ཁྲོ་བོ་བཅུའི་གཏོར་མའི་ཆོ་ག།


DTG044_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ད་ས་ཀྲོ་དྷ་བ་ལིཾ་བི་དྷིཿ། བོད་སྐད་དུ། ཁྲོ་བོ་བཅུའི་གཏོར་མའི་ཆོ་ག །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཁྲོ་བོ་བཅུའི་གཏོར་མ་ནི་རང་ཉིད་འཇམ་པའི་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་ཆོ་ག་ཡན་ལག་གསུམ་གྱིས་མདུན་དུ་བསྐྱེད་པའམ་ཡང་ན་བཀུག་སྟེ། སྐད་ཅིག་གིས་མདུན་དུ་དམིགས་ལ་ཧཱུཾ་ལས་ལྕེ་རྡོ་རྗེ་སྦུ་གུའི་རྣམ་པར་བལྟ་བར་བྱས་ལ། ཨོཾ་ཨཱཿཡ་མཱ་ནྟ་ཀྲྀ་ཏ་ཨི་


DTG044_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཞེས་བརྗོད་ལ་བདུད་རྩི་སྦྱར་བའི་སྦྱོར་བས་གཏོར་མ་སྦྱངས་ཏེ་གོང་གི་སྔགས་ལན་གསུམ་བརྗོད་པས་གསོལ་བར་བསམ་མོ། །དེ་ནས་མེ་ཏོག་ལ་སོགས་པས་མཆོད་དེ་ཞབས་བསིལ་དང་སོ་རྩི་བྱིན་ནས། དྲིལ་བུ་དཀྲོལ་ནས་མི་བསྐྱོད་པ་ནི་ཡེ་ཤེས་ཆེལ་སོགས་པའི་བསྟོད་པ་བྱས་ནས་ཡི་གེ་བརྒྱ་པ་བརྗོད་ལ་གཤེགས་སུ་གསོལ་ལོ། །དེ་བཞིན་དུ་ཁྲོ་བོ་བཅུ་ཀ་ལ་ཡང་བྱའོ། །ཡི་གེ་གསུམ་གྱི་བར་དུ་ཁྲོ་བོ་བཅུའི་རང་རང་གི་སྔགས་བཅུག་སྟེ། དེའི་སྟེང་དུ་ཨི་མཾ་བ་ལིཾ་གྲྀ་ཧཎ་གྲྀཧྞཱ་ཞེས་བྱ་བ་བསྣན་པ་ནི་སྔགས་སོ། །གཞན་ཆོ་ག་ཐམས་ཅད་གོང་དང་མཐུན་ནོ། །ཁྲོ་བོ་བཅུའི་གཏོར་མའི་ཆོ་ག་རྫོགས་སོ།། །།འདིའི་ལག་ལེན་ནི་མདུན་དུ་བུ་ལས་འཁོར་ལོ་རྩིབས་བཅུ་པ་ལྟེ་བ་དང་བཅུ་གཅིག་པར་བསམས་ལ། དེའི་སྟེང་དུ་ཨ་ལས་ཟླ་བར་བསམ། དེའི་སྟེང་དུ་ཧཱུཾ་དགུ་བྲུཾ་དང་བཅུ། དེ་རྣམས་གྱུར་པ་ལས་འོད་འཕྲོས་ཁྲོ་བོ་བཅུ་སྤྱན་དྲངས་ནས་ཕྱག་མཚན་རྣམས་ལ་ཐིམ་པར་བསམས་ལ། འཁོར་ལོ་རྩིབས་བཅུའི་སྟེང་དུ་ཁྲོ་བོ་བཅུ་བསམ་མོ། །ཡང་རང་གི་ཡི་དམ་ལྟར་བསྒོམས་ལ་སྙིང་གའི་ས་བོན་གྱིས་ཁྲོ་བོ་བཅུ་སྤྱན་དྲངས་ནས་དེ་རྣམས་ལ་བསྟིམ་སྟེ་མགྲོན་སྤྱན་དྲངས་པའོ། །དེ་ནས་གོར་མ་དམིགས་པ་ལས། ཡཾ་ལས་རླུང༌