ཚངས་པའི་རིག་བྱེད་རྒྱ་མཚོའི་ཡན་ལག་འཛིན་པ་གཡོ་བ་ཅན་ཞེས་བྱ་བ།
ཀུན་ཕན་བདུད་རྩི་སྦྱིན།


DTG211_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

པྲཧྨ་བཻ་དཱ་སཱ་རཱཾ་ག་དྷཱ་ར་ཙར་ཀ་ནཱ་མཱ་དི་བི་ཛ་ཧཱ་ར། རྒྱ་གར་སྐད་དུ། བྲཧྨ་བེ་ད་སཱ་རཱཾ་ག་དྷ་ར་ཙ་ར་ཀ་ནཱ་མ། བོད་སྐད་དུ། ཚངས་པའི་རིག་བྱེད་རྒྱ་མཚོའི་ཚངས་པའི་རིག་བྱེད་རྒྱ་མཚོའི་ཡན་ལག་འཛིན་པ་གཡོ་བ་ཅན་སོགས་བཞུགས་སོ། །ཡན་ལག་འཛིན་པ་གཡོ་བ་ཅན་ཞེས་བྱ་བ། བཅོམ་ལྡན་འདས་མ་ཚངས་པའི་བུ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོའི་ཚེའི་རིག་བྱེད་རྒྱ་མཚོ་ལྟ་བུ་ལས་སྙིང་པོར་ཕྱུང་བ་འདི་ལ། ནད་ཀྱི་བརྟག་པ། ངོས་འཛིན། གསོ་ཐབས་སོགས་རིམ་པར་བསྟན་པ་ལས། ཐོག་མར་རྩ་ལ་བརྟག་པ་ནི། ནད་པ་སྐྱེས་པའི་ལག་པ་གཡས་དང་བུད་མེད་ཀྱི་གཡོན། མཐེ་བོང་རུས་འབུར་འོག་ནས་སོར་གང་བོར་བའི་ས་ནས་མཛུབ་མོ་གསུམ་གྱིས་མནན་པའི་དང་པོའི་འོག་མཁྲིས་པའི་ས། གཉིས་པ་བད་ཀན། གསུམ་པ་རླུང་གི་ས་ཡིན་ལ། དེ་ལ་ལེགས་པར་བརྟག་སྟེ། དེ་འང་མཁྲིས་པའི་རྩ་ནི་བྱ་རོག །ཁྲུང་ཁྲུང༌། སྦལ་པ་གསུམ་གྱི་འགྲོས་དང་འདྲ་སྟེ་འཕར་ཞིང་མཆོང་བའི་ཚུལ་ཅན་ནོ། །བད་ཀན་གྱི་རྩ་ནི་དང་པ། རྨ་བྱ། ཕུག་རོན་གསུམ་གྱི་འགྲོས་དང་འདྲ་སྟེ་སྦོམ་ཞིང་དལ་བའི་ཚུལ་ཅན་ནོ། །རླུང་གི་རྩ་ནི་སྦྲུལ་དང་ཛ་ལུ་ཀའི་འགྲོས་ལྟ་བུ་སྟེ་འཁྱོག་ལ་བེལ་བའི་ཚུལ་ཅན་ནོ། །འདུས་པའི་ནད་ཀྱི་རྩ་ནི་མཐིང་རིལ་གྱི་འགྲོས་དང་འདྲ་སྟེ་མྱུར་ལ་དྲག་པར་འཕར་ཞིང་སྡོད་ལ། དེ་རྣམས་མ་ནོར་བར་ཞིབ་ཏུ་བརྟག་པ་གཅེས་སོ། །ནད་དེ་རྣམས་སློང་བའི་དུས་དང་རྐྱེན་ནི། དེ་འང་མཁྲིས་པའི་ནད་ནི་དུས་ཐ་སྐར། སྨིན་དྲུག་ས་ག །སྣྲོན་གྱི་ཟླ་བ་རྣམས་ལ་ལྡང་ལ། རྐྱེན་ཟས་རོ་ཁ་བ་ཟོས་པ། མེ་དང་ཉི་མ་ཚ་སར་བསྡད་ཅིང་ཕྱིན་པ། དྲག་ཤུལ། སེམས་ཁྲོས་པ། ཆང་བཏུངས་ནས་མེ་དང་ཉི་མར་བསྡད་པ་སོགས་ཀྱིས་སློང༌། བད་ཀན་ལྡང་བའི་དུས་ནི། དབོ་དང་ནག་པའི་ཟླ་བ་ཡིན་ལ། ཟས་


DTG211_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མངར་བ། ཚྭ། ཞོ། །འོ་མ། ཤིང་ཏོག །ཆུ་མང་དུ་བཏུངས་པ། ཉིན་མོ་ཉལ་བ་རྣམས་ཀྱིས་སློང་ངོ༌། །རླུང་ནད་ལྡང་བའི་དུས་ནི། མགོ །རྒྱལ། མཆུ། མཆུ་སྟོད། གྲོ་བཞིན། ཁྲུམས་སྟོད་ཀྱི་ཟླ་བ་རྣམས་ལ་ལྡང་ལ། རྐྱེན་ནི་ཟས་བཅུད་མེད་པ་ཟོས་པ། གཉིད་ཆག་པ། གླུ་དབྱངས་སོགས་སྐད་ཆེན་པོ་བཏོན་པ། ལུས་འཁྱགས་པ། སེམས་མི་བདེ་བ་སོགས་ཀྱིས་སློང་ངོ༌། །མཁྲིས་པའི་ནད་ལངས་པའི་རྟགས་ནི་ལུད་དྲོད་ཆེ་ཞིང་ཁོལ་བུར་ན། ཁ་སྐོམ་ཞིང་རོ་ཁ། སྐོམ་དད་ཆེ་བ་སོགས་འབྱུང་ལ། བད་ཀན་གྱི་ནད་ལངས་པའི་རྟགས་ནི། ལེ་ལོ་ཆེ། གློ་སློང༌། ལུད་བ་ལུ། ཁའི་རོ་མངར། དང་ཁ་མི་བདེ། བྲང་ཚ། སྦོས་འཁྲོག་སོགས་འོང་ལ། རླུང་ནད་ལངས་པའི་རྟགས་ནི། སེམས་འཕྱོ། །ལུས་འདར། མཚོགས་མ་དྲོད་ཆེ་ཞིང་ལུས་བྱིང་དྲོད་ཆུང༌། འདུག་སར་མི་ཚུགས་པ་སོགས་འབྱུང་ངོ༌། །འཚོ་བ་དང་མི་འཚོ་བའི་མཚན་ཉིད་བརྟག་པ་ནི། ལྟེ་བ། རྐང་ལག་བཞིའི་མཐི་ལ། སྣ་རྣམས་དྲོད་དང་ལྡན་པ་དང༌། སྣས་དྲི་བཟང་ངན་ཐམས་ཅད་ཚོར་ཞིང་ཟས་རོ་དང་ལྡན་ལ། གཉིད་བདེ་ཞིང་ཟ་ཟི་མེད་པ་སེམས་བདེ་བ་སོགས་བྱུང་ན་ངེས་པར་འཚོ་བས། རྟགས་དེ་རྣམས་དང་ལྡན་ན་སྨན་གྱིས་བཅོས་པར་བྱ། དེ་ལས་ལྡོག་ཅིང་ཁྱད་པར་ཉེ་བའི་རྟགས། རླུང་གི་གནས་ལྟེ་བ། མཁྲིས་པའི་གནས་མཆིན་པ། བད་ཀན་གྱི་གནས་བྲང་རྣམས་ཡིན་ལ། རླུང་མཁྲིས་པའི་གནས་སུ་འཕོས་པས་ལྟེ་བར་དྲོད་མེད། མཁྲིས་པ་བད་ཀན་གྱི་གནས་སུ་འཕོས་པས་དེའི་རྐྱེན་གྱིས་བད་ཀན་ཨོ་སྟོང་དུ་འཕོ་ནས་ཕྱི་དབུགས་ནང་དུ་མི་འགྲོ། །མཚན་ཉིད་དེ་དག་དང་ལྡན་ན་མྱུར་དུ་འཆི་བས་སྨན་དཔྱད་ལ་སོགས་པ་བོར་ཏེ་དགེ་བའི་ལས་ལ་འབད་པར་བྱའོ། །ཡང་འཚོ་འཆི་བརྟག་ཐབས་ཀྱི་མན་ངག་ལ། སྣོད་གཙང་མར་ཆུ་བླུག །དེའི་སྟེང་དུ་མར་དང་སྣུམ་བསྲེས་པ་བསྐོལ་ནས་བསྒྲངས་པ་བླུག་སྟེ་ལེགས་པར་དཀྲུགས་ལ། དེའི་ནང་དུ་ནད་པའི་གཟུགས་འཆར་དུ་བཅུག་སྟེ་བལྟས་པས་ལུས་བྱིངས་


DTG211_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གྲིབ་མ་ཤར་ཀྱང་མགོ་བོའི་གྲིབ་མ་མེད་ན་མྱུར་དུ་འཆི་ཞིང༌། ལུས་ཚང་མའི་གྲིབ་མ་འདུག་ན་ངེས་པར་འཚོ་བར་འགྱུར་རོ། །དེ་ལྟར་ལེགས་པར་བརྟགས་ནས། ནད་དེ་རྣམས་ཞི་བར་བྱེད་པའི་སྨན་གྱི་སྦྱོར་བ་བསྟན་པ་ནི། ཚད་པ་སྤྱི་འཇོམས་ལེགས་འཛིན་གྲུབ་པ་ཆུང་བའི་སྦྱོར་བ་ནི། ཤུཎྛི། རིངྒ་ནི། པཱུ་ཧ་ཀ་ར་མཱུ་ལ། ཀ་ཀ་ར་སིངྒི། ཀ་ཊ་ཀི། ཀ་ཙུ་ར། བྷ་བ་ནེ་ཋི། གུརྩ། ཨ་མྦ་ལ། ཧ་ལ་དྷི། པི་པྤ་ལ། མ་རི་ཙི། ཀ་ལ་ཨུཉྫི། པི་ཏ་བ་པ་ར། པྲ་ཏྲ་ཛ། ཨ་ག་ར། ཛ་བས། ཀུཥྚ། བ་ལ་ལོ་ཙ་ཎ། ཏ་ཛ། ཨ་ཏི་ས། དེ་བ་ད་རུ། ལྒ་ན་ག་ར་མོ་ཐ། པ་ཊོ་ལ། ཁམས་ཀྱི་རུ་རྟ། ཨ་ཛ་ཝ་ནི། ཙི་ཏ། པིཔྤ་ལ་མུ་ལ་སྨ་རུ་མགོ་ནག་གི་ཤིང་ལི་ཁྲི་སྐྱུ་རུ་ར་ལྒ་སེར་དྲོད་སྨན་ཕོ་རིས་རྣམས་ཆ་མཉམ་པ་ཉག་གང་དང༌། ཙི་ར་ཡི་ཏ་ཨ་ཀ་རུ་སྤོར་དོ་བཅས་ཤ་ཕོ་རུ་རྟ་ཞིབ་པར་བཏགས་ཤིང་ཚ ལ་ཐུན་ཚད་ཤུག་པ་ཆེ་ཕྱོགས་ཙམ་མ་ནུ་གླ་སྒང་རེ་ཆུ་གྲང་གིས་རྟ་ལ་ལ་ཕུད་པི་པི་ལིང་གི་རྩ་བ་བྱས་བཏང་བས་མཁྲིས་ཚད། རླུང་ཚད། བད་ཀན་ལ་བརྟེན་པའི་ཚད་པ། འཁྲུགས་ཚད། འགྲམས་ཚད། རིམས་ཚད་སོགས་ཚད་པ་གསར་རྙིང་ཐམས་ཅད་ཞི་བར་བྱེད་ཅིང༌། གཞན་ཡང་སྐྱ་སྦབ། གྲང་རླུང༌། མིག་སེར། དབུགས་མི་བདེ་བ་རྣམས་ལ་ཕན་ནོ། །རིམས་འཕྲོག་ལྕགས་ཀྱུ་ཆེན་མོའི་སྦྱོར་བ་ནི། ཤུཎྛི། མ་རི་ཙི། པིཔྤ་ལ་གསུམ་ཞོ་བརྒྱད་རེ། ཀནད་ཀ །བི་ཥ། པ་ར་གསུམ་ཞོ་དོ་རེ་རྣམས་ཞིབ་པར་བཏགས་ལ། དྷ་དཱུ་ར། བཱངྐ། སྒ་རློན་པ་རྣམས་ཀྱི་ཁུ་བས་འདམ་བཏགས་ལེགས་པར་བྱས་ནས་རིལ་བུ་སྲན་མ་ཆེ་ཤོས་ཙམ་རེ་སྒྲིལ་ལ་སྒའི་ཁུ་བས་རྟ་བྱས་ཏེ་རིལ་ལྒ་ཕོ་རིས་དྲོད་སྨན་བུ་རེ་བཏང་བས་རླུང༌། མུ་ཟི་སེར་པོ་སྨན་ཆེན་དངུལ་ཆུ་མཁྲིས་པ། བད་ཀན། ཚད་པ། ཐང་ཕྲོམ སོ་མེ་ར་ཙ། གསར་རྙིང་ས། རིམས་དྲག་པོ། རིམས་ཉིན་གཅིག་པ། རིམས་ཉིན་གཉིས་པ། རིམས་ཉིན་གསུམ་པ། རིམས་ཉིན་བཞི་པ། རྟག་པའི་རིམས། མ་འཇུ་བ་རྣམས་ལ་མཆོག་ཏུ་ཕན་ནོ། །རིམས་འཕྲོག་ལྕགས་ཀྱུ་གྲུབ་པའི་སྦྱོར་བ་ནི། ཤངྒ་བྷ་དུད་ཐལ


