པས། །བདེ་ཆེན་བྱང་ཆུབ་སེམས་ཉིད་སྐུ། །སྔགས་ཀྱིས་དག་པའི་སྐུ་གདུང་རྣམས། །སྐུ་གསུང་ཐུགས་ལྡན་ཕྱག་རྒྱ་ཆེ། །བསྐལ་པར་མི་གནས་ཕྱག་རྒྱ་རྫོགས། །རྒྱན་སོགས་མཆོད་པས་མཉེས་པར་བྱ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཇི་ལྟར་གཟུགས་དང་དབྱིབས་ལྡན་པས། །དུར་ཁྲོད་ལྷ་ཡིག་ནས་རྣམས་དང༌། །མ་མོའི་གནས་ཀྱི་ཐལ་བ་མཆོག །ཐམས་ཅད་བྲལ་བའི་སྲུང་བ་ནི། །ཐིག་ལེའམ་སོ་སོའི་རིས་གསུམ་བྱ། །ཕྱོགས་མཚམས་ནམ་མཁའ་ས་བཅིངས་ན། །སྲུང་བ་ཀུན་གྱི་བླ་མེད་པའོ། །རྒྱ་མཚོར་འབབ་པའི་ཆུ་ཡི་འགྲམ། །ལྷ་རྫས་ཞི་བའི་ཆུ་མཆོག་གིས། །གཏོར་བ་དང་ནི་བླུགས་པ་དང༌། །ཁྲུས་བྱས་པ་དང་ཕོག་པ་ཡིས། །ཕྱོགས་མཚམས་ནམ་མཁའ་ས་བཅིངས་ན། །སྲུང་བ་ཀུན་གྱི་བླ་མེད་པའོ། །མི་ཡི་ཐོད་པའི་ནང་དུ་ནི། །ཡུངས་ཀར་བསྐྱེད་ནས་བླང་བར་བྱ། །བཟའ་བཏུང་ལུས་ལ་བྱུགས་པ་དང༌། །ཕྱོགས་བཅུར་གཏོར་བས་བསྲུང་བར་འགྱུར། །དཔའ་བོ་གཅིག་པའི་རྟེན་རྣམས་ཀྱིས། །སྦྱོར་བ་གསུམ་ལྡན་སྲུང་བའི་མཆོག །དེ་བཞིན་དཀྱིལ་འཁོར་རྒྱས་པས་ཀྱང༌། །ཐམས་ཅད་རྒྱས་འདེབས་རྡོར་སེམས་མཆོག །སངས་རྒྱས་ཀུན་བདག་སྦྱོར་ལྡན་པས། །ཕྱོགས་བཅུ་ལེགས་པའི་འཁོར་ལོའི་ཚུལ། །བླ་དང་འོག་ཏུ་བྱིན་བརླབས་ནས། །བསྲུངས་པས་སངས་རྒྱས་ཀུན་དགོངས་འགྱུར། །ཧེ་རུ་དཔལ་གྱི་རྣམས་འཕྲུལ་པས། །ཐམས་ཅད་ཀུན་དུ་ཀུན་གྱི་བདག །ཐམས་ཅད་བསྲུང་བ་མི་འགྱུར་ཆེ། །མི་མཐུན་གདོན་སོགས་མོད་ལ་ཞི། །སྣ་ཚོགས་པདྨོ་ཁ་འབྱེད་པས། །སྒྲིབ་པ་མེད་པར་འགྲུབ་པར་འགྱུར། །འབར་བས་བལྟ་བའི་ཚུལ་ཞུགས་ན། །རྡོ་རྗེ་འབར་བ་མི་བཟད་འགྲུབ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །གོ་ཆ་བགོ་བའི་ཚུལ་དུ་བྱ། །འདི་ཡིས་སྲུང་བ་བྱས་ནས་ནི། །རྡོ་རྗེ་སེམས་དཔའ་དཔལ་དང་འདྲ། །མི་ཆོད་པ་དང་མི་ཕྱེད་པའི། །རྡོ་རྗེའི་སྐུ་ནི་རབ་ཏུ་འགྲུབ། །དུས་རྣམས་ཀུན་དུ་འགྲོ་གཞན་དག །བསོད་ནམས་ཚེ་འཕེལ་ལོངས་སྤྱོད་ཚོགས། །


DTG027_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྲུལ་འཁོར་ཕྱག་རྒྱ་སྔགས་ཀྱི་མཐུས། །བདེ་གཤེགས་འཁོར་ལོ་སྒྱུར་རྒྱལ་སྟོབས། །ལྷ་དབང་ཀླུ་ཡི་དབང་སོགས་ཀྱིས། །འདོད་ཡོན་རིན་ཆེན་གཏེར་སོགས་དཔལ། །ལང་ཚོ་ཚེ་དབང་ནད་མེད་བདེ། །ཡོན་ཏན་རྒྱས་པའི་ཚོགས་འཕེལ་འགྱུར། །འཁོར་ལོ་རྩིབས་བརྒྱད་རིན་ཆེན་ཕྲེང༌། །མུ་ཁྱུད་ཡི་གེའི་ཕྲེང་བས་མཛེས། །རིགས་མཆོག་ལྷ་ཡི་མཚན་མ་སྔགས། །དཀྱིལ་འཁོར་རྒྱས་པའི་ཚུལ་དུ་དགོད། །བསམ་བྱ་བྲིས་ཤིང་བཀོད་པ་དག །བྱིན་བརླབས་བརྟན་པར་འགྱུར་མེད་གནས། །ཆོས་སེམས་པ་ཡི་ཚུལ་སྟོན་ཅིང༌། །རྡོ་རྗེ་ཁུ་ཚུར་གཉིས་དག་དང༌། །ཞི་སོགས་ལྟ་བས་བལྟས་ན་ནི། །རིམས་དུ་གནད་ཀུན་རྣམས་པར་སེལ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཐེའུ་ཆུང་ལྕགས་ཀྱུ་ལྟ་བུར་སྦྲེལ། །མཛུབ་མོ་བསྙམས་པའི་རྩེ་མོ་མནན། །ནད་རྣམས་ཐམས་ཅད་ཟློག་པར་བྱེད། །ཡོངས་སུ་བསྒྱུར་ཏེ་བཏེག་ནས་སུ། །དཔྲལ་བར་ལེགས་པར་གཞག་པར་བྱ། །མ་ལུས་ལུས་པ་མེད་པ་ཡི། །སྡུག་བསྔལ་ཐམས་ཅད་སེལ་བར་བྱེད། །རྡོ་རྗེ་བསྡམས་པ་བྱས་པ་ལས། །མཛུམ་མོ་ཕན་ཚུན་མངོན་ཕྱོགས་པ། །ཟུག་རྡུ་ཀུན་ལས་གྲོལ་འགྱུར་ཞིང༌། །ནད་རྣམས་ཀུན་གྱི་གནོད་པ་མེད། །གྲུབ་པ་དཔལ་གྱི་སྤྱན་བཅིངས་ནས། །དེ་ཡི་ཕྱིར་མིག་ལོང་བས་མཐོང༌། །སྦྱོར་ལྡན་ཁུ་ཚུར་དམ་པ་ཡིས། །སླད་ནས་ཁ་ནས་དྲང་སྟེ་བཏུང༌། །དེ་བཞིན་རིམས་གནོད་དུག་རྣམས་ཀུན། །སྦྱོར་ལྡན་ཁུ་ཚུར་ཚུལ་གྱིས་བཏུང༌། །ཨོཾ་སརྦ་ཏ་ཐཱ་གརྦྦྷ་ཏ་མིས་ཧོ། །འདི་ནི་རྣ་བར་བཟླས་པའི་མཆོག་ཟུག་རྡུ་མེད་ཅིང་འབར་བའི་མཆོག །ལག་གཡས་སེམས་དཔའི་གཙུག་ཏོར་བཅིང༌། །བྱིས་པ་ནད་མེད་བདེ་བར་བསྲུང༌། །གཡས་པ་ཀླུའི་མགོ་གདེངས་ཀ་བརྒྱ། །འབར་བའི་ཚུལ་སྟོན་འབེབས་བཅས་པས། །དུག་གི་ལས་རྣམས་འདུལ་བྱེད་དེ། །འཆི་བའང་འཚོ་བར་བྱེད་པའི་མཆོག །གཡས་པའི་མཐེ་བོ་གུང་མོ་གཉིས། །གཡོན་པའི་ཁུ་ཚུར་བཅིངས་པ་ཡི། །གུང་མོ་ལ་ནི་རེག་བྱས་ཏེ། །གདོན་རྣམས་ཀུན་ལས་ཐལ་བར་འགྱུར། །བ་དན་གསུམ་པོ་གཉིས་བཅིངས་ནས། །གུང་མོ་གཉིས་ནི་མདུད་པར་བཅིངས། །མཛུབ་མོ་མཐེའུ་ཆུང་རྩེ་མོ་ཅན། །


DTG027_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེའི་ཕྱག་རྒྱ་ཡོངས་བསྒྱུར་བཏེག །སྨིན་མཚམས་བཞག་པས་མཁའ་འགྲོ་ཡི། །ལས་རྣམས་མ་ལུས་ལུས་མེད་འགྲུབ། །སྦྱོར་བ་སྔགས་དང་ཕྱག་རྒྱའི་མཐུས། །གླང་པོ་བྱ་རྟ་འགྲོ་བའི་ཚོགས། །སྐྱེད་ཚལ་མེ་ཏོག་ལྡུ་མ་ར་རྣམས། །ཐམས་ཅད་གསོ་བ་བླ་ན་མེད། །ཐམས་ཅད་བདག་ཉིད་ཀུན་སྦྱོར་བའི། །གནས་གསུམ་འཁྲུལ་འཁོར་བསྡུ་བའི་རྒྱ། །ཐུན་མོང་ཁམས་གསུམ་ལས་ལས་བྱུང༌། །དུས་འདིར་དངོས་གྲུབ་ལས་ཚོགས་འཇོམས། །མཆོག་གི་ཕྱག་རྒྱ་ཡེ་ཤེས་སྐུ། །འདོད་དོན་འབྲས་བུ་འདི་སྦྱོར་དཔལ། །ཆགས་པ་གཉིས་ཚུལ་ལོངས་སྤྱད་པས། །འབྲས་བཟང་མཛད་པ་ཆེན་པོ་འགྲུབ། །ཁུ་ཚུར་སྙིང་གར་བཅིངས་པ་ནི། །བུད་མེད་ཕྱག་རྒྱར་དེ་བཤད་དེ། །བུད་མེད་སྦྱོར་བ་མ་ལུས་པ། །ལུས་པ་མེད་པ་ཐམས་ཅད་འགྲུབ། །གཡོན་པ་འབྱིང་བའི་ཚུལ་དུ་བྱས། །ལག་གཡས་བདག་གི་སྙིང་གར་ནི། །གྱེན་དུ་དྲང་བའི་ཚུལ་བྱས་ནས། །བུད་མེད་ཐམས་ཅད་དབང་དུ་གྱུར། །དཔལ་ལྡན་པདྨ་སྣ་ཚོགས་འཛིན། །གཡོན་པ་བརྡེག་པའི་ཁུ་ཚུར་དང༌། །གཡས་པ་ལྡང་བ་འགྲུབ་པ་དང༌། །སངས་རྒྱས་དབང་ཕྱུག་ཏིང་འཛིན་བྱ། །གཡོན་པ་དྲིལ་བུ་སྒྲ་སྒྲོགས་ཤིང༌། །གཡས་པ་ཡི་ནི་ལག་པ་ཡིས། །རྡོ་རྗེ་གྱེན་དུ་གསོར་ཞིང་བསྐོར། །སྒྱུ་མ་ཐམས་ཅད་དབྱུང་བར་བྱ། །ལག་པ་གཡོན་པ་བརླ་ལ་གཞག །ལག་པ་གཡས་པའི་མཛུབ་མོ་ཡི། །སྦྱོར་བ་སྔགས་ཀྱི་མདངས་བཅས་པ། །མི་དགེའི་ལས་རྣམས་སེལ་བར་བྱེད། །བདག་གི་སྙིང་གར་འདྲེན་ཚུལ་དུ། །གཡོན་པ་ནོར་བུ་རིན་ཆེན་འཛིན། །གཡས་ནས་དེ་རྫོགས་རིན་ཆེན་བདུན། །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །བདག་གི་སྙིང་གར་འདྲེན་ཚུལ་དུ། །པདྨོ་སྣ་ཚོགས་དམ་པ་འཛིན། །གཡས་པ་རྡོ་རྗེ་འགྱིང་བ་ཡིས། །དབང་ཕྱུག་དམ་པ་ཐོབ་པར་འགྱུར། །དྲག་པོའི་ལས་ཀྱིས་འདུལ་མཛད་པའི། །མཚོན་ཆ་གསང་སྔགས་སྤུ་གྲིས་སོ། །གནོད་གདུག་ཕྱི་ནང་དགྲ་བགེགས་སོགས། །ཐལ་བར་གྱུར་པའང་འཆིང་བར་བྱེད། །མཚོན་ཆ་ལྔ་ཡི་ཕྱག་རྒྱ་ཡིས། །ཁམས་གསུམ་འདུལ་བྱེད་རྒྱལ་བར་འགྱུར། །དབྱིབས་དང་བདེ་བླག་སྦྱོར་བ་དང༌། །ཀུན་དུ་སྦྱོར་དང་འདྲེན་དང་མྱུར། །འགྱེད་


DTG027_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་འཕེན་དང་གསལ་བ་ཡིས། །དག་པོའི་ལས་རྣམས་ཀུན་ལ་སྦྱོར། །དྲག་ཤུལ་སྦྱོར་བས་གནོན་པ་ཡི། །འཁྲུལ་འཁོར་སྦྱོར་བ་སྔགས་ལྡན་པས། །རྐང་པ་བརྐྱང་དང་གནོན་པ་དང༌། །བསྐུམ་ནས་འདེགས་པའི་སྟབས་དག་གིས། །གཡས་གཡོན་སྦྱོར་བའི་ཕྱག་རྒྱ་ཆེས། །གཟུགས་རྣམས་ཐམས་ཅད་མནན་པར་བྱ། །སྡིག་མེད་སྟོབས་ཀྱིས་ངོ་མངོན་དུ། །རིགས་ཀྱི་དཀྱིལ་འཁོར་རྒྱུ་འབྲས་དང༌། །བྱང་ཆུབ་ཕ་རོལ་ཕྱིན་སོགས་དང༌། །ལྷ་ཆེན་ཚོགས་བཅས་མནན་བྱས་ཏེ། །དགའ་སྡུག་ལྷ་མོའི་ཚོགས་བཅས་དང༌། །ཡོན་ཏན་ལོངས་སྤྱོད་སྤྱད་པར་བྱའོ། །རྡོ་རྗེ་སྙིང་པོ་གཞན་འཇོམས་བྱེད། །ཕྱིར་བཟློག་རྣམ་པར་རྒྱལ་བའི་མཐུས། །འཁོར་ལོ་སྔགས་ཕྲེང་ཕྱག་རྒྱ་དང༌། །སྦྱོར་བ་ཀུན་གྱིས་སྤྲོ་བྱེད་པས། །ཉམ་ང་ལག་དང་བདེ་ཕྱོགས་དང༌། །ཐད་ཀ་དེ་བཞིན་གྱེན་དུ་འདེགས། །འདི་དག་བཟློག་པའི་ཕྱག་རྒྱ་སྟེ། །གནས་གསུམ་དག་ནི་བཟློག་པར་བྱ། །མར་མ་བདུད་རྩི་རྫས་རྣམས་ཀྱིས། །དངོས་གྲུབ་བླངས་ནས་ལྷ་རྣམས་ལ། །མཆོད་བསྟོད་གཏོང་རག་བྲོ་གར་དང༌། །དགའ་བའི་འགྱིང་བཅས་བླང་བར་བྱ། །སྨིན་མ་མིག་དང་སོ་དང་མཆུ། །ཁ་དང་ལུས་དང་རྐང་ལག་གིས། །ཆ་ལུགས་བཞིན་དུ་གར་བྱེད་པས། །ཕྱག་རྒྱ་ཡོངས་སུ་གྲོལ་བ་ཡིས། །དཀྱིལ་འཁོར་རྒྱས་པ་ལ་དམིགས་ནས། །ཡེ་ཤེས་དཀྱིལ་འཁོར་རིམ་པ་བཞིན། །རྫོགས་པར་ཕྱུང་སྟེ་མདུན་བཞག་ནས། །རིམ་བཞིན་མཆོད་བསྟོད་གཤེགས་སུ་གསོལ། །ཕྱག་རྒྱ་སྔགས་བཅས་ཚིགས་བཅད་ཀྱིས། །དགྱེས་ཤིང་བརྟན་པར་འགྲོ་ལ་གཟིགས། །ཕྱི་རོལ་བ་རྟེན་གནས་བཅས། །དམ་ཚིག་དཀྱིལ་འཁོར་རིམ་བཞིན་བསྡུ། །སླར་ཉིད་བདེ་བ་ཆེན་པོའི་སྐུ། །ཐམས་ཅད་ཕྱག་རྒྱ་ཡབ་ཡུམ་གནས། །དཔལ་ལྡན་གཡོན་པ་འགྱིང་དང་བཅས། །དཔལ་ལྡན་ལག་པ་གཡས་པ་ཡིས། །པདྨོ་ཁུ་ཚུར་དཔྲལ་བར་བཞག །བདག་གི་མིག་ནི་གྱེན་དུ་བལྟ། །ཀཾ་ཧཾ་རིན་ཆེན་རྒྱ་གྲམ་གཉིས། །སྤྱི་བོ་སྙིང་གའི་གནས་རྣམས་སྤྲོ། །ཨོཾ་ཊུཾ་རྡོ་རྗེ་ཁུ་ཚུར་གྱིས། །གོ་ཆ་བགོས་པ་བཅིངས་པར་བྱ། །སྤྱི་བོ་དང་ནི་དཔྲལ་བ་གཉིས། །གློ་གཉིས་དང་ནི་རྒྱབ་ཏུ་གཉིས། །རྡོ་རྗེ་ཕྲེང་བས་བཅིངས་པ་དང༌། །སངས་རྒྱས་


DTG027_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཙུག་གི་ནོར་བུ་དག །དར་དཔྱངས་ཚུལ་དུ་བཅིངས་ན་ནི། །བསྒྱིངས་དང་བཅས་པས་མཐའ་ནས་དགྲོལ། །དར་དཔྱངས་དཀར་དམར་བཞི་འཕུར་ཞིང༌། །ཐལ་མོ་བརྡབས་པས་བརྟན་པར་བྱ། །རྫས་རྣམས་ལེགས་པར་བཀྲོལ་ནས་ཀྱང༌། །རྡུལ་ཚོན་ཆུ་བོ་ཆེན་པོར་དོར། །བ་ཡི་རྣམ་ལྔས་ལེགས་བྱུག་ཅིང༌། །མཆོད་རྫས་རྟེན་སོགས་ཅི་མང་སྦེད། །ཁྲོ་བོ་མཆོད་བསྟོད་ཕུར་བ་བཏོན། །བདུད་རྩིས་ཁྲུས་གསོལ་གཟི་བྱིན་བསྐྱེད། །ཕྱོགས་སྐྱོང་རྒྱལ་པོ་གསོལ་བསྐྱེད་མཆོད། །མཉེས་བྱས་ཞི་སེམས་གཤེགས་སུ་གསོལ། །རང་གི་ལྷ་ཡི་སྦྱོར་ལྡན་པས། །རིགས་ཀྱི་དཀྱིལ་འཁོར་བཀང་བྱས་ཏེ། །བརྡ་ཡི་མཚམས་ལ་སོགས་པ་དགྲོལ། །སྲུང་མཚོགས་མཆོད་གཏོར་རང་གཏང༌། །སྤྱོད་ལམ་མ་ཉམས་དཀྱིལ་འཁོར་བློས། །མཛད་སྤྱོད་ཚོགས་ཆེན་གཉིས་སུ་བརྟག །བཀྲ་ཤིས་རྒྱ་ཆེན་གདོན་བྱ་ཞིང༌། །ཕ་རོལ་ཕྱིན་སོགས་མཆོད་སྦྱིན་བསྒྲགས། །མཚན་རྟོག་བདུད་རྣམས་འཇོམས་མཛད་ཅིང༌། །བསྙེན་སྒྲུབ་ཀུན་གྱི་དོན་གསལ་སྦྱོར། །ཚོགས་དབང་དཀྱིལ་འཁོར་ལས་ལ་མཁས། །དངོས་གྲུབ་གདིང་ལྡན་རྒྱལ་པོ་བཞི། །སྐུ་གསུང་ཐུགས་ལམ་མཉམས་པར། །དུས་ཀུན་རྒྱུན་བཟླས་རྒྱུན་སྦྲེལ་ཞིང༌། །དངོས་ཀུན་སྦྱོར་བའི་ལས་ཀུན་མཁས། །གོང་མའི་གཙང་འཆང་རྒྱལ་ཐེབ་ལས། །མཚམས་བཅད་བསྐང་སོའི་དངོས་སྤྱང་བཤམ། །གཏོར་དང་ལས་བརྩོན་མཁའ་འགྲོ་བསྐང༌། །བར་སྐབས་དཀྱིལ་འཁོར་དབྱིབས་གསོ་མཆོད། །ཐུན་མཚམས་བཟླས་བརྗོད་ལས་རྡོ་རྗེ། །སྤྱན་ཡངས་ལྷ་གསལ་གསང་སྔགས་གདོན། །གུས་པས་རྟག་ཏུ་ལྷ་མཉེས་བརྩོན། །གྲོགས་ཀྱིས་བསྒོ་བའི་ལས་སྦྱིན་སྤྱོད། །རྟོག་བྲལ་གཟུང་ཐུབ་ཕྱག་རྒྱ་གསལ། །ངེས་དོན་ཟབ་མོའི་གསང་བ་མཆོག །རིམ་མམ་ཡང་ན་ཅིག་ཅར་དུ། །མཆོག་གི་རྣལ་འབྱོར་སྦྱངས་པའི་མཐུས། །ཚེ་འདིས་བདེ་གཤེགས་ཡུལ་ལ་སྦྱོར། །དཀའ་བ་ཀུན་གྱིས་མ་རྙེད་པའི། །དམ་པའི་ནོར་བུ་རིན་པོ་ཆེ། །གང་གི་དྲིན་གྱིས་བདག་ལ་རྙེད། །ཡ་མཚན་རྨད་བྱུང་སྟོན་པའི་གནས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་དབང་ཕྱུག་བདེ་ཆེན་པོ། །འདི་ལ་ཁྲུས་དང་བསྡམས་མི་དགོས། །


DTG027_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀའ་ཐུབ་དཀའ་བ་སྤྱད་མི་དགོས། །དཀའ་ཐུབ་སྡོམ་པ་མེད་པ་དང༌། །བདེ་བ་དང་ནི་དགའ་བས་འགྲུབ། །དེ་བས་ཇི་ལྟར་འདོད་སྤྱོད་ཅིང༌། །ཀུན་ཟ་དེ་བཞིན་ཐམས་ཅད་སྤྱོད། །སྤྱོད་པ་ཅི་དཀར་འདོད་པར་བྱེད། །གཡོ་བ་དག་ཀྱང་ཅི་དགར་བྱེད། །ལངས་པ་དང་ནི་འདུག་པ་དང༌། །འཆག་གམ་ཇི་ལྟར་གནས་ཀྱང་རུང༌། །དགོད་དམ་རབ་ཏུ་སྨྲ་བ་དང༌། །གང་ལ་ཇི་ལྟར་སྤྱོད་ཀྱང་རུང༌། །དཀྱིལ་འཁོར་དུ་ཡང་མ་ཞུགས་པའམ། །སྒྲིབ་པ་ཀུན་དང་ལྡན་པ་ཡང༌། །རང་གི་ལྷར་ནི་བདག་སྦྱོར་ན། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །དེ་ཉིད་རྣལ་འབྱོར་འདི་ཡིས་ནི། །ཐམས་ཅད་འགྲུབ་པར་བྱེད་པས་ན། །དན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས། །ཉེས་པ་དག་ཏུ་ཡང་མི་འགྱུར། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཐེག་པའི་མཆོག །སྒྱུ་མ་དག་ནི་ཐམས་ཅད་པས། །བུད་མེད་སྒྱུ་མ་ཁྱད་པར་ཆེ། །ངོ་བོ་ཉིད་ཀྱི་མཐུ་དག་དང༌། །རང་བཞིན་གྱིས་ནི་དེ་འགྲུབ་པའོ། །འཇིག་རྟེན་གསུམ་འདིར་བུད་མེད་འདིས། །གུས་པར་བྱེད་པ་དག་ཏུ་འགྱུར། །ཆགས་མེད་ཆགས་དང་བྲལ་བ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། །ཐམས་ཅད་མ་ལུས་བདེ་མཆོག་ཡིན། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །བདེ་བ་ཐམས་ཅད་བདག་སྦྱོར་བས། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །རྡོ་རྗེ་སེམས་དཔའ་བདག་སྦྱོར་བས། །དབབ་པ་ཐམས་ཅད་རབ་ཏུ་འགྲུབ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་དབང་ཕྱུག་བདེ་བའི་མཆོག །དེ་བས་བདེ་བ་ཉིད་ཀྱི་ཕྱིར། །སངས་རྒྱས་བདེ་བ་ཀུན་ཐོབ་བོ། །ཀུན་དུ་ཀུན་ནས་ཐམས་ཅད་ནི། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ལ་སོགས་བརྟན་གཡོ་ཀུན་།ཀུན་གྱི་དངོས་པོར་བདག་གྱུར་ཏོ། །སེམས་དང་སེམས་དཔའ་ཏིང་འཛིན་དང༌། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །དེ་བཞིན་བདུད་དང་བདུད་ལས་རྒྱལ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། །རྡོ་རྗེ་རྡོ་རྗེ་འཛིན་ཉིད་དང༌། །དེ་བཞིན་པདྨ་པདྨ་འཆང༌། །ནོར་བུ་ནོར་བུ་འཛིན་ཉིད་དང༌། །དེ་དག་གི་ཡང་རིགས་ཡིན་ནོ། །


DTG027_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དངོས་གྲུབ་རླབས་ཆེན་ཕྲིན་ལས་ཚོགས། །གྲངས་མེད་རྒྱ་ཆེན་དོན་སྤྱོད་པས། །བདག་གཞན་བྱ་བ་ཀུན་རྫོགས་པར། །ཡེ་ཤེས་འཁོར་ལོ་ཚོགས་ཆེན་ས། །རྣལ་འབྱོར་ཆེན་པོའི་དོན་གསལ་འགྲུབ། །མཆོག་གི་བསྙེན་སྒྲུབ་ཕྱག་རྒྱ་བཞི། །ཟུང་འཇུག་གཉིས་མེད་རྫོགས་པའི་མཐུས། །དངོས་གྲུབ་རྒྱ་ཆེན་ཟབ་མོ་མཚན། །ལྷ་མོ་ཀུན་དང་མཉམ་སྦྱོར་བ། །སྐལ་བཟང་མཆོག་ནི་འདོད་པ་སྟེ། །ཡང་དག་སྦྱོར་བ་བདེ་མྱོང་བ། །འདོད་ཆགས་ཐེར་ཟུག་བརྟན་པ་ཅན། །སངས་རྒྱས་ཀུན་གྱི་གཟུགས་ཆེན་དང༌། །དབྱངས་དང་དྲི་དང་རོ་དག་ཀྱང༌། །སངས་རྒྱས་ཀུན་གྱི་རེག་བྱའི་མཆོག །བདག་གི་སྤྱད་པར་དེ་སྤྱོད་དོ། །དཀྱིལ་འཁོར་རྒྱ་ཆེན་བརྟན་པའི་བློས། །རིགས་མཆོག་མཉེས་པའི་ཚུལ་ལ་སྤྱད། །ཅུང་ཟད་སྦྱོར་བ་ཀློག་པ་ན། །སྒོ་གསུམ་བསོད་ནམས་ཚོགས་འགྱུར་བའི། །ཕ་རོལ་ཕྱིན་དྲུག་སྨོན་ལམ་སོགས། །འགྲོ་དོན་སྤྱོད་པ་རྒྱ་ཆེན་བརྩམ། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །རས་ཡ་ནི་བདེ་བ་འདིས། །རྡོ་རྗེ་སེམས་དཔའི་དཔལ་ཚེ་དང༌། །ལང་ཚོ་ནད་མེད་བདེ་མཆོག་གྲུབ། །ཀུན་དུ་ཀུན་ནས་ཐམས་ཅད་དུ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །རྟག་ཏུ་དེ་ནི་འགྲུབ་པར་འགྱུར། །འདི་ཡིས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣམས་དང་ཐམས་ཅད་དང༌། །རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བདག་དོན་མི་གནས་མྱ་ངན་འདས། །རིགས་དྲུག་དཀྱིལ་འཁོར་རྒྱ་ཆེན་དང༌། །གཞན་དོན་འཇིག་རྟེན་བདེ་ལོངས་སྤྱོད། །ལྷ་ཆེན་ཀུན་གྱི་རྒྱལ་སྲིད་ཚོགས། །ཐམས་ཅད་མར་མཛད་དབང་བསྒྱུར་ཞིང༌། །འདོད་དོན་གཞན་ལ་སྤྱིར་པར་མཛད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང༌། །ཕྲོགས་ནས་ཀྱང་ནི་སྦྱིན་མཛད་ན། །ལས་མཆོག་དག་ནི་རབ་འབྱམས་དང༌། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །མཛས་སྤྱོད་མཐའ་ཡས་སྔགས་ཚུལ་དག །ལས་དང་འབྲས་བུའི་རྗེས་འགྲོ་བྱེད། །ཡན་ལག་བཞི་ཡི་དོན་སྣང་བ། །འཇུག་བྱེད་བཞི་ལས་འབྲས་བུའི་ཚུལ། །རྟེན་གྱི་སྒྲུབ་པ་སྣང་བ་བཞི། །བསྙེན་སྒྲུབ་ཕྱག་རྒྱ་ལམ་རིམ་དང༌། །ས་ཡི་ཁྱད་པར་དངོས་གྲུབ་འབྲས། །ཕྲིན་ལས་བཞི་སྣང་བཅུ་དྲུག་ཚོགས། །གསང་


DTG027_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་བླ་ན་མེད་པའི་ཚུལ། །སུམ་ཅུ་རྩ་གཉིས་བརྒྱ་ཉི་ཤུ། །རྩ་བརྒྱད་ཡང་དག་གྲུབ་པའི་གཞུང༌། །སྒྲུབ་གཞུང་རྒྱས་འབྲིང་བསྡུས་པ་དང༌། །ཤིན་ཏུ་བསྡུས་པའི་ངང་ཚུལ་ཅན། །གོ་རིམས་གནས་སྐབས་དབྱེ་བར་ཤེས། །ཐོག་མར་སྒྲུབ་བློ་ཕུན་ཚོགས་པས། །རྟེན་གྱི་ཡན་ལག་བཞི་ལྡན་འཇུག །ཚོགས་བསགས་རྣལ་འབྱོར་སྦྱོར་རྣལ་འབྱོར། །མཐོང་གསལ་རྣལ་འབྱོར་བརྟན་རྣལ་འབྱོར། །རིམ་བཞིན་གོམས་པ་གསལ་བའི་སྒོ། །དང་པོར་སྦྱོར་དང་བརྟན་པ་དང༌། །ཡང་དག་ཡེ་ཤེས་རྣམ་པར་གྲོལ། །མཚན་མ་རྟགས་ཀྱིས་གོམས་བྱས་པའི། །བཅུ་དྲུག་འཇུག་པའི་བྱེ་བྲག་གིས། །ཐེག་ཆེན་ཉེས་དོན་ཟུང་སྡུད་སྦྱོར། །འགྲོ་དྲུག་རང་རྒྱུད་བརྟགས་པའི་ཚུལ། །ཐེག་དམན་སྣང་བ་ཕྱོགས་གཅིག་པ། །བློ་གྲོས་ཟབ་མོ་རྒྱ་ཆེན་དོན། །ངེས་འབྱུང་ཟུང་འཇུག་མང་པོའི་སྒོ། །སྣང་བ་ཚུལ་མཐུན་ཁྱད་པར་ཅན། །རྣམ་པའི་ཆགས་བསལ་མཐའ་ལས་གྲོལ། །ཉམས་མྱང་རིམ་གྱིས་ཞེན་ཆགས་བྲལ། །སྣང་བ་བཞི་ལས་བཅུ་དྲུག་ཚོགས། །བདག་ཉིད་གཞན་ཚོགས་གཉིས་ཀར་འབྲེལ། །ཆགས་སྡང་བཏང་སྙོམས་ཚུལ་གྱིས་འཇུག །སྡུག་བསྔལ་ཀུན་འབྱུང་འགོག་ལམ་དང༌། །རྟེན་འབྲེལ་རྒྱུ་འབྲས་བཟློག་པའི་ཚུལ། །བདེན་གཉིས་རྣམ་ཤེས་བདེན་བརྫུན་བརྟག །སྒྱུ་མ་གཉིས་སུ་མེད་པའི་དངོས། །དཀྱིལ་འཁོར་ཆུ་ཟླ་འོད་གསལ་སྐུ། །ཟུང་འཇུག་བདེ་བ་ཆེན་པོའི་དབྱིངས། །སྐུ་གསུམ་མཛད་པ་མཛད་པ་ཡིས། །ཐེག་པའི་སྣང་བ་མ་འགགས་པའོ། །བསྙེན་པ་ལས་ལ་སྦྱོར་བྱས་ནས། །ཉེ་བསྙེན་གསལ་བར་གྱུར་པ་ལས། །སྒྲུབ་པ་སྔ་མའི་གནས་འགྱུར་ཏེ། །སྒྲུབ་ཆེན་འབྲས་བུ་ལ་སྤྱོད་པའོ། །རིམ་འཇུག་བསྙེན་སྒྲུབ་བཅུ་གཉིས་ཀྱིས། །དཀྱིལ་འཁོར་རྒྱ་ཆེན་གནས་སྦྱོར་ཞིང༌། །ཟུང་འཇུག་བསྙེན་སྒྲུབ་ཡན་ལག་བཞིས། །ཟབ་མོའི་དཀྱིལ་འཁོར་གསལ་བར་སྣང༌། །ཚད་མེད་ཕྱག་རྒྱ་དམན་པའི་རྒྱ། །གསང་བའི་ཕྱག་རྒྱ་མཆོག་གི་རྒྱས། །གསལ་འདེབས་རྒྱལ་པོ་མཆོག་གི་སྐུ། །བཞི་ཡིས་བཅུ་དྲུག་རྫོགས་བྱེད་པའོ། །དང་པོ་སྐུ་གསལ་བརྟན་པ་དང༌། །དམ་ཚིག་ཡེ་ཤེས་གཉིས་མེད་མཉེས། །སྐུ་གསུང་ཐུགས་མཆོག་བྱིན་བརླབས་མཐུས། །བདེ་གཤེགས་


DTG027_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིགས་མཆོག་ཡེ་ཤེས་སྦྱོར། །ཐབས་ཀྱིས་རྒྱ་ཆེ་ལམ་བགྲོད་ཅིང༌། །ཤེས་རབ་ཟབ་མོའི་ལམ་ལ་འཇུག །ཟུང་དུ་འབྲེལ་པས་ཕྱག་རྒྱའི་ལམ། །གཉིས་མེད་བགྲོད་པའི་ལམ་མཆོག་ཡིན། །རྒྱུ་རྐྱེན་གཉིས་མེད་ཚོགས་གཉིས་རྫོགས། །ཚུལ་བཞིས་བཅུ་དྲུག་ལམ་དུ་འགྱུར། །ཚོགས་དྲུག་རྣམ་པར་སྦྱོར་བ་ཡིས། །ཡོན་ཏན་ཚོགས་རྫོགས་དོན་གསལ་ས། །རིག་འཛིན་སངས་རྒྱས་ས་ཡི་མཐར། །བཞི་ལས་བདུན་དྲུག་བརྒྱད་དུ་སྣང༌། །རྒྱུ་འབྲས་དབྱི་བས་བཅུ་དྲུག་ཚོགས། །རིམ་སྦྱར་ཅིག་ཅར་ཐོབ་པའི་ཚུལ། །མོས་སྤྱོད་ལམ་ལ་སྦྱོར་བ་དང༌། །སར་ཆུད་ལས་ལ་སྤྱོད་པ་དང༌། །རྣམ་སྨིན་ཕྱག་རྒྱ་ཆེན་པོ་དང༌། །བྱ་བ་མཐར་ཕྱིན་སངས་རྒྱས་ས། །ཚེ་འདིས་རིག་འཛིན་གནས་སྦྱོར་ཞིང༌། །དེ་ནས་སངས་རྒྱས་ས་དྲུག་རྫོགས། །འཇིག་རྟེན་ཐུན་མོང་བདག་དོན་དང༌། །གཞན་དོན་མཆོག་འགྱུར་དངོས་གྲུབ་བཟང༌། །བདག་གཞན་ལས་སྣང་སྒོ་བཞི་ནས། །བཅུ་དྲུག་ཚོགས་ལ་ལོངས་སྤྱོད་མཛད། །མཁའ་འགྲོ་ཚོགས་མེད་སྟོབས་ལྡན་ཞིང༌། །མི་མཐུན་རྐྱེན་གྱིས་འཇིག་པ་མེད། །རལ་གྲི་མིག་སྨན་རྐང་མགྱོགས་བུམ། །བདུད་རྩིའི་བཅུད་ལེན་རིག་འཛིན་གསེར། །སྐུ་གསུང་ཐུགས་སོགས་མི་འཇིགས་སྟོབས། །ཕྲ་ཞིང་ཁྱབ་མཛད་དཔལ་གྱི་གཞི། །ཀུན་དུ་བརྟན་པས་བདག་གཞན་དོན། །ཞི་རྒྱས་དབང་དང་མངོན་སྤྱོད་རྫོགས། །ཕྲིན་ལས་བཞི་སྤྱོད་བཅུ་དྲུག་ཚོགས། །འབད་པ་མེད་པའི་ཚུལ་གྱིས་འགྲུབ། །མཉེས་ཤིང་སྲུང་མཛད་བཏང་དང་གྲོལ། །གསོ་བ་སྟོབས་འཕེལ་རྒྱལ་བྱེད་བརྟན། །དགུག་ཅིང་རེངས་ཤིང་རྨོངས་པ་དང༌། །དབྱེ་མནན་བསྐྲད་དང་ཕམ་བྱེད་པའོ། །དམ་པས་རྒྱུད་དོན་རྒྱ་ཆེན་ཚོགས། །པད་མཛེས་ཉི་མས་རྒྱས་ལྟར་བྱས། །བདེ་མཆོག་མཁའ་འགྲོའི་དོན་བསྟན་ལས། །ཁྱད་པར་ལྷག་པ་གཞན་དུ་མེད། །དེ་ཉིད་ཅུང་ཞིང་གསལ་བའི་ཕྱིར། །ཚུལ་འཇུག་དམ་པའི་རྗེས་འབྲངས་ཏེ། །རྟོགས་པར་སླ་དོན་མཐའ་གཉིས་བྲལ། །མཁའ་འགྲོའི་ཚོགས་རྣམས་བཟོད་པར་མཛོད། །ཀུན་མཆོག་རྒྱ་ཆེན་དྲི་མེད་དགེ། །སྟོན་ཀའི་ཟླ་གསལ་སྒྲིབ་བྲལ་ལྟར། །འགྲོ་ཀུན་སངས་རྒྱས་ཐམས་ཅད་དང༌། །མཉམ་པར་སྦྱོར་བའི་གནས་ཐོབ་ཤོག །ཡན་ལག་བཞིའི་དོན་


DTG027_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྣང་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་མཁས་ཤིང་དངོས་གྲུབ་བརྙེས་པ་ཧཱུཾ་མཛད་གྲགས་པས་མཛད་པ་རྫོགས་སོ།། །།མངའ་བདག་བཙན་པོ་བྱང་ཆུབ་སེམས་དཔའི་བཀས་དཔལ་བསམ་ཡས་ཀྱི་འཆིམ་ཕུ་རུ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་པཎྜི་ཏ་དཔལ་རྡོ་རྗེ་བཞད་པ་དང༌། །སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་རྨ་རིན་ཆེན་མཆོག་གིས་དབང་སྒྲུབ་དང་བཅས་པར་བསྒྱུར་ཅིང་བཤད་ནས་གཏན་ལ་ཕབ་བའོ། །

དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ཞེས་བྱ་བ།
ཧཱུཾ་མཛད་རྡོ་རྗེ།

སྒྲུབ་པའི་དཀྱིལ་འཁོར་གྱི་སྔོན་དུ་འགྲོ་བའི་ཡན་ལག་གི་ཆོ་ག་བསྟན་པ།

རྟེན་གྱི་མཚན་ཉིད།


DTG027_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་གི་མཎྜལ་སཱ་དྷ་ན་ཀྲ་མ་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མ་འགགས་རྣམ་འཕྲུལ་ཡེ་ཤེས་ཆེན་པོའི་འོད། །ཟབ་ཅིང་རྒྱ་ཆེ་གསུང་དབྱངས་སྣ་ཚོགས་སྒྲོགས། །ཡོན་ཏན་རྒྱན་གྱིས་ཆོས་འཕྲུལ་མཛད་མཐར་ཕྱིན། །རིགས་དྲུག་ལྷ་མོའི་ཚོགས་བཅས་རྒྱལ་གྱུར་ཅིག །ཐེག་ཆེན་གསང་བའི་ལམ་མཆོག་གསལ་མཛད་པའི། །སངས་རྒྱས་གཉིས་པས་ངེས་པའི་དགོངས་མཛད་འགྲོ་ལ། །འཁོར་འདས་མ་སྤངས་ལས་གྲོལ་རྒྱལ་ཆེན་པོ། །རིམ་བཞིན་བརྒྱུད་པའི་དམ་པ་རྣམས་ལ་འདུད། །རྒྱུད་མཆོག་སངས་རྒྱས་ཀུན་གྱི་གསང་མཛོད་ལས། དཀྱིལ་འཁོར་ཆེན་པོའི་ལས་ཀྱི་རིམ་པ་དག །ལེགས་བསྡུས་རྣམ་འགྲེལ་སོགས་ཀྱིས་གསལ་བྱས་ཀྱང༌། །ཕྱག་རྒྱ་ཆེན་པོའི་སྒྲུབ་ཐབས་གསལ་མ་བསྟན། །དམ་པས་མ་འོངས་རྣམས་ལ་བརྩེར་དགོངས་ཕྱིར། །སྒྲུབ་པ་ཆེན་པོའི་ཡན་ལག་མདོར་བསྡུས་ཏེ། །རྒྱ་མཚོ་རྒྱ་ཆེན་བདུད་རྩི་ཐིགས་པའི་ཚུལ། །ཡང་དག་སྒྲུབ་དོན་ཡན་ལག་ཕྱོགས་གཅིག་བཤད། །དམ་པའི་གསུང་དང་རྒྱུད་ལ་མི་བསྟེན་ཅིང༌། །དགོས་འབྲེལ་ཡན་ལག་འཐད་པའི་སྒྲུབ་མེད་པར། །རང་དགར་སྨྱོས་ཚིག་ཁྭ་བཞིན་སྨྲ་བྱེད་པ། །གསང་དོན་སྨོས་ཕྱིར་ལོག་འདྲེན་གཙོ་བོར་གྲགས། །དགོངས་པའི་རིམ་པས་སྒྲུབ་དོན་མ་བཤད་ཀྱང༌། །ཚོགས་པས་ལས་རྒྱས་མྱུར་བའི་ཆོ་ག་ཡིས། །བརྟེན་པའི་སྟོབས་ཀྱིས་དུས་མཚུངས་གྲོལ་བྱེད་པ། །ཁྱད་པར་ཐབས་ཀྱི་དཀྱིལ་འཁོར་གསལ་བསྟན་བཤད། །རྒྱལ་བ་རྣམས་ཀྱིས་དགོངས་མཛད་ཇི་བཞིན་པའི། །ཡང་དག་སྒྲུབ་པའི་


DTG027_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྙེན་སྒྲུབ་ཆོ་ག་ལས། །དང་པོ་རྟེན་གྱི་མཚན་ཉིད་ལྡན་པ་ཡིས། །སྒྲུབ་པ་ཆེན་པོའི་ལས་ལ་འཇུག་པར་བྱ། །དེ་དག་ཇི་བཞིན་ལེགས་པར་སྤྱོད་པའི་མཐུས། །ཚེ་འདི་ལས་དང་དངོས་གྲུབ་ཕུན་ཚོགས་གནས། །རིག་འཛིན་གནས་ཐོབ་སངས་རྒྱས་སར་འགྲོ་ཞིང༌། །ཟག་མེད་ཡོན་ཏན་ཕྲིན་ལས་གོ་བར་སྟོན། །གང་ཞིག་རྒྱལ་བ་རྣམས་ཀྱི་རྗེས་སུ་འཇུག་པ་དག་གིས་ནི་ངེས་པའི་དོན་དུ་བཤད་པའི་ཐེག་པ་དག་ཀྱང་ཕྱག་རྒྱ་བཞི་དང་ཚད་མས་བསྒྲུབས་ཏེ་བླ་མ་བརྒྱུད་པ་ལ་བརྟེན་པར་བྱའོ། །དེ་ལ་དང་པོ་རྟེན་གྱི་མཚན་ཉིད་ནི། །ཞི་ཞིང་དེས་ལ་གསོང་པོར་སྨྲ་བ་དང༌། །སྒྱུ་སོགས་མེད་པས་གཞན་དོན་བརྩོན་པ་དང༌། །ང་རྒྱལ་ཁྲོ་གཏུམ་དང་བྲལ་ཞིང༌། །འགྲོ་བ་ཀུན་གྱི་ཡིད་འོང་བས། །དམ་པའི་བཤེས་གཉེན་ལ་བརྟེན་ཏེ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སྡོམ་པ་བླང་པ་དག་བྱའོ། །དེ་ནས་ཐེག་པ་ཆེན་པོ་ལ་མོས་པའི་ཐུགས་ཀྱིས་དད་པ་དང༌། །བརྩོན་འགྲུས་དང༌། ཡང་དག་པའི་ལྟ་བས་ཤེས་རབ་གསུམ་བསྐྱེད་ཅིང་སྣོད་ཀྱི་དྲི་མ་དག་བསལ་བར་བྱས་ནས་རྡོ་རྗེ་ཐེག་པ་ལ་མོས་པས་དེ་ཉིད་ཀྱི་བླ་མ་དམ་པ་ལ་བརྟེན་ཏེ་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བཞི་རིམ་པ་བཞིན་དུ་ཐོབ་པར་བྱ་བ་དང༌། །དེ་དག་གི་དམ་ཚིག་ཇི་སྐད་བསྟན་པ་བཞིན་དུ་གནས་པས་འགྲོ་བ་ཐམས་ཅད་བསྒྲལ་ཞིང་བྱང་ཆུབ་ཀྱི་ལམ་ལ་དགོད་པར་བྱ་བའི་ཕྱིར་རྡོ་རྗེ་ཐེག་པ་ལས་བཤད་པའི་དོན་བཞིན་དུ་བདག་བསྒྲལ་བར་བྱ་སྟེ། དད་པ་ལ་སྐྱོ་དུབ་མེད་པ་དང༌། བརྩོན་འགྲུས་ལ་ཐང་ལྷོད་མེད་པ་དང༌། ལྟ་བ་ལ་དབྱེ་གསལ་མེད་པ་དང༌། སྤྱོད་པ་ལ་འགྲོན་ཐེབ་མེད་པས་དེ་བཞིན་གཤེགས་པའི་སྤྱན་སྔར་དམ་བཅས་ཏེ། བསྒྲུབ་པ་རིམ་པའི་གདམས་ངག་མནོས་ཤིང་ལྟ་བའི་མཚན་ཉིད་དང༌། །སྒོམ་པའི་མཚན་ཉིད་དང༌། སྤྱོད་པའི་མཚན་ཉིད་དང༌། སྒྲུབ་པའི་མཚན་ཉིད་དག་ཐེ་ཚོམ་མེད་པར་ཉམས་སུ་བླང་ངོ༌། །དེས་བདག་དང་གཞན་དག་རྗེས་སུ་གཟུང་བའི་ཕྱིར་གཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བའི་ཆོ་ག་དང༌། དཀྱིལ་འཁོར་ཇི་ལྟ་བ་བཞིན་ཤེས་ཤིང་བསྒོམ་པའི་ཏིང་ངེ་འཛིན་དང༌། ཕྱག་རྒྱ་རྣམ་པ་བཞི་ཤས་པས་རྒྱས་གདབ་པ་དང༌། སྔགས་རྣམ་པ་བཞིས་དཀྱིལ་འཁོར་སྒྲུབ་པ་དང༌། ཡེ་ཤེས་ཀྱི་ལྷ་ལ་སོགས་པ་རྣམས་དགུག་པ་དང༌། མཆོད་པ་གསུམ་གྱི་རིམ་པ་ཤེས་པས་ལྷ་


DTG027_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་སློབ་དཔོན་མཉེས་པར་བྱ་བ་དང༌། ལས་སྣ་ཚོགས་ཀྱི་བྱ་བ་ལ་སྦྱོར་བའི་ཆོ་ག་དང༌། བདག་དང་གཞན་ལ་སོགས་བ་མ་ལུས་པ་རྣམས་གང་འདོད་པ་དག་བསྲུང་བའི་ཆོ་ག་དང༌། སླར་བསྡུ་བའི་ཆོ་ག་དང༌། གཤེགས་སུ་གསོལ་བའི་ཆོ་ག་རྣམས་ལ་མཁས་ཤིང་བྱང་བར་བྱས་ནས་བདུད་རྩི་ལྔའི་རིལ་བུ་བཅའ་ཞིང་བསྒྲུབ་པར་བྱའོ། །

སའི་ཆོ་ག་བྱ་བ།


DTG027_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡང་རྡོ་རྗེ་རྒྱལ་པོ་དང༌། རྒྱལ་ཐེབ་ཀྱི་མ་ཟིན་པར་གྱུར་ནས། གནས་ཤར་དང་བྱང་དུ་གཞོལ་ཞིང་ཕྱོགས་གཞན་མཐོ་བར་གྱུར་པ་ནགས་ཚལ་ཕུན་སུམ་ཚོགས་པར་འཁོར་དང༌། ཡུམ་དང༌། ཡོ་བྱད་དང་རྒྱན་ཆས་དག་ཕུན་སུམ་ཚོགས་པའི་སྒོ་ནས་ལས་ལ་སྦྱར་རོ། །དེ་ལ་གནས་ནི་རྣལ་འབྱོར་པ་དག་ཤིན་ཏུ་ཉམས་དགའ་བར་གྱུར་པའི་ས་གཞི་པདྨ་འདྲ་བ་ལས་དབུས་མཐོ་ཞིང་ནམ་མཁའ་འཁོར་ལོ་རྩིབས་བརྒྱད་པ་ལྟར་མངོན་པ། ཤར་དང་བྱང་དུ་གཞོལ་ཞིང་ཕྱོགས་གཞན་མཐོ་བར་གྱུར་པ་ནགས་ཚལ་བཟང་པོ་མེ་ཏོག་དང་འབྲས་བུའི་ཚོགས་ཀྱིས་བརྒྱན་ཅིང༌། ཆུ་རྒྱུན་གསལ་བས་མཐའ་བཞི་རྒྱས་པའི་རིའམ། ལྗོངས་སམ་ཐང་ལ་སོགས་པ་རིན་པོ་ཆེ་དང་སྨན་འབྲས་ཀྱིས་བརྒྱན་པ་ནི་ཤིན་ཏུ་བཀྲ་ཤིས་པར་འགྱུར་རོ། །དེ་ལས་གཞན་པའི་ལས་ཕྲ་མོ་དག་སྒྲུབ་པ་ལ་ནི་རིགས་སོ་སོའི་གནས་དང་མཐུན་པར་བྱའོ། །དེར་ཤིས་པ་དང་མི་ཤིས་པའི་ལྟས་བརྟག་པའི་ཕྱིར་ས་པུས་ནུབ་ཙམ་དུ་བརྐོས་ལ་སླར་ས་དེས་དགོང་བའམ་དྲི་ཆུ་བཟང་པོ་དང་སྦྱར་བས་བཀང་སྟེ། མཉམ་པར་གཞག་པས་རྡོ་རྗེ་དྲིལ་བུ་གཟུང་ཞིང་རང་གི་སྔགས་བརྗོད་ནས་མི་དྲག་པར་གོམ་པ་བརྒྱའི་གནས་ནས་ལོག་སྟེ་བལྟ་བར་བྱའོ། །དེ་ལས་མ་ལེགས་པའི་མཚན་མ་མཐོང་བ་དག་ལ་ནི་གཡས་གཡོན་གྱི་གནས་སུ་སྤོ་བར་བྱ་ཞིང༌། པྲ་སེ་ན་ལ་སོག་པས་བརྟག་གོ །དེ་ནས་བསོད་ནམས་ཀྱི་ཚོགས་ཀྱིས་སྣོད་དག་པར་བྱ་བའི་ཕྱིར། སྐུའི་རྟེན་གཟུགས་པ་དང་གསུང་གི་སྒྲ་བསྒྲགས་པ་དང༌། མཆོད་སྦྱིན་ཆེན་པོ་རྒྱ་ཆེར་གཏང་ཞིང༌། གཏོར་མའི་ཚོགས་ཀྱིས་མགྲོན་རྣམས་ཚིམ་པར་བྱའོ། །དེ་ནས་ཡང་རྣམ་པར་ཤེས་པའི་ཕྱག་རྒྱའམ། ཡེ་ཤེས་ཀྱི་ཕྱག་རྒྱས་ཀྱང་བརྟགས་ནས་ཤིན་ཏུ་དགེ་བར་གྱུར་བ་དེར་ས་བསླང་བར་བྱའོ། །གལ་ཏེ་མཚན་མ་ངན་པ་ལྟ་བུ་ཞིག་ན་ནི་ཞི་བ་དང་དྲག་པོས་གདུལ་བར་བྱ་ཞིང་དེ་དག་གི་སྦྱིན་སྲེག་ལ་སོགས་པས་འགྲུབ་པར་འགྱུར་རོ། །


DTG027_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡུལ་གྱི་བདག་པོ་རྒྱལ་པོ་ལ་སོགས་པ་དག་ལ་ནི་བསླང་བའམ། རིན་གྱིས་ཉོ་བ་དང༌། མི་སྣང་བ་ལ་ནི་རང་གི་ལྷའི་སྦྱོར་བས་གཏོར་མ་བཏང་སྟེ། མགྲོན་རྣམས་ཚིམ་ནས་ལས་ལ་བསྒོ་ཞིང་དེ་ལས་ཁྱད་པར་དུ་སའི་ལྷ་མོ་དང༌། ས་བདག་ཏ་པ་ལའི་འཁོར་རྣམས་ལ་བསླངས་ནས་དེ་དག་མཉེས་པར་བྱའོ། །དེ་ནས་ས་གཞི་དེ་དག་ཏུ་དྲི་ཆབ་བྱིན་གྱིས་བརླབས་པ་སྔགས་ཀྱིས་གཏོར་ཞིང༌། ཏིང་ངེ་འཛིན་གསལ་བའི་འཕྲོ་འདུས་བདུད་རྩི་དང༌། ཡི་གེ་གསུམ་གྱིས་སྤྱང་པ་བྱས་ནས་དཀྱིལ་འཁོར་ཇི་ཙམ་འདོད་པའི་རྒྱར་ས་གཞི་བརྐོས་ཏེ། དངོས་གྲུབ་རབ་འབྲིང་གི་དོན་དུ། །ཁྲུ་དོ་དང༌། ཁྲུ་གང་དང༌། སོར་བཞིའི་ཚད་ཙམ་དུ་བརྐོས་པའི་ཚད་འཕང་དུ་བརྩིག་པར་བྱའོ། །དེའི་དུས་སུ་རུས་པ་དང༌། གསེག་མ་དང༌། གྱོ་མོ་དང༌། སོལ་བ་དང༌། ས་རོ་རྣམས་བསལ་ཏེ་དྲི་ཞིམ་པའི་ཆུ་དང༌། ས་མཉེན་འཇམ་པ་སྦྱིན་པོ་དང་བསྲེས་ནས་བརྩིགས་ཏེ། སྨན་དང༌། རིན་པོ་ཆེ་དང༌། དྲི་རྣམས་སྙིང་པོ་རུ་གཞུག་གོ ། ཡང་ཆོས་ཉིད་རྣམ་པར་དག་པའི་དོན་བསམ་ཞིང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྷོཉཧཾ་ཞེས་བརྗོད་དེ། དྲིའི་ཆུས་བྱུག་པར་བྱའོ། །དེ་ནས་མཆོད་གཏོར་སྣ་ཚོགས་ཉེ་བར་སྤྱང་ཞིང༌། །རིགས་ཀྱི་རྒྱན་དང་ལྡན་པ་ལྔས་རང་ཉིད་རྒྱན་གྱིས་བརྒྱན་ཏེ། ས་གཞི་བྱིན་གྱིས་བརླབ་པའི་དོན་དུ། བྷཱུཾ་ག་གན་ཁཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་ནམ་མཁའ་སྟོང་པའི་རང་བཞིན་ལས་འབྱུང་བ་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་བརྟན་པར་གནས་ཤིང༌། རྡོ་རྗེའི་ས་གཞི་དང༌། ར་བ་དང༌། གུར་ལ་མེ་འོད་དང་བཅས་པར་བསམ་མོ། །དེ་ནས་སྒྲུབ་པ་པོ་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ལ་ཕྱོགས་བཞི། དེའི་སྔགས་དང་ཕྱག་རྒྱ་ནི། སྣ་ཚོགས་རྡོ་རྗེ་བཅིངས་པ་ས་ལ་བཞག་སྟེ། ཨོཾ་མེ་དེ་ནི་བཛྲི་བྷྱ་བ་བཛྲ་བནྡྷ་ཧཱུཾ་ཞེས་པའོ། །དེ་ནས་བདག་ཉིད་ཀྱི་མདུན་དུ་སའི་ལྷ་མོ་སྐུ་མདོག་སེར་མོ་བུམ་པ་འཛིན་པ་བཀའ་ཉན་པའི་ཚུལ་དུ་གནས་པ་ལས་ཞལ་བསིལ་དང་མཆོད་ཡོན་ཕུལ་ཞིང་གསོལ་བ་གདབ་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཆུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་དང༌། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་


DTG027_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གསོལ་བ་བཏབ་ནས། །ཇི་སྲིད་ལས་མ་གྲུབ་པའི་བར་དུ་བཞུགས་སུ་གསོལ་བ་དང༌། ལྷ་མོ་དགྱེས་ནས་མདངས་ཕྱུང་སྟེ་སླར་སྨྲས་པ། ཁྱེད་རྣམས་དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་གྱིས་ཤིག་ཅེས་བརྗོད་བར་བསམ་མོ། །དེ་ནས་སྒྲུབ་པ་པོ་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ལ་ཕྱོགས་བཞིའི་རྣལ་འབྱོར་བ་རྒྱན་གྱིས་བརྒྱན་ཞིང༌། ལྷ་མོ་བཞིའི་ང་རྒྱལ་དང་བཅས་པས་གསོལ་བ་གདབ་པར་བྱ་སྟེ། ཨོཾ་བྱམས་ཆེན་ནམ་མཁའི་རིགས་སྦྱོར་བ། རྡོ་རྗེ་འཛིན་རྒྱལ་འཇིགས་པའི་སྐྱོབས། །རྣམ་འབྱེད་གསལ་བའི་ཆོས་མཆོག་ཅན། །ཡང་དག་ཡེ་ཤེས་སྤྱོད་པ་གྲོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་སྙིང་རྗེའི་གནས་མཆོག་དག་པའི་དངོས། །མཉམ་ཉིད་ཆོས་ཀུན་འབྱུང་བ་ཡི། །ཡོན་ཏན་རིན་ཆེན་མཛོད་སྟོན་པའི། །རྣམ་འཕྲུལ་ཆོས་ལས་རབ་ཏུ་གྲོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་དགའ་བའི་པདྨོ་མཚན་ལྡན་པ། །ཀུན་རྟོག་དངོས་གསལ་ཆགས་པ་མེད། །རྡོ་རྗེ་གསང་གསུམ་གནས་གདོན་པའི། །བརྗོད་འབྱུང་ཚིག་ལས་འདས་པའོ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་བཏང་སྙོམས་གནས་ངན་དྲ་བ་སེལ། །ཕྲིན་ལས་བདག་པོ་སྟོབས་རྫོགས་པ། །བྱ་བའི་ཡེ་ཤེས་མཐར་མཛད་ཅིང༌། །སྤྲུལ་པའི་དཀྱིལ་འཁོར་བསྟན་དུ་གསོལ། །ཨ་ལ་ལ་ལ་ལ་ཧོ། །ཨོཾ་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གཙོ། །སྡིག་པ་ཐམས་ཅད་ལས་གྲོལ་ཞིང༌། །བསོད་ནམས་དངོས་གྲུབ་ཀུན་འབྱུང་བའི། །རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག །མཐོང་དགའ་མཐོང་བས་གྲོལ་བྱེད་པ། །ལམ་མཆོག་གསང་བ་ཆེན་པོའི་ཚོགས། །བདག་ཉིད་ཆེན་པོས་བསྟན་དུ་གསོལ། །ཨ་ལ་ལ་ལ་ལ་ཧོ། །ཞེས་བརྗོད་པར་བྱའོ། །

མཚམས་བཅད་པ།


DTG027_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལས་ཁྲོ་བོ་རྟ་མཆོག་རོལ་པའི་སྐུར་བསྒོམ་ཞིང་ཕྱོགས་བཅུར་བསྒྱིངས་པའི་ཚུལ་གྱིས་གནས་ཏེ། མིག་གཡས་པར་མ་ལས་བྱུང་བའི་ཉི་མའི་མེས་ཐམས་ཅད་བསྲེག་པ་དང༌། མིག་གཡོན་པར་ཨ་ལས་བྱུང་བའི་ཟླ་བའི་ཆུས་དག་པ་དང༌། སྣའི་རྩེ་མོར་ཡཾ་ལས་བྱུང་བའི་རླུང་གིས་ཐམས་ཅད་འཐོར་ཞིང་ཕྱག་གིས་


DTG027_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚོན་ཆ་ཁྲོལ་ནས་སྤྲོ་བ་མཛད་དོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཧཱུཾ་ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང༌། །དྲི་ཟ་སྲིན་པོ་ཤ་ཟའི་ཚོགས། །གཤིན་རྗེ་མ་མོ་མཁའ་འགྲོ་གདུག །གནོད་བྱེད་དྲག་པོ་མ་ལུས་རྣམས། །གང་དག་ས་གཞི་འདིར་གནས་པ། །སྲུང་བྱེད་པ་ཡི་བདག་པོའི་བཀའ། །ཐོས་པ་ཙམ་གྱིས་མྱུར་དུ་དེངས། །ང་ཡི་བཀའ་ལས་འདའ་མ་བྱེད། །གང་ཞིག་གནས་པའི་མཐུ་བོ་ཆེ། །རྡོ་རྗེ་ཐོ་བ་ཁ་ཊྭཱཾ་གས། །ཐལ་བའི་ཚོགས་བཞིན་བཤིག་པར་བྱེད། །རབ་འབར་ཁྲོ་བོའི་གནས་འཇོམས་པའོ། །རྡོ་རྗེ་འབར་བའི་གཟུགས་འདི་ཡིས། །གལ་ཏེ་གང་གིས་དམ་ཚིག་བཅག །འདོད་གསུམ་སྐྱེས་རྣམས་གསད་བྱ་སྟེ། འཇིག་པར་འགྱུར་ཕྱིར་གཞན་དུ་དེངས། །ཞེས་ལན་གསུམ་བརྗོད་ཅིང་ས་གཞི་བསྐོར་ཏེ་ཕྱོགས་སྐྱོང་བཅུ་དག་གནས་ལྔར་བསྡུས་ཏེ། ཁྲོ་བོ་སྟོབས་པོ་ཆེ་དང་སྦྲིན་སྒྲ་ལ་སོགས་པའི་ཕུར་བུས་གདབ་བོ། །ཨོཾ་བཛྲ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང༌། སུམྦྷའི་སྔགས་ཀྱིས་བཀུག་སྟེ། དབང་ལྡན་གྱི་མཚམས་ནས་བརྩམ་པར་བྱའོ། །དེ་ནས་དཔལ་ཧེ་རུ་ཀར་བསྒོམ་ཞིང་མཁའ་འགྲོ་མ་བརྒྱད་དང་བཅས་པའི་སྟོང་སྟབས་ཀྱིས་ཐམས་ཅད་བསྲུང་བར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་ཕྱི་རོལ་གྱིས་ཏེགས་བུ་ལ་མཆོད་གཏོར་བཤམས་ཏེ། །དཀོན་མཆོག་གསུམ་དབང་པོར་བཞག་ནས། ཚངས་པ་དང༌། བརྒྱ་བྱིན་ལ་སོགས་པའི་སྲུང་མ་རྣམས་དགུག་ཅིང་མཆོད་པ་དང༌། འགྲོ་བ་དྲུག་ན་གནས་པའི་ལྷ་སྲིན་སྡེ་བརྒྱད་ལ་ཆ་གཅིག་དབུལ་བ་དང༌། ལན་ཆགས་ཀྱི་བགེགས་རིགས་རྣམས་ལ་གཏོར་མ་བསྔོས་ནས་ཁྱད་པར་གྱི་གཏོར་མ་བཞི་རྒྱལ་པོ་སྡེ་བཞི་ལ་དབུལ་ཞིང་རྟེན་ལ་གཞག་སྟེ། མངའ་གསོལ་ཞེས་ཕྱི་མཚམས་བཅད་དོ། །

