མཐར་ཐུག་དགེ་བའི་དོན།


DTG049_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་དགེ་པའི་དོན་ནི། ཆོས་སྐུ་ལམ་དུ་བྱེད་པ་རྡོ་རྗེའི་གླུ་ནི། ཨོཾ་སརྦ་དྷརྨཱ་ཡ་ཨཱ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད། ཨོཾ་སརྦ་དྷརྨཱ། ཨི་ཨཱི། སྐྱེ་མེད་སྐྱེ་བ་མེད་པ་ཉིད་དུ་སྣང༌། ཨོཾ་སརྦ་དྷརྨཱ་ཨུ་ཨཱུ། མ་སྐྱེས་ཆོས་རྣམས་དུས་གསུམ་ཡིད་ཀྱིས་དྲན། ཨོཾ་སརྦ་དྷརྨཱ་ཨེ་ཨཻ། ཆོས་རྣམས་སྐྱེ་མེད་མི་འདའ་དམ་ཚིག་ཉིད། །ཨོཾ་སརྦ་དྷརྨཱ་ཨོ་ཨཽ། ཆོས་རྣམས་ཐམས་ཅད་ལོངས་སྤྱོད་མཆོག །ཨོཾ་སརྦ་དྷརྨཱ་


DTG049_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཨཾ། ཆོས་ཐམས་ཅད་འབྲས་བུ་བདེ་བ་ཆེ། ཨོཾ་སརྦ་དྷརྨཱ་ཨཿ་ཆོས་སྐུ་བདེ་བ་ཆེན་པོ་ཉིད་ཀྱི་དོན། ཨོཾ་ཏེ་ཏེ་ཧཱུཾ་བདེ་བའི་དོན་རྟོགས། ཏེ་ན་ཧཱུཾ་བདེ་བའི་ལམ་རྙེད། ཏེ་ཏེ་ཏེ་ན་ཧཱུཾ་གཉིས་སུ་མེད་པའི་བདེ་བ་ཐོབ། ཡ་ཏེ་ན་མཿ་ཐེག་པ་ཆེན་པོ་མ་ནོར་བ་ཡིན་གླུ་དང་པོ་བུམ་དབང་ཐོབ་པས་བླང༌། །གླུ་བར་པ་དེ་གསང་དབང་དང༌། ཤེས་རབ་ཡེ་ཤེས་ཐོབ་པས་བླང༌། གླུ་གསུམ་པ་དེ་དབང་བཞི་ཐོབ་པའི་རྣལ་འབྱོར་པ་ཆེན་པོས་བླང་ངོ༌། །རྡོ་རྗེ་གླུའི་གདམས་ངག་རྫོགས་སོ།།