Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེམས་ཉིད་རིན་ཆེན་གྱི་ལྟ་བ།  དྷེ་ཏ་ན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེམས་ཉིད་རིན་ཆེན་གྱི་ལྟ་བ། དྷེ་ཏ་ན།next

སེམས་ཉིད་རིན་ཆེན་གྱི་ལྟ་བ།
དྷེ་ཏ་ན།


DTG053_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙིཏྟ་རཏྣ་དྲྀཥྚི་ནཱ་མ། བོད་སྐད་དུ། སེམས་ཉིད་རིན་ཆེན་གྱི་ལྟ་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདག་ཉིད་བདེ་གཤེགས་ཁྱབ་འཇུག་དང་ནི་ལྷ་ཆེན་ཚངས་


DTG053_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས། །ཨ་ཏི་གཅེར་བུ་ཉི་མ་དང་ནི་གྲུབ་མཐའི་ངོ་བོ་དག །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །འཇིག་རྟེན་པ་ནི་རྨོངས་པས་མི་རྟོགས་གཏི་མུག་དྲ་བས་བཅིངས། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །སྲིད་པ་བདག་སྟེ་སྲིད་པར་རོལ་པ་བདག་གི་ངོ་བོ་ཉིད། །གར་བྱེད་མཉམ་ཉིད་ཀློང་དུ་འདྲེན་ཟླ་མེད་པའི་རྣལ་འབྱོར་གནས། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །འཇིག་རྟེན་པ་ནི་རྨོངས་པས་མི་ཤེས་གཏི་མུག་དྲ་བས་བཅིངས། །སྐྱེས་པ་བུད་མེད་དག་ཏུ་སྣང་ཡང་བདག་གི་རྣམ་འཕྲུལ་ཡིན། །སྲིད་པ་ཆགས་པ་འཇིག་པ་དེ་ཡང་བདག་གི་རྣམ་འཕྲུལ་ཡིན། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །འཇིག་རྟེན་རྣམས་ནི་རྨོངས་པས་མི་ཤེས་གཏི་མུག་དྲ་བས་བཅིངས། །བླ་མ་སློབ་མ་བདག་ཉིད་བཤད་པར་བྱེད་པ་བདག་ཉིད་ད། །དཔེ་དོན་བདག་ཉིད་སྡུག་བསྔལ་སྐྱོབ་པར་བྱེད་པ་བདག་ཉིད་ཡིན། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །འཇིག་རྟེན་རྣམས་ནི་རྨོངས་པས་མི་ཤེས་གཏི་མུག་དྲ་བས་བཅིངས། །ཁ་དོག་དུ་མར་སྣང་བ་དེ་ཡང་བདག་གི་ངོ་བོ་ཡིན། །ཀ་ན་སྨྲ་བར་བྱེད་པ་གཅིག་ཀྱང་དུ་མའི་ངོ་བོ་ཡིན། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །འཇིག་རྟེན་རྣམས་ནི་རྨོངས་པས་མི་ཤེས་གཏི་མུག་དྲ་བས་བཅིངས། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །སེམས་ཉིད་རིན་ཆེན་གྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཀ་ན་པ་ནས་བརྒྱུད་པ་སློབ་དཔོན་དྷེ་ཏ་ནས་མཛད་པ་རྫོགས་སོ།།


previousསེམས་ཉིད་རིན་ཆེན་གྱི་ལྟ་བ། དྷེ་ཏ་ན།next