སྦྱིན་སྲེག


DTG027_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྟེགས་བུ་ཚད་དང་ལྡན་པ་ལེགས་པར་བརྩིགས་ཏེ། ཕྱོགས་བཞིར་སྦྱིན་སྲེག་གི་ཐབ་ཁུང་བཞི་དང༌། མཚམས་སུ་རྟ་མཆོག་ལྷག་པའི་དཀྱིལ་འཁོར་བརྩམ་པར་བྱའོ། །དེ་ནས་ལེགས་པར་བརྩིགས་ཤིང་བྱུགས་ནས་བའི་རྣམ་པ་


DTG027_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྔ་དང༌། དྲི་ཞིམ་པོའི་སྤོས་དང༌། སྨན་རྣམས་བསྲེས་ཏེ་བྱུག་ཅིང༌། དེའི་སྟེང་དུ་བདུད་རྩི་ལྔའི་ཆུ་བྱིན་གྱིས་བརླབས་པས་བྱུག་གོ །དེ་ནས་ལྷ་རྣམས་ཀྱི་གནས་སུ་རིག་པས་ཐིག་གདབ་ཅིང་བདུད་རྩི་ལྔས་དབུས་སུ་ཐིག་ལེ་གྲུ་བཞི་པ་ལྷ་མོ་ཉི་ཤུའི་གནས་སུ་ཟླུམ་པོར་བྱས་ལ། དེ་ལ་ལྷ་སོ་སོའི་སྔགས་ཀྱིས་མེ་ཏོག་དགྲམ་པར་བྱའོ། །དེའི་རྗེས་སུ་མཆོད་པའི་ཚོགས་དགྲམ་ཞིང༌། སྤྱང་བ་དང༌། བསྲུང་བ་དང༌། བྱིན་གྱིས་བརླབས་པ་དང༌། གཞིའི་ཏིང་ངེ་འཛིན། རྟེན་གྱི་ཏིང་ངེ་འཛིན་དང༌། བརྟེན་པའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གསལ་བར་བྱས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དམིགས་པ་དང༌། མདུན་གྱི་དཀྱིལ་འཁོར་ལ་དམིགས་པས་མཉེས་པར་བྱས་ནས་བསྟོད་ཅིང་གསོལ་བ་གདབ་བོ། །དེ་ཡང་པུས་མོ་གཉིས་ས་ལ་བཙུགས་ཏེ། གཡས་པས་སྤོས་ཐོགས་ལ། །གཡོན་པས་དྲིལ་བུ་དཀྲོལ་ཞིང་ཚིག་འདི་བརྗོད་དོ། །ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས། །མ་ལུས་སེམས་ཅན་དོན་མཛད་པའི། །རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས། །སྟོབས་མཆོག་རྒྱལ་ཆེན་རྣམས་ལ་བསྟོད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་ནི། །མགོན་གྱུར་ལས་རྣམས་གྲུབ་པའི་ཕྱིར། །རྡོ་རྗེ་གསང་བ་བདག་གིས་བྲི། །བརྩེ་བས་སློབ་མ་རྣམས་ཕྱིར་དང༌། །བདག་ཉིད་རྣམས་ལ་མཆོད་པའི་ཕྱིར། །བཅོམ་ལྡན་ཁྱེད་ལ་བདག་གུས་ཏེ། །དགྱེས་མཛད་འོས་པར་གྱུར་པ་ལགས། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །བྱ་བ་ཆེན་པོ་འཁོར་ལོའི་ཕྱིར། །འབྲས་གནས་བྱང་ཆུབ་སེམས་སོགས་དང༌། །གསང་སྔགས་གསང་བའི་ལྷ་ཉིད་དང༌། །འབྱུང་ཚོགས་འཇིག་རྟེན་སྐྱོང་བ་དང༌། །རྫོགས་སངས་རྒྱས་ཀྱི་རྗེས་དགའ་བ། །བསྟན་ལ་དགའ་བའི་འགྲོ་བ་དག །གང་དག་རྡོ་རྗེའི་སྤྱན་ལྡན་པའི། །རིགས་རྣམས་འདུས་པའི་དཀྱིལ་འཁོར་གཙོ། །དོན་གྲུབ་གསང་བ་བདག་གིས་བརྩམ། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །གནང་བར་མཛད་པའི་འོས་ལགས་སོ། །ཞེས་ལན་གསུམ་གསོལ་བ་


DTG027_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཏབ་ནས། ཡང་མཆོད་པ་ཅུང་ཟད་ཕུལ་ཏེ་བརྟན་པར་བཞུགས་སུ་གསོལ་ལོ། །དེ་ནས་མཆོད་རྫས་དང༌། རྣལ་འབྱོར་པའི་རྒྱན་ཆས་དང༌། དཀྱིལ་འཁོར་གྱི་རྒྱན་ཆས་དང༌། །བུམ་པ་དང༌། ཡོ་བྱད་དང༌། ལས་ཀྱི་ཕྱག་རྒྱ་དང༌། རྣལ་འབྱོར་བའི་ཚོགས་རྣམས་འཚོགས་པར་བྱས་ནས་དེའི་རྗེས་ལ་ཕྲིན་ལས་རྣམ་པ་བཞིའམ། །ཡང་ན་གང་དགོས་པའི་སྦྱིན་སྲེག་བྱའོ། །དེ་ནས་རྣལ་འབྱོར་པ་རྣམས་སྟན་བདེ་བ་ལ་གནས་ཏེ། །དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལུས་ངག་ཡིད་གསུམ་མཐུ་བསྐྱེད་ཅིང༌། བདག་དང་འགྲོ་བ་སྤྱང་བ་དང༌། དབང་པོ་དགུག་པ་དང༌། འཕགས་པ་ལ་ཚོགས་བསགས་པ་དང༌། སེམས་ཅན་ཐམས་ཅད་ལ་ཚོགས་བསགས་པ་རྣམས་བྱའོ། །ཡང་རིགས་ཀྱི་དཀྱིལ་འཁོར་བསྒོམ་ཞིང་ལྷ་ཚོགས་རྣམས་སྤྱན་དྲངས་ལ། བདུད་རྩི་བྱིས་ཀྱིས་བརླབས་པ་དང༌། ཚོགས་ཀྱི་མཆོད་པས་ཉམས་པ་བསྐང་པ་དང༌། གང་དག་དམ་ཚིག་མ་འདྲེས་པ་དག་ནི་བསྲེ་མནན་བྱ་ཞིང་གསར་བུ་དག་འཇུག་པ་ལ་ནི་རིགས་པའི་དབང་ལྔ་དམ་ཚིག་དང་བཅས་པ་སྦྱིན་པ་ཡིན་ནོ། །

སྲུང་བའི་འཁོར་ལོ།


DTG027_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྲུང་བའི་འཁོར་ལོའི་སྦྱོར་བས་མཚམས་ཀྱི་ལས་བྱ་སྟེ། ཕུར་པ་དར་གྱི་ཅོད་པན་ཅན་བཅུ་ལ་ཁྲོ་བོ་ཆེན་པོ་བཅུར་བསྐྱེད་ཅིང་ཡེ་ཤེས་ཀྱི་ཁྲོ་བོ་དགུག་གཞུག་གཉིས་སུ་མེད་པར་བྱས་ནས་མཆོད་ཅིང་བསྟོད་དེ། བཟླས་བརྗོད་རྫོགས་པར་ཕུལ་བས་མཉེས་ཤིང་བརྟན་པར་བྱས་ནས་ཕྱོགས་སྐྱོང་གི་གཟུགས་ལ་གདུག་པའི་སེམས་བབ་སྟེ་གདབ་པར་བྱའོ། །

གཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བ།


DTG027_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་བརྩམ་པར་བྱ་བའི་ཕྱིར། རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་རྣལ་འབྱོར་གྱི་སྒྲུབ་པ་པོ་དག་རྒྱན་ཆས་ཕྱག་རྒྱའི་ཚོགས་དང༌། ཆས་གོས་ལྔ་དང༌། སྲད་བུ་དང༌། ཐལ་བས་མཚན་ཅིང་རྡོ་རྗེ་རྒྱལ་ཐེབ་ཡུམ་དང་བཅས་པས་རང་གི་ལྷ་གསལ་བར་བྱས་ལ། ཐིག་སྐུད་རས་སར་པའི་རྒྱུ་ལས་བྱུང་བ་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བཀལ་བར་བྱ་སྟེ། རིང་ཐུང་ནི་དཀྱིལ་འཁོར་ཉིས་འགྱུར་ལ། སྦོམ་ཕྲ་ནི་སྒོའི་ཉི་ཤའི་ཚད་དོ། །དེ་ལྟར་ཁ་དོག་ལྔའི་དོག་པ་བྱས་ནས་རིན་པོ་ཆེའི་སྣོད་དུ་བཞག་སྟེ། རིགས་ཀྱི་ཡི་གེས་ལྷར་བསྐྱེད་ཅིང་སྔར་ཀྱིས་བྱིན་གྱིས་བརླབས་ནས་ལྷ་རྣམས་དགུག་གཞུག་


DTG027_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱས་ལ། མཆད་ཅང་བསྟོད་ནས་བསྒྲིལ་བར་བྱའོ། །ཨོཾ་དཱེ་པྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿ་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། དང་པོ་ཤར་ནས་ནུབ་ཏུ་བརྐྱང་སྟེ་གདབ་བར་བྱའོ། །དེ་ཡང་ཐབས་ཀྱི་གསང་གནས་ནས། ཤེས་རབ་ཀྱི་གསང་བའི་གནས་སུ་དྲངས་ཏེ། ཨོཾ་ཨཱཿཧཱུཾ་ཛ་ཛ་ཞེས་བརྗོད་དོ། །སྟོབས་མཆོག་དཔའ་བོ་དགོངས་སུ་གསོལ། །རྡོ་རྗེ་ཐིག་གི་སྒྲ་ལྡན་པས། །ནམ་མཁའི་དཀྱིལ་འཁོར་ལེགས་གྲུབ་ཅིང༌། །འགྲོ་བའི་དོན་ལ་བསྐུལ་བར་མཛད། །ཨོཾ་མ་ཧཱ་བོ་དྷི་ཙིཏྪ་སརྦ་སཏྭ་ཧཱུཾ། ཞེས་བརྗོད་ཅིང༌། ཐིག་སྐོར་དང་བཅས་པས་ནམ་མཁའ་ལ་བཏབ་སྟེ། དཀྱིལ་འཁོར་བཀོད་ནས། གཟོད་ས་གཞི་ལ་གདབ་པར་བྱའོ། །དེ་ཡང་དང་པོར་ཤར་ནས་ནུབ་ཏུ་བརྐྱང་བའི་ཐིག་གོ །དེའི་ཕྱོགས་མཚམས་ཚད་པའི་ཕྱིར་ཆ་བཞིར་བྱས་ཏེ། བར་མཚམས་གཉིས་ནས་ཕྱེད་ཀྱི་ཚད་ཀྱིས་ནི་ལྷོ་བྱང་དུ་བཙལ་ཏེ། དེར་ཐིག་གཉིས་པ་བཏབ་བོ། །དེར་ཐིག་གཉིས་ཀྱང་ཕྱེད་ཀྱི་ཚད་ཀྱིས་ངོས་བཞིའི་ཐིག་རྩེ་ནས་ཚད་པས་མཚམས་ཀྱི་ཟུར་བཞི་དོད་པར་འགྱུར་རོ། །དེའི་རྗེས་ལ་ཤར་དང་ནུབ་དང་བྱང་དང་ལྷོའི་ཕྱོགས་བཞི་དག་དང༌། མཚམས་བཞིར་གདབ་ཅིང༌། དེ་ལས་ཕྱོགས་ཐིག་བཞིའི་རྩེ་མོའི་ཚད་ཀྱིས་ནི་ཆ་བཞིའི་ཚད་དུ་འགྱུར་ཏེ། དེ་དག་ཀྱང་ལོ་མ་གཏུབ་པའི་ཐིག་གིས་ཆ་ཆེན་སུམ་ཅུ་རྩ་གཉིས་ལ་ཆ་འབྲིང་དང་ཆ་བྲན་སོ་སོའི་གཞུང་བཞིན་དབྱེ་ཞིང༌། དེའི་འོག་མའི་ཧེ་རུ་ཀ་དང༌། རྡོ་རྗེ་ཉི་མ་ལ་ནི་ཆ་བྲན་གཉིས་མ་ཕྱེས་པའི་སྣམ་བུའོ། །རབ་རིམ་པ་གསུམ་དང༌། འཁོར་ཡུག་རྣམས་ནི་ཆ་བྲན་རེ་རེའི་ཚད་ཀྱིས་འཁོར་བའོ། །དུར་ཁྲོད་ནི་ཆ་བྲན་བཞིའི་ཚད་དོ། །དེ་ལྟར་ཐིག་གི་ལས་རྫོགས་ནས། །ཡེ་ཤེས་ཀྱི་སྐུད་པ་མཆོད་ཅིང་བསྟོད་དོ། སླར་གཤེགས་སུ་གསོལ་ནས། ལྷའི་ང་རྒྱལ་དང་ལྡན་པས་མིག་གཉིས་ལ་ཉི་ཟླ་བསམ་ཞིང༌། ཧཱི་ཞེས་བརྗོད་ནས་བལྟ་བ་བྱས་ནས། རྡོ་རྗེ་སློང་བའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་པས་རི་མོ་དེ་གདེག་པར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་དང་མཉམ་པ་ཉིད་དུ་དམིགས་ནས་ཚིག་འདིས་དག་པར་བྱའོ། །ཨོཾ་ཐམས་ཅད་རང་བཞིན་རྣམ་འཕྲུལ་མཆོག །དངོས་མེད་ཞི་བ་འོད་ལྡན་


DTG027_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསལ། རྡོ་རྗེ་འཛིན་པ་གཏེར་ཆེན་འབྱིན། །དཀྱིལ་འཁོར་དག་པར་བྱིན་གྱིས་རློབས། །མཉམ་པའི་སྔགས་བློ་རྣམ་གསལ་བས། །ཉེས་པའི་ཟུག་རྡུ་དག་པར་འགྱུར། །ཞེས་བརྗོད་ཅིང་ཐམས་ཅད་ལྷའི་རང་བཞིན་དུ་བརྟག་སྟེ། དེས་ནི་ཆོ་ག་ལྷག་མ་དང༌། མ་ཚང་བ་ཁ་སྐོང་བར་བྱེད་དོ། །དེ་ནས་ཆ་དབྱེ་བར་བྱ་སྟེ། ཕྱི་རོལ་གྲུ་བཞི་བསྒོ་དང་བཅས་པ་ལ། །རབ་རིམ་གསུམ་དུར་ཁྲོད་ཀྱིས་བརྒྱན་པ། །དབུས་སུ་ཕོ་བྲང་རིམ་པས་ཕྱེ་བ་སྟེ། །དཀྱིལ་འཁོར་སོ་སོའི་དབྱིབས་བཞིན་དུ། །ཕོ་བྲང་གི་ར་བ་དང༌། མཚམས་འབྱེད་པ་དང༌། གསང་ལམ་གྱི་ཕྲེང་བའོ། །དེ་ལ་ཚོན་གྱི་ཆོ་ག་ནི། རིན་པོ་ཆེ་སྣ་ལྔའམ། ཚོན་རྩི་གང་ཡང་རུང་བ་དག་སྣོད་ལྔའི་ནང་དུ་བླུགས་ཏེ། ཕྱོགས་ཕྱོགས་སུ་བཞག་ནས་ཡི་གེ་ལ་སོགས་པའི་ལྷའི་སྐུར་བསྐྱེད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་སྟེ་མཆོད་ཅིང་བསྟོད་ནས་རང་གི་གནས་སུ་དགྲམ་མོ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། དང་པོ་ཚོན་གྱི་གོ་རིམས་ནི། ལག་པ་གཡོན་པས། དཀར་པོ་དང༌། མཐིང་ག་དང༌། དམར་པོ་དང༌། སེར་པོ་དང༌། ལྗང་གུའི་རིམ་གྱིས་པཉྩ་རེ་ཁཱ་བྲིས་ཏེ། མཆོད་ཅིང་ཐོད་པས་བཀབ་ནས་མཚན་མའི་ལྟས་བརྟག་གོ །འདི་ནི་ཆོས་དབྱིངས་རྣམ་པར་དག །སེམས་ཅན་ཁམས་ནི་རང་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་ཆེ་གེ་མོའི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད། །ཅེས་བརྗོད་ཅིང་བཏེག་སྟེ་བལྟ་བར་བྱའོ། །དེ་ཡང་ཐིག་ནི་ཕྱི་ནས་གདབ་ཅིང༌། ཚོན་ནི་ནང་ནས་དགྱེ་སྟེ། དང་པོ་རྡོ་རྗེ་རྒྱལ་ཐེབ་ཀྱིས་བྲི་ཞིང༌། ཕྱི་ནས་ཅི་བདེ་བར་བྲི་སྟེ་མཐོ་ཞིང་དྲང་བར་བྱའོ། །གང་ཞིག་རེ་ཁཱ་དམའ་བ་དང༌། ཡོ་བ་དང༌། ཆད་པ་དང༌། འཁྲུལ་པ་དག་གིས་ནི་མི་འགྲུབ་བོ། །དེ་ལྟར་ཚོན་རྩི་ལྔའི་མཆོག་དག་ནི་དབུས་སུ་བཏབ་སྟེ། ཁ་དོག་ཕྱོགས་ཀྱིས་ཕྱེ་ལ། མུ་ཁྱུད་སྔོན་པོ་དག་ལ་ནི་རྡོ་རྗེ་དཀར་པོ་བྲིའོ། །དཀྱིལ་འཁོར་དེའི་ཕྲེང་བ་དམར་པོ་ལ་རྩིབས་མཆན་ལྗང་གུ་དང༌། གྲུ་ཆད་སེར་པོའོ། །གཞན་དག་ཀྱང་སོ་སོའི་རིགས་ཀྱིས་ཤེས་པར་འགྱུར་རོ། །སྒོ་བཞི་ནི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུའོ། །རྟ་བབས་ནི་ཁ་དོག་ཉི་ཤུ་རྩ་ལྔའོ། །པདྨའི་


DTG027_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲེང་བ་ནི་ཁ་དོག་སྣ་ཚོགས་པའོ། །རྡོ་རྗེའི་ར་བ་ནི་སྔོ་ལ་དཀར་པོའི་ཕྲེང་བས་མཛེས་པའོ། །མེ་རི་ནི་དམར་སེར་རོ། །དུར་ཁྲོད་ནི་ཕྱོགས་ཀྱི་མདོག་གོ །ཞིང་སྐྱོང་ནི་ནག་པོའོ། །ཕྱོགས་སྐྱོང་བ་དང་ཀླུ་ལ་སོགས་པ་ནི་རང་གི་རིགས་བཞིན་ནོ། །འདོད་འབྱུང་གི་གནས་ནི་སེར་པོ་ལ་ཕྱིའི་ར་བ་ནི་སྔོ་གནག་གོ །དེ་དག་གི་གནས་རྣམས་སུ་ནི་རྟེན་གྱི་མཚན་མ་གང་རུང་གཞག་གོ །དེས་དཀྱིལ་འཁོར་གྱི་རྒྱན་ལ་སོགས་པ་དག་ཀྱང་བྱིན་གྱིས་བརླབས་ཏེ་དགོད་པར་བྱའོ། །གཞན་ཡང་མཆོད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པ་དང༌། མཆོད་པ་ཐམས་ཅད་ཀྱི་གཏོར་མའི་རྫས་དག་ཀྱང་བྱིན་གྱིས་བརླབས་ཏེ་གཞག་པར་བྱའོ། །དེ་ནས་དཀྱིལ་འཁོར་ལ་སོགས་པ་བསྲུང་བར་བྱ་ཞིང་སྟ་གོན་གྱི་ལྷ་རྣམས་དཀྱིལ་འཁོར་གྱི་གནས་སུ་དགོད་དོ། །ཡང་རྡོ་རྗེ་རྒྱལ་པོས་གཞིའི་ཏིང་ངེ་འཛིན་དང༌། རྟེན་གྱི་ཏིང་ངེ་འཛིན་དང༌། དམིགས་པ་དང་པོ་གཉིས་ཀྱིས་དཀྱིལ་འཁོར་མཉེས་པར་བྱས་ནས་གསོལ་བ་གདབ་བོ། །དེ་ནས་རྣལ་འབྱོར་ཕོ་མོ་རྒྱན་དང་བཅས་པས་རྡོ་རྗེ་དྲིལ་བུ་ཐོགས་ཏེ་ཡི་གེ་བརྒྱ་པས་བསྐང་ཞིང༌། སྟང་སྟབས་དང་བཅས་པས་དཀྱིལ་འཁོར་ལ་ལན་བདུན་དུ་བསྐོར་རོ། །དེ་ནས་རྡོ་རྗེ་རྒྱལ་པོ་དང༌། རྒྱལ་ཐེབ་དང༌། ལས་ཀྱི་ཕྱག་རྒྱ་དང། ལས་ཀྱི་རྡོ་རྗེ་དང༌། བརྡ་སྦྱོར་བ་དང༌། རྡུལ་ཕྱག་ལ་སོགས་པ་སོ་སོར་ཕྱེ་སྟེ། སོ་སོར་གདན་བཤམ་ཞིང་དགོད་པར་བྱའོ། །དེ་དག་སྔ་མའི་གནས་ཇི་ལྟ་བ་ལས། ཕྱིས་མི་འགྱུར་བར་རང་རང་གི་རྣལ་འབྱོར་གྱིས་འཁོད་ཅིང་ཕྱོགས་ཀུན་ནས་ལངས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དག་གིས་བྱིན་ཕབ་ནས། གནས་དང་དཀྱིལ་འཁོར་ལ་སོགས་པ་མངའ་གསོལ་ལོ། །དེ་ནས་གསང་བའི་ཐེག་པའི་འཇུག་སྒོ་ཤེས་པས། གཞན་ལས་དཔག་པར་བྱ་བའི་ཕྱིར་བརྡ་སྒོ་དབྱེ། ཐ་མལ་གྱི་ཚིག་སྤང་ཞིང༌། རྡོ་རྗེ་རྒྱལ་ཐེབ་ཀྱི་སྒོ་ནས་ལུས་ཀྱི་བརྡ་ལ་གནས་པར་བྱ་ཞིང༌། ཕྱོགས་བཞི་ནས་ཕྱག་འཚལ་ཞིང་གསོལ་བ་གདབ་སྟེ། སྦྱོར་བའི་གར་ཐབས་ཀྱིས་གནས་པར་བྱའོ། །གཞན་ཡང་དུར་ཁྲོད་ཀྱི་བདག་པོ་ལ་སོགས་པ་གདུལ་བའི་ཕྱིར་དཔལ་ཧེ་རུ་ཀ་ལ་སོགས་པའི་ང་རྒྱལ་གྱིས་གླང་པོ་ཆེའི་སྟོད་གཡོགས་ལ་སོགས་པས་ལུས་མཚན་པར་


DTG027_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་སྟེ། སྔགས་ཀྱིས་སྤྱང་ཞིང་བྱིན་གྱིས་བརླབས་ནས། གཏི་མུག་དག་པར་བྱ་བ་དང༌། འདོད་ཆགས་དག་པར་བྱ་བ་དང༌། ང་རྒྱལ་དག་པར་བྱ་བའི་ཕྱིར་ནི་མནབས་པའི་རྒྱན་བགོའོ། །ཞེ་སྡང་དག་པར་བྱ་བའི་ཕྱིར་དང༌། ཕྲག་དོག་དག་པར་བྱ་བའི་ཕྱིར་ནི་གདགས་པའི་རྒྱན་བགོའོ། །ཐུགས་རྗེ་ཆེན་པོའི་ཆགས་པ་དང༌། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་སྲིད་པ་གསུམ་གདུལ་བའི་ཕྱིར་ནི་བྱུག་པའི་རྒྱན་བགོའོ། །དེས་ནི་དུར་ཁྲོད་ལ་དངོས་པོ་གདུལ་ཞིང་རང་གི་དོན་སྟོན་པའོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདག་ལ་བསྡུས་ནས་དམིགས་སུ་མེད་པའི་དོན་ལ་གནས་པ་ལས། ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་དག་གིས་བསླང་བར་བསམས་ནས་རྡོ་རྗེ་སེམས་དཔའི་སྐུར་བཞེངས་ཏེ་འདི་བརྗོད་དོ། །རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ན། །འབྱུང་བ་ལྔ་ཡི་མཚན་ཉིད་ལས། །ཞི་བའི་ལྷ་ནི་ལྷན་ནེ་བའི། །ཐུགས་རྗེ་འགྲོ་ཀུན་དེ་ལས་སྐྱེས། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་དྲག་གཏུམ་པར་འགྱུར། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཆགས་ཤིང་ཞེན་པར་འགྱུར། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་གཏི་མུག་ཆེ་བར་འགྱུར། །དེ་ལྟར་དུག་གསུམ་བདོ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཉི་མ་ལས། །རྣམ་པར་རྒྱལ་ཕྱིར་རབ་ཏུ་དྲག །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བརྗོད་ནས། ཐམས་ཅད་གཅིག་ཏུ་འདུས་པ་ལས། །རྔམ་པའི་སྒྲ་སྒྲོགས་ཏེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧཱུཾ་མི་རྟག་མཚན་ཉིད་བསྟན་པའི་ཕྱིར། །ནམ་མཁའི་ཁྲོ་བོ་ཟ་བྱེད་ཅིང༌། །འཇིགས་པའི་མཚོན་ཆ་འོད་དཔུང་འཁྲིགས། །ཞལ་དུ་སྟོང་ཁམས་མ་ལུས་ཐིམ། །ཟད་པར་བྱེད་ཅིང་སྟོང་བར་བྱེད། །རྒས་རྒུད་བརླག་པར་བྱེད་པའོ། །གློག་གི་འཁོར་ལོ་ཞེས་བྱ་བ། །མྱུར་བའི་ཟ་བྱེད་ཆེན་པོ་ལྔས། །སྐྱེ་རྒན་འཆི་འཇོམས་བྱེད་ཅིང༌། །བརླག་ཅིང་ཟ་བྱེད་སྟོང་པར་བྱེད། །རིགས་ཆེན་ཟ་བྱེད་ཁྲོས་པའི་ཚེ། །སྐུ་ནི་སྔོ་སྐྱ་ཐལ་བའི་ངང༌། །འོད་ཟེར་མང་པོ་རབ་ཏུ་འཁྲིགས། །རུ་ལུ་རུ་ལུས་མ་ལུས་ཟ། །འབར་བའི་མཁའ་འགྲོ་ཚོགས་བཅས་པས། །བསྲེག་ཅིང་འཇིགས་པ་འཐོར་ཞིང་འཁྲུད། །གང་འདིར་བསྐལ་པ་ཀུན་བརླག་ཚེ། །གཞན་ཞིག་འོངས་འཇིགས་


DTG027_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཡིན་ཏེ། །ཟ་བྱེད་ཁྲོས་པ་ལྔ་པོ་ཡིས། །ཞལ་དུ་སྟོང་ཁམས་མ་ལུས་ཐིམ། །ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཨོཾ་ཨོཾ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ། དབུ་ལ་དེ་བཞིན་གཤེགས་པའི་ཁྲོ་བོ་སྨུག་ནག་ཕྱག་ན་འཁོར་ལོ་དང༌། ཐོད་ཁྲག་འཛིན་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པར་གནས་སོ། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧཱུཾ་ཧཱུཾ་རུ་ལུ་ཕཊ། ལག་པ་གཡས་པ་ལ་རྡོ་རྗེ་ཁྲོ་བོ་སྐུ་སྔོ་སྐྱ། ལག་ན་རྡོ་རྗེ་རྩེ་ལྔ་པ་དང༌། ཁ་ཊྭཱཾ་ག་ཐོགས་བ་གྲངས་མེད་པའི་ཆོགས་སྤྲུལ་པ་དང་བཅས་པར་རོ། །ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཏྲཾ་ཏྲཾ་ཧེ་ཧེ་ཧཱུཾ་ཕཊ། ལག་པ་གཡོན་པ་ན་རིན་པོ་ཆེ་ཁྲོ་བོ་སེར་ནག་ཏྲི་ཤཱུ་ལ་དང༌། རལ་གྲི་ཐོགས་པ་གྲངས་མེད་པ། སྤྲུལ་པའི་ཚོགས་དང་བཅས་པའོ། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧྲཱིཿཧྲཱིཿད་ཧ་ན་ཧཱུཾ་ཕཊ། རྐང་པ་གཡོན་པ་ལ་པདྨའི་ཁྲོ་བོ་དམར་ནག་ཕྱག་ན་རལ་གྲི་རྩེ་གསུམ་དང༌། གཏུན་ཤིང་ཐོགས་པ་གྲངས་མེད་པ་སྤྲུལ་པར་བཅས་པའོ། །ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧཾ་ཧཾ་རཀྵ་ཀ་ཧཱུཾ་ཕཊ། རྐང་པ་གཡས་པ་ལ་ལས་ཀྱི་ཁྲོ་བོ་ལྗང་ནག་ཕྱག་ན་སྣ་ཚོགས་རྡོ་རྗེ་དང༌། ལྕགས་ཀྱུ་ཐོགས་པ་གྲངས་མེད་པ་སྤྲུལ་པ་དང་བཅས་པའོ། །ཨོཾ་ཤྲཱི་བྷཻ་ར་བ་ཧཱུཾ་མ་ཧཱ་དེ་བ་ཧཱུཾ་ཕཊ། མཚན་མ་ལ་ལྷ་ཆེན་པོ་མདོག་དཀར་པོ། ལག་ན་ཏྲི་ཤཱུ་ལ་དང༌། ཐོད་པ་ཟོགས་པ་འཁོར་དང་བཅས་པའོ། །ཨོཾ་བིཥྞཱུ་ཀ་མ་པ་ལ་ཙཀྲ་ཧཱུཾ་ཕཊ། སྙིང་གར་ཁྱབ་འཇུག་མཐིང་ནག་ལག་ན་འཁོར་ལོ་དང༌། ཐོད་པ་ཐོགས་པ་འཁོར་དང་བཅས་པའོ། །ཨོཾ་རཀྵ་ད་ཤ་གྲྀ་བ་ཧཱུཾ་ཕཊ། མགྲིན་པར་སྲིན་པོའི་རྒྱལ་པོ་ལྗང་སྐྱ། ལག་ན་དགྲ་སྟ་དང༌། ཐོ་བ་ཐོགས་པ་འཁོར་དང་བཅས་པའོ། །ཨོཾ་མ་ཧཱ་པ་ཤ་ཧ་ལ་ཧཱུཾ་ཕཊ། སྐུའི་གནས་སུ་བཞུགས་པ་ནག་པོ་སྔོ་སྐྱ་ལག་ན་ཞགས་པ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པའོ། །ཨོཾ་བཛྲ་བྷཻ་ར་ཧཱུཾ་ཕཊ། བརླ་གཉིས་ལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇིགས་པ་ལྗང་སྐྱ། རྡོ་རྗེ་རྩེ་གསུམ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པའོ། །དེ་དག་ཀུན་ཀྱང་རང་རང་གི་ཡུམ་དང་འཁྲིལ་བའི་ཚུལ་དུ་གནས་སོ། །ལག་པའི་སོར་མོ་བཅུ་ལ་མཆེ་བ་ཅན་ལྔ་བ་དང༌། སྡེར་མོ་ཅན་ལྔ་དག་སྔགས་འདིས་གསལ་བར་བྱའོ། །ཨོཾ་མ་ཧཱ་དྷེ་ཀི་ཤྭཱ་རི་བི་ཀ་མ་རུ་ཤ་ཧ་ཧ་ཧེ་ཧེ་རུ་ལུ་ཧཱུཾ་ཕཊ།


DTG027_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་གློག་གི་དཀྱིལ་འཁོར་དང༌། །འཇིགས་པའི་ཁྲོ་བོ་གཏུམ་པོའི་ཚོགས། །ཅིར་ཡང་གྱུར་པའི་མཚོན་ཆ་ཡིས། །སྡུག་བསྔལ་གནས་རྣམས་རབ་ཏུ་བཅོམ། །མ་རུངས་དུར་ཁྲོད་གཞིག་པའི་ཕྱིར། །སྟོང་གསུམ་གནས་རྣམས་བསྒྲལ་བར་བྱ། །འཇིགས་བྱེད་དྲག་ཤུལ་ཆེན་པོ་ཡིས། །ཁམས་གསུམ་ཅིག་ཅར་བསྒྲལ་ནས་ཀྱང༌། །ཟ་བྱེད་ཆེན་པོའི་ཞལ་དུ་ནི། །འགྲོ་ཀུན་ཡུད་ཙམ་ཅིག་ལ་འདྲེན། །འགྲོ་དང་མི་འགྲོའི་སྣེད་བཅུད་འདི། །འཇིགས་བྱེད་ཁྱེད་ལྔས་ཀུན་ཟ་ན། །དངོས་པོར་གྱུར་པའི་བགེགས་འདི་ཀུན། །ངས་བསྟབས་ཁྱེད་ཀྱིས་ཡུལ་ལ་གསོལ། །ངན་སོང་གསུམ་གྱི་འཇིགས་བྱེད་དུ། །སེམས་ཅན་ཉོན་མོངས་སྡང་བྱེད་པས། །དེ་ཕྱིར་ང་ནི་རྡོ་རྗེ་ཆེ། །ཞེ་སྡང་ཞེས་ནི་གྲགས་པ་ཡིན། །ངན་སོང་འཇིགས་པ་ཆེན་པོ་རུ། །སེམས་ཅན་ཐམས་ཅད་རྨོངས་བྱེད་པ། །དེ་ཕྱིར་ང་ནི་གཏི་མུག་ཆེ། །རྟག་ཏུ་ཐུབ་པ་མཆོག་ཡིན་ནོ། །སྲིད་པའི་འདོད་ཆགས་མྱོས་བ་རྣམས། །འདོད་ཆགས་ཉིད་ཀྱིས་མཚམས་སྦྱོར་བས། །དེ་ཕྱིར་ཆོས་ཀྱི་རྡོ་རྗེ་ནི། །འདོད་ཆགས་ཆེན་པོའི་མཆོག་ཡིན་ནོ། །བདེ་ཆེན་སྦྱིན་པའི་སྤྲིན་གྱིས་ནི། །སེམས་ཅན་ཐམས་ཅད་ང་རྒྱལ་བསྐྱེད། །ནམ་མཁའ་བདེ་བས་བསྡུས་པའི་ཕྱིར། །བདེ་ཆེན་འདོད་པ་ང་ཡིན་ནོ། །རོ་ལ་སོགས་པ་མཉམ་སྦྱོར་བས། །ཕྲག་དོག་རྡོ་རྗེ་གདོན་མི་ཟ། །སྣ་ཚོགས་ལས་ཀྱི་ཁྲོ་བོའི་སྐུ། །ཕྲག་དོག་ཆེན་པོའི་མཆོག་ཡིན་ནོ། །ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཡེ་ཤེས་རྣོ་དཔལ་མཚོན་ཆ་ཡིས། །ལོག་རྟོག་འཁོར་བའི་རྒྱུན་གཅོད་དོ། །ཆོས་ཉིད་མཉམ་ཉིད་ནམ་མཁའ་ལ། །ཡེ་ཤེས་གློག་གི་འོད་འཕྲོ་བ། །གནས་མེད་དམིགས་པ་ཡོད་མ་ཡིན། །བརྩེ་བ་མེད་ཅིང་བརྟེན་པ་མེད། །ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་སརྦ་དུརྒ་སརྦ་ཀརྨ་སརྦ་ཀླེ་ཤཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། སརྦ་བིདྱ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། སརྦ་བིདྱ་ཁཌྒ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་ཏྲི་བི་ཤྭ་མཱུ་ལ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། དཔལ་ཆེན་འབར་བ་རྒྱལ་པོའི་སྐུ། །རྔམ་བརྗིད་ཁྲོས་པའི་ཆ་ལུགས་འབར། །གར་དགུ་དུར་ཁྲོད་རྒྱན་གྱིས་བརྒྱན། །ཤེས་རབ་སྐུ་དང་


DTG027_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྲིལ་སྤྱོར་ཞིང༌། །འཇོ་ཚུལ་གར་མཛད་ལྟ་བུ་ཡིས། །བདུད་དང་སྲིན་པོ་འདུལ་བར་མཛད། །མ་ཏང་ལ་སོགས་བགེགས་བྱེད་རྣམས། །གཟུགས་དང་བཅས་པའི་ཚོགས་བསྡུས་ཏེ། །པྲ་ཏི་ཏ་ཡི་ཕྱག་རྒྱ་ཡིས། །ངེས་པར་གཟུགས་ལ་དབབ་པར་བྱ། །གཟུགས་བརྙན་བྲི་ལ་སོགས་པ་ལ། །ཕྱག་རྒྱ་བཞི་ཡིས་མཉེས་བྱས་ནས། །སྔགས་དང་འོད་འཕྲོ་ཕྱག་རྒྱ་ཡིས། །དེ་ཡི་འཁོར་ཚོགས་བསྡུ་བར་བྱའོ། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ་གྱེན་དུ་བཏེག་ནས། ཨོཾ་མ་ཧཱ་ཀཾ་པ་ལ་དྷ་རི་ཤྭ་ཡ་ཧཱུཾ། ཨཱ་ཀཱཪྵ་ཡ་ཧཱུཾ་ཛཿ་ཞེས་བརྗོད་ཅིང༌། རྡོ་རྗེ་གཤོག་པའི་སྔགས་དང་ཕྱག་རྒྱས་ཟིལ་གྱིས་མནན་ཅིང་བསྟིམ་མོ། །འཕགས་པ་ཐམས་ཅད་བདག་ལ་གསོན། །འབྱུང་པོ་མང་པོ་ཀུན་ཉོན་ཅིག །སྟོབས་ཆེན་དཔལ་ལྡན་ཧེ་རུ་ཀའི། །རྡོ་རྗེ་རྣོན་པོ་འཇམ་དཔལ་གྱི། །ཐུགས་རྗེ་དང་ནི་ཤེས་རབ་དང༌། །ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །བདག་དང་འགྲོ་བ་བསྲུང་བར་མཛོད། །འགྲོ་བ་རྣམས་ཀྱི་ཚེ་དང་སྲོག །གསོན་པོའི་བདེ་བ་གཅོད་བྱེད་པའི། །བདུད་དང་སྲིན་པོ་འཁོར་བཅས་ཀུན། །བཅོམ་ཞིང་གསང་བའི་གཉེན་པོ་ནི། །བདེ་གཤེགས་ཐུགས་ཀྱི་དངོས་གྲུབ་མཆོག །སྲིད་གསུམ་ཐལ་བྱེད་རྔམ་པ་དེས། །ཁ་ཊྭཱཾ་དྲག་པོ་མི་བཟད་པས། །བདུད་དང་སྲིན་པོ་འཁོར་བཅས་དང༌། །གཤིན་རྗེ་བཅོམ་ཞིང་བསད་ནས་ནི། །རོ་ཡང་ལྷོ་ཡི་འཛམ་གླིང་དུ། །བོར་ནས་ས་གཞིར་གྱུར་པ་ནི། །དུར་ཁྲོད་ཆེན་པོ་བརྒྱད་ཡིན་ནོ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཡས་གཡོན་མཚམས་སུ་བསྟན། །ཉམས་ཤིང་འབོད་འགྲོགས་བརྒྱལ་བར་འགྱུར། །ཨོཾ་སརྦ་པཱ་བཾ་ཀ་ར་ཏེ་ཏ་བ་བི་ཤྭ་མ་ཏ་ཀ་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པ་ཀ་ར་ཧེ་ཏ་པ་བི་ཤྭ་ཀ་ཊྭཱཾ་ག་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ཀ་ར་ཧེ་ཏ་པ་བི་ཤྭ་ཨཱ་ཀཱཪྵ་རུ་དྲ་ཧཱུཾ་ཕཊ། གནས་ཀྱི་སྒོ་ནི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུང་འཛིན་རྐང་པ་བསྣོལ་བ་ལས། །ཡུལ་ལས་འདས་པའི་ཞབས་ཀྱིས་དབྱེ། །དེ་ནས་གཡས་སུ་བསྐོར་ཏེ། ལྟེ་བའི་ཕྱོགས་སུ་ཨེ་གྲུ་གསུམ་གྱི་སྒོ་ཕྱེ་ནས་ལྕགས་ཀྱུའི་ཕྱག་རྒྱས་རྣམ་པར་ཤེས་པ་དྲངས་ཏེ། ཨོཾ་མ་ཧཱ་ཙོ་ཤ་ཕྱུང་ཞེས་གནས་གསུམ་གྱི་ཞིང་ཁམས་གང་རུང་


DTG027_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་རིགས་ལྷུན་གྱིས་གྲུབ་པའི་སྲས་སུ་བྱའོ། །དེ་ནས་ཁོག་པ་གཞལ་ཡས་ཁང་དུ་བྱས་ཏེ། རྣལ་འབྱོར་པ་རྣམས་ནང་དུ་བཞུགས་ནས། ནང་ཁྲོལ་གྱི་ཚོགས་རྣམས་དུག་གསུམ་རྣམ་པར་དག་པ་འདོད་པའི་ལོངས་སྤྱོད་ཀྱིས་མཆོད་པར་དམིགས་ཤིང༌། དགའ་བའི་གླུ་གར་དང་རོལ་མོས་མཆོད་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ལ་བསྟོད་ཅིང་བསྐུལ་བའི་ཕྱིར་རྡོ་རྗེའི་གླུ་བླང་སྟེ། ཁ་ཊྭཱཾ་ག་ལ་རྒྱབ་རྟེན་བཅས། །ནམ་མཁའི་ཕྱག་རྒྱ་རྣལ་འབྱོར་པས། །ནམ་མཁའ་ཀུན་ལས་གྲོལ་བ་འགྲུབ། །དངོས་པོ་ཐམས་ཅད་མཁའ་བྱིན་པ། །མཁའ་ལས་སྒྱུ་མ་ཀུན་བླངས་ནས། །ལུས་པ་མེད་པར་དེར་ཟའོ། །གཎྜེ་ཧོཿ། གྷཎྜེ་ཧོཿ། གྷཎྜེའི་སྒྲ་ཡིས་སྒྲོལ་བར་མཛད། །ལ་ལར་མཁས་པའི་གཟུགས་ཀྱང་འཛིན། །ལ་ལར་ཚངས་པ་བཞིན་དུ་ཞི། །ལ་ལར་ཚངས་པ་བཞིན་དུ་ཞི། །ལ་ལར་གཤིན་རྗེ་བཞིན་དུ་རྔམ། །ལ་ལར་དུས་མཐའི་མེ་ལྟར་འབར། །འཇིག་རྟེན་ཁམས་ནི་སྟོང་དག་ན། །མི་སྡུག་རིགས་ཀྱི་གཟུགས་འཛིན་པའི། །མཁའ་འགྲོ་འབར་མའི་ཚོགས་བཅས་ཀྱིས། །མ་ལུས་ལུས་པ་མེད་པར་སྒྲོལ། །ཞེས་སོ། །གཞན་ཡང་ཤ་ཁྲག་རུས་པའི་ཚོགས་རྣམས་ཟ་བྱེད་ཀྱི་ཚོགས་དང་འཇིགས་བྱེད་ཀྱི་ཞལ་དུ་དབུལ་བ་ནི། །བསྟབས་སུ་གསོལ་གཅིག་ཧེ་རུ་ཀ །གང་ལ་བྱ་བའི་དངོས་པོ་འདི། །ཕྲ་མན་གཤེད་མ་ཁྱེད་རྣམས་ཀྱིས། །དབང་དང་རིག་སྔགས་བྱིན་བརླབས་ཏེ། །རིག་སྔགས་ཀྱིས་ནི་རྨོངས་མཛད་ནས། །དྲག་པོ་ལས་ཀྱིས་སྒྲུབ་བྱེད་ཅིང༌། །འདི་ལ་སོགས་པ་རྣམས་ལ་ཡང༌། །དེ་དག་ལོངས་སྤྱོད་རྒྱན་དུ་འབུལ། །ཤ་དང་རྐང་ཁྲག་འདོད་བ་རྣམས། །རིག་སྔགས་ཀྱིས་ནི་བྱིན་བརླབས་ནས། །འཆོ་བ་ཕྲོགས་ནས་ཅི་བདེ་བར། །ཁྱེད་ཀྱིས་དེ་ལ་ལོངས་སྤྱོད་ཅིག །བྷནྡྷ་བཅུད་ཡངས་ཟབ་པ་ན། །ཁོར་ཡུག་གཏོས་ཀྱི་དངོས་པོ་འདི། །བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར། །འཇིགས་བྱེད་དཀའ་ཟློག་དགྱེས་ཤིང་རོལ། །རྡོ་རྗེ་གསུམ་འབར་སྐུ་གསུང་ཐུགས། །སྲིད་གསུམ་འཇོམས་མཛོད་ཏྲི་ཤཱུ་ལ། །དུག་གསུམ་རྩད་ནས་གཅད་པའི་ཕྱིར། །ཁམས་གསུམ་ཅིག་ཅར་བསྒྲལ་བར་བྱ། །འཇིགས་བྱེད་དྲག་ཤུལ་ཆེན་པོ་ཡིས། །ཁམས་གསུམ་ཅིག་ཅར་བསྒྲལ་ནས་ཀྱང༌། །ཟ་


DTG027_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་ཆེན་པོའི་ཞལ་དུ་ནི། །འགྲོ་ཀུན་ཡུད་ཙམ་ཅིག་ལ་འདྲེན། །འགྲོ་དང་མི་འགྲོའི་སྣོད་བཅུད་འདི། །འཇིགས་བྱེད་ཁྱེད་ལྔས་ཀུན་ཟ་ན། །དངོས་པོར་གྱུར་པའི་བགེགས་འདི་ཀུན། །ངས་བསྟབས་ཁྱེད་ཀྱིས་ཡུལ་ལ་བཞེས། །ཨོཾ་མ་ཧཱ་ཤྲཱི་ཧི་དུ་ཀ་ཧ་ཧ་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཁཱ་ཧི་ཁཱ་ཧི། ཤར་ཕྱོགས་འཇིག་རྟེན་ལམ་སྒོ་ན། །ཡང་དག་ཐར་ལམ་གཅོད་བྱེད་པ། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། །ཁྱོད་ནི་སྒྲིབ་པ་ཀུན་ལ་བསྒྲིབས། །ཡང་དག་ཐར་ལམ་ཡེ་ཤེས་ཀྱི། །ཁུངས་བརྟག་རྩད་བཅད་བདག་ལས་བྱུང༌། །བདག་འཛིན་བདག་གི་རྟོག་པ་རྣམས། །བདག་མེད་སྟོང་པའི་ཐོ་བས་གཞམ། །ཨཱཏྨ་ན་ཧི་མ་ཧཱ་ཤཱུ་ཎྱ་ཏཱ་ཛྙཱ་ན་བཛྲ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཆོས་ཀུན་རྟག་ཏུ་རང་གི་ངོ་བོས་སྟོང༌། རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིགས། །སྲིད་པ་ཇི་བཞིན་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱིའོ། །འདོད་པའི་ཁམས་སྟོང་པ་ཉིད་དོ། །གཟུགས་ཀྱི་ཁམས་སྟོང་པ་ཉིད་དོ། །གཟུགས་མེད་པའི་ཁམས་སྟོང་པ་ཉིད་དོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སྟོང་པ་ཉིད་དོ། །ངག་སྟོང་པ་ཉིད་དོ། །སེམས་སྟོང་པ་ཉིད་དོ། །གང་དག་སྟོང་ཉིད་མི་ཤེས་པ། །དེ་ཡིས་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་པོ་དངོས་མེད་པས། །འཇིགས་པས་སྟོང་ཉིད་ཤེས་པར་བྱ། །ཆེན་པོ་སྟོང་པ་ཞེས་བྱ་བ། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པའོ། །དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྗེས་སུ་དྲན་པར་བྱ། །ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས། མཚན་མའི་རྟོག་ཚོགས་ཀུན་མི་རྟོག་ཡེ་ཤེས་ཀྱིས་གཞོམ་པར་བྱའོ། །དེ་བས་བྷནྡྷ་མཚན་དང་ལྡན་པ་དག་བྱིན་གྱིས་བརླབ་ཅིང༌། རང་རང་གི་གནས་སུ་མེ་མར་དང་བཅས་པས་དགྲམ་པ་དང༌། དུར་ཁྲོད་ཆེན་པོ་བརྒྱད་དག་དགོད་དོ། །ཤར་དུ་རྐང་པ་གཡས་པའོ། །ནུབ་ཏུ་ལག་པ་གཡོན་པའོ། །བྱང་དུ་རྐང་པ་གཡོན་པའོ། །ཤར་ལྷོར་དཀུ་གཡས་པའོ། །ལྷོ་ནུབ་ཏུ་མགོ་བོའོ། །ནུབ་བྱང་དུ་དཀུ་གཡོན་པའོ། །བྱང་ཤར་དུ་


DTG027_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་མའོ། །དེ་ལྟར་དུག་གསུམ་གྱི་རྟེན་བསགས་ནས། །ཞིང་སྐྱོང་ལ་སོགས་པའི་གཟུགས་བྲི་བར་བྱའོ། །གཞན་ཡང་དབང་སྒྱུར་ཆེན་པོའི་ཏིང་ངེ་འཛིན་ལས་བྷཱུཾ་གྱི་འཕྲོ་འདུས་གནས་བྱིན་གྱིས་བརླབ་པ་དང༌། །རྣལ་འབྱོར་པ་ཐམས་ཅད་རང་གི་ལྷར་བསྒོམ་པ་དང༌། །སྒྲུབ་རྫས་ཐམས་ཅད་ཡི་གེ་གསུམ་གྱིས་བསྲེགས་ཤིང་སྦྱངས་ནས་བྱིན་གྱིས་བརླབ་པ་དང༌། ལྷ་མོ་ཀྲོང་དྷི་ཤྭ་རིས་བྱིན་གྱིས་བརླབས་པའི་དྲི་ཆབ་ཀྱིས་དག་པར་བྱ་བ་དང༌། བདུད་རྩི་སྤྱང་བ་དང༌། ཚོགས་ཀྱི་ཞལ་ཟས་བྱིན་གྱིས་བརླབ་པ་རྣམས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་རྫོགས་པར་བྱས་ནས་སྒྲུབ་པའི་དཀྱིལ་འཁོར་གྱི་སོ་སོའི་གནས་སུ་དགྲམ་པར་བྱའོ། །དེ་དག་གིས་ནི་སྒྲུབ་པའི་དཀྱིལ་འཁོར་གྱི་སྔོན་དུ་འགྲོ་བའི་ཡན་ལག་གི་ཆོ་ག་བསྟན་པ་ཡིན་ནོ། །

བསྙེན་པའི་ཆོ་ག་བསྟན་པ།

དཀྱིལ་འཁོར་དུ་འཇུག་པ།


DTG027_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་བསྙེན་པའི་ཆོ་ག་བསྟན་པའི་ཕྱིར་ཕྱག་རྒྱ་ལྔས་མཚན་ཅིང་ཆོས་གོས་ལྔ་བགོས་ཏེ། འགྲོ་བའི་དོན་དུ་དམ་བཅས་ནས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་དམིགས་ཏེ། གཞིའི་ཏིང་ངེ་འཛིན་དང༌། རྟེན་གྱི་ཏིང་ངེ་འཛིན་དང༌། བརྟེན་པའི་ཏིང་འཛིན་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང༌། མདུན་གྱི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང༌། གཉིས་སུ་མེད་པའི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང༌། ལས་ལ་སྦྱོར་བ་དང༌། ཐུན་མོང་གི་བཟླས་བརྗོད་དང༌། ཁྱད་པར་གྱི་བཟླས་བརྗོད་དང༌། དེ་དག་རྫོགས་ནས་མཆོད་ཅིང་བསྟོད་པ་བྱས་ལ། ལྷ་རྣམས་ལ་ཐུགས་དམ་བསྐུལ་བར་བྱ། །གལ་ཏེ་རྣལ་འབྱོར་བ་མཚན་མ་ཐོབ་པ་ཞིག་གིས་འཇུག་ན་ནི་ཐིག་ལེ་འམ། ཕྲ་མོ་འམ། རྣམ་པར་དག་པ་སྤྱད་པར་བྱའོ། །དེ་ནས་ཚོགས་ཀྱི་ཆོ་ག་དང༌། སྦྱིན་སྲེག་དང༌། ལྷག་མའི་ལས་དག་པའི་བསྒོམ་པ་དང༌། ཆོ་ག་རྫོགས་པའི་ལས་ལ་སྦྱར་རོ། །དེ་ནས་དབང་བསྐུར་བའི་ཕྱིར་གོང་དུ་དཀྱིལ་འཁོར་དུ་འཇུག་པ་ཙམ་ལས་མ་བྱས་པ་དག་ལ་ནི་སྔ་མ་བཞིན་དུས་སུ་བར་མཚམས་སུ་གཞག་ནས་རིག་པའི་དབང་བསྐུར་བ་དང༌། དེ་བཞིན་དུ་གང་ཐོབ་པ་ནས་བརྩམས་ཏེ། རྫོགས་པའི་བར་དུ་སྤྱང་བར་བྱའོ། །དེ་དག་གི་རིམ་པ་ནི་འདི་ལྟར་ཡིན་ཏེ། དང་པོ་གོང་རོལ་དུ་འཇུག་པའི་ཆོ་ག་ལ། རྡོ་རྗེ་རྒྱལ་པོ་


DTG027_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། །རྒྱལ་ཐེབ་ཆོ་ག་རྫོགས་པས་སློབ་མ་ཡོངས་སུ་སྦྱངས་པ་དང༌། བར་ཁང་གི་སྒོ་མཚམས་སུ་མཎྜལ་བཤམས་པ་ལ་བཞག་སྟེ། བྱང་གི་སྒོ་དྲུང་ན་གནས་པའི་བུམ་པས་བསངས་ནས། རིགས་ཀྱི་ལྷ་མཆོད་ཅིང་གསོལ་བ་བཏབ་ནས་ཤིས་པར་བྱའོ། །དེ་ནས་རས་དམར་པོའམ། དཀར་པོ་སེར་པོ་དག་ལ། ཨ་ཁཾ་བཱི་ར་ཧཱུཾ་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས་ནས་གདོང་གཡོགས་ཏེ། རིན་པོ་ཆེའི་ཕྲེང་བ་ཐོགས་ནས་ཐེག་པ་ཆེན་པོར་མོས་ཤིང་སེམས་བསྐྱེད་པས་གནས་པ་ལ་སློབ་དཔོན་གྱིས་དྲི་སྟེ། ཀྱེ་ཁྱོད་ཅི་ལ་དགའ་བས་འདིར་འཇུག་པ་ཡིན་ཞེས་པ་དང༌། སློབ་མས་ཀྱང་བདག་སྐལ་བ་བཟང་པོ་ལ་དགའ་བས་འཇུག་པའོ་ཞེས་སོ། །སླར་བརྗོད་པ་དེ་ཁྱོད་ལ་ཅི་དགོས་ཞེས་སོ། །དེས་ཀྱང་སྨྲས་པ། རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་པའི་ཕྱིར་རོ་ཞེས་སོ། །ཡང་བརྗོད་པ། བདེ་གཤེགས་སྲས་བཅས་དམ་ཚིག་པས། །ཡོན་དབུལ་ཐུགས་རྗེས་བདག་ལ་དགོངས། །སངས་རྒྱས་སྐུ་གསུང་རང་བཞིན་མཆོག །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །སྐལ་བཟང་ལྷ་མོའི་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་པ་དང༌། སླར་བརྗོད་པ། རྒྱལ་བ་ཀུན་གྱི་གནས་བཞུགས་པའི། །དཀྱིལ་འཁོར་ཆེན་པོ་ཉམས་དགའ་བ། །སྙིང་པོའི་གྲོང་ཁྱེར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་བརྗོད་དོ། །དེ་ནས་ལས་ཀྱི་རྡོ་རྗེས་ལག་པ་གཡས་པ་ནས་བཟུང་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི་ཧཱུཾ། ཞེས་བརྗོད་ཅིང་ཡོལ་བའི་ནང་དུ་གཞུག་སྟེ། དཀྱིལ་འཁོར་གྱི་ཤར་སྒོར་བཞག་ལ་འདི་སྐད་བརྗོད་དོ། །ཨོཾ་ཐོག་མ་མེད་དུས་འཁོར་བའི་གནས། །བདག་གིས་བསགས་པའི་ལས་གང་གིས། །བགྱིད་སྩལ་ཡི་རང་དུས་འདིར་བཤགས། །ཕྱིན་ཆད་མི་བགྱིད་སྡོམ་པ་གཟུང༌། །རྒྱལ་བ་སྲས་སོགས་དགེ་རྩ་བཞི། །འགྲོ་གཞན་ལེགས་བྱས་གང་ཡིན་པ། །དེ་དག་ཀུན་ལ་རྗེས་ཡི་རང༌། །བྱང་ཆུབ་ཆེན་པོར་བདག་གིས་བསྔོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་གིས་དུས་འདིར་


DTG027_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱབས་སུ་གསོལ། །ཉོན་མོངས་སྡུག་བསྔལ་བཅད་པ་དང༌། །དགེ་བའི་ཚོགས་མང་སྤེལ་བའི་ཕྱིར། །བྱང་ཆུབ་བདེ་ཆེན་དོན་བསྐྱེད་ནས། །འགྲོ་རྣམས་དི་རིང་དོན་དུ་གཉེར། །སངས་རྒྱས་གྱུར་ནས་བདག་གིས་ནི། །འགྲོ་རྣམས་སྲིད་པའི་གནས་ནས་གནོན། །ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་མེ་ཏོག་གི་ཕྲེང་བ་དང་བཅས་པ་སློབ་མའི་སྙིང་གར་བཞག་སྟེ། ཨོཾ་བདེ་གཤེགས་ཀུན་གྱིས་ཁྱོད་ཉིད་ནི། །དེ་རིང་བྱིན་གྱིས་བརླབས་པ་ན། །དེ་བཞིན་གཤེགས་པའི་གསང་ཆེན་འདི། །དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང༌། །དད་པ་མེད་པའི་མི་རྣམས་ལ། །ནམས་ཀྱང་སྨྲ་བར་བྱ་བ་མིན། །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་མཛད་དེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་མ་ཧཱ་ས་མ་ཡ་ཨུ་ད་ཀ་ཋ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། བཛྲ་ཨུ་ད་ཀ་ཏ་ཧྲི་ཋ། དེ་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །གང་ཞིག་བསྒོ་བའི་ལས་རྣམས་བྱོས། །དེ་ལ་བརྙས་པར་མ་བྱེད་ཅིག །གལ་ཏེ་ཅུང་ཞིག་བརྙས་བྱས་ན། །དུས་མིན་འཆི་ཞིང་དམྱལ་བར་ལྟུང༌། །རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །སྐུ་དང་གསུང་འཕྲུལ་ལས་མཛད་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །དི་རིང་བདག་ལ་དབབ་ཏུ་གསོལ། །ཞེས་བརྗོད་དེ། སློབ་མའི་སྙིང་གར་བདེ་གཤེགས་བཞུགས་པ་དང༌། བདུད་རྩི་བྱིན་གྱིས་བརླབས་པས། དངོས་གྲུབ་སྦྱིན་ཞིང་དམ་ཚིག་བསྒྲག་པར་བྱའོ། །དེ་ནས་སྙིང་ག་དང༌། རྐང་མཐིལ་དང༌། མགྲིན་པ་དང༌། སྤྱི་བོ་རྣམས་སུ་འབྱུང་བའི་ས་བོན་གྱི་མཚན་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཡང༌། སུམྦྷ་ནི་སུམྦྷ་ཧཱུཾ། ཞེས་པས་བསྲུང་ཞིང་རྡོ་རྗེ་དྲིལ་བུ་དཀྲོལ་ཏེ། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཨཱ་ཧ་ཛྷཻཿ། ཞེས་བརྒྱ་རྩ་བརྒྱད་བརྗོད་དོ། །ནམ་ཞིག་ཡེ་ཤེས་བབས་པའི་ཚེ་ནི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྟགས་


DTG027_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོན་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་གྱིས་བདེན་པ་བརྗོད་པར་བྱ་སྟེ། མགོན་མཆོག་གསང་བའི་དཀྱིལ་འཁོར་འདིར། །སློབ་མའི་མཆོག་འདི་གཞུག་པར་བགྱི། །རིགས་ཀྱི་ལྷ་ཡི་བྱེ་བྲག་དང༌། །བསོད་ནམས་གང་ཡིན་དེ་བཞིན་ཤོག །དེ་བཞིན་དངོས་གྲུབ་མཚན་པ་དག །སྙིང་པོའི་གནས་འདིར་ལེགས་པར་སྟོན། །ཞེས་བརྗོད་ཅིང་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ལ་བརྟགས་ཏེ། དེས་རང་གི་ལས་དག་གྲུབ་པར་ཤེས་སོ། །དེ་ནས་མེ་ཏོག་ཕྲེང་བ་དཀྱིལ་འཁོར་དུ་དོར་ཏེ། །ཨོཾ་པྲ་ཏཱི་ཙྪ་བཛྲ་ཧོཿ། ཞེས་པས་ལྷ་གང་ལ་བབས་པ་དེ་ཡི་དམ་དུ་བླང་བར་བྱའོ། །དེ་ཡང་གཙོ་བོ་ལ་བབ་ན་ནི་མཆོག་གི་དངོས་གྲུབ་འགྲུབ་ཅིང༌། བར་མཚམས་དག་གིས་ནི་འབྲིང་གི་ལས་འགྲུབ་ལ། ར་བ་ལས་འདས་པ་དག་གིས་ནི་སླར་བསྐྱར་ཏེ་ལན་གསུམ་དུ་དོར་ཞིང༌། གང་ཞིག་དཀྱིལ་འཁོར་ལ་མ་བབ་པ་དག་ནི་ཆུས་ཤིས་པར་བྱས་ཏེ་སླར་གཏང་བར་བྱའོ། །ཡང་ཕྲེང་བ་དེ་བླངས་ཏེ་སློབ་མའི་མགོ་ལ་བཅིངས་ནས། ཀྱེ་སེམས་དཔའ་ཆེན་པོ་ཕྲེང་བ་འདི་དང་མི་འབྲལ་བར་གྱིས་ཤིག །ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་བརྗོད་དོ། །ཡི་གེ་ཨོཾ་གྱིས་བསྐྱེད་པའི་གསེར་གྱི་ཐུར་མ་ཕྲས་མཚན་པས་དྲི་མ་བསལ་ནས། །ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །སྒྲིབ་གཡོགས་ལིང་ཐོག་ཀུན་བསལ་ནས། །རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཕཊ། ཅེས་བརྗོད་དོ། །གདོང་གཡོགས་བསལ་ནས། དཀྱིལ་འཁོར་བསྟན་པའི་ཕྱིར་སྒོ་དབྱེ་སྟེ། བུ་ཁྱོད་དཀྱིལ་འཁོར་ལེགས་པར་ལྟོས། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །ཕྲེང་བ་གང་ལ་བབ་པ་ནི། །དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ། །ཞེས་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཤིང་གཙོ་བོའི་བར་དུ་ལྷ་རྣམས་ཀྱི་མཚན་བསྟན་པར་བྱའོ། །དེའི་རྗེས་ལ་བཟའ་བ་དང་བཏུང་བ་ལ་སོགས་པའི་མཆོད་པའི་ཚོགས་ཀྱིས་ལྷ་དང་སློབ་དཔོན་དང༌། རྣལ་འབྱོར་པ་དག་མྱོས་པར་བྱས་ནས། སློབ་དཔོན་ལ་སེམས་དད་པའི་སྒོ་ནས་བདག་གི་སྐལ་བ་ཇི་ལྟར་ལགས་པ་བསྟན་དུ་གསོལ་ཞེས་བརྗོད་པར་བྱའོ། །དེར་སླར་བརྗོད་པ། བུ་ཁྱོད་དད་པ་རབ་ཏུ་བསྐྱེད། །


