Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་པའི་ཐབས། 
   
   
   
   


 
previousཚེ་སྒྲུབ་པའི་ཐབས།next

ཚེ་སྒྲུབ་པའི་ཐབས།


DTG052_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱ་ཡུཿ་སཱདྷ་ནཾ། བོད་སྐད་དུ། ཚེ་སྒྲུབ་པའི་ཐབས། དཔལ་ལྡན་བླ་མ་ལ་ཕྱག་འཚལ་ལོ། །གང་ཞིག་སྐྱིལ་ཀྲུང་གདན་ལྡན་ལུས་ཀྱི་རྒལ་ཚིགས་དབྱུག་པ་རེངས་པར་ནི། །བྱས་ནས་འབྱུང་འཇུག་རླུང་དག་ཡང་དང་ཡང་དུ་ཟུང་གི་ལས་བྱ་སྟེ། །བཤད་པའི་གནས་ཡོངས་བཙུམ་ལས་གྱེན་དུ་གྲངས་ཞིང་ཨོ་ཊི་ཡཱ་གནས་བསྡམ། །སྲོག་རྣམས་སྟེང་དུ་བཀུག་ནས་མགྲིན་པའི་དྲིལ་ཆུང་བུ་གར་རྣལ་འབྱོར་བྱ། །འདི་ལྟར་རླུང་ནི་སྦྱངས་པའི་ཆོ་གས་བཀུག་པ་ན་ནི་རང་དབང་ཉིད། །ཐོབ་པ་རབ་ཏུ་བྱུང་བ་གང་ཚེ་རླུང་ནི་གློག་དང་འདྲ་བར་འགྱུར། །དེ་ལས་དེ་ལྟར་དྲི་མེད་བདེ་སྟེར་ཟླ་བ་ལྕེའུ་ཆུང་ལས་འབབ་པས། །སྐམས་པའི་རྩ་ཚོགས་ཉིན་དང་མཚན་དུ་ཚིམ་བྱ་དེ་བཞིན་བཟའ་བས་སོ། །ཡོ་གའི་བི་བུདྡྷ་ཀ་རཱི་མན་ངག་སྟེ། རྒྱ་གར་ཤར་ཕྱོགས་སངྒ་ག་རཱི་པཎྜི་ཏ་ཆེན་པོ་དཔལ་ནགས་ཀྱི་རིན་པོ་ཆེའི་སྤྱན་སྔར་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་བསྒྱུར་བའོ།།


previousཚེ་སྒྲུབ་པའི་ཐབས།next