cover

སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།

ཤེར་ཕྱིན། ག༽

མཛད་པ་པོ། སེང་གེ་བཟང་པོ།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ།

དང་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པ་རབ་འབྱོར་གྱི་ལེའུ།

གླེང་གཞི།


DTG082_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པཉྩ་བིད་ཤ་ཏི་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །རྒྱལ་སྲས་གང་དག་སྐྱེ་བོ་མ་ལུས་བསྒྲལ་ཕྱིར་བྱང་ཆུབ་ཏུ་ནི་ཡིད་བྱས་དང༌། །སོ་སོར་བྱང་ཆུབ་རྟོགས་ནས་གང་དག་སླར་ཡང་མཉམ་མེད་སྒོམ་པར་བྱེད་རྣམས་དང༌། །སློབ་མ་དང་ནི་སློབ་མའི་ལམ་འགྲོ་ཉོན་མོངས་ཟིལ་མནན་འགྲོ་བ་གང་ཡིན་པ། །དེ་དག་ཐམས་ཅད་དམ་པའི་ཆོས་མཉན་ཕྱིར་ན་རབ་དགའི་ཡིད་ཀྱིས་འདིར་སྤྱོན་ཅིག །གང་ཕྱིར་དྲི་མ་མང་པོས་དུས་འདི་དེ་


DTG082_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་ཡིན་འགྲོ་བ་འདི་ཡིན་ཞིང༌། །ལྟ་བ་མཆོག་ཏུ་མི་ལེགས་ཆགས་སྡང་མན་པ་རབ་ཏུ་ལྷག་གྱུར་མི་གཡོ་ལ། །ཚེ་ཡང་རིང་པོ་མེད་དང་མུན་པས་དྲི་བྲལ་སྣང་བ་བཟང་པོ་དང་ལྡན་པས། །ཐེ་ཚོམ་ཡུལ་མིན་མདོ་འདི་ཀྱེ་མ་རྙེད་དཀའ་བས་ན་རིག་པར་བདག་གིས་དབྱེ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་འཕུངས་པ་ན་བཞུགས་ཏེ། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རབ་ཏུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་རྣམས་དང་ཐབས་ཅིག་གོ །གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟར་སློབ་པ་རྒྱུན་ཏུ་ཞུགས་པ་ཚེ་དང་ལྡན་པ་ཀུན་དགའ་བོའོ། །དགེ་སློང་མ་གྲགས་འཛིན་དང༌། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ལྔ་བརྒྱ་ཙམ་དང༌། དགེ་བསྙེན་མ་དང༌།


DTG082_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་མ་ཤིན་ཏུ་མང་བ་ཀུན་ཀྱང་ཆོས་མཐོང་བ་དག་དང་ཡང་ཐབས་ཅིག་གོ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ཡང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་རབ་ཏུ་ཐོབ་པ། སྟོང་པ་ཉིད་ཀྱི་རྣམ་པར་སྤྱོད་པ། མཚན་མ་མེད་པའི་སྤྱོད་ཡུལ་ཅན། རྟོག་པ་མེད་པའི་སྨོན་ལམ་དང་ལྡན་པ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱིས་བཟོད་པ་རབ་ཏུ་ཐོབ་པ། ཆགས་པ་མེད་པའི་གཟུངས་རབ་ཏུ་ཐོབ་པ། མངོན་པར་ཤེས་པ་ཤིན་ཏུ་མ་ཉམས་པ། མཉན་པར་འོས་པའི་ཚིག་དང་ལྡན་པ། ཚུལ་འཆོས་པ་མེད་པ། ཁ་གསག་མེད་པ། གྲགས་པ་དང༌། ཁེ་དང་བཀུར་སྟིའི་སེམས་མེད་པ། ཟང་ཟིང་མེད་པའི་ཆོས་སྟོན་པ། ཆོས་ཟབ་མོའི་བཟོད་པ་དམ་པ་རྟོགས་པར་ཁོང་དུ་ཆུད་པ། མི་འཇིགས་པ་ཆེན་པོ་ཐོབ་པ། བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདས་པ། ལས་ཀྱི་སྒྲིབ་པ་རྒྱུན་ཆད་པ། ཆོས་རབ་ཏུ་རྟོགས་པས་རྣམ་པར་དབྱེ་ཞིང་བསྟན་པ་ལ་མཁས་པ། བསྐལ་པ་གྲངས་མེད་པ་ནས་སྨོན་ལམ་ཤིན་ཏུ་བརྩམས་པ། བཞིན་འཛུམ་པ་དང་ལྡན་པ། སྔོན་དུ་སྨྲ་བ། ཁྲོ་གཉེར་མེད་པ། ཕ་རོལ་ལ་ཚིགས་སུ་བཅད་པའི་དབྱངས་སུ་བརྗོད་པ་མཁས་པ། ཞུམ་པའི་སེམས་དང་བྲལ་བ། སྤོབས་པ་མི་ཆོད་པ། འཁོར་མཐའ་ཡས་པ་ཟིལ་གྱིས་མནན་པའི་མི་འཇིགས་པ་དང་ལྡན་པ། བསྐལ་པ་བྱེ་བ་མཐའ་ཡས་པ་ལས་ངེས་པར་འབྱུང་བ་ལ་མཁས་པ། ཆོས་ཐམས་ཅད་སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། རྨི་ལམ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། སྤྲུལ་པ་ལྟ་བུར་ལྷག་པར་མོས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དང༌། སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་དང༌། སྤྱོད་པ་དང༌། མོས་པ་ཕྲ་མོ་སྣ་ཚོགས་ལ་འཇུག་པར་མཁས་པ། སེམས་ཅན་ཐམས་ཅད་ལ་སྡང་བ་མེད་པའི་སེམས་དང་ལྡན་པ། བཟོད་པ་རླབས་པོ་ཆེ་དང་ལྡན་པ། བདག་ཉིད་ཇི་ལྟ་བ་བཞིན་འཇུག་པ་ལ་མཁས་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བཀོད་པ་མཐའ་ཡས་པར་སྨོན་པ་དང་འཇུག་པ་ཡོངས་སུ་གཟུང་བ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་


DTG082_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྟག་ཏུ་རྒྱུན་མི་འཆད་པར་མངོན་དུ་གྱུར་པ། སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ་ལ་མཁས་པ། སེམས་ཅན་གྱི་ལྟ་བ་སྣ་ཚོགས་དང་བག་ལ་ཉལ་དང་ཀུན་ནས་ལྡང་བའི་ཉོན་མོངས་པ་ཞི་བར་བྱ་བ་ལ་མཁས་པ། ཏིང་ངེ་འཛིན་གྱིས་རྣམ་པར་རྩེན་པ་བརྒྱད་སྟོང་མངོན་པར་སྒྲུབ་པ་ལ་མཁས་པ། ཡོན་ཏན་བརྗོད་པ་བསྐལ་པ་མཐའ་ཡས་པར་མི་ཟད་པ་དང་ལྡན་པ་ཤ་སྟག་དང་ཐབས་ཅིག་སྟེ། འདི་ལྟ་སྟེ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང༌། རིན་ཆེན་འབྱུང་གནས་དང༌། དེད་དཔོན་དམ་པ་དང༌། སྐྱེས་བུས་བྱིན་དང༌། ཆུས་བྱིན་དང༌། དབང་པོས་བྱིན་དང༌། བློ་གྲོས་དམ་པ་དང༌། ཁྱད་པར་བློ་གྲོས་དང༌། བློ་གྲོས་འཕེལ་བ་དང༌། དོན་ཡོད་མཐོང་བ་དང༌། རབ་ཏུ་ཞུགས་པ་དང༌། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང༌། རྟག་ཏུ་བརྩོན་པ་དང༌། རྟག་ཏུ་སྦྱོར་བ་དང༌། མི་གཏོང་བརྩོན་པ་དང༌། ཉི་མའི་སྙིང་པོ་དང༌། བློ་གྲོས་དཔེ་མེད་པ་དང༌། སྤྱན་རས་གཟིགས་ཀྱི་དབང་པོ་དང༌། མཐུ་ཆེན་ཐོབ་པ་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་དང༌། རྡོ་རྗེ་བློ་གྲོས་དང༌། ལག་ན་རིན་ཆེན་ཕྱག་རྒྱ་དང༌། རྟག་ཏུ་ལག་བརྐྱང་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང༌། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་དང་ཐབས་ཅིག་གོ །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་གདན་སེང་གེའི་ཁྲི་བཤམས་ནས། སྐུ་དྲང་པོར་བསྲངས་ཏེ་དགོངས་པ་མངོན་དུ་བཞག་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེར་བཞུགས་ནས་ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་ཁོངས་སུ་ཆུད་པས་འདུ་བ་དང་རྗེས་སུ་འབྲང་བར་འགྱུར་བ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ །དེ་ནས་བཅོམ་ལྡན་འདས་དགོངས་ཤིང་ཡང་དག་པར་མཁྱེན་པས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ལྷའི་སྤྱན་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་རྣམ་པར་གཟིགས་སོ། །དེ་ལྟར་གཟིགས་ནས་སྐུ་ཐམས་ཅད་ལས་འོད་ཟེར་རབ་ཏུ་བཀྱེ་སྟེ། དེའི་ཞབས་ཀྱི་


DTG082_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་གཉིས་ཀྱི་འཁོར་ལོའི་རྩིབས་སྟོང་དང་ལྡན་པ་གཉིས་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ༌། །ཞབས་ཀྱི་སོར་མོ་བཅུ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ༌། །ཞབས་ལོང་བུ་གཉིས་དང༌། ཞབས་བྱིན་པ་གཉིས་དང༌། ཞབས་པུས་མོ་གཉིས་དང༌། ཞབས་བརླ་གཉིས་དང༌། སྐུ་ལྟ་ཟུར་གཉིས་དང༌། སྐུ་ལྟེ་བའི་དཀྱིལ་འཁོར་དང༌། སྐུ་རྩིབ་ལོགས་གཉིས་དང༌། ཐུགས་ཀའི་སྐྱེས་བུ་ཆེན་པོའི་མཚན་དཔལ་གྱི་བེའུ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ༌། །ཕྱག་གི་སོར་མོ་བཅུ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ༌། །དེ་བཞིན་དུ་ཕྱག་ལག་དར་གཉིས་དང༌། དཔུང་པ་གཉིས་དང༌། མགུར་དང༌། ཚེམས་མཆེ་བ་བཞི་དང༌། ཚེམས་བཞི་བཅུ་དང༌། སྤྱན་གཉིས་དང༌། སྙན་གཉིས་དང༌། ཤངས་ཀྱི་སྦུབས་གཉིས་དང༌། སྨིན་མཚམས་ཀྱི་མཛོད་སྤུ་དང༌། སྟེང་གི་སྤྱི་གཙུག་དང༌། ཞལ་གྱི་སྒོ་ནས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་སྟེ། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་པོ་དེ་དག་ཐམས་ཅད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །དེ་བཞིན་དུ། ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་གི་ཕྱོགས་མཚམས་དང༌། འོག་དང༌། སྟེང་གི་ཕྱོགས་སུ་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །སེམས་ཅན་གང་གིས་འོད་ཟེར་དེ་མཐོང་བ་དང༌། འོད་ཟེར་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་བ་སྤུའི་སྒོ་ཐམས་ཅད་ནས་འོད་ཟེར་རབ་ཏུ་དགྱེ་བ་མཛད་དེ། བ་སྤུའི་བུ་ག་རེ་རེ་ནས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ༌། །འོད་ཟེར་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་


DTG082_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་གི་ཕྱོགས་མཚམས་དང༌། འོག་དང༌། སྟེང་གི་ཕྱོགས་སུ་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །སེམས་ཅན་གང་གིས་འོད་དེ་མཐོང་བ་དང༌། འོད་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་གང་ཡིན་པ་དེས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་མཛད་པ་དང༌། ཕྱོགས་བཅུ་པོ་རྣམས་ཐམས་ཅད་ཀྱི་ཕྱོགས་རེ་རེར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རང་བཞིན་གྱི་འོད་དེས་ཁྱབ་པར་མཛད་ནས། འོད་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པའི་བར་དུ་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ལྗགས་ཀྱི་དབང་པོ་དེས་ཁྱབ་པར་མཛད་ནས། ལྗགས་ཀྱི་དབང་པོ་དེ་ལས་འོད་རབ་ཏུ་བཀྱེ་སྟེ། འོད་དེ་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་འཐོན་ཏོ། །འོད་ཟེར་གྱི་རྩེ་མོ་རེ་རེ་ལས་ཀྱང་རིན་པོ་ཆེའི་རང་བཞིན་གྱི་པདྨ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་བྱུང་བར་གྱུར་ཏོ། །པདྨོ་དེ་དག་ལའང་དེ་བཞིན་གཤེགས་པའི་སྐུ་ཆོས་སྟོན་པར་མཛད་ཅིང་གནས་པ་རྣམས་བཞུགས་ཏེ། འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་པ་མཛད་དོ། །དེ་དག་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་དེ་དག་ཏུ་བྱོན་ནས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་


DTG082_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་བཞིན་དུ་དེ་དག་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་གི་ཕྱོགས་མཚམས་དང༌། འོག་དང་སྟེང་གི་ཕྱོགས་སུ་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་གཤེགས་ཤིང༌། དེ་དག་ཏུ་བྱོན་ནས་ཀྱང་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་གང་གིས་ཆོས་དེ་དག་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ་སངས་རྒྱས་ཀྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་བ་ཞེས་བྱ་བ་ལ་མཉམ་པར་བཞག་སྟེ། དེ་ལྟ་བུའི་གཟུགས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །ཇི་ལྟ་བུའི་གཟུགས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ་ཏོ། །རབ་ཏུ་འགུལ་ཏོ། །ཀུན་ཏུ་རབ་ཏུ་འགུལ་ཏོ། །ལྡེག་གོ །རབ་ཏུ་ལྡེག་གོ །ཀུན་ཏུ་རབ་ཏུ་ལྡེག་གོ །ཆེམ། རབ་ཏུ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་མོ། འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །མཐའ་མཐོ་ན་ནི་དབུས་དམའ། དབུས་མཐོན་ནི་མཐའ་དམའ་སྟེ། དལ་བུས་བགས་ཀྱིས་ཉམས་སུ་བདེ་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྐྱེད་པར་གྱུར་ཏོ། །དེ་ནས་དེའི་ཚེ་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གང་དག་ཡོད་པ་དེ་དག་རྒྱུན་ཆད་ཅིང་སྟོངས་པར་གྱུར་ཏོ། །མི་ཁོམ་པ་ཐམས་ཅད་ཀྱང་ཟད་པར་གྱུར་ཏོ། །སེམས་ཅན་གང་དག་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་ལས་ཤི་འཕོས་པ་དེ་དག་ཀྱང་དང་བ་དང་རབ་ཏུ་དགའ་བ་དེ་ཉིད་ཀྱིས་མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་པར་གྱུར་ཏོ། །དེ་བཞིན་དུ་རྒྱལ་ཆེན་


DTG082_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་རིས་ཀྱི་ལྷ་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །དེ་ནས་མི་དེ་དག་དང་ལྷ་དེ་དག་བཅོམ་ལྡན་འདས་ཉིད་ཀྱི་མཐུས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་དང་བ་དང་རབ་ཏུ་དགའ་བས་བཅོམ་ལྡན་འདས་གང་ན་བ་དེར་དོང་ཞིང་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང༌། ལྷོ་ཕྱོགས་དང༌། ནུབ་ཕྱོགས་དང༌། བྱང་ཕྱོགས་དང༌། ཕྱོགས་མཚམས་རྣམས་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་བཅུ་པོ་རྣམས་ཀུན་ཏུ་ཕྱོགས་ཀྱི་ཆ་རེ་རེར་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང༌། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང༌། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་ཆད་ཅིང་སྟོངས་པར་གྱུར། མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་གྱུར་ཏེ། སེམས་ཅན་གང་དག་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དེ་དག་ནས་ཤི་འཕོས་པ་དེ་དག་ཐམས་ཅད་ཀྱང་མི་དང་ལྷར་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །མི་དང་ལྷ་རྣམས་སུ་སྐྱེས་པ་དེ་དག་ཀྱང་བཅོམ་ལྡན་འདས་ཉིད་ཀྱི་མཐུས་སྔོན་གྱི་གནས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དང་བ་དང་རབ་ཏུ་དགའ་བ་དེ་ཉིད་ཀྱིས་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་བྱུང་བར་གྱུར་པ་དེ་དག་གི་དྲུང་དུ་དོང་ཞིང་ཕྱིན་ནས། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཐམས་ཅད་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་རྣམས་ལ་འདུད་པར་གྱུར་ཏོ།། དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམུས་ལོང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་མིག་གིས་གཟུགས་མཐོང་བར་གྱུར་ཏོ། །སེམས་ཅན་འོན་པ་རྣམས་ཀྱང་རྣ་བས་སྒྲ་ཐོས་པར་གྱུར་ཏོ། །སྨྱོན་པ་རྣམས་ཀྱང་དྲན་པ་ཐོབ་པར་


DTG082_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏོ། །སེམས་འཁྲུགས་པ་རྣམས་ཀྱང་སེམས་རྩེ་གཅིག་པ་ཐོབ་པར་གྱུར་ཏོ། །གོས་མེད་པ་རྣམས་ཀྱང་གོས་ཐོབ་པར་གྱུར་ཏོ། །དབུལ་པོ་རྣམས་ཀྱང་ནོར་ཐོབ་པར་གྱུར་ཏོ། །བཀྲེས་པ་རྣམས་ཀྱང་ཟས་ཐོབ་པར་གྱུར་ཏོ། །སྐོམ་པ་རྣམས་ཀྱང་བཏུང་བ་ཐོབ་པར་གྱུར་ཏོ།། ནད་ཀྱིས་བཏབ་པ་རྣམས་ཀྱང་ནད་མེད་པར་གྱུར་ཏོ། །ལུས་ཉམས་པ་དང་དབང་པོ་མ་ཚང་བ་རྣམས་ཀྱང་ལུས་དང་དབང་པོ་ཚང་ཞིང་རྒྱས་པར་གྱུར་ཏོ། །ངལ་བ་རྣམས་ཀྱང་ངལ་སོས་པར་གྱུར་ཏོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དང་འཚོ་བ་མི་དགེ་བ་མ་སྤངས་པ་རྣམས་ཀྱང༌། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དང་འཚོ་བ་མི་དགེ་བ་སྤངས་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་དཔེར་ན། ཕ་དང༌། མ་དང༌། ཕུ་ནུ་དང༌། སྲིང་མོ་དང༌། མཛའ་བ་དང༌། གཉེན་དང༌། གྲོགས་པོ་དང་མཚུངས་པའི་སེམས་ཀྱིས་ཕན་ཚུན་སེམས་མཉམ་པ་ཉིད་དུ་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཞིང་ཚངས་པར་སྤྱོད་པ་དང༌། གཙང་བ་དང་ཉེས་པའི་དྲིང་བ་མེད་དེ། མི་དགེ་བའི་རྟོག་པ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཏོ། །འདི་ལྟ་བུའི་བདེ་བ་དང་ལྡན་པར་གྱུར་ཏེ། དཔེར་ན་དགེ་སློང་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པའི་བདེ་བ་དེ་ལྟ་བུའི་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཏོ། །དེའི་ཚེ་འདི་ལྟ་བུའི་རང་བཞིན་དང་ལྡན་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དུལ་བ་ནི་ལེགས་སོ། །ཞི་བ་ནི་ལེགས་སོ། །ཡང་དག་པར་སྡོམ་པ་ནི་ལེགས་སོ། །ཡུན་རིང་དུ་ཚངས་པར་སྤྱོད་པ་ལ་གནས་པ་ནི་ལེགས་སོ། །སྲོག་ཆགས་སུ་གྱུར་པ་རྣམས་ལ་མི་འཚེ་བ་ནི་ལེགས་སོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་པས་འདི་ལྟ་སྟེ། དཔེར་ན་ཉི་མ་སྒྲིབ་པ་མེད་པ་ནམ་མཁའི་དབྱིངས་ཡོངས་སུ་དག་པ་ལ་འདུག་པའམ། ཟླ་བ་ཉ་བའི་དཀྱིལ་འཁོར་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་རབ་


DTG082_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ། ཁོར་ཡུག་དང་བཅས་པ། ལྷའི་གནས་དང་བཅས་པ། དབང་པོ་དང་བཅས་པ། དབང་བྱེད་དང་བཅས་པ། ལྷ་དང་ལྷ་མ་ཡིན་གྱི་རིས་དང་བཅས་པ། ཚངས་པ་དང་བཅས་པ། གཙང་མའི་གནས་དང་བཅས་པ་འདི་ཟིལ་གྱིས་མནན་ཏེ་བཞུགས་ན། འོད་དང༌། སྐུ་མདོག་དང༌། གཟི་བརྗིད་དང་དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཟིལ་གྱིས་མནན་ཏེ། འོད་དང༌། སྐུ་མདོག་དང༌། གཟི་བརྗིད་དང༌། དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་དེར་བཞུགས་པ་དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ་འོད་དང༌། སྐུ་མདོག་དང༌། གཟི་བརྗིད་དང༌། དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་གི་ཕྱོགས་མཚམས་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང༌། སྐུ་མདོག་དང༌། གཟི་བརྗིད་དང༌། དཔལ་གྱིས་མཛེས་ཤིར་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་རི་ནག་པོ་གཞན་ཐམས་ཅད་ཟིལ་གྱིས་གནོན་པར་གནས་པ་ནི་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་སྐར་མའི་གཟུགས་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་འོད་གཞན་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་ལྷ་དང་བཅས་པ། དབང་པོ་དང་བཅས་པ། ཚངས་པ་དང་བཅས་པ། གཙང་མའི་གནས་དང་བཅས་པ་ཟིལ་གྱིས་ནོན་པར་བཞུགས་པ་ཡང་འོད་དང༌། སྐུ་མདོག་དང༌། གཟི་བརྗིད་དང་བཅས་པ་དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་


DTG082_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་སྐུ་ཅི་འདྲ་བ་བཞིན་དུ་བསྟན་ཏོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་གཙང་མའི་གནས་ཀྱི་ལྷའི་རིས་དང༌། ཀུན་སྣང་དང་བ་དང༌། ཚངས་རིས་དང༌། གཞན་འཕྲུལ་དབང་བྱེད་དང༌། འཕྲུལ་དགའ་དང༌། དགའ་ལྡན་དང༌། འཐབ་བྲལ་དང༌། སུམ་ཅུ་རྩ་གསུམ་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ན་སེང་གེའི་ཁྲི་ལ་བཞུགས་པ་མཐོང་ནས་དགའ་ཞིང་སྤྲོ་བ་དང༌། ཡིད་བདེ་ཞིང་རབ་ཏུ་དགའ་ལ་ཉམས་བདེ་བ་དང་ཡིད་བདེ་བ་སྐྱེས་ནས་ལྷ་རྫས་ཀྱི་མེ་ཏོག་དང༌། ཕྲེང་བ་དང༌། སྤོས་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། ལྷ་རྫས་ཀྱི་བྱུག་སྤོས་དང༌། ལྷ་རྫས་ཀྱི་ཨུཏྤལ་དང༌། པདྨོ་དང༌། ཀུ་མུ་ཏ་དང༌། པུཎྜ་རཱི་ཀ་དང༌། ན་ལི་ན་དང༌། སཽ་གན་དྷི་དང༌། ལྷ་རྫས་ཀྱི་མེ་ཏོག་ཀེ་ས་ར་དང༌། ཏ་མ་ལིའི་ལོ་མ་དང༌། ལྷ་རྫས་ཀྱི་ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། ལྷ་རྫས་ཀྱི་བ་དན་མང་པོ་ཐོགས་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། མེ་ཏོག་དང༌། ཕྲེང་བ་དང༌། སྤོས་དང༌། བྱུག་པ་དང༌། ཕྱེ་མ་དང༌། བྱུག་སྤོས་དང༌། ཨུཏྤལ་དང༌། པདྨོ་དང༌། ཀུ་མུ་ཏ་དང༌། པུཎྜ་རཱི་ཀ་དང༌། ན་ལི་ན་དང༌། སཽ་གན་དྷི་དང༌། མེ་ཏོག་ཀེ་ས་ར་དང༌། ཏ་མ་ལིའི་ལོ་མ་དང༌། ལྷ་རྫས་ཀྱི་ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། ལྷའི་བ་དན་དག་གིས་བཅོམ་ལྡན་འདས་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །རབ་ཏུ་གཏོར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འདུལ་བ་དང་སྣོད་དུ་གྱུར་པའི་མི་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་མེ་ཏོག་ཆུ་ལས་སྐྱེས་པ་དང༌། ཐང་ལས་སྐྱེས་པ་མང་པོ་ཁྱེར་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་ཞིང་ཕྱིན་ནས། བཅོམ་ལྡན་འདས་ལ་མཆོད་པ་བྱེད་པར་གྱུར་ཏོ། །མེ་ཏོག་དང༌། ཕྲེང་བ་དང༌། སྤོས་དང༌། བྱུག་པ་དང༌། ཕྱེ་མ་ལ་སོགས་པ་དང༌། ན་བཟའ་


DTG082_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དེ་དག་ཐམས་ཅད་ཀྱང་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས། བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་མེ་ཏོག་ལ་སོགས་པའི་ཁང་པ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་རེད་དེ་གནས་པར་གྱུར་ཏོ། །ཁང་པ་བརྩེགས་པ་དེ་ལས་ཀྱང་ལྷ་རྫས་ཀྱི་མེ་ཏོག་དང༌། དར་གྱི་ལྡ་ལྡི་མང་པོ་འཕྱང་བར་གྱུར་ཏོ། །མངོན་པར་འཕྱང་བར་གྱུར་ཏོ། །རབ་ཏུ་འཕྱང་བར་གྱུར་ཏོ། །མེ་ཏོག་དང་དར་གྱི་ལྡ་ལྡི་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཤིན་ཏུ་མཛེས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་འོད་སྣང་བ་གསེར་གྱི་ཁ་དོག་ལྟ་བུ་དེས་ཀྱང་ཤིན་ཏུ་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཅི་ལྟ་བ་དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་གི་ཕྱོགས་མཚམས་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །དེ་ལ་འཛམ་བུའི་གླིང་གི་མི་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་དེ་མཐོང་ནས་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏེ་སྙམ་མོ། །འཛམ་བུའི་གླིང་གི་མི་རྣམས་ཇི་ལྟར་སེམས་པ་དེ་བཞིན་དུ་ནུབ་ཀྱི་བ་ལང་སྤྱོད་དང༌། ཤར་གྱི་ལུས་འཕགས་པོ་དང༌། བྱང་གི་སྒྲ་མི་སྙན་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། འོག་མིན་གྱི་ལྷ་རྣམས་ཀྱི་བར་དང༌། དེ་བཞིན་དུ་སྟོང་གི་འཇིག་རྟེན་གྱི་ཁམས་དང༌། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང༌། ལྷ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལྟ་བས་ཆོག་མི་ཤེས་པ་དེ་མཐོང་ནས་འདི་སྙམ་དུ་སེམས་


DTG082_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ་འོད་རབ་ཏུ་དགྱེ་བར་མཛད་དེ། ཡང་འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་སྣང་བར་གྱུར་ཏོ། །ཤར་ཕྱོགས་དང༌། ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་གི་ཕྱོགས་མཚམས་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རབ་ཏུ་སྣང་བར་གྱུར་ཏོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་བར་གྱུར་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་ཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་གིས་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་གི་ཕྱོགས་མཚམས་དང༌། འོག་དང༌། སྟེང་གི་ཕྱོགས་སུ་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་རྣམས་མཐོང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་


DTG082_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་ཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །དེ་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ཞེས་བྱ་བ་བཞུགས་ཤིང༌། འཚོ་ལ་སྐྱོང་བར་བྱེད་དེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཉིད་སྟོན་པར་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་འོད་ཟེར་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང༌། ས་ཆེར་གཡོས་པ་དེ་དང༌། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང༌། དོགས་འདི་ལྟར་ཆེར་གཡོས་པ་དང༌། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་འདི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་འོད་ཟེར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་ནུབ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་


DTG082_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་འོད་ཟེར་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང༌། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་འོད་ཟེར་ལ་པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་རིན་ཆེན་འབྱུང་གནས་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་དེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་


DTG082_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། གང་དག་འཇིག་རྟེན་གྱི་ཁམས་མི་མཇེད་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་འོད་ཟེར་གྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་དེ་ནས་པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ཏེ། ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང༌། སྤོས་དང༌། བདུག་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོ་བྱ་བ་དང༌། བཀུར་སྟི་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པ་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་འོད་ཟེར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས། བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་འདི་


DTG082_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་ཀུན་ནས་འོད་ཟེར་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་རིན་ཆེན་ཡོད་པ་དེ་ནས་འོངས་པ་དེ་དག་གིས་ཀྱང༌། རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ལྷོ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་དག་ཀུན་གྱི་ཕ་རོལ་ན། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་མྱ་ངན་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་བྱ་བ་བཞུགས་ཤིང་འཚོ་ལ་སྐྱོང་བར་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པར་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་


DTG082_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་པ་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང༌། ས་ཆེར་གཡོས་པ་དེ་དང༌། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ་གང་ན་པ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང༌། དོགས་འདི་ལྟར་ཆེར་གཡོས་པ་དང༌། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་འདི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནས་བྱང་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་དང་བྲལ་བས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང༌། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་


DTG082_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་གྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་དང་བྲལ་བ་ལ་པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཏུ་སྣང་བ། འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་རོ། །རིགས་ཀྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་མྱ་ངན་མེད་པའི་དཔལ་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་དེས་བཅོམ་ལྡན་འདས་ལ་པདྨོ་དེ་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་དང་བྲལ་བས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལྷན་ཅིག་ཀུན་ནས་བསྐོར་ཅིང་མདུན་དུ་བདར་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། ལྷོ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་པ་དེ་དག་ཐམས་ཅད་ལ་མེ་ཏོག་དང༌། སྤོས་དང༌། བདུག་སྤོས་དང༌། ཕྲེང་བ་དང༌།


DTG082_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱ་ཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་དང་བྲལ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་གྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་


DTG082_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་མྱ་ངན་མེད་པ་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ནུབ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་ཉེ་བར་ཞི་བ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་བར་བྱེད་དེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པ་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང༌། ས་ཆེར་གཡོས་པ་དེ་དང༌། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང༌། དོག་ས་འདི་ལྟར་ཆེར་གཡོས་པ་དང༌། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་རིན་ཆེན་འོད་འཕྲོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


DTG082_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཤ་ཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་དེ་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་ཀྱིས། བཅོམ་ལྡན་འདས་རིན་ཆེན་འོད་འཕྲོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང༌། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་ལ་པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་རིན་ཆེན་འོད་འཕྲོས་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོ་ངེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་


DTG082_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱོད་པའི་བློ་གྲོས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། ནུབ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང༌། སྤོས་དང༌། བདུག་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་ཀྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོས་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་པདྨོ་


DTG082_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བཞེས་ནས། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་རོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་ཉེ་བར་ཞི་བ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་རྒྱལ་བ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་དབང་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པར་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་བྱིན་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང༌། ས་ཆེར་གཡོས་པ་དེ་དང༌། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་དབང་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་


DTG082_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང༌། དོགས་འདི་ལྟར་ཆེར་གཡོས་པ་དང༌། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་དགའ་བ་འདི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་ལྷོ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་དེ་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་བྱིན་གྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང༌། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་བྱིན་ལ། པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་


DTG082_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ། བཅོམ་ལྡན་འདས་རྒྱལ་བའི་དབང་པོས་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་དབང་པོ་དེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་བྱིན་གྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་དབང་པོ་དེ་ལས་པདྨ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། བྱང་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང༌། པོས་དང༌། བདུག་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་


DTG082_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་བྱིན་གྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་དབང་པོས། བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་རྒྱལ་བས་བྱིན་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་རྒྱལ་བ་དེ་ནས་འོངས་པ་དེ་དག་གིས་ཀྱང༌། རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཤར་གྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་ཏིང་ངེ་


DTG082_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱིས་བརྒྱན་པ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པ་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྒྱལ་བས་རྣམ་པར་གནོན་པ་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང༌། ས་ཆེར་གཡོས་པ་དེ་དང༌། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་འབྱུང་བ་དང༌། དོག་ས་འདི་ལྟར་ཆེར་གཡོས་པ་དང༌། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་འདི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྒྱལ་བས་རྣམ་པར་གནོན་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་གང་པོ་དམ་པའི་དཔལ་ལ་འདི་སྐད་ཅེས་གསོལ་ཏོ།།


DTG082_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང༌། དེ་ལ་ཕྱག་བགྱི་ཤིང་བསྙེན་བཀུར་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ་དང༌། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་གྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །།བམ་པོ་གཉིས་པ། དེ་ནས་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བས་རྣམ་པར་གནོན་པ་ལ་པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་ལ་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་དེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་འདིར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྒྱལ་བས་རྣམ་པར་གནོན་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་


DTG082_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང༌། སྤོས་དང༌། བདུག་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྒྱལ་བས་རྣམ་པར་གནོན་པས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་བཅོམ་ལྡན་འདས་ལ་སྙུན་མི་མདའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་གྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། བྱང་ཤར་གྱི་


DTG082_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བས་རྣམ་པར་གནོན་པ་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་རྒྱལ་བ་དེ་ནས་འོངས་པ་དེ་དག་ཀྱང་རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་སྙིང་པོ་བྱང་ཆུབ་ཀྱི་རྒྱན་ཤིན་ཏུ་ཡིད་དུ་འོང་བ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོ་དམ་པའི་དཔལ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པ་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་པདྨོ་ཞེས་བྱ་བ་འདུག་འདུག་པ་སྣང་བ་ཆེན་པོ་དེ་དང༌། ས་ཆེར་གཡོས་པ་དེ་དང༌། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་


DTG082_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པདྨོ་དམ་པའི་དཔལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨོ་དམ་པའི་དཔལ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང༌། དོག་ས་འདི་ལྟར་ཆེར་གཡོས་པ་དང༌། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་འདིའི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨོ་དམ་པའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་པདྨོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་ནུབ་བྱང་གི་ཕྱོགས་མཚམས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་པདྨོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨོ་དམ་པའི་དཔལ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང༌། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨོ་དམ་པའི་དཔལ་གྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་པདྨོ་དམ་པའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་ལ་པདྨོ་


DTG082_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་དེ་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་པདྨོ་དམ་པའི་དཔལ་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོ་དམ་པའི་དཔལ་དེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་པདྨོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོ་དམ་པའི་དཔལ་དེ་ལས། པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ནས། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང༌། སྤོས་དང༌། བདུག་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། བསྟི་སྟང་དུ་བྱ་དང༌། མཆོད་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་


DTG082_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་པདྨོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོ་དམ་པའི་དཔལ། བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོ་དམ་པའི་དཔལ་གྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལས་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་སྙིང་པོ་བྱང་ཆུབ་ཀྱི་རྒྱན་ཤིན་ཏུ་ཡིད་དུ་འོང་བ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་


DTG082_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་རྡུལ་གྱི་ཚོགས་དང་བྲལ་བ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པར་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བ་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང༌། ས་ཆེར་གཡོས་པ་དེ་དང༌། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང༌། དོག་ས་འདི་ལྟར་ཆེར་གཡོས་པ་དང༌། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་ནི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་བྱང་ཤར་གྱི་ཕྱོགས་མཚམས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་


DTG082_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བས། བཅོམ་ལྡན་འདས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང༌། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་གྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བ་ལ་པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་ཉི་མའི་དཀྱིལ་འཁོར་སྣང་བར་མ་པའི་དཔལ་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་དེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་


DTG082_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བས་བཅོམ་ལྡན་འདས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང༌། སྤོས་དང༌། བདུག་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་རབ་ཏུ་སྣང་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ། བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ། འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་


DTG082_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་གྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བ་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་རྡུལ་གྱི་ཚོགས་དང་བྲལ་བ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ནུབ་བྱང་གི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་དབང་དུ་གྱུར་པ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པར་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་


DTG082_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་ཅེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང༌། ས་ཆེར་གཡོས་པ་དེ་དང༌། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང༌། དོགས་འདི་ལྟར་ཆེར་གཡོས་པ་དང༌། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་ནི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུགས་དམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ན། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུགས་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང༌། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་


DTG082_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་ལ། པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་གདུགས་དམ་པས་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པ་དེས། བཅོམ་ལྡན་འདས་ལ་པདྨ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཆོ་སྐྱོང་བ་དེ་


DTG082_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ལ་མེ་ཏོག་དང༌། སྤོས་དང༌། བདུག་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པ། བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤགས་སྤྱོད་དམ། བདེ་བ་ལ་རག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདུགས་དམ་པས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་


DTG082_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་རིན་ཆེན་མཆོག་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་དབང་དུ་གྱུར་པ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་པདྨོ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པར་མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པ་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང༌། ས་ཆེར་གཡོས་པ་དེ་དང༌། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང༌། དོག་ས་འདི་ལྟར་ཆེར་གཡོས་པ་དང༌། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་འདིའི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་གྱིས། བྱང་ཆུབ་


DTG082_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ། །འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨོའི་དཔལ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང༌། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་རབ་ཏུ་ཐོབ་པ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨོའི་དཔལ་གྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པ་ལ་པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་པདྨོའི་དཔལ་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་


DTG082_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་དེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟེན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། འོག་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ། མེ་ཏོག་དང༌། སྤོས་དང༌། བདུག་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དམ་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ། བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ།


DTG082_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དཔལ་གྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་པདྨོ་དམ་པ་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་པདྨོ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་ཏེ། དེ་ཐམས་ཅད་ལས་ཕ་རོལ་པོའི་འཇིག་རྟེན་གྱི་ཁམས་མདངས་དགའ་བ་ཞེས་བྱ་བ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པ་མཛད་དོ། །དེ་ནས་


DTG082_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པ་ཞེས་བྱ་བ་འདུག་འདུག་པས་སྣང་བ་ཆེན་པོ་དེ་དང༌། ས་ཆེར་གཡོས་པ་དེ་དང༌། དེ་བཞིན་གཤེགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང༌། དོག་ས་འདི་ལྟར་ཆེར་གཡོས་པ་དང༌། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་འདི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནི་འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་འདྲ་བ་འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང༌། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་


DTG082_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་བསྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་བའི་དཔལ་གྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པ་ལ་པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཏེ། འདི་སྐད་དུ་བཅོམ་ལྡན་འདས་དགའ་བའི་དཔལ་བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་རྨེད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་དེས་བཅོམ་ལྡན་འདས་ལ་པདྨོ་འདི་དག་ཀྱང་བསྐུར་རོ་ཞེས་སྨྲོས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྟན་པར་དཀའ་བ་ཡིན་ཏེ། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བ་བྱིན་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་དེ་ལས་པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་


DTG082_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང༌། སྤོས་དང༌། བདུག་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ། བཅོམ་ལྡན་འདས་ལ་སྙུན་མི་མངའམ། ཐུགས་གཟེར་མ་མཆིས་སམ། ལྡང་བ་ཡང་ངམ། གཤེགས་སྤྱོད་དམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་གྱིས་བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་པདྨོ་དེ་དག་བཞེས་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་འདི་


DTG082_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བ་དང༌། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱང་ཆུབ་སེམས་དཔའ་དགའ་བས་བྱིན་པ་དང་ལྷན་ཅིག་འཇིག་རྟེན་གྱི་ཁམས་མདངས་དགའ་བ་དེ་ནས་འོངས་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །བཀུར་སྟིར་བྱས་སོ། །བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏེ། མེ་ཏོག་གི་སིལ་མ་སྣ་ཚོགས་ཀྱིས་ཀུན་ཏུ་གང་བ་དང༌། དར་གྱི་ལྡ་ལྡི་དང༌། ཆུན་པོ་ཀུན་ནས་བྲེས་པ་དང༌། སྣོད་སྣ་ཚོགས་ནས་བདུག་སྤོས་སྣ་ཚོགས་འཐུལ་བ་དང༌། དཔག་བསམ་གྱི་ཤིང་གི་རྒྱན་དང༌། འབྲས་བུ་སྣ་ཚོགས་ཀྱི་ཡལ་གའི་རྩེ་མོ་གཡུར་ཟ་བ་དང༌། མེ་ཏོག་གི་ཤིང་དང༌། འབྲས་བུའི་ཤིང་དང༌། སྤོས་ཀྱི་ཤིང་དང༌། ཕྲེང་བའི་ཤིང་དང༌། ཕྱེ་མའི་ཤིང་དང༌། བདུག་སྤོས་ཀྱི་ཤིང་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པར་ཀུན་ནས་གནས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་ནས་རྒྱས་པའི་སངས་རྒྱས་ཀྱི་ཞིང་གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་དང༌། ལྷའི་བུ་བློ་གྲོས་རབ་གནས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་གཟི་བརྗིད་ཆེན་པོ་དག་འཁོད་པའི་འཇིག་རྟེན་གྱི་ཁམས་པདྨོ་ཅན་བཞིན་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ལྷ་དང་བཅས་པ་ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་འདུས་ཤིང་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་རྣམས་ཀྱང་འདུས་པར་གཟིགས་པར་གྱུར་ཏོ་ཞེས་བྱ་བ་ནི་གླེང་གཞིའོ།། །།

སེམས་བསྐྱེད་བཤད་པ།

འདུན་པ་དང་ལྡན་པ་ས་ལྟ་བུ།


DTG082_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་


DTG082_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དང་ལྡན་པའི་སེམས་བསྐྱེད་པ་བསྡུས་ཏེ་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང༌། གཏོང་བ་དང༌། ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ལྟུང་བ་དང་མི་ལྟུང་བ་མེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །འཁྲུག་པ་མེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །རོ་མྱང་བ་མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཤེས་རབ་དང་ཤེས་རབ་འཆལ་བ་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ལྡན་པའི་སེམས་བསྐྱེད་པ་རྒྱས་པར་བསྟན་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱོགས་བཅུ་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འདོད་


DTG082_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་དམིགས་པའི་སེམས་བསྐྱེད་པ་མདོར་བསྡུས་པའོ། །དེ་བཞིན་དུ་སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་རབ་ཏུ་དགོད་པར་འདོད་པ་དང༌། ཚུལ་ཁྲིམས་འཆལ་བ་ཅན་རྣམས་ཚུལ་ཁྲིམས་ལ། གནོད་སེམས་མང་བ་རྣམས་བཟོད་པ་ལ། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ། སེམས་རྣམ་པར་གཡེང་བ་རྣམས་བསམ་གཏན་ལ། ཤེས་རབ་འཆལ་བ་རྣམས་ཤེས་རབ་ཕུན་སུམ་ཚོགས་པ་ལ་རབ་ཏུ་དགོད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་དམིགས་པའི་སེམས་བསྐྱེད་པ་རྒྱས་པར་བསྟན་པའོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་འདུན་པ་དང་ལྡན་པ་ས་ལྟ་བུའོ། །

བསམ་པ་དང་ལྡན་པ་གསེར་བཟང་པོ་ལྟ་བུ།


DTG082_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང༌། གཏོང་བ་དང༌། ལེན་པ་མི་དམིགས་པའི་ཕྱིར། ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་དང་ཤེས་རབ་འཆལ་བ་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་བསམ་པ་དང་ལྡན་པ་གསེར་བཟང་པོ་ལྟ་བུའོ། །

ལྷག་པའི་བསམ་པ་དང་ལྡན་པ་ཟླ་བ་ཚེས་པ་ལྟ་བུ།


DTG082_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་


DTG082_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པར་བྱའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་བཞིན་དུ་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། མི་སྡུག་པའི་འདུ་ཤེས་དགུ་བསྒོམ་པར་བྱའོ། །དགུ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བམ་པའི་འདུ་ཤེས་དང༌། རྣམ་པར་འབུས་གཞིགས་པ་པའི་འདུ་ཤེས་དང༌། རྣམ་པར་རྣགས་པ་པའི་འདུ་ཤེས་དང༌། རྣམ་པར་དམར་བ་པའི་འདུ་ཤེས་དང༌། རྣམ་པར་བསྔོས་པ་པའི་འདུ་ཤེས་དང༌། རྣམ་པར་ཟོས་པ་པའི་འདུ་ཤེས་དང༌། རྣམ་པར་འཐོར་བ་པའི་འདུ་ཤེས་དང༌། རུས་པ་པའི་འདུ་ཤེས་དང༌། རྣམ་པར་ཚིག་པ་པའི་འདུ་ཤེས་བསྒོམ་པར་བྱའོ།། ཟས་ལ་མི་མཐུན་པའི་འདུ་ཤེས་བསྒོམ་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ཆོས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དགེ་འདུན་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །གཏོང་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ལྷ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །སྐྱོ་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །འཆི་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །མི་རྟག་པའི་འདུ་ཤེས་བསྒོམ་པར་བྱའོ། །སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ། །བདག་མེད་པའི་འདུ་ཤེས་བསྒོམ་པར་བྱའོ། །མི་སྡུག་པའི་འདུ་ཤེས་བསྒོམ་པར་བྱའོ། །འཆི་བའི་འདུ་ཤེས་བསྒོམ་པར་བྱའོ། །འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྒོམ་པར་བྱའོ། །འཇིག་རྟེན་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་བའི་འདུ་ཤེས་བསྒོམ་པར་བྱའོ། །སྡུག་བསྔལ་ཤེས་པ་བསྒོམ་པར་བྱའོ། །ཀུན་འབྱུང་བ་ཤེས་པ་བསྒོམ་པར་བྱའོ། །འགོག་པ་ཤེས་པ་བསྒོམ་པར་བྱའོ། །ལམ་ཤེས་པ་བསྒོམ་པར་བྱའོ། །ཟད་པ་ཤེས་པ་བསྒོམ་པར་བྱའོ། །མི་སྐྱེ་བ་ཤེས་པ་བསྒོམ་པར་


DTG082_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཆོས་ཤེས་པ་བསྒོམ་པར་བྱའོ། །རྗེས་སུ་འགྲོ་བ་ཤེས་པ་བསྒོམ་པར་བྱའོ། །ཀུན་རྫོབ་པ་ཤེས་པ་བསྒོམ་པར་བྱའོ། །འདྲིས་པ་ཤེས་པ་བསྒོམ་པར་བྱའོ། །སྒྲ་ཇི་བཞིན་ཤེས་པ་བསྒོམ་པར་བྱའོ། །རྣམ་པར་རྟོག་པ་དང་བཅས་ཤིང་རྣམ་པར་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང༌། རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང༌། རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་མེད་པའི་ཏིང་ངེ་འཛིན་དང༌། ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་དབང་པོ་བསྒོམ་པར་བྱའོ། །ཀུན་ཤེས་པའི་དབང་པོ་བསྒོམ་པར་བྱའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་བསྒོམ་པར་བྱའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བསྒོམ་པར་བྱའོ། །ཟད་པར་གྱི་སྐྱེ་མཆེད་བསྒོམ་པར་བྱའོ། །བསྡུ་བའི་དངོས་པོ་བཞི་བསྒོམ་པར་བྱའོ། །རྣམ་པར་དགོད་པ་བཞི་བསྒོམ་པར་བྱའོ། །ས་བཅུ་བསྒོམ་པར་བྱའོ། །སྤྱོད་པ་བཅུ་བསྒོམ་པར་བྱའོ། །བཟོད་པ་བཅུ་བསྒོམ་པར་བྱའོ། །ལྷག་པའི་བསམ་པ་ཉི་ཤུ་བསྒོམ་པར་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒོམ་པར་བྱའོ། །ཞི་གནས་དང་ལྷག་མཐོང་ཤེས་པ་བསྒོམ་པར་བྱའོ། །རིག་པ་གསུམ་བསྒོམ་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་བསྒོམ་པར་བྱའོ། །མི་འཇིགས་པ་བཞི་བསྒོམ་པར་བྱའོ། །མ་ཉམས་པའི་མངོན་པར་ཤེས་པ་ལྔ་བསྒོམ་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པར་བྱའོ། །ནོར་བདུན་བསྒོམ་པར་བྱའོ། །སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་བསྒོམ་པར་བྱའོ། །སེམས་ཅན་གྱི་གནས་དགུ་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པར་བྱའོ། །བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དགའ་བ་ཆེན་པོ་བསྒོམ་པར་བྱའོ། །བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་པའི་བསམ་པ་དང་ལྡན་པ་ཟླ་བ་ཚེས་པ་ལྟ་བུའོ། །

སྦྱོར་བ་དང་ལྡན་པ་མེ་ལྟ་བུ།


DTG082_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཤེས་པ་ཉིད་ཤེས་པ་དང་མཐོང་བས་རྣམ་པར་བལྟས་ནས་འདས་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་


DTG082_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འདོད་པ་དང་སེམས་ཅན་ཐམས་ཅད་ཀྱིས་སེམས་དང་སྤྱོད་པ་དང༌། ཤེས་པའི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང༌། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་སྟེ། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འདོད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འདོད་པ་དང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་དང༌། གཞོན་ནུའི་ས་ལས་འདའ་བར་འདོད་པ་དང༌། མངོན་པར་ཤེས་པ་དྲུག་ཐོབ་པར་འདོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྣམ་པར་གཡོ་བ་ཤེས་པར་འདོད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་པ་ཟིལ་གྱིས་གནོན་པར་འདོད་པ་དང༌། གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྦྱོར་བ་དང་ལྡན་པ་མེ་ལྟ་བུའོ། །

སྦྱིན་པ་དང་ལྡན་པ་གཏེར་ཆེན་པོ་ལྟ་བུ།


DTG082_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་དགོད་པར་འདོད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྦྱིན་པ་གཏོང་བ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་གཏེར་ཆེན་པོ་ལྟ་བུའོ། །

ཚུལ་ཁྲིམས་དང་ལྡན་པ་རིན་པོ་ཆེའི་འབྱུང་གནས་ལྟ་བུ།


DTG082_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ལ་དགོད་པར་འདོད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་རྗེས་སུ་ཡི་རང་པ་དང་ལྡན་པའི་སེམས་བསྐྱེད་


DTG082_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རིན་པོ་ཆེའི་འབྱུང་གནས་ལྟ་བུའོ། །

བཟོད་པ་དང་ལྡན་པ་རྒྱ་མཚོ་ཆེན་པོ་ལྟ་བུ།


DTG082_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སེམས་ཅན་རྣམས་བཟོད་པ་ལ་དགོད་པར་འདོད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བཟོད་པ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བཟོད་པ་དང་ལྡན་པ་རྒྱ་མཚོ་ཆེན་པོ་ལྟ་བུའོ། །

བརྩོན་འགྲུས་དང་ལྡན་པ་རྡོ་རྗེ་ལྟ་བུ།


DTG082_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་དགོད་པར་འདོད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་བརྩོན་འགྲུས་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བརྩོན་འགྲུས་དང་ལྡན་པ་རྡོ་རྗེ་ལྟ་བུའོ། །

བསམ་གཏན་དང་ལྡན་པ་རི་བོ་ལྟ་བུ།


DTG082_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྣམ་པར་གཡེངས་པ་རྣམས་བསམ་གཏན་ལ་རབ་ཏུ་དགོད་པར་འདོད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསམ་གཏན་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བསམ་གཏན་དང་ལྡན་པ་རི་བོ་ལྟ་བུའོ། །

ཤེས་རབ་དང་ལྡན་པ་སྨན་ཆེན་པོ་ལྟ་བུ།


DTG082_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཤེས་རབ་འཆལ་བ་རྣམས་ཤེས་རབ་ལ་དགོད་པར་འདོད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པ་སྨན་ཆེན་པོ་ལྟ་བུའོ། །

ཐབས་དང་ལྡན་པ་དགེ་བའི་བཤེས་གཉེན་ལྟ་བུ།


DTG082_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས་གཞལ་དུ་མེད་ཅིང་གྲངས་མེད་པར་བྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་


DTG082_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་སྦྱིན་པ་ཆུང་ངུ་ཡང་གཏོང་བ་དང༌། ཚུལ་ཁྲིམས་ཆུང་ངུ་ཡང་བསྲུང་བ་དང༌། བཟོད་པ་ཆུང་ངུ་ཡང་བསྒོམ་པ་དང༌། བརྩོན་འགྲུས་ཆུང་ངུ་ཡང་རྩོམ་པ་དང༌། བསམ་གཏན་ཆུང་ངུ་ཡང་མཉམ་པར་འཇོག་པ་དང༌། ཤེས་རབ་ཆུང་ངུ་ཡང་བསྒོམ་པ་ན་ཐབས་མཁས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས་གཞལ་དུ་མེད་ཅིང་གྲངས་མེད་པར་བྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་བཟོད་པར་འདོད་པ་དང༌། བསྐལ་པ་བརྒྱ་སྟོང་དུ་ཡང་དག་པར་བསགས་པའི་ཚུལ་ཁྲིམས་ཀྱང་སེམས་ཅན་ལ་ལྟོས་ནས་འདོར་བར་འདོད་པ་དང༌། སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་འདོད་པ་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་བསྒྲུབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཐབས་དང་ལྡན་པ་དགེ་བའི་བཤེས་གཉེན་ལྟ་བུའོ། །

སྨོན་ལམ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ།


DTG082_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་སྐུ་བསྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་ས་ལས་འདའ་བར་འདོད་པས་


DTG082_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབྱངས་གཅིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གོ་བར་བྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་དབྱངས་གཅིག་གིས་ལྷོ་ཕྱོགས་དང༌། ནུབ་ཕྱོགས་དང༌། བྱང་ཕྱོགས་དང༌། ཕྱོགས་མཚམས་རྣམས་དང༌། འོག་དང་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་གོ་བར་བྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པའི་དོན་དུ་གནས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་གང་དང་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བཀུར་སྟིར་བྱ་བ་དང༌། བླ་མར་བྱ་བ་དང༌། རིམ་གྲོར་བྱ་བ་དང༌། མཆོད་པར་བྱ་བར་འདོད་པའི་བདག་གི་དགེ་བའི་རྩ་བ་དེ་དང་དེ་དག་ཡང་དག་པར་གྲུབ་པར་གྱུར་ཅིག་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྨོན་ལམ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །

སྟོབས་དང་ལྡན་པ་ཉི་མ་ལྟ་བུ།


DTG082_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟས་དང༌། སྐོམ་དང༌། གོས་དང༌། དྲི་དང༌། ཕྲེང་བ་དང༌། མེ་ཏོག་དང༌། བདུག་སྤོས་དང༌། ཕྱེ་མ་དང༌། བྱུག་པ་དང༌། མལ་སྟན་དང༌། ཁྱིམ་དང༌། ནོར་དང༌། འབྲུ་དང༌། རྒྱན་དང༌། རིན་པོ་ཆེ་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། མན་ཤེལ་དང༌། བྱི་རུ་དང༌། ས་ལེ་སྦྲམ་དང༌། དངུལ་དང༌། སྐྱེད་མོས་ཚལ་དང༌། རྒྱལ་སྲིད་ལ་སོགས་པའི་ཡོ་བྱད་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་


DTG082_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། །།བམ་པོ་གསུམ་པ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་འདོད་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་བྱང་ཆུབ་ཀྱི་བར་དུ་མི་ཟད་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་དག་ཡིན་པ་དེ་དག་གིས་བདག་གི་བསྔགས་པ་བརྗོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྟོབས་དང་ལྡན་པ་ཉི་མ་ལྟ་བུའོ། །

ཡེ་ཤེས་དང་ལྡན་པ་སྒྲ་དབྱངས་སྙན་པ་ལྟ་བུ།


DTG082_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་སྟོང་པ་ཉིད་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། རང་གི་ངོ་བོ་སྟོང་པ་ཉིད་དང༌། གཞན་


DTG082_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངོ་བོ་སྟོང་པ་ཉིད་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་རྟོགས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པའི་མཐའི་དེ་བཞིན་ཉིད་རྟོགས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ས་དང༌། ཆུ་དང༌། མེ་དང༌། རླུང་གི་རྡུལ་ཕྲ་རབ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཤེས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པ་འདི་ལྟར་བྱིན་པས་ནི་འབྲས་བུ་ནི་ཆེན་པོར་འགྱུར་རོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་རིགས་སུ་སྐྱེད་པར་བྱེད་དོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་རིགས་སུ་སྐྱེད་པར་བྱེད་དོ། །ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་རིགས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་རྒྱལ་ཆེན་རིས་བཞི་པའི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་འཕྲུལ་དགའི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེད་པར་བྱེད་དོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་བསམ་གཏན་དང་པོ་ཐོབ་པར་ནུས་


DTG082_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་བསམ་གཏན་གཉིས་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་བསམ་གཏན་གསུམ་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་བསམ་གཏན་བཞི་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་རང་བྱང་ཆུབ་ཉིད་ཐོབ་པར་ནུས་སོ། །སྦྱིན་པ་འདི་ལྟར་བྱིན་པས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ནུས་སོ་ཞེས་ཤེས་སོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སྦྱིན་པ་འདི་ལྟར་སྦྱིན་ན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་འདི་ལྟར་སྦྱིན་ན་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་འདི་ལྟར་སྦྱིན་ན་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་འདི་ལྟར་སྦྱིན་ན་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་འདི་ལྟར་སྦྱིན་ན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་འདི་ལྟར་སྦྱིན་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་


DTG082_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྩོལ་བ་ནི་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་པ་ལགས། སྦྱིན་པ་སྩོལ་བ་ན་ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། སྦྱིན་པ་སྩོལ་བ་ན་ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། སྦྱིན་པ་སྩོལ་བ་ན་ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། སྦྱིན་པ་སྩོལ་བ་ན་ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྩོལ་བ་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་དང༌། ལེན་པ་པོ་མི་དམིགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ལྟུང་བ་དང་མི་ལྟུང་བ་མེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འཁྲུག་པ་མེད་ཅིང་རྣམ་པར་འཁྲུག་པ་མེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རྣམ་པར་གཡེང་བ་མེད་ཅིང་རྟོག་པ་མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཐམས་ཅད་རབ་ཏུ་ཤེས་པ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་བརྩོན་འགྲུས་


DTG082_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་ཡེ་ཤེས་དང་ལྡན་པ་སྒྲ་དབྱངས་སྙན་པ་ལྟ་བུ་བསྡུས་པའོ། །

མངོན་པར་ཤེས་པ་དང་ལྡན་པ་རྒྱལ་པོ་ཆེན་པོ་ལྟ་བུ།


DTG082_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདའ་བར་འདོད་པ་དང༌། དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། ཕྱོགས་མཚམས་དང༌། འོག་དང་སྟེང་གི་ཕྱོགས་ཀྱི་ཆའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡང་དག་པར་འདའ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་དང༌། ཆུ་ཀླུང་དང་ཆུ་ཀླུང་ཆེན་པོ་དང༌། ཆུ་བྲན་དང༌། ལྟེང་ཀ་དང༌། མཚོ་དང༌། རྫིང་དང༌། ལུ་མ་དག་གི་ཆུའི་ཕུང་པོ་དེ་དག་ཐམས་ཅད་སྐྲའི་རྩེ་མོ་བརྒྱར་བཤགས་བས་གྱེན་དུ་བླང་བར་འདོད་པ་དང༌། དེ་ལ་གནས་པའི་སྲོག་ཆགས་རྣམས་ལ་ཡང་གནོད་པར་མི་འགྱུར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐལ་པ་སྲེག་པའི་མེས་འབར་བ་ཁའི་དབུགས་གཅིག་གིས་ཞི་བར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རླུང་གིས་འཇིག་པར་འགྱུར་བའི་དུས་ཀྱི་རྣམ་པར་འཐོར་བྱེད་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་དང་ཁོར་ཡུག་ཆེན་པོ་ཉེ་བར་བཟུང་ནས་རི་ཐམས་ཅད་དང༌། ས་ཆེན་པོ་ཐམས་ཅད་གཏོར་ཞིང་རྣམ་པར་གཏོར་ལ་འཇིག་པར་བྱེད་པའི་རྣམ་པར་འཐོར་བྱེད་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་དེ་སོར་མོའི་རྩེ་མོ་གཅིག་གིས་དགབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །


DTG082_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ནམ་མཁའི་ཁམས་ཇི་ཙམ་པ་དེ་ཐམས་ཅད་སྐྱིལ་མོ་ཀྲུང་གཅིག་གིས་རྒྱས་པར་དགང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རི་དང༌། རི་རབ་ཆེན་པོ་དང༌། ཁོར་ཡུག་དང༌། ཁོར་ཡུག་ཆེན་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་སྐྲ་ཉག་མ་གཅིག་གིས་སྦམས་ཏེ་གྱེན་དུ་བཏེག་ནས། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་འདའ་བར་བྱ་ཞིང་འཕང་ངོ་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷའི་མིག་གིས་བལྟ་བར་འདོད་པ་དང༌། དེ་དག་གིས་ཆོས་བསྟན་པ་ལྷའི་རྣ་བས་མཉན་པར་འདོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པར་འདོད་པ་དང༌། དེ་དག་གི་སྔོན་གྱི་གནས་རྗེས་སུ་དྲན་པར་འདོད་པ་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པ་མངོན་སུམ་དུ་བྱ་བར་འདོད་ཅིང་ཡང་དག་པའི་མཐའ་མངོན་སུམ་དུ་ཡང་མི་བྱེད་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དང་ལྡན་པ་རྒྱལ་པོ་ཆེན་པོ་ལྟ་བུའོ། །

བསོད་ནམས་དང་ཡེ་ཤེས་དང་ལྡན་པ་བང་མཛོད་ལྟ་བུ།


DTG082_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་རེ་རེར་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་བསོད་སྙོམས་གཅིག་གིས་ཁྱེད་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་མེ་ཏོག་དང༌། བདུག་སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ཆོས་གོས་དང༌། རྒྱན་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་གཅིག་གིས་དེ་བཞིན་གཤེགས་པ་དགྲ་


DTG082_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་བཀུར་སྟིར་བྱ་བར་འདོད་པ་དང༌། བླ་མར་བྱ་བར་འདོད་པ་དང༌། རྗེད་པར་བྱ་བར་འདོད་པ་དང༌། མཆོད་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་འདོད་པ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་འདོད་པ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་འདོད་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་དང༌། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་འདོད་པ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་འདོད་པ་དང༌། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་འདོད་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་པའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་ལ་དགོད་པར་འདོད་པ་དང༌། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་དང་ལྡན་པ་བང་མཛོད་ལྟ་བུའོ། །

བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་ལམ་ཆེན་པོ་ལྟ་བུ།


DTG082_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང༌། མ་བྱོན་པ་དང་ད་ལྟར་བྱུང་བ་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྗེས་སུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདུས་བྱས་དང༌། འདུས་མ་བྱས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོག་པར་འདོད་པ་དང༌། ཆོས་རྣམས་ཀྱི་སྐྱེ་བ་མེད་པའི་མཐའ་རྗེས་སུ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་ལམ་ཆེན་པོ་ལྟ་བུའོ། །

ཞི་གནས་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུ།


DTG082_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་རིམ་གྲོར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ནང་གི་འཁོར་དུ་འགྱུར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ཆེན་པོ་དང་ལྡན་པར་འདོད་པ་དང༌། བྱང་ཆུབ་སེམས་དཔའི་འཁོར་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཡོངས་སུ་དག་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ལ་ཐོགས་པ་མེད་པའི་སེམས་དང་ལྡན་པར་འདོད་པ་དང༌། ཚུལ་ཁྲིམས་ངན་པའི་སེམས་སྤང་བར་འདོད་


DTG082_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། གནོད་པར་སེམས་པའི་ཡིད་དོར་བར་འདོད་པ་དང༌། ལེ་ལོའི་སེམས་དང༌། རྣམ་པར་གཡེང་བའི་སེམས་དང༌། ཤེས་རབ་འཆལ་བའི་སེམས་མི་བསྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་འདོད་པ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། སྒོམ་པ་ལས་བྱུང་བ་དང༌། བཀུར་སྟི་ལས་བྱུང་བ་དང༌། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་པོ་རྣམས་བསྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །མིག་ལྔ་གང་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང༌། ལྷའི་མིག་དང༌། ཤེས་རབ་ཀྱི་མིག་དང༌། ཆོས་ཀྱི་མིག་དང༌། སངས་རྒྱས་ཀྱི་མིག་ཡོངས་སུ་སྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ངག་ན། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ལྷའི་མིག་གིས་བལྟ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷའི་མིག་གིས་བལྟ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནུབ་ཕྱོགས་སུ་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷའི་མིག་གིས་བལྟ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལ་བསླབ་པར་བྱའོ། །བྱང་ཕྱོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷའི་མིག་གིས་བལྟ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་


DTG082_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ནུབ་བྱང་དང༌། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ལྷའི་མིག་གིས་བལྟ་བར་འདོད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་གང་སྟོན་པ་དེ་དག་ཐམས་ཅད་ལྷའི་རྣ་བས་མཉན་པར་འདོད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་སེམས་ཀྱི་ཁོང་དུ་ཆུད་པར་འདོད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྔོན་གྱི་སྦྱོར་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་དྲན་པར་འདོད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་རྣམ་པ་མང་པོ་མཐོང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་ཆོས་གང་ཐོས་པ་དེ་དག་ཐམས་ཅད་ཐོས་ནས་དྲན་པའི་སྟོབས་བསྐྱེད་པ་མི་ཆོད་པས་ཡང་དག་པར་བཟུང་བར་འདོད་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་འདིར་ཐམས་ཅད་ཆུད་མི་ཟ་བར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་མཐོང་བར་འདོད་པ་དང༌། མ་བྱོན་པའི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་མཐོང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་སྐྱོང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་མཐོང་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུའོ། །

གཟུངས་དང་སྤོབས་པ་དང་ལྡན་པ་བཀོད་མ་ལྟ་བུ།


DTG082_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་


DTG082_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཤད་པར་གྱུར་པ་དང༌། འཆད་པ་དང༌། འཆད་པར་འགྱུར་བ་གང་ཇི་སྙེད་པ་འདི་ལྟ་སྟེ། མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། རྟོགས་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། ཆོས་རྨད་དུ་བྱུང་བ་དང༌། གཏན་ལ་ཕབ་པར་བསྟན་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་མ་ཐོས་པ་གང་ཡིན་པ་དེ་དག་ཐམས་ཅད་གཟུང་བར་འདོད་པ་དང༌། བཅང་བར་འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་བཤད་པར་གྱུར་པ་དང༌། འཆད་པ་དང༌། འཆད་པར་འགྱུར་བ་དེ་ཐམས་ཅད་གཟུང་བར་འདོད་པ་དང༌། བཅང་བར་འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྷོ་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་བཤད་པར་གྱུར་པ་དང༌། འཆད་པ་དང༌། འཆད་པར་འགྱུར་བ་དེ་ཐམས་ཅད་གཟུང་བར་འདོད་པ་དང༌། བཅང་བར་འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནུབ་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་བཤད་པར་གྱུར་པ་དང༌། འཆད་པ་དང༌། འཆད་པར་འགྱུར་བ་དེ་ཐམས་ཅད་གཟུང་བར་འདོད་པ་དང༌། བཅང་བར་


DTG082_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་བཤད་པར་གྱུར་པ་དང༌། འཆད་པ་དང༌། འཆད་པར་འགྱུར་བ་དེ་ཐམས་ཅད་གཟུང་བར་འདོད་པ་དང༌། བཅང་བར་འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཤར་གྱི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་བཤད་པར་གྱུར་པ་དང༌། འཆད་པ་དང༌། འཆད་པར་འགྱུར་བ་དེ་ཐམས་ཅད་གཟུང་བར་འདོད་པ་དང༌། བཅང་བར་འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤར་ལྷོའི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་བཤད་པར་གྱུར་པ་དང༌། འཆད་པ་དང༌། འཆད་པར་འགྱུར་བ་དེ་ཐམས་ཅད་གཟུང་བར་འདོད་པ་དང༌། བཅང་བར་འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྷོ་ནུབ་ཀྱི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་བཤད་པར་གྱུར་པ་དང༌། འཆད་པ་དང༌། འཆད་པར་འགྱུར་བ་དེ་ཐམས་ཅད་གཟུང་བར་འདོད་པ་དང༌། བཅང་པར་འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་


DTG082_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྟོན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནུབ་བྱང་གི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་བཤད་པར་གྱུར་པ་དང༌། འཆད་པ་དང༌། འཆད་པར་འགྱུར་བ་དེ་ཐམས་ཅད་གཟུང་བར་འདོད་པ་དང༌། བཅད་པར་འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །འོག་གི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་བཤད་པར་གྱུར་པ་དང༌། འཆད་པ་དང༌། འཆད་པར་འགྱུར་པ་དེ་ཐམས་ཅད་གཟུང་བར་འདོད་པ་དང༌། བཅང་བར་འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སྟེང་གི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅུང་ཟད་བཤད་པར་གྱུར་པ་དང༌། འཆད་པར་དང༌། འཆད་པར་འགྱུར་བ་དེ་ཐམས་ཅད་གཟུང་བར་འདོད་པ་དང༌། བཅང་བར་འདོད་པ་དང༌། ཀླག་པར་འདོད་པ་དང༌། ཀུན་ཆུབ་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་དུ་བསྒྲུབ་པར་འདོད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་གཟུངས་དང་སྤོབས་པ་དང་ལྡན་པ་བཀོད་མ་ལྟ་བུའོ། །

ཆོས་ཀྱི་དགའ་སྟོན་དང་ལྡན་པ་སྒྲ་དབྱངས་སྙན་པ་ལྟ་བུ།


DTG082_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་པ་མུན་ནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་དག་གི་ཡང་འོད་ཀྱི་གནས་མེད་པ་གང་ཡིན་པ་དེ་ཐམས་ཅད་སྣང་བར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་པ་མུན་ནག་སྨག་ཏུ་གྱུར་


DTG082_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་དུ་ཉི་མ་དང་ཟླ་བ་དག་གི་ཡང་འོད་ཀྱི་གནས་མེད་པ་གང་ཡིན་པ་དེ་ཐམས་ཅད་སྣང་པར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་ནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་དག་གི་ཡང་འོད་ཀྱི་གནས་མེད་པ་གང་ཡིན་པ་དེ་ཐམས་ཅད་སྣང་བར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་པ་མུན་ནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་དག་གི་ཡང་འོད་ཀྱི་གནས་མེད་པ་གང་ཡིན་པ་དེ་ཐམས་ཅད་སྣང་བར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་པ་མུན་ནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་དག་གི་ཡང་འོད་ཀྱི་གནས་མེད་པ་གང་ཡིན་པ་དེ་ཐམས་ཅད་སྣང་བར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་པ་མུན་ནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་དག་གི་ཡང་འོད་ཀྱི་གནས་མེད་པ་གང་ཡིན་པ་དེ་ཐམས་ཅད་སྣང་བར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྷོ་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་པ་མུན་ནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་དག་གི་ཡང་འོད་ཀྱི་གནས་མེད་པ་གང་ཡིན་པ་དེ་ཐམས་ཅད་སྣང་བར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནུབ་བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་པ་མུན་ནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་དག་གི་ཡང་འོད་ཀྱི་གནས་མེད་པ་གང་ཡིན་པ་དེ་ཐམས་ཅད་སྣང་བར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་པ་མུན་ནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་དག་གི་ཡང་འོད་ཀྱི་གནས་མེད་པ་གང་ཡིན་པ་དེ་ཐམས་ཅད་སྣང་བར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་


DTG082_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ལ་བསླབ་པར་བྱའོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་མུན་པ་མུན་ནག་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་དག་གི་ཡང་འོད་ཀྱི་གནས་མེད་པ་གང་ཡིན་པ་དེ་ཐམས་ཅད་སྣང་བར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་ཡང་དག་པར་སྒྲོགས་པར་འདོད་པ་དང༌། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་ཡང་དག་པར་སྒྲོགས་པར་འདོད་པ་དང༌། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་ཡང་དག་པར་སྒྲོགས་པར་འདོད་པ་དང༌། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་ཡང་དག་པར་སྒྲོགས་པར་འདོད་པ་དང༌། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་


DTG082_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་ཡང་དག་པར་སྒྲོགས་པར་འདོད་པ་དང༌། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་ཡང་དག་པར་སྒྲོགས་པར་འདོད་པ་དང༌། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྷོ་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་སྒྲོགས་པར་འདོད་པ་དང༌། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནུབ་བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་སྒྲོགས་པར་འདོད་པ་དང༌། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་སྒྲོགས་པར་འདོད་པ་དང༌། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་


DTG082_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་མ་སྙེད་རྣམས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་སྒྲོགས་པར་འདོད་པ་དང༌། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཆོས་ཀྱི་དགའ་སྟོན་དང་ལྡན་པ་སྒྲ་དབྱངས་སྙན་པ་ལྟ་བུའོ། །

བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ཆུ་བོའི་རྒྱུན་ལྟ་བུ།


DTG082_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་མུན་པའི་མཐུས་ལྡོངས་པར་གྱུར་པའི་སེམས་ཅན་གང་དག་ཡིན་པ་དེ་དག་མིག་གིས་གཟུགས་མཐོང་བར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་འོན་པ་རྣམས་རྣ་བས་སྒྲ་ཐོས་པར་བྱའོ་སྙམ་པ་དང༌། སྨྱོན་པ་རྣམས་དྲན་པ་ཐོབ་པར་བྱའོ་སྙམ་པ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་བཀྲིས་པ་རྣམས་ལུས་ཡོངས་སུ་རྒྱས་པར་བྱའོ་སྙམ་པ་དང༌། སེམས་ཅན་སྐོམ་པ་རྣམས་སྐོམ་པ་དང་བྲལ་བར་བྱའོ་སྙམ་པ་དང༌། སེམས་ཅན་ལོག་པར་ལྟུང་བར་སྐྱེས་པ་རྣམས་ལོག་པར་ལྟུང་བ་ཐམས་ཅད་ལས་རྣམ་པར་གྲོལ་བར་བྱ་ཞིང་མིའི་ལུས་ཐོབ་པར་བྱའོ་སྙམ་པ་དང༌། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་མ་གྲོལ་བ་རྣམས་རྣམ་པར་གྲོལ་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་གྲོལ་པའི་ཡེ་ཤེས་མ་མཐོང་བ་རྣམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་དགོད་པར་བྱའོ་སྙམ་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་དགོད་པར་བྱའོ་སྙམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། ཕྱིར་མི་འོང་བའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། དགྲ་བཅོམ་པ་ཉིད་ལ་


DTG082_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པར་བྱའོ་སྙམ་པ་དང༌། རང་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་འདོད་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་གང་དག་མུན་པའི་མཐུས་ལྡོངས་པར་གྱུར་པ་དེ་དག་མིག་གིས་གཟུགས་མཐོང་བར་བྱའོ་སྙམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་འོན་པ་རྣམས་རྣ་བས་སྒྲ་ཐོས་པར་བྱའོ་སྙམ་པ་དང༌། སྨྱོན་པ་རྣམས་དྲན་པ་ཐོབ་པར་བྱའོ་སྙམ་པ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་བཀྲེས་པ་རྣམས་ལུས་ཡོངས་སུ་རྒྱས་པར་བྱའོ་སྙམ་པ་དང༌། སྐོམ་པ་རྣམས་སྐོམ་པ་དང་བྲལ་བར་བྱའོ་སྙམ་པ་དང༌། ལོག་པར་ལྟུང་བར་སྐྱེས་པའི་སེམས་ཅན་རྣམས་ལོག་པར་ལྟུང་བ་དེ་ཐམས་ཅད་ལས་རྣམ་པར་བཀྲོལ་ཏེ་མིའི་ལུས་ཐོབ་པར་བྱའོ་སྙམ་པ་དང༌། ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། སེམས་མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་མ་གྲོལ་བ་རྣམས་རྣམ་པར་གྲོལ་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་གྲོལ་པའི་ཡེ་ཤེས་མ་མཐོང་བ་རྣམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་དགོད་པར་བྱའོ་སྙམ་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ་སྙམ་པ་དང༌། རང་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་


DTG082_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་གང་དག་མུན་པའི་མཐུས་ལྡོངས་པར་གྱུར་པ་དེ་དག་མིག་གིས་གཟུགས་མཐོང་བར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་འོན་པ་རྣམས་རྣ་བས་སྒྲ་ཐོས་པར་བྱའོ་སྙམ་པ་དང༌། སྨྱོན་པ་རྣམས་དྲན་པ་ཐོབ་པར་བྱའོ་སྙམ་པ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་བཀྲེས་པ་རྣམས་ལུས་ཡོངས་སུ་རྒྱས་པར་བྱའོ་སྙམ་པ་དང༌། སེམས་ཅན་སྐོམ་པ་རྣམས་སྐོམ་པ་དང་བྲལ་བར་བྱའོ་སྙམ་པ་དང༌། སེམས་ཅན་ལོག་པར་ལྟུང་བ་རྣམས་ལོག་པར་ལྟུང་བ་ཐམས་ཅད་ལ་རྣམ་པར་བཀྲོལ་ཏེ་མིའི་ལུས་ཐོབ་པར་བྱའོ་སྙམ་པ་དང༌། ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་མ་གྲོལ་བ་རྣམས་རྣམ་པར་གྲོལ་པའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མ་མཐོང་བ་རྣམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་དགོད་པར་བྱའོ་སྙམ་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ་སྙམ་པ་དང༌། རང་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་གང་དག་མུན་པའི་མཐུས་ལྡོངས་པར་གྱུར་པ་དེ་དག་ཐམས་ཅད་མིག་གིས་གཟུགས་མཐོང་བར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་འོན་པ་རྣམས་རྣ་


DTG082_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྒྲ་ཐོས་པར་བྱའོ་སྙམ་པ་དང༌། སྨྱོན་པ་རྣམས་དྲན་པ་ཐོབ་པར་བྱའོ་སྙམ་པ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་བཀྲེས་པ་རྣམས་ལུས་ཡོངས་སུ་རྒྱས་པར་བྱའོ་སྙམ་པ་དང༌། སེམས་ཅན་སྐོམ་པ་རྣམས་སྐོམ་པ་དང་བྲལ་བར་བྱའོ་སྙམ་པ་དང༌། སེམས་ཅན་ལོག་པར་ལྟུང་བར་སྐྱེས་པ་རྣམས་ལོག་པར་ལྟུང་བ་ཐམས་ཅད་ལས་རྣམ་པར་བཀྲོལ་ཏེ་མིའི་ལུས་ཐོབ་པར་བྱའོ་སྙམ་པ་དང༌། ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། སེམས་མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་མ་གྲོལ་བ་རྣམས་རྣམ་པར་གྲོལ་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མ་མཐོང་བ་རྣམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ་སྙམ་པ་དང༌། རང་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་གང་དག་མུན་པའི་མཐུས་ལྡོངས་པར་གྱུར་པ་དེ་དག་མིག་གིས་གཟུགས་མཐོང་བར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་འོན་པ་རྣམས་རྣ་བས་སྒྲ་ཐེས་པར་བྱའོ་སྙམ་པ་དང༌། སྨྱོན་པ་རྣམས་དྲན་པ་ཐོབ་པར་བྱའོ་སྙམ་པ་དང༌། གཅེར་བུ་རྣམས་གོང་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་བཀྲེས་པ་རྣམས་ལུས་ཡོངས་སུ་རྒྱས་པར་བྱའོ་སྙམ་པ་དང༌། སེམས་ཅན་སྐོམ་པ་རྣམས་སྐོམ་པ་དང་བྲལ་


DTG082_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ་སྙམ་པ་དང༌། སེམས་ཅན་ལོག་པར་ལྟུང་བར་སྐྱེས་པ་རྣམས་ལོག་པར་ལྟུང་བ་ཐམས་ཅད་ལས་རྣམ་པར་བཀྲོལ་ཏེ་མིའི་ལུས་ཐོབ་པར་བྱའོ་སྙམ་པ་དང༌། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་མ་གྲོལ་བ་རྣམས་རྣམ་པར་གྲོལ་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མ་མཐོང་བ་རྣམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ་སྙམ་པ་དང༌། རང་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་གང་དག་མུན་པའི་མཐུས་ལྡོངས་པར་གྱུར་པ་དེ་དག་མིག་གིས་གཟུགས་མཐོང་བར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་འོན་པ་རྣམས་རྣ་བས་སྒྲ་ཐོས་པར་བྱའོ་སྙམ་པ་དང༌། སྨྱོན་པ་རྣམས་དྲན་པ་ཐོབ་པར་བྱའོ་སྙམ་པ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་བཀྲེས་པ་རྣམས་ལུས་ཡོངས་སུ་རྒྱས་པར་བྱའོ་སྙམ་པ་དང༌། སེམས་ཅན་སྐོམ་པ་རྣམས་སྐོམ་པ་དང་བྲལ་བར་བྱའོ་སྙམ་པ་དང༌། སེམས་ཅན་ལོག་པར་ལྟུང་བར་སྐྱེས་པ་རྣམས་ལོག་པར་ལྟུང་བ་ཐམས་ཅད་ལས་གྲོལ་ཏེ་མིའི་ལུས་ཐོབ་པར་བྱའོ་སྙམ་པ་དང༌། ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌།


DTG082_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་མ་གྲོལ་བ་རྣམས་རྣམ་པར་གྲོལ་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་གྲོལ་པའི་ཡེ་ཤེས་མ་མཐོང་བ་རྣམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ་སྙམ་པ་དང༌། རང་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྷོ་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་གང་དག་མུན་པའི་མཐུས་ལྡོངས་པར་གྱུར་པ་དེ་དག་མིག་གིས་གཟུགས་མཐོང་བར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་འོན་པ་རྣམས་རྣ་བས་སྒྲ་ཐོས་པར་བྱའོ་སྙམ་པ་དང༌། སྨྱོན་པ་རྣམས་དྲན་པ་ཐོབ་པར་བྱའོ་སྙམ་པ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་བཀྲེས་པ་རྣམས་ལུས་ཡོངས་སུ་རྒྱས་པར་བྱའོ་སྙམ་པ་དང༌། སེམས་ཅན་སྐོམ་པ་རྣམས་སྐོམ་པ་དང་བྲལ་བར་བྱའོ་སྙམ་པ་དང༌། སེམས་ཅན་ལོག་པར་ལྟུང་བར་སྐྱེས་པ་རྣམས་ལོག་པར་ལྟུང་བ་ཐམས་ཅད་ལས་རྣམ་པར་བཀྲོལ་ཏེ་མིའི་ལུས་ཐོབ་པར་བྱའོ་སྙམ་པ་དང༌། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་མ་གྲོལ་བ་རྣམས་རྣམ་པར་གྲོལ་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་


DTG082_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲོལ་བའི་ཡེ་ཤེས་མ་མཐོང་བ་རྣམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ་སྙམ་པ་དང༌། རང་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནུབ་བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་གང་དག་མུན་པའི་མཐུས་ལྡོངས་པར་གྱུར་པ་འདི་དག་མིག་གིས་གཟུགས་མཐོང་བར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་འོན་པ་རྣམས་རྣ་བས་སྒྲ་ཐོས་པར་བྱའོ་སྙམ་པ་དང༌། སྨྱོན་པ་རྣམས་དྲན་པ་ཐོབ་པར་བྱའོ་སྙམ་པ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་བཀྲེས་པ་རྣམས་ལུས་ཡོངས་སུ་རྒྱས་པར་བྱའོ་སྙམ་པ་དང༌། སེམས་ཅན་སྐོམ་པ་རྣམས་སྐོམ་པ་དང་བྲལ་བར་བྱའོ་སྙམ་པ་དང༌། སེམས་ཅན་ལོག་པར་ལྟུང་བར་སྐྱེས་པ་རྣམས་ལོག་པར་ལྟུང་བ་ཐམས་ཅད་ལས་རྣམ་པར་བཀྲོལ་ཏེ་མིའི་ལུས་ཐོབ་པར་བྱའོ་སྙམ་པ་དང༌། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་མ་གྲོལ་བ་རྣམས་རྣམ་པར་གྲོལ་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མ་མཐོང་བ་རྣམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌།


DTG082_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ་སྙམ་པ་དང༌། རང་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་གང་དག་མུན་པའི་མཐུས་ལྡོངས་པར་གྱུར་པ་དེ་དག་མིག་གིས་གཟུགས་མཐོང་བར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་འོན་པ་རྣམས་རྣ་བས་སྒྲ་ཐོས་པར་བྱའོ་སྙམ་པ་དང༌། སྨྱོན་པ་རྣམས་དྲན་པ་ཐོབ་པར་བྱའོ་སྙམ་པ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་བཀྲེས་པ་རྣམས་ལུས་ཡོངས་སུ་རྒྱས་པར་བྱའོ་སྙམ་པ་དང༌། སེམས་ཅན་སྐོམ་པ་རྣམས་སྐོམ་པ་དང་བྲལ་བར་བྱའོ་སྙམ་པ་དང༌། སེམས་ཅན་ལོག་པར་ལྟུང་བར་སྐྱེས་པ་རྣམས་ལོག་པར་ལྟུང་བ་ཐམས་ཅད་ལས་རྣམ་པར་བཀྲོལ་ཏེ་མིའི་ལུས་ཐོབ་པར་བྱའོ་སྙམ་པ་དང༌། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་མ་གྲོལ་བ་རྣམས་རྣམ་པར་གྲོལ་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་གྲོལ་པའི་ཡེ་ཤེས་མ་མཐོང་བ་རྣམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ་སྙམ་པ་དང༌། རང་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སྟེང་