DTG027_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་རིགས་མཆོག་འཛིན། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་རྣམས་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཏིང་འཛིན་རྗེས་ཆགས་དང༌། །གསང་སྔགས་སྙིང་པོ་འཛིན་པར་གྱིས། །ཞེས་བརྗོད་པར་བྱའོ། །

དབང་བསྐུར་བ།

བུམ་དབང་།

སློབ་མ་དབང་བསྐུར་བའི་ཆོ་ག

ཤིས་པའི་ཆོ་ག


DTG027_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དབང་བསྐུར་བའི་དོན་དུ། སློབ་མ་ཡོན་དང་བཅས་པས་གསོལ་བ་གདབ་སྟེ། རྒྱལ་བ་ཀུན་གྱི་གསང་བའི་ལམ། །འགྲོ་བ་སྐྱོབ་ལ་གཟི་བརྗིད་ཅན། །མཁའ་འགྲོ་མ་ཡི་འཁོར་ལོ་མཆོག །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དེ་རིང་དབང་བསྐུར་གནང་བ་ཡི། །དུས་ལ་བབ་པར་འོས་པ་ལགས། །དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་རིམ་བཞིན་བདག་ལ་སྩོལ། །རིག་པ་ཆེན་པོས་ལས་བསྒྲུབས་ནས། །དངོས་གྲུབ་མཆོག་རྣམས་ཤིས་པ་དང༌། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་རྡོ་རྗེ་སློབ་དཔོན་གཟུང༌། །ཞེས་བརྗོད་དོ། །དེ་ནས་ཤར་གྱི་ཕྱོགས་ཀྱི་སྒོ་དྲུང་དུ། །ཁོར་དོ་ཙམ་གྱིས་ཆོད་པར་དབང་སྟེགས་དཀྱིལ་འཁོར་གྱི་ལྟེ་བ་དང་མཉམ་པར་བརྩིགས་ཏེ། པདྨ་འདབ་བརྒྱད་སྒོ་དང་བཅས་པ་བྲིས་ནས། སེང་གེའི་ཁྲི་ལ་པདྨས་མཚན་པའི་གདན་ལ་བཤམ་ཞིང་སློབ་མ་བཞག་སྟེ། འཕན་གདུགས་དང༌། མེ་ཏོག་གི་ཕྲེང་བ་དང༌། རིན་པོ་ཆེའི་རྒྱན་དང༌། གོས་སྣ་ཚོགས་ཀྱིས་མཛེས་པར་བྱས་ནས། སྤོས་ཆུས་སྦྱངས་ཏེ། ཡུངས་ཀར་གྱི་སྦྱིན་སྲེག་དང༌། ཀུ་ཤའི་ཆུས་ཤིས་པའི་ཆོ་ག་བྱའོ། །ཡང་བདུད་རྩི་བྱིན་གྱིས་བརླབས་པའི་ཆུ་འཐོར་ཞིང༌། རྟ་མཆོག་གི་སྔགས་ཀྱིས་བསྲུངས་ནས་ཡི་གེ་གསུམ་གྱིས་སྤྱང་བར་བྱ་ཞིང༌། ཆོས་ཉིད་རྣམ་པར་དག་པའི་རང་བཞིན་ལས་རིགས་ཀྱི་ལྷར་བསྐྱེད་དེ། མཆོད་དབྱངས་དང༌། རོལ་མོའི་སིལ་སྙན་དུ་བཅས་པས་བུམ་པའི་ནང་ནས་ཆུ་བླངས་ཏེ། དུང་ཆོས་ལ་སོགས་པར་བླུགས་ལ་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བའི་བུམ་པ་བཟུང་ནས་ནི། །འདི་གཉིས་ལ་ནི་བླུགས་བྱས་ལས། །བག་ཆགས་མ་ལུས་དག་གྱུར་ཅིག །ཅེས་ཕྱིའི་བུམ་པའི་ཆུས་ཁྲུས་བྱས་ནས། ཡང་ས་བོན་གྱི་གསང་


DTG027_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་ལས་བྱུང་བའི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་སྟེ། མདུན་རོལ་དུ་ཟླ་བའི་དཀྱིལ་འཁོར་དུ་བཞག་ནས་གཉིས་སུ་མེད་པའི་རོལ་པ་མཛད་ཅིང༌། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱན་གྱིས་ལྷའི་བུམ་པ་བཀང་སྟེ། གར་དང་དབྱངས་སུ་བཅས་པས་ཕྱོགས་བཞི་ནས་ཁྲུས་མཛད་དོ། །ཨོཾ་ལྷ་ཡི་ཆུ་ནི་དག་པ་ཡིས། །རྡོ་རྗེ་གསང་གསུམ་གནས་ལས་བྱུང༌། །རིག་པའི་ལྷ་མོ་ཚོགས་ལྡན་པའི། །རང་བཞིན་གཅིག་ཏུ་གྱུར་པ་ཡིན། །ཨོཾ་བཛྲ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་དོ། །དེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་མི་བསྐྱོད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྟོན་ཏེ། ཆུའི་དབང་བསྐུར་རོ། །

རིག་པའི་དབང་ལྔ་བསྐུར་བ།


DTG027_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་རིན་པོ་ཆེའི་རྒྱུ་ལས་བྱས་པའམ། གཞན་དག་ལས་བྱུང་བ་གང་ཡང་རུང་སྟེ། དབུ་རྒྱན་རྩེ་ལྔ་པ་སངས་རྒྱས་ལྔའི་མཚན་མ་དང༌། དར་དབྱངས་སུ་བཅས་པ་བྱིན་གྱིས་བརླབས་ཏེ། ཚིགས་སུ་བཅད་པ་འདིས་སྦྱིན་པར་བྱའོ། །ཨོཾ་སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་ལས་བྱུང་དབུ་རྒྱན་ཆེན། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི། །དར་དབྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ད་ར་ཏ་ཀ་བཛྲ་ཨ་ར་ལི་ཧོ་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་བརྗོད་ནས། དེའི་རྗེས་ལ་ཐོད་པའི་མཚན་མ་དྲུག་དང་བཅས་པའི་དར་དབྱངས་ཀྱིས་བཅིངས་ཏེ། ཨོཾ་སངས་རྒྱས་ཀུན་གྱི་ཡེ་ཤེས་རྟགས། །ཐོད་པའི་ཕྲེང་བའི་དབུ་རྒྱན་གྱིས། །རྡོ་རྗེ་སེམས་དཔའ་བདག་སྔོན་བསྐྱེད། །རིག་པའི་ཡེ་ཤེས་མཚན་མའི་རྟགས། །ཧཱུཾ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩཱ་མི། དེས་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དཔལ་རྡོ་རྗེ་ཉི་མ་བྱང་ཆུབ་སེམས་ཀྱི་ངོ་བོ་དབུ་རྒྱན་གྱིས་དབང་བསྐུར་བའོ། །དེ་ནས་རྡོ་རྗེ་རྩེ་ལྔ་པ་རྣམ་པར་སྤྱང་ཞིང་བྱིན་གྱིས་བརླབས་པ། ལག་པ་གཡས་པར་གསོར་ཞིང༌། སློབ་མའི་སྙིང་གར་གཏུགས་ཏེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་ཆེན་པོའི་དོན། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་གཟུང་བར་གྱིས། །ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་དོ། །སློབ་མའི་ལག་པ་གཡས་པར་གཏད་ནས་ལན་གསུམ་གསོར་ཏེ་ཐུགས་ཀར་བཟུང་ངོ༌། །


DTG027_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨོཾ་ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་ཅིང་དོན་བཞིན་དུ་བསམ་པར་བྱའོ། །དེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དཔལ་པདྨ་གར་གྱི་དབང་ཕྱུག་གི་ངོ་བོ་མཚོན་པར་བྱེད་པ་རྡོ་རྗེའི་དབང་ངོ༌། །དེ་ནས་དྲིལ་བུ་སྤྱང་ཞིང་བྱིན་གྱིས་བརླབས་པ་དཀྲོལ་ཞིང་སློབ་མའི་ལག་པ་གཡོན་པར་གཏད་ལ། འདི་ནི་རྣལ་འབྱོར་མ་ཚོགས་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་རྟག་ཏུ་བཅང་བར་གྱིས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་ཅིང་དེ་ཉིད་རྣམ་པར་དག་པ་བསྟན་པའི་ཕྱིར། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ཅན་རྣམས། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་དོ། །དེ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་རྟ་མཆོག་རོལ་པའི་ངོ་བོ་མཚོན་པར་བྱེད་པ་དྲིལ་བུའི་དབང་ངོ༌། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་གཉིས་གཟུང་བའི་ཕྱག་རྒྱ་བསྟན་ཏེ། ཐབས་དང་ཤེས་རབ་སྦྱོར་བའི་འཕྲོ་འདུ་དང་བཅས་པར་སློབ་མའི་མགོ་བོར་བཞག་ནས། ཚིགས་སུ་བཅད་པ་འདི་བརྗོད་པར་བྱའོ། །ཨོཾ་གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །དབང་པོའི་སྤྱོད་ཡུལ་གང་དག་གང༌། །བདེ་མཆོག་སྒྱུ་མའི་དཀྱིལ་འཁོར་ཉིད། །ཨོཾ་དཔལ་ཆེ་གེ་མོ་ཨ་བྷི་ཥིཉྩཱ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཡ་ཧོ་ཞེས་སོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དཔལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་མཚོན་པར་བྱེད་པ་མིང་གི་དབང་བསྐུར་བའོ། །

དབང་བསྐུར་བའི་ཕན་ཡོན།


DTG027_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་དབང་བསྐུར་བའི་ཕན་ཡོན་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའི་འགྲོ་སྒྱུ་མའི་བདེ་མཆོག་ཀྱང༌། །རྒྱས་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། །ཞེས་སོ། །

དམ་ཚིག་དང་སྡོམ་པ་ལ་སོགས་པ་སྦྱིན་པ།


DTG027_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་དམ་ཚིག་དང་སྡོམ་པ་ལ་སོགས་པ་སྦྱིན་པར་བྱ་བའི་ཕྱིར། དང་པོར་མནའ་བསྒག་ཅིང་སྡོམ་པ་སྦྱིན་པ་ནི་སངས་རྒྱས་ཐམས་ཅད་གསུང་དབྱངས་གཅིག་པའི་སྒོ་ནས་གསུངས་ཏེ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་


DTG027_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་ཁྱེད་བྱེད་པ། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་དག་དང༌། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་རིང་ས་ནས། །སྙིང་ལ་ཁྲག་ཆེན་འཐུང་བ་ཞིག །སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །རང་གི་ངོ་བོ་ཡོངས་སྤངས་ཤིང༌། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་མེད་སྟོབས་ཀྱིས་ཁྱེད་མ་འཇིགས། །དམ་ཚིག་འདའ་བར་དགའ་བའོ། །ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམ་པ་གསུམ་རྒྱས་པར་བསྟན་པར་བྱའོ། །དེས་ནི་སློབ་མ་དབང་བསྐུར་བའི་ཆོ་གའོ། །

སློབ་དཔོན་དུ་དབང་བསྐུར་བའི་ཆོ་ག

བརྟུལ་ཞུགས་སྦྱིན་པ།


DTG027_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་རྡོ་རྗེ་སློབ་དཔོན་དུ་བྱ་ཞིང༌། བདག་དང་གཞན་གྱི་དོན་གྲུབ་པར་འདོད་པས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། མགོན་ཁྱོད་ཐུགས་རྗེའི་བཀའ་དྲིན་གྱིས། །དཀྱིལ་འཁོར་སློབ་དཔོན་དབང་བསྐུར་སོགས། །བདག་གཞན་དོན་དུ་བྱ་བ་རྣམས། །འགྲུབ་བྱེད་དབང་བསྐུར་བདག་ལ་སྩོལ། །ཞེས་པ་དང༌། སླར་བརྗད་པ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཆེ། །ཟུང་ཤིག་ཡང་དག་གཟུང་བར་གྱིས། །དི་རིང་རྡོ་རྗེ་སློབ་དཔོན་ཆེ། །སློབ་མའི་ཚོགས་རྣམས་བསྡུ་བར་མཛོད། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། །རྟག་ཏུ་ཁྱོད་ཀྱིས་ཀྱང་གཟུང་སྟེ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་མ་ཧཱ་བཛྲ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ས་མ་ཡ་ཏིཥྛ། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། ཨོཾ་བཛྲ་གྷཎྜེ་ཨ་ཨེཥ་ཏྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧོཿ། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་བྱར་བརྗོད། །ལུས་ཀུན་བརྟན་བྱེད་གང་ཞིག་ནི། །ཕྱག་རྒྱར་རབ་ཏུ་གྲགས་པ་ཡིན། །ཨོཾ་མ་ཧཱ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ས་མ་ཡ་ཧཱུཾ། ཞེས་བརྟུལ་ཞུགས་རྣམ་པ་གསུམ་བྱིན་


DTG027_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས། མཆོད་པའི་ཚོགས་དང༌། བསྟོད་པའི་གར་ཐབས་ཀྱིས་ལྷ་རྣམས་མཉེས་པར་བྱའོ། །

རྗེས་གནང་སྦྱིན་པ།


DTG027_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་རྗེས་སུ་གང་བ་སྦྱིན་པར་བྱ་སྟེ། བདག་གཞན་དོན་སྒྲུབ་ལས་ཀྱི་ཚོགས། །ཐུན་མོང་འབྲིང་པོ་མཆོག་གྱུར་པའི། །ཞི་རྒྱས་དབང་དྲག་དགུག་པ་དང༌། །སྡང་གནོན་རེངས་པའི་ལས་ཀུན་དང༌། །དབྱེ་རྨོངས་བསྐྲད་པའི་ཆོ་ག་རྣམས། །ཐོགས་པ་མེད་པར་བསྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །ཐོག་མེད་མི་འབྱིན་སྐས་འཛེག་དང༌། །གསར་འགྱུར་རིལ་བུ་ཉི་ཟླ་གཟུང༌། །ཆར་དབབ་ལ་སོགས་ལས་ཀྱི་ཚོགས། །རྣམ་ཤེས་སྒྲུབ་དང་ཡེ་ཤེས་སྒྲུབ། །ཕྱག་རྒྱ་ཤེས་པའི་དོན་སྒྲུབ་དག །ཐམས་ཅད་དངོས་གྲུབ་འགྲོ་བ་ཡི། །དོན་ཉིད་ཡང་དག་སྤྱོད་པར་གྱིས། །རྒྱལ་བ་ཀུན་གྱི་གནས་འཇུག་ཅིང༌། །སྐུ་གསུང་ཐུགས་མཆོག་ཡོན་ཏན་རྒྱན། །ཕྲིན་ལས་བདག་གཞན་གནས་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དངོས་གྲུབ་སྒྲུབ། །ཅེས་བརྗོད་དོ། །དེ་ནས་ཡང་སྔ་མ་བཞིན་དུ་མིག་དབྱེ་བར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མིག་ནད་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བས་སེལ་བར་མཛད། །ཨོཾ་བཛྲ་ནཻ་ཏྲ་ཨ་བ་ཧ་ར་པ་ཊ་ལཾ་ཧྲཱིཿ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་འཛིན་རྣམ་བྲལ་བརྗོད་མེད་དུ། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །རང་བཞིན་མེད་ཅིང་དག་མེད་པ། །ཆོས་རྣམས་དེ་བཞིན་ཤེས་བྱས་ནས། །སེམས་ཅན་དོན་ནི་ཡང་དག་བྱོས། །དེས་ན་སངས་རྒྱས་སྲས་སུ་སྐྱེ། །ཞེས་བརྗོད་དེ་མིག་ཕྱེ་བའི་རྗེས་ལ། ཆོས་ཐམས་ཅད་ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་བ་ལ་རྗེས་སུ་སྤྱོད་པར་གནང་བའོ། །ཡང་དོན་དམ་པ་དང་ཡི་དམ་གྱི་ལྷ་ཇི་ལྟར་གནས་པའི་མཚན་ཉིད་བསྟན་པའི་ཕྱིར། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཨོཾ་རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཞེས་བརྗོད་ཅིང༌། དེ་ཉིད་ཀྱི་དོན་བསྟན་པར་བྱའོ། །ཡང་ལྷ་མོ་བདེ་མཆོག་མས་


DTG027_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱིན་གྱིས་བརླབས་པའི་མདའ་གཞུ་བྱིན་ཏེ། ཕྱོགས་བཞི་དང་སྟེང་འོག་ཏུ་འགེངས་ཤིང་འཕེན་པའི་ཚུལ་བྱས་ནས། ཆོས་ཀྱི་འཁོར་ལོ་མས་བྱིན་གྱིས་བརླབས་པའི་གདན་ལ་འདུག་སྟེ། ལག་པ་གཡས་པར་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་གླེགས་བམ་སྦྱིན་ཞིང༌། གཡོན་པར་དུང་བྱིན་ཏེ་སྒྲ་བསྒྲག་པར་བྱའོ། །ཨོཾ་ཕ་རོལ་ཕྱིན་དྲུག་ལས་རྣམས་ཀྱིས། །སེམས་ཅན་དོན་ཀུན་མཉམ་སྦྱོར་ཞིང༌། །འཁོར་བའི་རྒྱུན་གཅོད་མྱ་ངན་འདས། །ཨོཾ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། །ཐེ་ཚོམ་རྟོག་ཚོགས་གཅོད་མཛད་པའི། །ཆོས་ཀྱི་དུང་གི་སྒྲ་བསྒྲགས་པས། །གསང་སྔགས་གསང་ཆེན་སྙིང་པོའི་དོན། །སྣོད་ལྡན་ཀུན་ལ་རབ་ཏུ་ཤོད། །དེས་ནི་རྒྱལ་བ་ཐམས་ཅད་ལ། །ཕན་འདོགས་དྲིན་ལེན་མཛད་པ་ཡིན། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་བརྗོད་པར་བྱའོ། །དེའི་རྗེས་ལ་རིགས་ཀྱི་དཀྱིལ་འཁོར་ལྔ་བསྐོར་བར་གནང་བ་སྦྱིན་པ་ནི། །མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་སུ། །རྡོ་རྗེའི་འཁོར་ལོ་བསྐོར་དུ་གསོལ། །ཞེས་རིགས་ལྔའི་གནས་སུ་སྦྱར་བར་བྱའོ། །ད་ནི་ལུང་བསྟན་པ་ལས། དང་པོ་སློབ་དཔོན་གྱིས་བསྒོ་བ་ནི། འདི་ལྟར་ང་ཡིས་ཁྱོད་ལུང་བསྟན། །རྡོ་རྗེ་དཔལ་ལྡན་གསང་བའི་བདག །དངོས་པོ་མཆོག་ཏུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་གནས་ལས་གྲོལ། །ཀྱེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ། བྷུརྦྷུ་བ་སྭཿ། དེའི་རྗེས་ལ་དུས་གསུམ་གྱ་རྒྱལ་བ་རྣམས་ཀྱིས་ཀྱང་ཕྱོགས་བཅུ་ནས་གསུང་དབྱངས་མཐུན་པའི་སྒྲ་སྐད་ཀྱིས་ལུང་བསྟན་པར་མཛད་དེ། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་སྲིད་པ་ཐ་མ་ནི་འདི་ཡིན་ཏེ། གསང་བ་བླ་ན་མེད་པའི་ཐེག་པ་ལ་ཞུགས་པས་ཕྱག་རྒྱ་ཆེན་པོ་དང༌། གསང་སྔགས་ཀྱི་མཐུས་རིགས་ཀྱི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །ཁྱོད་ཀྱིས་ཆགས་པ་རྣམས་པ་གཉིས་དང་འབྲལ་བར་མི་བྱ་སྟེ། དེ་དག་གི་ལས་ལ་སྦྱར་བར་བྱའོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་


DTG027_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་བྱ་བ་མིན། །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། དེ་རིང་དཀྱིལ་འཁོར་སློབ་དཔོན་དང༌། །སྔགས་སོགས་རྒྱུད་རྣམས་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེ་བར། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །རྩི་གཅིག་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད་དོ། །དེས་ནི་ལུང་བསྟན་པའོ། །ད་ནི་དབུགས་དབྱུང་བའི་ཕྱིར། དང་པོ་དཀྱིལ་འཁོར་མཐོང་བའི་ཕན་ཡོན་བརྗོད་པར་བྱའོ། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་ཤིང་མཐོང་བ་ལ་སོགས་པས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཁྱེད་རྣམས་རབ་ཏུ་དགེ་བར་གནས། །ཞེས་བརྗོད་དོ། །དེ་ནས་དོན་བཞིན་དུ་སྤྱད་པའི་ཕན་ཡོན་བསྟན་པའི་ཕྱིར། གཟེངས་བསྟོད་པ་ནི། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་ཡང་མེད་ཅིང༌། །མཚུངས་མེད་ཐུབ་པར་མི་འགྱུར་ཏེ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པ་ནས། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །

དམ་ཚིག་བསྟན་པ།


DTG027_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་དེ་དག་གི་དམ་ཚིག་བཤད་པར་བྱ་སྟེ། བྱང་ཆུབ་སེམས་ནི་ཡོངས་མི་སྤང༌། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ཆེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་དག་མི་སྨད་ཅིང༌། །མ་གུས་སྤང་ཞིང་དོར་མི་བྱ། །མི་ཤེས་སྣོད་མིན་རྨོངས་པ་ལ། །ནམ་ཡང་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་དག་ལ་གུས་པར་གྱིས། །ཞེས་པའི་དོན་བསྟན་པར་བྱའོ། །

དབང་ཐོབ་པའི་ཕན་ཡོན་བསྟན་པ།


DTG027_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སློབ་དཔོན་གྱི་དབང་ཐོབ་པའི་ཕན་ཡོན་ནི། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །བདག་པོ་རྒྱལ་ཆེན་དབང་བསྐུར་ཞིང༌། །བདུད་རྣམས་ཐམས་ཅད་ལས་རྒྱལ་བར། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །འདི་ཡིས་ཁྱེད་རྣམས་དུས་འདི་རུ། །སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །དབང་བསྐུར་རྗེས་ཐོབ་དབུགས་ཕྱུང་བས། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་བྲོ་གྲོས་དམ་ཚིག་ལྡན། །བརྟན་གཡོའི་མཐའ་ལས་རྣམ་པར་གྲོལ། །ལམ་མཆོག་འཇུག་སྟོབས་དབུགས་ཕྱིན་


DTG027_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། །ངན་པའི་གནས་ངན་ཀུན་སྤངས་པའོ། །ཞེས་བརྗོད་པར་བྱའོ། །

དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་བསྟན་པ།


DTG027_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གདམས་ངག་བསྟན་པའི་ཕྱིར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། དེ་ལ་དང་པོ་དཀྱིལ་འཁོར་གྱི་མཚན་ཉིད་ནི་གྲུ་བཞི་པར་གནས་པས། ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་རྒྱས་པར་བྱས་ཞིང་སྒོ་རྣམ་པ་བཞི་ཡིས་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཀྱི་མཚན་ཉིད་ཅན་ནོ། །རྟ་བབས་ནས་ཆོས་ཀྱི་འཁོར་ལོའི་བར་དུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་དུ་གནས་པ་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དུ་བགྲོད་ནས་རྣམ་པར་ཐར་པའི་སྒོ་བཞིར་འཇུག་པའི་མཚན་ཉིད་ཅན་ནོ། །རིན་པོ་ཆེ་སྣ་ལྔའི་རྩིག་པ་ལས་འོད་ཁ་དོག་ཉི་ཤུ་རྩ་ལྔ་དང་བཅས་པ་འཕྲོ་བ་ནི། རང་བཞིན་ཡེ་ཤེས་དྲུག་གི་བྱིན་རླབས་ལས་རིགས་ཀྱི་མཚན་མ་སྣ་ཚོགས་སུ་སྣང་བའི་རང་བཞིན་ནོ། །རྡོ་རྗེས་མཚན་པའི་ཀ་བ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་ལ། རྡོ་རྗེ་ཐེག་པའི་ཚུལ་གྱིས་མཚན་པའོ། །རིན་པོ་ཆེ་དང༌། མུ་ཏིག་དང༌། མེ་ཏོག་གི་ཕྲེང་བས་བརྒྱན་པ་ནི་མཛད་པ་རྒྱ་ཆེན་པོའི་ཕྲིན་ལས་རྣམས་ཡོན་ཏན་ལས་བྱུང་བའི་ཚུལ་ལོ། །འདོད་པའི་ཡོན་ཏན་དྲུག་གི་ལྷ་མོ་ནི། །ཡུལ་དྲུག་རྣམ་པར་དག་པའི་སྣང་བའོ། །གདུགས་སྙིང་རྗེ་ཆེན་པོའི་ཆར་ཁབ་དང༌། རྒྱལ་མཚན་བདུད་རྣམ་བཞི་ལས་རྒྱལ་ཞིང་ཐོག་པའི་མཆོག་སྟོན་པའི་མཚན་མ་དང༌། བླ་རེ་མཉམ་པ་ཉིད་དུ་ཚུལ་གཅིག་པར་སྤྱོད་པའི་ཚུལ། །རྔ་ཡབ་རྣམ་པར་རྟོག་པའི་སྦྲང་མ་སེལ་བར་མཛད་པ་དང༌། ཟླ་བ་ཕྱེད་པ་རྡོ་རྗེས་སྨོན་ལམ་རྒྱ་ཆེན་པོ་འགྲོ་བའི་དོན་དུ་ཐེག་པ་ཆེན་པོའི་སྔགས་ཀྱི་སྒོ་ནས་དོན་མཛད་པ་དང༌། རྡོ་རྗེ་རིན་པོ་ཆེ་དབྱིག་པ་ལ་བ་དན་དབྱངས་པས་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པའི་རྟགས་དང་ལྡན་པའོ། །དེ་ལ་དྲིལ་བུ་སྒྲ་སྙན་པ་ཕྱོགས་བཅུར་སྒྲོགས་པ་ནི་ཐེག་པ་སྣ་ཚོགས་ཀྱི་དོན་སྟོན་པའོ། །རེའུ་ཆ་བརྒྱད་ཀྱི་མཚན་མ་ནི་སྐུའི་དབང་ཕྱུག་དང༌། གསུང་གི་དབང་ཕྱུག་དང༌། ཐུགས་ཀྱི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་ཀྱིས་བརྒྱན་པའོ། །ཐིག་བཞིས་ལེགས་པར་ཕྱེ་བ་ནི། །ཕྲིན་ལས་


DTG027_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིའི་སྣང་བའོ། །སྣ་ཚོགས་པདྨའི་མཚན་མ་དང༌། མུ་ཁྱུད་རྡོ་རྗེའི་ཕྲེང་བས་བསྐོར་བ་ནི་ཆགས་པ་མེད་པའི་ཕྲིན་ལས་ཀུན་དུ་དོན་སྤྱད་ཀྱང་ཉོན་མོངས་པའི་མཚན་མས་མ་གོས་ཤིང་བདེ་བ་ཆེན་པོའི་དབྱིངས་ལས་སྐུ་གསུང་ཐུགས་ཀྱི་ཐེག་པ་སྟོན་པར་མཛད་པའོ། །བུམ་པ་རྒྱན་གྱིས་མཛེས་ཤིང་བདུད་རྩིའི་བཅུད་དང་ལྡན་པས་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་འཆི་བ་མེད་པའི་བདུད་རྩི་ཡེ་ཤེས་རྣམ་པ་ལྔའི་དོན་ལས་ཡོན་ཏན་གྱི་སྣང་བ་མ་འགགས་ཤིང་འདོད་པའི་ལོངས་སྤྱོད་སྣ་ཚོགས་སུ་འཕྲོ་བའོ། །བར་དུ་རེའུ་མིག་འཁོར་ལོའི་ཚུལ་དུ་གནས་པ་ནི་ཕྲིན་ལས་དང་མཆོད་པའི་གནས་སུ་འགྱུར་ཅིང་རང་གི་ཕྱག་རྒྱ་མཛེས་པར་གྱུར་པའོ། །ཕྱི་རོལ་པདྨ་ལ་སོགས་པའི་ཕྲེང་བ་དག་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་ཡོན་ཏན་གྱི་སྣང་བསྟོན་པ་དང༌། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་དང་བཅས་པའི་རྣམ་པ་དང༌། ཡེ་ཤེས་ཀྱི་བྱིན་རླབས་ཀྱིས་མི་མཐུན་པའི་རྣམ་པར་རྟོག་པ་ཐམས་ཅད་སེལ་བར་མཛད་པའོ། །ཕྱི་རོལ་གྱི་དུར་ཁྲོད་ཆེན་པོ་དག་གིས་ནི་ཐམས་ཅད་གསང་སྔགས་ཀྱི་ཐེག་པར་འདུ་ཞིང་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་དུ་ཁམས་གསུམ་གྱི་ཞེན་རྟོག་སྤྱང་བ་དང༌། ཕུང་པོ་ལྔ་དང་འབྱུང་བ་ལྔ་དག་རྣམ་པར་དག་པའི་ངོ་བོར་བསྟན་པའོ། །ཞིང་དང་ཞིང་སྐྱོང་དག་གིས་ཡོན་ཏན་མ་འགགས་པའི་རྟེན་ལ་སངས་རྒྱས་བརྒྱད་ཀྱི་སྣང་བ་སྟོན་པའོ། །མཚོ་དང་ཀླུ་བརྒྱད་ནི་སྲིད་པའི་གནས་ཀྱི་རྟོག་པའི་ཚོགས་དག་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དོན་སྟོན་པའོ། །རྣལ་འབྱོར་ཕོ་མོ་དག་གིས་ནི་དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་པའི་དོན་གྱིས་ཆོས་ཐམས་ཅད་འདུས་པར་བསྟན་པའོ། །སྦྲིན་དང་མཆོད་རྟེན་ལ་སོགས་པའི་རྣམ་པ་དག་གིས་ནི་ཐུགས་རྗེ་ཆེན་པོའི་སྦྲུལ་པའི་འཕྲོ་འདུ་དང་ཡེ་ཤེས་ཀྱི་སྣང་བ་བརྒྱད་བསྟན་པའོ། །བྱ་ཁྱི་དང་མཁའ་འགྲོ་ལ་སོགས་པ་སྣ་ཚོགས་པས་ནི་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང༌། ཡོན་ཏན་གྱི་རྩལ་མ་འགགས་པའི་ཕྲིན་ལས་གྱི་ཚོགས་རྣམ་པར་འཕྲོ་བ་བསྟན་པ་ཡིན་ནོ། །དེ་ལྟར་རྟེན་གྱི་མཚན་ཉིད་རྒྱ་ཆེར་བསྟན་ནས་བརྟེན་པའི་རང་བཞིན་དག་ཤེས་པར་བྱ་བའི་ཕྱིར་དཔལ་རྡོ་རྗེ་སེམས་


DTG027_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔའ་དཀར་དམར་གྱི་མདངས་དང་ལྡན་པས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལ་རྟོག་པའི་མཚན་མས་མ་གོས་ཤིང་ཐུགས་རྗེ་ཆེན་པོས་ཆགས་པའི་ལས་མཛད་པའོ། །རིན་པོ་ཆེའི་ཁ་དོག་སྣ་ལྔའི་འོད་ཟེར་མཛེས་པས་བརྒྱན་པ་ནི་ཡེ་ཤེས་རྣམ་པ་ལྔའི་སྣང་བ་ལས་རིགས་ཀྱི་མཚན་མ་སྣ་ཚོགས་སྟོན་པའོ། །ཞལ་བཞི་དང༌། ཕྱག་བཞིའི་རྣམ་པ་ཅན་དུ་བྱུང་བས་ཕྲིན་ལས་རྣམ་པ་བཞི་དང༌། ཚད་མེད་བདག་གི་སྒོ་ནས་འགྲོ་བ་དབུགས་འབྱིན་པའོ། །སྒེག་པ་ལ་སོགས་པའི་ཚུལ་གྱིས་ཁམས་གསུམ་ལས་རྒྱལ་ཞིང༌། རང་གི་ཆ་ལུགས་བཅོམ་པར་མཛད་པའོ། །ཕྱག་བཞིའི་མཚོན་ཆ་དག་གིས་ཡེ་ཤེས་རྣམ་པ་ལྔའི་ཆེ་བ་ལས་རིགས་ལྔའི་དཀྱིལ་འཁོར་སྣང་བར་མཛད་པ་དང༌། ཐུགས་རྗེ་ཆེན་པོས་རྩེ་གཅིག་ཏུ། སེམས་ཀྱི་ལས་ལ་དགོངས་པ་དང༌། སྐུ་གསུང་ཐུགས་སྣ་ཚོགས་ཀྱི་སྒོ་ནས་ཁམས་གསུམ་ལས་རྒྱལ་ཏེ། གསང་བ་བླ་ན་མེད་པའི་ཚུལ་སྟོན་པ་དང༌། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལས་ཀྱིས་བསྐུལ་བ་དང༌། དེའི་མཚན་ཉིད་གཞན་ལ་སྟོན་པར་མཛད་པའོ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དག་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་གྱིས་མཛེས་ཤིང་བྱང་ཆུབ་སེམས་ཀྱི་མཆོག་ཏུ་གྱུར་པའི་ཐུགས་རྗེ་ཆེན་པོའི་རྣམ་པ་དང་མ་བྲལ་བའི་སྒོ་ནས་སྟོད་གཡོགས་དང་མཛད་པ་སྣ་ཚོགས་ཀྱི་ལས་མངའ་བས་སྨད་གཡོགས་ཀྱིས་བརྒྱན་པའོ། །བསྡུ་བའི་དངོས་པོ་བཞི་དང༌། ཚད་མེད་པ་བཞིའི་ཕྲིན་ལས་དག་ལ་སྤྱོད་པས་དཔུང་པ་རིན་པོ་ཆེས་མཛེས་པའོ། །གཞན་ཡང་རིན་པོ་ཆེའི་སྐེ་རགས་དང༌། མགུར་ཆུ་དང༌། དོ་ཤལ་གྱིས་དགེ་བ་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དོན་སྟོན་པར་བྱེད་པའོ། །ཕྱག་དང་ཞབས་ལ་གདུ་བུས་མཛེས་ཤིང་སེ་མོ་དོ་བཅུས་མཚན་པ་ནི་བདེན་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། དགེ་བ་བཅུ་ཡོངས་སུ་རྫོགས་པའི་རྟགས་སོ། །དབུ་ལ་རིན་པོ་ཆེའི་རྒྱན་དང༌། ཕྲེང་བ་དང༌། ཐོད་པ་དང༌། རིགས་ཀྱི་བདག་པོ་དག་གིས་བརྒྱན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། རིགས་རྣམ་པ་ལྔ་དང༌། རིགས་ཀྱི་


DTG027_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་མས་ལྷག་པར་གྱུར་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང༌། ཡེ་ཤེས་སེམས་དཔའ་དང༌། སངས་རྒྱས་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ་ནི་ཕྱག་རྒྱ་བཞིའི་སྒོ་ནས་དེ་ཉིད་ཀྱི་དོན་བསྟན་པར་མཛད་པ་དང༌། ཕུང་པོ་ལྔ་རྣམ་པར་དག་པའི་རང་བཞིན་དུ་བཞུགས་པའོ། །གཞན་ཡང་འབྱུང་བ་རྣམ་པ་བཞི་རྣམ་པར་དག་པའི་སྒོ་ནས་ཁྱད་པར་གྱི་ཕྲིན་ལས་བཞིས་འགྲོ་བའི་དོན་བྱ་བའི་ཕྱིར་རིགས་ཀྱི་ལྷ་མོ་བཞི་དང༌། སྐྱེ་མཆེད་ལ་སོགས་པ་ཟག་པ་དང་བཅས་པ་རྣམ་པར་དག་པར་མཛད་ཅིང་རིགས་དང་ཡེ་ཤེས་ཀྱི་སྣང་བ་ཡོན་ཏན་གྱི་ཚོགས་རྣམ་པར་འཕྲུལ་པ་ལས་བྱུང་བའི་ཕྲིན་ལས་ཀྱིས་གཞན་གྱི་དོན་མཛད་པའི་ཕྱིར་ཕྲིན་ལས་སྣ་ཚོགས་དང་བཅས་པར་བསྟན་པ་ཡིན་ནོ། །དཀྱིལ་འཁོར་སོ་སོའི་ལྷ་རྣམས་དག་པར་བསྟན་པར་བྱའོ། །

རྗེས་ཀྱི་བྱ་བ།


DTG027_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་རྣམ་པར་དག་པའི་མཚན་ཉིད་བསྟན་ནས་སློབ་དཔོན་གྱི་ལས་སུ་བྱ་བ་ནི་དབང་བསྐུར་བ་དང༌། རབ་ཏུ་གནས་པ་དང༌། ཕྲིན་ལས་རྩོམ་པ་དང༌། སྒྲུབ་པའི་རིམ་པ་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་གཞན་དག་གི་ལས་བྱ་བ་རྣམས་ཀྱང་རྒྱ་ཆེར་བསྟན་པར་བྱའོ། །དེ་ནས་ལྷ་དང་སློབ་དཔོན་ལ་ཅི་འབྱོར་པའི་ཡོན་གྱིས་མཆོད་ཅིང་རྗེས་སུ་ཡི་རང་དབུལ་བར་བྱའོ། །དེས་ནི་སློབ་དཔོན་དུ་དབང་བསྐུར་བའི་ཆོ་ག་བསྟན་པ་ཡིན་ནོ། །

གསང་དབང་།


DTG027_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཉེ་བའི་བསྙེན་པའི་སྐབས་སུ་དབང་རྫོགས་པར་མ་བྱས་པ་དང༌། གང་ཞིག་རྫོགས་པ་དག་གིས་གནས་པར་འདོད་ན་དབེན་པའི་གནས་སུ་དྲིས་ལེགས་པར་བྱུགས་པའི་མཎྚལ་ལ་མེ་ཏོག་ལ་སོགས་པ་བཀྲམ་ཞིང་བདེ་བའི་སྟན་བརྩེགས་པ་ལ་བླ་མ་བཞུགས་ནས། ཤེས་རབ་མ་མཚན་དང་ལྡན་པ་དག་ཕུལ་ཏེ། མཆོད་པ་དང༌། སྟོན་མོ་ལ་སོགས་པའི་ལོངས་སྤྱོད་ཀྱིས་དགྱེས་པར་བྱས་ནས། རས་ཀྱི་ཡོལ་བ་ལ་སོགས་པས་བར་བཅད་པའི་རྒྱབ་ནས་གསོལ་བ་གདབ་པར་བྱའོ། །དཔལ་ལྡན་མགོན་པོ་བདེ་བ་ཆེ། །བདེ་ཆེན་བདེ་བའི་གནས་ལ་བཞུགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་བདེ་སྩོལ་མཛོད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡི། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་


DTG027_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་སོགས་འགྲོ་ཀུན་གྱི། །སྡུག་བསྔལ་ཐམས་ཅད་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་རྟོག་པའི་རབ་རིབ་སེལ། །གང་གིས་བྱང་ཆུབ་བླ་མེད་པ། །དེ་རིང་བདག་གིས་ཐོབ་པར་མཛོད། །ཅེས་གསོལ་བ་དང༌། དེ་ལ་སླར་ཡང་སྨྲས་ནས། བུ་ཁྱོད་ཇི་ལྟར་འདོད་པ་བཞིན། །རྒྱལ་བ་ཀུན་གྱི་བདེ་ཆེན་སྦྱིན། །ཏིང་འཛིན་སྦྱོར་སྔགས་གསལ་བ་ཡིས། །རང་གི་གནས་སུ་ལེགས་པར་བསྟོད། །ཅེས་སོ། །དེ་ནས་ཕྱི་ནང་གི་ཁྲུས་བྱས་ཏེ། དམ་ཚིག་གི་ལྷ་མོ་སྦྱངས་ནས་སྔགས་དང་བཅས་པའི་ཡུངས་ཀར་གྱིས་བགེགས་བསྐྲད་ཅིང་སྦྱོར་བ་དང༌། རྗེས་སུ་སྦྱོར་བས་ཡབ་ཡུམ་གཉིས་ཀྱི་སྐུ་བསྐྱེད་པར་བྱའོ། །ཡང་དབང་བསྐུར་བ་དང༌། བྱིན་གྱིས་བརླབ་པ་དག་རྫོགས་པར་བྱས་ནས་རོལ་པའི་བརྡས་བསྐུལ་ཞིང༌། །སྦྲོ་བ་བསྐྱེད་ཅིང་རིགས་ཀྱི་ང་རྒྱལ་མཉམ་པའི་སྒོ་ནས་གཉིས་སུ་མེད་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སློབ་མའི་ལྕེ་ལ་གཞག་པར་བྱའོ། །ཇི་ལྟར་རྒྱལ་བ་བདེ་གཤེགས་ཀྱིས། །རང་གི་སྲས་སོགས་དབང་བསྐུར་བཞིན། །བྱང་ཆུབ་སེམས་དེ་དག་པའི་ཆུས། །རྣམ་རྟོག་དྲི་མ་དག་པར་བྱ། །ཨོཾ་མ་ཧཱ་བོདྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་པ་དང༌། སློབ་མས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་མིད་དེ། རིགས་ཀྱི་ཆ་ལུགས་གསལ་བར་ཆུའི་ཟླ་བའམ་སྒྱུ་མའི་རྣམ་པ་བཞིན་དུ་གནས་པའོ། །དེས་ནི་གསང་བའི་དབང་བསྐུར་བའོ། །

ཤེས་རབ་ཡེ་ཤེས་ཀྱི་དབང་།


DTG027_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་རྫོགས་པའི་རིམ་པ་ཐོབ་པར་འདོད་པས་རྡོ་རྗེ་བླ་མ་མཆོག་ཏུ་གྱུར་པ་ལ་གསོལ་བ་གདབ་པར་བྱ་སྟེ། མཎྜལ་དང་མཆོད་པའི་ཚོགས་ཀྱིས་རྡོ་རྗེ་བླ་མ་དང༌། ཕྱག་རྒྱ་མོ་མཚན་དང་ལྡན་པ་མཉེས་པར་བྱས་ནས། ཚིག་འདི་བརྗོད་པར་བྱའོ། །ཀྱེ་ཀྱེ་མགོན་པོ་བདེ་བ་ཆེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །ཕྱག་རྒྱ་མི་ཕྱེད་རབ་སྒྲུབ་པ། །མངོན་སུམ་ཉམས་མྱོང་བསྐྱེད་པའི་ཕྱིར། །བདག་ཉིད་ཆེན་པོས་ཇི་ལྟ་བར། །གཙོ་བོས་བདག་ལ་བཀའ་དྲིན་མཛོད། །རྟོག་པའི་དྲི་མས་བསྒྲིབས་པ་རྣམས། །བྱང་སེམས་ཆུ་ཡིས་དག་པར་མཛོད། །ཅེས་པ་དང༌། དེས་ཀྱང་རིགས་དང་མཐུན་པའི་ཡུམ་བྱིན་གྱིས་བརླབས་ལ་སློབ་མའི་


DTG027_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལག་ཏུ་གཏད་དེ། དགའ་བའི་གནས་ཆེན་ལྷ་མོ་འདི། །སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང༌། །ལེགས་པར་ཟུང་ཤིག་བློ་གྲོས་ཅན། །དགའ་བདེའི་མཆོད་པ་རབ་ཏུ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་ཐམས་ཅད་འདི་ལས་འབྱུང༌། །དེ་བས་ཁྱོད་ཀྱིས་འདི་ཉིད་དང༌། །ནམ་ཡང་འབྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་པའོ། །དེ་ནས་ལྷ་མོས་གྲོགས་ལ་དགའ་བའི་བཞིན་གྱིས་བལྟས་ཏེ། འཛུམ་པ་དང་བཅས་པར་བྷ་ག་ཕྱེ་ཞིང་བསྟན་ནས། ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུའི་བཟའ་བཏུང་དང༌། །རཀྟ་ག་པུར་མཱཾ་ས་དང༌། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གར་འོ་བྱེད་མི་རྟོག་གམ། །སྨྲོས་ཤིག་གྲོགས་བོ་བདེ་བ་ཅན། །ཞེས་པ་དང༌། དེས་ཀྱང་སླར་སྨྲས་པ། ལྷ་མོ་ཅི་ཕྱིར་བདག་མི་སྦྲོ། །ཁུ་ཁྲག་ལ་སོགས་ཟ་བ་དང༌། །བུད་མེད་རྣམས་ལ་རྟག་གུས་ཤིང༌། །བྷ་གའི་པདྨའོ་བགྱིས་དོ། །ཞེས་སོ། །ལྷ་མོས་སླར་བརྗོད་པ། རྨད་བྱུང་གསང་བའི་པདྨ་འདི། །ཐམས་ཅད་བདེ་བར་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་སྤྱོད་ན། །དེ་ཉིད་བདེ་ཆེན་འབྲལ་མི་གྱུར། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཐམས་ཅད་རྣམ་པར་གྲོལ། །བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །དངོས་པོ་ཀུན་གྱི་རང་འབྱུང་གནས། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་བཞུགས་རབ་ཏུ་རྒྱས། །བྷ་གའི་མཁའ་དབྱིངས་ནམ་མཁའ་བཞིན། །འབྱུང་བ་བཞི་པོ་རྒྱན་བཞིན་བཀོད། །ལྟེ་བའི་ཟེའུ་འབྲུ་གེ་ས་ར་ཟླུམ། །པདྨ་འདབ་བརྒྱད་རྣམ་པར་མཛེས། །དེ་ཡི་དབུས་སུ་གནས་པ་ནི། །དེ་ཉིད་བདུད་རྩི་ཆེན་པོའི་གཟུགས། །བྷཉྫ་མོཀྵ་ཧོཿ། ཞེས་བརྗོད་དོ། །དེ་ནས་གནས་དབེན་པར་རྒྱན་བཟང་པོ་བྲིས་ཤིང༌། དྲི་ཞིམ་པོའི་ཆུས་གཏོར་ལ་སྟན་བདེ་བ་ལ་གནས་ཏེ། ཁང་པའམ་ཡོལ་བ་ལ་སོགས་པ་གང་ཡང་རུང་བས་བསྒྲིབས་ལ། ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་ཏིང་ངེ་འཛིན་དང༌། རྗེས་སུ་སྦྱོར་བའི་ཏིང་ངེ་འཛིན་དང༌། སྦྱོར་བ་ཆེན་པོའི་ཏིང་ངེ་འཛིན་དག་རིམ་པ་བཞིན་


DTG027_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་བསྒོམ་པར་བྱའོ། །དེ་ནས་འདོད་པའི་གཙུག་ལག་དང་མཐུན་པར་བདེ་བའི་ཡེ་ཤེས་བསྐྱེད་ཅིང་ཤིས་པ་དང༌། མི་ཤིས་པའི་མཚན་མ་དག་ཡི་གེ་ལྔ་བཅུའི་གནས་གང་ལ་བབ་པའི་སྒོ་ནས་བརྟགས་ཏེ། མ་ནིང་གི་ཡི་གེ་དག་ལ་བབ་ན་ནི་སླར་བསྐྱར་བར་བྱའོ། །དེ་ལྟར་བདེ་བ་ཆེན་པོའི་དོན་བྱང་ཆུབ་ཀྱི་སེམས་ཕབ་ནས་ཚིགས་སུ་བཅད་པ་འདིས་བཏུང་བར་བྱའོ། །ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང༌། །རྡུལ་བྲལ་ཐར་པ་ཞི་བའི་མཆོག །རང་གི་རང་བཞིན་དེ་ཉིད་དོ། །ཞེས་སོ། །དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་ལ་ཡོན་ཕུལ་ཏེ། ཐབས་དང་ཤེས་རབ་དང༌། དགའ་བ་དང་བཅས་བསྐོར་བ་བྱས་ཏེ། གཏོང་རག་གཏང་ངོ༌། །

དབང་བཞི་པ།


DTG027_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་དབང་བཞི་པ་དག་བླ་མའི་གདམས་ངག་ལས་བྱུང་བ་བཞིན་དུ་ཕྱག་རྒྱ་རྣམ་གསུམ་གང་ཡང་རུང་བ་ལ་བརྟེན་ཏེ། རང་གི་ཉམས་སུ་མྱོང་བས་མེ་ལོང་གི་དཀྱིལ་འཁོར་བཞིན་དུ་གནས་པ་ལ་ཡུན་རིང་དུ་གསལ་བར་བརྟག་གོ །དེས་ནི་ཟག་པ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་སྐུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར། རྣལ་འབྱོར་བདེ་བ་ཐམས་ཅད་ཀྱི། །དབང་བསྐུར་བདེ་ཆེན་ལས་བྱུང་བ། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱིས། །རབ་ཏུ་མོས་པར་དབང་བསྐུར་འགྱུར། །

ཁྱད་པར་གྱི་དམ་ཚིག་བསྒྲག་པ།


DTG027_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཁྱད་པར་གྱི་དམ་ཚིག་བསྒྲག་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །འདོད་ལ་ལོག་པར་གཡེམ་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །རྡོ་རྗེ་བླ་མ་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་གཏང་མི་བྱ། །དྲན་པ་གསལ་བས་གཟུང་བྱས་ནས། །ལྷག་པའི་ལྷ་བཞིན་རིན་ཆེན་ཏོག །ཅེས་བརྗོད་པར་བྱའོ། །

དཀྱིལ་འཁོར་གྱི་མཇུག་བསྡུ་བ།


DTG027_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པ་དང༌། ཚོགས་ཀྱི་རིམ་པ་དང༌། ཡོན་གྱི་ཚོགས་དབུལ་ཞིང་བསྐོར་བ་བྱས་ཏེ། གླུ་གར་དང༌། བཀྲ་ཤིས་ལ་སོགས་པ་བརྗོད་ནས་མགྲོན་གྱི་ཚོགས་རྣམས་ལ་གཏོར་མ་སྦྱིན་ཞིང་དཀྱིལ་འཁོར་བསྡུ་བར་བྱའོ། །དེ་དག་གིས་ནི་གནས་སྐབས་ཀྱི་བྱེ་བྲག་མང་བར་འཇུག་པའི་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྟན་པ་ཡིན་པས་གང་ཟག་གི་བྱེ་བྲག་གིས་སོ་སོའི་གནས་སྐབས་ཤེས་པར་བྱ་


DTG027_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། །ཕྱི་མཚམས་དང༌། བར་མཚམས་དང༌། ནང་གི་མཚས་སུ་ཆོ་ག་མ་ནོར་བའི་སྒོ་ནས་དབང་བསྐུར་བ་དང་སྒྲུབ་པ་བསྡེབས་པ་ནི་ལམ་གྱི་མན་ངག་གོ །དེ་དག་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སྒོ་ནས་བསྙེན་པའི་ཆོ་གའོ། །

ཉེ་བའི་བསྙེན་པ་བརྩམ་པ་སོགས་བསྟན་པ།


DTG027_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཉེ་བའི་བསྙེན་པ་བརྩམ་པ་ལས་དང་པོ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞི་བའི་ལས་ལ་འཇུག་པའི་ཕྱིར། དཀྱིལ་འཁོར་དང་ཆགས་གོས་ལྔ་དག་བསྒྱུར་ཞིང་ཞི་བའི་མཆོད་པ་དང༌། རྫས་དག་བསགས་ནས། །གཞིའི་ཏིང་ངེ་འཛིན་དང༌། རྟེན་གྱི་ཏིང་ངེ་འཛིན་དང༌། བརྟེན་པའི་ཏིང་ངེ་འཛིན་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དམིགས་པ་དང༌། མདུན་གྱི་དཀྱིལ་འཁོར་ལ་དམིགས་པ་དང༌། གཉིས་སུ་མེད་པའི་དཀྱིལ་འཁོར་ལ་དམིགས་པའི་བྱ་བས་མཉེས་པར་བྱས་ནས་ལྷ་སོ་སོའི་བཟླས་བརྗོད་ཀྱིས་ཞི་བའི་ལས་ལ་སྦྱར་ཞིང༌། མཆོད་པ་དང༌། བསྟོད་པ་དང༌། བསྐུལ་བ་དང༌། ཚོགས་ཀྱི་ཆོ་ག་དང༌། སྦྱིན་སྲེག་དང༌། ལྷག་མའི་ལས་དང༌། དཀྱིལ་འཁོར་བསྡུ་བ་རྣམས་རིམ་པ་བཞིན་བྱའོ། །དེ་ལྟར་དབང་དང༌། རྒྱས་པ་དང༌། ལས་སྣ་ཚོགས་པ་དག་ལ་ཡང་སོ་སོའི་རྫས་དང༌། ཆས་གོས་ལྔ་དག་བསྒྱུར་ཞིང་དཀྱིལ་འཁོར་བསྒོམ་པ་དང༌། ཆོ་གའི་གཞུང་བསྲང་བ་དང༌། བཟླས་བརྗོད་ཀྱིས་སོ་སོའི་ལས་ལ་སྦྱོར་བ་དང༌། མཆོད་བསྟོད་དང༌། བསྐུལ་བ་ལ་སོགས་པའི་ལས་རྣམས་རྫོགས་པར་བྱས་ནས། དཀྱིལ་འཁོར་བསྡུ་བ་རྣམས་རིམ་པ་བཞིན་དུ་རྫོགས་པར་བྱའོ། །དེ་ལྟར་སོ་སོའི་སྐབས་སུ་རྫས་ལ་བརྟེན་པའི་ལས་དག་བསྒྲུབ་ཅིང༌། ཅི་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སྒྲུབ་པ་པོ་དོན་ལ་སྦྱོར་བའི་ཕྱིར་སྔ་མ་ལས་ཞལ་བསྒྱུར་ཏེ། ཆས་གོས་ལྔ་དང༌། དཀྱིལ་འཁོར་དང༌། མཆོད་རྫས་དང༌། རྒྱན་ཆ་དང༌། ཆ་ལུགས་ཀྱི་བྱེ་བྲག་དག་ཁྲོ་བོའི་རྣམ་པ་དང་མཐུན་པར་དུར་ཁྱོད་ཀྱི་ཆས་བརྒྱད་ཀྱིས་མཚོན་ཅིང་གནས་ཏེ། རྡོ་རྗེ་རྒྱལ་པོ་དང༌། རྒྱལ་ཐེབ་དང༌། ལས་ཀྱི་རྡོ་རྗེས་རང་གི་ལས་ལ་འཇུག་པར་བྱའོ། །དེ་ནས་མེ་མར་དང༌། བྷནྡྷ་དང༌། རྫས་དང༌། དངོས་གྲུབ་ཀྱི་ཕྱག་རྒྱ་དག་དགྲམ་ཞིང་བྱིན་བསྐྱེད་པར་བྱའོ། །དེ་ནས་དཔལ་ཧེ་རུ་


DTG027_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀའི་དཀྱིལ་འཁོར་བསྐྱེད་པ་དང༌། ཡོངས་སུ་རྫོགས་པར་བྱ་བ་དང༌། སྤྱན་དྲང་བ་ལ་སོགས་པའི་ཚོགས་ནྨྱེས་པར་བྱ་བ་དང༌། བཟླས་བརྗོད་ཀྱི་རྣམ་པ་གསལ་བར་བྱས་ནས་དབྱངས་དྲུག་གིས་བསྐུལ་བ་དང༌། མཆོད་ཅིང་བསྟོད་པ་དང༌། བསྐུལ་བ་དང༌། ཚོགས་ཀྱི་ཆོ་ག་དང༌། སྦྱིན་སྲེག་དང༌། ལྷག་པའི་ལས་རྣམས་རྫོགས་པར་བྱས་ནས། དེ་ལྟར་དཀྱིལ་འཁོར་དྲུག་གི་བཟླས་བརྗོད་ཀྱི་རིམ་བ་ནི་ཞག་གཅིག་ལ་ཉིན་མཚན་དུས་དྲུག་ཏུ་བཅད་དེ། ཐུན་མོང་དང་ཁྱད་པར་གྱི་བཟླས་པ་དག་རབ་འབྲིང་བསྡུས་རྒྱས་ཀྱིས་བརྩམ་ཞིང་ཐོག་མའི་དུས་སུ་ནི་བསྒོམ་པ་དང༌། བཟླས་པའི་ཡན་ལག་རྫོགས་པར་བྱས་ནས་ཐུན་ཐ་མ་གཉིས་ལ་ནི་ཀུན་དུ་བཟང་པོའི་མཆོད་པ་ནས་བརྩམས་ཏེ་མཐར་རྫོགས་པར་བྱའོ། །དེ་ཡང་བསྙེན་པ་དང་སྒྲུབ་པའི་དུས་སུ་བཟླས་པའི་གྲངས་མཉམ་པར་ཇི་སྲིད་མཚན་མའི་རྟགས་མ་གསལ་གྱི་བར་དུ་བརྩམ་ཞིང༌། ཉེ་བའི་བསྙེན་པ་དག་ལ་ནི་ཇི་ལྟར་འཚམ་པར་ཐུན་མོང་གི་བསྙེན་པ་ལས་བཞིའི་སྒོ་ནས་བསྐུལ་བ་དང༌། ཁྱད་པར་དུ་ལྷ་སོ་སོའི་སྔགས་བརྗོད་པར་བྱའོ། །སྒྲུབ་པའི་དུས་སུ་ཡང་བཟླས་པ་གཉིས་རྫོགས་པར་གྱུར་ནས། ལས་བཞིའི་བསྐུལ་བས་མཐར་དབྱུང་ངོ༌། །དེ་ནས་མཚན་གཅིག་གི་ཆོ་གས་སྒྲུབ་པ་ཆེན་པོ་བརྩམ་པར་བྱ་སྟེ། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དྲན་པར་བྱས་ནས། །དེ་ནས་གཉིས་སུ་མེད་པའི་ཚུལ་དུ་སྦྱོར་བའི་བྱང་ཆུབ་ཀྱི་སེམས་བསྡུས་ཏེ། དབང་པོ་ལྔ་ལ་ཐིག་ལེ་བྱའོ། །དེ་དག་ནི་ཐམས་ཅད་དག་པའི་སྦྱོར་བས་བདག་ཉིད་ལུས་ལ་དཀྱིལ་འཁོར་རྫོགས་པར་བསྒོམ་པའོ། །དེ་ནས་དཀྱིལ་འཁོར་དྲུག་གི་སྦྱོར་བས་རིམ་པ་བཞིན་ཡི་གེ་གཅིག་པའི་སྔགས་བརྗོད་ཅིང༌། ལས་ཐམས་ཅད་དངོས་གྲུབ་དུ་བྱ་བ་དང༌། དངོས་གྲུབ་ཐམས་ཅད་དབང་དུ་བྱ་བའི་ཕྱིར། ཕྱག་རྒྱ་རིམ་པ་བཞིན་དུ་བཅིངས་ཏེ། རྣམ་ཤེས་ཀྱི་ཕྱག་རྒྱ་ཤེས་པ་ལ་སོགས་པས་བརྟགས་ནས། སོ་སོའི་མཚན་མ་དག་སོ་སོའི་ཕྱག་རྒྱ་དང་སྦྱོར་བས་དབབ་ཅིང་དབྱངས་དྲུག་བྲོ་གར་དང་བཅས་པས་དངོས་གྲུབ་ཀྱི་སྩོལ་བྱང་བྱ་སྟེ། མཆོད་ཅིང་བསྟོད་ནས་མཚན་ལྟས་བྱུང་བའི་


DTG027_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུས་སུ་དངོས་གྲུབ་གང་ཡིན་པའི་སྒོ་ནས་བླངས་ཏེ། དབང་བསྐུར་བར་བྱའོ། །དེའི་དུས་སུ་ཕན་གནོད་བྱེད་པའི་མཚན་མངོན་ཤེས་པར་བྱས་ནས་རེ་དོགས་མེད་པའི་སེམས་ཀྱིས་དངོས་གྲུབ་བླང་བ་དང༌། བགེགས་བཟློག་པའི་ཆོ་ག་དག་བརྩམ་པར་བྱའོ། །གལ་ཏེ་མ་གྲུབ་བམ་མི་གསལ་ན་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་པོ་དང༌། མནན་པ་དང༌། བཟླས་པའི་ཆོ་གས་བསྒྲུབ་པར་བྱ་བའམ། སྦྱིན་སྲེག་གིས་ཤིས་པར་བྱའོ། །སྐབས་སྐབས་སུ་མཚམས་ཀྱི་ཆོ་ག་དང༌། དྲི་ཆབ་ལ་སོགས་པ་བྱིན་གྱིས་བརླབས་པ་དང༌། མཁའ་འགྲོ་མ་བསྐྱང་བ་དང༌། སྦྱིན་སྲེག་དང༌། བསྐང་བཤགས་རྣམས་ནི་ལས་ཀྱི་རྡོ་རྗེས་བྱའོ། །དེ་ནས་སྒྲུབ་པ་ཆེན་པོ་མཐར་ཕྱིན་ནས་དཀྱིལ་འཁོར་གྱི་མཐའ་མ་བསྐོར་ཞིང་འདི་དང་ཕྱི་མར་མི་འྦྲླས་བའི་སྨོན་ལམ་གདབ་བོ། །ཡང་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལ་སོགས་པས་ལྷག་ཆད་བསྐང་ཞིང་བཤགས་བྱང་བྱས་ནས་བཀྲ་ཤིས་བརྗོད་ཅིང་དངོས་གྲུབ་ཀྱི་ལྷག་མ་བླངས་ཏེ་རྣལ་འབྱོར་པས་ལོངས་སྤྱོད་དོ། །སླར་ཡང་མཆོད་པའི་ཚོགས་རྣམས་ལྷ་དང༌། བླ་མ་ལ་ཕུལ་ཏེ་བསྟོད་པ་བྱས་ནས། །བྲོ་གར་དང་རྡོ་རྗེའི་གླུས་དགྱེས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཏོན་ནས་མདུན་དུ་བཞག་སྟེ། མཆོད་ཅིང་བསྟོད་ནས། བཀྲ་ཤིས་བརྗོད་ཅིང་གཤེགས་སུ་གསོལ་ཞིང༌། དམ་ཚིག་གི་དཀྱིལ་འཁོར་རིམ་པ་བཞིན་བསྡུས་ནས་གཟུགས་བརྙན་གྱི་རྫས་རྣམས་དང༌། ཚོན་རྩི་དག་བསྩུས་ཏེ་གསང་བའི་གནས་སུ་དངོས་གྲུབ་ཀྱི་རྫས་སུ་གཞག་གོ །ཡང་ན་ཆུ་བོ་ཆེན་པོར་རོལ་མོ་དང་བཅས་པས་གཤེགས་སོ། །དེའི་རྗེས་ལ་རྫས་དང་མཎྚལ་ལེགས་པར་དག་པའི་ཆོ་གས་བྱ་བ་གཞན་གྱིས་མ་མཐོང་བར་བྱའོ། །ཡང་ཁྲོ་བོ་བཅུ་ལས་མཆོད་ཅིང་བསྟོད་དེ། ཕུར་བ་བསྡུས་ལ་ཅོད་པན་བཀྲོལ་ཞིང་ཁྲུས་བྱས་ནས་བརྡ་དང་མཚམས་དགྲོལ་པར་བྱའོ། །དེ་ནས་གཏོར་མ་རྒྱ་ཆེན་པོ་བཤམས་ཏེ། མགྲོན་ཚོགས་རྣམས་བསྡུས་ལ་བསྔོས་ནས་མཉེས་པས་ལས་ལ་གཞག་གོ །ཡང་ཁྱད་པར་གྱི་སྲུང་མ་དག་ལ་བསྔོས་ཏེ། རྟེན་ལ་གཞག་པའི་རྒྱལ་པོ་བཞི་དང༌། ཕུར་བུས་བཏབ་པའི་ཕྱོགས་སྐྱོང་རྣམས་མཉེས་ནས་