། རཾ་ལས་མེ། དེའི་སྟེང་དུ་ཨོཾ་ཨཱཿ་ཧཱུཾ་གསུམ་ལས་ཐོད་པའི་སྐྱེད་པུ་གསུམ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་བ་ནང་དམར་བ་བསམས་ཏེ་དེའི་ནང་དུ་གཏོར་མ། དེའི་སྟེང་དུ་བི་མུ་ར་ཤུ་མ་གོ་ཀུ་ད་ཧ་ན་ཞེས་བྱ་བ་ཡི་གེ་བཅུ་ལས་ཤ་ལྔ་བདུད་རྩི་ལྔ་བསྐྱེད་ལ་དེ་ནས་ཡཾ་ལས་རླུང་གཡོས་ཏེ་མེ་འབར་བས་དམ་ཚིག་གེ་བདུད་རྩི་སྦྱང་བར་བསམ། དེའི་སྟེང་དུ་པདྨ་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྟེན་ལྔ་པ་ལ་ཧཱུཾ་གིས་མཚན་པ་དེ་ལས་འོད་སྤྲོས་པས་འགོ་མིན་གྱི་གནས་ན་ཡོད་པའི་ཁོར་བོ་བཅུའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་དེ་གཉིས་དབྱེར་མེད་དུ་གྱུར་པར་བསམ་མོཾ། །དེ་ནས་ཨོཾ་ཨཱཿཧཱུཾ་ཞེས་པ་ལན་གསུམ་བརྗོད་པས་དབྱེར་མེད་དུ་བསམ་མོ། །དེ་ནས་སྔགས་བརྗོད་ལ་གདབ་པོ། །དེ་ནས་གྲུབ་ནས་ཁྲོ་བོ་རེ་ལ་མཆོད་པ་རེ་དང་བསྟོད་པ་རེ་བྱ། །མ་གྲུབ་ན་བཅུ་བྱར་ལ་སྤོགས་ཅིག་བྱའོ། །དེ་ནས་གཤེགས་སུ་གསོལ། །དམ་ཚིག་པ་རང་ལ་བསྡུ་བའམ། ཡང་ཁྲོ་བོ་རྣམས་ཧཱུཾ་ལ།


DTG044_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱག་མཚན་རྣམས་ལ། དེ་རྣམས་འཁོར་ལོ་ལ། དེ་བྲུཾ་ལ། བྲུཾ་སྟོང་པ་ཉིད་དུ་བསམས་ལ་གཏོར་མས་གཙང་གཏོར། དགེ་བ་བསྔོ། མི་དམིགས་པར་གཟུང་ངོ༌། །གཏོར་མ་དེ་རྣམས་གསོལ་བས་ཆོས་ཉིད་ལ་ཐིམ་པའམ། །ཡེ་ཤེས་ལ་ཡེ་ཤེས་ཐིམ་པར་བསམ་མོ། །དུར་ཁྲོད་པ་རྣམས་གཏོར་མ་གསོལ་བ་བདེ་བར་བསམ་མོ། །ཡ་མཱནྟ་ཀྲྀ་ཏ། པྲཛྙཱནྟ་ཀྲྀཏ། པདྨཱ་ནྟ་ཀྲྀཏ། བིགྷྣཱ་ནྟ་ཀྲྀ་ཏ། ཌྐྐི་རཱ་ཛ། ནཱི་ལ་དཎྜ། མ་ཧཱ་བ་ལ། ཨ་ཙ་ལ། ཨུཥྞཱི་ཥ་ཙ་ཀྲ་བརྟྟི། སུཾ་བྷ་རཱ་ཛཱ། གཤིན་རྗེ་མཐར་བྱེད་ནི་མདོག་སྡོ་བ། གཡས་དཀར་བ། གཡོན་དམར་བ། ཕྱག་གཡས་ན་ཐོབ་དང་རལ་གྲི་།གཡོན་ན་རིན་པོ་ཆེ་དང་པདྨའོ། །ཤེས་བ་མཐར་བྱེད་ནི་མདོག་དཀར་པ་ཞལ་གཡས་སྔོ་བ། གཡོན་དམར་བ། ཕྱག་གཡས་ན་དབྱུག་པ་དེང་རལ་གྲི་།གཡོན་ན་རིན་པོ་ཆེ་དང་པདྨའོ་།པདྨ་མཐར་བྱེད་ནི་མདོག་དམར་བའོ། །ཞལ་གཡས་ནག་པ་གཡོན་དཀར་པའོ། །ཕྱག་གཡས་ན་པདྨ་དང་རལ་གྲིའོ། །གཡོན་ན་རིན་པོ་ཆེ་དང་འཁོར་ལོ། བགེགས་མཐར་གྱེད་ནི་མདོག་སྔོ་བའོ། །ཞལ་གཡས་དཀར་གཡོན་དམར་པའོ། །ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི་།གཡོན་ན་རིན་པོ་ཆེ་དང་པདྨའོ། །འདོད་པའི་རྒྱལ་པོ་ནི་མདོག་སྔོན་པོ། །ཞལ་གཡས་དཀར་གཡོན་དམར་བའོ། །ཕྱག་གཡས་ན་ལྕགས་ཀྱུ་དང་རལ་གྲི་།གཡོན་ན་རིན་པོ་ཆེ་དང་པདྨའོ། །དབྱུག་སྔོན་ཅན་ནི་མདོག་སྔོན་པོ་ཞལ་གཡས་དཀར་གཡོན་དམར་བའོ། །ཕྱག་གཡས་ན་དབྱུག་པ་སྔོན་པོ་དང་རལ་གྲིའོ། །གཡོན་ན་རིན་པོ་ཆེ་དང་པདྨའོ། །སྟོབས་པོ་ཆེ་ནི་མདོག་སྔོན་པོ། །ཞལ་གཡས་དཀར་གཡོན་དམར་པའོ། །ཕྱག་གཡས་ན་རྩེ་གསུམ་དང་རལ་གྲི་།གཡོན་ན་རིན་པོ་ཆེ་དང་པདྨའོ། །མི་གཡོ་བ་ནི་མདོག་སྔོ་བ། ཞལ་གཡས་དཀར་གཡོན་དམར་བའོ། །ཕྱག་གཡས་ན་རལ་གྲི་དང་རྡོ་རྗེ། གཡོན་ན་ཞགས་པ་དང་འཁོར་ལོ། །མིག་ཟུར་གྱི་གཟུགས་ཀྱི་ལྟ་བ་བྱིས་པའི་གཟུགས་དང་ལྡན་པ་བསམ་པར་བྱའོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་མདོག་སེར་པོ་ཞལ་གཡས་སྔོ་བ་གཡོན་དཀར་བའོ་།ཕྱག་གཡས་ན་འཁོར་ལོ་སེར་པོ་དང་རལ་


DTG044_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་།གཡོན་ན་རིན་པོ་ཆེ་དང་པདྨའོ། །གནོད་མཛེས་རྒྱལ་པོ་ནི་མོག་སྔོ་བ་ཞལ་གཡས་དཀར་བ་གཡོན་དམར་བའོ། །ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི་།གཡོན་ན་རིན་པོ་ཆེ་དང་པདྨའོ། །ཁྲོ་བོ་འདི་དག་ཐམས་ཅད་ཀྱི་ཕྱག་འོག་མ་གཉིས་ནི་རང་འོད་ལ་འཁྱུད་པའི་ཕྱག་རྒྱའོ། །གཤིན་རྗེ་གཤེད་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའོ། །པདྨ་མཐར་བྱེད་ལ་ནི་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པའོ། །གཞན་ཐམས་ཅད་ལ་ནི་མི་བསྐྱོད་པས་དབུག་བརྒྱན་པའོ། །རྫོགས་སོ།།