DTG082_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་གང་དག་མུན་པའི་མཐུས་ལྡོངས་པར་གྱུར་པ་དེ་དག་མིག་གིས་གཟུགས་མཐོང་བར་བྱའོ་སྙམ་པ་དང༌། དེ་བཞིན་དུ་འོན་པ་རྣམས་རྣ་བས་སྒྲ་ཐོས་པར་བྱའོ་སྙམ་པ་དང༌། སྨྱོན་པ་རྣམས་དྲན་པ་ཐོབ་པར་བྱའོ་སྙམ་པ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་བཀྲེས་པ་རྣམས་ལུས་ཡོངས་སུ་རྒྱས་པར་བྱའོ་སྙམ་པ་དང༌། སེམས་ཅན་སྐོམ་པ་རྣམས་སྐོམ་པ་དང་བྲལ་བར་བྱའོ་སྙམ་པ་དང༌། སེམས་ཅན་ལོག་པར་ལྟུང་བར་སྐྱེས་པ་རྣམས་ལོག་པར་ལྟུང་བ་ཐམས་ཅད་ལས་རྣམ་པར་བཀྲོལ་ཏེ་མིའི་ལུས་ཐོབ་པར་བྱའོ་སྙམ་པ་དང༌། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་མ་གྲོལ་བ་རྣམས་རྣམ་པར་གྲོལ་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མ་མཐོང་བ་རྣམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ་སྙམ་པ་དང༌། རང་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ཆུ་བོའི་རྒྱུན་ལྟ་བུའོ། །

ཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུ།


DTG082_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ལམ་སྟོན་པར་འདོད་པ་དང༌། དེ་བཞིན་གཤེགས་པའི་སྤྱོད་པ་དང༌། ཚུལ་རྣམ་པར་དག་པ་དང༌། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་དང༌། གསུང་གི་


DTG082_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་དང༌། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་ཡོངས་སུ་དག་པ་དང༌། གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་གིས་སེམས་ཅན་རྣམས་ལ་ཐོགས་པ་མེད་པར་ཆོས་བསྟན་པར་འགྱུར། ཇི་ལྟར་ན་བདག་གིས་སེང་གེ་ཆེན་པོའི་རྣམ་པར་འགྱིངས་པས་རྣམ་པར་བསྒྱིངས་པར་འགྱུར། ཇི་ལྟར་ན་བདག་གིས་དོན་ཡོད་པའི་རྣམ་པར་གནོན་པས་རྣམ་པར་གནོན་པར་བྱ། ཇི་ལྟར་ན་བདག་ས་ཆེན་པོ་ལ་སོར་བཞི་ཙམ་གྱིས་རྐང་པ་མི་རེག་པར་འགྲོ་བར་འགྱུར། ཇི་ལྟར་ན་བདག་གིས་པདྨོ་འདབ་མ་སྟོང་དང་ལྡན་པ་ལ་རྐང་པ་གཉིས་ཀྱི་མཐིལ་བཞག་ཅིང་རྐང་པའི་འོག་ན་གནས་པའི་སྲོག་ཆགས་རྣམས་ལ་མི་གནོད་པར་འགྲོ་བར་བྱ། ཇི་ལྟར་ན་བདག་རྐང་པའི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་ཀྱིས་ས་ཆེན་པོ་ལ་རྣམ་པར་བྲིས་ཏེ་འགྲོ་བར་འགྱུར། ཇི་ལྟར་ན་བདག་ས་ཆེན་པོ་ལ་འཁོར་ཀུན་ཏུ་འཁོར་ལོ་ཙམ་གྱི་ཁྱོན་ཡོངས་སུ་བསྐོར་ཞིང་འཆག་ས་ན་འཆག་པར་འགྱུར། ཇི་ལྟར་ན་བདག་ས་ཆེན་པོ་ཐམས་ཅད་དུ་རྒྱུ་ཞིང་སོང་ཡང་སའི་རྡུལ་གྱིས་མི་གོས་པར་འགྱུར། ཇི་ལྟར་ན་བདག་དཔག་ཚད་གཅིག་གམ། གཉིས་སམ། གསུམ་མམ། བཞིའམ། ལྔའམ། བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། དཔག་ཚད་བརྒྱའམ། དཔག་ཚད་སྟོང་ངམ། དཔག་ཚད་བརྒྱ་ཕྲག་སྟོང་ནས། དཔག་ཚད་ཚད་མེད་པའམ། གྲངས་མེད་པའམ། བསམ་གྱིས་མི་ཁྱབ་པའམ། མཚུངས་པ་མེད་པའམ། མཐའ་ཡས་པའམ། ཀུན་ཏུ་མཐའ་ཡས་པའམ། གཞལ་དུ་མེད་པའམ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སངས་རྒྱས་ཀྱི་ཞིང་དག་ཏུ་རྒྱུ་སྟེ་སོང་ཡང་ལུས་དང་སེམས་ལ་དུབ་པ་མེད་པར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་བདག་


DTG082_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྐང་པའི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་ནས་འོད་ཟེར་བྱ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་བཀྱེ་སྟེ། མི་ཁོམ་པ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱས་ནས། སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་པ་རྣམས་དང༌། ཚངས་པའི་མདུན་ན་འདོན་རྣམས་དང༌། ཚངས་འཁོར་བ་རྣམས་དང༌། ཚངས་ཆེན་པོ་རྣམས་དང༌། འོད་ཆུང་བ་རྣམས་དང༌། ཚད་མེད་འོད་རྣམས་དང༌། འོད་གསལ་བ་རྣམས་དང༌། དགེ་ཆུང་བ་རྣམས་དང༌། ཚད་མེད་དགེ་བ་རྣམས་དང༌། དགེ་རྒྱས་པ་རྣམས་དང༌། སྤྲིན་མེད་པ་རྣམས་དང༌། བསོད་ནམས་སྐྱེས་པ་རྣམས་དང༌། འབྲས་བུ་ཆེ་བ་རྣམས་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས་དང༌། མི་སྤོང་བ་རྣམས་དང༌། མི་གདུང་བ་རྣམས་དང༌། ལེགས་མཐོང་བ་རྣམས་དང༌། རབ་ལྟ་བ་རྣམས་དང༌། འོག་མིན་པ་རྣམས་ཀྱིས་ཀུན་ནས་བསྐོར་ཞིང་མདུན་དུ་བདར་ནས་བྱང་ཆུབ་ཀྱི་སྙིང་པོའི་ཤིང་དྲུང་གང་ན་བ་དེར་འགྲོ་བར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བྱང་ཆུབ་ཀྱི་སྙིང་པོའི་ཤིང་དྲུང་ན་འདུག་པའི་ཚེ། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌།


DTG082_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་རྣམས་སྟན་འདིང་བར་འགྱུར་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བའི་ས་ཕྱོགས་དེ་དག་རྡོ་རྗེའི་རང་བཞིན་དུ་གནས་པར་འགྱུར་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་ཉི་མ་གང་ལ་མངོན་པར་བྱུང་བ་ན་དེ་ཉིད་ཀྱི་ཉི་མ་ལ་ནག་པོའི་ཕྱོགས་འཁོར་དང་བཅས་པ་ཕམ་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། མངོན་པར་རྫོགས་པར་སངས་རྒྱས་ནས་ནི། ཇི་ལྟར་ཉི་མ་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། འཁོར་ལོ་བསྐོར་ནས་ཇི་ལྟར་གྲངས་མེད་གཞལ་དུ་མེད་པའི་སེམས་ཅན་རྣམས་རྡུལ་དང་བྲལ་ཏེ་དྲི་མ་དང་བྲལ་ནས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་བྱ། གྲངས་མེད་གཞལ་དུ་མེད་པའི་སེམས་ཅན་རྣམས་ནི་ཇི་ལྟར་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་བྱ། གྲངས་མེད་གཞལ་དུ་མེད་པའི་སེམས་ཅན་རྣམས་ནི་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱ་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་


DTG082_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ཚེ། ཉན་ཐོས་ཀྱི་དགེ་འདུན་ནི་གཞལ་དུ་མེད་གྲངས་མེད་པར་འགྱུར་སྙམ་བ་དང༌། ཆོས་བསྟན་པ་གཅིག་གིས་སྟན་གཅིག་པའི་དགྲ་བཅོམ་པ་རྣམས་གཞལ་དུ་མེད་གྲངས་མེད་པར་འགྱུར་སྙམ་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟན་གཅིག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་སྙམ་པ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་གཞལ་དུ་མེད་གྲངས་མེད་པར་འགྱུར་སྙམ་པ་དང༌། དེའི་ཚེ་ཚད་ནི་དཔག་ཏུ་མེད་པར་འགྱུར་སྙམ་པ་དང༌། འོད་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པར་འགྱུར་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེར་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་སྒྲ་ཡང་མི་གྲག་པར་བྱ་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་རྣམས་སངས་རྒྱས་ཀྱི་ཞིང་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་སྐད་ཅེས་དུལ་བ་ནི་ལེགས་སོ། །ཞི་བ་ནི་ལེགས་སོ། །ཡང་དག་པར་སྡོམ་པ་ནི་ལེགས་སོ། །ཚངས་པར་སྤྱོད་པ་ལ་སྤྱད་པ་ནི་ལེགས་སོ། །སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་མི་འཚེ་བ་ནི་ལེགས་སོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་པ་གང་ཡིན་པ་དེ་ལྟ་བུའི་རང་བཞིན་གྱི་ཤེས་རབ་དང་ལྡན་པར་འགྱུར་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་


DTG082_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་ཡོངས་སུ་མྱ་ངན་ལས་འདས་ཀྱང་དམ་པའི་ཆོས་ནུབ་ཅེས་བྱ་བའི་སྒྲ་ཡང་མི་གྲག་པར་བྱ་སྙམ་པ་དང༌། ཇི་ལྟར་ན་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གང་དག་ཡིན་པ་དེ་དག་བདག་གི་མིང་ཐོས་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གང་གི་ཚེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཡོན་ཏན་འདི་དག་བསྒྲུབ་པར་གྱུར་པ་དེའི་ཚེ། རྒྱལ་པོ་ཆེན་པོ་བཞི་པོ་གང་དག་ཡིན་པ་དེ་དག་འདི་སྙམ་དུ་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་སྔོན་གྱི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ལྷུང་བཟེད་རྣམས་ཕུལ་བ་བཞིན་དུ་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ལྷུང་བཟེད་བཞི་པོ་རྣམས་དབུལ་བར་བྱའོ་སྙམ་དུ་སེམས་པར་འགྱུར་རོ། །བདག་ཅག་གིས་འདི་ལ་བསྙེན་བཀུར་དང་རིམ་གྲོ་བྱའོ་ཞེས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དགའ་བར་འགྱུར་ཞིང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱང་སྤྲོ་བར་འགྱུར་རོ། །དེ་ལྟར་ལྷ་མ་ཡིན་གྱི་རིས་རྣམས་ནི་འགྲིབ་པར་འགྱུར་རོ། །ལྷའི་རིས་རྣམས་ནི་འཕེལ་བར་འགྱུར་རོ། །ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་གང་དག་ཡིན་པ་དེ་དག་འདི་སྙམ་དུ་བདག་ཅག་གིས་འདི་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་གསོལ་བ་གདབ་པར་བྱའོ་སྙམ་དུ་དགའ་བར་འགྱུར་རོ། །ཤཱ་རིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་


DTG082_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པར་འཕེལ་བར་འགྱུར་བ་དེའི་ཚེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་རྣམས་ཀྱང་བདག་ཅག་ནི་སེམས་ཅན་ཆེན་པོ་འདིའི་ཕ་དང༌། མ་དང༌། ཕུ་ནུ་དང༌། སྲིང་མོ་དང༌། ཆུང་མ་དང༌། བུ་དང༌། བུ་མོ་དང༌། མཛའ་བོ་དང༌། བློན་པོ་དང༌། གཉེན་བཤེས་དང༌། གྲོགས་པོ་དང༌། བཤེས་པར་འགྱུར་རོ་སྙམ་སྟེ་དགའ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་དང༌། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བཙུན་མོའི་འཁོར་དབུལ་ལོ་སྙམ་པས་དགའ་བར་འགྱུར་རོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡིན་པ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཚངས་པར་སྤྱོད་པར་འགྱུར་བ་ཡིན་ཏེ། འདུལ་བ་དང་མཐུན་པའི་ཆོས་ཀྱིས་སྦྱོར་བ་མ་ཡིན་གྱི། དེ་ནི་འདི་སྙམ་དུ་འདོད་པ་བསྟེན་ཅིང་མི་ཚངས་པར་སྤྱོད་པས་ནི་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ལ་ཡང་བར་དུ་གཅོད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྟ་ཅི་སྨོས། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་མངོན་པར་བྱུང་ནས་ཚངས་པར་སྤྱད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའི། །ཚངས་པར་མི་སྤྱོད་པར་མི་བྱའོ་སྙམ་དུ་སེམས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་བ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །


DTG082_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕ་དང༌། མ་དང༌། མཆིས་འབྲང་དང༌། བུ་དང༌། བུ་མོ་རྣམས་གདོན་མི་ཟ་བར་འཚལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་ཕ་དང༌། མ་དག་གམ། ཆུང་མ་དང༌། བུ་དང༌། བུ་མོ་དང༌། གྲོགས་བཤེས་དང༌། གཉེན་དང༌། སྣག་གི་གཉེན་མཚམས་རྣམས་གདོན་མི་ཟ་བར་དགོས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་སེམས་དང་པོ་བསྐྱེད་ཕྱིན་ཆད་ཚངས་པར་སྤྱོད་པ་ཡང་དག་ལེན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་གཞོན་ནུར་གྱུར་པ་ཁོ་ན་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱད་དེ། ཆུང་མའི་འཁོར་གྱི་ནང་ནས་མངོན་པར་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། སྒྱུའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་སྒྱུ་མ་ལ་ཤིན་ཏུ་བསླབས་པ་དེས་འདོད་པའི་ཡོན་ཏན་ལྔ་པོ་རྣམས་མངོན་པར་སྤྲུལ་ནས་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་གིས་དགའ་ཞིང་རྩེ་ལ་ཡོངས་སུ་སྤྱོད་ན། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་དང༌། སྒྱུ་མའི་མཁན་པོའི་མཆན་བུ་དེས་འདོད་པའི་ཡོན་ཏན་ལྔ་ལ་མྱངས་པ་འམ་ཡོངས་སུ་སྤྱད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཐབས་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་རྒྱུར་འདོད་པའི་ཡོན་ཏན་རྣམས་ཡོངས་སུ་སྤྱོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པའི་ཡོན་ཏན་རྣམས་ཀྱིས་གོས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྣམ་གྲངས་དུ་མས་འདོད་པ་


DTG082_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྐྱོན་དུ་བརྗོད་དེ། འདོད་པ་རྣམས་ནི་ཀུན་ནས་འབར་བའོ། །འདོད་པ་རྣམས་ནི་རབ་ཏུ་སྨད་པའོ། །འདོད་པ་རྣམས་ནི་གསོད་པའོ། །འདོད་པ་རྣམས་ནི་དགྲའོ། །འདོད་པ་རྣམས་ནི་ཕྱིར་རྒོལ་བའོ་ཞེས་རྣམ་གྲངས་དུ་མར་འདོད་པ་རྣམས་ལ་སྐྱོན་བརྗོད་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་རྒྱུར་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུའོ། །དེ་ལྟར་སེམས་བསྐྱེད་པ་བཤད་པ་ཡིན་ནོ། །

གདམས་ངག་བཤད་པ།

སྒྲུབ་པ་ལ་གདམས་པ།


DTG082_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།། སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་


DTG082_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཡང་བྱང་ཆུབ་སེམས་དཔའི་རང་བཞིན་གྱིས་སྟོང་ངོ༌། །བྱང་ཆུབ་སེམས་དཔའི་མིང་ཡང་བྱང་ཆུབ་སེམས་དཔའི་མིང་གིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ཏེ། འདི་ལྟར་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་སྟོང་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན། འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་ཤེས་མ་ཡིན། འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་བྱེད་རྣམས་མ་ཡིན། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །གཟུགས་ལས་གཞན་ན་སྟོང་པ་ཉིད་མེད། ཚོར་བ་ལས་གཞན་ན་སྟོང་པ་ཉིད་མེད། ཚོར་བ་ལས་གཞན་ན་སྟོང་པ་ཉིད་མེད། འདུ་ཤེས་ལས་གཞན་ན་སྟོང་པ་ཉིད་མེད། འདུ་བྱེད་རྣམས་ལས་གཞན་ན་སྟོང་པ་ཉིད་མེད། རྣམ་པར་ཤེས་པ་ལས་གཞན་ན་སྟོང་པ་ཉིད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་སྟོང་པ་ཉིད་དོ། །ཚོར་བ་ཉིད་སྟོང་པ་ཉིད་དོ། །འདུ་ཤེས་ཉིད་སྟོང་པ་ཉིད་དོ། །འདུ་བྱེད་རྣམས་ཉིད་སྟོང་པ་ཉིད་དོ། །རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཉིད་གཟུགས་སོ། །སྟོང་པ་ཉིད་ཉིད་ཚོར་བའོ། །སྟོང་པ་ཉིད་ཉིད་འདུ་ཤེས་སོ། །སྟོང་པ་ཉིད་ཉིད་འདུ་བྱེད་རྣམས་སོ། །སྟོང་པ་ཉིད་ཉིད་རྣམ་པར་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། གཟུགས་ནི་སྒྱུ་མ་ལྟ་བུའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ། །སྒྱུ་མ་ཡང་མིང་ཙམ་སྟེ། ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་ཡང་མ་ཡིན་ནོ། །སྒྱུ་མ་མཐོང་བ་ནི་དེ་བཞིན་ཉིད་དང་བྲལ་བ་མཐོང་པ་དང་མཚུངས་སོ། །


DTG082_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ནི་སྐྱེ་བ་མེད་པ། འགག་པ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པ་རྣམ་པར་བྱང་བ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་ཆོས་སོ་སོ་ལ་བཅོས་མ་ཡིན་ཞིང་དེ་དག་ཀྱང་བརྟགས་པ་ཡིན་ཏེ། མིང་གློ་བུར་ལ་ཐ་སྙད་དུ་བྱེད་པ་ཡིན་ནོ། །མིང་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡང་དག་པར་རྗེས་སུ་མ་མཐོང་བས་ན་མངོན་པར་མི་ཞེན་ཏོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་རྟོག་སྟེ། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ།། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། བདག་བདག་ཅེས་བྱ་བ་འདི་ནི་ཐ་སྙད་དུ་བརྗོད་མོད་ཀྱི། བདག་དམིགས་སུ་མེད་དོ། །སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་དམིགས་སུ་མེད་དེ་མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ནི་གང་གིས་མངོན་པར་ཆགས་པར་འགྱུར་བ་དེ་ཡང་ཡང་དག་པར་མི་དམིགས་ཏེ། ཤཱ་རིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤཱ་རིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཤ་སྟག་གིས་འདི་


DTG082_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱུག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང༌། དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། བརྒྱ་སྟོང་ནས། བྱེ་བ་བརྒྱ་སྟོང་གི་ཆ་དང༌། གྲངས་སུ་དང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཉིན་གཅིག་བསྒོམས་པ་གང་ཡིན་པ་དེས་ནི་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཤེས་རབ་ནི་དེ་ལྟ་མ་ཡིན་ནོ། །ཤཱ་རིའི་བུ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག །ཤཱ་རིའི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགེ་སློང་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན་འདམ་བུའི་ཚལ་ལམ་འོད་མའི་ཚལ་ལམ་བུར་མ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉི་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་ཁེངས་པ།


DTG082_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཞོག་གི །ཤཱ་རིའི་བུ་གལ་ཏེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆར་ཡང༌། བརྒྱ་སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན་འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ།། ཤཱ་རིའི་བུ་གལ་ཏེ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང༌། དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌།


DTG082_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བ་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་བྱང་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་


DTG082_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་ལྷོ་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ།། ཤཱ་རིའི་བུ་གལ་ཏེ་ནུབ་བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་


DTG082_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་ཤེས་རབ་དང༌། གང་ཡང་རང་སངས་རྒྱས་ཀྱི་ཤེས་རབ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་གང་ལགས་པའི་ཤེས་རབ་དེ་དག་ཐམས་ཅད་ནི་དབྱེ་བ་མེད་པ། དབེན་པ། མ་སྐྱེས་པ། ངོ་བོ་མེད་པ། སྟོང་པ་ཉིད་ལགས་ཤིང༌། བཅོམ་ལྡན་འདས་དབྱེ་བ་མེད་བ། དབེན་པ། མ་སྐྱེས་པ། ངོ་བོ་མེད་པ། སྟོང་པ་ལ་ནི་ཐ་དད་དུ་བྱ་བའམ། ཁྱད་པར་དམིགས་སུ་མ་མཆིས་ན། བཅོམ་ལྡན་འདས་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་གདུགས་གཅིག་བསྒོམས་པ་གང་ལགས་པ་དེས་ཉན་ཐོས་དང་རང་སངས་རྒྱས་ཟིལ་གྱིས་གནོན་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་


DTG082_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་བུ་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ་དང༌། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང༌། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའོ་ཞེས་འབྲས་བུ་གང་གི་དོན་དུ་ཉེ་བར་གནས་པ་དེའི་དོན་དུ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཉེ་བར་གནས་སམ་ཅི། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཅི་གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་སེམས་སམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེས་ན་རྣམ་གྲངས་འདིས་ཀྱང་ཁྱེད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། གང་འདི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཅི་གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ཏེ། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་


DTG082_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་སེམས་སམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞལ་དུ་མེད་ཚད་མེད་གྲངས་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་སེམས་སོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། སྲོག་ཆགས་ཀྱི་རིགས་སྲིན་བུ་མེ་ཁྱེར་ནི་འདི་ལྟར་བདག་གི་སྣང་བས་འཛམ་བུའི་གླིང་ཀུན་ཏུ་སྣང་བར་བྱའོ། །བདག་གི་འོད་ཀྱིས་འཛམ་བུའི་གླིང་གསལ་བར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་འདི་ལྟར་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ་མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་


DTG082_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་མི་སེམས་སོ།། །།བམ་པོ་བཞི་པ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་འཆར་བ་ནི་འཛམ་བུའི་གླིང་ཐམས་ཅད་སྣང་བས་གསལ་བར་བྱེད་དོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱས་ཤིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ཏེ། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ཐམས་ཅད་ལས་འདས་ཤིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་པ་དང༌། བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྦྱོང་བ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཆོས་ལ་གནས་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ལས་འདའ་བར་བྱེད་དེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་པར་བྱེད། བྱང་ཆུབ་ཀྱི་ལམ་ཡང་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་རྒྱུན་མི་འཆད་པར་ཉན་ཐོས་དང༌། རང་སངས་


DTG082_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་གྱུར་པ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་འདིར་རྟག་ཏུ་རྒྱུན་མི་འཆད་པར་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང༌། བསླབ་པའི་གནས་ལྔ་དང༌། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དང༌། འཕགས་པའི་བདེན་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མི་འཇིགས་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམས་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དགེ་བའི་ཆོས་དེ་དག་ལ་སོགས་པ་མང་པོ་ཇི་སྙེད་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དགེ་བའི་ཆོས་དེ་དག་


DTG082_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་བྱུང་བས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་རབ་ཏུ་གདགས་པ་ཡིན། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་རབ་ཏུ་གདགས་པ་ཡིན། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་རབ་ཏུ་གདགས་པ་ཡིན། འཁོར་ལོས་སྒྱུར་པའི་རྒྱལ་པོའི་རིགས་རྣམས་རབ་ཏུ་གདགས་པ་ཡིན། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འཐབ་བྲལ་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། དགའ་ལྡན་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འཕྲུལ་དགའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚངས་རིས་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚངས་འཁོར་བའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚངས་ཆེན་པོའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འོད་ཆུང་གི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚད་མེད་འོད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འོད་གསལ་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། དགེ་ཆུང་གི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚད་མེད་དགེ་བའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། དགེ་རྒྱས་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། སྤྲིན་མེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། བསོད་ནམས་སྐྱེས་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། མི་སྤོང་བའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། མི་གདུང་བའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ལེགས་མཐོང་གི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། རབ་ལྟའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འོག་མིན་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་


DTG082_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་དུ་སྐྱེའོ། །ལན་ཅིག་ཕྱིར་འོང་བ་རྣམས་འཇིག་རྟེན་དུ་སྐྱེའོ། །ཕྱིར་མི་འོང་བ་རྣམས་འཇིག་རྟེན་དུ་སྐྱེའོ། །དགྲ་བཅོམ་པ་རྣམས་འཇིག་རྟེན་དུ་སྐྱེའོ། །རང་སངས་རྒྱས་རྣམས་འཇིག་རྟེན་དུ་སྐྱེའོ། །བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་དུ་སྐྱེའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་སྐྱེའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཡོངས་སུ་སྦྱོར་བར་བགྱིད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཡོན་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ནི་ཡོངས་སུ་དག་པ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པ་པོ་ཡིན་པའི་ཕྱིར་རོ། །ཅི་ཞིག་ནི་སྦྱིན་པ་པོ་ཡིན་ཞེ་ན། དགེ་བའི་ཆོས་རྣམས་ཀྱི་སྦྱིན་པ་པོ་ཡིན་ནོ། །དགེ་བའི་ཆོས་གང་དག་གི་སྦྱིན་པ་པོ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང༌། བསླབ་པའི་གནས་ལྔ་རྣམས་དང༌། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་དང༌། བསམ་གཏན་བཞི་རྣམས་དང༌། ཚད་མེད་པ་བཞི་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། འཕགས་པའི་བདེན་པ་བཞི་རྣམས་དང༌། རྗེས་སུ་དྲན་པ་དྲུག་རྣམས་དང༌། དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང༌། ཡང་དག་པར་སྤོང་བ་བཞི་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་དང༌། དབང་པོ་ལྔ་རྣམས་དང༌། སྟོབས་ལྔ་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་དང༌། འཕགས་པའི་བདེན་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌།


DTG082_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་སྦྱིན་པ་པོ་ཡིན་ནོ་ཞེས་བྱ་བ་ནི་སྒྲུབ་པ་ལ་གདམས་པའོ། །

བདེན་པ་བཞི་ལ་གདམས་པ།


DTG082_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིས་ན་བརྩོན་ཞེས་བརྗོད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཚོར་བ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །འདུ་ཤེས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །འདུ་བྱེད་རྣམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རྣམ་པར་ཤེས་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རྣ་བ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །སྣ་ཚོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །དྲི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ལུས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཡིད་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །སྒྲ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །དྲི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རོ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རེག་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཆོས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །མིག་གི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །གཟུགས་ཀྱི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །


DTG082_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རྣ་བའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །སྒྲའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །སྣའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །དྲིའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །སྣའི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ལྕེའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རོའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ལྕེའི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ལུས་ཀྱི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རེག་གི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཡིད་ཀྱི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཆོས་ཀྱི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །སྡུག་བསྔལ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཀུན་འབྱུང་བ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །འགོག་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ལམ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །མ་རིག་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །འདུ་བྱེད་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རྣམ་པར་ཤེས་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །མིང་དང་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །སྐྱེ་མཆེད་དྲུག་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རེག་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཚོར་བ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །སྲེད་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །


DTG082_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །སྲིད་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །སྐྱེ་བ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། ཉེ་བར་འཁྲུག་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཕྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནས། གཞན་གྱི་དངོས་པོ་སྟོང་པ་ཉིད་ཀྱི་བར་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་འདི་དག་ཐམས་ཅད་ལ་བརྩོན་ན་བརྩོན་ཞེས་བརྗོད་པར་བྱའོ། །དེ་སྟོང་པ་ཉིད་འདི་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བརྩོན་ཞེས་བྱ་བ་བའམ་མི་བརྩོན་ཞེས་བརྗོད་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུགས་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ལ་གདམས་པའོ། །གཟུགས་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་ཤེས་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་རྣམས་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་ཤེས་པ་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །


DTG082_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་ཤེས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་རྣམས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ནི་ཚོར་བར་ཡང་དག་པར་འདུ་བ་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་ནི་འདུ་ཤེས་སུ་ཡང་དག་པར་འདུ་བ་ཡིན་ནོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་ཤེས་ནི་འདུ་བྱེད་རྣམས་སུ་ཡང་དག་པར་འདུ་བ་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་རྣམས་ནི་རྣམ་པར་ཤེས་པར་འདུ་བ་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་ཤེས་པ་ནི་ཆོས་སུ་ཡང་དག་པར་འདུ་བ་ཡིན་ནོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ནི་ཆོས་འགའ་ཞིག་ཏུ་འདུ་པ་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེན། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཆོས་ནི་ཆོས་འགའ་ཞིག་ཏུ་ཡང་དག་པར་འདུ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན། འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་ཤེས་མ་ཡིན། འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་བྱེད་རྣམས་མ་ཡིན། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་སྟོང་པ་ཉིད་གང་ཡིན་པ་དེ་ཐོགས་པར་མི་བྱའོ། །ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཚོར་བར་མི་བྱེད་དོ། །འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་འདུ་ཤེས་སུ་མི་བྱེད་དོ། །འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མངོན་པར་འདུ་མི་བྱེད་དོ། །རྣམ་


DTG082_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གཟུགས་གཞན་མ་ཡིན་ལ་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་གཞན་མ་ཡིན་ལ་གཟུགས་གཞན་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ནི་གཟུགས་སོ། །ཚོར་བ་གཞན་མ་ཡིན་ལ་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་གཞན་མ་ཡིན་ལ་ཚོར་བ་གཞན་མ་ཡིན་ཏེ། ཚོར་བ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ནི་ཚོར་བའོ། །འདུ་ཤེས་གཞན་མ་ཡིན་ལ་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་གཞན་མ་ཡིན་ལ་འདུ་ཤེས་གཞན་མ་ཡིན་ཏེ། འདུ་ཤེས་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་ནི་འདུ་ཤེས་སོ། །འདུ་བྱེད་རྣམས་གཞན་མ་ཡིན་ལ་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་གཞན་མ་ཡིན་ལ་འདུ་བྱེད་རྣམས་གཞན་མ་ཡིན་ཏེ། འདུ་བྱེད་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ནི་འདུ་བྱེད་རྣམས་སོ། །རྣམ་པར་ཤེས་པ་གཞན་མ་ཡིན་ལ་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་གཞན་མ་ཡིན་ལ་རྣམ་པར་ཤེས་པ་གཞན་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་ནི་རྣམ་པར་ཤེས་པའོ་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པ་ལ་གདམས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྟོང་པ་ཉིད་ནི་མི་སྐྱེ་མི་འགག་ཅིང་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འགྲིབ་པ་མ་ཡིན། འཕེལ་བ་མ་ཡིན། འདས་པ་མ་ཡིན་མ་འོངས་པ་མ་ཡིན་ད་ལྟར་བྱུང་བ་མ་ཡིན་ནོ། །གང་ཡང་འདི་འདྲ་བ་དེ་ལ་ནི་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད་དོ། །མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད་དོ། །གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །སའི་ཁམས་མེད། ཆུའི་ཁམས་མེད། མེའི་ཁམས་མེད། རླུང་གི་ཁམས་མེད། ནམ་མཁའི་ཁམས་མེད། རྣམ་པར་ཤེས་པའི་ཁམས་མེད་དོ། །མིག་གི་ཁམས་མེད། གཟུགས་ཀྱི་ཁམས་མེད། མིག་གི་རྣམ་པར་ཤེས་པའི་ཁམས་མེད། རྣ་བའི་ཁམས་མེད། སྒྲའི་ཁམས་མེད། རྣ་བའི་རྣམ་པར་ཤེས་པའི་ཁམས་མེད། སྣའི་ཁམས་མེད། དྲིའི་ཁམས་མེད། སྣའི་


DTG082_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་ཁམས་མེད། ལྕེའི་ཁམས་མེད། རོའི་ཁམས་མེད། ལྕེའི་རྣམ་པར་ཤེས་པའི་ཁམས་མེད། ལུས་ཀྱི་ཁམས་མེད། རེག་བྱའི་ཁམས་མེད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད། ཡིད་ཀྱི་ཁམས་མེད། ཆོས་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད། མ་རིག་པ་སྐྱེ་བ་མེད། མ་རིག་པ་འགག་པ་མེད། འདུ་བྱེད་སྐྱེ་བ་མེད། འདུ་བྱེད་འགག་པ་མེད། རྣམ་པར་ཤེས་པ་སྐྱེ་བ་མེད། རྣམ་པར་ཤེས་པ་འགག་པ་མེད། མིང་དང་གཟུགས་སྐྱེ་བ་མེད། མིང་དང་གཟུགས་འགག་པ་མེད། སྐྱེ་མཆེད་དྲུག་སྐྱེ་བ་མེད། སྐྱེ་མཆེད་དྲུག་འགག་པ་མེད། རེས་པ་སྐྱེ་བ་མེད། རེག་པ་འགག་པ་མེད། ཚོར་བ་སྐྱེ་བ་མེད། ཚོར་བ་འགག་པ་མེད། སྲེད་པ་སྐྱེ་བ་མེད། སྲེད་པ་འགག་པ་མེད། ལེན་པ་སྐྱེ་བ་མེད། ལེན་པ་འགག་པ་མེད། སྲིད་པ་སྐྱེ་བ་མེད། སྲིད་པ་འགག་པ་མེད། སྐྱེ་བ་སྐྱེ་བ་མེད། སྐྱེ་བ་འགག་པ་མེད། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། ཉེ་བར་འདུ་བ་སྐྱེ་བ་མེད། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། ཉེ་བར་འདུ་བ་འགག་པ་མེད་དོ། །སྡུག་བསྔལ་མེད། ཀུན་འབྱུང་མེད། འགོག་པ་མེད། ལམ་མེད། ཐོབ་པ་མེད། མངོན་པར་རྟོགས་པ་མེད་དོ། །རྒྱུན་དུ་ཞུགས་པ་མེད། རྒྱུན་དུ་ཞུགས་པའི་འབྲས་བུ་མེད། ལན་ཅིག་ཕྱིར་འོང་བ་མེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད། ཕྱིར་མི་འོང་བ་མེད། ཕྱིར་མི་འོང་བའི་འབྲས་བུ་མེད། དགྲ་བཅོམ་པ་མེད། དགྲ་བཅོམ་པའི་འབྲས་བུ་མེད། རང་སངས་རྒྱས་མེད། རང་བྱང་ཆུབ་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མེད། སངས་རྒྱས་མེད་དོ། །བྱང་ཆུབ་མེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་བརྩོན་པ་ནི་བརྩོན་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་འགོག་པའི་བདེན་པ་ལ་གདམས་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DTG082_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སྤྱོད་པའི་ཚེ། བདག་ཉིད་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། །ཚོར་བ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། འདུ་ཤེས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། འདུ་བྱེད་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། རྣམ་པར་ཤེས་པ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། རྣ་བ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། སྣ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། ལྕེ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། ལུས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། ཡིད་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། གཟུགས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། སྒྲ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། དྲི་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་


DTG082_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྗེས་སུ་མི་མཐོང༌། རོ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། རེག་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། ཆོས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དྲན་པ་ཉེ་བར་གཞག་པ་རྣམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། ཡང་དག་པར་སྤོང་བ་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། དབང་པོ་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། སྟོབས་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། ལམ་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མི་འཇིགས་པ་བཞི་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། སོ་སོ་ཡང་དག་པར་རིག་པ་བཞི་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། མངོན་པར་ཤེས་པ་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤཱ་རིའི་བུ་དེས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ནི་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་


DTG082_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་མ་ཡིན་ནོ། །མཚན་མ་མེད་པ་ལ་མཚན་མ་མེད་པས་སྦྱོར་བར་མི་བྱེད་དེ། མཚན་མ་མེད་པའི་རྣལ་འབྱོར་ལ་མ་ཡིན་ནོ། །སྨོན་པ་མེད་པ་ལ་སྨོན་པ་མེད་པས་སྦྱོར་བར་མི་བྱེད་དེ། སྨོན་པ་མེད་པའི་རྣལ་འབྱོར་ལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྟོང་པ་ཉིད་ནི་སྦྱོར་བ་མ་ཡིན་མི་སྦྱོར་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་མཚན་མ་མེད་པ་དང་སྨོན་པ་མེད་པ་ནི་སྦྱོར་བ་ཡང་མ་ཡིན། མི་སྦྱོར་བ་ཡང་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཇུག་སྟེ། དེ་དེ་ལྟར་འཇུག་པ་ན་གཟུགས་ལ་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། ཚོར་བ་ལ་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ལ་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དོ། །གཟུགས་ལ་སྔོན་གྱི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔས་སྔོན་གྱི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ལ་ཕྱི་མའི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔས་ཕྱི་མའི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ལ་ད་ལྟར་བྱུང་བས་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔས་ད་ལྟར་བྱུང་བ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་ལ་སྔོན་གྱི་མཐར་སྦྱོར་པར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔས་སྔོན་གྱི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་ལ་ཕྱི་མའི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔས་


DTG082_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་ལ་ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ད་ལྟར་བྱུང་བ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་ཤེས་ལ་སྔོན་གྱི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་སྔོན་གྱི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་ཤེས་ལ་ཕྱི་མའི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ཕྱི་མའི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་ཤེས་ལ་ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ད་ལྟར་བྱུང་བ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་ལ་སྔོན་གྱི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་སྔོན་གྱི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་ལ་ཕྱི་མའི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ཕྱི་མའི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་ལ་ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ད་ལྟར་བྱུང་བ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་ཤེས་པ་ལ་སྔོན་གྱི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་སྔོན་གྱི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་ཤེས་པ་ལ་ཕྱི་མའི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ཕྱི་མའི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་ཤེས་པ་ལ་ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ད་ལྟར་བྱུང་བ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྔོན་གྱི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་སྔོན་གྱི་མཐའ་ཉིད་ཡང་དག་པར་


DTG082_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མི་མཐོང་ངོ༌། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕྱི་མའི་མཐར་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ཕྱི་མའི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ད་ལྟར་བྱུང་བས་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ད་ལྟར་བྱུང་བ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བརྗོད་པར་བྱའོ།། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྔོན་གྱི་མཐའ་ལ་ཕྱི་མའི་མཐར་སྦྱོར་བར་མི་བྱེད་དོ། །ཕྱི་མའི་མཐའ་ལ་སྔོན་གྱི་མཐར་སྦྱོར་བར་མི་བྱེད་དེ། ད་ལྟར་བྱུང་བ་ལ་སྔོན་གྱི་མཐའ་འམ་ཕྱི་མའི་མཐར་སྦྱོར་བར་མི་བྱེད་དོ། །སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་ལ་ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་བརྩོན་པ་ནི་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་བརྩོན་པར་བྱེད་དེ། ཇི་ལྟར་བརྩོན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འདས་པར་སྦྱོར་བར་མི་བྱེད་དེ། འདི་ལྟར་འདས་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འདས་པར་སྦྱོར་བར་ཇི་ལྟར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མ་འོངས་པར་སྦྱོར་བར་མི་བྱེད་དེ། མ་འོངས་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མ་འོངས་པར་སྦྱོར་བར་ཇི་ལྟར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་དེ། ད་ལྟར་བྱུང་བ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ད་ལྟར་བྱུང་བར་སྦྱོར་བར་ཅི་ལྟར་བྱེད། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་


DTG082_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་ལ་གདམས་པའོ། །

དཀོན་མཆོག་གསུམ་ལ་གདམས་པ།

སངས་རྒྱས་དཀོན་མཆོག་ལ་གདམས་པ།


DTG082_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་གཟུགས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་ཚོར་བ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་ཤེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་འདུ་ཤེས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་འདུ་བྱེད་རྣམས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་ཤེས་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་རྣམ་པར་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་མིག་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་རྣ་བ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་སྣ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་ལྕེ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་ལུས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་ཡིད་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་གཟུགས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྒྲ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་སྒྲ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དྲི་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་


DTG082_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ། འདི་ལྟར་དྲི་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རོ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་རོ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རེག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་རེག་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་ཆོས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དྲན་པ་ཉེ་བར་གཞག་པ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་དྲན་པ་ཉེ་བར་གཞག་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡང་དག་པར་སྤོང་བ་རྣམས་ལ་རྣམ་པ་ཐམས་ཅད་


DTG082_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་ཡང་དག་པར་སྤོང་བ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དབང་པོ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་དབང་པོ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྟོབས་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་སྟོབས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལམ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་ལམ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་སོ་སོ་ཡང་དག་པར་རིག་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མི་འཇིགས་པ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་མི་འཇིགས་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མངོན་པར་ཤེས་པ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་མངོན་པར་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DTG082_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱོད་པའི་ཚེ། སངས་རྒྱས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་སངས་རྒྱས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སངས་རྒྱས་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་བྱང་ཆུབ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བྱང་ཆུབ་ཀྱིས་སྦྱོར་བར་མི་བྱེད་དེ། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་སོ། །བྱང་ཆུབ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བྱང་ཆུབ་བོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བརྩོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་སངས་རྒྱས་དཀོན་མཆོག་ལ་གདམས་པའོ། །

ཆོས་དཀོན་མཆོག་ལ་གདམས་པ།


DTG082_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདེ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྡུག་བསྔལ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་བདེ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་སྡུག་བསྔལ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་བདག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །


DTG082_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་བདེ་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་སྡུག་བསྔལ་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་བདག་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྣམས་བདེ་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་བདེ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྟོང་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མཚན་མ་དང་བཅས་ཞེས་ཀྱང་མི་སྦྱོར་རོ། །གཟུགས་མཚན་མ་མེད་ཅེས་ཀྱང་མི་སྦྱོར་རོ། །གཟུགས་སྨོན་པ་དང་བཅས་ཞེས་ཀྱང་མི་སྦྱོར་རོ། །གཟུགས་སྨོན་པ་མེད་ཅེས་བྱ་བར་ཡང་མི་སྦྱོར་རོ། །ཚོར་བ་སྟོང་ཞེས་བྱ་བར་ཡང་མི་སྦྱོར་རོ། །ཚོར་བ་མི་སྟོང་ཞེས་བྱ་བར་ཡང་མི་སྦྱོར་རོ། །ཚོར་བ་མཚན་མ་དང་བཅས་ཞེས་ཀྱང་མི་སྦྱོར་རོ། །ཚོར་


DTG082_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཚན་མ་མེད་ཅེས་ཀྱང་མི་སྦྱོར་རོ། །ཚོར་བ་སྨོན་པ་དང་བཅས་ཞེས་ཀྱང་མི་སྦྱོར་རོ། །ཚོར་བ་སྨོན་པ་མེད་ཅེས་ཀྱང་མི་སྦྱོར་རོ། །འདུ་ཤེས་སྟོང་ཞེས་བྱ་བར་ཡང་མི་སྦྱོར་རོ། །འདུ་ཤེས་མི་སྟོང་ཞེས་བྱ་བར་ཡང་མི་སྦྱོར་རོ། །འདུ་ཤེས་མཚན་མ་མེད་ཅེས་ཀྱང་མི་སྦྱོར་རོ། །འདུ་ཤེས་མཚན་མ་དང་བཅས་ཞེས་ཀྱང་མི་སྦྱོར་རོ། །འདུ་ཤེས་སྨོན་པ་དང་བཅས་ཞེས་ཀྱང་མི་སྦྱོར་རོ། །འདུ་ཤེས་སྨོན་པ་མེད་ཅེས་ཀྱང་མི་སྦྱོར་རོ། །འདུ་བྱེད་རྣམས་སྟོང་ཞེས་བྱ་བར་ཡང་མི་སྦྱོར་རོ། །འདུ་བྱེད་རྣམས་མི་སྟོང་ཞེས་བྱ་བར་ཡང་མི་སྦྱོར་རོ། །འདུ་བྱེད་རྣམས་མཚན་མ་དང་བཅས་ཞེས་ཀྱང་མི་སྦྱོར་རོ། །འདུ་བྱེད་རྣམས་མཚན་མ་མེད་ཅེས་ཀྱང་མི་སྦྱོར་རོ། །འདུ་བྱེད་རྣམས་སྨོན་པ་དང་བཅས་ཞེས་ཀྱང་མི་སྦྱོར་རོ། །འདུ་བྱེད་རྣམས་སྨོན་པ་མེད་ཅེས་ཀྱང་མི་སྦྱོར་རོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་ཡང་མི་སྦྱོར་རོ། །རྣམ་པར་ཤེས་པ་མི་སྟོང་ཞེས་བྱ་བར་ཡང་མི་སྦྱོར་རོ། །རྣམ་པར་ཤེས་པ་མཚན་མ་དང་བཅས་ཞེས་ཀྱང་མི་སྦྱོར་རོ། །རྣམ་པར་ཤེས་པ་མཚན་མ་མེད་ཅེས་ཀྱང་མི་སྦྱོར་རོ། །རྣམ་པར་ཤེས་པ་སྨོན་པ་དང་བཅས་ཞེས་ཀྱང་མི་སྦྱོར་རོ། །རྣམ་པར་ཤེས་པ་སྨོན་པ་མེད་ཅེས་ཀྱང་མི་སྦྱོར་རོ། །གང་ཞིག་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བར་མི་དམིགས་སོ། །མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་ཡང་མི་དམིགས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ།།


DTG082_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྱིར་མི་ལྡོག་པའི་སའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །མི་འཇིགས་པ་བཞིའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ནང་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྱི་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །མི་དམིགས་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་


DTG082_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་བཞིན་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཆོས་ཀྱི་དབྱིངས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཡང་དག་པའི་མཐའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཆོས་གང་ལ་ཡང་ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ལྷའི་མིག་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ལྷའི་རྣ་བའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གཞན་གྱི་སེམས་ཤེས་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །རྫུ་འཕྲུལ་སྒྲུབ་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཟག་པ་ཟད་པའི་ཡེ་ཤེས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན། བྱང་ཆུབ་སེམས་དཔའ་ལྟ་གང་ཞིག་མངོན་པར་ཤེས་པ་ཐམས་ཅད་ལྟ་གང་ལས་ཡིན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་བདག་གི་ལྷའི་མིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་བྱའོ་སྙམ་དུ་མི་སེམས་སོ། །ལྷའི་རྣ་བས་དེ་དག་གི་སྒྲ་ཐོས་པར་བྱའོ། །དེ་དག་ཉིད་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་


DTG082_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་གི་ལྷའི་མིག་གིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་བྱའོ། །ལྷའི་རྣ་བས་དེ་རྣམས་ཀྱི་སྒྲ་དག་མཉན་པར་བྱའོ། །དེ་དག་ཉིད་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་ནས་རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་གི་ལྷའི་མིག་གིས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་བྱའོ། །ལྷའི་རྣ་བས་དེ་རྣམས་ཀྱི་སྒྲ་དག་མཉན་པར་བྱའོ། །དེ་དག་ཉིད་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་ནས་རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་གི་ལྷའི་མིག་གིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་བྱའོ། །ལྷའི་རྣ་བས་དེ་རྣམས་ཀྱི་སྒྲ་དག་མཉན་པར་བྱའོ། །དེ་དག་ཉིད་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་ནས་རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ། བདག་གིས་ལྷའི་མིག་གིས་བྱང་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་བྱའོ། །ལྷའི་རྣ་བས་དེ་རྣམས་ཀྱི་སྒྲ་དག་མཉན་པར་བྱའོ། །དེ་དག་ཉིད་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་ནས་རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ་སྙམ་དུ་མི་སེམས་སོ། །


DTG082_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་གིས་ལྷའི་མིག་གིས་ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་བྱའོ། །ལྷའི་རྣ་བས་དེ་རྣམས་ཀྱི་སྒྲ་དག་མཉན་པར་བྱའོ། །དེ་དག་ཉིད་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་ནས་རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་གིས་ལྷའི་མིག་གིས་ལྷོ་ནུབ་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་བྱའོ། །ལྷའི་རྣ་བས་དེ་རྣམས་ཀྱི་སྒྲ་དག་མཉན་པར་བྱའོ། །དེ་དག་ཉིད་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་ནས་རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་གི་ལྷའི་མིག་གིས་ནུབ་བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་བྱའོ། །ལྷའི་རྣ་བས་དེ་རྣམས་ཀྱི་སྒྲ་དག་མཉན་པར་བྱའོ། །དེ་དག་ཉིད་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་ནས་རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་གི་ལྷའི་མིག་གིས་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་བྱའོ། །ལྷའི་རྣ་བས་དེ་རྣམས་ཀྱི་སྒྲ་དག་མཉན་པར་བྱའོ། །དེ་དག་ཉིད་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་ནས་རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་གི་ལྷའི་མིག་གིས་སྟེང་གི་ཕྱོགས་


DTG082_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་བྱའོ། །ལྷའི་རྣ་བས་དེ་རྣམས་ཀྱི་སྒྲ་དག་མཉན་པར་བྱའོ། །དེ་དག་ཉིད་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་ནས་རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་པར་བརྩོན་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་རོ། །འདིའི་འཇིག་རྟེན་པའི་ཉོན་མོངས་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་བསལ་བར་འགྱུར་རོ། །ཤཱ་རིའི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་རྣམས་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། རང་སངས་རྒྱས་གང་དག་ཡིན་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་དང༌། སུམ་ཅུ་རྩ་གསུམ་པ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་སྲུང་བར་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མཐོང་བའི་ཆོས་དང་ལྡན་པ་ཉིད་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན།


DTG082_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། རང་སངས་རྒྱས་གང་དག་ཡིན་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་དང༌། སུམ་ཅུ་རྩ་གསུམ་པ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་གང་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་སྲུང་བར་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མཐོང་བའི་ཆོས་དང་ལྡན་པ་ཁོ་ནར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་རྣམས་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། རང་སངས་རྒྱས་གང་དག་ཡིན་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་དང༌། སུམ་ཅུ་རྩ་གསུམ་པ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་


DTG082_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་སྲུང་བར་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མཐོང་བའི་ཆོས་དང་ལྡན་པ་ཉིད་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་རྣམས་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། རང་སངས་རྒྱས་གང་དག་ཡིན་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་དང༌། སུམ་ཅུ་རྩ་གསུམ་པ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་གང་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་སྲུང་བར་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་དུ་བྱ་བ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མཐོང་བའི་ཆོས་དང་ལྡན་པ་ཉིད་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་བྱང་ཤར་གྱི་ཕྱོགས་ཀྱི་འཇིག་


DTG082_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་རྣམས་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། རང་སངས་རྒྱས་གང་དག་ཡིན་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་ནས་འོག་མིན་གྱི་བར་གྱི་ལྷ་གང་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་སྲུང་བར་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་དུ་བྱ་བ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མཐོང་བའི་ཆོས་དང་ལྡན་པ་ཉིད་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་རྣམས་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། རང་སངས་རྒྱས་གང་དག་ཡིན་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་ནས་འོག་མིན་གྱི་བར་གྱི་ལྷ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་སྲུང་བར་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་དུ་བྱ་བ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མཐོང་བའི་ཆོས་དང་ལྡན་པ་ཉིད་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་ལྷོ་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་རྣམས་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། རང་སངས་རྒྱས་གང་དག་ཡིན་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་ནས་འོག་མིན་གྱི་བར་གྱི་ལྷ་གང་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་སྐྱོང་བར་བྱེད་དོ། །


DTG082_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ལུས་ཀྱི་སྐྱོན་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མཐོང་བའི་ཆོས་དང་ལྡན་པ་ཉིད་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་ནུབ་བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་རྣམས་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། རང་སངས་རྒྱས་གང་དག་ཡིན་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་ནས་འོག་མིན་གྱི་བར་གྱི་ལྷ་གང་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་སྲུང་བར་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མཐོང་བའི་ཆོས་དང་ལྡན་པ་ཉིད་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་རྣམས་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། རང་སངས་རྒྱས་གང་དག་ཡིན་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་ནས་འོག་མིན་གྱི་བར་གྱི་ལྷ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་སྲུང་བར་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མཐོང་བའི་ཆོས་དང་ལྡན་པ་ཉིད་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་རྣམས་དང༌། དེ་དག་གི་ཉན་ཐོས་གང་དག་ཡིན་པ་རྣམས་དང༌། རང་སངས་རྒྱས་གང་


DTG082_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡིན་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་ནས་འོག་མིན་གྱི་བར་གྱི་ལྷ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་སྲུང་བར་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མཐོང་བའི་ཆོས་དང་ལྡན་པ་ཉིད་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ནི་ཚིགས་ཆུང་ངུས་གཟུངས་ཀྱི་སྒོ་དང༌། ཏིང་ངེ་འཛིན་གྱི་སྒོ་རྣམས་མངོན་དུ་འགྱུར་རོ། །སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ནི་འདི་སྙམ་དུ་གང་ཞིག་ཆོས་རྣམས་དང་ལྷན་ཅིག་ལྡན་པ་འམ། བྲལ་བའམ། འདུ་བའམ། དབྱེ་བའི་ཆོས་འགའ་ཞིག་ཡོད་དོ་ཞེས་སེམས་པར་བྱེད་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ཞིག་ལྡན་པའམ། བྲལ་བ་འམ། འདུ་བའམ། དབྱེ་བའི་ཆོས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ནི་འདི་སྙམ་དུ་བདག་གིས་ཤིན་ཏུ་མྱུར་བར་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རམ། འོན་ཏེ་མི་འགྱུར་ཞེས་


DTG082_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་སེམས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་ཆོས་ཀྱི་དབྱིངས་མངོན་པར་སངས་རྒྱས་པ་མེད་དོ། །མངོན་པར་འཚང་རྒྱ་བ་མེད་དོ། །མངོན་པར་འཚང་རྒྱ་བར་འགྱུར་བ་མེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འགའ་ཡང་ཆོས་ཀྱི་དབྱིངས་ལས་ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཆོས་ཀྱི་དབྱིངས་ལ་ཆོས་སྣ་ཚོགས་སུ་ཡང་འབྱེད་པར་མི་བྱེད་ལ། དེ་འདི་སྙམ་དུ་ཆོས་ཀྱི་དབྱིངས་འདི་ཡང་འདི་ལྟར་རྟོགས་སམ་མི་རྟོགས་སྙམ་དུ་སེམས་པ་ཡང་མེད། འདི་ལྟར་ཆོས་གང་གིས་ཆོས་དེ་དག་རྟོགས་པར་འགྱུར་བའི་ཆོས་འགའ་ཡང་དེས་ཡང་དག་པར་རྗེས་སུ་མཐོང་བ་མེད་དོ། །འདི་ལྟར་དེས་ནི་ཆོས་ཀྱི་དབྱིངས་ལ་སྟོང་པའོ་ཞེས་སྦྱོར་བར་མི་བྱེད་མི་སྟོང་ཞེས་སྦྱོར་བར་མི་བྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་གི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་མིག་གི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །གཟུགས་ཀྱི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་གཟུགས་ཀྱི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །རྣ་བའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་རྣ་བའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །སྒྲའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་སྒྲའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །སྣའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་


DTG082_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྣའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །དྲིའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་དྲིའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །སྣའི་རྣམ་པར་ཤེས་པའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་སྣའི་རྣམ་པར་ཤེས་པའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །ལྕེའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་ལྕེའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །རོའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་རོའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །ལྕེའི་རྣམ་པར་ཤེས་པའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །ལུས་ཀྱི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་ལུས་ཀྱི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །རེག་བྱའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་རེག་བྱའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །ཡིད་ཀྱི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་ཡིད་ཀྱི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །ཆོས་ཀྱི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་ཆོས་ཀྱི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད། སྟོང་པ་ཉིད་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་སྦྱོར་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་ཡིན་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་ནི་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ༌། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་


DTG082_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོའི་རྣལ་འབྱོར་དུ་བྱ་བ་གང་ཇི་སྙེད་པ་དེ་དག་གི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི་རབ་ཅེས་བྱའོ། །དམ་པ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་དང༌། རབ་མཆོག་དང༌། བླ་མ་དང༌། བླ་ན་མེད་པ་དང༌། མི་མཉམ་པ་དང༌། མཉམ་པ་དང༌། གྱ་ནོམ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་རྣལ་འབྱོར་འདི་ནི་བླ་ན་མེད་པ་ཡིན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི་སྟོང་པ་ཉིད་ཀྱི་རྣལ་འབྱོར་དང༌། མཚན་མ་མེད་པའི་རྣལ་འབྱོར་དང༌། སྨོན་པ་མེད་པའི་རྣལ་འབྱོར་རོ། །ཤཱ་རིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུང་བསྟན་པ་ཞེས་བྱ་བར་གཟུང་སྟེ། ལུང་དུ་བསྟན་པ་དང་ཉེ་བར་གྱུར་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་གཞལ་དུ་མེད་གྲངས་མེད་པ་རྣམས་ཀྱི་དོན་བྱེད་པར་འགྱུར། ཡང་འདི་སྙམ་དུ་བདག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལུང་སྟོན་པར་འགྱུར་རོ། །བདག་ནི་ལུང་བསྟན་པ་ལ་ཉེ་བར་གྱུར་ཏོ། །བདག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་འགྱུར་རོ། །བདག་གིས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ། །བདག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཀྱི་དབྱིངས་ལ་རྣམ་པར་བྲལ་བར་མི་བྱེད་ཅིང་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའམ། གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་བསྟན་པར་བྱ་བ་ཆོས་ཀྱི་དབྱིངས་ལས་གཞན་པའི་ཆོས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གྱི་འདུ་ཤེས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེ་བ་མེད་པ་དང༌། འགག་པ་མེད་པའི་ཆོས་ཅན་ཡིན་པའི་ཕྱིར་སེམས་ཅན་ཤིན་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་དོ། །གང་ལ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་ཇི་ལྟར་འགྱུར། ཤཱ་རིའི་བུ་དེ་ལྟར་


DTG082_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་སྐྱེ་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་སྟོང་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་དབེན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཏེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་ཡིན་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་ཏེ། དེས་དེ་མ་ཡིན་པའི་རྣལ་འབྱོར་རྣམས་ཟིལ་གྱིས་གནོན་ཏེ་གནས་སོ། །ཤཱ་རིའི་བུ་རྣལ་འབྱོར་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱམས་པ་ཆེན་པོ་མངོན་པར་སྒྲུབ་བོ། །སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་བོ། །སེར་སྣའི་སེམས་མི་སྐྱེད་དོ། །ཚུལ་ཁྲིམས་ངན་པའི་སེམས་མི་སྐྱེད་དོ། །གནོད་པའི་སེམས་མི་སྐྱེད། ལེ་ལོའི་སེམས་མི་སྐྱེད། རྣམ་པར་གཡེང་བའི་སེམས་མི་སྐྱེད། ཤེས་རབ་འཆལ་བའི་སེམས་མི་སྐྱེད་དོ་ཞེས་བྱ་བ་ནི་ཆོས་དཀོན་མཆོག་ལ་གདམས་པའོ། །

དགེ་འདུན་དཀོན་མཆོག་ལ་གདམས་པ།


DTG082_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་པ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་པ་འདི་ནི་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ་འདིར་སྐྱེས་པའམ། དགའ་ལྡན་གྱི་ལྷའི་རིས་དང༌། སངས་རྒྱས་ཀྱི་ཞིང་འདི་ཉིད་ནས་ཤི་འཕོས་ནས་འདིར་སྐྱེས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བརྒྱད་པའོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིའི་ནང་ནས་ཤི་འཕོས་ནས་མི་དང་སྐལ་པ་མཉམ་པ་


DTG082_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་སྐྱེས་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་གཏོགས་པར་དབང་པོ་རྟུལ་པོ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་ཡང་མྱུར་དུ་མཉམ་པར་གཞོག་པར་མ་ཡིན་ཏེ། དེ་ལ་གཟུངས་ཀྱི་སྒོ་དང༌། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ། །ཤཱ་རིའི་བུ་གང་ཁྱོད་ཀྱིས་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ལ་སྙོམས་པར་འཇུག་པ་དེ་འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་ཞེས་སྨྲས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ལ་སྙོམས་པར་འཇུག་པ་དེ་ནི་སངས་རྒྱས་ཀྱི་ཞིང་འདི་ནས་ཤི་འཕོས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པར་འགྱུར་ཏེ། ན་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དད་པས་རྗེས་སུ་འབྲང་བའོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ། འདིར་སྐྱེས་པ་དེའི་དབང་པོ་རྣམས་རྣོ་བར་འགྱུར་ཞིང་དེས་མྱུར་དུ་རྣལ་འབྱོར་འདི་འགྲུབ་པར་འགྱུར་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་རོ། །སྐྱེ་བ་བརྗེས་ཀྱང་དེ་ལ་ཆོས་ཟབ་མོ་ཟབ་མོ་དག་མངོན་དུ་ཕྱོགས་པར་འགྱུར་ཏེ། དེས་ཕྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་འགྱུར་རོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ཡང་དབང་པོ་ཤིན་ཏུ་རྣོ་བར་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཉམས་པ་མེད་པ་དང༌། གཟུངས་ཀྱི་སྒོ་དང༌། ཏིང་ངེ་འཛིན་གྱི་


DTG082_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཐམས་ཅད་ཀྱང་མངོན་དུ་ཕྱོགས་པར་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་རྗེས་སུ་འབྲང་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱོར་བ་ལ་བརྩོན་པར་བྱེད་པ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་ལ་མི་མཁས་པའི་སྟོབས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཀྱང་དེས་ང་རྒྱལ་དུ་མི་བྱེད་པ་དག་ཡོད་དོ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའོ།། །།བམ་པོ་ལྔ་པ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་གང་དག་བསམ་གཏན་བཞི་པོ་རྣམས་སྒྲུབ་པར་བྱེད་ཅིང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པར་བྱེད་ཅིང་བསམ་གཏན་ཐོབ་པ་དེས་ཀྱང་ལྷ་ཚེ་རིང་པོ་རྣམས་སུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་དེ་གལ་ཏེ་འདོད་པའི་ཁམས་ཀྱི་ལྷ་དང་མི་རྣམས་སུ་སྐྱེ་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་འགྱུར་བ་ནི། དེ་དག་གི་དབང་པོ་རྣམས་རྟུལ་པོར་འགྱུར་ཞིང་རྣོན་པོར་འགྱུར་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གཏན་ལ་ཡང་མཉམ་པར་གཞོག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྤྱོད་དེ། དེ་དག་ཐབས་ལ་མི་མཁས་པས་བསམ་གཏན་རྣམས་སྤངས་ནས་ཕྱིར་འདོད་པའི་ཁམས་སུ་སྐྱེ་བ་ཡང་ཡོད་དེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་དབང་པོ་རྟུལ་པ་ཡིན་ཏེ་དབང་པོ་རྣོ་བ་མ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་དད་པས་རྗེས་སུ་འབྲང་བ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་པོ་རྣམས་སྐྱེད་དེ། ཚད་མེད་པ་བཞི་ལ་སྙོམས་པར་འཇུག་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལས་རྣམས་ལ་ཡང་སྙོམས་པར་འཇུག་ཅིང༌། བསམ་གཏན་གྱི་དབང་པོ་དང༌།


DTG082_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པའི་དབང་པོ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བར་སྙིང་རྗེ་ཆེན་པོ་ཅན་ཐབས་མཁས་པས་གང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་སྐྱེ་བ་ཡང་ཡོད་དེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་མ་བྲལ་བས་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་མཐོང་བས་ཐོབ་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་ཐབས་མཁས་པས་བསམ་གཏན་བཞི་པ་ལ་ཡང་སྙོམས་པར་འཇུག །ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་སྒོམ་པར་བྱེད། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད་ཅིང༌། དེ་དག་གི་དབང་དུ་མི་འགྲོ་བར་སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་རྣམས་མཉེས་པར་བྱས་ནས་དེས་ཚངས་པར་སྤྱོད་པ་སྤྱད་དེ། སླར་ཡང་དགའ་ལྡན་གྱི་ལྷ་དང་སྐལ་པ་མཉམ་པར་སྐྱེས་ཏེ། དེ་དག་དེར་ཚེ་ཇི་སྲིད་དུ་གནས་ནས་དབང་པོ་མཉམ་པ་དང་དྲན་ཞིང་ཤེས་བཞིན་དུ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཏེ། མདུན་དུ་བྱས་ནས་འདིར་སྐྱེ་བ་བསྟན་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་པོ་རྣམས་ཐོབ་པ་གང་དག་འདོད་པའི་ཁམས་སུ་ཡང་མི་སྐྱེ། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་ཡང་མི་


DTG082_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེའོ། །འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་དུ་འདོད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་གང་དག་མངོན་པར་ཤེས་པ་དྲུག་པོ་ཐོབ་པ་དེ་དག་གིས་རྣམ་པར་རྩེ་ཞིང་སངས་རྒྱས་ཀྱི་ཞིང་གང་དག་ན་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པའི་སྒྲ་ཡང་མི་གྲག་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་གང་དག་མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེ་ཞིང་སངས་རྒྱས་ཀྱི་ཞིང་གང་དག་ན་ཚེ་དཔག་ཏུ་མེད་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་གང་ཡིན་པ་དེ་དག་དེར་སོང་ནས། འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང༌། ཆོས་ཀྱི་སྒྲ་མི་གྲག་པ་དང༌། དགེ་འདུན་གྱི་སྒྲ་མི་གྲག་པ་དེར་འདུག་ནས་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་རྣམས་སྒྲོག་པར་བྱེད་ཅིང་དཀོན་མཆོག་གསུམ་པོ་རྣམས་ཀྱི་བསྔགས་པ་བརྗོད་དེ། སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་དེས་དེ་དག་སེམས་དང་བར་གྱུར་ཏེ། དེ་ནས་ཤི་འཕོས་ནས་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དེ་དང་དེར་སྐྱེ་བར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྐྱེད་ནས། ཡང་དེ་དག་ཐབས་མཁས་པས་བསམ་གཏན་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམས་ལས་ལོག་ནས་འདོད་པའི་ཁམས་སུ་སྐྱེ་བར་བྱེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་


DTG082_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བ་ཡང་ཡོད་དོ་ཞེས་བྱ་བ་ནི་མིའི་རིགས་ནས་རིགས་སུ་སྐྱེ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་ལ་ཡང་སྙོམས་པར་འཇུག་པ་ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་སྙོམས་པར་འཇུག་ཅིང་དེ་དག་ཀྱང་ཐབས་མཁས་པའི་སྟོབས་ཀྱིས་བསམ་གཏན་དང༌། ཚད་མེད་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བར་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་དག་དེར་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། སངས་རྒྱས་བཅོམ་ལྡན་འདས་ཀྱང་མཉེས་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྐྱེད་ནས་འཕོས་པར་འགྱུར་བ་དེ་དག་ཐབས་མཁས་པས་ཚངས་པའི་འཇིག་རྟེན་ནས་འོག་མིན་གྱི་བར་དུ་སྐྱེའོ། །དེ་དག་དེ་ན་ཡང་ཚངས་པའི་ཚངས་པ་ཆེན་པོར་འགྱུར་ཏེ། ཚངས་པའི་གནས་དེ་དག་ཏུ་གནས་པར་འགྱུར་རོ། །དེ་དག་དེར་གནས་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སངས་རྒྱས་ཀྱི་ཞིང་དེ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ཡིན་པའི་དེ་བཞིན་གཤེགས་པ་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་གསོལ་བ་འདེབས་པར་བྱེད་པ་དག་ཡོད་དོ་ཞེས་བྱ་བ་ནི་ལྷའི་རིགས་ནས་རིགས་སུ་སྐྱེ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་ཐོབ་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཐོབ་པ་དང༌། དེ་དག་རྗེས་སུ་རྟོགས་པར་བྱེད་པའི་ཕྱིར་སྤྱོད་པ་


DTG082_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་འཕགས་པའི་བདེན་པ་བཞི་པོ་རྣམས་ཐོབ་པ་ཡིན་ཡང་དེ་དག་མངོན་དུ་མི་བྱེད་པ་དག་ཡོད་དེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་བར་ཆད་གཅིག་པ་ཡིན་ནོ།། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བསམ་གཏན་བཞི་ཐོབ་པར་གྱུར་པ་དང༌། ཚད་མེད་པ་བཞི་ཐོབ་པར་གྱུར་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པར་གྱུར་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་སྒོམ་པར་བྱེད་པ་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ་པ་དག་ཐབས་ལ་མཁས་པས་ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་ཞིང་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་དག་ཡོད་དོ་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་གཞལ་དུ་མེད་གྲངས་མེད་པ་རྣམས་ཀྱི་དོན་བྱས་ནས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་ཞིང༌། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་བསྐལ་པའམ། བསྐལ་པ་ལས་ལྷག་པར་གནས་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་དེ་དག་ཏུ་ཡང་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡང་དག་པར་འཇོག་པར་བྱེད་དོ། །དེ་


DTG082_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དག་སེམས་ཅན་རྣམས་ཀྱི་དོན་ལ་རྟག་པར་བརྩོན་ཏེ་ནམ་ཡང་དོན་མེད་པའི་ཚིག་མི་སྨྲའོ། །སེམས་ཅན་གྱི་དོན་དུ་རྟག་ཏུ་བརྩོན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སེམས་ཅན་རྣམས་ཀྱི་དོན་དུ་བསྐལ་པ་གྲངས་མེད་གཞལ་དུ་མེད་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལས་ཡང་དག་པར་འདས་ཤིང་ཕྱིར་མི་ལྡོག་པའི་ས་ལ་ཡང་ངེས་པར་གནས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་བསྐྲུན་པར་བྱེད་པ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་ཅིང་དེ་དག་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་འདོང་ཞིང་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཡོད་དོ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་ཅིང༌། ཟས་འདོད་པ་རྣམས་ལ་ཟས་དང༌། སྐོམ་འདོད་པ་རྣམས་ལ་སྐོམ་དང༌། དེ་བཞིན་དུ་དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། བདུག་སྤོས་དང༌། མལ་སྟན་དང༌། རྟེན་མ་དང༌། ཁྱིམ་དང༌། ནོར་དང༌། འབྲུ་དང༌།


DTG082_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏིག་དང༌། གསེར་དང༌། དངུལ་དང༌། བྱི་རུ་རྣམས་དང༌། འཚོ་བའི་ཡོ་བྱད་རྣམས་ཉེ་བར་སྒྲུབ་པར་བྱེད་པ་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་སེམས་ཅན་རྣམས་རབ་ཏུ་བཀོད་དེ། ཚངས་རིས་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་སུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བ་ནི་འོག་མིན་གྱི་མཐར་ཐུག་པར་འགྲོ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསམ་གཏན་བཞི་བསྒྲུབས་ཏེ། བསམ་གཏན་རྣམས་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ། ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་ཞིང་དེ་དག་བསམ་གཏན་རྣམས་བསྒྲུབས་ནས་འོག་མིན་གྱི་བར་དུ་སྐྱེས་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བ་ནི་འཕར་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་གནས་གཙང་མར་སྐྱེས་ཏེ། གནས་གཙང་མའི་གནས་གཅིག་གམ་གཉིས་ལས་རྒལ་ཏེ་འོག་མིན་དུ་སྐྱེས་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡོད་དོ་ཞེས་བྱ་བ་ནི་ཕྱེད་དུ་འཕར་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བདག་ཉིད་ཀྱི་ལུས་དེ་བཞིན་གཤེགས་པའི་སྐུ་ལྟ་བུར་སྤྲུལ་ནས་དགའ་ལྡན་གྱི་གནས་སྦྱངས་ཤིང་ཚངས་རིས་ཀྱི་ལྷའི་གནས་ནས་འོག་མིན་གྱི་ལྷའི་བར་དུ་སྐྱེས་ཏེ། ཐབས་ལ་མཁས་པས་སེམས་ཅན་དམྱལ་བ་རྣམས་ལ་ཆོས་སྟོན་ཅིང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་པ་རྣམས་ལ་ཡང་ཆོས་སྟོན་པ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་བདག་ཉིད་ཀྱི་ལུས་སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་


DTG082_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ལ་ཆོས་སྟོན་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང༌། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང༌། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དང༌། དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བར་བྱེད་པ་དང༌། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་དང་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་ཅིང༌། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་ཡོད་དོ་ཞེས་བྱ་བ་ནི་གནས་ཐམས་ཅད་དུ་འཆི་འཕོ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསམ་གཏན་དང༌། གཟུགས་མེད་པར་སྒྲུབ་པར་བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་ཞིང༌། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་བྱེད་དེ། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། གཟུགས་


DTG082_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྙོམས་པར་འཇུག་པ་ཐོབ་པར་འགྱུར་བ་གང་ཡིན་པ་དེ་དག་ནམ་མཁའ་མཐའ་ཡས་སྐྱེ་མཆིད་ནས་སྲིད་པའི་རྩ་མོའི་བར་དུ་སྐྱེ་བར་འགྱུར་ཞིང༌། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་བ་དག་ཡོད་དོ་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་དབང་པོ་ཡོངས་སུ་དག་པ་བླ་ན་མེད་པ་རྣམས་དང་ལྡན་ཏེ། ནམ་ཡང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་ཉིད་དང༌། བདག་ཉིད་ལ་སྟོང་པར་མི་བྱེད། གཞན་ལ་སྨོད་པར་མི་བྱེད་དེ། དེ་དག་དབང་པོ་ཡོངས་སུ་དག་པ་དེ་རྣམས་དང་ལྡན་པས་སྐྱེ་བོ་མང་པོ་བྱམས་ཤིང་ཡིད་དུ་འོང་པར་འགྱུར་རོ། །སེམས་ཅན་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མཐོང་བ་དེ་དག་ཀྱང་སེམས་རབ་ཏུ་དང་བ་དེ་ཉིད་ཀྱིས་ཐེག་པ་གསུམ་གྱིས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །དག་ཡོངས་སུ་དག་པ་དང༌། ཡིད་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་དབང་པོ་ཤིན་ཏུ་གསལ་པ་ཐོབ་ནས། དེ་དག་དབང་པོ་ཤིན་ཏུ་གསལ་བ་དེ་དག་གིས་བདག་ལ་མི་སྟོང་ཅིང་གཞན་ལ་མི་སྨོད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་མི་སྐྱེ་བ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་ནས། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་


DTG082_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས། སེམས་ཅན་རྣམས་ལ་སྦྱིན་པ་བྱིན་ཏེ། དེ་དག་ཉིད་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་རབ་ཏུ་དགོད་པ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་ཕྲག་དུ་མ་ཡོངས་སུ་བཟུང༌། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་ཕྲག་དུ་མ་ཡོངས་སུ་བཟུང་སྟེ། དེ་ལ་གནས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཉེས་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་བཀུར་སྟིར་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ཅིང༌། དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བ་ནི་མཐོང་པའི་ཆོས་ལ་མྱ་ངན་ལས་འདའ་བའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་བསམ་གཏན་བཞི་ཐོབ་པ་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པ་དེ་དག་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་རྣམ་པར་རྩེ་ཞིང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་


DTG082_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དག་ཡོད་དོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་ལྡན་པ་རྣམས་བསམ་གཏན་དང༌། ཚད་མེད་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་འདི་དག་ཡང་དང་ཡང་དུ་རྣམ་པར་མནན་ཅིང་སྙོམས་པར་འཇུག་པས་ཐོད་རྒལ་ལ་ཡང་སྙོམས་པར་འཇུག་པ་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་ལུས་ཀྱི་མངོན་སུམ་དུ་བྱེད་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ནས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་བྱེད་ཅིང་བདག་ཉིད་ཀྱང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་སྣང་བ་དེ་དང་བྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་རྣམས་ཀྱང་མེད་པའི་འཇིག་རྟེན་གྱི་ཁམས་སུ་རང་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ། །དེ་དག་ཐབས་ལ་མཁས་པས་སྲོག་ཆགས་བརྒྱ་སྟོང་བྱེ་བ་ཕྲག་མང་པོ་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་སངས་རྒྱས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དྲན་པ་ཉེ་བར་


DTG082_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་ཐོབ་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཐོབ་པ་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་མི་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་ཐོབ་པར་མི་བྱེད་ཀྱི། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཐབས་མཁས་པས་སེམས་ཅན་ཐམས་ཅད་ལམ་ལ་བཙུད་ཅིང་རྣམ་པར་སྦྱངས་ནས། སེམས་ཅན་དེ་དག་དེས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་ཐོབ་པར་འགྱུར་བར་བྱེད་པ་དག་ཡོད་དེ། བདག་ཉིད་ཀྱིས་མངོན་སུམ་དུ་མ་བྱས་པ་གཞན་དེ་ལ་རབ་ཏུ་དགོད་པར་བྱེད་དོ་ཞེས་བྱ་བ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ལམ་གྱིས་ཐོབ་པར་བྱ་བའི་འབྲས་བུ་རྣམས་ཡིན་ནོ། །ཤཱ་རིའི་བུ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཡེ་ཤེས་དང༌། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཡིན་ཏེ་ཞེས་བྱ་བ་ནི་རང་གིས་མ་ཐོབ་པའི་ཆོས་ལ་གཞན་འགོད་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུས་དེ་ལྟར་རྣམ་པར་སྤྱོད་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་དགའ་ལྡན་གྱི་གནས་ཡོངས་སུ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སྐལ་བ་བཟང་པོ་པར་ཤེས་པར་བྱའོ། །ཤཱ་རིའི་བུ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་མངོན་པར་རྟོགས་པ་འདི་གང་ལ་ཡོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །ཤཱ་རིའི་བུ་དེ་


DTG082_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཁ་ན་མ་ཐོ་བ་དང་བཅས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱི་གོ་སྐབས་མི་དབྱེའོ་ཞེས་བྱ་བ་འདི་དག་གིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གསལ་བར་བསྟན་ཏོ། །དགེ་འདུན་དཀོན་མཆོག་ལ་གདམས་པའོ། །

མ་ཞེན་པ་ལ་གདམས་པ།


DTG082_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་དང༌། ངག་གི་ལས་ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་གང་གི་ལུས་ཀྱི་ལས་ཡང་དག་པར་རྩོམ་པའི་ལུས་དེ་ནི་གང་ཡིན། གང་གི་ངག་གི་ལས་ཡང་དག་པར་རྩོམ་པའི་ངག་དེ་ནི་གང་ཡིན། གང་གི་ཡིད་ཀྱི་ལས་ཡང་དག་པར་རྩོམ་པའི་ཡིད་དེ་ནི་གང་ཡིན་སྙམ་པ་འདི་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་ངག་དང་ཡིད་ཀྱི་ལས་རྩོམ་པ་ཁ་ན་མ་ཐོ་བ་དང་བཅས་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི་ལུས་གང་དང༌། ངག་གང་དང༌། ཡིད་གང་གིས་སེར་སྣ་དང༌། ཚུལ་ཁྲིམས་འཆལ་བ་དང༌། གནོད་སེམས་དང༌། ལེ་ལོ་དང༌། རྣམ་པར་གཡེང་བ་དང༌། ཤེས་རབ་འཆལ་བའི་སེམས་སྐྱེད་པར་བྱེད་པའི་ལུས་མི་དམིགས་སོ། །ངག་མི་དམིགས་སོ། །ཡིད་མི་དམིགས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་བསྐྱེད་པ་གང་ཡིན་པ་འདི་ནི་གནས་མེད་ཅིང་གོ་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ལུས་ཀྱི་གནས་


DTG082_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལེན་སྦྱོང་བར་བྱེད། ངག་གི་གནས་ངན་ལེན་སྦྱོང་བར་བྱེད། ཡིད་ཀྱི་གནས་ངན་ལེན་སྦྱོང་བར་བྱེད་དོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཀྱི་གནས་ངན་ལེན་སྦྱོང་བ་དང༌། ངག་གི་གནས་ངན་ལེན་སྦྱོང་བ་དང༌། ཡིད་ཀྱི་གནས་ངན་ལེན་སྦྱོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་མི་དམིགས་པ་དང༌། ངག་མི་དམིགས་པ་དང༌། སེམས་མི་དམིགས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་བ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ཏེ་གནས་ཤིང༌། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་བསྐྱེད་པ་མེད་པར་དེ་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་འཇོག་པ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་ཡོངས་སུ་དག་པ་ཞེས་ངས་བཤད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་པ་དག་ཡོད་དོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་ལུས་མི་དམིགས་པ་དང༌། ངག་མི་དམིགས་པ་དང༌།


DTG082_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་མི་དམིགས་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་དང༌། ཉན་ཐོས་མི་དམིགས་པ་དང༌། རང་སངས་རྒྱས་མི་དམིགས་པ་དང༌། བྱང་ཆུབ་སེམས་དཔའ་མི་དམིགས་པ་དང༌། སངས་རྒྱས་མི་དམིགས་པ་འདི་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་མི་དམིགས་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་འདིས་འགྲོ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་སྤྱོད་པ་ནི་ཐུབ་པར་མི་ནུས་པ་ཡིན་ནོ་ཞེས་བྱ་བ་ནི་མ་ཞེན་པ་ལ་གདམས་པའོ། །

ཡོངས་སུ་མི་ངལ་བ་ལ་གདམས་པ།


DTG082_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཇི་ལྟ་བུར་སྤྱོད་པ་རྣམས་གཞན་ཐམས་ཅད་ཀྱིས་ཐུབ་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། གཟུགས་སུ་མི་རློམ་པ་དང༌། ཚོར་བར་མི་རློམ་པ་དང༌། འདུ་ཤེས་སུ་མི་རློམ་པ་དང༌། འདུ་བྱེད་རྣམས་སུ་མི་རློམ་པ་དང༌། རྣམ་པར་ཤེས་པར་མི་རློམ་པ་དང༌། སའི་ཁམས་སུ་མི་རློམ་པ་དང༌། ཆུའི་ཁམས་སུ་མི་རློམ་པ་དང༌། མེའི་ཁམས་སུ་མི་རློམ་པ་དང༌། རླུང་གི་ཁམས་སུ་མི་རློམ་པ་དང༌། ནམ་མཁའི་ཁམས་སུ་མི་རློམ་པ་དང༌། རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། མིག་གི་ཁམས་སུ་མི་རློམ་པ་དང༌། གཟུགས་ཀྱི་ཁམས་སུ་མི་རློམ་པ་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། རྣ་བའི་ཁམས་སུ་མི་རློམ་པ་དང༌། སྒྲའི་ཁམས་སུ་མི་རློམ་པ་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། སྣའི་ཁམས་སུ་མི་རློམ་པ་དང༌། དྲིའི་ཁམས་སུ་མི་རློམ་པ་དང༌། སྣའི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། ལྕེའི་ཁམས་སུ་


DTG082_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མི་རློམ་པ་དང༌། རོའི་ཁམས་སུ་མི་རློམ་པ་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། ལུས་ཀྱི་ཁམས་སུ་མི་རློམ་པ་དང༌། རེག་བྱའི་ཁམས་སུ་མི་རློམ་པ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། ཡིད་ཀྱི་ཁམས་སུ་མི་རློམ་པ་དང༌། ཆོས་ཀྱི་ཁམས་སུ་མི་རློམ་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། དྲན་པ་ཉེ་བར་གཞག་པར་མི་རློམ་པ་དང༌། ཡང་དག་པར་སྤོང་པར་མི་རློམ་པ་དང༌། རྫུ་འཕྲུལ་གྱི་རྐང་པར་མི་རློམ་པ་དང༌། དབང་པོར་མི་རློམ་པ་དང༌། སྟོབས་སུ་མི་རློམ་པ་དང༌། བྱང་ཆུབ་ཀྱི་ཡན་ལག་ཏུ་མི་རློམ་པ་དང༌། ལམ་དུ་མི་རློམ་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། མི་འཇིགས་པར་མི་རློམ་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུར་མི་རློམ་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་མི་རློམ་པ་དང༌། རྒྱུན་ཏུ་ཞུགས་པའི་འབྲས་བུར་མི་རློམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུར་མི་རློམ་པ་དང༌། ཕྱིར་མི་འོང་བའི་འབྲས་བུར་མི་རློམ་པ་དང༌། དགྲ་བཅོམ་པ་ཉིད་དུ་མི་རློམ་པ་དང༌། རང་བྱང་ཆུབ་ཏུ་མི་རློམ་པ་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་མི་རློམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རློམ་པ་མེད་པ་དེ་ལྟ་ན་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་འཕེལ་ཏེ། སུས་ཀྱང་ཐུབ་པ་མེད་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཡེ་ཤེས་དེ་དང་ལྡན་པས་ངན་སོང་ཐམས་ཅད་ཀྱི་སྒོ་བཅད་པར་འགྱུར་བ་དང༌། མི་དབུལ་ཞིང་ཕོངས་པ་ཡང་ཉམས་སུ་མྱོང་བར་མི་འགྱུར་བ་དང༌། ལུས་གང་དང་ལྡན་པས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ནང་ན་སྨད་པར་འགྱུར་བ་དེ་ལྟ་བུའི་ལུས་


DTG082_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་པར་མི་འགྱུར་བ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་ཡོངས་སུ་མེད་ལ་བར་གདམས་པའོ། །

ལམ་ཡོངས་སུ་འཛིན་པ་ལ་གདམས་པ།


DTG082_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་གང་དང་ལྡན་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ༌། །དེ་དག་གིས་ཆོས་བསྟན་པ་ཡང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ༌། །དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ༌། །དེ་དག་གིས་ཆོས་བསྟན་པ་ཡང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ཡང་བསྙེན་བཀུར་བྱེད་དོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ༌། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ། །བྱང་ཆུབ་སེམས་དཔའི་འདུ་ཤེས་མི་སྐྱེད་དོ། །ཉན་ཐོས་ཀྱི་འདུ་ཤེས་མི་སྐྱེད་དོ། །རང་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ། །བདག་གི་འདུ་ཤེས་མི་སྐྱེད་དོ། །གཞན་གྱི་འདུ་ཤེས་མི་སྐྱེད་དོ། །སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་མི་སྐྱེད་དོ། ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད།


DTG082_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དེ། ཕ་རོལ་ཏུ་ཕྱིན་པ་རྣམས་སུ་དམིགས་པ་ཡང་མེད་དོ། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པར་བྱེད་དེ། དྲན་པ་ཉེ་བར་གཞག་པ་རྣམས་སུ་དམིགས་པ་ཡང་མེད་དོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་སྒོམ་པར་བྱེད་དེ། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དུ་དམིགས་པ་ཡང་མེད་དོ། །སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒྲུབ་པར་བྱེད་ལ། སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་དམིགས་པ་ཡང་མེད་དོ། །ཤཱ་རའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་ཏེ། ཡེ་ཤེས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་ཡང་རློམ་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ལམ་ཡོངས་སུ་འཛིན་པ་ལ་གདམས་པའོ། །