DTG027_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་གི་གནས་སུ་གཤེགས་སུ་གསོལ་ལོ། །དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་བཀྲ་ཤིས་བརྗོད་ཅིང་བཀྲ་ཤིས་འདོན་པ་དང༌། ཆོས་སྦྱིན་བརྗོད་པ་དང༌། འགྲོ་བའི་དོན་དུ་སྨོན་ལམ་གདབ་པ་དང༌། སྤྱོད་ལམ་གྱི་རྣལ་འབྱོར་མ་ཉམས་པར་བྱའོ། །དང་པོའི་རྣལ་འབྱོར་སྔ་མའི་རིམ་བཞིན་བཀའ། །ལེགས་བསྟན་རྗེས་མཐུན་དམ་པས་གསལ་བྱས་གང༌། །དེ་དོན་སྒྲུབ་རིམ་སྔ་མའི་གཞུང་ཉིད་བཞིན། །ཁྱད་པར་ལྷག་པ་ཅུང་ཞིག་བརྗོད་པ་མེད། །འོན་ཀྱང་གོ་རིམས་མི་གསལ་ལེགས་བསྡེབས་པས། །དང་པོ་གང་དུ་བདག་པས་དམན་སོགས་རྣམས། །ཚེགས་མེད་སླ་བས་ལས་ཆེན་བསྒྲུབ་པའི་ཕྱིར། །སྒྲུབ་པའི་རིམ་པ་གུས་པས་བླང་བར་མཛོད། །ཚེ་འདིས་ཕྱག་རྒྱ་ཆེན་པོའི་ལམ་བསྒྲུབ་ཕྱིར། །དེ་ཡི་ཆོ་ག་དྲི་མེད་ལེགས་བཤད་པ། །དགའ་མཛེས་པད་དཀར་ཡིད་འོང་ཚོགས་རྒྱས་ལ། །དེ་འདོད་བསྟན་པའི་དོན་ཐོབ་ཚིམ་བཞིན་ཤོག །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་དང་དབང་བསྐུར་བའི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཧཱུཾ་མཛད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིཪྻ་ཀ་ར་སིདྷ་དང༌། བོད་ཀྱི་ལོ་ཙཱ་བ་ལྷ་རིན་པོ་ཆེས་བསྒྱུར་ཞིང་གཏན་ལ་ཕབ་པའོ། །

དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་ཞེས་བྱ་བ།
བཛྲ་ཧཱུཾ་ཀ་ར།


DTG027_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། སཾ་སིདྡྷི་མཧཱ་ཤྲཱི་ཧེ་རུ་ཀ་ནོ་པི་ཀ་ནཱ་མ། བོད་སྐད་དུ། །དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་ཞེས་བྱ་བ། བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་ལ་ཕྱག་འཚལ་ལོ། །ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་དེའི། །ཤེས་རབ་ཀྱི་ནི་བློ་ཕྱེ་ནས། །ངེས་པར་རྟོགས་པའི་ས་གཞི་ལས། །བླ་མས་ངེས་པའི་ལུང་འདི་བསྟན། །སྣུམ་པ་ཡི་ནི་དམ་ཚིག་དང༌། །གཙང་དང་འཇིགས་པའི་བརྟུལ་ཞུགས་ཅན། །དེ་དག་གོམས་ནས་ཉམས་སུ་བླང༌། །བློ་ཞན་ཤེས་རབ་ཆུང་བས་ནི། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །ཕུང་བྱེད་གཉིས་ཀ་བསྲེགས་པས་ན། །དེ་བས་གཞན་དུ་


DTG027_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་པ་མིན། །ཕུན་སུམ་ཚོགས་པ་བཞི་ལྡན་ནས། །རྫས་དང་ས་གཞི་བརྟག་པ་ནི། ཅིར་ཡང་འགྱུར་བའི་ཡིག་འབྲུ་བསམ། །འོད་ཟེར་ཚུལ་དུ་འཕྲོས་ནས་ཀྱང༌། །མ་ལུས་ཁྱབ་པས་མཉེས་བྱས་ཏེ། །རེ་དང་དམ་པའི་ཚུལ་ཞེས་དགོངས། །འོད་ཟེར་དེ་དག་བསྡུས་ནས་ཀྱང། །དུར་ཁྲོད་ས་རུ་བརྟག་པར་བྱ། །འབྱུང་པོའི་གཏོར་མ་བཏང་ནས་ཀྱང༌། །གསང་བའི་དོན་གྱི་ལས་རྣམས་བྱ། །དཀྱིལ་འཁོར་ནུབ་ཕྱོགས་དེ་བཞིན་གཞི། །ཁམ་ཕོར་རི་མོ་བྲིས་པ་དགུ། །སྣང་བའི་འོད་དང་བཅས་པར་དགྲམ། །རྫས་ཀྱིས་མཛེས་པར་འཁོར་བར་བཞག །མིག་གི་རྟེན་ཡང་མངོན་པར་བྱ། །དེ་ནས་དུར་ཁྲོད་བདག་པོ་དག །ཕྱག་རྒྱ་ཆེ་དང་ལྡན་པ་ཡིས། །ཅི་རིགས་སུ་ནི་ལས་རྣམས་བྱ། །མི་དམིགས་ཆོས་ལ་བློ་བརྟགས་ཤིང༌། །ཡེ་ཤེས་ཅན་གྱི་བྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་བརླབས་ནས། །རྟོགས་པའི་བློ་ཅན་དེ་དག་གིས། །སྲོག་ལུས་མན་ཆད་རྫས་ཀྱི་རྣམས། །བླ་མ་མཉེས་པར་བྱ་ཕྱིར་དབུལ། །དངོས་གྲུབ་འདོད་པས་གསོལ་བ་གདབ། །སློབ་དཔོན་ཇི་བཞིན་སྟན་བདེར་གནས། །རྡོ་རྗེའི་ཚུལ་དུ་དབང་ཅན་སྦྱིན། །གཡོག་ཕྱོགས་གནས་ལ་ཚུལ་བཞིན་དུ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །གར་མཁན་ཚུལ་འདྲ་སྒྱུ་མའི་རྒྱ། །དེ་ལ་འཇའ་ཚོན་བཞིན་དུ་གསལ། །འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར། །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །ཐིམ་པས་རྒྱལ་མོར་བྱིན་གྱིས་བརླབས། །ཡེ་ཤེས་དམ་ཚིག་ཆེན་པོ་ཡིས། །བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། །པདྨོ་རིན་ཆེན་ལྡན་བྱས་ནས། དབྱིངས་ཀྱི་བདེ་ཆེན་འབྱུང་བྱ་སྟེ། །རང་རིག་ཡེ་ཤེས་དེ་ལ་འོད། །ཇི་བཞིན་མཁའ་ལ་གསལ་བ་དག །དྲི་མེད་ཉི་མའི་འོད་པས་འཚེར། །བྱང་ཆུབ་སེམས་དེ་ཀུན་དུ་དག །ཁམས་གསུམ་རབ་ཏུ་འདས་ནས་ཀྱང༌། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །འདོད་པར་བྱ་བ་རབ་ཏུ་མཉེས། །འོད་འདུས་ཐོག་མའི་གཟུགས་ལ་བཟུང༌། །དེ་དག་དངོས་གྲུབ་ཆེན་པོ་བས། །ཇི་ལྟར་འདོད་པར་ནན་ཏན་བྱ། །དབང་ཐོབ་མཛེས་པ་དེ་དག་གིས། །དུལ་བའི་སེམས་སུ་


DTG027_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞག་ནས་ཀྱང༌། །དམ་ཚིག་ཆེན་པོས་བདེ་བར་གནས། །བསྙེན་པར་གནང་བའི་དབང་ཐོབ་ནས། །སྒོམ་དབྱངས་ཡི་གེ་འབྲུ་བརྒྱད་བསྟན། །སྟོན་པས་བསྟན་པའི་ལུང་བཞིན་དུ། །སྒོམ་རྒྱུད་གསལ་བར་ཅི་ནུས་བྱ། །ལྷག་པའི་རྟག་སྐྱིས་ཀུན་མཚོན་ནས། །གྲུབ་རྫས་དེ་དག་བྱིན་གྱིས་བརླབ། །དམིགས་མེད་རྟོགས་པའི་གདེང་ཅན་གྱིས། །སྐུ་མཆོག་འབར་བའི་ཚུལ་དུ་བསམ། །ཁམས་གསུམ་ཁྲག་ཏུ་དམིགས་ནས་ནི། །དུར་ཁྲོད་ཀུན་དུ་ཁྱབ་པར་བསམ། །དངོས་ནི་ཨ་རུ་བྱིན་བརླབས་ནས། །རིན་ཆེན་གསལ་བར་ཤར་བ་དང༌། །བྱང་ཆུབ་སེམས་ནི་འོད་ཟེར་སྤྲོ། །མོས་པའི་ཐུགས་ལ་མཉེས་བསམས་ནས། །འོད་འདུས་ཐོག་མའི་གཟུགས་ལ་གཟུང༌། །ཕྱག་མཚན་སྙིང་པོ་ཕོ་མོ་དག །བསྟན་པར་རེད་ནས་མཁའ་ལ་གཞག །བསྐུལ་བའི་རང་བཞིན་ཀུན་འདུས་པས། །དེས་ཀྱང་སྤྲོ་བའི་ལས་རྣམས་བྱེད། །དངོས་ཀྱང་མཆོད་པའི་རྫས་སུ་བསྔོ། །སངས་རྒྱས་ཚེ་འདིས་བསྒྲུབ་པའི་ཕྱིར། །སྐུ་གསུམ་ས་ལ་གོམས་པར་བྱ། །དང་པོར་ཆོས་ཀྱི་དབྱིངས་ཉིད་ལ། །དམིགས་པ་མེད་པའི་དོན་གྱིས་བསྒོམ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དུ་ཡང་ཁྱབ་པར་བྱ། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །དཀྱིལ་འཁོར་ལྔ་ལ་སོགས་པའི་འཁོར། །ཞི་བའི་མཆོད་པས་མཉེས་པ་དག །བསྙེན་པའི་དོན་དུ་དེ་དག་བྱུང༌། །སྒྲུབ་པས་བསྟན་པའི་ལུང་བཞིན་དུ། །སྐུ་མདོག་སོ་སོའི་ཕྱག་མཚན་དང༌། །རྒྱན་དང་ཆ་ལུགས་གསལ་བ་དང༌། །བསྐྱེད་རྫོགས་གྲུབ་པའི་ལྷ་དག་བསྒོམ། །དངོས་གྲུབ་དམ་པ་བླང་བའི་ཕྱིར། །སྔ་མ་ལས་ནི་གནས་བསྒྱུར་ཏེ། །བསྐལ་བའི་མེད་དཔུང་འཁྲིག་པ་བཞིན། །འབར་བའི་ཚོགས་ནི་རྣམ་པར་བསམ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །བཞུགས་དང་རྟེན་དང་མི་གཡོ་བ། །དམ་ཚིག་ཟིལ་གནོན་ཕྱག་བྱེད་དང༌། །མཆོད་དང་བསྟོད་དང་བཟཱ་བ་དང༌། །ཚུལ་རིགས་གོམས་པའི་བློ་དག་གིས། །ཅི་རིགས་སུ་ནི་བརྟན་པར་བྱ། །དམ་ཚིག་མཆོག་གི་མཆོད་པ་དང༌། །བསྐུལ་ཚིག་དབྱངས་ཀྱིས་དེ་དག་མཉེས། །འཁོར་བཅས་མཆོད་


DTG027_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རྫོགས་ནས་ནི། །བསྙེན་པའི་ལུང་བཞིན་བརྩོན་པར་འབད། །ཞག་གྲངས་དུས་ནི་བརྟགས་པའོ། །མཚན་མ་བརྟན་པོ་བྱུང་བ་ན། །སྒྲུབ་པ་ཆེན་པོ་བརྩམ་པར་བྱ། །བར་ཆད་བྱེད་པའི་བགེགས་ཆེན་ཡང༌། །འཇིགས་པ་མེད་པའི་སེམས་ཀྱིས་བཟློག །དངོས་གྲུབ་སྦྱིན་པའི་གཟུགས་ཅན་ཡང༌། །རེ་དང་དོགས་པ་ལ་སོགས་པ། །ངན་པའི་དོན་གྱི་སེམས་མི་འབྱུང༌། །ཕན་གནོད་བྱེད་པ་རྣམ་གཉིས་པོ། །གཟུགས་དང་སྒྲ་དང་དྲི་དག་ནི། རྣམ་པ་གསུམ་པོ་བྱུང་བ་ནི། དོགས་དང་ཆགས་པའི་སེམས་སྤངས་ཏེ། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །ཉམས་ཀྱི་ཕྱག་རྒྱས་རང་དོན་སྤྱད། །གལ་ཏེ་འབྱུང་པོ་མནན་པར་བྱ། །ཀུན་ཀྱང་སེམས་ཅན་དོན་དུ་བསྔོ། །སྒྲུབ་པ་ཆེན་པོ་ཡང་དག་གྲུབ་པ་ཞེས་བྱ་བ། གྲུབ་པའི་སློབ་དཔོན་ཆེན་པོ་བཛྲ་ཧཱུཾ་ཀ་རའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།བོད་ཀྱི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལུང་གིས་དཔལ་ན་ལེནྡྲའི་གཙུག་ལག་ཀྱང་དུ། རྒྱ་གར་གྱི་མཁན་པོ་ཧཱུཾ་ཀ་ར་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་གནུབས་ནམ་མཁའི་སྙིང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་པའོ། །

རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་སངས་རྒྱས་ཐམས་ཅན་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་མ་ཞེས་བྱ་བ།
རིན་ཆེན་རྡོ་རྗེ།


DTG027_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་ག་ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་ར་མ་ཧཱ་ཏནྟྲ་ཏཱ་ཛ་ནཱ་མ་མཎྜལ་ནོ་པི་ཀ་སརྦ་སཏྭ་སུ་ཁོ་ཏ་ཡ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་མ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མ་ལུས་བདུད་རྣམས་སྤྲོ་ཞིང་བསྡུ་བ་མཛད་ནས་རྒྱལ་གྱུར་ཅིང༌། །བདེ་གཤེགས་རྣམས་ཀྱི་ཐུགས་ཁྲལ་བསྐྱུངས་ནས་བདེ་མཛད་རྒྱལ་གྱུར་ཏེ། །རྡོ་རྗེའི་སྦྱོར་བ་རང་གི་ཡན་ལག་དགའ་མཛད་རྒྱལ་གྱུར་ནས། །ཁྲག་གི་བཏུང་བས་མྱོས་ཤིང་བཙུན་མོ་ལ་སྤྱོད་རྒྱལ་བར་གྱུར། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཟབ་ཅིང་རྒྱ་ཆེ་ཡོན་ཏན་ཅན། །མྱུར་དུ་བྱང་ཆུབ་རབ་སྒྲུབ་པ། །ཀུན་དུ་ནུབ་པོ་ཉིད་མཐོང་ནས། །དཀྱིལ་འཁོར་ཆོ་གའི་རིམ་འདི་ནི། །


DTG027_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཅན་ཐམས་ཅད་སྔོན་འགྲོ་བའི། །བདེ་བ་སྐྱེད་མ་ཞེས་བྱ་བ། །ཁ་ཅིག་རྗེས་སུ་བཟུང་ཕྱིར་ཡིན། །དེ་ཉིད་ཀྱིས་ནི་རྗེས་བཟུང་སྟེ། །གང་ཕྱིར་དེ་ཡིས་རྗེས་བཟུང་བས། །མ་ལུས་སྡིག་པ་ཟད་པས་ན། །འདི་ནི་བདག་གི་གུས་པར་བྱས། །གང་ཕྱིར་དེ་ཡི་གཟུགས་སྐུ་ནི། །བྲིས་པའི་ཐང་ཀ་ལ་སོགས་ཏེ། །དེ་ཡི་ཡོན་ཏན་དྲན་སྒོ་ནས། །དེ་གཟུགས་ཁ་དོག་ཅན་དུ་འགྱུར། །དེ་རིགས་སོམ་ཉི་མེད་པ་དང༌། མཆོག་ཏུ་ཡིད་དགའ་སྐྱེད་པ་དེ། །རིགས་མེད་ཡོན་ཏན་མེད་གྱུར་ཅིང༌། །ཁ་ཅིག་རྣམ་པར་འཁྲུལ་པར་འགྱུར། །དེས་ན་རབ་རྒྱས་གྱུར་པ་ནི། །གང་ཞིག་འདི་ནི་དགོས་མིན་ཏེ། །དེ་ལྟ་ན་ཡང་བརྒྱ་ལམ་ན། །ཁ་ཅིག་ལ་ནི་དགོས་པར་འགྱུར། །བརྩེ་མེད་ཁྲོ་ལ་གདུག་པ་དང༌། །ལེ་ལོ་ཆགས་སྡང་ལྡན་པ་ཡི། །དེ་སོགས་སྐྱོན་ནི་རྣམ་སྤངས་ཏེ། །མཆན་ཉིད་ཀུན་དང་ལྡན་པ་ཡི། །སློབ་དཔོན་སངས་རྒྱས་ལས་དངོས་པའི། །མཁས་པ་ཡིས་ནི་བྱ་བ་ཡིན། །ཞི་དང་རྒྱས་དང་རབ་གནས་སོགས། །འདོད་དང་དོན་བྱེད་ནུས་རྣམས་ཀྱི། །སློབ་མས་དཀྱིལ་འཁོར་བྲིས་པ་ལ། །ལན་གཉིས་ལན་གསུམ་པར་གསོལ་གདབ། །སྔོན་དུ་བསྙེན་པས་བགེགས་གཞོམ་དང༌། །ཚོགས་ནི་བསྐྱེད་པར་བྱ་བའི་ཕྱིར། །འཁོར་ལོའི་གཙོ་བོའི་སྔགས་འབུམ་བཟླས། །ཡང་ན་ལྷག་པའི་ལྷ་རུ་མཚོན། །གཞན་གྱི་ཡང་ནི་ཁྲི་ཡིན་ཏེ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །གཟའ་དང་སྐར་སོགས་བཟང་པོ་ལ། །མཁས་པ་ཡིས་ནི་བརྩམ་བྱས་ཏེ། །ཟླ་བ་དྲུག་དང་གཟའ་བཞི་དང༌། །སྐར་མ་རྣམས་ནི་བཅུ་བཞི་དང༌། །ཚེས་གྲངས་བདུན་དུ་ཕྱེ་བ་ལ། །རབ་གནས་ལ་སོགས་རྒྱས་པར་གསུངས། །དཔྱིད་ཟླ་ར་བ་འབྲིང་དགུན་ཆུང༌། །དབྱར་ཟླ་ར་བ་འབྲིང་དགུན་ཟླ། །གཟའ་ལག་བླ་མ་པ་བ་སངས། །ཟླ་བའི་གཟའ་རྣམས་འདི་དག་གོ །རྒྱལ་དང་མེ་བཞི་ལྷ་མཚམས་དང༌། །སྣར་མ་བྱ་གཞུག་ནམ་གྲུ་དང༌། །ཆུ་སྨད་སྣྲོད་དང་ཁྲུམས་དང་ལག །ལྔ་པ་བདུན་པ་བཅུ་རྣམས་དང༌། །གང་ཞིག་གསུམ་དང་འགེངས་པ་དང༌། ཟླ་བ་ཉ་དང་བཅུ་གསུམ་


DTG027_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། །ཚེས་གྲངས་བདུན་ནི་དགེ་བ་ཡིན། །ཇི་ལྟར་སྔར་བརྗོད་སྐལ་བཟང་ནི། །རྗེས་སུ་མཐུན་པར་སྤྱད་བྱ་སྟེ། །གཞན་དུ་སློབ་དཔོན་རྫས་འདོད་པས། །དམྱལ་བ་ཉིད་དུ་ལྟུང་བ་ཡིན། །དེ་ལྟའི་རིམ་པས་སྤྱད་བྱ་སྟེ། །རི་དང་གྲོང་ཁྱེར་གྲོང་རྡལ་དང༌། །ས་ཕྱོགས་ཡིད་དང་མཐུན་པ་རུ། །ས་གཞི་ཡོངས་སུ་གཟུང་བར་བྱ། །ཐལ་བ་རུས་དུམ་གཏུན་བུ་རྣམས། །ཤིན་ཏུ་དག་པ་ཉིད་དུ་བྱ། །ལྷོ་དང་ཆུ་ལ་ཐུགས་པ་རུ། །ས་ནི་ཤར་དང་བྱང་དུ་ནུབ། །དངོས་པོ་ཀུན་ལ་ཀུན་རྫོབ་ཏུ། །རིགས་ནི་རྣམ་པ་བཞིར་བརྗོད་དོ། །དམངས་རིགས་ནས་ནི་བྲམ་ཟེའི་བར། །གནག་སེར་དམར་དང་དཀར་པོའོ། །དེ་ནས་དྲི་ནི་ཤེས་བྱས་ཏེ། །གནག་དང་ཆུ་རུལ་ཕཊ་དྲི་དང༌། །བཞི་པ་ཡིད་འོང་དྲིར་བརྗོད་དེ། །རོ་ཡང་ཡོངས་ནི་བརྟག་པར་བྱ། །སྐྱུར་ཞིང་རྩུབ་པ་དམངས་རིགས་འགྱུར། །མངར་བ་རྗེ་རིགས་ཀྱང་ཡིན་ཏེ། །ཚ་བ་ཡང་ནི་རྒྱལ་རིགས་ལ། །གཞན་ནི་ཁ་ཞིང་བསྐ་བ་ཡིན། །ཞི་དང་རྒྱས་དང་དེ་བཞིན་དབང༌། །མངོན་སྤྱོད་ཀྱང་ནི་འདོད་པ་སྟེ། །ས་ནི་འདི་ལྟར་རིམ་བརྗོད་པ། །བརྐོས་ནས་ཡང་ནི་དགང་བར་བྱ། །ཇི་ལྟར་ཁ་དོག་བརྗོད་སོགས་རིམ། །མཁས་པས་བསང་གཏོར་བྱ་བ་སྟེ། །ནག་པོ་ཇི་ལྟར་བརྗོད་པ་ནི། །སེར་པོ་བུ་རམ་ཉིད་ཡིན་ནོ། །དཀར་པོའི་དོན་ཕྱིར་ཙནྡན་ཉིད། །དམར་པོ་པདྨའི་ཆུ་ཉིད་དང༌། །དམར་པོ་ཙནྡན་དག་གིས་ཏེ། །འདི་ནི་གཉིས་ཀར་ཤེས་པར་བྱ། །སེར་པོ་ལ་ནི་གུར་གུམ་སྟེ། །ནག་པོ་ཡང་ནི་བརྗོད་པར་བྱ། །ཤ་རུལ་པ་ཡི་ཆུ་ཉིད་དོ། །དེ་བཞིན་རོ་དོན་བརྗོད་བྱ་སྟེ། ནག་པོ་ཇི་ལྟར་བརྗོད་པ་ནི། །སེར་པོ་བུ་རམ་ཉིད་ཡིན་ནོ། །དམར་པོ་ལ་ནི་ཚ་བ་གསུམ། །དཀར་པོ་ཇི་ལྟར་བརྗོད་ཉིད་ཡིན། །ས་ལ་ཕུར་གདབ་བསྲུང་བའི་ཕྱིར། །དེ་ནི་བདག་གིས་བརྗོད་པར་བྱ། །ནྱ་གྲོ་དྷ་ཕུར་ཞི་བ་ལ། །རྒྱས་པ་ཨ་ཤྭཏྠ་ཤིང་སྟེ། །དབང་ལ་སིང་ལྡེང་ཕུར་བུ་གནས། །གསད་པ་ལ་ནི་རུས་པའོ། །ཞི་བ་ལ་སོགས་བྱེ་བྲག་གིས། །དེ་ནས་བུམ་པ་བརྗོད་བྱ་སྟེ། །ཞི་བ་ལ་ནི་ཤེལ་རང་བཞིན། །རྒྱས་པ་ལ་ནི་དངུལ་དུ་གྲགས། །དབང་ལ་གསེར་གྱི་རང་བཞིན་ཏེ། །གསད་པ་ལ་ནི་ཐོད་པ་ཡིན། །དངུལ་ལ་སོགས་པ་མེད་གྱུར་ན། །ས་ཡི་རང་བཞིན་རྩ་མི་གནག །


DTG027_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙནྡན་དང་ནི་གུར་ཀུམ་དང༌། །དེ་བཞིན་ཙནྡན་དམར་པོ་དང༌། །དུར་ཁྲོད་སོལ་བའི་ཕྱེ་མ་ཡིས། །མཁས་པ་ཡིས་ནི་བྱུག་པར་བྱ། །ཞི་བ་སྔ་དྲོ་བྱ་བ་སྟེ། །རྒྱས་པ་དེ་ཡི་དེ་མ་ཐག །དེ་ནས་དབང་གི་ལས་ཡིན་ཏེ། །དགོངས་ཀ་བསད་པའི་ལས་ཡིན་ནོ། །དེ་ནས་མཆོད་ཡོན་སྣོད་བཤད་དེ། །ཇི་ལྟར་ཁམས་དང་ཚད་གྱུར་པ། །ཤེལ་དང་དངུལ་དང་གསེར་དང་ནི། །རིམ་པ་བཞིན་དུ་ལྕགས་ཉིད་དོ། །པདྨའི་རྣམ་པ་དངུལ་ཡིན་ཏེ། །སོར་ནི་བཅུ་གཉིས་པ་ཉིད་དོ། །འདབ་མ་ཡང་ནི་བཞི་བཞི་སྟེ། །ཞི་བ་ལ་སོགས་ལྷས་གཟུགས་ནི། །ཇི་ལྟར་དེ་ནི་བརྗོད་པར་བྱ། །ཞི་བ་ལ་སོགས་དཀར་པོ་སྟེ། །ཞི་བའི་རང་བཞིན་མཉམ་གཞག་པའོ། །རྒྱས་པ་ལ་ནི་སེར་པོ་སྟེ། །མཆོག་ཏུ་གཏེར་སོགས་དགུག་པའོ། །དབང་ལ་ཆགས་པའི་སེམས་ཀྱིས་ཏེ། །ཁ་དོག་དམར་ཞིང་འབར་བའོ། །གསད་པ་ཁ་དོག་ནག་པོ་སྟེ། །འཁྲུགས་ཤིང་འཇིགས་པ་ཉིད་ཡིན་ནོ། །ཐིག་སྐུད་ཁྲུ་བརྒྱད་པར་གསུངས་ཏེ། །གཞོན་ནུ་མ་ཡིས་བཀལ་བ་ཡིས། །དུ་མ་རབ་ཏུ་བཀལ་ནས་ནི། །སློབ་དཔོན་མཐེབ་སོར་བཅུག་གཉིས་ཆའོ། །འདུག་སྟང་ཇི་ལྟར་གསུངས་པ་ནི། །རིམ་བཞིན་ཇི་ལྟར་བརྗོད་པར་བྱ། །ཞི་བ་སེམས་དཔའི་སྐྱིལ་ཀྲུང་སྟེ། །རྒྱས་ལ་དེ་བཞིན་རྡོར་སྐྱིལ་ཀྲུང༌། །དབང་ལ་གཡོན་པའི་སྟང་སྟབས་ཏེ། །སྐྱིལ་ཀྲུང་སྟན་ལ་ལེགས་གནས་པའོ། །གཡས་པས་གདེངས་ཏེ་བསྙལ་བ་ནི། །གསད་པ་ལ་མཆོག་ལྷ་མིན་བཞིན། །ཇི་ལྟར་གོམ་རིམས་བཞིན་དུ་ནི། །བདག་གིས་བཟླས་ཕྲེང་བརྗོད་བྱ་སྟེ། །ཞི་བ་ལ་ནི་ཤེལ་རང་བཞིན། །རྒྱས་ལ་མུ་ཏིག་འབྲས་བུར་བརྗོད། །དབང་ལ་བོ་དེ་ཙེ་རུ་བཤད། །གསད་པ་མི་ཡི་རུས་པ་ཡིན། །གསེར་དང་དངུལ་དང་མུ་ཏིག་དང༌། །མཐིན་ཤུན་དང་ནི་བྱེ་རུ་སྟེ། །རིན་པོ་ཆེ་ནི་ལྔར་བརྗོད་ནས། །ཁ་རྒྱན་ལྔ་ནི་བརྗོད་པར་བྱ། །འཛམ་བུ་ན་ད་བིལ་བ་དང༌། །སྒྱུར་ཞིང་ས་བོན་གང་བའོ། །འབྲུ་ནི་ཏིལ་དང་གྲོ་དང་ནི། །སྲན་མ་ནས་དང་འབྲས་བུ་བརྗོད། །དེ་ལྟའི་རིམ་པས་མྱུར་བ་རུ། །མཁས་པ་ཡིས་ནི་གཞན་དོན་བྱ། །གང་ཞིག་རང་དོན་དགོས་བྱེད་ན། །རྨོངས་པས་དམྱལ་བ་ཉིད་དུ་ལྟུང༌། །དྲི་ཆུ་སྠང་རྩི་འོ་མ་དང༌། །དག་པའི་ཆུ་དང་མེ་ཏོག་དཀར། །


DTG027_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་གྱི་ལས་ཀྱི་རིམ་ཚུལ་ཏེ། །ཇི་ལྟར་བརྗོད་པའི་རིམ་གང་ཡིན། །ཇི་ལྟར་བརྗོད་པའི་བཟེད་ཞལ་དུ། །མངོན་པར་བསྔགས་ཏེ་དྲི་ཡིས་བདུག །མེ་ཏྲོག་སྤོས་དང་དེ་བཞིན་མེ། །དྲི་ཡི་དུང་སོགས་གཡས་སུ་བཞག །སྔགས་ཀྱི་མཆོད་ཡོན་སྣོད་ནི་གཡོན། །བཟེད་ཞལ་མདུན་དུ་གཞག་པར་བྱ། །ཡི་གེ་གསུམ་གྱི་སྔགས་ཀྱིས་ནི། །མཆོད་ཡོན་སྣོད་ལ་བསྔགས་པར་བྱ། །ཞི་ལ་མཐར་ནི་ཝཱ་ཤཾ་དེ། །རྒྱས་ལ་མཐར་ནི་བྷྱོ་བཤད་དོ། །དབང་ལ་མཐར་ནི་ཧྲཱིཿཡིག་སྟེ། །བསད་པའི་མཐར་ནི་ཧཱུཾ་ཕཊ་དོ། །དང་པོ་དྲི་ཆུ་དབུལ་བར་བྱ། །སྦྲང་དང་འོ་མ་གཉིས་པའོ། །དག་པའི་ཚུལ་ནི་གསུམ་པ་སྟེ། མེ་ཏོག་དང་བཅས་བཞི་པར་རོ། །དུད་ཆོས་ནས་ནི་དྲི་ཡི་ཆུ། །བཟེད་ཞལ་དུ་ནི་དབུལ་བར་བྱ། །ཞལ་བསིལ་འཐོར་འཐུང་འོ་མ་སྦྲང༌། །ཡང་ནི་བསང་གཏོར་ཆུ་ཉིད་དོ། །དཀྱིལ་འཁོར་བྲི་བར་བྱ་ཕྱིར་དང༌། །གདུག་པ་རྣམས་ནི་ཞི་ཕྱིར་དང༌། །ས་ལ་སོགས་པ་བརྟག་པའི་ཕྱིར། །གནས་བསྲུང་རིམ་པ་བརྗོད་པར་བྱ། །ཐོག་མར་རྡོ་རྗེ་སློབ་དཔོན་གྱིས། །བདག་གི་གནས་ནི་བསྲུང་བར་བྱ། །ཕྱི་ནས་ས་སོགས་གཟུང་བ་ནི། །ལེགས་པར་མཉན་པར་གཞག་པར་བྱ། །རྟག་པའི་ས་རུ་ཕྱིན་ནས་ནི། །འཇམ་པའི་སྟན་ལ་ལེགས་འདུག་ནས། །དག་བློས་ཤར་དུ་ཁ་བལྟས་ཏེ། །རྟ་མཆོག་གི་ནི་ཏིང་འཛིན་དུ། །རྣལ་འབྱོར་པ་ཡིས་བསམ་བྱ་སྟེ། །ཡན་ལག་ལ་ཡང་དགོད་པར་བྱ། །ཨོཾ་ཡིག་ཁ་དོག་དཀར་པོ་ཡིས། །ས་བོན་བྲལ་བར་བསམ་པར་བྱ། །ཨཱཿཡིག་ཁ་དོག་དམར་པོ་ནི། །ལོངས་སྤྱོད་འཁོར་ལོར་དགོད་པར་བྱ། །ཧཱུཾ་ཡིག་ཁ་དོག་ནག་པོ་ནི། །སྙིང་གའི་དཀྱིལ་དུ་དགོད་པར་བྱ། །ཧོཿ་ཡིག་ཁ་དོག་སེར་པོ་ནི། །ལྟེ་བའི་འཁོར་ལོར་དགོད་པའོ། །ཧཱུཾ་ཀྵཾ་སྤྱི་གཙུག་གསང་བ་ནི། །ལྗང་དངས་ངོ་བ་དེ་བཞིན་ཏེ། །འཁོར་ལོ་དྲུག་ཏི་རིམ་བཞིན་དུ། །དཀྱིལ་འཁོར་དྲུག་ནི་བསྒོམ་བྱས་ཏེ། །ས་གཞི་རྣམས་ནི་ཡོངས་གྱུར་པས། །མཁས་པ་ཡིས་ནི་རྡོ་རྗེ་སྤྲོ། །རྡོ་རྗེ་དེ་ལས་འཕྲོས་པ་ཡི། །རྡོ་རྗེ་འབར་བ་མི་བཟད་པས། །ཕྱོགས་བཅུར་ཀུན་དུ་གནས་པ་ཡི། །བགེགས་ཀུན་འབར་བས་བསྲེག་པར་བྱ། །དེར་གནས་ཡུལ་གྱི་མིང་གི་མིང༌། །མཁས་པ་ཡིས་ནི་ཤེས་བྱས་ཏེ། །ཐོག་མ་ཉིད་དུ་ཞིང་སྐྱོང་ལ། །གཏོར་མ་བྱིན་ཏེ་གཏང་བར་བྱ། །


DTG027_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨོཾ་ཨཱཿཧཱུཾ་ཨ་མུ་ཀ་ཡ་ས་པ་རི་ཝཱ་ར་ཡ། ཨི་དཾ་བ་ལིཾ་གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་དྷཾ། དཱ་ད་མ་ཧེ། ས་བ་རི་ཝ་ར་ཤྲཱི་གྲྀ་ཧ་ཨ་གཙྪནྟུ་ཛཿཧཱུཾ་བཾ་ཧོཿ། ཨི་དཾ་བ་ལིཾ་གྲྀ་ཧྞཾ་ཏུ་ཁཱ་དཾ་ཏུ་ས་པ་རི་ཝཱ་རི། སརྦ་སཏྭ་ནཾ། ཤཱིནྟ་པུཥྚིཾ་རཀྵ་ཝརྣ་གོ་པུཥྚིཾ་ཀ་རོ་ཏུ་ཀ །ཨི་དཾ་སྠ་ནཾ་ཏ་ཐཱ་ག་ཏྭ་བ་ཧེ། མཎྜལ་བྷུ་མྱཾ། ཏིཥྛ་ཏུ་ཧཱུཾ་ཧཱུཾ་ཕཊ། བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། བཤད་པར་གྱུར་པའི་རིམ་པ་ཡིས། །སྲུང་བའི་འཁོར་ལོ་བསམ་བྱ་སྟེ། །རླུང་སོགས་དཀྱིལ་འཁོར་བསྒོམ་པར་བྱ། །དེ་དག་ཡོངས་སུ་གྱུར་པ་ལས། །ཇི་སྲིད་མཐོང་བའི་བར་དུ་ནི། །འཁོར་ལོའི་མཐར་ནི་བསྲུང་བའི་ཕྱིར། །ར་བ་ལྔ་ཡང་དེ་བཞིན་ནོ། །འོག་གི་ཆ་ཡི་རྩེ་གསུམ་ལ། །སྟེང་གི་མདའ་ཡི་དྲ་བའོ། །ཧ་ཡ་ར་བ་ལ་རྒྱུ་ལས། །མཁས་པས་མཁའ་སོགས་དགོད་བྱ་སྟེ། །ཡང་ནི་ཡི་གེ་གསུམ་ཉིད་དང༌། །ཧ་གཉིས་སྟེང་དང་འོག་ཏུའོ། །ཤེས་རབ་ཅན་གྱིས་སྲུང་བསྒོམ་ནས། །བྷཱུཾ་ཡིག་ས་བོན་ལས་བྱུང་བའི། །གཞལ་ཡས་ཁང་ཡང་བསྒོམ་བྱ་སྟེ། །དེར་ནི་བཾ་སྐྱེས་པདྨའོ། །དེ་སྟེང་རཾ་ལས་ཉི་དཀྱིལ་འཁོར། །དེར་ནི་ཨ་ལས་ཟླ་དཀྱིལ་འཁོར། །ཧཱུཾ་བསམ་དག་ལས་རྟ་མཆོག་སྟེ། བདེ་མཆོག་མ་དང་མཉམ་སྦྱོར་བའོ། །ཞལ་བཞི་པ་ལ་དཔུང་པ་བཞི། །ཕྱག་བཞི་པ་ལ་ཞབས་བཞི་པ། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །དབང་ཕྱག་ཆེན་པོ་དོན་གྲུབ་པའོ། །དཔལ་ལྡན་སྣ་ཚོགས་པད་འཆང་ཞིང༌། །གཡོན་འོག་མདུན་དུ་རལ་གྲིའོ། །གཡས་པས་རྡོ་རྗེ་དང་བཅས་འཕྱར། །གཡས་འོག་བ་དན་གསུམ་པར་བྱ། །དེ་སྙིང་པདྨ་ཉིད་བསྒོམ་སྟེ། །ཧཱུཾ་ལས་ཁྲོ་བོ་ཆེན་པོ་ནི། །གདུག་ཅིང་རབ་ཏུ་མི་བཟད་པའི། །ཁྲོ་བོ་བཅུ་ནི་སྤྲོ་བར་བྱ། །མ་ལུས་བགེགས་ནི་གཞོམ་པ་དང༌། །བདུད་བཞི་ཟད་པར་མཛད་པ་སྟེ། །འཇིགས་པའི་དུས་མཐའི་མེ་འབར་བས། །ལོག་འདྲེན་བགེགས་ནི་བསྲེག་པར་བྱ། །མཁའ་ཁྱབ་འོད་ཟེར་ཚོགས་འཕྲོ་བའི། །དེ་ཡི་འཁོར་ལོ་བསྒོམས་ནས་ནི། །བདུད་སོགས་རྣམ་པར་བཅོམ་བྱས་ཏེ། །དེ་ནས་མཉམ་པར་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་ཧོཿ་ཧཾ་ཀྵ་ཧྲཿཧྲཿཧྲཿཧྲཿར་ར་ར་ར། བཛྲ་ཨ་ན་ལ་སརྦཱ་ཝ་ར་ན། སརྦྦ་དྷརྨ་པྲ་ལ་ཡ་ས་བྷཱ་བ་སརྦྦ་མཱ་རེ་ཀ་ཡ་ཀ་བིགྷྣཱ་བི་ནཱ་ཡ་ཀ་དི་ནཾ། དཱ་ཤ་དིཀྒ་ཏ་ནཱཾ་ཀཱ་ཡ་ཝཱཀྩིཏྟ་ནི། ད་ཧ་ད་ཧ། པ་ཙ་པ་ཙ།


DTG027_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྷསྨི་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། འདི་ནི་བགེགས་བསྲེག་པའི་སྔགས་སོ། །ལོག་འདྲེན་གྱི་བགེགས་ལ་སོགས། །རྡོ་རྗེ་ལྕགས་ཀྱུས་བཀུག་བྱས་ཏེ། །རྡོ་རྗེ་ཞགས་པས་བཅིངས་བྱས་ནས། །བཅིང་བ་ཀུན་གྱིས་བཅིང་བར་བསྐོམ་།ཁྲོ་རྒྱལ་རྡོ་རྗེ་ཕུར་བུ་ནི། །ལྟེ་སྨད་དཔལ་གྱི་རང་བཞིན་ཏེ། །ཕྱོགས་བཅུའི་གདུག་པའི་བགེགས་སྟེང་དུ། །སྟོན་པར་རྣམ་པར་བསྒོམ་པར་བྱ། །ཨོཾ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ། །སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཀཱི་ལ་ཡ་སརྦྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི། ཀ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུདྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཨ་ཧཱུཾ་ཕཊ། ཕྱོགས་མཚམས་ཕུར་བུས་བསྲུང་བ་ལ། །ཁྲོ་བོ་རྣམས་ལ་བཀའ་སྩལ་བསྒོ། །བློ་ལྡན་ཁྲོ་རྒྱལ་བསམ་བྱ་སྟེ། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ཧཱུཾ་ཀྲོ་དྷེ་ཏྲཱུཾ་ཧཾ། ཀྲོ་ཏ་ནཱ་མཛྙཱ་ན་ད་ཀ་ཡ་སྭཱཧཱ། ཨོཾ་བཛྲ་ཏ་ཐཱ་ག་ཏཱ་རཀྵི་ཙེ་ཀྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་ང་རྒྱལ་བརྟན་པར་བསྐྱེད་པར་བྱའོ། །འཆད་པར་འགྱུར་བའི་རིམ་པ་ཡིས། །དེ་ནས་དེ་ལ་གཏོར་མ་སྦྱིན། །དག་ཅིང་རྟོགས་ལ་སྦར་བྱས་ཏེ། །བདུད་རྩིར་བྱས་ཏེ་བསྒྲུབ་པར་བྱ། །ཐོག་མར་ཐལ་མོ་སྦྱར་བྱས་ཏེ། །དེ་ནས་རྣམ་པར་ཕྱག་རྒྱ་བཅིང༌། །ཨོཾ་ཨཱཿཧཱུཾ་ཧོཿཨུཥྞཱི་ཥ། སུམྦྷཱ་ནི་སུམྦྷཱ། ཡ་མཱནྟ་ཀ །བིགྷྣཱནྟ་ཀ །པདྨཱནྟ་ཀ །བིགྷྣཱནྟ་ཀ །ཨཱ་ཙ་ལ། ནི་ལ་དཎྜ། ཊ་ཀི་རཱ་ཛ། མ་ཧཱ་བ་ལ་ཛ་བྷྱ། ཨི་དཾ་བ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་བཾ་ཨཀྵ་ཏཾ་དཱ་ད་མ་ཧི། ཏེ་ཛ་ཨཱ་གཙྪ་ས་པ་རི་ཝཱ་ར་སཱི་གྷྲཱཾ་ཨི་དཾ་བ་ལིཾ་གྲྀ་ཧྞ་དུ་ཁཱ་དནྟུ་པཱི་བནྟུ། ཛཱ་ཧཱུཾ་བཾ་ཧོཿ་སཾ་ཏྲྀ་པཱ་ད་སརྦྦ་སཏྭ་ནཾ། ཤཱིནྟཾ། པུཥྚིཾ། རཀྵ་ཝ་ར་ན་གུཔྟེ་ཀུརྦནྟུ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། དེ་ནས་གཡས་གཡོན་རྐང་གཉིས་ལ། །ཧཱུཾ་ཧཱུཾ་དག་ལས་བྱུང་བ་ཡི། །རྡོ་རྗེ་རྐང་མཐིལ་ལ་གནས་པས། །རྡོ་རྗེའི་འགྲོས་ཀྱིས་གར་བྱའོ། །དེ་ནས་གཡས་བརྐྱང་གཡོན་བརྐྱང་དང༌། །མཉམ་དང་མི་མཉམ་པ་དག་དང༌། །ཟླུམ་པོ་དང་ནི་ཟླ་གམ་དང༌། །རུས་སྦལ་རྐང་སྟབས་གཅིག་པར་བྱ། །མེ་ཏོག་དྲི་སོགས་བཤམས་ནས་ནི། །བཾ་ལས་ས་ཡི་ལྷ་མོ་ནི། །མཁས་པས་ས་ནི་བོད་པར་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །དངོས་གྲུབ་ཐམས་ཅད་རབ་བསྒྲུབ་ཕྱིར། །བདག་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཙུན་མོ་དང་བཅས་བྱང་ཆུབ་སེམས། །དེ་དག་ཐུགས་རྗེ་


DTG027_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པ་དང༌། །ཕྱོགས་རྣམས་ཀུན་ན་བཞུགས་པ་ནི། །བདེ་གཤེགས་རྣམས་ལ་གསོལ་བ་གདབ། །ཀུན་དུ་ཐོགས་མེད་གཟིགས་པ་ཡི། །མགོན་པོ་བདག་ལ་དགོངས་སུ་གསོལ། །སློབ་མ་དབང་བསྐུར་ལ་སོགས་དང༌། །བདག་གིས་དཀྱིལ་འཁོར་བྲི་བ་དང། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །དཀྱིལ་འཁོར་དུ་ནི་བཞུགས་སུ་གསོལ། །སྔགས་པས་སླར་ཡང་མཆོད་བཤམས་ནས། །རྡོ་རྗེས་ནི་མཛེས་གྱུར་པ། །སྤྱན་དྲངས་ནས་ནི་ཕྱིས་མཆོད་དེ། །གསངས་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ལཾ་ཧཱུཾ་བཛྲ་བྷཱུ་མི་ཏིཥྛ་ཧཱུཾ་ཧཱུཾ་ཕཊ། བཛྲ་དྷཱ་ར་ཡཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་ཡང༌། བུམ་པའི་ལྷག་པར་གནས་པ་སྟེ། །སྔགས་པས་སྔར་བརྗོད་བུམ་པ་ནི། །གྲངས་ནི་ཉི་ཤུ་རྩ་གཅིག་སྟེ། །ཡང་ན་ལྔའམ་དགུ་ཉིད་དུ། །དངོས་གྲུབ་འདོད་པ་རྣམས་ཀྱིས་བྱ། །ཇི་ལྟར་མཚན་མ་དེ་བྲི་བ། །རིམ་པ་བཞིན་དུ་བརྗོད་པར་བྱ། །གཞུ་དང་འཁོར་ལོ་དེ་བཞིན་གྲི། །ཐོད་པ་བདུད་རྩིས་གང་བ་དང༌། །དཔག་བསམ་ཤིང་དང་ཤ་ཆེན་དང༌། །དེ་བཞིན་བདུན་པ་ལྕང་ལོ་ཡིན། །ཐོག་མ་ཐ་མར་རྡོ་རྗེ་སྟེ། །ལྕགས་ཀྱུ་དེ་བཞིན་ཞགས་པ་དང༌། །ལྕགས་སྒྲོག་དྲིལ་བུ་དེ་བཞིན་ནོ། །ལས་ཀུན་པ་ནི་གཅིག་ཉིད་དེ། །མཁས་པས་མཆོད་ཡོན་སོགས་ཀྱིས་མཆོད། །དཀྱིལ་འཁོར་གྱི་ནི་དབུས་ཕྱོགས་སུ། །མཁས་པས་རྣམ་རྒྱལ་བུམ་བཞག་སྟེ། །རྡོ་རྗེ་མེ་ཏོག་ཕྲེང་བཅིངས་ལ། །བུམ་སྟེང་བློ་དང་ལྡན་པས་གཞག །སངས་རྒྱས་ཀུན་གྱི་གསང་སྔགས་ནི། །བརྒྱད་བརྒྱ་ཉིད་དུ་བཟླས་པར་བྱ། །དེ་བཞིན་བརྒྱ་རྩ་བརྒྱད་དུ་ནི། །དཀྱིལ་འཁོར་པ་ཡིས་བཟླས་པར་བྱ། །དེ་ནས་ཡང་ནི་རྡོ་རྗེའི་ཐིབ། །དཀྱིལ་འཁོར་གྱི་ནི་ཤར་གྱི་ཆར། །གཽ་རཱིའི་སྔགས་ཀྱིས་གཞུག་ནས་ནི། །མཆོད་ཡོན་སོགས་ཀྱིས་མཆོད་པར་བྱ། །དེ་ནས་གཞན་ཡང་རྡོ་རྗེའི་རྡུལ། །ནུབ་ཀྱི་ཕྱོགས་སུ་གཞག་བྱ་སྟེ། །མཆོད་ཡོན་སོགས་ཀྱིས་མཆོད་པར་བྱ། །དེ་ནས་ལྷོ་ཕྱོགས་ཉིད་དུ་ནི། །སློབ་མས་མཎྜལ་བྱས་ནས་ནི། །ཆོམ་རྐུན་མ་ཡི་སྔགས་ལྡན་པས། །རྡོ་རྗེ་རྩེ་ལྔ་གཞག་བྱ་སྟེ། །མཆོད་ཡོན་སོགས་ཀྱིས་མཆོད་པར་བྱ། །དེ་ནས་བྱང་གི་ཕྱོགས་སུ་ནི། །རོ་ལངས་མ་ཡི་གསང་སྔགས་ཀྱིས། །རྡོ་རྗེ་དྲིལ་བུ་གཞག་བྱ་སྟེ། །མཆོད་


DTG027_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོན་སོགས་ཀྱིས་མཆོད་པར་བྱ། །དེ་ནས་གསང་སྔགས་ལྡན་པ་ཡི། །སློབ་མ་མཎྜལ་བྱས་ནས་ནི། །མེ་ཏོག་ཕྲེང་བ་ལག་ཐོགས་ནས། །ཕུས་མོ་གཡས་པ་སར་བཙུགས་ཏེ། །རྡོ་རྗེ་བླ་མའི་བདུད་རྩིའི་ཐིགས། །དེ་ལྟ་བུ་ནི་མཉམ་པར་བྱ། །ཁ་ཅིག་སྔགས་ནི་སྒྲུབ་ཕྱིར་དང༌། །བསོད་ནམས་འདོད་པ་དེ་ལས་གཞན། །གཞན་དུ་འཇིག་རྟེན་དོན་གཉེར་བ། །དཀྱིལ་འཁོར་དུ་ནི་འཇུག་པར་བྱེད། །འཇིག་རྟེན་ཕ་རོལ་དོར་གཉེར་བ། །དད་པས་མང་དུ་གཉེར་བ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིས་འབྲས་བུ་འདོད་མི་བྱ། །ཚེ་འདིས་འདོད་པར་འགྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །སྐྱེས་བུ་འཇིག་རྟེན་ཕ་རོལ་གཉེར། །ཚེ་འདི་ཡི་ནི་འབྲས་བུ་རྒྱས། །དེ་ལྟར་གུས་པ་དང་བཅས་ཏེ། །ཆོས་ནི་མཉམ་པར་བྱས་ནས་སུ། །ལུས་ངག་བསྡམས་པའི་རང་བཞིན་གྱིས། །མདུན་དུ་ཚུལ་བཞིན་གནས་པར་བྱ། །སློབ་མ་རང་གིས་ལུས་བཅུག་སྟེ། །རྡོ་རྗེའི་ལམ་ནས་པདྨར་གདོན། །དེ་ལས་བདེ་གཤེགས་ཞུ་བ་ཡི། །དབང་བསྐུར་དཀྱིལ་འཁོར་ཤར་སྒོར་གདོན། །དེ་ནས་ཐལ་སྦྱར་པུས་བཙུགས་ནས། །རྡོ་རྗེ་འཛིན་པ་ཆེན་པོ་ལ། །འདི་ལྟ་བུ་ཡི་ཚིག་དག་གིས། །ལན་གསུམ་པར་དུ་གསོལ་བ་གདབ། །བདག་གི་སྟོན་པ་དཔའ་ཆེན་ཁྱོད། །བདེ་མཆོག་མ་དང་མཉམ་སྦྱོར་ལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཡིས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་སློབ་མ་གཙོ་གྱུར་པ། །དེ་ལ་བོད་པ་བྱས་ནས་ནི། །མཉམ་པར་གཞག་པའི་སེམས་ཀྱིས་སུ། །འདི་ལྟ་བུ་ཡི་ཚིགས་བཅད་བྱ། ཁུ་ཚུར་རྡོ་རྗེ་ཐེག་ཆེན་པོའི། །གསང་སྔགས་པ་ཡི་ཚུལ་ཆེན་ནི། །ཁྱོད་ནི་ཐེག་ཆེན་སྣོད་ཡིན་ན། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དུས་གསུམ་རྫོགས་པའི་སངས་རྒྱས་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །


DTG027_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་དག་གིས་ནི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་དེ་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་པའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་བདུད་རྩི་ཐབ་སྦྱོར་གྱི། །སྔགས་ཀྱིས་མངོན་པར་བསྔགས་པ་ཡི། །ཨ་ཤྭདྛ་ལ་སོགས་པའི་ཤིང༌། །ཤུན་པ་མཉམས་རྨ་མེད་པ། །ཚད་ནི་བཅུ་གཉིས་སོར་ཚད་ལ། །མེ་ཏོག་ཕྲེང་བས་རྩེ་བཅིངས་པ། །མཁས་པ་ཡིས་ནི་རིམ་བཞིན་དུ། །སློབ་མ་རྣམས་ལ་སྦྱིན་པར་བྱ། །ཚོམ་བུའི་སྟེང་དུ་དོར་བ་ནི། །གང་ཡང་མདུན་དུ་ལྷུང་གྱུར་ན། །དེ་ཡིས་མཆོག་གི་དངོས་གྲུབ་ཡིན། །དེ་བཞིན་ཤར་དུ་རྩེ་བལྟས་ན། །དེ་ལ་དངོས་གྲུབ་འབྲིང་དུ་བཤད། །དེ་ལྟར་ཕྱོགས་མཚམས་རྩེ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འདོད། །དེ་ལྟར་སོ་ཤིང་དོར་བ་ལས། །གང་ཞིག་ཁ་ཡི་འོག་བལྟས་ན། །དེ་ཡིས་ས་འོག་དངོས་གྲུབ་ནི། །སོམ་ཉི་མེད་པ་ཉིད་དུ་བརྗོད། །དེ་རྗེས་རྡོ་རྗེ་སློབ་མ་ལ། །དྲི་ཡི་ཆུ་ཡིས་འཐོར་འཐུང་དང༌། །དྲི་ཆུ་འཚོར་གསུམ་སྦྱིན་བྱ་སྟེ། །ཨོཾ་ཧཱུཾ་བི་ཤུདྡྷ་དྷརྨ་སརྦྦ་བི་ཀལྤ་ན། ཨ་པ་ན་ཡ། སཾ་ཤྭདྷ་ཡ་སརྦ་བི་ཀལྤ་ན་ཨ་ན་ཡ་ཧཱུཾ། །དེ་ནས་ཡང་ནི་ཉེར་འདུག་སྟེ། །བདུད་རྩི་ཐབ་སྦྱོར་གསང་སྔགས་ཀྱིས། །ཀུ་ཤའི་རྩེ་ལ་རབ་བསྔགས་ཏེ། །དེ་ནས་སྔགས་དང་སྟན་དུ་སྦྱིན། །དེ་ཉིད་བཟླས་པའི་སྔགས་ཀྱིས་ནི། །བསྲུང་སྐུད་མདུད་པ་གསུམ་ལྡན་པ། །དེ་དག་བསྲུང་བར་བྱ་བའི་ཕྱིར། །སློབ་མ་རྣམས་ཀྱི་དཔུང་པར་བཅིང༌། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །མ་བྱུང་འབྱུང་བར་མ་གྱུར་པའི། །བདུད་རྩི་ཡི་ནི་རོལ་གྱུར་པའི། །ཆོས་བཤད་པས་ནི་གཟེངས་བསྟོད་བྱ། །གལ་ཏེ་ཀུན་མཁྱེན་འཇིག་རྟེན་དུ། །མ་བྱུང་འབྱུང་བར་མི་འགྱུར་ཏེ། །བརྒྱ་ལམ་ན་ནི་རེས་འགའ་ཞིག །ཨུ་དུ་མ་ཝཱ་རའི་མེ་ཏོག་བཞིན། །གང་ཕྱིར་གསང་སྔགས་སྤྱོད་པའི་ཚུལ། །གང་ཕྱིར་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་ནུས་པ། །དེ་བས་ཀྱང་ནི་དཀོན་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔར་གྱི་


DTG027_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡིག་པ་གང་བགྱིས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་དག་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བས། །སྡུག་བསྔལ་མ་ལུས་འབྱུང་འགྱུར་བའི། །དམན་པ་གྲིང་ཁྱེར་དེ་དག་གཅོད། །དེ་རིང་ཁྱོད་ཀྱིས་མཉམ་མེད་པས། །རྙེད་པ་མཉམ་མེད་ཆེན་པོ་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་སྐྱེ་སྟེ་སྐྱེ་བ་མེད། །དེ་ཕྱིར་ཁྱེད་ནི་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །འདི་ཡིས་ཁྱོད་རྣམས་བགྲོད་གྱུར་ནས། །ཡེ་ཤེས་བླ་ན་མེད་པ་ཐོབ། །དེ་ལྟར་སློབ་མ་ལ་བརྗོད་ནས། །དེ་ཡིས་དོན་ལ་གུས་པས་མཉན། །དེ་ལྟར་ཚུལ་བཞིན་མཉམ་ནས་ནི། །ཡང་ན་འདི་ལྟར་བརྗོད་པར་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་བསྒྲུབ་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་མགྲོན་གཉེར་ནས། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །འགྲོ་ལ་ཕན་ཕྱིར་བྱ་བའི་ཕྱིར། །བྱང་ཆུབ་སྤྱོད་མཆོག་སྤྱད་པར་གྱི། །དེ་ལྟར་གསུམ་ལ་སྐྱབ་འགོ་བས། །ལན་གསུམ་མང་དུ་བརྗོད་པར་བྱ། །དེ་རྗེས་དེ་མ་ཐག་ཏུ་ནི། །ཡང་ནི་དེ་ལྟར་བྱ་བ་ཡིན། །དེ་རྗེས་རྡོ་རྗེ་སློབ་མ་ནི། །བདུད་རྩི་འཁྱིལ་པ་ཡིས་ནི་བསྔགས། །ཨོཾ་ཨཱཿཧཱུཾ་བི་གྷྣཾ་ཏ་ཀྲྀཏ་ཧཱུཾ། ཞེས་བྱའི་སྔགས་ཀྱིས་བསྲུང་བར་བྱ། །དེ་དག་སྙིང་ག་ལྐོག་མ་དང༌། །སྦྱི་བོ་ཡི་ནི་གནས་རྣམས་སུ། །ཟླ་བ་རྡོ་རྗེ་པདྨ་དང༌། །འཁོར་ལོའི་རང་བཞིན་དགོད་པར་བྱ། །དེ་དག་རྣམས་ཀྱི་ལྟེ་བ་ལ། །ཡི་གེ་ཨོཾ་ཨཱཿཧཱུཾ་བསམ་པར་བྱ། །དེ་ནས་སློབ་དཔོན་སྟན་ལངས་ནས། །རྡོ་རྗེ་འབྱེད་པ་གཡས་བཟུང་སྟེ། །སློབ་མའི་སྙིང་ག་ལྐོག་མ་དང༌། །སྤྱི་བོ་ཡི་ནི་གནས་གསུམ་དུ། །རྡོ་རྗེ་ཡིས་ནི་རེག་བྱ་ཞིང༌། །ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པར་བྱ། །དེ་ནས་སྤྱི་བོར་མེ་ཏོག་དང༌། །མདུན་དུ་སྦོས་ནི་དབུལ་བ་དང༌། །དེ་བཞིན་སྙིང་གར་


DTG027_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མར་མེ་དང༌། །རིམ་བཞིན་དྲི་རྣམས་དབུལ་བར་བྱ། །དེ་ནས་ཀུ་ཤའི་ལྟན་དག་ལ། །སློབ་མ་ཉལ་དུ་བཅུག་བྱ་སྟེ། །ཅུང་ཟད་རྨི་ལམ་སུས་མཐོང་བ། །ནང་པར་ང་ལ་སྨྲོས་ཤིག་ཅེས། །རིམ་བཞིན་དུ་ནི་སྨྲ་བྱ་སྟེ། །དེ་དག་རང་གི་གནས་སུ་བཏང༌། །སློབ་མ་ལྷག་པར་གནས་བྱས་ནས། །ལས་གཞན་ལ་ནི་འཇུག་པར་བྱ། །སློབ་མ་བསྐུལ་བ་བྱས་ནས་ནི། །དགེ་དང་མི་དགེ་མཚན་མ་རྣམས། །སོ་སོའི་དོན་ནི་བརྟན་པའི་ཕྱིར། །སློབ་དཔོན་རང་གི་གནས་ཉལ་ཏེ། །དཀྱིལ་འཁོར་ས་ཡི་ཕྱོགས་ཀྱི་ཆ། །ཧོ་ཡི་ཕྱོགས་ན་མཁས་པ་ཡིས། །བྱང་ཕྱོགས་སུ་ནི་སྔས་བསྟན་ཏེ། །ལྷོ་ཕྱོགས་སུ་ནི་རྐང་པའོ། །མཆོད་ཡོན་ལ་སོགས་ཕུལ་ནས་ནི། །གནས་ནི་ལྷག་པར་གནས་པར་བྱ། །ཨོཾ་ཧོ་ཀཱ་མ་ལ་གརྦྷ་ཤ་ཡེ་བཛྲ་སུ་ཀ་མ་ནི་ད་ཏྲ་ན་ཀ་ར་མི་ཡ་ཏ་ཐཱ་ག་ཏ་ཏེན་ཀྲེད་ཏ་སོ་ཧ་ཧ་སྭཱ་ཧཱ། །དངོས་སམ་ཡང་ན་རྨི་ལམ་དུ། །དེ་བཞིན་དུ་ནི་རྟགས་མཐོང་དང། །སློབ་མ་ཡིས་ཀྱང་དེ་ལྟར་ཏེ། །གཉིས་ཀའང་དཔྱད་པར་བྱ་བ་ཡིན། །དེ་ལྟར་མཚན་མ་ངན་གྱུར་ནས། །སློབ་དཔོན་གྱིས་ནི་ཁྲི་བཟླས་ཏེ། །གཏོར་མ་ཆེན་པོ་བྱིན་བྱས་ནས། །ཕྱིས་ནི་དེ་ལྟར་དགེ་བ་ཡིན། །དེ་ནས་དཀྱིལ་འཁོར་དེ་ཉིད་དེ། །སྔར་གྱི་ལྷ་རྣམས་རིམ་བཀོད་དེ། །འཁོར་ལོ་བསྒོམ་པའི་སྟེང་དུ་ནི། །བློ་ཆེན་གྱིས་ནི་བསམ་པར་བྱ། །ལྟེ་བ་གཡོན་པའི་ཁུ་ཚུར་གྱིས། །བླ་མས་ཐིག་གི་སྣ་བཟུང་སྟེ། །སྔགས་ཀྱི་བུམ་པ་ཀུན་གྱི་ཆུས། །ཁང་པའི་ནང་དུ་བསང་གཏོར་བྱ། །ཨོཾ་སརྦ་ཤོ་དྷ་ནི་ཧཱུཾ་ཕཊ། ལས་ཀྱི་ཐིག་གིས་རིམ་བཞིན་དུ། །ཡེ་ཤེས་ཐིག་ནི་བརྐྱང་བར་བྱ། །བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཡེ་ཤེས་ཀྱི་ཐིག་གདབ་པའི་སྔགས་སོ། །དེ་ནས་དེ་རྗེས་ཉིད་དུ་ནི། །གོང་དུ་བསྟན་པའི་ཐིག་ཉིད་ཀྱིས། །མཁས་པས་མཉམ་པར་རབ་བཞག་ནས། །ལས་ཀྱི་ཐེག་ནི་གདབ་པར་བྱ། །དེ་ལ་རེ་ཞིག་སྔགས་བཟླས་པའི། སྲད་བུ་མཐའ་མ་དཀར་ལྡན་པས། །དཀར་བའི་རྫས་ལ་སྤང་བྱས་ཏེ། །ཡིད་ཀྱིས་གཙོ་བོའི་གསང་སྔགས་བཟླས། །ཧེ་རུ་ཀ་ཡི་གནས་བསམས་ཏེ། །ཁུ་ཚུར་གཡོན་དུ་ཐིག་གདབ་བྱ། །གཡས་པའི་ཁུ་ཚུར་གྱིས་བཟུང་སྟེ། །ཛཿཡིས་སྒྲུབ་པའི་ལག་ཏུ་གཏད། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ཏེ། །


