ཤ་ཟ་ནག་པོ་སྙིང་པོའི་སྒྲུབ་ཐབས།
ཤེས་རབ་སྐྱོང་།


DTG048_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྲྀཥྞ་པི་ཤཱ་ཙི་སཱ་ར་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་ནག་པོ་སྙིང་པོའི་སྒྲུབ་ཐབས། གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། ན་མོ་ཀྲྀཥྞ་པི་ཤཱ་ཙ་ཡེ་ས་ར་ས་ར་ཧི་རི་ཧི་རི་ཨཱ་གཙྪ་ཨཱ་གཙྪ་གྲི་ཧཱུ་པི་ཎ་ཌཾ་པི་ཤཱ་ཙ་སྭཱ་ཧཱ། ཉལ་བའི་དུས་སུ་སྒོའི་སྟེང་དུ་ཁྲི་སྟན་ལ་ཟན་ལྷག་རྡོག་པོ་གཅིག་


DTG048_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་པ་དབུལ་ལོ། །ཟླ་གཅིག་རྫོགས་ནས་མཐོང་བར་འགྱུར་རོ། །གྲུབ་ནས་ཉི་མ་རེ་རེ་ལ་དོན་ཉི་ཤུ་རྩ་ལྔ་སྟེར་རོ། །གྲུབ་ཟིན་ནས་ཚེས་བརྒྱད་དང་བཅུ་བཞི་འམ་ཉི་ཤུ་དགུ་ལ་ཟན་ལྷག་རྡོག་པོ་གཅིག་ལ་སྔགས་བཟླས་ལ་དབུལ་ལོ་ཞེས་སོ། །འདྲེ་ནག་པོའི་སྒྲུབ་ཐབས་རྫོགས་སོ།།