འབྱུང་མོ་མཛེས་མའི་སྒྲུབ་ཐབས།
ཤེས་རབ་སྐྱོང་།


DTG048_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷཱུ་ཏི་སུནད་རི་སཱ་དྷ་ནཾ། བོད་སྐད་དུ། འབྱུང་མོ་མཛེས་མའི་སྒྲུབ་ཐབས། ཨོཾ་ཤྲཱི་མ་ཧཱ་བྷཱུ་ཏ་ཀུ་ལ་སུནད་རི་ཧཱུཾ། ཞེས་སོ། །ཆུ་གཉིས་ཕྲད་པ་ལ་ཙནྡན་གྱི་མཎྜལ་བྱས་ཏེ། མེ་ཏོག་གཏོར་ནས་གུ་གུལ་གྱི་དུད་པས་བདུགས་ཏེ་སྡོང་ཕྲག་བརྒྱད་བཟླས། ཡང་མཚན་མོ་སྟོང་ཕྲག་གཅིག་བཟླས་པས་ངེས་པར་འོང་བར་འགྱུར་རོ། །ནུབ་མོ་འདོད་ཡོན་བྱིན་པས་ཆུང་མར་འགྱུར་བས་ཐོ་རངས་གསེར་སྲང་བརྒྱ་བྱིན་ནས་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ཉི་མ་རེ་རེ་བྱས་པས་ཟླ་བ་གཅིག་རྫོགས་པའི་རྗེས་ལ་ཆོ་ག་ཇི་ལྟར་བཟླས་པས་རྟག་ཏུ་གནས་པར་འགྱུར་རོ། །འབྱུང་མོ་ཆེན་མོ་དཔལ་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།