གཉིས་པ། རྣམ་པར་དབྱེ་བ།

གཞི་རྣམ་པར་དབྱེ་བ།


DTG035_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དབྱེ་བ་ལ་གཉིས་ཏེ། གཞི་རྣམ་པར་དབྱེ་བ་དང༌། སྒྲུབ་ཐབས་རྣམ་པར་དབྱེ་བའོ། །གཞི་རྣམ་པར་དབྱེ་བ་ནི་གཙུག་ལག་ཁང་དང༌། མཆོད་རྟེན་དང༌། ལྷའི་སྐུ་དང༌། རས་བྲིས་ལ་སོགས་པ་དང་རྟ་བབས་དང༌།


DTG035_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རིངས་དང༌། ཤིང་ལྗོན་པ་དང༌། ཆུ་མིག་ལ་སོགས་བསྐུའི་བདག་ཉིད་དུ་བྱ་བའི་ཞིའོ། །བགྲང་ཕྲེང་དང༌། འཇིག་རྟེན་པའི་བསྟན་བཅོས་དང༌། འཇིག་རྟེན་ལས་འདས་པའི་གླེགས་བམ་ལ་སོགས་པ་ནི་གསུང་གི་བདག་ཉིད་དུ་བྱ་བའི་གཞིའོ། །རྡོ་རྗེ་འཁོར་ལོ་ལ་སོགས་པ་ལྷའི་མཚན་མ་ཐམས་ཅད་ནི་ཐུགས་ཀྱི་བདག་ཉིད་དུ་བྱ་བའི་གཞིའོ། །

སྒྲུབ་ཐབས་རྣམ་པར་དབྱེ་བ།


DTG035_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་རྣམ་པར་དབྱེ་བ་ནི། གཙུག་ལག་ཁང་ལ་སོགས་པ་སྐུའི་གཞི་གང་ཡིན་པ་དེ་སྟོང་པ་ཉིད་དུ་བསྒོམས་ལ། དེ་ལས་བྷྲཱུཾ། བྷཱུཾ་ལས་འཁོར་ལོ། དེ་ལས་སྐུ་རྣམ་པར་སྣང་མཛད་དུ་བསྒྲུབ་ལ། རབ་ཏུ་གནས་པར་བྱའོ། །བགྲང་ཕྲེང་དང་གླེགས་བམ་ལ་སོགས་པ་གསུང་གི་གཞི་ནི་སྟོང་པ་ཉིད་ལས་གསུང་རྡོ་རྗེ་ཆོས་སུ་བསྒྲུབས་ལ་རབ་ཏུ་གནས་པར་བྱའོ། །རྡོ་རྗེ་ལ་སོགས་པ་ཐུགས་ཀྱི་གཞི་ནི་ཐུགས་མི་བསྐྱོད་པར་བསྒྲུབ་ལ་རབ་ཏུ་གནས་པར་བྱའོ། །