DTG027_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤར་བལྟས་རྡོ་རྗེའི་ཐིག་གདབ་བྱ། །སླར་ཡང་སློབ་དཔོན་ལྷོར་འདུག་སྟེ། །བྱང་དུ་བལྟས་ཏེ་གཉིས་པ་གདབ། །མེ་ཡི་ཕྱོགས་ཀྱི་ཆར་གནས་ནས། །མཁས་པས་བྱང་དུ་ཁ་བལྟས་ཏེ། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་པ། །དེ་ནས་ཡང་ནི་བྱ་བ་ཡིན། །རླུང་ཕྱོགས་གནས་ལ་ལྷོར་བལྟས་ཏེ། །ནུབ་ཀྱི་ཕྱོགས་ཀྱི་ཐིག་གདབ་པོ། །དེ་ཉིད་དུ་ནི་འདུག་བྱས་ཏེ། །བྱང་གི་ཕྱོགས་ཀྱི་ཐིག་གདབ་བོ། །ཡང་ནི་མེ་ཕྱོགས་འདུག་ནས་ནི། །ལྷོ་ཕྱོགས་ཀྱི་ནི་ཐིག་གདབ་སྟེ། །ཁ་ཁྱེར་གྱི་ནི་ཐིག་དག་ཀྱང༌། །ཤེས་རབ་ཅན་གྱིས་གདབ་པར་བྱ། །སླར་ཡང་མེ་མཚམས་སུ་འདུག་སྟེ། །རླུང་གི་མཚམས་ཀྱི་བར་གདབ་ཅིང༌། །དེ་བཞིན་བདེན་བྲལ་མཚམས་འདུག་ནས། །དབང་ལྡན་མཚམས་ཀྱི་ཐིག་གདབ་བྱ། །སློབ་དཔོན་དང་ནི་དེ་ཡི་ཆ། །བསྐོར་ཕྱོགས་སུ་ནི་འགྲོ་བར་བྱ། །དང་པོ་ཆ་ཆེན་བརྒྱད་དུ་ནི། །རྣལ་འབྱོར་པ་ཡིས་བགོ་བྱས་ཏེ། །དེ་ནས་དེ་རྗེས་ཉིད་དུ་ནི། །སྒྲུབ་པ་པོ་ཡིས་དེ་ལ་བལྟ། །སླར་ཡང་དེ་ལ་བཅུ་དྲུག་ཆར། །བགོ་བྱ་སླར་ཡང་ཉིས་འགྱུར་དུ། །མདོར་ན་ཐིག་རྐང་ཚང་བ་རུ། །མཁས་པ་ཡིས་ནི་གདབ་པར་བྱ། །ཡང་ན་བཅུ་དྲུག་ཆ་ཆེན་ལ། །རྩ་བའི་ཚངས་ཐིག་ནས་བཟུང་སྟེ། །མཁས་པས་དཀྱིལ་འཁོར་རྫོགས་པར་ནི། །ལེགས་པར་ཐིག་ནི་གདབ་པར་བྱ། །ཚངས་ཐིག་ནས་ནི་དྲངས་པ་ཡི། །ཆ་ནི་བཞི་པ་ལེགས་བཟུང་སྟེ། །ནམ་མཁའི་ཁམས་ཀྱི་རང་བཞིན་དུ། །མཁས་པ་ཡིས་ནི་གདབ་པར་བྱ། །དེ་ཡི་ཆ་ཆེན་ལྔ་པ་ནི། །ཉི་ཤུ་ཆར་ནི་བགོ་བྱ་སྟེ། །དང་པོ་ཚོན་རྩི་ཆ་ཉིད་ཡིན། །གཉིས་བཞི་དེ་བཞིན་རིམ་བཞིན་ནོ། །དེ་ཡི་ཆ་ཆེན་དྲུག་པ་ནི། །ཉི་ཤུ་བཞིར་ནི་གདབ་བྱ་སྟེ། །ཆ་གཉིས་ས་ནི་དྲ་ཕྱེད་ཡིན། །དེ་ནས་གཉིས་ནི་རིམ་བཞིན་ནོ། །ཆ་ཆེན་བདུན་པ་བརྒྱད་པ་ནི། །སུམ་ཅུ་གཉིས་སུ་གདབ་བྱ་སྟེ། །རྟ་བབས་སུ་ནི་ཤེས་བྱ་ཞིང༌། །ལྷག་མ་ཅི་རིགས་ཤེས་པར་བྱ། །གཞན་ཡང་ཚངས་ཐིག་ནས་བཟུང་སྟེ། །འཁོར་ལོའི་ཐིག་གདབ་རིམ་པ་ནི། །རྟ་བབས་བར་དུ་གདབ་པར་བྱ། །ལྷག་མའང་ཅི་རིགས་ཤེས་པར་བྱ། །སླར་ཡང་འཁོར་ལོའི་ལྟེ་དབུས་ཀྱི། །ཆ་དྲུག་རྣམ་པར་ཕྱིན་ནས་ནི། །དེ་ནས་བདུད་རྩིས་སྐྱོང་ནུལ་བྱ། །དེ་ནས་


DTG027_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་ཐིག་གདབ་པོ། །ཆ་ཆེན་བརྒྱད་དང་བཅུ་དྲུག་ཏུ། །དེ་ལ་ཐིག་ནི་གདབ་བྱ་སྟེ། །དེ་ཉིད་སུམ་ཅུ་བཞི་ཉིད་དུ། །མཁས་པ་ཡིས་ནི་སླར་ཐིག་གདབ། །ཆ་ཆུང་ཕྱི་རོལ་གཅིག་དོར་བ། །རྡོ་རྗེ་ར་བའི་ཐིག་ཡིན་ཏེ། །དེ་ནས་ཆ་ཆུང་ལྔ་གཉིས་ནི། །པདྨའི་འདབ་མའི་ཐིག་ཡིན་ནོ། །དེ་བཞིན་དུ་ནི་ལྟེ་བ་སྟེ། །ནང་གི་ཆ་གཅིག་གེ་སར་ཡིན། །དེ་ལྟར་ཆ་ཆུང་ལྔ་གཉིས་ལ། །འདབ་མའི་བར་ཡང་ཤེས་པར་བྱ། །དབང་ལྡན་མཚམས་ནས་བརྩམས་ནས་ནི། །གཡས་སྐོར་གྱིས་ནི་བསྐོར་བྱ་སྟེ། །དཀྱིལ་འཁོར་གྱི་ནི་ཐིག་རྣམས་ལ། །ཡེ་ཤེས་ཐིག་ནི་བསྟིམ་པར་བྱ། །དེ་ནས་དེ་རྗེས་ཉིད་དུ་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །ཧི་ཧིའི་སྒྲ་ནི་བརྗོད་བྱ་ཞིང༌། །ཡིད་ཀྱིས་སྒོ་ནི་དབྱེ་བར་བྱ། །ཨོཾ་ཧཱུཾ་ཏྲཱཾ་ཨ་ཁཾ་འདིས་ནི། །རྡུལ་ཚོན་ཀྱང་ནི་བསྒྲུབ་བྱ་སྟེ། །ཇི་ལྟར་ཚོགས་པ་རྙེད་གྱུར་ནས། །དག་པའི་དྲི་རྣམས་དབུལ་བར་བྱ། །གསལ་བཅས་ལྷ་ཡི་ཕྱག་རྒྱས་ནི། །སྔགས་ནི་བརྒྱ་རྩ་བརྒྱད་དུ་བཟླས། །དྲིལ་དཀྲོལ་རྡོ་རྗེ་གསོར་བ་དང༌། །རྡོ་རྗེའི་གླུས་ནི་སྐུལ་བྱེད་ཅིང༌། །དམར་བའི་གོས་བཅས་གཏོར་བྱིན་ཏེ། །འདི་ལྟ་བུ་ནི་བསམ་པར་བྱ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །ཐམས་ཅད་ཁམས་ནི་རྣམ་དག་པ། །རང་ཉིད་སངས་རྒྱས་ཐམས་ཅད་དེ། །དེ་བཞིན་གཤེགས་པ་ཀུན་ནས་གནས། །གཡོན་པའི་ཁུ་ཚུར་གྱིས་ཐོག་མར། །དབང་ལྡན་ནས་ནི་བསྐོར་བྱ་སྟེ། །འཁོར་ལོའི་གཙོ་བོའི་རྗེས་འབྲངས་ནས། །སྔགས་པས་རྡུལ་ཚོན་བྲི་བར་བྱ། །ཨོཾ་བཛྲ་རྩི་ཏྲ་ས་མ་ཡ་ཧཱུཾ། །ཕྱིས་ནི་སློབ་མ་བཟོ་བོ་ཡིས། །ཅི་རིགས་པར་ནི་བྲི་བར་བྱ། །དྲང་དང་འཁྱོག་དང་ཆད་པ་དང༌། །ཕྲ་དང་སྦོམ་པ་ཉེར་མཚོན་ཏེ། །སྦོམ་པོ་ཡིས་ནི་ནད་འགྱུར་ཞིང༌། །ཕྲ་ན་ནོར་རྣམས་ཟད་པར་འགྱུར། །འཁྱོག་ན་འཐོབ་རྩོད་འབྱུང་འགྱུར་ཞིང༌། །ཆད་ན་སློབ་དཔོན་སློབ་མ་འཆི། །དེ་ལ་སོགས་པའི་སྐྱོན་སྤངས་ནས། །རྡུལ་ཚོན་རི་མོ་དགྱེ་བར་བྱ། །ཤར་དུ་སྔོན་པོ་ཆེན་པོ་སྟེ། །ལྷོར་ནི་སེར་པོ་འབྱུང་བ་ཡིན། །ནུབ་ཏུ་དམར་པོ་ཆེན་པོ་སྟེ། །བྱང་དུ་ལྗང་གུ་ཉིད་འབྱུང་བའོ། །དབུས་ནི་ཟླ་བའི་འོད་ལྟར་ཏེ། །འདི་ནི་རྡུལ་ཚོན་རིམ་པར་བརྗོད། །


DTG027_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །སློབ་དཔོན་འཁོར་ལོའི་ཤར་དུ་འདུག །རྣམ་སྣང་མཛད་སོགས་ཏིང་འཛིན་གྱིས། །སྒོ་བཞི་རྣམས་སུ་ལེགས་འདུག་སྟེ། །གྲུ་བཞི་ཡི་ནི་མཚམས་རྣམས་སུ། །དམ་ཆོས་གློག་པ་བཞི་ཡང་གཞག །དམ་ཚིག་ལ་འདས་འཇིགས་པ་ཡིས། །སློབ་མར་གྱུར་པ་གཞུག་མི་བྱ། །གཡས་པས་རྡོ་རྗེ་གསོར་བྱ་ཞིང༌། །གཡོན་པ་ཡིས་ནི་དྲིལ་བུ་དཀྲོལ། །སྔགས་ནི་ཨོཾ་ཨཱཿཧཱུཾ་ཧཱུཾ། ཨོཾ་བཛྲ་གཎྜེ་ར་ཎ་ར་ན། པྲ་ར་ན་པྲ་ར་ཎ། །སཾ་པྲ་ར་ན་སཾ་པྲ་ར་ན། སརྦྦ་བུདྷ་ཀྵ་ཏྲ་ཡེ་པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏཱ། ནཱ་ད་སཾ་བྷཱ་བ་བེ་བཛྲ་དྷ་ད་པ་ཡ། སཾ་ཏོ་ཥ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། རྐང་པ་འདེག་དང་འཇོག་པ་དང༌། །ལྟ་བ་བཞིན་དང་ཁྲོ་བ་ཡིས། །སླར་ནི་ས་གཞི་མནན་བྱ་སྟེ། །སྔགས་རིག་པས་ནི་གནས་པར་བྱ། །གཞན་གྱི་རིམ་འདི་དག་གིས་ནི། །སྒོ་གཞན་དུ་ཡང་ཤེས་པར་བྱ། །གཡས་དང་གཡོན་པའི་རྐང་པ་ཡིས། །རྟག་ཏུ་འགྱིངས་ཤིང་བསྒྱིངས་པར་བྱ། །ཨོཾ་ཧཱུཾ་ཞེས་བྱ་བ་དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོའི་སྔགས་སོ། །གཡས་བརྐྱང་བ་དང་གཡོན་བརྐྱང་དང༌། །ལྟ་སྟངས་ཇི་ལྟར་སྔོན་བཞིན་བརྗོད། །ཨོཾ་ཧཱུཾ་ཨ་ཕཊ། ཅེས་བྱ་བ་ནི་ཤར་ཕྱོགས་ཀྱི་སློབ་དཔོན་གྱི་སྔགས་སོ། །མཉམ་དང་མི་མཉམ་རྐང་སྟབས་དང༌། །གཏུམ་ཞིང་རབ་རྨོངས་ལྟ་སྟངས་སྟེ། །ཨོཾ་ཧཱུཾ་ཨ་ཕཏ་ཅེས་བྱ་བ་ནི་ལྷོ་ཕྱོགས་ཀྱི་སློབ་དཔོན་གྱི་སྔགས་སོ། །ཟླུམ་པོ་དང་ནི་རུས་སྤལ་དང༌། དགའ་བའི་གར་དང་ལྟ་བཅས་ཏེ། །ཨོཾ་ཧཱུཾ་ཨ་ཨ་ཨ་ཕཏ་ཅེས་བྱ་བ་ནི་ནུབ་ཀྱི་སློབ་དཔོན་གྱི་སྔགས་སོ། །ལྟ་བ་རྣམ་པར་རྒྱུ་བ་དང༌། །ཤི་བ་ལྟ་བུ་དེ་བཞིན་ཏེ། །རྐང་པ་དག་གིས་གར་བྱ་བ། །ས་ག་དང་ནི་རྐང་གཅིག་ཡིན། །ཨོཾ་ཧཱུམ་ཧཱ་མཱ་ར་དུཥྚཾ་གྷཱ་ཏ་ཡ་གྷཱ་ཏ་ཡ། །ཨ་ཨ་ཨ་ཧཱུཾ་ཧྲཱིཿཕཊ། བྱང་ཕྱོགས་ཀྱི་སློབ་དཔོན་གྱི་སྔགས་སོ། །ཕྱོགས་དེ་དག་ན་གནས་ནས་ནི། །བློ་དང་ལྡན་པས་སྔོན་བཞིན་བརྗོད། །སྤྱང་བ་ལ་སོགས་རིམ་གྱིས་ནི། །གཏོར་མ་ལྔ་ནི་དབུལ་བར་བྱ། །ཨོཾ་བཛྲ་ཨཱ་ར་ལི་ཧོ། །ཛཿཧཱུཾ་བོ་ཧོཾ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟཾ། དྲྀ་ཤྱ་ཧོཿ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦྦ་ཡཀྵ་རཱཀྵ་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ཨུསྨནྡ་ཨ་པ་སྨ་ར། ཌཱ་ཀི་ཉ་ད་ཡ་ཨི་མཾ་བ་ལིམ་གྲིཧྞནྟུ། ས་མ་


DTG027_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡ་སིདྡྷི་མེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡ་ཐེ་ཥྚཾ། བྷུ་ཉྫ་ཐཱ། བྷ་བནྟུ་མཾ། མ་ཏི་ཀྲ་མ་ཐ། །མ་མ་སརྦྦ་ཀ་ར་སཏྶུ་ཁ་བི་ཤུདྡྷ་ཡ་ས་ཧ་ཡི་ཀ་ལྷ་བནྟུ། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་སློབ་དཔོན་གྱི་གཙོ་བོའི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཧོཿབྷྲ་མི་བིསྣུ་ཨ་ཧི་སྭ་རཱི་ཨིནད་ཨ་དྷི་ས་པ་རི་བཱ་ར། ཨི་དཾ་བཱ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་བམ་ཨཀྵ་ཏཾ་དཱུ་ད་མ་ཧ་དེ་བཱི་ཨཱ་གཙྪ། ས་པ་རི་བཱ་ར། ཨི་དཾ་བ་ལིཾ་གྲྀཧྞནྟུ་ཁ་དནྟུ་པི་བནྟུ་ཛཿཧཱུཾ་བཾ་ཧོཿ་སན་ཏྲི་པ་ཏ་སརྦྦ་སཏྭ་ནཾ། ཤཱཏྣིཨཾ་པུཥྚིཾ་རཀྵ་བ་ད་ཎ་གུ་བྷཾ། ཀུརྦནྟུ། ཧཱུཾ་ཧཱུཾ་ཕཊ། སློབ་དཔོན་གཉིས་པའིའོ། །ཨོཾ་ཨཱཿཧཱུཾ་ཧོཿ་རོ་ཧཱུཾ། ཀ་ར་ཨ་ཀི་ནི། ཙནྡྲ་སཱུཪྻ་བུ་དྡྷ་མཾ་ག་ལ་སུ་ཏྲ་བེ་ཧེ་ས་པ་ཏི་ཀི་དུ་ས་ནི་བྷྱཿཞེས་བྱ་བ་ལ་སོགས་པ་ལྷོ་ཕྱྒོས་ཀྱི་སློབ་དཔོན་གྱི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཧོཿ་ཛ་ཡ། །བི་ཛ་ཡ། །པདྨ། ཀ་རྐོ་ཊ། བ་སུ་ཀི། ཤཾ་ཁ་པ་ལ། ཀུ་ལི་ཀ །ཨཱནྣྡ། ཏཀྵ་ཀ །མ་ཧཱ་པདྨེ་བྷྱཿ། ཞེས་བྱ་བ་ལ་སོགས་པ་ནི་ནུབ་ཕྱོགས་ཀྱི་སློབ་དཔོན་གྱི་ཀླུའི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཧོཿ་བྷེ་ཝ་ད་ལ་ཀི་ཀེ་ཏ་མུ་ཤཱ་ཀ་ཀ་སུ་ཀ་ར་གྲེ་ཏ་བྷྱ་ཀྵ་ལུ་ཀ་ཛཾ་བོ་ཀ་བྷ་རུ། །དྷ་མོ་ཁྱེད་བྷོ། །ཞེས་བྱ་བ་ནི་འབྱུང་པོའི་གཏོར་མའི་སྔགས་སོ། །དེ་ནས། །སྔོན་བརྗོད་པ་ཡི་རིམ་པ་ཡིས། །བློ་དང་ལྡན་པས་བསྲུང་བྱས་ཏེ། །སྲུང་བའི་ཁྲོ་བོ་རྣམས་ལ་ནི། །དེ་ནས་བཀའ་ནི་བསྒོ་བར་བྱ། །བདག་ཉིད་གཟུགས་བརྙན་ལྟ་བུ་སྟེ། །གཟུགས་བརྙན་བཞིན་དུ་བདག་ཉིད་ལྟ། །དང་པོ་སྙིང་གར་པདྨ་ལ། །དེ་སྟེང་ཟླ་རྫོགས་དཀྱིལ་འཁོར་བསམ། །དེར་ནི་ཧཱུཾ་བྱུང་རྡོ་རྗེ་སྟེ། །དེ་ལས་འོད་ཟེར་སྤྲོ་བར་བྱ། །འོད་གསལ་མེ་ཏོག་བདུག་སོགས་ཀྱིས། །རང་གི་མིང་བཞིན་རྣལ་འབྱོར་མས། །དཀྱིལ་འཁོར་པ་དང་བཅས་པ་ཡི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །ཕྱི་ནང་གསང་བའི་མཆོད་པ་ཡིས། །མཆོད་པ་བྱས་ཏེ་བསྡུ་བར་བྱ། །དེ་ནས་བདུན་པོ་དག་བྱ་སྟེ། །གཞན་ཡང་དེ་ཉིད་མཆོད་པར་བྱ། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་ཏེ། །ཆོས་རྣམས་སྐྱེ་བ་མེད་པ་རུ། །རྒྱུ་དང་མི་རྒྱུ་བསམ་བྱ་སྟེ། །སོས་ཀའི་དུས་ཀྱི་ཉིན་གུང་གི །ནམ་མཁའ་ལ་ནི་སྦྲིན་མེད་ལྟར། །སེམས་ཉིད་བརྟན་པར་བྱས་ནས་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།


DTG027_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོང་ཉིད་ངང་ལས་བྱུང་བ་ཡི། །རླུང་དང་མེ་དང་ཆུ་དང་སས། །གཞལ་ཡས་དཀྱིལ་འཁོར་བསམ་པར་བྱ། །སྔོན་བཞིན་མཉམ་པར་གཞག་པ་ཡིས། །དེ་ནས་གཞལ་ཡས་ཁང་བསམ་བྱ། །སྐར་མ་ལྟ་བུར་འོད་གསལ་བའོ། །དེ་ནས་སེམས་ཙམ་བསམ་བྱ་སྟེ། །རྡོ་རྗེ་སེམས་དཔའི་བདག་ཉིད་ལ། །ལྷ་མོ་གླུ་ཡིས་བསྐུལ་བར་བྱ། །སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུ། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །ཟླ་རྫོགས་འོད་ཟེར་ལྟར་འབར་ཞིང༌། །ཤེས་རབ་ཆགས་པས་དམར་བའི་ཞལ། །ཕྱག་གཉིས་རང་གི་རིག་འཁྱུད་ཅིང༌། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །དཔའ་བོ་གཞུ་དང་མདའ་བསྣམས་ཤིང༌། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ནས་ཀུན་གྱིས་དེ་མཐོང་སྟེ། །དེ་དག་བྲེད་ནས་འོངས་པར་གྱུར། །བདུད་དང་ཕུང་བྱེད་འཇིགས་པ་རྣམས། །ཉམ་ཐག་གསོལ་བ་འདེབས་པར་བྱེད། །དེ་ནས་གསོལ་འདེབས་གནས་ནས་ནི། །སྙིང་རྗེ་ཁྲོས་པའི་ཏིང་འཛིན་གྱིས། །ཅུང་ཟད་དུས་སུ་གནས་ནས་ནི། །སྣ་ཡི་དབུགས་རིངས་དྲོ་བཏོན་ཏེ། །བཅོམ་ལྡན་དེ་ཉིད་རྣལ་འབྱོར་པས། །རྡོ་རྗེ་ཁྲོ་བོ་བསྒྱུར་ནས་ཕྱུང༌། །དཔལ་ལྡན་ཁྲག་འཐུང་རྡོ་རྗེ་ཆེ། །འབར་བས་ཐལ་བ་རབ་ཏུ་འཇིགས། །སེམས་དཔའ་སྔོན་པོ་འབར་བའི་ངང་།འོད་ཀྱི་དཀྱིལ་འཁོར་དམར་པོ་འབར། །འཇིགས་པའི་དུས་ཀྱི་མེ་དང་མཚུངས། །འབར་བ་ཆེན་པོའི་སྐྲ་འབར་བ། །ཐོད་པའི་དབུ་རྒྱན་གྱིས་མཛེས་པའོ། །ལེགས་པར་འཇིགས་མཛད་སངས་རྒྱས་སྐལ་བཟང་ཁྲོ་བོའི་མིང་ནི་ཧེ་རུ་ཀ །ཕྱོགས་རྣམས་བདུད་རྣམས་ཐལ་བར་འཇིག་མཛད་འདི་ནི་སྐྱེ་དགུའི་བདག་པོ་སྟེ། །རྟག་ཏུ་དགའ་བ་དང་ལྡན་གར་མཛད་འགྱིང་དང་ཅས་པའི་སྐུ། །གླང་ཆེན་རུས་པ་སྣ་ཚོགས་རྒྱན་བཀླུབས་དུར་ཁྲོད་ཡན་ལག་ཅན། །ཞལ་ལྔ་ཕྱག་ནི་བཅུ་པ་ལ། །ཁ་དོག་སྔོ་ཞིང་འཇིགས་པ་ཡི། །སྤྱན་གསུམ་སྨིན་མ་སེར་བ་སྟེ། །ལུས་ལ་ཐལ་བས་ཉེ་བར་


DTG027_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱུགས། །མཆེ་བ་ཅུང་ཟད་གཙིགས་པ་ལ། །གར་དགུ་ཡི་ནི་ཚུལ་དང་ལྡན། །རང་འོད་ཞལ་གཅིག་ཕྱག་གཉིས་པའི། །ཤེས་རབ་དགའ་བས་གཅིག་མཛེས་པའོ། །གནག་ཅིང་སེར་ལ་དམར་ཞིག་ལྗང༌། །གཡོན་སྐོར་གྱིས་ནི་ཞལ་བཞི་ཡིན། །དཀར་ཞིང་ཞི་བ་སྟེང་ཞལ་སྟེ། །ཕུང་པོའི་བདུད་རྣམས་རབ་ཏུ་བཅིངས། །ན་རའི་པགས་པའི་གོས་འཆང་ཞིང༌། །གཉིས་ཀྱིས་རྡོ་རྗེ་དྲིལ་བུར་བཅས། །ཐོད་པ་ཁ་ཊྭཱཾ་ག་འཛིན་པ། །གློ་སྒང་གཉིས་པོར་འཛིན་པ་ཡིན། །གཉིས་ཀྱིས་ལྕགས་ཀྱུ་ཞགས་པ་སྟེ། །གཉིས་ཀྱིས་ཅང་ཏེའུ་ཐོད་པ་འཆང༌། །མགོ་གཉིས་སྟེང་དུ་ཧེ་རུ་ཀ །ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས། །བརླ་གཉིས་མཉམ་པར་གཞག་ནས་ནི། །བདེ་བ་ཆེན་པོའི་གོ་འཕང་གནས། །གཡོན་པས་ཐོད་པ་ཁ་ཊྭཱཾ་འཆང༌། །གཡས་པས་བ་དང་གསུམ་པའོ། །ཨིནྡྲ་ནཱི་ལའི་ཁ་དོག་ལ། །དུར་ཁྲོད་དུ་བ་ལྟ་བུ་སྟེ། །ཨུཏྤལ་སྔོན་པོའི་འདབ་འདྲ་བའི། །ན་ཚོད་མཛེས་ཤིང་སྒེག་པའོ། །དེ་ལྟའི་ལྷ་མོ་དང་མཉམ་པའི། །ཇི་ལྟར་ཁྲོས་པར་གྱུར་པ་ནི། །དེ་ཉིད་དུ་ནི་བཀུག་བྱས་ཏེ། །ཕུན་སུམ་ཚོགས་པའི་ཁྲག་འཐུང་བསྐྱེད། །བརྒྱད་པའི་མཐའ་ནི་ཐིག་ལེར་བཅས། །དབྱངས་ཡིག་ལྔ་དང་མཉམ་ལྡན་པ། །ཧཱུཾ་ཡིག་གཙོ་བོར་གྱུར་པ་ལས། །གཽ་རཱིའི་དཀར་མོ་དབྱུང་བར་བྱ། །མདུན་དུ་གཞུ་དང་མདའ་འཛིན་ཅིང༌། །ཚངས་པའི་མགོ་བོ་འབིགས་པར་བྱེད། །ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང༌། །ཕྱག་བཞི་ཡིས་ནི་རྣམ་པར་མཛེས། །གར་གྱི་སྦྱོར་བ་ལ་གཟིགས་ཤིང༌། །གཡས་བརྐྱང་པ་ཡིས་རྣམ་པར་བཞུགས། །གསུམ་པ་ཡི་ནི་གསུམ་པ་ལ། །འོག་ཏུ་དེ་ཉིད་སྦྱོར་བ་ཡི། །ཚོགས་བཅས་ལ་ནི་ཆོམ་རྐུན་མ། །གཡས་སུ་ཁ་དོག་དམར་མོ་སྟེ། །འཁོར་ལོ་སྲིད་གསུམ་བརྒལ་སྡིགས་མཛུབ། །གཡས་གཉིས་པར་ནི་ལྕང་ལོ་སྟེ། །གཡོན་པ་སྡིགས་མཛུབ་ཕྱག་རྒྱ་ལ། །དེ་བཞིན་གཡོན་པ་བ་དན་ནོ། །གཉིས་པ་ཡི་ནི་སྤྱང་བ་ལས། །ཟླ་བའི་ཁ་དོག་རྨད་བྱུང་བའི། །རོ་ལངས་མ་ནི་གཡོན་དུ་སྟེ། །ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས། །


DTG027_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདུད་རྩི་ཆེན་པོ་ལྟུགས་མཛད་ནས། །སྔ་མ་བཞིན་དུ་ཐལ་མཛད་ཅིང༌། །སླར་ཡང་སློང་བར་མཛད་པ་ཡིས། །ལྕང་ལོ་ཡང་ནི་གཉིས་པ་སྟེ། །གཡས་པ་གཞན་ནི་རྒྱལ་མཚན་ཡིན། །རྡོ་རྗེ་ཡིས་ནི་མཚན་གྱུར་པའི། །གཡོན་གཉིས་པ་ན་ཁ་ཊྭཱཾ་གའོ། །ལྔ་པ་ཡི་ནི་དང་པོ་ལ། །ལྔ་པ་ཡིས་ནི་ལྡན་པར་བྱ། །འདི་ནི་ས་བོན་རྒྱལ་པོ་སྟེ། །ཐིག་ལེ་བཅས་ལས་འདི་ནི་འབྱུང༌། །པུཀྐ་སཱི་ནི་མེ་མཚམས་སུ། །གཟུགས་མཛེས་ཟླ་བའི་ཁ་དོག་ལ། །དཀར་བའི་ལུས་ལ་ཞལ་སྔོ་བ། །གཡོན་བརྐྱང་བ་ཡིས་བཞུགས་པར་མཛད། །ལྕང་ལོ་དང་ནི་བ་དན་བཅས། །གཡས་དང་དེ་བཞིན་གཡོན་པར་ཏེ། །དཔག་བསམ་ཤིང་གི་ལྕུག་མ་དང༌། །ཁ་ཊྭཱཾ་ག་ནི་སྔོན་བཞིན་ནོ། །གསུམ་པ་ཡི་ནི་དང་པོ་ལ། །ཐིག་ལེ་དང་ནི་ལྡན་པ་ལས། །གཏུམ་མོ་ཁ་དོག་སྔོན་མོ་ནི། །བདེན་བྲལ་གྱི་ནི་མཚམས་སུ་གནས། །གཡས་བརྐྱང་པ་ཡིས་གནས་པ་སྟེ། །ཕྱག་གཉིས་ཤ་དང་བཏུང་བ་འཛིན། །དུར་ཁྲོད་མེ་དང་རྒྱལ་མཚན་ཐབ། །རྟག་ཏུ་གཡོན་པ་མཛེས་པའོ། །དང་པོ་ཡི་ནི་གཉིས་པ་ལ། །ཐིག་ལེས་རྣམ་པར་བརྒྱན་པ་སྟེ། །ས་བོན་དེ་ལས་ཟ་ཕོད་མ། །ཁ་དོག་ལྗང་ལ་ཅུང་ཟད་སྐྱ། །རླུང་མཚམས་གཡོན་བརྐྱང་བས་བཞུགས་ཤིང༌། །ཕྱག་གཉིས་ཀྱིས་ནི་གར་མཛད་མ། །གཡས་གཡོན་གཉིས་ཀྱི་འོག་མ་ཡིས། །ལྕང་ལོ་དེ་བཞིན་རྒྱལ་མཚན་འཛིན། །གཉིས་པ་ཡི་ནི་དང་པོ་ལ། །ཐིག་ལེ་དང་ནི་ལྡན་པ་ལས། །ལས་ཀྱི་ཕྱག་རྒྱ་དབང་ལྡན་དུ། །ཧེ་རུ་ཀ་དཔལ་ཞལ་གཅིག་སྟེ། །གླང་པོའི་ཐོད་པས་དབུ་བརྒྱན་ཅིང༌། །སྐུ་ཆེ་འཇིགས་པར་མཛད་པ་མོ། །ཕྱག་གཉིས་རྡོ་རྗེ་ལྕང་ལོ་དང༌། །སྣ་ཚོགས་རྡོ་རྗེ་ཐོད་པའོ། །ཐམས་ཅད་ནམ་མཁའི་གོས་འཆང་ཞིང༌། །སྒེག་པ་ལ་སོགས་ཉམས་དང་ལྡན། །རྒྱུ་མའི་རྒྱུ་ཐོད་ཆེན་པོ་ཡི། །ཕྲེང་བས་ལུས་ལ་རྣམ་པར་བརྒྱན། །ཞལ་གཅིག་མ་ལ་སྤྱན་གསུམ་མ། །སྒེག་པའི་རྒྱན་གྱིས་བརྒྱན་པ་སྟེ། །ཐམས་ཅད་མཛེས་པས་ཕུན་ཚོགས་ཤིང༌། །འཛུམ་ཞིང་རྣམ་པར་འཛུམ་པའི་ཞལ། །ཞི་བ་དྲག་པོར་རབ་རྨོངས་གཏུམ། །དགའ་ཞིང་གར་བྱེད་འགྱུར་


DTG027_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་བཅས། །ཤི་བ་བུང་བ་ལྟ་བུ་ཡི། །ཞལ་གྱི་ཕྱག་རྒྱ་རྣམ་པར་གནས། །ཞི་དང་དྲག་པོ་རྨོངས་བྱེད་དང༌། །གར་བྱེད་བསྒྱིངས་ཤིང་ལྟ་བར་མཛད། །ཡི་གེ་བཞི་ལས་བྱུང་བ་ཡི། །ཕྱི་རོལ་མཚམས་ཀྱི་ལྷ་མོ་ནི། །སོ་སོར་རང་གི་ལྷག་པའི་ལྷ། །རང་གི་ཕྱག་རྒྱས་རོལ་པ་ཡིས། །པི་ཝང་ལ་སོགས་སྔགས་རྣམས་ནི། །ཧ་ཧོ་ཧྲཱིཿཧཱུཾ་འདི་རུ་གནས། །ཨ་ཨཱཿཨཾ་ཨ་འདི་སྔོན་བཞིན། །མེ་ཏོག་སོགས་སུ་བརྟག་པར་བྱ། །དེ་རྣམས་ནང་གི་ཕྱོགས་གྱུར་པ། །རྡོ་རྗེ་མེ་ཏོག་སོགས་དེ་བཞིན། །ཛཿཧཱུཾ་པཾ་ཧོཿའྡི་ལས་ཀྱང༌། །སྒོ་སྲུང་རྣམས་ནི་འབྱུང་བ་ཡིན། །རིང་དུ་འགྲོ་སོགས་དེ་དག་གི །ཁ་དོག་མཚན་མ་བརྗོད་པར་བྱ། །གླིང་བུ་མ་ནི་དམར་མོ་ལ། །གླིང་བུའི་སྒྲ་ནི་དར་བརྩོན་མ། །པི་ཝང་མ་ནི་དཀར་མོ་ལ། །པི་ཝང་ལ་ནི་མངོན་པར་བརྩོན། །རྫ་རྔ་མོ་ནི་དཀར་མོ་ལ། །མུ་ཀུནད་ནི་དེ་བཞིན་ལྗང༌། །ལྷ་མོ་དེ་རྣམས་ནང་ནས་ནི། །མེ་ཏོག་སྤོས་དང་མར་མེ་དྲི། །དཀར་དང་དུ་བ་ལྟ་བུ་དང༌། །གསུམ་པ་གསེར་གྱི་མདོག་ཅན་ཏེ། །དྲི་མ་དམར་མོ་གུར་གྲུམ་གྱི། །ཅུང་ཟད་རབ་ཏུ་འདྲེས་པའོ། །ཤར་གྱི་ཕྱོགས་ཀྱི་སྒོ་རུ་ནི། །རིང་དུ་འགྲོ་མ་ལྕགས་ཀྱུ་འཆང༌། །གཡོན་པས་ལྕུང་མ་འཛིན་པ་ལ། །ཅུང་ཟད་ཁྲོ་དང་བཅས་པའོ། །ནག་མོ་འགུགས་པར་བྱེད་མ་ལ། །གཡོན་བརྐྱང་པ་ཡིས་གནས་པའོ། །ལྷོ་ཡི་ཕྱོགས་ཀྱི་སྒོ་རུ་ནི། །སེར་མོ་རྡོ་རྗེ་གདོང་ཅན་མ། །གཡོན་བརྐྱང་བ་ཡི་གནས་པས་བཞུགས། །ལྕགས་ཀྱུ་ཁ་དོག་སེར་མོ་འཛིན། །གཡོན་པས་མཆེ་བ་འཛིན་པ་སྟེ། །རྡོ་རྗེ་གདོང་ཅན་ཞེས་བྱ་བ། །བཀུག་པ་རྣམས་ནི་རབ་འཛུད་པའོ། །དེ་ནས་ནུབ་ཕྱོགས་སྒོ་རུ་ནི། །རྡོ་རྗེ་སྒྲོག་མ་རབ་ཏུ་གནས། །ཕྱག་གཉིས་ཉི་མ་ཟླ་བ་འཛིན། །དེ་དག་དབུས་ན་ལྕགས་སྒྲོག་སྟེ། །འདི་ནི་དམར་ཞིང་འཆིང་བར་མཛད། །གཡས་བརྐྱང་བ་ཡིས་བཞུགས་པའོ། །མགོན་པོ་ཕྱག་ནི་བཅུར་བརྗོད་ཅིང༌། །ཕྱག་གཉིས་མ་ཡིས་མགུལ་ནས་འཁྱུད། །ཕྱག་བཞིར་ལྡན་པའི་ལྷ་མོ་ནི། །བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །མེ་ཏོག་གླིང་བུའི་རིམ་པ་ཡིས། །དེ་ལས་གཞན་དུ་གར་བྱེད་ཅིང༌། །སྒོ་བཞི་དག་ཏུ་


DTG027_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་པས་ནི། །ཀུན་ནས་ཡོངས་སུ་བསྲུངས་པའོ། །འདི་རྫོགས་དཀྱིལ་འཁོར་བདག་ཉིད་དེ། །རིགས་ལྔ་ཡི་ནི་བྱིན་གྱིས་བརླབས། །མིག་ལ་སོགས་པ་བྱིན་བརླབས་ཏེ། །དབང་བསྐུར་བ་ནི་བླང་བར་བྱ། །མིག་ལ་སངས་རྒྱས་བྱང་ཆུབ་སྟེ། །གཟུགས་ནི་འདོད་པའི་ལྕུག་མ་ཡིན། །ཉན་པར་རྡོ་རྗེ་གླིང་བུ་སྟེ། །སྒྲ་ལ་རྫ་རྔ་མ་རུ་གྲགས། །སྣ་ལ་རྡོ་རྗེ་མེ་ཏོག་སྟེ། །དྲི་ལ་དྲི་ཡི་རྣམ་པར་གྲགས། །ལྕེ་ལ་རིང་དུ་འགྲོ་མ་སྟེ། །རོ་ལ་ཐལ་བ་འཇིགས་མའོ། །ལུས་ལ་དེ་བཞིན་ན་རེག་བྱ་ལ། །ཕྲ་མོ་ཧ་མིང་རྣལ་འབྱོར་མ། །ཡིད་ལ་བདེ་མཆོག་མར་བརྗོད་དེ། །ཆོས་ལ་རི་བོང་ཅན་མའོ། །ཕུང་པོ་རྒྱལ་བ་ལྔར་བརྗོད་དོ། །ས་ལ་ཁམས་གསུམ་རྣམ་རྒྱལ་མ། །ས་ཡི་ཁམས་ལ་གནས་པ་ནི། །དེ་བཞིན་ལྷ་མོ་ཨཱ་ལོ་ཀེ། །མེ་ཡི་ཁམས་ལ་མར་མེ་མ། །རླུང་ལ་མུ་ཀུནད་རུ་གྲགས། །མིག་གི་རྣམ་ཤེས་ཁམས་ལ་ནི། །ཆོས་ཀྱི་འཁོར་ལོ་མ་རུ་བརྗོད། །རྣ་བའི་རྣམ་ཤེས་ཁམས་ལ་ནི། །རྡོ་རྗེ་པི་ཝང་མ་རུ་གྲགས། །སྣ་ཡི་ཁམས་ཀྱི་རྣམ་ཤེས་ལ། །རྡོ་རྗེ་ཡིད་ནི་འཕྲོག་མའོ། །ལྕེ་ཡི་རྣམ་ཤེས་ཁམས་ལ་ནི། །རྡོ་རྗེ་གདོང་ཅན་ལྷ་མོ་བརྗོད། །ལུས་ཀྱི་རྣམ་ཤེས་ཁམས་ལ་ནི། །ལྷ་མོ་ཕྱག་རྒྱའི་རྒྱ་ཡིས་གདབ། །ཡིད་ཀྱི་རྣམ་ཤེས་ཁམས་ལ་ནི། །ལྷ་མོ་ཨེ་མ་བདེ་བར་གནས། །གཽ་རཱའི་དེ་བཞིན་པྲ་མོ་ཧ། །དེ་བཞིན་གཏུམ་མོ་པུཀྐ་སཱི། །ཟ་ཕོད་མར་བརྗོད་དེ་བཞིན་དྲི། །གཏི་མུག་རྡོ་རྗེ་རྒྱ་ཡིས་གདབ། །ཆོམ་རྐུན་རོ་ལངས་མ་ནིང་དང༌། །གླིང་བུ་དེ་བཞིན་པི་ཝང་དང༌། །དེ་བཞིན་ལྷ་མོ་རྫ་རྔ་མ། །ཞེ་སྡང་ཕྱག་རྒྱ་རྒྱ་ཡིས་གདབ། །ཡིད་ཀྱི་རྣམ་ཤེས་ཁམས་ལ་ནི། །ལས་ཀྱི་ཕྱག་རྒྱ་མར་མེ་ཉིད། །ལྷ་མོ་བཅོམ་ལྡན་རིམ་གྲོ་མ། །དེ་བཞིན་ལྷ་མོ་རྡོ་རྗེ་གདོང༌། །ཐལ་བས་རབ་འཇིགས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱའི་རྒྱ་ཡིས་གདབ། །མུ་ཀུནད་དང་མེ་ཏོག་སྤོས། །སེར་སྣའི་ཕྱག་རྒྱའི་རྒྱ་ཡིས་གདབ། །འཇིག་རྟེན་གསུམ་ནི་རབ་སྒྲུབ་པ། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ། །འཇིག་རྟེན་གསུམ་གྱི་སྟོན་པ་པོ། །འཇིག་རྟེན་གསུམ་ལ་སྐྱིད་སྦྱིན་མ། །རྡོ་རྗེ་འཛིན་ཆེན་དཔལ་


DTG027_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ། །སེམས་དཔའི་སྐལ་བ་བཟང་པོ་ཡིས། །དཔལ་ལྡན་སངས་རྒྱས་ཐམས་ཅད་ཀྱི། །རིན་པོ་ཆེ་ཡི་ཕུང་པོ་ཡིས། །ལྷ་ཡི་དབུ་རྒྱན་ཞེས་བྱ་བས། །བདག་ལ་དབང་བསྐུར་མཛད་དུ་གསོལ། །དེ་ནས་ཐོད་ཕྲེང་དབུ་རྒྱན་དང༌། །སངས་རྒྱས་གཙུག་ཏོར་དེ་བཞིན་ནོ། །དེ་ནས་ལྷ་མོས་མཆོད་བྱས་ཏེ། །གླུ་ཡི་རོལ་མོས་མཆོད་པར་བྱ། །རྗེས་སུ་ཆགས་པའི་པདྨོ་ཡི། །དགའ་བའི་པདྨོ་རྣམ་དག་པས། །མཆོད་པ་གསལ་བའི་རྗེས་སུ་མཆོད་བྱས་པས། །མཆོག་ཏུ་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། །ཀྱེ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་བདེ་བ་ཉིད། །མཆོག་ཏུ་བདེ་བ་སྐལ་བཟངས་མཆོག་དགྱེས་པ། །ཀྱེ་མ་མཆོག་ཏུ་གསང་བའི་བདག །རང་གི་དམ་ཚིག་སྐྱོན་མེད་བདག་ལ་རོལ་ཅིང་རོལ་ཅིག་ཧོ། །ཡེ་ཤེས་ལྔ་ཡི་བདུད་རྩི་མཆོག །བཏུང་བ་དེ་ནས་དབུལ་བར་བྱེད། །མཆོག་ཏུ་གསང་བའི་ལྷ་མོ་ནི། །འོད་དང་འཁྱུད་པ་ལ་སོགས་ཀྱིས། །སྐལ་བཟངས་དེ་ནི་ཆགས་མཛད་ཅིང༌། །སྐྱེས་བུའི་ཚུལ་དུ་རོལ་པར་མཛོད། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ལྷ་མོ་ཆེན་མོས་མགུལ་ནས་འཁྱུད། །སྐུ་ཡི་རྗེས་སུ་འཇུག་པར་མཛད། །ལྷ་མོ་ཀུན་དང་མཉམ་ལྡན་པའི། །དེ་ནི་ཁྱབ་བདག་འཆོད་པར་བྱེད། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །བཙུན་མོ་ཀུན་ལ་ལོངས་སྤྱོད་མཛོད། །པད་རྩའི་སྐུད་པའི་སྦྱོར་བ་ཡིས། །ཕྲ་མོའི་རྣལ་འབྱོར་སྦྱོར་བར་བྱ། །ཕྱག་རྒྱ་ཆེན་མོ་གསལ་འབར་མ། །གནས་ལ་སོགས་པར་གཤེགས་པ་མོ། །སྡིག་མེད་ཞེ་སྡང་ཅན་གུས་པས། །རྣལ་འབྱོར་མ་ནི་ཀུན་གྱིས་བསྒོམ། །ཁྲག་འཐུང་གི་ནི་རང་བཞིན་གྱིས། །འགྲོ་བ་རྩ་བཞིན་བལྟ་བར་བྱ། །དེ་ཡི་བྱིན་རླབས་སྦྱོར་བ་ཡིས། །ལེ་ལོ་མེད་པར་བཟླས་པར་བྱ། །གང་ཞིག་བླ་མས་བཀའ་གནང་བ། །དེ་ནས་ལེགས་པར་སྦྱར་བྱས་ཏེ། །ལས་གང་གིས་ནི་སྔགས་ཀྱིས་ཀྱང༌། །གཞན་དུ་མཁས་པ་ཉོན་མོངས་འགྱུར། །དང་པོ་རབ་སྔགས་བརྗོད་པར་བྱ། །སྙིང་པོ་དེ་བཞིན་ཧེ་རུ་ཀ །རྡོ་རྗེ་དམ་ཚིག་མཉམ་ལྡན་པ། །རྡོ་རྗེས་གཏུམ་


DTG027_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཐམས་ཅད་དོ། །དམ་ཚིག་ཅེས་བྱ་ཕྱག་རྒྱ་སྟེ། །དེ་ནས་ཉིད་དུ་རབ་མཛེས་པ། །ཧཱུཾ་ཡིག་དེ་ནས་བརྗོད་བྱ་སྟེ། །རུ་ལུའི་སྒྲ་གཉིས་བརྗོད་པར་བྱ། །ཨེ་ཧྱེའི་སྒྲ་གཉིས་དེ་བཞིན་ཏེ། །དེ་ནས་ཧཱུཾ་ཕཊ་གདོན་པར་བྱ། །བཅོམ་ལྡན་འདས་ཀྱི་སྔགས་སོ། །ཨོཾ་བཛྲ་གྷུ་ཧ་སི་ཏི་ཞེས། པར་མེ་ཞེས་དེ་ནས་བརྗོད། །ཡོ་གི་ཤྭ་ར་ཀ་པ་ལ། །མ་ར་ད་རེ་ནེ་ཡ་བརྗོད། །རུདྷི་ར་ཞེས་པ་ཡིས་ཞེས། །དེ་ནས་སྨ་ཤ་ན་ཞེས་བརྗོད། །ཝ་ས་ན་ཞེས་དེ་ནས་བརྗོད། །ཧཱུཾ་ཕཊ་ཡི་གེ་མཐའ་རྟེན་ནོ། །གཽ་རཱི་ཕྱག་འཚལ་བཛྲ་དང༌། །དེ་རྗེས་ཙཎྜེ་ཤྭ་རི་བརྗོད། །ཀ་ཀལ་མ་ལ་ཀུ་མུ་ཏི། །ཨ་ཀ་ཏེ་ཞེས་ལན་གཉིས་བརྗོད། །སརྦ་དུཥྚ་སྙིང་པོར་བཅས། །ཧཱུཾ་དང་རུ་ལུའི་ཚིག་གཉིས་བརྗོད། །ཧེ་རུ་ཀ་ལ་བོད་བྱ་སྟེ། །ཧཱུཾ་ཕཊ་ཨ་ཡིག་མཐའ་རྟེན་ནོ། །རྐུན་མོ་རྣམ་སྣང་ཚོགས་ཚིག་གཞན། །བཛྲ་ཨ་བར་ཙི་དམ་ཚིག །པ་རུ་གྷུ་ཧ་ཀ་པ་ལ། །མ་ལ་བྷར་ན་བུ་ཤིན་ཏེ། །སརྦ་དུཥྚན་ཞེས་བརྗོད་དོ། །མོ་ཧ་ནི་ཞེས་སྲི་ཡེ་གཞན། །ཨེ་ཧི་ཨེ་ཧི་ཡང་དག་བརྗོད། །སརྦ་དུཥྚན་ཝོ་ར་ནི། །ཧཱུཾ་ཕཊ་ཡི་གེ་བརྗོད་པར་བྱ། །རྨོངས་བྱེད་ལྷ་མོ་དྲན་བྱ་སྟེ། །ཕྲ་མོ་ཧ་ལ་ཨོཾ་ཞེས་བརྗོད། །བཛྲ་པི་ཏ་ལ་ཡི་སྒྲ། །ཕྱི་ནས་སྔགས་ཡིག་ཁ་གཉིས་སོ། །སརྦ་དུཥྚ་ཞེས་བརྗོད་དེ། །བིགྲི་ཏ་ཝོ་ཤ་ད་རེ་ནི། །བི་ཏྲི་ཏེ་ཨ་ལཾ་ཀ་རའི་ཚིག །མོ་ཧ་ནའི་ཚིག་གཉིས་བརྒྱན་ཏེ། །སྤྱང་བར་བྱས་ཏེ་བཀླུག་པར་བྱ། །ད་ཧ་ན་བཅས་པ་ཙ་དང༌། །པ་ཙ་ཡ་ཏི་གཉིས་དག་ནི། །མ་བི་ལཾ་པའི་ཚིག་ནི་གཅིག །ས་མ་ཡ་དེ་ཕྱི་ནས་བཟླས། །ཨ་ནུ་སྨར་ཡེ་ཤེས་བྱ། །པྲ་བེ་ཤ་ཡ་བཀླག་པར་བྱ། །ཡང་ནི་མན་དང་ཞེས་སུ་བཟླ། །སརྦ་འང་དབུས་སུ་བཞག་པར་བྱ། །ཧཱུཾ་དང་ཕཊ་དང་མཉམ་ལྡན་པའོ། །རིག་བྱེད་རྣམས་ཀྱི་དང་པོ་བཟུང༌། །ཨེ་ཧིའི་ཚིག་ནི་ལན་གཉིས་བཟླ། །བཅོམ་ལྡན་འདས་མ་བོད་པར་བྱ། །རྡོ་རྗེ་གསང་དབང་དེ་བཞིན་ནོ། །རྣམ་པ་དུ་མའི་ཚུལ་འཛིན་པའི། །གཟུངས་མ་ལ་ནི་བོད་པར་བྱ། །སརྦ་ཏ་ཐཱ་ག་ཏའི་ཚིག །ཛྙུ་ཤའི་སྒྲ་ཡིས་མཆོད་པའོ། །ཨ་ནུས་མ་རེ་དང་བཅས་པའི། །དེ་ནས་ས་མ་ཡ་དྲན་བྱ། །ཧ་ན་ར་གའི་ཚིག་བསྐོར་བཅིང༌། །རཾ་ག་པ་རི་པུ་ར་ཡ། །ཨཱ་བེ་ཤ་ཡ་


DTG027_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལན་གཉིས་བརྗོད། །སརྦ་བྷཱུ་ཏྲཾ་དེ་ནས་བཟླ། །ནརྟ་ནརྟ་པ་ཡ་གཉིས། །ཧ་གཉིས་ཅོག་དྲག་བཅས་པའོ། །ཀ་ཧའི་སྒྲ་ནི་ལན་གཉིས་བཟླ། །དེ་ནས་ཧཱུཾ་ཕཊ་བཟླ་བར་བྱ། །པུཀྐ་སཱི་ལ་ཨོཾ་ཞེས་བརྗོད། །བཛྲ་དྷཱུ་པ་ཨགྣེ་བཟླས། །བྷི་ཏ་བྷི་ཏ་ཡང་དག་བརྗོད། །སརྦ་དུཥྚན་ཞེས་སྙིང་པོ། །ཨཱ་ཀཱཪྵ་ཡི་ཚིག་གཉིས་སོ། །ཧ་ནའི་ཚིག་དང་ད་ཧའི་ཚིག །པ་ཙ་ནིརྨ་ཐ་མཱ་ར་ཡ། །མ་བི་ལམྦ་ད་ན་བཅས། །ས་མ་ཡ་ནི་ལན་གཉིས་བརྗོད། །ཧཱུཾ་ཕཊ་ཡི་གེ་ལེགས་བརྗོད་དེ། །ཙཎྜ་ལཱི་སྔགས་བཏུ་བར་བྱ། །ཕྱག་འཚལ་བ་དང་བཛྲའི་སྒྲ། །མ་ཧེ་མ་ཧེ་ཤྭ་རར་ལྡན། །ཧ་ནི་ཚེག་དྲག་བཅས་པ་སྟེ། །ཧ་ཧཱུཾ་ཧ་ནི་ལན་བཞིར་བརྗོད། །རུ་ལུའི་སྒྲ་ནི་གཉིས་བརྗོད་དོ། །ཧཱུཾ་གཉིས་བྷཀྵ་སྤྱང་བར་བྱ། །ནིརྨ་ཐི་ནི་ཀུན་ལ་བརྗོད། །དེ་ནས་སྙིང་པོ་ཧཱུཾ་ཕཊ་བཟླས། །སྒྲ་གཉིས་སྭཱཧཱ་མཉམ་སྦྱར་ཏེ། །གྷསྨ་རཱི་ལ་སོགས་བསྒྲུབ་བྱ། །གྷསྨ་རཱི་ལ་ཨོཾ་བཟླས་ཤིང༌། །སུཾ་བྷ་ནི་ཞེས་སྦྱར་བར་བྱ། །དི་པ་ཏ་སྒྲ་ས་མ་ཡ། །བརྗོད་ཅིང་བཛྲ་ཧཱུཾ་ཕཊ་བཟླ། །གང་ཞིག་ཕག་མོའི་སྔགས་བརྗོད་པ། །ལས་ཀྱི་ཕྱག་རྒྱའི་སྔགས་སུ་བརྗོད། །གཞན་གྱི་སྔོན་གྱི་སྙིང་པོ་ནི། །རང་གི་མིང་བཅས་བོད་པ་ནི། །སྔགས་སུ་རྣམ་པར་གཞག་བྱ་སྟེ། །ཨོཾ་དང་ཧཱུཾ་ཕཊ་ཐོག་མར་རོ། །དེ་ནས་མེ་ཏོག་སོགས་ཀྱིས་མཆོད། །སྔོན་བརྗོད་པ་ཡི་རིམ་པ་ཡིས། །གཏོར་མ་ཤ་ནི་ཐམས་ཅད་དང༌། །བཟའ་དང་བཏུང་བར་མཉམ་ལྡན་པ། །འབྱུང་པོ་ཀུན་གྱི་གསང་སྔགས་སམ། །ཨ་ར་ལི་སོགས་སྔགས་ཀྱིས་དབུལ། །དེ་ནས་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེས། །སློབ་མ་རྣམས་ནི་གཞུག་པའི་ཕྱིར། །བདེན་པ་འདི་ཡིས་གསོལ་བཏབ་བྱ། །ཆོས་ཀུན་སྒྱུ་མ་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་ཉིད་ལ་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ཡིས། །ཀུན་གྱི་དྲི་མ་མེད་མཐོང་ཤོག །དེ་ལྟར་གསོལ་བཏབ་དེ་རྗེས་སུ། །སློབ་མ་རྣམ་སྣང་དུ་དམིགས་ཏེ། །དཀྱིལ་འཁོར་དུ་ནི་གཞུག་པའི་ཕྱིར། །བླ་མ་ལ་ནི་


DTG027_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡོན་དབུལ་བྱ། །ཡོལ་བ་ཡི་ནི་ཕྱི་རོལ་ནས། །ཡོན་གྱི་མཆོག་ནི་བླང་བྱ་སྟེ། །ཀུན་དུ་སྣ་ཚོགས་བླ་མ་ལ། །ཡོན་གྱི་མཆོག་ནི་དབུལ་བར་འོས། །གང་ལ་ཡོངས་སུ་བཏང་དཀའ་གང༌། །དེ་ནི་ཡོན་གྱི་མཆོག་ཏུ་བཤད། །གང་དང་གང་ནི་སྡུག་པའི་མཆོག །ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དང་དེ་ནི་བླ་མ་ལ། །དེ་ཉིད་མི་ཟད་འདོད་པས་དབུལ། །ཡང་ན་ཅི་བཞེད་འགྱུར་བའམ། །འོན་ཏེ་ཐུགས་ལ་དགོངས་པ་དག །དེར་དབུལ་ཡང་ན་དགོས་པ་བྱ། །གལ་ཏེ་ཡང་ན་དེ་མཆོག་བདག །དེ་དབུལ་བ་ནི་མཆོག་ཡིན་ནོ། །བུ་མོ་ཤིན་དུ་བརྒྱན་པའམ། །དེ་བཞིན་ཆུང་མ་སྡུག་པ་དག །ཕུལ་ནས་རིན་གྱིས་སླུ་བདག །སངས་རྒྱས་བྱང་ཆུབ་མཆོག་ཡིན་ནོ། །ཕྱུགས་ཆེན་དག་ཀྱང་འབུལ་བྱེད་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །སློབ་མ་བདག་ཉིད་དུ་བསམས་ཏེ། །དེ་ནས་ཐམས་ཅད་བསྒྲུབ་པར་བྱ། །ཨ་ཁཾ་བཱི་ར་ཧཱུཾ་ཞེས་པས། །མེ་ཏོག་ཕྲེང་བ་འཛིན་བཅུག་སྟེ། །དར་གྱིས་མིག་གཉིས་བཀབ་བྱས་ལ། །བུམ་པའི་ཆུ་ཡིས་བསང་བར་བྱ། །ཀྱེ་ཧོ་སུ་ཞིག་བྱ་བའི་སྒྲས། །དེ་ནས་གཞུག་ཕྱིར་དྲ་བྱ་སྟེ། །བདེ་བ་ཆེན་པོ་སྐལ་བཟང་བདག །འཇུག་པས་ཀྱང་ནི་སྨྲ་བར་བྱ། །སློབ་མའི་སྙིར་གར་རྡོ་རྗེ་ནི། །བཞག་ནས་འདི་སྐད་བརྗོད་པར་བྱ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་དཱ་ཡ་མི། །སུ་ར་ཏེ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ། དེ་སྐད་བྱང་ཆུབ་སེམས་བསྐྱེད་དེ། །ཡང་ན་འདི་ལྟར་བརྗོད་པར་བྱ། །དེང་ཁྱོད་དེ་བཞིན་གཤེགས་གྱུར་པ། །ཐམས་ཅད་ཀྱིས་ནི་བྱིན་རློབ་ཀྱིས། །ཁྱོད་ནི་དེ་བཞིན་གཤེགས་ཀུན་གྱིས། །མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ། །མ་ཞུགས་པ་ལ་མ་སྨྲ་ཞིག །མི་དད་པར་ཡང་མ་བྱེད་ཅིག །ཅེས་ནི་དེ་ལྟར་བརྗོད་པར་བྱ། །ཛཿཧཱུཾ་བཾ་ཧོཿཞེས་བྱ་འདིས། །སློབ་མ་ཡོལ་བའི་ནང་ཁྲིད་དེ། །འཇུག་འགྱུར་དཀྱིལ་འཁོར་ཤར་སྒོ་རུ། །གཞག་ལ་འདི་སྐད་བརྗོད་པར་བྱ། །དེང་ཁྱོད་དེ་བཞིན་གཤེགས་རིགས་ཀྱི། །རིགས་སུ་ཞུགས་ཏེ་དེ་བས་ན། །ང་ཡིས་ཁྱོད་ལ་རྡོ་རྗེ་ཡི། །ཡེ་ཤེས་བསྐྱད་པར་བྱ་བ་སྟེ། །ཁྱོད་ནི་ཡེ་ཤེས་གང་ཞིག་གིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དངོས་གྲུབ་ཀྱང་ནི་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་


DTG027_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགོས། །ཁྱོད་ཀྱང་ཡང་འདི་དཀྱིལ་འཁོར་ནི། །མཐོང་མིན་རྣམས་ལ་མ་སྨྲ་ཞིག །འོན་ཏེ་སྨྲ་བར་གྱུར་ན་ནི། །དེ་མ་ཐག་ཏུ་དམ་ཚིག་ཉམས། །སྤྱི་བོར་རྡོ་རྗེ་བཞག་ནས་ཀྱང༌། །འདི་སྐད་ཅེས་ནི་བརྗོད་པར་བྱ། །འདི་ཁྱོད་རྡོ་རྗེ་དམ་ཚིག་སྟེ། །གལ་ཏེ་ཁྱོད་ཀྱིས་འདི་སྨྲས་ན། །ཀླད་པ་ངེས་པར་འགས་འགྱུར་ཞིང༌། །དམ་ཚིག་ཉམས་པར་འགྱུར་བ་ཡིན། །མེ་ཏོག་དང་བཅས་རྡོ་རྗེ་ནི། །སྙིང་གར་གཞག་ལ་འདི་སྐད་བརྗོད། །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་གནས་པ་སྟེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་སྐད་བརྗོད་པ་བྱས་ནས་ནི། །མནའ་ནི་རབ་ཏུ་བསྒག་པར་བྱ། །པདྨའི་སྣོད་དུ་གཞག་པ་ལ། །ཡང་ནི་བདུད་རྩི་བསྒྲུབ་བྱ་སྟེ། །བློ་དང་ལྡན་པས་ཡིག་གསུམ་གྱིས། །བྱིན་གྱིས་བརླབས་པར་བྱ་བ་ཡིན། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །སྲུངས་ཤིག་མ་བསྲུང་སྲེག་པར་བྱེད། །བསྲུངས་ན་དངོས་གྲུབ་ཀུན་འགྲུབ་པས། །གྲུབ་པའི་བདུད་རྩི་ཆུ་འཐུངས་ཤིག །ཨོཾ་པཉྩ་ཨ་མྲྀ་ཏེ་ཨུ་ད་ཀ་ཋ་ཧཱུཾ། དེ་ལྟ་བུ་ཡི་སྔགས་ཀྱིས་ནི། །འཐུང་བ་དང་ནི་སྤྱི་བོར་སྦྱིན། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །གཞན་ཁྱོད་དམ་ཚིག་ཉམས་གྱུར་ནས། །དམྱལ་བར་འགྲོ་བར་ལྟུང་འགྱུར་ཏེ། །རྡོ་རྗེ་སྐད་ཅིག་གིས་དབབ་བྱ། །དེ་ལ་འདི་ནི་རིམ་པ་ཡིན། །བུད་མེད་ཁྲག་ལྡན་རས་ལ་ནི། །དེ་ལྟ་བུ་ཡིས་སྔགས་ཀྱིས་ནི། །སྣལ་མ་བྲེགས་ཏེ་བཤད་པ་དང༌། །གུ་གུལ་དང་ནི་མཉམ་པར་བྱ། །ཡི་དྭགས་མེ་ནི་བླང་བྱས་ནས། །དེ་ནི་པདྨའི་སྣོད་དུ་གཞག །དེར་ནི་དེ་ཀུན་བླུགས་བྱ་སྟེ། །ཁྲོ་བོའི་ཆ་འཛིན་སློབ་དཔོན་གྱིས། །གཡོན་བརྐྱང་གིས་ནི་ལེགས་འདུག་ན། །དེ་ནི་བདག་སྦྱིན་བྱ་བ་ཡིན། །དེ་རྗེས་སྤོས་བཞིན་རྡོ་རྗེ་ཅན། །འདིར་ནི་འབེབས་འགྱུར་ཐེ་ཚོམ་མེད། །ཨ་ལ་ལ་ལ་ལ་ཧོ། །སརྦ་ཏ་ཐཱ་ག་ཏ་པི་ཙིད་ཏྲ་ཌཱ་ཀི་ཛེ་ལེ། ཞེས་བྱ་བ་ནི་སྐུ་དབབ་པའོ། །རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱིས་སྒྱུ་མའི་བདེ་མཆོག་སྒྱུ་མ་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱ་བ་ནི་གསུང་དབབ་བོ། །རྣམ་པ་མང་


DTG027_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མ་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བྱ་བས་ཐུགས་དབབ་པའོ། །རྣམ་པ་མང་པོ་སྲོག་གི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མའི་བདེ་མཆོག་སྒྱུ་མས་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་ཤི་ཤི་བི་ཤ་ཧཱུཾ། ཡེ་ཤེས་དབབ་པའོ། །དེ་ནས་མིག་གི་དངོས་པོ་ཅི། །མཐོང་བ་ཡིན་ཞེས་དྲི་བྱ་སྟེ། །དཀར་སེར་དམར་དང་གནག་མཐོང་ན། །ཞི་རྒྱས་དབང་བསད་འགྲུབ་ཅེས་བརྗོད། །དེ་རྗེས་པྲ་ཏིཙྪ་ཧོཿཞེས། །བརྗོད་ནས་མེ་ཏོག་དཀྱིལ་འཁོར་དོར། །དེ་ལྟར་མེ་ཏོག་དོར་བ་ལས། །མཆོག་ལ་སོགས་པའི་དངོས་གྲུབ་བཤད། །བདེ་གཤགས་རྣམས་ཀྱི་སྤྱི་བོའམ། །སྤྱི་གཙུག་མཛོད་སྤུར་ཕོག་གྱུར་ན། །དངོས་གྲུབ་འབྲིང་ནི་ཐོབ་པ་སྟེ། །ཐ་མ་ལ་ཕོག་དངོས་གྲུབ་ཐ། །གཟུགས་བརྙན་ལས་ནི་རིང་འགྱུར་ན། །དུས་རིང་ཉེ་ན་ཉེ་བ་སྟེ། །ལྷ་ཡིས་ལོ་ཙ་ལ་ཕོག་ན། །དེ་བཞིན་དུ་ལང་ཤེས་པར་བྱ། །གལ་ཏེ་ལྷ་གཉིས་པར་ཕོག་ན། །དེ་ལ་མེ་ཏོག་གར་ཉེ་བ། །དེ་དང་དེ་ཡི་རིགས་སུ་ནི། །མཁས་པ་ཡིས་ནི་ཤེས་པར་བྱ། །དཀྱིལ་འཁོར་ཕྱི་རོལ་བབས་གྱུར་ན། །དངོས་གྲུབ་ཕྲན་ཚེགས་ཐོབ་པ་སྟེ། །རེ་ཁཱ་རྣམས་ལ་ཕོག་གྱུར་ན། །སླར་ཡང་བསྐྱར་ལ་དོར་བར་བྱ། །ལན་གསུམ་པར་དོར་དེ་ཉིད་དུ། །བབས་ན་དངོས་གྲུབ་མེད་པ་སྟེ། །ཕྱི་རོལ་རྡོ་རྗེ་ར་བ་ལ། །ཕོག་པར་གྱུར་ན་དངོས་གྲུབ་མེད། །ར་བའི་ནང་དུ་བབ་གྱུར་ན། །ཤིན་དུ་དཀར་པ་ཐོབ་འགྱུར་ཏེ། །འདི་དག་གི་ནི་རིམ་པ་སྟེ། །མེ་ཏོག་དོར་བའི་རིམ་པའོ། །དེ་ནས་མེ་ཏོག་ཕྲེང་བླངས་ནས། །སློབ་མའི་མགོ་ལ་བཅིང་བྱ་སྟེ། །པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ། །མ་ཧཱ་བ་ལ་ཞེས་བརྗོད་བྱ། །མིག་གཉིས་ལ་ནི་ཨོཾ་བསྒོམས་ཏེ། །ཚིགས་བཅད་འདི་ནི་བརྗོད་པར་བྱ། །ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་བྱེད་པ། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེ་མིག་ནི་བླ་ན་མེད། །རྡོ་རྗེ་སློབ་མ་རྣམས་ལ་ནི། །དཀྱིལ་འཁོར་རབ་ཏུ་བསྟན་པར་བྱ། །རང་བཞིན་རྣམ་དག་བདག་གི་ལུས། །རང་བཞིན་གྱིས་ནི་དྲི་མ་མེད། །དཔའ་བོ་པདྨའི་


DTG027_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕོ་བྲང་དུ། །དཀྱིལ་འཁོར་དུ་ནི་བུ་ལྟོས་ཤིག །དེ་ན་ས་གནས་དང་ཉེ་གནས་སོགས། །བདག་གི་ལུས་ཀྱི་དཀྱིལ་འཁོར་གནས། །བྱང་ཆུབ་ཕྱོགས་ཆོས་རྩ་བདུན་གྱི། །ཆོས་ཀྱི་རང་བཞིན་ཁྲག་འཐུང་དཔལ། །ཡན་ལག་དང་ནི་ཡན་ལག་རྣམས། །ཉེ་བར་བསྟན་པ་ཉིད་དུ་བྱ། །བསམ་གྱིས་མི་ཁྱབ་པ་ཡི་སྣོད། །ཐམས་ཅད་བདག་ཉིད་མགོན་བཏུད་དེ། །བླ་མ་མགོན་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་མཛད་དུ་གསོལ། །སློབ་མ་གསོལ་བཏབ་དེ་རྗེས་ལ། །དབང་བསྐུར་བ་ནི་སྦྱིན་པར་བྱ། །རྣམ་རྒྱལ་བུམ་སོགས་བླངས་ནས་ནི། །པདྨའི་སྟེང་དུ་ཆུ་གཞག་གོ ། ཧཱུཾ་ལས་རྡོ་རྗེ་མི་བསྐྱོད་དོ། །རྡོ་རྗེ་སློབ་དཔོན་གྱིས་བསྒོམ་བྱ། །ཡེ་ཤེས་སེམས་གཟུགས་ས་བོན་གྱིས། །འོད་ཟེར་གྱིས་ནི་བསྐུལ་བྱས་ཏེ། །ཡེ་ཤེས་སེམས་དཔའ་ཞུགས་ནས་ནི། །མཆོད་ནས་ཆུ་ཡི་རང་བཞིན་བྱ། །དེ་ཉིད་མི་བསྐྱོད་པའི་ཚུལ་གྱིས། །རྣམ་ཤེས་ཕུང་པོའི་རང་བཞིན་ཏེ། །དེ་ནས་བརྩེ་ཆེན་སྟོན་པ་འདིས། །དཔའ་བོའི་མགོར་ནི་བཀྲུ་བར་བྱ། །ཨོཾ་སརྦ་བུདྡྷ་དྷ་ཏཾ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་པར་བྱ། འདི་ནི་ཆུའི་དབང་བསྐུར་བའོ། །རོལ་མོ་ལ་སོགས་ཅོད་པན་ལ། །རིན་འབྱུང་ས་བོན་ཨཾ་ལས་ནི། །རྡོ་རྗེ་ཉི་མ་བསྐྱེད་བྱ་སྟེ། །སྔ་མ་བཞིན་དུ་མཆོད་པར་བྱ། །དེ་ཉིད་ཅོད་པན་རང་བཞིན་ཏེ། །ཚོར་བའི་ཕུང་པོའི་བདག་ཉིད་དོ། །སངས་རྒྱས་ཀུན་གྱི་སྤྱི་བོ་ནི། །རྡོ་རྗེ་ཅན་གྱིས་དེ་བསམ་མོ། །ཨོཾ་བཛྲ་གུ་ཧྱ་སིདྡྷི་པ་ར་མ་ཡོ་གི་ཤྭ་རི། ཀ་པཱ་ལ་མཱ་ལ་དྷ་རི་ནི་རུདྷི་པྲེ་ཡེ་ཤྨ་ཤ་ན་ཝས་ནི་ཧཱུཾ་ཕཊ། ཅེས་བྱ་བ་ནི་ཅོད་པན་གྱི་དབང་ངོ༌། །ཛྲཱིཾ་ལས་པད་འབྱུང་འདུ་ཤེས་ཏེ། །བདེ་གཤེགས་འོད་དཔག་མེད་པ་ནི། །རྡོ་རྗེ་ལ་ནི་བསྐྱེད་བཟུང་སྟེ། །སློབ་མའི་ལག་པ་གཡས་པར་སྦྱིན། །སངས་རྒྱས་ཧེ་རུ་ཀ་སོགས་ཀྱིས། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་དེ། །ལེགས་པར་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ཞེས་བྱ་བ་ནི་རྡོ་རྗེའི་དབང་བསྐུར་བའོ། ཁཾ་ལས་བྱུང་བའི་དྲིལ་བུ་ནི། །དོན་ཡོད་གྲུབ་པའི་རང་བཞིན་ཏེ། །འདུ་བྱེད་དངོས་པོའི་དྲིལ་བུ་འདི། །འདི་ནི་ལག་པ་གཡོན་པར་སྦྱིན། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་སྒྲ་ཡི་རྗེས་འགྲོར་དྲན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བ་


DTG027_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་དྲིལ་བུའི་དབང་བསྐུར་བའོ། །དཔའ་བོ་ལག་ན་རྡོ་དྲིལ་ཅན། །སངས་རྒྱས་ཀུན་གྱི་མཆོག་གི་མཆོག །རང་བཞིན་མཛེས་ཤིང་དགའ་བ་མོ། །ཕྱག་རྒྱ་ཆེན་པོས་བྱིན་བརླབས་པའོ། །འདི་བདག་པོའི་དབང་བསྐུར་བའོ། །རྣམ་པར་སྣང་མཛད་ལ་སོགས་ཀྱིས། །སློབ་མའི་སྤྱི་བོར་ལག་བཞག་སྟེ། །རྡོ་རྗེ་དྲིལ་བུ་རྡོ་རྗེར་བཅས། །དེས་ཀྱང་སྤྱི་བོར་གཞག་བྱ་སྟེ། །གཟུགས་ཀྱི་ཕུང་པོའི་རང་བཞིན་གྱི། །རྡོ་རྗེ་ཅན་གྱིས་མིང་དབང་བསྐུར། །ཨོཾ་ཨཱཿཧོཿཁྱོད་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བའོ། །དེ་ལ་མིང་ནི། དཔལ་མཆོག་དང་པོའི་རྡོ་རྗེ་དང༌། དཔེ་མེད་པའི་རྡོ་རྗེ་དང༌། བདེ་བའི་རྡོ་རྗེ་དང༌། མཉམ་པའི་རྡོ་རྗེ་དང༌། རྣམ་པར་རྒྱལ་བའི་རྡོ་རྗེ་དང༌། བདེ་བ་ཆེན་པོའི་རྡོ་རྗེ་དང༌། རྡོ་རྗེ་མེ་དང༌། རྡོ་རྗེ་སེམས་དཔའི་རྡོ་རྗེ་དང༌། ཡན་ལག་མེད་པའི་རྡོ་རྗེ་དང༌། ཡེ་ཤེས་རྡོ་རྗེ་དང༌། ལྷན་ཅིག་སྐྱེས་པའི་རྡོ་རྗེའི་ཞལ་ཞེས་བྱ་བ་ལ་སོགས་པའོ། །མི་བསྐྱོད་པའི་མིང་ནི། བཞད་པའི་རྡོ་རྗེ་དང༌། རྣམ་པར་སྒེག་པའི་རྡོ་རྗེ་དང༌། གཉིས་མེད་རྡོ་རྗེ་དང༌། འཛུམ་པའི་རྡོ་རྗེ་དང༌། གཞི་མེད་པའི་རྡོ་རྗེ་དང༌། མི་ཕྱེད་པའི་རྡོ་རྗེ་དང༌། དགའ་བའི་རྡོ་རྗེ་དང༌། བསྒྱིངས་པའི་རྡོ་རྗེ་དང༌། རང་བྱུང་རྡོ་རྗེ་དང༌། ཞེ་སྡང་རྡོ་རྗེ་དང། དགྱེས་པའི་རྡོ་རྗེ་དང༌། རྩེ་བའི་རྡོ་རྗེ་དང༌། ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་སྣང་མཛད་ཀྱི་མིང་ནི། རྣམ་སྣང་རྡོ་རྗེ་དང༌། གཏི་མུག་རྡོ་རྗེ་དང༌། ཨོཾ་ཀ་ར་བཛྲ་དང༌། རྟག་པའི་རྡོ་རྗེ་དང༌། དེ་བཞིན་གཤེགས་པའི་རྡོ་རྗེ་དང༌། སྒྱུ་འཕྲུལ་དྲ་བའི་རྡོ་རྗེ་དང༌། སངས་རྒྱས་རྡོ་རྗེ་དང༌། སྐུའི་རྡོ་རྗེ་ལ་སོགས་པའོ། །སྣང་བ་མཐའ་ཡས་ཀྱི་མིང་ནི། ཆགས་པའི་རྡོ་རྗེ་དང༌། རྣམ་པར་གཟིགས་པའི་རྡོ་རྗེ་དང༌། ཆོས་རྡོ་རྗེ་དང༌། ཤེས་རབ་མྱུ་གུའི་རྡོ་རྗེ་དང༌། བདེ་བ་རྡོ་རྗེའི་མྱུ་གུ་དང༌། བརྩེ་བའི་མྱུ་གུའི་རྡོ་རྗེ་དང༌། མཆོག་ཏུ་དགའ་བའི་རྡོ་རྗེ་དང༌། གསུང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །རིན་ཆེན་འབྱུང་ལྡན་གྱི་མིང་ནི། རིན་ཆེན་རྡོ་རྗེ་དང༌། ཡིད་བཞིན་ནོར་བུའི་རྡོ་རྗེ་དང༌། ནམ་མཁའི་རྡོ་རྗེ་དང༌། རྡོ་རྗེ་གཟི་བརྗིད་དང༌། རྡོ་རྗེ་ཆེན་པོ་དང༌། རྡོ་རྗེ་ཉི་མ་དང༌། རྡོ་རྗེ་ཡིད་ཅེས་བྱ་བ་ལ་སོགས་པའོ། །དོན་ཡོད་གྲུབ་པའི་མིང་ནི། །དོན་ཡོད་རྡོ་རྗེ་དང༌། དཔལ་མཆོག་དང་པོའི་རྡོ་རྗེ་དང༌། དམ་ཚིག་


DTG027_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་དང༌། ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་དང༌། རྡོ་རྗེ་ལས་དང༌། རྡོ་རྗེ་སྲུང་བ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རྡོ་རྗེ་སེམས་དཔའི་བུད་མེད་ཀྱི་མིང་ནི། རྡོ་རྗེ་ཆགས་པ་མ་དང༌། རྡོ་རྗེ་གླུ་མ་དང༌། །རྡོ་རྗེ་སྒེག་མོ་དང༌། རྡོ་རྗེ་ཤུགས་ཅན་མ་དང༌། རྡོ་རྗེ་ཡུམ་དང༌། རྡོ་རྗེ་ཀོང་ཀ་ན་དང༌། རྡོ་རྗེ་བསྒྱིངས་མའོ། །མི་བསྐྱོད་པའི་མིང་ནི། རྡོ་རྗེ་བདག་མེད་མ་དང༌། རྡོ་རྗེ་བཞད་པ་མ་དང༌། རྡོ་རྗེ་ཕྲེང་བ་མ་དང༌། རྡོ་རྗེ་མྱུ་གུ་མ་དང༌། རྡོ་རྗེ་མཱ་མ་ཀཱི་ཞེས་བྱ་བའོ། །རྣམ་པར་སྣང་མཛད་ཀྱི་བཙུན་མོའི་མིང་ནི། རྡོ་རྗེ་མཁའ་འགྲོ་མ་དང༌། རྡོ་རྗེ་གཽ་རཱི་མ་དང༌། རྡོ་རྗེ་བཞད་པ་མོ་དང༌། རྡོ་རྗེ་སྤྲིན་མ་དང༌། རྡོ་རྗེ་སྤྱན་མ་ལ་སོགས་པའོ། །རིན་ཆེན་འབྱུང་ལྡན་གྱི་མིང་ནི། རིན་ཆེན་འབྱུང་མ་དང༌། རྡོ་རྗེ་དྲ་བ་མ་དང༌། རྡོ་རྗེ་དབུགས་འབྱུང་མ་དང༌། རྡོ་རྗེ་འབར་བ་མ་དང༌། རྡོ་རྗེ་ཕྲེང་བ་མ་ཞེས་བྱ་བའོ། །སྣང་བ་མཐའ་ཡས་ཀྱི་མིང་ནི། རྡོ་རྗེ་ཆགས་པ་མོ་དང༌། རྡོ་རྗེ་གླུ་མ་དང༌། རྡོ་རྗེ་རོ་ལངས་མ་དང༌། རྡོ་རྗེ་བློ་ལྡན་མ་དང༌། རྡོ་རྗེ་བཞད་པ་མོ་དང༌། རྡོ་རྗེ་གོས་དཀར་མོ་ཞེས་བྱའོ། །དོན་ཡོད་གྲུབ་པའི་མིང་ནི། རྡོ་རྗེ་སྙིང་པོ་མ་དང༌། རྡོ་རྗེ་སྒྱུ་མ་དང༌། རྡོ་རྗེ་འཆིང་བ་མོ་དང༌། རྡོ་རྗེ་སྒྲོལ་མ་ཞེས་བྱའོ། །སངས་རྒྱས་ལྔ་ནི་རྣམ་དག་དངོས། །དབང་ལྔ་ཐོབ་པའི་རྒྱུ་ལས་ནི། །མ་རིག་པ་ནི་རྣམ་སྤངས་ཏེ། །ཡེ་ཤེས་ལྔ་ནི་རིམ་གྱིས་ཡིན། །བློ་ལྡན་སྟོན་བརྗོད་རིམ་པ་ཡིས། །དེ་ནས་སྔགས་ཀྱི་དབང་བསྐུར་ཞིང༌། །འདི་ནི་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་ཡི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཆོངས། །ཧེ་རུ་ཀ་ཡི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི། ཨོཾ་ཧ་ཧ་ཧ་ཧ་ཧོཿ་ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །དཔལ་ལྡན་ཁྲག་འཐུང་ཕྱག་རྒྱ་ནི། །ཕྱི་དང་ནང་དུ་ཡང་དག་གནས། །ཐོད་པ་ཁ་ཊྭཱཾ་ཅང་ཏེའུ། །དཔའ་བོ་ཆེན་པོ་སྦྱིན་གྱིས་གཟུང༌། །སྤྱོད་པའི་བརྟུལ་ཞུགས་སྦྱིན་པའོ། །རྡོ་རྗེ་ཅན་གྱི་ཕྱག་གཡོན་གྱིས། །ཆོས་གོས་གེ་སར་ནས་བཟུང་ནས། །གཡས་པས་མི་འཇིགས་སྦྱིན་བྱས་ཏེ། །སློབ་མ་ལ་ནི་དབུགས་དབྱུང་སྦྱིན། །སངས་རྒྱས་ཀུན་ཁྱོད་འདིར་ཤོག་ཅིག །ཁྱོད་ནི་དཔའ་བོ་ཀུན་རང་བཞིན། །དཔལ་ལྡན་ཁྲག་འཐུང་ཞེས་བྱ་བའི། །དེ་བཞིན་གཤེགས་པས་ལུང་


DTG027_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་ཏོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་མིང་གིས་དེ་བཞིན་གཤེགས་པར་འགྱུར། །བྷུར་བྷུ་པ་སྭཱཿ། ཕྱག་རྒྱའི་རྒྱ་ནི་རྣམ་ལྔ་དང༌། །རྟག་ཏུ་རྡོ་རྗེའི་བརྟུལ་ཞུགས་བཟུང༌། །ཐོད་པ་ཁ་ཊྭཱཾ་ཅང་ཏེའུ། །ཟུང་ཤིག་ཟུང་ཤིག་དཔལ་ཆེན་པོ། །རྡོ་རྗེ་རྡོ་རྗེ་ཁ་ཊྭཱཾ་ག །དྲིལ་བུའི་སྒྲ་ནི་འཁྲོལ་པ་དང༌། །ཚངས་སྐུད་རང་བཞིན་རྣལ་འབྱོར་དང༌། །རྡོ་རྗེ་ཁ་ཊྭཱཾ་རྣལ་འབྱོར་སྣོད། །དཔལ་ལྡན་ཁྲག་འཐུང་ཕྱག་རྒྱ་ནི། །ཕྱི་རོལ་ནང་དུ་ཡང་དག་གནས། །ཁམས་གསུམ་གྱི་ནི་རྒྱལ་ཆེན་པོ། །གཙོ་བོ་དཔལ་ལྡན་ཡོན་ཏན་གཙོ། །ཐམས་ཅད་བདུད་སོགས་ལས་རྒྱལ་ནས། །ཁྱོད་ནི་མཆོག་གི་གྲོང་དུ་གཤེགས། །ཞེས་བྱ་པ་ནི་ལུང་བསྟན་པའོ། །ཕྱིར་མི་ལྡོག་པའི་དབང་ཆེན་པོ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱའི་ཕྱིར། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །བདག་ཉིད་ཡེ་ཤེས་སེམས་དཔའ་ཡི། །སྙིང་གའི་ས་བོན་འོད་ཟེར་གྱིས། །བསྐུལ་བའི་དཔའ་བོ་རྣལ་འབྱོར་མ། །རྣམས་ཀྱིས་མཆོད་བཀུར་རྒྱ་ཆེན་པོ། །ཐོགས་པ་རྣམས་ནི་སྤྱན་དྲངས་ཏེ། །ཡེ་ཤེས་བདུད་རྩི་ཆུས་གང་བའི། །ལག་ན་བུམ་ཐོགས་བདེ་གཤེགས་ཀྱི། །རྡོ་རྗེ་འཛིན་དབང་གིས་བཀྲུས་པར། །དཔའ་བོས་རྣམ་པར་བསམ་པར་བྱ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །འཇིག་རྟེན་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གནས་འབྱུང་བ་ཡི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །དཔའ་བོ་ཀུན་གྱིས་བྱིན་བརླབས་པའི། །དེ་ནས་མི་བསྐྱོད་ཅོད་པན་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །རྣལ་འབྱོར་མས་ནི་ཅི་འདོད་པར། །ཀུན་ནས་རྣམ་པ་སྣ་ཚོགས་པའི། །དེ་ནས་མེ་ཏོག་མཆོད་སོགས་ཀྱིས། །དཔའ་བོ་དེ་ནི་མཆོད་པར་བྱ། །དེ་ནས་གནོད་སྦྱིན་རྡོ་རྗེ་ཅན། །སློབ་མས་ཕྱག་འཚལ་ཐལ་མོ་སྦྱར། །སངས་རྒྱས་གཟུགས་སུ་དམིགས་བྱས་ཏེ། །རྟག་པའི་གནང་བ་སྦྱིན་པར་བྱ། །སེམས་ཅན་ཀུན་ལ་ཕན་དོན་དུ། །ཀུན་ནས་སེམས་ཅན་ཐམས་ཅད་ལ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ལྟར་ཆོས་ཀྱི་གནས་སུ་ནི། །རྡོ་རྗེ་རིན་ཆེན་པདྨ་དང༌། །ལས་རྣམས་གཞུག་པར་བྱ་བ་ནི། །ཅི་རིགས་པར་ནི་ཤེས་པར་བྱ། །ཚིགས་བཅད་རིམ་པ་ལྔ་ཡིས་ནི། །ཁྱབ་བདག་གི་ནི་གནང་བ་སྦྱིན། །རྣལ་


DTG027_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་དེ་ཉིད་རིག་པ་ལ། །བྱ་བ་མ་ཡིན་ཅུང་ཟད་མེད། །དཔའ་བོ་དེ་ཉིད་ཤེས་དེ་ནས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །བདག་ཉིད་སངས་རྒྱས་ཀུན་བདག་ཉིད། །རང་ཉིད་ལྷ་མོ་ཀུན་རང་བཞིན། །ཅི་རིགས་པར་ནི་ཤེས་པར་བྱ། །དེ་ཕྱིར་དངོས་པོ་ཀུན་གྱིས་ནི། །བདག་ཉིད་དཔལ་ལྡན་ཁྲག་འཐུང་མཆོག །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས། །སེམས་ཅན་གཟུགས་བརྙན་དང་མཚུངས་ཏེ། །དེ་ལྟར་འཇིག་རྟེན་གསུམ་ཤེས་ནས། །སེམས་ཅན་དོན་ནི་མཉམ་མེད་གྱིས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱེད་བྱེད་པ། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་དག་དང་ནི་མི་དག་དང༌། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་རིངས་ན། །སྙིང་ལས་ཁྲག་ཆེན་འཐུང་བ་ཡིན། །སེམས་ཅན་ཁམས་ནི་མ་ལུས་པ། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །བདག་གི་ངོ་བོ་ཡོངས་སྤོང་བ། །དཀའ་ཐུབ་ཀྱིས་ནི་མི་གདུང་སྟེ། །ཅི་བདེ་བས་ནི་བདེར་བཟུང་ན། །འདི་ལས་མ་འོངས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་པ་མེད་ཀྱིས་ཁྱེད་མ་འཇིགས། །དམ་ཚིག་ཤིན་དུ་འདའ་དཀའ་བའོ། །སྒྲུབ་པ་གཅིག་པུ་གཅིག་ལ་སྤྱོད། །ལྷན་ཅིག་སྤྱོད་དང་རྗེས་ལ་སྤྱོད། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཡང་དག་ཉིད་ཀྱིས་རྟག་ཏུ་བསྟེན། །སློབ་མའི་བྱ་བ་བྱས་དེ་ནས། །བླ་མ་ལ་ནི་ཡོན་དབུལ་ཞིང༌། །དངོས་པོ་ཀུན་གྱིས་ཕྱག་ཀྱང་འཚལ། །མཛའ་བོ་ཀུན་ཀྱང་བསྡུ་བར་བྱ། །ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་དབང་ངོ༌། །སྐྱབས་མེད་རྣམས་ཀྱི་སྐྱབས་དང་མགོན། །ཁྱབ་བདག་སངས་རྒྱས་ཀུན་བདག་ཉིད། །ཐུགས་རྗེ་ཆེན་པོ་རྒྱུ་མེད་པ། །མགོན་མེད་མགོན་མེད་བཀའ་དྲིན་མཛོད། །གང་ཞིག་བདག་ཆེན་ཁྱོད་ཀྱིས་ནི། །བདག་ལ་ཕན་བ་བདེ་མཛོད་ཅིག །འཁོར་བ་འདམ་གྱི་ཚོགས་སུ་ནི། །བྱིང༌། །བདག་ལ་འདིར་སྐྱབས་མཛོད། །དེ་ལ་འདི་ནི་རིམ་པ་ཡིན། །སློབ་དཔོན་དཔལ་ལྡན་སྟོབས་ཆེན་ལ། །མཚན་ཆེན་དབེན་པའི་གནས་སུ་ནི། །ཆུང་མ་སྲིང་མོ་བུ་མོ་རྣམས། །མཁས་པ་ཡིས་ནི་དབུལ་བར་བྱ། །ཕྱག་རྒྱ་དམ་ཚིག་བསྲུང་འགྱུར་བ། །གང་དང་གང་དུ་རྙེད་འགྱུར་བས། །སྙོམས་པར་


DTG027_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞུགས་ཏེ་གང་སྐྱེས་པ། །མ་སྐྱེས་པ་ཡི་རང་བཞིན་ཏེ། །ལྷ་མོ་ཐམས་ཅད་འདུས་པ་ནི། །དཔའ་བོ་ཐམས་ཅད་གཤེགས་པ་སྟེ། །གང་ཞིག་ཀུན་ནས་བྱང་ཆུབ་སེམས། །གསང་བ་དེས་ནི་དབང་བསྐུར་བྱ། །འདི་ནི་དཔའ་བོ་རྣལ་འབྱོར་མའི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ཞུ་བའི་རྩི་སྨན་འདི། །བདེ་བ་ཆེན་པོ་ཡང་དག་ནོས། །ཇི་ལྟར་སངས་རྒྱས་སྲས་པོ་སྔོན། །རྡོ་རྗེ་འཛིན་སོགས་རྣམས་ཀྱིས་བཀྲུས། །བྱང་ཆུབ་སེམས་ནི་མཛེས་པ་ཡིས། །དེ་བཞིན་བུ་ཁྱོད་བཀྲུ་བར་བྱ། །ཨེ་མ་བདེ་ཆེན་བདེ་བ་ཞེས། །བླ་མས་བཀའ་གནང་བསྒྲུབ་པར་བྱ། །སློབ་མའི་རྣམ་པར་རྟོག་སྤོང་བ། །པདྨ་ལ་གནས་སྤྱད་པར་བྱ། །གསང་བའི་དབང་བསྐུར་བའོ། །རང་གི་བྱིན་རླབས་རེག་པའམ། །གཞན་གྱི་གྲུབ་མཐའ་གཞན་ཡིན་ཏེ། །མཆོག་ནི་རྟོགས་པར་བྱ་བའི་ཕྱིར། །ད་ཕྱིར་སྟོན་པས་གཏད་པར་བྱ། །ལྷ་མོ་ཕྱག་རྒྱ་ཆན་པོ་འདི། །བདེ་བ་དཔག་མེད་སྟེར་བ་མོ། །རྣམ་པ་ཀུན་དུ་བུས་བཟུང་སྟེ། །བླ་ན་མེད་པའི་མཆོད་པ་གྱིས། །ལྷ་མོ་དེས་ནི་གནང་བྱིན་སྟེ། །དཔའ་བོ་བླ་ན་མེད་པའི་བུ། །བྱང་ཆུབ་ས་བོན་ལ་སྤྱོད་པ། །དཔའ་བོ་ཁྱོད་ནི་སྤྲོ་འམ་ཅི། །རིགས་ལྔ་ལས་ནི་ངེས་བྱུང་བའི། །རིག་མ་ལ་ནི་གུས་མཆོད་དང༌། །བཤང་བ་ཅི་ཁུ་བ་ཁྲག་ལ་སོགས། །ད་ལྟ་ཉིད་དུ་ཟ་ནུས་སམ། །གཞན་ཡང་དམ་ཚིག་གང་དང་གང༌། །ཇི་ལྟར་འདོད་པ་བུས་སྨྲོས་ཤིག །ཇི་ལྟར་འདོད་པའི་དམ་ཚིག་ལ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །རྟག་ཏུ་བུད་མེད་ཅིས་མི་གུས། །པདྨོ་ལས་ནི་ཅིས་མི་མཆོད། །དེ་ནས་ལྷ་མོ་དེ་མཉེས་ཏེ། །སྐྲ་བཤིག་གཅེར་བུར་བྱ་བ་དང༌། །པདྨ་གསལ་བར་བྱས་ནས་ནི། །བྷ་ག་མོཀྵ་ཧོཿཞེས་བརྗོད། །བཀས་གསང་པདྨའི་དབུས་གནས་པའོ། །རྩ་ནི་བདེ་བ་བབས་པ་མོ། །བྱམས་པས་སོར་མོར་བསྒུལ་བྱ་སྟེ། །ལྕེ་ཡིས་དེ་ནས་དགའ་གནས་བྱ། །ལྷན་ཅིག་སྐྱེས་དགའ་བྱེད་པ་མོ། །དམ་པའི་ལྷ་མོ་དེས་བཟུང་སྟེ། །མཆོག་ཏུ་དགའ་བས་མྱོས་བྱས་ནས། །ལྷན་ཅིག་སྐྱེས་དགའ་དོར་མི་བྱ། །སྤྱང་བར་མ་བྱས་དོར་འགྱུར་ན། །སླར་ཡང་ཕྱིར་ནི་སྤྱོད་པར་བྱ། །དེ་ནས་བཅོམ་ལྡན་འདས་མ་དེ། །དགའ་མགུ་ཡིད་ནི་འགྱེས་འགྱུར་ཏེ། །སྤྱི་བོར་ཡན་ལག་བཞག་ནས་ནི། །རྗེས་སུ་གནང་བ་སྦྱིན་པར་བྱ། །ང་ནས་གཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །སེམས་ཅན་ཀུན་ལ་རྨི་ལམ་ལྟར། །ཀུན་གྱི་དངོས་པོའི་དོན་གྱིས་ཤིག །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །


DTG027_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སློབ་དཔོན་ལ་སོགས་བྱེ་བྲག་གིས། །དབང་ནི་རྣམ་པ་བཞིར་བརྗོད་པ། །ཆུ་ལ་སོགས་པའི་བྱེ་བྲག་གིས། །བཞི་པོ་དེ་དག་བཅུ་བཞི་ཡིན། །འཐད་པ་དེ་དག་ཡོངས་བཅས་པས། །རིམ་པ་འདི་བཞིན་དམ་པ་རྣམས། །རིགས་པ་འདི་ནི་དོར་གྱུར་ན། །ཐམས་ཅད་དག་གིས་སངས་མི་རྒྱ། །བརྟུལ་ཞུགས་གོང་ནས་གོང་གྱུར་པ། །བུ་ཡིས་རིག་པའི་བརྟུལ་ཞུགས་སྤྱོད། །ཅེས་བྱ་བ་ནི་རིག་པའི་བརྟུལ་ཞུགས་སོ། །ཆུ་ནས་ཕྱིར་མི་ལྡོག་པའི་མཐར། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །ལྷག་མ་ཇི་ལྟ་དེ་ལྟར་ཏེ། །ཕྱི་དང་ནང་དུ་ཡང་དག་གནས། །འཕོ་བའི་རིམ་པའི་བྱེ་བྲག་ནི། །དཔའ་བོའི་བདག་ཉིད་ལས་ཤེས་བྱ། །དབང་ནི་རྣམ་པ་བཞིར་བརྗོད་པ། །ཇི་ལྟར་བརྟུལ་ཞུགས་ཅན་གུས་པས། །བསམ་གྱིས་མི་ཁྱབ་ཆོས་ཐོབ་སྟེ། །དེ་ནི་སྐལ་བ་ཅན་དུ་འགྱུར། །ཕྱི་དང་ནང་དུ་ལེགས་རྫོགས་པ། །ཕྱི་དང་ནང་གི་རང་བཞིན་ཏེ། །རང་བཞིན་ཆོས་ནི་ཐམས་ཅད་ལ། །བསམ་གྱིས་མི་ཁྱབ་པ་ཞེས་བརྗོད། །སྣང་བ་མེད་ཅིང་མི་གསལ་བ། །སྐྱེ་བ་མེད་ཅིང་གནས་མེད་པ། །ལྔ་ཡི་དེ་ཉིད་རྫོགས་པ་སྟེ། །རིམ་གྱིས་ལྷན་སྐྱེས་ཟད་པ་མེད། །བསམ་གྱིས་མི་ཁྱབ་མཐའ་མེད་པ། །འགྲོ་བ་བརྟན་དང་གཡོ་བདག་ཉིད། །བདག་མེད་པ་རུ་བདག་མེད་གནས། །ཞེས་དབང་བཞི་པའོ། །དཔའ་བོ་ཆེན་པོ་ཤེས་རབ་ཀྱིས། །སློབ་མའི་བྱ་བ་རྫོགས་ནས་ནི། །དཀྱིལ་འཁོར་ཕྱི་རོལ་འཐོན་བྱས་ཏེ། །ཆོ་ག་སྦྱིན་སྲེག་གིས་རྫོགས་བྱ། །སླར་ཞུགས་རྒྱལ་བ་ལ་བཟོད་གསོལ། །གཡོན་པ་ཡིས་ནི་དྲིལ་དཀྲོལ་ཏེ། །མཆོད་པ་དང་ནི་བསྟོད་པར་བྱ། །གཡས་པ་ཡིས་ནི་རྡོ་རྗེ་གསོར། །ཚིགས་བཅད་ཀྱིས་ནི་གཤེགས་སུ་གསོལ། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་བྱོན་པར་མཛད་དུ་གསོལ། །ལྷ་ཡི་འཁོར་ལོ་གཤེགས་ནས་ཀྱང༌། །སྔགས་པས་རྡུལ་ཚོན་བསྡུ་བྱ་


DTG027_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། །གཙང་མིའི་སྣོད་དུ་བཞག་ནས་ནི། །ཆུ་བོའི་རྒྱུན་ལ་དོར་བར་བྱ། །ཨོཾ་པི་ལི་ཀི་ལི་ཧཱུཾ་ཛཿསྭཱ་ཧཱ། །རྡུལ་ཚོན་དོར་བའི་སྔགས་སོ། །དཀྱིལ་འཁོར་རྣམ་པར་བྲ་བའི་ས། །དེ་ནས་དྲིས་ནི་ཉེར་བྱུགས་ཏེ། །འབྱུང་པོ་ཡི་ནི་ཚོགས་བཅས་ལ། །དངོས་གྲུབ་ཕྱིར་ནི་གཏོར་མ་སྦྱིན། །ཨོཾ་ཨིནད། ཛ་མ། ཛ་ལ། ཛ་ཀྑ། བྷཱུ་ཏ། བཧྣི། པཱ་ཨུ། རཀྑ། ཙནད། སུ་ཛྫཱ། མཱ་ད། པབྤ། ཏ་ལ་པཱ་ཏཱ་ལེ། ཨཊྚ། ས་པྤ་སྭཱ་ཧཱ། །ཨི་དཾ་བ་ལི། །བྷུནྡ། ཇི་གྷ། ཕུལླ། དྷཱུ་པ། མྲཾ་ས་བིདྒྷ། ཨ་མྦྷ་ས་པྤ། ཀྫྫ། སཱ་ད། ཁ་ནྟི། ཁུ་ཎི། ཕེ་ཌ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། གཏོར་མ་སྦྱིན་ནས་སླར་ཡང་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། དྲྀ་ཌྷོ་མེ་བྷ་བ། སུ་པོ་ཥྡྱོ་མེ་བྷ་བ། སུ་ཏོཥྡྱོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། །སརྦ་ཀརྨ་སུ་ཅ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། ཧྲྀ་ད་ཡ་མི་ཧྱི་ཏིཥྛ་མཱ་མེ་མུཾ་ཙ། བཛཱི་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿམུཿརབ་གནས་དང་ནི་སྦྱིན་སྲེག་དང༌། །ངེས་པར་དཀྱིལ་འཁོར་ཡན་ལག་སྟེ། །དཀྱིལ་འཁོར་དེ་མ་ཐག་པ་ནི། །སྦྱིན་སྲེག་རབ་གནས་བརྗོད་པར་བྱ། །དེ་ཉིད་བཅུ་ཤེས་སློབ་དཔོན་གྱིས། །རབ་ཏུ་གནས་པར་བྱར་འོས་ཏེ། །གཟའ་དང་སྐར་མ་བཟང་སོགས་ལ། །མཛེས་པ་ཡིས་ནི་ཤེས་པར་བྱ། །མགུལ་རྒྱན་དཔུང་རྒྱན་རྐང་གདུབ་དང༌། །རྣ་རྒྱན་དང་ནི་ལག་གདུབ་སྟེ། །གསེར་ནི་མན་ཆ་ལས་བྱས་པའི། །སོར་གདུབ་ཙམ་ནི་བཅིང་བར་བྱ། །ཐོག་མར་རེ་ཞིག་སློབ་དཔོན་གྱིས། །དྲིལ་བུ་ལག་པར་དགྲོལ་བྱ་ཞིང༌། །གཡས་པས་རྡོ་རྗེ་གསོར་བྱས་ཏེ། །ཆོ་ག་དེ་བཞིན་གཏོར་མ་བཞིན། །བ་ཡི་རྣམ་པ་ལྔ་ཤིང་ཤུན་ལྔ། །ཁྱད་པར་དུ་ནི་དྲི་ལྔ་ཡིས། །ལུས་ཅན་རྣམས་ནི་བཀྲུ་བྱ་སྟེ། །མཆོད་པ་ལ་སོགས་སྔོན་བཞིན་དབུལ། །དགོངས་ཀར་ཡུལ་ངེས་ཤེས་པ་སྟེ། །ལྷག་པར་གནས་པར་བྱ་བ་ཡིན། །དུང་ཆོས་ཆུ་ཡིས་བསང་གཏོར་གྱིས། །གཟུགས་བརྙན་ལ་སོགས་བཀྲུ་བྱས་ཏེ། །ཤིན་ཏུ་འཇམ་པའི་གོས་ཀྱིས་ནི། །ལུས་རྣམས་ཕྱི་བར་བྱ་བ་ཡིན། །


DTG027_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟའི་ལྷ་རྣམས་དམིགས་ནས་ནི། །ལྷ་ཡི་གཟུགས་རྣམས་ནམ་མཁའ་སྟེ། །འོད་ཟེར་གཙོ་བོས་རྣམ་སྤྲོས་ནས། །དེ་ཡང་ལྕགས་ཀྱུའི་རྣམ་པ་ཡིས། །དེ་བཞིན་གཤེགས་ཀུན་སྤྱན་དྲངས་ཏེ། །གཟུགས་བརྙན་ལ་སོགས་ཐུགས་ཀ་རུ། །སངས་རྒྱས་ཐམས་ཅད་གཞུག་པར་བྱ། །ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་ལ་ནི་རབ་གནས་དང༌། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཇི་བཞིན། །ཇི་ལྟར་གཟུགས་བརྙན་འདིར་བཞུགས་ཤིག །གྲུ་བཞི་པ་ལ་ཁྲུ་བཞི་པའོ། །དེ་ནས་ལྷག་གནས་ཁང་པ་དང༌། །རིང་བ་ཉིད་དུ་མི་བྱ་སྟེ། །དཔངས་སུ་ཁྲུ་དོ་མཐོ་བ་ནི། །བརྟན་པར་ལེགས་བརྐོས་སྐལ་ལྡན་གྱི། །མཁས་པ་ཡི་ནི་སྟེགས་བསྡུ་བྱ། །ཤར་ཕྱོགས་མངོན་ཕྱོགས་འདུག་བྱས་ཏེ། །ལྷ་འདི་ལ་ནི་མངོན་ཕྱོགས་བྱ། །རྡོ་རྗེ་དྲིལ་བུ་ལག་ཐོགས་ཏེ། །དེ་མ་ཐག་ཏུ་གཏོར་མ་སྦྱིན། །ཡེ་ཤེས་འོད་ཟེར་སྦྱོར་བ་ཡིས། །དེ་ནས་ལྷ་མོ་མཆོད་སྤྲོས་ཏེ། །སྟེགས་བུའི་གདན་ལ་གནས་པ་ཡིས། །ལྷ་རྣམས་བཀྲུ་བར་བྱ་བ་ཡིན། །བྲིས་སྐུ་གླེགས་བམ་ལ་སོགས་པ། །གཟུགས་བརྙན་ལ་སོགས་ཇི་ལྟ་བར། །མེ་ལོང་གཟུགས་བརྙན་བཀྲུ་བྱ་སྟེ། །དེ་ལས་གཞན་ལ་དངོས་སུ་ཡིས། །སྔགས་པ་རྣམས་ཀྱིས་མཉམ་གཞག་སྟེ། །མདུན་ནས་ལྷ་རྣམས་བཀྲུ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། །ལྷ་རྣམས་ལྷ་ཡི་བདག་ཉིད་ཀྱི། །སླར་ཡང་དྲིས་བྱུགས་བཀྲུ་བྱ་སྟེ། །བཀྲ་ཤིས་གླུ་དང་ངོ་ལ་མོ་དང༌། །རྣམ་པ་སྣ་ཚོགས་གར་མཛེས་པའོ། །ཡོ་བྱད་རྣམས་ཅི་ནུས་པ་ནི། །བསོགས་ཏེ་རྒྱལ་པོའི་དབང་བསྐུར་རོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ཏེ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་བཀྲུ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། མཁས་པས་གསེར་གྱི་ཐུར་མ་ནི། །མན་ཆ་ཙམ་གྱི་ཚད་བྱས་ལ། །ཨོཾ་ནི་མིག་ལ་བསྒོམ་པར་བྱ། །འདི་ཡིས་སྤྱན་ནི་དབྱེ་བར་བྱ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་ཤོ་དྷོ་ནི་སྭཱ་ཧཱ། མཆོད་ཡོན་མེ་ཏོག་སོགས་མཆོད་ནས། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་སུ་པྲ་ཏིཥྛ་ཏེ་བཛྲི་སྭཱ་ཧཱ། འདི་ནི་སྟོང་དུ་བཟླས་བྱས་ཏེ། །རབ་ཏུ་གནས་པའི་རིམ་པའོ། །གསང་


DTG027_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་མི་སྟེར། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་རྣམས་བརྩམ་པར་བྱ། །སྦྱིན་སྲེག་མེད་པར་གྱུར་པས་ནི། །དངོས་གྲུབ་འབྱུང་བར་མི་འགྱུར་ཏེ། །དེ་ཕྱིར་བརྩོན་པ་ཆེན་པོ་ཡིས། །སྔགས་པས་སྦྱིན་སྲེག་ལས་རྣམས་བྱ། །ཆུ་སྐྱེས་རྣམ་པའི་ཐབ་ཁུང་དུ། །ལས་རྣམས་ཐམས་ཅད་ཤིས་པ་སྟེ། །ཁྲུ་གང་ཙམ་གྱི་ཁམ་པོར་ཏེ། །སྔགས་པས་རབ་ཏུ་མཉམ་པར་བྱ། །འོག་ཏུ་བསྐོར་བར་བྱ་བའི་ཚད། །ཁྲུ་ཕྱེད་ཀྱི་ནི་ཚད་ཡིན་ཏེ། །བརྐོས་པའི་དབུས་སུ་པདྨ་ནི། །འདབ་མ་བརྒྱད་ལེགས་མཛེས་པ་ཡི། །དེ་དག་སྔགས་པས་ཐབ་ཁུང་སྟེང༌། །སོར་བཞི་དོར་བར་བྱས་ནས་ནི། །ཞེང་དང་དཔངས་སུ་དེ་བཞིན་ཏེ། །སོར་བཞི་ཡི་ནི་ཚད་དུ་བྱ། །ཐབ་ཁུང་ལས་བྱུང་རྒྱས་པ་ཡི། །འདབ་མའི་རྣམ་པ་ཁ་ཁྱེར་ཏེ། །ཁ་ཁྱེར་གྱི་ནི་ཕྱི་རོལ་དང༌། །པདྨའི་ཕྲེང་བས་བསྐོར་བར་བྱ། །སྔགས་བརྗོད་པ་ཡིས་ལ་ནི། །ཁ་དོག་དྲི་དང་རོ་རྣམས་ཀྱིས། །གལ་ཏེ་དངོས་གྲུབ་འདོད་གྱུར་ན། །སྔགས་པ་ཡིས་ནི་བསྐུ་བར་བྱ། །ཐབ་ཁུང་དབུས་ཀྱི་པདྨ་ལ། །མཚན་མ་དགུ་ནི་བྲི་བྱ་སྟེ། །དེ་དབུས་རྡོ་རྗེ་བྲི་བྱ་ཞིང། །འདབ་བརྒྱད་དུ་ནི་བུམ་པ་བཞིན། །ཀུན་ནས་གྲུ་བཞི་མཉམ་པར་ནི། །ཤེས་རབ་ཅན་གྱིས་ཚོན་ཐིག་གདབ། །སྒོ་བཞི་ལ་སོགས་དང་ལྡན་ཞིང༌། །ཕྱོགས་རྣམས་སུ་ནི་མཚན་མ་བྲི། །པདྨ་ནགས་ཀྱི་ལྕུག་མ་དང༌། །བགྲང་ཕྲེང་དང་ནི་སྤྱི་བླུགས་དང༌། །རི་དྭགས་པགས་པ་དེ་བཞིན་ཏེ། །ཤར་གྱི་སྣམ་བུ་དག་ལ་བྲི། །རྩེ་གསུམ་ཟླ་བ་ཕྱེད་པ་དང༌། །རྒྱལ་མཚན་དང་ནི་རིལ་བ་དང༌། །དེ་བཞིན་དུ་ནི་མིག་དང་ནི། །ལྷོ་ཕྱོགས་སྣམ་བུ་དག་ལ་བྲི། །འཁོར་ལོ་དུང་དང་གཏུན་ཤིང་དང༌། །རལ་གྲི་ཕུབ་དང་ལྔ་པ་སྟེ། །ཆུ་ཡི་ཕྱོགས་ཀྱི་སྣམ་བུ་ལ། །སྔགས་པ་ཡིས་ནི་མཚན་མ་བྲི། །མདའ་དང་དྲིལ་བུ་བ་དན་དང༌། །རྨ་བྱ་ར་སྐྱེས་དེ་བཞིན་ཏེ། །གནོད་སྦྱིན་བྱི་ནའི་ཕྱོགས་དག་ཏུ། །མཚན་མ་ལྔ་ནི་ཤེས་རབ་ཅན། །མཆོད་ཡོན་སྔོན་སོགས་སྔོན་བཞིན་དུ། །མཉམ་པར་གཞག་པ་ཐམས་ཅད་བྱ། །དངུལ་དང་གསེར་དང་ཟངས་


DTG027_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་དང༌། །ལྕགས་ལས་རིམ་བཞིན་དགང་གཟར་ཏེ། །མེད་ན་མཆོད་ཡོན་ཤིང་བུ་ལ། །མཁས་པ་ཡིས་ནི་དགང་གཟར་བྱ། །མཚོ་སྐྱེས་འདབ་མའི་རྣམ་པ་ལ། །ཡུ་བ་སོར་ནི་ཉི་ཤུ་བཞི། །རྡོ་རྗེ་ཁུ་ཚུར་གྱི་ཚད་ནི། །ཇི་ལྟར་རིགས་པར་འགྱུར་བ་ཡིན། །དེ་ཡི་རྩེ་མོ་གྲུ་བཞི་ལ། །རྒྱར་ནི་སོར་བཞི་པ་ཡིན་ཏེ། །ཁ་ནི་སོར་གཉིས་ཟབས་སུ་ཡང༌། །སོར་གཉིས་པར་ནི་ཤེས་པར་བྱ། །རྡོ་རྗེ་རྩེ་མོ་ལྔ་པ་ཡིས། །དབུས་ཀྱི་ཆ་ནི་བྱིན་གྱིས་བརླབས། །རོ་ཡི་རྒྱུན་ནི་ལམ་ཡང་ཡིན། །སོར་གཅིག་གི་ནི་ཚད་ཡིན་ཏེ། །ཡུ་མཐར་རྡོ་རྗེ་རིན་ཆེན་ལ། །ཚད་ནི་སོར་དྲུག་པ་ཡིན་ནོ། །བླུགས་གཟར་ཁྲུ་གང་ཚད་ཡིན་ཏེ། །སྦོམས་སུ་སེར་ཕྱེད་པ་ཡིན་ནོ། །ཁ་ནི་པདྨའི་འདབ་དབྱིབས་ཏེ། །ཟབས་སུ་སོར་གཅིག་བརྐོ་བར་བྱ། །རྡོ་རྗེ་རྩེ་ལྔ་པས་མཚན་པའི། །ཡུ་མཐར་རྡོ་རྗེ་རིན་ཆེན་ཏེ། །དེ་ནས་ཐབ་ཁུང་གཡོག་བྱ་སྟེ། །ཆུ་ཤིང་འདབ་མ་མཛེས་པའམ། །ཤིན་ཏུ་འཇམ་པའི་གོས་ཀྱིས་ནི། །ཐབ་ཁུང་རབ་ཏུ་གཡོག་པར་བྱ། །དེ་ནས་ཀུ་ཤ་དགྲམ་བྱ་སྟེ། །རྩ་བར་བཅས་ཤིང་མ་ཉམས་པ། །ཁ་དོག་ལྗང་ཞིང་གསར་པ་ཡི། །ཀུ་ཤ་སྒྲུབ་པ་པོས་བརྐོས་ནས། །ཐོག་མར་ཤར་དུ་དགྲམ་པར་བྱ། །གཉིས་པ་ལྷོ་ཡི་ཕྱོགས་སུ་སྟེ། གསུམ་པ་ནུབ་ཀྱི་ཕྱོགས་ས་ཡིན། །བཞི་པ་བྱང་གི་ཕྱོགས་སུའོ། །ཨོཾ་ཨི་མི་ཀུ་ཤ་ཤུ་པ་ཏི་བྷྱཿ་།བྷུ་ཏ་བྷྲ་མ་པ་ཝི་ཏྲེ་ཏེ། །བུདྡྷ་དྷརྨྨཱ་སཾ་གྷ་ཨ་མ་རི་པྲ་ཏི་བྷི་སཾ་ཛ་དགར་པ་ཤཱནྟིཾ་ཀུ་རུ་བནྟུ་སྭཱ་ཧཱ། ཀུ་ཤ་དགྲམ་བའི་ཆོ་གའོ། །ཨུ་དུམྺཱ་ར་པ་ལ་ཤ །ཨ་མྲ་ཨ་ཤཏྠ་ཀརྨྨཱ་ཪྻ། ནྱ་གྲོ་དྷ་ལ་སོགས་པ་ཡི། །འོ་མ་ཅན་ཤིང་འདབ་བཅས་ཏེ། །མཉམ་པར་མཐེབ་རྩེའི་ཚད་ཙམ་ལ། །རྩེ་མོ་སྦྲང་དང་འོ་མ་དང༌། །མར་གྱིས་སྤགས་པ་ཉིད་དང་ནེ། །དཀར་པོའི་དྲི་ཡིས་ལེགས་བྱུགས་པའི། །ཡམ་ཤིང་ཉེར་བསྡོགས་བྱས་ནས་ནི། །ཞི་བ་ལ་ནི་སྦྱིན་སྲེག་བྱ། །རྙིང་པ་དང་ནི་འདབ་ཟེག་དང༌། །གས་པ་དང་ནི་འབུས་ཟོས་དང༌། །དེ་ལ་སོགས་པའི་སྐྱོན་རྣམས་ནི། །ཤེས་རབ་ཅན་གྱིས་སྤང་བར་བྱ། །ནས་དང་འོ་མ་ཞོ་དང་སྦྲང༌། །མར་དང་ཏིལ་དང་ཡོས་འབོག་དང༌། །མར་


DTG027_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་ལེགས་པར་སྤངས་པ་སྟེ། །ཡང་ན་མངར་གསུམ་གྱིས་སྤངས་ཤིང༌། །སེར་པོའི་དྲི་ཡིས་བྱུགས་པའོ། །ཏིལ་དང་ཞོ་ཟན་མར་ལྡན་ངག །བིལ་བ་ཡི་ནི་འབྲས་བུ་དང༌། །སཱ་ལུ་དན་དུ་ལ་དག་དང༌། །ཞོ་ཡི་སྤྲིས་མ་དག་དང་ནི། །པདྨ་ནཱ་ག་གེ་སར་སོགས། །རྒྱས་པ་ལ་ནི་སྦྱིན་སྲེག་བྱ། །ཙན་ཙ་ཀ་དང་ཨ་ཤོ་ཀ །ཝ་ཀུ་ལ་ལ་སོགས་པ་ཡི། །ཡམ་ཤིང་སོར་ལྔའི་ཚད་ཙམ་ནི། །མཁས་པ་ཡིས་ནི་ཤེས་པར་བྱ། །སྐྱུར་པོ་མེ་ཏོག་དམར་པོ་དང༌། །དེ་ལ་སོགས་པ་མཐའ་ཡས་མཆོག །གཞན་ཡང་རང་གི་རྟོག་པ་ལས། །གསུངས་པ་དབང་ལ་སྦྱིན་སྲེག་བྱ། །ནིམ་པ་དང་ནི་སེང་ལྡེང་དང༌། །བ་ལ་ཏ་ཀ་དག་དང་ནི། །མྱོས་བྱེད་ཀྱི་ནི་ཤིང་བུ་དང༌། །ཁ་དང་ཚྭ་དང་སྐྱུར་ཤིང་རྣམས། །དྲག་ཏུ་སྟོན་པ་བྱས་ནས་ནི། །རྩ་བའི་ཆ་ལས་བྱུང་བ་ཡི། །སོར་བཅུ་པ་ཡི་ཚད་ཙམ་ལ། །དུག་དང་ཁྲག་དང་མར་ཁུས་བྱུག །པལ་ཀ་ཡི་ནི་མར་ཁུ་དང༌། །ཁྲག་དང་ཚྭ་དང་སྐྱེ་ཚེ་དང༌། །ནིམ་པ་ཡི་ནི་ལོ་མ་དང༌། །དུར་ཁྲོད་ཐལ་བ་རྐང་རལ་དང༌། །རྔ་མོ་བོང་བུའི་རྟུག་པ་དང༌། །སྐྲ་དང་ཞག་དང་ཁ་ལ་སོགས། །ཚེར་མ་མི་རུས་ཕྱེ་མ་དང༌། །སྦུ་དང་ཤ་སོགས་ཇི་སྙེད་རྫས། །དུག་དང་ཁྲག་དང་ཚྭ་དང་ནི། །སྐྱེ་ཚེ་མྱོས་བྱེད་ཁུ་བ་ཡིས། །རྫས་འདི་དག་ནི་མཁས་པ་ཡིས། །ལེགས་པ་ཉིད་དུ་བྱུག་པར་བྱ། །སོལ་བ་དང་ནི་ཐལ་པ་དང༌། །ཕུབ་མས་དགྲ་ཡི་གཟུགས་བྱས་ཏེ། །གཏུབ་ཅིང་གཏུབ་པར་བྱས་ནས་ནི། །མངོན་སྤྱོད་ཕྱིར་ནི་སྦྱིན་སྲེག་བྱ། །མཆོད་ཡོན་ཤིང་ཉིད་དག་དང་ནི། །ཨ་ཤྭྔྠ་ལ་སོགས་པའི་ཤིང། །ཞི་བ་ཡི་ནི་སྦྱིན་སྲེག་བྱ། །རྒྱས་པའི་སྦྱིན་སྲེག་ཤིང་བུའོ། །སྣུམ་ཞིང་སྐྱུར་ལ་མེ་ཏོག་བཅས། །དབང་ལ་ཤིས་པའི་ཤིང་བུ་ཡིན། །ཚ་ཞིང་ཚེར་བཅས་དྲི་ངའི་ཤིང༌། །དུར་ཁྲོད་ཀྱི་ནི་ཤིང་བུ་དང༌། །རྔ་མོ་བོང་བུའི་རྟུག་པ་ནི། །མངོན་སྤྱོད་ཀྱི་ནི་ཤིང་བུ་ཡིན། །ཨོཾ་སརྦ་དུཥྚ་ཨུ་པ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །ཞེས་བྱ་བ་ནི་ཞི་བའི་སྔགས་སོ། །ཨོཾ་བཛྲ་པུཥྚིཾ་སྭཱ་ཧཱ། །ཞེས་བྱ་བ་ནི་རྒྱས་པའི་སྔགས་སོ། །ཨོཾ་བཛྲ་སཾ་ཀ་ར་ཡ་སྭཱ་ཧཱ། །ཞེས་བྱ་བ་ནི་དབང་གི་སྔགས་སོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྣ་གྲྀཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱ་རཱ་ཛ་ཧཱུཾ། མཱར་ཡ་ཧཱུཾ་ཕཊ། ཅེས་བྱ་བ་ནི་མངོན་སྤྱོད་ཀྱི་


DTG027_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་སོ། །འབར་བའི་དབུས་ཀྱི་དཀྱིལ་ན་ནི། །ཆུ་ཡི་མེ་ཡི་མཚན་ཉིད་ནི། །དུང་དང་ཀུནད་ཟླ་བ་བཞིན། །སྤྱན་གསུམ་རལ་པའི་ཐོར་ཚུགས་འཆང༌། །ཕྱག་བཞི་གཡས་དབྱིག་མི་འཇིགས་དང༌། །གཡོན་པ་བགྲང་ཕྲེང་སྤྱི་བླུགས་འཛིན། །དཀར་དང་རྒྱན་ཅན་ཚངས་སྐུད་ཅན། །ལུས་ཀུན་གྱི་ནི་ཡན་ལག་ལས། །བདུད་རྩི་ཡི་ནི་རང་བཞིན་གྱི། །འོད་ཟེར་དཀར་པོ་རབ་འཕྲོ་བ། །ཞི་བ་ལ་ནི་བསམ་པར་བྱ། དེ་བཞིན་དུ་འབར་བའི་དབུས་སུ་སའི་དཀྱིལ་འཁོར་ལ། ལཾ་ལས་བྱུང་བའི་རང་བཞིན་རྒྱས་པའི་མེ་ལྷ་སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན། ཕྱག་གཡས་པ་དག་ན་དབྱིག་པ་དང་མཆོག་སྦྱིན་འཛིན་ཅིང༌། གཡོན་པ་དག་ན་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། སེར་པོའི་རྒྱན་དང་མཆོད་ཕྱིར་ཐོགས་པ་འཆང་ཞིང་འོད་ཟེར་སེར་པོ་འཕྲོ་བ། སེམས་ཅན་མ་ལུས་པའི་སྟོབས་དང༌། གྲགས་པ་དང། བཀྲ་ཤིས་པ་རབ་ཏུ་འགེངས་པ་རྒྱས་པ་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་འབར་བའི་དབུས་སུ་རཾ་ལས་བྱུང་བ་དབང་གི་མེ། ཉི་མ་གཞོན་ནུ་ལྟར་དམར་བ་འོད་ཟེར་དམར་པོ་འཕྲོ་བ། སྤྱན་གསུམ་པ། རལ་བའི་ཐོར་ཚུགས་དང་ལྡན་པ་ཕྱག་བཞི་བ་གཡས་ན་དབྱུག་ཐོ་དང་ལྕགས་ཀྱུ་འཛིན་པ། གཡོན་ན་ཞགས་པ་དང་སྤྱི་བླུགས་འཛིན་པ། དམར་པོའི་གོས་དང་རྒྱན་འཆང་ཞིང་ཕྲེང་བ་དང་དྲིས་ཉེ་བར་བྱུགས་པ། མཆོད་ཕྱིར་ཐོགས་པ་འཆང་བ། །དབང་ལ་འདོད་པས་བསྒོམ་པར་བྱའོ། །དེ་བཞིན་དུ་འབར་བའི་དབུས་སུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་རཾ་ལས་བྱུང་བའི་མེ་དུ་བའི་མདོག་ཅན། སྤྱན་གསུམ་པ་ཟུར་གྱིས་གཟིགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ་ཤིན་ཏུ་ཁྲོས་ཤིང་སྤྱན་དམར་བ། མཆེ་བ་གཙིགས་ཤིང་བཞིན་བསྙེར་བ། འཁྲུགས་ཤིང་ཆེར་འཇིགས་པ། རྒྱན་ནག་པོས་བརྒྱན་ཅིང་མཆོད་ཕྱིར་ཐོགས་པ་འཆང་བ། འོད་ཟེར་ནག་པོ་འཕྲོ་བས་སྲིད་པ་གསུམ་ཁྱབ་པ་ཕྱག་བཞི་པ། ཕྱག་གཡས་ན་དབྱུག་ཐོ་དང་རལ་གྲི་ཐོགས་པ། གཡོན་ན་ཞགས་པ་དང་སྤྱི་བླུགས་འཛིན་པ། རླུང་གི་མེ་མངོན་སྤྱོད་ལ་བསྒོམ་པར་བྱའོ། །དེ་ནས་ལུས་བཀྲུ་དྲི་ཞིམ་བྱུག །ཇི་ལྟར་འདོད་པའི་རྒྱན་བགོས་ཏེ། །ཞི་དང་རྒྱས་དང་དེ་བཞིན་


