མཎྜལ་གྱི་ཆོ་ག།


DTG049_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ནས་མཎྜལ་དབུལ་ཏེ། མཎྜལ་ཚད་དང་ལྡན་པ་ལ། བའི་རྣམ་ལྔ་བྱུགས་ལ་བཛྲ་རེ་ཁེ་ཧཱུཾ་ཞེས་པས་དྲི་ཞིམ་པོའི་འདེ་གུ་བྱས་ལ་བྱུག་པ་བྱ། ཨོཾ་ཧཾ་མ་ཧཱ་མེ་ར་བ་ཡེ་ན་མཿ་།ཨོཾ་ཡཿག་ཛ་རཏྣཱ་ཡ་ན་མཿཨོཾ་ར་པུ་རུ་ཥ་རཏྣཱ་ཡ་ན་མཿ། །ཨོཾ་ལ་སྟྲཱི་རཏྣཱ་ཡ་ན་མཿ། ཨོཾ་ཝ་ཨ་ཤྭ་རཏྣ་ཡ་ན་མཿ་།ཨོཾ་ཝ་བཪྴ་རཏྣཱ་ཡ་ན་མ། ཨོཾ་ར་མ་ཎི་རཏྣཱ་ཡ་ན་མཿ་ཨོཾ་ཝཿསརྦ་ནི་དྷི་ཀུ་བྷཱ་ཡ་ན་མཿ་ཨོཾ་ལ་ཙ་ཀྲ་རཏྣ་ལ། ནམཿ་།དེ་ལྟར་མེ་ཏོག་ཚོམ་བུ་དགུ་དགུར་བྱའོ། །པཾ་པདྨ་མཎྜལ། མ་སཱུ་ཪྻ་མཎྜལ། ཨ་ཙནད་མཎྜལ་ཞེས་གདན་དབུལ་ལོ། །གདན་དེའི་སྟེང་དུ་ཙནྡྲི་པ་ལ་སོགས་པའི་བླ་མ་རྣམས་སྤྱན་དྲངས་ལ། དེ་ལ་ཕྱག་བྱ་སྟེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ནས་བསྐོར་པ་བྱ། དེ་ནས་མཆོད་པ་བྱ་སྟེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་


DTG049_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཨོཾ་བཛྲ་པུཥྤེ་ཧཱུ༵། ཨོཾ་བཛྲ་དྷཱུ་པེ་ཧཱུ༵། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུ༵། ཨོཾ་བཛྲ་གནྡྷེ་ཧཱུ༵། ཨོཾ་བཛྲ་ནཻ་བི་དྱེ་ཧཱུ༵། ཨོཾ་བཛྲ་ཤབད་ཧཱུ༵། དེ་ནས་སྡིག་པ་བཤགས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ། །དེ་ནས་དགེ་བའི་རྩ་བར་བསྡོའོ། །དེ་ནས་ཡི་དམ་གྱི་མཎྜལ་དབུལ་ཏེ། མཎྜལ་ཚད་དང་ལྡན་པ་ལ། དྲིའི་འདེ་གུ་བྱུག་པར་བྱ། ཨོཾ་བཛྲ་རེ་ཁེ་ཧཱུ༵། ཨོཾ་བུདྡྷ་མཉྫུ་ཤྲཱི་ན་མཿ། ཨོཾ་བཛྲ་སཏྭ་ཧཱུ༵་ན་མཿ། ཨོཾ་བཛྲ་རནྟ་ཧཱུ༵་ན་མ།། ཨོཾ་བཛྲ་པདྨ་ཧཱུ༵་ན་མཿ། ཨོཾ་བཛྲ་ཀརྨ་ཧཱུ༵་ན་མཿ། པཾ་པདྨ་མཎྜལ། མ་སཱུ་ཪྻ་མཎྜལ། དེ་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ། དེ་ནས་ཕྱག་བྱ་སྟེ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཉིད། །གཞའ་ཚོན་ནམ་མཁའ་དབྱེར་མེད་ཀྱང༌། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང༌། །སྣང་མཐའ་དོན་ཡོད་གྲུབ་པ་ལ། །ལུས་ངག་གུས་པས་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མས་རབ་བརྒྱན་ཅིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་བའི། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །མཆོད་པ་གོང་དང་མཐུན་པ་བཤམས་ནས་དགེ་བའི་རྩ་བར་བསྡོ་བ་ཡན་ཆད་གོང་དང་མཐུན། དེ་ནས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། ཡི་གེ་བརྒྱ་པའི་བཤགས་པ་བྱ། བླ་མའི་མཎྜལ་ཡི་དམ་གྱི་མཎྜལ་གྱི་ཆོ་ག་འབྲོ་ལོ་ཙཱ་བས་བསྒྱུར་བ་རྫོགས་སོ།།