Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏུམ་མོ་ཐིག་ལེ་བཀྲམ་པ།  ལུ་ཙི་ཀི
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏུམ་མོ་ཐིག་ལེ་བཀྲམ་པ། ལུ་ཙི་ཀིnext

གཏུམ་མོ་ཐིག་ལེ་བཀྲམ་པ།
ལུ་ཙི་ཀི


DTG053_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙཎྜ་ལཱི་ཀ་བིནྡུ་པྲ་སྥ་ར་ཎཾ་ནཱ་མ། བོད་སྐད་དུ། གཏུམ་མོའི་ཐིག་ལེ་བཀྲམ་པ་ཞེས་བྱ་བ། ཡུམ་གཏུམ་མོ་ལ་ཕྱག་འཚལ་ལོ། །ལུས་ནི་གྲུབ་ཞི་འོད་མ་གང་ཚད། །འཁོར་ལོ་བཞི་ནི་རང་བཞིན་གནས། །རླུང་ནི་གཉིས་ཏེ་འཁོར་ལོ་དྲུག །རླུང་གི་དེ་ཉིད་ཡང་དག་ནི། །བརྟན་དང་གཡོ་བའི་རྩོལ་བ་དགག །རླུང་གི་དེ་ཉིད་བསྒོམས་ནས་ནི། །མེ་ཆུ་ས་ཡི་དེ་ཉིད་ཤེས། །རྩ་གསུམ་གྲུ་གསུམ་རང་བཞིན་ཏེ། །ཕྱི་རོལ་མ་ཡིན་ནང་ཡིན་ནོ། །སྲོག་གི་རྩ་ནས་ཡབ་ཀྱི་ངོས། །སོར་བཞི་གནས་སུ་དེ་གནས་དེ། །ཐིག་ལེ་དང་ལྡན་ཡི་གེ་ཨཾ། །ལྟེ་བ་ཡེ་ཤེས་འཁོར་ལོ་ཡིན། །སྦྲུལ་པའི་གནས་སུ་བསྒོམ་བྱ་སྟེ། །དེ་སྟེང་སོར་ནི་བཅུ་གཉིས་ལ། །ཆོས་ཀྱི་རང་བཞིན་བརྒྱད་དུ་ནི། །རིགས་བཞི་ཡུམ་བཞི་ས་བོན་གྱི། །རླུང་དང་མེ་དང་ཆུ་རུ་གནས། །དེ་སྟེང་ལོངས་སྤྱོད་བཅུ་དྲུག་ནི། །མེ་ལོང་ཡེ་ཤེས་ཡི་གེ་ཨཾ། །གསལ་ལ་ཤེལ་ལྟར་བསྒོམ་པར་བྱ། །བདེ་ཆེན་འཁོར་ལོའི་གནས་སུ་ནི། །ཨ་ཕྲེང་གཉིས་ལྡན་ཡི་གེ་ཧཾ། །དེ་ལྟར་ཤེས་པའི་ལུས་གནས་ནི། །བདེ་བ་ཆེན་པོའི་ཡུལ་ཞེས་བྱ། །ལྟེ་བའི་རཾ་ཡིག་ཡཾ་རླུང་གིས། །ཡེ་ཤེས་མེ་ཉིད་འབར་བར་འགྱུར། །གཡོ་བའི་ཡེ་ཤེས་རླུང་ཡིན་ཏེ། །བརྟེན་པའི་མཚན་ཉིད་ཡེ་ཤེས་མེ། །ཨཾ་བཅས་དབུས་སུ་འབར་ན་ནི། །སྡུག་བསྔལ་དུག་ལྔའི་ནད་རྣམས་དག །བདག་ཉིད་སྟོང་པའི་མཉམ་ཉིད་ལྷ། །ལོག་མིན་རྒྱུ་ནས་འཁྲུལ་འཁོར་བྱ། །བདེ་ཆེན་གནས་ནས་ཆོས་དབྱིངས་འབར། །སེམས་ཀྱི་བདེ་བ་ཆེར་སྐྱེས་ན། །གཞུ་རྒོད་འཐེན་ནས་འཕེན་པར་འགྱུར། །ཐིག་ལེ་འཐོར་ནས་དགྲམ་པར་བྱ། །སེམས་ཉིད་སྙིང་གར་བསྟིམས་ནས་བསྒོམ། །གཏུམ་མོ་ཐིག་ལེ་བཀྲམ་པ་ཞེས་བྱ་བ་སློབ་དཔོན་ལུ་ཙི་ཀིས་མཛད་པ་རྫོགས་སོ།།


previousགཏུམ་མོ་ཐིག་ལེ་བཀྲམ་པ། ལུ་ཙི་ཀིnext