ལས་ཀྱི་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན།


DTG044_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡེ་ཤེས་སེམས་དཔའ་ཡི། །ས་བོན་ལས་ནི་འོད་ཟེར་ཚོགས། །གཞལ་ཡས་ཁང་གི་ཕྱི་རོལ་ཏུ། །ཁ་དོག་སྣ་ཚོགས་འཕྲོས་པ་ཡི། །རྩེ་གསུམ་བདེ་གཤེགས་བྱུང་རྣམས་ཀྱིས། །འགྲོ་བ་སངས་རྒྱས་བར་བྱས་ནས། །ས་བོན་ཉིད་ལ་ཐིམ་གྱུར་ཏེ། །དེ་ཡིས་ཡང་དག་རྒྱས་པར་གྱུར། །འོད་ཟེར་བསམ་གྱིས་མི་ཁྱབ་ཕྱིར། །མཾ་དེ་ཉིད་ནི་ཐིག་ལེར་གྱུར། །དེ་ཡི་འོད་ཟེར་རིམ་པ་ཡིས། །དད་པོ་རལ་གྲི་སྣང་བར་བྱས། །དེ་ནས་ཡེ་ཤེས་སེམས་དཔའ་ཡི། །ནང་དུ་ཕྱི་དང་ལུས་དང་ནི། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རྣམས། གནས་པའི་རལ་གྲི་དག་དང་ནི། །དམ་ཚིགས་སེམས་དཔའི་སྐུ་གསུང་ཐུགས། །རྡོ་རྗེ་ཚུན་ཆད་སྣང་བྱས་ནས། །དེ་ནས་རང་སེམས་ཡི་གེ་མཾ། །ཐིག་ལེ་ལྟ་བུར་ཞུགས་བར་བྱ། །བསྐྱེད་པའི་རིམ་པ་དེ་མ་ཐག །ཏིང་འཛིན་གསུམ་གྱིས་ཡོང་སུ་གྲུབ། །འཇམ་པའི་རྡོ་རྗེ་བསམ་བྱས་ནས། །དམ་ཚིག་སེམས་དང་འབྲེལ་བ་ཡི། །རྡོ་རྗེ་ཐུགས་སོགས་ཡན་ཆད་གསལ། །གཞག་པའི་འོད་ཟེར་རྣམས་ཀྱིས་ནི། །དམ་ཚིག་སེམས་དཔའི་ཕྱི་ཡི་སྐུ། །དེ་ཡི་དཀྱིལ་འཁོར་གསལ་བྱས་ནས། །གཞལ་མེད་ཁང་ནས་ཕྱི་རོལ་དུ། །བྱུང་ནས་


DTG044_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྣམས་གསལ་བྱས་ནས། །ཡང་ནི་དེ་བཞིན་བཞུགས་པར་བྱ། །དེ་ལྟའི་རིམ་པ་རབ་འཕྲོ་ཞིང༌། །ཇི་ཙམ་འདོད་པར་འཕྲོ་འདུ་བྱ། །འདི་ལྟར་ཐིག་ལེ་རྣལ་འབྱོར་བསྒོམ། །ལས་ཀྱི་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་རྫོགས་སོ།། །།