སྤྱན་ལྔ་ལ་གདམས་པ།


DTG082_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་མིག་ལྔ་རབ་ཏུ་ཐོབ་པ་དང་ཡོངས་སུ་སྦྱོང་བ་ཡོད་དོ། །མིག་གང་ལྔ་རབ་ཏུ་ཐོབ་པ་དང་ཡོངས་སུ་སྤྱོད་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང༌། ལྷའི་མིག་དང༌། ཤེས་རབ་ཀྱི་མིག་དང༌། ཆོས་ཀྱི་མིག་དང༌། སངས་རྒྱས་ཀྱི་མིག་གོ །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གང་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གང་གིས་དཔག་ཚད་ཉིས་བརྒྱ་དང༌། སུམ་བརྒྱ་དང༌། བཞི་བརྒྱ་དང༌། ལྔ་བརྒྱ་དང༌། སྟོང་གི་བར་དུ་མཐོང་བ་ཡོད་དོ། །


DTG082_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གང་གིས་འཛམ་བུའི་གླིང་མཐོང་བ་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་གླིང་གཉིས་དང༌། གླིང་གསུམ་དང༌། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤའི་མིག་གང་གིས་སྟོང་གི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤའི་མིག་གང་གིས་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འཐབ་བྲལ་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །དགའ་ལྡན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འཕྲུལ་དགའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་རིས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་པ་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་འཁོར་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་ཆེན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འོད་ཆུང་གི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་


DTG082_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དཔས་རབ་ཏུ་ཤེས་སོ། །ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འོད་གསལ་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །དགེ་ཆུང་གི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚད་མེད་དགེ་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །མི་སྤོང་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །མི་གདུང་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ལེགས་མཐོང་གི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །རབ་ལྟའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འོག་མིན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་མི་ཤེས་སོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །འཐབ་བྲལ་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །དགའ་ལྡན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །འཕྲུལ་དགའི་ལྷ་རྣམས་ཀྱིས་མི་ཤེས་སོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །ཚངས་རིས་པའི་ལྷ་རྣམས་ཀྱིས་མི་ཤེས་སོ། །ཚངས་པ་མདུན་ན་འདོན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །ཚངས་འཁོར་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །ཚངས་ཆེན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ།།


DTG082_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཆུང་གི་ལྟ་རྣམས་ཀྱིས་མི་ཤེས་སོ། །ཚད་མེད་འོད་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །འོད་གསལ་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །དགེ་ཆུང་གི་ལྷ་རྣམས་ཀྱིས་མི་ཤེས་སོ། །ཚད་མེད་དགེ་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །སྤྲིན་མེད་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །མི་སྤོང་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །མི་གདུང་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །ལེགས་མཐོང་གི་ལྷ་རྣམས་ཀྱིས་མི་ཤེས་སོ། །རབ་ལྟའི་ལྷ་རྣམས་ཀྱིས་མི་ཤེས་སོ། །འོག་མིན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །ལྷའི་མིག་ཡོངས་སུ་དག་པ་དེ་དག་ཉིད་ཀྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོངས་སུ་དག་པའི་ལྷའི་མིག་དེ་ཉིད་ཀྱིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོངས་སུ་དག་པའི་ལྷའི་མིག་དེ་ཉིད་ཀྱིས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོངས་སུ་དག་པའི་ལྷའི་མིག་དེ་ཉིད་ཀྱིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལྷོ་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།།


DTG082_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་མིག་གང་དང་ལྡན་པས་འདུས་བྱས་སམ། འདུས་མ་བྱས་སམ། དགེ་བའམ། མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། ཉོན་མོངས་པ་དང་བཅས་པའམ། ཉོན་མོངས་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡང་རུང་སྟེ། ཆོས་གང་ཡང་རབ་ཏུ་མི་ཤེས་པ་མེད་པ་དང༌། ཤེས་རབ་ཀྱི་མིག་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ཡང་མ་མཐོང་མ་ཐོས། མ་བསམས་ཁོང་དུ་མ་ཆུད་པ་མེད་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་གི་གང་ཟག་འདི་ནི་དང་པའི་རྗེས་སུ་འབྲང་བའོ། །གང་ཟག་འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ། །གང་ཟག་འདི་ནི་སྟོང་པ་ཉིད་ལ་གནས་པ་སྟེ། གང་


DTG082_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་འཇིག་ཚོགས་ལ་ལྟ་བ་དང༌། ཐེ་ཚོམ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་བསྙེམས་པའི་ཀུན་ཏུ་སྦྱོར་བ་གསུམ་རབ་ཏུ་སྤོང་བར་འགྱུར་ཏེ། གང་ཟག་འདི་ནི་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེས་བསྒོམ་པའི་ལམ་རབ་ཏུ་ཐོབ་ནས་འདོད་པའི་འདོད་ཆགས་དང༌། གནོད་སེམས་རབ་ཏུ་བསྲབས་པའི་ཕྱིར་ན་གང་ཟག་འདི་ནི་ལན་ཅིག་ཕྱིར་འོང་བཞེས་བྱའོ། །དེ་བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་འདོད་པའི་འདོད་ཆགས་དང༌། གནོད་སེམས་རབ་ཏུ་སྤངས་པའི་ཕྱིར་ན་གང་ཟག་འདི་ནི་ཕྱིར་མི་འོང་བ་ཞེས་བྱའོ། །དེ་བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་གཟུགས་ཀྱི་འདོད་ཆགས་དང༌། །གཟུགས་མེད་པའི་འདོད་ཆགས་དང༌། མ་རིག་པ་དང༌། ང་རྒྱལ་དང༌། རྒོད་པ་རབ་ཏུ་སྤངས་པས་གང་ཟག་འདི་ནི་དགྲ་བཅོམ་པ་ཞེས་བྱའོ། །གང་ཟག་འདི་ནི་མཚན་མ་མེད་པ་ལ་གནས་པ་སྟེ། གང་ཟག་འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སོ་མཚན་མ་མེད་པས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་བ་ནས་གང་ཟག་འདི་ནི་དགྲ་བཅོམ་པའི་བར་ཞེས་བྱའོ། །གང་ཟག་འདི་ནི་སྨོན་པ་མེད་པ་ལ་གནས་པ་སྟེ། འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་འདི་ལྟར་རབ་ཏུ་ཤེས་ཏེ། གང་ཅུང་ཟད་ཀུན་འབྱུང་བའི་ཆོས་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ནོ་ཞེས་རབ་ཏུ་ཤེས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་


DTG082_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལྔ་འཐོབ་སྟེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་རབ་ཏུ་ཤེས་ཏེ། གང་ཞིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདི་ནི་སེམས་དང་པོ་བསྐྱེད་པ་ཡིན་ཏེ། དེ་ནི་དེའི་ལམ་དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་ཐོབ་སྟེ། ཐབས་མཁས་པ་དང་ལྡན་པ་དེ་ནི་བསམས་བཞིན་དུ་བདག་གི་ལུས་ཡོངས་སུ་འཛིན་ཏོ། །བྱང་ཆུབ་སེམས་དཔའ་འདི་ནི་དགེ་བའི་རྩ་བ་བརྟན་པ་ཡིན་ཏེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། །འདི་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་འཕྲུལ་དགའི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་འོག་མིན་གྱི་བར་དུ་སྐྱེ་བར་འགྱུར་ཏེ། དེ་དེར་གནས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་དེ་དག་ལ་རིམ་གྲོར་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར། བཀུར་སྟིར་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ངོ༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཕྱིར་ལྡོག་པར་མི་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་


DTG082_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་ལུང་མ་བསྟན་པའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་ཕྱིར་ལྡོག་པར་མི་འགྱུར་བའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་ཕྱིར་ལྡོག་པར་འགྱུར་པའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་མངོན་པར་ཤེས་པ་ཡོངས་སུ་རྫོགས་པའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་མངོན་པར་ཤེས་པ་ཡོངས་སུ་མ་རྫོགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་མངོན་པར་ཤེས་པ་ཡོངས་སུ་རྫོགས་པས་ཤར་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བཀུར་སྟིར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་འདི་ནི་མངོན་པར་ཤེས་པ་ཡོངས་སུ་མ་རྫོགས་པས་མཆོད་པའི་བར་དུ་མི་བྱེད་དོ། །འདིས་ནི་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། །འདིས་ནི་མངོན་པར་ཤེས་པ་ཐོབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱས་སོ། །བྱང་ཆུབ་སེམས་དཔའ་འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྔགས་པ་བརྗོད་པར་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ནི་བསྔགས་པ་བརྗོད་པར་མི་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་ཉེ་བར་གནས་པར་མི་འགྱུར་རོ།།


DTG082_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་ཚེ་དཔག་ཏུ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིའི་ཚེ་ནི་དཔག་ཏུ་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིའི་དགེ་འདུན་ནི་ཚད་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིའི་དགེ་འདུན་ནི་ཚད་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་དཀའ་བ་སྤྱོད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་དཀའ་བ་སྤྱོད་པར་མི་འགྱུར་བའོ། །བྱང་ཆུབ་སེམས་དཔའ་འདི་ནི་སྲིད་པ་ཐ་མ་པའོ། །བྱང་ཆུབ་སེམས་དཔའ་འདི་ནི་སྲིད་པ་ཐ་མ་པ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སྙིང་པོ་བྱང་ཆུབ་ལ་འདུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་ནི་སྙིང་པོ་བྱང་ཆུབ་ལ་འདུག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་ནི་བདུད་ཡོད་པར་འགྱུར་ཏེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་ནི་བདུད་ཡོད་པར་མི་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ན་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པ་གང་ཡིན་པ་དེ་ནི།


DTG082_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཡིན། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། མིག་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་དུ་མ་མཐོང་བའམ། མ་ཐོས་པའམ། མ་བསམས་པའམ། རྣམ་པར་མ་ཤེས་པ་ཅི་ཡང་མེད་པ་སྟེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་ཡོངས་སུ་སྦྱང་བར་འདོད་པ་དང་ཐོབ་པར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་དགེ་བའི་ཆོས་ཐམས་ཅད་འདུས་ཏེ། ཉན་ཐོས་ཀྱི་ཆོས་དང༌། རང་སངས་རྒྱས་ཀྱི་ཆོས་དང༌། བྱང་ཆུབ་སེམས་དཔའི་ཆོས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་འདུས་སོ། །ཤཱ་རིའི་བུ་གང་ཞིག་དགེ་བའི་ཆོས་ཐམས་ཅད་འདུས་པར་སྨྲ་བ་དེ་དག་ནི་ཡང་དག་པར་སྨྲ་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ལྔ་པོ་འདི་དག་སྐྱེད་པར་བྱེད་པ་ཡིན་ནོ། །མིག་ལྔ་པོ་དེ་དག་ལ་བསླབས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་སྤྱན་ལྔ་ལ་གདམས་པའོ། །

མངོན་པར་ཤེས་པ་དྲུག་ལ་གདམས་པ།


DTG082_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཐོབ་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །དེ་ནི་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་པར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་འགྱུར་


DTG082_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །སྣང་བ་དང་མི་སྣང་བའང་ཉམས་སུ་མྱོང་བར་བྱེད་དོ། །རྩིག་པ་ལ་ཐད་ཀར་འགྲོ། རབ་ལ་ཐད་ཀར་འགྲོ། །རི་ལ་ཡང་ཐད་ཀར་ཐོགས་པ་མེད་པར་འགྱུར་ཏེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་གྱེན་དུ་འབྱུང་བ་དང་འོག་ཏུ་འཛུལ་བར་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་བྱིང་བ་མེད་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །དུ་བར་འཐུལ་ཞིང་མེ་འབར་ཏེ། དཔེར་ན་མེའི་ཕུང་པོ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་ཞིང་འདི་ལྟར་དབང་ཆེ་བ་དག་ཀྱང་ལག་པས་བྱུགས་ཤིང་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་ཏེ། རྫུ་འཕྲུལ་དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དོ། །འདི་ལྟར་དེས་རྫུ་འཕྲུལ་མི་དམིགས་པའི་ཕྱིར་རོ། །རང་བཞིན་གྱིས་སྟོང་པའི་ཕྱིར་དང༌། རང་བཞིན་གྱིས་དབེན་པའི་ཕྱིར་དང༌། རང་བཞིན་གྱིས་མི་དམིགས་པའི་ཕྱིར་དེས་རྫུ་འཕྲུལ་གང་གིས་རློམ་སེམས་སུ་འགྱུར་བའི་རྫུ་འཕྲུལ་དེ་ལྟ་བུ་མི་དམིགས་ཏེ། དེ་ཐམས་ཅད་མཁྱེན་པ་ཉིད་ལ་བྱ་བ་མ་གཏོགས་པར་རྫུ་འཕྲུལ་ལམ་རྫུ་འཕྲུལ་མངོན་པར་སྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྣམ་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མི་ལས་འདས་པས་ལྷ་དང་མི་གཉིས་ཀའི་སྒྲ་ཐོས་ཏེ། ལྷའི་རྣ་བའི་ཁམས་དེས་བདག་ནི་སྒྲ་ཉན་ཞེས་བྱ་བར་རློམ་སེམས་སུ་འགྱུར་བ་མོད་དོ། །འདི་ལྟར་དེས་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་དང༌། རང་བཞིན་དབེན་པའི་ཕྱིར་དང༌། རང་བཞིན་མི་དམིགས་པའི་ཕྱིར་རྣ་བ་དང༌། སྒྲ་དམིགས་པ་མེད་དེ། དེ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ལྷའི་རྣ་བའི་ཁམས་ལ་བསམ་པའམ། རྣ་བ་མངོན་པར་སྒྲུབ་པའི་བསམ་པ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་


DTG082_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྷའི་རྣ་བའི་ཁམས་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ།། །།བམ་པོ་དྲུག་པ། དེས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་ལྡན་པའི་སེམས་ལ་འདོད་ཆགས་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་ལྡན་པའི་སེམས་ལ་ཞེ་སྡང་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་མེད་པའི་སེམས་ལ་ཞེ་སྡང་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་ལྡན་པའི་སེམས་ལ་གཏི་མུག་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་བྲལ་བའི་སེམས་ལ་གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་ལྡན་པའི་སེམས་ལ་སྲེད་པ་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་བྲལ་བའི་སེམས་ལ་སྲེད་པ་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་དང་བཅས་པའི་སེམས་ལ་ཉེ་བར་ལེན་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་མེད་པའི་སེམས་ལ་ཉེ་བར་ལེན་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ནས་འདུས་པའི་སེམས་ལ་ཀུན་ནས་འདུས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་འཕྲོས་པའི་སེམས་ལ་རྣམ་པར་འཕྲོས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆུང་ངུའི་སེམས་ལ་རྒྱ་ཆུང་ངུའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡངས་པའི་སེམས་ལ་


DTG082_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆེ་བར་གྱུར་པའི་སེམས་ལ་ཆེ་བར་གྱུར་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་གཞག་པའི་སེམས་ལ་མཉམ་པར་གཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་མ་བཞག་པའི་སེམས་ལ་མཉམ་པར་མ་བཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་གྲོལ་བའི་སེམས་ལ་རྣམ་པར་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་མ་གྲོལ་བའི་སེམས་ལ་རྣམ་པར་མ་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་དང་བཅས་པའི་སེམས་ལ་ཟག་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་མེད་པའི་སེམས་ལ་ཟག་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་དང་བཅས་པའི་སེམས་ལ་ཉོན་མོངས་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་མེད་པའི་སེམས་ལ་ཉོན་མོངས་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་ཡོད་པའི་སེམས་ལ་བླ་ན་ཡོད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་སེམས་ལ་བླ་ན་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཞན་གྱི་སེམས་ཤེས་པ་དེས་རློམ་སེམས་སུ་འགྱུར་བ་ཡང་མེད་དེ། འདི་ལྟར་སེམས་དེ་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། དེ་ནི་བདག་གིས་ཤེས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །འདི་ལྟར་རང་བཞིན་སྟོང་པའི་ཕྱིར་དང༌། རང་བཞིན་དབེན་པའི་ཕྱིར་དང༌། རང་བཞིན་མི་དམིགས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བ་དེ་ལྟ་བུའི་སེམས་མི་དམིགས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་སེམས་ཤེས་པར་བྱ་བའི་བསམ་པའམ་སེམས་ཤེས་པ་མངོན་པར་སྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་


DTG082_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པས་སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ནོ། །གཉིས་དང་གསུམ་ནས་སྐྱེ་བ་བརྒྱ་ཕྲག་སྟོང་གི་བར་དུ་ཡང་རྗེས་སུ་དྲན་ནོ། །དེ་སེམས་གཅིག་ཀྱང་རྗེས་སུ་དྲན་པ་ནས་སེམས་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ཉི་མ་གཅིག་ནས་ཉི་མ་བརྒྱ་དང༌། ཟླ་བ་གཅིག་ནས་ཟླ་བ་བརྒྱ་དང༌། ལོ་གཅིག་ནས་ལོ་བརྒྱ་དང༌། བསྐལ་པ་གཅིག་ནས་བསྐལ་པ་བརྒྱ་དང༌། བསྐལ་པ་བརྒྱ་ཕྲག་དུ་མ་ནས་བསྐལ་པ་སྟོང་ཕྲག་དུ་མ་དང༌། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་རྗེས་སུ་དྲན་པ་ནས་སྔོན་གྱི་མཐའི་མུར་ཐུག་པ་ཡང་རྗེས་སུ་དྲན་ནོ། །བདག་ག་གེ་མོ་ཞིག་ཏུ་འདུག་པར་གྱུར་ཏེ། མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཡུན་ནི་འདི་སྲིད་ཅིག་ཏུ་འདུག་འདུག །ཚེའི་མཐའ་ནི་འདི་ཙམ་ཅིག་ཏུ་གྱུར་ཏེ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས། བསྟན་པ་དང་བཅས། བཤད་པ་དང་བཅས་པར་བདག་དང་གཞན་གྱི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དེ། འདི་ལྟར་ཡེ་ཤེས་དེ་ཡེ་ཤེས་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ནི་བདག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་རློམ་སེམས་མེད་དེ། འདི་ལྟར་དེས་ཡེ་ཤེས་དེ་ཉིད་ཀྱིས་ཀྱང་རང་བཞིན་སྟོང་པའི་ཕྱིར་དང༌། རང་བཞིན་དབེན་པའི་ཕྱིར་དང༌། རང་བཞིན་མི་དམིགས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་མི་དམིགས་སོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་སྔོན་གྱི་གནས་རྗེས་སུ་དྲན་པའི་བསམ་པ་ཙམ་མམ་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་པར་སྒྲུབ་པའི་བསམ་


DTG082_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང༌། སྐྱེ་བ་དང༌། ཁ་དོག་སྡུག་པ་དང༌། ཁ་དོག་མི་སྡུག་པ་དང༌། བཟང་བ་དང༌། ངན་པ་དང༌། ལས་ཇི་ལྟ་བ་བཞིན་བདེ་འགྲོ་དང་ངན་འགྲོར་ཉེ་བར་འགྲོ་བ་རྣམས་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ་ངག་གིས་ངན་དུ་སྤྱོད་པ་དང༌། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་རྣམས་ཏེ། དེ་དག་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེའོ།། སེམས་ཅན་དེ་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང༌། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མི་འདེབས་པ་ཡང་དག་པར་ལྟ་བ་རྣམས་ཏེ། ལུས་དང༌། ངག་དང༌། ཡིད་ཀྱིས་ལེགས་པར་སྤྱོད་པ་དེའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟར་རབ་ཏུ་ཤེས་ཏེ། དེ་ལྟར་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་དག་གི་འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་འཆི་འཕོ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དེ། དེ་འདི་ལྟར་མིག་དེ་མིག་མ་ཡིན་ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ནི་བདག་གིས་མཐོང་ངོ་ཞེས་བྱ་བར་རློམ་སེམས་མེད་དེ། རང་བཞིན་སྟོང་པའི་ཕྱིར་དང༌། རང་བཞིན་དབེན་པའི་ཕྱིར་དང༌། རང་བཞིན་མི་དམིགས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བའི་མིག་དེ་ལྟ་བུ་དེས་མི་དམིགས་ཏེ། དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ལྷའི་མིག་གི་བསམ་པའམ་


DTG082_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་མིག་མངོན་པར་སྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ལྷའི་མིག་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ།། དེ་མི་སྐྱེ་བ་མངོན་དུ་བྱེད་པའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་སྟེ། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་མ་གཏོགས་པ་ཆོས་གཞན་གང་ལ་ཡང་སྨོན་པར་མི་བྱེད་དོ། །དེ་ཟག་པ་ཟད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ལ་མཁས་པ་དེས་མི་རློམ་མོ། །འདི་ལྟར་ཡེ་ཤེས་དེ་ནི་ཡེ་ཤེས་མ་ཡིན་ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་བདག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་རློམ་སེམས་མེད་དེ། འདི་ལྟར་རང་བཞིན་སྟོང་པའི་ཕྱིར་དང༌། རང་བཞིན་དབེན་པའི་ཕྱིར་དང༌། རང་བཞིན་མི་དམིགས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བའི་ཟག་པ་ཟད་པའི་ཡེ་ཤེས་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེ་ལྟ་བུ་མི་དམིགས་སོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ཟག་པ་ཟད་པའི་ཡེ་ཤེས་ཀྱི་བསམ་པའམ། ཟག་པ་ཟད་པ་མངོན་དུ་བྱ་བའི་ཡེ་ཤེས་མངོན་དུ་སྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །དེ་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཟག་པ་ཟད་པའི་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ཅིང་མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་དང་ཡོངས་སུ་དག་པར་བྱེད་དོ། །ཤཱ་རིའི་བུ་མངོན་པར་ཤེས་པ་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་མཐའ་ལས་


DTG082_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་སྟོང་པ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བདག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ལྟུང་བ་དང་ལྟུང་བ་མེད་པ་དང་བྲལ་བའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བདག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་འཁྲུག་པ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སེམས་རྣམ་པར་གཡེང་བ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཤེས་རབ་འཆལ་པའི་སེམས་ཡོངས་སུ་སྤངས་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་འོང་བ་མེད་པ་དང་འགྲོ་བ་མེད་པའི་ཕྱིར་དང༌། ཡོངས་སུ་འཛིན་པ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་


DTG082_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ། །དེ་ལ་སྦྱིན་པ་ནི་ཡོངས་སུ་འཛིན་པ་ལ་བརྟེན་ནས་གདགས་སོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་འཆལ་པ་ལ་བརྟེན་ནས་གདགས་སོ། །བཟོད་པ་ནི་མི་བཟོད་པ་ལ་བརྟེན་ནས་གདགས་སོ། །བརྩོན་འགྲུས་ནི་ལེ་ལོ་ལ་བརྟེན་ནས་གདགས་སོ། །ཏིང་ངེ་འཛིན་ནི་མཉམ་པར་མ་བཞག་པ་ལ་བརྟེན་ནས་གདགས་སོ། །ཤེས་རབ་ནི་ཤེས་རབ་འཆལ་པ་ལ་བརྟེན་ནས་གདགས་ཏེ། དེ་ནི་རྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །མ་བརྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །སྦྱིན་པ་དང་ཡོངས་སུ་འཛིན་པ་ཞེས་རློམ་སེམས་མེད་དོ། །ཚུལ་ཁྲིམས་དང་ཚུལ་ཁྲིམས་འཆལ་པ་ཞེས་རློམ་སེམས་མེད་དོ། །བཟོད་པ་དང་འཁྲུག་པ་ཞེས་རློམ་སེམས་མེད་དོ། །བརྩོན་འགྲུས་དང་ལེ་ལོ་ཞེས་རློམ་སེམས་མེད་དོ། །ཏིང་ངེ་འཛིན་དང་མཉམ་པར་མ་བཞག་པ་ཞེས་རློམ་སེམས་མེད་དོ། །ཤེས་རབ་དང་ཤེས་རབ་འཆལ་པ་ཞེས་རློམ་སེམས་མེད་དོ། །བདག་ལ་སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བདག་ལ་ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བཀུར་སྟི་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བཀུར་སྟི་མ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མ་སྐྱེས་པ་ནི་ང་ལ་སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ང་ལ་ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ང་ལ་བཀུར་སྟི་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ང་ལ་བཀུར་སྟི་མ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རློམ་སེམས་ཐམས་ཅད་ཡང་དག་པར་སྤྱོད་པའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡོན་ཏན་གང་དག་ཡོད་པ་དེ་དག་ནི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་མེད་དོ། །དེ་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་


DTG082_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་ནས། ཆོས་ཐམས་ཅད་མཉམ་པ་ཉིད་རབ་ཏུ་ཐོབ་བོ། །ཆོས་ཐམས་ཅད་མཉམ་པ་ཉིད་རབ་ཏུ་ཐོབ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སེམས་ཅན་ཐམས་ཅད་རབ་ཏུ་དགོད་དོ། །དེ་ནི་ཚེ་འདི་ཉིད་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་སུ་བྱོན་ཅིང་དབེན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཉན་ཐོས་ཐམས་ཅད་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡིད་དུ་འོང་ཞིང་དབེན་པར་བྱ་བ་ཡིན་ནོ། །དེ་ནི་སྐྱེ་བ་གང་དང་གང་དུ་སྐྱེས་ཀྱང་དེ་དང་དེ་དག་ཏུ་ནམ་ཡང་མིག་གིས་ཡིད་དུ་མི་འོང་བའི་གཟུགས་མི་མཐོང་ངོ༌། །རྣ་བས་ཡིད་དུ་མི་འོང་བའི་སྒྲ་མི་ཐོས་སོ། །སྣས་ཡིད་དུ་མི་འོང་བའི་དྲི་མི་ཚོར་རོ། །ལྕེས་ཡིད་དུ་མི་འོང་བའི་རོ་མི་མྱང་ངོ༌། །ལུས་ཀྱིས་ཡིད་དུ་མི་འོང་བའི་རེག་བྱ་མི་རེག་གོ །ཡིད་ཀྱིས་ཡིད་དུ་མི་འོང་བའི་ཆོས་རྣམ་པར་རིག་པ་མེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། དགེ་སློང་སུམ་བརྒྱས་གོས་གྱོན་གྱོན་པ་བཅོམ་ལྡན་འདས་ལ་ཡོན་དུ་གསོལ་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བདེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཞལ་འཛུམ་པ་མཛད་པ་འདིའི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་


DTG082_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་སུམ་བརྒྱ་པོ་འདི་དག་ནི་བསྐལ་པ་དྲུག་ཅུ་རྩ་གཅིག་འདས་ནས་བསྐལ་པ་སྐར་མ་ལྟ་བུ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཆེན་པོ་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་ངོ༌། །འདི་དག་ནི་འདི་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱོའོ། །ཆོས་བསྟན་པ་འདིས་ཡོངས་སུ་སྨིན་པར་བྱས་པའི་ལྷའི་བུ་སྟོང་ཕྲག་དྲུག་ཅུ་གང་དང་གང་དག་ཡིན་པ་དེ་དང་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་ཐད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཉིད་དུ་རབ་ཏུ་བྱུང་ནས་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་བྱམས་པ་དེས་ཀྱང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས་དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་གྱི་དཀྱིལ་འཁོར་ནས་འཁོར་བཞི་པོ་རྣམས་ཀྱིས་ཤར་ཕྱོགས་སུ་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ༌། །ནུབ་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ༌། །བྱང་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ༌། །བྱང་ཤར་གྱི་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ༌། །ཤར་ལྷོའི་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ༌། །ལྷོ་ནུབ་ཀྱི་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ༌། །ནུབ་བྱང་གི་ཕྱོགས་སུ་སངས་རྒྱས་སྟོང་མཐོང་ངོ༌། །འོག་དང་སྟེང་གི་ཕྱོགས་རེ་རེར་སངས་རྒྱས་སྟོང་མཐོང་ངོ༌། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཆེན་པོ་མཐོང་སྟེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་མཐོང་བར་གྱུར་པ་གང་ཡིན་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་ནི་མི་མཇེད་འདི་ན་ཡོད་པར་མ་མཐོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་གྱི་དཀྱིལ་འཁོར་ནས་སྲོག་ཆགས་སྟོང་ཕྲག་བཅུས་བདག་ཅག་གི་ལས་གང་བྱས་པས་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ལས་སྤྱད་


DTG082_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ་ཞེས་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཚེ་ཞལ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཞལ་འཛུམ་པ་མཛད་པའི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སྲོག་ཆགས་སྟོང་ཕྲག་བཅུ་པོ་འདི་དག་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་སྟོང་ཕྲག་བཅུ་པོ་འདི་དག་ནི་འདི་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ནམ་དུ་ཡང་མི་འབྲལ་ཏེ། དེ་ནས་ཕྱི་མའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང༌། ཚེ་དང་ལྡན་པ་རབ་འབྱོར་དང༌། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང༌། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་སྟེ། དེ་དག་དང་མངོན་པར་ཤེས་པ་མངོན་པར་ཤེས་པའི་དགེ་སློང་གཞན་རབ་ཏུ་མང་པོ་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་མང་བ་དག་དང༌། དགེ་སློང་དག་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་ཤིན་ཏུ་མང་བ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་ལགས་ཏེ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་རབ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་ཁྱད་པར་དུ་


DTG082_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་མཆོག་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་རབ་མཆོག་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་བླ་ན་མེད་པ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་གོང་ན་མེད་པ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་མཉམ་པ་མེད་པ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་ནམ་མཁའ་ལྟ་བུ་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ལགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོན་ཏན་ཐམས་ཅད་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྫི་བ་མ་མཆིས་པ་ལགས་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མི་མཉམ་པ་དང་མཉམ་པའི་སྦྱིན་པ་ཡོངས་སུ་བཏང་ངོ༌། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་འཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་བསྲུངས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བཟོད་པ་བསྒོམས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བརྩོན་འགྲུས་བརྩམས་སོ།།


DTG082_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བསམ་གཏན་བསྐྱེད་དོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་ན་ཉམ་པའི་ལུས་ཐོབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཤེས་རབ་བསྒོམས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་བོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ཆོས་ཐོབ་པར་འགྱུར་རོ། །འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བཅོམ་ལྡན་འདས་ཁྱོད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས་མི་མཉམ་པ་དང་མཉམ་པའི་གཟུགས་བརྙེས་པར་གྱུར་ཏོ། །མི་མཉམ་པ་དང་མཉམ་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་བརྙེས་པར་གྱུར་ཏོ། །མི་མཉམ་པ་དང་མཉམ་པའི་བྱང་ཆུབ་མངོན་པར་བྱང་ཆུབ་ནས། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །དེ་བཞིན་དུ་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱའོ། །བཅོམ་ལྡན་འདས་དེ་ལྟར་ལགས་པ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འཚལ་


DTG082_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་མིའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ལྷའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང༌། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང༌། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང༌། འཐབ་བྲལ་གྱི་ལྷ་རྣམས་དང༌། དགའ་ལྡན་གྱི་ལྷ་རྣམས་དང༌། འཕྲུལ་དགའི་ལྷ་རྣམས་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང༌། ཚངས་རིས་ཀྱི་ལྷ་རྣམས་དང༌། ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་དང༌། ཚངས་འཁོར་གྱི་ལྷ་རྣམས་དང༌། ཚངས་ཆེན་གྱི་ལྷ་རྣམས་དང༌། འོད་ཆུང་གི་ལྷ་རྣམས་དང༌། ཚད་མེད་འོད་ཀྱི་ལྷ་རྣམས་དང༌། འོད་གསལ་གྱི་ལྷ་རྣམས་དང༌། དགེ་བའི་ལྷ་རྣམས་དང༌། ཚད་མེད་དགེ་བའི་ལྷ་རྣམས་དང༌། དགེ་རྒྱས་ཀྱི་ལྷ་རྣམས་དང༌། སྤྲིན་མེད་ཀྱི་ལྷ་རྣམས་དང༌། བསོད་ནམས་སྐྱེས་ཀྱི་ལྷ་རྣམས་དང༌། འབྲས་བུ་ཆེ་བའི་ལྷ་རྣམས་དང༌། འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་དང༌། མི་སྤོང་བའི་ལྷ་རྣམས་དང༌། མི་གདུང་བའི་ལྷ་རྣམས་དང༌། ལེགས་མཐོང་གི་ལྷ་རྣམས་དང༌། རབ་ལྟའི་ལྷ་རྣམས་དང༌། འོག་མིན་གྱི་ལྷ་རྣམས་དང༌།


DTG082_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དཀོན་མཆོག་གསུམ་པོ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཇིག་རྟེན་པའི་འཚོ་བའི་ཡོ་བྱད་ཐམས་ཅད་དེ་བཟའ་བ་དང༌། བཏུང་བ་དང༌། གོས་དང༌། མལ་སྟན་དང༌། ན་བའི་རྐྱེན་སྨན་གྱི་ཡོ་བྱད་རྣམས་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། དུང་དང༌། མེན་ཤེལ་དང༌། བྱི་རུ་དང༌། གསེར་དང༌། དངུལ་དག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དག་ལྷ་རྫས་ཀྱི་བདེ་བའི་ཆ་རྐྱེན་ཐམས་ཅད་ནས་མི་མ་ཡིན་པ་རྣམས་ཀྱི་སྲིད་པའི་བདེ་པ་རྣམས་དང༌། མྱ་ངན་ལས་འདས་པའི་བདེ་བ་རྣམས་དང༌། དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་སྦྱོར་བར་བྱེད་དེ། སྦྱིན་པ་སྦྱིན་དུ་འཇུག་གོ །ཚུལ་ཁྲིམས་ཡང་དག་པར་ལེན་དུ་འཇུག་གོ །བཟོད་པ་ལ་འགོད་དོ། །བརྩོན་འགྲུས་ལ་ངེས་པར་སྦྱོར་རོ། །བསམ་གཏན་ལ་རབ་ཏུ་གནས་པར་བྱེད་དོ། །ཤེས་རབ་ལ་ཡང་དག་པར་སྦྱོར་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །རིགས་ཀྱི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་ཞུགས་པ་


DTG082_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྗགས་ཀྱི་དབང་པོས་ཁྱབ་པར་མཛད་དོ། །དེ་ནས་དེའི་ཚེ་ལྗགས་ཀྱི་དབང་པོ་དེ་ལས་འོད་འཕྲོ་བ་ཁ་དོག་དུ་མ་དང༌། ཁ་དོག་སྣ་ཚོགས་སུ་ལྡན་པ་མང་པོ་བྱུང་བར་གྱུར་ཏོ། །བྱུང་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ནས་བྱང་ཆུབ་སེམས་དཔའ་གཞལ་དུ་མེད་གྲངས་མེད་པ་རྣམས་ཀྱིས་འོད་ཀྱི་ཚོགས་དེ་མཐོང་ནས། བཅོམ་ལྡན་འདས་གང་གིས་འདི་ལྟ་བུར་འོད་ཀྱིས་གསལ་བར་སྣང་བ་འདི་སུའི་མཐུ་ལགས་ཞེས་རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཞུས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་འདི་ནི་ནུབ་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་ཆའི་བར་གྱི་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། ཤར་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འོད་ཀྱིས་སྣང་བར་མཛད་དོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར་དང༌། ཡང་དག་པར་གསལ་བར་བྱ་བའི་ཕྱིར། དེ་ལྟར་ཕྱོགས་བཅུ་རྣམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འོད་ཀྱིས་གསལ་བར་མཛད་པ་ཡིན་ནོ། །བྱང་ཆུབ་སེམས་


DTG082_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལྟ་བ་དང༌། དེ་ལ་ཕྱག་བགྱི་བ་དང༌། བསྙེན་བཀུར་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་ནས་འདུས་པ་དེ་དག་ཀྱང་ལྟ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མཉན་པའི་སླད་དུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ད་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཕྱོགས་བཅུ་རྣམས་ནས་མེ་ཏོག་དང༌། བདུག་སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ཆོས་གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རྣམ་པར་རྒྱལ་བའི་རྒྱལ་མཚན་རྣམས་ཁྱེར་ཞིང་རིན་པོ་ཆེ་སྣ་ཚོགས་དང༌། གསེར་དང༌། དངུལ་དང༌། མེ་ཏོག་གི་ལན་བུ་རྣམས་ཀྱང་ཁྱེར་ནས་གླུ་དང༌། རོལ་མོ་བརྡུང་བ་དཀྲོལ་བ་མང་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་བར་གྱུར་ཏོ། །དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་བ་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་རྣམས་ཀྱིས་ལྷ་རྫས་ཀྱི་མེ་ཏོག་དང༌། བདུག་སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ལྷ་རྫས་ཀྱི་མེ་ཏོག་ཨུཏྤལ་དང༌། པདྨོ་དང༌། ཀུ་མུ་ད་དང༌།


DTG082_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པུཎྜ་རཱི་ཀ་དང༌། ལྷ་རྫས་ཀྱི་མེ་ཏོག་མནད་ར་བ་དང༌། མནད་ར་བ་ཆེན་པོ་དང༌། ཀེ་ས་ར་དང༌། ཏ་མ་ལའི་འདབ་མ་མང་པོ་ཁྱེར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ན་བ་དེར་དོང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང༌། ལྷ་དེ་དག་གིས་མེ་ཏོག་དང༌། བདུག་པ་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། ལྷའི་བ་དན་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །དེ་ནས་མེ་ཏོག་ལ་སོགས་པ་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། མེ་ཏོག་གི་ཁང་པ་བརྩེགས་པ་གྲུ་བཞི་པ། ཀ་བ་བཞི་དང་ལྡན་པ། ཆ་ཀུན་ཏུ་མཉམ་པ། ཤིན་ཏུ་རྣམ་པར་ཕྱེ་བ་མདངས་དགའ་ཞིང་ཡིད་དུ་འོང་བར་རེད་དེ་འདུག་གོ །དེ་ནས་འཁོར་དེའི་ནང་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཞིང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟ་བར་འདི་ལྟ་བུའི་རང་བཞིན་གྱིས་ཆོས་རྣམས་ཐོབ་པར་བགྱི་ཞིང་དེ་ལྟར་བཅོམ་ལྡན་འདས་ཆོས་སྟོན་པར་མཛད་པ་ཇི་ལྟ་བར་འཁོར་འདི་ལྟ་བུར་ཆོས་བསྟན་པར་བགྱིའོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་དེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང་འབྱུང་བ་མེད་པ་ལ་བཟོད་པར་གྱུར་པ་ཡང་མཁྱེན་ནས་ཞལ་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་དང་ལྡན་པ་བྱུང་སྟེ། དེ་དག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་ལ་


DTG082_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་བྱས་ནས་ཡང་སླར་འདུས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཞལ་འཛུམ་པ་མཛད་པའི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་འདིའི་ནང་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་ནི་མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་ན་བསྐལ་པ་མེ་ཏོག་གི་འབྱུང་གནས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་ཅེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་ལ་གདམས་པའོ། །

མཐོང་བའི་ལམ་ལ་གདམས་པ།


DTG082_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་ལྟར་སྤོབས་པར་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང༌། ཉན་ཐོས་ཆེན་པོ་དེ་དག་དང༌། ལྷའི་བུ་དེ་དག་འདི་སྙམ་དུ་ཅི་ཚེ་དང་ལྡན་པ་རབ་འབྱོར་འདི་རང་གི་ཤེས་རབ་ཀྱི་སྤོབས་པའི་སྟོབས་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏམ། འོན་ཏེ་སངས་རྒྱས་ཀྱི་མཐུས་སྟོན་པར་འགྱུར་སྙམ་པ་དང༌། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང༌། ཉན་ཐོས་ཆེན་པོ་དེ་དག་དང༌། ལྷའི་བུ་དེ་དག་གི་སེམས་ཀྱི་ཀུན་ཏུ་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ཚེ་དང་


DTG082_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་གང་ཅུང་ཟད་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དེ་ཐམས་ཅད་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་གང་བསྟན་པའི་ཆོས་དེ་དག་ལ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱིས་བསླབས་པས་ན་ཆོས་ཉིད་དེ་མངོན་སུམ་དུ་བྱེད་དོ། །ཆོས་ཉིད་དེ་མངོན་སུམ་དུ་བྱས་ནས་གང་དང་གང་ཉིད་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དེ་དག་ཐམས་ཅད་ཆོས་ཉིད་དང་མི་འགལ་ལོ། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱིས་སྟོན་པ་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ནི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་གདམས་པ་ཉེ་བར་དགོད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་གསུངས་ན། བཅོམ་ལྡན་འདས་འདི་ཆོས་གང་གི་ཚིག་བླ་དགས་ལགས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི། བཅོམ་ལྡན་འདས་བདག་གིས་ནི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་ཞིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞིག་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། རབ་འབྱོར་འདི་ནི་མིང་ཙམ་ཡིན་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའི་མིང་དེ་ཡང་


DTG082_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་ལས་གཞན་དུ་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སེམས་ཅན་སེམས་ཅན་ཞེས་བརྗོད་མོད་ཀྱི། སེམས་ཅན་ནི་འགའ་ཡང་མི་དམིགས་སོ། །དེའི་མིང་གང་ཡིན་པ་དེ་ནི་བཏགས་པ་ཙམ་དང༌། བཏགས་པའི་ཆོས་དང༌། བཏགས་པར་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་བྱེད་པ་མ་གཏོགས་པར་སྐྱེ་བ་མེད་ཅིང་འགག་པ་མེད་དོ། །དེ་བཞིན་དུ་བདག་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་འདི་དག་ཐམས་ཅད་ནི་བཏགས་པའི་ཆོས་ཏེ། འདི་ཐམས་ཅད་ནི་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནས་མིང་གིས་ཐ་སྙད་དུ་བྱེད་པའི་བར་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའི་མིང་གང་ཡིན་པ་འདི་དག་ཐམས་ཅད་ནི་བཏགས་པའི་ཆོས་ཏེ། འདི་དག་ཐམས་ཅད་ནི་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནས་མིང་ཙམ་གྱིས་ཐ་སྙད་དུ་བྱེད་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་གཟུགས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མག་རྟོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རབ་འབྱོར་ཚོར་བ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་ཙམ་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རབ་འབྱོར་འདུ་ཤེས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རབ་འབྱོར་འདུ་བྱེད་རྣམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་ཅིང་འགག་པ་མེད་པའོ། །རབ་འབྱོར་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ།།


DTG082_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་ཅིང་འགག་པ་མེད་པའོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་སེམས་དཔའི་མིང་ཞེས་བརྗོད་པ་དེ་དག་ཐམས་ཅད་ནི་བཏགས་པའི་ཆོས་ཙམ་མོ། བཏགས་པའི་ཆོས་དེ་དག་ལ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རབ་འབྱོར་མིག་ཅེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡར་བཏགས་པ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། མིག་ཅེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིག་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་རྣ་བ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། རྣ་བ་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རྣ་བ་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་སྣ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། སྣ་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །སྣ་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་ལྕེ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། ལྕེ་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །ལྕེ་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་ལུས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། ལུས་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །ལུས་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་


DTG082_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མི་དམིགས་སོ། །རབ་འབྱོར་ཡིད་ཅེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། ཡིད་ཅེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །ཡིད་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་གཟུགས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ།། གཟུགས་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་སྒྲ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། སྒྲ་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །སྒྲ་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དྲི་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། དྲི་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དྲི་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་རོ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། རོ་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རོ་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་རེག་ཅེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་འདི་ལྟ་སྟེ། རེག་ཅེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །རེག་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་ཆོས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་


DTG082_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། ཆོས་ཞེས་བྱ་བ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །ཆོས་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་


DTG082_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་སོ། །རབ་འབྱོར་ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའི་མིང་ཞེས་བརྗོད་པ་གང་ཡིན་པ་འདི་དག་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་ལུས་ཞེས་བྱ་བ་གང་ཡིན་པ་དེ་ནི་ཐ་སྙད་དུ་གདགས་པ་ཡིན་ཞིང་མགོ་དང༌། མགྲིན་པ་དང༌། ཐལ་གོང་དང༌། ཕྲག་པ་དང༌། དཔུང་པ་དང༌། སྒལ་ཚིགས་དང༌། སོག་པ་དང༌། རྩིབ་མ་དང༌། སྟ་ཟུར་དང༌། བརླ་དང༌། རྩེ་དར་དང༌། རྐང་པ་དང༌། རུས་པ་དག་ཅེས་བྱ་བ་འདི་ནི་གདགས་པ་ཡིན་ལ། དེ་ཡང་བཏགས་པའི་ཆོས་ཡིན་ནོ། །དེ་དག་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའི་མིང་ཞེས་བརྗོད་པ་གང་ཡིན་པ་འདི་དག་ཐམས་ཅད་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གང་འདི་ཕྱི་རོལ་གྱི་རྩྭ་དང་ཤིང་དང་ཡལ་ག་དང་ལོ་མ་དད་འདབ་མ་ཞེས་བྱ་བ་དེ་དག་ཐམས་ཅད་


DTG082_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མིང་སྣ་ཚོགས་ཀྱིས་ཐ་སྙད་དུ་བརྗོད་དེ། མིང་དེ་དག་ཀྱང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའི་མིང་ཞེས་བརྗོད་པ་གང་ཡིན་པ་འདི་ཐམས་ཅད་མིང་སྣ་ཚོགས་ཀྱིས་ཐ་སྙད་དུ་བརྗོད་པའོ། །མིང་དེ་དག་ཀྱང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་དག་ཀྱང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རབ་འབྱོར་གཞན་ཡང་འདི་ལྟ་སྟེ་དཔེར་ན། རྨི་ལམ་དང༌། སྒྲ་བརྙན་དང༌། སྨིག་རྒྱུ་དང༌། གཟུགས་བརྙན་དང༌། སྒྱུ་མ་དང༌། ཆུ་ཟླ་དང༌། དེ་བཞིན་གཤེགས་པའི་སྤྲུལ་པའི་ཆོས་དེ་དག་ཐམས་ཅད་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་ཡང་ནང་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའི་མིང་ཞེས་བརྗོད་པ་འདི་དག་ཐམས་ཅད་ནི་ཆོས་སུ་བཏགས་པ་ཙམ་མོ། །ཆོས་སུ་བཏགས་པ་དེ་ཡང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་པ་འགག་པ་མེད་པའོ། །མིང་དེ་དག་ཀྱང་ནད་མ་ཡིན། ཕྱི་རོལ་མ་ཡིན། གཉིས་ལས་གཞན་དུ་མི་དམིགས་སོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མིང་གི་བརྡར་བཏགས་པ་དང༌། གདམས་ངག་ཏུ་བཏགས་པ་དང༌། ཆོས་སུ་བཏགས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DTG082_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ནི་གཟུགས་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་བདེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་བདག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མཚན་མ་ཡོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་སྨོན་པ་ཡོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་འདུས་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་སྐྱེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མི་སྐྱེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་འགག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མི་འགག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མི་དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཁ་ན་མ་ཐོ་བ་དང་བཅས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཁ་ན་མ་ཐོ་བ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཟག་པ་དང་བཅས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཟག་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཉོན་མོངས་པ་དང་བཅས་ཞེས་


DTG082_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་འཇིག་རྟེན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་འཁོར་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདག་ཅེས་བྱ་བར་མ་ཡིན། བདག་མེད་ཅེས་བྱ་བར་མ་ཡིན། ཞི་ཞེས་བྱ་བར་མ་ཡིན། མ་ཞི་ཞེས་བྱ་བར་མ་ཡིན། ཚོར་བ་སྟོང་ཞེས་བྱ་བར་མ་ཡིན། མི་སྟོང་ཞེས་བྱ་བར་མ་ཡིན། མཚན་མ་ཡོད་ཅེས་བྱ་བར་མ་ཡིན། མཚན་མ་མེད་ཅེས་བྱ་བར་མ་ཡིན། སྨོན་པ་ཡོད་ཅེས་བྱ་བར་མ་ཡིན། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་བྱས་ཞེས་བྱ་བར་མ་ཡིན། འདུས་མ་བྱས་ཞེས་བྱ་བར་མ་ཡིན། སྐྱེ་ཞེས་བྱ་བར་མ་ཡིན། མི་སྐྱེ་ཞེས་བྱ་བར་མ་ཡིན། འགག་ཅེས་བྱ་བར་མ་ཡིན། མི་འགག་ཅེས་བྱ་བར་མ་ཡིན། དབེན་ཞེས་བྱ་བར་མ་ཡིན། མི་དབེན་ཞེས་བྱ་བར་མ་ཡིན། དགེ་ཞེས་བྱ་བར་མ་ཡིན། མི་དགེ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་མ་ཡིན། ཟག་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཟག་པ་མེད་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་མེད་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་མ་ཡིན། ཀུན་ནས་ཉོན་མོངས་པ་ཞེས་བྱ་བར་མ་ཡིན། རྣམ་པར་བྱང་བ་ཞེས་བྱ་བར་མ་ཡིན། འཁོར་


DTG082_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་བྱ་བར་མ་ཡིན་ཏེ། ཚོར་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་ཤེས་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདེ་ཞེས་བྱ་བར་མ་ཡིན། སྡུག་བསྔལ་ཞེས་བྱ་བར་མ་ཡིན། བདག་ཅེས་བྱ་བར་མ་ཡིན། བདག་མེད་ཅེས་བྱ་བར་མ་ཡིན། ཞི་ཞེས་བྱ་བར་མ་ཡིན། མ་ཞི་ཞེས་བྱ་བར་མ་ཡིན། འདུ་ཤེས་སྟོང་ཞེས་བྱ་བར་མ་ཡིན། མི་སྟོང་ཞེས་བྱ་བར་མ་ཡིན། མཚན་མ་ཡོད་ཅེས་བྱ་བར་མ་ཡིན། མཚན་མ་མེད་ཅེས་བྱ་བར་མ་ཡིན། སྨོན་པ་ཡོད་ཅེས་བྱ་བར་མ་ཡིན། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་བྱས་ཞེས་བྱ་བར་མ་ཡིན། འདུས་མ་བྱས་ཞེས་བྱ་བར་མ་ཡིན། སྐྱེ་བ་ཞེས་བྱ་བར་མ་ཡིན། སྐྱེ་བ་མེད་པ་ཞེས་བྱ་བར་མ་ཡིན། འགག་ཅེས་བྱ་བར་མ་ཡིན། མི་འགག་ཅེས་བྱ་བར་མ་ཡིན། དབེན་ཞེས་བྱ་བར་མ་ཡིན། མི་དབེན་ཞེས་བྱ་བར་མ་ཡིན། དགེ་ཞེས་བྱ་བར་མ་ཡིན། མི་དགེ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་མེད་ཅེས་བྱ་བར་མ་ཡིན། ཟག་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཟག་པ་མེད་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་མེད་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་མ་ཡིན། ཀུན་ནས་ཉོན་མོངས་པ་ཞེས་བྱ་བར་མ་ཡིན། རྣམ་པར་བྱང་བ་ཞེས་བྱ་བར་མ་ཡིན། འཁོར་བ་ཞེས་བྱ་བར་མ་ཡིན་ཏེ། འདུ་ཤེས་མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་རྣམས་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་རྣམས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདེ་ཞེས་བྱ་བར་མ་ཡིན། སྡུག་བསྔལ་ཞེས་བྱ་བར་མ་ཡིན། བདག་ཅེས་བྱ་བར་མ་ཡིན། བདག་མེད་ཅེས་བྱ་བར་མ་ཡིན། ཞི་ཞེས་བྱ་བར་མ་ཡིན། མ་ཞི་ཞེས་བྱ་བར་མ་ཡིན། འདུ་བྱེད་སྟོང་ཞེས་བྱ་བར་མ་ཡིན། མི་སྟོང་ཞེས་བྱ་བར་མ་ཡིན། མཚན་མ་ཡོད་ཅེས་བྱ་བར་མ་ཡིན། མཚན་མ་མེད་ཅེས་བྱ་བར་མ་ཡིན། སྨོན་པ་ཡོད་ཅེས་བྱ་


DTG082_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་ཡིན། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་བྱས་ཞེས་བྱ་བར་མ་ཡིན། འདུས་མ་བྱས་ཞེས་བྱ་བར་མ་ཡིན། སྐྱེ་ཞེས་བྱ་བར་མ་ཡིན། མི་སྐྱེ་ཞེས་བྱ་བར་མ་ཡིན། འགག་ཅེས་བྱ་བར་མ་ཡིན། མི་འགག་ཅེས་བྱ་བར་མ་ཡིན། དབེན་ཞེས་བྱ་བར་མ་ཡིན། མི་དབེན་ཞེས་བྱ་བར་མ་ཡིན། དགེ་ཞེས་བྱ་བར་མ་ཡིན། མི་དགེ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བར་མ་ཡིན། མ་ཐོ་བ་མེད་པ་ཞེས་བྱ་བར་མ་ཡིན། ཟག་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཟག་པ་མེད་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་མེད་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་མ་ཡིན། ཀུན་ནས་ཉོན་མོངས་པ་ཞེས་བྱ་བར་མ་ཡིན། རྣམ་པར་བྱང་བ་ཞེས་བྱ་བར་མ་ཡིན། འཁོར་བ་ཞེས་བྱ་བར་མ་ཡིན་ཏེ། འདུ་བྱེད་རྣམས་མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་ཤེས་པ་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདེ་ཞེས་བྱ་བར་མ་ཡིན། སྡུག་བསྔལ་ཞེས་བྱ་བར་མ་ཡིན། བདག་ཅེས་བྱ་བར་མ་ཡིན། བདག་མེད་ཅེས་བྱ་བར་མ་ཡིན། ཞི་ཞེས་བྱ་བར་མ་ཡིན། མ་ཞི་ཞེས་བྱ་བར་མ་ཡིན། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་མ་ཡིན། མི་སྟོང་ཞེས་བྱ་བར་མ་ཡིན། མཚན་མ་ཡོད་ཅེས་བྱ་བར་མ་ཡིན། མཚན་མ་མེད་ཅེས་བྱ་བར་མ་ཡིན། སྨོན་པ་ཡོད་ཅེས་བྱ་བར་མ་ཡིན། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་བྱས་ཞེས་བྱ་བར་མ་ཡིན། འདུས་མ་བྱས་ཞེས་བྱ་བར་མ་ཡིན། སྐྱེ་ཞེས་བྱ་བར་མ་ཡིན། མི་སྐྱེ་ཞེས་བྱ་བར་མ་ཡིན། འགག་ཅེས་བྱ་བར་མ་ཡིན། མི་འགག་ཅེས་བྱ་བར་མ་ཡིན། དབེན་ཞེས་བྱ་བར་མ་ཡིན། མི་དབེན་ཞེས་བྱ་བར་མ་ཡིན། དགེ་ཞེས་བྱ་བར་མ་ཡིན། མི་དགེ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་མ་ཡིན། ཟག་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཟག་


DTG082_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་དང་བཅས་པ་ཞེས་བྱ་བར་མ་ཡིན། ཉོན་མོངས་པ་མེད་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་པ་ཞེས་བྱ་བར་མ་ཡིན། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་མ་ཡིན། ཀུན་ནས་ཉོན་མོངས་པ་ཞེས་བྱ་བར་མ་ཡིན། རྣམ་པར་བྱང་བ་ཞེས་བྱ་བར་མ་ཡིན། འཁོར་བ་ཞེས་བྱ་བར་མ་ཡིན་ཏེ། རྣམ་པར་ཤེས་པ་མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།། །།བམ་པོ་བདུན་པ། དེ་བཞིན་དུ་མིག་གི་ཁམས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།། གཟུགས་ཀྱི་ཁམས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་


DTG082_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།། གཟུགས་ཀྱི་ཁམས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་སྐྱེ་ཞེས་བྱ་བའམ། མི་སྐྱེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་སྐྱེ་ཞེས་བྱ་བའམ། མི་སྐྱེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་སྐྱེ་ཞེས་བྱ་བའམ། མི་སྐྱེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་


DTG082_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་དགེ་བ་ཞེས་བྱ་བའམ། མི་དགེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་དགེ་བ་ཞེས་བྱ་བའམ། མི་དགེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་དགེ་བ་ཞེས་བྱ་བའམ། མི་དགེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་འཇིག་རྟེན་པ་ཞེས་བྱ་བའམ།


DTG082_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་ཁམས་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་གི་རྣམ་པར་ཤེས་པའི་ཁམས་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་


DTG082_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་སྐྱེ་བ་ཞེས་བྱ་བའམ། མི་སྐྱེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དགེ་ཞེས་བྱ་བའམ། མི་དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌།


DTG082_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྣའི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་སྐྱེ་བ་ཞེས་བྱ་བའམ། མི་སྐྱེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དགེ་ཞེས་བྱ་བའམ། མི་དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ།


DTG082_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌།


DTG082_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེའི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་སྐྱེ་པ་ཞེས་བྱ་བའམ། མི་སྐྱེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་འགག་ཅེས་བྱ་བའམ། མི་འགག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དགེ་ཞེས་བྱ་བའམ། མི་དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་


DTG082_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྐྱེ་བ་ཞེས་བྱ་བའམ། མི་སྐྱེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དགེ་ཞེས་བྱ་བའམ། མི་དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་


DTG082_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་


DTG082_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྐྱེ་བ་ཞེས་བྱ་བའམ། མི་སྐྱེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དགེ་ཞེས་བྱ་བའམ། མི་དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀུན་ནས་ཉོན་


DTG082_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མི་མཐོང་ངོ༌། །མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཡང་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་བདེ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྐྱེ་བ་ཞེས་བྱ་བའམ། མི་སྐྱེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འགག་ཅེས་བྱ་བའམ། མི་འགག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དགེ་བ་ཞེས་བྱ་བའམ། མི་དགེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་


DTG082_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐོང་ངོ༌། །ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་གང་ཡིན་པ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཡང་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བ་དང་སྒྲ་དང་རྣ་བའི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་ཡིན་པ་དེ་ཡང་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྐྱེ་བ་ཞེས་བྱ་བའམ། མི་སྐྱེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དགེ་ཞེས་བྱ་བའམ། མི་དགེ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་


DTG082_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྗེས་སུ་མི་མཐོང་ངོ༌། །ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བ་དང༌། སྒྲ་དང༌། རྣ་བའི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣ་དང༌། དྲི་དང༌། སྣའི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཡང་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།། སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྐྱེ་བ་ཞེས་བྱ་བའམ། མི་སྐྱ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དགེ་བ་ཞེས་བྱ་བའམ། མི་དགེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།།


DTG082_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣ་དང༌། དྲི་དང༌། སྣའི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེ་དང༌། རོ་དང༌། ལྕེའི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཡང་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྐྱེ་བ་ཞེས་བྱ་བའམ། མི་སྐྱེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འགག་ཅེས་བྱ་བའམ། མི་འགག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དགེ་བ་ཞེས་བྱ་བའམ། མི་དགེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉོན་མོངས་པ་དང་བཅས་


DTG082_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེ་དང༌། རོ་དང༌། ལྕེའི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་དང༌། རེག་བྱ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཡང་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྐྱེ་བ་ཞེས་བྱ་བའམ། མི་སྐྱེད་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དགེ་བ་ཞེས་བྱ་བའམ། མི་དགེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་


DTG082_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་དང༌། རེག་བྱ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཡང་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་རིག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཡང་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྐྱེ་བ་ཞེས་བྱ་བའམ། མི་སྐྱེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འགག་པ་ཞེས་བྱ་བའམ། མི་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དགེ་བ་ཞེས་བྱ་བའམ། མི་དགེ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་


DTG082_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་དང་ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་འཁོར་བ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང༌། བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་སེམས་དཔའི་མིང་དེ་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་སུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཆོས་དེ་དག་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་གོ །དེ་རྣམ་པར་མི་རྟོག་པའི་ཆོས་ལ་གནས་ནས་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པར་བྱེད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་སེམས་དཔའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། ཕ་རོལ་ཏུ་


DTG082_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྒོམ་པར་བྱེད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་སེམས་དཔའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ནི་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པ་ཡིན་ཏེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མིང་གི་བརྡ་དང་ལྡན་པའི་ཆོས་རྣམས་རྟག་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །དེས་མིང་གི་བརྡ་དང་ལྡན་པའི་ཆོས་སུ་བཏགས་པར་ཁོང་དུ་ཆུད་པས་གཟུགས་ལ་ཆགས་པ་མེད་དོ། །ཚོར་བ་ལ་ཆགས་པ་མེད་དོ། །འདུ་ཤེས་ལ་ཆགས་པ་མེད་དོ། །འདུ་བྱེད་རྣམས་ལ་ཆགས་པ་མེད་དོ། །རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །མིག་ལ་མངོན་པར་ཆགས་པ་མེད་དོ། །གཟུགས་ལ་མངོན་པར་ཆགས་པ་མེད་དོ། །མིག་གི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པ་མེད་དོ། །མིག་གི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པ་མེད་དོ། །མིག་དང་གཟུགས་དང༌། མིག་གི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་ཡང་མངོན་པར་ཆགས་པ་མེད་དོ། །རྣ་བ་ལ་མངོན་པར་ཆགས་པ་མེད་དོ། །སྒྲ་ལ་མངོན་པར་ཆགས་པ་མེད་དོ། །རྣ་བའི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པ་མེད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པ་མེད་དོ། །རྣ་བ་དང་སྒྲ་དང༌། རྣ་བའི་རྣམ་པར་


DTG082_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་ཡང་མངོན་པར་ཆགས་པ་མེད་དོ། །སྣ་ལ་མངོན་པར་ཆགས་པ་མེད་དོ། །དྲིལ་མངོན་པར་ཆགས་པ་མེད་དོ། །སྣའི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པ་མེད་དོ། །སྣའི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པ་མེད་དོ། །སྣ་དང་དྲི་དང་སྣའི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་ཡང་མངོན་པར་ཆགས་པ་མེད་དོ། །ལྕེ་ལ་མངོན་པར་ཆགས་པ་མེད་དོ། །རོ་ལ་མངོན་པར་ཆགས་པ་མེད་དོ། །ལྕེའི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པ་མེད་དོ། །ལྕེའི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པ་མེད་དོ། །ལྕེ་དང༌། རོ་དང༌། ལྕེའི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་ཡང་མངོན་པར་ཆགས་པ་མེད་དོ། །ལུས་ལ་མངོན་པར་ཆགས་པ་མེད་དོ། །རེག་བྱ་ལ་མངོན་པར་ཆགས་པ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པ་མེད་དོ། །ལུས་དང་རེག་བྱ་དང༌། ལུས་ཀྱི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་ཡང་མངོན་པར་ཆགས་པ་མེད་དོ། །ཡིད་ལ་མངོན་པར་ཆགས་པ་མེད་དོ། །ཆོས་ལ་མངོན་པར་ཆགས་པ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་མངོན་པར་ཆགས་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་ཆགས་པ་མེད་དོ། །ཡིད་དང་ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་ཡང་མངོན་པར་ཆགས་པ་མེད་དོ། །འདུས་


DTG082_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱི་ཁམས་ལ་མངོན་པར་ཆགས་པ་མེད་དོ། །འདུས་མ་བྱས་ཀྱི་ཁམས་ལ་མངོན་པར་ཆགས་པ་མེད་དོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་མེད་དོ། དེ་དག་ནི་མིང་དང་མཚན་ཉིད་ལ་ཡང་མངོན་པར་ཆགས་པ་མེད་དོ། །ལུས་ལ་མངོན་པར་ཆགས་པ་མེད་དོ། །ཤའི་མིག་ལ་མངོན་པར་ཆགས་པ་མེད་དོ། །ལྷའི་མིག་ལ་མངོན་པར་ཆགས་པ་མེད་དོ། །ཤེས་རབ་ཀྱི་མིག་ལ་མངོན་པར་ཆགས་པ་མེད་དོ། །ཆོས་ཀྱི་མིག་ལ་མངོན་པར་ཆགས་པ་མེད་དོ། །སངས་རྒྱས་ཀྱི་མིག་ལ་མངོན་པར་ཆགས་པ་མེད་དོ། །མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མངོན་པར་ཆགས་པ་མེད་དོ། །ནང་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མེད་དོ། །ཕྱི་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མེད་དོ། །ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། རང་གི་དངོས་པོ་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་ལ་མངོན་པར་ཆགས་པ་མེད་དོ། །དེ་བཞིན་ཉིད་ལ་མངོན་པར་ཆགས་པ་མེད་དོ། །ཡང་དག་པའི་མཐའ་ལ་མངོན་པར་ཆགས་པ་མེད་དོ། །ཆོས་ཀྱི་དབྱིངས་ལ་མངོན་པར་ཆགས་པ་


DTG082_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་ཆགས་པ་མེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་མངོན་པར་ཆགས་པ་མེད་དོ། །ཐབས་ལ་མཁས་པ་ལ་མངོན་པར་ཆགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ཆགས་པར་བྱེད་པའམ། གང་གིས་ཆགས་པར་བྱ་བའམ། གང་ལ་ཆགས་པར་བྱ་བ་དེ་ལྟ་བུའི་ཆོས་ཐམས་ཅད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་ཐམས་ཅད་ལ་མངོན་པར་མ་ཞེན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཡང་དག་པར་འཇུག་པར་འགྱུར་རོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཕྱིར་མི་ལྡོག་པའི་ས་ཡོངས་སུ་གནོན་པར་འགྱུར་རོ་ཞེས་བྱ་བ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ། །དེ་དགེ་བའི་རྩ་བ་དེ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་དུ་སྐྱེ་བར་འགྱུར་ཞིང་ཆོས་ཀྱང་ཉན་པར་འགྱུར་རོ། །ཐོས་ནས་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ཇི་སྲིད་པར་འདིའི་ཆོས་རྒྱུན་ཆད་པར་མི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ཀྱང་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་ཐོབ་


DTG082_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མིང་གི་བརྡ་དང་ལྡན་པའི་ཆོས་སུ་བཏགས་པ་རྣམས་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་འགོག་པ་ལ་ཆོས་ཤེས་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་གང་བརྗོད་པ་དེ་ལ་ཇི་སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཚོར་བ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། འདུ་ཤེས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། འདུ་བྱེད་རྣམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཚོར་བ་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། འདུ་ཤེས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། འདུ་བྱེད་རྣམས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྣམ་པར་ཤེས་པ་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། ཚོར་བ་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། འདུ་ཤེས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། འདུ་བྱེད་རྣམས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། རྣམ་པར་ཤེས་པ་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་ཚོར་བ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་འདུ་ཤེས་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་འདུ་བྱེད་རྣམས་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པ་ཡོད་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཚོར་བ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། འདུ་ཤེས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། འདུ་བྱེད་རྣམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྣམ་པར་ཤེས་པ་མེད་པ་ཞིག་བྱང་


DTG082_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། མིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། མིག་ལས་གཞན་ཞིག་ཡིན་སྙམ་མམ། མིག་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་མིག་ཡོད་པའམ། མིག་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྣ་བ་བྱང་ཆུབ་སེམས་དཔའ་ཡིན་པའམ། རྣ་བ་ལས་གཞན་ཞིག་ཡིན་པའམ། རྣ་བ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རྣ་བ་ཡོད་པའམ། རྣ་བ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྣ་བྱང་ཆུབ་སེམས་དཔའ་ཡིན་པའམ། སྣ་ལས་གཞན་ཞིག་ཡིན་པའམ། སྣ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་སྣ་ཡོད་པའམ། སྣ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ལྕེ་བྱང་ཆུབ་སེམས་དཔའ་ཡིན་པའམ། ལྕེ་ལས་གཞན་ཞིག་ཡིན་པའམ། ལྕེ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ལྕེ་ཡོད་པའམ། ལྕེ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ལུས་བྱང་ཆུབ་སེམས་དཔའ་ཡིན་པའམ། ལུས་ལས་གཞན་ཞིག་ཡིན་པའམ། ལུས་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ལུས་ཡོད་པའམ། ལུས་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཡིད་བྱང་ཆུབ་སེམས་དཔའ་ཡིན་པའམ། ཡིད་ལས་གཞན་ཞིག་ཡིན་པའམ། ཡིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཡིད་ཡོད་པའམ། ཡིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་


DTG082_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའམ། གཟུགས་ལས་གཞན་ཞིག་ཡིན་པའམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་པའམ། གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྲ་བྱང་ཆུབ་སེམས་དཔའ་ཡིན་པའམ། སྒྲ་ལས་གཞན་ཞིག་ཡིན་པའམ། སྒྲ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་སྒྲ་ཡོད་པའམ། སྒྲ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དྲི་བྱང་ཆུབ་སེམས་དཔའ་ཡིན་པའམ། དྲི་ལས་གཞན་ཞིག་ཡིན་པའམ། དྲི་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་དྲི་ཡོད་པའམ། དྲི་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རོ་བྱང་ཆུབ་སེམས་དཔའ་ཡིན་པའམ། རོ་ལས་གཞན་ཞིག་ཡིན་པའམ། རོ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རོ་ཡོད་པའམ། རོ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རེག་བྱང་ཆུབ་སེམས་དཔའ་ཡིན་པའམ། རེག་ལས་གཞན་ཞིག་ཡིན་པའམ། རེག་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རེག་ཡོད་པའམ། རེག་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་བྱང་ཆུབ་སེམས་དཔའ་ཡིན་པའམ། ཆོས་ལས་གཞན་ཞིག་ཡིན་པའམ། ཆོས་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཆོས་ཡོད་པའམ། ཆོས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་རྣམས་བྱང་ཆུབ་སེམས་དཔའ་ཡིན་པའམ། དེ་རྣམས་ལས་གཞན་ཞིག་ཡིན་པའམ། དེ་རྣམས་ལ་དེ་ཡོད་པའམ། དེ་ལ་དེ་རྣམས་ཡོད་པའམ། མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་མེད་པ་ཞིག་


DTG082_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྣ་བ་དང༌། སྒྲ་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་པའམ། དེ་རྣམས་ལས་གཞན་ཞིག་ཡིན་པའམ། དེ་རྣམས་ལ་དེ་ཡོད་པའམ། དེ་ལ་དེ་རྣམས་ཡོད་པའམ། རྣ་བ་དང༌། སྒྲ་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྣ་དང༌། དྲི་དང༌། སྣའི་རྣམ་པར་ཤེས་པའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་པའམ། དེ་རྣམས་ལས་གཞན་ཞིག་ཡིན་པའམ། དེ་རྣམས་ལ་དེ་ཡོད་པའམ། དེ་ལ་དེ་རྣམས་ཡོད་པའམ། སྣ་དང༌། དྲི་དང༌། སྣའི་རྣམ་པར་ཤེས་པའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ལྕེ་དང༌། རོ་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་པའམ། དེ་རྣམས་ལས་གཞན་ཞིག་ཡིན་པའམ། དེ་རྣམས་ལ་དེ་ཡོད་པའམ། དེ་ལ་དེ་རྣམས་ཡོད་པའམ། ལྕེ་དང༌། རོ་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ལུས་དང༌། རེག་བྱ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་པའམ། དེ་རྣམས་ལས་གཞན་ཞིག་ཡིན་པའམ། དེ་རྣམས་ལ་དེ་ཡོད་པའམ། དེ་ལ་དེ་རྣམས་ཡོད་པའམ། ལུས་དང༌། རེག་བྱ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་པའམ། དེ་རྣམས་ལས་གཞན་ཞིག་ཡིན་པའམ། དེ་རྣམས་ལ་དེ་ཡོད་པའམ། དེ་ལ་དེ་རྣམས་ཡོད་པའམ། ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སའི་ཁམས་བྱང་ཆུབ་སེམས་


DTG082_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཡིན་པའམ། སའི་ཁམས་ལས་གཞན་ཞིག་ཡིན་པའམ། དེ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་སའི་ཁམས་ཡོད་པའམ། སའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆུའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་པའམ། ཆུའི་ཁམས་ལས་གཞན་ཞིག་ཡིན་པའམ། དེ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཆུའི་ཁམས་ཡོད་པའམ། ཆུའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མེའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་པའམ། མེའི་ཁམས་ལས་གཞན་ཞིག་ཡིན་པའམ། དེ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་མེའི་ཁམས་ཡོད་པའམ། མེའི་ཁམས་མེད་པ་ཞག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རླུང་གི་ཁམས་བྱང་ཆུབ་སེམས་དཔའ་ཡིན་པའམ། རླུང་གི་ཁམས་ལས་གཞན་ཞིག་ཡིན་པའམ། དེ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རླུང་གི་ཁམས་ཡོད་པའམ། རླུང་གི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ནམ་མཁའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་པའམ། ནམ་མཁའི་ཁམས་ལས་གཞན་ཞིག་ཡིན་པའམ། དེ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ནམ་མཁའི་ཁམས་ཡོད་པའམ། ནམ་མཁའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྣམ་པར་ཤེས་པའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་པའམ། རྣམ་པར་ཤེས་པའི་ཁམས་ལས་གཞན་ཞིག་ཡིན་པའམ། དེ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་ཁམས་ཡོད་པའམ། རྣམ་པར་ཤེས་པའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མ་རིག་པ་བྱང་ཆུབ་སེམས་དཔའ་ཡིན་


DTG082_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། མ་རིག་པ་ལས་གཞན་ཞིག་ཡིན་པའམ། མ་རིག་པ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་མ་རིག་པ་ཡོད་པའམ། མ་རིག་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འདུ་བྱེད་རྣམས་བྱང་ཆུབ་སེམས་དཔའ་ཡིན་པའམ། འདུ་བྱེད་རྣམས་ལས་གཞན་ཞིག་ཡིན་པའམ། འདུ་བྱེད་རྣམས་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་འདུ་བྱེད་རྣམས་ཡོད་པའམ། འདུ་བྱེད་རྣམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཡིན་པའམ། རྣམ་པར་ཤེས་པ་ལས་གཞན་ཞིག་ཡིན་པའམ། རྣམ་པར་ཤེས་པ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པ་ཡོད་པའམ། རྣམ་པར་ཤེས་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིང་དང་གཟུགས་བྱང་ཆུབ་སེམས་དཔའ་ཡིན་པའམ། མིང་དང་གཟུགས་ལས་གཞན་ཞིག་ཡིན་པའམ། མིང་དང་གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་མིང་དང་གཟུགས་ཡོད་པའམ། མིང་དང་གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེ་མཆེད་དྲུག་བྱང་ཆུབ་སེམས་དཔའ་ཡིན་པའམ། སྐྱེ་མཆེད་དྲུག་ལས་གཞན་ཞིག་ཡིན་པའམ། སྐྱེ་མཆེད་དྲུག་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་སྐྱེ་མཆེད་དྲུག་ཡོད་པའམ། སྐྱེ་མཆེད་དྲུག་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རེག་པ་བྱང་ཆུབ་སེམས་དཔའ་ཡིན་པའམ། རེག་པ་ལས་གཞན་ཞིག་ཡིན་པའམ། རེག་པ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རེག་པ་ཡོད་པའམ། རེག་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཚོར་བ་བྱང་ཆུབ་སེམས་དཔའ་ཡིན་པའམ། ཚོར་བ་ལས་གཞན་ཞིག་ཡིན་པའམ། ཚོར་བ་ལ་བྱང་ཆུབ་སེམས་དཔའ་


DTG082_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཚོར་བ་ཡོད་པའམ། ཚོར་བ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྲེད་པ་བྱང་ཆུབ་སེམས་དཔའ་ཡིན་པའམ། སྲེད་པ་ལས་གཞན་ཞིག་ཡིན་པའམ། སྲེད་པ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་སྲེད་པ་ཡོད་པའམ། སྲེད་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ལེན་པ་བྱང་ཆུབ་སེམས་དཔའ་ཡིན་པའམ། ལེན་པ་ལས་གཞན་ཞིག་ཡིན་པའམ། ལེན་པ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ལེན་པ་ཡོད་པའམ། ལེན་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྲིད་པ་བྱང་ཆུབ་སེམས་དཔའ་ཡིན་པའམ། སྲིད་པ་ལས་གཞན་ཞིག་ཡིན་པའམ། སྲིད་པ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་སྲིད་པ་ཡོད་པའམ། སྲིད་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེ་བ་བྱང་ཆུབ་སེམས་དཔའ་ཡིན་པའམ། སྐྱེ་བ་ལས་གཞན་ཞིག་ཡིན་པའམ། སྐྱེ་པ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་སྐྱེ་བ་ཡོད་པའམ། སྐྱེ་བ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤི་བྱང་ཆུབ་སེམས་དཔའ་ཡིན་པའམ། རྒ་ཤི་ལས་གཞན་ཞིག་ཡིན་པའམ། རྒ་ཤི་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རྒ་ཤི་ཡོད་པའམ། རྒ་ཤི་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། གཟུགས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་


DTG082_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་དེ་བཞིན་ཉིད་ཡོད་པའམ། གཟུགས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། ཚོར་བའི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། ཚོར་བའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཚོར་བའི་དེ་བཞིན་ཉིད་ཡོད་པའམ། ཚོར་བའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། འདུ་ཤེས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། འདུ་ཤེས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་འདུ་ཤེས་ཀྱི་དེ་བཞིན་ཉིད་ཡོད་པའམ། འདུ་ཤེས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་ཡོད་པའམ། འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡོད་པའམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གལ་ཏེ་ཕུང་པོ་སོ་སོ་བ་ལ་བྱང་ཆུབ་སེམས་དཔའ་མེད་ན་ཚོགས་པ་ལ་ཡོད་པ་


DTG082_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཕུང་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། ཕུང་པོའི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། ཕུང་པོའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཕུང་པོའི་དེ་བཞིན་ཉིད་ཡོད་པའམ། ཕུང་པོའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡོད་པའམ། མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། དེ་བཞིན་དུ་རྣ་བ་དང༌། སྒྲ་དང༌། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང༌། སྣ་དང༌། དྲི་དང༌། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང༌། ལྕེ་དང༌། རོ་དང༌། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང༌། ལུས་དང༌། རེག་བྱ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང༌། ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ལས་གཞན་ཞིག་ཡིན་པའམ། ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡོད་པའམ། ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་


DTG082_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། སའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། སའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་སའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པའམ། སའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆུའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པའམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མེའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། མེའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། མེའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་མེའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པའམ། མེའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པའམ། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ནམ་མཁའི་ཁམས་ཀྱི་དེ་


DTG082_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ཡོད་པའམ། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་པའམ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གལ་ཏེ་ཁམས་སོ་སོ་ལ་བྱང་ཆུབ་སེམས་དཔའ་མེད་ན། ཚོགས་པ་རྣམས་ལ་ཡོད་པ་ཡིན་ཏེ། ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཁམས་ཀྱི་དེ་བཞིན་ཉིད་ཡོད་པའམ། ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། མིག་གི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། མིག་གི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་མིག་གི་དེ་བཞིན་ཉིད་ཡོད་པའམ། མིག་གི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྣ་བའི་དེ་བཞིན་ཉིད་དང༌། སྣའི་དེ་བཞིན་ཉིད་དང༌། ལྕེའི་དེ་བཞིན་ཉིད་དང༌། ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ཡང་དེ་བཞིན་ཏེ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཡིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། ཡིད་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། ཡིད་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་


DTG082_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཡིད་ཀྱི་དེ་བཞིན་ཉིད་ཡོད་པའམ། ཡིད་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། གཟུགས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་དེ་བཞིན་ཉིད་ཡོད་པའམ། གཟུགས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། དེ་བཞིན་དུ་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་དེ་བཞིན་ཉིད་རྣམས་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་དེ་བཞིན་ཉིད་ཡོད་པའམ། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། ཆོས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། ཆོས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་ཆོས་ཀྱི་དེ་བཞིན་ཉིད་ཡོད་པའམ། ཆོས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སྐྱེ་མཆེད་རྣམས་སོ་སོ་ལ་བྱང་ཆུབ་སེམས་དཔའ་མེད་ན་ཚོགས་པ་ལ་ཡོད་པར་འགྱུར་ཏེ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་སྐྱེ་མཆེད་ཀྱི་དེ་བཞིན་ཉིད་ཡོད་པའམ།


DTG082_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མ་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། མ་རིག་པའི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། མ་རིག་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་མ་རིག་པའི་དེ་བཞིན་ཉིད་ཡོད་པའམ། མ་རིག་པའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། འདུ་བྱེད་ཀྱི་དེ་བཞིན་ཉིད་དང༌། རྣམ་པར་ཤེས་པའི་དེ་བཞིན་ཉིད་དང༌། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་དང༌། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་དང༌། རེག་པའི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཉིད་དང༌། སྲེད་པའི་དེ་བཞིན་ཉིད་དང༌། ལེན་པའི་དེ་བཞིན་ཉིད་དང༌། སྲིད་པའི་དེ་བཞིན་ཉིད་དང༌། སྐྱེ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བཞིན་ཏེ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤིའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། རྒ་ཤིའི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། རྒ་ཤིའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རྒ་ཤིའི་དེ་བཞིན་ཉིད་ཡོད་པའམ། རྒ་ཤིའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་སོ་སོ་བ་རྣམས་ལ་བྱང་ཆུབ་སེམས་དཔའ་མེད་ན་ཚོགས་པ་རྣམས་ལ་ཡོད་པ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་པའམ། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ལས་གཞན་ཞིག་ཡིན་པའམ། རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་པའམ། བྱང་ཆུབ་སེམས་དཔའ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ཡོད་པའམ། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་


DTG082_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ནས་འདི་སྐད་དུ་གཟུགས་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཚོར་བ་མ་ཡིན། འདུ་ཤེས་མ་ཡིན། འདུ་བྱེད་རྣམས་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ནོ། །མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་ཁམས་མ་ཡིན། རྣ་བ་དང་སྒྲ་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་མ་ཡིན། སྣ་དང་དྲི་དང་སྣའི་རྣམ་པར་ཤེས་པའི་ཁམས་མ་ཡིན། ལྕེ་དང༌། རོ་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་མ་ཡིན། ལུས་དང་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མ་ཡིན། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །སའི་ཁམས་མ་ཡིན། ཆུའི་ཁམས་མ་ཡིན། མེའི་ཁམས་མ་ཡིན། རླུང་གི་ཁམས་མ་ཡིན། ནམ་མཁའི་ཁམས་མ་ཡིན། རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །མིག་མ་ཡིན། རྣ་བ་མ་ཡིན། སྣ་མ་ཡིན། ལྕེ་མ་ཡིན། ལུས་མ་ཡིན། ཡིད་མ་ཡིན། གཟུགས་མ་ཡིན། སྒྲ་མ་ཡིན། དྲི་མ་ཡིན། རོ་མ་ཡིན། རེག་བྱ་མ་ཡིན། ཆོས་མ་ཡིན་ནོ། །མ་རིག་པ་མ་ཡིན་ཏེ། དེ་བཞིན་དུ་འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་རྣམས་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །གཟུགས་ཀྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་མ་ཡིན་ཏེ། ཚོར་བའི་དེ་བཞིན་ཉིད་མ་ཡིན། འདུ་ཤེས་ཀྱི་དེ་བཞིན་ཉིད་མ་ཡིན། འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན་ཏེ། རྣ་བ་དང་སྒྲ་དང༌། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན། སྣ་དང་དྲི་དང་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན། ལྕེ་དང་རོ་དང་ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན། ལུས་དང་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན་ནོ། །སའི་ཁམས་ཀྱི་དེ་


DTG082_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་མ་ཡིན་ཏེ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན། མེའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་ནོ། །མིག་གི་དེ་བཞིན་ཉིད་མ་ཡིན་ཏེ། རྣ་བའི་དེ་བཞིན་ཉིད་མ་ཡིན། སྣའི་དེ་བཞིན་ཉིད་མ་ཡིན། ལྕེའི་དེ་བཞིན་ཉིད་མ་ཡིན། ལུས་ཀྱི་དེ་བཞིན་ཉིད་མ་ཡིན། ཡིད་ཀྱི་དེ་བཞིན་ཉིད་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན། སྒྲའི་དེ་བཞིན་ཉིད་མ་ཡིན། དྲིའི་དེ་བཞིན་ཉིད་མ་ཡིན། རོའི་དེ་བཞིན་ཉིད་མ་ཡིན། རེག་བྱའི་དེ་བཞིན་ཉིད་མ་ཡིན། ཆོས་ཀྱི་དེ་བཞིན་ཉིད་མ་ཡིན་ནོ། །མ་རིག་པའི་དེ་བཞིན་ཉིད་མ་ཡིན་ཏེ། འདུ་བྱེད་ཀྱི་དེ་བཞིན་ཉིད་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་མ་ཡིན། རེག་པའི་དེ་བཞིན་ཉིད་མ་ཡིན། ཚོར་བའི་དེ་བཞིན་ཉིད་མ་ཡིན། སྲེད་པའི་དེ་བཞིན་ཉིད་མ་ཡིན། ལེན་པའི་དེ་བཞིན་ཉིད་མ་ཡིན། སྲིད་པའི་དེ་བཞིན་ཉིད་མ་ཡིན། སྐྱེ་བའི་དེ་བཞིན་ཉིད་མ་ཡིན། རྒ་ཤིའི་དེ་བཞིན་ཉིད་མ་ཡིན་པ་ནས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་མ་ཡིན་ནོ།། །།བམ་པོ་བརྒྱད་པ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་གཟུགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་མིག་དང་གཟུགས་དང༌། མིག་གི་རྣམ་པར་ཤེས་པ་རྣམས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་རྣ་བ་དང༌། སྒྲ་དང་རྣ་བའི་རྣམ་པར་ཤེས་པ་རྣམས་དང༌། སྣ་དང༌། དྲི་དང༌། སྣའི་རྣམ་པར་ཤེས་པ་རྣམས་དང༌། ལྕེ་དང་རོ་དང༌། ལྕེའི་རྣམ་པར་ཤེས་པ་རྣམས་དང༌། ལུས་དང་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམས་དང༌། ཡིད་དང་ཆོས་དང་ཡིད་


DTG082_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་ཤེས་པ་རྣམས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་སའི་ཁམས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་མིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་གཟུགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང་ཆོས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་མ་རིག་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་གཟུགས་འདིའི་དེ་བཞིན་ཉིད་དམིགས་པར་ལྟ་ཡང་ག་ལ་འགྱུར། དེ་བཞིན་དུ་ཚོར་བའི་དེ་བཞིན་ཉིད་དང༌། འདུ་ཤེས་ཀྱི་དེ་བཞིན་ཉིད་དང༌། འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་དང༌། རྣམ་པར་ཤེས་པ་འདིའི་དེ་བཞིན་ཉིད་དམིགས་པར་ལྟ་ཡང་ག་ལ་འགྱུར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་རྣམས་དང༌། རྣ་བ་དང༌། སྒྲ་དང༌། རྣ་བའི་རྣམ་པར་ཤེས་པ་རྣམས་དང༌། སྣ་དང་དྲི་དང་སྣའི་རྣམ་པར་