DTG211_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྨ་དང་ཧ་རི་ཏ་ལ་གཉིས་ཞོ་བརྒྱད་རེ། ནཱི་ལ་ཐོ་ཐ་ཞོ་དོ། །གི་པ་ཀོ་ཊི་ཞོ་གསུམ་རྣམས་ཞིབ་པར་བཏགས་པ་སླར་ཡང་གི་བ་ཀོ་ཊའི་ཁུ་བས་འདམ་བཏགས་བྱས་ནས་བགངས། དེ་རྫ་སྣོད་གསར་པར་བླུག་སྟེ་ཁ་ལེགས་པར་བཅད་ནས་རླུང་མི་འཆར་བ་བྱས། དེ་ས་དོང་ཁྲུ་དོ་གྲུ་བ་བླ་བཞི་གཏིང་ལའང་བིག་པ་ན་ཁྲུ་དོ་ཡོད་པ་ཞིག་བྲུས་ལ་གཅི་བས་བཀང་བའི་དཀྱིལ་ཚད་དུ་བཅུག་པར་མེ་སྦར་ཏེ་མེ་ཤི་ནས་གྲང་ཐག་མ་ཆོད་པར་བཞག །དེ་ནས་བཏོན་ལ་དམའ་རུ་མགོ་ནག་རེ་ཙམ་རེ་བྱེ་དཀར་ཐུན་ཚད་ཙམ་རེ་དང་མཉམ་དུ་བཏང་ན་ཚད་པའི་རིགས་གསར་རྙིངས་གང་ལའང་ཕན་ངེས་ཤིང༌། གཞན་ཡང་ནད་ཀྱི་རིགས་ཚ་གྲང་གསར་རྙིང་ཐམས་ཅད་ལ་ཕན་པས་སྤྱི་འཇོམས་ཆེན་མོའོ། །རླུང་མཁྲིས་བད་ཀན་གསུམ་ཀ་འདོམ་པའི་ཚད་པས་དྲག་ཏུ་ན་ན། པིཔྤ་ལ། མ་ཎི་སི་ལ། ནིམྦ་ཕ་ལ་གསུམ་ཆ་མཉམ་ཞིབ་པར་བཏགས་ལ། ཀ་རེ་ལིའི་ཁུ་བས་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་ལ་ཆུ་གྲང་དང་མཉམ་དུ་བཏང་བས་མྱུར་དུ་ཞི་བར་འགྱུར་རོ། །མཁྲིས་ཚད་ཀྱིས་ན་ན། པི་ཏ་པ་པ་ར་ཞོ་གང་ཞིབ་པར་བཏགས་ལ། ཆུ་ཅུང་ཟད་དྲོད་སྨན་མ་ཎི་ཚ་ལ་ལྡོང་རོས་ནིམྦའི་འབྲས་བུ་བླུག་སྟེ་འདམ་བཏགས་བྱས། དེ་སླར་ཆུ་གྲང་ཕུལ་གང་ཙམ་ལ་སྦྱངས་ནས་བཏུངས་ན་མྱུར་དུ་ཕན་པར་འགྱུར་རོ། །ཡང་མཁྲིས་ཚད་ལ། བ་ལ་ལོ་ཙ་ན། ན་ག་ར་མོ་ཐ། ཙན་དན་དཀར་པོ། །པི་ཏ་པ་པ་ར། ཤུཎྛི། ཀ་ཏ་ར་ཀི་ཛ་ར་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་བོད་ཀྱི་ཐུན་ཚད་ཆེ་ཕྱོགས་ཙམ་ཆུ་གྲང་གིས་རྟ་བྱས་བཏང་བས་ཕན་པར་འགྱུར་རོ། །བད་ཀན་གྱི་ཚད་པས་ན་ན། ཤུཎྛི། མ་རི་ཙི། ཀ་ཡི་ཕ་ར། པིཔྤ་ལ་རྣམས་མ་ནུ་གླ་སྒང་ཆ་མཉམ་ཞིབ་པར་བཏགས་ལ། ལྒ་བ་ལའི་རྩ་བ་ཆུ་གྲང་གིས་རྟ་བྱས་སྣ་བུག་ཏུ་བླུག་ན་ཕན་ནོ། །རླུང་ཚད་ཀྱིས་ན་ན། ཤུཎྛི། ༌༌༌ལྒ་པཉྩ།༌༌༌ཁ་རུ་ཚ་པིཔྤ་ལ།༌༌༌དྲོད་སྨན། མ་རི་ཙི། ༌༌༌ཕོ་རིས་ལྒ་ཕོ་རིས་ཙི་ར་ཡི་ཏ།༌༌༌ཏིག་ཏ་དྲོད་སྨནཀ་ཊ་ཀི། ཧ་རི་ཏ་༌༌༌ཨ་རུ་ར་ཀ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་བོད་ཀྱི་ཐུན་


DTG211_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཆེ་ཤོས་ཙམ་རེ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕན་པར་འགྱུར་རོ། །མ་འཇུ་བའི་ཚད་པས་ན་ན། ཨ་ཛ་མོ་དྷ། ཧ་རི་ཏ། སཉྩ་ར་ལོ་ཎ་གསུམ་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཆེ་ཤོས་ཙམ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕན་པར་འགྱུར་རོ། །འཁྲུགས་ཚད་ཀྱིས་ན་ན། ཏིལ་མར་གྱི་སྣུམ་གྱིས་བསྐུ་མཉེ་ལེགས་པར་བྱས་ལ། དེ་རྗེས་ཆུ་དྲོན་མོས་ལ་ལ་ཕུད་ཆུང་བ་ཨ་རུ་ར་ཁ་རུ་ཚྭ་ལུས་བཀྲུས་ཏེ་གོས་འཐུག་པོས་བྱིབས་ནས་ཅུང་ཟད་ཅིག་བཞག་ན་ཕན་ནོ། །མཐོང་ཚད་ཀྱིས་ན་ན། པིཔྤ་ལ།༌༌༌དྲོད་སྨན