Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་མཻ་ཏྲིའི་གདམས་པ་ལུས་སྦྱིན་པའི་ཆོ་ག། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་མཻ་ཏྲིའི་གདམས་པ་ལུས་སྦྱིན་པའི་ཆོ་ག། next

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་མཻ་ཏྲིའི་གདམས་པ་ལུས་སྦྱིན་པའི་ཆོ་ག།


DTG073_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བདག་གི་ལུས་ལ་ལྷག་པར་ཆགས། །ནད་ནི་རྣམ་པ་མད་ལྡན་པའམ། །ཡང་ན་བསོད་ནམས་ཚོགས་དོན་གཉེར། །དེས་ནི་ལུས་སྦྱིན་ཆོ་ག་བརྩམ། །རེ་ཞིག་ལོངས་སྤྱོད་དང་ལུས་ལ་རྨི་ལམ་དང་སྒྱུར་མ་ལྟ་བུར་རྟོགས་ཤིང་འདུ་བྱེད་ཐམས་ཅད་དྲི་ཟའི་གྲོང་ཁྱེར་རམ། མཚོན་ཆའི་སྦྱོར་བ་ལྟ་བུར་ཡོངས་སུ་ཤེས་པས། །ཐོག་མ་ཁོ་ནར་མཆོད་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི། རྣལ་འབྱོར་གྱི་ལུས་ཉེ་བར་སྦྱིན་པ་འདིའོ། །དེ་ནས་ཡང་རང་ཉིད་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་རྣམ་པར་དཀར་བ་འོད་ཟེར་བཅུ་དྲུག་གི་རྣམ་པ་ཅན་དུ་བསྒོམ་པར་བྱའོ། །དེའི་ཐུགས་ནི་ཧྲཱིཿཀུན་ད་ལྟ་བུའོ། །དེ་ལས་བྱུང་བའི་འོད་ཟེར་འབར་བའི་གཟི་བརྗིད་ཀྱིས་གདུག་པ་ཅན་འདུལ་བའོ། །ལྟེ་བར་རི་དམར་པོ་ལས་སྐྱེས་པའི་མེའི་ཕྲེང་བ་གསལ་བྱེད་ཀྱི་འཁོར་ལོ་ཅན་ནོ། །དེ་བཞིན་དུ་ཐུགས་ཀར་ཡང་ཨ་དཀར་པོ་ལས་སྐྱེས་པའི་དབྱངས་ཀྱི་འཁོར་ལོ་ཡང་ངོ༌། །མི་དང་ལྷ་དབང་ཀླུ་རྒྱལ་གྱི། །མ་གོ་གསུམ་སྒྱེད་པུའི་སྟེང་དུ་ནི། །ལྷ་ཡི་སྨིན་མཚམས་ལས་བྱུང་བའི། །ཕ་ཏི་ཀ་ཡི་གྲི་གུག་གིས། །བདག་གི་ཐོད་ཕྱེད་བཅད་ནས་ནི། །ཕྲུ་བའི་ཚུལ་དུ་དགབ་པར་བྱ། །ལྷ་ཡི་ལྟེ་དབུས་རཾ་ཡིག་ལས། །མེ་ལྕེ་བསྐྱོད་པ་སྤར་བར་བྱ། །དེ་ཡི་ནང་དུ་བདག་ཉིད་ལུས། །གཅེར་བུ་ཙོག་ཀྲུང་འདུག་པ་ཡིན། །གནས་


DTG073_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡི་གེ་གསུམ་བསམས་ལ། །ཁུ་བ་དམར་པོས་བཞུ་བར་བྱ། །འབྲུ་གསུམ་ལན་གསུམ་བརྗོད་པ་ཡིས། །དག་པར་བྱས་དང་བདུད་རྩིར་བྱ། །ཕུན་ཚོགས་དགྱེས་པའི་རྒྱུ་བསམས་ཏེ། །ཐུགས་ཀའི་ཧྲཱིཿལས་བདུད་རྩི་དགུག །དམ་ཚིག་ཡེ་ཤེས་འདྲེས་གྱུར་པ། །རྡོ་རྗེ་ཁ་ཕྱེའི་ཕྱག་རྒྱ་དང༌། །ཨོཾ་ཨཱཿབཛྲ་ཀཱ་ཡ་ཤུདྡྷ་བི་ཤུདྡྷཱ་ཀཱ་རོ་མུ་ཁཾ་ཨ་མྲྀ་ཏ་སྭ་བྷཱ་ཝ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཤཱུཾ་ཁ་ཁ་ཁཱ་ཧི་ཁཱ་ཧཱི། སརྦ་སཏྭཱ་ནྭ་ཧོཿ། །སྔགས་འདིས་ལན་གསུམ་བར་དུ་དབུལ། །མགྲོན་གསུམ་རྣལ་འབྱོར་ཆོ་གས་སོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་མཻ་ཏྲིའི་གདམས་པ། ལུས་སྦྱིན་པའི་ཆོ་ག་རྫོགས་སོ།།


previousརྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་མཻ་ཏྲིའི་གདམས་པ་ལུས་སྦྱིན་པའི་ཆོ་ག། next