འདོད་ཆགས་དགའ་མའི་སྒྲུབ་ཐབས།
ཤེས་རབ་སྐྱོང་།


DTG048_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ར་ཏི་རཱ་ག་སཱ་དྷ་ནཾ། བོད་སྐད་དུ། འདོད་ཆགས་དགའ་མའི་སྒྲུབ་ཐབས། ཨོཾ་སུ་ར་ཏ་པྲི་ཡེ་སྭཱ་ཧཱ། ཆུ་ཀླུང་གཉིས་ཕྲད་པའི་སར་ནུབ་མོ་ཕྱིན་ནས་སྟོང་ཕྲག་བརྒྱད་བཟླས་སོ། །ཞག་དང་པོ་ལ་ངེས་པར་བདག་སྟོན་ནོ། །གཉིས་པ་ལ་མདུན་དུ་གནས་སོ། །གསུམ་པ་ལ་ཆགས་པ་སྤྱད་ནས་ཆུང་མའི་ལས་བྱེད་པར་འགྱུར་རོ། །ཉི་མ་རེ་རེ་ལ་ནོར་བརྒྱད་བརྒྱད་དང་རས་ཡུག་གཉིས་གཉིས་སྟེར་རོ། །གཞན་ཡང་མིའམ་ཅི་རྣམས་བསྒྲུབ་པར་བྱའོ། །འདི་རྣམས་ཀྱི་ཕྱག་རྒྱ་གོང་དུ་བཤད་ཟིན་ཏོ། །འདོད་ཆགས་དགའ་མའི་སྒྲུབ་ཐབས་རྫོགས་སོ།།