Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  expand section
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བ་ཞེས་བྱ་བ།  དཔལ་འཛིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousགཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བ་ཞེས་བྱ་བ། དཔལ་འཛིན།next

གཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བ་ཞེས་བྱ་བ།
དཔལ་འཛིན།


DTG048_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་མནྟྲ་སཾ་གྲ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་དམར་བོའི་སྔགས་བཏུ་བ་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རབ་ཏུ་དབེན་པར་རབ་གཙང་བས། །མཆོད་པ་དང་བཅས་སྔགས་བཏུའོ། །བདེན་པ་ཚད་མེད་ཕ་རོལ་ཕྱིན། །འཕགས་ལམ་རྣམ་ཐར་ཕྱོགས་རྟེན་འབྲེལ། །བྱང་ཆུབ་མཆོག་རྟེན་འཁྲུལ་འཁོར་ལ། །བདེན་པའི་དང་པོ་ཀ་ནས་བཟུང༌། །རྟེན་འབྲེལ་མཐའ་མར་ཡི་གེ་མཆོག །ཨཱ་ལི་ཀཱ་ལིའི་རིམ་པའོ། །དང་པོར་རྣམ་ཐར་དྲུག་པ་སྤྱིན། །དེ་ནས་རྣམ་ཐར་ལྔ་པའོ། །དེ་ནས་རྣམ་ཐར་བདུན་པ་ལ། །ཕྱོགས་ཀྱི་བརྒྱད་པས་བརྒྱན་པའོ། །ཕ་རོལ་ཕྱིན་པའི་གཉིས་པ་ལ། །ཕྱོགས་ཀྱི་བརྒྱད་པས་བརྒྱན་པའོ། །དེ་ནས་ཕྱོགས་ཀྱི་བཞི་པ་བྱ། །འཕགས་ལམ་གྱི་ནི་དྲུག་པ་ལ། །རྟེན་འབྲེལ་གྱི་ནི་དགུ་པ་སྤྱིན། །རྣམ་ཐར་གྱི་ནི་ལྔ་པ་ལ། །རྟེན་འབྲེལ་གྱི་ནི་བདུན་པ་སྤྱིན། །རྣམ་ཐར་གྱི་ནི་དྲུག་པའོ། །ཡང་ནི་དེ་ཉིད་སྤྱིན་པར་བྱ། །རྣམ་ཐར་གྱི་ནི་ལྔ་པ་ལ། །རྟེན་འབྲེལ་བདུན་པ་སྤྱིན་པར་བྱ། །འཕགས་ལམ་གྱི་ནི་དྲུག་པ་ལ། །རྟེན་འབྲེལ་དགུ་པས་བརྒྱན་པར་བྱ། །རྣམ་ཐར་གྱི་ནི་བདུན་པ་ལ། །རྟེན་འབྲེལ་དང་པོས་བརྒྱན་པའོ། །འཕགས་ལམ་གྱི་ནི་གསུམ་པ་དང༌། །རྣམ་ཐར་གྱི་ནི་དྲུག་པ་ལ། །རྟེན་འབྲེལ་གྱི་ནི་དགུ་པས་བརྒྱན། །དེ་ནས་འཕགས་ལམ་དྲུག་པ་སྤྱིན། །རྣམ་ཐར་དྲུག་པ་དེ་ནས་སྤྱིན། །ཡང་ནི་དེ་ཉིད་སྤྱིན་བར་བྱ། །དེ་ནས་ཡང་ནི་


DTG048_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ལམ་དྲུག །རྣམ་ཐར་གྱི་ནི་དྲུག་པ་ལ། །རྟེན་འབྲེལ་དུག་པས་བརྒྱན་པའོ། །འཕགས་ལམ་གྱི་ནི་བརྒྱད་པ་ལ། །རྟེན་འབྲེལ་གསུམ་པས་བརྒྱན་པའོ། །དེ་ནས་རྔམ་ཐར་བདུན་པ་སྤྱིན། །ཡང་ནི་དེ་ཉིད་དྲུག་པ་སྤྱིན། །དེ་ནས་ཕྱོགས་ཀྱི་དྲུག་པ་ལ། །རྟེན་འབྲེལ་གྱི་ནི་བདུན་པས་བརྒྱན། །དེ་ནས་རྣམ་ཐར་དྲུག་པའོ། །ཡང་ནི་དེ་ཉིད་སྤྱིན་པར་བྱ། །དེ་ནས་ཕྱོགས་ཀྱི་དྲུག་པ་ལ། །རྟེན་འབྲེལ་གྱི་ནི་བདུན་པས་བརྒྱན། །དིང་སང་གི་མཁས་པ་ཕལ་མོ་ཆེའི་རིང་ལུགས་གྲགས་ཆེ་བ་རྣམས་དང་བསྟུན་ན་འཕགས་ལམ་གྱི་བརྒྱད་པ་ལ་ཕྱོགས་ཀྱི་དགུ་པས་བརྒྱན་དགོས་པར་སྣང་བ་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ལོ།། །རྣམ་ཐར་གྱི་ནི་དྲུག་པ་སྤྱིན། །ཚད་མེད་པ་ནི་བཞི་པ་ལ། །ཕ་རོལ་ཕྱིན་པའི་དང་པོས་བརྒྱན། །འཕགས་ལམ་གྱི་ནི་ཐ་མ་ལ། །རྟེན་འབྲེལ་གསུམ་པས་བརྒྱན་པས་བརྒྱན་པའོ། །རྣམ་ཐར་གྱི་ནི་བདུན་པ་ལ། །ཕྱོགས་ཀྱི་བརྒྱད་པས་བརྒྱན་པའོ། །དེ་ནས་རྣམ་ཐར་ལྔ་པ་སྤྱིན། །ཡང་ནི་དེ་ཡི་དྲུག་པ་སྤྱིན། །ཡི་གེ་སུམ་ཅུ་རྩ་གཉིས་ཏེ། །ལས་ཀྱི་སྔས་ཏེ་ནང་རིམ་གཉིས། །རང་རང་ལས་ཀྱིས་ཁ་བསྒྱུར་བས། །ལས་རྣམས་ཐམས་ཅད་བདེ་བླག་འདི་ལ་ཡང་ཕྱོགས་ཀྱི་དགུ་པས་བརྒྱན་ཟེར་དགོས་པ་འདྲ་བས་སྔ་མ་བཞིན་ཕྱད་དོ།། བསྒྲུབ། །རྟེན་འབྲེལ་གྱི་ནི་དགུ་པ་ལ། །སྤྱི་བོར་རྣམ་ཐར་ལྔ་པས་བརྒྱན། །དེ་ནས་ཕྱོགས་ཀྱི་ལྔ་པ་ལ།། རྣམ་ཐར་བདུན་པས་འོག་ནས་བརྒྱན། །དེ་ནས་ཕྱོགས་ཀྱི་བཅུ་པ་སྤྱིན། །དེ་ནས་མངའ་བདག་བཅུ་དྲུག་མཐའ། །དེ་ཕྱོགས་ཀྱི་གསུམ་པ་ལ། །ཕར་ཕྱིན་ལྔ་པས་འོག་ནས་བརྒྱན། །དེ་ལ་རྣམ་ཐར་བདུན་པ་སྤྱིན། །རྟེན་འབྲེལ་གསུམ་པས་སྤྱི་བོར་བརྒྱན། །དེ་ནས་མངའ་བདག་བཅུ་དྲུག་མཐའ། །དེ་ནས་ཕྱོགས་ཀྱི་དང་པོ་ལ། །རྟེན་འབྲེལ་གསུམ་པས་བརྒྱན་པའོ། །བདེན་པ་ཡི་ནི་དང་པོ་ལ། །རྣམ་ཐར་བདུན་པས་འོག་ནས་བརྒྱན། །དེ་ནས་རྟེན་འབྲེལ་གསུམ་པས་བརྒྱན། །དེ་ནས་འཕགས་ལམ་བཞི་པ་ལ། །ཕྱོགས་ཀྱི་བརྒྱད་པས་བརྒྱན་པའོ། །དེ་ནས་འཕགས་ལམ་ཐ་མ་ནི། །ད་ལྟ་ངག་འདོན་དང་ལག་ལེན་གྲགས་ཆེ་བ་རྣམས་ལྟར་ན་ཕྱོགས་ཀྱི་དགུ་པའི་རྗེས་མ་གཏོགས་རྟེན་འབྲེལ་གསུམ་བ་མི་བྱེད་པའང་མཁས་པས་བརྟག་གོ །ལན་གཉིས་སུ་ནི་སྤྱིན་པར་བྱ། །རྡོ་རྗེ་སེམས་དཔའི་ས་བོན་ནི། །ལན་གཉིས་བར་དུ་སྤྱིན་པར་བུ། །ད་ནས་རྣམ་ཐར་གཉིས་པ་ལ། །ཕ་རོལ་


DTG048_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པའི་ལྔ་པ་སྦྱར། །དེ་འང་མཁས་པས་གཉིས་སུའོ། །དེ་ནས་ཕྱོགས་ཀྱི་བཞི་པ་ལ། །ཕྱོགས་ཀྱི་དང་པོ་འོག་ཏུ་བརྟགས། །དེ་ལ་ཕྱོགས་ཀྱི་བརྒྱ་དཔས་བརྒྱན། །དེ་ནས་ཕྱོགས་ཀྱི་ལྔ་པ་ལ། །ཕྱོགས་ཀྱི་བརྒྱད་པས་བརྒྱན་པར་བྱ། །གདུག་པའི་ཡི་གེ་བཅུ་བཞི་ནི། །འཁྲུལ་འཁོར་གྱི་ནི་ཕྱི་རོལ་ལའོ། །བཟླས་པ་དང་ནི་འཁྲུལ་འཁོར་ལ། །སྔོན་དུ་སྔགས་བཏུ་དག་པར་བྱ། །གཞན་དུ་དབང་པོའི་དགྲ་བོ་བཞིན། །མཆོད་པ་ཆེན་པོ་བྱས་ནས་ནི། །སློབ་མ་ལ་ནི་རྗེས་གནང་སྤྱིན། །དེ་ལྟར་མ་བྱས་ནུས་མཐུ་མེད། །དེ་ལྟར་བྱས་ན་ཤིན་ཏུ་མྱུར། །འཇམ་དཔལ་གཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བ་སློབ་དཔོན་དཔལ་འཛིན་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་བསོད་ནམས་སེང་གེས་བསྒྱུར་བའོ།།


previousགཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བ་ཞེས་བྱ་བ། དཔལ་འཛིན།next