Nitartha Digital Library
Tibetan
 
previousདཀྱིལ་འཁོར་གྱི་ཐིག་གི་ཆོ་ག། དྷརྨ་ཀཱི་རྟི།next

དཀྱིལ་འཁོར་གྱི་ཐིག་གི་ཆོ་ག།
དྷརྨ་ཀཱི་རྟི།


DTG056_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ཐིག་གི་ཆོ་ག་བཞུགས། དཀྱིལ་འཁོར་གང་ཡང་ཐིག་གདབ་པ། །ས་གཞི་ཆ་མཉམ་འཐས་བྱས་ལ། །ཚངས་ཆེན་ལ་སོགས་ཐིག་ཆེན་བརྒྱད།།


DTG056_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་འགྲུས་མེད་མཉམ་པོར་གདབ། །ཕྱོགས་རེ་དཀྱིལ་འཁོར་ཕྱེད་ཆ་ལ། །རེའུ་མིག་ཉི་ཤུ་བཞི་བཞིར་བྱ། །གཅིག་པ་སོར་གཉིས་ཚང་དུ་བྱ། །གཉིས་པ་སྒོ་ཁྱུད་སོར་གཉིས་ཚད། །གསུམ་པ་སོར་བཞིའི་ཚད་དུ་བྱ། །བཞི་པ་སྒོ་ལོགས་སོར་བཞིའི་ཚད། །ལྔ་པ་སོར་གཉིས་ནམ་མཁའ་སྟེ། །དྲུག་པ་སོར་གཉིས་ཀ་བའོ། །བདུན་པ་དང་ནི་བརྒྱད་པ་གཉིས། །དེ་ནི་ལྷ་ཡི་སྣམ་བུ་སྟེ། །སོར་བརྒྱད་པ་ཡི་ཚད་དུ་བྱ། །དགུ་པ་སོར་གཉིས་སྒོ་ངོས་ཏེ། །བཅུ་པ་སོར་བཞི་གར་མཁན་ནོ། །བཅུ་གཅིག་པ་ཡི་སོར་གཉིས་ནི། །སྒོ་འགྲམ་ཕ་གུ་གཉིས་སུ་འགྱུར།། བཅུ་གཉིས་སོར་བཞི་དྲ་ཕྱེད་སྟེ། །བཅུ་གསུམ་པ་ཡི་སོར་གཉིས་ནི། །མངའ་ཡབ་དང་ནི་ཕ་གུ་ལ། །བཅུ་བཞི་པ་ཡི་སོར་བཞི་ནི། །དེ་ནི་ནམ་མཁའ་སྟོང་པའོ། །བཅོ་ལྔ་བཅུ་དྲུག་བཅུ་བདུན་པ། །བཅོ་བརྒྱད་པ་དང་བཅུ་དགུ་པ། །དེ་བཞིན་ཉི་ཤུ་པ་རྣམས་ནི། །སོར་ནི་གཉིས་གཉིས་ཚད་དུ་བྱ། །བཞི་ཆ་ཡི་ནི་ཆ་རུ་འདོད། །གཅིག་ནི་ཀརྨ་ཤི་རི་སྟེ། །གཅིག་ནི་པདྨའི་ཆ་ཡིན་ནོ། །ཉི་ཤུ་གཅིག་པ་སོར་བརྒྱད་ཚད། །འཁོར་ལོ་དང་ནི་གདུགས་སུ་བྱ། །ཉི་ཤུ་གཉིས་པ་གསུམ་པ་དང༌། །དེ་བཞིན་དུ་ནི་བཞི་པ་རྣམས། །སོར་ནི་བཞི་བཞིའི་ཚད་དུ་འདོད། །གཅིག་ནི་སྣ་ཚོགས་པདྨར་འདོད། །རྡོ་རྗེ་ར་བ་མེད་འོད་དོ། །སློབ་དཔོན་དྷརྨ་ཀཱི་རྟིས་མཛད་པའི་ཐིག་གི་ཆོ་ག་རྫོགས་སོ།།


previousདཀྱིལ་འཁོར་གྱི་ཐིག་གི་ཆོ་ག། དྷརྨ་ཀཱི་རྟི།next