གཏོར་མའི་ཆོ་ག
ནག་པོ་པ།


DTG035_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་ཆོག་བཞུགས།། ༄༅༅།།སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །བླ་མ་དམ་


DTG035_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བཏུད་དེ། །དེ་ཡི་མན་ངག་ཇི་བཞིན་དུ། །གཏོར་མའི་ཆོག་བྲི་བར་བྱ། །དེ་ལ་ཚོགས་བསགས་པ་དང༌། ལས་བསྒྲུབ་པར་བྱ་བ་དང༌། བར་དུ་གཅོད་པ་རྣམས་ཞི་བར་བྱ་བའི་ཕྱིར་གཏོར་མ་ནར་མར་བྱེད་པར་འདོད་པས་སྲོད་ཀྱི་དུས་སུ་ཤ་ལྔ་དང༌། བདུད་རྩི་ལྔའི་རི་ལུ་དང་ལྡན་པའི་གཏོར་མས་སྣོད་མཛེས་བཀང་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ལ། དེ་ནས་སྟོང་པ་ཉིད་དུ་མོས་པར་བྱ་སྟེ། དེའི་འོག་ཏུ་ཧཱུཾ་ཞེས་བརྗོད་པས་རྡོ་རྗེའི་ས་གཞི་དང༌། རབ་དང༌། དྲ་བ་དང༌། ཕྱི་རོལ་དུ་མེ་ལྕེ་འབར་བ་དང༌། རྣམ་པར་འཁྲིགས་པར་བསམས་ཤིང་ནང་དུ་རིན་པོ་ཆིའི་ཁང་བ་ཉམས་དགའ་བ་བསམ་པར་བྱའོ། །དེར་བདག་ཉིད་སྐད་ཅིག་ཙམ་གྱིས་ལྷག་པའི་ལྷར་བསྒོམས་ཏེ་རྡོ་རྗེ་གསུམ་དང༌། ཡེ་ཤེས་སེམས་དཔའ་དང༌། ཅོད་པན་གྱི་ལྷ་དྲན་པས་བསྲུང་བར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་སྙིང་གར་ཕྱེ་ལ་གཏོར་མར་ཧཱུཾ་ཨཱཿ་ཨོཾ་བཾ་བསམས་ཏེ། ཧཱུཾ་ཆུ་ལྟར་ཞུ་བས་ཁ་དོག་ཕུན་སུམ་ཚོགས་པ་དང༌། ཨཱཿ་ཞུགས་དྲི་ཕུན་སུམ་ཚོགས་པ་དང༌། ཨོཾ་ཞུབ་རོ་ཕུན་སུམ་ཚོགས་པ་བསམ་པར་བྱའོ། །དེ་ནས་ཨོཾ་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་གཉིས་སུ་མེད་པར་བྱས་ལ་འབྲུ་གསུམ་བརྗོད་པས་བརྟན་པར་བྱའོ། །དེ་ནས་བདག་གི་སྙིང་གའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་དམ་ཡི་དགས་ཀྱི་ཚོགས་བཀུག་སྟེ། དེ་དག་གི་སྙིང་ག་དང་སྤྱི་བོར་ལྷ་དང་བླ་མ་རིགས་ཀྱི་བདག་པོ་བསྒོམ་པར་བྱའོ། །དེ་ནས་ནང་དུ་བཀུག་ལ་ཐམས་ཅད་ཀྱི་ལྕེ་ལ་ཧཱུཾ་ལས་རྡོ་རྗེ་བསྐྱེད། ཨོཾ་གྱིས་ནོར་བུ་བསྐྱེད་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱ་དྱ་ནུ་ཏ་ནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ནས་ནོར་བུ་འོད་ཟེར་གྱིས་ལྗགས་ཀྱི་ལྕེའུ་ཆུང་དྲང་བ་བཞིན་དུ་སོ་སོར་ཐིམ་པས་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་དང་ལྡན་པར་བསམས་ཏེ། ཡིད་འབྱུང་བའི་མཆོད་པའི་ཚོགས་ཀྱི་ཀྱང་མཆོད་པར་བྱའོ། །དེ་ནས་མཆོད་སྦྱིན་གྱི་ཕྱག་རྒྱ་དང་བཅས་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །ངོ་བོ་གཉིས་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་ནས་ཀྱང༌། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོ་ན་ཀྱང་སངས་རྒྱས་རིགས་སུ་སྐྱེ། །ཞེས་བྱ་བ་ལ་སོགས་པས་ཆོས་བཤད་པར་བྱའོ། །དེ་ནས་ཨོཾ་ཨཱཿ་ཧཱུཾ། ཡུལ་ཕྱོགས་འདི་ལ་སོགས་པའི། སརྦ་ཀྵེ་ཏྲ་པཱ་ལ། སརྦ་རཱ་ཀྵ་ས། ཡ་ཀྵ། ཨུ་ནྨ་ནྡ། ཨ་པདྨར། སྲབ་དེ་བ། སརྦ་ནཱ་ག །སརྦ་ཡ་མ། སརྦ་ཌཱ་ཀི་ཉ། སརྦ་ས་ཏྭ། སརྦ་བྷུ་ཏ། ཨ་ཏ་ཡ། ཨི་དཾ་བ་ལིཾ། གྲྀ་ཧྞ་གྲྀ་ཧྞ། མ་མ་སརྦས་བ་རི་ཝར་ན་སརྦ་ས་ཏྭ་ན་ཉྩ། སརྦ་པཱ་པཾ་


