Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  expand section
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནོད་སྦྱིན་གྱི་རྒྱལ་པོ་ཕུར་བུས་འདེབས་པའི་སྒྲུབ་ཐབས།  ཤེས་རབ་སྐྱོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousགནོད་སྦྱིན་གྱི་རྒྱལ་པོ་ཕུར་བུས་འདེབས་པའི་སྒྲུབ་ཐབས། ཤེས་རབ་སྐྱོང་།next

གནོད་སྦྱིན་གྱི་རྒྱལ་པོ་ཕུར་བུས་འདེབས་པའི་སྒྲུབ་ཐབས།
ཤེས་རབ་སྐྱོང་།


DTG048_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡཀྵ་ཀཱི་ལི་ཀཱི་ལ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། གནོད་སྤྱིན་གྱི་རྒྱལ་པོ་ཕུར་བུས་འདེབས་པའི་སྒྲུབ་ཐབས། ཡཀྵ་ཀཱི་ལོ་ནཱ་མ་ས་ཏྱ་བ་དི་ཏྲིཊྚ་པྲ་ཏཿཏ་ཤ་ཏྱ་ཧ་པིཎྜ་ད་དི་མ་སེ་མེ་ཀ་མཱ་ན་པྲ་ཡཙྪཾ་ཏུ་སྭཱ་ཧཱ། ཞེས་སོ། །དེ་ནས་ཟན་ཟ་བའི་དུས་སུ། ཟན་གྱི་ཕུད་ལ་སྔགས་ལན་བདུན་བཟླས་ལ། དབེན་པའི་སར་ལྕི་བས་བྱུགས་པའི་མཎྜལ་བྱས་ལ་ཉི་མ་རེ་རེ་ཞིང་གནོད་སྤྱིན་ལ་ཟན་དབུལ་ལོ། །ཟླ་གཅིག་སོང་ནས་ཉི་མ་རེ་ལ་འདིས་ནོར་རེ་སྟེར་རོ། །ཟླ་བ་གཉིས་པ་ལ་འདིས་ནོར་ཉི་ཤུ་སྟེར་བའམ་ཡང་ན་སྟོན་པར་འགྱུར་རོ། །ཟླ་བ་གསུམ་པ་ལ་ཉི་མ་རེ་ལ་འདིས་ནོར་བརྒྱ་ཚོ་རེ་སྟེར་རོ། །ཟླ་བ་བཞི་པ་ལ་འདིས་ནོར་སྟོང་སྟེར་རོ། །ཟླ་བ་ལྔ་པ་ལ་ཀཱི་ལི་ཀཱི་ལ་ཞེས་བྱ་བའི་གནོད་སྤྱིན་གྱི་རྒྱལ་པོ་མཐོང་བར་འགྱུར་ཞིང་མཆོག་སྟེར་བར་འགྱུར་རོ། །འབྲུ་དང༌། ནོར་དང་གཏེར་ཤིན་ཏུ་མང་བ་སྟེར་བར་


DTG048_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ནད་མེད་པ་དང་བར་ཆད་མི་འབྱུང་བ་དང་བློ་དང་ལྡན་པར་བྱེད་པར་འགྱུར་རོ། །ཟླ་བ་དྲུག་ན་ནམ་མཁའ་ལ་འགྲོ་བར་ནུས་ཤིང་རིག་པ་འཛིན་པར་འགྱུར་རོ། །ཟླ་བ་བདུན་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །ཟླ་བ་བརྒྱད་ན་ལྷའི་གནས་སུ་འགྲོ་བར་ནུས་པར་འགྱུར་རོ། །ཆོ་ག་འདི་རྣམས་ཐམས་ཅད་བྱས་ལ་གཡས་གྱི་ཁུ་ཚུར་བཅངས་ལ་མཛུབ་མོ་དང་མཐེ་བོང་རྩེ་སྤྲད་ལ་ཁ་ཕྱེ་ལ། ཕྱག་རྒྱ་འདི་དང་སྔགས་ཀྱིས་ཟན་རྡོག་གཅིག་བྱིན་དེས་ཟོས་ཟིན་པའི་དུས་སུ། ཁ་བཤལ་བའི་ཆུ་ལན་གསུམ་བྱིན་པར་བྱའོ། །ཀཱི་ལི་ཀཱི་ལ་ཞེས་བྱ་བའི་གནོད་སྤྱིན་གྱི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།།


previousགནོད་སྦྱིན་གྱི་རྒྱལ་པོ་ཕུར་བུས་འདེབས་པའི་སྒྲུབ་ཐབས། ཤེས་རབ་སྐྱོང་།next