མ་རི་ཙི། ཙ་ར་ཡི་ཏ། ཤུཎྛི། ཧིངྒུ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཆེ་ཕྱོགས་ཙམ་ཆུ་གྲང་གིས་རྟ་བྱས་བཏང་བས་ཕན་པར་འགྱུར་རོ། །འདུས་ཚད་ཀྱིས་ན་ན། འདིའི་ནད་རྟགས་ལུས་བྱིང་དྲོད་མེད་ལ་མིག་དྲོད་ཤིན་ཏུ་ཆེ་ཤིང་མགོ་བོ་དང་མིག་ལ་ཟུག་ཁོལ་བུར་ལྡང་བ་ཞིག་ཡོད་གསུང་སིངྒ་ར་ཕེ། ཕོ་རིས་ཏིག་ཏ་ལྒ་ཤིང་ཀུན་མེར་བསྲེགས་པ། མ་རི་ཙི། པིཔྤ་ལ། པི་ཥ། སྭཱངྒ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་སྒའི་ཁུ་བས་རིལ་བུ་དམའ་རུ་མགོ་ན་གཙམ་སྒྲིལ་བ་བཏང་བས་ཕན་ཞིང༌། གཞན་ཡང་རླུང་གི་ནད་གྲང་བ། ཡན་ལག་ཞ་གྲུམ་སོགས་རྒྱ་མཚལ ལའང་ཕན་ནོ། །ཡང་འདུས་པའི་ནད་ལ། ཡིད་བཞིན་ཕོ་རིས་དྲོད་སྨན་སྨན་ཆེན་ཚ་པ་ནོར་བུའི་བཅུད་ཀྱི་སྦྱོར་བ་ནི། གནྡྷ་ཀ །པ་ར། མ་རི་ཙི། ཤྭེ་ཏ་ཛི་ར། ཀ་ལ་ཛི་ར། སེནྡྷ། ལོ་ཎ། སཉྩ་ལོ་ཎ། སཾ་བ་རི་ལོ་ཎ། ཁ་རི་ལོ་ཎ་རིགས་གཉིས། ས་ཛི་ཁ་ར། ཡ་བ་ཁ་ར། ས་མུ་དྲ་ཁ་ར། བི་ཥ། ཨ་ཝ་ར་ཀ །ཤུཎྛི་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་པཱ་ནིའི་ཁུ་བས་རིལ་མུ་ཟི་སེར་པོ་དངུལ་ཆུ་ཕོ་རིས་ཟི་ར་དཀར་པོ་ཟི་ར་ནག་པོ་རྒྱམ་ཚྭ་ཁ་རུ་ཚྭ་ལན་ཚྭ་ཝ་ཚྭ་རིགས་གཉིས་བུ་སྲན་མ་ཙམ་བསྒྲིལ་ཏེ་ཟི་ཚྭ་བྱི་ཚེར་བ་བཏང་བས་ཞི་བར་སྨན་ཆེན་ལྷང་ཚེར་ལྒ་འགྱུར་ཞིང༌། སྦོས་ཁྲོག །ཁྲག་འགྲིམ་པ་རྣམས་ལ་ཡང་ཕན་ནོ། །ཡང་འདུས་ནད་ཀྱི་སྨན་ལ། མ་རི་ཙི།༌༌༌ཕོ་རིས་པིཔྤ་ལ།༌༌༌དྲོད་སྨན་ཤུཎྛི།༌༌༌ལྒ་བི་ཥ། སྨན་ཆེན་གནྡྷ་ཀ།༌༌༌མུ་ཟི་སེར་པོ་པ་ར་༌༌༌དངུལ་ཆུ


DTG211_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཆ་མཉམ་ཞིབ་པར་བཏགས་ལ་རས་ལ་བཙགས། དེ་ནས་རྡོ་གཞོང་ནང་དུ་ཐང་ཕྲོམ་གྱི་ཁུ་བས་གར་སླ་ཞོ་ཙམ་བྱས་པ་མ་སྐམ་བར་ཉེད། སླར་ཡང་གོང་བཞིན་ཉིན་གསུམ་གྱི་བར་མཚམས་མཆད་པར་བྱས་ལ། དེ་ནས་རིལ་བུ་དམའ་རུ་མགོ་ནག་ཙམ་བྱས་ལ་ཐོ་རངས་རིལ་བུ་རེ་བཏང་བས་ཕན་ཞིང༌། གཞན་ཡང་བད་ཀན། གྲང་རླུང༌། རུས་པ་ཁོལ་བུར་ན་བ། དང་ཁ་མི་བདེ་བ་རྣམས་ལ་ཕན་ནོ། །ཡང་དྷཱ་ནི། ན་ག་ར་མོ་ཐ། ཙི་ར་ཡི་ཏ། ཀུཥྛ། ཨིནྡྲ་ཡ་བ། དེ་ཝ་ད་རུ། ཤུཎྛ། ག་ཛ་པིཔྤ་ལ་རྣམས་ཆ་མཉམ་ཞིབ་རྩིང་དང་ཐུན་ཚད་བོད་ཀྱི་ཐང་ཙམ་ཆུ་ཕུལ་བརྒྱད་ལ་བཏབ་ནས་ཆུ་ཆ་བདུན་ཨ་བསྐམ་པར་སྐོལ་ལ། དེ་ནས་དྲོ་འཇམ་ཙམ་ལ་བཏུངས་བས་འདུས་པའི་ནད། འུ་སུ་མ་ཞུ་གླ་སྒང་ཏིག་ཏ་ཤ་ཕོ་རུ་རྟ་དུག་མོ་ཉུང་ཤུག་པ་ལྒ་ཀོང་པོ་ན་ཡོད་པའི་དྲོད་སྨན འདུས་ཚད། ཨིག་གུའི་སྐྱིགས་བུ། སྐྱུག་པ། སྟོད་དུ་འཚངས་པ་རྣམས་ལ་ཕན་ནོ། །ཏྲི་ཀོ་ཊ། ཏྲི་ཕ་ལ། ཧི་ངྒུ། བ་ཙཱ། སེནྡྷ་ལོ་ཎ། ཀུཥྛ། ས་རི་སོཾ། །སི་ར་ས་ཕ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་རའི་ཆུས་ཁུ་བ་བྱས་ནས་སླར་ཡང་བརྡར་ཏེ་མིག་ལ་བྱུགས་ན། མིག་གི་ནད། སེམས་གཡོ་ཞིང་འཁྲུག་པ། མིག་རབ་རིབ། ཚ་བ་གསུམ་འབྲས་བུ་གསུམ་ཤིང་ཀུན་ཤུ་དག་རྒྱམ་ཚ་ཤ་ཕོ་རུ་རྟ་པང་ཁང་འི་འབྲུའི་འབྲུ་མཚན་མོ་གཉིད་མི་ཡོང་བ་རྣམས་ལ་ཕན་ཞིང་འདྲེ་གདོན་གྱི་གནོད་པའང་ཐུབ་བོ། །ཀུཥྛ། ལ་ཝངྒ། པིཔྤ་ལ། ཨ་ཀ་ར་ཀ་ར་ཧ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་སྒའི་ཁུ་བས་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་ལ་བཏང་བས། བད་ཀན། འདུས་པ། མགོ་བོ་ན་བ། སྡང་པ་རྣམས་ལ་ཕན་ནོ། །རྒྱུ་ཚད་ཀྱིས་ན་ཞིང་ཁྲག་འགྲིམ་པ་སོགས་ལ་མཆོག་ཤ་ཕོ་རུ་རྟ་ལི་ཤི་དྲོད་སྨན་ཏུ་ཕན་ནོ། ལི་ལ་བ་ཏི་བ་ཊའི་སྦྱོར་བ་ནི། མ་རི་ཙི།༌༌༌ཕོ་རིས་མསྟ་ཀི། ད་ཌི་མ།༌༌༌སེ་འབྲུ་ཝཾ་ཤ་ལོ་ཙ་ན།༌༌༌ཅུ་གང་ཨམྦ།༌༌༌ཨན་འབྲས་ལོ་ད། མ་ར་ཧ་ཋི། དྷ་ཏྲི། དྷ་བ་ཀ་ཕུ་ལ།༌༌༌སྣ་བ་ཀའི་མེ་ཏོགམ་ཛུ་ཕ་ལ།༌༌༌མ་ཛུའི་འབྲུ


DTG211_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སིམྦ་རི། ཀུཥྛ། ཛ་ཡི་ཕ་ལ། བ་བུ་ར་ཀ་བ་ལ། ཁ་ཡི་ར། ཀོ་ཧ་ཌ་ཀ་བི་ཛ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་རས་ལ་བཙགས་ཏེ་ཐུན་ཚད་ཆེ་ཕྱོགས་ཙམ་བོ་སྟ་ཀའི་ཁུ་བས་རྟ་བྱས་བཏང་བས་ཕན་ཞིང༌། སྨན་གཏོང་རིང་ཟས་སྤྱོད་འབྲས་ཟན་བའི་དར་བ་དང་མ་ནུ་རྟ་རྐང་ཤ་ཕོ་རུ་རྟ་ཛཱ་ཏི་བ་བུ་རའི་འབྲུ་རྒྱ་གར་སྟོད་ཇ་ཀོ་ཧ་ཌའི་འབྲུ་མཉམ་དུ་ཅུང་ཟད་རེ་བཏང༌། གཞན་མ་བཟའ་བཏུང་གི་རིགས་མི་གཏོང༌། རྒྱུ་ཚད་སྤྱི་འཇོམས་ཧ་ལོ་བྲི་དྡྷ་གཾ་གཱ་དྷ་རའི་སྦྱོར་བ་ནི། ན་ག་ར་མོ་ཐ། ཤུཎྛི། ཨ་ར་ལུ། དྷ་བ་ཀ་ཕུ་ལ། བེ་ལ། ཨ་ཏི་ས། མོ་ཙ་རཱ་ས། ལོ་དྷ། ལ་ཛ་རུ། ཨམྦ། ཀ་བི་ཛ། ཀུཎྛ། ཨིནྡྲ་ཡ་བ། བ་ལ་ལོ་ཙ་ན་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཆེ་ཕྱོགས་རེ་འབྲས་སྐམ་པོ་འཕེལ་བའམ་ཀ་འཛིན་མ་ནུ་གླ་སྒང་ལྒ་བཀྲུས་པའི་ཆུ་ཕུལ་དྷ་བའི་མེ་ཏོག་བིལ་བ་མ་ནུ་རྟ་རྐང་གི་ཐང་ཆུ་ཕྱེད་སྦྲང་པ་རུ་ར་ཙམ་རེ་དང་མཉམ་དུ་བཏང་བས་ཨམ་འབྲས་ཤ་ཕོ་རུ་རྟ་དུག་མོ་ཉུང་འཁྲུ་བ་ཆོད་ཅིང་མྱུར་དུ་ཕན་པར་འགྱུར་རོ། །ཡང་ལ་གུ་གངྒཱ་དྷ་རའི་སྦྱོར་བ་ནི། ཤུཎྛི། དྷ་བ་ཀ་ཕུ་ལ། མོ་ཙ་ར་ས་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཆེ་ཕྱོགས་ཙམ་རེ་བའི་དར་བ་ཕུལ་ཕྱེད་གྱིས་རྟ་བྱས་བཏང་བས་ཀྱང་ནུས་པ་གོང་དང་འདྲ། ཡང་རྒྱུ་ཚད་གསར་རྙིང་གི་ནད་ལ། ཨམྦི་བི་ཛ། ཛ་ཡེ་ཕ་ལ། བེ་ལ། ཁ་ཡི་ར། གངྒཱ་འཛིན་ཆུད་བ་ལྒ་དྷ་བའི་མེ་ཏོག་མ་ནུ་རྟ་རྒང་གི་ཐང་ཆུ་ཨ་ཕི་མ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་གྲང་དང་སྦྱར་ཏེ་ལྟེ་བའི་མཐའ་སྐོར་དུ་སོར་གསུམ་གྱི་རྒྱ་ཙམ་ལ་བྱུགས་པས་ཀྱང་ཟུགས་གཟེར་ཆག་ཅིང་འཁྲུ་བ་ཆོད་དོ། །ཨམ་འབྲས་ཛཱ་ཏི་བི་ལ་བ་རྒྱ་གར་སྟོད་ཛ་ཡང་རྒྱུ་ཚད་ལ་ན་ག་ར་དྷིའི་ཐང་གི་སྦྱོར་བ་ནི། ཤུཎྛི། ཀུཥྛ། ཨ་ཏི་ས། ཧིངྒུ། ན་ག་ར་མོ་ཐ་རྣམས་ཆ་མཉམ་ཞིབ་རྩིང་དང་ཐུན་ཚད་བོད་ཀྱི་ཐང་ཙམ་ཆུ་ཕུལ་བརྒྱད་ལ་བཏབ་ནས་ཆུ་ཆ་བདུན་མ་སྐམ་པར་སྐོལ་ལ། དེ་ནས་དྲོ་འཇམ་ཙམ་ལ་བཏུངས་པས་ཕན་པར་འགྱུར་རོ། །ཡང་རྒྱུ་ཚད་ཀྱིས་ཁྲག་ཁོ་གྲོང་ཁྱེར་ལས་ལྷག་པ་ལྒ་ཤ་ཕོ་རུ་རྟ་ཤིང་ཀུན་མ་ནུ་གླ་སྒང་ན་འགྲིམ་པ་ལ། བ་ལ་ལོ་ཙ་ན།


DTG211_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཀུཥྛ། ཨ་ཏི་ས། ན་ག་ར་མོ་ཐ། བེ་ལ་རྣམས་ཆ་མཉམ་ཞིབ་རྩིང་དང་ཐུན་ཚད་སོགས་གཏོད་ལུགས་གོང་བཞིན་བྱས་པས་མྱུར་དུ་ཆོད་པར་འགྱུར་རོ། །ཡང༌། ལོ་དྷ། ཨིནྡྲ་ཡ་བ། མོ་ཙ་ར་ས། ན་ག་ར་མོ་ཐ། བེ་ལ། དྷ་བ་ཀ་ཕུ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་པ་བུ་རམ་ཤ་པོ་རུ་རྟ་མ་ནུ་གླ་སྒང་བིལ་བ་གྱིས་རྟ་བྱས་རིལ་བུ་བ་རུ་ར་ཙམ་སྒྲིལ་ལ་བཏང་བས་ཀྱང་ཆོད་དོ། །ཡང་རྒྱུ་ཚད་ཀྱིས་ཁྲག་དང་སེར་པོ་གཉིས་ཀ་འགྲིམས་ན། དུག་ཅེ་སྤྱང་མ་ནུ་རྟ་རྐང་གི་ཐང་ཤིང་མ་ནུ་གླ་སྒང་བིལ་བ་དྷ་བའི་མེ་ཏོག་སེནྡྷ་ལོ་ཎ། སུ་ཉྩ་ལོ་ཎ། ཧིངྒུ། བ་ཙ། ཧ་རཱི་ཏ་ཀཱ། ཨ་ཏི་ས་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཆེ་ཕྱོགས་ཙམ་རེ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་མྱུར་དུ་ཆོད་ཅིང་ཕན་པར་འགྱུར་རོ། །ཕོ་བའི་མེ་དྲོད་ཉམས་ནས་ཟས་གང་ཟོས་ཀྱང་མི་འཇུ་བར་འགྲིམ་ཞིང་སྤོས་ཉམས་རྒྱམ་ཚ་ཁ་རུ་ཚྭ་ཤིང་ཀུན་ཤུ་དག་ཨྤ་བྱེད་པ་ལ། དང་ཁ་མི་བདེ། ལུས་ཤེད་རིམ་བཞིན་ཆག་པའི་ནད་ལ། དྷ་ནི་ཡ། ན་ག་ར་མོ་ཐ། ཤུཎྛ། མཱུ་ལི་ཀ་བི་ཛ་རྣམས་ཆ་མཉམ་གྱི་ཐང་ཚད་དང་བསྡུ་ལུགས་གོང་བཞིན་བཏང་བས་ཕན་པར་འགྱུར་རོ། །ཡང་ན། ན་ག་ར་མོ་ཐ། ཤུཎྛ། ཨ་ཏི་ས། གི་ལོ་ཧི་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཆེ་ཕྱོགས་ཙམ་རེ་ཆུ་སྐོལ་གྱིས་འུ་སུ་མ་ནུ་གླ་སྒང་ལྒ་ལ་ཕུག་གི་འབྲུ་རྟ་བྱས་བཏང་བས་ཀྱང་ཕན་ནོ། །ཡང༌། ལོ་དྷ། པ་ཌྷི། ལ་ཛ་རུ། ན་ག་ར་མོ་ཐ། བེ་མ། ཤུཎྛི། མ་ནུ་གླ་སྒང་ལྒ་དྷ་ནི་ཡ། ཨ་ཏི་ས། གུརྩ། བ་ལ་ལོ་ཙ་ན། ཀུཥྛ། དྷ་བ་ཀ་ཕུལ་རྣམས་ཆ་མཉམ་གྱི་ཐང་ཚད་དང་བསྡུ་ལུགས་གོང་བཞིན་བྱས་བཏང་བས་ཕན་པར་འགྱུར་རོ། །གཞང་འབྲུམ་གྱི་ནད་ལ། མ་རི་ཙི་ཞོ་གང༌། ཤུཎྛི་ཞོ་དོ། མ་ནུ་གླ་སྒང་བིལ་བ་ལྒ་ཙི་ཏ་ཞོ་བརྒྱད། འུ་སུ་ལི་ཁྲི་ལི་ཁྲི་སུ་ར་ཎ་ཞོ་བཅུ་དྲུག་རྣམས་ཞིབ་ཤ་ཕོ་རུ་རྟ་དྷ་བའི་མེ་ཏོག་བར་བཏགས་ལ་རིལ་བུ་སྐྱུ་རུ་ར་ལས་ཆེ་ཙམ་རེ་བཏང་བས་ཕན་ཞིང༌། སྨན་གཏོང་བའི་བར་ལ་རོ་མངར་བ། ཁ་བ། ཕོ་རིས་ལྒ་ལུག་གི་ཤ་རྣམས་མི་ཟའོ། །ཡང༌། ཨ་ར་ལུ།


DTG211_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཙི་ཏ། ཨིནྡྲ་ཡ་བ། ཤུཎྛི། སེནྡྷ་ལོ་ཎ། བེ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཆེ་ཕྱོགས་ཙམ་རེ་བའི་དར་བ་ཕུལ་རེས་རྟ་བྱས་བཏང་ན་ཕན་པར་འགྱུར་རོ། །ཡང་གཞང་འབྲུམ་གྱི་ནད་ཀྱིས་ཁྲག་འཛག་པ་ལ། དཱུ་དི་བ་ཋི་དང་ལ་ཝངྒོ་རྣམས་ཆ་མཉམ་ཞིབ་པར་བཏགས་པ་མང་དུག་མོ་ཉུང་ལྒ་རྒྱམ་ཚྭ་བིལ་བ་ཉུང་ཞོ་བདུན་རེ་ར་ཐུན་རེ་བཅད་པ་བ་མར་བཙག་བཅད་པས་རྟ་བྱས་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བཏང་བས་ངེས་པར་ཕན་ནོ། །མཚན་བར་རྡོལ་བའི་ནད་ལ། ཧ་ལ་དྷི་དང༌། ཨམྦ་ལ་གཉིས་ལི་ཤིཆུའི་ནང་དུ་བརྡར་ལ་གར་སླ་ཞོ་ཙམ་རྨ་ཁར་བྱུགས་ལ་རས་ཀྱིས་ཁེབས་བཀབ་ནས་བཞག་པས་ཕན་པར་འགྱུར་རོ། །ཡང་བི་ལ་ཡི་ཀ་ཧ་ཌ་ཞིབ་པར་བཏགས་པ་འབྲས་བུ་གསུམ་གྱི་ཁུ་བ་དང་མཉམ་དུ་ལེགས་པར་བརྡར་ལ་གར་སླ་ཞོ་ཙམ་བྱུང་ལྒ་