DTG035_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱ་ཏི། བི་གྷཱཾ། ཤཱི་ནྟཾ་ཀུ་རུ། དྷ་ན་དྷ་ན། ཨཱ་ཡུ་ཨ་རོ་ཀྵ། ཨ་ཏ་པུ་ཥྤཾ་ཀུ་རུ། སརྦ་པྲ་ཡར་ཀྵ་ཀུ་རུ་སྭའ་ཏཱ། སརྦ་སི་དྡྷི་ཀ་རི། ཤུ་པ་ཙི་ཏྟ་ཀ་ར། ཞེས་བརྗོད་ལ། གཞན་ཡང༌། ཁྱེད་རྣམས་ཀུན་ལ་གསོལ་བ་ནི། །བདག་ཅག་འཁོར་དང་བཅས་པ་དང༌། །གནས་ཀྱི་དབང་ཕྱུག་སྐྱེ་བོར་བཅས། །གདོན་ནད་ལ་སོགས་ཞིབ་དང༌། །ཚེ་དང་ལོངས་སྤྱོད་འཕེལ་བ་དང༌། །བཀྲ་ཤེས་ཕུན་སུམ་ཚོགས་པ་དང༌། །གཞན་ཡང་ཅི་འདོད་ལྷུན་འགྲུབ་ཤོག །ཅེས་འདོད་པའི་དོན་ལ་སོགས་བ་གདབ་སྟེ། སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སངས་རྒྱས་ཉིད་དུ་འགྲུབ་བྱེད་པའི། །ལམ་དེ་ཉིད་དུ་ཞུགས་ནས་ཀྱང༌། །རྣལ་འབྱོར་བརྟུལ་ཞུགས་གནས་ལ་ནི། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་པས་དགེ་པ་ཡོངས་སུ་བསྔོས་ལ། །ཨོཾ་ཨཱཿ་ཧཱུཾ་མུཿ་ཞེས་པས་གཤེགས་སུ་གསོལ། །བདག་དྲིན་བླ་མའི་རྒྱུད་དང་ནི། །བློ་དམན་རྣམས་ལ་ཕན་གདགས་ཕྱིར། །བླ་མ་དམ་པའི་མན་ངག་བཞིན། །གཏོར་མའི་ཆོག་བྲིས་པ་ཡིན། །དཔལ་ལྡན་གསང་འདུས་གཏོར་མ་འདི། །ལམ་ལ་གནས་དང་འབྲས་མྱང་གིས། །ཚོགས་རྫོགས་སྡུག་བསྔལ་བསལ་བའི་ཕྱིར། །སློབ་དཔོན་ནག་པོས་མཛད་པ་ཡིན། །རྫོགས་སོ།