Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས།  བྷི་ཥ་ན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས། བྷི་ཥ་ན།next

འཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས།
བྷི་ཥ་ན།


DTG053_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙ་བུ་ར་མུཀྟི་ཀ་ར་ཙ་ཨུ་པཱ་ཡ་ནཱ་མ། བོད་སྐད་དུ། འཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྤྲུལ་སྟག་ཆོམ་རྐུན་མདའ་དང་མེ་ཡི་ནི། །འཇིགས་པས་མི་འཇིགས་ཀླུ་སྒྲུབ་གདམས་པ་ཐོབ། །སྐར་མཁན་བི་ཁ་ན་ནི་འཇིགས་མེད་དེ། །འོན་ཀྱང་རྣལ་འབྱོར་ཉམས་ཀྱི་ནུས་པ་བྲི། །སེམས་ཉིད་འདུལ་ཞིང་བདུད་འཇོམས་རྣལ་འབྱོར་ལ། །ལས་ནི་མ་རྟོགས་རྐྱེན་གྱི་བར་ཆོད་འབྱུང༌། །དེ་ཕྱིར་དང་པོའི་རྣལ་འབྱོར་སྒྲུབ་པ་པོས། །འཇིགས་སྐྱོབ་དྲན་ཞིང་བླ་མ་སྤྱི་བོར་བསྒོམ། །སྦྱོར་བ་བྱས་པའི་སྙིང་བོ་ལ་སོགས་བཟླ། །ཨོཾ་སྟེ་ཨ་རྗེས་ལ་ནི་བཞི་པས་སྦྱར། །ཀ་ཕྲེང་གཉིས་པ་ལས་བྱུང་གསུམ་པ་སྟེ། །ཨ་ཕྲེང་གསུམ་པ་རྣལ་འབྱོར་འབྲེལ་པར་མཛོད། །བཾ་གྱིས་བཅིངས་ཏེ་དྷ་ནི་རྗེས་སུ་བྲི། །རྐན་གྱི་དང་པོ་དབྱངས་ཅན་ལྔ་པས་བཅིངས། །ལ་དང་ཨི་འབྱོར་ཤ་ཟའི་སྐད་ཡིན་ནོ། །དབྱངས་ཅན་བཅུ་གསུམ་ཡི་གེ་ཙ་


