བདུན་པ། འགོག་པ་མེད་པའི་སྦྱོར་བ་བཤད་པ།


DTG044_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རབ་ཏུ་བཤད་བྱ་བ། །དཔེ་མེད་བདེ་རྫོགས་སྐུ་ཆེན་དང༌། བྲལ་བ་དག་པར་བྱ་བའི་ཕྱིར། །སྦྱོར་བ་བདུན་པ་བཤད་པར་བྱ། །གོང་དུ་ཡང་དག་གསུངས་པ་ཡི། །དགའ་བའི་ཡེ་ཤེས་དུས་བྱུང་བའི། །དཔེ་མེད་བདེ་རྫོགས་རིགས་ལྡན་སྐུ། །ལན་ཅིག་བྱུང་ནས་མེད་པ་ནི། །འགོག་པ་ཞེས་ནི་རབ་ཏུ་བྱ། །འགོག་པ་དེ་ལས་བྱུང་བ་ན། །ཕྱིས་ཀྱི་འབྲས་བུ་མཆོག་གྱུར་པ། །འགོག་པ་མེད་པར་ཤེས་པར་།ཕྱིས་ཀྱི་འབྲས་བུ་མཆོག་གྱུར་པ། །འགོག་པ་མེད་པར་ཤེས་པར་དུ་ནི། །དབང་ཕྱུག་བརྒྱད་ཀྱི་བཅོམ་ལྡན་འདས། །མི་གཡོ་གཞུག་ཕྱིར་འགོག་མེད་དང༌། །གནས་ལ་ཡང་ནི་དེ་བཞིན་དུ། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། སྐལ་ལྡན་རྣམས་ཀྱི་སྔོན་དུ་ཡང༌། །ཤེས་རབ་ཡེ་ཤེས་དབང་སུ། །བླ་མའི་ཞལ་ལས་ངེས་ཐོབ་པ། །དགའ་དང་དགའ་བ་བར་མ་དང༌། །དགའ་བྲལ་དགའ་བ་འགོག་ལས། །དེ་འདྲའི་སེམས་རྒྱུན་མྱོང་བ་སྟེ། །འགོག་པ་མེད་པ་ཞེས་བཤད་དོ། །ཡེ་ཤེས་དབང་དུ་གྱུར་པ་ཡིས། །བརྟུལ་ཞུགས་པ་སོགས་སྤྱོད་པ་ལ། །གནས་ནས་དེ་ཡི་དོན་བསྒྲུབ་ཚེ། །དེ་ཡི་དུས་སུ་དེ་ཐོབ་པའོ། །བྱ་བ་བྱས་པའི་དབང་ཕྱུག་ཆེ། །མཐའ་ཡི་ཕ་རོལ་ཕྱིན་པའི་མཆོག །མི་གནས་མྱ་དན་འདས་པ་སྟེ། །རྡོ་རྗེ་འཛིན་པ་ཆེན་པོའི། །འགོག་པ་མེད་པའི་སྦྱོར་པའི་སྦྱོར་བ་སྟེ་བདུན་པའོ།། །།དེ་ལྟར་སྦྱོར་བདུན་ལྡན་པ་ཡུ། །བཞི་པ་མངོན་པར་བྱང་ཆུབ་པ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་


DTG044_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པར་འགྱུར་བའོ། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་གནས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་ནི། །སངས་རྒྱས་ཀུན་གྱིས་ཐབས་བྱའོ། །དེ་ནི་འཁོར་བ་ཇི་སྲིད་ཀྱི། །བར་དུ་གནས་པས་རྟག་པའོ། །སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི། །ངོ་བོར་གྱུར་པས་གཅིག་པའོ། །དེ་ལ་སྒྲིབ་པ་བཞི་ཡི་ནི། །ཚ་བ་མེད་པས་བསིལ་བའོ། །འཁོར་དང་མྱ་ངན་འདས་པ་ནི། །གཅིག་ཏུ་གྱུར་པས་བདེ་པའོ། །གཟུགས་ལ་གོས་པ་རྟོག་པ་ཡིས། །མ་གོས་ཕྱིར་ནི་མི་གདུང་བའོ། །ཕྱིན་ལོག་ཁྲུལ་རྟོག་དང་བྲལ་བས། །དག་ཅིང་དྲི་མ་མེད་པའོ། །ཟབ་གསལ་བྱང་ཆུབ་ལས་མི་སྡིག །གཞན་དོན་མཛད་པས་དགའ་བའོ། །ཆོས་ཉིད་དང་ནི་སེམས་ཅན་ལ། །སེམས་མཉམ་གཞག་པས་ཡིད་དང་བ། །འདི་ནི་བདེ་བ་ཆེན་པོ་ཡི། །རོ་མྱང་བ་ཡི་མཚན་ཉེད་བརྒྱད། །རྫོགས་པའི་རིམ་པའི་རྣལ་འབྱོར་པ། །བཞི་པའི་དོན་ནི་བླ་མེད་པའོ། །དངོས་པོ་ཀུན་ལ་ཆེ་ར་གནས་དང༌། །གང་མི་གསལ་བའི་དངོས་པོ་རུ། །དེ་ཉིད་བླ་མ་དམ་པ་ཡི། །ཞལ་ནས་ངེས་པར་ཐོབ་པ་ལ། །སོ་མ་ཉི་ཡིད་གཉིས་མི་བྱའོ། །དེ་ཡི་ངོ་བོ་བཤད་ནས་ནི། །རྣམ་གྲངས་དག་དང་བཤད་པར་བྱ། །འདོད་ཆགས་དང་ནི་བར་མ་དང༌། །ཆགས་བྲལ་དུ་ནི་ཤེས་པར་བྱ། །དགའ་དང་དགའ་བ་བར་མ་དང༌། །དགའ་བྲལ་གྱི་ནི་དགའ་པའོ། །བདེ་རྫོགས་སྐུ་དང་ཆོས་སྐུ་དང༌། །སྤྲུལ་སྐུ་རུ་ནི་ཤེས་པར་བྱ། །སྐུ་དང་གསུང་དང་ཐུགས་དང་ནི། །སྟོང་དད་མཚན་མེད་སྨོན་པ་མེད། །གསངས་དང་གསང་ཆེན་ཤིན་ཏུ་གསང༌། རྣལ་འབྱོར་ལྷག་པའི་རྣལ་འབྱོར་དང༌། །རྣལ་འབྱོར་ཆེན་པོ་ཞེས་བྱའོ། །བདག་དང་གཞན་དན་ལྷན་ཅིག་བྱེད། །དཔལ་གསུམ་དུ་ནི་ཤེས་པར་བྱ། །དང་པོ་རྣལ་འབྱོར་ལས་རྒྱལ་མཆོག །དཀྱིལ་འཁོར་རྒྱལ་མཆོག་ཤེས་པར་བྱ། །ཐིག་ལེ་ཕྲ་མོ་གསང་སྔགས་བཟླས། །རྣམ་པ་གསུམ་སུ་ཤེས་པར་བྱ། །དམ་ཚིག་གསུམ་དང་ཏིང་འཛིན་དང༌། །ཡེ་ཤེས་སེམས་དཔའ་ཤེས་པར་བྱ། །ལུས་བྷ་ག་བྱས་སེམས་ཀྱི། །དཀྱིལ་འཁོར་གསུམ་སུ་ཤེས་པར་བྱ། །བུམ་པ་དང་ནི་གསངས་བ་དང༌། །ཤེས་རབ་ཡེ་ཤེས་ཤེས་པར་


DTG044_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དེ་ལ་སོགས་པའི་དམ་ཚིག་གི །བཞི་པ་ཡི་ནི་ཚིག་གི་ནི། །དེ་འདྲའི་རང་བཞིན་མི་ཤེས་ལ། །དེ་ཉིད་སྔགས་ཀྱི་སྐུ་རུ་བཤད། །དཔེ་མེད་བདེ་རྫོགས་ཡེ་ཤེས་སྐུ། །ཧཱུཾ་སོགས་བསྐྱེད་པའི་ལྷ་ཡི་གཟུགས། །བཞིས་བསྒྲུབ་སྐུ་རུ་རབ་ཏུ་གནས། །གང་གི་བཞི་ལ་གནས་བྱེད་ཕྱིར། །བར་ཆད་མེད་ཅིང་འགོག་པ་མེད། །དེ་ལྟར་དཔལ་ལྡན་གསང་འདུས་སུ། །རྟོག་པ་ཡི་ནི་རྣལ་འབྱོར་པས། །བསྐྱེད་པའི་རིམ་པ་ལ་བརྟེན་ཏེ། །བཞི་པའི་དོན་ལ་སྤྱོད་པར་འགྱུར། །དེ་འདྲའི་དོན་རྣམས་མི་ཤེས་པས། །ཕྱི་རོལ་དོན་ལ་མངོན་ཞེན་ཏེ། །རིན་ཆེན་སེམས་ནི་དྲི་ཅན་བྱ་།དེས་ན་དགེ་དང་མའི་དགེ་བའི། །ལས་བྱས་པས་ནི་མཐོ་རིས་དང༌། །དམྱལ་ལ་སོགས་པར་ཚོད་འགྱུར་བ། །ཆོས་འདི་རང་བཞིན་གྱིས་དག་པས། །རྣམས་རྟོག་དྲ་བླུན་བྱས་ལ། །སྒེ་སྡིག་ཕུང་པོ་གཉིས་སུ་བརྟགས། །དེ་སྤངས་ནས་ནི་སྐྱེ་མེད་པའི། །རང་བཞིན་དོན་ནི་རྟོགས་པར་བྱ། །ཡང་དག་དོན་དུ་དགེ་སྤངས་ན། །དགེ་བ་སྨིན་པས་སྨོས་ཅི་དགོས། །དཔེར་ན་མི་གང་ཆུ་ཀླུང་གི །ཕ་རོལ་ཏུ་ནི་འགྲོ་བ་དག །རྩ་ཤིང་ལ་སོགས་བསྡུ་ལ་བྱས་པས། །ཆུ་ལ་སྒལ་བའི་གཟིངས་བྱས་ཏེ། དེ་ལ་འཇུག་སྟེར་རབ་བརྒལ་ནས། །བོར་ཏེ་བདེ་བར་འགྲོ་བ་ལྟར། །དེ་བཞིན་བཞི་པའི་ངོ་བོ་ཡི། །དོན་རྟོགས་པས་ན་འབད་རྩོལ་གྱིས། །བྱ་བ་དེ་ལ་ཅི་ཞིག་བྱ། །དེ་ཕྱིར་བླ་མ་དམ་པ་ཉིད། །མཉེས་བྱས་དབང་གི་དོན་མཆོག་གི །བདུད་རྩི་ཆོག་འདི་གང་ཟག་གང༌། །བདག་གཞན་དོན་དུ་འཐུང་བྱེད་པ། །གང་དེ་རྒྱལ་བའི་སྲས་ཞེས་བྱ། །དེ་ཕྱིན་ཆད་ནི་གང་ཅུང་ཟད། །འདོད་ཆགས་ལ་གོས་དངོས་པོ་རྣམས། །བདུད་རྩིར་ཟིན་ཕྱིར་དེ་ལ་དབུལ། །སྐྱོན་གྱིས་གོས་པར་མི་འགྱུར་རོ། །བསྒོམ་པར་ལྡན་པ་སྨོས་ཅི་དགོས། །དེ་ནི་མ་འོངས་རྫོགས་སངས་རྒྱས། །དེ་ནི་ཡང་དག་རྐང་གཉིས་མཆོག །དེ་ནི་འཁོར་བའི་ཕ་རོལ་སོན། །དེ་ནི་ཕྱིན་ལོག་ཁུར་ཆེན་བོར། །དེ་ནི་བྱ་བ་ཐམས་ཅད་བྱས། །དེ་ནི་ཀུན་གཟིགས་རྣམས་ཀྱིས་བཞག །དེ་ནི་གང་དུ་གནས་གྱུར་ཀྱང༌། །སངས་རྒྱས་ཀྱི་གདུང་མ་ཆད་པས། །བསྟན་པ་རིན་ཆེན་གནས་པ་ཡི། །གཙོ་བོ་རུ་ནི་དེ་གནས་སོ། །དེ་ནི་གང་དུ་འདུག་ཀྱང་རུང༌། །


DTG044_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་དེ་རུ་འཇིག་རྟེན་མགོན། །བཞུགས་དང་བཞུད་པར་ཤེས་པར་བྱ། །རྣལ་འབྱོར་དེ་ལ་ཐམས་ཅད་ཀྱིས། །དངོས་པོ་ཀུན་གྱིས་ཕྱག་བྱར་འོས། །སྲིད་གསུམ་བདག་པོ་ཀུན་གྱིས་ཀྱང༌། །དཀྱིལ་འཁོར་མཆོད་པ་འོས་པ་ཡིས། །དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང༌། །ཉིན་རེ་ལན་གསུམ་བྱོན་ནས་ནི། །ཕྱག་བྱེད་ཅིང་ནི་བསྔགས་བརྗོད་ན། །གཞན་རྣམས་ནི་སྨོས་ཅི་དགོས། །དེ་བས་ཀུན་ནས་འབད་པ་ཡིས། །བླ་མ་ཡང་མཉེས་བྱས་ཏེ། །བཞི་པའི་དོན་མཆོག་བླང་བྱས་ནས། །དགོན་པའམ་ཡང་ན་གྲོང་གི་མཐར། །གང་རུང་ཅི་རུང་དེ་ལྟ་རུང༌། །གནས་ནས་བླ་མའི་ཞལ་སྔ་ཡི། །བསྐྱེད་པའི་རིམ་པ་བསྙེན་བྱ་སྟེ། །རྫོགས་པའི་རིམ་པ་རྟོགས་པར་བྱ། །དངོས་པོ་ཐམས་ཅད་དངོས་མེད་པས། །རྒྱུ་སོགས་དོན་ནི་རྟོགས་པ་དང༌། །རྡོ་རྗེ་པདྨ་སྤྱད་པ་དང༌། །བདུད་རྩི་ལྡས་ནི་རང་དགར་བྱེད། །འདོད་པའི་ཡོན་ཏན་ལྔ་ལ་ནི། །རྣལ་འབྱོར་ཅི་དགར་སྤྱོད་བྱེད་ཅིང༌། །གསང་རྟོགས་པར་བྱ། །དངོས་པོ་ཐམས་ཅད་དངོས་མེད་པས། །རྒྱུ་སོགས་བྱ། །ལོངས་སྤྱོད་ཆེན་པོ་དཀའ་ཐུབ་དང༌། །བསམ་གཏན་སྨྱོན་པའི་ཚུལ་གྱིས་སུ། །དེ་འདྲའི་ངོ་བོ་མ་ཤེས་པས། །ལག་པ་དང་ནི་རྐང་པ་དང༌། །མིག་སོགས་སྦྱིན་བ་བཏང་བས་ཀྱང༌། །བསྐལ་པ་ཆེན་པོ་བརྒྱ་རུ་ཡང༌། །བདུད་རྩེའི་རོ་ཐོབ་མི་འགྱུར་རོ། །དེ་བས་དངོས་པོ་འདི་གཅིག་གིས། །དམ་པ་རྟོག་པ་ཐམས་ཅད་སྤངས། །ཟབ་ཅིང་ལེགས་པར་གསལ་བའི་སླུ། །ཀུན་ནས་འོད་ཟེར་འཕྲོ་ལྡན་པ། །ཀུན་དུ་བཟང་པོར་རང་གི་ཡིད། །རྣལ་འབྱོར་གང་གིས་སྒོམ་མི་བྱེད། །དེ་བསྒོམས་པས་ནི་ཚོ་འདི་ལ། །ཟླ་བ་དྲུག་གིས་དངོས་གྲུབ་མཆོག །ཐེ་ཚོམ་མེད་པར་འགྲུབ་པ་སྟེ། སུ་ཡིས་དངོས་པོ་དེ་བཟློག་འགྱུར། །འཁོར་ལོ་གཅིག་པའི་ཤིང་རྟ་ལ། །རྟ་བདུན་སྦྲུལ་གྱི་ཐག་པས་སྦྲེལ། །ཁ་ཁྲིད་རོ་སྨད་མེད་པ་ཡི། །མཁའ་ཁྲིད་ནས་མཐའ་རུ་ཕྱིན། །རང་དང་གཞན་དོན་བྱེད་པ་ལྟར། །དངོས་པོ་ཡི་ནི་ཆེས་ཀུན་དང༌། །མཛེས་གྱུར་མིན་ལྟར་སྣང་གྱུར་ཀྱང༌། །རང་དང་གཞན་གྱི་དངོས་གྲུབ་པས། །སྐྱེས་བསུ་འདི་ནི་བླང་པ་འོས། །དལ་འབྱོར་འདི་ནི་གཡོ་བས་ན། །དྲག་


DTG044_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རླུང་གིས་མར་མེ་ལྟར། །སྐད་ཅིག་དི་ནི་མི་སྣང་འགྱུར། །དེ་བས་དེ་ཉིད་བསམ་པར་འདོ། དེ་འདྲའི་རང་བཞིན་ངོ་བོ་ལ། །སྒོམ་པས་རྟག་ཏུ་མཉམ་ཞོག་ལ། །ཁྱབ་བདག་རིམ་བཞིན་རྟོགས་གྱུར་ཅིང༌། །བདག་ནི་རྟག་ཏུ་གསོལ་བ་འདེབས། །དཔལ་ལྡན་འདུས་པའི་རྒྱ་མཚོ་ལས། །བླ་མའི་ཞལ་སྔས་བསྒྲུབ་པས་ན། །སྦྱོར་བ་བདུན་གྱི་སྡུད་རྩི་མཆོག །སྨན་པའི་ཞབས་ཀྱི་ཐོབ་པའོ། །དེ་འདྲའི་བདུད་རྩེ་དེ་ལ་ནི། །འཐུང་བྱེད་དེ་ནི་ལོག་པ་ཡིན། །རྟོག་པ་ཡིས་ཡི་རབ་འཆིང་བའི། །ནད་ནི་ཀུན་ནས་མེད་གྱུར་ཅིག །དེ་མེད་པས་ན་སེམས་ཅན་ཀུན། །ཡང་དག་ཕུང་པོ་རྒྱས་འགྱུར་ཏེ། །སྦྱོར་བ་བདུན་གྱི་རང་བཞིན་མཆོག །འབྲས་བུ་དེ་ཉིད་རྟོགས་པར་ཤོག །སྦྱོར་བ་བདུན་པོ་ཞེས་བྱ་བ་དབང་བཞིའི་རབ་བྱེད་པ་སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང༌། བོད་ཀྱི་ལོ་ཙཱ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་བའོ།།