DTG082_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རྣམས་དང༌། ལྕེ་དང་རོ་དང་ལྕེའི་རྣམ་པར་ཤེས་པ་རྣམས་དང༌། ལུས་དང་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམས་དང༌། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་འདིའི་དེ་བཞིན་ཉིད་དམིགས་པར་ལྟ་ཡང་ག་ལ་འགྱུར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་སའི་ཁམས་འདིའི་དེ་བཞིན་ཉིད་དམིགས་པར་ལྟ་ཡང་ག་ལ་འགྱུར། དེ་བཞིན་དུ་ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་འདིའི་དེ་བཞིན་ཉིད་དམིགས་པར་ལྟ་ཡང་ག་ལ་འགྱུར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་མིག་གི་དེ་བཞིན་ཉིད་དམིགས་པར་ལྟ་ཡང་ག་ལ་འགྱུར། དེ་བཞིན་དུ་རྣ་བའི་དེ་བཞིན་ཉིད་དང༌། སྣའི་དེ་བཞིན་ཉིད་དང༌། ལྕེའི་དེ་བཞིན་ཉིད་དང༌། ལུས་ཀྱི་དེ་བཞིན་ཉིད་དང༌། ཡིད་ཀྱི་དེ་བཞིན་ཉིད་དམིགས་པར་ལྟ་ཡང་ག་ལ་འགྱུར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་གཟུགས་འདིའི་དེ་བཞིན་ཉིད་དམིགས་པར་ལྟ་ཡང་ག་ལ་འགྱུར། དེ་བཞིན་དུ་སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་འདིའི་དེ་བཞིན་ཉིད་དམིགས་པར་འགྱུར་བ་ལྟ་ག་ལ་ཡོད། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་མ་རིག་པ་འདིའི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར། དེ་བཞིན་དུ་འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་འདིའི་དེ་བཞིན་ཉིད་དམིགས་པར་ལྟ་ཡང་ག་ལ་འགྱུར། བཅོམ་ལྡན་འདས་དེ་ལྟར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སོ་སོ་རེ་རེ་བ་རྣམས་དང༌། བསྡུས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ཏེ། དེས་ན་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་འདིའི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར་ཏེ་དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།


DTG082_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་སེམས་ཅན་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་འགོག་པ་ལ་རྗེས་སུ་ཤེས་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་ཚིག་བླ་དགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་རྟག་པའམ། གཟུགས་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་བདེ་བའམ། གཟུགས་སྡུག་བསྔལ་བའམ། གཟུགས་བདག་ཡོད་པའམ། གཟུགས་བདག་མེད་པའམ། གཟུགས་ཞི་བའམ། གཟུགས་མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་རྟག་པའམ། ཚོར་བ་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་བདེ་བའམ། ཚོར་བ་སྡུག་བསྔལ་བའམ། ཚོར་བ་བདག་ཡོད་པའམ། ཚོར་བ་བདག་མེད་པའམ། ཚོར་བ་ཞི་བའམ། ཚོར་བ་མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་རྟག་པའམ། འདུ་ཤེས་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་བདེ་བའམ། འདུ་ཤེས་སྡུག་བསྔལ་བའམ། འདུ་ཤེས་བདག་ཡོད་པའམ། འདུ་ཤེས་བདག་མེད་པའམ། འདུ་ཤེས་ཞི་བའམ། འདུ་ཤེས་མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་རྣམས་རྟག་པ་རྣམས་སམ། འདུ་བྱེད་རྣམས་མི་རྟག་པ་རྣམས་ཀྱི་ཚིག་བླ་དགས་


DTG082_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྙམ་མམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་རྣམས་བདེ་བ་རྣམས་སམ། འདུ་བྱེད་རྣམས་སྡུག་བསྔལ་བ་རྣམས་སམ། འདུ་བྱེད་རྣམས་བདག་ཡོད་པ་རྣམས་སམ། འདུ་བྱེད་རྣམས་བདག་མེད་པ་རྣམས་སམ། འདུ་བྱེད་རྣམས་ཞི་བ་རྣམས་སམ། འདུ་བྱེད་རྣམས་མ་ཞི་བ་རྣམས་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་རྟག་པའམ། རྣམ་པར་ཤེས་པ་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་བདེ་བའམ། རྣམ་པར་ཤེས་པ་སྡུག་བསྔལ་བའམ། རྣམ་པར་ཤེས་པ་བདག་ཡོད་པའམ། རྣམ་པར་ཤེས་པ་བདག་མེད་པའམ། རྣམ་པར་ཤེས་པ་ཞི་བའམ། རྣམ་པར་ཤེས་པ་མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྟོང་པའམ། གཟུགས་མི་སྟོང་པའམ། གཟུགས་མཚན་མ་ཡོད་པའམ། གཟུགས་མཚན་མ་མེད་པའམ། གཟུགས་སྨོན་པ་ཡོད་པའམ། གཟུགས་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལ་དེ་བཞིན་ཏེ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་སྟོང་པའམ། རྣམ་པར་ཤེས་པ་མི་སྟོང་པའམ། རྣམ་པར་ཤེས་པ་མཚན་མ་ཡོད་པའམ། རྣམ་པར་ཤེས་པ་མཚན་མ་མེད་པའམ། རྣམ་པར་ཤེས་པ་སྨོན་པ་ཡོད་པའམ། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ནས་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་ཀྱི་ཚིག་བླ་དགས་མ་ཡིན་ཞིང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་ཚིག་བླ་དགས་མ་ཡིན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་རྟག་པའི་ཚིག་བླ་དགས་མ་ཡིན། མི་རྟག་པའི་


DTG082_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བླ་དགས་མ་ཡིན། དེ་བཞིན་དུ་བདེ་བའི་ཚིག་བླ་དགས་མ་ཡིན། སྡུག་བསྔལ་བའི་ཚིག་བླ་དགས་མ་ཡིན། བདག་ཡོད་པའི་ཚིག་བླ་དགས་མ་ཡིན། བདག་མེད་པའི་ཚིག་བླ་དགས་མ་ཡིན། ཞི་བའི་ཚིག་བླ་དགས་མ་ཡིན། མ་ཞི་བའི་ཚིག་བླ་དགས་མ་ཡིན། སྟོང་པའི་ཚིག་བླ་དགས་མ་ཡིན། མི་སྟོང་པའི་ཚིག་བླ་དགས་མ་ཡིན། མཚན་མ་ཡོད་པའི་ཚིག་བླ་དགས་མ་ཡིན། མཚན་མ་མེད་པའི་ཚིག་བླ་དགས་མ་ཡིན་ཏེ། གཟུགས་སྨོན་པ་ཡོད་པའི་ཚིག་བླ་དགས་མ་ཡིན། སྨོན་པ་མེད་པའི་ཚིག་བླ་དགས་མ་ཡིན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་རྟག་པའི་ཚིག་བླ་དགས་མ་ཡིན། མི་རྟག་པའི་ཚིག་བླ་དགས་མ་ཡིན། དེ་བཞིན་དུ་བདེ་བའི་ཚིག་བླ་དགས་མ་ཡིན། སྡུག་བསྔལ་བའི་ཚིག་བླ་དགས་མ་ཡིན། བདག་ཡོད་པའི་ཚིག་བླ་དགས་མ་ཡིན། བདག་མེད་པའི་ཚིག་བླ་དགས་མ་ཡིན། ཞི་བའི་ཚིག་བླ་དགས་མ་ཡིན། མ་ཞི་བའི་ཚིག་བླ་དགས་མ་ཡིན། སྟོང་པའི་ཚིག་བླ་དགས་མ་ཡིན། མི་སྟོང་པའི་ཚིག་བླ་དགས་མ་ཡིན། མཚན་མ་ཡོད་པའི་ཚིག་བླ་དགས་མ་ཡིན། མཚན་མ་མེད་པའི་ཚིག་བླ་དགས་མ་ཡིན། ཚོར་བ་སྨོན་པ་ཡོད་པའི་ཚིག་བླ་དགས་མ་ཡིན། སྨོན་པ་མེད་པའི་ཚིག་བླ་དགས་མ་ཡིན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་རྟག་པའི་ཚིག་བླ་དགས་མ་ཡིན། མི་རྟག་པའི་ཚིག་བླ་དགས་མ་ཡིན། དེ་བཞིན་དུ་བདེ་བའི་ཚིག་བླ་དགས་མ་ཡིན། སྡུག་བསྔལ་བའི་ཚིག་བླ་དགས་མ་ཡིན། བདག་ཡོད་པའི་ཚིག་བླ་དགས་མ་ཡིན། བདག་མེད་པའི་ཚིག་བླ་དགས་མ་ཡིན། ཞི་བའི་ཚིག་བླ་དགས་མ་ཡིན། མ་ཞི་བའི་ཚིག་བླ་དགས་མ་ཡིན། སྟོང་པའི་ཚིག་བླ་དགས་མ་ཡིན། མི་སྟོང་པའི་ཚིག་བླ་དགས་མ་ཡིན། མཚན་མ་ཡོད་པའི་ཚིག་བླ་དགས་མ་ཡིན། མཚན་མ་མེད་པའི་ཚིག་བླ་དགས་མ་ཡིན། འདུ་ཤེས་སྨོན་པ་ཡོད་པའི་ཚིག་བླ་དགས་མ་ཡིན། སྨོན་པ་མེད་པའི་ཚིག་བླ་དགས་མ་ཡིན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་རྣམས་རྟག་པའི་ཚིག་བླ་དགས་མ་ཡིན། མི་རྟག་པའི་ཚིག་བླ་དགས་མ་ཡིན། དེ་བཞིན་དུ་བདེ་བའི་ཚིག་བླ་


DTG082_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དགས་མ་ཡིན། སྡུག་བསྔལ་བའི་ཚིག་བླ་དགས་མ་ཡིན། བདག་ཡོད་པའི་ཚིག་བླ་དགས་མ་ཡིན། བདག་མེད་པའི་ཚིག་བླ་དགས་མ་ཡིན། ཞི་བའི་ཚིག་བླ་དགས་མ་ཡིན། མ་ཞི་བའི་ཚིག་བླ་དགས་མ་ཡིན། སྟོང་པའི་ཚིག་བླ་དགས་མ་ཡིན། མི་སྟོང་པའི་ཚིག་བླ་དགས་མ་ཡིན། མཚན་མ་ཡོད་པའི་ཚིག་བླ་དགས་མ་ཡིན། མཚན་མ་མེད་པའི་ཚིག་བླ་དགས་མ་ཡིན། འདུ་བྱེད་རྣམས་སྨོན་པ་ཡོད་པའི་ཚིག་བླ་དགས་མ་ཡིན། སྨོན་པ་མེད་པའི་ཚིག་བླ་དགས་མ་ཡིན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དགས་མ་ཡིན། མི་རྟག་པའི་ཚིག་བླ་དགས་མ་ཡིན། དེ་བཞིན་དུ་བདེ་བའི་ཚིག་བླ་དགས་མ་ཡིན། སྡུག་བསྔལ་བའི་ཚིག་བླ་དགས་མ་ཡིན། བདག་ཡོད་པའི་ཚིག་བླ་དགས་མ་ཡིན། བདག་མེད་པའི་ཚིག་བླ་དགས་མ་ཡིན། ཞི་བའི་ཚིག་བླ་དགས་མ་ཡིན། མ་ཞི་བའི་ཚིག་བླ་དགས་མ་ཡིན། སྟོང་པའི་ཚིག་བླ་དགས་མ་ཡིན། མི་སྟོང་པའི་ཚིག་བླ་དགས་མ་ཡིན། མཚན་མ་ཡོད་པའི་ཚིག་བླ་དགས་མ་ཡིན། མཚན་མ་མེད་པའི་ཚིག་བླ་དགས་མ་ཡིན། རྣམ་པར་ཤེས་པ་སྨོན་པ་ཡོད་པའི་ཚིག་བླ་དགས་མ་ཡིན། སྨོན་པ་མེད་པའི་ཚིག་བླ་དགས་མ་ཡིན་ཞེས་ཟེར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གཟུགས་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་ཀྱི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཚོར་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་འདུ་ཤེས་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་ཀྱི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་འདུ་བྱེད་རྣམས་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་རྣམས་ཀྱི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་རྣམ་པར་ཤེས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་


DTG082_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་མི་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་མི་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གཟུགས་བདེ་བའི་ཚིག་བླ་དགས་མ་ལགས། སྡུག་བསྔལ་བའི་ཚིག་བླ་དགས་མ་ལགས། བདག་ཡོད་པའི་ཚིག་བླ་དགས་མ་ལགས། བདག་མེད་པའི་ཚིག་བླ་དགས་མ་ལགས་སོ། །ཞི་བའི་ཚིག་བླ་དགས་མ་ལགས། མ་ཞི་བའི་ཚིག་བླ་དགས་མ་ལགས། སྟོང་པའི་ཚིག་བླ་དགས་མ་ལགས། མི་སྟོང་པའི་ཚིག་བླ་དགས་མ་ལགས། མཚན་མ་ཡོད་པའི་ཚིག་བླ་དགས་མ་ལགས། མཚན་མ་མེད་པའི་ཚིག་བླ་དགས་མ་ལགས། སྨོན་པ་ཡོད་པའི་ཚིག་བླ་དགས་མ་ལགས། སྨོན་པ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་མ་ལགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ཀྱང་དེ་བཞིན་ཏེ། བཅོམ་ལྡན་འདས་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་མི་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་མི་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་བདེ་བའི་ཚིག་བླ་དགས་མ་ལགས། སྡུག་བསྔལ་གྱི་ཚིག་བླ་དགས་མ་ལགས། བདག་ཡོད་པའི་ཚིག་བླ་དགས་མ་ལགས། བདག་མེད་པའི་ཚིག་བླ་དགས་མ་ལགས། ཞི་བའི་ཚིག་བླ་དགས་མ་ལགས། མ་ཞི་བའི་ཚིག་བླ་དགས་མ་ལགས། སྟོང་པའི་ཚིག་བླ་དགས་མ་ལགས། མི་སྟོང་པའི་ཚིག་བླ་དགས་མ་ལགས། མཚན་མ་ཡོད་པའི་ཚིག་བླ་དགས་མ་ལགས། མཚན་མ་མེད་པའི་ཚིག་བླ་དགས་མ་ལགས། སྨོན་པ་ཡོད་པའི་ཚིག་བླ་དགས་མ་ལགས། སྨོན་པ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་ལྟར་


DTG082_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ཀྱི་ཚིག་བླ་དགས་མི་དམིགས་པ་དང༌། ཚོར་བའི་ཚིག་བླ་དགས་མི་དམིགས་པ་དང༌། འདུ་ཤེས་ཀྱི་ཚིག་བླ་དགས་མི་དམིགས་པ་དང༌། འདུ་བྱེད་རྣམས་ཀྱི་ཚིག་བླ་དགས་མི་དམིགས་པ་དང༌། རྣམ་པར་ཤེས་པའི་ཚིག་བླ་དགས་མི་དམིགས་པ་དང༌། གཟུགས་རྟག་པ་དང་མི་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང༌། བདེ་བ་དང༌། སྡུག་བསྔལ་བའི་ཚིག་བླ་དགས་མི་དམིགས་པ་དང༌། བདག་ཡོད་པ་དང༌། བདག་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། ཞི་བ་དང༌། མ་ཞི་པའི་ཚིག་བླ་དགས་མི་དམིགས་པ་དང༌། སྟོང་པ་དང༌། མི་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང༌། མཚན་མ་ཡོད་པ་དང༌། མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། སྨོན་པ་ཡོད་པ་དང༌། སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། ཚོར་བ་རྟག་པ་དང༌། མི་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང༌། བདེ་བ་དང༌། སྡུག་བསྔལ་བའི་ཚིག་བླ་དགས་མི་དམིགས་པ་དང༌། བདག་ཡོད་པ་དང༌། བདག་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། ཞི་བ་དང༌། མ་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང༌། སྟོང་པ་དང༌། མི་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང༌། མཚན་མ་ཡོད་པ་དང༌། མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། སྨོན་པ་ཡོད་པ་དང༌། སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། འདུ་ཤེས་རྟག་པ་དང༌། མི་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང༌། བདེ་བ་དང༌། སྡུག་བསྔལ་བའི་ཚིག་བླ་དགས་མི་དམིགས་པ་དང༌། བདག་ཡོད་པ་དང༌། བདག་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། ཞི་བ་དང༌། མ་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང༌། སྟོང་པ་དང༌། མི་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང༌། མཚན་མ་ཡོད་པ་དང༌། མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། སྨོན་པ་ཡོད་པ་དང༌། སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། འདུ་བྱེད་རྣམས་རྟག་པ་དང༌། མི་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང༌། བདེ་བ་དང༌།


DTG082_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་བའི་ཚིག་བླ་དགས་མི་དམིགས་པ་དང༌། བདག་ཡོད་པ་དང༌། བདག་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། ཞི་བ་དང༌། མ་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང༌། སྟོང་པ་དང༌། མི་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང༌། མཚན་མ་ཡོད་པ་དང༌། མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། སྨོན་པ་ཡོད་པ་དང༌། སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། རྣམ་པར་ཤེས་པ་རྟག་པ་དང༌། མི་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང༌། བདེ་བ་དང༌། སྡུག་བསྔལ་བའི་ཚིག་བླ་དགས་མི་དམིགས་པ་དང༌། བདག་ཡོད་པ་དང༌། བདག་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། ཞི་བ་དང༌། མ་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང༌། སྟོང་པ་དང༌། མི་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང༌། མཚན་མ་ཡོད་པ་དང༌། མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང༌། སྨོན་པ་ཡོད་པ་དང༌། སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་བདག་གིས་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའོ་ཞེས་ཟེར་བ་ནི་རབ་འབྱོར་ཆོས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་ལམ་ལ་ཆོས་ཤེས་པའོ། །རབ་འབྱོར་གཟུགས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་གཟུགས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་ཚོར་བའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཚོར་བའི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་འདུ་ཤེས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་འདུ་ཤེས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་འདུ་བྱེད་རྣམས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་


DTG082_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་འདུ་བྱེད་རྣམས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་རྣམ་པར་ཤེས་པའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་རྣམ་པར་ཤེས་པའི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་མིག་གི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་མིག་གི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་རྣ་བའི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་སྣའི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་ལྕེའི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་ལུས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཡིད་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །རབ་འབྱོར་འདུས་བྱས་ཀྱི་དབྱིངས་ཀྱིས་འདུས་མ་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུས་མ་བྱས་ཀྱི་དབྱིངས་ཀྱིས་ཀྱང་འདུས་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པའོ། །འདི་དག་གིས་ནི་མཐོང་བའི་ལམ་ལ་གདམས་པའོ། །

སྒོམ་པའི་ལམ་ལ་གདམས་པ།


DTG082_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདུས་བྱས་ཀྱི་དབྱིངས་མེད་པར་འདུས་མ་བྱས་ཀྱི་དབྱིངས་སུ་གདགས་པར་མི་ནུས། འདུས་མ་བྱས་ཀྱི་དབྱིངས་མེད་པར་ཡང་འདུས་བྱས་ཀྱི་དབྱིངས་སུ་གདགས་པར་མི་ནུས་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡང་དག་པར་རྗེས་སུ་མ་མཐོང་བས་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ཞིང༌། དེའི་


DTG082_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཆོས་གང་ལ་ཡང་ཞུམ་པར་མི་འགྱུར་ཡིད་འགྱོད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་ཤེས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་རྣམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྒྲ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། དྲི་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རོ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རེག་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མ་རིག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདོད་ཆགས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེ་སྡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཏི་མུག་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདག་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདོད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་


DTG082_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མེད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉན་ཐོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རང་སངས་རྒྱས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉན་ཐོས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རང་སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་སེམས་དཔའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སངས་རྒྱས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བས་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའི་སེམས་ཞུམ་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའི་སེམས་ཞུམ་པར་མི་འགྱུར། ཀུན་ཏུ་ཞུམ་པར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་དངང་བར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡིད་དང་ཡིད་ཀྱི་ཁམས་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་དངང་བར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱས་ཏེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་


DTG082_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མི་དམིགས་ཤིང༌། བྱང་ཆུབ་སེམས་དཔའ་དེ་ཡང་མི་དམིགས། བྱང་ཆུབ་སེམས་དཔའི་མིང་དེ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་དེ་ཡང་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ན། འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གདམས་ངག་ཡིན་ཏེ། འདི་ཉིད་རྗེས་སུ་བསྟན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུགས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཚོར་བ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་འདུ་ཤེས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་འདུ་བྱེད་རྣམས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མིག་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རྣ་བ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་སྣ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ལྕེ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་


DTG082_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལུས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཡིད་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་གཟུགས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་སྒྲ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་དྲི་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རོ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རེག་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཆོས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མིག་གི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། བཅོམ་ལྡན་འདས་རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་སྣའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ལུས་ཀྱི་རྣམ་པར་ཤེས་


DTG082_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མིག་གི་འདུས་ཏེ་རེག་པ་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །རྣ་བའི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མ་རིག་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་སྤངས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་བཞིན་དུ་འཇིག་ཚོགས་སུ་ལྟ་བ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌།


DTG082_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་དང༌། འདོད་པའི་འདོད་ཆགས་དང༌། གནོད་སེམས་དང༌། གཟུགས་ཀྱི་འདོད་ཆགས་དང༌། གཟུགས་མེད་པའི་འདོད་ཆགས་དང༌། གང་ནས་སྦྱོར་བ་དང༌། བག་ལ་ཉལ་བ་དང༌། ཀུན་ནས་ལྡང་བ་སྤང་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སྦྱོར་བ་བཞི་དང༌། ཆུ་བོ་བཞི་དང༌། མདུད་པ་བཞི་དང༌། ཉེ་བར་ལེན་པ་བཞི་དང༌། ཕྱིན་ཅི་ལོག་བཞི་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། མི་འཇིགས་པ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་དང༌། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོའི་ཏིང་ངེ་འཛིན་དང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་ཕྱག་


DTG082_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་ཏིང་ངེ་འཛིན་དང༌། ཟླ་བའི་འོད་ཀྱི་ཏིང་ངེ་འཛིན་དང༌། ཟླ་བའི་རྒྱལ་མཚན་ཏོག་གི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཕྱག་རྒྱར་གྱུར་པའི་ཏིང་ངེ་འཛིན་དང༌། སྤྱན་རས་གཟིགས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་དང༌། ཆོས་ཀྱི་དབྱིངས་སུ་ངེས་པའི་ཏིང་ངེ་འཛིན་དང༌། ངེས་པའི་རྒྱལ་མཚན་དཔལ་གྱི་ཏིང་ངེ་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ལ་འཇུག་པའི་སྒོའི་ཏིང་ངེ་འཛིན་དང༌། ནམ་མཁའ་མཛོད་ཀྱི་རྒྱ་མཚོའི་ཏིང་ངེ་འཛིན་དང༌། སྟོབས་རྣམ་པར་དག་པའི་ཏིང་ངེ་འཛིན་དང༌། ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཀྱི་ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པའི་ཏིང་ངེ་འཛིན་དང༌། ཆོས་ཀྱི་རྣམ་པ་ཐམས་ཅད་ཤེས་པའི་ཕྱག་རྒྱ་ལ་འཇུག་པའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཀྱི་གཟུངས་ཀྱི་སྒོའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཉམས་པ་མེད་པའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཡང་དག་པར་འདུ་བའི་རྣམ་པ་རྒྱ་མཚོའི་ཏིང་ངེ་འཛིན་དང༌། ནམ་མཁའི་གནས་ལ་གནས་པའི་ཏིང་ངེ་འཛིན་དང༌། འཁོར་གསུམ་ཡོངས་སུ་དག་པའི་ཏིང་ངེ་འཛིན་དང༌། མངོན་པར་ཤེས་པ་མི་ཉམས་པའི་རྗེས་སུ་འགྲོ་བའི་ཏིང་ངེ་འཛིན་དང༌། སྣོད་དུ་གྱུར་པའི་ཏིང་ངེ་འཛིན་དང༌། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་དང༌། ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྲེག་པའི་ཏིང་ངེ་འཛིན་དང༌། བདུད་བཞིའི་དཔུང་སེལ་བའི་ཏིང་ངེ་འཛིན་དང༌། ཡེ་ཤེས་སྒྲོན་མའི་ཏིང་ངེ་འཛིན་དང༌། སྟོབས་བཅུའི་སྟོབས་ཀྱིས་འཕགས་པའི་ཏིང་ངེ་འཛིན་དང༌། ནམ་མཁའ་ལྟར་ཆགས་པ་མེད་པ་རྣམ་པར་གྲོལ་བ་གོས་པ་མེད་པའི་ཏིང་ངེ་འཛིན་དང༌། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་དག་དང་གཞན་དག་ཀྱང་ཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་དགེ་བའི་རྩ་བ་གང་


DTG082_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པའི་ངན་སོང་རྣམས་སུ་མི་ལྟུང་ཞིང་རིགས་དམའ་བར་མི་སྐྱེ་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ལ་མི་གནས་པ་དང༌། བྱང་ཆུབ་སེམས་དཔའི་རྩེ་མོའི་སྐྱོན་དུ་མི་ལྟུང་བ་དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྩེ་མོའི་སྐྱོན་དུ་ལྟུང་བ་ཡིན། དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ཐབས་མཁས་པ་མི་ཤེས་པ་བཞིན་དུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཡང་མི་འཇུག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྩེ་མོའི་སྐྱོན་ཞེས་བརྗོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་དུ་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ཞེས་བྱ་བ་ནི་འདི་ལྟ་སྟེ་ཆོས་ལ་སྲེད་པའོ་ཞེས་བྱ་བ་ནི་སྒོམ་པའི་ལམ་ལ་གདམས་པའོ། །གདམས་ངག་བཤད་ཟིན་ཏོ། །

ངེས་པར་འབྱེད་པ་བཤད་པ།

དྲོད་དུ་གཏོགས་པ་ཆེན་པོའི་དམིགས་པ་དང་རྣ་པའི་ཁྱད་པར།


DTG082_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ལ་སྲེད་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ཞེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་


DTG082_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཀུན་ཤེས་པ་དང༌། གཟུགས་སྟོང་པ་ཞེས་བྱ་བ་དང༌། སྨོན་པ་མེད་པ་ཞེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ཞེས་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་དང༌། རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བ་དང༌། སྨོན་པ་མེད་པ་ཞེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་འདི་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་ནས་དྲོད་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །གཟུགས་འདི་ལྟར་སྤང་བར་བྱའོ། །འདིས་གཟུགས་སྤང་བར་བྱའོ་ཞེས་མངོན་པར་ཞེན་པ་དང་ལྷག་པར་གནས་པ་དང་ཀུན་ཤེས་པ་དང༌། ཚོར་བ་འདི་ལྟར་སྤང་བར་བྱའོ། །འདིས་ཚོར་བ་སྤང་བར་བྱའོ་ཞེས་བྱ་བ་དང༌། འདུ་ཤེས་འདི་ལྟར་སྤང་བར་བྱའོ། །འདིས་འདུ་ཤེས་སྤང་བར་བྱའོ་ཞེས་བྱ་བ་དང༌། འདུ་བྱེད་རྣམས་འདི་ལྟར་སྤང་བར་བྱའོ། །འདིས་འདུ་བྱེད་རྣམས་སྤང་བར་བྱའོ་ཞེས་བྱ་བ་དང༌། རྣམ་པར་ཤེས་པ་འདི་ལྟར་སྤང་བར་བྱའོ། །འདིས་རྣམ་པར་ཤེས་པ་སྤང་བར་བྱའོ་ཞེས་མངོན་པར་ཞེན་པ་དང་ལྷག་པར་གནས་པ་དང་ཀུན་ཤེས་པ་དང༌། སྡུག་བསྔལ་འདི་ལྟར་ཡོངས་སུ་ཤེས་པར་བྱའོ། །འདིས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་བ་འདི་ལྟར་སྤང་བར་བྱའོ། །འདིས་ཀུན་འབྱུང་བ་སྤང་བར་བྱའོ་ཞེས་མངོན་པར་ཞེན་པ་དང་ལྷག་པར་གནས་པ་དང་ཀུན་ཤེས་པ་དང་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པའི་དབང་དུ་བྱས་པའི་དྲོད་དུ་གཏོགས་པ་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །འགོག་པ་འདི་ལྟར་མངོན་དུ་བྱའོ། །འདིས་འགོག་པ་མངོན་དུ་བྱའོ་ཞེས་བྱ་བ་དང་ལམ་འདི་ལྟར་བསྒོམ་པར་བྱའོ། །འདིས་ལམ་བསྒོམ་པར་བྱའོ་ཞེས་བྱ་བ་དང༌། འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་


DTG082_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བའོ་ཞེས་བྱ་བ་དང༌། ཆོས་འདི་དག་ནི་བསྟེན་པར་བྱའོ། །ཆོས་འདི་དག་ནི་བསྟེན་པར་མི་བྱའོ་ཞེས་བྱ་བ་དང༌། འདི་ལ་ནི་སྤྱད་པར་བྱའོ། །འདི་ལ་ནི་སྤྱད་པར་མི་བྱའོ། །ལམ་འདི་དག་ནི་བསྒོམ་པར་བྱའོ། །འདི་དག་ནི་བསྒོམ་པར་མི་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །འདི་ནི་བསླབ་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་ཐབས་མཁས་པའོ། །འདི་ནི་ཐབས་མཁས་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པའོ། །འདི་ནི་སྐྱོན་དུ་འགྱུར་བའོ་ཞེས་མངོན་པར་ཞེན་པ་དང་ལྷག་པར་གནས་པ་དང་ཀུན་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྩེ་མོའི་སྐྱོན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་འདི་དག་ལ་འདི་ལྟར་མངོན་པར་ཞེན་པ་དང་ལྷག་པར་གནས་པ་དང༌། ཀུན་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱི་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། ཕྱི་ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་དུ་ཡང་དག་


DTG082_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྗེས་སུ་མི་མཐོང༌། ཕྱི་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། སྟོང་པ་ཉིད་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། ཕྱི་ནང་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། ཆེན་པོ་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། སྟོང་པ་ཉིད་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དོན་དམ་པ་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། ཆེན་པོ་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། འདུས་བྱས་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དོན་དམ་པ་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། འདུས་མ་བྱས་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། འདུས་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། མཐའ་ལས་འདས་པ་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། འདུས་མ་བྱས་སྟོང་པ་ཉིད་ལ་མཐའ་ལས་འདས་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མཐའ་ལས་འདས་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དོར་བ་མེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་དོར་བ་མེད་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། རང་བཞིན་སྟོང་པ་ཉིད་ལ་དོར་བ་མེད་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དོར་བ་མེད་པ་སྟོང་པ་ཉིད་ལ་རང་བཞིན་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་བཞིན་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། རང་བཞིན་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་


DTG082_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། མི་དམིགས་པ་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མི་དམིགས་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མི་དམིགས་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། མི་དམིགས་པ་སྟོང་པ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དངོས་པོ་མེད་པ་སྟོང་པ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དངོས་པོ་མེད་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དངོས་པོ་སྟོང་པ་ཉིད་ལ་དངོས་པོ་མེད་པ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དངོས་པོ་མེད་པ་སྟོང་པ་ཉིད་ལ་དངོས་པོ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། །རང་གི་ངོ་བོ་སྟོང་པ་ཉིད་ལ་དངོས་པོ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དངོས་པོ་སྟོང་པ་ཉིད་ལ་རང་གི་ངོ་བོ་ཉིད་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་ལ་རང་གི་ངོ་བོ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང༌། །རང་གི་ངོ་བོ་སྟོང་པ་ཉིད་ལ་གཞན་གྱི་ངོ་བོ་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་འགོག་པའི་བདེན་པའི་དབང་དུ་བྱས་པའི་དྲོ་བ་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ལྟར་བསླབ་པར་བྱ་སྟེ། སློབ་པའི་ཚེ་ཅི་ནས་ཀྱང་གཟུགས་ཤེས་པར་བྱ་སྟེ། གཟུགས་དེས་ཀྱང་རློམ་སེམས་སུ་མི་བྱའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཤེས་པར་བྱ་སྟེ། དེ་དག་གིས་ཀྱང་རློམ་སེམས་སུ་མི་བྱའོ། །མིག་ཤེས་པར་བྱ་སྟེ། མིག་དེས་ཀྱང་རློམ་སེམས་སུ་མི་བྱའོ། །དེ་བཞིན་དུ་


DTG082_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཤེས་པར་བྱ་སྟེ། དེ་དག་གིས་ཀྱང་རློམ་སེམས་སུ་མི་བྱའོ། །གཟུགས་ཤེས་པར་བྱ་སྟེ། དེས་ཀྱང་རློམ་སེམས་སུ་མི་བྱའོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཤེས་པར་བྱ་སྟེ། དེ་དག་གིས་ཀྱང་རློམ་སེམས་སུ་མི་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་བྱ་སྟེ། དེས་རློམ་སེམས་སུ་མི་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་མི་བྱའོ། །དེ་བཞིན་དུ་མངོན་པར་ཤེས་པ་ལྔ་དང༌། མིག་ལྔ་དང༌། དྲན་པ་ཉེ་བར་གཞག་པ་རྣམས་ཤེས་པར་བྱ་སྟེ། དེ་དག་གིས་ཀྱང་རློམ་སེམས་སུ་མི་བྱའོ།། །།བམ་པོ་དགུ་པ་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པར་བྱ་སྟེ། དེ་དག་གིས་ཀྱང་རློམ་སེམས་སུ་མི་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤེས་པར་བྱ་སྟེ། དེ་དག་གིས་ཀྱང་རློམ་སེམས་སུ་མི་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཤེས་པར་བྱ་སྟེ། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་དང༌། རླབས་པོ་ཆེའི་སེམས་ཞེས་བྱ་བ་ཤེས་པར་བྱ་སྟེ། དེ་དག་གིས་ཀྱང་རློམ་སེམས་སུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའི་ཕྱིར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་ཀྱི་རང་བཞིན་འོད་གསལ་བ་ཡང་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་གང་འདོད་ཆགས་དང་ལྡན་པ་མ་ཡིན་བྲལ་བ་མ་ཡིན། ཞེ་སྡང་དང་ལྡན་པ་མ་


DTG082_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་བྲལ་བ་མ་ཡིན། གཏི་མུག་དང་ལྡན་པ་མ་ཡིན་བྲལ་བ་མ་ཡིན། ཀུན་ནས་ལྡང་བ་རྣམས་དང་ལྡན་པ་མ་ཡིན་བྲལ་བ་མ་ཡིན། དམིགས་པ་རྣམས་དང་ལྡན་པ་མ་ཡིན་བྲལ་བ་མ་ཡིན་པ་དང༌། བག་ལ་ཉལ་བ་རྣམས་དང་ལྡན་པ་མ་ཡིན་བྲལ་བ་མ་ཡིན་པ་དང༌། ཀུན་ཏུ་སྦྱོར་བ་རྣམས་དང་ལྡན་པ་མ་ཡིན་བྲལ་བ་མ་ཡིན་པ་དང༌། ལྟ་བར་བྱས་པ་རྣམས་དང་ལྡན་པ་མ་ཡིན་བྲལ་བ་མ་ཡིན་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང་ལྡན་པ་མ་ཡིན་བྲལ་བ་མ་ཡིན་པ་འདི་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་གང་ཞིག་སེམས་མེད་པ་ཞེས་བྱ་བ་དེ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་སེམས་མེད་པ་ཉིད་གང་ཡིན་པ་དེ་ལ་ཡོད་པ་ཉིད་དམ་མེད་པ་ཉིད་ཡོད་པའམ་དམིགས་པར་འགྱུར་རམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་སེམས་མེད་པ་ཉིད་དེ་ལ་ཡོད་པ་ཉིད་དམ་མེད་པ་ཉིད་མེད་པའམ་མི་དམིགས་པ་ཡིན་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྱོད་ཀྱིས་སེམས་གང་ཞིག་སེམས་མེད་པ་ཞེས་བྱ་བ་དེ་ཡོད་དམ་ཞེས་དེ་སྐད་དུ་སྨྲས་པ་འམ་དྲི་བ་འདི་འཐད་དམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་མེད་པ་ཉིད་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་རྣམས་ཆོས་ཉིད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་གང་ཡིན་པ་དེ་ནི་སེམས་མེད་པ་ཡིན་ཏེ་འདི་ནི་སེམས་མེད་པ་ཞེས་བརྗོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་ཁོ་ན་བཞིན་དུ་གཟུགས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ཚོར་བ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། འདུ་ཤེས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། འདུ་བྱེད་རྣམས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། རྣམ་པར་ཤེས་པ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་ཁོ་ན་བཞིན་དུ་མིག་གི་ཁམས་དང་གཟུགས་ཀྱི་


DTG082_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་སྐྱེ་མཆེད་དང༌། ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། མངོན་པར་ཤེས་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་


DTG082_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་བར་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། །འདི་ལྟར་ཡང་ཁྱོད་ནི་བཅོམ་ལྡན་འདས་ཀྱི་སྲས། ཐུགས་ལས་སྐྱེས་པ། ཞལ་ནས་བྱུང་བ། ཆོས་ལས་སྐྱེས་པ། ཆོས་ཀྱི་སྤྲུལ་པ། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ཟང་ཟིང་གི་བགོ་སྐལ་ལ་སྤྱོད་པ་མ་ཡིན་པ། མངོན་སུམ་གྱི་མིག་དང་ལྡན་པ་ཆོས་རྣམས་ལུས་ཀྱིས་མངོན་དུ་གྱུར་པ་ཞེས་བྱ་བ་ཡིན་ཏེ། ཇི་ལྟར་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་མཆོག་ཏུ་གསུངས་པ་ཞེས་བྱ་བ་ལྟར་འདི་ཉེ་བར་བསྟན་ཏོ། །ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཡང་བརྟག་པར་བྱ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བྱའོ་ཞེས་བྱ་བ་ནི་ལམ་གྱི་བདེན་པའི་དབང་དུ་བྱས་པའི་དྲོད་དུ་གཏོགས་པ་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ། །རང་སངས་རྒྱས་ཀྱིས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ། །བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ། །སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་


DTG082_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའམ། བྱང་ཆུབ་སེམས་དཔའི་སའམ། སངས་རྒྱས་ཀྱིས་གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་རྣམས་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་རྒྱུ་ཉིད་ཀྱི་ཁྱད་པར་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེས་ན་བྱང་ཆུབ་སེམས་དཔའ་གང་ཞིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞིག་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་བདག་གང་ལགས་པས་ནི་དངོས་པོ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བཅོམ་ལྡན་འདས་དངོས་པོ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བའི་བདག་དེས་ཆོས་གང་གིས་ཆོས་གང་ཞིག་ལ་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི་སྟེ། བཅོམ་ལྡན་འདས་འདི་ཉིད་བདག་གི་འགྱོད་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་མིང་ཙམ་གྱིས་འདུ་བ་དང་འགོད་པར་བགྱིས་ན་དེ་ཉིད་བདག་གི་འགྱོད་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ལགས་མོད་ཀྱི་མིང་དེ་ཡང་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པ་སྟེ། དེ་ལྟར་ན་མིང་དེ་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འདུ་བ་དང་འགོད་པ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་


DTG082_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་བདག་གིས་ཚོར་བའི་འདུ་བ་དང་འགོད་པ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་འདུ་ཤེས་ཀྱི་འདུ་བ་དང་འགོད་པ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་འདུ་བྱེད་རྣམས་ཀྱི་འདུ་བ་དང་འགོད་པ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་རྣམ་པར་ཤེས་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གང་ལགས་པས་གཟུགས་ལ་སོགས་པ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་རྣམ་གྲངས་འདིས་ཀྱང་མིང་དེ་ཡང་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པ་སྟེ། དེ་ལྟར་ན་མིང་དེ་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །བཅོམ་ལྡན་འདས་བདག་གིས་མིག་གི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་རྣ་བའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་སྣའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་ལྕེའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་ལུས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་ཡིད་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གིས་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་བྱང་ཆུབ་སེམས་


DTG082_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་དེ་ལྟ་མོད་ཀྱི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་མིང་དེ་ཡང་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་རྣམས་མ་མཆིས་པ་སྟེ། དེ་ལྟར་ན་མིང་དེ་གནས་བ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། དེ་བཞིན་དུ་སྤྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གིས་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་དེ་ལྟ་མོད་ཀྱི་མིང་དེ་ཡང་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པ་སྟེ། དེ་ལྟར་ན་མིང་དེ་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །བཅོམ་ལྡན་འདས་བདག་གིས་མིག་གི་རྣམ་པར་ཤེས་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གིས་མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་


DTG082_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་དེ་ལྟ་མོད་ཀྱི་མིང་དེ་ཡང་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པ་སྟེ། དེ་ལྟར་མིང་དེ་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ།། བཅོམ་ལྡན་འདས་བདག་གིས་མིག་གི་འདུས་ཏེ་རེག་པ་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། རྣ་བའི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། སྣའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། ལྕེའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་ཡིད་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་སའི་ཁམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བ་དེ་བཞིན་དུ་ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་མ་རིག་པ་ནས་རྒ་ཤིའི་བར་གྱི་འདུ་བ་དང་འགོད་པ་མ་


DTG082_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་མ་རིག་པ་འགག་པ་ནས། རྒ་ཤི་འགགས་པའི་བར་གྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་ཀུན་ནས་ལྡང་བ་དང༌། སྒྲིབ་པ་དང༌། བག་ལ་ཉལ་བ་དང༌། ཀུན་ཏུ་སྦྱོར་བ་དང༌། ལྟ་བར་བྱས་པ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་བདག་གི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་སེམས་ཅན་དང༌། སྲོག་དང༌། འགྲོ་བ་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤིང་ལས་སྐྱེས་དང༌། ཤིང་བུ་དང༌། བྱེད་པ་པོ་དང༌། ཚོར་པ་པོ་དང༌། ཤེས་པ་པོ་


DTG082_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། མཐོང་བ་པོ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་བསམ་གཏན་བཞི་རྣམས་དང༌། ཚད་མེད་པ་བཞི་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། གཏོང་བ་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་དབུགས་འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་མིག་ལྔ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། མི་འཇིགས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །བཅོམ་ལྡན་འདས་བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་དེ་ལྟ་མོད་ཀྱི་མིང་དེ་ཡང་གནས་


DTG082_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པའི་ཕྱིར་ཏེ། དེ་ལྟར་ན་མིང་དེ་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །བཅོམ་ལྡན་འདས་བདག་གིས་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་སྒྱུ་མ་ལྟ་བུ་དང༌། སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་དབེན་པ་དང༌། ཞི་བ་དང༌། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། འབྱུང་བ་མ་མཆིས་པ་དང༌། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང༌། རྣམ་པར་བྱང་བ་མ་མཆིས་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་ཆོས་ཀྱི་དབྱིངས་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་དགེ་བ་དང༌། མི་དགེ་བ་དང༌། ཁ་ན་མ་ཐོ་པ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། འཁོར་བ་དང༌། མྱ་ངན་ལས་འདས་པའི་ཆོས་རྣམས་ཐམས་ཅད་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་


DTG082_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་བདག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང༌། བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་དང༌། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པའི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་རྣམས་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་བྱང་ཆུབ་སེམས་དཔའ་གང་ཞིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞིག་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་དེ་ལྟ་མོད་ཀྱི་མིང་དེ་ཡང་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པ་སྟེ། དེ་ལྟར་ན་མིང་དེ་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འདུ་


DTG082_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འདུ་བ་དང་འགོད་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་བྱང་ཆུབ་སེམས་དཔའ་གང་ཞིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞིག་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་མིང་དེ་ཡང་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པ་སྟེ། དེ་ལྟར་ན་མིང་དེ་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ་ཞེས་བྱ་བ་ནི་དྲོད་དུ་གཏོགས་པ་འབྲིང་གི་དམིགས་པ་དང་རྣམ་པ་ཡིན་ནོ། །བཅོམ་ལྡན་འདས་བརྡ་དང་ལྡན་པའི་ཆོས་བཏགས་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་གང་ལགས་པ་དེ་ཡང་ཕུང་པོའམ། ཁམས་སམ། སྐྱེ་མཆེད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་པར་གང་གིས་ཀྱང་བརྗོད་པར་བགྱི་བ་མ་ལགས་ཏེ། ཆོས་སུ་བཏགས་པ་ཙམ་དུ་བས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་རྨི་ལམ་ཞེས་བགྱི་བའི་མིང་དེ་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །སྒྱུ་མ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཚུལ་ཁྲིམས་ཞེས་བགྱི་བ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །རྒྱུན་དུ་ཞུགས་པ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ལན་ཅིག་ཕྱིར་འོད་པ་ཞེས་བགྱི་བ་དང༌། ཕྱིར་མི་འོང་བ་ཞེས་བགྱི་བ་དང༌། དགྲ་བཅོམ་པ་ཞེས་བགྱི་བ་དང༌། རང་བྱང་ཆུབ་ཅེས་བགྱི་


DTG082_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནས། བྱང་ཆུབ་སེམས་དཔའི་ཆོས་ཞེས་བགྱི་བ་དང༌། དེ་བཞིན་གཤེགས་པ་ཞེས་བགྱི་བ་དང༌། སངས་རྒྱས་ཞེས་བགྱི་བ་དང༌། དེ་བཞིན་ཉིད་ཅེས་བགྱི་བ་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བགྱི་བའི་མིང་ནི་དགེ་བའམ། མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་གམ། བདག་མེད་པའམ། ཞི་བའམ། མ་ཞི་བའམ། དབེན་པའམ། མི་དབེན་པའམ། མཚན་མ་ཡོད་པའམ། མཚན་མ་མེད་པའམ། དངོས་པོ་ཡོད་པའམ། དངོས་མེད་པ་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་དོན་གྱི་དབང་འདི་ཡང་མཐོང་སྟེ། འདི་སྐད་ཅེས་བདག་གིས་ཆོས་ཐམས་ཅད་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་བྱང་ཆུབ་སེམས་དཔའ་འམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་མིང་ཙམ་གྱིས་འདུ་བ་དང་འགོད་པར་བགྱིས་ན། དེ་ཉིད་བདག་གི་འགྱོད་པར་འགྱུར་བ་ལགས་སོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟ་མོད་ཀྱི་མིང་དེ་ཡང་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་མིང་དེ་ནི་གནས་པ་མ་ལགས། མི་གནས་པ་མ་ལགས། གནས་པ་དང་བྲལ་བ་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་མ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ་མི་འགོང་ཡིད་ལ་འགྱོད་པར་མི་འགྱུར་ཞིང་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ན། དེས་ན་ངེས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་མི་གནས་པའི་ཚུལ་གྱིས་གནས་པར་རིག་པར་བགྱིའོ་ཞེས་བྱ་བ་ནི་དྲོད་དུ་གཏོགས་པ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །

རྩེ་མོར་གཏོགས་པ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར།


DTG082_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་


DTG082_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཟུགས་ལ་གནས་པར་མི་བགྱིའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་མིག་ལ་གནས་པར་མི་བགྱིའོ། །རྣ་པ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་གནས་པར་མི་བགྱིའོ། །དེས་གཟུགས་ལ་གནས་པར་མི་བགྱིའོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ལ་གནས་པར་མི་བགྱིའོ། །དེས་མིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་མིག་གི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱིའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་ལ་གནས་པར་མི་བགྱིའོ། །རྣ་བའི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་ལ་གནས་པར་མི་བགྱིའོ། །སྣའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་ལ་གནས་པར་མི་བགྱིའོ། །ལྕེའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་ལ་གནས་པར་མི་བགྱིའོ། །ལུས་ཀྱི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་ཡིད་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་སའི་ཁམས་ལ་གནས་པར་མི་བགྱིའོ།། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ལ་གནས་པར་མི་བགྱིའོ། །དེས་མ་རིག་པ་ལ་གནས་པར་མི་བགྱིའོ། །འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། ཉེ་བར་འཚེ་བ་རྣམས་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་


DTG082_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་གཟུགས་གཟུགས་ཀྱིས་སྟོང༌། ཚོར་བ་ཚོར་བས་སྟོང༌། འདུ་ཤེས་འདུ་ཤེས་ཀྱིས་སྟོང༌། འདུ་བྱེད་རྣམས་འདུ་བྱེད་རྣམས་ཀྱིས་སྟོང༌། རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ༌། །བཅོམ་ལྡན་འདས་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་མ་མཆིས་ཏེ། གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཉིད་གཟུགས་སོ། །བཅོམ་ལྡན་འདས་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཚོར་བ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཚོར་བ་མ་མཆིས་ཏེ། ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཚོར་བའོ། །བཅོམ་ལྡན་འདས་འདུ་ཤེས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་འདུ་ཤེས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་འདུ་ཤེས་མ་མཆིས་ཏེ། འདུ་ཤེས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་འདུ་ཤེས་སོ། །བཅོམ་ལྡན་འདས་འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་འདུ་བྱེད་རྣམས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་འདུ་བྱེད་རྣམས་མ་མཆིས་ཏེ། འདུ་བྱེད་རྣམས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཉིད་འདུ་བྱེད་རྣམས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣམ་པར་ཤེས་པ་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་གནས་པར་མི་བགྱི། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་འདི་ལྟར་མིག་མིག་གིས་སྟོང་སྟེ། མིག་གི་སྟོང་པ་ཉིད་གང་ལགས་པ་དེ་ཡང་མིག་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་མིག་མ་མཆིས་ཏེ། མིག་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གོ །རྣ་བ་རྣ་བས་སྟོང་སྟེ། རྣ་བའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣ་བ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣ་བ་མ་མཆིས་ཏེ། རྣ་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་


DTG082_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྣ་བའོ། །སྣ་སྣས་སྟོང་སྟེ། སྣའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་སྣ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་སྣ་མ་མཆིས་ཏེ། སྣ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྣའོ། །ལྕེ་ལྕེས་སྟོང་སྟེ། ལྕེའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ལྕེ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ལྕེ་མ་མཆིས་ཏེ། ལྕེ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལྕེའོ། །ལུས་ལུས་ཀྱིས་སྟོང་སྟེ། ལུས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ལུས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ལུས་མ་མཆིས་ཏེ། ལུས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལུས་སོ། །ཡིད་ཡིད་ཀྱིས་སྟོང་སྟེ། ཡིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཡིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཡིད་མ་མཆིས་ཏེ། ཡིད་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མིག་ལ་གནས་པར་མི་བགྱི། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་སྟེ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་མ་མཆིས་ཏེ། གཟུགས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་སོ། །སྒྲ་སྒྲས་སྟོང་སྟེ། སྒྲའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་སྒྲ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་སྒྲ་མ་མཆིས་ཏེ། སྒྲ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྒྲའོ། །དྲི་དྲིས་སྟོང་སྟེ། དྲིའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་དྲི་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་དྲི་མ་མཆིས་ཏེ། དྲི་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་དྲིའོ། །རོ་རོས་སྟོང་སྟེ། རོའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རོ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རོ་མ་མཆིས་ཏེ། རོ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རོའོ། །རེག་རེག་གིས་སྟོང་སྟེ། རེག་གི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རེག་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རེག་མ་མཆིས་ཏེ། རེག་ཉིད་


DTG082_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད། སྟོང་པ་ཉིད་ཉིད་རེག་གོ །ཆོས་ཆོས་ཀྱིས་སྟོང་སྟེ། ཆོས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཆོས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཆོས་མ་མཆིས་ཏེ། ཆོས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཆོས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་གནས་པར་མི་བགྱི། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་འདི་ལྟར་མིག་གི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པས་སྟོང་སྟེ། མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་མིག་གི་རྣམ་པར་ཤེས་པ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་མིག་གི་རྣམ་པར་ཤེས་པ་མ་མཆིས་ཏེ། མིག་གི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་མ་མཆིས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་ཀྱི་རྣམ་པར་ཤེས་པའོ། །བཅོམ་ལྡན་འདས་རྣམ་གྲངས་ངེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་འདི་ལྟར་མིག་གི་འདུས་ཏེ་རེག་པ་མིག་གི་འདུས་ཏེ་རེག་པས་སྟོང་སྟེ། མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་མིག་གི་འདུས་ཏེ་རེག་པ་མ་ལགས། སྟོང་པ་ཉིད་ལས་གཞན་ཡང་མིག་གི་འདུས་ཏེ་རེག་པ་མ་མཆིས་ཏེ། མིག་གི་འདུས་ཏེ་རེག་པ་


DTG082_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་སྟེ། ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཡིད་ཀྱི་འདུས་ཏེ་རེག་པ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཡིད་ཀྱི་འདུས་ཏེ་རེག་པ་མ་མཆིས་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་ཀྱི་འདུས་ཏེ་རེག་པའོ།། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མིག་གི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱི། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་འདི་ལྟར་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བས་སྟོང་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་མཆིས་ཏེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བས་སྟོང་སྟེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་མཆིས་ཏེ། ཡིད་ཀྱི་འདུས་


DTG082_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བགྱི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་འདི་ལྟར་སའི་ཁམས་སའི་ཁམས་ཀྱིས་སྟོང་སྟེ། སའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་སའི་ཁམས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་སའི་ཁམས་མ་མཆིས་ཏེ། སའི་ཁམས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སའི་ཁམས་སོ། །ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་སྟེ། རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པའི་ཁམས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣམ་པར་ཤེས་པའི་ཁམས་མ་མཆིས་ཏེ། རྣམ་པར་ཤེས་པའི་ཁམས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པའི་ཁམས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སའི་ཁམས་ལ་གནས་པར་མི་བགྱི། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་ལ་གནས་པར་མི་བགྱི། རྣམ་པར་ཤེས་པའི་ཁམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་འདི་ལྟར་མ་རིག་པ་མ་རིག་པས་སྟོང་སྟེ། མ་རིག་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་མ་རིག་པ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་མ་རིག་པ་མ་མཆིས་ཏེ། མ་རིག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མ་རིག་པའོ། །འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་


DTG082_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་རྒ་ཤིས་སྟོང་སྟེ། རྒ་ཤིའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྒ་ཤི་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྒ་ཤི་མ་མཆིས་ཏེ། རྒ་ཤི་ཉིད་སྟོང་པ་ཉིད། །སྟོང་པ་ཉིད་ཉིད་རྒ་ཤིའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མ་རིག་པ་ལ་གནས་པར་མི་བགྱིའོ། །འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་སྟེ། དྲན་པ་ཉེ་བར་གཞག་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མ་མཆིས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་དྲན་པ་ཉེ་བར་གཞག་པ་རྣམས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པར་མི་བགྱིའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན།


DTG082_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་མཆིས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་


DTG082_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ལ་སྤྱོད་པས། ཕ་རོལ་ཏུ་ཕྱིན་པ་དུག་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱིའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཡི་གེ་རྣམས་ལ་གནས་པར་མི་བགྱི་སྟེ། ཡི་གེ་མངོན་པར་སྒྲུབ་པ་ལ་གནས་པར་མི་བགྱིའོ། །གཅིག་ཏུ་བརྗོད་པ་ལ་གནས་པར་མི་བགྱི། གཉིས་སུ་བརྗོད་པ་ལ་གནས་པར་མི་བགྱི། ཐ་དད་དུ་བརྗོད་པ་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཡི་གེ་རྣམས་ཡི་གེ་རྣམས་ཀྱིས་སྟོང་སྟེ། ཡི་གེ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཡི་གེ་རྣམས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཡི་གེ་རྣམས་མ་མཆིས་ཏེ། ཡི་གེ་རྣམས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡི་གེ་རྣམས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཡི་གེ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མངོན་པར་ཤེས་པ་རྣམས་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མངོན་པར་ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་སྟེ། མངོན་པར་ཤེས་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་མངོན་པར་ཤེས་པ་རྣམས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་མངོན་པར་ཤེས་པ་རྣམས་མ་མཆིས་ཏེ། མངོན་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མངོན་པར་ཤེས་པ་རྣམས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་


DTG082_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མངོན་པར་ཤེས་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་མི་རྟག་པ་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། གཟུགས་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་དེ་ཡང་གཟུགས་མི་རྟག་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་མི་རྟག་པ་ཉིད་མ་མཆིས་ཏེ། གཟུགས་མི་རྟག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་མི་རྟག་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྣམ་པར་ཤེས་པ་མི་རྟག་པ་ཉིད་རྣམ་པར་ཤེས་པ་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་མ་རྟག་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣམ་པར་ཤེས་པ་མི་རྟག་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་མི་རྟག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པ་མི་རྟག་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་ཤེས་པ་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེ་བཞིན་དུ་གཟུགས་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་སྡུག་བསྔལ་བ་ཉིད་གཟུགས་སྡུག་བསྔལ་བ་ཉིད་ཀྱིས་སྟོང་སྟེ། གཟུགས་སྡུག་བསྔལ་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་སྡུག་བསྔལ་བ་ཉིད་མ་ལགས་ཏེ། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་སྡུག་བསྔལ་


DTG082_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་མ་མཆིས་ཏེ། གཟུགས་སྡུག་བསྔལ་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་སྡུག་བསྔལ་བ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེ་བཞིན་དུ་གཟུགས་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་བདག་མེད་པ་ཉིད་གཟུགས་བདག་མེད་པ་ཉིད་ཀྱིས་སྟོང་སྟེ། གཟུགས་བདག་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པོ་དེ་ཡང་གཟུགས་བདག་མེད་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ཡང་གཟུགས་བདག་མེད་པ་ཉིད་མ་མཆིས་ཏེ། གཟུགས་བདག་མེད་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་བདག་མེད་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན།


DTG082_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འདི་ལྟར་རྣམ་པར་ཤེས་པ་བདག་མེད་པ་ཉིད་རྣམ་པར་ཤེས་པ་བདག་མེད་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་བདག་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་བདག་མེད་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣམ་པར་ཤེས་པ་བདག་མེད་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་བདག་མེད་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པ་བདག་མེད་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་ཤེས་པ་བདག་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ།། །།བམ་པོ་བཅུ་པ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ཞི་བའོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་ཞི་བ་ཉིད་གཟུགས་ཞི་པ་ཉིད་ཀྱིས་སྟོང་སྟེ། གཟུགས་ཞི་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་ཞི་བ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་ཞི་བ་ཉིད་མ་མཆིས་ཏེ། གཟུགས་ཞི་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་ཞི་བ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ཞི་བའོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞི་བའོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྣམ་པར་ཤེས་པ་ཞི་བ་ཉིད་རྣམ་པར་ཤེས་པ་ཞི་བ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་ཞི་བའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་ཞི་བ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣམ་པར་ཤེས་པ་ཞི་བ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་ཞི་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པ་ཞི་བ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན།


DTG082_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་ཤེས་པ་ཞི་བའོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེ་བཞིན་དུ། རྒྱུ་དང༌། ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་སྟོང་པ་ཉིད་གཟུགས་སྟོང་པ་ཉིད་ཀྱིས་སྟོང་སྟེ། གཟུགས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་སྟོང་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་སྟོང་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་སྟོང་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱེད་པས་གཟུགས་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྣམ་པར་ཤེས་པ་སྟོང་པ་ཉིད་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་བ་སྟོང་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣམ་པར་ཤེས་པ་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པ་སྟོང་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་ཤེས་པ་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །གཟུགས་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་མཚན་མ་མེད་པ་ཉིད་གཟུགས་མཚན་མ་མེད་པ་ཉིད་ཀྱིས་སྟོང་སྟེ། གཟུགས་མཚན་མ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་


DTG082_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་བདེ་ཡང་གཟུགས་མཚན་མ་མེད་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་མཚན་མ་མེད་པ་ཉིད་མ་མཆིས་ཏེ། གཟུགས་མཚན་མ་མེད་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་མཚན་མ་མེད་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །གཟུགས་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་སྨོན་པ་མེད་པ་ཉིད་གཟུགས་སྨོན་པ་མེད་པ་ཉིད་ཀྱིས་སྟོང་སྟེ། གཟུགས་སྨོན་པ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་སྨོན་པ་མེད་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་སྨོན་པ་མེད་པ་ཉིད་མཆིས་ཏེ། གཟུགས་སྨོན་པ་མེད་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་སྨོན་པ་མེད་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །ཚོར་བ་དང༌། །འདུ་ཤེས་དང༌།


DTG082_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་སྣོན་པ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་ཤེས་པ་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །གཟུགས་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་དབེན་པ་ཉིད་གཟུགས་དབེན་པ་ཉིད་ཀྱིས་སྟོང་སྟེ། གཟུགས་དབེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་དབེན་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་དབེན་པ་ཉིད་མ་མཆིས་ཏེ། གཟུགས་དབེན་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་དབེན་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྣམ་པར་ཤེས་པ་དབེན་པ་ཉིད་རྣམ་པར་ཤེས་པ་དབེན་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་དབེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་དབེན་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་རྣམ་པར་ཤེས་པ་དབེན་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་དབེན་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པ་དབེན་པ་ཉིད་དོ། །བཅོམ་ལྡན་འདས་


DTG082_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་ཤེས་པ་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་བཞིན་ཉིད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་བཞིན་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་དེ་བཞིན་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་དེ་བཞིན་ཉིད་མ་མཆིས་ཏེ། དེ་བཞིན་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་དེ་བཞིན་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་བཞིན་ཉིད་ལ་གནས་པར་མི་བགྱིའོ། །དེ་བཞིན་དུ་ཆོས་ཉིད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཆོས་ཉིད་ཆོས་ཉིད་ཀྱིས་སྟོང་སྟེ། ཆོས་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཆོས་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཆོས་ཉིད་མ་མཆིས་ཏེ། ཆོས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཆོས་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་ཉིད་ལ་གནས་པར་མི་བགྱིའོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཆོས་ཀྱི་དབྱིངས་ཆོས་ཀྱི་དབྱིངས་ཀྱིས་སྟོང་སྟེ། ཆོས་ཀྱི་དབྱིངས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཆོས་ཀྱི་དབྱིངས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཆོས་ཀྱི་དབྱིངས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཆོས་ཀྱི་དབྱིངས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་ཀྱི་དབྱིངས་ལ་གནས་པར་མི་བགྱིའོ། །དེ་བཞིན་དུ་ཆོས་སྐྱོན་མེད་པ་ཉིད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་


DTG082_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དེ་ནི་འདི་ལྟར་ཆོས་སྐྱོན་མེད་པ་ཉིད་ཆོས་སྐྱོན་མེད་པ་ཉིད་ཀྱིས་སྟོང་སྟེ། ཆོས་སྐྱོན་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཆོས་སྐྱོན་མེད་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཆོས་སྐྱོན་མེད་པ་ཉིད་མ་མཆིས་ཏེ། ཆོས་སྐྱོན་མེད་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཆོས་སྐྱོན་མེད་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་སྐྱོན་མེད་པ་ཉིད་ལ་གནས་པར་མི་བགྱིའོ། །དེ་བཞིན་དུ་ཡང་དག་པའི་མཐའ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཡང་དག་པའི་མཐའ་ཡང་དག་པའི་མཐས་སྟོང་སྟེ། ཡང་དག་པའི་མཐའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཡང་དག་པའི་མཐའ་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་ཡང་དག་པའི་མཐའ་མ་མཆིས་ཏེ། ཡང་དག་པའི་མཐའ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡང་དག་པའི་མཐའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཡང་དག་པའི་མཐའ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་གཟུགས་ལ་གནས་ན། དེ་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་གནས་ན། དེ་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་


DTG082_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་ཡོངས་སུ་མ་བཟུང་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་ཡོངས་སུ་མ་བཟུང་བའོ། །དེ་ཅིའི་སླད་དུ་ཞེ་ན། གཟུགས་ཀྱི་འཛིན་པ་མེད་པ་གང་ལགས་པ་དེ་ཡང་གཟུགས་མ་ལགས་ཏེ། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡོངས་སུ་འཛིན་པ་མེད་པ་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་མ་ལགས་ཏེ། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུའོ། །དེ་བཞིན་དུ་ཡང་དག་པའི་མཐའི་བར་གྱི་བར་ནི་ཡོངས་སུ་མ་བཟུང་བའོ། །དེ་ཅིའི་སླད་དུ་ཞེ་ན། ཡང་དག་པའི་མཐའི་ཡོངས་སུ་འཛིན་པ་མེད་པ་གང་ལགས་པ་དེ་ཡང་ཡང་དག་པའི་མཐའ་མ་ལགས་ཏེ། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡོངས་སུ་མ་བཟུང་བའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཡང་དག་པའི་མཐའི་བར་ལ་གནས་ན། དེ་ཡང་དག་པའི་མཐའ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤོང་ངོ༌། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཡོངས་སུ་བརྟག་པར་བགྱི་སྟེ། ཅི་ནས་ཀྱང་ཆོས་གང་


DTG082_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ཡིད་རྣམ་པར་མི་རྒྱུ་བ་དེ་ལྟར་ཡོངས་སུ་བརྟག་པར་བགྱིའོ། །བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ཞེས་བགྱི་བ་སྟེ། ཡངས་པ། རྒྱ་ཆེ་བ། མདུན་དུ་བགྱིས་པ། ཚད་མ་མཆིས་པར་ངེས་པ། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ནང་སྟོང་པ་ཉིད་ཀྱི་ཕྱིར་དང༌། ཕྱི་སྟོང་པ་ཉིད་ཀྱི་ཕྱིར་དང༌། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་དང༌། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དང༌། ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་དང༌། དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་དང༌། འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་དང༌། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་དང༌། དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་དང༌། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དང༌། མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དང༌། དངོས་པོ་སྟོང་པ་ཉིད་ཀྱི་ཕྱིར་དང༌། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་དང༌། རང་གི་ངོ་བོ་སྟོང་པ་ཉིད་ཀྱི་ཕྱིར་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་ཕྱིར་ཡོངས་སུ་མ་བཟུང་བའོ་ཞེས་བྱ་བ་ནི་རྩེ་མོར་གཏོགས་པ་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མཚན་མར་གཟུང་བར་བགྱི་བ་མ་ལགས་ཏེ། མཚན་མ་ནི་ཉོན་མོངས་པ་ལགས་སོ། །མཚན་མ་དེ་ཡང་གང་ཞེ་ན། གཟུགས་ནི་མཚན་མའོ། །ཚོར་བ་ནི་མཚན་མའོ། །འདུ་ཤེས་ནི་མཚན་མའོ། །འདུ་བྱེད་རྣམས་ནི་མཚན་མའོ། །རྣམ་པར་ཤེས་པ་ནི་མཚན་མའོ། །མིག་ནི་མཚན་མའོ། །རྣ་བ་ནི་མཚན་མའོ། །སྣ་ནི་མཚན་མའོ། །ལྕེ་ནི་མཚན་མའོ།།


DTG082_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ནི་མཚན་མའོ། །ཡིད་ནི་མཚན་མའོ། །གཟུགས་ནི་མཚན་མའོ། །སྒྲ་ནི་མཚན་མའོ། །དྲི་ནི་མཚན་མའོ། །རོ་ནི་མཚན་མའོ། །རེག་ནི་མཚན་མའོ། །ཆོས་ནི་མཚན་མའོ། །མིག་གི་རྣམ་པར་ཤེས་པ་ནི་མཚན་མའོ། །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ནི་མཚན་མའོ། །མིག་གི་འདུས་ཏེ་རེག་པ་ནི་མཚན་མའོ། །རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ནི་མཚན་མའོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མཚན་མའོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མཚན་མའོ། །སའི་ཁམས་ནི་མཚན་མའོ། །ཆུའི་ཁམས་ནི་མཚན་མའོ། །མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ནི་མཚན་མའོ། །མ་རིག་པ་ནི་མཚན་མའོ། །འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་ནི་མཚན་མའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མའོ། །ནང་སྟོང་པ་ཉིད་ནི་མཚན་མའོ། །ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་ནི་མཚན་མའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་མཚན་མའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་མཚན་མའོ། །ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌།


DTG082_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། ཡི་གེ་རྣམས་དང༌། སྟོབས་བཅུ་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཉིད་དུ་ཆོས་ངེས་པ་དང༌། ཡང་དག་པའི་མཐའ་ནི་མཚན་མ་སྟེ། འདི་ནི་ཉོན་མོངས་པ་ཞེས་བརྗོད་པ་ལགས་སོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མཚན་མར་གཟུང་བ་ཞིག་ལགས་ན་ནི། ཀུན་ཏུ་རྒྱུ་ཕྲེང་བ་ཅན་བསྟན་པ་འདིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དད་པ་ཐོབ་པར་མི་འགྱུར་རོ། །དད་པ་ཡང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དད་པར་བྱེད་པ་ཉིད་དང༌། རྟོགས་པ་ཉིད་དང༌། མོས་པ་དང༌། སེམས་པ་དང༌། འཇལ་བ་དང༌། དཔྱོད་པ་སྟེ། དེ་ཡང་མཚན་མའི་ཚུལ་དུ་མ་ལགས། མཚན་མ་མ་མཆིས་པའི་ཚུལ་དུ་ཡང་མ་ལགས་ཏེ། དེ་ལྟར་མཚན་མ་མེད་པར་གཟུང་བ་ལགས་སོ། །དེ་ལྟར་མཚན་མ་དང་མཚན་མ་མེད་པར་ཡོངས་སུ་བཟུང་བར་མ་མཆིས་པས་ཡོངས་སུ་བཟུང་བ་མ་ལགས་སོ་ཞེས་བྱ་བ་ཡིན་ནོ། །འདིར་ཀུན་ཏུ་རྒྱུ་ཕྲེང་བ་ཅན་དད་པའི་རྗེས་སུ་འབྲང་བ་ལྷག་པར་མོས་ནས་ཉི་ཚེའི་ཤེས་པས་ཞུགས་པར་གྱུར་ཏོ། །དེ་ཞུགས་ནས་གཟུགས་ཡོངས་སུ་མ་བཟུང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དག་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ངོ༌། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མཚན་མ་ཡིད་ལ་མི་བགྱིད་པའི་སླད་དུ་དེས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡང་ཡོངས་སུ་མ་བཟུང་ངོ༌། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཤེས་པ་དེ་ལ་ནང་གི་ཐོབ་པ་དང༌། མངོན་པར་རྟོགས་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་པ་དེ་ལ་ཕྱི་རོལ་གྱི་ཐོབ་པ་དང༌། མངོན་པར་རྟོགས་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་པ་དེ་ལ་ཕྱི་ནང་གི་ཐོབ་པ་དང༌། མངོན་པར་རྟོགས་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་པ་དེ་ལ་དེ་ལས་གཞན་


DTG082_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐོབ་པ་དང༌། མངོན་པར་རྟོགས་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་གང་ཞིག་ཤེས་པར་བགྱིད་པའམ། གང་ཞིག་ཤེས་པར་བགྱི་བའམ། གང་གིས་ཤེས་པར་བགྱིད་པའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཤེས་པ་དེ་ནང་གི་གཟུགས་ཀྱི་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་པ་དེ་ནང་གི་ཚོར་བའི་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་པ་དེ་ནང་གི་འདུ་ཤེས་ཀྱི་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་པ་དེ་ནང་གི་འདུ་བྱེད་རྣམས་ཀྱི་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་པ་དེ་ནང་གི་རྣམ་པར་ཤེས་པའི་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་པ་དེ་ཕྱི་རོལ་གྱི་གཟུགས་ཀྱི་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་པ་དེ་ཕྱི་རོལ་གྱི་ཚོར་བ་དང༌། ཕྱི་རོལ་གྱི་འདུ་ཤེས་དང༌། ཕྱི་རོལ་གྱི་འདུ་བྱེད་རྣམས་དང༌། ཤེས་པ་དེ་ཕྱི་རོལ་གྱི་རྣམ་པར་ཤེས་པའི་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་པ་དེ་ཕྱི་ནང་གི་གཟུགས་ཀྱི་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང༌། ཤེས་པ་དེ་ཕྱི་ནང་གི་ཚོར་བ་དང༌། ཕྱི་ནང་གི་འདུ་ཤེས་དང༌། ཕྱི་ནང་གི་འདུ་བྱེད་རྣམས་དང༌། ཤེས་པ་དེ་ནི་ཕྱི་ནང་གི་རྣམ་པར་ཤེས་པའི་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཕྱི་ནང་སྟོང་པ་ཉིད་ཀྱི་སླད་དུ་ཤེས་པ་དེ་གཟུགས་ལས་གཞན་དུ་ཡང་དག་པར་རྗེས་སུ་མ་མཐོང༌། ཤེས་པ་དེ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། ཤེས་པ་དེ་རྣམ་པར་ཤེས་པ་ལས་གཞན་དུ་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །གནས་ཀྱི་རྣམ་གྲངས་འདི་ལ་ཀུན་ཏུ་རྒྱུ་ཕྲེང་བ་ཅན་མོས་པར་གྱུར་ཏེ། །དེ་འདི་ལ་མོས་པར་གྱུར་ནས་དད་པའི་རྗེས་སུ་འབྲང་ནས་ཆོས་ཐམས་ཅད་མི་དམིགས་པའི་སླད་དུ་ཆོས་ཉིད་ཚད་མར་བགྱིས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཞུགས་པར་གྱུར་ཏེ། དེ་དེ་ལྟར་མོས་པར་གྱུར་ནས་མཚན་མར་ཡིད་ལ་མི་བགྱིད་པའི་སླད་དུ་དེ་ཆོས་གང་ཡང་ཡོངས་སུ་མ་བཟུང་ངོ༌། །ཆོས་ཐམས་ཅད་གཟུང་དུ་མེད་པ་དང༌། གཏང་དུ་མེད་པའི་སླད་དུ་གང་ཞིག་བླང་བར་བགྱི་བ་དང༌།


DTG082_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བར་བགྱི་བའི་ཆོས་འགའ་ཡང་དེས་ཉེ་བར་མ་དམིགས་སོ། །ཆོས་ཐམས་ཅད་གཟུང་དུ་མེད་པ་དང༌། གཏང་དུ་མེད་པའི་སླད་དུ་དེ་མྱ་ངན་ལས་འདས་པས་ཀྱང་རློམ་སེམས་སུ་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ལ་ཡོངས་སུ་མི་འཛིན་པ་དང༌། མི་འདོར་བ་གང་ལགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པ་ཉིད་ཀྱི་སླད་དུ་གཟུགས་ཡོངས་སུ་མི་འཛིན་པ་གང་ལགས་པ་དང༌། ཚོར་བ་ཡོངས་སུ་མི་འཛིན་པ་གང་ལགས་པ་དང༌། འདུ་ཤེས་ཡོངས་སུ་མི་འཛིན་པ་གང་ལགས་པ་དང༌། འདུ་བྱེད་རྣམས་ཡོངས་སུ་མི་འཛིན་པ་གང་ལགས་པ་དང༌། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་པ་གང་ལགས་པ་དང༌། ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། སོ་སོ་བ་དང༌། བསྡུས་པའི་ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། འཕགས་པའི་བདེན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། ཡང་དག་པའི་མཐའ་ཡོངས་སུ་མི་འཛིན་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་མ་བཟུང་བ་ཉིད་ཀྱི་སླད་དུ་སྨོན་ལམ་ཡོངས་སུ་མ་རྫོགས་པ་ནས། ཇི་སྲིད་དུ་དེ་བཞིན་


DTG082_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས་པར། བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་བ་འདི་ནི། ཕ་རོལ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི་ཆོས་མ་ལགས་ཏེ། དྲན་པ་ཉེ་བར་གཞག་པའི་བར་ཇི་སྲིད་པ་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དེ་དག་ནི་ཆོས་ཀྱང་མ་ལགས། ཆོས་མ་ལགས་པ་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུའོ། །བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ་ཞེས་བྱ་བ་ནི་རྩེ་མོར་གཏོགས་པ་འབྲིང་གི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་གི །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཅི་ཞིག །ཅིའི་ཕྱིར་ན་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་འདི་ལྟར་ཅི་ཆོས་གང་ཡོད་པ་མ་ཡིན་ཞིང་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་བྱ་བར་ཉེ་བར་རྟོགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་


DTG082_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཆོས་གང་རྣམས་མེད་ཅིང་མི་དམིགས་པ་དེ་དག་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དང༌། དངོས་པོ་སྟོང་པ་ཉིད་ཀྱི་ཕྱིར་དང༌། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་དང༌། རང་གི་ངོ་བོ་སྟོང་པ་ཉིད་ཀྱི་ཕྱིར་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ཅིང་མི་དམིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། རང་གི་དངོས་པོ་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་མེད་ཅིང་མི་དམིགས་སོ། །ཚོར་བ་མེད་ཅིང་མི་དམིགས་སོ། །འདུ་ཤེས་མེད་ཅིང་མི་དམིགས་སོ། །


DTG082_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་རྣམས་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཤེས་པ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །ཕྱི་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །ཕྱི་ནང་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །ཆེན་པོ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དོན་དམ་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །འདུས་བྱས་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །རང་བཞིན་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །མི་དམིགས་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དངོས་པོ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །རང་གི་དངོས་པོ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །གཞན་གྱི་དངོས་པོ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དུ་མེད་ཅིང་མི་དམིགས་པ་ནས། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མེད་ཅིང་མི་དམིགས་སོ། །དེ་བཞིན་ཉིད་མེད་ཅིང་མི་དམིགས་སོ། །ཆོས་ཉིད་མེད་ཅིང་མི་དམིགས་སོ། །ཆོས་གནས་པ་ཉིད་མེད་ཅིང་མི་དམིགས་སོ། །ཆོས་ངེས་པ་ཉིད་མེད་ཅིང་མི་དམིགས་སོ། །ཡང་དག་པའི་མཐའ་ཉིད་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སངས་རྒྱས་ཀྱང་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་


DTG082_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དེ་ལྟར་རྟོག་ཅིང་སེམས་པ་དང༌། དེ་ལྟར་རྟོག་ཅིང་སེམས་པའི་ཚེ། དེའི་སེམས་ཞུམ་པ་མེད་ཅིང་ཡོངས་སུ་ཞུམ་པ་མེད་ལ། མི་དངང་ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་བྱ་བ་ནི་རྩེ་མོར་གཏོགས་པ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །

བཟོད་པ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར།


DTG082_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བའོ། །དེ་བཞིན་དུ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། མངོན་པར་ཤེས་པ་དང༌། ཡི་གེ་རྣམས་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རང་བཞིན་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་དག་པའི་མཐའི་བར་ཡང་ཡང་དག་པའི་མཐའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་


DTG082_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སོ་སོ་བ་དང༌། བསྡུས་པའི་རང་བཞིན་ནི་ཇི་ལྟ་བུ། ཡང་དག་པའི་མཐའི་བར་གྱི་རང་བཞིན་ནི་ཇི་ལྟ་བུ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །ཚོར་བའི་རང་བཞིན་ནི་དངོས་པོ་མེད་པའོ། །འདུ་ཤེས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །འདུ་བྱེད་རྣམས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མེད་པའོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་སོ་སོ་བ་དང་བསྡུས་པའི་རང་བཞིན་ནི་དངོས་པོ་མེད་པའོ། །ཡང་དག་པའི་མཐའི་བར་གྱི་རང་བཞིན་ནི་དངོས་པོ་མེད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བ་དང༌། ཚོར་བ་ནི་ཚོར་བའི་རང་བཞིན་དང་བྲལ་བ་དང༌། འདུ་ཤེས་ནི་འདུ་ཤེས་ཀྱི་རང་བཞིན་དང་བྲལ་བ་དང༌། འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ཀྱི་རང་བཞིན་དང་བྲལ་བ་དང༌། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་དང༌། སྐྱེ་མཆེད་རྣམས་ནི་སྐྱེ་མཆེད་རྣམས་ཀྱི་རང་བཞིན་དང་བྲལ་བ་དང༌། ཁམས་རྣམས་ནི་ཁམས་ཀྱི་རང་བཞིན་དང་བྲལ་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་དང་བྲལ་བ་དང༌། ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་རང་བཞིན་དང་བྲལ་བར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་གཟུགས་ནི་གཟུགས་ཀྱི་མཚན་ཉིད་དང་བྲལ་བའོ། །ཚོར་བ་ནི་ཚོར་བའི་མཚན་ཉིད་དང་བྲལ་བའོ། །འདུ་ཤེས་ནི་འདུ་ཤེས་ཀྱི་མཚན་ཉིད་དང་བྲལ་


DTG082_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ཀྱི་མཚན་ཉིད་དང་བྲལ་བའོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དང་བྲལ་བའོ། །སྐྱེ་མཆེད་རྣམས་ནི་སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་དང་བྲལ་བའོ། །ཁམས་རྣམས་ནི་ཁམས་རྣམས་ཀྱི་མཚན་ཉིད་དང་བྲལ་བའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་བར་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དང་བྲལ་བའོ། །ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་མཚན་ཉིད་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་ཉིད་ཀྱང་མཚན་ཉིད་ཀྱི་ངོ་བོ་དང་བྲལ་བའོ། །ངོ་བོ་ཡང་ངོ་བོའི་མཚན་ཉིད་དང་བྲལ་བའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་བསླབ་པ་འདི་ལ་སློབ་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་བསླབ་པ་འདི་ལ་སློབ་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་བཟོད་པ་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ཆོས་ཐམས་ཅད་ནི་མ་སྐྱེས་ཤིང་ངེས་པར་མ་བྱུང་བའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རྒྱུ་གང་གིས་ན་ཆོས་ཐམས་ཅད་མ་སྐྱེས་ཤིང་ངེས་པར་མ་འབྱུང་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ། ངེས་པར་འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་ནི་ཚོར་བའི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདུ་ཤེས་ནི་འདུ་ཤེས་ཀྱི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ཀྱི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་


DTG082_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་བཞིན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཡང་དག་པའི་མཐའི་བར་དུ་ཡང་དག་པའི་མཐའི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་ཡིན་ཏེ། དེ་ཇི་ལྟ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་དག་པ་དང༌། ངག་ཡོངས་སུ་དག་པ་དང༌། སེམས་ཡོངས་སུ་དག་པ་དང༌། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །དེ་ཇི་ལྟ་ཇི་ལྟར་ལུས་ཡོངས་སུ་དག་པ་དང༌། ངག་ཡོངས་སུ་དག་པ་དང༌། སེམས་ཡོངས་སུ་དག་པ་དང༌། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེད་དོ། །ཞེ་སྡང་དང་ལྡན་པའི་སེམས་མི་སྐྱེད་དོ། །གཏི་མུག་དང་ལྡན་པའི་སེམས་མི་སྐྱེད་དོ། །ང་རྒྱལ་དང་ལྡན་པའི་སེམས་མི་སྐྱེད་དོ། །གཡོ་དང་སྒྱུ་དང་ལྡན་པ་དང༌། ཕྲག་དོག་དང་སེར་སྣ་དང་ལྡན་པ་དང༌། སྲེད་པ་དང་ལྡན་པ་དང༌། ལྟ་བ་ངན་པ་དང་ལྡན་པའི་སེམས་མི་སྐྱེད་དོ། །དེ་འདོད་ཆགས་ཀྱི་སེམས་མི་སྐྱེད་ཅིང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། གཡོ་དང༌། སྒྱུ་དང༌། ཕྲག་དོག་དང༌། སེར་སྣ་དང༌། སྲེད་པ་དང༌། ལྟ་བ་ངན་པ་དང་ལྡན་པའི་སེམས་མི་སྐྱེད་པས་ནམ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར་ཏེ། རྟག་ཏུ་རྒྱུན་མི་འཆད་པར་རྫུས་ཏེ་སྐྱེ་བར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་མ་གཏོགས་པར་ནམ་ཡང་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ། །དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་བསྙེན་བཀུར་བྱེད། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་སྤྱོད་པར་བྱེད་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་


DTG082_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲལ་བར་མི་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་བཟོད་པ་འབྲིང་གི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་ཚོར་བ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་གཟུགས་རྟག་པའམ། མི་རྟག་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་ཚོར་བ་རྟག་པའམ། མི་རྟག་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་རྟག་པའམ། མི་རྟག་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་རྟག་པའམ། མི་རྟག་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་རྟག་པའམ། མི་རྟག་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་གཟུགས་བདེ་བའམ། སྡུག་བསྔལ་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་ཚོར་བ་བདེ་བའམ། སྡུག་བསྔལ་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་བདེ་བའམ། སྡུག་བསྔལ་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་བདེ་བའམ། སྡུག་བསྔལ་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་བདེ་བའམ། སྡུག་བསྔལ་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་གཟུགས་བདག་གམ། བདག་མེད་ཅེས་བགྱི་བར་


DTG082_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཚོར་བ་བདག་གམ་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་བདག་གམ་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་བདག་གམ་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་བདག་གམ་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་གཟུགས་ཞི་བའམ། མ་ཞི་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཚོར་བ་ཞི་པའམ། མ་ཞི་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་ཞི་བའམ། མ་ཞི་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་ཞི་བའམ། མ་ཞི་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་ཞི་བའམ། མ་ཞི་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་གཟུགས་དབེན་པའམ། མི་དབེན་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཚོར་བ་དབེན་པའམ། མི་དབེན་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་དབེན་པའམ། མི་དབེན་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་དབེན་པའམ། མི་དབེན་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་དབེན་པའམ་མི་དབེན་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་བཞིན་དུ་མངོན་པར་ཤེས་པ་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། མིག་ལྔ་རྣམས་དང༌། དེ་བཞིན་གཤེགས་པའི་


DTG082_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཅུ་རྣམས་དང༌། མི་འཇིགས་པ་བཞི་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་འདི་སྙམ་དུ། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་སྙམ་དུ་སེམས་ན་དམིགས་པ་ལ་སྤྱོད་པ་སྟེ། བདག་མེད་དོ་སྙམ་དུ་སེམས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོམ་མོ་སྙམ་དུ་སེམས་ན་དེ་མཚན་མ་ཉིད་ལ་སྤྱོད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མི་མཁས་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཐབས་མི་མཁས་པར་ཇི་ལྟར་རིག་པར་བྱ་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། ཚོར་བ་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། འདུ་ཤེས་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། འདུ་བྱེད་རྣམས་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། རྣམ་པར་ཤེས་པ་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པར་བྱེད་ན་དེ་གཟུགས་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། ཚོར་བ་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། འདུ་ཤེས་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། འདུ་བྱེད་རྣམས་ལ་གནས་པ་དང༌། ལྷག་