DTG027_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང༌། །གསད་པ་ཡི་ནི་ལས་རྣམས་ལ། །ཇི་ལྟར་ལས་དང་རྗེས་མཐུན་པར། །བློ་ལྡན་གྱིས་ནི་སྔོན་བཞིན་བརྗོད། །སེམས་ཅན་ཀུན་ལ་ཕན་བརྩོན་པས། །ཇི་ལྟར་འདོད་པ་ཐམས་ཅད་བྱ། །སྲུང་བའི་འཁོར་ལོ་སྔོན་བཞིན་དུ། །སྔགས་པ་ཡིས་ནི་བྱ་བ་ཡིན། །ཤར་ཕྱོགས་སུ་ནི་མངོན་ཕྱོགས་དང༌། །དེ་བཞིན་དུ་ནི་བྱང་དུ་ཡིན། །ནུབ་ཕྱོགས་སུ་ནི་མངོན་ཕྱོགས་ཏེ། །དེ་བཞིན་དུ་ནི་ལྷོ་ཕྱོགས་ཡིན། །ཞི་བ་ལ་སོགས་ལ་འདུག་ནས། །ལས་བཞི་པོ་ནི་བྱ་བ་ཡིན། །དེ་ནས་ལས་དང་རྗེས་སུ་མཐུན་པའི་ཚུལ་གྱིས་ཕྱི་རོལ་གྱི་མེ་དགུག་སྟེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱི་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་བླངས་ནས་བསྐོར་ཞིང་བསང་གཏོར་ལན་གསུམ་གྱི་བར་བྱའོ། །དེའི་རྗེས་སུ་གཙང་ཞིང་སྐམས་པའི་རྩྭ་དང་ལྷན་ཅིག་པའི་ཤིང་ལ་རླུང་ཡབ་ཀྱིས་མེ་རབ་ཏུ་སྦར་བར་བྱའོ། །ཨོཾ་བཛྲ་ཛྭཱ་ལཛྭཱ་ལ་ཧཱུཾ་ཞེས་བྱ་བ་ནི་སྦར་བའི་སྔགས་སོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྔགས་སོ། །དམ་ཚིག་སེམས་དཔའ་བརྗོད་པ་བཞིན། །ཐབ་ཁུང་དབུས་སུ་དེ་བསམས་ཏེ། །ཡེ་ཤེས་སེམས་དཔའ་སྤྱན་དྲང་བ། །སྔགས་དང་ཕྱག་རྒྱས་བྱ་བ་ཡིན། །གཡས་པ་མི་འཇིགས་རྒྱ་བྱས་ཏེ། །མཐེ་བོང་གིས་ནི་སྲིན་ལག་གི །རྩ་བའི་ཚིགས་ལ་རེག་བྱས་ཏེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །འདི་ཉིད་ཀྱི་ནི་ཕྱག་རྒྱ་ནི། །མེ་འགུགས་པ་ཡི་མཆོག་ཡིན་ནོ། །ཚུར་གཤེགས་ཚུར་གཤེགས་མགོན་པོ་ཆེ། །སངས་རྒྱས་བླ་མེད་ལས་བླ་མེད། །དགང་བླུགས་འདི་ནི་བཞེས་ནས་སུ། །དེ་ཉིད་དུ་ནི་བཞུགས་སུ་གསོལ། །དེ་ནས་མེ་ལྷ་སྤྱན་དྲངས་པ། །དམ་ཚིག་སེམས་དཔའ་དང་གཅིག་ཏུ་བྱས་ཏེ་མཆོད་ཡོན་ལ་སོགས་པ་ཕུལ་ནས། བྱིན་པ་གཉིས་ཀྱི་ནང་དུ་བཞག་ལ། བླུགས་གཟར་གྱིས་དགང་བླུགས་གསུམ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་སྔགས་ཀྱིས་དབུལ་བར་བྱའོ། །ཡང་དགང་གཟར་ཁེངས་པར་བྱས་ལ། དེའི་སྟེང་དུ་བླུགས་གཟར་བཞག་སྟེ། ལག་པ་གཡས་པའི་མཐེ་བོང་དང་མཐེའུ་ཆུང་སྦྲེལ་ཏེ། ལྷག་མའི་སོར་མོ་ཡུ་བའི་སྟེང་དུ་བཞག་ལ་མར་གྱི་དགང་བླུགས་དབུལ་བར་བྱའོ། །དེ་ནས་ཡོ་བྱད་ཐམས་ཅད་སྔར་བརྗད་པའི་སྔགས་ཀྱིས་སྦྱིན་སྲེག་བྱ་


DTG027_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིང། །སྔགས་ཀྱི་བཅུ་ཆས་སྦྱིན་སྲེག་བྱའོ། །དེ་ནས་བསྲེག་རྫས་དང༌། མེ་ཏོག་ལ་སོགས་པ་དང༌། བཤོས་གཙང་ལ་སོགས་པ་དབུལ་བར་བྱའོ། །རྫོགས་པའི་མཐར་ཨོཾ་ཧྲིཿཞེས་བྱ་བའི་སྔགས་འདིས་མར་གྱི་དགང་བླུགས་ཉི་ཤུ་རྩ་གཅིག་གིས་གཟི་བྱིན་བསྐྱེད་པར་བྱའོ། །དེའི་རྗེས་ལ་གང་བའི་དགང་བླུགས་དབུལ་བར་བྱ་ཞིང༌། མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་བསྟོད་ཅིང་ཡིད་ལ་འདོད་པའི་དངོས་གྲུབ་ལ་གསོལ་བ་བཏབ་སྟེ་བཟོད་པ་གསོལ་ལ། ཨོཾ་བཛྲ་མུཿཞེས་བརྗོད་དེ་སྟེང་དུ་གཤེགས་སུ་གསོལ་བར་བྱའོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་བྱོན་པར་མཛད་དུ་གསོལ། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ནས། སྤྲུལ་པའི་མེ་ནི་མཆོད་བྱས་ཏེ། །བསང་གཏོར་ལ་སོགས་ཕུལ་བྱས་ནས། །བསྲེག་རྫས་ལྷག་མ་བསྲེག་པར་བྱ། །དེ་ནས་གང་བའི་དགང་བླུགས་དབུལ་ཏེ། མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ། །དེའི་རྗེས་སུ་ཡིད་ལ་འདོད་པའི་དངོས་གྲུབ་གསོལ་བ་བཏབ་སྟེ། བཟོད་པར་གསོལ་ལ། ཛ་ཧི་ཛ་ཧི་ཞེས་བྱ་བས་གཤེགས་སུ་གསོལ་བར་བྱའོ། །སྔོན་དུ་བརྗོད་པའི་རིམ་བཞིན་དུ། །ཨཱ་རལླི་ཧོཿཞེས་བྱ་བའི་སྔགས་ཀྱིས་གཏོར་མ་སྦྱིན་པར་བྱའོ། །འདི་ཡི་མཐར་ནི་ཚོགས་འཁོར་ལོ། །སྔགས་པ་ཡིས་ནི་བྱ་བ་སྟེ། །བསྡུས་པས་དངོས་གྲུབ་ཀུན་འགྲུབ་པ། །ཅུང་ཟད་བདག་གིས་བརྗོད་པར་བྱ། །ཉིན་རེའམ་ནི་ཟླ་བ་རེ། །ཡང་ན་ལོ་རེ་དག་ཏུ་ནི། །སྣ་ཚོགས་སྟོན་མོར་ལྡན་པ་ལ། །ཚོགས་ཀྱི་དཀྱིལ་འཁོར་བྱ་བ་ཡིན། །དམ་ཚིག་སྡོམ་བ་ཤེས་བ་ཡི། །རང་གི་སློབ་མ་བླ་མར་བཅས། །དམ་ཚིག་དབུས་སུ་མདོར་བསྡུ་སྟེ། །པདྨ་བདེ་བ་ཆེན་པོ་འདི། །ཐོག་མར་རིམ་བཞིན་བསྒོམ་བྱ་སྟེ། །འབྱུང་པོ་རྣམས་ལ་གཏོར་མ་གཏང༌། །ཀུན་ཀྱང་དམ་ཚིག་བདག་ཉིད་ཅན། །རང་རང་ཕྱག་རྒྱར་ལྡན་བྱས་ཏེ། །དུས་མིན་ཡིད་ཀྱིས་བརྟགས་ནས་ནི། །དེར་ནི་རིམ་པ་བཞིན་དུ་འདུག །མེ་ཏོག་སྤོས་དང་དེ་བཞིན་མེ། །དྲི་དང་ཕྲེང་བ་ན་བཟའ་དང༌། །ཇི་ལྟར་དམིགས་པར་གྱུར་བ་ཡི། །བཟའ་དང་


DTG027_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཏུང་བ་དབུལ་བར་བྱ། །རིམ་བཞིན་མཆོད་པ་བྱས་ནས་ནི། །རང་ཁ་འདམ་སྐྱེས་ཐབ་ཁུང་དུ། །ལག་པ་བླུགས་གཟར་ཐ་སྙད་ཀྱིས། །སྣོད་ལས་དགང་བླུགས་དབུལ་བར་བྱ། །ནང་གི་བདག་ཉིད་སྦྱིན་སྲེག་གིས། །ལྷག་པའི་ལྷ་ནི་ཡིད་འོང་བ། །དགའ་ཞིང་བདེ་བས་སྤོ་བ་ཡིན། །དངོས་པོ་ཀུན་གྱིས་མཉེས་པར་བྱ། །སྣོད་ནི་ཨ་ཡིས་ཁེངས་བྱ་སྟེ། །མཁས་པ་ཡིས་ནི་སོ་སོར་དབུལ། །བླ་མ་ལ་གུས་དད་ཅིང་སྒྲིན། །ཐམས་ཅད་ཡིད་འོང་བཟོད་ལྡན་ཞིང༌། །ཐམས་ཅད་མཚུངས་པར་ཁྲིམས་ལྡན་པའི། །སློབ་མ་ལས་ཀྱི་རྡོ་རྗེར་འདོད། །དེ་ལྟར་རྣལ་འབྱོར་བ་ཀུན་གྱིས། །སྤྱོད་ལམ་ལ་ནི་མཉམ་གཞག་སྟེ། །སྐམ་པར་གྱུར་ཀྱང་བརྒྱ་ལམ་ཡང༌། །སྣོད་ནི་སྐམ་པར་མི་བྱའོ། །འཐབ་བ་དང་ནི་སྨོད་པ་དང༌། །ཀུ་ཅོའི་སྒྲ་ནི་འཇིགས་པ་དང༌། །ཤིན་ཏུ་ང་རྒྱལ་དང་ལྡན་པ། །ཚོགས་ཀྱི་དབུས་སུ་མི་བྱའོ། །སློབ་དཔོན་གྱི་ནི་བཀའ་མིན་བར། །གླུ་དང་གར་ནི་མི་བྱ་ཞིང༌། །ཚོགས་ཀྱི་འཁོར་ལོའི་གཙོ་བོ་ཡིས། །གང་ལ་བཀའ་གནང་བྱིན་གྱུར་ན། །དེ་ཡིས་མྱུར་དུ་དགོངས་པ་ནི། །བདེ་བར་གཤེགས་པའི་བཀའ་སྦྱིན་བྱ། །བརྡ་དང་བརྡ་ཡི་ཐ་སྙད་ནི། །སྒྲུབ་པ་པོ་ཡིས་ཤེས་བྱ་སྟེ། །ཤིན་ཏུ་རྒྱས་པར་སྤྱོད་བསྡུས་ལས། །འཕགས་པ་ལྷ་ཡིས་བྲིས་པ་ཡིན། །བཅོམ་ལྡན་དཔལ་ལྡན་རིན་ཆེན་རྡོ་རྗེ་དང༌། །བློ་བཟངས་མ་ཡི་བཀའ་ཡིས་རྗེས་བཟུང་བས། །རྣམ་པ་སྣ་ཚོགས་པ་ཡི་དོན་རྣམས་བསྟན་པ་ཡིན། །སྲིད་པ་ཤིན་ཏུ་འཇིགས་ལས་སེམས་ཅན་སྒྲོལ་བར་ཤོག །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་མ་ཞེས་བྱ་བ། ཁ་ཆེའི་མཁས་པ་ཆེན་པོ་ཤེས་བྱ་མཐའ་དག་ལ་མཁས་པ་དཔལ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།དཔལ་ལྡན་ཨུ་རྒྱན་དུ་སྦྱངས་པ། །མཁས་པ་ཡེ་ཤེས་རྡོ་རྗེ་དང༌། །སྐད་བསྒྱུར་གཉན་བན་བསོད་དེ་ཡིས། །བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ། །དཔལ་ལྡན་མཉམ་སྦྱོར་རྒྱུད་ཆེན་གྱིས། །དགེ་བ་ཤེལ་སྒོང་ལྟར་ཐོབ་པ། །རྡོ་རྗེ་འཛིན་པའི་སར་གནས་ཤོག ། །

རྡོ་རྗེ་སེམས་དཔའི་སྒྲུབ་ཐབས།
ཨིནྡྲབྷཱུཏི།


DTG027_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། བཛྲ་སཏྭ་ནོ་པི་ཀ །བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ཞིག་ཕན་མཛད་སྐྱོབ་པའི་མགོན། །ཐམས་ཅད་དོན་ཀུན་སྟོན་མཛད་ཅིང༌། །ཡང་དག་དཀྱིལ་འཁོར་རྫོགས་པའི་མཆོག །རིགས་བདག་སེམས་དཔའ་ལ་ཕྱག་འཚལ། །རྣལ་འབྱོར་སྒྲུབ་པའི་ཆོ་ག་དག །རབ་ཏུ་སྦྱངས་པས་གྲོལ་གྱུར་ཅིང༌། །དེ་ནས་ཡེ་ཤེས་བཟང་པོ་ཉིད། །དོན་མཆོག་གསང་བ་བཤད་པར་བྱ། །དམ་ཚིག་འཁོར་ལོ་རྫོགས་བྱས་ཏེ། །ཕྱག་རྒྱའི་ཡན་ལག་རྣམ་སྦྱངས་པས། །དངོས་གྲུབ་ཀུན་གྱི་ཆ་ཤས་དག །ཉེ་བར་སྦྱོར་བའི་ཡུལ་དུ་འགྱུར། །ས་ཕྱོགས་མངོན་པར་དགའ་བ་རུ། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །འགྲོ་རྣམས་ཀུན་དགྲོལ་བསམ་པ་ཡིས། །ཁྲུས་རྣམས་ཆོ་ག་བཞིན་དུ་སྤྱད། །དུས་གསུམ་ཕྱོགས་ཆའི་བྱེ་བྲག་གིས། །དྲུག་གི་ཆོས་རྣམས་རང་བཞིན་མེད། །དེར་སྣང་རྟོག་པའི་ཆ་བྲལ་ཞིང༌། །འབྱུང་ཚོགས་ཁམས་རྣམས་མ་སྐྱེས་པའོ། །འགྲོ་བའི་རིགས་རྣམས་ཐ་དད་ཀྱང༌། །མཚན་ཉིད་རྟེན་ཅིང་འབྲེལ་པའི་རྒྱུན། །བྱ་དང་བྱེད་ཚོགས་ཡུལ་ཅན་ཉིད། །ཀུན་བརྟགས་ཡེ་ཤེས་ཆེན་པོས་ནོན། །ཐུགས་རྗེ་སྣང་བ་འོད་ལྡན་པའི། །ཀུན་འབྱུང་རིན་ཆེན་ཕུང་པོའི་ཚོགས། །རབ་ཏུ་སྦྱར་བས་ཁྱབ་མཛད་ཅིང༌། །ཉེ་བར་སྟོན་པའི་བདག་ཉིད་དོ། །ཐུགས་ཀྱི་སྔགས་ཀྱིས་གསལ་བྱས་ཏེ། །ཀུན་ནས་སྤྲོ་ཞིང་བསྡུས་པའི་མཐུས། །རྡོ་རྗེ་ས་གཞི་ལ་བརྟེན་པའི། །ར་བ་གུར་སོགས་མཚོན་ཆར་བཅས། །ཤིན་ཏུ་གསལ་བའི་སྣང་བ་ལས། །ཐབས་ཀྱི་ཕྱག་རྒྱ་རྫོགས་པ་ཉིད། །གཉེན་པོའི་ཡེ་ཤེས་སྟོབས་དང་ལྡན། །འགྲོ་གནས་ཉོན་མོངས་རྣམ་པར་དག །རིགས་མཆོག་འཁོར་ལོ་བཟང་པོའི་ཚོགས། །ཀུན་ནས་བསྡུས་པས་བརྟན་པ་དག །རྡོ་རྗེ་སེམས་དཔའི་བདག་ཉིད་སྐུ། །འོད་འབར་ཟླ་བའི་དཀྱིལ་འཁོར་བཞིན། །ཞལ་གཅིག་ཕྱག་གཉིས་སྒེག་དང་བཅས། །རིན་ཆེན་རྒྱན་སོགས་ཀུན་གྱིས་སྤྲས། །གཡས་པ་རྡོ་རྗེ་རྩེ་ལྔ་འཛིན། །གཡོན་པ་ཁ་ཊྭཱཾ་དྲིལ་བུ་འཁྲོལ། །དབུ་རྒྱན་རྩེ་བྲན་


DTG027_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྔ་ཡིས་བརྒྱན། །བྱང་ཆུབ་སེམས་ཀྱི་ཆ་ལུགས་ཀྱིས། །འོད་འབར་ཁ་དོག་སྣ་ལྔའི་མདངས། །སྟོད་སྨད་ན་བཟས་རྣམ་པར་བཀླུབས། །པདྨའི་དཀྱིལ་འཁོར་ལ་གནས་པའི། །ཉི་ཟླ་གསལ་བའི་གདན་དང་བཅས། །མཚན་དང་དཔེ་བྱད་ཕུན་སུམ་ཚོགས། །རིགས་ཀྱི་སྤྲུལ་པས་ཀུན་དོན་མཛད། །གནས་གསུམ་ཡི་གེའི་མཚན་མ་ལས། །སྤྲོ་བསྡུས་རིགས་ཀྱི་སེམས་དཔའ་དང༌། །རང་གི་ཆ་ལུགས་ཕྲེང་སྔགས་བཅས། །ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཉིད། །ཏིང་འཛིན་འཁོར་ལོ་རྫོགས་པའི་གནས། །ཡང་དག་བསྐུལ་པའི་བྱིན་རླབས་ཀྱིས། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང༌། །རིགས་ལྔའི་ཅོད་པན་རྣམ་པར་མཛེས། །དམ་ཚིག་ཕྱག་རྒྱ་རྫོགས་པ་ལས། །ཡེ་ཤེས་བྱིན་བརླབས་བརྟན་པར་གཞུག །ལྷ་མོ་མཆོད་པས་མཉེས་བྱས་ཏེ། །ཤིན་ཏུ་གར་བཅས་རོལ་མོའི་གླུས། །རིགས་ཀྱི་འཁོར་ལོ་སྣ་ཚོགས་དག །ཡང་དག་བསྟོད་ཅིང་གནས་ཀུན་བརྒྱན། །ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས། །སྣ་ལྔའི་ཕྲེང་བ་སྤྲོ་ཞིང་བསྡུ། །ཨོཾ་བཛྲ་སཏྭ་ཧཱུཾ་ཧཱུཾ་སྭཱ་ཧཱ། །ཇི་སྲིད་བརྟན་པར་མ་གྱུར་པར། །འོད་འབར་ཕྲེང་བས་ཀུན་དུ་རྒྱས། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བས། །ཐབས་ཀྱི་སྙིང་རྗེའི་བདག་ཉིད་རྣམས། །དེ་བས་དེ་ཉིད་སྙིང་རྗེ་ཐབས། །ཤེས་རབ་ཕ་རོལ་ཕྱིན་པར་གསལ། །ཀུན་དུ་འགྲོ་དང་འདུག་པ་དང༌། །ཉལ་དང་ལངས་སོགས་ཐམས་ཅད་དུ། །ལྷ་ཡི་ཏིང་འཛིན་བརྟན་བྱས་ཏེ། །ཐམས་ཅད་སྤྱང་ཞིང་བྱིན་གྱིས་བརླབ། །བཟའ་བཏུང་ཐམས་ཅད་བདུད་རྩིའི་ཚོགས། །ཡུལ་ཀུན་ལྷ་མོའི་དཀྱིལ་འཁོར་ཉིད། །བསྐྱེད་ལ་ཕྱག་རྒྱའི་འཁོར་ལོ་ཡིས། །བྱ་བའི་ཕྲིན་ལས་སྣ་ཚོགས་ཀུན། །འགྲོ་གནས་འཇུག་པའི་དོན་བཞིན་སྤྱད། །དཀྱིལ་འཁོར་མཉེས་པས་མཆོད་བྱ་སྟེ། །དགའ་བའི་སྦྱིན་སྲེག་ཚིམ་པའི་མཆོག །ཚོགས་ཀྱི་འཁོར་ལོ་བརྟུལ་ཞུགས་བཟང༌། །ཡི་གེ་ཕྱག་རྒྱ་མཚན་མའི་སྐུ། །རྣམ་གསུམ་མཛད་པ་སྐུ་གསུང་ཐུགས། །རྟག་ཏུ་གསང་སྔགས་སྒྲ་ལྡན་པས། །ཕྱག་རྒྱའི་གནས་ཀུན་མཉམ་སྦྱོར་


DTG027_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིང། །ཐབས་དང་ཤེས་རབ་གཉིས་མེད་པའི། །དངོས་གྲུབ་སྣ་ཚོགས་ཉེ་བར་འགྲུབ། །ཕྱག་རྒྱ་གཅིག་པའི་བསམ་གཏན་མཆོག །རིགས་ཀུན་ཡོན་ཏན་འབྱུང་བའི་གནས། །རྡོ་རྗེ་སེམས་དཔའ་གསལ་བྱེད་པའི། །ཐེག་པ་བླ་མེད་དམ་པའི་མཆོག །ཡང་དག་སྦྱར་བའི་ཚུལ་འདི་ཡིས། །མ་ལུས་མངོན་རྫོགས་སངས་རྒྱས་ཏེ། །དངོས་གྲུབ་འཁྲིགས་པའི་ཕྲེང་བས་བརྒྱན། །རིགས་མཆོག་ཕྲིན་ལས་མཐར་ཕྱིན་ཤོག །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། །།

བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྒྲབ་ཐབས།


DTG027_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། བྷ་ག་བཱན་ཤྲཱི་མཧཱ་སུ་ཁ་བཛྲ་སཏྭ་སཱ་དྷ་ནཾ། བོད་སྐད་དུ། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་བ་ཀུན་གྱི་མཆོག་རིག་མཉམ་མེད་ཡེ་ཤེས་གཟུགས། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་མིན། །བདག་ཉིད་ཀུན་དུ་རྟག་གནས་སྲིད་གསུམ་མཆོག་གསུམ་གཟུགས། །དཔལ་ལྡན་ཚད་མེད་བདེ་བའི་རྒྱ་མཚོ་མི་འགྱུར་པ། །བདེ་ཆེན་བདེ་སྐྱེད་རྡོ་རྗེ་སེམས་དཔའ་མགོན་པོ་ལ། །འགྲོ་བ་གསུམ་གྱི་གཉེན་གྱུར་ཕྱོགས་པས་ཕྱག་བྱས་ཏེ། །སེམས་ཅན་དུས་ངན་རྙོག་པས་ཉེན་ཅིང་དགེ་སྟེར་བ། །ཡུལ་ལ་ཆགས་པའི་ཉོན་མོངས་མུན་ནག་ཆེན་པོ་རྣམས། །བླ་མའི་ལུང་གིས་སེར་སྣའི་ཐ་བ་འཇོམས་འགྱུར་བ། །བདེ་བྱེད་བྱང་ཆུབ་བླ་མེད་བདེ་བ་ཐོབ་པའི་ཕྱིར། །འདི་ཡི་སྒྲུབ་པ་ཆོག་ཅུང་ཟད་བཤད་པར་བྱ། །འཇིག་རྟེན་མགོན་པོ་རྡོ་རྗེ་སེམས། །སྐྱོབ་པ་པོས་ནི་རྣམ་གསུམ་པ། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་ལས། །བདེ་བས་ཐམས་ཅད་ལྷ་ཉིད་དོ། །རྡོ་རྗེ་བྱང་ཆུབ་སེམས་འདི་ནི། །སངས་རྒྱས་ཀུན་གྱི་ངོ་བོ་སྟེ། །དེ་བས་བདག་ཉིད་ཀུན་སྦྱོར་བས། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །སངས་རྒྱས་ཐམས་ཅད་བདག་ཉིད་དེ། །དེ་བཞིན་དཔའ་བོ་ཐམས་ཅད་པས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དེ་བས་བདག་ཉིད་བསྒྲུབ་པར་བྱ། །རྡོ་རྗེ་བྱིན་རླབས་ཚུལ་གྱིས་སུ། །ཏིང་ངེ་འཛིན་ནི་བདག་དབང་


DTG027_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྐུར། །སྙིང་པོའི་ཕྱག་རྒྱ་སྔགས་རིག་གིས། །གསང་བའི་མཆོད་པ་མཆོག་གིས་བསྐུལ། །སྦྱོར་དང་རབ་སྦྱོར་སྦྱོར་ཆེ་བ། །རྣལ་འབྱོར་ཐམས་ཅད་བསྒྲུབ་པར་བྱ། །དེ་ཉིད་བཅུ་ལ་སོགས་ཚུལ་གྱིས། །ཐམས་ཅད་སྐྱེ་འགྱུར་བསྒྲུབ་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་དང༌། །དེ་བཞིན་དཔའ་བོ་ཐམས་ཅད་དག །ཅི་བདེར་ཡུལ་ལ་ལོངས་སྤྱོད་པས། །ཚེ་འདི་ཉིད་ལ་ཐོས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་བསྒྲུབ་པར་འདོད་པས་ཐོག་མར་རྡོ་རྗེ་སེམས་དཔའ་བསྒྲུབ་པར་འདོད་པས་ཐོག་མར་རྡོ་རྗེ་སློབ་དཔོན་ལ་བསྙེན་བཀུར་ཇི་ལྟ་བ་བཞིན་དུ་བྱས་ནས། །དམ་ཚིག་གི་སྡོམ་པའི་དབང་ལ་སོགས་པ་མནོས་ཏེ། ཇི་ལྟ་བའི་གནས་སམ། ཐེག་པའམ། ཁྱིམ་མམ། གཞལ་མེད་ཁང་ངམ། སྐྱེད་མོས་ཚལ་གྱི་གནས་ལ་སོགས་པར། །རང་གི་སྟན་འཇམ་ཞིང་རེག་ན་བདེ་བ་པདྨ་སྣ་ཚོགས་ཀྱི་འདབ་མས་གཡོགས་པ་དེ་ནི་གདན་ཐམས་ཅད་ཀྱི་ནང་ན་བསྔགས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་གང་དུ་རྣམ་པར་རོལ་པ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མའི་བདེ་བླངས་ཏེ། ཨོཾ་བཛྲ་པདྨ་ཨ་སན་མ་ཧཱ་ཡོ་ག་པི་ཏ་ཧཱུཾ་ཞེས་བྱིན་གྱིས་བརླབས་ནས། སྟན་བདེ་བ་ལ་སྦྱོར་བའི་དབང་ཕྱུག་རྣམ་པར་གནས་ཏེ་ཇི་ལྟར་བྱིན་གྱིས་བརླབས་བདེ་བཞིན་དུ་ཐམས་ཅད་ཀྱི་སྟན་དང་སྦྱར་རོ། །མཉམ་པར་གཞག་ནས་རྒྱལ་བ་ཀུན། །ཉེ་བར་ནམ་མཁའ་ཐམས་ཅད་ལ། །རྡོ་རྗེ་སེ་གོལ་བཅིབས་པ་ཡིས། །རྡོ་རྗེ་གཏོགས་པས་བསྡུ་བར་བྱ། །ཛཿཧཱུཾ་བཾ་ཧོཿསངྶ་རྒྱས་ཀུན། །རབ་ཏུ་སྦྱོར་བས་ཡང་དག་བརྗོད། །ཐལ་མོ་གསུམ་གྱི་སྦྱོར་བ་ཡིས། །ཞི་བའི་ཐལ་མོས་མཉེས་པར་བྱ། །ཆོ་ག་བཞིན་དུ་ཕྱག་བྱས་ཏེ། །ཅི་རིགས་མཆོད་པ་རྣམས་བྱས་ལ། །འདོད་པ་ལྔ་ཡི་ཡོན་ཏན་རྣམས། །དབང་པོ་ཀུན་ནས་སྤྲོ་བར་བྱ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པ། །ཞི་བའི་ཐལ་མོའི་སྦྱོར་བ་ཡིས། །ཤ་རྫ་གནྡར་ཚུལ་གྱིས་སུ། །རྡོ་རྗེ་དབྱངས་ཀྱིས་བསྟོད་པར་བྱ། །མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་


DTG027_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་ཆོས་མཆོག་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨིན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་བསྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོ་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡིས། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཚོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པ་ཡོངས་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པས། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །དེ་ནས་སྔོན་ཚེ་གང་བྱས་པའི། །སྡིག་པ་རྣམས་ནི་བཤགས་པར་བྱ། །རྒྱལ་བ་རྣམས་ནི་དགེ་མཛད་ལ། །མ་ལུས་རྗེས་སུ་ཡི་རང་བྱ། །དེ་རྣམས་གསོལ་གདབ་པར་བྱ་བ། །སྐད་ཅིག་སྐད་ཅིག་སེམས་པར་བྱ། །མ་ལུས་པ་ཡི་དགེ་བ་རྣམས། །སེམས་ཅན་རྣམས་ལ་བསྔོ་བར་བྱ། །དེ་ནས་བརྩོན་འགྲུས་ཆེན་པོའི་གོ་བགོས་པ། །སྙིང་རྗེ་ཆེན་པོས་བརླན་པའི་སེམས་གཞན་ལ་ཕན་པ་གཅིག་པུ་མཐར་གྱུར་པའི་མཆོག་མ་ལུས་ལུས་པ་མེད་པའི་འཇིག་རྟེན་ན་གནས་པའི་འགྲོ་བ་ཐམས་ཅད་བདག་གིས་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་སྙམ་དུ་བསམས་ཏེ། དེ་བཞིན་གཤེགས་པས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་བདེ་བ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་མངོན་དུ་བྱས་ནས་པདྨའི་ལག་པ་གཡས་གཡོན་གྱི་མཐིལ་ལ་མ་ཊ་ཡི་གེ་གཉིས་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་ཆ་ཐམས་ཅད་ཀྱིས་རྣམ་པར་མཛེས་པར་མངོན་དུ་བརྟགས་ཏེ། དེའི་སྟེང་དུ་འདིས་རྡོ་རྗེ་དང་པདྨོར་བསམ་པར་བྱ་སྟེ། ཨོཾ་


DTG027_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཧཱ་སུ་ཁ་ས་མནྟ་བྷ་དྲ་ཧཱུཾ་ཨ་ཞེས་བརྗོད་ནས་རྡོ་རྗེའི་ཚིག་ལས་མངོན་དུ་བསྡུ་བ་དང༌། སྤྲོ་བ་བྱ་བ་ནི་འོད་ཟེར་གྱི་རྒྱན་སྣ་ཚོགས་ཀྱི་ཕྲེང་བས་སྤྲོ་བ་དང་བསྡུ་བ་བྱ་སྟེ། གཡོན་པའི་སོར་མོ་ཐམས་ཅད་དུ་ཡི་གེ་ས་བོན་ལྔ་ལས་གཟུགས་མར་བསམ། གཡས་ཀྱི་རྣམས་ལ་གཙོ་བོ་རྣམས་ཚུལ་འདི་བསམ་མོ། །ཨཾ་ཨ་ཨཾ་ཨ་ཨཾ། ཧཱུཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ། དེ་ནས་སྙིང་པོ་འདིས་རྡོ་རྗེ་ཐལ་མོ་བཅིང་བར་བྱའོ། །ཨོཾ་བཛྲ་ཨཉྫ་ལི་ཨོཾ། །རྡོ་རྗེ་ཁུ་ཚུར་བསྡམས་པའི་སྙིང་པོ་ནི། ཨོཾ་བཛྲ་བནྡྷ་ཧཱུཾ། དེ་ཡང་སྙིང་པོ་འདི་ལན་གཉིས་སམ་གསུམ་དུ་བརྗོད་དེ་དབབ་པར་བྱིན་གྱིས་བརླབ་པོ། །ཨོཾ་བཛྲ་པདྨ་སཾ་ཡོ་ག་ཨཱ་བེ་ཤ་ཨཱ་བེ་ཤ་མ་ཧཱ་སུ་ཁ། ཨོཾ་བཛྲ་སཏྭ་ཧཱུཾ་ཨ། སུ་ར་ཏ་སྟཾ། ཛཿཧཱུཾ་བཾ་ཧོཿབྕིངྶ་པ་དེ་འབབ་པར་གྱུར་གྱི་བར་དུ་བརྗོད་ནས་དེ་ནས་སྙིང་གར་དགྲོལ་བར་བྱའོ། །ཨོཾ་བཛྲ་བནྡྷ་མ་ཧཱ་ཀྲོ་དྷ་ཧ་ན་ད་ཧ་པ་ཙ་ག་ཏ་ཡ། སརྦ་དུཥྚ་པྲ་དུཥྚཾ། མེ་མ་ན་སིད་ཙ། ཛྙཱ་ན་མཧཱ་ཏ་མོནྟ་ཀ་ར་བི་ཏི་ཙི་གི་ར་བི་ཀི་ར་ཧཱུཾ། ཏྲད་ཏ་ཏྲད་ཏེ་ཏ་ཏྲད་ཏེ། དེ་ནས་རང་གི་ལུས་མི་ཤེས་པའི་དྲི་མ་དང་བྲལ་ནས་ཟླ་བ་ལྟ་བུར་ཡོངས་སུ་དག་པར་བསྒོམས་ཏེ། ཨོཾ་སརྦྦ་བི་ཤུདྡྷི་དྷརྨཱ་ཏ་ས་མ་ཡ་ཧཱུཾ་ཞེས་ཡིད་ལ་བརྗོད་དོ། །དེ་ནས་བཅིངས་པ་དེ་སླར་གཉིས་སུ་བཅིངས་ནས་མཛུབ་མོ་གཉིས་བརྐྱང་བ་ལས་ལྕགས་ཀྱུ་ལྟར་བཅུས་ཏེ། དེ་བཞིན་དུ་རང་གི་སྙིང་གར་སྔགས་འདིས་གྲོལ་བར་བྱའོ། །ཨོཾ་བཛྲ་བནྡྷ་ཨཾ་གུ་ཤ་མཧཱ་ཀྲོ་དྷ་ཛཿཧཱུཾ་བཾ་ཧོཿ། །ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་བདག་ཉིད་ཤིན་ཏུ་རྣམ་པར་དག་པར་བསམས་ཏེ། ཡེ་ཤེས་ཡོངས་སུ་དག་པ་ཙམ་ལ་དམིགས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བདག་ལ་འདིས་བསྐུལ་བར་བསམ་མོ། །སྟོང་པ་ཡོད་མེད་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གཤེགས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའི་སྐལ་བཟང་དཔལ་ཁྱོད་བདག །དེ་ནས་དེ་བདག་གིས་བདག་ལ་བསྐུལ་བར་རིག་ནས་བདག་ཉིད་བདེ་བ་ཆེན་པོ་རིམ་པ་འདི་ལྟར་བསྐྱེད་བར་བྱའོ། །ཧཱུཾ་གིས་ཕྱག་རྒྱ་དང་བཅས་པར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་ལས་བརྐྱང་སྟེ། མཐེའུ་ཆུང་དང་སྲིན་ལག་གི་དབུས་སུ་མཐེ་བོང་རྩེ་སྦྱར་ནས། དབབ་པ་བྱས་ལ། སྙིང་གར་དབུ་མ་རྩེ་མོ་ཅན་དུ་བྱས་ཏེ།


DTG027_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨའི་པདྨའི་སྟེང་དུ་གཞག་གོ །ཨོཾ་མཧཱ་སུ་ཁ་ས་མནྟ་པ་ཏྲ་ཨ་བྷི་ཥིཉྩ་ཧཱུཾ་ཨ་ཞེས་བརྗོད་ནས་དབབ་པའི་ཕྱག་རྒྱ་བསྐྱོད་དོ། །ཡང་ན་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བརྟགས་ཏེ། ས་བོན་རྒྱལ་པོ་རྡོ་རྗེ་སེམས་དཔའི་ཀུན་གཞི་རྣམ་པར་ཤེས་པ་བཞིན་བསམས་ཏེ། ཧཱུཾ་གདན་ལ་ཨ་ལ་སོགས་པས་ཀྱང་འོད་ཟེར་གྱི་ཆས་བརྒྱན་པ་ལྟར་བསམས་ནས་ས་བོན་ཧཱུཾ་དེ་ལས་རྡོ་རྗེ་རྩེ་ལྔ་པར་བསམ་མོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པ་འདིས་རྡོ་རྗེ་རྩེ་ལྔ་པ་འདིར་མངོན་དུ་འགྲུབ་སྟེ། རྡོ་རྗེའི་ཡེ་ཤེས་དེ་ལས་ཡེ་ཤེས་རྣམ་ལྔར་གཟུགས་དང་ཁ་དོག་སྣ་ཚོགས་སུ་བྱུང་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པར་ཀུན་དུ་སྣང་བར་བྱེད་པར་བསམས་ཏེ། དེ་བདག་ཉིད་རྡོ་རྗེ་ལ་སླར་འདུས་པས་ཕྱག་རྒྱ་ཆེན་པོའི་ཚུལ་དུ་གྱུར་པར་བསམས་ལ། ཐམས་ཅད་བདེ་བྱེད་དཀར་བའི་ཕྱིར། །ཐམས་ཅད་དག་ལ་རྣམ་དག་སྟེ། །ཟླ་བ་གང་བ་དཀར་པའི་སྐུ། །རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི། །དམར་པོ་སྣ་ཚོགས་འབར་བའི་འོད། །གཡས་ཀྱིས་འདུད་པའི་སྙིང་ག་རུ། །འཛུམ་བཅས་རྡོ་རྗེ་གསོར་བར་མཛད། །སེམས་དཔའི་སྐྱིལ་ཀྲུང་དབྱིབས་སུ་གནས། །ཆུ་སྐྱེས་སྤྱན་ཡང་ཡིད་ཙམ་རྒྱས། །སངས་རྒྱས་རིན་ཆེན་དབུ་རྒྱན་རྣམས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །རྒྱབ་ཏུ་འོད་དང་འདྲ་བ་ཡི། །ཟླ་བའི་དཀྱིལ་འཁོར་འོད་ཀྱི་མཆོག །ཨ་ལས་ཡང་དག་བསྐྱེད་བྱས་ཏེ། །དེ་ནས་ཀུན་དུ་སྤྲོ་བར་བྱ། །སངས་རྒྱས་རིན་ཆེན་ཁམས་གསུམ་ནི། །རིན་ཆེན་གཞན་དང་མཚུངས་པ་མེད། །སངས་རྒྱས་ཀུན་གྱི་རིན་པོ་ཆེ། །དེ་བས་དབུ་རྒྱན་མཆོག་ཅེས་བྱ། །བདག་གི་གཞན་གྱིས་མི་འཕྲོགས་ཏེ། །དག་ཅིང་དང་བའི་ཆུ་འདྲ་བ། །ངོ་བོ་ཉིད་ཀྱི་མཐར་གྱུར་པས། །རང་བཞིན་གྱི་ནི་དངོས་གྲུབ་འགྲུབ། །དེ་ནས་བྱིན་རླབས་ཚུལ་གྱིས་སུ། །སྙིང་ག་སྨིན་མཚམས་མགྲིན་སྤྱི་བོར། །གར་བཅས་ལག་པ་འདུད་པ་ཡིས། །རྡོ་རྗེ་ཕྱག་རྒྱ་བཅིང་བར་བྱ། །བྱིན་རླབས་ཕྱག་རྒྱ་འདི་ཡིན་ཏེ། །རྡོ་རྗེ་ཁུ་ཚུར་བཅིངས་བྱས་ཏེ། །མཛུབ་མོ་མཐེ་བོའི་མཚན་ཉིད་དུ། །གཡས་པའི་མཐེ་བོ་དབང་པོ་ཡིས། །ཁ་རུ་བཅུག་ནས་བསྡམ་པར་


DTG027_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ། །འདི་ཡིས་བྱིན་གྱིས་བརླབས་པ་ཡིས། །རྡོ་རྗེ་དགའ་ཆེན་ཐོབ་པར་འགྱུར། །བདེ་བ་ཆེན་པོ་བདེ་བྱེད་ཆེ། །ཕྱི་ཡི་གསང་བ་རྣམ་སྡུད་ཡིད། །རྡོ་རྗེ་དགའ་བ་རབ་བཅིངས་ནས། །དབུ་མ་བཅིངས་བ་ནང་དུ་གཞུག །མཐེ་བོ་མཐེའུ་ཆུང་མཉམ་བསྣོལ་བའི། །རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པར་བྱ། །བཅིང་བ་དེ་ཡིས་བྱིན་བརླབས་ན། །རྡོ་རྗེ་འཛིན་པ་མཆོག་ཏུ་འགྱུར། །འདི་ཡིས་ཇི་ལྟར་རིགས་པ་ཡིས། །བློ་དང་ལྡན་པས་དབང་བསྐུར་བྱ། །དར་གྱི་བཅིང་བས་བཅིང་བྱ་སྟེ། །འགྱིང་དང་བཅས་པས་མཐའ་དགྲོལ་བྱ། །དར་དཔྱངས་འདྲ་བའི་ཚུལ་ཉིད་ཀྱིས། །ཐལ་མོ་ཡིས་ནི་བསྟན་པར་བྱ། །སྔགས་ཤེས་པ་ཡིས་སྔགས་འདི་ཡིས། །ཧཱུཾ་ཨ་བྷི་ཥིཉྩ་མཾ། །འདི་ནི་རང་གི་རིགས་ཀྱི་དབང་བསྐུར་བའི་བྱིན་གྱིས་བརླབ་པའི་རིམ་པའོ། །མཐེ་བོ་སེམས་དཔའི་སྐྱིལ་ཀྲུང་ལས། །མཛུབ་མོ་རྩེ་མོ་དགུག་པར་བྱ། །གུང་མོ་མཆོག་གཉིས་མཉམ་སྦྱོར་མཉམ། །ལྷག་མ་རྡོ་རྗེ་ཐལ་མོ་འོད། །སངས་རྒྱས་རིན་ཆེན་དབང་བསྐུར་རྒྱ། །རང་བྱུང་བ་ཡིས་དབང་བསྐུར་བས། །རྒྱལ་སྲིད་མཆོག་གི་དངོས་གྲུབ་ཀུན། །མ་ལུས་ལུས་པ་མེད་པར་འགྲུབ། །སྤྱི་བོ་དང་ནི་དཔྲལ་བ་གཉིས། །གློ་དང་དེ་བཞིན་རྒྱབ་ཉིད་དུ། །བྱས་ནས་དར་དཔྱངས་ཚུལ་དུ་བྱ། །ཨོཾ་བུདྡྷ་ཨ་བྷི་ཥེ་ཀེ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་བུདྡྷ་ལོ་ཙ་སརྦྦ་ཨརྠ་སཱ་དྷ་ན་ཨ་བྷི་ཥི་ཉྩ་མཾ་སྭཱ་ཧཱ། སངས་རྒྱས་ཀུན་གྱིས་དབང་བསྐུར་བའོ། །རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱས་སྔ་མ་བཞིན་དབང་བསྐུར་རོ། །ཨོཾ་བཛྲ་རཏྣ་ཨཾ་བྷི་ཥེ་ཀ་ཧི་རི་མི་ཏི་རི་ནི་ཤྲཱི་ཡ་ཨ་བྷི་ཥིཉྩ་མཾ་སྭཱ་ཧཱ། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བའོ། །ཨོཾ་པདྨ་ཨ་བྷི་ཥེ་ཀ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཨི་བྷི་ཥི་ཉྩ་མཾ་སྭཱ་ཧཱ། །དེའི་ཕྱག་རྒྱ་ནི་སངས་རྒྱས་རིན་ཆེན་གྱིས་དབང་བསྐུར་བས་དབུ་མའི་རྩེ་མོ་ཕབ་པ་ནི་པདྨ་རིན་ཆེན་གྱི་ཕྱག་རྒྱ་སྟེ། འདིས་སྔ་མ་བཞིན་དུ་དབང་བསྐུར་རོ། །རྡོ་རྗེ་ཐལ་མོ་རབ་སྦྱར་ཏེ། །གཉིས་ཀྱིས་རིན་ཆེན་འཛིན་པ་ལྟར། །ཇི་ལྟར་རིགས་པས་མཉམ་པར་བྱ། །མཐེ་བོའི་རྩེ་མོ་གདོང་བཞི་ཡིས། །ཕྱག་རྒྱ་དེ་ནས་རབ་བསྒྱུར་ཏེ། །གཡས་པ་ཉིད་དུ་གཞག་པར་བྱ། །བློ་དང་ལྡན་པའི་སྔགས་འདི་ཡིས། །སྔགས་རིགས་དེ་བཞིན་དབང་བསྐུར་བྱ། །ཨོཾ་རཏྣ་རཏྣ་ཨ་བྷི་ཥེ་ཀེ་ཏྲཾ་ཏྲཾ། བྷ་བྷ་ཏ་ཏ་ཏྲ་ཏྲ་ཏྲ་ཏྲ་ཨ་བྷི་ཥིཉྩ་མཾ་སྭཱ་ཧཱ།


DTG027_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིན་ཆེན་རིགས་ཀྱི་དབང་བསྐུར་བའོ། །རྡོ་རྗེ་ཐལ་མོ་གདབ་པ་སྟེ། །མཛུབ་མོའི་རྩེ་མོ་ཡུད་ཙམ་དགུག །མཐེ་བོ་དཔའ་བོའི་སྐྱིལ་ཀྲུང་དུ། །ལྷག་མ་རྣམས་ནི་འོད་བཞིན་བཏང༌། །སྔོན་བཞིན་ཡང་ནི་སྤྱང་བར་བྱ། །ལས་ཀྱི་རིན་ཆེན་དབང་བསྐུར་བའོ། །ཨོཾ་བཛྲ་ཀརྨྨ་རཏྣ་ཨ་བྷི་ཥེ་ཀེ་ཧི་ཧི་ཧི་ཧི། ཤྲཱི་པདྨ་བ་ད་མུ་ཥེ་ཨ་བྷི་ཥིཉྩ་མཾ་སྭཱ་ཧཱ། རིག་སྔགས་སྤྱིས་བདག་ལ་དབང་བསྐུར་བར་བསྟན་ཏེ་རང་གི་རིགས་ཀྱི་ཐོག་མ་ཉིད་དུ་དབང་བསྐུར་རོ། །དེ་ལྟར་བདག་ཉིད་དབང་བསྐུར་བར་བྱས་ནས། །གེ་བགོ་བར་སྟེ། རྡོ་རྗེ་ཁུ་ཚུར་བརྐྱང་བ་ལས་མགྲིན་པར་བཞག་སྟེ། ཨོཾ་བཛྲ་ཀ་བ་ཙ་ཡཱ་མཾ་ཧཾ་བཾ་ཡཾ། ཞེས་བྱ་བའི་སྙིང་པོ་བརྗོད་ནས་བཅིངས་པ་དེ་ལས་མཛུབ་མོ་བརྐྱང་སྟེ། སོ་སོ་ནས་གདོད་སྤྲད་པ་མདུད་པའི་ཚུལ་གྱིས་སྙིང་གནས་བརྩམས་ཏེ། སྤྱི་བོའི་གཙུག་གི་བར་དུ་སྔགས་འདིས་ཨོཾ་ཊུཾ་ཀ་བ་ཙ་ཡཾ་མཾ་ཧཱུཾ། ལན་གསུམ་དུ་བྱས་ན་ལུས་ལ་ཅིས་ཀྱང་མི་ཕྱེད་པར་འགྱུར་རོ། །དེ་ནས་ཨ་ལས་བཅོམ་ལྡན་འདས་མ་རྡོ་རྗེ་ཤིན་ཏུ་དགའ་བ་མའམ་རྡོ་རྗེ་སེམས་མ་བསྐྱེད་དེ། བཅོམ་ལྡན་འདས་ཀྱི་ཆ་ལུགས་དང༌། ཁ་དོག་དབྱིབས་སུ་ལྡན་པ་གཡས་གཡོན་གྱི་པདྨོའི་དབྱིབས་ཅན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྔ་མ་བཞིན་དུ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ་སྟེ། གཉིས་སུ་མེད་པའི་ཏིང་ངེ་འཛིན་ཀྱིས་བརྩམ་པར་བྱ་བ་ནི་ལུང་ངོ༌། །ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་བཅིང་བ་ནི་ནང་གི་དབུ་མའི་ལྕགས་ཀྱུ་རང་གི་སྙིང་གར་ལྕགས་ཀྱུས་དྲང་བར་བྱ། དེ་ཉིད་གདོང་རེག་པ་ནི་ཞགས་པའོ། །དེ་ཉིད་ལུ་གུ་རྒྱུད་ལྟར་བྱས་པ་ནི་བཅིང་བའོ། །དེ་ཉིད་རྩེ་མོ་བསྡམས་པ་ནི་དགྱེས་པའོ། །འདི་ནི་གསང་བའི་ཕྱག་རྒྱ་སྟེ། ཕྱིའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་སྦྱར་བར་བྱའོ། །དེ་ལ་དེ་རྣམས་ཀྱི་ཕྱག་རྒྱ་ནི་འདི་ལྟ་སྟེ། རྡོ་རྗེ་བཅིང་བ་གཉིས་སུ་བྱ་སྟེ། གཡོན་པའི་སྟེང་དུ་གཡས་པ་བཞག་ནས་མཐེའུ་ཆུང་བསྣོལ་བ་ལ་གཡོན་གྱི་མཛུབ་མོ་བསྒྲེང་བའི་ཚིགས་ནས་གཡས་ཀྱི་མཛུབ་མོ་དགུག་པ་ནི་རྡོ་རྗེ་འདོད་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་ཀཱ་མ་ཨཾ་ཀུ་ཤ་ཀ་ཏ་ཀ་ཏ་ཧཱུཾ་ཛཿཞེས་པའི་སྙིང་པོ་དང་བཅས་པས་དྲང་བར་བྱའོ། །དེ་ཉིད་ལས་ཕན་ཚུན་དུ་མཛུབ་མོ་གཉིས་ཞགས་པ་ལྟར་བཅིངས་ཏེ། ཨོཾ་བཛྲ་པྲ་བེ་ཤ་ཡ་ཕྲ་བེ་ཤ་ཡ་སྭཱ་ཧཱ།


DTG027_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བའི་སྙིང་པོ་དང་བཅས་པས་གཞུག་གོ །དེ་ཉིད་ལས་ཕན་ཚུན་ཤིན་ཏུ་བསྐུམས་ཏེ། ཨོཾ་བཛྲ་ཀཱ་མ་བནྡྷ་བནྡྷ་བཾ། ཞེས་པས་བཅིང་བར་བྱའོ། །དེ་ཉིད་ལས་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་གཟུང་སྟེ་རྒྱབ་སྦྱར་བ་འདི་ནི་རྡོ་རྗེ་དགྱེས་པའོ། །ཨོཾ་བཛྲ་དུཥྚི་ཀཱ་མ་སུ་ཀེ་ཤོ་ཏ་ཡ་ཧོ། །ཞེས་བརྗོད་ནས་ཕྱག་རྒྱ་དེས་དགྱེས་པར་བྱ་སྟེ། བདེ་བའི་ཐལ་མོ་འམ། ཞི་བའི་ཐལ་མོ་གསུམ་གྱིས་དགྱེས་པ་བསྐྱེད་ནས་མདུན་དུ་རྡོ་རྗེ་ཤིན་ཏུ་དགའ་བ་ལ་སོགས་པ་མངོན་དུ་བལྟ་བར་བྱ་བའི་ཕྱིར་དབྱངས་ཀྱིས་བསྐུལ་བར་བྱའོ། །རྡོ་རྗེ་སེམས་དཔའ་བདེ་ཆེན་སྐལ་བཟང་ཁྱོད་བདག་ལགས་སོ་སྒྲུབ་ལ་རྟོགས་པར་མཛད་དུ་གསོལ། །དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ་བ་མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བའི་མཆོག །འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་མཆོག་གྲུབ་པ་བདག་ལ་གྲུབ་པར་མཛད་དུ་གསོལ། །ཨ་ལ་ལ་ཧོ། །དེ་བཞིན་གཤེགས་པའི་སྦྱོར་བ་རྣམ་པ་སྣ་ཚོགས་གར་རྣམས་བསྟན་དུ་གསོལ། །ཛཿཧཱུཾ་བཾ་ཧོཿཀྱེ་མ་བདེ་མཆོག་བདེ་བས་གཟུང་བ་རྣམ་པར་སྤྲུལ་པ་སྣང་བར་མཛད་དུ་གསོལ། ཨ་ལ་ལ་ལ་ལ་ཧོ། །དེ་བཞིན་གཤེགས་པ་ཀུན་གྱི་སྣ་ཚོགས་སྒྱུ་མ་མཁའ་འགྲོ་སློབ་མས་གཟུང་དུ་གསོལ། །དེ་ནས་འཇུག་པ་དེ་ལངས་ཏེ། མ་དང་ཊ་ལས་གྱུར་པའི་མིག་གིས་ནམ་མཁའི་ངོས་ལ་བདེ་བར་གཤགས་པ་རྣམས་ཀྱིས་ཏིལ་འབྲུ་བཞིན་བཏགས་ཏེ་རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་རང་གི་ལྷ་ལ་མཆོད་པའི་ཕྱིར་དེ་རྣམས་ཀྱི་སྙིང་གར་གཞུག་པར་བྱའོ། །ཡང་ན་རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་སྩལ་ཏེ། ཆོ་ག་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་ལ། དབང་བསྐུར་བ་ལ་སོགས་པ་བྱས། །མཆོད་པ་བརྩམ་པར་བྱའོ། །མདུན་དུ་ཟླ་བའི་ཁ་དོག་ཅན། །ཆུ་སྐྱེས་ཞལ་ནི་འཛུམ་དང་བཅས། །ཕྱག་རྒྱ་མདའ་ལྟང་འདྲེན་པ་འཛིན། །སངས་རྒྱས་རིན་ཆེན་རྣམས་ཀྱིས་བརྒྱན། །རྒྱབ་ཏུ་ལྷ་མོ་ཆུ་སྲིན་གྱི། །པདྨ་དམར་པོ་འོད་དང་ལྡན། །དཔལ་བྱེད་དྲན་པ་སྣ་ཚོགས་ཀྱི། །སངས་རྒྱས་དབུ་རྒྱན་མཆོག་འཛིན་མ། །སྔོ་མཐིང་མཆོག་གི་ཕྱག་གཉིས་ཀྱིས། །ཕྱག་རྒྱ་རང་གིས་འཁྱུད་པ་ཡི། །སངས་རྒྱས་དབུ་རྒྱན་ཕྲེང་བ་ལ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །འདུད་བཅས་གཡོན་ནས་སྔོ་བསངས་ཏེ། །སངས་རྒྱས་གཙུག་གིས་རྣམ་


DTG027_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་སྤྲས། །རྣལ་འབྱོར་འབྱོར་ལྡན་བསམ་བྱ་བ། །རང་གི་སྙིང་པོ་རྫོགས་པར་བྱ། །བཞི་པོ་དེ་རྣམས་ནི་ཕྱག་རྒྱ་ཕྱི་མོའི་ཚོགས་སུ་བསྟན་ཏེ་གཟུགས་དང་སྒྲ་དང་དྲི་དང་རོའི་ལྷ་མོ་རྣམས་ཕྱོགས་བཞིར་རང་གི་སྟན་ལ་པདྨོའི་ལོ་མ་ལ་གནས་པར་བསམ་མོ། །པདྨོའི་ཕྱི་མཚམས་སུ་སྒེག་མོ་དང༌། ཕྲེང་བ་མ་དང༌། དབྱངས་ཅན་མ་དང༌། གར་མ་ལ་སོགས་པ་གྲྭ་བཞིར་གཞག་གོ །དེ་བཞིན་དུ་མེ་ཏོག་མ་དང༌། བདུག་པ་མ་དང༌། མར་མེ་མ་དང༌། སྣ་ཚོགས་ཀྱི་དྲི་ལ་སོགས་པ་ཡང་ཕྱོགས་མཚམས་སུ་གཞག་གོ །གླིང་བུ་དང༌། པི་ཝང་དང༌། ཅང་ཏེའུ་དང༌། རྫ་རྔ་དང༌། ཆ་ལང་དང༌། དར་དིར་དང༌། པ་ཊ་ཧ་བརྡུང་བ་ལ་སོགས་པ་ཡང་ཕྱོགས་ཕྱོགས་སུ་གཞག་གོ །ཤར་གྱི་སྒོ་རུ་བསམ་པ་ནི། རྡོ་རྗེ་ལྕགས་ཀྱུ་འདོད་པ་མཆོག །གཡོན་དུ་རྡོ་རྗེ་ཞགས་པ་སྟེ། །ནུབ་ཏུ་རྡོ་རྗེ་ལྕགས་ཀྱུ་རྒྱུད། །བྱང་དུ་དྲིལ་བུ་བཤད་པ་སྟེ། །དེ་རྣམས་རང་གི་ལས་ལ་བརྩོན། །ཀུན་ཀྱང་གཟུགས་ཀྱི་མཆོག་ལྡན་པ། །རང་གི་ལྷ་ལ་རྗེས་མཐུན་པའི། །རང་གི་ཕྱག་མཚན་འཛིན་ལྡན་པར། །སྔགས་ཤེས་པས་ནི་དགོད་པར་བྱ། །རང་གི་ལྷ་ཡི་སྦྱོར་ལྡན་པས། །ཅི་རིགས་མཉམ་པར་གཞག་བྱ་སྟེ། །མཉམ་པར་གཞག་པའི་ཏིང་འཛིན་ཉིད། །རྡོ་རྗེ་འཛིན་དུ་ཉེ་བར་འགྱུར། །དེ་ནས་ཇི་ལྟར་སྦྱོར་བ་ཡི། །སྦྱོར་དགྱེས་པ་ཡིས་རོལ་བྱས་ཏེ། །སྦྱོར་བ་བཞི་ཡི་ཚུལ་གྱིས་སུ། །མཉམ་པར་གཞག་ནས་རབ་ཏུ་བྱ། །མཆོད་པ་ཐམས་ཅད་མ་འབྱོར་ན། །ཕྱག་རྒྱ་བཅིང་ཞིང་མཆོད་བྱ་བ། །རང་ཉིད་ལྷ་ཡི་ངོ་བོ་ལ། །དེ་དག་གིས་མཆོད་དམིགས་པར་བྱ། །བརྡུང་དང་གར་དུ་བཅས་པ་ཡིས། །སྟེ་ག་བཅས་དགའ་བས་བདེ་བ་ཡི། །གླུ་ལ་སོགས་པའི་རོ་ལྡན་པས། །ཧཱུཾ་ཨ། བདེ་བ་ཆེན་པོ་སྐལ་བཟང་ཁྱོད། །ཐམས་ཅད་འདོད་པ་བཞིན་དུ་འདོད་ཆགས་པས། །བཅོམ་ལྡན་འདས་ལ་བདག་བཞེས་ཤིག །མཆོད་པ་ཐམས་ཅད་ཀྱི་ཆོ་ག་ལ་སོགས་པ་སྦྱོར་བ་དང་ལྡན་པས་དབུལ་བར་བྱའོ། །ཛཿཧཱུཾ་བཾ་ཧོཿརུ་ཊ་མ་ཊ་སྨ་ར་ཏྲ། ཧུ་ལུ་ཧུ་ལུ། པྲ་སི་ཏ། ཏ་ཀི་ཧཱུཾ། ཏྲུ་ཏ་ཀི་ནི། ཧཱུཾ་ཛ་ཛ། ཧུ་ལུ་ཧུ་ལུ། ཨ་ལ་ལ་ཧོ། །ཤུདྡྷ། སིདྡྷ་ཡ། ད་རི་ཤ་ཡ། སརྦ་ཀ་ཏེ་ཏ་གྷེ་ཏ་གྷེ་ཏ་གྷེ། ཏ་ཏ་གྷེ་ཏ་གྷེ། གྷེ་གྷེ་ཏ།


DTG027_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྷེ་ཏེ་གྷེ་ཏ། གྷེ་ན་ཏོ། །ཏཀི་ཧཱུཾ་ཛ་ཛ། ཧུ་ལུ་ཧུ་ལུ་ཧུ་ལུ། ཨ་ལ་ལ་ལ་ཧོ་རུ་ཊ་མ་ཊ། ཐལ་མོ་མྱུར་བ་སྟེ། བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ལ་འདིས་མཆོད་པ་ཐམས་ཅད་དབུལ་བར་བྱའོ། །ཏེ་གྷེ་ཏ་གྷེ། ཏ་གྷེ་གྷེ། ཏ་གྷེ་གྷེ། གྷེ་གྷེ་ཏ། རྒྱུན་གྱི་བརྡུང་བའོ། །ཨཾ་ཨཾ་ཨཾ། ཧཾ་ཧཾ་ཧཾ། བཾ་བཾ་བཾ། དཾ་དཾ་དཾ། དམ་ཚིག་གསུམ་གྱི་བརྡུང་བ་སྟེ། འདིས་ནི་བཅོམ་ལྡན་འདས་སྐུ་གསུང་ཐུགས་བསྐུལ་བའི་དམ་ཚིག་གསུམ་གྱི་གསང་བའི་སྦྱོར་བ་སྟེ། དེ་རྣམས་ཀྱི་བརྡུང་བ་དབྱངས་སུ་བླང་ཞིང་ཤ་རྫ་དང་དེ་བ་ཏི་དབྱངས་འདིས་ཀྱང་སྦྱོར་བའི་བདག་ཉིད་ཀྱིས་ཧཱུཾ་ལ་སོགས་པའི་དབྱངས་ཀྱིས་བསྐུལ་བར་བྱའོ། །རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདྨོ་རྣམ་དག་པའི། །མཆོད་པ་གསལ་བས་རྗེས་སུ་མཆོད་བྱས་མཆོག །རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། །ཀྱེ་མཆོག་བདེ་བའི་དམ་མཆོག་རང་གི་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་རྣལ་འབྱོར་ཤིན་ཏུ་སྐལ་བཟང་ས་ཆོག་བརྙེས་པ། །རང་གི་དམ་ཚིག་སྐྱོན་མེད་རྟག་ལ་རོལ་ཅིག་རོལ་ཅིག་ཧོ། །ཀྱེ་མཆོག་ཏུ་གསང་བའི་བདག་པོ་རང་གི་དམ་ཚིག་ཡིན་པའི་ཕྱིར། །རབ་ཏུ་གསང་བའི་ལྷ་མོ་མཆོག་རྣམས་སོ། །འགྲོ་བའི་རྒྱུད་ནི་རྣམ་པ་སྣ་ཚོགས་འདུལ་བ་གསལ་བར་མཁྱེན། །དམ་ཚིག་ཐམས་ཅད་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་གྱུར། །རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་སྒྱུ་མ་མཁའ་འགྲོ་ཧོ། །ཀྱེ་དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་རབ་ཏུ་བསྒྲུབས་ལ་སྟོན། ཛཿཧཱུཾ་བཾ་ཧོཿཀྱེ་མ་ཧོ་བདེ་མཆོག་བདེ་བས་དྲོངས། །རྣམ་པར་སྤྲུལ་པ་སྣང་བར་མཛོད། །ཨ་ལ་ལ་ལ་ཧོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱི། །སློབ་མ་དག་ནི་གསུང་དུ་གསོལ། །འདི་ནི་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་བདེ་བས་བསྐུལ་བའོ། །གཡས་དང་གཡོན་གྱི་ལག་པ་ཡིས། །འགྱིང་བའི་ཚུལ་གྱིས་གར་བྱས་ཏེ། །གཡོན་གྱི་མཐེ་བོ་སྲིན་ལག་སྦྱར། །གཡས་གྱི་བ་དན་གསུམ་པ་ཡིས། །ཕྱག་རྒྱ་འདི་ཡིས་བཏབ་པ་ནི། །སངས་རྒྱས་ཀུན་དང་ཡང་དག་འགྲོགས། །ཐམས་ཅད་མཆོག་གི་དངོས་གྲུབ་ཆེ། །དབང་ཕྱུག་ཆེན་པོ་རབ་ཏུ་འགྲུབ། །


