Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས།  ཨ་ཤྭ་ཀ་ཤྲཱི།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས། ཨ་ཤྭ་ཀ་ཤྲཱི།next

གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས།
ཨ་ཤྭ་ཀ་ཤྲཱི།


DTG066_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡ་མཱ་རི་ཀཱ་ལ་སཱ་དྷ་ན་ནཱ་མ། བོད་སྐད་དུ། གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་ཤེས་རབ་ཡེ་ཤེས་ལ་ཕྱག་འཚལ་ལོ། །ལོག་པའི་ལྟ་བ་གཅོད་མཛད་ཅིང༌། །ཤེས་རབ་སྙིང་རྗེས་རབ་ཏུ་ཁྲོས། །མཆེ་བ་གཙིགས་ཤིང་བཞད་མཛད་པ། །གཤིན་རྗེའི་དགྲ་ལ་ཕྱག་འཚལ་ནས། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །བླ་མའི་མན་ངག་ལ་བརྟེན་ནས། །བདག་གིས་སྒྲུབ་པའི་རིམ་པ་བཞིན། །སྒྲུབ་ལ་ཕན་ཕྱིར་བརྩམ་པར་བྱ། །བདེན་ཞིང་མེ་ཏོག་གཅལ་


DTG066_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲམ་པའི། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །ལྷ་དང་དཀོན་མཆོག་སྤྱན་དྲངས་ནས། །མཆོད་དང་སྡིག་བཤགས་ལ་སོགས་བྱ། །ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿ། དེ་ནས་སྟོང་པའི་ཏིང་ངེ་འཛིན་ལས། །ནམ་མཁར་ཨ་ནི་བསམ་པར་བྱ། །རྡོ་རྗེ་མེ་དཔུང་རབ་ཏུ་འཕྲོས། །རྡོ་རྗེའི་སྟེང་དུ་ཨ་བསམས་ཏེ། །གྱུར་བས་ཤེས་རབ་ཡེ་ཤེས་ནི། །མདོག་དཀར་འཁོར་ལོ་རལ་གྲི་འཛིན། །ཉི་སྟེང་ཧཱུཾ་གི་འཕྲོ་འདུ་ལས། །གྱུར་པས་གཤིན་རྗེ་གཤེད་པོ་ནི། །བགེགས་ཀྱི་རྒྱལ་པོ་ཆེན་པོ་སྟེ། །ལུས་ནི་རྡོ་རྗེས་རྣམ་པར་བརྒྱན། །ཕྱག་ན་རྡོ་རྗེ་བེ་ཅོན་དང༌། །ཤུགས་དང་བཅས་པའི་སྤྲུལ་ཞགས་བསྣམས། །ཚང་མེད་བཞི་ལྡན་ཁྲོ་བོ་ནི། །ཤིན་ཏུ་ཁྲོས་པ་རྣམ་པར་བསྒོམ། །ཛཿ་ཧཱུཾ་བཾ་ཧོཿ་ཞེས་བྱ་བས་དགུག་པ་དང་གཞུག་པ་དང༌། བཅིང་བ་དང༌། དགྱེས་པ་བསྐྱེད་ནས། ཨོཾ་སྭ་ཧཱུཾ། གསུམ་གྱིས་བྱིན་གྱིས་བརླབས་ནས་དབང་བསྐུར་བྱའོ། །དེ་ནས་བསྒོམས་པས་སྐྱོན་བཟླས་པ་བྱ་སྟེ། ཨོཾ་པྲ་ཛྙཱཛྙཱ་ན་མཱུ་རྟ་ཡེ་ཡ་མཱནྟ་ཀ་ཧཱུཾ། ཞེས་བརྗོད་ནས། མཚན་བརྗོད་དེ་གཏོར་མ་གཏང་བར་བྱའོ། །དེ་ལྟར་བསྟོད་ནས་གཤེགས་སུ་གསོལ་ལོ། །བདག་གིས་འགྲོ་བ་ཕན་ཕྱིར་བརྩམས། །དགེ་བས་འབྲས་བུ་ཚད་མེད་ཤོག །གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་སློབ་དཔོན་ཨ་ཤྭ་ཀ་ཤྲཱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང༌། །ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བརྒྱུར་བའོ།།


previousགཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས། ཨ་ཤྭ་ཀ་ཤྲཱི།next