DTG082_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པར་མོས་པ་དང༌། ཀུན་ཤེས་པ་དང༌། རྣམ་པར་ཤེས་པ་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། གཟུགས་མངོན་པར་འདུ་བྱེད་པ་ལ་སྤྱོད། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ཡིན་ཏེ། དེས་ན་དེ་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པ་ལས་ཡོངས་སུ་མི་འགྲོལ་བས། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། གཟུགས་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། མིག་གི་རྣམ་པར་ཤེས་པ་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། །ཀུན་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། མིག་གི་འདུས་ཏེ་རེག་པ་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་དང༌། སྡུག་བསྔལ་བ་དང༌། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་


DTG082_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་དང༌། སྡུག་བསྔལ་བ་དང༌། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པ་དང༌། དེ་བཞིན་དུ་མིག་ལྔ་དང༌། མངོན་པར་ཤེས་པ་དྲུག་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། དགྲ་བཅོམ་པ་ཉིད་དང༌། རང་སངས་རྒྱས་ཉིད་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་ཀྱི་ཆོས་རྣམས་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་ན་དེ་སངས་རྒྱས་ཀྱི་ཆོས་རྣམས་ལ་གནས་པ་དང༌། ལྷག་པར་མོས་པ་དང༌། ཀུན་ཤེས་པས་སངས་རྒྱས་ཀྱི་ཆོས་རྣམས་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ཡིན་ཏེ། མངོན་པར་འདུ་བྱེད་པ་ལ་སྤྱོད་པས་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་ལས་ཡོངས་སུ་མི་འགྲོལ་བས་སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་མངོན་དུ་བྱ་བའི་སྐལ་བ་ཡང་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། ཐབས་མི་མཁས་པར་ཤེས་པར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་


DTG082_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ལ་ཇི་ལྟར་སྤྱོད་ན་ཐབས་མཁས་པར་ཤེས་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་ལ་གནས་པ་མེད་པ་དང༌། ལྷག་པར་མོས་པ་མེད་པ་དང༌། ཀུན་ཤེས་པ་མེད་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་གནས་པ་མེད་པ་དང༌། ལྷག་པར་མོས་པ་མེད་པ་དང༌། ཀུན་ཤེས་པ་མེད་པ་དང༌། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལ་གནས་པ་མེད་པ་དང༌། ལྷག་པར་མོས་པ་མེད་པ་དང༌། ཀུན་ཤེས་པ་མེད་པས་དེ་གཟུགས་ལ་མི་སྤྱོད། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་མི་སྤྱོད་དེ། གཟུགས་ཀྱི་མཚན་མ་ལ་མི་སྤྱོད། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་མཚན་མ་ལ་མི་སྤྱོད། གཟུགས་རྟག་པའམ། མི་རྟག་པ་ཞེས་བྱ་བར་མི་སྤྱོད། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་རྟག་པའམ། མི་རྟག་པ་ཞེས་བྱ་བར་མི་སྤྱོད། གཟུགས་བདེ་བའམ། སྡུག་བསྔལ་བ་ཞེས་བྱ་བ་དང༌། བདག་ཡོད་པའམ། བདག་མེད་པ་ཞེས་བྱ་བ་དང༌། ཞི་བའམ། མ་ཞི་བ་ཞེས་བྱ་བ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལ་ཡང་དེ་བཞིན་ཏེ། རྣམ་པར་ཤེས་པ་བདེ་བའམ། སྡུག་བསྔལ་ཞེས་བྱ་བ་དང༌། བདག་གམ་བདག་མེད་པ་ཞེས་བྱ་བ་དང༌། ཞི་བའམ་མ་ཞི་བ་ཞེས་བྱ་བར་མི་སྤྱོད། གཟུགས་སྟོང་པའམ། མི་སྟོང་པ་ཞེས་བྱ་བར་མི་སྤྱོད། མཚན་མ་ཡོད་པའམ། མཚན་མ་མེད་པ་ཞེས་བྱ་བར་མི་སྤྱོད། སྨོན་པ་ཡོད་པའམ། སྨོན་པ་མེད་པ་ཞེས་བྱ་བར་མི་སྤྱོད། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལ་དེ་བཞིན་ཏེ། རྣམ་པར་ཤེས་པ་སྟོང་པའམ། མི་སྟོང་པ་ཞེས་བྱ་བར་མི་སྤྱོད། མཚན་མ་ཡོད་པའམ། མཚན་མ་མེད་པ་ཞེས་བྱ་བར་མི་སྤྱོད། སྨོན་པ་ཡོད་པའམ། སྨོན་པ་མེད་པ་ཞེས་བྱ་བར་མི་སྤྱོད། དབེན་པའམ། མི་དབེན་པ་ཞེས་བྱ་བར་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་


DTG082_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན། སྟོང་པ་ཉིད་ལས་གཞན་ན་གཟུགས་མེད། གཟུགས་ལས་གཞན་ན་སྟོང་པ་ཉིད་མེད་དེ། གཟུགས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་མ་ཡིན། སྟོང་པ་ཉིད་ལས་གཞན་ན་ཡང༌། རྣམ་པར་ཤེས་པ་མེད། རྣམ་པར་ཤེས་པ་ལས་གཞན་ན་ཡང༌། སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་དོ། །དེ་བཞིན་དུ་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན། སྟོང་པ་ཉིད་ལས་གཞན་ན་ཡང་སངས་རྒྱས་ཀྱི་ཆོས་རྣམས་མེད། སངས་རྒྱས་ཀྱི་ཆོས་རྣམས་ལས་གཞན་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པ་ཉིད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཐབས་མཁས་པར་ཤེས་པར་བྱའོ།། །།བམ་པོ་བཅུ་གཅིག་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཡོད་དོ།། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གལ་ཏེ་ཆོས་འགའ་ཞིག་ཉེ་བར་རྟོགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཉེ་བར་མ་རྟོགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཉེ་བར་རྟོགས་པ་ཡང་མ་ཡིན་ལ། ཉེ་བར་མ་རྟོགས་པ་ཡང་ཡིན་ན། ཤེས་རབ་ཀྱི་


DTG082_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཉེ་བར་རྟོགས་པ་ཡང་མ་ཡིན་ལ། ཉེ་བར་མ་རྟོགས་པ་ཡང་མ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཉེ་བར་རྟོགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་པ་ཡིན། ཉེ་བར་མ་རྟོགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་པ་ཡིན། ཉེ་བར་རྟོགས་པ་ཡང་མ་ཡིན་ལ། ཉེ་བར་མ་རྟོགས་པ་ཡང་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་པ་ཡིན། ཉེ་བར་རྟོགས་པ་ཡང་མ་ཡིན་ལ་ཉེ་བར་མ་རྟོགས་པ་ཡང་མ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པའི་རང་བཞིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྤྱོད་དོ་ཞེས་བྱ་བར་ཉེ་བར་མི་རྟོགས་སོ། །མི་སྤྱོད་དོ་ཞེས་བྱ་བར་ཉེ་བར་མི་རྟོགས་སོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་དོ་ཞེས་བྱ་བར་ཉེ་བར་མི་རྟོགས་སོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ན་ཞེས་བྱ་བར་ཉེ་བར་མི་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་ཁོང་དུ་ཆུད་ཅིང་མ་སྤངས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ་ཞིང་ཀུན་ཏུ་མི་ཞུམ་སྟེ། མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པས་ཟིན་པར་མ་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་རིག་པར་བྱའོ་ཞེས་བྱ་བ་ནི་བཟོད་པ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །

ཆོས་ཀྱི་མཆོག་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར།


DTG082_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་


DTG082_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་དེ། ཡངས་པ། མདུན་དུ་བྱས་པ། ཚད་མེད་པར་ངེས་པ། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་མི་འཕྲོགས་པའོ། །ཤཱ་རིའི་བུ་ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་ནི་གང་དག་གིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཏིང་ངེ་འཛིན་གང་ལ་གནས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ཡོད་དོ། །དེ་བཞིན་དུ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟླ་བའི་རྒྱལ་མཚན་རྟོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མཉམ་པར་གཞག་པའི་གནས་སྐབས་སུ་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྒྱལ་པོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྟོབས་ཀྱི་བརྩོན་འགྲུས་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལས་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་ལ་


DTG082_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ལྟ་བས་ཆོག་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཉམས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅ་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནམ་མཁའ་ལྟར་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དབང་པོའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གནས་ལ་རྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ།། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྒྱལ་བར་བྱ་བ་མ་ཡིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མི་འཕམ་པ་ཞེས་བྱ་བའི་ཏིང་ངེ་


DTG082_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཡོད་དོ། །གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པར་ཕྱེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འཇིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡི་གེ་རྣམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ།།


DTG082_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡོངས་སུ་གཅོད་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པ་མངོན་པར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ།། རྣམ་པ་དོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྲིད་པའི་གཞི་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བརྡ་དང༌། སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྒྲ་དབྱངས་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མངོན་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བདེ་བ་དང༌། སྡུག་བསྔལ་ཐམས་ཅད་ལ་མངོན་པར་མི་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འཇིག་རྟེན་ཐམས་ཅད་རབ་ཏུ་སྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཚུལ་དང་ཚུལ་མེད་པ་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྗེས་སུ་འབྲང་བ་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཞི་མེད་པར་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དེ་བཞིན་ཉིད་ལ་གནས་པར་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ལུས་ཀྱི་སྐྱོན་ཡང་དག་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ངག་གི་སྐྱོན་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནམ་མཁའ་འདྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །


DTG082_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེ་དག་གིས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་ལྟར་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་གང་ལ་བསླབས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུ་ཚད་མེད་གྲངས་མེད་པ་གཞན་དག་ཀྱང་ཡོད་དེ། དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་འགྱུར་པ་སྟེ། དེ་ནི་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་རྒྱས་གདབ་པར་འགྱུར་བ་སྟེ། དེ་ནི་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་བཞིན་དུ་དེ་ལ་ནམ་མཁའ་ལྟར་ཆགས་པ་མེད་པའི་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་བར་གྱི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཆོས་ཐམས་ཅད་ལ་ནམ་མཁའ་ལྟར་ཆགས་པ་མེད་ཅིང་རྣམ་པར་གྲོལ་བས་གོས་པ་མེད་པ་རྗེས་སུ་ཐོབ་པར་འགྱུར་བ་སྟེ། དེ་ནི་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་བར་དུའོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཏིང་ངེ་འཛིན་དེ་དག་གི་གནས་པ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན།


DTG082_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་གང་དག་ཡིན་པ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལུང་བསྟན་ཏེ། དེས་ནི་ཏིང་ངེ་འཛིན་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། བདག་ནི་སྙོམས་པར་ཞུགས་སོ་ཞེས་བྱ་བར་ཏིང་ངེ་འཛིན་དེས་རློམ་སེམས་སུ་འགྱུར་བ་ཡང་མེད་དོ། །དེས་ནི་ཏིང་ངེ་འཛིན་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདག་ནི་སྙོམས་པར་འཇུག་གོ །བདག་གིས་མཉམ་པར་གཞག་པར་བྱའོ། །བདག་ནི་མཉམ་པར་གཞག་པར་གྱུར་ཏོ་ཞེས་རློམ་སེམས་སུ་འགྱུར་བ་མེད་དེ། དེ་ལ་རྣམ་པར་རྟོག་པ་དེ་དག་མེད་ཅིང་མི་རྒྱུའོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་འབྲིང་གི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ་ཏིང་ངེ་འཛིན་ཡང་གཞན། བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའོ། །བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཏེ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་ཏིང་ངེ་འཛིན་ཀྱང་གཞན་ལ། བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད། བྱང་ཆུབ་སེམས་དཔའ་ཡང་གཞན་ལ། ཏིང་ངེ་འཛིན་ཉིད་ཀྱང་གཞན་ཞེས་བྱ་བ་མེད་དེ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཡིན་ན། དེ་ལ་ཏིང་ངེ་འཛིན་བསྟན་པར་ནུས་སམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རིགས་ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་འདུ་ཤེས་སུ་བྱེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདུ་ཤེས་སུ་བྱེད་པ་མེད་དོ། །སྨྲས་པ། ཇི་ལྟར་དེ་ལ་འདུ་ཤེས་སུ་བྱེད་པར་མི་འགྱུར། རབ་འབྱོར་གྱིས་


DTG082_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ཇི་ལྟར་རྣམ་པར་རྟོག་པ་མེད་པ་ལྟར་རོ། །སྨྲས་པ་དེ་ལ་ཇི་ལྟར་རྟོག་པ་མེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཆོས་ཐམས་ཅད་མེད་པའི་ཕྱིར་རྟག་པ་མེད་དེ། དེ་ལྟར་ན་ཏིང་ངེ་འཛིན་དེ་ལ་རྟོག་པ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། རིགས་ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་རྣམ་པར་ཤེས་པར་བྱེད་པ་མེད་དོ། །འདུ་ཤེས་སུ་བྱེད་པ་མེད་དོ། །སྨྲས་པ། ཅིའི་ཕྱིར་རྣམ་པར་ཤེས་པར་བྱེད་པ་མེད་ཅིང༌། འདུ་ཤེས་སུ་འགྱུར་བ་མེད། རབ་འབྱོར་གྱིས་སྨྲས་པ། ཏིང་ངེ་འཛིན་དེ་ཡང་མེད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མེད་པའི་ཕྱིར། རྣམ་པར་ཤེས་པ་མེད་དོ། །འདུ་ཤེས་སུ་འགྱུར་བ་མེད་དོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །

གཟུང་བའི་རྟོག་པ་དང་པོ། དྲོད་དུ་གཏོགས་པའི་རྣམ་པར་རྟོག་པ་དགུ།


DTG082_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཇི་ལྟར་ཁྱོད་ཉོན་མོངས་པ་མེད་པ་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལྟར་སྟོན་པ་ནི་ལེགས་སོ། །ལེགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་བསླབ་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལགས་སམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་སློབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་


DTG082_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སློབ་པ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་མི་དམིགས་པའི་ཚུལ་གྱིས་སློབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་པ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྡུག་བསྔལ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། འདོད་པའི་ཁམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། གཟུགས་ཀྱི་ཁམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། གཟུགས་མེད་པའི་ཁམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌།


DTG082_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། རྒྱུན་ཏུ་ཞུགས་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། བྱང་ཆུབ་སེམས་དཔའ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། བྱང་ཆུབ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། སངས་རྒྱས་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མ་སྐྱེས་པ་དང༌། འབྱུང་བ་མེད་པ་དང༌། དམིགས་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་འདི་ནི་རྣམ་པར་དག་པ་ཞེས་བྱ་སྟེ། ཤཱ་རིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་ལྡན་པ་སྤྱིའི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དང་གང་ལ་སློབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སློབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་འདི་དག་ནི། བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པ་ཡོད་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཆོས་འདི་དག་རྣམ་པ་ཇི་ལྟར་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མིད་པ་དེ་ལྟར་ཡོད་དེ། དེ་ལྟར་ཡོད་པ་མ་ཡིན་པ་དེའི་ཕྱིར་མེད་ཅེས་བྱའོ་ཞེས་བྱ་བ་ནི་དྲོད་དུ་གཏོགས་པའི་རྣམ་པར་རྟོག་པ་དང་ལྡན་པའི་དང་པོ་མ་རིག་པའི་རྟོག་པ་


DTG082_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མཆིས་པ་མ་ལགས་པས་མ་མཆིས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་དུ་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གཉིས་པ་གཟུགས་ལ་སོགས་པའི་ཕུང་པོ་ལ་རྟོག་པ་ཡིན་ནོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མ་རིག་པ་དང༌། སྲེད་པ་ལ་མངོན་པར་ཞེན་ཏོ། །དེ་དག་གིས་ནི་མ་རིག་པ་དང༌། སྲེད་པས་བརྟགས་སོ། །བརྟགས་ནས་མ་རིག་པ་དང༌། སྲེད་པ་དག་གིས་མངོན་པར་ཞེན་ཏེ། མཐའ་གཉིས་སུ་ཆགས་པས་དེ་དག་གིས་མཐའ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་མི་མཐོང་ངོ༌། །དེ་དག་གིས་ཇི་ལྟ་བ་བཞིན་མེད་པའི་ཆོས་དེ་དག་བརྟགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལ་མངོན་པར་ཞེན་པར་གྱུར་ཏོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གསུམ་པ་མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྟོག་པ་ཡིན་ནོ། །ཆོས་རྣམས་ལ་མངོན་པར་ཞེན་པ་དེ་དག་ནི་མེད་པའི་མཐའ་གཉིས་དག་ཏུ་རྟོག་པར་བྱེད། བརྟགས་ནས་མི་ཤེས་མི་མཐོང་ངོ༌། །ཅི་ཞིག་མི་ཤེས་མི་མཐོང་ཞེ་ན། གཟུགས་མི་ཤེས་མི་མཐོང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མི་ཤེས་མི་མཐོང་བ་ནས། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་བར་དུ་མི་ཤེས་མི་མཐོང་ངོ༌། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་ཤེས་མི་མཐོང་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མི་ཤེས་མི་མཐོང་སྟེ། དེ་ལྟར་དེ་དག་ནི་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བཞི་པ་མཐའ་གཉིས་ལ་ཆགས་


DTG082_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པར་རྟོག་པ་ཡིན་ནོ། །དེ་དག་ནི་མ་རིག་པ་དང༌། སྲེད་པའི་རྐྱེན་གྱིས་མི་ཤེས་མི་མཐོང་ངོ༌། །ཅི་ཞིག་མི་ཤེས་མི་མཐོང་ཞེ་ན། གཟུགས་ཀུན་ནས་ཉོན་མོངས་པའོ་ཞེས་མི་ཤེས་མི་མཐོང་ངོ༌། །དེ་བཞིན་དུ་གཟུགས་རྣམ་པར་བྱང་བའོ་ཞེས་མི་ཤེས་མི་མཐོང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའོ་ཞེས་མི་ཤེས་མི་མཐོང་ངོ༌། །དེ་བཞིན་དུ་རྣམ་པར་ཤེས་པ་རྣམ་པར་བྱང་བའོ་ཞེས་མི་ཤེས་མི་མཐོང་ངོ༌། །དེ་དག་ནི་ངེས་པར་མི་འབྱུང་བར་མི་འགྱུར་རོ། །གང་ནས་ངེས་པར་མི་འབྱུང་ཞེ་ན། འདོད་པའི་ཁམས་ནས་ངེས་པར་འབྱུང་བར་མི་འགྱུར་རོ། །གཟུགས་ཀྱི་ཁམས་ནས་ངེས་པར་འབྱུང་བར་མི་འགྱུར་རོ། །གཟུགས་མེད་པའི་ཁམས་ནས་ངེས་པར་འབྱུང་བར་མི་འགྱུར་རོ། །ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཆོས་དག་ལས་ངེས་པར་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་ལྔ་པ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ་ཡིན་ནོ། །དེ་དག་ནི་མི་དད་དོ། །ཇི་ལྟར་མི་དད་ཅེ་ན། གཟུགས་གཟུགས་ཀྱིས་སྟོང་ཞེས་བྱ་བར་མི་དད་དོ། །བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱིས་སྟོང་ཞེས་བྱ་བར་མི་དད་དོ། །དེ་དག་ནི་གནས་པ་མ་ཡིན་ནོ། །ཇི་ལྟར་གནས་པ་མ་ཡིན་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། ཕྱིར་མི་ལྡོག་པའི་ས་ལ་གནས་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་གནས་པ་མ་ཡིན་ནོ། །དེ་དག་ནི་མངོན་པར་ཞེན་པ་ཡིན་ནོ། །ཇི་ལྟར་མངོན་པར་ཞེན་པ་ཡིན་ཞེ་ན། གཟུགས་ལ་མངོན་པར་ཞེན་པ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པ་ཡིན། མིག་ལ་མངོན་པར་ཞེན་པ་ཡིན། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་མངོན་པར་ཞེན་པ་ཡིན་ནོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མངོན་པར་ཞེན་པ་ཡིན། འདོད་ཆགས་དང༌། ཞེ་སྡང་དང༌།


DTG082_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་ལ་མངོན་པར་ཞེན་པ་ཡིན། ལྟ་བར་གྱུར་པ་རྣམས་ལ་མངོན་པར་ཞེན་པ་ཡིན། བྱང་ཆུབ་ཀྱི་བར་ལ་མངོན་པར་ཞེན་པ་ཡིན་ཏེ། དེའི་ཕྱིར་ན་བྱིས་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། དེ་བཞིན་དུ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། ལམ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད་པ་ནས། ཆོས་ཐམས་ཅད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད་


DTG082_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དྲུག་པ་འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་བསླབས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་སློབ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མི་དམིགས། ཡང་དག་པར་རྗེས་སུ་མི་མཐོང་བདེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ན། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བདུན་པ་དམིགས་པ་ལ་རྟོག་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་གང་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་དམིགས་ཤིང་མི་མཐོང་ངོ༌། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་ཤིང་མི་མཐོང་ངོ་ཞེས་བྱ་བ་དེ་ཉིད་ཀྱི་རྟོག་པ་


DTG082_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་བདག་ལ་སོགས་པར་རྟོག་པ་ཡིན་ནོ། །ཤཱ་རིའི་བུ་རྣམ་པར་དག་པ་ནི་སྐྱེ་བ་མེད་པ་མ་བྱུང་བ་མངོན་པར་འདུ་བྱེད་པ་མེད་པའོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དགུ་པ་རྣམ་པར་དག་པ་སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་ཡིན་ནོ། །འདི་དག་ནི་གཟུང་བའི་རྟོག་པ་དང་པོ་ཡིན་ནོ། །

གཟུང་བའི་རྟོག་པ་གཉིས་པ། རྩེ་མོར་གཏོགས་པའི་རྣམ་པར་རྟོག་པ་དགུ།


DTG082_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐབས་མི་མཁས་པས་གཟུགས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན། རྣམ་པར་ཤེས་པའི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ནོ་ཞེས་བྱ་བ་ནི་རྩེ་མོར་གཏོགས་པའི་རྣམ་པར་རྟོག་པ་དང་ལྡན་པ་དང་པོ་ཕུང་པོའི་དོན་ལ་རྣམ་པར་རྟོག་པ་ཡིན་ནོ། །མིག་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན། དེ་བཞིན་དུ་ཡིད་ཀྱི་བར་དང་གཟུགས་ལ་མངོན་པར་རྟོག་ཅིང་མངོན་པར་ཞེན་པ་ཡིན། དེ་བཞིན་དུ་ཆོས་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གཉིས་པ་སྐྱེ་བའི་སྒོའི་དོན་གྱི་རྣམ་པར་རྟོག་པ་ཡིན་ནོ། །མིག་དང་གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་སུ་རྟོག་ཅིང་མངོན་པར་ཞེན་པ་ཡིན། དེ་བཞིན་དུ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གསུམ་པ་རིགས་ཀྱི་དོན་ལ་རྣམ་པར་རྟོག་པ་ཡིན་ནོ། །མ་རིག་པར་རྟོག་ཅིང་མངོན་པར་ཞེན་པ་ཡིན། དེ་བཞིན་དུ་རྒ་ཤིར་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བའི་བར་དུའོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བཞི་པ་སྐྱེ་བའི་དོན་ལ་རྣམ་པར་རྟོག་པ་ཡིན་ནོ། །དེ་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་ལྔ་པ་སྟོང་པ་ཉིད་ཀྱི་དོན་ལ་རྣམ་པར་རྟོག་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དྲུག་པ་ཕ་རོལ་ཏུ་ཕྱིན་པའི་དོན་ལ་རྣམ་པར་རྟོག་པ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི། དེ་ཉིད་ཀྱི་རྟོག་པ་བདུན་པ་མཐོང་པའི་ལམ་ལ་རྣམ་པར་རྟོག་པ་ཡིན་ནོ། །དེ་བསམ་གཏན་དང༌། མངོན་པར་ཤེས་པ་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་རྟོག་ཅིང༌། མ་འོང་པར་ཞེན་པ་ཡིན་ཞེས་བྱ་བ་ནི། དེ་ཉིད་ཀྱི་རྟོག་པ་བརྒྱད་པ་བསྒོམ་པའི་ལམ་ལ་རྣམ་པར་རྟོག་པ་ཡིན་ནོ། །དེ་བཞིན་གཤེགས་


DTG082_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོབས་བཅུར་རྟོག་ཅིང་མངོན་པར་ཞེན་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དགུ་པ་མི་སློབ་པའི་ལམ་ལ་རྟོག་པ་ཡིན་ནོ། །འདི་དག་ནི་གཟུང་བའི་རྟོག་པ་གཉིས་པ་ཡིན་ནོ། །

འཛིན་པའི་རྟོག་པ་དང་པོ། བཟོད་པར་གཏོགས་པའི་རྣམ་པར་རྟོག་པ་དགུ།


DTG082_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་བདག་ཉེ་བར་མི་དམིགས། དེ་བཞིན་དུ་སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། རིག་པ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མེད་ཅིང་མི་དམིགས་ཞེས་བྱ་བ་ནི་བཟོད་པར་གཏོགས་པའི་རྣམ་པར་རྟོག་པ་དང་ལྡན་པ་ལས། རྟོག་པ་དང་པོ་བདག་རང་དབང་ཅན་ལ་རྣམ་པར་རྟོག་པའོ། །ཤཱ་རིའི་བུ་གཟུགས་ཉེ་བར་མི་དམིགས་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་བར་དུ་ཉེ་བར་མི་དམིགས་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གཉིས་པ་བདག་གཅིག་པུར་རྣམ་པར་རྟོག་པ་ཡིན་ནོ། །ཤཱ་རིའི་བུ་མིག་མི་དམིགས་སོ། །དེ་བཞིན་དུ་ཡིད་ཀྱི་བར་དང༌། གཟུགས་མི་དམིགས། ཆོས་ཀྱི་བར་དུ་མི་དམིགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གསུམ་པ་རྒྱུའི་བདག་ཉིད་ལ་རྣམ་པར་རྟོག་པ་ཡིན་ནོ། །ཤཱ་རིའི་བུ་མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པ་མི་དམིགས་སོ། །ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་བར་མི་དམིགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བཞི་པ་ལྟ་བ་པོ་ལ་སོགས་པའི་བདག་ཏུ་རྣམ་པར་རྟོག་པ་ཡིན་ནོ། །ཤཱ་རིའི་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས་སོ། །གཟུགས་མེད་པའི་ཁམས་ཀྱི་བར་དུ་མི་དམིགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་ལྔ་པ་ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ཡིན་ནོ། །བསམ་གཏན་དང་པོ་མི་དམིགས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པའི་བར་དུ་མི་དམིགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དྲུག་པ་འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་མི་དམིགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བདུན་པ་མཐོང་བའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་དམིགས་སོ་ཞེས་བྱ་བ་ནི་དེ་


DTG082_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རྟོག་པ་བརྒྱད་པ་སྒོམ་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ཡིན་ནོ། །སྟོབས་བཅུ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་སོ། །ཇི་ལྟར་མི་དམིགས་ཤེ་ན། བདག་ཉིད་དུའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དགུ་པ་དོན་བྱས་པའི་རྟེན་གྱི་རྣམ་པར་རྟོག་པ་ཡིན་ནོ་འདི་དག་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོ་ཡིན་ནོ། །

འཛིན་པའི་རྟོག་པ་གཉིས་པ། ཆོས་མཆོག་ཏུ་གཏོགས་པའི་རྣམ་པར་རྟོག་པ་དགུ།


DTG082_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་ལ་ཞིག་འདི་སྐད་དུ་འདྲི་ཞིང་ཅི་སྒྱུ་མའི་སྐྱེས་བུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི། ཅི་སྒྱུ་མའི་སྐྱེས་བུ་འདི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། སྒྱུ་མའི་སྐྱེས་བུ་འདི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། སྒྱུ་མའི་སྐྱེས་བུ་འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག །ཅེས་བྱ་བ་ནི་འཛིན་པའི་རྟོག་པ་གཉིས་པ་ཕྱིར་བསྟན་པ་ཡིན་ནོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱང་གཞན་ལ། སྒྱུ་མའང་གཞན་ཞིག་ཡིན་སྙམ་མམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་


DTG082_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཏུ་གཏོགས་པའི་རྣམ་པར་རྟོག་པ་དང་ལྡན་པ་རྟོག་པ་དང་པོ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གཉིས་པ་སྐྱེ་མཆེད་དུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བ་དང༌། སྒྲ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣ་དང༌། དྲི་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེ་དང༌། རོ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་དང༌། རེག་བྱ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རིག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་


DTG082_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། སའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སའི་ཁམས་སོ། །བཅོམ་ལྡན་འདས་ཆུའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ཆུའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ཆུའི་ཁམས་སོ། །བཅོམ་ལྡན་འདས་མེའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། མེའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་མེའི་ཁམས་སོ། །བཅོམ་ལྡན་འདས་རླུང་གི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རླུང་གི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རླུང་གི་ཁམས་སོ། །བཅོམ་ལྡན་འདས་ནམ་མཁའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ནམ་མཁའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ནམ་མཁའི་ཁམས་སོ། བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གསུམ་པ་ཁམས་སུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ཡང་གཞན་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མ་རིག་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། མ་རིག་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་མ་རིག་པའོ། །བཅོམ་ལྡན་འདས་འདུ་བྱེད་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། འདུ་བྱེད་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་འདུ་བྱེད་དོ། །བཅོམ་ལྡན་འདས་རྣམ་པར་ཤེས་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣམ་པར་ཤེས་པ་


DTG082_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རྣམ་པར་ཤེས་པའོ། །བཅོམ་ལྡན་འདས་མིང་དང་གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། མིང་དང་གཟུགས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་མིང་དང་གཟུགས་སོ། །བཅོམ་ལྡན་འདས་སྐྱེ་མཆེད་དྲུག་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། སྐྱེ་མཆེད་དྲུག་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སྐྱེ་མཆེད་དྲུག་གོ །བཅོམ་ལྡན་འདས་རེག་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། རེག་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རེག་པའོ། །བཅོམ་ལྡན་འདས་ཚོར་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། ཚོར་བ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ཚོར་བའོ། །བཅོམ་ལྡན་འདས་སྲེད་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། སྲེད་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སྲེད་པའོ། །བཅོམ་ལྡན་འདས་ལེན་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། ལེན་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ལེན་པའོ། །བཅོམ་ལྡན་འདས་སྲིད་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། སྲིད་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སྲིད་པའོ། །བཅོམ་ལྡན་འདས་སྐྱེ་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། སྐྱེ་བ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སྐྱེ་བའོ། བཅོམ་ལྡན་འདས་རྒ་ཤི་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། རྒ་ཤི་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རྒ་ཤིའོ་ཞེས་བྱ་བ་ནི། དེ་ཉིད་ཀྱི་རྟོག་པ་བཞི་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་ལྔ་པ་རྣམ་པར་བྱང་བར་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་


DTG082_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དྲུག་པ་མཐོང་བའི་ལམ་དུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བདུན་པ་བསྒོམ་པའི་ལམ་དུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོང་པ་ཉིད་ཐམས་ཅད་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བརྒྱད་པ་ཁྱད་པར་གྱི་ལམ་དུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་གཟུགས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། གཟུགས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་གཟུགས་སོ། །བཅོམ་ལྡན་འདས་ཚོར་བ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ཚོར་བ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ཚོར་བའོ། །བཅོམ་ལྡན་འདས་འདུ་ཤེས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། འདུ་ཤེས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་འདུ་ཤེས་སོ། །བཅོམ་ལྡན་འདས་འདུ་བྱེད་རྣམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། འདུ་བྱེད་རྣམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་འདུ་བྱེད་རྣམས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པ་


DTG082_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རྣམ་པར་ཤེས་པའོ། །བཅོམ་ལྡན་འདས་མིག་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་གཟུགས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་མིག་གི་རྣམ་པར་ཤེས་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་མིག་གི་འདུས་ཏེ་རེག་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་ཡིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་ཆོས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཉིད་སྒྱུ་མ། སྒྱུ་མ་ཉིད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཉིད་སྒྱུ་མ། སྒྱུ་མ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ།


DTG082_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་བྱང་ཆུབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་སྒྱུ་མ་ལ་སྐྱེ་བའམ། འགག་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་ལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འགྱུར་རམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འགྱུར་རམ། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སློབ་པར་འགྱུར་རམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། མངོན་པར་ཤེས་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སློབ་པར་འགྱུར་རམ། ཐམས་ཅད་ཤེས་པ་ཉིད་དུ་འབྱུང་བར་འགྱུར་རམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བར་འདུ་ཤེས་པ་དང༌། ཀུན་ཤེས་པ་དང༌། གདགས་པ་དང༌། ཐ་སྙད་དུ་བྱ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འདུ་ཤེས་པ་དང༌། ཀུན་ཤེས་པ་དང༌། གདགས་པ་དང༌། ཐ་སྙད་ཙམ་གྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ།


DTG082_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྱང་བ་དམིགས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་ལ་འདུ་ཤེས་མེད་ཅིང་ཀུན་ཤེས་པ་མེད་པ་དང༌། གདགས་པ་མེད་པ་དང༌། ཐ་སྙད་མེད་པ་དང༌། མིང་མེད་པ་དང༌། མིང་དུ་གདགས་པ་མེད་པ་དང༌། ལུས་མེད་པ་དང༌། ལུས་ཀྱི་ལས་མེད་པ་དང༌། དག་མེད་པ་དང༌། ངག་གི་ལས་མེད་པ་དང༌། ཡིད་མེད་པ་དང༌། ཡིད་ཀྱི་ལས་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དེ། ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང༌། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྱུ་མའི་སྐྱེས་བུས་བསླབས་པ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསླབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱི་སྟེ། འདི་ལྟ་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་ཕུང་པོ་ལྔ་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ནི་དངོས་པོ་མ་མཆིས་པའི་རང་བཞིན་ནོ། །དེ་བཞིན་དུ་ཕུང་པོ་ལྔ་ནི་རྨི་ལམ་ལྟ་བུའོ། །རྨི་ལམ་ཡང་དངོས་པོ་མེད་པའི་རང་བཞིན་ལགས་ཏེ། དམིགས་སུ་མ་མཆིས་


DTG082_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་བཞིན་དུ་ཕུང་པོ་ལྔ་པོ་དངོས་པོ་མེད་པའི་རང་བཞིན་གྱིས་དམིགས་སུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྤྲུལ་པ་ལྟ་བུ་དང༌། གཟུགས་བརྙན་ལྟ་བུའི་ཕུང་པོ་ལྔ་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྨི་ལམ་ནི་དངོས་པོ་མ་མཆིས་པའི་རང་བཞིན་ཏེ། སྒྲ་བརྙན་ནི་དངོས་པོ་མ་མཆིས་པའི་རང་བཞིན་ནོ། །དེ་བཞིན་དུ་མིག་ཡོར་དང༌། སྤྲུལ་པ་དང༌། གཟུགས་བརྙན་ནི་དངོས་པོ་མ་མཆིས་པའི་རང་བཞིན་ཏེ། དམིགས་སུ་མ་མཆིས་སོ། །དེ་བཞིན་དུ་ཕུང་པོ་ལྔ་པོ་ནི་དངོས་པོ་མེད་པའི་རང་བཞིན་གྱིས་ན་དམིགས་སུ་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུའོ། །ཚོར་བ་ནི་སྒྱུ་མ་ལྟ་བུའོ། །འདུ་ཤེས་ནི་སྒྱུ་མ་ལྟ་བུའོ། །འདུ་བྱེད་རྣམས་ནི་སྒྱུ་མ་ལྟ་བུའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ། །རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་དབང་པོ་བྲུག་དང་ཕུང་པོ་ལྔའོ། །དེ་དག་ཀྱང་ནང་སྟོང་པ་ཉིད་ཀྱིས་མི་དམིགས་སོ། །ཕྱི་སྟོང་པ་ཉིད་ཀྱིས་མི་དམིགས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་མི་དམིགས་སོ། །བཅོམ་ལྡན་འདས་གལ་ཏེ་དེ་སྐད་དུ་བཤད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་མི་ཞུམ། ཀུན་ཏུ་མི་ཞུམ། འགྱོད་པར་མི་འགྱུར། མི་དངང༌། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ན། བཅོམ་ལྡན་འདས་དེ་ནི་ཐམས་ཅད་ཤེས་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར། ལམ་ཤེས་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྗེས་སུ་ཐོབ་པར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བ་ནི་དགུ་པ་མི་སློབ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་སྟེ་འཛིན་རྟོག་གཉིས་པའོ། །

ཡོངས་སུ་འཛིན་པ་དང་པོ། ཐབས་ལ་མཁས་པས་ཡོངས་སུ་ཟིན་པ།


DTG082_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DTG082_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ལ་གསར་དུ་ཞུགས་པས་བསྟན་པ་འདི་ཐོས་ནས་ཞུམ་ཞིང་ཀུན་ཏུ་ཞུམ་ལ་འགྱོད་དེ། དངང་བ་དང༌། ཀུན་ཏུ་སྐྲག་པ་དང༌། ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཐབས་མི་མཁས་པ་དང༌། དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བར་མ་གྱུར་ན་ནི་དངང་ཞིང་ཀུན་ཏུ་སྐྲག་ལ་སྐྲག་པས་ཟིན་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་ལ་སྤྱོད་པས་མི་དངང༌། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཚོར་བ་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་འདུ་ཤེས་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་འདུ་བྱེད་རྣམས་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་སྡུག་བསྔལ་ཞེས་བྱ་སར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་


DTG082_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་སྟོང་ཞེས་བྱ་བར་རྟོག །གཟུགས་བདག་མེད་ཅེས་བྱ་བ་དང༌། གཟུགས་ཞི་ཞེས་བྱ་བ་དང༌། གཟུགས་དབེན་ཞེས་བྱ་བ་དང༌། གཟུགས་སྟོང་ཞེས་བྱ་བ་དང༌། གཟུགས་མཚན་མ་མེད་ཅེས་བྱ་བ་དང༌། གཟུགས་སྨོན་པ་མེད་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བ་དང༌། རྣམ་པར་ཤེས་པ་ཞི་ཞེས་བྱ་བ་དང༌། རྣམ་པར་ཤེས་པ་དབེན་ཞེས་བྱ་བ་དང༌། རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་དང༌། རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བ་དང༌། རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་དམིགས་སོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་མི་དམིགས་པའི་ཚུལ་དུ་ཆོས་སྟན་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་དེ་དག་ཉིད་ཀྱི་མཆོག་ཏུ་འཛིན་པ་མེད་པ་ཉིད་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་དེ་དག་ཉིད་ཀྱི་བཟོད་པ་དང༌། འདོད་པ་དང་སོ་སོར་རྟོག་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།།


DTG082_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་དེ་དག་ཉིད་ཀྱི་དེ་མི་འདོར་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་དེ་དག་ཉིད་ཀྱི་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པའམ། མི་དགེ་བའི་ཆོས་གཞན་གྱིས་སྐབས་མི་འབྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མི་དངང༌། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་རོ།། །།བམ་པོ་བཅུ་གཉིས་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པ་འདི་ལྟར་རབ་ཏུ་རྟོག་སྟེ། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཉིད་གཟུགས་སོ། །ཚོར་བའི་སྟོང་པ་ཉིད་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཚོར་བའོ། །འདུ་ཤེས་ཀྱི་སྟོང་པ་ཉིད་ཀྱིས་འདུ་ཤེས་སྟོང་པ་མ་ཡིན་གྱི། འདུ་ཤེས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་འདུ་ཤེས་སོ། །འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་ཀྱིས་འདུ་བྱེད་རྣམས་སྟོང་པ་མ་ཡིན་གྱི། འདུ་བྱེད་རྣམས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་འདུ་བྱེད་རྣམས་སོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་དེ། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པའོ། །མིག་གི་སྟོང་པ་ཉིད་ཀྱིས་མིག་སྟོང་པ་མ་ཡིན་གྱི། མིག་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གོ །རྣ་བའི་སྟོང་པ་ཉིད་ཀྱིས་རྣ་བ་སྟོང་པ་མ་ཡིན་གྱི། རྣ་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣ་བའོ། །སྣའི་སྟོང་པ་ཉིད་ཀྱིས་སྣ་སྟོང་པ་མ་ཡིན་གྱི། སྣ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྣའོ། །ལྕེའི་སྟོང་པ་ཉིད་ཀྱིས་ལྕེ་སྟོང་པ་མ་ཡིན་གྱི། ལྕེ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་


DTG082_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེའོ། །ལུས་ཀྱི་སྟོང་པ་ཉིད་ཀྱིས་ལུས་སྟོང་པ་མ་ཡིན་གྱི། ལུས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལུས་སོ། །ཡིད་ཀྱི་སྟོང་པ་ཉིད་ཀྱིས་ཡིད་སྟོང་པ་མ་ཡིན་གྱི། ཡིད་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་དོ། །གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་སོ། །སྒྲའི་སྟོང་པ་ཉིད་ཀྱིས་སྒྲ་སྟོང་པ་མ་ཡིན་གྱི། སྒྲ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྒྲའོ། །དྲིའི་སྟོང་པ་ཉིད་ཀྱིས་དྲི་སྟོང་པ་མ་ཡིན་གྱི། དྲི་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་དྲིའོ། །རོའི་སྟོང་པ་ཉིད་ཀྱིས་རོ་སྟོང་པ་མ་ཡིན་གྱི། རོ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རོའོ། །རེག་གི་སྟོང་པ་ཉིད་ཀྱིས་རེག་སྟོང་པ་མ་ཡིན་གྱི། རེག་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རེག་གོ །ཆོས་ཀྱི་སྟོང་པ་ཉིད་ཀྱིས་ཆོས་སྟོང་པ་མ་ཡིན་གྱི། ཆོས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཆོས་སོ། །མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་མིག་གི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། མིག་གི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་རྣ་བའི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། རྣ་བའི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣ་བའི་རྣམ་པར་ཤེས་པའོ། །སྣའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་སྣའི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། སྣའི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་ལྕེའི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ལྕེའི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ལུས་ཀྱི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལུས་ཀྱི་རྣམ་པར་ཤེས་པའོ།། ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་ཀྱི་རྣམ་པར་ཤེས་པའོ། །མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་མིག་གི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། མིག་གི་


DTG082_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་རྣ་བའི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། རྣ་བའི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣ་བའི་འདུས་ཏེ་རེག་པའོ། །སྣའི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་སྣའི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། སྣའི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་ལྕེའི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། ལྕེའི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལྕེའི་འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། ལུས་ཀྱི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་ཀྱི་འདུས་ཏེ་རེག་པའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ།།


DTG082_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །དྲན་པ་ཉེ་བར་གཞག་པའི་བར་གྱི་སྟོང་པ་ཉིད་ཀྱིས་དྲན་པ་ཉེ་བར་གཞག་པ་སྟོང་པ་མ་ཡིན་གྱི། དྲན་པ་ཉེ་བར་གཞག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་དྲན་པ་ཉེ་བར་གཞག་པའོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་རྣམས་ཀྱང་དེ་བཞིན་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་སྟོང་པ་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་མ་ཡིན་གྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྐྲག་པར་མི་འགྱུར། ཀུན་ཏུ་སྐྲག་པར་མི་འགྱུར། ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་དང་པོ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་ཡིན་ནོ། །

ཡོངས་སུ་འཛིན་པ་གཉིས་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ།


DTG082_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་དག་གིས་ཡོངས་སུ་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པ་ཐོས་ནས་མི་དངང༌། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་ལ་གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང༌། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་


DTG082_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང༌། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་གཟུགས་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། གཟུགས་བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང༌། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་དང༌། གང་དེ་ལ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་ལ་མིག་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། སྡུག་བསྔལ་ཞེས་བྱ་


DTG082_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་དང༌། གང་དེ་ལ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བ་དང༌། བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། སྡུག་བསྔལ་ཞེས་བྱ་བ་དང༌། བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། སྡུག་བསྔལ་ཞེས་བྱ་བ་དང༌། བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང༌། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་


DTG082_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་ལ་མིག་གི་རྣམ་པར་ཤེས་པ་དང༌། མིག་གི་འདུས་ཏེ་རེག་པ་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། སྡུག་བསྔལ་ཞེས་བྱ་བ་དང༌། བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང༌། དགེ་བའི་རྩ་བ་དེ་དག་ཐམས་ཅད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་རྣམ་པར་ཤེས་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། སྡུག་བསྔལ་ཞེས་བྱ་བ་དང༌། བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང༌། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་


DTG082_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་དུ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། སྡུག་བསྔལ་ཞེས་བྱ་བ་དང༌། བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང༌། དགེ་བའི་རྩ་བ་དེ་དག་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། སྡུག་བསྔལ་ཞེས་བྱ་བ་དང༌། བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་རྣམས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང༌། སྡུག་བསྔལ་ཞེས་བྱ་བ་དང༌། བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། དབེན་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང༌། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་


DTG082_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྡོར་མི་འཇུག་པའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་སྟེ། དགེ་བའི་བཤེས་གཉེན་དེས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པ་ཐོས་ནས། མི་དངང༌། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོད་པའི་ཚེ། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་དངང་ཞིང་ཀུན་ཏུ་སྐྲག་ལ་ཀུན་ཏུ་སྐྲག་པ་དང་ལྡན་པར་འགྱུར་བ་ཐབས་མི་མཁས་པར་འགྱུར་བ་དང༌། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བར་འགྱུར་བ་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དང་བྲལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཞིང་དམིགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་ཀྱང་རློམ་སེམས་སུ་བྱེད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡིད་ལ་བྱེད་པ་དང་བྲལ་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཞིང་དམིགས་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེས་ཀྱང་རློམ་སེམས་སུ་བྱེད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡིད་ལ་བྱེད་པ་དང་བྲལ་བས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཞིང་དམིགས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་ཀྱང་རློམ་སེམས་སུ་བྱེད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡིད་ལ་བྱེད་པ་དང་བྲལ་བས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཞིང་དམིགས་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེས་ཀྱང་རློམ་སེམས་སུ་བྱེད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡིད་ལ་བྱེད་པ་དང་བྲལ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཞིང་དམིགས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་ཀྱང་རློམ་སེམས་སུ་བྱེད་པ་དང༌། རྣམ་པ་ཐམས་ཅད་


DTG082_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་ཡིད་ལ་བྱེད་པ་དང་བྲལ་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཞིང་དམིགས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེས་ཀྱང་རློམ་སེམས་སུ་བྱེད་པ་དེ་ལྟ་བུ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མི་མཁས་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དང་བྲལ་བས་གཟུགས་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། གཟུགས་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། གཟུགས་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། གཟུགས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་བྲལ་བས་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་པ་དང༌། རྣམ་པར་ཤེས་པ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་པ་དང༌། རྣམ་པར་ཤེས་པ་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་བྲལ་བས་རྣམ་པར་ཤེས་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད་ཅིང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དེ་ཡང་དམིགས་ཏེ། དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །མིག་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད་ཅིང་སྟོང་པ་ཉིད་དེ་ཡང་དམིགས་ཏེ། དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད་ཅིང་ནང་སྟོང་པ་ཉིད་དེ་ཡང་དམིགས་ཏེ། དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་དེ་དག་གིས་ཀྱང་རློམ་སེམས་སུ་


DTG082_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང༌། གཟུགས་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། གཟུགས་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། གཟུགས་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། གཟུགས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཆོས་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཆོས་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད་ཅིང་ནང་སྟོང་པ་ཉིད་དེ་ཡང་དམིགས་ཏེ། དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་བྱེད་པ་དང༌། མིག་གི་རྣམ་པར་ཤེས་པ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་གི་རྣམ་པར་ཤེས་པ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་གི་རྣམ་པར་ཤེས་པ་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་གི་རྣམ་པར་ཤེས་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཀྱི་རྣམ་པར་ཤེས་པ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཀྱི་རྣམ་པར་ཤེས་པ་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད་ཅིང་ནང་སྟོང་པ་ཉིད་དེ་ཡང་དམིགས་ཏེ། དམིགས་པའི་ཚུལ་ཚུལ་གྱིས་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་བྱེད་པ་དང༌། མིག་གི་འདུས་ཏེ་རེག་པ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་གི་འདུས་ཏེ་རེག་པ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་གི་འདུས་ཏེ་རེག་པ་ཕྱི་ནང་སྟོང་པ་ཞེས་བྱ་བ་ཡིད་ལ་བྱེད། མིག་གི་འདུས་ཏེ་རེག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཀྱི་འདུས་ཏེ་


DTG082_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཀྱི་འདུས་ཏེ་རེག་པ་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཀྱི་འདུས་ཏེ་རེག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད་ཅིང་ནང་སྟོང་པ་ཉིད་དེ་ཡང་དམིགས་ཏེ། དམིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་བྱེད་པ་དང༌། མིག་གི་རྣམ་པར་ཤེས་པའི་བར་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དང༌། དེ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད་ཅིང་ནང་སྟོང་པ་ཉིད་དེ་ཡང་དམིགས་ཏེ། དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་བྱེད་པ་དང༌། སའི་ཁམས་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། སའི་ཁམས་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། སའི་ཁམས་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད། སའི་ཁམས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ནང་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད། རྣམ་པར་ཤེས་པའི་ཁམས་ཕྱི་སྟོང་པ་ཉིད་ཅེས་བྱ་བར་


DTG082_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱེད། རྣམ་པར་ཤེས་པའི་ཁམས་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད། རྣམ་པར་ཤེས་པའི་ཁམས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད། མ་རིག་པ་ནང་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད། མ་རིག་པ་ཕྱི་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད། མ་རིག་པ་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད། མ་རིག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བྱ་བར་ཡིད་ལ་བྱེད། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་ནང་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད། རྒ་ཤི་ཕྱི་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད། རྒ་ཤི་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད། རྒ་ཤི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད་ཅིང་ནང་སྟོང་པ་ཉིད་དེ་ཡང་དམིགས་ཏེ། དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དང་བྲལ་བས་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་ཞིང༌། དྲན་པ་ཉེ་བར་གཞག་པ་དེ་དག་ཀྱང་དམིགས་ཏེ། དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་སྒོམ་པར་བྱེད་ཅིང་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་དམིགས་ཏེ། དམིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་


DTG082_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ཐབས་མི་མཁས་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས། དངང་ཞིང་ཀུན་ཏུ་སྐྲག་ལ། སྐྲག་པས་ཟིན་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྡིག་པའི་གྲོགས་པོས་ཟིན་པ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཐོས་ནས། དངང་ཞིང་ཀུན་ཏུ་སྐྲག་ལ་སྐྲག་པས་ཟིན་པར་འགྱུར་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡིག་པའི་གྲོགས་པོས་ཟིན་པར་ཇི་ལྟར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་བྱེད་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་བྱེད་པ་སྟེ། འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན་གྱི། འདི་ལ་བསླབ་པར་བྱ་བའི་མི་ཆའོ། །མདོ་སྡེ་འདི་དག་ནི་རང་བཟོར་བྱས་པ་སྟེ། འདི་དག་ནི་མཉན་པར་མི་བྱའོ། །གཟུང་བར་མི་བྱའོ། །བཅང་བར་མི་བྱའོ། །ཀླག་པར་མི་བྱའོ། །ཀུན་ཆུབ་པར་མི་བྱའོ། །ཚུལ་བཞིན་དུ་ཡིད་ལ་མི་བྱའོ། །འདི་དག་ནི་གཞན་ལ་བསྟན་པར་མི་བྱའོ་ཞེས་ཟེར་བ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི་འདི་ལྟར་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་པ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བཟློག་ཅིང་མོས་པ་མེད་པར་བྱེད་དེ། རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་


DTG082_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་ཅི་ཞིག་བྱ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་འོང་ངོ་ཞེས་བདུད་ཀྱི་ལས་མི་སྟོན། བདུད་ཀྱི་ཉེས་པ་མི་སྟོན་པ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། ཉན་ཐོས་དང་ལྡན་པའི་མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། འདི་ལྟར་འདས་པ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། ཆོས་རྨད་དུ་བྱུང་བ་དང༌། རྟོག་པ་བརྗོད་པ་དང༌། གཏན་ལ་ཕབ་པར་བསྟན་པ་དག་སྟོན་ཏེ། འགྲེལ་ཏོ། །རྣམ་པར་འབྱེད་དོ། །གསལ་བར་བྱེད་དོ། །ཡོངས་སུ་སྟོན་ཏོ་ཞེས་བདུད་ཀྱི་ལས་རྣམ་པ་འདི་ལྟ་བུ་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ལ་ནི་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཀྱང་མེད། ཁྱོད་ནི་ཕྱིར་མི་ལྡོག་པ་ཡང་མ་ཡིན། ཁྱོད་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་ནུས་སོ་ཞེས་ཟེར་བ་ནི་འདི་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་མིག་ནི་བདག་གམ་བདག་གིས་སྟོང་ངོ༌། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ནི་བདག་གམ་བདག་གིས་སྟོང་ངོ༌། །གཟུགས་ནི་བདག་གམ་བདག་གིས་སྟོང་ངོ༌། །སྒྲ་དང༌། དྲི་དང༌། རོ་དང༌། རེག་


DTG082_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཆོས་ནི་བདག་གམ་བདག་གིས་སྟོང་ངོ༌། །མིག་གི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ༌། །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ༌། །མིག་གི་འདུས་ཏེ་རེག་པ་ནི་བདག་གམ་བདག་གིས་སྟོང་ངོ༌། །རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ནི་བདག་གམ་བདག་གིས་སྟོང་ངོ༌། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ༌། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ༌། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གམ་བདག་གིས་སྟོང་ངོ༌། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གམ་བདག་གིས་སྟོང་ངོ༌། །དྲན་པ་ཉེ་བར་གཞག་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ༌། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ནི་བདག་གམ་བདག་གིས་སྟོང་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཡང་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དག་རང་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་ཤར་ཕྱོགས་ནི་སངས་རྒྱས་བཅོམ་


DTG082_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་རྣམས་ཀྱིས་སྟོང་སྟེ། འདི་ལ་ནི་སངས་རྒྱས་ཞེས་བྱ་བ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་མེད་དོ། །ཉན་ཐོས་ཞེས་བྱ་བ་ཡང་མེད་དོ། །ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་བཅུ་ཀུན་ཀྱང་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་རྣམས་ཀྱིས་སྟོང་སྟེ། འདི་ལ་ནི་སངས་རྒྱས་ཞེས་བྱ་བ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་མེད་དོ། །ཉན་ཐོས་ཞེས་བྱ་བ་ཡང་མེད་དོ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དག་ཉན་ཐོས་ཀྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ལས་བཟློག་ཅིང་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་གདམས་པ་དང༌། རྗེས་སུ་བསྟན་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དག་མཁན་པོ་དང་སློབ་དཔོན་གྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་བཟློག་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ལས་བཟློག་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྦྱོར་བ་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་བ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་བར་གྱི་ཆོས་རྣམས་ལ་སྦྱོར་ཞིང༌། དེ་ལྟར་རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་དེ་དག་ཡོངས་སུ་བསྒོམས་ལ་ཉན་ཐོས་ཀྱི་ས་མངོན་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་


DTG082_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དག་ཕ་དང་མའི་ཆ་བྱད་དུ་བྱས་ཤིང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས་ཁྱོད་ལ་ཅི་ཞིག་བྱ། དེའི་དོན་དུ་ནི་བསྐལ་པ་ཚད་མེད་གྲངས་མེད་པར་འཁོར་བ་ན་འཁོར་ཞིང༌། རྐང་ལག་དང་མགོ་བཅད་པ་ཚད་མེད་པས་ཉོན་མོངས་པར་འགྱུར་གྱིས། གང་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱར་ཡོད་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱར་ཡོད་པ་དང༌། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱར་ཡོད་པ་དང༌། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱར་ཡོད་པ་དེ་ལ་བརྩོན་པར་གྱིས་ཤིག་ཅེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ཤིང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། གཟུགས་མི་རྟག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། གཟུགས་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྣོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། རྣམ་པར་ཤེས་པ་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། མིག་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་


DTG082_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཡིད་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། གཟུགས་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། མིག་གི་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། མིག་གི་འདུས་ཏེ་རེག་པ་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་


DTG082_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བར་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང༌། དེ་བཞིན་དུ་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་མི་རྟག་ཅེས་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱ་སྟེ། དེ་ལྟར་ཤེས་ནས་ཀྱང་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་གཉིས་པ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡིན་ནོ། །འདི་དག་གིས་ངེས་པར་འབྱེད་པའི་ཡན་ལག་བཞི་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་འདིའི་དོན་གང་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་


DTG082_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་སྐྱེ་བའམ། ཡོད་པ་ཉིད་དམ་མེད་པ་ཉིད་ཡོད་པ་འམ་དམིགས་པ་མ་ཡིན་ཏེ། རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའོ་ཞེས་བྱ་བ་ནི་རིགས་ཀྱི་རང་གི་ངོ་བོ་ཡིན་ནོ། །

སྒྲུབ་པའི་རྟེན།

དྲོད་དུ་གཏོགས་པའི་རྟེན།


DTG082_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨི་ལམ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྨིག་རྒྱུ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྲ་བརྙན་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། དྲི་ཟའི་གྲོང་ཁྱེར་དང༌། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་དྲོད་དུ་གཏོགས་པའི་རྟེན་ཡིན་ནོ། །

རྩེ་མོར་གཏོགས་པའི་རྟེན།


DTG082_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡང་དག་པའི་མཐའ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་ཉིད་ལ་གནས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མ་ནོར་པ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། དབེན་པ་ཉིད་ལ་གནས་མེད་ཅིང་མི་


DTG082_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་རྩེ་མོར་གཏོགས་པའི་རྟེན་ཡིན་ནོ། །

བཟོད་པར་གཏོགས་པའི་རྟེན།


DTG082_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་གཟུགས་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་མིག་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་གཟུགས་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྣ་བ་དང༌། སྒྲ་དང༌། རྣ་བའི་རྣམ་པར་ཤེས་པ་ལ་


DTG082_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་སྣ་དང་དྲི་དང་སྣའི་རྣམ་པར་ཤེས་པ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་ལྕེ་དང༌། རོ་དང༌། ལྕེའི་རྣམ་པར་ཤེས་པ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་ལུས་དང༌། རེག་བྱ་དང༌། ལུས་ཀྱི་རྣམ་པར་ཤེས་པ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་བཟོད་པར་གཏོགས་པའི་རྟེན་བསྟན་པ་ཡིན་ནོ།། །།

ཆོས་ཀྱི་མཆོག་ཏུ་གཏོགས་པའི་རྟེན།


DTG082_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བཅུ་གསུམ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་ནང་སྟོང་པ་ཉིད་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་ཕྱི་སྟོང་པ་ཉིད་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །


DTG082_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་ཕ་རོལ་ཏུ་ཕྱིན་པ་དང༌། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། ཕུང་པོ་རྣམས་དང༌། ཁམས་རྣམས་དང༌། སྐྱེ་མཆེད་རྣམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཏུ་གཏོགས་པའི་རྟེན་བསྟན་པ་ཡིན་ནོ། །

མཐོང་བའི་ལམ་གྱི་རྟེན།


DTG082_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་


DTG082_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མིག་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདུས་མ་བྱས་ཀྱི་དབྱིངས་ལ་འདུས་བྱས་ཀྱི་ཁམས་ཀྱི་གནས་མེད་ཅིང་མི་དམིགས་སོ། །འདུས་བྱས་ཀྱི་ཁམས་ལ་འདུས་མ་བྱས་ཀྱི་


DTG082_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་རྟེན་བསྟན་པ་ཡིན་ནོ། །

བསྒོམ་པའི་ལམ་གྱི་རྟེན།


DTG082_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འགག་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། འབྱུང་བ་མེད་པ་དང༌། མི་དམིགས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣམ་པར་བྱང་བ་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་འགག་པ་དང༌། མངོན་པར་འདུ་བྱེད་པ་དང༌། འབྱུང་བ་དང༌། དམིགས་པ་དང༌། ཀུན་ནས་ཉོན་མོངས་པ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་འགག་པ་དང་མངོན་པར་འདུ་བྱེད་པ་དང་འབྱུང་བ་དང་དམིགས་པ་དང་ཀུན་ནས་ཉོན་མོངས་པ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་རྣམ་པར་བྱང་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་


DTG082_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་རྣམ་པར་ཤེས་པའི་རྣམ་པར་བྱང་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་གཟུགས་ཀྱི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །གཟུགས་ཀྱི་འགག་པ་དང༌། མངོན་པར་འདུ་བྱེད་པ་དང༌། འབྱུང་བ་དང༌། དམིགས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རྣམ་པར་ཤེས་པའི་འགག་པ་དང༌། མངོན་པར་འདུ་བྱེད་པ་དང༌། འབྱུང་བ་དང༌། དམིགས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་པར་བྱང་བའི་བར་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རྣམ་པར་བྱང་བའི་བར་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤིན་ཏུ་དབེན་པའི་ཕྱིར་གཟུགས་ལ་མཚན་མའི་གནས་མེད་ཅིང་མི་དམིགས་སོ། །ཤིན་ཏུ་དབེན་པའི་ཕྱིར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་


DTG082_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤིན་ཏུ་དབེན་པའི་ཕྱིར། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སོ་སོ་བ་དང༌། བསྡུས་པ་རྣམས་ལ་མཚན་མའི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དྲན་པ་ཉེ་བར་གཞག་པ་ཤིན་ཏུ་རྣམ་པར་དག་པ་ལ་གནས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཤིན་ཏུ་རྣམ་པར་དག་པ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བདག་མེད་པའི་ཕྱིར་བདག་ཤིན་ཏུ་རྣམ་པར་དག་པ་ལ་གནས་མེད་ཅིང་མི་དམིགས་སོ། །སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་མེད་པའི་ཕྱིར། སེམས་ཅན་དང༌། སྲོག་དང༌། གསོ་བ་


DTG082_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་རྟེན་ཡིན་ནོ། །

གཉེན་པོའི་ཕྱོགས་ཀྱི་རྟེན།


DTG082_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བའི་འོད་ལ་མུན་པའི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཀྱི་རྟེན་ཡིན་ནོ། །

མི་མཐུན་པའི་ཕྱོགས་སྤོང་བའི་རྟེན།


DTG082_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། བསྐལ་པའི་མེ་འབར་བའི་ཚེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཀྱི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་སྤོང་བའི་རྟེན་ཡིན་ནོ། །

གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤོང་བའི་རྟེན།


DTG082_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ངན་པའི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་རྣམ་པར་གཡེང་བའི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་


DTG082_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ལ་ཤེས་རབ་འཆལ་བའི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལ་རྣམ་པར་མ་གྲོལ་བའི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མ་གཟིགས་པའི་གནས་མེད་ཅིང་མི་དམིགས་སོ།། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤོང་བའི་རྟེན་ཡིན་ནོ། །

ཤེས་རབ་དང་སྙིང་རྗེའི་རྟེན།


DTG082_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མ་དང་ཟླ་བའི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་ཤེས་རབ་དང་སྙིང་རྗེའི་རྟེན་ཡིན་ནོ། །

ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་རྟེན།


DTG082_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉན་ཐོས་དང༌། རང་སངས་རྒྱས་དང༌། གཟའ་དང༌། སྐར་མ་དང༌། ནོར་བུ་རིན་པོ་ཆེ་དང༌། གློག་གི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་རྟེན་ཡིན་ནོ། །

གཞན་གྱི་དོན་གྱི་གོ་རིམ་གྱི་རྟེན།


DTG082_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །སུམ་ཅུ་རྩ་གསུམ་གྱི་ལྷ་


DTG082_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་གོ་རིམས་ཀྱི་རྟེན་ཡིན་ནོ། །

ཡེ་ཤེས་ལྷུན་གྱིས་གྲུབ་པར་འཇུག་པའི་རྟེན།


DTG082_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་མ་ཡིན་མི་ལྡན་པ་མ་ཡིན་ཏེ། གཟུགས་མེད་པ་དང༌། བསྟན་དུ་མེད་པ་དང༌། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། རྟོག་པ་མེད་པ་དང༌། རྣམ་པར་རྟོག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་ཆགས་པ་མེད་པ་ཉིད་དང༌། ཡོད་པར་གྱུར་པ་མ་ཡིན་པ་ཉིད་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རྟོགས་པར་བྱའོ་ཞེས་བྱ་བ་ནི་ཡེ་ཤེས་ལྷུན་གྱིས་གྲུབ་པར་འཇུག་པའི་རྟེན་ཡིན་ནོ། །འདི་དག་གིས་ནི་སྒྲུབ་པའི་རྟེན་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཆོས་ཐམས་ཅད་ཀྱི་ཡོད་པར་གྱུར་པ་མ་ཡིན་པ་ཉིད་ལ་བསླབ་པར་བགྱི། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རྟོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།


DTG082_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་དག་སྟེ། རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང༌། ཆོས་དེ་དག་ཐམས་ཅད་ཀྱི་ཡོད་པར་གྱུར་པ་མ་ཡིན་པ་ཉིད་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་འདི་དག་རྟོགས་པར་བྱའོ་ཞེས་བྱ་བ་ནི་དམིགས་པའི་རང་གི་ངོ་བོ་ཡིན་ནོ། །

བསྒྲུབ་པའི་དམིགས་པ།

འཇིག་རྟེན་པའི་དགེ་བའི་ཆོས།


DTG082_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་དགེ་བའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་དགེ་བ་ཞེས་བྱ་བ་ནི་ཕར་ཤེས་པ་དང༌། མར་ཤེས་པ་དང༌། དགེ་སྦྱོང་དུ་ཤེས་པ་དང༌། བྲམ་ཟེར་ཤེས་པ་དང༌། རིགས་ཀྱི་རྒན་པ་ལ་རིམ་གྲོར་བྱེད་པ་དང༌། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཉམས་སུ་བླང་བ་དང་ལྡན་པའི་དངོས་པོ་དང༌། ཐབས་མཁས་པ་དང༌། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང༌། འཇིག་རྟེན་པའི་འདུ་ཤེས་དགུ་སྟེ། འདི་ལྟ་སྟེ། རྣམ་པར་བམ་པའི་འདུ་ཤེས་དང༌། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང༌། རྣམ་པར་རྣགས་པའི་འདུ་ཤེས་དང༌། རྣམ་པར་དམར་བའི་འདུ་ཤེས་དང༌། རྣམ་པར་བསྔོས་པ་པའི་འདུ་ཤེས་དང༌། རྣམ་པར་ཟོས་པ་པའི་འདུ་ཤེས་དང༌། རྣམ་པར་འཐོར་བ་པའི་འདུ་ཤེས་དང༌། རུས་པ་པའི་འདུ་ཤེས་དང༌། རྣམ་པར་ཚིག་པ་པའི་འདུ་ཤེས་དང༌། འཇིག་རྟེན་པའི་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་དང༌། འཇིག་རྟེན་པའི་རྗེས་སུ་དྲན་པ་བཅུ་སྟེ། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་


DTG082_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་རྗེས་སུ་དྲན་པ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། གཏོང་བ་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པ་དང༌། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང༌། སྐྱེ་བ་རྗེས་སུ་དྲན་པ་དང༌། འཆི་བ་རྗེས་སུ་དྲན་པ་དང༌། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་དག་སྟེ། དེ་དག་ནི་འཇིག་རྟེན་པའི་དགེ་བའི་ཆོས་ཞེས་བརྗོད་དོ། །

འཇིག་རྟེན་པའི་མི་དགེ་བའི་ཆོས།


DTG082_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་མི་དགེ་བའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་དག་སྟེ། འདི་ལྟ་སྟེ། རབ་འབྱོར་སྲོག་གཅོད་པ་ནི་འཇིག་རྟེན་པའི་ཆོས་མི་དགེ་བའོ། །མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྩུབ་མོ་དང༌། ངག་འཁྱལ་པ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་དང༌། ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། འཆབ་པ་དང༌། འཚིག་པ་དང༌། རྣམ་པར་འཚེ་བ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ང་རྒྱལ་དང༌། ལོག་པའི་ང་རྒྱལ་ཏེ། རབ་འབྱོར་དེ་དག་ནི་འཇིག་རྟེན་པའི་མི་དགེ་བའི་ཆོས་ཞེས་བརྗོད་དོ། །

ལུང་དུ་མ་བསྟན་པའི་ཆོས།


DTG082_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ལུང་དུ་མ་བསྟན་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུང་དུ་མ་བསྟན་པའི་ལུས་ཀྱི་ལས་དང༌། ལུང་དུ་མ་བསྟན་པའི་ངག་གི་ལས་དང༌། ལུང་དུ་མ་བསྟན་པའི་ཡིད་ཀྱི་ལས་དང༌། ལུང་དུ་མ་བསྟན་པའི་འབྱུང་བ་ཆེན་པོ་བཞི་དང༌། ལུང་དུ་མ་བསྟན་པའི་དབང་པོ་ལྔ་དང༌། ལུང་དུ་མ་བསྟན་པའི་སྐྱེ་མཆེད་དྲུག་དང༌། ལུང་དུ་མ་བསྟན་པའི་གཟུགས་མེད་པ་དང༌། ལུང་དུ་མ་བསྟན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང༌། རྣམ་པར་སྨིན་པ་ཐམས་ཅད་དེ། དེ་དག་ནི་ལུང་དུ་མ་བསྟན་པའི་ཆོས་ཞེས་བརྗོད་དོ། །

འཇིག་རྟེན་པའི་ཆོས།


DTG082_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དང༌། དགེ་བ་བཅུའི་ལས་ཀྱི་ལམ་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དང༌།


DTG082_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འཇིག་རྟེན་པའི་ཆོས་གཞན་གང༌། གཞན་ཡང་འཇིག་རྟེན་པའི་ཆོས་གང་དག་ཡིན་པ་སྟེ། འདི་དག་ནི་འཇིག་རྟེན་པའི་ཆོས་ཞེས་བརྗོད་དོ། །

འཇིག་རྟེན་ལས་འདས་པའི་ཆོས།


DTG082_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང༌། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང༌། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང༌། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་དང༌། རིག་པ་དང༌། རྣམ་པར་གྲོལ་བ་དང༌། དྲན་པ་དང༌། ཤེས་བཞིན་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། རྣམ་པར་ཐར་པ་བརྒྱད་དེ། བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་དོ་སྙམ་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཉེ་


DTG082_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡིད་དག་པར་འདས་ཏེ། འདུ་ཤེས་དང༌། ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། འདི་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། དགུ་གང་ཞེ་ན་འདི་ལྟ་སྟེ། འདོད་པས་དབེན་པ་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྣམ་པར་རྟོག་པ་མེད་པ་རྣམ་པར་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་དགའ་བ་མེད་པའི་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་


DTG082_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་དོ་སྙམ་པས་ཅུང་ཟད་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་པ་སྟེ། འདི་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་སྟེ། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱའོ། །

ཟག་པ་དང་བཅས་པའི་ཆོས།


DTG082_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཟག་པ་དང་བཅས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། དེ་དག་ནི་ཟག་པ་དང་བཅས་པའི་ཆོས་ཞེས་བྱའོ། །

ཟག་པ་མེད་པའི་ཆོས།


DTG082_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཟག་པ་མ་མཆིས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་ཟག་པ་མེད་པའི་


DTG082_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཞེས་བྱའོ། །

འདུས་བྱས་ཀྱི་ཆོས།


DTG082_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འདུས་བྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་བྱས་ཀྱི་ཆོས་ཞེས་བྱ་བ་ནི། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་དང༌། གཞན་ཡང་ཁམས་གསུམ་པར་མ་གཏོགས་པའི་ཆོས་གང་ཅུང་ཟད་ཡོད་པ་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །

འདུས་མ་བྱས་ཀྱི་ཆོས།


DTG082_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འདུས་མ་བྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དང༌། གནས་པ་ལས་གཞན་དུ་འགྱུར་བ་མི་མངོན་པ་སྟེ། འདི་ལྟ་སྟེ། འདོད་ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་མུག་ཟད་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། ཆོས་ཉིད། ཆོས་ཀྱི་དབྱིངས། ཆོས་གནས་པ་ཉིད། ཆོས་ངེས་པ་ཉིད། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་ཡང་དག་པའི་མཐའ་སྟེ། རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ། །

ཐུན་མོང་གི་ཆོས།


DTG082_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཐུན་མོང་གི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དག་སྟེ། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་གི་ཆོས་ཞེས་བྱའོ། །

ཐུན་མོངས་མ་ལགས་པའི་ཆོས།


DTG082_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཐུན་མོང་མ་ལགས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་ཕྱིར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་


DTG082_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆགས་པར་མི་བྱ་ཞིང༌། ཆོས་ཐམས་ཅད་ནི་གཉིས་སུ་མེད་པའི་ཚུལ་དུ་རྟོགས་པར་བྱའོ་ཞེས་བྱ་བ་ནི་སྒྲུབ་པའི་དམིགས་པ་བསྟན་པ་ཡིན་ནོ། །

སྒྲུབ་པའི་ཆེད་དུ་བྱ་བ།

སེམས་ཆེན་པོ།


DTG082_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་གང་བརྗོད་པ་ཅིའི་སླད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་བྱེད་པར་འགྱུར་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་མཆོག་ཉིད་དུ་བྱེད་པར་འགྱུར་བ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོ་ཞེས་བྱ་བ་ནི་འདི་ལྟ་སྟེ། རིགས་ཀྱི་ས་དང༌། བརྒྱད་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བར་དག་སྟེ། རབ་འབྱོར་དེ་ནི་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེའི་ཕུལ་བྱེད་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དོ། །སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་འགྱུར་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་བདག་གིས་འཁོར་བ་དཔག་ཏུ་མེད་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་བགོས་ནས་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱས་སོ། །


DTG082_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པར་བྱ་བ་ཡིན་ནོ། །བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མ་འདྲེས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །བདག་གིས་ཆོས་ཐམས་ཅད་རྗེས་སུ་རྟོགས་པ་ཐམས་ཅད་དུ་སོང་བ་ལ་བསླབ་པར་བྱའོ། །བདག་གིས་ཆོས་རྣམས་ཀྱི་ཚུལ་གཅིག་ཏུ་མངོན་པར་སྒྲུབ་པ་རྟོགས་པར་བྱའོ། །བདག་གིས་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་རྟོགས་པར་བྱ་བའི་དོན་དུ་ཆོས་རྣམས་ལ་བསླབ་པར་བྱའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མངོན་པར་སྒྲུབ་པ་རྟོགས་པའི་དོན་དུ་ཆོས་རྣམས་ལ་བསླབ་པར་བྱའོ། །བདག་གིས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་རྟོགས་པར་བྱ་བའི་དོན་དུ་ཆོས་རྣམས་ལ་བསླབ་པར་བྱའོ། །བདག་གིས་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མངོན་པར་སྒྲུབ་པ་རྟོགས་པར་བྱ་བའི་དོན་དུ་ཆོས་རྣམས་ལ་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དེ། རབ་འབྱོར་འདི་ནི་གང་ལ་གནས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གྱི་ཚོགས་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་མི་དམིགས་པའི་ཚུལ་གྱིས་བྱེད་པར་འགྱུར་བ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་སེམས་ཅན་དམྱལ་བ་པ་དང༌། བྱོལ་སོང་གི་སྐྱེ་གནས་པ་དང༌། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཇི་སྙེད་ཅིག་གིས་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་འགྱུར་བ་དེ་དག་གི་དོན་དུ་སྡུག་བསྔལ་གྱི་ཚོར་བ་དེ་བདག་གིས་ཉམས་སུ་མྱོང་བར་


DTG082_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་བསྐྱེད་པར་བྱ་བ་ནི། འདི་ལྟར་ཇི་སྲིད་དུ། སེམས་ཅན་དེ་དག་ཕུང་པོ་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་བདག་གིས་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་དེ་དག་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་པའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱའོ་སྙམ་ཞིང་ཚུལ་འདི་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དེ་དག་ཐམས་ཅད་ཉམས་སུ་མྱོང་བར་བྱས་ཏེ། དེ་ནས་གདོད་བདག་གི་དོན་དུ་དགེ་བའི་རྩ་བ་བསྐྱེད་དེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བྱང་ཆུབ་ཀྱི་ཚོགས་བསགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། རབ་འབྱོར་འདི་ནི་གང་གིས་སེམས་ཅན་གྱི་ཚོགས་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་བྱེད་པར་འགྱུར་པ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་བསྐྱེད་པ་གང་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་བྱ་བ་རླབས་པོ་ཆེའི་སེམས་སུ་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་རླབས་པོ་ཆེ་ནི་འདི་ཡིན་ཏེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་འདོད་ཆགས་ཀྱི་སེམས་མི་བསྐྱེད། ཞེ་སྡང་གི་སེམས་མི་བསྐྱེད། གཏི་མུག་གི་སེམས་མི་བསྐྱེད། བརྩེ་བའི་སེམས་མི་བསྐྱེད། ཉན་ཐོས་ཀྱི་སེམས་དང༌། རང་སངས་རྒྱས་ཀྱི་སེམས་ཀྱང་མི་བསྐྱེད་པ་གང་ཡིན་པ་སྟེ། རབ་འབྱོར་འདི་ནི་གང་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བྱེད་ཀྱང་དེས་རློམ་སེམས་སུ་མི་བྱེད་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་རླབས་པོ་ཆེའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་སྒུལ་


DTG082_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་དང་ལྡན་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་སྒུལ་བ་ཉིད་ནི་འདི་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱེད་ཅིང༌། དེས་རློམ་སེམས་སུ་མི་བྱེད་པ་གང་ཡིན་པ་སྟེ། རབ་འབྱོར་འདི་ནི་གང་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་འགྱུར་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་སྒུལ་བའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་བསྐྱེད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང༌། བདེ་བའི་སེམས་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་སྐྱོབ་ཅིང་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་གང་ཡིན་པ་དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་པ་གང་ཡིན་པ་སྟེ། རབ་འབྱོར་འདི་ནི་གང་ལ་གནས་ན་སེམས་ཅན་གྱི་ཚོགས་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་དེ་མི་དམིགས་པའི་ཚུལ་གྱིས་བྱེད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང༌། བདེ་བའི་སེམས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་ལ་དགའ་བ་དང༌། ཆོས་ལ་ཀུན་དགའ་བའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ལ་ཆོས་གང་ཞེ་ན། ཆོས་ཐམས་ཅད་དབྱེར་མེད་པ་གང་ཡིན་པ་སྟེ། འདི་ནི་ཆོས་ཞེས་བྱའོ། །དེ་ལ་ཆོས་ལ་དགའ་བ་གང་ཞེ་ན། ཆོས་ལ་མངོན་པར་དགའ་བ་གང་ཡིན་པ་སྟེ། འདི་ནི་ཆོས་ལ་དགའ་བ་ཞེས་བྱའོ། །དེ་ལ་ཆོས་ལ་ཀུན་དགའ་བ་གང་ཞེ་ན། ཆོས་སྒོམ་ཞིང་མང་དུ་བྱེད་པ་གང་ཡིན་པ་སྟེ། འདི་ནི་ཆོས་ལ་ཀུན་དགའ་བ་ཞེས་བྱའོ། །དེ་ལ་ཆོས་ལ་དགའ་བ་དང༌། ཀུན་དགའ་བའི་རྣལ་འབྱོར་ལ་བརྩོན་པ་གང་ཞེ་ན། མངོན་པར་སྦྱོར་བ་སྟེ། འདི་ནི་ཆོས་ལ་དགའ་བ་དང༌། ཆོས་ལ་ཀུན་དགའ་བའི་རྣལ་འབྱོར་ལ་བརྩོན་པ་ཞེས་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་འགྱུར་བ་དེ་མི་དམིགས་པའི་


DTG082_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་འགྱུར་བར་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་འགྱུར་བར་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས། ནམ་མཁའ་ལྟར་ཆགས་པ་མེད་པས། རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་འགྱུར་བར་མི་དམིགས་པའི་ཚུལ་གྱིས་བྱ་སྟེ། རབ་འབྱོར་ཆོས་དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་འདི་དག་ལ་གནས་ཏེ། སེམས་ཅན་གྱི་ཚོགས་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་འགྱུར་བར་བྱ་བ་ཡིན་ནོ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་སེམས་དཔའི་སེམས་ཆེན་པོ་ཉིད་དོ། །

སྤོང་པ་ཆེན་པོ།


DTG082_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་


DTG082_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དོན་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བརྗོད་པ་ལ་ཁྱོད་སྤོབས་པར་བྱོས་ཤིག །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་ཏུ་ལྟ་བ་དང༌། སེམས་ཅན་དུ་ལྟ་བ་དང༌། སྲོག་ཏུ་ལྟ་བ་དང༌། སྐྱེ་བ་པོར་ལྟ་བ་དང༌། གསོ་བར་ལྟ་བ་དང༌། སྐྱེས་བུར་ལྟ་བ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོར་ལྟ་བ་དང༌། ཆད་པར་ལྟ་བ་དང༌། རྟག་པར་ལྟ་བ་དང༌། ཡོད་པར་ལྟ་བ་དང༌། མེད་པར་ལྟ་བ་དང༌། ཕུང་པོར་ལྟ་བ་དང༌། ཁམས་སུ་ལྟ་བ་དང༌། སྐྱེ་མཆེད་དུ་ལྟ་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བར་ལྟ་བ་དང༌། ཕ་རོལ་ཏུ་ཕྱིན་པར་ལྟ་བ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུ་ལྟ་བ་དང༌། སྟོབས་དང༌། མི་འཇིགས་པར་ལྟ་བ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་ལྟ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་ལྟ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་ལྟ་བ་དང༌། བྱང་ཆུབ་རྣམ་པར་རྟོག་པར་ལྟ་བ་དང༌། སངས་རྒྱས་སུ་ལྟ་བ་དང༌། ཆོས་སུ་ལྟ་བ་དང༌། དགེ་འདུན་དུ་ལྟ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་རྣམས་ཏེ། ལྟ་བ་འདི་དག་ཐམས་ཅད་རབ་ཏུ་སྤང་བའི་སླད་དུ། སེམས་ཅན་རྣམས་ལ་ཆོས་སྟོན་པར་བགྱིད་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་བགྱིད་དེ། དེའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་ལྟ་བར་འགྱུར་བ་ཡིན། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཐབས་མི་མཁས་པས་གཟུགས་སུ་དམིགས་ཤིང༌། དམིགས་པའི་ཚུལ་


DTG082_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལྟ་བ་བསྐྱེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། དེ་བཞིན་དུ་རྒྱ་ཆེར་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བར་སོ་སོ་བ་དང༌། བསྡུས་པའི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། ཡི་གེ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །ཚེ་དང་ལྡན་པ་རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་ལྟ་བར་འགྱུར་བ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས། ལྟ་བའི་རྣམ་པ་དེ་དག་སྤང་བའི་ཕྱིར། མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཏོ་ཞེས་བྱ་བ་ནི་སྤོང་བ་ཆེན་པོ་ཉིད་དོ། །

རྟོགས་པ་ཆེན་པོ།


DTG082_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DTG082_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་སྤོབས་པ་སྐྱེད་ཅིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་དང་མི་མཉམ་པ་དང༌། མཉམ་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས། ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པའི་སེམས་གང་ལགས་པ་དེ་ལ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ། ཆགས་པ་མ་མཆིས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བའི་གྲངས་སུ་མཆིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་དེ་ནི་སེམས་མ་ལགས་ཏེ། དེས་ན་དེ་ལ་ཆགས་པ་མ་མཆིས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་མཉམ་པ་དང་མཉམ་པ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་འགའ་ཡང་སྐྱེ་བའམ། འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འཕེལ་བའམ། འགྲིབ་པའམ། འོང་བའམ། འགྲོ་བ་འམ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་དང༌། འཕེལ་བ་མེད་ཅིང་འགྲིབ་པ་མེད་པ་དང༌། འོང་བ་མེད་ཅིང་འགྲོ་བ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དེ་ལ་ཉན་ཐོས་ཀྱི་སེམས་མེད་དོ། །རང་སངས་རྒྱས་ཀྱི་སེམས་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་མི་མཉམ་པ་དང་མཉམ་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་སོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མེད་པ་ཁོང་དུ་ཆུད་པ་མེད་པའི་


DTG082_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དེ་ལ་ཡང་ཆགས་པ་མེད་དོ་ཞེས་གང་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ལ་ཆགས་པ་མེད་པ་ཡིན་ནམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་ཡང་ཆགས་པ་མེད་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་ཆགས་པ་མེད་པ་ཡིན་ནམ། སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། གཟུགས་ཀྱང་ཆགས་པ་མེད་པའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་ཆགས་པ་མེད་པའོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་བར་ཡང་ཆགས་པ་མེད་པའོ། །བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་ཆགས་པ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ཡང་ཆགས་པ་མེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཡང་ཆགས་པ་མེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་ཆགས་པ་མེད་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ཡང་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པ་ཞེས་གང་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་མ་གཏོགས་པ་ཡིན་ནམ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སེམས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུམ་གཏོགས་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་དེ་བཞིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཐུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་ཡིན་ན། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་


DTG082_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཁོངས་སུ་མ་གཏོགས་པ་ཡིན་ནམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་མ་གཏོགས་པ་ཡིན་ནམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་སེམས་མེད་པའི་ཕྱིར་སེམས་དེ་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱང་གཟུགས་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། ཚོར་བ་ཡང་ཚོར་བ་མེད་པ་ལ་ཆགས་པ་མེད་པ་ཡིན་ན། འདུ་ཤེས་ཀྱང་འདུ་ཤེས་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། འདུ་བྱེད་རྣམས་ཀྱང་འདུ་བྱེད་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པ་ལ་ཆགས་པ་མེད་པ་ཡིན་ནམ། སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་སྐད་སྨས་པ་དེ་དེ་


DTG082_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ཀྱང་གཟུགས་མེད་པ་ལ་ཆགས་པ་མེད་པ་ཡིན་ནོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །དེ་བཞིན་དུ་ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་།འབྱུང་བ་སོ་སོ་བ་དང༌། བསྡུས་པ་རྣམས་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་མེད་པ་ལ་ཆགས་པ་མེད་དོ། །ཕ་རོལ་ཏུ་ཕྱིན་པ་དང༌། མངོན་པར་ཤེས་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད་པ་ལ་ཆགས་པ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་དེས་ཀྱང་ཆོས་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་རློམ་སེམས་སུ་འགྱུར་བ་མེད་མངོན་པར་ཆགས་པར་འགྱུར་བ་མེད་དེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་རྟོགས་པ་ཆེན་པོ་ཉིད་དོ། །འདི་དག་གིས་ནི་སྒྲུབ་པའི་ཆེད་དུ་བྱ་བ་བསྟན་ཏོ། །

གོ་ཆའི་སྒྲུབ་པ།

དང་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པའི་གོ་ཆ།


DTG082_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་སྤོབས་པ་སྐྱེད་ཅིག །གང་པོས་གསོལ་པ། བཅོམ་ལྡན་འདས་དེ་ནི་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་ལགས་ཏེ། བཅོམ་ལྡན་འདས་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་ལགས་ལ། དེ་ནི་ཐེག་པ་ཆེན་པོར་ཡང་དག་པར་གནས་པའི་སེམས་ཅན་ལགས་ཏེ། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་


DTG082_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་བགོས་ཞེས་བྱ། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ན་སེམས་ཅན་ཉུང་ཟད་ཉི་ཆེ་ཞིག་གི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་བ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་སྦྱིན་པ་ཡོངས་སུ་གཏོང་ངོ༌། །དེ་བཞིན་དུ་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ན་སེམས་ཅན་ཉི་ཚེ་བ་ཞིག་གི་དོན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མ་ཡིན་གྱི་འོན་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་འདི་སྙེད་ཅིག་ནི་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་ཡོངས་སུ་མྱ་ངན་ལས་བཟླ་བར་མི་བྱའོ་ཞེའམ། སེམས་ཅན་འདི་སྙེད་ཅིག་ནི་བྱང་ཆུབ་ཏུ་དགོད་པར་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་བྱང་ཆུབ་ཏུ་དགོད་པར་མི་བྱའོ་ཞེས་སེམས་ཅན་ཡོངས་སུ་བཅད་པས་གོ་ཆ་མི་གྱོན་གྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་གྱོན་ཏོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་འདི་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །བདག་གིས་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །དེ་བཞིན་དུ་བདག་གིས་ཀྱང་


DTG082_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཆོས་རྣམས་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བསྒོམ་པར་བྱ། གཞན་ཡང་དེ་དག་ལ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྦྱར་བར་བྱའོ་ཞེས་བྱ་བར་སེམས་བསྐྱེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་བ་ཞེས་བྱ་བ་ནི་བསྒྲུབ་པའི་རང་གི་ངོ་བོ་ཡིན་ནོ།། །བམ་པོ་བཅུ་བཞི་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཡོངས་སུ་གཏོང་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་ཡོངས་སུ་གཏོང་ཞིང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ཡིད་ལ་བྱེད་པ་སྤོང་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་གཏོང་བ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཆོས་དེ་དག་ལ་བརྗོད་པ་དང༌། མོས་པ་དང༌། རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། སྦྱིན་པ་


DTG082_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཏོང་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བརྩོན་འགྲུས་མི་གཏོང་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་བ་ན་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སེམས་རྩེ་གཅིག་ཏུ་བྱེད་ཅིང་དེ་ལ་དམིགས་པ་གཅིག་པས་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་སེམས་བསྐྱེད་པ་རྣམས་ཀྱི་གོ་མི་འབྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། སྦྱིན་པ་པོ་ཡང་མི་དམིགས། ལེན་པ་པོ་ཡང་མི་དམིགས། སྦྱིན་པར་བྱ་བ་ཡང་མི་དམིགས་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་མཚན་མར་མི་བྱེད་ཅིང་མི་དམིགས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའི་གོ་ཆ་ཆེན་པོ་བགོས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་གོ་ཆ་སྟེ་དང་པོའོ། །

གཉིས་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པའི་གོ་ཆ།


DTG082_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ལ་ཡང་མོས་པ་མི་བསྐྱེད་ན། སོ་སོའི་སྐྱེ་བོའི་ས་ལ་ལྟ་སྨོས་ཀྱང་ཅི་དགོས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཆོས་དེ་དག་ལ་བཟོད་པ་དང༌། མོས་པ་དང༌། རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བརྩོན་འགྲུས་ཉམས་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གནས་པའི་ཚེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སེམས་ཀྱི་གོ་མི་འབྱེད་ཅིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་


DTG082_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཤིང༌། ཚུལ་ཁྲིམས་དེས་རློམ་སེམས་སུ་མི་བྱེད་དེ། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཚུལ་ཁྲིམས་དེ་ཡང་མི་དམིགས་ཤིང༌། དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་གོ་ཆ་སྟེ་གཉིས་པའོ། །

གསུམ་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པའི་གོ་ཆ།


DTG082_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་གཏོང་ཞིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་ཡོངས་སུ་བསྲུང་ཞིང༌། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་


DTG082_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཆོས་དེ་དག་ལ་བཟོད་པ་དང་ངེས་པ་དང༌། རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། བརྩོན་འགྲུས་ཉམས་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། བཟོད་པ་དེས་རློམ་སེམས་སུ་མི་བྱེད་ཅིང༌། བཟོད་པ་མི་དམིགས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་


DTG082_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པའི་གོ་ཆ་སྟེ་གསུམ་པའོ། །

བཞི་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པའི་གོ་ཆ།


DTG082_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་ཡོངས་སུ་གཏོང་ཞིང༌། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་བསྲུང་ཞིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཆོས་དེ་དག་ལ་དེ་ལྟར་བཟོད་པ་དང༌། མོས་པ་དང༌། རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང༌། རང་སངས་


DTG082_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་ཉམས་པར་མི་བྱེད་ཅིང༌། བརྟུན་མི་འདས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ན་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཏེ། བརྩོན་འགྲུས་དེས་རློམ་སེམས་སུ་མི་བྱེད་ཅིང༌། བརྩོན་འགྲུས་དེ་ཡང་མི་དམིགས་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་གོ་ཆ་སྟེ་བཞི་པའོ། །

ལྔ་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པའི་གོ་ཆ།


DTG082_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་


DTG082_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་ཡོངས་སུ་གཏོང་ཞིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་བསྲུང་ཞིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བཟོད་པ་ཡོངས་སུ་བསྒོམ་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། བརྩོན་འགྲུས་ཉམས་པར་མི་བྱེད་དེ། དེའི་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་


DTG082_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སེམས་རྩེ་གཅིག་ཏུ་བྱེད་དེ། དེ་ལ་དམིགས་པ་གཅིག་པའི་ཕྱིར་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་རྣམས་ཀྱི་གོ་མི་འབྱེད་ཅིང༌། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་ན། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས། ཆོས་ཐམས་ཅད་སྒྱུ་མའི་རྣམ་པའི་འདུ་ཤེས་ཉེ་བར་གནས་ཏེ། བསམ་གཏན་དེས་ཀྱང་རློམ་སེམས་སུ་མི་བྱེད་ཅིང༌། བསམ་གཏན་དེ་ཡང་མི་དམིགས་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་གོ་ཆ་སྟེ་ལྔ་པའོ། །

དྲུག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པའི་གོ་ཆ།


DTG082_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་


DTG082_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་འཁོར་གསུམ་ཡོངས་སུ་དག་པས་སྦྱིན་པ་ཡོངས་སུ་གཏོང་ཞིང༌། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་ཡོངས་སུ་བསྲུང་ཞིང༌། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཆོས་དེ་དག་ལ་དེ་ལྟར་བཟོད་ལ་མོས་ཤིང་རྟོག་པ་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བརྩོན་འགྲུས་ཉམས་པར་མི་བྱེད་ཅིང༌། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་


DTG082_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སེམས་རྩེ་གཅིག་ཏུ་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་དེ། དེ་ཡང་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། ཆོས་ཐམས་ཅད་ལ་སྒྱུ་མ་དང༌། རྨི་ལམ་དང༌། མིག་ཡོར་དང༌། བྲག་ཅ་དང༌། གཟུགས་བརྙན་དང༌། སྤྲུལ་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་དང༌། སེམས་ཅན་དང༌། བྱང་ཆུབ་ལ་མཚན་མར་མི་བྱེད། མི་དམིགས་པ་དེ་ལྟར་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གོ་ཆ་ཆེན་པོ་བགོས་པར་འགྱུར་བ་ཡིན་ནོ། །ཚེ་དང་


DTG082_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཤཱ་རིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་རེ་རེས་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པའི་གོ་ཆ་སྟེ་དྲུག་པའོ། །

འཇུག་པའི་སྒྲུབ་པ།

བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་ལྡན་པའི་འཇུག་པ།


DTG082_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་རྣམས་ལ་སྙོམས་པར་འཇུག་པར་བྱེད་ཀྱང་བསམ་གཏན་རྣམས་ཀྱི་རོ་མྱོང་བར་མི་བྱེད། དེ་དག་གིས་འཕྲོག་པར་ཡང་མི་འགྱུར་ཏེ། དེ་དག་གི་དབང་གིས་སྐྱེ་བ་ཡང་མ་ཡིན། དེ་བཞིན་དུ་ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པར་བྱེད་ཀྱང་དེ་དག་གི་རོ་མྱོང་བར་མི་བྱེད། དེ་དག་གིས་འཕྲོག་པར་ཡང་མི་འགྱུར། དེ་དག་གི་དབང་གིས་སྐྱེ་བ་ཡང་མ་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཏུ་ཕྱིན་པ་དང་ལྡན་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་མཐོང་བས་གནས་ཀྱང་ཡང་དག་པའི་མཐའ་སྔོན་དུ་བྱེད་པ་མ་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའི་གོ་ཆ་ཆེན་པོ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་དེས་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གོ་ཆ་ཆེན་པོ་བགོས་པ་ལ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང༌། མིང་ཡོངས་སུ་སྒྲོགས་པར་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ་ཞེས་བྱ་བ་ནི་དྲུག་


DTG082_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོ་ཆའི་མཇུག་བསྡུ་བའོ། །གོ་ཆའི་སྒྲུབ་པ་བསྟན་ཟིན་ཏོ།། །།ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་འཇུག་པ་དང༌། ཐེག་པ་ཆེན་པོ་ལ་འཛེག་པར་འགྱུར་བ་ཡིན། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདོད་པས་དབེན་པ་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་དང་གཟུགས་མེད་པའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་ན། ནམ་མཁའི་རྣམ་པ་དང༌། རྟགས་དང༌། མཚན་མས་མཉམ་པར་འཇོག་ཅིང་ལྡང་བ་ན་དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བསམ་གཏན་བཞི་ལ་སྙོམས་པར་འཇུག་པར་བྱེད། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་སྙོམས་པར་འཇུག་པར་བྱེད། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་འདི་དག་དང༌།


DTG082_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་གིས་གནས་ཤིང༌། དེ་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་ལ་སྙོམས་པར་འཇུག་པ་དང་ལྡན་པ་ན། ནམ་མཁའི་རྣམ་པ་དང༌། རྟགས་དང༌། མཚན་མ་ཡིད་ལ་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་དགེ་བའི་རྩ་བ་དེ་དང་གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཐེག་པ་ཆེན་པོ་ལ་རབ་ཏུ་ཞུགས་པ་ཡིན་ནོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ་ཞེས་བྱ་བ་ནི་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་ལྡན་པའི་འཇུག་པ་ཡིན་ནོ། །

ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ།


DTG082_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རབ་ཏུ་སྤང་པའི་ཕྱིར་ཆོས་བསྟན་པར་བྱའོ་སྙམ་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དེ་དག་གིས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་སྙོམས་པར་གཞོག་ཅིང་རྣམ་པར་ལྡང་བ་ཡང་འདི་ལྟ་སྟེ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་སེམས་སམ། སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འཛིན་པ་མེད་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་


DTG082_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་འཇུག་པ་དེ་དག་གིས་གནས་པ་ན་འདི་སྙམ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ་སྙམ་དུ་སེམས་ཤིང་ཡིད་ལ་བྱེད་པ་དེ་དག་ལ་འདོད་པ་དང༌། བཟོད་པ་དང༌། ཉེ་བར་རྟོག་པ་དང༌། རྟོགས་པ་དང༌། ངེས་པར་སེམས་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་རྣམ་པར་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་དོན་དང༌། ཕན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར། བརྩོན་འགྲུས་མི་གཏོང་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང༌། གཟུགས་མེད་པ་ལ་སྙོམས་པར་འཇུག་ཀྱང༌། མི་དམིགས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང་པོའི་ཡན་ལག་དང༌། བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པའི་ཡན་ལག་རྣམས་ལ་མི་རྟག་པའི་རྣམ་པ་དང༌། སྡུག་བསྔལ་བའི་རྣམ་པ་དང༌། བདག་མེད་པའི་རྣམ་པ་དང༌། ཞི་བའི་རྣམ་པ་དང༌། སྟོང་པའི་རྣམ་པ་དང༌། མཚན་མ་མེད་པའི་རྣམ་པ་དང༌། སྨོན་པ་མེད་པའི་རྣམ་པར་རབ་ཏུ་རྟོགས་ཀྱང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་མི་དམིགས་ཤིང་དེ་དག་གིས་རློམ་སེམས་སུ་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་ཡིན་ནོ། །

འཕགས་པའི་ལམ་ལ་འཇུག་པ།


DTG082_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་དང༌། རྣམ་པ་ཐམས་ཅད་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྒོམ་པ་དང༌། རྣམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པར་བྱེད་པ་འདི་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་འཕགས་པའི་ལམ་ལ་འཇུག་པའོ། །

ཚད་མེད་པ་ལ་འཇུག་པ།


DTG082_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བྱམས་པ་དང་ལྡན་པའི་སེམས་ཡངས་པ། རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ། ཁོ་ན་མེད་པ། འགྲན་ཟླ་མེད་པ། སྒྲིབ་པ་མེད་པ། གནོད་པ་མེད་པ། ཐམས་ཅད་དུ་སོང་བ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་གི་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ཁྱབ་པར་བྱས་ཤིང༌། ཉེ་བར་བསྒྲུབས་ནས་གནས་པ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་ཁྱབ་པར་བྱས་ཤིང་ཉེ་བར་བསྒྲུབས་ནས་གནས་སོ། །དེ་སྙིང་རྗེ་དང་ལྡན་པ་དང༌། དགའ་བ་དང་ལྡན་པ་དང༌། བཏང་སྙོམས་དང་ལྡན་པའི་སེམས་ཡངས་པ། རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ། ཁོ་ན་མེད་པ། འགྲན་ཟླ་མེད་པ། སྒྲིབ་པ་མེད་པ། གནོད་པ་མེད་པ། ཐམས་ཅད་དུ་སོང་བ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་གི་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ཁྱབ་པར་བྱས་ཤིང༌། ཉེ་བར་བསྒྲུབས་ནས་གནས་པ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་བར་དུ་ཁྱབ་པར་བྱས་ཤིང་ཉེ་བར་བསྒྲུབས་ནས་གནས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་བདག་གིས་སེམས་ཅན་ཐམས་


DTG082_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཡོངས་སུ་བསྐྱབ་པར་བྱའོ་ཞེས་དེ་ལ་གཞོལ་བར་བྱེད། སྙིང་རྗེའི་ཏིང་ངེ་འཛིན་ལ་མཉམ་པ་འཇོག་ཅིང༌། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང༌། སྙིང་བརྩེ་བ་ལ་གཞོལ་བར་བྱེད། དགའ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང༌། བདག་ཉིད་ཀྱིས་སེམས་ཅན་དགའ་བར་བྱའོ་ཞེས་སེམས་ཅན་རྣམས་ལ་གཞོལ་བར་བྱེད། བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང༌། སེམས་ཅན་རྣམས་ཟག་པ་ཟད་པ་ལ་རབ་ཏུ་གཞོལ་བར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། ཚད་མེད་པ་རྣམས་ཀྱི་རྣམ་པ་དང༌། རྟགས་དང་མཚན་མ་ལ་མཉམ་པར་གཞོག་ཅིང༌། རྣམ་པར་ལྡང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་མ་གཏོགས་པར་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འཛིན་པ་མེད་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་མ་འདྲེས་པར་རྣམ་པར་སྤྱོད་ཅིང༌། ས་གཉིས་པོ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་འདོད་པ་མི་བསྐྱེད་ཀྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བཟོད་པ་དང༌། འདོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི་དགེ་བའི་ཆོས་རྣམས་རབ་ཏུ་སྤང་བ་དང༌། དགེ་བའི་ཆོས་ཕུན་སུམ་ཚོགས་པར་བྱ་བའི་དོན་དུ་བརྩོན་འགྲུས་མི་གཏོང་བས་རྣམ་པར་སྤྱོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་ཡང་མཉམ་པར་འཇོག་ལ།


DTG082_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་སྐྱེ་ཞིང༌། དེ་དག་གི་རོ་མྱོང་བར་བྱེད་པ་ཡང་མེད་ལ། དེ་དག་གིས་འཕྲོགས་པར་ཡང་མི་འགྱུར་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་ཡང་མཉམ་པར་འཇོག་ཅིང༌། རྣམ་པར་ལྡང་བ་ལ། དེ་དག་ལ་མི་རྟག་པའི་རྣམ་པ་དང༌། སྡུག་བསྔལ་བའི་རྣམ་པ་དང༌། བདག་མེད་པའི་རྣམ་པ་དང༌། ཞི་བའི་རྣམ་པ་དང༌། སྟོང་པའི་རྣམ་པ་དང༌། མཚན་མ་མེད་པའི་རྣམ་པ་དང༌། སྨོན་པ་མེད་པའི་རྣམ་པར་རབ་ཏུ་རྟོག་ཀྱང་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སྐྱོན་མེད་པར་འཇུག་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚད་མེད་པ་རྣམས་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཚད་མེད་པ་ལ་འཇུག་པའོ། །

མི་དམིགས་པ་ལ་སྦྱོར་བའི་འཇུག་པ།


DTG082_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། གང་ནང་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། ཕྱི་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་པ་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་པ་གང་ཡིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། ཆོས་ཐམས་ཅད་ལ་སེམས་རྣམ་པར་གཡེང་བ་མེད་པར་མཉམ་པར་གཞག་པའི་ཤེས་པ་གང་ཡིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་


DTG082_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་རྟག་ཅེས་བྱ་བར་ཤེས་པ་མི་འཇུག །མི་རྟག་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། བདག་དང༌། བདག་མེད་པ་དང༌། ཞི་བ་དང༌། མ་ཞི་བ་ཞེས་བྱ་བ་དང༌། སྟོང་པ་དང༌། མི་སྟོང་པ་དང༌། མཚན་མ་ཡོད་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་ཡོད་པ་དང༌། སྨོན་པ་མེད་ཅེས་བྱ་བར་ཤེས་པ་མི་འཇུག་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་འདས་པའི་དུས་ལ་ཤེས་པ་མི་འཇུག །མ་འོངས་པ་དང༌། ད་ལྟར་གྱི་དུས་ལ་ཤེས་པ་འཇུག་པར་མི་བྱེད་དེ། དེ་གསུམ་པོ་འདི་གསུམ་ལ་མི་དམིགས་པའི་ཚུལ་གྱིས་ཤེས་པ་མི་འཇུག་པ་འདི་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདོད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད། གཟུགས་དང་གཟུགས་མེད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད་དེ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་ལ་དེ་མི་དམིགས་པའི་ཚུལ་གྱིས་ཤེས་པ་འཇུག་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་ལ་ཤེས་པ་འཇུག་པར་མི་བྱེད་དེ། དེ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་མི་ཤེས་པ་ཡང་མེད། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་རྣམས་ལ་དེ་མི་དམིགས་པའི་ཚུལ་གྱིས་ཤེས་པ་མི་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་མི་དམིགས་པ་ལ་སྦྱོར་བའི་འཇུག་པའོ། །

འཁོར་གསུམ་ཡོངས་སུ་དག་པ་ལ་འཇུག་པ།


DTG082_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཞུགས་པ་ཞེས་བྱ། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཛེག་ཀྱང༌། དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་ཏེ། སྦྱིན་པ་པོ་དང༌། ལེན་པ་པོ་དང༌། སྦྱིན་པ་རྣམས་མི་དམིགས་པའི་ཚུལ་གྱིས་དམིགས་སུ་མེད་པ་དེ་ལྟ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འཛེག་ཀྱང་དེ་མི་དམིགས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཛེག་ཀྱང་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བྱང་ཆུབ་སེམས་དཔའ་མི་དམིགས། ཡིད་ལ་བྱེད་པ་མི་དམིགས་པའི་ཚུལ་གྱིས་དམིགས་སུ་མེད་པ་དེ་ལྟར་ན་ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པ་ལ་འཇུག་པའོ། །

ཆེད་དུ་བྱ་བ་ལ་འཇུག་པ།


DTG082_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་སྒོམ་པ་རྣམ་པར་གཞིག་པའི་དོན་དུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་དམིགས་པའི་ཚུལ་གྱིས་སྒོམ་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་མ་འདྲེས་པས་སྒོམ་པ་རྣམ་པར་གཞིག་པའི་དོན་དུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་དེ་མི་དམིགས་པའི་ཚུལ་གྱིས་སྒོམ་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DTG082_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་སྒོམ་པ་རྣམ་པར་གཞིག་པའི་དོན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དེ་མི་དམིགས་པའི་ཚུལ་གྱིས་སྒོམ་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བྱ་བ་དེ་ལྟར་ཤེས་སོ། །གཟུགས་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། གཟུགས་ཞེས་བྱ་བར་ཤེས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བར་དེ་ལྟར་ཤེས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དམིགས་སུ་མེད་པའི་ཕྱིར། འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བར་ཤེས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་དེ་ལྟར་ཤེས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཤེས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཞེས་བྱ་བར་ཤེས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་


DTG082_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱ་བར་ཤེས་སོ། །ནང་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། ནང་སྟོང་པ་ཉིད་ཅེས་བྱ་བར་ཤེས་སོ། །ཕྱི་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། ཕྱི་སྟོང་པ་ཉིད་ཅེས་བྱ་བར་ཤེས་སོ། །ཕྱི་ནང་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་ཤེས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་ཤེས་སོ། །དེ་བཞིན་ཉིད་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། དེ་བཞིན་ཉིད་ཅེས་བྱ་བར་ཤེས་སོ། །མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། ཡང་དག་པའི་མཐའ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། ཡང་དག་པའི་མཐའ་ཞེས་བྱ་བར་ཤེས་སོ། །བྱང་ཆུབ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བར་ཤེས་སོ། །སངས་རྒྱས་དམིགས་སུ་མེད་པའི་ཕྱིར། འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། སངས་རྒྱས་ཞེས་བྱ་བར་ཡང་དག་པར་ཤེས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ་ཞེས་བྱ་བ་ནི་ཆེད་དུ་བྱ་བ་ལ་འཇུག་པའོ། །

མངོན་པར་ཤེས་པ་ལ་འཇུག་པ།


DTG082_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དང༌། སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་གང་ལ་མཆོད་པ་དང་བཀུར་སྟི་གང་བྱ་བར་འོས་པའི་མཆོད་པས། སངས་རྒྱས་


DTG082_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྣམས་ལ་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཀྱང་ཆོས་ཉན་ཏེ། འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་ཉིད་དོ། །དེ་བྱང་ཆུབ་སེམས་དཔའི་ཐེག་པ་དེ་ལ་འཛེགས་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང༌། དེ་ལ་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་ཀྱང་མི་འབྱུང༌། སེམས་ཅན་གྱི་འདུ་ཤེས་ཀྱང་མི་འབྱུང༌། སངས་རྒྱས་ཀྱི་འདུ་ཤེས་ཀྱང་མི་འབྱུང་ངོ༌། །དེ་གཉིས་སུ་མེད་པའི་ས་ལ་གནས་ཤིང༌། ལུས་ཇི་ལྟ་བུས་སེམས་ཅན་རྣམས་ཀྱི་དོན་བྱ་བའི་མཐུ་ཡོད་པ་དེ་ལྟ་བུའི་ལུས་ཆེད་དུ་བསམ་ཞིང་ཡོངས་སུ་འཛིན་ཏོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་མ་གྱུར་གྱི་བར་དུ་ཐེག་པ་ཆེན་པོ་དེ་དང་ནམ་ཡང་མི་འབྲལ་ལོ་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལ་འཇུག་པའོ། །

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ།


DTG082_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་དང་བཅས་པའི་འཇིག་རྟེན་གྱིས་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་རོ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང༌། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེ་གེ་མོ་ཞེས་བྱ་བ་ཞིག་ཐེག་པ་ཆེན་པོ་བླ་ན་མེད་པའི་ཐེག་པ་ཐེག་པའི་མཆོག་ལ་འཛེགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་བརྗོད་པ་མཛད་དོ། །དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་


DTG082_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང༌། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང༌། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེ་གེ་མོ་ཞེས་བྱ་བ་ཞིག །ཐེག་པ་ཆེན་པོ་བླ་ན་མེད་པའི་ཐེག་པ་ཐེག་པའི་མཆོག་ལ་འཛེགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་བརྗོད་པ་མཛད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་འཛེག་པ་ཞེས་བྱའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའོ། །འདི་དག་གིས་ནི་འཇུག་པའི་སྒྲུབ་པ་བསྟན་ཏོ།། །།

ཚོགས་ཀྱི་སྒྲུབ་པ།

སྙིང་རྗེའི་ཚོགས།


DTG082_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་པ། གོ་ཆ་ཆེན་པོ་བགོས་པ་ཞེས་བརྗོད་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་བགོས་ཞེས་བགྱི་བ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོའི་གོ་ཆ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་གོ་ཆ་བགོས། ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཕྱི་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཕྱི་ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་གོ་ཆ་བགོས། དྲན་པ་ཉེ་བར་གཞག་པའི་གོ་ཆ་བགོས། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་གྱི་


DTG082_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཆ་བགོས། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པའི་གོ་ཆ་བགོས། མངོན་པར་ཤེས་པ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་གོ་ཆ་བགོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་ཆ་བགོས། སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་རྒྱས་པར་བཀང་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །ལྷོ་ཕྱོགས་དང༌། ནུབ་ཕྱོགས་དང༌། བྱང་ཕྱོགས་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་པས་རྒྱས་པར་འགེངས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པར་འགྱུར་བ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པར་འགྱུར་བ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །ལྷོ་ཕྱོགས་དང༌། ནུབ་ཕྱོགས་དང༌། བྱང་ཕྱོགས་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པར་འགྱུར་བ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །དེས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བའི་མེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཤིང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡུག་བསྔལ་རབ་ཏུ་བཅིལ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ །དེའི་ཚེ་སེམས་ཅན་དམྱལ་བ་བའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང༌། བདེ་བ་ཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ༌། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་


DTG082_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དང༌། དེ་དང་དེ་དག་ཏུ་སྐྱེས་ཏེ། ལྷ་དང་མིའི་སྐྱེ་བ་ཡོངས་སུ་འཛིན་ཏོ། །དེ་བཞིན་དུ་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་དང༌། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་དེ་དག་ནས་རྣམ་པར་ལྡང་ངོ༌། །དེ་དག་བྱོལ་སོང་གི་སྐྱེ་གནས་དང༌། འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་སྟེ། ལྷ་དང་མིའི་སྐྱེ་བ་ཡོངས་སུ་འཛིན་ཏོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དག་ཅིག་མངོན་པར་སྤྲུལ་ལ། དེ་ལྟར་མངོན་པར་སྤྲུལ་ནས་ངན་སོང་གི་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་སྒྲོགས་པར་གྱུར་ཏེ། དེ་ནས་སྤྲུལ་པ་དེ་དག་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་ངེས་སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དེ་དང་དེ་དག་ལས་རྣམ་པར་ལངས་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་དང༌། སྒྱུ་མའི་མཁན་པོའི་མཆན་བུ་དེ་སེམས་ཅན་གང་ཡང༌། སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་བླང་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་བཀྲོལ་ཡང་སེམས་ཅན་གང་ཡང་ཡོངས་སུ་གྲོལ་བར་བྱས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་


DTG082_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བགོས་ཞེས་བྱའོ་ཞེས་བྱ་བ་ནི་སྙིང་རྗེའི་ཚོགས་སོ། །

སྤྱིན་པའི་ཚོགས།


DTG082_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཻ་ཌཱུཪྻའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་པར་བྱེད་དོ། །དེ་ལྟར་བཻ་ཌཱུཪྻའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་ནས། འཁོར་ལོས་སྒྱུར་པའི་བཀོད་པ་མངོན་པར་སྤྲུལ་པར་བྱེད་དོ། །དེ་ལྟར་འཁོར་ལོས་སྒྱུར་བའི་བཀོད་པ་མངོན་པར་སྤྲུལ་ནས། ཟས་འདོད་པ་རྣམས་ལ་ཟས་ཀྱི་སྦྱིན་པ་བྱེད་དོ། །སྐོམ་འདོད་པ་རྣམས་ལ་སྐོམ། བཞོན་པ་འདོད་པ་རྣམས་ལ་བཞོན་པ། གོས་འདོད་པ་རྣམས་ལ་གོས། མེ་ཏོག་འདོད་པ་རྣམས་ལ་མེ་ཏོག །ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ། སྤོས་འདོད་པ་རྣམས་ལ་སྤོས། བྱུག་པ་འདོད་པ་རྣམས་ལ་བྱུག་པ། མལ་ཆ་འདོད་པ་རྣམས་ལ་མལ་ཆ། ཁྱིམ་འདོད་པ་རྣམས་ལ་ཁྱིམ། འཚོ་བ་འདོད་པ་རྣམས་ལ་འཚོ་བ། ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་རྣམས་ལ་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་ཀྱི་སྦྱིན་པ་བྱེད་དོ། །ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་དང༌། གསེར་དང་དངུལ་འདོད་པ་རྣམས་ལ་ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་དང༌། གསེར་དང་དངུལ་གྱི་སྦྱིན་པ་བྱེད་ཅིང༌། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་སྦྱིན་པར་བྱེད། དེས་དེ་ལྟར་ཟས་འདོད་པ་རྣམས་ལ་ཟས་བྱིན། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་སྦྱིན་ནས། སེམས་ཅན་དེ་དག་ལ་ཆོས་སྟོན་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །སེམས་ཅན་དེ་དག་གིས་ཀྱང་ཆོས་བསྟན་པ་དེ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ།། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ཟས་སྦྱིན། མིའི་ཡོ་བྱད་


DTG082_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཅི་ཡང་རུང་བའི་བར་དུ་བྱིན་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། ཅི་སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས། སེམས་ཅན་གང་ལ་ཡང་ཅི་ཡང་སྦྱིན་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་ལོས་སྒྱུར་བའི་བཀོད་པ་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ཟས་བྱིན། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་བྱིན་ཡང༌། སེམས་ཅན་གང་ལ་ཅི་ཡང་བྱིན་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བ་ནི་སྦྱིན་པའི་ཚོགས་སོ། །

ཚུལ་ཁྲིམས་ཀྱི་ཚོགས།


DTG082_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཆེད་དུ་བསམས་ཏེ་སྐྱེ་བ་ཡོངས་སུ་བཟུང་བས་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེ་ཞིང་དེ་འཁོར་ལོས་སྒྱུར་བའི་དབང་ཕྱུག་དེ་ལ་གནས་ནས། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་དགོད་དོ། །བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུའི་བར་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སེམས་ཅན་རྣམས་རབ་ཏུ་འགོད་དེ། སེམས་ཅན་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ། ཆོས་བསྟན་པ་དེ་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས། ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚིགས་ཤིག་མངོན་པར་སྤྲུལ་ཏེ། སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དམ། སངས་


DTG082_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་པར་ལ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་ཡོད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་པར་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་བཀོད་ཀྱང༌། སེམས་ཅན་གང་ཡང་དེ་དག་ལ་བཀོད་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཚོགས་སོ།། །།

བཟོད་པའི་ཚོགས།


DTG082_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བཅོ་ལྔ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་འཇོག་ལ་རབ་ཏུ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་འཇོག་ལ་རབ་ཏུ་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། འདི་ལྟར་གོ་ཆ་གྱོན་ཏེ། བརྒྱ་ལ་སེམས་ཅན་ཐམས་ཅད་བདག་ལ་རྡོ་དང་དབྱིག་པ་དང༌། ཁུ་ཚུར་གྱིས་རྡེག་ཅིང་མཚོན་གྱིས་འདེབས་ཀྱང་དེ་ལ་བདག་གིས་འཁྲུག་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མི་བྱ་ཞིང་སེམས་ཅན་ཐམས་ཅད་ཀྱང་བཟོད་པ་དེ་དང་འདྲ་བ་ལ་རབ་ཏུ་དགོང་པར་བྱའོ་སྙམ་མོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་


DTG082_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་ཞིང་གཞོག་ལ་རབ་ཏུ་འགོད་པ་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་དེ་སྙེད་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང༌། སེམས་ཅན་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉི་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་དང༌། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བ་ནི་བཟོད་པའི་ཚོགས་སོ། །

བརྩོན་འགྲུས་ཀྱི་ཚོགས།


DTG082_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བ་དང༌། གཞོག་ལ་རབ་ཏུ་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། སེམས་ཅན་ཐམས་ཅད་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དེ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་


DTG082_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་དེ་སྙེད་པ་དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་ཀྱང༌། སེམས་ཅན་གང་ཡང་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཚོགས་སོ། །

བསམ་གཏན་གྱི་ཚོགས།


DTG082_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ། རབ་ཏུ་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མཉམ་པ་ཉིད་ལ་གནས་ཤིང༌། ཆོས་གང་ལ་ཡང་རྣམ་པར་གཡེང་བའམ་རྣམ་པར་མི་གཡེང་བར་ཡང་དག་པར་རྗེས་སུ་མི་མཐོང་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་པ་དང་རབ་ཏུ་འགོད་པ་བྱེད་དེ། དེ་ལྟར་ཡང་དག་པར་སྦྱོར་བ་རྣམས་ཀྱང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ནམ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་


DTG082_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་སེམས་ཅན་གང་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ནི་བསམ་གཏན་གྱི་ཚོགས་སོ། །

ཤེས་རབ་ཀྱི་ཚོགས།


DTG082_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བ་དང༌། གཞོག་ལ་རབ་ཏུ་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཚུ་རོལ་ཏམ། ཕ་རོལ་དུ་མི་དམིགས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་


DTG082_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་སྤྲུལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱར་ཏེ་གཞོག་ལ་རབ་ཏུ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་སེམས་ཅན་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཚོགས་སོ། །

ཞི་གནས་ཀྱི་ཚོགས།


DTG082_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤིང༌། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །ཆོས་ཀྱང་སྟོན་ཏེ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་འདི་ཉིད་དོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌།


DTG082_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང༌། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་བཀོད་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འཕྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང༌། ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་


DTG082_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀོད་ཀྱང་སེམས་ཅན་གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གནས་ཤིང་སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་དེ། བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ན་རང་བྱང་ཆུབ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ་ཞེས་བྱ་བར་སེམས་བསྐྱེད་པའི་གོ་མི་འབྱེད་ཀྱི། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་


DTG082_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་དགོད་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །རང་བྱང་ཆུབ་ལ་དགོད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ་ཞེས་བྱ་བར་སེམས་བསྐྱེད་དོ་ཞེས་བྱ་བ་ནི་ཞི་གནས་ཀྱི་ཚོགས་སོ། །

ལྷག་མཐོང་གི་ཚོགས།


DTG082_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། འདི་སྙམ་དུ་བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་འདི་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས། སེམས་ཅན་གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱས་པ་ཡོད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོད་པར་བྱས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོད་པར་སེམས་བསྐྱེད་ཀྱང༌། སེམས་ཅན་གང་གི་དོན་དུ་ཡང་སེམས་བསྐྱེད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་


DTG082_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ༌། །མིག་མིག་གིས་སྟོང་ངོ༌། །དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཡིད་ཀྱིས་སྟོང་ངོ༌། །གཟུགས་གཟུགས་ཀྱིས་སྟོང་ངོ༌། །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཆོས་ཀྱིས་སྟོང་ངོ༌། །མིག་གི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པས་སྟོང་ངོ༌། །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་ངོ༌། །མིག་གི་འདུས་ཏེ་རེག་པ་མིག་གི་འདུས་ཏེ་རེག་པས་སྟོང་ངོ༌། །རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་ངོ༌། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་ངོ༌། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་ངོ༌། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ༌། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་


DTG082_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ངོ༌། །ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ༌། །ཕྱི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་ཀྱིས་སྟོང་ངོ༌། །ཕྱི་ནང་སྟོང་པ་ཉིད་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ༌། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ༌། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་སྟོང་ངོ༌། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ༌། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔས་སྟོང་ངོ༌། །གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་སྐད་དུ་སྨྲས་པ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བྱས་མི་འགྱུར་མངོན་པར་འདུས་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས་མི་འགྱུར་མངོན་པར་འདུས་མ་བྱས་སོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བགྱིས་མི་འགྱུར། མངོན་པར་འདུས་མ་བགྱིས་པ་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་ཅིའི་སླད་དུ་མ་བགྱིས། མི་འགྱུར་མངོན་པར་འདུས་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས་མི་འགྱུར། མངོན་པར་འདུས་མ་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས་མི་འགྱུར། མངོན་པར་འདུས་མ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་མི་


DTG082_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །རབ་འབྱོར་མིག་མི་བྱེད་མི་འགྱུར་མངོན་པར་འདུ་མི་བྱེད་དོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །རབ་འབྱོར་གཟུགས་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །རབ་འབྱོར་མིག་གི་རྣམ་པར་ཤེས་པ་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །རབ་འབྱོར་མིག་གི་འདུས་ཏེ་རེག་པ་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ།། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །རབ་འབྱོར་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཤིན་ཏུ་མེད་ཅིང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་བདག་ནི་མི་བྱེད་མི་འགྱུར་མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་རྨི་ལམ་ནི་མི་བྱེད་མི་འགྱུར། མངོན་


DTG082_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །སྒྱུ་མ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། སྨིག་རྒྱུ་དང༌། སྤྲུལ་པ་ནི་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དོ། །རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་ཉིད་ནི་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་ནི་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མི་བྱེད་མི་འགྱུར། མངོན་པར་འདུ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་གྲངས་དེས་ན་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་མ་བྱས་མི་འགྱུར་མངོན་པར་འདུ་མ་བྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས་མི་འགྱུར་མངོན་པར་འདུས་མ་བྱས་པར་


DTG082_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི་གོ་ཆ་མེད་པའི་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་ལྷག་མཐོང་གི་ཚོགས་སོ། །

ཟུང་དུ་འབྲེལ་བར་འཇུག་པའི་ལམ་གྱི་ཚོགས།


DTG082_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བཅོམ་ལྡན་འདས་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་པའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་བ་ཡིན་ནམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་ཡིན་ནམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་དེ་དེ་བཞིན་ནོ། །ཚེ་དང་ལྡན་པ་གང་པོ་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །གང་པོས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་མ་བཅིངས་མ་གྲོལ་བའི་གཟུགས་དེ་གང་ཡིན། མ་བཅིངས་མ་གྲོལ་བའི་ཚོར་པ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དེ་གང་ཡིན། སྨྲས་པ། ཚེ་དང་ལྡན་པ་གང་པོ་རྨི་ལམ་ལྟ་བུའི་གཟུགས་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །རྨི་ལམ་ལྟ་བུའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་སྒྱུ་མ་ལྟ་བུ་དང༌། སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། སྤྲུལ་པ་ལྟ་བུའི་གཟུགས་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །སྤྲུལ་པ་ལྟ་བུའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། སྤྲུལ་པ་ལྟ་བུའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འདས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མ་འོངས་པའི་གཟུགས་


DTG082_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་བཅིངས་མ་གྲོལ་བའོ། །མ་འོངས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ད་ལྟར་བྱུང་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་གཟུགས་མེད་པའི་ཕྱིར་གཟུགས་དེ་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་དེ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་གཟུགས་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དབེན་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་མ་སྐྱེས་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དགེ་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མི་དགེ་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །མི་དགེ་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ལུང་དུ་མ་བསྟན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ལུང་དུ་མ་བསྟན་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་ལས་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་ལས་འདས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་


DTG082_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཟག་པ་དང་བཅས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་དང་བཅས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཟག་པ་མེད་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་མེད་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་དབེན་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དབེན་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་མ་སྐྱེས་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་དབེན་པའི་ཕྱིར་དང༌། ཞི་བའི་ཕྱིར་དང༌། སྟོང་པའི་ཕྱིར་དང༌། མཚན་མ་མེད་པའི་ཕྱིར་དང༌། སྨོན་པ་མེད་པའི་ཕྱིར་དང༌། མངོན་པར་འདུས་མ་བྱས་པའི་ཕྱིར་དང༌། མ་སྐྱེས་པའི་ཕྱིར་དང༌། དགེ་བ་དང༌། མི་དགེ་བ་དང༌། ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་ཕྱིར་ཏེ། དེ་ལྟར་གཟུགས་དེ་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ཀྱང་དེ་བཞིན་ཏེ། ཚེ་


DTG082_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་གང་པོ་ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་མེད་པའི་ཕྱིར་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མེད་པའི་ཕྱིར་ཏེ། དེ་ལྟར་ཆོས་དེ་དག་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཕྱི་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཕྱི་ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་


DTG082_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་གང་པོ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་ཀྱང་མ་བཅིངས་མ་གྲོལ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་སེམས་དཔའ་ཡང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། ཡང་དག་པའི་མཐའམ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་ཡང་དག་པའི་མཐའི་བར་དུ་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདུས་མ་བྱས་ཀྱང་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་འདུས་མ་བྱས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །སངས་རྒྱས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌།


DTG082_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །འདུས་མ་བྱས་ཀྱི་དབྱིངས་མ་བཅིངས་མ་གྲོལ་བའོ། །དེ་མ་བཅིངས་མ་གྲོལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས། མ་བཅིངས་མ་གྲོལ་བའི་དེ་བཞིན་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་མ་ནོར་བ་དེ་བཞིན་ཉིད་དང༌། མ་བཅིངས་མ་གྲོལ་བའི་གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། མ་བཅིངས་མ་གྲོལ་བའི་ཆོས་ཀྱི་དབྱིངས་དང༌། མ་བཅིངས་མ་གྲོལ་བའི་ཆོས་ངེས་པ་ཉིད་དང༌། མ་བཅིངས་མ་གྲོལ་བའི་ཡང་དག་པའི་མཐའ་ལ་གནས། མ་བཅིངས་མ་གྲོལ་བའི་འདུས་མ་བྱས་ལ་གནས་ཏེ། མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཆོས་ཉན་ཏོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་མངོན་པར་ཤེས་པ་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་མིག་ལྔ་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་གཟུགས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་སྒྲུབ་པར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་


DTG082_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་འགོད་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མ་བཅིངས་མ་གྲོལ་བ་རྣམས་ཀྱིས་མེད་པ་དང༌། དབེན་པ་ནས་མ་སྐྱེས་པའི་བར་ཉེ་བར་བཟུང་ཞིང་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བའི་ཐེག་པ་ཆེན་པོའི་གོ་ཆ་བགོས་པར་རིག་པ་བྱའོ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་བར་འཇུག་པའི་ལམ་གྱི་ཚོགས་སོ། །

ཐབས་ལ་མཁས་པའི་ཚོགས།


DTG082_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ལགས། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བགྱི་བ་ལགས། ཐེག་པ་དེ་གང་ནས་བྱུང་བ་ལགས། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་ལགས། ཐེག་པ་དེ་གང་ཞིག་ཏུ་འབྱུང་བར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་ཁྱོད་དེ་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་བོ་གང་ལགས་ཞེས་ཟེར་བ་ནི། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ་དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་


DTG082_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་དོན་དུ་གཉེར་བ་རྣམས་ལ་སྦྱིན་པ་འདི་ལྟ་སྟེ། ཕྱི་ནང་གི་དངོས་པོ་ཡོངས་སུ་གཏོང་སྟེ། དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་ཞིང༌། མི་དམིགས་པའི་ཚུལ་གྱིས་གཞན་དག་ཀྱང་དེ་ལ་ཡང་དག་པར་འགོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་ལ། སེམས་ཅན་ཕ་རོལ་ཡང༌། དགེ་བ་བཅུའི་ལས་ཀྱི་ལམ་ལ་མི་དམིགས་པའི་ཚུལ་གྱིས་ཡང་དག་པར་རབ་ཏུ་འགོད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འཛིན་པ་མེད་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་བདག་ཀྱང་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ལ། གཞན་ཡང་མི་དམིགས་པའི་ཚུལ་གྱིས་བཟོད་པ་ལ་ཡང་དག་པར་རབ་ཏུ་འགོད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་བདག་ཀྱང་ཕ་རོལ་


DTG082_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་དྲུག་ལ་བརྩོན་པ་མ་འདོར་ཞིང་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མི་དམིགས་པའི་ཚུལ་གྱིས་ཡང་དག་པར་འགོད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཉིད་བསམ་གཏན་རྣམས་ལ་ཐབས་མཁས་པས་མཉམ་པར་གཞོག་ཀྱང་དེ་དག་གི་དབང་གིས་མི་སྐྱེ་ཞིང༌། གཞན་ཡང་བསམ་གཏན་རྣམས་ལ་མི་དམིགས་པའི་ཚུལ་གྱིས་ཡང་དག་པར་འགོད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་ཆོས་ཐམས་ཅད་ལ་མངོན་པར་ཞེན་པར་མི་བྱེད་པ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་སོ་སོར་རྟོག་པར་བྱེད་ཅིང༌། སེམས་ཅན་རྣམས་ཀྱང་ཆོས་ཐམས་ཅད་ལ་མངོན་པར་ཞེན་པར་མི་བྱེད་པ་དང༌། །ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པར་བྱ་བ་ལ་མི་དམིགས་པའི་ཚུལ་གྱིས། ཡང་དག་པར་རབ་ཏུ་འགོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཐབས་ལ་མཁས་པའི་ཚོགས་སོ། །

ཡེ་ཤེས་ཀྱི་ཚོགས།


DTG082_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌།


DTG082_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། རང་གི་ངོ་བོ་སྟོང་པ་ཉིད་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་དོ། །དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་ཆོས་ཞེས་བྱ་བ་ནི་འདི་ལྟ་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་བརྗོད་དོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་མིག་ནི་མིག་གིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་རྣ་བ་ནི་རྣ་བས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །སྣ་དང༌། ལྕེ་དང༌། ལུས་དང༌། ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་ཡིད་ནི་ཡིད་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །འདི་ནི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན། ཕྱིའི་ཆོས་ཞེས་བྱ་བ་ནི་འདི་ལྟ་སྟེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་རྣམས་ལ་བརྗོད་དོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་གཟུགས་གཟུགས་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཆོས་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན། ཕྱི་ནང་གི་ཆོས་ཞེས་བྱ་བ་ནི་འདི་ལྟ་སྟེ། ནང་གི་སྐྱེ་མཆེད་དྲུག་དང༌། ཕྱིའི་སྐྱེ་མཆེད་དྲུག་ལ་བརྗོད་དོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་ནང་གི་ཆོས་རྣམས་ནི་ཕྱིའི་ཆོས་རྣམས་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་ཕྱིའི་ཆོས་རྣམས་ནི་ནང་གི་ཆོས་རྣམས་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན།


DTG082_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་སྟོང་པ་ཉིད་སྟོང་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་ཤར་ཕྱོགས་ཤར་ཕྱོགས་ཀྱིས་སྟོང༌། ལྷོ་ཕྱོགས་ལྷོ་ཕྱོགས་ཀྱིས་སྟོང༌། ནུབ་ཕྱོགས་ནུབ་ཕྱོགས་ཀྱིས་སྟོང༌། བྱང་ཕྱོགས་བྱང་ཕྱོགས་ཀྱིས་སྟོང༌། འོག་གི་ཕྱོགས་འོག་གི་ཕྱོགས་ཀྱིས་སྟོང༌། སྟེང་གི་ཕྱོགས་སྟེང་གི་ཕྱོགས་ཀྱིས་སྟོང༌། ཕྱོགས་མཚམས་ཕྱོགས་མཚམས་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེ་ན། དོན་དམ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་བརྗོད་དོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དེ་ཡང་མྱ་ངན་ལས་འདས་པས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཞེས་བྱ་བ་ནི་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་ལ་བརྗོད་དོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་འདོད་པའི་ཁམས་འདོད་པའི་ཁམས་ཀྱིས་སྟོང་ངོ༌། །གཟུགས་ཀྱི་ཁམས་གཟུགས་ཀྱི་ཁམས་ཀྱིས་སྟོང་ངོ༌། །གཟུགས་མེད་པའི་ཁམས་གཟུགས་མེད་པའི་ཁམས་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་མ་བྱས་ཞེས་བྱ་བ་ནི་གང་ལ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། གནས་པ་ལས་གཞན་དུ་འགྱུར་པ་མེད་པ་འདི་ནི་འདུས་མ་བྱས་ཞེས་བརྗོད་དོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་འདུས་མ་བྱས་ནི་འདུས་མ་བྱས་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་


DTG082_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིན་པའི་ཕྱིར་ཏེ། འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་མཐའ་མི་དམིགས་པ་འདི་ནི་མཐའ་ལས་འདས་པ་ཞེས་བརྗོད་དོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་མཐའ་ལས་འདས་པ་མཐའ་ལས་འདས་པས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་ཐོག་མ་དང་ཐ་མ་མི་དམིགས་པ་སྟེ། དེ་ལ་དབུས་མེད་དོ། །གང་ལ་ཐོག་མ་མེད་ཅིང་དབུས་མེད་ལ་ཐ་མ་མི་དམིགས་པ་དེ་ལ་འགྲོ་བ་མི་དམིགས་འོང་བ་ཡང་མི་དམིགས་ཏེ། ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་ཐོག་མ་དང་ཐ་མ་མེད་པས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན། ཆོས་གང་ལ་ཡང་དོར་བ་མེད་པ་སྟེ། དོར་བ་ཞེས་བྱ་བ་ནི། དོར་བ་དང༌། སྤངས་པ་དང་བཏང་བའོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་དོར་བ་མེད་པ་དོར་བ་མེད་པས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་བཞིན་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་སམ་འདུས་མ་བྱས་ཀྱང་རུང་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཉན་ཐོས་རྣམས་ཀྱིས་མ་བྱས། རང་སངས་རྒྱས་རྣམས་ཀྱིས་མ་བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་བྱས་ཏེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་རང་བཞིན་རང་བཞིན་གྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌།


DTG082_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་དང༌། མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། གཟུགས་ཡོད་པའི་ཆོས་དང༌། གཟུགས་མེད་པའི་ཆོས་དང༌། འདུས་བྱས་ཀྱི་ཆོས་དང༌། འདུས་མ་བྱས་ཀྱི་ཆོས་ཏེ། འདི་དག་ནི་ཆོས་ཐམས་ཅད་ཅེས་བྱའོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། གཟུགས་ནི་འཇིག་པའི་མཚན་ཉིད། ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་ནི་འཛིན་པའི་མཚན་ཉིད། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང༌། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པའི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་རང་གི་མཚན་ཉིད་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་ནི་དེ་ཡིན་པའི་ཕྱིར་ཏེ། འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མི་དམིགས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་འདས་པ་མི་དམིགས་པ་དང༌། མ་འོངས་པ་མི་དམིགས་པ་དང༌། དེ་ལྟར་བྱུང་བ་མི་དམིགས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདས་པ་ལ་མ་འོངས་པ་མི་དམིགས། མ་འོངས་པ་ལ་འདས་པ་མི་དམིགས། དེ་ལྟར་བྱུང་བ་ལ་ཡང་


DTG082_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དང༌། མ་འོངས་པ་མི་དམིགས། འདས་པ་དང་མ་འོངས་པ་དག་ལ་དེ་ལྟར་བྱུང་བ་མི་དམིགས་སོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་མི་དམིགས་པ་དེ་དག་ནི་མི་དམིགས་པས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན། སྦྱོར་བ་ལས་བྱུང་བའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་སྦྱོར་བ་ནི་སྦྱོར་བས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ།། །།བམ་པོ་བཅུ་དྲུག་པ། དེ་ལ་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དངོས་པོ་ཞེས་བྱ་བ་ནི་ཉེ་བར་ལེན་པ་པོའི་ཕུང་པོ་ལ་བརྗོད་དོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་དངོས་པོ་དེ་ཡང་དངོས་པོས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པ་སྟོང་པ་ཉིད་གང་ཞེ་ན། དངོས་པོ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ལ་བརྗོད་དོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་དངོས་པོ་མེད་པ་དེ་ཡང་དངོས་པོ་མེད་པས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་ངོ་བོ་སྟོང་པ་ཉིད་གང་ཞེ་ན། རང་གི་ངོ་བོ་ནི་ཤེས་པ་དང་མཐོང་བས་མ་བྱས་པའི་ཕྱིར་ན་ཕྱིན་ཅི་མ་ལོག་པའི་རང་བཞིན་ནོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་རང་གི་ངོ་བོ་ནི་རང་གི་ངོ་བོས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་རང་གི་ངོ་བོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་གཞན་གྱི་ངོ་བོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ངེས་པ་ཉིད་དང༌། དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་གང་ཡིན་པ་འདི་ནི་གནས་པ་ཉིད་དེ་གཞན་གྱིས་


DTG082_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་སོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་དེ་ནི་དེས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་གཞན་གྱི་ངོ་བོ་སྟོང་པ་ཉིད་ཅེས་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་སོ། །

བསོད་ནམས་ཀྱི་ཚོགས།


DTG082_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ངེས་པའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ལ་འཐུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་གྱི་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཕྱོགས་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཉམས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གཟི་བརྗིད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཚད་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆགས་པ་དང་སྒྲིབ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཀྱི་འཇུག་པ་ཆད་


DTG082_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པར་སྣང་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གནས་ལ་བརྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འཇིག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དག་པར་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ལེགས་པར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་མཐའ་ཡས་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་འཕགས་པས་ཁེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡི་གེ་རྣམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། མིང་དང་


DTG082_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་མེད་པ་ལ་འཇུག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རབ་རིབ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྤྱོད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡུལ་ལས་བརྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དགེ་བའི་མེ་ཏོག་རྒྱས་ཤིང་འཕེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པར་མངོན་པར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པར་འདོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། མངོན་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འགལ་པ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། མཐུན་


DTG082_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གནས་དམིགས་སུ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ལུས་ཀྱི་སྐྱོན་ཡང་དག་པར་སེལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྷར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་སྟེ། འདི་ནི་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་རྒྱས་བཏབ་པ་ལྟ་བུར་གྱུར་པ་སྟེ། འདི་ནི་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པར་རྩེ་བ་སྟེ། འདི་ནི་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ། འདི་ནི་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་འཛིན་པ་སྟེ། འདི་ནི་ཟླ་བའི་རྒྱལ་མཚན་ཏོག་ཅེས་


DTG082_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་མངོན་པར་འཕགས་པ་སྟེ། འདི་ནི་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་གཙུག་རྣམ་པར་ལྟ་བ་སྟེ། འདི་ནི་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཀྱི་དབྱིངས་སུ་རྟོག་པར་འགྲོ་བ་སྟེ། འདི་ནི་ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངེས་པའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་ངེས་པར་འཛིན་པ་སྟེ། འདི་ནི་ངེས་པའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱིས་འཇིག་པར་མི་འགྱུར་བ་སྟེ། འདི་ནི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་འཇུག་པ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་སྟེ། འདི་ནི་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་སྟེ། འདི་ནི་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དཔུང་རྩམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྣམ་པར་བཀོད་པ་སྟེ།


DTG082_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དཔུང་རྣམ་པར་བགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཡང་དག་པར་འཕགས་པར་འགྱུར་པ་སྟེ། འདི་ནི་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ངེས་པའི་ཚིག་བསྟན་པ་ལ་འཇུག་པ་སྟེ། འདི་ན་ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚིག་བླ་དགས་ལ་འཇུག་པ་སྟེ། འདི་ནི་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཕྱོགས་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱོགས་ལ་རྣམ་པར་ལྟ་བ་སྟེ། འདི་ནི་ཕྱོགས་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་སྟེ། འདི་ནི་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉམས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་མཉམ་པར་མི་འགྱུར་བ་སྟེ། འདི་ནི་ཉམས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་འདུ་ཞིང་ཁོང་དུ་ཆུད་པར་འདོད་པ་སྟེ། འདི་ནི་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱིས་ནམ་མཁའ་རྒྱས་པར་འགེངས་པ་སྟེ། འདི་ནི་ནམ་


DTG082_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་དཀྱིལ་འཁོར་ཡོངས་སུ་འཛིན་པ་སྟེ། འདི་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གཟི་བརྗིད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་གཟི་བརྗིད་དང་བློས་འབར་པར་བྱེད་པ་སྟེ། འདི་ནི་གཟི་བརྗིད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཚད་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཚད་མེད་པར་སྣང་བ་སྟེ། འདི་ནི་ཚད་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆགས་པ་དང་སྒྲིབ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆགས་པ་ཐམས་ཅད་དང་བྲལ་བ་ཉིད་ལ་བརྟེན་ནས་ཏིང་ངེ་འཛིན་ཐམས་ཅད་སྒྲིབ་པ་མེད་པར་སྣང་སྟེ། འདི་ནི་ཆགས་པ་དང་སྒྲིབ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ཀྱི་འཇུག་པ་ཆད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་ལ་འཇུག་པ་ཡང་དག་པར་གཅོད་པ་སྟེ། འདི་ནི་ཆོས་ཐམས་ཅད་ལ་འཇུག་པ་ཆད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་སྡོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་རབ་ཏུ་སེལ་བ་སྟེ། འདི་ནི་ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པར་སྣང་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལྷམ་མེ་ལྟ་ན་ནི་ལྷང་ངེར་བྱེད་པ་སྟེ། འདི་ནི་རྣམ་པར་སྣང་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་གང་ལ་ཡང་ཚོལ་བ་མེད་པ་སྟེ། འདི་ནི་ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་ལ་བརྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་གང་ཡང་གནས་ལ་བརྟེན་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་གནས་ལ་བརྟེན་པ་མེད་པ་


DTG082_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་སེམས་མི་འབྱུང་སེམས་ལས་བྱུང་བ་རྣམས་ཀྱང་མི་རྒྱུ་བ་སྟེ། འདི་ནི་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་དྲི་མ་མེད་པར་བྱེད་པ་སྟེ། འདི་ནི་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་འོད་མཐའ་ཡས་པར་བྱེད་པ་སྟེ། འདི་ནི་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་བྱེད་པ་སྟེ། འདི་ནི་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ལ་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་དག་པ་མཉམ་པ་ཉིད་ཐོབ་པ་སྟེ། འདི་ནི་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་དྲི་མ་སེལ་བ་སྟེ། འདི་ནི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་དགའ་བ་ཉམས་སུ་མྱང་བར་འགྱུར་བ་སྟེ། འདི་ནི་དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་བྱེད་པ་སྟེ། འདི་ནི་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཟད་མི་ཤེས་པར་


DTG082_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྗེས་སུ་མཐོང་ནས་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདི་ནི་ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་མི་གཡོ་མི་འགུལ་རབ་ཏུ་མི་འབྱེད་རློམ་སེམས་སུ་མི་བྱེད་པ་སྟེ། འདི་ནི་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འཇིག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་འཇིག་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་འཇིག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་མུན་པ་མེད་པར་བྱེད་པ་སྟེ། འདི་ནི་ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དག་པར་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་ཐོང་པ་སྟེ། འདི་ནི་དག་པར་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱ་བ་རྣམས་བྱེད་པ་སྟེ། འདི་ནི་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་ཏོག་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ངེས་པར་འཇིག་ཅིང་ཏིང་ངེ་འཛིན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་རྡོ་རྗེ་ལྟ་བུ་


DTG082_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་སེམས་མི་གཡོ། །རྣམ་པར་མི་གཡོ། །རྣམ་པར་མི་ལྡོག །ཡོངས་སུ་ཡི་ཆད་པར་མི་འགྱུར། ཉམས་སུ་མི་བདེ་བ་མེད་པ་དེ་ལ་སེམས་ཞེས་བྱ་བ་འདི་ཡིན་ཞེས་བྱ་བར་སེམས་མི་འབྱུང་བ་སྟེ། འདི་ནི་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་སྣང་བར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། དེ་ལ་ལེགས་པར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་རབ་ཏུ་གནས་པར་འགྱུར་བ་སྟེ། འདི་ནི་ལེགས་པར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་རིན་ཆེན་མཐའ་ལྟར་ཀུན་ནས་སྣང་བ་སྟེ། འདི་ནི་རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཕྱག་རྒྱ་མེད་པའི་མཐས་ཕྱག་རྒྱས་བཏབ་པ་ཉེ་བར་གཟུངས་གདབ་པར་འགྱུར་བ་སྟེ། འདི་ནི་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་གང་ཡང་མཉམ་པ་ཉིད་དུ་མ་ཆུད་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་དང༌། ཆོས་ཐམས་ཅད་ཀྱི་དགའ་བ་སྤོང་བ་སྟེ། འདི་ནི་དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་འཕགས་པས་ཁེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་ཡང་དག་པར་འཕགས་པར་འགྱུར་ཞིང༌། ཆོས་ཐམས་ཅད་ཀྱིས་ཀུན་ཏུ་ཁེངས་པར་འགྱུར་བ་སྟེ། འདི་ནི་


DTG082_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་འཕགས་པས་ཁེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྣམ་པར་འཐོར་ཞིང་རྣམ་པར་སེལ་བར་བྱེད་པ་སྟེ། འདི་ནི་ཆོས་ཐམས་ཅད་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་མཉམ་པ་ཉིད་རབ་ཏུ་འཐོབ་པ་སྟེ། འདི་ནི་ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་གཅིག་ཀྱང་དམིགས་པ་མེད་པ་སྟེ། འདི་ནི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པ་ཆད་པར་འགྱུར་བ་སྟེ། འདི་ནི་དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་འགྱུར་བ་མི་དམིགས་ཏེ། འདི་ནི་འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་ཀྱི་རྣམ་པ་ཙམ་ཡང་དམིགས་པ་མེད་པ་སྟེ། འདི་ནི་རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མིང་དང་མཚན་མ་མེད་པ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་མིང་དང་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་མིང་དང་མཚན་མ་མེད་པ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།


DTG082_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་གནས་དམིགས་པ་མེད་པ་སྟེ། འདི་ནི་གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རབ་རིབ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་ཀྱི་རབ་རིབ་རྣམ་པར་སེལ་བ་སྟེ། འདི་ནི་རབ་རིབ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤྱོད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་གཡོ་བ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་སྤྱོད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡུལ་ལས་བརྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདའ་བ་སྟེ། འདི་ནི་ཡུལ་ལས་བརྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་གྱི་ཚོགས་རྗེས་སུ་འཐོབ་པ་སྟེ། འདི་ནི་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་སེམས་མི་འཇུག་པ་སྟེ། འདི་ནི་སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དགེ་བའི་མེ་ཏོག་རྒྱས་ཤིང་འཕེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་དགེ་བའི་མེ་ཏོག་རྒྱས་ཤིང་འཕེལ་བར་རབ་ཏུ་འཐོབ་པ་སྟེ། འདི་ནི་དགེ་བའི་མེ་ཏོག་རབ་ཏུ་རྒྱས་ཤིང་འཕེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་འཐོབ་པ་སྟེ། འདི་ནི་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་


DTG082_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་སྤོབས་པ་མཐའ་ཡས་པ་རབ་ཏུ་འཐོབ་པ་སྟེ། འདི་ནི་སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་མི་མཉམ་པ་དང་མཉམ་པ་རབ་ཏུ་འཐོབ་པ་སྟེ། འདི་ནི་མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་སྟེ། འདི་ནི་ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུད་མཐོང་བ་སྟེ། འདི་ནི་ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་དང༌། ཆོས་ཐམས་ཅད་ལ་ནེམ་ནུར་རྣམ་པར་སེལ་བ་རབ་ཏུ་འཐོབ་པ་སྟེ། འདི་ནི་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་ཀྱི་གནས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གཅིག་ཏུ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་གང་ཡང་གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་གཅིག་ཏུ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་མངོན་པར་བསྒྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་


DTG082_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པར་འདོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་གཉིས་སུ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་རྣམ་པར་འདོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་ལ་བཞུགས་ནས་དེ་ལ་ཞུགས་པའི་ཕྱིར་ཁོང་དུ་མི་ཆུད་པ་གང་ཡང་མེད་པ་སྟེ། འདི་ནི་རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བརྡ་དང་སྒྲ་ལ་འཇུག་པ་སྟེ། འདི་ནི་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཡི་གེ་དང་བྲལ་བར་རྗེས་སུ་མཐོང་བ་སྟེ། འདི་ནི་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་གཟི་བརྗིད་ཀྱིས་ལྷམ་མེ་ལྷན་ནེ་ལྷང་ངེར་བྱེད་པ་སྟེ། འདི་ནི་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་དག་པར་འགྱུར་བ་སྟེ། འདི་ནི་མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མངོན་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་མངོན་པར་དམིགས་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་མངོན་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པའི་མཆོག་


DTG082_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འགྱུར་བ་སྟེ། འདི་ནི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་བདེ་བ་དང་སྡུག་བསྔལ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་དུ་ཟད་དུ་རུང་བར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་གཟུངས་ཐམས་ཅད་ཡོངས་སུ་འཛིན་པ་སྟེ། འདི་ནི་གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཡང་དག་པ་དང་ལོག་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་འགལ་བ་དང་འགོག་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མཐུན་པ་དང་འགལ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་མཐུན་པ་དང་འགལ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་མཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་


DTG082_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་མི་དམིགས་པ་སྟེ། འདི་ནི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་འདི་ལྟ་སྟེ་དཔེར་ན། ཟླ་བ་ཉ་བའི་དཀྱིལ་འཁོར་ལྟར་ཡོངས་སུ་རྒྱས་པར་འགྱུར་བ་སྟེ། འདི་ནི་ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་རྒྱན་ཆེན་པོ་དང་ལྡན་པར་འགྱུར་བ་སྟེ། འདི་ནི་རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ལ་འཁྲུག་པ་ཡང་མི་དམིགས་རྩེ་གཅིག་ཀྱང་མི་དམིགས་པ་སྟེ། འདི་ནི་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཉོན་མོངས་པ་མེད་པར་འགྱུར་བ་སྟེ། འདི་ནི་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་འཐོབ་པར་འགྱུར་བ་སྟེ། འདི་ནི་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་པ་ཞེས་


DTG082_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་དམིགས་སུ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཀུན་གཞི་ཉེ་བར་མི་དམིགས་པ་སྟེ། འདི་ནི་གནས་དམིགས་སུ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་ཕྱིར་མི་ལྡོག་པ་སྟེ། འདི་ནི་དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ལུས་མི་དམིགས་པ་སྟེ། འདི་ནི་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ངག་གི་ལས་མི་དམིགས་པ་སྟེ། འདི་ནི་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ཤིང་ཆོས་ཐམས་ཅད་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་འཐོབ་པ་སྟེ། འདི་ནི་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་སོ། །

ལམ་གྱི་ཚོགས།


DTG082_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་སྟེ། བཞི་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང༌། ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། སེམས་དྲན་པ་ཉེ་བར་གཞག་པ་དང༌། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ། དྲན་


DTG082_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པ། ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ ། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ །ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ། དེ་བཞིན་དུ་ནང་གི་ཚོར་བ་དང་སེམས་དང་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ་ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ །ཕྱིའི་ཚོར་བ་དང་སེམས་དང་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ་ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ །ཕྱི་ནང་གི་ཚོར་བ་དང་སེམས་དང་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཤེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགྲོ་ན་འགྲོའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འགྲེང་ན་འགྲེང་ངོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འདུག་ན་འདུག་གོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཉལ་ན་ཉལ་ལོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ལུས་དེ་གྱ་ནོམ་པའམ་གྱ་ནོམ་པ་མ་ཡིན་པར་གནས་པ་དེ་ལྟ་དེ་ལྟར་རབ་ཏུ་ཤེས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པ་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ནི་འགྲོ་འམ་ལྡོག་ཀྱང་ཤེས་བཞིན་དུ་སྤྱོད་པ་


DTG082_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཀུན་ཏུ་ལྟ་བའམ་རྣམ་པར་ལྟ་བ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། བསྐུམ་པ་དང༌། བརྐྱང་བ་དང༌། སྣམ་སྦྱར་དང༌། ལྷུང་བཟེད་དང༌། ཆོས་གོས་ཐོགས་པ་དང༌། ཟ་བ་དང༌། འཐུང་བ་དང༌། འཆའ་བ་དང༌། ཉལ་བ་དང༌། གཉིད་ཀྱིས་ནོན་པ་བསང་བ་དང༌། འོང་བ་དང༌། འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དང༌། གཉིད་ཀྱིས་ལོག་པ་དང༌། སད་པ་དང༌། སྨྲ་བ་དང༌། མི་སྨྲ་བ་དང༌། ནང་དུ་ཡང་དག་པར་འཇོག་པ་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང༌། ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་བཞིན་དུ་དབུགས་འབྱུང་ན་དྲན་བཞིན་དུ་དབུགས་འབྱུང་ངོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དྲན་བཞིན་དུ་དབུགས་རྔུབས་ན་དྲན་བཞིན་དུ་དབུགས་རྔུབས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་རིང་དུ་འབྱུང་ན་ཡང་དབུགས་རིང་དུ་འབྱུང་ངོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་རིང་དུ་རྔུབས་ན་ཡང་དབུགས་རིང་དུ་རྔུབས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་འབྱུང་ན་ཡང་དབུགས་ཐུང་དུ་འབྱུང་ངོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་རྔུབས་ན་ཡང་དབུགས་ཐུང་དུ་རྔུབས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་རྫ་མཁན་ནམ་རྫ་མཁན་གྱི་མཆན་བུ་མཁས་པས་འཁོར་ལོ་སྐོར་བར་བྱེད་པ་ནི་རིང་དུ་བསྐོར་བ་རིང་དུ་བསྐོར་རོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཐུང་དུ་བསྐོར་ན་ཐུང་དུ་བསྐོར་རོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དྲན་བཞིན་དུ་དབུགས་འབྱུང་ན་དྲན་བཞིན་དུ་དབུགས་འབྱུང་ངོ་ཞེས་


DTG082_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དྲན་བཞིན་དུ་དབུགས་རྔུབས་ན་དྲན་བཞིན་དུ་དབུགས་རྔུབས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་རིང་དུ་འབྱུང་ན་དབུགས་རིང་དུ་འབྱུང་ངོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་འབྱུང་ན་དབུགས་ཐུང་དུ་འབྱུང་ངོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་ནང་དུ་འབྱུང་ན་དབུགས་ཐུང་དུ་འབྱུང་ངོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་རྔུབས་ན་དབུགས་ཐུང་དུ་རྔུབས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས། རང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ཉིད་ལས་སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་ཀྱང་ཡོད་དོ་ཞེས་བྱ་བར་ཁམས་རྣམས་ལ་སོ་སོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བ་ལང་གི་ཤན་པའམ་བ་ལང་གི་ཤན་པའི་མཆན་བུ་མཁས་པས་མཚོན་རྣོན་པོས་བ་ལང་བསད་ནས་ཆ་བཞིར་བྱེད་དོ། །ཆ་བཞིར་བྱས་ནས་འགྲེང་ངམ་འདུག་སྟེ་དེ་ལ་རབ་ཏུ་རྟོག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་ལུས་འདི་ཉིད་ལས་སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་ཀྱང་ཡོད་དོ་ཞེས་བྱ་བར་ཁམས་རྣམས་སོ་སོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་རང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་


DTG082_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཆད་ནས་སྤྱི་བོ་མན་ཆད་ཀྱི་སྐྲ་དང༌། ཀླད་པ་དང༌། སེན་མོ་དང༌། སྤུ་དང་པགས་པའི་མཐར་ཐུག་པར་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། ལུས་འདི་ལ་སྐྲ་དང༌། སྤུ་དང༌། སེན་མོ་དང༌། སོ་དང༌། པགས་པ་དང༌། སྐྱི་དང༌། ཤ་དང༌། ཆུ་བ་དང༌། ཁྲག་དང༌། རུས་པ་དང༌། རྐང་དང༌། སྙིང་དང༌། མཁལ་མ་དང༌། མཆིན་པ་དང༌། གློ་བ་དང༌། མཆེར་པ་དང༌། ལོང་ཀ་དང༌། རྒྱུ་མ་དང༌། གཉེ་མ་དང༌། ནང་གྲོལ་དང༌། གཅིན་དང༌། ཕྱི་ས་དང༌། མཆི་མ་དང༌། རྡུལ་དང༌། ཚིལ་དང༌། མཆིལ་མ་དང༌། སྣབས་དང༌། རྣག་དང༌། ཁྲག་རུལ་དང༌། མཁྲིས་པ་དང༌། བད་ཀན་དང༌། ཆུ་སེར་དང༌། ཁ་ཆུ་དང༌། དྲི་མ་དང༌། ཀླད་པ་དང༌། ཀླད་རྒྱས་དང༌། མིག་རྣག་དང༌། རྣ་སྤབས་དག་ཀྱང་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཞིང་པའི་བད་བ་འབྲས་སོ་བ་དང༌། འབྲུ་དང༌། ཏིལ་དང༌། འབྲས་དྲུས་མ་དང༌། མོན་སྲན་སྡེའུ་དང༌། མོན་སྲན་གྲེའུ་དང༌། ནས་དང༌། གྲོ་དང༌། སྲན་ཆུང་དང༌། ཉུངས་ཀར་སྣ་ཚོགས་ཀྱིས་གང་བ་དེ་ཕྱེ་སྟེ། མིག་དང་ལྡན་པའི་མི་ཞིག་གིས་དེ་དག་ལ་བལྟས་ནས། འདི་ནི་འབྲས་སོ་བའོ། །འདི་ནི་འབྲུའོ། །འདི་ནི་ཏིལ་ལོ། །འདི་ནི་འབྲས་དྲུས་མའོ། །འདི་ནི་མོན་སྲན་སྡེའུའོ། །འདི་ནི་མོན་སྲན་གྲེའུའོ། །འདི་ནི་ནས་སོ། །འདི་ནི་གྲོའོ། །འདི་ནི་སྲན་ཆུང་ངོ༌། །འདི་ནི་ཉུངས་ཀར་རོ་ཞེས་བྱ་བར་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཆད་ནས། སྤྱི་བོ་མན་ཆད་ཀྱི་སྐྲ་དང༌། ཀླད་པ་དང༌། སེན་མོ་དང༌། སྤུ་དང༌། པགས་པའི་མཐར་ཐུག་པར་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། ལུས་འདི་ལ་སྐྲ་དང༌། སྤུ་དང༌། སེན་མོ་དང༌། སོ་དང༌། པགས་པ་དང༌།


DTG082_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱི་དང༌། ཤ་དང༌། ཆུ་དང༌། ཁྲག་དང༌། རུས་པ་དང༌། རྐང་དང༌། སྙིང་དང༌། མཁལ་མ་དང༌། མཆིན་པ་དང༌། གློ་བ་དང༌། མཆེར་པ་དང༌། ལོང་ཀ་དང༌། རྒྱུ་མ་དང༌། གཉེ་མ་དང༌། ནང་གྲོལ་དང༌། གཅིན་དང༌། ཕྱིས་དང༌། མཆི་མ་དང༌། རྡུལ་དང༌། ཚིལ་དང༌། མཆིལ་མ་དང༌། སྣབས་དང༌། རྣག་དང༌། ཁྲག་རུལ་དང༌། མཁྲིས་པ་དང༌། བད་ཀན་དང༌། ཆུ་སེར་དང༌། ཁ་ཆུ་དང༌། དྲི་མ་དང༌། ཀླད་པ་དང༌། ཀླད་རྒྱས་དང༌། མིག་རྣག་དང༌། རྣ་སྤབས་དག་ཀྱང་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་སོང་བས་དུར་ཁྲོད་དུ་བོར་ཞིང་ཤི་བའི་ལམ་ན་ཡོད་པའི་གཟུགས་སྣ་ཚོགས་ཤི་ནས་ཞག་གཅིག་ལོན་པའམ། ཤི་ནས་ཞག་གཉིས་ལོན་པའམ། ཤི་ནས་ཞག་གསུམ་ལོན་པའམ། ཤི་ནས་ཞག་བཞི་ལོན་པའམ། ཤི་ནས་ཞག་ལྔ་ལོན་པའམ། རྣམ་པར་བམ་པ་དང༌། རྣམ་པར་བསྔོས་པ་དང༌། རྣམ་པར་རྣགས་པ་དང༌། རྣམ་པར་ཟོས་པ་དང༌། རྣམ་པར་འཐོར་བ་མཐོང་ན། དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་ནོ། །འདི་ལྟ་བུའི་རང་བཞིན་ཅན་ཏེ། ཆོས་ཉིད་འདི་ལས་མ་འདས་སོ། །ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་


DTG082_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་བོར་བའི་རོ་ཤི་ནས་ཞག་དྲུག་ལོན་པའམ། ཤི་ནས་ཞག་བདུན་ལོན་པའམ། བྱ་རོག་གམ། ཁྭའམ། འོལ་བའམ། བྱ་རྒོད་དམ། སྤྱང་ཀིའམ། ཝ་དང༌། ཁྱི་དང༌། དེ་མ་ཡིན་པའི་སྲོག་ཆགས་ཀྱི་རིགས་སྣ་ཚོགས་ཀྱིས་ཟ་བ་མཐོང་བ་ནས། དེ་ལ་ལུས་སྣ་ཚོགས་ཀྱང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ་ཆོས་ཉིད་འདི་ལྟ་བུ་ལས་མ་འདས་སོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རོ་གང་དང་གང་དག་དུར་ཁྲོད་དུ་བོར་བ་རྣམ་པར་ཟོས་པ། མི་གཙང་བ། རྣགས་པ། དྲི་ང་བ་མཐོང་བ་ན་དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་ཉིད་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་ཀེང་རུས་ཀྱི་ཕྲེང་བ་ཤ་ར་རི་དང༌། ཁྲག་ར་རི་ཆགས་པ། རྒྱུས་པས་བྲང་བྲེང་དུ་འབྲེལ་པ་མཐོང་བ་ནས། དེ་ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་


DTG082_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་རུས་པ་ཀང་རུས་ཤ་དང་ཁྲག་མེད་པར་རྒྱུས་པའི་ཟུངས་མེད་པ་དུང་གི་མདོག་ལྟར་གྱུར་པ་མཐོང་བ་ན། ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ།། །།བམ་པོ་བཅུ་བདུན་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་ཀེང་རུས་ཀྱི་ཚོགས་ཟུངས་མེད་པ་གྱེས་པ་དུང་གི་མདོག་ལྟར་གྱུར་པ། ས་ལ་རྣམ་པར་འཐོར་བ་མཐོང་བ་ན། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པས་ལ་ཕྱོགས་དང་ཕྱོགས་མཚམས་སུ་རྣམ་པར་འཐོར་བ་འདི་ལྟ་སྟེ། རྐང་པའི་རུས་པ་རྣམས་ཀྱང་གཞན་དུ། བྱིན་པའི་རུས་པ་


DTG082_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་གཞན་དུ། བརླའི་རུས་པ་རྣམས་ཀྱང་གཞན་དུ། དཔྱིའི་རུས་པ་རྣམས་ཀྱང་གཞན་དུ། ཚིགས་པའི་རུས་པ་རྣམས་ཀྱང་གཞན་དུ། རྩིབ་མའི་རུས་པ་རྣམས་ཀྱང་གཞན་དུ། མཇིང་པའི་རུས་པ་རྣམས་ཀྱང་གཞན་དུ། དཔུང་པའི་རུས་པ་རྣམས་ཀྱང་གཞན་དུ། མགོའི་རུས་པ་རྣམས་ཀྱང་གཞན་དུ་འཐོར་བ་མཐོང་ན། དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། ཆོས་ཉིད་འདི་ལྟ་བུ་ལས་མ་འདས་པའོ། །ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་ལོན་པ། རླུང་དང་ཉི་མས་གདུངས་པ། དུང་གི་མདོག་ལྟར་གྱུར་པ་མཐོང་བ་ན། དེ་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ། ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་ལ་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་སོང་བ་རབ་རིབ་སྣང་བ་སྔོན་པོར་གྱུར་པ། ཐི་བའི་མདོག་ལྟར་གྱུར་པ། ཟེགས་པ་བྲུལ་བ་སའི་རྡུལ་དང་འདྲེས་པར་གྱུར་པ་མཐོང་ན། དེ་ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་


DTG082_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའོ་ཞེས་ལུས་འདི་ཉིད་ཀྱང་ཚུལ་དེ་དང་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་བཞིན་དུ་བརྟུན་པ་དང་ལྡན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་ཚོར་བ་དང༌། སེམས་དང༌། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་གོ །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཡང་དག་པར་སྤང་བ་བཞི་སྟེ། བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །སྡིག་ཏོ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་འདུན་པ་བསྐྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །དེ་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང༌། ཕྱིར་ཞིང་འབྱུང་བ་དང༌། མི་བརྗེད་པ་དག་ཉམས་པར་མི་འགྱུར་བ་དང༌། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་


DTG082_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་མོ། །དེ་བཞིན་དུ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང༌། སེམས་ཀྱི་ཏིང་ངེ་འཛིན་དང༌། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དབང་པོ་ལྟ་སྟེ། ལྔ་གང་ཞེ་ན། དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོ་སྟེ། རབ་འབྱོར་དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། སྟོབས་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། དྲན་པའི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་ཏེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་


DTG082_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་མོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་ཡང་གང་ཞེ་ན། ཡང་དག་པའི་ལྟ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་མོ། །ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གསུམ་སྟེ། གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གང་ཡིན་པ་སྟེ། འདི་ནི་


DTG082_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པར་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་གང་ཡིན་པ་སྟེ། འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་པར་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་གང་ཡིན་པ་སྟེ། འདི་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་ནི་ཏིང་ངེ་འཛིན་གསུམ་ཡིན་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཤེས་པ་བཅུ་གཅིག་སྟེ། བཅུ་གཅིག་གང་ཞེ་ན། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་བ་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་འགྲོ་བ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། ཡོངས་སུ་འདྲིས་པ་ཤེས་པ་དང༌། སྒྲ་ཇི་བཞིན་ཤེས་པའོ། །དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། སྡུག་བསྔལ་མི་སྐྱེ་བར་ཤེས་པ་གང་ཡིན་པ་སྟེ། དེ་ནི་སྡུག་བསྔལ་ཤེས་པའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཀུན་འབྱུང་བ་སྤང་བར་ཤེས་པ་གང་ཡིན་པ་སྟེ། འདི་ནི་ཀུན་འབྱུང་བ་ཤེས་པའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པར་ཤེས་པ་གང་ཡིན་པ་སྟེ། དེ་ནི་འགོག་པར་ཤེས་པའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འགོག་པ་མངོན་དུ་བྱེད་པ་ཤེས་པ་གང་ཡིན་པ་སྟེ། འདི་ནི་ལམ་ཤེས་པའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པར་ཤེས་པ་གང་ཡིན་པ་སྟེ། དེ་ནི་ཟད་པ་ཤེས་པའོ། །དེ་ལ་མི་སྐྱེ་བ་ཤེས་པ་གང་ཞེ་ན། མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པ་གང་ཡིན་པ་སྟེ། འདི་ནི་མི་སྐྱེ་བ་ཤེས་པའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། ཕུང་པོ་ལྔ་པོ་རྣམས་ཀྱི་ཆོས་ཉེ་བར་གཅོད་པའི་ཤེས་པ་གང་ཡིན་པ་སྟེ། འདི་ནི་ཆོས་ཤེས་པའོ། །དེ་ལ་རྗེས་སུ་འགྲོ་བ་ཤེས་པ་གང་ཞེ་ན། མིག་མི་རྟག་


DTG082_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་མི་རྟག་པ་ནས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སོ་སོ་བ་དང༌། བསྡུས་པ་རྣམས་ཀྱི་བར་ལ་དེ་ལྟར་ཤེས་པ་གང་ཡིན་པ་སྟེ། འདི་ནི་རྗེས་སུ་འགྲོ་བ་ཤེས་པའོ། །དེ་ལ་ཀུན་རྫོབ་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དང་གང་ཟག་གཞན་གྱི་སེམས་སེམས་ཀྱིས་ཤེས་པ་གང་ཡིན་པ་སྟེ། འདི་ནི་ཀུན་རྫོབ་ཤེས་པའོ། །དེ་ལ་ཡོངས་སུ་འདྲིས་པ་ཤེས་པ་གང་ཞེ་ན། ལམ་ཡོངས་སུ་འདྲིས་པ་ཤེས་པ་གང་ཡིན་པ་སྟེ། འདི་ནི་འདྲིས་པ་ཤེས་པའོ། །སྒྲ་ཇི་བཞིན་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེ་ཡང་མི་དམིགས་པའི་ཚུལ་གྱིས་ཤེས་པ་གང་ཡིན་པ་སྟེ། འདི་ནི་སྒྲ་ཇི་བཞིན་ཤེས་པ་ཞེས་བྱའོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དབང་པོ་གསུམ་སྟེ། གསུམ་གང་ཞེ་ན། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་པ་བསྲུང་བའི་དབང་པོའོ། །དེ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོ་ཡོངས་སུ་སྣང་བ་མེད་ཅིང་འདུལ་བར་བྱེད་པ་གང་ཡིན་པ་སྟེ། འདི་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །དེ་ལ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་ཀུན་ཤེས་པ་དང་ལྡན་པ་རྣམས་ཀྱི་དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོ་སྣང་བ་མེད་ཅིང་འདུལ་བར་བྱེད་པ་གང་ཡིན་པ་སྟེ། འདི་ནི་ཀུན་ཤེས་པའི་དབང་པོ་ཞེས་བྱའོ། །དེ་ལ་ཀུན་ཤེས་པ་བསྲུང་བའི་དབང་པོ་གང་ཞེ་ན། མི་སློབ་པའི་གང་ཟག་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་དབང་


DTG082_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོ་གང་ཡིན་པ་སྟེ། རབ་འབྱོར་འདི་ནི་ཀུན་ཤེས་པ་བསྲུང་བའི་དབང་པོ་ཞེས་བྱ་བ་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གསུམ་སྟེ། གསུམ་གང་ཞེ་ན། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང༌། རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་རྣམས་ཀྱིས་དབེན། སྡིག་ཏོ་མི་དགེ་བའི་ཆོས་རྣམས་ཀྱིས་དབེན། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ནས་གནས་པ་གང་ཡིན་པ་སྟེ། འདི་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་དང་པོ་དང་བསམ་གཏན་གཉིས་པའི་བར་གང་ཡིན་པ་སྟེ། འདི་ནི་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་གཉིས་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་སྙོམས་པར་འཇུག་པ་གང་ཡིན་པ་སྟེ། འདི་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། རབ་འབྱོར་འདི་ཡང་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། རྗེས་སུ་དྲན་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། གཏོང་བ་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པ་དང༌། སྐྱོ་བ་རྗེས་སུ་དྲན་པ་དང༌།


DTG082_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་རྗེས་སུ་དྲན་པ་དང༌། ལུས་སུ་གཏོགས་པ་རྗེས་སུ་དྲན་པ་དང༌། དབུགས་རྔུབས་པ་དང་འབྱུང་བ་རྗེས་སུ་དྲན་པ་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ། བཅུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ལ་ཡང་གནས་སུ་གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། འདས་པ་དང༌། མ་འོངས་པ་དང༌། དེ་ལྟར་བྱུང་བ་ལས་ཡང་དག་པར་ལེན་པ་རྣམ་པར་སྨིན་པ་གནས་དང་རྒྱུའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། །འཇིག་རྟེན་གྱི་ཁམས་སྣ་ཚོགས་ཅན་དང་མོས་པ་དུ་མ་ཅན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་མོས་པ་སྣ་ཚོགས་པ་དང༌། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་དང༌། དེ་ལྟའི་མིག་གིས་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང༌། སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་


DTG082_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཤེས་པ་དང༌། དེ་ཟག་པ་ཟད་པའི་ཕྱིར་ཟག་པ་མེད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བ་མཐོང་བའི་ཆོས་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་དུ་བྱས་ནས་ཉེ་བར་བསྒྲུབས་ནས་གནས་ཤིང་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལྟ་བུ་ཉིད་ལས་གཞན་མི་ཤེས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ། རབ་འབྱོར་དེ་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། མི་འཇིགས་པ་བཞི་སྟེ། བཞི་གང་ཞེ་ན། ཀྱེ་མ་བདག་གི་ཆོས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན། འདིར་ང་ལ་ཆོས་འདི་རྣམས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་བྱ་བར་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བདེ་བ་ཐོབ་པ་དང༌། བག་ཚ་བ་མེད་པ་ཐོབ་པ་དང༌། མི་འཇིགས་པ་ཐོབ་པས་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པ་འམ། གཞན་སུས་ཀྱང་རུང་བས་ཆོས་དང་ལྡན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་པར་བྱ་ཞེས་བྱ་བ་དང༌། ཀྱེ་མ་བདག་ཟག་པ་ཟད་དོ་ཞེས་དམ་བཅས་ན། འདིར་ང་ལ་ཟག་པ་འདི་རྣམས་མ་ཟད་དོ། །ཡོངས་སུ་ཟད་པར་མ་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་འཇིག་རྟེན་ན་ཆོས་དང་ལྡན་པ་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདིར་རྒྱུ་ད་ཡང་ཡང་དག་པར་རྗེས་སུ་མ་མཐོང་བས་དེ་ལ་བདག་བདེ་བ་ཐོབ་པ་དང༌། བག་ཚ་བ་མེད་པ་ཐོབ་པ་དང༌། མི་འཇིགས་པ་ཐོབ་པས་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་


DTG082_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་ཆོས་དང་ལྡན་པས་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱ་ཞེས་བྱ་བ་དང༌། གང་ཡང་ངས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་བསྟེན་ན་པར་ཆད་ཀྱི་ཆོས་སུ་མི་འགྱུར་བ་དེ་ལྟ་བུའི་གནས་མེད་དེ། འདིར་ང་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྟའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང༌། བག་ཚ་བ་མེད་པ་ཐོབ་པ་དང༌། མི་འཇིགས་པ་ཐོབ་པས་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་སྟེ། ཆོས་དང་ལྡན་པར་འཇིག་རྟེན་དུ་བསྐོར་བར་མ་ནུས་པར་བདག་གིས་རབ་ཏུ་བསྐོར་བར་བྱའོ། །ངས་འཕགས་པ་ངེས་པར་འབྱིན་པའི་ལམ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པའི་རྒྱུ་ངེས་པར་འབྱིན་པ་བསྟན་པ་གང་ཡིན་པ་དེ་བསྒྲུབས་ན་སྡུག་བསྔལ་ཡང་དག་པར་ཟད་པའི་དོན་དུ་ངེས་པར་འབྱིན་པར་མི་འགྱུར་བ་དེ་ལྟ་བུའི་གནས་མེད་དེ། འདིར་ཡང་ང་ལ་དེ་ཡང་དག་པར་བསྒྲུབས་ཀྱང་སྡུག་བསྔལ་ཡང་དག་པར་ཟད་པར་མི་འགྱུར་རོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང༌། བག་ཚ་བ་མེད་པ་ཐོབ་པ་དང༌། མི་འཇིགས་པ་ཐོབ་པས་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ།


DTG082_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སུ་ཡང་རུང་བས་ཆོས་དང་ལྡན་པ་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བ་འདི་དག་ནི་མི་འཇིགས་པ་བཞི་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་སྟེ། བཞི་གང་ཞེ་ན། དོན་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ། བཅོ་བརྒྱད་གང་ཞེ་ན། གང་གི་མཚན་མོ་ལ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་གང་གི་མཚན་མོ་ལ་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་པ་ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང༌། ལྷ་དང་མི་དང༌། ལྷ་མ་ཡིན་དུ་བཅས་པ་སྡུག་བསྔལ་ཟད་པར་འགྱུར་བའི་ལམ་གྱིས་རྗེས་སུ་བསྟན་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་དང༌། ཅ་ཅོ་མི་མངའ་བ་དང༌། བསྙེལ་བ་མི་མངའ་བ་དང༌། འདུ་ཤེས་སྣ་ཚོགས་མི་མངའ་བ་དང༌། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང༌། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་དང༌། འདུན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང༌། བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའ་བ་དང༌། དྲན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང༌། ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའ་བ་དང༌། ཤེས་རབ་ཡོངས་སུ་ཉམས་པ་མི་མངའ་བ་དང༌། རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་


DTG082_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བ་དང༌། སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཀྱང་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། འདས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང༌། མ་འོངས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང༌། དེ་ལྟར་བྱུང་བའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་སྟེ། འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ལམ་གྱི་ཚོགས་སོ། །

གཟུངས་ཀྱི་ཚོགས།


DTG082_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་རྣམས་ཏེ། དེ་ཡང་ཡི་གེའི་ཚུལ་མཉམ་པ་ཉིད་དང༌། ཡི་གེའི་སྒོ་དང༌། ཡི་གེས་རབ་ཏུ་འཇུག་པའོ། །དེ་ཡང་ཡི་གེའི་ཚུལ་མཉམ་པ་ཉིད་དང༌། ཡི་གེའི་སྒོ་དང༌། ཡི་གེས་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ།། ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ན་ཞེས་བྱ་བ་ནི་མིང་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ལ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་ཤིང་སྲིད་པའི་འཁྲི་ཤིང་གི་རྒྱུ་དང་རྐྱེན་ཡང་དག་པར་བཅོམ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ད་ཞེས་བྱ་བ་ནི་དུལ་བ་དང་དུལ་བའི་གནས་ཡོངས་སུ་ཆད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །བ་ཞེས་བྱ་བ་ནི་འཆིང་བ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཌ་ཞེས་བྱ་བ་ནི་དཀྲུགས་མ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་ཆགས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཝ་ཞེས་བྱ་བ་ནི་ངག་གི་ལམ་གྱི་སྒྲ་ཡང་དག་པར་ཆད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཏ་ཞེས་བྱ་བ་ནི་དེ་བཞིན་ཉིད་


DTG082_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་གཡོས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཡ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྟ་ཞེས་བྱ་བ་ནི་ཁེངས་པ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཀ་ཞེས་བྱ་བ་ནི་བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་མཉམ་པ་ཉིད་ལས་མི་འདའ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །མ་ཞེས་བྱ་བ་ནི་བདག་གིར་བྱ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ག་ཞེས་བྱ་བ་ནི་འགྲོ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཐ་ཞེས་བྱ་བ་ནི་གནས་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཛ་ཞེས་བྱ་བ་ནི་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཤྭ་ཞེས་བྱ་བ་ནི་དབུགས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །དྷ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཤ་ཞེས་བྱ་བ་ནི་ཞི་གནས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཁ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཀྵ་ཞེས་བྱ་བ་ནི་ཟད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྟ་ཞེས་བྱ་བ་ནི་སྟོང་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཛྙཱ་ཞེས་བྱ་བ་ནི་ཡེ་ཤེས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཎ་ཞེས་བྱ་བ་ནི་གཞན་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །བྷ་ཞེས་བྱ་བ་ནི་འཇིག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཚ་ཞེས་བྱ་བ་ནི་མདོག་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྨ་ཞེས་བྱ་བ་ནི་དྲན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧྭ་ཞེས་བྱ་བ་ནི་བད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་སྤྲོ་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ།། གྷ་ཞེས་བྱ་བ་ནི་སྟུག་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཋ་ཞེས་བྱ་བ་ནི་རྣམ་པར་བསྒྲུབ་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཎ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཕ་ཞེས་བྱ་བ་ནི་འབྲས་བུ་མི་དམིགས་པའི་ཕྱིར་ཆོས་


DTG082_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྒོའོ། །སྐ་ཞེས་བྱ་བ་ནི་ཕུང་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཛཱ་ཞེས་བྱ་བ་ནི་དགའ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙེ་ཞེས་བྱ་བ་ནི་སྤྱོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཊ་ཞེས་བྱ་བ་ནི་འཚེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་ངར་འཛིན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །དེ་ཡན་ཆད་ཡི་གེའི་ཐ་སྙད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་ཡང་གང་གིས་ཐ་སྙད་དུ་བྱ་བ་དང༌། གང་གིས་རྗོད་པ་དང༌། གང་གིས་བསྟན་པ་དང༌། གང་གིས་རྟོགས་པར་བྱེད་པ་དང༌། གང་གིས་མཐོང་བའི་མིང་ནི་འགའ་ཡང་མེད་དོ། །རབ་འབྱོར་འདི་ལྟ་སྟེ། ཆོས་ཐམས་ཅད་ནི་དཔེ་ནམ་མཁའ་བཞིན་དུ་ཁོང་དུ་ཆུད་པར་བྱ་སྟེ། རབ་འབྱོར་འདི་ནི་གཟུངས་ཀྱི་སྒོ་ལ་འཇུག་པ། ཨ་ལ་སོགས་པའི་ཡི་གེ་བསྟན་པ་ལ་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཞིག་གིས་ཨ་ལ་སོགས་པའི་ཡི་གེ་ལ་མཁས་པར་བྱ་བ་འདི་ཡོངས་སུ་ཤེས་ན་དེ་ནི་སྒྲ་གང་ལ་ཡང་ཐོགས་པར་མི་འགྱུར་ཞིང་དེ་ཐམས་ཅད་མཉམ་པ་ཉིད་ཀྱི་ཆོས་ཉིད་དུ་སྒྲུབ་པར་འགྱུར་ཏེ། སྒྲ་ཤེས་པར་བྱ་བ་ལ་མཁས་པ་ཐོབ་པར་འགྱུར་རོ། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ཨ་ལ་སོགས་པའི་ཡི་གེའི་ཕྱག་རྒྱ་འདི་དག་ལ་སོགས་པའི་ཡི་གེ་ལ་ཉན་ཅིང་ཐོས་ནས་ཀྱང་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་ཅིང༌། གཞན་དག་ལ་ཡང་ཚུལ་དང་ལྡན་པའི་བློས་སྟོན་ན། དེ་ལ་ལེགས་པ་ཉི་ཤུ་ཡོད་པར་ཤེས་པར་བྱའོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པར་འགྱུར། བློ་གྲོས་དང་ལྡན་པར་འགྱུར། རྟོགས་པ་དང་ལྡན་པར་འགྱུར་རོ། །བློ་དང་ལྡན་པར་འགྱུར། བརྟན་པ་དང་ལྡན་པར་འགྱུར། ངོ་ཚ་ཤེས་ལ་དང་ལྡན་པར་འགྱུར། ཤེས་རབ་དང་ལྡན་པར་འགྱུར། སྤོབས་པ་དང་ལྡན་པར་འགྱུར་བ་དང༌། གཟུངས་ཀྱི་སྒོ་འདི་ཡང་ཚེགས་ཆུང་ངུས་ཐོབ་པར་འགྱུར། དེ་ལ་སོམ་ཉི་མེད་པར་འགྱུར། ཡིད་གཉིས་མེད་པར་འགྱུར། གཞན་ལ་སྒྲའི་ངག་སྙན་པ་ཐོས་ཀྱང་ཆགས་པར་འགྱུར་བ་མེད་ཅིང་ཚིག་རྩུབ་པོས་ཁོང་ཁྲོ་བར་མི་འགྱུར་


DTG082_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མཐོ་བར་མི་འགྱུར། དམའ་བར་མི་འགྱུར་ཏེ། ཇི་ལྟ་བ་བཞིན་གནས་པར་འགྱུར་བ་དང༌། སྒྲ་ལ་མཁས་པར་འགྱུར་བ་དང༌། ཕུང་པོ་ལ་མཁས་པར་འགྱུར་བ་དང༌། ཁམས་ལ་མཁས་པར་འགྱུར་བ་དང༌། སྐྱེ་མཆེད་ལ་མཁས་པར་འགྱུར་བ་དང༌། བདེན་པ་ལ་མཁས་པར་འགྱུར་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་འགྱུར་བ་དང༌། རྒྱུ་ལ་མཁས་པར་འགྱུར་བ་དང༌། རྐྱེན་ལ་མཁས་པར་འགྱུར་བ་དང༌། ཆོས་ཉིད་ལ་མཁས་པར་འགྱུར་བ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པར་འགྱུར་བ་དང༌། ཕ་རོལ་གྱི་སེམས་ཤེས་པ་ལ་མཁས་པར་འགྱུར་བ་དང༌། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་ལ་མཁས་པར་འགྱུར་བ་དང༌། ལྷའི་རྣ་བའི་ཤེས་པ་ལ་མཁས་པར་འགྱུར་བ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ལ་མཁས་པར་འགྱུར་བ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་མཁས་པར་འགྱུར་བ་དང༌། ཟག་པ་ཟད་པ་ཤེས་པ་ལ་མཁས་པར་འགྱུར་བ་དང༌། གནས་དང་གནས་མ་ཡིན་པ་བསྟན་པ་ཤེས་པ་ལ་མཁས་པར་འགྱུར་བ་དང༌། འགྲོ་བ་ལ་མཁས་ཤིང་ལྡོག་པ་ལ་མཁས་པར་འགྱུར་བ་དང༌། སྤྱོད་ལམ་ལ་མཁས་པར་འགྱུར་བ་སྟེ། ཕན་ཡོན་ཉི་ཤུ་བོ་འདི་དག་ཐོབ་པར་འགྱུར་རོ། །རབ་འབྱོར་གཟུངས་ཀྱི་སྒོ་ཨ་ལ་སོགས་པའི་ཡི་གེ་ལ་འཇུག་པ་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་གཟུངས་ཀྱི་ཚོགས་སོ། །

སའི་ཚོགས།


DTG082_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ས་ནས་སར་འཕར་ཏེ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ས་ནས་སར་འཕར་བ་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་འཕོ་བ་མེད་པས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གང་ཡང་འོང་བའམ་འགྲོ་བའམ། འཕོ་བའམ། ཉེ་བར་འཕོ་བ་མེད་དེ། འོན་ཀྱང་ཆོས་ཐམས་ཅད་ཀྱིས་གང་ཡིན་པ་དེ་ལ་རློམ་སེམས་སུ་མི་བྱེད་ཅིང་མི་སེམས་ལ་ས་ཡོངས་


DTG082_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྦྱོང་བ་ཡང་བྱེད་ཅིང་ས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱོང་བ་གང་ཞེ་ན། རབ་འབྱོར་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྦྱང་བ་བཅུ་པོ་འདི་དག་བྱ་སྟེ། བཅུ་གང་ཞེ་ན། དེ་མི་དམིགས་པའི་ཚུལ་གྱིས་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བ་དང༌། མཚན་མ་མི་དམིགས་པའི་ཕྱིར་ཕན་པའི་དངོས་པོ་ཡོངས་སུ་སྦྱང་ཞིང༌། སེམས་ཅན་མི་དམིགས་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བ་དང༌། སྦྱིན་པ་དང་གཏོང་བ་དང༌། ལེན་པ་མི་དམིགས་པའི་ཕྱིར་གཏོང་བ་ཡོངས་སུ་སྦྱང་བ་དང༌། དེས་རློམ་སེམས་སུ་མི་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བ་དང༌། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཆོས་བཙལ་བ་ཡོངས་སུ་སྦྱང་བ་དང༌། ཁྱིམ་མི་དམིགས་པའི་ཕྱིར་ཡང་དང་ཡང་དུ་འབྱུང་བ་ཡོངས་སུ་སྦྱང་བ་དང༌། མཚན་དང་དཔེ་བྱད་བཟང་པོའི་མཚན་མ་མི་དམིགས་པའི་ཕྱིར་སངས་རྒྱས་ཀྱི་སྐུ་ལ་འདོད་པ་ཡོངས་སུ་སྦྱང་བ་དང༌། ཆོས་ཀྱི་དབྱེ་བ་མི་དམིགས་པའི་ཕྱིར་ཆོས་རྣམ་པར་འགྲེལ་པ་ཡོངས་སུ་སྦྱང་བ་དང༌། ཆོས་ཀྱི་ཡོད་པ་ཉིད་མི་དམིགས་པའི་ཕྱིར་ང་རྒྱལ་གྱི་ཁེངས་པ་བསལ་བ་ཉིད་ཡོངས་སུ་སྤྱད་པ་དང༌། ཚིག་མི་དམིགས་པའི་ཕྱིར་བདེན་པའི་ཚིག་ཡོངས་སུ་སྦྱང་བ་སྟེ། རབ་འབྱོར་ཡོངས་སུ་སྦྱང་བ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་བྱ་བ་དག་གོ །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་དེ་དག་ལ་ནན་ཏན་དུ་བྱའོ། །བརྒྱད་གང་ཞོ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། བྱས་པ་ཤེས་ཤིང་བྱས་པ་ཚོར་བ་དང༌། བཟོད་པའི་སྟོབས་ལ་གནས་པ་དང༌། རབ་ཏུ་དགའ་བ་ཉམས་སུ་མྱོང་བར་བྱས་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང༌། སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་དང༌། བླ་མ་ལ་དད་པས་བསྙེན་བཀུར་བྱེད་ཅིང་སྟོན་པའི་འདུ་ཤེས་ཀྱིས་གུས་པར་ཏན་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པས་འཚོལ་བ་སྟེ།


DTG082_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་ཆོས་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་དེ་དག་ལ་ནན་ཏན་དུ་བྱ་བ་དག་གོ །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མང་དུ་ཐོས་པས་མི་ངོམས་ཤིང་དེ་ལ་ཡང་ཡི་གེ་ལ་མངོན་པར་མ་ཞེན་པ་དང༌། ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་ཅིང་དེས་ཀྱང་རློམ་སེམས་སུ་མི་འགྱུར་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་ན་ཡང་དེས་རློམ་སེམས་སུ་མི་འགྱུར་བ་དང༌། དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་ཅིང་དེས་ཀྱང་རློམ་སེམས་དུ་མི་འགྱུར་བ་དང༌། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་ཀྱང་དེས་རློམ་སེམས་སུ་མི་འགྱུར་བ་སྟེ། རབ་འབྱོར་ཆོས་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གསུམ་པ་ལ་གནས་པས་གནས་པར་བྱ་བ་དག་གོ །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་བླངས་ཤིང་གནས་པར་བྱ་སྟེ། དེ་དག་ཡོངས་སུ་གཏང་བར་མི་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དགོན་པ་ལ་གནས་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་མི་གཏོང་བ་དང༌། བསླབ་པ་ཡོངས་སུ་མི་གཏོང་བ་དང༌། འདོད་པའི་ཡོན་ཏན་ལ་སྨོད་པ་དང༌། མྱ་ངན་ལས་འདུས་པ་དང་ལྡན་པའི་སེམས་བསྐྱེད་པ་དང༌། རྫས་ཐམས་ཅད་ཡོངས་སུ་གཏོང་བ་དང༌། སེམས་ཞུམ་པ་མེད་པ་དང༌། དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པ་སྟེ། རབ་འབྱོར་ཆོས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས་ཡོངས་སུ་གཏང་བར་མི་བྱ་ཞིང༌། ཡང་དག་པར་བླངས་ཏེ་གནས་པར་བྱ་བ་དག་གོ །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་སྤང་བར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་པ་དང་རབ་ཏུ་བྱུང་བ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བ་དང༌། རིགས་


DTG082_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སེར་སྣ་བྱད་པ་ཡོངས་སུ་སྤང་བར་བྱ་བ་དང༌། འདུ་འཛིའི་གནས་ཡོངས་སུ་སྤང་བར་བྱ་བ་དང༌། གནོད་སེམས་ཡོངས་སུ་སྤང་བར་བྱ་བ་དང༌། བདག་ལ་བསྟོད་པར་བྱ་བ་དང༌། གཞན་ལ་སྨོད་པ་ཡོངས་སུ་སྤང་བར་བྱ་བའོ། །མི་དགེ་བ་བཅུའི་ལམ་ཡོངས་སུ་སྤང་བར་བྱའོ། །ལྷག་པའི་ང་རྒྱལ་དང༌། ཁེངས་པ་དང༌། ཕྱིན་ཅི་ལོག་རྣམས་དང༌། ཐེ་ཚོམ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཉམས་རངས་སུ་གཞག་པ་ཡོངས་སུ་སྤང་བར་བྱའོ། །ཆོས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས་ཆོས་དྲུག་པོ་ཡོངས་སུ་རྫོགས་པར་བྱ་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གོ །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ། དྲུག་གང་ཞེ་ན། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། །རང་སངས་རྒྱས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། །སྐྲག་པའི་སེམས་ཡོངས་སུ་སྤང་བར་བྱའོ། །སློང་མོ་པ་མཐོང་ན་ཞུམ་པ་མེད་པར་བྱ་སྟེ། ཞུམ་པའི་སེམས་ཡོངས་སུ་སྤང་བར་བྱའོ། །དངོས་པོ་ཐམས་ཅད་ཡོངས་སུ་བཏང་བས་ཡིད་མི་བདེ་བར་མི་བྱ་སྟེ། ཡིད་མི་བདེ་བ་ཡོངས་སུ་སྤང་བར་བྱའོ། །སློང་མོ་པ་མཐོང་ན་སློང་མོ་པས་འཁྲུགས་པར་མི་བྱ་སྟེ། འཁྲུགས་པའི་སེམས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་ཆོས་དྲུག་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་མི་བྱ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འཛིན་པར་མི་བྱའོ། །སེམས་ཅན་དུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པ་དང༌། ཆད་པར་འཛིན་པ་དང༌། རྟག་པར་འཛིན་པ་དང༌། མཚན་མའི་འདུ་ཤེས་དང༌། རྒྱུར་ལྟ་བ་དང༌། མིང་དང་གཟུགས་ལ་མངོན་པར་ཆགས་པ་དང༌། ཕུང་པོ་ལ་མངོན་པར་ཆགས་པ་དང༌། ཁམས་ལ་མངོན་པར་ཆགས་པ་དང༌། སྐྱེ་མཆེད་ལ་མངོན་པར་ཆགས་པ་དང༌། ཁམས་


DTG082_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ན་གནས་པ་དང༌། ཁམས་གསུམ་ལ་མངོན་པར་ཞེན་པ་དང༌། ཁམས་གསུམ་ལ་བརྟེན་པ་དང༌། སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང༌། ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང༌། དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང༌། ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང༌། ཆོས་རྣམས་སྟོང་ངོ་ཞེས་ཞུམ་པར་འགྱུར་བ་དང༌། སྟོང་པ་ཉིད་དང་འགལ་བ་སྟེ། རབ་འབྱོར་ཆོས་ཉི་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་མི་བྱའོ། །དེས་ཆོས་ཉི་ཤུ་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། ཉི་ཤུ་གང་ཞེ་ན། སྟོང་པ་ཉིད་རྫོགས་པར་བྱ་བ་དང༌། མཚན་མ་མེད་པ་མངོན་དུ་བྱ་བ་དང༌། སྨོན་པ་མེད་པ་ཤེས་པར་བྱ་བ་དང༌། འཁོར་གསུམ་ཡོངས་སུ་དག་པ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་དང༌། སེམས་ཅན་དེ་དག་ལ་བརྙས་པར་མི་བྱ་བ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་ཞིང་དེ་ལ་ཡང་མངོན་པར་ཞེན་པ་མེད་པ་དང༌། ཡང་དག་པའི་ཚུལ་རབ་ཏུ་རྟོགས་ཏེ་དེས་ཀྱང་མི་རློམ་པ་དང༌། མི་སྐྱེ་བ་ཤེས་པ་དང༌། ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པ་དང༌། རྟོགས་པ་ཡང་དག་པར་གསལ་བ་དང༌། ལྟ་བ་རྣམ་པར་བཟློག་པ་དང༌། ཉོན་མོངས་པ་རྣམ་པར་བཟློག་པ་དང༌། ཞི་གནས་ལ་ངེས་པར་སེམས་པ་དང༌། ལྷག་མཐོང་ལ་མཁས་པ་དང༌། སེམས་དུལ་བ་དང༌། ཐམས་ཅད་ཐོགས་པ་མེད་པའི་ཤེས་པ་དང༌། ཆགས་པའི་ས་མ་ཡིན་པ་དང༌། གང་དུ་འདོད་པའི་ཞིང་དུ་འགྲོ་བ་དང་དེར་ཡང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་གནས་ནས་བདག་གི་དངོས་པོ་སྟོན་པ་སྟེ། རབ་འབྱོར་ཆོས་ཉི་ཤུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འཇུག་པ་དང༌། མངོན་པར་ཤེས་པས་རྣམ་པར་བརྩེ་བ་དང༌། སངས་རྒྱས་ཀྱི་ཞིང་ལྟ་ཞིང་སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་དེ་དག་


DTG082_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྒྲུབ་པ་དང༌། སངས་རྒྱས་བསྙེན་བཀུར་ཞིང་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པ་སྟེ། རབ་འབྱོར་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དང་ཡང་མཉམ་པར་འཇོག་པ་དང༌། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟ་བུའི་ལུས་ཡོངས་སུ་སྒྲུབ་ཅིང་ཆེད་དུ་བསམས་ཤིང་སྲིད་པ་ཉེ་བར་ལེན་པ་སྟེ། རབ་འབྱོར་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་བག་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟར་སྨོན་ལམ་མཐའ་ཡས་ཡོངས་སུ་བཟུང་བ་སྟེ། ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པ་དང༌། ཡོངས་སུ་རྫོགས་པའི་སྤོབས་པས་ངེས་པར་བསྟན་པ་ཤེས་པ་དང༌། མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང༌། རིགས་ཕུན་སུམ་ཚོགས་པ་དང༌། རུས་ཕུན་སུམ་ཚོགས་པ་དང༌། རྒྱུད་ཕུན་སུམ་ཚོགས་པ་དང༌། འཁོར་ཕུན་སུམ་ཚོགས་པ་དང༌། སྐྱེ་བ་ཕུན་སུམ་ཚོགས་པ་དང༌། མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་སྟེ། རབ་འབྱོར་ཆོས་བཅུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་


DTG082_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཉིད་དུ་བརྗོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ལ་སོགས་པ་ཡོངས་སུ་སྦྱང་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དགེ་བའི་རྩ་བ་མང་པོ་ཡང་དག་པར་སྡུད་པ་གང་ཡིན་པ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕན་པའི་དངོས་པོ་ཡོངས་སུ་སྦྱང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐེག་པ་ཆེན་པོའི་ཡེ་ཤེས་ཚོལ་ཞིང་སྒྲུབ་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕན་པའི་དངོས་པོ་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་ཚད་མེད་པ་བཞི་པོ་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་མངོན་པར་སྒྲུབ་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཏོང་བ་ཡོངས་སུ་སྦྱང་བ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པར་སྦྱིན་པ་ཡོངས་སུ་གཏོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བ་ཡོངས་སུ་སྦྱང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། གང་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་བསྐུལ་བ་དང༌། གཞོག་པ་དང༌། རབ་ཏུ་གཞོག་པར་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཏེ། དགེ་བའི་བཤེས་གཉེན་དེ་དག་བསྟེན་པ་


DTG082_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དང། རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་བཙལ་བ་ཡོངས་སུ་སྦྱང་བ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་ཆོས་ཚོལ་ཞིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་བཙལ་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དང་ཡང་ངེས་པར་འབྱུང་བ་ཡོངས་སུ་སྦྱང་བ་གང་ཞེ་ན། ཚེ་རབས་ཐམས་ཅད་དུ་འདུ་འཛི་མེད་པར་ངེས་པར་འབྱུང་ཞིང་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་ཞིང་དེར་ཡང་བར་ཆད་བྱེད་པ་གང་ཡང་མེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དང་ཡང་ངེས་པར་འབྱུང་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ལ་འདོད་པ་ཡོངས་སུ་སྦྱང་བ་གང་ཞེ་ན། སངས་རྒྱས་ཀྱི་སྐུ་མཐོང་ནས་ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་གྱི་བར་དུ་སངས་རྒྱས་ཀྱི་སྐུ་ཡིད་ལ་བྱ་བ་དང༌། ནམ་ཡང་འབྲལ་བར་མི་འགྱུར་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ལ་མོས་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་འགྲེལ་པ་ཡོངས་སུ་སྦྱང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་མངོན་དུ་འགྱུར་བ་འམ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་ཐོག་མར་ཡང་དགེ །བར་དུ་ཡང་དགེ །ཐ་མར་ཡང་དགེ །ཡི་གེ་བཟང་པོ། དོན་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཚངས་པར་སྤྱོད་པ་འདི་ལྟ་སྟེ། མདོ་དང་དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། འདི་ལྟར་འདས་པ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བ་དང༌། རྟོགས་པ་བརྗོད་པ་དང༌། གཏན་ལ་དབབ་པར་བསྟན་པ་དག་ཡང་དག་


DTG082_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྟོན་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་དང་ཁེངས་པ་བསལ་བ་ཡོངས་སུ་སྦྱང་བ་གང་ཞེ་ན། ང་རྒྱལ་དང་ཁེངས་པ་ཡོངས་སུ་བསལ་བ་དེས་ནམ་ཡང་རིགས་དམའ་བར་མི་སྐྱེ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་དང་ཁེངས་པ་བསལ་བ་ཡོངས་སུ་སྦྱང་བའོ།། །།བམ་པོ་བཅོ་བརྒྱད་པ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་ལྟར་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ཡོངས་སུ་སྦྱང་བའོ། །རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པའི་ཡོངས་སུ་སྦྱོང་བ་བཅུའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཡིད་ལ་མི་བྱེད་ཅིང་དེ་མ་ཡིན་པའི་ཚུལ་ཁྲིམས་ངན་པར་བྱེད་པ་དང༌། བྱང་ཆུབ་ཀྱི་གེགས་སུ་འགྱུར་བའི་ཆོས་གཞན་དག་ཀྱང་ཡིད་ལ་མི་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཕན་པ་ཆུང་ངུ་ཞིག་ཀྱང་འཁོར་བ་མ་ཟད་ཀྱི་བར་དུ་ཆུད་མི་གསོན་ན། མང་པོ་ལྟ་ཅི་སྨོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་མཐུ་ལ་གནས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་གནོད་སེམས་མེད་ཅིང་འཚེ་བ་མེད་པའི་སེམས་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་མཐུ་ལ་གནས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཐེག་པ་


DTG082_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཤིང་བདག་གིས་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དམྱལ་བར་གནས་པར་བྱ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལམ་བཀོད་ཀྱི་བར་དུ་དེ་དག་ཏུ་གཏུབ་ཅིང་གཤེགས་པ་དང༌། བརྡུང་ཞིང་བཙོ་བ་དང༌། སྲེག་པ་ལ་སོགས་པ་ཉམས་སུ་མྱོང་བར་བྱའོ་སྙམ་ནས། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྲོ་ཞིང་སྐྱོ་བ་མེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་མངོན་དུ་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པས་བཀུར་སྟི་བྱེད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐམས་ཅད་ལ་ང་རྒྱལ་བཅག་པ་ཉིད་ཀྱིས་ཡང་དག་པར་འདུད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དད་པས་བཀུར་སྟི་བྱེད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་བསྙེན་བཀུར་ཞིང་དད་པས་གུས་པར་བྱ་བ་གང་ཞེ་ན། འདི་ལྟར་བླ་མ་རྣམས་ལ་སྟོན་པའི་འདུ་ཤེས་སུ་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་བསྙེན་བཀུར་ཞིང་དད་པས་གུས་པར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལས་གཞན་མེད་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་ཚོལ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་


DTG082_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་མི་ངོམས་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་འདིའམ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་གང་ཇི་བསྟན་པ་དེ་དག་ཐམས་ཅད་ཡོངས་སུ་བཟུང་བར་བྱའོ་ཞེས་མི་ངོམས་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་དུ་ཐོས་པས་མི་ངོམས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྟོན་པའི་ཚེ། ཆོས་ཀྱི་སྦྱིན་པ་དེ་ཆུང་ངུ་ན་བྱང་ཆུབ་ཏུ་ཡང་རེ་བ་མེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་བ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་བདག་དང་གཞན་གྱི་སེམས་ཡོངས་སུ་སྦྱོང་བའི་ཚེ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་པ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་ཉེ་བར་བསྟན་ན་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དེ་ལྟ་བུའི་དགེ་བའི་རྩ་བ་ཉེ་བར་སྟོན་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་རྫོགས་ཀྱི་བར་དུ་ནམ་ཡང་སྐྱོ་བར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སེམས་ལ་སྨོད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་


DTG082_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་ལ་གནས་པ་ཡོངས་ས་མི་གཏོང་བ་གང་ཞེ་ན། ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ལས་འདའ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་ལ་གནས་པ་ཡོངས་སུ་མི་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པ་ཆུང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ལ་ཡང་འདོད་པ་མི་སྐྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པ་ཆུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོག་ཤེས་པ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱང་རློམ་སེམས་སུ་མི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་ག་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན། འདི་ལྟར་ཆོས་ཟབ་མོ་རྣམས་ལ་རྟོག་པར་འཇོག་པའི་བཟོད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མི་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསླབ་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན། བསླབ་པ་ཐམས་ཅད་ལ་སྒྱུ་མེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསླབ་པ་ཡོངས་སུ་མི་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པའི་ཡོན་ཏན་ལ་སྨོད་པ་གང་ཞེ་ན། འདོད་པའི་སེམས་མི་བསྐྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པའི་ཡོན་ཏན་ལ་སྨོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱ་ངན་ལས་འདས་པ་དང་ལྡན་པའི་སེམས་བསྐྱེད་པ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱ་ངན་ལས་འདས་པ་དང་ལྡན་པའི་སེམས་བསྐྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྫས་ཐམས་ཅད་ཡོངས་སུ་གཏོང་བ་གང་ཞེ་ན། ཕྱི་ནང་གི་ཆོས་


DTG082_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་འཛིན་པ་མེད་པ་གང་ཡིན་པ་སྟེ། འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྫས་ཐམས་ཅད་ཡོངས་སུ་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཞུམ་པ་མེད་པ་གང་ཞེ་ན། རྣམ་པར་ཤེས་པ་གནས་པ་ལ་དེའི་སེམས་མི་གནས་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཞུམ་པ་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པ་གང་ཞེ་ན། དངོས་པོ་ཐམས་ཅད་ཡིད་ལ་མི་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་རྫུས་ཏེ་སྐྱེ་བ་དང༌། མགོ་བྲེགས་ཤིང་དུར་སྨྲིག་གི་གོས་བགོ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་མ་དང་བསྟེན་པ་ཡོངས་སུ་སྤང་བ་གང་ཞེ་ན། དགེ་སློང་མ་དང་སེ་གོལ་གཏོགས་པ་ཙམ་ཡང་ལྷན་ཅིག་མི་གནས་ཤིང་དེའི་རྒྱུས་ཡོངས་སུ་བརྐམ་པའི་སེམས་མི་བསྐྱེད་དེ། དེའི་རྒྱུས་གོས་འཐོབ་པར་ཡང་མི་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་མ་དང་བསྟེན་པ་ཡོངས་སུ་སྤང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ལ་སེར་སྣ་བྱེད་པ་ཡོངས་སུ་སྤོང་བ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། གང་བདག་གིས་སེམས་ཅན་ཐམས་ཅད་ལ་བདེ་བའི་རྣམ་པ་བསྒྲུབ་པར་བྱ་བ་དེ་དག་སེམས་ཅན་འདི་དག་རང་རང་གི་བསོད་ནམས་ཀྱིས་བདེ་བར་འགྱུར་ན། དེ་ལ་བདག་གིས་སེར་སྣའི་སེམས་བསྐྱེད་པར་མི་བྱའོ་ཞེས་བྱ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ལ་སེར་སྣ་བྱེད་པ་ཡོངས་སུ་སྤང་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུ་འཛིའི་གནས་ཡོངས་སུ་སྤང་


DTG082_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་འཛིའི་གནས་གང་དུ་གནས་པས་ཉན་ཐོས་སམ། རང་སངས་རྒྱས་ཡོད་པའམ། དེ་དང་ལྡན་པའི་གཏམ་འབྱུང་བར་འགྱུར་པའམ། དེ་དང་ལྡན་པའི་སེམས་སྐྱེད་པ་སྐྱེ་བར་འགྱུར་བ་དེ་ལྟ་བུར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པར་མི་བྱ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་འཛིའི་གནས་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནོད་སེམས་ཡོངས་སུ་སྤང་བར་བྱ་བ་གང་ཡིན་ཞེ་ན། གནོད་སེམས་དང་འཚེ་བའི་སེམས་ཀྱི་སྐབས་མི་འབྱེད་ཅིང་འཐབ་མོའི་སེམས་སམ་རྩོད་པའི་སེམས་ཀྱི་གོ་མི་འབྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནོད་སེམས་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་བསྟོད་པ་ཡོངས་སུ་སྤང་བ་གང་ཞེ་ན། ནང་གི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་བསྟོད་པ་ཡོངས་སུ་སྤང་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཞན་སྨོད་པ་ཡོངས་སུ་སྤང་པ་གང་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་གྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཞན་སྨོད་པ་ཡོངས་སུ་སྤང་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། དེ་དག་ནི་འདི་ལྟར་བདེ་འགྲོ་ལ་ཡང་བར་དུ་གཅོད་ན། འཕགས་པའི་ལམ་ལ་ལྟ་ཅི་སྨོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྟ་ཅི་སྨོས་ཀྱང་མི་དགོས་ཀྱིས་སྤང་བར་བྱའོ་ཞེས་སྤོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་ང་རྒྱལ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། དེ་ནི་འདི་ལྟར་དེས་ཆོས་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་ན། གང་གིས་ང་རྒྱལ་


DTG082_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་བའི་ལྷག་པ་ལ་ལྟ་ཅི་སྨོས་ཞེས་ང་རྒྱལ་དུ་མི་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་ང་རྒྱལ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁེངས་པ་ཡོངས་སུ་སྤང་བར་བྱ་བ་གང་ཡིན་ཞེ་ན། འདི་ལྟར་དེས་གང་ལ་ཁེངས་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁེངས་པ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིན་ཅི་ལོག་རྣམས་ཡོངས་སུ་སྤང་པར་བྱ་བ་གང་ཞེ་ན། དངོས་པོ་མི་དམིགས་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིན་ཅི་ལོག་རྣམས་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡིད་གཉིས་སྤང་བར་བྱ་བ་གང་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ཡིད་གཉིས་དང་བྲལ་བར་མཐོང་བ་གང་ཡིན་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་གཉིས་སྤང་བར་བྱ་བ་ཡིན་ནོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་ཉམས་རངས་སུ་མི་འདོར་བ་ཡིན་ཞེ་ན། དེ་ནི་འདི་ལྟར་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཉམས་རངས་སུ་མི་འདོར་བའོ། །དེ་ལ་ས་དྲུག་པ་ལ་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་གང་ཡིན་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ཉན་ཐོས་དང་རང་སངས་རྒྱས་ཤེས་པར་བྱ་བའི་རྒྱ་མཚོ་ལྔའི་


DTG082_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཕྱིན་ཏོ། །ཕྱིན་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། བརྗོད་དུ་མེད་པ་དང༌། འདུས་མ་བྱས་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དྲུག་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་སེམས་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ། །ཡོངས་སུ་ཆད་པའི་སེམས་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ། །སློང་བ་མཐོང་ན་ཞུམ་པའི་སེམས་བསྐྱེད་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ། །དངོས་པོ་ཐམས་ཅད་ཡོངས་སུ་བཏང་བས་ཡིད་མི་བདེ་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ། །སློང་བ་པོ་སྤང་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དྲུག་ཡོངས་སུ་སྤང་བར་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་ཏུ་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེ་དག་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་ཏུ་འཛིན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་སེམས་ཅན་དང༌། སྲོག་དང་གང་ཟག་ཏུ་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེ་དག་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་དང༌། སྲོག་དང༌། གང་ཟག་ཏུ་འཛིན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆད་པར་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པའི་ཕྱིར་ཆོས་གང་ཡང་ཆད་པ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆད་པར་འཛིན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་


DTG082_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོས་རྟག་པར་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་གང་ལ་ཡང་སྐྱེ་བ་མེད། དེ་ལ་རྟག་པ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་འཛིན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའི་འདུ་ཤེས་སུ་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཀུན་ནས་ཉོན་མོངས་པ་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའི་འདུ་ཤེས་སུ་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུར་ལྟ་བར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ལྟ་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུར་ལྟ་བར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་རང་བཞིན་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཞེན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་དངོས་པོ་མེད་ཅིང་མི་དམིགས་པའི་ཕྱིར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་བརྟེན་པ་དང་གནས་པར་མི་བྱ་ཞེ་ན། དེ་ན་འདི་ལྟར་དེའི་དངོས་པོ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་བརྟེན་པ་དང་གནས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་སངས་རྒྱས་སུ་ལྟ་བ་ལ་བརྟེན་ནས།


DTG082_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སུ་མཐོང་བར་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་སུ་ལྟ་བ་ལ་བརྟེན་པས་ཆོས་མཐོང་བར་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དགེ་འདུན་དུ་ལྟ་བ་ལ་བརྟེན་པས་དགེ་འདུན་མཐོང་བར་མི་འགྱུར་བའི་ཕྱིར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཚུལ་ཁྲིམས་སུ་ལྟ་བ་ལ་བརྟེན་པའི་ཚུལ་ཁྲིམས་རྣམ་པར་དག་པར་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་སྟོང་ངོ་ཞེས་ཞུམ་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པ་མ་ཡིན་གྱི། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་སྟོང་ངོ་ཞེས་ཞུམ་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་དང་འགལ་བར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པས་སྟོང་པ་ཉིད་དང་འགལ་བར་མི་བྱེད་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་དང་འགལ་བར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ཡིན་ཞེ་ན། རང་གི་མཚན་ཉིད་སྟོང་


DTG082_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཉེ་བར་བཟུང་ནས་ཡོངས་སུ་རྫོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོང་པ་ཉིད་ཡོངས་སུ་རྫོགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མ་མེད་པ་མངོན་དུ་བྱ་བ་ཡིན་ཞེ་ན། འདི་ལྟ་སྟེ། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚན་མ་མེད་པ་མངོན་དུ་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྨོན་པ་མེད་པ་ཤེས་པ་ཞེ་ན། དེ་ནི་ཁམས་གསུམ་ཐམས་ཅད་དུ་སེམས་མི་གནས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྨོན་པ་མེད་པ་ཤེས་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པ་ཡིན་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་ཡོངས་སུ་རྫོགས་པ་ཡིན་ཞེ་ན། སྙིང་རྗེ་ཆེན་པོ་ཐོབ་པ་གང་ཡིན་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བརྙས་པར་མི་བྱ་ཞེ་ན། བྱམས་པ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བརྙས་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་བ་གང་ཞེ་ན། ཆོས་ཐམས་ཅད་ལ་བསྣན་པ་དང་དབྲི་བ་མེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ལྟ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དག་པའི་ཚུལ་རབ་ཏུ་རྫོགས་པ་གང་ཞེ་ན། ཆོས་ཐམས་ཅད་ཚུལ་གཅིག་ཏུ་རྟོགས་ཀྱང་རྟོགས་པ་


DTG082_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དག་པའི་ཚུལ་རབ་ཏུ་རྟོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བ་ལ་བཟོད་པ་གང་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ལ་བཟོད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བ་ལ་བཟོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བ་ཤེས་པ་གང་ཞེ་ན། མིང་དང་གཟུགས་མི་སྐྱེ་བ་ཤེས་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བ་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པ་གང་ཞེ་ན། གཉིས་ལ་ཡོངས་སུ་རྒྱུ་བ་མེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟོག་པ་ཡང་དག་པར་བསལ་བ་གང་ཞེ་ན། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟོག་པ་ཡང་དག་པར་བསལ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་དང༌། ལྟ་བ་རྣམ་པར་བཟློག་པ་གང་ཞེ་ན། ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་རྣམ་པར་སྤོང་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་དང༌། ལྟ་བ་རྣམ་པར་ལྡོག་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཉོན་མོངས་པ་རྣམ་པར་བཟློག་པ་གང་ཞེ་ན། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཉོན་མོངས་པ་རྣམ་པར་བཟློག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་གནས་དང༌། ལྷག་མཐོང་གི་ས་གང་ཞེ་ན། འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་གནས་དང་ལྷག་མཐོང་གི་སའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་


DTG082_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སེམས་དུལ་བ་གང་ཞེ་ན། ཁམས་གསུམ་ལ་དགའ་བར་སེམས་པ་མེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དུལ་བའི་སེམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་བའི་སེམས་གང་ཞེ་ན། དབང་པོ་དྲུག་ཡང་དག་པར་འདུས་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་བའི་སེམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོགས་པ་མེད་པའི་ཡེ་ཤེས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྱན་ཐོབ་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོགས་པ་མེད་པའི་ཡེ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆགས་པའི་ས་མ་ཡིན་པའི་ཤེས་པ་གང་ཞེ་ན། སྐྱེ་མཆེད་དྲུག་གི་བཏང་སྙོམས་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆགས་པའི་ས་མ་ཡིན་པའི་ཤེས་པའོ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གང་དུ་འདོད་པའི་ཞིང་དུ་འགྲོ་བ་གང་ཞེ་ན། གང་སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མ་གཡོས་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་ཡང་དག་པར་མཐོང་ཞིང་འདི་ལས་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་ཀྱང་མི་འབྱུང་བ་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གང་དུ་འདོད་པའི་ཞིང་དུ་འགྲོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐམས་ཅད་དུ་བདག་གི་ངོ་བོ་སྟོན་པ་གང་ཞེ་ན། འཁོར་གྱི་དཀྱིལ་འཁོར་རྣམས་སུ་གང་དང་གང་ལ་དགའ་བ་དེ་ལ་ཇི་ལྟར་དགའ་བར་རང་གི་ངོ་བོ་དེ་དང་དེ་སྟོན་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐམས་ཅད་དུ་བདག་གི་ངོ་བོ་སྟོན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་རྗེས་སུ་འཇུག་པ་གང་ཞེ་ན། སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྗེས་སུ་འཇུག་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་ཤེས་པས་རྣམ་པར་རྩེ་


DTG082_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་ཞེ་ན། མངོན་པར་ཤེས་པ་གང་དག་གིས་རྣམ་པར་རྩེ་བ་ན་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ལྟ་བའི་ཕྱིར་འགྲོ་ཡང་སངས་རྒྱས་ཀྱི་འདུ་ཤེས་མི་འབྱུང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་ཤེས་པས་རྣམ་པར་རྩེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་བཞིན་དུ་ཡོངས་སུ་བསྒྲུབ་པ་གང་ཞེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་གི་འཁོར་ལོས་སྒྱུར་བའི་ས་ལ་གནས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གཏོང་ཞིང་དེས་རློམ་སེམས་སུ་མི་བྱེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་བཞིན་དུ་བསྒྲུབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ལ་བསྙེན་བཀུར་བ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་དོན་དུ་ཆོས་ལ་བསྙེན་བཀུར་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ལ་བསྙེན་བཀུར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཞེ་ན། ཆོས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་གང་ཞེ་ན། སྟོབས་བཅུ་ལ་གནས་ཤིང་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་རྫོགས་པར་ཤེས་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་གང་ཞེ་ན། མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་སྦྱོང་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྒྱུ་མ་ལྟ་བུའི་


DTG082_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱ་བ་ཐམས་ཅད་བྱེད་ཀྱང་དེའི་སེམས་ཆོས་གང་ལ་ཡང་མི་འཇུག་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དང་ཡང་མཉམ་པར་གཞག་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཏིང་ངེ་འཛིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དང་ཡང་མཉམ་པར་གཞག་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་བསྒྲུབ་པ་གང་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཇི་ལྟ་ཇི་ལྟར་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟ་དེ་ལྟར་ཆེད་དུ་བསམས་ཤིང་ལུས་ཡོངས་སུ་བསྒྲུབ་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་བསྒྲུབ་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆེད་དུ་བསམས་ཤིང་སྲིད་པ་ཉེ་བར་ལེན་པ་ཡིན་ཞེ་ན། འདི་ལྟ་སྟེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆེད་དུ་བསམས་ཤིང་སྲིད་པ་ཉེ་བར་ཡིན་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན་ཞེ་ན། འདི་ལྟ་སྟེ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་


DTG082_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པར་བྱ་བ་ཁོང་དུ་ཆུད་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་རྫོགས་པའི་སྤོབས་པས་ངེས་པར་བསྟན་པ་ཤེས་པར་བྱ་བ་རྟོགས་པ་ཡིན་ཞེ་ན། འདི་ལྟ་སྟེ། སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཁོང་དུ་ཆུད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་རྫོགས་པའི་སྤོབས་པས་ངེས་པར་བསྟན་པ་ཤེས་པར་བྱ་བ་རྟོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚེ་རབས་ཐམས་ཅད་དུ་རྫུས་ཤིང་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཆེན་པོར་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱལ་རིགས་ཆེ་ཞིང་མཐོ་བའམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བར་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུད་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་རིགས་སུ་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བྱུང་བར་གྱུར་པ་དེའི་རྒྱུད་དུ་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུད་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ལ་སེམས་ཅན་རྣམས་བཀོད་ཅིང་བྱང་ཆུབ་སེམས་དཔའི་འཁོར་དང་ལྡན་པ་ཉིད་དུ་འགྱུར་བ་དེ་ནི་བྱང་ཆུབ་སེམས་


DTG082_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོའི་འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱེ་བ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་སྣང་བས་རྒྱས་པར་བཀང་ཞིང་དེ་དག་ཐམས་ཅད་རྣམ་པར་འགྱུར་བ་དྲུག་ཏུ་གཡོ་བར་བྱེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱེ་བ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་འབྱུང་བའི་ཕྱིར་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་མངོན་པར་འབྱུང་ཞིང༌། སེམས་ཅན་དེ་དག་ཀྱང་ཐེག་པ་གསུམ་ལ་ངེས་པར་འབྱུང་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་འབྱུང་བ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་རྩ་བ་གསེར་གྱི་རྒྱུ་ལས་བྱུང་བ་དང༌། ལྷུན་བཻ་ཌཱུཪྻར་འདུག་པ་དང༌། ཡལ་ག་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ལས་གྲུབ་པ་དང༌། མེ་ཏོག་དང་ལོ་མ་རིན་པོ་ཆེ་སྣ་ཚོགས་ལས་གྱུར་པ་དང༌། ཤིང་དེའི་དྲི་ཞིམ་པ་དང༌། འོད་བཟང་པོས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱས་པར་བཀང་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཞིང་གི་རྒྱན་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྣམ་པར་དག་པ་དང༌། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་གང་ཡིན་པ་སྟེ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅུ་པ་ལ་གནས་པ་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་


DTG082_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང༌། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་གྱུར་པ་དག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་པ་གང་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པའི་ཚེ། རིགས་ཀྱི་ས་དང༌། བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པའི་ས་དང༌། ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དགུ་པ་ལས་ཡོངས་སུ་འདས་ནས་སངས་རྒྱས་ཀྱི་ས་ལ་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་


DTG082_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་ཞུགས་པར་རིག་པར་བྱའོ་ཞེས་བྱ་བ་ནི་སའི་ཚོགས་སོ། །

གཉེན་པོའི་ཚོགས།


DTG082_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་ཆེན་པོ་དེས་གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ནི་དེ་མི་དམིགས་པའི་ཚུལ་གྱིས་ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་ཆེན་པོ་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཚན་ཉིད་མེད་པའི་ཆོས་ནི་ངེས་པར་འབྱུང་བའམ། འབྱུང་བར་འགྱུར་བའམ། འབྱུང་བར་འགྱུར་བ་མེད་དེ། རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་དེ་བཞིན་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཡང་དག་པའི་མཐའ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ནམ་མཁའི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་འདོད་ཆགས་སྤངས་པའི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་འདོད་ཆགས་དང་བྲལ་བའི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་བ་དེ་ནི་འགོག་པའི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་གཟུགས་


DTG082_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཚོར་བ་སྟོང་པ་ཉིད་དང༌། འདུ་ཤེས་སྟོང་པ་ཉིད་དང༌། འདུ་བྱེད་རྣམས་སྟོང་པ་ཉིད་དང༌། རྣམ་པར་ཤེས་པ་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཚོར་བ་སྟོང་པ་ཉིད་དང༌། འདུ་ཤེས་སྟོང་པ་ཉིད་དང༌། འདུ་བྱེད་རྣམས་སྟོང་པ་ཉིད་དང༌། རྣམ་པར་ཤེས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མིག་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྣ་བ་སྟོང་པ་ཉིད་དང༌། སྣ་སྟོང་པ་ཉིད་དང༌། ལྕེ་སྟོང་པ་ཉིད་དང༌། ལུས་སྟོང་པ་ཉིད་དང༌། ཡིད་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རྣ་བ་སྟོང་པ་ཉིད་དང༌། སྣ་སྟོང་པ་ཉིད་དང༌། ལྕེ་སྟོང་པ་ཉིད་དང༌། ལུས་སྟོང་པ་ཉིད་དང༌། ཡིད་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་མིག་གིས་སྟོང་པའི་ཕྱིར་རོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཡིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་གཟུགས་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་སྒྲ་སྟོང་པ་ཉིད་དང༌། དྲི་སྟོང་


DTG082_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང༌། རོ་སྟོང་པ་ཉིད་དང༌། རེག་སྟོང་པ་ཉིད་དང༌། ཆོས་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཆོས་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང༌། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང༌། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང༌། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་དང༌། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང༌། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང༌། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང༌། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་དང༌། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་གི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ངེས་པར་འབྱུང་བ་


DTG082_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང༌། སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང༌། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང༌། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་དང༌། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང༌། སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང༌། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང༌། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་དང༌། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་གི་འདུས་ཏེ་རེག་པ་མིག་གི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང༌། སྣའི་


DTG082_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྨི་ལམ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་སྒྱུ་མ་དང༌། སྨིག་རྒྱུ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། དྲི་ཟའི་གྲོང་ཁྱེར་དང༌། དེ་བཞིན་གཤེགས་པའི་སྤྲུལ་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྨི་ལམ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །སྒྱུ་མ་དང༌། སྨིག་རྒྱུ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། དྲི་ཟའི་གྲོང་ཁྱེར་དང༌། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨི་ལམ་ནི་རྨི་ལམ་གྱིས་སྟོང་པའི་ཕྱིར་རོ། །སྒྱུ་མ་དང༌། སྨིག་རྒྱུ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། དྲི་ཟའི་གྲོང་ཁྱེར་དང༌། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་པའི་ལམ་གྱིས་བཟུང་བའི་རྟོག་པ་དང་པོའི་གཉེན་པོ་ཡིན་ནོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་


DTG082_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ནང་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཕྱི་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཕྱི་ནང་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་


DTG082_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་མེད་དོ། །ཕྱི་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཕྱི་སྟོང་པ་ཉིད་ཕྱི་སྟེང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། ཕྱི་ནང་སྟོང་པ་ཉིད་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌།


DTG082_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་དང༌། ཚད་མེད་པ་རྣམས་ཀྱི་ངོ་བོ་ཉིད་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་དང༌། ཚད་མེད་པ་རྣམས་ཀྱི་ངོ་བོ་ཉིད་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །མི་འཇིགས་པ་བཞིའི་ངོ་བོ་ཉིད་དང༌། སོ་སོ་ཡང་དག་པར་རིག་པ་བཞིའི་ངོ་བོ་ཉིད་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མི་འཇིགས་པ་བཞིའི་ངོ་བོ་ཉིད་དང༌། སོ་སོ་ཡང་དག་པར་རིག་པ་བཞིའི་ངོ་བོ་ཉིད་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་


DTG082_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་གཟུང་བའི་རྟོག་པ་གཉིས་པའི་གཉེན་པོ་ཡིན་ནོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་དགྲ་བཅོམ་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རང་སངས་རྒྱས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བར་འདོད་དུ་ཟད་དེ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ།། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དགྲ་བཅོམ་པའི་ངོ་བོ་ཉིད་ནི་དགྲ་བཅོམ་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ལན་ཅིག་ཕྱིར་


DTG082_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་འཛིན་པའི་རྟོག་པ་དང་པོའི་གཉེན་པོ་ཡིན་ནོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མིང་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མཚན་མ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་བརྡ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཐ་སྙད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་བདག་མེད་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིང་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །མཚན་མ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །བརྡ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཐ་སྙད་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །གདགས་པ་སྟོང་པ་ཉིད་ནི་ཁམས་གསུམ་


DTG082_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་མིང་སྟོང་པ་ཉིད་མིང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མཚན་མ་སྟོང་པ་ཉིད་མཚན་མ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བརྡ་སྟོང་པ་ཉིད་བརྡ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐ་སྙད་སྟོང་པ་ཉིད་ནི་ཐ་སྙད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །གདགས་པ་སྟོང་པ་ཉིད་གདགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་སྐྱེ་བ་མེད་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་མེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སྐྱེ་བ་མེད་པ་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དེ་ནི་མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་རྣམ་གྲངས་འདིས་ནི་འདི་ལྟར་ཐེག་པ་ཆེན་པོ་ནི་ཁམས་གསུམ་ནས་ངེས་པར་འབྱུང་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་ཤེས་པར་བྱ་སྟེ། ཐེག་པ་དེ་ནི་བསྐྱོད་དུ་མེད་པའོ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་འཛིན་པའི་རྟོག་པ་གཉིས་པའི་གཉེན་པོ་ཡིན་ནོ།། །།བམ་པོ་བཅུ་དགུ་པ། རབ་འབྱོར་གཞན་ཡང་ཁྱོད་ཀྱིས་གང་འདི་སྐད་དུ་ཐེག་པ་ཆེན་པོ་དེ་གང་དུ་གནས་པར་འགྱུར་ཞེས་སྨྲས་པ་དེ་ནི་ཐེག་པ་ཆེན་པོ་དེ་


DTG082_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་འང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མི་གནས་པ་སྟེ། རབ་འབྱོར་འོན་ཀྱང་ཐེག་པ་ཆེ་པོ་དེ་ནི་མི་གནས་པའི་ཚུལ་གྱིས་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆོས་ཀྱི་དབྱིངས་ནི་གནས་པ་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་མ་ཡིན། མི་གནས་པ་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མ་སྐྱེས་པ་དང༌། མ་འགགས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ནི་གནས་པ་མ་ཡིན། མི་གནས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་མ་ཡིན་མི་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་གནས་པ་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་ངོ༌། །དེ་བཞིན་དུ་མ་སྐྱེས་པ་དང༌། མ་འགགས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་ནི་མངོན་པར་འདུ་བྱེད་པ་མེད་པས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་འདུ་བྱེད་པ་མེད་པའི་རང་བཞིན་ནི་གནས་པ་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་མངོན་པར་འདུ་བྱེད་པ་མེད་པའི་རང་བཞིན་གྱིས་སྟོང་ངོ༌། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་གང་དུ་ཡང་མི་གནས་ཏེ། གནས་པ་མེད་པའི་ཚུལ་དང༌། གཡོ་བ་མེད་པའི་ཚུལ་གྱིས་གནས་པ་མ་ཡིན་ནོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ཡིན་ནོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེས་གང་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ནི། ཐེག་པ་དེས་གང་ཡང་ངེས་པར་འབྱུང་བར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང༌། གང་ངེས་པར་འབྱུང་བར་འགྱུར་བ་དང༌། གང་གིས་ངེས་པར་འབྱུང་བར་འགྱུར་བ་དང༌། གང་ནས་ངེས་པར་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་


DTG082_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་པའི་ཕྱིར་ཏེ། དེ་ལྟར་ཆོས་ཐམས་ཅད་མེད་ཅིང་མི་དམིགས་ན་ཆོས་གང་ཞིག་ཆོས་གང་གིས་ངེས་པར་འབྱུང་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་མཐའ་ལས་འདས་པས་རྣམ་པར་དག་པ་དང༌། སེམས་ཅན་དང༌། སྲོག་དང༌། འགྲོ་བ་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་བདག་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་སེམས་ཅན་དང༌། སྲོག་དང༌། འགྲོ་བ་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་དབྱིངས་དམིགས་སུ་མེད་དོ། །དེ་བཞིན་དུ་མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་རྣམས་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པ་དག་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པ་རྣམ་པར་དག་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ནང་སྟོང་པ་ཉིད་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ཕྱི་སྟོང་པ་ཉིད་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་དྲན་པ་ཉེ་བར་


DTG082_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་བ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས་པ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ཕྱིར་མི་འོང་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་དགྲ་བཅོམ་པ་ཉིད་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་རང་སངས་རྒྱས་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དམིགས་སུ་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་རབ་ཏུ་དགའ་བའི་ས་དམིགས་སུ་མེད་དོ། །དེ་བཞིན་དུ་མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་དང༌། སྦྱང་དཀའ་བ་དང༌།


DTG082_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་སྔོན་གྱི་མཐའ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ཕྱི་མའི་མཐའ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ད་ལྟར་བྱུང་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་འོང་བ་དང༌། འགྲོ་བ་དང༌། གནས་པ་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། འགྲིབ་པ་དང་འཕེལ་བ་དམིགས་སུ་མེད་དོ། །གང་མི་དམིགས་པས་དམིགས་སུ་མེད་པ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་མི་དམིགས་པས་དམིགས་སུ་མེད་དོ། །དེ་བཞིན་དུ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པས་མི་དམིགས་པས་མངོན་པར་འདུ་བྱེད་པ་མེད་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ནི་མི་དམིགས་པས་ཆོས་ཀྱི་དབྱིངས་དམིགས་སུ་མེད་དོ། །སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་མི་བྱེད་པ་མེད་པ་མི་དམིགས་པས་མངོན་པར་འདུ་མི་བྱེད་པ་མེད་པ་དམིགས་སུ་མེད་དོ། །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་མི་དམིགས་པས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དམིགས་སུ་མེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་དམིགས་སུ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །ནང་སྟོང་པ་ཉིད་མི་དམིགས་པས་ནང་སྟོང་པ་ཉིད་དམིགས་སུ་མེད་དོ། །ཕྱི་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་མི་དམིགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་དོ། །དྲན་པ་ཉེ་བར་གཞག་པ་མི་དམིགས་པས་དྲན་པ་ཉེ་བར་གཞག་པ་དམིགས་སུ་མེད་དོ། །ཡང་དག་པར་སྤོང་བ་


DTG082_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་མི་དམིགས་པས་ལམ་དམིགས་སུ་མེད་དོ། །བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་མི་དམིགས་པས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དམིགས་སུ་མེད་དེ། རྣམ་པར་ཐར་པ་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་མི་དམིགས་པས། གཟུངས་ཀྱི་སྒོ་རྣམས་དམིགས་སུ་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་དམིགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དམིགས་སུ་མེད་དོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གཟུང་བའི་རྟོག་པ་གཉིས་པའི་གཉེན་པོ་ཡིན་ནོ། །རྒྱུན་དུ་ཞུགས་པ་མི་དམིགས་པས་རྒྱུན་དུ་ཞུགས་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་དུ་ཞུགས་པ་མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་དམིགས་སུ་མེད་དོ། །ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་མི་དམིགས་པས་དགྲ་བཅོམ་པ་དམིགས་སུ་མེད་དོ། །རང་སངས་རྒྱས་མི་དམིགས་པས་རང་སངས་རྒྱས་དམིགས་སུ་མེད་དོ། །བྱང་ཆུབ་སེམས་དཔའ་མི་དམིགས་པས་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་དོ། །རབ་འབྱོར་དེ་བཞིན་གཤེགས་པ་མི་དམིགས་པས་དེ་བཞིན་གཤེགས་པ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་དེ་བཞིན་གཤེགས་པ་མི་དམིགས་པས་དེ་བཞིན་གཤེགས་པ་དམིགས་སུ་མེད་དོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་འཛིན་པའི་རྟོག་པ་དང་པོའི་གཉེན་པོ་ཡིན་ནོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་མི་དམིགས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་དམིགས་སུ་མེད་དོ། །དེ་བཞིན་དུ་མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་


DTG082_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཉིད་དང༌། སངས་རྒྱས་ཉིད་མི་དམིགས་པས་སངས་རྒྱས་ཉིད་དམིགས་སུ་མེད་དོ། །དེ་བཞིན་དུ་མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ས་རབ་ཏུ་དགའ་བ་མི་དམིགས་པས་ས་རབ་ཏུ་དགའ་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ས་དྲི་མ་མེད་པ་མི་དམིགས་པས་ས་དྲི་མ་མེད་པ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ས་འོད་བྱེད་པ་མི་དམིགས་པས་ས་འོད་བྱེད་པ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ས་འོད་འཕྲོ་བ་མི་དམིགས་པས་ས་འོད་འཕྲོ་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ས་སྦྱང་དཀའ་བ་མི་དམིགས་པས་ས་སྦྱང་དཀའ་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ས་མངོན་དུ་གྱུར་པ་མི་དམིགས་པས་ས་མངོན་དུ་གྱུར་པ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ས་རིང་དུ་སོང་བ་མི་དམིགས་པས་ས་རིང་དུ་སོང་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ས་མི་གཡོ་བ་མི་དམིགས་པས་ས་མི་གཡོ་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ས་ལེགས་པའི་བློ་གྲོས་མི་དམིགས་པས་ས་ལེགས་པའི་བློ་གྲོས་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པའི་ཕྱིར་ས་བཅུ་པ་ཆོས་ཀྱི་སྤྲིན་མི་དམིགས་པས་ས་བཅུ་པ་ཆོས་ཀྱི་སྤྲིན་དམིགས་སུ་མེད་དོ། །རབ་འབྱོར་གཞན་ཡང་ས་བཅུ་རྣམས་མི་དམིགས་པས་ས་བཅུ་རྣམས་དམིགས་སུ་མེད་དོ། །ས་བཅུ་གང་ཞེ་ན། འདི་ལྟ་སྟེ། དཀར་པོ་རྣམ་པར་མཐོང་བའི་ས་དང༌། རིགས་ཀྱི་ས་དང༌། བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པའི་ས་དང༌། རང་སངས་རྒྱས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་དང༌། སངས་རྒྱས་ཀྱི་ས་སྟེ། ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམིགས་སུ་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ས་དང་པོ་དམིགས་སུ་མེད་དོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པའི་བར་དུ་དམིགས་སུ་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ས་བཅུ་པའི་བར་དུ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐའ་ལས་


DTG082_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པས་རྣམ་པར་དག་པའི་ཕྱིར་རོ། །མཐའ་ལས་འདས་པས་རྣམ་པར་དག་པ་ཉེ་བར་བཟུང་ན་ནང་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པ་ཉེ་བར་བཟུང་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པ་ཉེ་བར་བཟུང་ན་ནང་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པ་ཉེ་བར་བཟུང་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པ་ཉེ་བར་བཟུང་ན་ནང་སྟོང་པ་ཉིད་ཀྱི་ཕྱིར་མིག་ལྔ་དམིགས་སུ་མེད་དོ། །མཐའ་ལས་འདས་པས་རྣམ་པར་དག་པ་ཉེ་བར་བཟུང་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་མིག་ལྔ་དམིགས་སུ་མེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཐེག་པ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་འཛིན་པའི་རྟོག་པ་གཉིས་པའི་གཉེན་པོ་ཡིན་ནོ། །དེ་དག་གིས་ནི་ཚོགས་ཀྱི་བསྒྲུབ་པ་བསྟན་ཏོ། །

ངེས་འབྱུང་སྒྲུབ་པ།

ཆེད་དུ་བྱ་བའི་ངེས་པར་འབྱུང་བ།


DTG082_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བ་དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ། །བཅོམ་ལྡན་འདས་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་སེམས་ཅན་གཞལ་དུ་མེད་པ། གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་སེམས་ཅན་གཞལ་དུ་མ་མཆིས། གྲངས་མ་མཆིས། ཚད་མ་མཆིས་པའི་གོ་འབྱེད་དེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་འགྲོ་བ་མི་མཐོང༌། འོང་བ་དང་


DTG082_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡང་མི་མཐོང་ངོ༌། །དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡང་འགྲོ་བ་མི་དམིགས། འོང་བ་མི་དམིགས། གནས་པ་མི་དམིགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་སོ། །དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་སོ། །དེ་ལྟར་ན་འདི་ནི་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གང་ཡིན་པ་འདི་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་ཐམས་ཅད་དང༌། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་དུ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་མི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། བསམ་གཏན་


DTG082_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ནི་ལྷ་དང༌། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ། །ཞེས་སྨྲས་པ་ནི་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གང་ཞེ་ན། འདི་ལྟ་སྟེ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་ཏེ། རབ་འབྱོར་གལ་ཏེ་འདོད་པའི་ཁམས་དེ་བཞིན་ཉིད་དུ་གྱུར་ཅིང་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་ཡིན་ཏེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་དེ་ཁོ་ན་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་འོན་ཀྱང་འདོད་པའི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་ཏུ་བསྟན་པ་ཙམ་ཇི་ལྟ་བ་བཞིན་མ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་གཟུགས་ཀྱི་ཁམས་དེ་བཞིན་ཉིད་དུ་འགྱུར་ཞིང་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་མ་ཡིན་ཏེ། ཕྱིན་ཅི་མ་ལོག་པ་ཡང་ཡང་དག་པ་དེ་ཁོ་ན་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་འོན་ཀྱང་གཟུགས་ཀྱི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ་ཀུན་ཏུ་བསྡན་པ་ཙམ་


DTG082_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་མ་ཡིན་ཏེ། འདི་ཐམས་ཅད་ནི་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་གཟུགས་མེད་པའི་ཁམས་དེ་བཞིན་ཉིད་དུ་གྱུར་ཅིང་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་ཡིན་ཏེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་གཟུགས་མེད་པའི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཇི་ལྟ་བ་བཞིན་མ་ཡིན་ཏེ། འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་གཟུགས་དེ་བཞིན་ཉིད་དུ་འགྱུར་ཞིང་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་གཟུགས་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དེ་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་


DTG082_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་རྣམ་པར་ཤེས་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མིག་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་གྱི། རབ་འབྱོར་མིག་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་མནན་ཏེ་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ཡིད་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་གཟུགས་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་


DTG082_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་གཟུགས་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ཆོས་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མིག་གི་རྣམ་པར་ཤེས་པ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་མིག་གི་རྣམ་པར་ཤེས་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་


DTG082_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ།། །།བམ་པོ་ཉི་ཤུ་པ། རབ་འབྱོར་གལ་ཏེ་མིག་གི་འདུས་ཏེ་རེག་པ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་མིག་གི་འདུས་ཏེ་རེག་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་


DTG082_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་ཞིང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་


DTG082_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྒྲུབས་པ། ཀུན་དུ་བསྟན་པ་ཙམ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་ཞིང་འདི་ཐམས་ཅད་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ཆོས་ཀྱི་དབྱིངས་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་བསམ་གྱིས་མི་ཁྱབ་པའི་དབྱིངས་དངོས་པོ་མེད་པ་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་


DTG082_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ནང་སྟོང་པ་ཉིད་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཕྱི་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ཕྱི་སྟོང་པ་ཉིད་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཕྱི་ནང་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་ཕྱི་ནང་སྟོང་པ་ཉིད་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་


DTG082_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་མཆོག་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རིགས་ཀྱི་སའི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་རིགས་ཀྱི་སའི་ཆོས་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་


DTG082_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བརྒྱད་པའི་སའི་ཆོས་དང༌། རྒྱུན་དུ་ཞུགས་པའི་ཆོས་དང༌། ལན་ཅིག་ཕྱིར་འོང་བའི་ཆོས་དང༌། ཕྱིར་མི་འོང་བའི་ཆོས་དང༌། དགྲ་བཅོམ་པའི་ཆོས་དང༌། རང་སངས་རྒྱས་ཀྱི་ཆོས་དང༌། བྱང་ཆུབ་སེམས་དཔའི་ཆོས་དང༌། སངས་རྒྱས་ཀྱི་ཆོས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་སངས་རྒྱས་ཀྱི་ཆོས་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་རིགས་ཀྱིས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་རིགས་ཀྱི་ས་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བརྒྱད་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་


DTG082_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཏེ། རབ་འབྱོར་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་སྤང་བའི་ངེས་པར་འབྱུང་བའོ།། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་སེམས་བསྐྱེད་པ་ཇི་སྙེད་ཅིག་བྱུང་བ་དེ་དག་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ཕྱིན་ཆད་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་སེམས་བསྐྱེད་པ་ཇི་སྙེད་ཅིག་བྱུང་བ་དེ་དག་ཐམས་ཅད་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་དངོས་པོ་མེད་པར་ཁོང་དུ་ཆུད་ཅིང༌། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐོབ་པར་ཡང་མི་འགྱུར། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུ་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་དངོས་པོ་མེད་པར་ཁོང་དུ་ཆུད་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཡང་ཐོབ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་


DTG082_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་གཟི་བརྗིད་དང་དཔལ་གྱིས་ལྷམ་མེར་མི་འགྱུར། ལྷན་ནེར་མི་འགྱུར། ལྷང་ངེར་མི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་མེད་ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་གཟི་བརྗིད་དང་དཔལ་གྱིས་མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེར་གྱུར་བ་ཡིན་ནོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་མི་མཛད་དེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དངོས་པོ་མེད་དེ་དངོས་པོ་མ་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་འོད་ཀྱིས་རྒྱས་པར་འགེངས་པར་མཛད་དོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་གསུང་གིས་མངོན་པར་གོ་བར་ཡང་མི་མཛད་དེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་མེད་ལ་དངོས་པོ་


DTG082_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་གསུང་གིས་མངོན་པར་གོ་བར་མཛད་དོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ་གཞན་སུས་ཀྱང་རུང་སྟེ། འཇིག་རྟེན་དུ་ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་བསྐོར་བར་ཡང་མི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་མེད་དེ། དངོས་པོ་མ་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ། འཇིག་རྟེན་དུ་ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་རབ་ཏུ་བསྐོར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་གི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་གི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་དངོས་པོ་མེད་དེ། དངོས་པོ་མ་ཡིན་པས་དེའི་ཕྱིར་སེམས་ཅན་རྣམས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་ནི་རྟོགས་པའི་ངེས་པར་འབྱུང་བའོ། །གསུམ་པོ་འདི་དག་ནི་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་ཡིན་ནོ། །

མཉམ་པ་ཉིད་དུ་ངེས་པར་འབྱུང་བ།


DTG082_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་སྨྲས་པ་ནི་དེ་དེ་བཞིན་ནོ། །རབ་འབྱོར་


DTG082_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་བཞིན་ཏེ། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཤར་ཕྱོགས་དམིགས་སུ་མེད་དོ། །ལྷོ་དང༌། ནུབ་དང༌། བྱང་དང༌། བླ་དང༌། འོག་དང༌། ཕྱོགས་མཚམས་དམིགས་སུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཤར་ཕྱོགས་དམིགས་སུ་མེད་དོ། །ལྷོ་དང༌། ནུབ་དང༌། བྱང་དང༌། བླ་དང༌། འོག་དང༌། ཕྱོགས་མཚམས་དམིགས་སུ་མེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ལེ་བརྒན་མ་ཡིན། ཤེལ་དང་དངུལ་གྱི་ཁ་དོག་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ལེ་བརྒན་མ་ཡིན། ཤེལ་དང་དངུལ་གྱི་ཁ་དོག་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་འགྲིབ་པ་མེད་དོ། །འཕེལ་བ་མེད་དོ། །འབྲི་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་འགྲིབ་པ་མེད་འཕེལ་བ་མེད། འབྲི་བ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ཀུན་ནས་ཉོན་མོངས་པ་མེད་དོ། །རྣམ་པར་བྱང་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཀུན་ནས་ཉོན་མོངས་པ་མེད་


DTG082_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྱང་བ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་སྐྱེ་བ་མེད་དོ། །འགག་པ་མེད་དོ། །གནས་པ་མེད་དོ། །མཐར་ཐུག་པ་མེད་དོ། །གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སྐྱེ་བ་མེད་དོ། །འགག་པ་མེད་དོ། །གནས་པ་མེད་དོ། །མཐར་ཐུག་པ་མེད་དོ། །གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་དགེ་བ་མ་ཡིན། མི་དགེ་བ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དགེ་བ་མ་ཡིན། མི་དགེ་བ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་མཐོང་བ་མ་ཡིན། ཐོས་པ་མ་ཡིན། རིག་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་མཐོང་བ་མ་ཡིན། ཐོས་པ་མ་ཡིན། རིག་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཤེས་པར་བྱ་བ་ཡང་མ་ཡིན། ཤེས་པར་མི་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་ཡང་མ་ཡིན། མངོན་དུ་བྱ་བ་ཡང་མ་ཡིན། སྤང་བ་ཡང་མ་ཡིན། བསྒོམ་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཤེས་པར་བྱ་བ་ཡང་མ་ཡིན། ཤེས་པར་མི་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་ཡང་མ་ཡིན། མངོན་དུ་བྱ་བ་ཡང་མ་ཡིན། སྤང་བ་ཡང་མ་ཡིན། བསྒོམ་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་རྣམ་པར་སྨིན་པ་ཡང་མ་ཡིན། རྣམ་པར་སྨིན་པའི་ཆོས་ཅན་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྣམ་པར་སྨིན་པ་ཡང་མ་ཡིན་ནོ། །རྣམ་པར་སྨིན་པའི་ཆོས་ཅན་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་


DTG082_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འདོད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདོད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་སེམས་དང་པོ་བསྐྱེད་པ་མེད་དོ། །གཉིས་པ་མེད་དོ། །གསུམ་པ་མེད་དོ། །བཞི་པ་མེད་དོ། །ལྔ་པ་མེད་དོ། །དྲུག་པ་མེད་དོ། །བདུན་པ་མེད་དོ། །བརྒྱད་པ་མེད་དོ། །དགུ་པ་མེད་དོ། །སེམས་བཅུ་པ་བསྐྱེད་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སེམས་དང་པོ་བསྐྱེད་པ་མེད་དོ། །གཉིས་པ་མེད་དོ།། གསུམ་པ་མེད་དོ། །བཞི་པ་མེད་དོ། །ལྔ་པ་མེད་དོ། །དྲུག་པ་མེད་དོ། །བདུན་པ་མེད་དོ། །བརྒྱད་པ་མེད་དོ། །དགུ་པ་མེད་དོ། །སེམས་བཅུ་པ་བསྐྱེད་པ་མེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་དཀར་པོ་རྣམ་པར་མཐོང་བའི་ས་མེད་དོ། །རིགས་ཀྱི་ས་མེད་དོ། །བརྒྱད་པའི་ས་མེད་དོ། །མཐོང་བའི་ས་མེད་དོ། །བསྲབས་པའི་ས་མེད་དོ། །འདོད་ཆགས་དང་བྲལ་བའི་ས་མེད་དོ། །བྱས་པ་རྟོགས་པའི་ས་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་དཀར་པོ་རྣམ་པར་མཐོང་བའི་ས་མེད་དོ། །རིགས་ཀྱི་ས་མེད་དོ། །བརྒྱད་པའི་ས་མེད་དོ། །མཐོང་བའི་ས་མེད་དོ། །བསྲབས་པའི་ས་མེད་དོ། །འདོད་ཆགས་དང་བྲལ་བའི་ས་མེད་དོ། །བྱས་པ་རྟོགས་པའི་ས་མེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་བཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མེད་དོ། དགྲ་བཅོམ་པ་ཉིད་མེད་དོ། །རང་སངས་རྒྱས་མེད་དོ། །སངས་རྒྱས་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ། །


DTG082_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མེད་དོ། །དགྲ་བཅོམ་པ་ཉིད་མེད་དོ། །རང་སངས་རྒྱས་མེད་དོ། །སངས་རྒྱས་མེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་ཉན་ཐོས་ཀྱི་ས་མེད་དོ། །རང་སངས་རྒྱས་ཀྱི་ས་མེད་དོ། །བྱང་ཆུབ་སེམས་དཔའི་ས་མེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཉན་ཐོས་ཀྱི་ས་མེད་དོ། །རང་སངས་རྒྱས་ཀྱི་ས་མེད་དོ། །བྱང་ཆུབ་སེམས་དཔའི་ས་མེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་གཟུགས་དང་ལྡན་པ་མ་ཡིན། གཟུགས་མེད་པ་མ་ཡིན། བསྟན་དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་མ་ཡིན། ཐོགས་པ་ཡོད་པ་མ་ཡིན། ཐོགས་པ་མེད་པ་མ་ཡིན། ལྡན་པ་མ་ཡིན། མི་ལྡན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གཟུགས་དང་ལྡན་པ་མ་ཡིན། གཟུགས་མེད་པ་མ་ཡིན། བསྟན་དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་མ་ཡིན། ཐོགས་པ་ཡོད་པ་མ་ཡིན། ཐོགས་པ་མེད་པ་མ་ཡིན། ལྡན་པ་མ་ཡིན། མི་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་རྟག་པ་མ་ཡིན། མི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་མེད་པ་མ་ཡིན། སྡུག་པ་མ་ཡིན། མི་སྡུག་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྟག་པ་མ་ཡིན། མི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་མེད་པ་མ་ཡིན། སྡུག་པ་མ་ཡིན། མི་སྡུག་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་མེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མེད་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྟོང་པ་མ་ཡིན། མི་སྟོང་པ་


DTG082_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་མེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མེད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཞི་བ་མ་ཡིན། མ་ཞི་བ་མ་ཡིན། དབེན་པ་མ་ཡིན། མི་དབེན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཞི་བ་མ་ཡིན། མ་ཞི་བ་མ་ཡིན། དབེན་པ་མ་ཡིན། མི་དབེན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སྣང་བ་མ་ཡིན། མུན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྣང་བ་མ་ཡིན། མུན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་དམིགས་སུ་ཡོད་པ་ཡང་མ་ཡིན། དམིགས་སུ་མེད་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དམིགས་སུ་ཡོད་པ་ཡང་མ་ཡིན། དམིགས་སུ་མེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་བརྗོད་དུ་ཡོད་པ་ཡང་མ་ཡིན། བརྗོད་དུ་མེད་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་བརྗོད་དུ་ཡོད་པ་ཡང་མ་ཡིན། བརྗོད་དུ་མེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དད་མཉམ་པ་ཞེས་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། འདི་ལྟར་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །

སེམས་ཅན་གྱི་དོན་དུ་ངེས་པར་འབྱུང་བ།


DTG082_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གང་ཡང་འདི་སྐད་དུ་ཇི་ལྟར་ནམ་མཁའ་ལ་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཀྱི་གོ་སྐབས་ཡོད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡང་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཀྱི་གོ་སྐབས་ཡོད་པ་ཡིན་ནོ་ཞེས་སྨྲས་པ་དེ་ནི་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་ལྟར་ན་ནམ་མཁའ་ལ་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཀྱི་གོ་སྐབས་ཡོད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡང་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་སྐབས་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ།།


DTG082_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང༌། ནམ་མཁའ་གང་ཡིན་པ་དང༌། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །གཞན་ཡང་རབ་འབྱོར་སེམས་ཅན་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་གཞལ་དུ་མེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཀྱི་གོ་སྐབས་ཡོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་གང་ཡིན་པ་དང༌། ནམ་མཁའ་གང་ཡིན་པ་དང༌། ཐེག་པ་ཆེན་པོ་གང་ཡིན་པ་དང༌། གཞལ་དུ་མེད་པ་གང་ཡིན་པ་འདི་དག་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་སེམས་ཅན་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་གྲངས་མེད་པ་མེད་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པའི་གོ་སྐབས་ཡོད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་གང་ཡིན་པ་དང༌། ནམ་མཁའ་གང་ཡིན་པ་དང༌། ཐེག་པ་ཆེན་པོ་གང་ཡིན་པ་དང༌། གྲངས་མེད་པ་གང་ཡིན་པ་འདི་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་སེམས་ཅན་ཚད་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་ཚད་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་ཚད་མེད་པ་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་སྐབས་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་ཡིན་པ་དང༌། ནམ་མཁའ་གང་ཡིན་པ་དང༌། ཐེག་པ་ཆེན་པོ་