DTG027_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཉིད་དོར་བའི་ཚུལ་གྱིས་སུ། །སླད་དུ་བརྫུན་པ་ཆེར་བྱས་ཏེ། །བསྒྱུར་ནས་གཡས་ཀྱི་འགྲམ་པ་དང༌། །སྤྱི་གཙུག་མཚམས་སུ་བཞག་པ་ལས། །སླད་དུ་གར་གྱི་དབབ་ཚུལ་གྱི། །ཆ་ལུགས་ཀུན་གྱིས་རབ་བསྒྱུར་ཅིང༌། །སྐལ་བཟང་ཧཱུཾ་གཾ་དབྱངས་ལྡན་པས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ལ་ལར་ཟླ་བ་དྲི་མེད་དཀྱིལ་འཁོར་སྟོང་པས་མཛེས་པའི་གཟུགས་སུ་སྣང་བར་སྣང༌། །ལ་ལར་རབ་ཏུ་འཇིགས་པའི་ཉི་མ་བྱེ་བ་ཕྲག་དགུའི་འོད་ཟེར་མཆོག་པས་འཇིགས། །ལ་ལར་མདངས་བཟངས་གཟི་ཆེན་ཞེ་བར་ལྡན་པ་རྒྱལ་བའི་གཟུགས་སུ་སྣང༌། །ལ་ལར་འགྲོ་བ་ཐམས་ཅད་མཉམ་པར་འཇོག་པའི་གཟུགས་ལྡན་གསུང་མཆོག་ལྡན་པར་སྟོན། །རྡོ་རྗེ་སེམས་དཔའ་གྲུབ་ཕྱིར་འདུལ་མཁས་མ་ལུས་བདེ་བའི་མཆོག་རྣམས་ལས། །ཨ་རལ་ཐམས་ཅད་མཉམ་སྦྱོར་གྲུབ་པར་མཛོད། །རུ་ཊ་ཏ་མ་ཏེ་ཨ་ལ་ལ་ལ་ཧོ། །རྣམ་པ་མང་པོ་འདུལ་བར་མཛད་པའི་ཚུལ་ལ་གར་མཁན་མཆོག་གིས་གར་མཛད་པ། །དམ་ཚིག་གར་གྱི་དབང་ཕྱུག་སངས་རྒྱས་གར་མཁན་གར་མཛོད་ཨ་ལ་ལ་ལ་ཧོ། །རྣམ་མང་བདེ་མཆོག་རབ་ཏུ་གར་མཛད་པ་ཡིས་ཐར་པའི་བདེ་བའང་ཐོབ་པར་མཛོད། །འདི་ཡིས་བ་དན་གསུམ་དང་ལྡན་པར་གར་དུ་བྱའོ། །རབ་ཏུ་དགའ་དང་རྗེས་སུ་ཆགས་པར་དགའ་བའི་མདའ་གཞུ་རབ་ཏུ་ཕྲ་བས་རྒྱས་བཏབ་པས། །རབ་ཏུ་དགའ་བར་སྦྱོར་བའི་བདེ་བས་མྱོས་པ་བདེ་བ་ཐམས་ཅད་བདག་ལ་གྲུབ་པར་མཛོད། །རབ་ཏུ་བདེ་བའི་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲང་བའི་ལོངས་སྤྱོད་དང༌། །རབ་ཏུ་དགའ་བའི་དབང་ཕྱུག་མཆོག་ཏུ་གྲུབ་པས་དེ་བཞིན་གཤེགས་པ་བཞུགས། །ཧོ་རྟ་མཆོག་ཧོ། །ཀྱེ་མ་ཧོ་རབ་ཏུ་བདེ་བའི་རྣམ་པ་སྣ་ཚོགས་རོལ་ཅིག་ཧོ། །དེ་བས་སློང་རྣམ་པར་རོལ། །ཧཱུཾ་སྣང་བར་མཛོད། །ཨ་ལ་ལ་ལ་ཧོ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མ་རྣམ་པ་སྣ་ཚོགས་ཀྱི་སློབ་མ་གཟུང་དུ་གསོལ། །ཀྱེ་བདེ་བའི་མཆོག་གྲུབ་པར་མཛོད། །ཀྱེ་མ་ཧོ་བད་བས་བདེ་བ་སྩོལ། །དམ་པ་རབ་ཏུ་ཞུགས་པར་


DTG027_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཛོད། །བདག་ལ་རབ་ཏུ་བདེ་བར་གྱུར། །ཨ་ལ་ལ་ལ་ཧོ། །ཀྱེ་མ་ཧོ་ཤི་ཤི་བཞུགས་ཤིག་མཁའ་འགྲོ་བདེ་བའི་མཆོག །ཡོངས་སུ་སྐོར། །ཀུན་དུ་ཞུགས། དེ་ནས་གར་དང་ལྡན་པ་ཡིས། །དབྱངས་འདི་རྣམས་ཀྱིས་གླུར་བླངས་ཤིང༌། །དཔལ་ལྡན་གཡོན་དུ་འདུད་པ་ཡིས། །གཡས་ཀྱི་བ་དན་གསུམ་དུ་བྱ། །དེ་ལྟར་གཡས་དང་གཡོན་ཚུལ་གྱིས། །སེམས་དཔའི་སྐྱིལ་ཀྲུང་བསྙེམས་བྱས་ཏེ། །སྟེང་དུ་དོར་དང་འོག་ཏུ་དོར། །བསྐོར་དང་དེ་བཞིན་བྱུག་བྱས་ཏེ། །མེ་ཏོག་བདུག་པ་མར་མེ་མཆོག །དྲི་ཡི་མཆོད་པ་བསྐོར་བ་ཡིས། །ལྷག་མ་གར་གྱི་ཚུལ་གྱིས་སུ། །གླིང་བུ་པི་ཝང་རྫ་རྔ་མཆོག །དེ་བཞིན་ཅང་ཏེའུ་རྣམས་དག་ཀྱང༌། །གཡོན་གྱི་ཁུ་ཚུར་རབ་བསྡམས་ཏེ། །ལག་པ་གཡས་པས་བརྡུང་བྱ་སྟེ། །རང་གི་མིང་གིས་བསྐུལ་བཅས་པས། །སྔགས་པས་མཆོད་པ་དབུལ་བར་བྱ། །ཞི་བའི་ཐལ་མོ་བདེ་མཆོག་གིས། །ཐལ་མོའི་སྦྱོར་བས་དགྱེས་བ་བསྐྱེད། །གཡོན་དུ་འདོད་པས་ཕྱག་བྱ་ཞིང༌། །འཛུམ་དང་བཅས་པས་ལྟ་བའི་མིག །སྨིན་མ་མིག་དང་མཆུ་གདོན་པ། །ཁ་དང་ལུས་ཀྱི་གདོན་པ་ཡིས། །ཆ་ལུགས་ཇི་བཞིན་གར་བྱ་སྟེ། །ཕྱག་རྒྱ་ཐམས་ཅད་དབུལ་བར་བྱ། །ན་མོ་སྟུ་སརྦྦ་བུདྡྷེ་བྷྱཿ་།ཞེས་པས་ཕྱག་རྒྱ་རབ་གནས་ཏེ། །མཆོད་པ་མཆོག་གི་དངོས་གྲུབ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །ཕྱག་རྒྱ་འདི་རྣམས་ཀྱིས་བཏབ་ན། །བདག་ཉིད་དང་ནི་ཡང་ན་གཞན། །སྒྲུབ་པ་པོ་ནི་མྱུར་འགྲུབ་སྟེ། །རྡོ་རྗེ་སེམས་དཔའ་མཆོག་འདྲར་འགྱུར། །ལངས་པའི་ཚེ་ཡང་དེ་བཞིན་དུ་དབང་བསྐུར་བ་དང༌། སྲུང་བ་ལ་སོགས་པ་བྱས་ཏེ། །བདེ་བའི་ཐལ་མོས་དགྱེས་པ་བསྐྱེད་ནས་ཅི་དགའ་བར་གནས་པར་བྱའོ། །ཨོཾ་རྡོ་རྗེ་སེམས་དཔའ་སྡུད་པ་དང༌། །རྡོ་རྗེ་རིན་ཆེན་བླ་མེད་པ། །རྡོ་རྗེ་ཆོས་ནི་གསུང་བ་དང༌། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཨ་ཧོ་སུ་ཁ་ཞེས་པའི་མིང༌། །རྡོ་རྗེ་སེམས་གང་གང་ཀློག་པ། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང༌། །བསོད་ནམས་རྣམས་ནི་བྱིན་བརླབས་འགྱུར། །བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས་རྫོགས་སོ།། །།

དཔལ་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའི་ཆོ་ག་ཞེས་བྱ་བ།
ཐུ་བོ་རཱ་ཛ་ཧ་ཏི།


DTG027_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་བཛྲ་སཏྭ་ཨ་ནུ་སྨྲྀ་ཏིནཱ་མ་བིདྷི། བོད་སྐད་དུ། དཔལ་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རབ་གནས་ཡུལ་ཚོགས་ཉམས་དགའ་བར། །ཀུན་རྫོབ་འཕྲུལ་པའི་དཀྱིལ་འཁོར་ལ། །རྣམ་དག་གཉིས་མེད་ཡུལ་ཀུན་སྦྱོར། །བྱང་ཆུབ་སེམས་བྱུང་རྒྱལ་བའི་མཆོག །དེ་ལ་དེ་སྣང་རོལ་མོའི་ཆོས། །སྲིད་མཐའི་མ་དམིགས་དུས་གསུམ་འགོག །རྣམ་དཔྱད་བྱ་བའི་རྒྱུད་ལྡན་ཞིང༌། །རིགས་བདག་དཀྱིལ་འཁོར་བསྟོད་པའི་གནས། །ངེས་པའི་གསང་མཆོག་རྩ་བའི་རྒྱུད། །དེ་ཉིད་སྒྲུབ་པའི་ཐབས་ཆེན་པོ། །གཉིས་དང་གཉིས་མེད་ཐེག་པའི་མཆོག །རྗེས་སུ་དྲན་པ་སྐྱེད་བྱེད་པའི། །ཆོ་ག་བཟང་པོ་རྨད་དུ་བྱུང༌། །གསང་དོན་བརྒྱུད་པའི་རྡོ་རྗེའི་ཚིག །དུས་གསུམ་རྒྱུན་གྱི་མཚན་ལྡན་བཅིང༌། །རིགས་བདག་དཀྱིལ་འཁོར་བསྟོད་པའི་གནས། །འཁོར་བའི་བྱ་བ་ཀུན་གནས་འཇུག །དཔའ་བོ་གཅིག་པའི་དཀྱིལ་འཁོར་བཟང༌། །བསྙེན་སྒྲུབ་ཡན་ལག་དང་བཅས་བཤད། །སངས་རྒྱས་ཀུན་གྱི་དགོངས་པའི་ཡུལ། །བྱ་བའི་ཡན་ལག་ཀུན་རྫོགས་ཤིང༌། །ངེས་པའི་གསང་བ་སྟོན་མཛད་པའི། །འབྲས་བུའི་དཀྱིལ་འཁོར་བླ་ན་མེད། །ཐམས་ཅད་དུ་ས་ཞེས་བྱ་བ་ཡི། །ལྟ་བ་ལ་སོགས་འབྱུང་བའི་ཆོས། །ཉོན་མོངས་གནས་ཀུན་རྣམ་དག་ཅིང༌། །རང་བཞིན་མཉམ་པས་སྤྲོས་དང་བྲལ། །ཡང་དག་སངས་རྒྱས་བདེ་བ་ཆེ། །ཀུན་དུ་གོམས་པས་གསལ་བྱེད་པའི། །ཡན་ལག་ལམ་གཉིས་རྫོགས་པའི་གྲོགས། །རབ་སྦྱངས་བས་ནི་འཇུག་འགྱུར་ཞིང༌། །རིག་འཛིན་གནས་ཀུན་བགྲོད་བྱེད་ཅིང༌། །རྒྱུ་རྐྱེན་ཆ་ཤས་ཀུན་རྫོགས་ཤིང༌། །ཐུན་མོང་བྱེ་བྲག་རྐྱེན་གྱི་སྟོབས། །སྔ་མ་ལས་བྱུང་ཕྱི་མའི་རྒྱུན། །འབྲས་བུ་ཚོགས་པའི་བདག་ཉིད་དོ། །ས་དང་སར་གནས་རིག་འཛིན་ཀུན། །རང་རིག་སྦྱོར་བའི་ཚུལ་གྱིས་ནི། །གསང་སྔགས་ཕྱག་རྒྱའི་གནས་ཀུན་དང༌། །མི་མཐུན་གཉེན་པོ་བྱེ་བྲག་མཐུས། །དངོས་གྲུབ་མཐའ་ཡས་རྟག་ལྡན་ཞིང༌། །ཏིང་འཛིན་ཆོས་ཀུན་རྫོགས་པའི་མཐར། །སངས་རྒྱས་ཀུན་གྱི་གནས་མཐོང་ཞིང༌། །ངེས་པའི་ས་མཆོག་རྫོགས་པར་འགྱུར། །རིགས་ཀྱི་འཁོར་ལོ་ཀུན་བསྐོར་ཞང༌། །རིགས་ཀྱི་གནས་རྣམས་རྣམ་དག་པས། །རིགས་མཆོག་ཡོན་ཏན་བཟང་པོའི་ཚོགས། །


DTG027_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིགས་ཀུན་རྒྱལ་བས་མཉམ་སྦྱོར་བའོ། །ཡང་དག་ངེས་པའི་ཐེག་པའི་མཆོག །དམ་བ་ལས་བྱུང་དམ་པའི་ཡུལ། །དེ་གནས་ཚུལ་གྱིས་ཕྲེང་བ་ཉིད། །ཡང་དག་བདེ་བས་རྒྱན་དུ་བྱས། །དཀྱིལ་འཁོར་ཆེན་པོ་དགའ་ཚལ་དང༌། །ཆོས་ཀྱི་རྒྱལ་པོའི་གྲོང་ཁྱེར་མཆོག །ཆོས་ཀྱི་འཁོར་ལོ་རིམ་འཇུག་པས། །ཆོས་ཀྱི་འབྲས་བུ་བཟང་པོ་ཉིད། །ཤིན་ཏུ་སྦྱོར་བས་ཡང་དག་སྐྱེས། །མེ་ཏོག་ཚལ་ལས་ཁ་དོག་དྲི། །འདོད་པའི་ཚོགས་རྣམས་ཚིམ་གྱུར་ལྟར། །རང་གནས་བྱང་ཆུབ་ཡན་ལག་ཕྲེང༌། །བསྙེན་དང་ཉེ་བར་བསྙེན་པ་དང༌། །སྒྲུབ་དང་སྒྲུབ་པ་ཆེན་པོ་ཡི། །ཡན་ལག་ཆ་ཤས་ཀུན་རྫོགས་པས། །ཞི་སོགས་བྱེ་བྲག་རྣམ་པར་བཀོད། །སངས་རྒྱས་ཐེག་པའི་ཡན་ལག་གིས། །ཉེ་བར་སྦྱར་བའི་རྣལ་འབྱོར་འགྲུབ། །ས་མཚམས་མཁས་པའི་སྤྱོད་ཡུལ་ཉིད། །རྐྱེན་བཅས་སྟོབས་ཀྱིས་རབ་ཏུ་རྫོགས། །དཀྱིལ་འཁོར་ཡན་ལག་སྟོབས་ལྡན་པའི། །བླ་མ་ལྷག་གནས་བརྟུལ་ཞུགས་ཅན། །ཡོན་ཏན་རིན་ཆེན་འབྲས་བུའི་བདག །བྱང་ཆུབ་མཆོག་སེམས་རྣམ་དག་པ། །ཡང་དག་མོས་པས་བསྟོད་བྱས་ཏེ། །སྒོ་གསུམ་དང་བས་གསོལ་བ་གདབ། །གདམས་པའི་ཡན་ལག་ཀུན་འཛིན་ཅིང༌། །ཉེ་བར་འཁོར་བའི་དགའ་སྟོན་མཆོག །དཀྱིལ་འཁོར་ཆེན་པོར་དགྱེས་བྱས་པས། །རབ་ཏུ་རྫོགས་པར་འཁོར་ལོ་དབང༌། །དེ་ཉིད་ཡན་ལག་དམ་ཚིག་བཅས། །ངེས་པར་འཇུག་པས་བསྟན་བྱས་པའོ། །གསང་བའི་རྒྱུད་དོན་སྣ་ཚོགས་དག །འདྲེན་པའི་ཡན་ལག་བླ་ན་མེད། །ངེས་པར་བསྟན་པའི་ཕྱག་རྒྱ་ཡི། །ཡན་ལག་རྫོགས་པས་ཐེག་པའི་མཆོག །དབེན་བ་ཡི་ནི་གནས་དག་གམ། །རང་གི་སྐྱེད་མོས་ཚལ་སོགས་པར། །ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཀུན་དུ་སྣ་ཚོགས་བདེ་མཆོག་གིས། །ཀུན་དུ་སྣ་ཚོགས་དགོངས་པ་རྣམས། །ཅི་བདེ་བར་ནི་བསྒྲུབ་པར་བྱ། །གནས་ཀྱི་ཉེ་འཁོར་ཕྱག་དར་དང༌། །དྲི་ཞིམ་ཚུར་བཅས་དག་བྱས་ཏེ། །དཀྱིལ་འཁོར་ས་གཞི་བཟང་པོའི་མཆོག །བཀྲ་ཤིས་དག་བྱེད་རྫས་ཀྱིས་བྱུག །ཕྱོགས་བཅུར་བླ་རེ་རྒྱལ་མཚན་དང༌། །འཕན་གདུགས་ལྷ་བ་ལྷུབ་རྔ་ཡབ་དང༌། །རིན་ཆེན་མེ་ཏོག་ཕྲེང་བའི་ཚོགས། །བཟའ་བཏུང་འདོད་ཡོན་རྣམ་འཕྲུལ་པའི། །ཕྱག་རྒྱ་གོས་དང་རྒྱན་བཅས་པས། །མ་ལུས་ཀུན་དུ་ཉེ་བར་མཛེས། །ཐབས་དང་ཤེས་རབ་བརྟུལ་ཞུགས་མཆོག །བདེ་བའི་ཡེ་ཤེས་རོལ་མོའི་དབྱིངས། །རྣམ་པར་འཕྲུལ་པས་བསམ་བྱས་པས། །བྱ་བའི་འཁོར་ལོ་བརྟན་པར་འགྱུར། །ཇི་སྙེད་མཆོད་པའི་ཚོགས་རྣམས་དང༌། །གཏོར་མས་གནས་ཀུན་ཉེར་


DTG027_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྒྱན་དག །བསང་སྤྱད་བཀྲ་ཤིས་བྱིན་གྱིས་བརླབ། །རིམ་བཞིན་སྔགས་དང་ཕྱག་རྒྱ་གནས། །འགྲོ་གནས་ཀུན་གྱི་ཉོན་མོངས་ཚོགས། །མི་དགེ་སྟོབས་སོགས་སྡིག་པའི་མཐུས། །གནས་ཀུན་ཉམ་ཐག་གཟིར་བས་འཇོམས། །བདག་གཞན་ཀུན་རྒྱུད་རླག་པར་བྱེད། །དེ་དག་ཐུགས་རྗེ་ཆེན་པོའི་བློས། །མ་ལུས་ཡུལ་བཅས་སྒྲོལ་བའི་ཕྱིར། །དྲན་པ་གཅིག་པའི་ཡེ་ཤེས་སྐུ། །ཏིང་འཛིན་དག་པས་རྣམ་པར་གྲོལ། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་གཉིས་མེད་བྱང་ཆུབ་སེམས། །དེར་སྣང་ཡུལ་ལས་འདས་པ་ཉིད། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་དོ། །ཚུལ་འདི་རྣམ་པར་སྤངས་པ་ཡི། །དེ་ནས་དེ་ལས་དེ་བཞིན་རྒྱུད། །ཀྱེ་མ་ཐུགས་རྗེ་ཆེན་པོའི་ཡུལ། །རིགས་ཀྱི་དཀྱིལ་འཁོར་རྫོགས་པ་ཉིད། །རྣམ་གསུམ་ལྷ་ཡི་ཏིང་འཛིན་གྱིས། །རྣམ་གསུམ་སྔགས་དང་ཕྱག་རྒྱར་སྦྱོར། །བྱིན་རླབས་ནུས་མཐུ་རྫོགས་བྱས་ནས། །བདག་གཞན་སྦྱངས་ཤིང་གསལ་བྱས་ཏེ། །རིགས་མཆོག་སྐུ་གསུང་ཐུགས་ཀྱི་བདག །ཡང་དག་འོད་ཟེར་རབ་སྦྱོར་བས། །གསལ་བའི་དཀྱིལ་འཁོར་རྒྱས་པ་ཉིད། །ཚུལ་གསུམ་ཕྱག་རྒྱའི་ཆ་ལུགས་ཀྱིས། །ཤིན་ཏུ་བཀོད་པ་ལེགས་འབྱུང་བའི། །ཚད་མེད་བཞི་ལི་གནས་རྫོགས་འགྱུར། །ཀུན་ནས་སྤྱན་དྲངས་བརྟན་བྱས་པ། །ཉེ་བར་སྦྱོར་བའི་ཕྱག་རྒྱ་ཉིད། །ཨོཾ་ཡང་དག་བརྟན་པས་སྟོབས་རྫོགས་པའི། །རང་བཞིན་དཀྱིལ་འཁོར་རྫོགས་པའི་ཚོགས། །ཐུགས་རྗེས་བདག་ཉིད་རྣམ་གྲོལ་བ། །དཀྱིལ་འཁོར་རྫོགས་པའི་ལས་ལ་དགྱེས། །མི་ཤེས་ཡུལ་རྣམས་བཅོམ་མཛད་ཅིང༌། །རིག་པའི་གནས་ཆེན་སྙོམས་འཇུག་པར། །ཕྱག་རྒྱ་བདེ་བའི་ཚུལ་སྦྱོར་བས། །གྲོང་ཁྱེར་བརྟན་པར་མཛད་དུ་གསོལ། །ཨོཾ་བཛྲ་ས་ཏྭ་ཧཱུཾ། ཛྙཱ་ན་སམ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿཔྲ་བེ་ཤ་ཡ་ཕཊ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། ཇི་སྲིད་བརྟན་པའི་གནས་བཞུགས་ཤིང༌། །བྱང་ཆུབ་སེམས་མཆོག་སྤེལ་བའི་ཕྱིར། །བཀྲ་ཤིས་ལྷག་གནས་བརྒྱན་པ་ཡི། །ཞིང་ཁམས་ཕོ་བྲང་དག་པར་བརྗོད། ཨོཾ་བཛྲ་ཙཀྲ་མཎྜལ་པ་ནས་པ་རི་ཧཱུཾ། རབ་ཏུ་གུས་པའི་ཚུལ་གྱིས་ནི། མངོན་པར་དམིགས་བྱས་དག་པའི་མཆོག །ཐབས་དང་ཤེས་རབ་རྫོགས་བྱེད་པའི། །ཡུལ་ཀུན་རང་བཞིན་རྣམ་པར་དག །གང་འདིར་ཡོན་ཏན་བསྔགས་པའི་གནས། །རྒྱལ་བ་བདེ་གཤེགས་འདྲེན་པའི་གཙོ། །རིགས་མཆོག་རྡོ་རྗེ་སེམས་དཔའི་གནས། །ངོ་མཚར་ཡུལ་ཀུན་རྣམ་


DTG027_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་དག །ཨོཾ་ན་མོ་སྟུ་སྟི་བནྡྷ་ནཾ་ཀ་རོ་ཡ་མི། །མེ་ན་རཱ་ག་ཧོ། །ཀུན་འབྱུང་ཡོན་ཏན་རྫོགས་པ་ཡི། །མེ་ཏོག་འབྲས་བུ་བཟང་ལྡན་ཞིང༌། །ཀུན་དུ་བཟང་པོའི་རྒྱན་རྣམས་དང༌། །འདོད་པའི་ལྷ་མོ་རྐྱེན་ལྡན་ཞིང༌། །ཡུལ་ཀུན་ཆགས་པས་རྣམ་གྲོལ་བ། །ཕྱག་རྒྱའི་དཀྱིལ་འཁོར་བླ་མེད་པ། །ལྷ་དང་ལྷོ་མོ་བསམ་ཡས་པས། །ཕྱོགས་བཅུ་ཀུན་ནས་རྣམ་པར་འཁྲིགས། །བྱ་བའི་ཡུལ་ཀུན་མ་ལུས་དག །ཡང་དག་བསྔོ་བ་བླ་ན་མེད། །གཉིས་མེད་བྱང་ཆུབ་སེམས་ཀྱི་དངོས། །གཉིས་སུ་མེད་པའི་རོལ་པ་དག །མཉམ་ཉིད་རོལ་མོའི་དཀྱིལ་འཁོར་ཉིད། །མཉེས་པ་ཆེན་པོའི་བདག་ཉིད་དུ། །ཨོཾ་སརྦ་པཱུ་ཛ་མེ་གྷ་པྲ་ཏི་ཙྪ་ཧོ། །ཐོག་མེད་ཡུན་རིངས་འཁོར་བའི་གནས། །མ་ལུས་ཉེ་བར་བསགས་པའི་ཚོགས། །ཀུན་སྤྱོད་གནས་གསུམ་ལས་སྐྱེས་པ། །ཐམས་ཅད་ཡུལ་ལ་ཉེ་བར་བཤགས། །རབ་རྟོགས་ཉེ་བར་བསགས་པའི་ཆོས། །ཚུལ་ཁྲིམས་བརྟུལ་ཞུགས་སྡོམ་པ་དང༌། །ཉེར་མཛེས་བརྒྱན་པའི་ཡན་ལག་རྣམས། །རབ་བསྔགས་བསྟོད་པས་ཡི་རང་མཆོག །སངས་རྒྱས་ཀུན་གྱི་ལམ་སྟོན་ཅིང༌། །དོན་བཞིན་བསྟན་པས་འདུལ་མཛད་དེ། །སྦྱོར་བའི་སྟོབས་བཅས་ཤེས་རབ་ཚོགས། །ཐབས་ཀྱི་ཐེག་ཆེན་བཤད་དུ་གསོལ། །ཕྱོགས་བཅུའི་མགྲོན་གནས་ཇི་སྙེད་མཐའ། །མྱ་ངན་ཀུན་སྒྲོལ་མགོན་པོ་རྣམས། །སྐུ་གསུམ་བསྟན་པའི་ཚུལ་གྱིས་ནི། །དུས་གསུམ་འགྱུར་བ་མེད་པའི་དབྱིངས། །མ་ལུས་སྲིད་དངོས་འགྲོ་བའི་ཚོགས་འདོན་ཅིང༌། །ཡང་དག་གཉིས་མེད་བརྟན་པར་བྱེད་པའི་ཡིད། །བྱང་ཆུབ་སེམས་མཆོག་བླ་ན་མེད་པའི་དོན། །ཡང་དག་བརྟན་གནས་ཀུན་དུ་རྒྱས་པར་བྱ། །སྨིན་ཅིང་གྲོལ་བར་བྱེད་པའི་ཚོགས་རྣམས་ཀྱིས། །ཁྱད་པར་ལམ་ཀུན་ཡང་དག་རྫོགས་པར་འགྱུར། །བསྙེན་སྒྲུབ་ཕྱག་རྒྱའི་ཡན་ལག་སྣ་ཚོགས་པས། །བདག་གཞན་བཟུང་ཞིང་ཡན་ལག་རྫོགས་པར་སྤྱད། །ཐུགས་རྗེ་རྣམ་དག་དཀྱིལ་འཁོར་རྫོགས་པའི་ཆོགས། །རབ་ཏུ་གྲོལ་བས་གཉིས་མེད་མཉམ་ལྡན་པའི། །ཐམས་ཅད་མཐུན་པའི་ཚུལ་རྣམས་མཛད་བཅས་པས། །བདག་གི་ཆ་ཤས་རབ་ཏུ་དམིགས་པས་དབུལ། །ཐམས་ཅད་མི་གཉིས་ཡེ་ཤེས་ཆེན་པོ་བདག །བྱ་བྱེད་རྟོག་པའི་ཚོགས་རྣམས་རྣམ་དག་ཅིང༌། །སྒྱུ་མ་རྣམ་དག་བྱ་རྩལ་བདེ་བའི་མཆོག །མཁའ་འགྲོ་


DTG027_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒྱུ་མའི་དོན་རྫོགས་མཉམ་པ་ཉིད། །མགོན་པོ་དུས་གསུམ་སྒྲིབ་བྲལ་སངས་རྒྱས་ཀུན། །དངོས་གྲུབ་ཕྲིན་ལས་ཡུལ་རྣམས་ཉེ་བར་སྟོན། །རང་གནས་ཉམས་དགའ་མཉམ་ཉིད་མཆོག་གི་བདག །རྣམ་དག་བྱ་བའི་ཚུལ་གྱི་ཡུལ་ལས་འདས། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། བཛྲ་གཙྪ་མུཿ། རྩེ་གཅིག་དྲན་པའི་ཏིང་འཛིན་གྱིས། །མ་ལུས་ཡུལ་བཅས་རྣམ་པར་གྲོལ། །ཕྱག་རྒྱ་གསང་སྔགས་སྦྱོར་བའི་མཐུས། །ལྷ་མོའི་དཀྱིལ་འཁོར་སྣ་ཚོགས་ཉིད། །འགྲོ་གནས་སྡུག་བསྔལ་ལས་གྲོལ་ཞིང༌། །བདེ་བའི་མཆོག་ཀུན་མཐར་ཕྱིན་ཏེ། ཐར་པ་མྱ་ངན་ལས་འདས་པར། །བཏང་སྙོམས་ཀུན་དུ་མི་དམིགས་པའི། །དྲག་པོའི་ཆོགས་བཅས་མ་ལུས་ཀུན། །རབ་ཏུ་ཞེན་རྟོག་སྟོབས་ཀྱིས་འཇུག །དེ་དག་ཐུགས་རྗེ་ཆེན་པོ་ཡིས། །འདུལ་བྱེད་སྟོབས་ཆེན་ཧེ་རུ་ཀ །ཕྱག་རྒྱ་དབྱིངས་དང་མཉམ་པར་སྦྱོར། །རྣམ་པར་གྲོལ་བའི་ཏིང་འཛིན་གྱིས། །ཕྱོགས་བཅུའི་བགེགས་ཚོགས་འདུལ་བར་མཛད། །ཡང་དག་དཀྱིལ་འཁོར་བརྟན་བྱས་ཏེ། །མཚོན་ཆ་མེ་འོད་འབར་བ་ཡིས། །དཀྱིལ་འཁོར་ཀུན་ནས་བརྒྱན་པ་ལ། །བགེགས་ཀྱི་རྒྱལ་པོ་ཀུན་བསྡུས་ཏེ། །ཕྱག་རྒྱ་བཞི་ཡིས་དབང་བྱས་ནས། །མྱོས་ཤིང་གཟིར་གནོན་རྣམ་པར་དགོད། །ཐུགས་ཀྱི་ཡེ་ཤེས་རབ་འབར་བ། །ཡེ་ཤེས་ཕྱག་རྒྱའི་གནས་ཀྱིས་འཇུག །ཀུན་ནས་འཕྲོ་ཞིང་བསྡུ་བའི་མཐུས། །ཁྲོ་བོའི་དཀྱིལ་འཁོར་བརྟེན་འགྱུར་བའོ། །ཞལ་གསུམ་ཕྱག་དྲུག་འཇིགས་པར་བྱེད། །རྒྱན་ཆ་མཚོན་ཆའི་ཚོགས་རྣམས་དང༌། །ཆ་ལུགས་རྔམ་པའི་ཆ་བྱད་ལྡན། །རིགས་ཀྱི་སྤྲུལ་པའི་བསམ་ཡས་པའོ། །གསང་བའི་ཕྱག་རྒྱ་བཞི་སྟོན་ཅིང༌། །ངེས་པར་བརྗོད་པའི་སྔགས་རྣམས་ཀྱིས། །ཀུན་ནས་བརྟན་པའི་དཀྱིལ་འཁོར་རྣམས། །ཡང་དག་སྦྱོར་བཅས་རྫོགས་པར་འགྱུར། །ཨོཾ་བཛྲ་ཀྲོ་དྷ་མུས་ལ་ཙྪིནྡ་ཙིཚིནྡ་ཧཱུཾ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། །ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རིཧཱུཾ་ཕཊ། ཐམས་ཅད་ཀུན་ནས་རྫོགས་པའི་ཆོས། །རྣམ་གསུམ་ཡུལ་ཀུན་རྣམ་དག་པའི། །བྱང་ཆུབ་སེམས་ཉིད་རང་བྱུང་


DTG027_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི། །ཐམས་ཅད་རྫོགས་པའི་གནས་ཉིད་དོ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོཉ་ཧཾ། །ཐུགས་རྗེ་ཆེན་པོའི་རྒྱུན་གྱིས་ནི། །ཐམས་ཅད་ཁྱབ་མཛད་རིན་ཆེན་ཚོགས། །དོན་ཀུན་སྣང་བའི་གནས་རྫོགས་ཏེ། །སངས་རྒྱས་མཛད་པ་རྣམ་པར་དག །ཨོཾ་དྷ་རྨ་དྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ། །རྣམ་པར་འཕྲུལ་པའི་ཏིང་འཛིན་མཆོག །འོག་མིན་གནས་མཆོག་ཉམ་དགའ་བར། །ཕྱག་རྒྱ་རྫོགས་པའི་ཆ་ལུགས་ཀྱིས། །པདྨའི་དཀྱིལ་འཁོར་ལ་གནས་པའོ། །ཐུགས་རྗེ་ཆགས་པའི་ཏིང་འཛིན་དང༌། །གསང་བ་སྔགས་ཀྱི་བྱིན་རླབས་ཀྱིས། །ཕོ་བྲང་རྣམ་པར་དག་པའི་ཚོགས། །རྣམ་པར་འཕྲུལ་བས་བསྐྱེད་པའི་ཚུལ། །ཐུགས་ཀྱི་གསང་སྔགས་ཀུན་འགྱུར་གནས། །རིམ་བཞིན་སྦྱོར་བའི་བྱིན་རླབས་ཀྱིས། །ས་བོན་གསང་སྔགས་སྤྲོ་བྱ་སྟེ། །རྟེན་གྱི་དཀྱིལ་འཁོར་རྫོགས་པར་མཛད། །ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཉིད། །ཆོས་འབྱུང་གྲུ་གསུམ་གྱེན་བསྒྲེང་དཀར། །ཡཾ་ལས་རླུང་དཀྱིལ་གཞུ་ཡི་དབྱིབས། །དུད་ཁ་སྲ་མཁྲེགས་རྒྱལ་མཚན་ཅན། །བཾ་ལས་ཆུའི་དཀྱིལ་འཁོར་སྣ་ཚོགས་འབྱུང༌། །དཀར་ཟླུམ་ཀུན་འབྱུང་བུམ་པས་མཚན། །ལཾ་ལས་དབང་ཆེན་ས་གཞི་དབྱིབས། །གྲུ་བཞི་གསེར་མདོག་རྡོ་རྗེས་བརྒྱན། །ཁཾ་ལས་རིམ་བཞིན་བརྩེགས་པའི་མཆོག །ཁ་དོག་དབྱི་བས་རྒྱན་ཀུན་རྫོགས་པ། །སུཾ་ལས་རི་ཡི་རྒྱལ་པོ་སྟེ། །རིན་ཆེན་སྣ་ཚོགས་ལས་གྲུབ་པའོ། །རཾ་ལས་མེ་ཡི་དཀྱིལ་འཁོར་མཆོག །དམར་སེར་གྲུ་གསུམ་རཾ་ཡིག་མཚན། །དེ་དབུས་བྷྲཱུཾ་ལས་གཞལ་ཡས་ཁང༌། །གྲུ་བཞི་སྒོ་བཞི་སྒྲོ་ཁྱུད་བཅས། །ར་པ་རིམ་གསུམ་དུར་ཁྲོད་དང༌། ཀུན་འབྱུང་རིན་ཆེན་ཕྲེང་བས་མཛེས། །རིགས་ཀྱི་དཀྱིལ་འཁོར་མཚན་ལྡན་པའི། །རྒྱན་ཚོགས་རྣམ་པར་སྤྲས་པ་ལ། །འོད་གསལ་ཐུགས་རྗེ་བྱང་ཆུབ་སེམས། །རྣམ་དག་དཀྱིལ་འཁོར་མཛེས་པའི་མཆོག །ཕོ་བྲང་འཁོར་ལོའི་ལྟེ་དབུས་སུ། །རེའུ་ཆའི་ཕྲེང་བ་རྡོ་རྗེས་མཛེས། གདན་གྱི་དཀྱིལ་འཁོར་རྣམ་བཀོད་པའི། །མ་འདྲེས་པར་ནི་དག་པའི་དོན། །དབུས་ཀྱི་འཁོར་ལོ་ལ་གནས་པའི། །སངས་རྒྱས་རྡོ་རྗེ་འཛིན་པ་ཉིད། །རབ་ཏུ་འོད་འབར་ཕྱག་རྒྱའི་ཚོགས། །རིགས་དང་རིགས་བཅས་མཉམ་པར་སྦྱོར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་


DTG027_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས། །ཀླུ་དབྱངས་འོད་བཅས་བསྐུལ་བར་མཛད། །ཐམས་ཅད་རྫོགས་པའི་དཀྱིལ་འཁོར་གྱི། །དེ་གནས་མཐའ་རྣམས་བསྲུང་བའི་ཕྱིར། །ཕྱག་རྒྱའི་རོལ་པས་མཉེས་འགྱུར་ཞིང༌། །རྟོག་མེད་བྱང་ཆུབ་སེམས་ཀྱི་སྐུ། །ཤེས་རབ་འོད་གསལ་བཅུ་དྲུག་ཕྲེང། །འོད་ཟེར་འཕྲོ་དང་འདུ་བའི་མཐུས། །འགྲོ་རྣམས་བདེ་གཤེགས་ཡུལ་སྦྱོར་ཏེ། །རང་གནས་སུམ་ཅུ་རྩ་གཉིས་བརྒྱན། །ཐབས་མཆོག་ཐུགས་རྗེ་གསལ་བྱེད་ཕྲེང༌། །སྦྱོར་བ་རྣམས་གཉིས་མཛད་བཅས་རྫོགས། །སངས་རྒྱས་དཔེ་བྱད་བཟང་པོ་ཉིད། །གཡས་གཡོན་ཕྲེང་བ་འཁོར་ལོའི་ཚུལ། །ཐམས་ཅད་གཅིག་ཏུ་སྦྱོར་བའི་མཐུས། །རིན་ཆེན་ཁ་དོག་སྣ་ལྔ་པོ། །ཧཱུཾ་མཛེས་བྱེད་རྡོ་རྗེའི་ཕྱག་རྒྱ་རྫོགས། །དཀར་གསལ་འོད་མདངས་ལྔ་ཡིས་བརྒྱན། །རབ་ཏུ་སྦྱོར་བའི་ཏིང་འཛིན་གྱིས། །ཕྱག་རྒྱ་རྫོགས་པའི་ང་རྒྱལ་ཉིད། །འོད་ཟེར་རིགས་ཀྱི་དཀྱིལ་འཁོར་ཚོགས། །དྲུག་བཅས་བཅུ་དྲུག་གནས་རྣམས་དག །མ་འདྲེས་ཐེག་པ་བསམ་ཡས་ཀྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྡུས། །རབ་འབར་གསལ་བས་བརྗིད་པའི་སྐུ། །གསང་སྔགས་ཡི་གེའི་ཕྲེང་བས་མཛེས། །ཨོཾ་མ་ཧཱ་སུ་ཁཱ་བཛྲ་སཏྭ་ཨཱཿ། ཛཿཧུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ། ཕྱག་རྒྱ་ཆེན་པོ་རྫོགས་པ་ཡི། །རྡོ་རྗེ་སེམས་གཙོ་བདེ་བའི་མཆོག །ཞལ་བཞི་ཕྱག་བཞི་ཞབས་གཉིས་མཛེས། །དབུས་དཀར་ཟླ་བའི་དཀྱིལ་འཁོར་བཞིན། །གཡས་སྔོ་གཡོན་དམར་རྒྱབ་སེར་བོ། །རིན་ཆེན་རྒྱན་གྱིས་རྣམ་པར་མཛེས། །ཐུགས་རྗེ་ཆགས་པའི་དོན་མདངས་ལྡན། །ཕྲིན་ལས་རྣམ་བཞི་ཆ་ལུགས་བཅས། །གཡས་ན་རྡོ་རྗེ་རྩེ་ལྔ་འབར། །གཡོན་ན་ཁ་ཊྭཱཾ་དྲིལ་བུ་འཁོར། །འོག་གཉིས་ཞི་གནས་ལྷག་མཐོང་རྒྱ། །འོད་མདངས་ལྔ་ཡི་ཕྲེང་བས་མཛེས། །རིན་ཆེན་རྒྱན་དང་ན་བཟའ་དང༌། །ཕྱག་རྒྱ་རྣམ་ལྔ་མཚན་དཔེ་རྫོགས། །འོད་ཀྱི་རིག་མ་དང་སྦྱོར་ཅིང༌། །བདེ་བའི་རོལ་པས་ཀུན་སྤྱོད་མཛད། །མཁའ་དབྱིངས་དབང་ཕྱུག་ཕྱག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །མཚན་མའི་ཕྱག་རྒྱ་ལྡན་བྱས་ཏེ། །ཐམས་ཅད་འབྱུང་བའི་སྦྱོར་བ་ཡིས། །བདག་གི་ལྷར་ནི་བདག་ཉིད་བྱ། །ཐུགས་གསལ་ཉི་མ་ལ་གནས་པའི། །ཡེ་ཤེས་སེམས་དཔའ་ཧཱུཾ་དང་བཅས། །འོད་ཟེར་འཕྲོ་


DTG027_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདུ་སྦྱོར་བ་ཡིས། །རང་བཞིན་དཀྱིལ་འཁོར་དགུག་བྱས་ཏེ། །གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས། །བདུད་རྩིའི་བུམ་བཅས་ལྷ་མོའི་ཚོགས། །གནས་རྣམས་ཀུན་དུ་ཁྲུས་བྱས་པས། །རིགས་ཀྱི་བདག་པོས་ཉེ་བར་མཛེས། །མཐེ་བོང་སེམས་དཔའི་སྐྱིལ་མོ་ཀྲུང༌། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །གུང་མོ་གཉིས་ནི་མཉམ་པར་སྦྱོར། །ལྷག་མ་རྡོ་རྗེ་ཐལ་མོ་ཉིད། །སྤྱི་བོ་དང་ནི་དཔྲལ་བ་དང༌། །མགྲིན་པ་གཉིས་དང་ལྟག་པར་རོ། །ཨོཾ་ཨ་བི་ཥིཉྩ་མཾ། །ཐོད་སྐམ་ཕྱག་རྒྱས་བརྟན་བྱས་པས། །རིམ་བཞིན་གནས་ཀུན་བརྒྱན་པར་བྱ། །ཧཱུཾ་ཨ་བིཥིཉྩ་མཾ། རིན་ཆེན་མྱུ་གུའི་ཕྱག་རྒྱ་ཡིས། །རྒྱན་རྣམས་ཉེ་བར་གདགས་བྱས་ཏེ། །རིན་ཆེན་ཕྲེང་བ་དར་དཔྱངས་བཅིང༌། །རྡོ་རྗེ་རྒྱ་གྲམ་ཁྲོ་བོར་བཅས། །སྐ་ནན་རྒྱན་ཐག་བགོས་པ་དང༌། །མཉེས་པའི་ཐལ་མོས་བརྟན་པར་བྱ། །ཨོཾ་རཏྣ་མཱ་ལ་ཨ་བི་ཥིཉྩ་ཏྲཱཾ། ཨོཾ་པ་ཏྲ་ལཾ་བ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲ་ཏུ་ཤྱ་ཧོ། །རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདྨ་རྣམས། །དག་པའི་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་བ། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་གྲུབ་པར་མཛོད། །ཨེ་མ་ཧོ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་རྣལ་འབྱོར་སྐལ་བཟང་མཆོག །རང་གི་དམ་ཚིག་རྟག་ལ་རོལ་ཅིག་རོལ་ཅིག་ཧོ། །མཁའ་གསང་དབྱངས་དང་ཡེ་ཤེས་རྒྱ། །ས་བོན་རྡོ་རྗེ་པདྨར་བཅས། །ལིངྒ་འགྲེང་བ་རང་འབྱུང་བ། །བརླ་ཡི་དབུས་སུ་གཞུག་བྱ་སྟེ། །ལིངྒ་རྡོ་རྗེར་བྱིན་བརླ་བས་པས། །རྡོ་རྗེ་སེམས་སོགས་སྐུར་བསྐྱེད་དོ། །འོད་འཕྲོ་ཀུན་དུ་ཁྱབ་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་མཛད་ཅིང༌། །འགྲོ་བའི་གནས་ཆེན་རྣམ་དག་པར། །མཁའ་གསང་རྫོགས་པའི་དཀྱིལ་འཁོར་ཉིད། །ཧཱུཾ་ལས་བསྐྱེད་པའི་རྡོར་སེམས་ནི། །གསང་གནས་དབུས་ཀྱི་གདན་ལ་གཞུག །ཨོཾ་ལས་གླིང་བུ་ཏྲཱཾ་པི་ཝཾ། །བཾ་ལས་རྔ་ཆེན་ཛཾ་རྫ་རྔ། །ཨ་ལས་མེ་ཏོག་ཨཱ་སྤོས་མེ། །ཨཾ་ལས་མར་མེ་ཨི་དྲི་ཆབ། །ཕྱོགས་དང་མཚམས་སུ་རིམ་པ་བཞིན། །མཆོད་པའི་ལྷ་མོ་བརྒྱད་རྣམས་སོ། །ཛཿ་ཧཱུཾ་བཾ་ཧོཿསྒོ་བཞི་རུ། །རྟ་མགྲིན་འཕང་མཐོ་ལ་སོགས་བསྐྱེད། །བྷ་གར་ལིངྒ་བཅུག་བྱས་ནས། །དེར་ནི་མཚན་མ་བསྒོམ་པར་བྱ། །རྡོར་ཇེ་སེམས་དཔའི་ཕྱག་རྒྱ་ཆེ། །སྐུ་གཉིས་ལྡན་པར་སྤྲོ་བྱའོ། །ཀུན་དུ་དོན་མཛད་འདུས་པ་དང༌། །ཐབས་དང་ཤེས་རབ་རྫོགས་པར་སྦྱོར། །གླིང་བུ་


DTG027_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔོན་མོ་རྡོ་རྗེས་མཚན། །རྡོ་རྗེ་ལྕགས་སྒྲོག་ཤར་གྱི་ཕྱོགས། །པི་ཝང་སེར་མོ་རྡོ་རྗེས་མཚན། །གླུ་དབྱངས་དྲུག་ལྡན་ལྷོ་ཡི་ཕྱོགས། །རྔ་ཆེན་དམར་མོ་རྡོ་རྗེའི་རྔ། །བརྡུང་མཛད་ནུབ་ཀྱི་ཕྱོགས་ན་གནས། །རྫ་རྔ་ལྗང་གུ་རྫ་རྔལ་། །རྡོ་རྗེས་མཚན་བརྡུང་བྱང་གི་ཕྱོགས། །མེ་ཏོག་དམར་སེར་རྡོ་རྗེས་མཚན། །གཞོང་ཐོགས་མེ་ཡི་མཚམས་སུ་གནས། །སྤོས་མེ་དཀར་སྔོན་རྡོ་རྗེས་མཚན། །པོག་ཐོགས་བདེན་བྲལ་མཚམས་སུ་གནས། །མར་མེ་དམར་མོ་རྡོ་རྗེས་མཚན། །གསལ་འཛིན་རླུང་གི་ཕྱོགས་སུ་གནས། །དྲི་ཆབ་ལྗང་ཁུ་རྡོ་རྗེས་མཚན། །དག་འཐོར་དབང་ལྡན་མཚམས་སུ་གནས། །རྟ་མགྲིན་འཕང་མཐོ་དཀར་མདངས་ཅན། །ལྕགས་ཀྱུ་རྟ་མགོ་ལྗང་གུ་ཤར། །ཕག་གདོང་ནག་མོ་ཞགས་པ་གཡོན། །གཡས་པ་མཆེ་བ་ལྷོ་ཡི་སྒོར། །སྣང་བ་དམར་མོ་ཕྱག་གཉིས་ཀྱིས། །ཉི་ཟླ་ལྕགས་སྒྲོག་ནུབ་ཀྱི་ཕྱོགས། །ཐལ་བྱེད་ལྗང་གུ་གཡས་དྲིལ་བུ། །གཡོན་པ་བྷནྡྷ་དཀུར་བཅས་བྱང༌། །ཨོཾ་ཧེ་ར་ཏི་བཛྲ་བི་ལ། སི་ན་ཏྲ་ཐ། ཧེ་ར་ཏི་བཛྲ་གཱི་ཏེ་ཏེ་ཏཾ། ཧེ་ར་ཏི་བཛྲ་ཧཱ་སྱ་ཧ་ཏ་བཾ། ཧེ་ར་ཏི་བཛྲ་ནྲྀ་ཏེ་པེ་བ་ལེ་བ་ཛཾ། ཨོཾ་བཛྲཥྤེ། ཨོཾ་བཛྲ་དྷཱུ་པེ། ཨོཾ་བཛྲ་ཨཱ་ལོ་ཀེ། ཨོཾ་བཛྲ་གནྡྷེ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་ཤྲིཾ་ཁ་ལི་བཾ། ཨོཾ་བཛྲ་གཎྜེ་ཧོཿ། །འདོད་པའི་ཡོན་ཏན་ཚོགས་རྣམས་ཀྱིས། །རྣམ་མཛེས་ཕྲེང་བའི་རྒྱན་ཐོགས་ཤིང༌། །གླུ་དབྱངས་རོལ་མོའི་གར་དུ་བཅས། །ལྷ་མོ་བཅུ་གཉིས་རང་སྣང་རྫོགས། །དབང་པོ་དྲུག་ལ་སངས་རྒྱས་ཀྱི། །གསང་སྔགས་ཕྱག་རྒྱ་སྦྱོར་བའི་མཐུས། །རིགས་ཀྱི་བདག་པོ་ཡུམ་དང་བཅས། །རྣམ་དག་མངོན་ཤེས་ཡེ་ཤེས་རྫོགས། །ལག་གཉིས་རོལ་པའི་བརྟུལ་ཞུགས་ཀྱིས། །གནས་གསུམ་རྡོ་རྗེ་འཆིང་སྦྱོར་ཅིང༌། །རྡོ་རྗེ་སེ་གོལ་བརྡབ་བྱ་སྟེ། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཨོཾ་སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཛཿཧཱུཾ་བཾ་ཧོཿ། ཨེ་ཨཱ་རལླི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ། །ས་མ་ཡ་ཧོཿ། །ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ། ཏིཥྛ་བཛྲ་ཧོཿ། །སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་པའི་ཚོགས། །གཞན་ལ་སྣང་བའི་


DTG027_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་རྣམ་པར་མཛེས། །ཚངས་པའི་ཚོགས་རྣམས་ཟིལ་གྱིས་གནོན་མཛད་པའི། །རྟོག་པ་དུ་མའི་སྒྲོ་འདོགས་གཅོད་པར་མཛད། །གཉིས་མེད་ཡེ་ཤེས་གཉིས་ཅན་རྣམ་མཐའ་ཡས། །སྣང་སྟོང་བདེ་ཆེན་མཉམ་ཉིད་དབྱིངས་ལ་རོལ། །ཀུན་འབྱུང་ཡོན་ཏན་རྩོལ་མེད་ལྷུན་གྲུབ་སྣང༌། །རྒྱན་གྱི་དཀྱིལ་འཁོར་རྣམ་བཀོད་རང་ལས་བྱུང༌། །མཛད་པ་རྒྱ་ཆེན་འགོག་མེད་ལྷུན་གྲུབ་པས། །ཚོགས་བཅས་རོལ་པས་བྱ་བ་ཀུན་རྫོགས་གནས། །སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་རྒྱན། །དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ། ཨ་ཏི་པུ་ཧོ། །སརྦ་ཏ་ཐཱ་ག་ཏ་བནྡྷ་ནཾ་ཀ་རོ་མི། ཨ་ལ་ལ་ཧོ། །དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་པར་བྱ། །སྲི་ཞུ་བྱས་ཤིང་བཏེག་པའི་མཆོག །བདག་ཉིད་རྡོ་རྗེ་སེམས་དཔའ་དཔལ། །འཛུམ་དང་བཅས་པའི་མིག་གིས་བལྟ། །བསམ་པ་གཡོས་པས་ཕྱག་འཚལ་ལོ། །ཨོཾ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། །བི་ཤྭ་མུ་ཁེ་བྷྱ། སརྦ་ཏདྑཾ་ཨུངྒ་ཏེ་སྤ་ར་ཎ་ཧི་མཾ་གག་ན་ཁཾ་སྭཱ་ཧཱ། ཚད་མེད་བཞི་ཡི་ཕྱག་རྒྱ་ཡིས། །མདུན་གྱི་དཀྱིལ་འཁོར་མཉེས་པ་དག །དམ་ཚིག་དཀྱིལ་འཁོར་ལ་གཞུག་ཅིང༌། །མཉེས་ནས་དགེས་ཤིང་བརྟན་པར་མཛོད། །རྡོ་རྗེ་སེམས་དཔའི་ཏིང་འཛིན་མཆོག །ཕྱག་རྒྱ་ཆེན་པོའི་ཆ་ལུགས་ལྡན། །ཁམས་གསུམ་ཀུན་དུ་རྒྱས་བཏབ་ཅིང༌། །རིགས་ཀྱི་དཀྱིལ་འཁོར་གསང་བའི་བདག །ཨོཾ་བཛྲ་སཏྭ་ཧཱུཾ། མ་ཧཱ་མུ་དྲ་སྟྭཾ། རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །བདག་ཅག་སྒྲུབ་ལ་རྟོགས་པར་མཛད་དུ་གསོལ། །རིགས་མཆོག་སངས་རྒྱས་ཐམས་ཅད་འདུས་པ་ཡི། །བྱིན་རླབས་དབང་བསྐུར་ཆོ་འཕྲུལ་བླ་ན་མེད། །ཨ་ལ་ལ་ལ་ཧོ། །ལྗགས་ཀྱི་པདྨོ་མཚན་བཅས་དཀྱིལ། །འོད་ཟེར་སྦྱོར་བའི་སྔགས་དང་བཅས། །ཨོཾ་ན་མཿསརྦྦ་སྟུ་ཏ་སརྦྦ་བུདྡྷེ་བྷྱཿཧཱུཾ་ཕཊ། དཔལ་གྲུབ་སྤྱན་གྱི་ཕྱག་རྒྱ་ཉིད། །དམ་ཚིག་གནས་སུ་གཞག་པར་བྱ། །ཨོཾ་བཛྲ་སཏྭ་ས་མ་ཡ་ཧཱུཾ། སྲིན་ལག་མཐེའུ་ཆུང་ཡན་ལག་


DTG027_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུས། །མཐེ་བོང་ལེགས་གཞུག་དམ་པར་བཅིངས། །རྡོ་རྗེ་ཁུ་ཚུར་སོ་སོ་ཡི། །མཛུབ་མོ་ལྕགས་ཀྱུ་ལྟ་བུར་བྱ། །ཨོཾ་བཛྲ་ས་ཏྭ་ཀརྨ་མུ་དྲ་ཧཱུཾ། ཨོཾ་པ་ན་པེ་ན་པེ་ནུ་སུ་ར་ཏ་ཏི་པུ་པ་ར་མུ་ས་མ་ཡོ་ག་སི་ཏ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ། །གྱེན་དུ་འཐོར་དང་ཐུར་དུ་འབེབས། །མར་མེ་འདེགས་སོགས་སོ་སོའི་རྒྱ། །གླིང་བུ་དང་ནི་པི་ཝང་དང༌། །རྒྱུད་མངས་རྒྱུད་དྲུག་སིལ་སྙན་དག །དངོས་འབྱོར་སྤྲུལ་པ་གང་ཡང་རུང༌། །རིམ་བཞིན་སྔགས་དང་སྦྱར་ཏེ་དབུལ། །ཨོཾ་འབྱུང་བ་ལྔ་ལས་ཐམས་ཅད་འབྱུང༌། །རང་ལས་མ་བྱུང་གང་ཡང་མེད། །གཙང་སྨེའི་དྲི་རྟོག་ཀུན་བྲལ་བའི། །བདུད་རྩི་བྱང་ཆུབ་སེམས་ཆེན་པོས། །བདག་སོགས་གཉིས་སུ་མེད་པའི་ཕྱིར། །མཉམ་པ་ཆེན་པོའི་གནས་ལ་རོལ། །ཨོཾ་ན་མ་སརྦ་པཉྩ་ཨ་མྲི་ཏ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་ཤིན་ཏུ་བརྒྱན་པའི་རིགས་དང་མཚན་ལྡན་མཆོག །བཀྲ་ཤིས་གླུ་དབྱངས་གར་གྱིས་བསྐྱོད་བྱས་པའི། །ལྷ་མོ་རྡུལ་སྙེད་ཕྱོགས་བཅུར་སྤྲོ་བྱས་ནས། །བྱང་སེམས་བདེ་བའི་མཆོད་པས་རྣམ་པར་རོལ། །ཨོཾ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོ། །ཨོཾ་མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་པ་ཡི་ཆོས་མཆོག་ཅན། །ཨོཾ་ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །ཨོཾ་རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེ་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་བསྒྲུབ་རལ་ཏུ་བརྩོན་པ་མཐའ་ཡས་ལྷུར་མཛད་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་གནས། །ཨོཾ་ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་


DTG027_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོད་མི་འགྱུར། །ཨོཾ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་ཅིང༌། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །དམ་ཚིག་ལ་གནས་བརྟུལ་ཞུགས་མཆོག །གསང་སྔགས་ཐེགས་པའི་སྤྱོད་པ་ཉིད། །རབ་རྫོགས་བྱང་ཆུབ་ཀུན་དོན་བཞིན། །འཁོར་ལོ་བླ་མེད་རྫོགས་གྱུར་ཅིག །ཐུགས་རྗེ་ཆེ་མངའ་ཐབས་ལྡན་པེས། །རིགས་ཀྱི་དངོས་པོ་བརྟན་པར་མཛོད། །བྱ་བའི་ཡེ་ཤེས་མཐའ་ཡས་མཆོག །ཕྲིན་ལས་གནས་ཆེན་རྫོགས་གྱུར་ཅིག །རིགས་ཀྱི་སེམས་དཔའ་གསུམ་ལྡན་པ། །ཕྱག་རྒྱའི་མཚན་མ་ཡི་གེར་བཅས། །འོད་འཕྲོ་གསལ་བ་རྣམ་གཉིས་ཀྱིས། །ཐབས་དང་ཤེས་རབ་རྣམ་གཉིས་རྒྱུན། །རིན་ཆེན་ཐིག་ལེ་སྣ་ཚོགས་འོད། །རིགས་ཀྱི་འཁོར་ལོ་རྫོགས་བྱེད་པའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། ཡེ་ཤེས་དཀྱིལ་འཁོར་བརྟན་བྱེད་པའི། །ཡན་ལག་ཆོ་གས་ཀུན་བསྡུས་ཏེ། །རིན་ཆེན་འབར་བའི་གོང་བུ་ལ། །མཚན་མ་རྣམ་གསུམ་རིམ་བཞིན་རྫོགས། །ཕྱག་རྒྱའི་དཀྱིལ་འཁོར་སྤྲོ་བསྡུ་ཀུན། །མཚན་མ་རྣམ་པ་ལྔ་ཡི་མཐར། །ཇི་སྲིད་ཡུལ་ཀུན་བརྟན་གནས་པ། །དེ་ནས་དམིགས་པ་མེད་པའི་མཆོག །ཕྱག་རྒྱའི་གསང་གནས་དཀྱིལ་འཁོར་དུ། །ཡི་གེ་མཚན་མ་ཕྲ་མོ་སྐུ། །རིམ་བཞིན་རྫོགས་པར་ལས་མཛད་ཅིང༌། །ཕྱག་རྒྱ་བརྟན་པའི་ཏིང་ངེ་འཛིན། །ཁམས་གསུམ་ཡུལ་བཅས་རྣམ་དག་པའི། །བྱང་ཆུབ་སེམས་མཆོག་བདེ་བའི་རྒྱུན། །འཁོར་ལོ་བཞི་གནས་རིམ་པ་བཞིན། །དགའ་བ་བཞིས་བསྐྱོད་ཉི་ཟླའི་རྒྱ། །གོང་གི་ཕྱག་རྒྱའི་ཚོགས་དང་བཅས། །རབ་ཏུ་ཆགས་པ་རྣམ་གྲོལ་སེམས། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །གནས་གསུམ་བདེ་བ་མེ་མར་བཞིན། །རྣམ་པར་སྤྲོ་ཞིང་བསྡུ་བྱ་སྟེ། །འདོད་པའི་ཡན་ལག་རྫོགས་པ་ཡི། །ཐིག་ལེ་མཉམ་དང་མཉམ་སྦྱོར་བས། །དགའ་བཅས་བྱང་ཆུབ་སེམས་གཞི་བདག །འབྱོར་ཚོགས་ཡང་དག་སྦྱོར་བའི་མཐུས། །སྐྱེ་འགག་ཆོས་ཀུན་རྣམ་པར་སྤངས། །རྡོ་རྗེ་སེམས་དཔའ་


DTG027_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔལ་སྦྱོར་བ། །ཇི་ལྟའི་གཟུགས་དང་དབྱིབས་སུ་ལྡན། །བདེ་བ་ཉིད་ཀྱི་ཀུན་གྱི་བདག །ཀུན་གྱི་བདག་ལ་གཞུག་པར་བྱ། །ཆགས་པ་མེད་ཅིང་མ་ཆགས་མེད། །དབུ་མར་ཡང་ནི་དམིགས་སུ་མེད། །བུད་མེད་ཀུན་གྱི་སྒྱུ་སྦྱོར་འདི། །གཉིས་སུ་མེད་པའི་ཐེག་པ་མཆོག །ཐུན་མཚམས་སྦྱོར་བའི་ཕྱག་རྒྱ་ཡིས། །རིགས་ཀྱི་དམ་ཚིག་སྔགས་གསལ་ཞིང༌། །བཟླས་བརྗོད་ལ་སོགས་གྲངས་ཀྱིས་འཇུག །ཡེ་ཤེས་རྫོགས་པའི་འཁོར་ལོ་ཉིད། །དམ་ཚིག་ཡུལ་ཀུན་མཉམ་སྦྱོར་ཞིང༌། །རིམ་དང་ཅིག་ཅར་ཡན་ལག་གིས། །མཚན་བཅས་མཚན་མ་མེད་གནས་དག །རབ་ཏུ་བརྟན་པས་གཉིས་མེད་རྫོགས། །མང་དུ་བསགས་པའི་རྫས་རྣམས་ཀུན། །དག་པའི་སྣོད་རྣམས་བཀང་བྱས་ཏེ། །ཉེ་བར་བསྒྱུར་བའི་བྱིན་རླབས་ཀྱིས། །གཉིས་མེད་བདུད་རྩི་ཆེན་པོར་བསྒྲུབ། །བསྙེན་པ་རབ་གསལ་རྫོགས་པ་ལས། །ཉེ་བར་བསྙེན་པའི་བྱིན་རླབས་རྒྱས། །བསྒྲུབ་པ་བདག་གཞན་འབྲས་བུ་ཉིད། ཡང་དག་བརྟན་འགྱུར་དགའ་ཆེན་པོ། །འཇིག་རྟེན་མགྲོན་ཚོགས་མ་ལུས་པ། །རང་གི་སྔགས་དང་ཕྱག་རྒྱས་དགུག །གཏོར་མའི་རྫས་རྣམས་བསགས་པ་དང༌། །དུས་གཅིག་ཐུགས་ཀྱི་མེས་བསྲེགས་ཤིང༌། །གསུང་གི་བདུད་རྩི་དག་པར་མཛད། །སྐུ་ཡི་བྱིན་རླབས་ཡེ་ཤེས་ལྔ། །ཉེ་བར་བཀོད་པའི་སྦྱིན་རྣམས་ཀྱིས། །ཐམས་ཅད་དཀྱིལ་འཁོར་བརྟན་པའི་ཚོགས། །ཐབས་ཀྱི་དཀྱིལ་འཁོར་མཉམ་སྦྱོར་ཞིང༌། །ཤེས་རབ་ཡུམ་བཅས་རོལ་པ་ཉིད། །དེ་དག་སྔགས་དང་ཕྱག་རྒྱ་ཡིས། །དབང་བསྐུར་བྱིན་རླབས་རྫོགས་པར་མཆོད། །སྤྱོད་ལམ་ཀུན་དུ་མ་ཉམས་བློས། །ཕྱག་རྒྱའི་དཀྱིལ་འཁོར་བརྟན་བྱས་ཏེ། །ཐབས་དང་ཤེས་རབ་གར་སོགས་ཀྱིས། །རོལ་པའི་འཕྲོ་འདུ་རྒྱུན་བཞིན་གནས། །ངེས་པའི་གསང་མཆོག་ཕྱག་རྒྱའི་ཚོགས། །ཉེར་གསལ་བཤད་པའི་ཚུལ་དག་གིས། །དོན་ཀུན་སྐུ་གསུང་ཐུགས་ཀྱི་ཚུལ། །རབ་སྦྱངས་བརྟན་པས་རྫོགས་པ་ཉིད། །མི་ཤེས་དྲི་མ་ཀུན་སེལ་ཅིང༌། །ཡང་དག་ཡེ་ཤེས་གནས་གསལ་བྱེད། །རིགས་མཆོག་འཁོར་ལོ་རྫོགས་པ་ཡི། །སྒྲུབ་པའི་ཐབས་འདི་རྒྱས་པར་ཤོག ། །དཔལ་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའི་ཆོ་ག་ཞེས་བྱ་བ། །སློབ་དཔོན་ཆེན་པོ་ཐུ་པོ་རཱ་ཛ་ཧ་ཏི་ས་མཛད་པ་རྫོགས་སོ།། །།