Nitartha Digital Library
Tibetan
 
previousཐིག་གདབ་པའི་ཆོ་ག་དཀའ་བ་སྤྱོད་པ། ཤུདྡྷི་པྲ་བྷ།next

ཐིག་གདབ་པའི་ཆོ་ག་དཀའ་བ་སྤྱོད་པ།
ཤུདྡྷི་པྲ་བྷ།


DTG056_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་གདབ་པའི་ཆོ་ག་དཀའ་བ་སྤྱོད་པ་བཞུགས། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གྲུ་བཞིར་བྱས་པ་ལ། །ཟུར་ཐིག་ཕྱོགས་ཐིག་མཉམ་པར་གདབ། །ཆ་ཆེན་ཉི་ཤུའི་ཚད་དུ་བྱ། །བདུན་པའི་ཐིག་ནི་གཞག་པར་བྱ། །དེ་ནས་ཆ་བྲན་བགོ་བ་ནི། །ཚངས་པའི་ཐིག་གི་ངོས་གཉིས་ཀྱི། །ཆ་ཆེན་དང་པོ་ཕྱེད་དུ་བགོ །ཕྱི་ཡི་ཆ་ཆེན་དེ་བཞིན་བགོ །ཆ་ཆན་གཉིས་པ་ཕྱེད་དུ་བྱ། །ནང་གི་ཆ་ཕྱེད་དེ་བཞིན་བགོ །ཆ་ཆེན་ལྔ་པ་ཕྱི་ནང་གི །ཆ་རེ་གདབ་ཅིང་དབུས་གཉིས་གཞག །ཆ་ཆེན་དྲུག་པ་ཕྱེད་དུ་བྱ། །དེ་ནས་ཐིག་སྐོར་བྱ་བ་ནི། །ཆ་ཆེན་བཅུ་པའི་ཕྱེད་ལས་བསྐོར། །ཆ་ཆེན་དགུ་དང་ཆ་ཆེན་བརྒྱད། །གཉིས་ཀའི་མཐའ་ནས་བསྐོར་བར་བྱ། །ཆ་ཆེན་གསུམ་ལས་མཐའ་ཡི་ནི། །ཆ་ཆུང་གཅིག་ལས་བསྐོར་བར་བྱ། །དེ་ལས་གཞན་པ་ཕྱི་ནང་གི །བསྐོར་བ་རྒྱུད་ཀྱི་གཞུང་གིས་སོ། །སྒོ་གཉིས་པ་ལ་སོགས་པ་དང༌། །རྒྱུད་གཞུང་གི་ནི་རྣམ་དབྱེ་ཡིས། །ཆ་རྣམས་དབྲི་དང་བསྣན་པར་བྱ། །མན་ངག་ཐོབ་ཅིང་མཁས་པ་ཡིས། །དཀྱིལ་འཁོར་ཕྱི་ནང་གང་ཡིན་པའི། །ཐིག་ནི་སྔར་བཞིན་གདབ་པར་བྱའོ། །ཐིག་གདབ་པའི་རིམ་པ་དཀའ་བ་སྤྱོད་པ་ཞེས་བྱ་བ་སློབ་དཔོན་ཤུདྡྷི་པྲ་བྷས་མཛད་པ་རྫོགས་སོ།།


previousཐིག་གདབ་པའི་ཆོ་ག་དཀའ་བ་སྤྱོད་པ། ཤུདྡྷི་པྲ་བྷ།next