DTG053_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ནི། །འབྲེལ་ནས་མཐར་ཡང་འབྱུང་ཆེན་གཉིས་པ་བྲི། །ཕྱིས་འབྱུང་སེང་གེའི་ནང་དུ་སྟག་ལྟར་སྤྱོད། །བྷྱཱ་གྷྲའི་སྒྲ་སྒྲོགས་སྟག་གི་འཇིགས་པ་མང༌། །ཀ་ན་དྷཱ་བཟླ་ཞིང་མདའ་ཡི་འཇིགས་པ་བྲལ། །ས་བ་པ་སྣལ་ཆེན་རྣམས་ཀྱི་འཇིགས་པ་སེལ། །མུ་ཧཾ་ཁ་བཅིངས་བནྡྷ་སྭཱ་ཧཱ་བྲི།། འགྲོ་བའི་དོན་དུ་རྣལ་འབྱོར་སེམས་བསྐྱེད་ནས། །བཟླས་བྱ་ཉོན་མོངས་བྲལ་ཞིང་ཐར་པ་ཐོབ། །ཨ་ཁུ་ནག་པོའི་ཁྲག་གིས་མིག་སྨན་དང༌། །སོར་བཞིའི་ཤིང་བུ་བླངས་ནས་རྣམ་པར་འཕྱང༌། །ཟླ་བརྒྱད་ངོ་ཡི་ཡན་ལག་བརྒྱད་བླངས་ནས། །ཟླ་བའི་ཞག་ལ་མཆོད་དང་གཏོར་མ་བྱ། །ཟླ་ཟིན་དུས་སུ་མི་སྣང་སྒྲུབ་བཟླས་བྱ། །ཚེ་ནའི་སྦྱོར་བས་མགོ་ནི་མཐོང་མིན་ནོ། །མི་མཐོང་མི་སྣང་སྦྱོར་བ་འདི་ཡིན་ནོ། །ཨོཾ་ཀ་ལི་ཀ་ལི་མ་ཧཱ་ཀ་ལི། མཾ་ས་ཤོ་དྷ་ནི། བྷོ་ཛྷ་ནི། སྨ་ཤ་ན་བྷ་སི་ནི་དྷ་བྱི་དང༌། མ་མཾ་པ་ཤྱནྟུ་མ་ནུ་ཤ །ཨ་དང་ཧ་ཧ་ཧྲཱི་ཧཱུཾ་སྭཱ་ཧཱ་མཐར། །བརྒྱད་དང་བཅུ་བཞི་ནག་པོའི་ཚེས་ལ་ནི། །གོས་དམར་གཅེར་བུ་དུར་ཁྲོད་མཚན་མོ་ནི། །ཁྲི་བཟླས་རཀྟའི་གཏོར་མས་མི་སྣང་འགྲུབ། །ད་ནི་རྣལ་འབྱོར་ཡང་སྙིང་སྦྱོར་བ་ནི། །སྙིང་པོ་འདི་ལྟ་སྟེ་གཞན་ཡང་ཞལ་ལས་བླང༌། །ཨོཾ་རུ་དྷི་ཀ་རཱ་ཏི། ཀི་རི་ཀི་རི། མི་རི་མི་རི། རུ་དྷྲ་ཨ་མེ་ལེ། ཀྵུ་པ་ཀྵུ་པ་སྭཱ་ཧཱ། །འདི་ནི་བརྒྱད་བརྒྱ་རྣལ་འབྱོར་བཟླས་བྱས་ནས། །ལམ་དུ་འགྲོ་བའི་དུས་སུ་སྦྱོར་བ་བྱ། །སྤྲུལ་སྟག་ཚོམ་རྐུན་མདའ་བཅིང་བཤང་བྱས་ནས། །སྲེག་བྱེད་མེ་ཡི་ནུས་པའི་རྟེན་འབྲེལ་བཤད། །ཆུ་སྦལ་བཏང་བ་སྦལ་ཚིལ་ཛ་མ་བྷི་ར་ཆུ། །ཞིབ་ཏུ་བཏགས་ནས་རྐང་པ་ལག་པ་བསྐུ། །འདི་ལྟར་སྙིང་པོ་ཉེ་སྙིང་བཤད་བྱས་ནས། །ཤར་བའི་མར་གྱིས་གཏོར་ནས་སྲེག་མི་ནུས། །སིདྡྷི་ནཱ་གཱ་རྫུན་པ་དང་ནི། །ཨ་གནི་མོ་ཧ་ར་ཏི་ར་སྒྲ་དང༌། །དེ་རྗེས་ཏེ་ཏ་དད་རན་ཏེ་བྲི། །ནི་པ་རི་བྷ་ན་ཏེ་མེ་ནུས་མེད། །ཨོཾ་སིདྡྷི་ནི་གཱ་རྫུ་ན་པ་སྟེ། །པ་ཡི་ར་གསུམ་མཐར་སྔགས་རྫོགས་པར་བཟླ། །ལན་གསུམ་གཅོད་ཅིང་ཡུངས་ཀར་མར་ཁུ་གཏོར། །ལྕགས་བསྲེགས་མེ་རུ་ཞུགས་ཀྱང་སྲེག་མི་ནུས། །ནུས་པ་མཐར་ཕྱིན་སྔགས་སྦྱོར་གཉིས་པ་ནི། །ན་མོ་ལ་བྷི་ཤྭ་མི་ཏྲ་ཡ་ཏེ། །ཧཱུ་ཏ་བྷ་ཧ་ཧ་སྟཾ་སྟཾ་བྷ་ཡ་མི། །ཙི་ལི་སྭཱ་ཧཱ་མེད་ནུས་མེད་པར་གྱིས། །ད་ལྟར་བྱང་


DTG053_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྡན་པའི་རྣལ་འབྱོར་གྱིས། །རིམ་བཞིན་བསྒྲུབས་ན་འགྲུབ་འགྱུར་ཐེ་ཚོམ་མེད། །འཇིགས་པ་བརྒྱད་རྨོངས་པར་བྱད་པའི་ཐབས་ཞེས་བྱ་བ་སློབ་དཔོན་བྷི་ཥ་ནས་མཛད་པ་རྫོགས་སོ།།


previousའཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས། བྷི་ཥ་ན།next