DTG082_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དང༌། ཚད་མེད་པ་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་སེམས་ཅན་ཚད་མེད་པའི་ཕྱིར་ནམ་མཁའ་ཚད་མེད་པར་རིག་པར་བྱའོ། །ནམ་མཁའ་ཚད་མེད་པའི་ཕྱིར་ཐེག་པ་ཆེན་པོ་ཚད་མེད་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེས་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་གང་ཡིན་པ་དང༌། ནམ་མཁའ་གང་ཡིན་པ་དང༌། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ།། རབ་འབྱོར་གཞན་ཡང་སེམས་ཅན་མེད་པའི་ཕྱིར་དེ་བཞིན་གཤེགས་པ་མེད་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་འདུས་མ་བྱས་མེད་པར་རིག་པར་བྱའོ། །འདུས་མ་བྱས་མེད་པའི་ཕྱིར་གཞལ་དུ་མེད་པ་མེད་པར་རིག་པར་བྱའོ། །གཞལ་དུ་མེད་པ་མེད་པའི་ཕྱིར་གྲངས་མེད་པ་མེད་པར་རིག་པར་བྱའོ། །གྲངས་མེད་པ་མེད་པའི་ཕྱིར་ཚད་མེད་པ་མེད་པར་རིག་པར་བྱའོ། །ཚད་མེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་འདི་ལ་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པའི་གོ་སྐབས་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་གང་ཡིན་པ་དང༌། དེ་བཞིན་གཤེགས་པ་གང་ཡིན་པ་དང༌། ནམ་མཁའ་གང་ཡིན་པ་དང༌། ཐེག་པ་ཆེན་པོ་གང་ཡིན་པ་དང༌། འདུས་མ་བྱས་གང་ཡིན་པ་དང༌། གཞལ་དུ་མེད་པ་གང་ཡིན་པ་དང༌། གྲངས་མེད་པ་གང་ཡིན་པ་དང༌། ཚད་མེད་པ་གང་ཡིན་པ་དང༌། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པ་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་ཡང་དག་པའི་མཐའ་མེད་པར་རིག་པར་བྱའོ། །ཡང་དག་པའི་


DTG082_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པར་རིག་པར་བྱའོ། །གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་སྐབས་ཡོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་ནས། མཐོང་བ་པོའི་བར་གང་ཡིན་པ་དང༌། ཡང་དག་པའི་མཐའ་གང་ཡིན་པ་དང༌། གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་གང་ཡིན་པ་དང༌། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་ཤེས་པ་པོ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པར་རིག་པར་བྱའོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར་གཟུགས་མེད་པར་རིག་པར་བྱའོ། །གཟུགས་མེད་པའི་ཕྱིར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པར་རིག་པར་བྱའོ། །གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པའི་གོ་སྐབས་ཡོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་ནས། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། རབ་འབྱོར་གཞན་ཡང་


DTG082_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་ཤེས་པ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པར་རིག་པར་བྱའོ།། བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར་མིག་མེད་པར་རིག་པར་བྱའོ། །མིག་མེད་པའི་ཕྱིར་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་མེད་པར་རིག་པར་བྱའོ། །ཡིད་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པར་རིག་པར་བྱའོ། །གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པའི་གོ་སྐབས་ཡོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་ནས། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ།། །།བམ་པོ་ཉི་ཤུ་གཅིག་པ། རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་ཤེས་པ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པར་རིག་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་


DTG082_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་མེད་པར་རིག་པར་བྱའོ། །གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད། གྲངས་མེད་ཚད་མེད་པའི་གོ་སྐབས་ཡོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་ནས། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་ཤེས་པ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་ནང་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །ནང་སྟོང་པ་ཉིད་མེད་པའི་ཕྱིར་ཕྱི་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །ཕྱི་སྟོང་པ་ཉིད་མེད་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་མེད་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པར་རིག་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པར་རིག་པར་བྱའོ། །གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད། གྲངས་མེད་པ་ཚད་མེད་པའི་གོ་སྐབས་ཡོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་ནས། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་ཤེས་པ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་མེད་པར་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་མེད་པའི་ཕྱིར་ཡང་དག་


DTG082_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤོང་བ་མེད་པར་རིག་པར་བྱའོ། །ཡང་དག་པར་སྤོང་བ་མེད་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་མེད་པར་རིག་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་མེད་པའི་ཕྱིར་དབང་པོ་མེད་པར་རིག་པར་བྱའོ། །དབང་པོ་མེད་པའི་ཕྱིར་སྟོབས་མེད་པར་རིག་པར་བྱའོ། །སྟོབས་མེད་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་མེད་པར་རིག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་མེད་པའི་ཕྱིར་ལམ་མེད་པར་རིག་པར་བྱའོ། །ལམ་མེད་པའི་ཕྱིར་བསམ་གཏན་མེད་པར་རིག་པར་བྱའོ། །བསམ་གཏན་མེད་པའི་ཕྱིར་ཚད་མེད་པ་མེད་པར་རིག་པར་བྱའོ། །ཚད་མེད་པ་མེད་པའི་ཕྱིར་གཟུགས་མེད་པའི་སྙོམས་པར་འཇུག་པ་མེད་པར་རིག་པར་བྱའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་མེད་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་མེད་པར་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་མེད་པས་སྟོབས་རྣམས་མེད་པར་རིག་པར་བྱའོ། །སྟོབས་རྣམས་མེད་པས་མི་འཇིགས་པ་རྣམས་མེད་པར་རིག་པར་བྱའོ། །མི་འཇིགས་པ་མེད་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད་པར་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད་པས་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པས་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པས་གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པར་རིག་པར་བྱའོ། །གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་སྐབས་ཡོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་ནས། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་འདི་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར། སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་ཤེས་པ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་རིགས་ཀྱི་ས་མེད་པར་རིག་པར་བྱའོ། །རིགས་ཀྱི་ས་མེད་པའི་ཕྱིར་བརྒྱད་པའི་ས་མེད་པར་རིག་པར་བྱའོ། །བརྒྱད་པའི་ས་མེད་པའི་ཕྱིར་མཐོང་བའི་


DTG082_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ས་མེད་པར་རིག་པར་བྱའོ། །མཐོང་བའི་ས་མེད་པའི་ཕྱིར་བསྲབས་པའི་ས་མེད་པར་རིག་པར་བྱའོ། །བསྲབས་པའི་ས་མེད་པའི་ཕྱིར་འདོད་ཆགས་དང་བྲལ་བའི་ས་མེད་པར་རིག་པར་བྱའོ། །འདོད་ཆགས་དང་བྲལ་བའི་ས་མེད་པའི་ཕྱིར་བྱས་པ་རྟོགས་པའི་ས་མེད་པར་རིག་པར་བྱའོ། །བྱས་པ་རྟོགས་པའི་ས་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པར་རིག་པར་བྱའོ། །གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན། ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པའི་གོ་སྐབས་ཡོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་ནས། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་ཤེས་པ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་རྒྱུན་དུ་ཞུགས་པ་མེད་པར་རིག་པར་བྱའོ། །རྒྱུན་དུ་ཞུགས་པ་མེད་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་མེད་པར་རིག་པར་བྱའོ། །ལན་ཅིག་ཕྱིར་འོང་བ་མེད་པའི་ཕྱིར་ཕྱིར་མི་འོང་བ་མེད་པར་རིག་པར་བྱའོ། །ཕྱིར་མི་འོང་བ་མེད་པའི་ཕྱིར་དགྲ་བཅོམ་པ་མེད་པར་རིག་པར་བྱའོ། །དགྲ་བཅོམ་པ་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པར་རིག་པར་བྱའོ། །གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པའི་གོ་སྐབས་ཡོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་


DTG082_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་ཤེས་པ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་མེད་པའི་ཕྱིར་མཐོང་བ་པོ་མེད་པར་རིག་པར་བྱའོ། །མཐོང་བ་པོ་མེད་པའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་མེད་པར་རིག་པར་བྱའོ། །ཉན་ཐོས་ཀྱི་ཐེག་པ་མེད་པའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པ་མེད་པར་རིག་པར་བྱའོ། རང་སངས་རྒྱས་ཀྱི་ཐེག་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་མེད་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པར་རིག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པར་རིག་པར་བྱའོ། །གཞལ་དུ་མེད་པ་དང༌། གྲངས་མེད་པ་དང༌། ཚད་མེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ལ་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པའི་གོ་སྐབས་ཡོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་ནས། ཆོས་ཐམས་ཅད་ཀྱི་བར་གང་ཡིན་ས་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་མྱ་ངན་ལས་འདས་པའི་དབྱིངས་ལ་ནི་སེམས་ཅན་གཞལ་དུ་མེད། གྲངས་མེད་ཚད་མེད་པ་རྣམས་ཀྱི་གོ་སྐབས་ཡོད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་སྐབས་ཡོད་དོ། །རབ་འབྱོར་ནམ་མཁའ་ནི་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པའི་གོ་སྐབས་ཡོད་པ་ཡིན་ནོ།། དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པའི་གོ་སྐབས་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་ངེས་པར་འབྱུང་བ་ཡིན་ནོ། །

འབད་པ་མེད་པར་ངེས་པར་འབྱུང་བ།


DTG082_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ལ་འོང་བའམ། འགྲོ་བ་ཡང་མི་མཐོང་


DTG082_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡང་མི་མཐོང་ངོ་ཞེས་སྨྲས་པ་ནི་རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཐེག་པ་ཆེན་པོ་དེ་ལ་འོང་བ་འམ། འགྲོ་བ་ཡང་མི་མཐོང༌། གནས་པ་ཡང་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་གཡོ་བ་མེད་པ་སྟེ། དེ་དག་གང་ནས་ཀྱང་འོང་བ་མེད་དོ། །གང་དུ་ཡང་འདོང་བ་མེད་དོ། །གར་ཡང་གནས་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་དེ་ལྟར་གཟུགས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད་གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །གཟུགས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །གཟུགས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་མིག་གི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་པ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་དེ་བཞིན་ཉིད་ནི་གང་ནས་ཀྱང་


DTG082_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །མིག་གི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་སའི་ཁམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སའི་ཁམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སའི་ཁམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སའི་ཁམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད།


DTG082_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཡང་གནས་པར་འགྱུར་བ་མེད་དོ། །ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་ཡང་དག་པའི་མཐའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡང་དག་པའི་མཐའི་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའི་ངོ་བོ་ཉིད་དང༌། ཡང་དག་པའི་མཐའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་པ་མེད་དོ། །རབ་འབྱོར་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་དེ་བཞིན་ཉིད་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྦྱིན་བའི་ཕ་རོལ་


DTG082_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་


DTG082_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ཡང་གནས་པར་འགྱུར་བ་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ངོ་བོ་ཉིད་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ངོ་བོ་ཉིད་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་འདུས་མ་བྱས་


DTG082_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །འདུས་མ་བྱས་ཀྱི་དེ་བཞིན་ཉིད་དང༌། འདུས་མ་བྱས་ཀྱི་ངོ་བོ་ཉིད་དང༌། འདུས་མ་བྱས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་འོང་བ་ཡང་མེད། འགྲོ་བ་ཡང་མེད། གནས་པ་ཡང་མེད་དོ་ཞེས་བྱ་བ་ནི་འབད་པ་མེད་པར་ངེས་པར་འབྱུང་བ་ཡིན་ནོ། །

མཐའ་ལས་འདས་པར་ངེས་པར་འབྱུང་བ།


DTG082_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གང་ཡང་འདི་སྐད་དུ་ཐེག་པ་ཆེན་པོ་འདི་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། ཐེག་པ་དེ་ནི་དུས་གསུམ་མཉམ་པ་ཉིད་ལགས་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་སྨྲས་པ་དེ་ནི་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཐེག་པ་འདི་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། ཐེག་པ་དེ་ནི་དུས་གསུམ་མཉམ་པ་ཉིད་ཡིན་པ་དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོང་ངོ༌། །མ་འོངས་པའི་དུས་ཀྱང་མ་འོངས་པའི་དུས་ཀྱིས་སྟོང་ངོ༌། །ད་ལྟར་བྱུང་བའི་དུས་ཀྱང་ད་ལྟར་བྱུང་བའི་དུས་ཀྱིས་སྟོང་ངོ༌། །དུས་གསུམ་མཉམ་པ་ཉིད་ཀྱང་དུས་གསུམ་མཉམ་པ་ཉིད་ཀྱིས་སྟོང་ངོ༌། །ཐེག་པ་ཆེན་པོ་ཡང་ཐེག་པ་ཆེན་པོས་སྟོང་ངོ༌། །བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་སྟེ། རབ་འབྱོར་སྟོང་པ་ཉིད་ལ་གཅིག་ཅེས་བྱ་བ་མེད་དོ། །གཉིས་སམ། གསུམ་མམ། བཞིའམ། ལྔའམ། དྲུག་གམ། བདུན་ནམ། བརྒྱད་དམ། དགུའམ། བཅུ་ཞེས་བྱ་བ་མེད་དོ། །དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ཀྱི་ཐེག་པ་སྟེ། དེ་ལ་མཉམ་པ་ཉིད་དང་མི་མཉམ་པ་མི་དམིགས་སོ། །དེ་ལ་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ཡང་མི་དམིགས་སོ། །ཞེ་སྡང་དང་ཞེ་སྡང་མེད་པ་ཡང་མི་དམིགས་སོ། །གཏི་མུག་དང་གཏི་མུག་མེད་པ་ཡང་མ་དམིགས་སོ། །མིང་དང་མིང་མེད་པ་ཡང་མི་དམིགས་སོ། །འདུས་བྱས་དང་འདུས་མ་བྱས་ཀྱང་མི་དམིགས་སོ། །དགེ་བ་དང༌། མི་དགེ་བ་ཡང་མི་


DTG082_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སོ། །ཁ་ན་མ་ཐོ་བ་ཡོད་པ་དང༌། ཁ་ན་མ་ཐོ་བ་མེད་པ་ཡང་མི་དམིགས་སོ། །ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ཡང་མི་དམིགས་སོ། །ཀུན་ནས་ཉོན་མོངས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་ཡང་མི་དམིགས་སོ། །འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་ཡང་མི་དམིགས་སོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཡང་མི་དམིགས་སོ། །འཁོར་བ་དང༌། མྱ་ངན་ལས་འདས་པ་ཡང་མི་དམིགས་སོ། །དེ་ལ་རྟག་པ་དང༌། མི་རྟག་པ་ཡང་མི་དམིགས་སོ། །བདེ་བ་དང༌། སྡུག་བསྔལ་བ་ཡང་མི་དམིགས་སོ། །བདག་དང༌། བདག་མེད་པ་ཡང་མི་དམིགས་སོ། །ཞི་བ་དང༌། མ་ཞི་བ་ཡང་མི་དམིགས་སོ། །འདོད་པའི་ཁམས་དང༌། འདོད་པའི་ཁམས་ལས་ཡང་དག་པར་འདའ་བ་ཡང་མི་དམིགས་སོ། །གཟུགས་ཀྱི་ཁམས་དང༌། གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ་བ་ཡང་མི་དམིགས་སོ། །གཟུགས་མེད་པའི་ཁམས་དང༌། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་རང་བཞིན་མི་དམིགས་པའི་ཕྱིར། རབ་འབྱོར་འདས་པའི་གཟུགས་ནི་འདས་པའི་གཟུགས་ཀྱིས་སྟོང་ངོ༌། །རབ་འབྱོར་འདས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། འདས་པའི་རྣམ་པར་ཤེས་པ་ནི་འདས་པའི་རྣམ་པར་ཤེས་པས་སྟོང་ངོ༌། །རབ་འབྱོར་མ་འོངས་པའི་གཟུགས་ནི་མ་འོངས་པའི་གཟུགས་ཀྱིས་སྟོང་ངོ༌། །རབ་འབྱོར་མ་འོངས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། མ་འོངས་པའི་རྣམ་པར་ཤེས་པ་ནི་མ་འོངས་པའི་རྣམ་པར་ཤེས་པས་སྟོང་ངོ༌། །རབ་འབྱོར་ད་ལྟར་བྱུང་བའི་གཟུགས་ནི་ད་ལྟར་བྱུང་བའི་གཟུགས་ཀྱིས་སྟོང་ངོ༌། །རབ་འབྱོར་ད་ལྟར་བྱུང་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ནི་ད་ལྟར་བྱུང་བའི་རྣམ་པར་ཤེས་པས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་


DTG082_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རེ་ཞིག་སྟོང་པ་ཉིད་ལ་འདས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། སྟོང་པ་ཉིད་ལ་འདས་པའི་རྣམ་པར་ཤེས་པ་དམིགས་སུ་མེད་དོ། །སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་ཚོར་པ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། སྟོང་པ་ཉིད་ལ་མ་འོངས་པའི་གཟུགས་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པའི་གཟུགས་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རེ་ཞིག་སྟོང་པ་ཉིད་ལ་མ་འོངས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། སྟོང་པ་ཉིད་ལ་མ་འོངས་པའི་རྣམ་པར་ཤེས་པ་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་གཟུགས་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་གཟུགས་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མི་དམིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མི་དམིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ད་ལྟར་བྱུང་བར་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་


DTG082_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱང་རེ་ཞིག་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དང༌། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མི་དམིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མི་དམིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ད་ལྟར་བྱུང་བར་མི་དམིགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་རེ་ཞིག་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དང༌། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ནི་སྔོན་གྱི་མཐར་མི་དམིགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་ཕྱི་མའི་མཐར་མི་དམིགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་ད་ལྟར་བྱུང་བར་མི་དམིགས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས་མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དང༌། ད་ལྟར་བྱུང་བ་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྔོན་གྱི་མཐར་མི་དམིགས། འཕགས་པའི་ལམ་ཡན་


DTG082_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བརྒྱད་པ་ནི་ཕྱི་མའི་མཐར་མི་དམིགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ད་ལྟར་བྱུང་བར་མི་དམིགས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དང༌། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སྔོན་གྱི་མཐར་མི་དམིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ཕྱི་མའི་མཐར་མི་དམིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ད་ལྟར་བྱུང་བར་མི་དམིགས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དང༌། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་གཞན་ཡང་སོ་སོའི་སྐྱེ་བོ་ནི་སྔོན་གྱི་མཐར་མི་དམིགས། སོ་སོའི་སྐྱེ་བོ་ནི་ཕྱི་མའི་མཐར་མི་དམིགས། སོ་སོའི་སྐྱེ་བོ་ནི་ད་ལྟར་བྱུང་བར་མི་དམིགས། སོ་སོའི་སྐྱེ་བོ་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཉན་ཐོས་ནི་སྔོན་གྱི་མཐར་མི་དམིགས། ཉན་ཐོས་ནི་ཕྱི་མའི་མཐར་མི་དམིགས། ཉན་ཐོས་ནི་ད་ལྟར་བྱུང་བར་མི་དམིགས། ཉན་ཐོས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་


DTG082_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་རང་སངས་རྒྱས་ནི་སྔོན་གྱི་མཐར་མི་དམིགས། རང་སངས་རྒྱས་ནི་ཕྱི་མའི་མཐར་མི་དམིགས། རང་སངས་རྒྱས་ནི་ད་ལྟར་བྱུང་བར་མི་དམིགས། རང་སངས་རྒྱས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མི་དམིགས། བྱང་ཆུབ་སེམས་དཔའ་ནི་ཕྱི་མའི་མཐར་མི་དམིགས། བྱང་ཆུབ་སེམས་དཔའ་ནི་ད་ལྟར་བྱུང་བར་མི་དམིགས། བྱང་ཆུབ་སེམས་དཔའ་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ།། །།བམ་པོ་ཉི་ཤུ་གཉིས་པ། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ནི་སྔོན་གྱི་མཐར་མི་དམིགས། དེ་བཞིན་གཤེགས་པ་ནི་ཕྱི་མའི་མཐར་མི་དམིགས། དེ་བཞིན་གཤེགས་པ་ནི་ད་ལྟར་བྱུང་བར་མི་དམིགས། དེ་བཞིན་གཤེགས་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དུས་གསུམ་མཉམ་པ་ཉིད་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཆེན་པོ་ཞེས་བྱ་བ་སྟེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་དང༌། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བྱ་བ་ནི་མཐའ་ལས་འདས་པར་ངེས་པར་འབྱུང་བ་ཡིན་ནོ། །

ཐོབ་པའི་ངེས་པར་འབྱུང་བ།


DTG082_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བ་འདི་ལེགས་པར་གསུངས་པ་ནི་ལེགས་སོ། །


DTG082_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་འདི་ལ་བསླབས་ཤིང་འདས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །བཅོམ་ལྡན་འདས་མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གཞལ་དུ་མ་མཆིས། གྲངས་མ་མཆིས། ཚད་མ་མཆིས་པ་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་མཆིས་པ་རྣམས་ཀྱང་ཐེག་པ་ཆེན་པོ་འདི་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། བཅོམ་ལྡན་འདས་དེའི་སླད་དུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ལགས་ཏེ། འདི་ལྟ་སྟེ། དུས་གསུམ་མཉམ་པ་ཉིད་ཅེས་བྱའོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཐེག་པ་ཆེན་པོ་འདི་ལ་བསླབས་ཤིང་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པར་གྱུར་ཏོ། །བརྙེས་སོ། །བརྙེས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་བསྐོ་བ་མཛད་པས་འདི་ནི་ཐེག་པ་ཆེན་པོ་བསྟན་པར་སེམས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བར་ཐེག་པ་ཆེན་པོ་བསྟན་པར་མ་གྱུར་པ་ལགས་གྲང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་གྱུར་པ་མེད་དེ། རབ་འབྱོར་ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དགེ་བའི་ཆོས་བྱང་ཆུབ་


DTG082_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱོགས་གང་ཡང་རུང་སྟེ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་ཤིང་ཁོངས་སུ་ཆུད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་ཤིང་ཁོངས་སུ་ཆུད་པ་ཉན་ཐོས་ཀྱི་ཆོས་དང༌། རང་སངས་རྒྱས་ཀྱི་ཆོས་དང༌། བྱང་ཆུབ་སེམས་དཔའི་ཆོས་དང༌། སངས་རྒྱས་ཀྱི་ཆོས་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། དགའ་བ་ཆེན་པོ་དང༌། བཏང་སྙོམས་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། མི་བརྗེད་པའི་ཆོས་ཉིད་དང༌། རྟག་ཏུ་བཏང་སྙོམས་ཀྱིས་རྣམ་པར་སྤྱོད་པ་སྟེ། རབ་འབྱོར་དེ་དག་ནི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་ཤིང་ཁོངས་སུ་ཆུད་པར་འདོད་པ་སྟེ། ཉན་ཐོས་ཀྱི་ཆོས་དང༌། རང་སངས་རྒྱས་ཀྱི་ཆོས་དང༌། བྱང་ཆུབ་སེམས་དཔའི་ཆོས་དང༌། སངས་རྒྱས་ཀྱི་ཆོས་སོ། །རབ་འབྱོར་དེ་ལ་ཐེག་པ་ཆེན་པོ་གང་ཡིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་


DTG082_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང༌། གཟུགས་གང་ཡིན་པ་དང༌། ཚོར་བ་གང་ཡིན་པ་དང༌། འདུ་ཤེས་གང་ཡིན་པ་དང༌། འདུ་བྱེད་རྣམས་གང་ཡིན་པ་དང༌། རྣམ་པར་ཤེས་པ་གང་ཡིན་པ་དང༌། མིག་གང་ཡིན་པ་དང༌། གཟུགས་གང་ཡིན་པ་དང༌། མིག་གི་རྣམ་པར་ཤེས་པ་གང་ཡིན་པ་དང༌། མིག་གི་འདུས་ཏེ་རེག་པ་གང་ཡིན་པ་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གང་ཡིན་པ་དང༌། རྣ་བ་གང་ཡིན་པ་དང༌། སྒྲ་གང་ཡིན་པ་དང༌། རྣ་བའི་རྣམ་པར་ཤེས་པ་གང་ཡིན་པ་དང༌། རྣ་བའི་འདུས་ཏེ་རེག་པ་གང་ཡིན་པ་དང༌། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གང་ཡིན་པ་དང༌། སྣ་གང་ཡིན་པ་དང༌། དྲི་གང་ཡིན་པ་དང༌། སྣའི་རྣམ་པར་ཤེས་པ་གང་ཡིན་པ་དང༌། སྣའི་འདུས་ཏེ་རེག་པ་གང་ཡིན་པ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གང་ཡིན་པ་དང༌། ལྕེ་གང་ཡིན་པ་དང༌། རོ་གང་ཡིན་པ་དང༌། ལྕེའི་རྣམ་པར་ཤེས་པ་གང་ཡིན་པ་དང༌། ལྕེའི་འདུས་ཏེ་རེག་པ་གང་ཡིན་པ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གང་ཡིན་པ་དང༌། ལུས་གང་ཡིན་པ་དང༌། རེག་གང་ཡིན་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གང་ཡིན་པ་དང༌། ཡིད་གང་ཡིན་པ་དང༌། ཆོས་གང་ཡིན་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གང་ཡིན་པ་དང༌། དྲན་པ་ཉེ་བར་གཞག་པ་རྣམས་གང་ཡིན་པ་དང༌། ཡང་དག་པར་སྤོང་བ་རྣམས་གང་ཡིན་པ་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་གང་ཡིན་པ་དང༌། དབང་པོ་རྣམས་གང་ཡིན་པ་དང༌། སྟོབས་རྣམས་གང་ཡིན་པ་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་གང་ཡིན་པ་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཡིན་པ་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་


DTG082_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་གང་ཡིན་པ་དང༌། སྡུག་བསྔལ་གང་ཡིན་པ་དང༌། ཀུན་འབྱུང་བ་གང་ཡིན་པ་དང༌། འགོག་པ་གང་ཡིན་པ་དང༌། ལམ་གང་ཡིན་པ་དང༌། འདོད་པའི་ཁམས་གང་ཡིན་པ་དང༌། གཟུགས་ཀྱི་ཁམས་གང་ཡིན་པ་དང༌། གཟུགས་མེད་པའི་ཁམས་གང་ཡིན་པ་དང༌། ནང་སྟོང་པ་ཉིད་གང་ཡིན་པ་དང༌། ཕྱི་སྟོང་པ་ཉིད་གང་ཡིན་པ་དང༌། ཕྱི་ནང་སྟོང་པ་ཉིད་གང་ཡིན་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་གང་ཡིན་པ་དང༌། ཏིང་ངེ་འཛིན་གང་ཡིན་པ་དང༌། གཟུངས་ཀྱི་སྒོ་གང་ཡིན་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཡིན་པ་དང༌། མི་འཇིགས་པ་བཞི་གང་ཡིན་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་གང་ཡིན་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཡིན་པ་དང༌། དེ་བཞིན་གཤེགས་པས་བསྟན་པའི་ཆོས་གང་ཡིན་པ་དང༌། འདུལ་བ་གང་ཡིན་པ་དང༌། ཆོས་ཀྱི་དབྱིངས་གང་ཡིན་པ་དང༌། དེ་བཞིན་ཉིད་གང་ཡིན་པ་དང༌། ཡང་དག་པའི་མཐའ་གང་ཡིན་པ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ཡིན་པ་དང༌། མྱ་ངན་ལས་འདས་པའི་དབྱིངས་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ་མཚན་ཉིད་མེད་པར་རོ། །རབ་འབྱོར་རྣམ་གྲངས་འདིས་ཀྱང་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་ཡང་གཞན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཐེག་པ་ཆེན་པོ་ཡང་གཞན་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མེད་དོ། དེ་ལྟར་ན་ཐེག་པ་ཆེན་པོ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མེད་དེ་གཉིས་སུ་


DTG082_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་མེད་དོ། །ཐེག་པ་ཆེན་པོ་ཡང་གཞན་ལ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ཞེས་བྱ་བ་མེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཐེག་པ་ཆེན་པོ་ཡང་གཞན་ལ་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་གཞན་ཞེས་བྱ་བ་མེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཐེག་པ་ཆེན་པོ་ཡང་གཞན་ལ་བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཞན་ཞེས་བྱ་བྱ་བ་མེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཐེག་པ་ཆེན་པོ་ཡང་གཞན་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ཡང་གཞན་ཞེས་བྱ་བ་མེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ཡང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་ཐེག་པ་ཆེན་པོ་བསྟན་པར་འགྱུར་རོ་ཞེས་བྱ་བ་ནི་ཐོབ་པའི་ངེས་པར་འབྱུང་བའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ནི་ཕྱི་མའི་མཐར་མི་དམིགས་སོ། བྱང་ཆུབ་སེམས་དཔའ་ནི་དབུས་སུ་མི་དམིགས་ཏེ། གཟུགས་ཀུན་དུ་མཐའ་ཡས་པའི་སླད་དུ་བྱང་ཆུབ་སེམས་དཔའ་


DTG082_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་མཐའ་ཡས་པར་རིག་པར་བགྱིའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཀུན་དུ་མཐའ་ཡས་པའི་སླད་དུ་བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པར་རིག་པར་བགྱི་སྟེ། གཟུགས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མི་དམིགས་ཏེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་སྟེ་མི་དམིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འདི་ནི་མིང་ཙམ་དུ་བྱས་ཏེ། བཅོམ་ལྡན་འདས་ཇི་ལྟར་བདག་བདག་ཅེས་བགྱི་བ་ཡང་བདག་ཤིན་ཏུ་མངོན་པར་གྲུབ་པ་མ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་ཡང་བྱང་ཆུབ་སེམས་དཔའ་མངོན་པར་གྲུབ་པ་མ་མཆིས་སོ། །དེ་ལྟར་རང་བཞིན་མ་མཆིས་པའི་ཆོས་རྣམས་ལ། གང་མངོན་པར་གྲུབ་པའི་གཟུགས་ལྟ་ཡང་ག་ལ་མཆིས། གང་མངོན་པར་གྲུབ་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལྟ་ཡང་ག་ལ་མཆིས། བཅོམ་ལྡན་འདས་གང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་མ་ལགས་སོ། །གང་མངོན་པར་མ་གྲུབ་པ་དེ་ནི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལགས་ལ། མངོན་པར་མ་གྲུབ་པ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་བའམ། མངོན་པར་མ་གྲུབ་པ་ལས་གུད་ན་ཡང་གང་བྱང་ཆུབ་ཏུ་སྤྱོད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བར་དམིགས་སུ་མ་མཆིས་ན། གལ་ཏེ་དེ་ལྟར་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ་ཡོངས་སུ་མི་འཇུམ།


DTG082_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་པར་མི་འགྱུར་ཞིང༌། ཡིད་མི་འཇིགས། མི་དངང་སྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་མཐར་དམིགས་སུ་མེད་པ་ཡིན། ཕྱི་མའི་མཐར་དམིགས་སུ་མེད་པ་ཡིན། དབུས་སུ་དམིགས་སུ་མེད་པ་ཡིན། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཞེ་ན། གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པར་རིག་པར་བྱ་བ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཀུན་དུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པར་རིག་པར་བྱ་བ་ཡིན། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་མི་དམིགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་འདི་ནི་མིང་ཙམ་དུ་བས་སོ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་བདག་བདག་ཅེས་བགྱི་ཡང་བདག་ནི་ཤིན་ཏུ་མངོན་པར་གྲུབ་པ་མ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་ཡང་བྱང་ཆུབ་སེམས་དཔའ་ནི་མངོན་པར་གྲུབ་པ་མ་མཆིས་སོ། །དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་རང་བཞིན་ལ་གཟུགས་མངོན་པར་གྲུབ་པ་ལྟ་ཡང་ག་ལ་མཆིས། ཚོར་


DTG082_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མངོན་པར་གྲུབ་པ་ལྟ་ཡང་ག་ལ་མཆིས། གང་མངོན་པར་མ་གྲུབ་པ་ནི་གཟུགས་མ་ལགས་སོ། །གང་མངོན་པར་མ་གྲུབ་པ་ནི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མ་ལགས་སོ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་མངོན་པར་མ་གྲུབ་པ་ཞིག་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའམ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་མངོན་པར་མ་གྲུབ་པ་ལས་གུད་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དམིགས་སུ་མ་མཆིས་སོ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་གལ་ཏེ་དེ་ལྟར་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ། ཡོངས་སུ་མི་འཇུམ། འགྱོད་པར་མི་འགྱུར་ཞིང༌། ཡིད་མི་འཇིགས། མི་དངང༌། སྐྲག་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སྨྲ། དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སེམས་ཅན་སྟོང་པ་ཉིད་དང༌། སེམས་ཅན་དབེན་པ་དང༌། སེམས་ཅན་རང་བཞིན་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སེམས་ཅན་སྟོང་པ་དང༌། སེམས་ཅན་དབེན་པ་དང༌། སེམས་ཅན་རང་བཞིན་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །སེམས་ཅན་སྟོང་པ་དང༌། སེམས་ཅན་དབེན་པ་དང༌། སེམས་ཅན་རང་བཞིན་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཅིའི་ཕྱིར་


DTG082_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། སེམས་ཅན་མེད་པ་དང༌། སེམས་ཅན་སྟོང་པ་དང༌། སེམས་ཅན་དབེན་པ་དང༌། སེམས་ཅན་རང་བཞིན་མེད་པ་ལ་སྔོན་གྱི་མཐར་མི་དམིགས་སོ། །ཕྱི་མའི་མཐར་མི་དམིགས་སོ། །དབུས་སུ་མི་དམིགས་སོ། །སེམས་ཅན་མེད་པ་ཡང་གཞན། སེམས་ཅན་སྟོང་པ་ཡང་གཞན། སེམས་ཅན་དབེན་པ་ཡང་གཞན། སེམས་ཅན་རང་བཞིན་མེད་པ་ཡང་གཞན་ཞིག་ལ། བྱང་ཆུབ་སེམས་དཔའ་ཡང་གཞན་ཞིག་སྟེ། སྔོན་གྱི་མཐའ་ཡང་གཞན། ཕྱི་མའི་མཐའ་ཡང་གཞན། དབུས་ཀྱང་གཞན་ཞེས་བྱ་བ་མེད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་སེམས་ཅན་མེད་པ་གང་ཡིན་པ་དང༌། སེམས་ཅན་སྟོང་པ་གང་ཡིན་པ་དང༌། སེམས་ཅན་དབེན་པ་གང་ཡིན་པ་དང༌། སེམས་ཅན་རང་བཞིན་མེད་པ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང༌། སྔོན་གྱི་མཐའ་གང་ཡིན་པ་དང༌། ཕྱི་མའི་མཐའ་གང་ཡིན་པ་དང༌། དབུས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །གཟུགས་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །གཟུགས་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །གཟུགས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཚོར་བ་དང༌། འདུ་


DTG082_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །གཟུགས་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །གཟུགས་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །གཟུགས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །གཟུགས་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །གཟུགས་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པ་དང༌། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་


DTG082_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྣམ་པར་ཤེས་པ་སྟོང་པ་ཉིད་དང༌། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དབེན་པ་དང༌། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་མི་དམིགས་སོ། །ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་ཉིད་དང༌། ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང༌། སྔོན་གྱི་མཐའ་གང་ཡིན་པ་དང༌། ཕྱི་མའི་མཐའ་གང་ཡིན་པ་དང༌། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌།


DTG082_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་བར་འབྱུང་བ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང༌། སྔོན་གྱི་མཐའ་གང་ཡིན་པ་དང༌། ཕྱི་མའི་མཐའ་གང་ཡིན་པ་དང༌། དབུས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་


DTG082_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སྦྱིན་


DTG082_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་


DTG082_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་མི་དམིགས་སོ། །ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང༌། སྔོན་གྱི་མཐའ་གང་ཡིན་པ་དང༌། ཕྱི་མའི་མཐའ་གང་ཡིན་པ་དང༌། དབུས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ནང་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་


DTG082_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སོ། །ནང་སྟོང་པ་ཉིད་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ནང་སྟོང་པ་ཉིད་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ནང་སྟོང་པ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ནང་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ནང་སྟོང་པ་ཉིད་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ནང་སྟོང་པ་ཉིད་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ནང་སྟོང་པ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ནང་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ནང་སྟོང་པ་ཉིད་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ནང་སྟོང་པ་ཉིད་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ངོ་བོ་ཉིད་མེད་


DTG082_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ། ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང༌། སྔོན་གྱི་མཐའ་གང་ཡིན་པ་དང༌། ཕྱི་མའི་མཐའ་གང་ཡིན་པ་དང༌། དབུས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དྲན་པ་ཉེ་བར་གཞག་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་


DTG082_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དང༌། ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཡང་དག་པར་སྤོང་པ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་


DTG082_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཡང་དག་པར་སྤོང་པ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་


DTG082_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་


DTG082_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང༌། སྔོན་གྱི་མཐའ་གང་ཡིན་པ་དང༌། ཕྱི་མའི་མཐའ་གང་ཡིན་པ་དང༌། དབུས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་འདིས་ཀྱང་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་སུ་བྱང་ཆུབ་སེམས་དཔའ་ཉེ་བར་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཏིང་ངེ་འཛིན་ཐམས་ཅད་མེད་པ་དང༌། གཟུངས་ཀྱི་སྒོ་ཐམས་ཅད་མེད་པ་དང༌། ཆོས་ཀྱི་དབྱིངས་མེད་པ་དང༌། དེ་བཞིན་ཉིད་མེད་པ་དང༌། ཡང་དག་པའི་མཐའ་མེད་པ་དང༌། ཡང་དག་པའི་མཐའ་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དབེན་པ་ཉིད་དང༌། ཡང་དག་པའི་མཐའ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་རྣམས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཏིང་ངེ་འཛིན་མེད་པ་ནས། ཡང་དག་པའི་མཐའི་བར་དུ་མེད་པ་དང༌། ཡང་དག་པའི་མཐའ་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དབེན་པ་ཉིད་དང༌། ཡང་དག་པའི་མཐའ་ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་མི་དམིགས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་མེད་པ་ཡང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་


DTG082_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། དབེན་པ་ཡང་གཞན་མ་ཡིན། ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། ཏིང་ངེ་འཛིན་ཀྱང་གཞན་མ་ཡིན། གཟུངས་ཀྱི་སྒོ་ཡང་གཞན་མ་ཡིན། ཆོས་ཀྱི་དབྱིངས་ཀྱང་གཞན་མ་ཡིན། དེ་བཞིན་ཉིད་ཀྱང་གཞན་མ་ཡིན། ཡང་དག་པའི་མཐའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་ཀྱང་གཞན་མ་ཡིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་ཏིང་ངེ་འཛིན་མེད་པ་གང་ཡིན་པ་ནས། ཡང་དག་པའི་མཐའི་བར་དུ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་དང༌། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང༌། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་གང་ཡིན་པ་དེ་དག་ཐམས་ཅད་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་རྣམས་དམིགས་སུ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཉན་ཐོས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཉན་ཐོས་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཉན་ཐོས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཉན་ཐོས་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །ཉན་ཐོས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཉན་ཐོས་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་རང་སངས་རྒྱས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །རང་སངས་རྒྱས་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །རང་སངས་རྒྱས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །རང་སངས་རྒྱས་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་


DTG082_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རང་སངས་རྒྱས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །རང་སངས་རྒྱས་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ།། །།བམ་པོ་ཉི་ཤུ་གསུམ་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་སངས་རྒྱས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སངས་རྒྱས་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །སངས་རྒྱས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སངས་རྒྱས་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །སངས་རྒྱས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །སངས་རྒྱས་སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཉན་ཐོས་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་པ་དང༌། སྟོང་པ་ཉིད་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་མི་དམིགས་ཏེ། ཤཱ་རིའི་བུ་མེད་པ་ཡང་གཞན་


DTG082_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། སྟོང་པ་ཡང་གཞན་མ་ཡིན། དབེན་པ་ཡང་གཞན་མ་ཡིན། ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན། ཉན་ཐོས་ཀྱང་གཞན་མ་ཡིན། རང་སངས་རྒྱས་ཀྱང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་ཉན་ཐོས་མེད་པ་དང༌། སྟོང་པ་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པ་གང་ཡིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མེད་པ་དང༌། སྟོང་པ་དང༌། དབེན་པ་དང༌། ངོ་བོ་ཉིད་མེད་པའི་བར་དང༌། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང༌། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་གང་ཡིན་པ་འདི་དག་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཕྱི་མའི་མཐའ་དང་དབུས་རྣམས་སུ་མི་དམིགས་སོ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་དགག་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན་གཟུགས་ཀུན་དུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པར་རིག་པར་བྱའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཀུན་དུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་ནམ་མཁའ་དང་མཉམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་དང༌། དབུས་མི་དམིགས་ཏེ། མཐའ་ཡས་ཀུན་དུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་གཟུགས་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་དང༌། དབུས་མི་དམིགས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་


DTG082_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དང༌། དབུས་མི་དམིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་གཟུགས་ཀུན་དུ་མཐའ་ཡས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཀུན་དུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་མཆེད་རྣམས་དང༌། ཁམས་རྣམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་དང༌། དབུས་མི་དམིགས་ཏེ། མཐའ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར། ནམ་མཁའ་ཞེས་མིང་དུ་བརྗོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་དང༌། དབུས་མི་དམིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ་དབུས་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཀུན་དུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་གཟུགས་མེད། སྟོང་པ་ཉིད་ལ་


DTG082_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་མེད། སྟོང་པ་ཉིད་ལ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད། སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ༌། །ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་དྲན་པ་ཉེ་བར་གཞག་པ་རྣམས་མེད། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་


DTG082_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་པ་མེད། བྱང་ཆུབ་སེམས་དཔའ་མེད་དོ། །བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འཕགས་པའི་བདེན་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང༌། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང༌། ཡང་དག་པའི་མཐའ་ནི་ཡང་དག་པའི་མཐས་སྟོང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱིས་སྟོང༌། ཐམས་ཅད་ཤེས་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ཀྱིས་སྟོང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཆོས་ཀྱི་དབྱིངས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཉན་ཐོས་ཀྱི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པས་སྟོང༌། རང་སངས་རྒྱས་ཀྱི་ཐེག་པ་ནི་རང་སངས་རྒྱས་ཀྱི་ཐེག་པས་སྟོང༌། སངས་རྒྱས་ཀྱི་ཐེག་པ་ནི་སངས་རྒྱས་ཀྱི་ཐེག་པས་སྟོང༌། ཉན་ཐོས་ནི་ཉན་ཐོས་ཀྱིས་སྟོང༌། རང་སངས་རྒྱས་ནི་རང་སངས་རྒྱས་ཀྱིས་སྟོང༌། དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཉན་ཐོས་ཀྱི་ཐེག་པ་མེད། རང་སངས་རྒྱས་ཀྱི་ཐེག་པའི་བར་དུ་མེད། ཉན་ཐོས་མེད། དེ་བཞིན་གཤེགས་པའི་བར་དུ་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་བདག་གིས་བྱང་ཆུབ་སེམས་དཔའ་ཐམས་


DTG082_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་དམིགས་ན་བྱང་ཆུབ་སེམས་དཔའ་ནི་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་ཟེར་བ་ཅིའི་ཕྱིར་དེ་སྐད་དུ་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ། །གཟུགས་ནི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །ཚོར་བ་ནི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །ཚོར་བ་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ། །གཟུགས་དང་ཚོར་བ་ནི་འདུ་ཤེས་ལ་མེད་ཅིང་མི་དམིགས་སོ། །འདུ་ཤེས་ནི་འདུ་ཤེས་ལ་མེད་ཅིང་མི་དམིགས་སོ། །འདུ་ཤེས་ནི་གཟུགས་དང་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །གཟུགས་དང་ཚོར་བ་དང་འདུ་ཤེས་ནི་འདུ་བྱེད་རྣམས་ལ་མེད་ཅིང་མི་དམིགས་སོ། །འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ལ་མེད་ཅིང་མི་དམིགས་སོ། །འདུ་བྱེད་རྣམས་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་ལ་མེད་ཅིང་མི་དམིགས་སོ། །གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ནི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །རྣམ་པར་ཤེས་པ་ནི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་ནི་མིག་ལ་མེད་ཅིང་མི་དམིགས་སོ། །མིག་ནི་རྣ་བ་ལ་མེད་ཅིང་མི་དམིགས་སོ། །རྣ་བ་ནི་རྣ་བ་ལ་མེད་ཅིང་མི་དམིགས་སོ། །རྣ་བ་ནི་མིག་ལ་མེད་ཅིང་མི་དམིགས་སོ། །མིག་དང་རྣ་བ་ནི་སྣ་ལ་མེད་ཅིང་མི་དམིགས་སོ། །སྣ་ནི་སྣ་ལ་མེད་ཅིང་མི་དམིགས་སོ། །སྣ་ནི་མིག་དང་རྣ་བ་ལ་མེད་ཅིང་མི་དམིགས་སོ། །མིག་དང༌། རྣ་བ་དང༌། སྣ་ནི་ལྕེ་ལ་མེད་ཅིང་མི་དམིགས་སོ། །ལྕེ་ནི་ལྕེ་ལ་མེད་ཅིང་མི་དམིགས་སོ། །ལྕེ་ནི་མིག་དང་རྣ་བ་དང་སྣ་ལ་མེད་ཅིང་མི་དམིགས་སོ། །མིག་དང༌། རྣ་བ་དང༌། སྣ་དང་ལྕེ་ནི་ལུས་ལ་མེད་ཅིང་མི་དམིགས་སོ། །ལུས་ནི་ལུས་ལ་མེད་ཅིང་མི་དམིགས་སོ། །ལུས་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་ལ་མེད་ཅིང་མི་དམིགས་སོ། །མིག་དང་རྣ་བ་དང་སྣ་དང༌། ལྕེ་དང་ལུས་ནི་ཡིད་ལ་མེད་ཅིང་མི་དམིགས་སོ། །ཡིད་ནི་ཡིད་ལ་མེད་ཅིང་མི་དམིགས་སོ།།


DTG082_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ལ་མེད་ཅིང་མི་དམིགས་སོ། །གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ། །གཟུགས་ནི་སྒྲ་ལ་མེད་ཅིང་མི་དམིགས་སོ། །སྒྲ་ནི་སྒྲ་ལ་མེད་ཅིང་མི་དམིགས་སོ། །སྒྲ་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ། །གཟུགས་དང་སྒྲ་ནི་དྲི་ལ་མེད་ཅིང་མི་དམིགས་སོ། །དྲི་ནི་དྲི་ལ་མེད་ཅིང་མི་དམིགས་སོ། །དྲི་ནི་གཟུགས་དང་སྒྲ་ལ་མེད་ཅིང་མི་དམིགས་སོ། །གཟུགས་དང་སྒྲ་དང་དྲི་ནི་རོ་ལ་མེད་ཅིང་མི་དམིགས་སོ། །རོ་ནི་རོ་ལ་མེད་ཅིང་མི་དམིགས་སོ། །རོ་ནི་གཟུགས་དང་སྒྲ་དང་དྲི་ལ་མེད་ཅིང་མི་དམིགས་སོ། །གཟུགས་དང༌། སྒྲ་དང་དྲི་དང་རོ་ནི་རེག་ལ་མེད་ཅིང་མི་དམིགས་སོ། །རེག་ནི་རེག་ལ་མེད་ཅིང་མི་དམིགས་སོ། །རེག་ནི་གཟུགས་དང་སྒྲ་དང་དྲི་དང་རོ་ལ་མེད་ཅིང་མི་དམིགས་སོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ནི་ཆོས་ལ་མེད་ཅིང་མི་དམིགས་སོ། །ཆོས་ནི་ཆོས་ལ་མེད་ཅིང་མི་དམིགས་སོ། །ཆོས་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་མེད་ཅིང་མི་དམིགས་སོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་རྣམ་པར་ཤེས་པ་ནི་རྣ་བའི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །རྣ་བའི་རྣམ་པར་ཤེས་པ་ནི་རྣ་བའི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །རྣ་བའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་རྣམ་པར་ཤེས་པ་དང་རྣ་བའི་རྣམ་པར་ཤེས་པ་ནི། སྣའི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །སྣའི་རྣམ་པར་ཤེས་པ་ནི་སྣའི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །སྣའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་དང༌། །རྣ་བའི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་ནི་ལྕེའི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །ལྕེའི་རྣམ་པར་ཤེས་པ་ནི་ལྕེའི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །ལྕེའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་


DTG082_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལྕེའི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ནི་རྣ་བའི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །རྣ་བའི་འདུས་ཏེ་རེག་པ་ནི་རྣ་བའི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །རྣ་བའི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་ནི་སྣའི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །སྣའི་འདུས་ཏེ་རེག་པ་ནི་སྣའི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །སྣའི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་རེ་རེག་པ་ནི་ལྕེའི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །ལྕེའི་འདུས་ཏེ་རེག་པ་ནི་ལྕེའི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །ལྕེའི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །ལུས་


DTG082_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདུས་ཏེ་རེག་པ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་


DTG082_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་མེད་ཅིང་མི་དམིགས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ལ་མེད་ཅིང་མི་དམིགས་སོ། །ནང་སྟོང་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་པར་ལ་མེད་ཅིང་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མེད་ཅིང་མི་དམིགས་སོ། །


DTG082_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ལ་མེད་ཅིང་མི་དམིགས་སོ། །ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ལ་མེད་ཅིང་མི་དམིགས་སོ། །ཏིང་ངེ་འཛིན་ནི་གཟུངས་ཀྱི་སྒོ་ལ་མེད་ཅིང་མི་དམིགས་སོ། །གཟུངས་ཀྱི་སྒོ་ནི་གཟུངས་ཀྱི་སྒོ་ལ་མེད་ཅིང་མི་དམིགས་སོ། །གཟུངས་ཀྱི་སྒོ་ནི་ཏིང་ངེ་འཛིན་ལ་མེད་ཅིང་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་ནི་དྲན་པ་ཉེ་བར་གཞག་པ་ལ་མེད་ཅིང་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡང་དག་པར་སྤོང་བ་ལ་མེད་ཅིང་མི་དམིགས་སོ། །ལམ་གྱི་བར་ནི་ལམ་ལ་མེད་ཅིང་མི་དམིགས་སོ། །ལམ་ནི་དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་ལ་མེད་ཅིང་མི་དམིགས་སོ། །བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་བར་རྣམས་ལ་མེད་ཅིང་མི་དམིགས་པ་དེ་དེ་དང་གཞན་རྣམས་ལ་ཡང་མེད་ཅིང་མི་དམིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མེད་ཅིང་མི་དམིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་མི་འཇིགས་པ་བཞི་ལ་མེད་ཅིང་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མེད་ཅིང་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་ལ་མེད་ཅིང་མི་དམིགས་སོ། །བསམ་གཏན་ནི་བསམ་གཏན་ལ་མེད་ཅིང་མི་དམིགས་སོ། །བསམ་གཏན་ནི་ཚད་མེད་པ་ལ་མེད་ཅིང་མི་དམིགས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པའི་བར་ནི་གཟུགས་མེད་པའི་སྙོམས་པར་འཇུག་པའི་བར་ལ་མེད་ཅིང་མི་དམིགས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་བསམ་གཏན་དང༌། ཚད་མེད་པ་ལ་མེད་ཅིང་མི་དམིགས་སོ། །སོ་སོའི་སྐྱེ་བོའི་ས་ནི་སོ་སོའི་སྐྱེ་


DTG082_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ས་ལ་མེད་ཅིང་མི་དམིགས་སོ། །སོ་སོའི་སྐྱེ་བོའི་ས་ནི་རིགས་ཀྱི་ས་ལ་མེད་ཅིང་མི་དམིགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སའི་བར་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མེད་ཅིང་མི་དམིགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ནི་སོ་སོའི་སྐྱེ་བོའི་ས་དང༌། རིགས་ཀྱི་ས་དང༌། བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པའི་ས་དང༌། རང་སངས་རྒྱས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་ལ་མེད་ཅིང་མི་དམིགས་སོ། །ཐམས་ཅད་ཤེས་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ལ་མེད་ཅིང་མི་དམིགས་སོ། །ཐམས་ཅད་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མེད་ཅིང་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མེད་ཅིང་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མེད་ཅིང་མི་དམིགས་སོ། །རྒྱུན་དུ་ཞུགས་པ་ནི་རྒྱུན་དུ་ཞུགས་པ་ལ་མེད་ཅིང་མི་དམིགས་སོ། །རྒྱུན་དུ་ཞུགས་པ་ནི་ལན་ཅིག་ཕྱིར་འོང་བ་ལ་མེད་ཅིང་མི་དམིགས་སོ། །དེ་བཞིན་གཤེགས་པའི་བར་ནི་དེ་བཞིན་གཤེགས་པའི་བར་ལ་མེད་ཅིང་མི་དམིགས་སོ། །དེ་བཞིན་གཤེགས་པ་ནི་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ལ་མེད་ཅིང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ལ་མེད་ཅིང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་ལ་མེད་ཅིང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདམས་ཤིང་རྗེས་སུ་བསྟན་པ་ལ་མེད་ཅིང་མི་དམིགས་སོ། །གདམས་ཤིང་རྗེས་སུ་བསྟན་པ་ནི་གདམས་ཤིང་རྗེས་སུ་བསྟན་བ་ལ་མེད་ཅིང་མི་དམིགས་སོ། །གདམས་ཤིང་རྗེས་སུ་བསྟན་པ་ནི་བྱང་ཆུབ་


DTG082_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་ཆོས་ཐམས་ཅད་མེད་ཅིང་དམིགས་སུ་མེད་པས་བྱང་ཆུབ་སེམས་དཔའ་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་ཐོབ་པའི་ངེས་པར་འབྱུང་བ་ལས་ཐོབ་བ་པོ་དགག་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་ཅེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། དེའི་ཕྱིར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་མིང་ནི་ཕྱོགས་བཅུ་པོ་རྣམས་གང་ནས་ཀྱང་མི་འོང༌། གང་དུ་ཡང་མི་འགྲོ། །གང་དུ་ཡང་མི་གནས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་མིང་ཡང་གང་ནས་ཀྱང་མི་འོང༌། གང་དུ་ཡང་མི་འགྲོ། །གར་ཡང་མི་གནས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང༌། ཚོར་བ་ཞེས་བྱ་བ་དང༌། འདུ་ཤེས་ཞེས་བྱ་བ་དང༌། འདུ་བྱེད་རྣམས་ཞེས་བྱ་བ་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། འདི་ལྟར་མིང་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་མི་འགྲོ། གང་ན་ཡང་མི་གནས་སོ། །མིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བ་མ་ཡིན། འདུ་ཤེས་མ་ཡིན། འདུ་བྱེད་རྣམས་མ་ཡིན། རྣམ་པར་ཤེས་པ་རྣམས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ༌། །སྟོང་པ་གང་ཡིན་པ་དེ་ནི་མིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ། སྐྱེ་མཆེད་ཅེས་བྱ་བ་དང༌། ཁམས་ཞེས་བྱ་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། འདི་ལྟར་མིང་ནི་གང་ནས་ཀྱང་མི་འོང༌། གང་དུ་ཡང་མི་འགྲོ། །གང་ན་ཡང་མི་གནས་སོ། །མིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་སྐྱེ་མཆེད་མ་ཡིན། ཁམས་མ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ༌། །སྟོང་པ་ཉིད་གང་ཡིན་པ་


DTG082_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མིང་མ་ཡིན་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་འདི་ནི་མིང་ཙམ་སྟེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །མིང་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མི་དམིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་སྟེ། མིང་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མིང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མི་དམིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ་ནང་སྟོང་པ་ཉིད་ནི་མིང་ཙམ་སྟེ། མིང་ལ་ཡང་ནང་སྟོང་པ་ཉིད་མེད། ནང་སྟོང་པ་ཉིད་ལ་ཡང་མིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང༌། ནང་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མི་དམིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་མིང་ཙམ་སྟེ། མིང་ལ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་མིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མི་དམིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ།


DTG082_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མིང་ལ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མེད། དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་མིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང༌། དྲན་པ་ཉེ་བར་གཞག་པ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མི་དམིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མིང་ལ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་མིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མི་དམིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མིང་ལ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་མིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མི་དམིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མིང་ལ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་མིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་


DTG082_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མི་དམིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་དཔེར་ན། བདག་བདག་ཅེས་བརྗོད་ཀྱང་བདག་ཤིན་ཏུ་མངོན་པར་མ་གྲུབ་པོ་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། ལྟ་བ་པོ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། གཟུགས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མིག་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བ་དང་སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། གཟུགས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མིག་གི་རྣམ་པར་ཤེས་པ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མིག་གི་འདུས་ཏེ་རེག་པ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་


DTG082_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ནང་སྟོང་པ་ཉིད་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྣམས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་


DTG082_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། ཉན་ཐོས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རང་སངས་རྒྱས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བདག་བདག་ཅེས་ཀྱང་བྱ་སྟེ་བདག་ཤིན་ཏུ་མེད་ན། དེ་མངོན་པར་འགྲུབ་པ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་གང་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནམ་ཞེས་ཟེར་བ་དེ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་པ་ཡིན། སྨྲས་པ། གཟུགས་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །གཟུགས་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །མིག་གི་རྣམ་པར་ཤེས་པ་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །མིག་གི་འདུས་ཏེ་རེག་པ་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །མིག་


DTG082_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ནང་སྟོང་པ་ཉིད་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཕྱི་སྟོང་པ་ཉིད་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་པ་དེ་དག་གང་ཡིན། སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་མི་རྟག་པ་སྟེ། གང་དང་


DTG082_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྲལ་བས་མ་ཡིན་ནོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་མི་རྟག་པ་གང་ཡིན་པ་དེ་ནི་དངོས་པོ་མེད་ཅིང་མི་ཟད་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ནི་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་སྨོན་པ་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་ཅིང་ཟད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ནི་དགེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཟག་པ་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། འཇིག་རྟེན་ལས་འདས་པ་དང༌། རྣམ་པར་བྱང་བ་དང༌། འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་འདུས་མ་བྱས་པ་གང་ཡིན་པ་དེ་ནི་དངོས་པོ་མེད་ཅིང་ཟད་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན་འཇིག་པ་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་ཆོས་ཐམས་ཅད་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན་ཞིང༌། འཇིག་པ་མ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ཐེར་ཟུག་ཏུ་གནས་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཐེར་ཟུག་ཏུ་གནས་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །དེ་བཞིན་དུ་དགེ་བ་དང༌། མི་དགེ་བ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་དང༌། འཁོར་བ་


DTG082_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དང། མྱ་ངན་ལས་འདས་པ་ཡང་ཐེར་ཟུག་ཏུ་གནས་པ་མ་ཡིན་ཞིང་འཇིག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ།། །།བམ་པོ་ཉི་ཤུ་བཞི་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་གཟུགས་མངོན་པར་མ་གྲུབ། ཅིའི་ཕྱིར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མངོན་པར་མ་གྲུབ་ཅེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་ནི་མངོན་པར་འདུས་མ་བྱས་པའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མངོན་པར་འདུས་མ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་མངོན་པར་འདུ་བྱེད་པ་པོ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་ནི་མངོན་པར་འདུས་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་པོ་མེད་དོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ནི་མངོན་པར་འདུས་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་མངོན་པར་འདུ་བྱེད་པ་པོ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་མངོན་པར་འདུས་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་མངོན་པར་འདུ་བྱེད་པ་པོ་མེད་དོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ནི་མངོན་པར་འདུས་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་མངོན་པར་འདུ་བྱེད་པ་པོ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་གི་རྣམ་པར་ཤེས་པ་ནི་མངོན་པར་འདུས་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་མངོན་པར་འདུ་བྱེད་པ་པོ་མེད་དོ། །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ནི་མངོན་པར་འདུས་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་མངོན་པར་འདུ་བྱེད་པ་པོ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ཀྱི་བར་དུ་མངོན་པར་འདུས་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་མངོན་


DTG082_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུ་བྱེད་པ་པོ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མངོན་པར་མ་གྲུབ་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ཚེ་དང་ལྡན་པ་རབ་འབྱོར་གང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་མ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མ་ཡིན་ཞེས་སྨྲ་ཞེས་ཟེར་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་སྟེ། གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་བར་རང་བཞིན་གྱིས་སྟོང་པ་སྟེ། གང་རང་བཞིན་གྱིས་སྟོང་པ་དེ་དག་ལ་ནི་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ།། གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ལ་ནི་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་མ་ཡིན། ཚོར་བ་མ་ཡིན། འདུ་ཤེས་མ་ཡིན། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན་མངོན་པར་མ་གྲུབ་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཅི་ཞིག་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མངོན་པར་མ་གྲུབ་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མངོན་པར་མ་གྲུབ་པ་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། འདི་སྐད་དུ་མངོན་པར་མ་གྲུབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་


DTG082_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན་གང་མངོན་པར་མ་གྲུབ་པ་མ་གཏོགས་པར་གང་བྱང་ཆུབ་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་མི་དམིགས་སོ་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་མ་གྲུབ་པ་ཡང་གཞན་ལ་བྱང་ཆུབ་སེམས་དཔའ་ཡང་གཞན་དུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་མངོན་པར་མ་གྲུབ་པ་དང་གཟུགས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མིག་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་མིག་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་མངོན་པར་མ་གྲུབ་པ་དང་ཡིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། གཟུགས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། ཆོས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མིག་གི་རྣམ་པར་


DTG082_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མིག་གི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། མིག་གི་འདུས་ཏེ་རེག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་དྲན་པ་ཉེ་བར་གཞག་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་


DTG082_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་དང་དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །


DTG082_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་མངོན་པར་མ་གྲུབ་པ་མ་གཏོགས་པར་གང་བྱང་ཆུབ་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན་དེ་ལྟར་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གལ་ཏེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་བྱེད་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་ལ། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང༌། ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བར། སྨིག་རྒྱུ་དང་འདྲ་བ། སྒྲ་བརྙན་དང་འདྲ་བ། མིག་ཡོར་དང་འདྲ་བ། སྤྲུལ་པ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་བས་ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་ངེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསྟན་པ་འདི་ཐོས་ནས་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཚོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོག་པ་དེའི་ཚེ། འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་བགྱི་བར་རྣམ་པར་ཤེས་པ་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་མིག་ཅེས་བགྱི་བར་མིག་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཅེས་བགྱི་བར་ཡིད་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་


DTG082_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་དེ་དག་ལས་འདི་ལྟར་ཡོངས་སུ་རྟོག་པ་དེའི་ཚེ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་ནང་སྟོང་པ་ཉིད་ཅེས་བགྱི་བར་ནང་སྟོང་པ་ཉིད་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་བགྱི་བར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོག་པ་དེའི་ཚེ་འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བགྱི་བར་དྲན་པ་ཉེ་བར་གཞག་པ་རྣམས་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། །བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བགྱི་བར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་


DTG082_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བགྱིད་དོ། །དེའི་ཚེ་འདི་ནི་བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཞེས་བགྱི་བར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེའི་ཚེ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བགྱི་བར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་འདི་དག་ལ་ཡོངས་སུ་རྟོག་པ་དེའི་ཚེ་འདི་དག་ནི་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་ཞེས་བགྱི་བར་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་ཐམས་ཅད་ལ་མི་དམིགས་ཤིང་མི་ལེན་ཏེ། ལྷག་པར་གནས་པར་མི་བགྱིད། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་རྗེས་སུ་མི་མཐོང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང༌། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སོ་སོ་བ་དང་བསྡུས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡང་དག་པར་རྗེས་སུ་མི་མཐོང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བཅོམ་ལྡན་


DTG082_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས། བཅོམ་ལྡན་འདས་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་མིག་གི་མ་སྐྱེས་པ་གང་ལགས་པ་དེ་མིག་མ་ལགས་ཏེ། དེ་ལྟར་ན་མིག་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཡིད་མ་ལགས་ཏེ། དེ་ལྟར་ན་ཡིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས། བཅོམ་ལྡན་འདས་སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་མ་ལགས་ཏེ། དེ་ལྟར་ན་ཆོས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ནང་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་མ་སྐྱེས་པ་གང་ལགས་པ་དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་སྐྱེས་


DTG082_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ལགས་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས། བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་སྐྱེས་པ་གང་ལགས་པ་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས་ཏེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དེ་བཞིན་ཉིད་མ་ལགས་ཏེ། དེ་ལྟར་ན་དེ་བཞིན་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ནི་ཆོས་ཀྱི་དབྱིངས་མ་ལགས། དེ་བཞིན་ཉིད་དང་ནམ་མཁའི་ཁམས་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། བྱང་ཆུབ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མ་སྐྱེས་པ་གང་ལགས་པ་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་ཏེ། བཅོམ་ལྡན་འདས་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་


DTG082_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མ་ལགས། བཅོམ་ལྡན་འདས་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་དང༌། འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར། འགྲིབ་པ་ནི་གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས་སོ།། །།བམ་པོ་ཉི་ཤུ་ལྔ་པ། བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ནང་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ནང་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནང་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་


DTG082_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་དང༌། འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པའི་འགྲིབ་པ་གང་ལགས་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས་ཏེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་དང༌། འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་འགྲིབ་པ་གང་ལགས་པ་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས་སོ། །བཅོམ་ལྡན་འདས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མ་


DTG082_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འགྲིབ་པ་གང་ལགས་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་གང་ཡང་གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་པའི་ཆོས་ཀྱི་རྣམ་གྲངས་སུ་བགྱིས་པའོ། །གང་ཡང་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་པའི་ཆོས་ཀྱི་རྣམ་གྲངས་སུ་བགྱིས་པའོ། །གང་ཡང་མི་གཅེས་བགྱི་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་བའི་བར་འདི་ནི་གཉིས་སུ་མ་མཆིས་པའི་ཆོས་ཀྱི་རྣམ་གྲངས་སུ་བགྱིས་པའོ་ཞེས་བྱ་བ་འདི་ནི་ཐོབ་པར་ངེས་པར་འབྱུང་པ་ལས་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་འབྲེལ་པ་དགག་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་རབ་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་འདི་དག་ལ་ཇི་ལྟར་ཡོངས་སུ་རྟོག །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའི་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང༌། ཡོངས་སུ་རྟོག་པ་ནི་གང༌། དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་


DTG082_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་གང་ཞེས་ཟེར་བ་ནི་གང་གི་ཕྱིར་སེམས་ཅན་ཉིད་བྱང་ཆུབ་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པར་ཤེས་ཏེ། ཆོས་དེ་དག་ལ་མངོན་པར་ཆགས་པ་མེད་དོ། །ཆོས་གང་དག་གི་རྣམ་པར་ཤེས་ཤེ་ན། གཟུགས་ཀྱི་རྣམ་པར་ཤེས་ཏེ། དེ་ལ་མངོན་པར་ཞེན་པ་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་རྣམ་པར་ཤེས་ཏེ། དེ་ལ་མངོན་པར་ཞེན་པ་མེད་དོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སོ་སོ་བ་དང་བསྡུས་པའི་རྣམ་པར་ཤེས་ཏེ། དེ་ལ་མངོན་པར་ཞེན་པ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པར་ཤེས་ཏེ། དེ་ལ་མངོན་པར་ཞེན་པ་མེད་དོ། །བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རྣམ་པར་ཤེས་ཏེ། དེ་ལ་མངོན་པར་ཞེན་པ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་ཀྱི་རྣམ་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་གཟུགས་དང༌། སྐྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་རྣམས་སམ། ནང་གི་ཆོས་སམ། ཕྱིའི་ཆོས་སམ། འདུས་བྱས་སམ། འདུས་མ་བྱས་རྣམས་འཛིན་པར་བྱེད་པ་དེ་དག་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཞེས་ཟེར་བ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་པ་སྟེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གང་ལ་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་ཤེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཕུང་པོ་རྣམས་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་ཞེས་བྱའོ། །སྐྱེ་མཆེད་རྣམས་དང༌། ཁམས་རྣམས་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་


DTG082_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །ཉོན་མོངས་པ་ཐམས་ཅད་དང༌། ལྟ་བའི་རྣམ་པ་ཐམས་ཅད་དང༌། འགྲོ་བ་དུག་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ནང་སྟོང་པ་ཉིད་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ཕྱི་སྟོང་པ་ཉིད་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ཕྱི་ནང་སྟོང་པ་ཉིད་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ།། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་སོ། །དེས་ན་རིང་དུ་སོང་ཞིང་འཕགས་པ་གང་ཡིན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་ཕྱིར་རིང་དུ་སོང་བ་


DTG082_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་འདི་ནི་རིང་དུ་སོང་ཞིང་ཀུན་དགའ་བ་འཕགས་པ་ཡིན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཡོངས་སུ་རྟོག་པ་དེ་ནི་གང་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མི་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་


DTG082_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །གཟུགས་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མིག་གི་རྣམ་པར་ཤེས་པ་རྟག་


DTG082_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མིག་གི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་


DTG082_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ ། མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་


DTG082_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ།། ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ།། དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །ནང་སྟོང་པ་ཉིད་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ།། ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་


DTG082_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །དྲན་པ་ཉེ་བར་གཞག་པ་རྣམས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ།། དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་


DTG082_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང༌། མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་ཅེས་བྱ་བ་དང༌། མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟག་གོ །སྟོང་ཞེས་བྱ་བ་དང་མི་མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང༌། མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །འདི་ལྟ་སྟེ་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་འདི་དག་ལ་ཡོངས་སུ་རྟོག་པའི་ཚུལ་གྱིས་དེ་ལྟར་ཡོངས་སུ་མི་རྟོག་གོ །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་


DTG082_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མ་འདྲེས་པ་རྣམས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཞེས་ཟེར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་གཟུགས་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བས་སྟོང་སྟེ། གང་སྟོང་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། གང་སྟོང་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། གང་སྟོང་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ནང་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནང་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་


DTG082_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཕྱི་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་ཕྱི་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་ཕྱི་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཕྱི་ནང་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་ཕྱི་ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ཕྱི་ནང་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་སྟོང་སྟེ། གང་སྟོང་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་སྟེ། གང་སྟོང་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་སྐྱེས་པ་གང་ཡིན་པ་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ནོ། །བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་


DTG082_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན་ཏེ་སྐྱེ་བ་མེད་དོ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་ངེས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འགྲིབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཞེས་ཟེར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་འགྲིབ་པ་གང་ཡིན་པ་དང༌། གཟུགས་གང་ཡིན་པ་དང༌། གཉིས་སུ་བྱར་མེད་པ་གང་ཡིན་པ་དང༌། འགྲིབ་པ་གང་ཡིན་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་གང་ཡིན་པ་དང༌། གཉིས་སུ་བྱར་མེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ། བལྟར་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །འགྲིབ་པ་གང་ཡིན་པ་དང༌། སྐྱེ་མཆེད་དང༌། ཁམས་དང༌།


DTG082_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། གཉིས་སུ་བྱར་མེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ། བལྟར་མེད་པ། ཐོགས་པ་མེད་པའི་མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །འགྲིབ་པ་གང་ཡིན་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གང་ཡིན་པ་དང༌། གཉིས་སུ་བྱར་མེད་པའི་ཆོས་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བལྟར་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་གཟུགས་མ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་མ་ཡིན། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་འགྲིབ་པ་གང་ཡིན་པ་དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འགྲིབ་པ་གང་ཡིན་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་གཟུགས་ཞེས་དེ་ལྟར་བརྗོད་པ་གང་


DTG082_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་འདི་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་དེ་ལྟར་བརྗོད་པ་གང་ཡིན་པ་འདི་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་བར་དེ་ལྟར་བརྗོད་པ་གང་ཡིན་པ་འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་བྱས་པའོ་ཞེས་ཟེར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་གཟུགས། གཟུགས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་གང་འདི་གཟུགས་ཞེས་དེ་ལྟར་བརྗོད་པ་གང་ཡིན་པ་འདི་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །འདི་ལྟར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རྣམ་པར་ཤེས་པ། རྣམ་པར་ཤེས་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གང་འདི་རྣམ་པར་ཤེས་པ་ཞེས་དེ་ལྟར་བརྗོད་པ་གང་ཡིན་པ་འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་བྱས་པའོ། །འདི་ལྟ་སྟེ་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གང་འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་འདི་ལྟར་བརྗོད་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །འདི་ལྟར་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌།


DTG082_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གང་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་དེ་ལྟར་བརྗོད་པ་གང་ཡིན་པ་འདི་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཆོས་དེ་དག་ལ་དེ་ལྟར་ཡོངས་སུ་རྟོག་པ་དེའི་ཚེ་ཤིན་ཏུ་རྣམ་པར་དག་པའི་སླད་དུ་གཟུགས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་སྐྱེ་མཆེད་རྣམས་དང༌། ཁམས་རྣམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་ནང་སྟོང་པ་ཉིད་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་


DTG082_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པའི་སླད་དུ་བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་སོ་སོའི་སྐྱེ་བོའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་རྒྱུན་དུ་ཞུགས་པ་དང༌། རྒྱུན་དུ་ཞུགས་པའི་ཆོས་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་ལན་ཅིག་ཕྱིར་འོང་བ་དང༌། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་དང༌། ཕྱིར་མི་འོང་བ་དང༌། ཕྱིར་མི་འོང་བའི་ཆོས་རྣམས་དང༌། དགྲ་བཅོམ་པ་དང༌། དགྲ་བཅོམ་པའི་ཆོས་རྣམས་དང༌། རང་སངས་རྒྱས་དང༌། རང་སངས་རྒྱས་ཀྱི་ཆོས་རྣམས་དང༌། བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པའི་དོན་བདག་གིས་ཤེས་པ་ལྟར་ན་གཟུགས་ཀྱང་མ་སྐྱེས་ལ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་མ་སྐྱེས། སྐྱེ་མཆེད་རྣམས་ཀྱང་མ་སྐྱེས། ཁམས་རྣམས་ཀྱང་མ་སྐྱེས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཀྱང་མ་སྐྱེས། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་མ་སྐྱེས། སྟོང་པ་ཉིད་ཐམས་ཅད་ཀྱང་མ་སྐྱེས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་མ་སྐྱེས། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་


DTG082_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱང་མ་སྐྱེས། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་མ་སྐྱེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་མ་སྐྱེས་སོ་སོའི་སྐྱེ་བོ་ཡང་མ་སྐྱེས། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མ་སྐྱེས། རྒྱུན་དུ་ཞུགས་པ་ཡང་མ་སྐྱེས། རྒྱུན་དུ་ཞུགས་པའི་ཆོས་ཀྱང་མ་སྐྱེས། ལན་ཅིག་ཕྱིར་འོང་བ་ཡང་མ་སྐྱེས། ལན་ཅིག་ཕྱིར་འོང་བའི་ཆོས་ཀྱང་མ་སྐྱེས། ཕྱིར་མི་འོང་བ་ཡང་མ་སྐྱེས། ཕྱིར་མི་འོང་བའི་ཆོས་ཀྱང་མ་སྐྱེས། དགྲ་བཅོམ་པ་ཡང་མ་སྐྱེས། དགྲ་བཅོམ་པའི་ཆོས་ཀྱང་མ་སྐྱེས། རང་སངས་རྒྱས་ཀྱང་མ་སྐྱེས། རང་སངས་རྒྱས་ཀྱི་ཆོས་ཀྱང་མ་སྐྱེས། བྱང་ཆུབ་སེམས་དཔའ་ཡང་མ་སྐྱེས། བྱང་ཆུབ་སེམས་དཔའི་ཆོས་ཀྱང་མ་སྐྱེས། སངས་རྒྱས་ཀྱང་མ་སྐྱེས། སངས་རྒྱས་ཀྱི་ཆོས་ཀྱང་མ་སྐྱེས་པ་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་གལ་ཏེ་གཟུགས་ཀྱང་སྐྱེ་བ་མེད་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཡང་སྐྱེ་བ་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་སྐྱེ་བ་མེད། སོ་སོའི་སྐྱེ་བོ་ཡང་སྐྱེ་བ་མེད། སོ་སོའི་སྐྱེ་བོའི་ཆོས་ཀྱང་སྐྱེ་བ་མེད། རྒྱུན་དུ་ཞུགས་པ་དང༌། རྒྱུན་དུ་ཞུགས་པའི་ཆོས་ཀྱང་སྐྱེ་བ་མེད། ལན་ཅིག་ཕྱིར་འོང་བ་དང༌། ལན་ཅིག་ཕྱིར་འོང་བའི་ཆོས་ཀྱང་སྐྱེ་བ་མེད། ཕྱིར་མི་འོང་བ་དང༌། ཕྱིར་མི་འོང་བའི་ཆོས་ཀྱང་སྐྱེ་བ་མེད། དགྲ་བཅོམ་པ་དང༌། དགྲ་བཅོམ་པའི་ཆོས་ཀྱང་སྐྱེ་བ་མེད། རང་སངས་རྒྱས་དང༌། རང་སངས་རྒྱས་ཀྱི་ཆོས་སྐྱེ་བ་མེད། བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད། བྱང་ཆུབ་སེམས་དཔའི་ཆོས་ཀྱང་སྐྱེ་བ་མེད། སངས་རྒྱས་ཀྱང་སྐྱེ་བ་མེད། སངས་རྒྱས་ཀྱི་ཆོས་ཀྱང་སྐྱེ་བ་མེད་ན་ནི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ཐོབ་ཟིན་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ཟིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་རྣམ་པ་


DTG082_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཉིད་ཐོབ་ཟིན་པར་འགྱུར་རོ། །འགྲོ་བ་ལྔ་རྣམས་ཀྱང་ཐ་དད་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་བྱང་ཆུབ་ལྔ་ཐོབ་ཟིན་པར་འགྱུར་རོ། །ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་ཀྱང་མ་སྐྱེས་པ་མ་ཡིན་ན། ཅིའི་ཕྱིར་རྒྱུན་དུ་ཞུགས་པས་ཀུན་དུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་ལམ་བསྒོམ་པར་བྱ། ལན་ཅིག་ཕྱིར་འོང་བ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་བསྲབས་པའི་ཕྱིར་ལམ་བསྒོམ་པར་བྱ། ཕྱིར་མི་འོང་བས་ནི་འོག་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤང་བའི་ཕྱིར་ལམ་བསྒོམ་པར་བྱ། དགྲ་བཅོམ་པས་ནི་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤང་བའི་ཕྱིར་ལམ་བསྒོམ་པར་བྱ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པས་ནི་རང་བྱང་ཆུབ་ཀྱི་དོན་ལམ་བསྒོམ་པར་བྱ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་དུ་ད་ལྟར་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་ཅིང་དཀའ་བའི་སྤྱད་པ་སྤྱོད། ཅིའི་ཕྱིར་ན་དེ་བཞིན་གཤེགས་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས། ཅིའི་ཕྱིར་དེ་བཞིན་གཤེགས་པས་ནི་ཆོས་ཀྱི་འཁོར་ལོ་བསྐོར། དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་ཆོས་མ་སྐྱེས་པ་ལ་ཐོབ་པའམ་མངོན་པར་རྟོགས་པར་མི་འདོད་དོ། །བདག་ནི་མ་སྐྱེས་པ་ལ་རྒྱུན་དུ་ཞུགས་པ་མི་འདོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མི་འདོད་དོ། །མ་སྐྱེས་པ་ལ་ལན་ཅིག་ཕྱིར་འོང་བ་མི་འདོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མི་འདོད་དོ། །མ་སྐྱེས་པ་ལ་ཕྱིར་མི་འོང་བ་མི་འདོད་དོ། །ཕྱིར་མི་འོང་བའི་འབྲས་བུ་མི་འདོད་དོ། །མ་སྐྱེས་པ་ལ་དགྲ་བཅོམ་པ་མི་འདོད་དོ། །དགྲ་བཅོམ་པའི་འབྲས་བུ་མི་འདོད་དོ། །མ་སྐྱེས་པ་ལ་རང་སངས་རྒྱས་མི་འདོད་དོ། །རང་སངས་རྒྱས་ཉིད་མི་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དཀའ་བ་སྤྱད་པ་སྤྱོད་པར་མི་འདོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་


DTG082_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བའི་འདུ་ཤེས་ཀྱིས་སྤྱོད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་སྡུག་བསྔལ་གྱི་འདུ་ཤེས་ལ་གནས་པས་ནི་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་དོན་བྱ་བར་མི་ནུས་ཀྱི། ཚེ་དང་ལྡན་པ་ཤཱ་རིའི་བུ་འོན་ཀྱང་སེམས་ཅན་ཐམས་ཅད་ལ་མར་འདུ་ཤེས་བསྐྱེད་པ་དང༌། ཕར་འདུ་ཤེས་བསྐྱེད་པ་དང༌། བདག་ཏུ་འདུ་ཤེས་བསྐྱེད་པ་དང༌། བུར་འདུ་ཤེས་བསྐྱེད་པས་སེམས་ཅན་གཞལ་དུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་དོན་བྱ་བར་ནུས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་སེམས་བསྐྱེད་དོ། །ཇི་ལྟར་བདག་བདག་ཅེས་བརྗོད་ཀྱང་དེ་ནི་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་ཅིང་མི་དམིགས་པ་དེ་བཞིན་དུ་ཕྱི་ནང་གི་ཆོས་རྣམས་ལ་ཡང་འདུ་ཤེས་བསྐྱེད་དེ། དེ་ལྟར་འདུ་ཤེས་བསྐྱེད་ཀྱང་དཀའ་བའི་འདུ་ཤེས་མི་བསྐྱེད་དེ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་གང་ཡང་མི་ལེན་མི་དམིགས་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་མ་སྐྱེས་པ་ལ་དེ་བཞིན་གཤེགས་པ་མི་འདོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མི་འདོད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཡང་མི་འདོད་དོ། །ཆོས་མ་སྐྱེས་པས་ཐོབ་པ་མ་སྐྱེས་པ་ཐོབ་པར་ཡང་མི་འདོད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་སྐྱེས་པ་ཐོབ་པའམ། འོན་ཏེ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་མ་སྐྱེས་པ་ཐོབ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་སྐྱེས་པའི་ཆོས་ཀྱིས་ཐོབ་པ་མ་སྐྱེས་པ་ཐོབ་པར་ཡང་མི་འདོད་ལ། མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་སྐྱེས་པ་ཐོབ་པར་ཡང་མི་འདོད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་འོ་ན་ཐོབ་པ་མེད་ལ་མངོན་པར་རྟོགས་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་ཡང་ཡོད། མངོན་པར་རྟོགས་པ་ཡང་ཡོད་དེ། གཉིས་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པའམ། མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་གདགས་པའོ། །རྒྱུན་དུ་ཞུགས་པའམ།


DTG082_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའམ། སངས་རྒྱས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་གདགས་པ་སྟེ། དོན་དམ་པར་ནི་ཐོབ་པའམ། མངོན་པར་རྟོགས་པའམ། རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའམ། སངས་རྒྱས་ཀྱང་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་སྨྲ་བར་ནུས་སམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་མ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་སྨྲ་བར་སྤོབས་སམ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ལ་ནི་ཆོས་མ་སྐྱེས་པ་ཡང་སྨྲ་བའི་སྤོབས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མ་སྐྱེས་པའི་ཆོས་གང་ཡིན་པ་དང༌། སྤོབས་པ་གང་ཡིན་པ་དང༌། སྨྲ་བ་གང་ཡིན་པ་དང༌། མ་སྐྱེས་པ་གང་ཡིན་པའི་ཆོས་འདི་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་གཟུགས་ཅན་མ་ཡིན་ཞིང་བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ་མཚན་ཉིད་མེད་པའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སྨྲ་བ་ཡང་སྐྱེ་བ་མེད་པ། སྤོབས་པ་ཡང་སྐྱེ་བ་མེད་པ། ཆོས་ཀྱང་སྐྱེ་བ་མེད་པ་གང་ལས་བརྩམས་ཏེ་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། སྨྲ་བ་ནི་སྐྱེ་བ་མེད་དོ། །སྤོབས་པ་ནི་སྐྱེ་བ་མེད་དོ། །ཆོས་ནི་སྐྱེ་བ་མེད་དོ། །གང་ལས་བརྩམས་ནས་སྨྲ་བར་སྤོབས་པར་སྐྱེ་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་སྐྱེ་བ་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་སྐྱེ་བ་མེད་དོ། །དེ་བཞིན་དུ་སོ་སོ་བ་དང༌། བསྡུས་པའི་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌།


DTG082_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྣམས་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་སྐྱེ་བ་མེད་དོ། །རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཐམས་ཅད་ཤེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་བ་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་དེ་བཞིན་ཏེ། སྨྲ་བ་ནི་སྐྱེ་བ་མེད་དོ། །སྤོབས་པ་ནི་སྐྱེ་བ་མེད་དོ། །ཆོས་ནི་སྐྱེ་བ་མེད་དོ། །གང་ལས་བརྩམས་ནས་སྨྲ་བར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་དོ། །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནས་དེ་བཞིན་དུ་སྦྱར་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྐྱེ་བ་མེད་དོ། །དེ་ལྟར་ན་འཇིག་རྟེན་གྱི་ཐ་སྙད་དུ་འགྲོ་བ་ལྔ་པོ་རྣམས་ཐ་དད་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཐོབ་པ་དང༌། མངོན་པར་རྟོགས་པར་བྱ་བ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི། དོན་དམ་པར་ནི་མ་ཡིན་ནམ། སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཐོབ་པ་དང༌། མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་དོན་དམ་པར་ནི་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད། སྐྱེ་བ་ཡང་མེད། འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་རམ། འོན་ཏེ་སྐྱེས་པའི་ཆོས་སྐྱེ་བར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་མ་སྐྱེས་པའི་ཆོས་ཀྱང་སྐྱེ་བར་མི་འདོད་དོ། །སྐྱེས་པའི་ཆོས་ཀྱང་སྐྱེ་བར་མི་འདོད་དོ།། །།