Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  expand section
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ།  སངས་རྒྱས་ཡེ་ཤེས་ཞབས།
   
   
   
   
  expand section
  expand section


 
previousལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ། སངས་རྒྱས་ཡེ་ཤེས་ཞབས།next

ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ།
སངས་རྒྱས་ཡེ་ཤེས་ཞབས།


DTG048_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏྲཻ་ཀཱ་ཡ་ཝཱཀ་ཙིཏྟཱ་དྷིཥྛ་ནོ་དེར་ཤ་ནཱ་མ། བོད་སྐད་དུ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་བའི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །སློབ་དཔོན་དམ་ཚིག་སྡོམ་ལྡན་པས། །ལེགས་བཤམས་མདུན་དུ་མཎྜལ་ལ། །ལྷག་པའི་ལྷ་བསམ་ཕྱི་ནང་གི །མཆོད་བསྟོད་གསོལ་གདབ་བྱས་རྗེས་སུ། །བདག་མདུན་ཐ་དད་མེད་པར་བྱ། །སྤྱི་བོ་མགྲིན་པ་སྙིང་ག་དང༌། །ནུ་མའི་བར་དུ་ཡི་གེ་བཞི། །དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡེ་ཤེས་


DTG048_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ། །ཡོན་ཕུལ་གསོལ་གདབ་བྱས་པ་ཡིས། །སློབ་མ་རྗེས་སུ་གཟུང་བར་བྱ། །ཡི་གེ་བཞི་ལས་བདུད་རྩིའི་རྒྱུན། །སློབ་མའི་གནས་བཞིར་རིམ་གྱིས་དབབ། །དེ་ཡི་མཐུ་དང་ནུས་པ་ཡིས། །སྣང་གསལ་བདེ་དང་རོ་གཅིག་པ། །རིམ་བཞིན་ཉམས་སུ་མྱོང་བ་ཡིས། །ལུས་ངག་ཡིད་གསུམ་བག་ཆགས་བཅས། །མ་ལུས་སྤངས་ནས་རྡོ་རྗེ་བཞིའི། །དངོས་གྲུབ་གཡོ་མེད་ཐོབ་པ་ན། །བདེ་ཆེན་འདི་ནི་བདེ་བ་ཆེ། །འདི་ལས་གཞན་པའི་བདེ་བ་གང༌། །གཞན་དུ་ཡོད་པ་མ་ཡིན་ཞེས། །རྡོ་རྗེའི་དགྲ་ཡིས་རྣམ་པར་བསྒྲག །དེ་རྗེས་ཕྱག་རྒྱས་མཎྜལ་དབུལ། །ཕྲ་མོའི་རྣལ་འབྱོར་རྣམ་བཞི་ཡིས། །གཉིས་སུ་འཛིན་པའི་འཁྲི་ཤིང་བཅད། །ནམ་མཁའ་ལྟ་བུར་མཐའ་དབུས་སྤང༌། །འདི་ལྟར་འབད་པའི་དགེ་བ་ཡིས། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ཤོག །སློབ་མ་རྗེས་སུ་གཟུང་བ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཡུལ་དབུས་ཀྱི་པཎྜི་ཏ་ཨཱ་ནནད་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་སེ་ཚ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཆེན་པོ་ཏི་ར་ཧ་ཏེའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཅིང་བཅོས་ཏེ་གཏན་ལ་ཕབ་པའོ།། །། སླར་ཡང་གྲུབ་ཐོབ་ཀrཎ་ཤྲཱིའི་ཞལ་སྡ་ནས་མཉན་ཏེ་ཐར་པ་ལོ་ཙཱ་བ་གནས་བརྟན་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ཆེན་པོར་དག་པར་བསྒྱུར་བའོ།།


previousལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ། སངས་རྒྱས་ཡེ་ཤེས་ཞབས།next