Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས།  
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། next

རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས།


DTG076_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྷྭ་ཛཱ་གྲ་ཀེ་ཡཱུར་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་མཚན་རྩེ་མོའི་དཔུང་རྒྱང་གི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དབུང་རྒྱན་སྐུ་མདོག་ནག་མོ་ཞལ་གསུམ་ཕྱག་བཞི་མའོ། །གཡས་པ་དང་གཡོན་པའི་ཞལ་ནི་དམར་མོ་དང་ལྗང་གུའོ། །རལ་གྲི་དང་ཞགས་པ་བསྣམས་པ་ནི་གཡས་པའི་ཕྱག་གཉིས་སོ། །རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་འཁོར་ལོ་ནི་གཡོན་པའི་ཕྱག་གཉིས་ན་སྟེ་སྒྲ་ཁམ་སེར་གྱེན་དུ་གྱུར་པ། དབུ་ལ་ཐོད་པ་སྐམ་པོ་ལྔས་རྒྱན་དུ་མཛད་པ་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཞལ་གྱི་མཆེ་བ་གཙིགས་པར་གྱུར་པ་གསུས་པ་འཕྱང་བར་གྱུར་པ་གཡས་བསྐུམ་པའི་ཞབས་ཀྱིས་ཉི་མའི་གདན་དང་འོད་ཟེར་ཅན་ཏེ། སྟོད་ཤག་སེར་པོ་མནབས་པར་གྱུར་པ་དང༌། ས་བོན་ནི་ཧཱུཾ་དང་དབུ་རྒྱན་ལ་མི་བསྐྱོད་པའོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །


previousརྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། next