སེར་སྐྱུ་རུ་ར་བ་དང་རྨར་བྱུགས་ཏེ་རས་བཀབ་པས་ཕན་ནོ། །ཡང་སེནྡྷ་ལོ་ཎ། ཤུཎྛི། ཧ་ལ་དྷི། བྷ་ཊ་པ་ཏྲ་གུ་རྩི་འབྲི་ཛ་ཡ་ཏྲི་རྣམས་ཆ་མཉམ་ཞུམ་བུའི་རུས་པ་ཞིབ་པར་བཏགས་པ་ཞོ་ལ་སྦྱར་ནས་རྨ་ཁར་བྱུགས་ཏེ་རས་བཀབ་པས་ཀྱང་ཕན་པར་འགྱུར་རོ། །ཕོ་སྐྲན་གྱི་ནད་ལ། སཉྩ་ར་ལོ་ཎ། སེ་ནྡྷ་ལོ་ཎ། ཤུཎྛི། ཧིངྒུ། རྒྱམ་ཚྭ་ལྒ་ལྒ་སེར་ཨ་བྱ་ཡ། ཤིང་བྷ་ཊའི་ལོ་མ་ཛཱ་ཏིའི་མེ་ཏོག་པིཔྤ་ལ། ཨ་ཛ་མོ་ར། ཡ་བ་ཁ་ར། བ་ཡི་བི་རངྒ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་བ་མར་གྱིས་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་ནས་བཏང་བས་ཞི་བར་ཁ་རུ་ཚྭ་རྒྱམ་ཚྭ་འགྱུར་ཞིང་ལྒ་ཤིང་ཀུན་མ་ཞུ་བའི་ནད་གཞན་ལ་ཡང་ཕན་ནོ། །ལུས་ཀྱི་མདོག་སེར་པོར་འགྱུར་ཞིང་དྲོད་སྨན་དབྱི་མོང༌། བྱི་ཚེར་བྱི་ཐང་ག་སྐྲངས་ན། པིཔྤ་ལ། ཀ་ཊ་ཡི། ཤུཎྛི། ན་ག་ར་མོ་ཐ། ཙི་ཏ། པིཔྤ་ལ། ཀ་མུ་ལ། ག་ཛ་པིཔྤ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཆེ་ཕྱོགས་ཙམ་རེ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕན་ཞིང་ཁོག་སྐྲན་དང་དང་ཁ་མི་བདེ་བ་ལ་ཡང་ཕན་ནོ། །ཡང་ན། ཤུཎྛི།༌༌༌ལྒ་བ་ཡི་བི་རངྒ།༌༌༌བྱི་ཐང་ཀ་དྲོད་སྨན་ལྒ་མ་ནུ་གླ་སྒང་དྲོད་སྨན་གྱི་རྩ་བ་ཀོང་པོ་ནས་ཡོང་བའི་དྲོད་སྨན་ཧ་རི་ཏ་ཀེ།༌༌༌ཨ་རུ་ར་དེ་བ་ད་རུ་རྣམས་༌༌༌ཤུག་པ


DTG211_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཆེ་ཤོས་ཙམ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ནུས་པ་གོང་དང་འདྲའོ། །ཡང་ན། དཱ་རུ་ཧ་རི་དྲ། ཨེ་རཎྜ་ཀ་བ་ལ། ཏི་བི། བ་ཡི་བི་རངྒ། ཨ་ཏི་ས། མ་རི་ཙི། ཨིནྡྲ་ཡ་བ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཆེ་ཕྱོགས་རེ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕན་པར་འགྱུར་རོ། །ཡང་ན། གུགྒུ་ལ། ཧ་རི་ཏ་ཀེ། ག་ད་པུརྞ། དཱ་རུ་ཧ་རི་དྲ། གུརྩ་སྐྱེར་པ་དགོ་འདྲའི་འདྲུ་བྱི་ཐང་ག་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཕོ་རིས་དུག་མོ་ཉུང་བའི་ཆུས་རྟ་བྱས་བཏང་བས་ནུས་པ་གོང་དང་འདྲའོ། །སྲིན་ནད་ལ། སེནྡྷ་ལོ་ཎ། ཏི་བི། བ་ཡི་བི་རངྒ། གུ་གུལ་ཨ་རུ་ར་གསུམ་ཆ་མཉམ་ཞིབ་པར་སྐྱེར་བ་ལི་ཁྲི་བཏགས་ལ་ཐུན་ཚད་ཆེ་ཕྱོགས་གོང་དང་འདྲ་བ་ཆུ་སྐོལ་གྱིས་ཕུལ་ཏེ་བཏང་བས་ཕན་ནོ། །ཡང་ན། ཏྲི་ཕ་ལ། ཏྲི་ཀུ་ཊ། ཏི་བི། བ་ཙ། ནིམྦ་ཏྭ་ཙ། ཁ་ཡི་ར། ཀུཥྛ། རྒྱམ་ཚྭ་བྱི་ཐང་ཀ་བ་ཡི་བི་རངྒ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་བའི་ཆུས་རྟ་བྱས་བཏང་བས་ཕན་པར་འགྱུར་རོ། །ཕོ་བ་རླུང་གིས་སྦོས་ནས་ན་ན། སཉྩ་ར་ལོ་ཎ། ཧིངྒུ། ཤུཎྛི། གསུམ་ཆ་མཉམ་འབྲས་བུ་གསུམ་ཚ་བ་གསུམ་ཤུ་དག་ཤིང་གིམྤུའི་ཌ་པ་རྒྱ་གར་སྟོད་ཇ་རུ་རྟ་ཞིབ་པར་བཏགས་ལ་བྱི་ཐང་ཀ་ཐུན་ཚད་ཉིས་འགྱུར་ཙམ་རེ་ཆུ་སྐོལ་གྱིས་རྟ་བྱས་བཏང་ན་ཕན་ནོ། །ཡང་ན། མ་རི་ཙི། བིཔྤ་ལ། ཤུཎྛི་ཧིངྒུ། སེནྡྷ་ལོ་ཎ། ཁ་རུ་ཚྭ་ཛི་ར་དོ།༌༌༌ཟིར་དཀར་ནག །ཨ་ཛ་མོ་ད་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕན་པར་འགྱུར་རོ། །ཡང་ན། པིཔྤ་ལ། ཤུ་ཎྛི། ཧ་རི་ཏ་ཀེ། སཉྩ་ར་ལོ་ཎ། ཏི་བི་རྣམས་ཆ་མཉམ་ཞིབ་པར་ཕོ་རིས་དྲོད་སྨན་ལྒ་ཤིན་ཀུན་རྒྱམ་ཚྭ་བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕན་ནོ། །དབྱི་མོང་ཡང་ན། ཤུཎྛི།༌༌༌ལྒ་མ་རི་ཙི།༌༌༌ཕོ་རིས་པིཔྤ་ལ།༌༌༌པི་པི་ལིངསཛྫྷི་ཁ་ར་༌༌༌ཟེ་ཚྭ་པི་པི་ལིང་ལྒ་ཨ་རུ་ར་ཁ་རུ་ཚྭརྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་ཀྱང་ཕན་ནོ། །སྐྱ་སྦབ་དང་མིག་སེར་གྱི་ནད་ལ། ག་ད་པུརྞ། ཏྲི་ཕ་ལ།༌༌༌འབྲས་བུ་གསུམ་ཀུཥྛ།༌༌༌རུ་རྟ


DTG211_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཙི་ར་ཡི་ཏ། ཨུ་རུ་ས། ནི་མྦ། གུརྩ་རྣམས་ཆ་མཉམ་གྱི་ཐང་ཚད་དང་བསྡུ་ལུགས་སྔ་མ་བཞིན་ལ། བསྡུས་ཚར་བའི་སྟེང༌། སྦྲང་བ་རུ་ར་ཙམ་ཞིག་བཏབ་སྟེ་བཏུངས་པས་མྱུར་དུ་ཕན་པར་འགྱུར་རོ། །ཡང་ན། ཏྲི་ཀུ་ཊ། ཧ་ལ་དྷི། ཨམྦ་ལ། ལུ་ཧ་ཀ་ཙུརྞ་རྣམས་ཏིག་ཏ་ཆ་མཉམ་ཞིབ་པར་བཏགས་ལི་ཁྲི་ལ་ཐུན་ཚད་ཆེ་ཤོས་ཙམ་རེ་བ་མར་བ་རུ་ར་ཙམ་བཞུ་བར་སྦྲང་དེ་ཉིས་འགྱུར་གྱི་ཚད་ཙམ་བཅས་བཏབ་ལ་ལེགས་པར་འདྲེས་པ་དང་བཏང་ན་མཆོག་ཏུ་ཕན་ནོ། །མིག་སེར་ཁོ་ནའི་ནད་ལ། ཚ་བ་གསུམ་སྒ་སེར་སྐྱུ་རུ་ར་ཏྲི་ཕ་ལ། ལྕགས་ཕྱེ་ཀུ་ཥྛ། ཧ་ལ་དྷི། དཱ་རུ་ཧ་ལ་དྲ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་སྦྲན་དང་མར་གྱི་སྦྱོར་ལུགས་གོང་ལྟར་བཟོས་པས་ཕན་ནོ། །ཡང་ན། གེ་རུ། ཧ་ལ་དྷི། ཨམྦ་ལ་གསུམ་ཆ་མཉམ་ཞིབ་པར་བཏགས་པ་ཆུ་ལ་སྦྱར་ནས་མིག་ལ་བྱུགས་པས་ཕན་ནོ། །གློ་འགྲམས་འབྲས་བུ་གསུམ་རུ་རྟ་སྒ་སེར་སྐྱེར་པ་ཀྱི་ནད་ལ། ཨ་ས་གངྷ། ཤུཎྛི། པིཔྤ་ལ། ལ་ཝངྒ། མི་སྲི་རྣམས་ཆ་མཉམ་ཞིབ་བར་བཏགས་བཙག་སྒ་སེར་སྐྱུ་རུ་ར་ལ་ཆུ་གྲང་གིས་རྟ་བྱས་བཏང་བས་ཕན་པར་འགྱུར་རོ། །ཡང་ན། ཡ་ཀ་བ་ན་ཀ་ཕུ་ལ་དང་ལ་ཝངྒ་གཉིས་ཆ་མཉམ་ཞིབ་པར་བཏགས་ལ་ཆུས་རིལ་བ་སྤྲུ་པ་ལྒ་དྲོད་སྨན་ལི་ཤི་ཤེལ་དཀར་བུ་སྲན་མ་ཉིས་འགྱུར་ཙམ་སྒྲིལ་ཏེ་བཏང་བས་ཕན་ནོ། །ཡང་ན། ཏྲི་ཕ་ལ། ཤུཎྛི། བ་ཡི་བི་རངྒ། མ་རི་ཙི། པིཔྤ་ལ། ན་ག་ར་མོ་ཐ། ཨ་ཀ་བ་ནེའི་མེ་ཏོག་ལི་ཤི་པིཔྤ་ལ། ཀ་མུ་ལ། ལ་ཝངྒ། དེ་བ་ད་རུ། ཨེ་ལ་ཡ་ཙེ། ཏེ་ཛ་པ་ཏྲ། མ་དྷུ། ནཱ་ག་གེ་སར་རྣམས་ཆ་མཉམ་ཞིབ་པར་བཏགས་པའི་ཆ་གཅིག་དང༌། ཤེལ་དཀར་དེའི་འབྲས་བུ་གསུམ་ལྒ་བྱི་ཐང་ཀ་ཉིས་ཕོ་རིས་དྲོད་སྨན་མ་ནུ་གླ་སྒང་འགྱུར་དང་བཅས་ཐུན་ཚད་ཉིས་འགྱུར་ཙམ་པི་པི་ལིང་གི་རྩ་བ་ལི་ཤི་ཤུག་པ་ཀ་ཀོ་ལ་ཆུ་གྲང་གིས་རྟ་བྱས། སྦྲང་རྩི་ནཱ་ག་གེ་སར་བཏང་བས་ཕན་ནོ། །གཡིག་གུའི་སྐྱིགས་བུའི་ནད་ལ། མ་ནི་ཚ་ལ།༌༌༌ལྡོང་རོས་ཧ་ལ་དྷི།༌༌༌སྒ་སེར་མ་རི་ཙི།༌༌༌ཕོ་རིས་མི་སྲི།༌༌༌ཤེལ་དཀར་ལ་ཝངྒ་༌༌༌ལི་ཤི་རྣམས་ཆ་མཉམ་ཞིབ་པར་བཏགས་


DTG211_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུན་ཚད་ཉིས་འགྱུར་ཙམ་སྦྲང་བ་རུ་ར་ཙམ་དང་མཉམ་དུ་ཟོས་པས་མྱུར་དུ་ཕན་ནོ། །ཡང་གཡིག་གུ་དང་སྐྱུག་པ་གཉིས་ཀ་འདོམ་ནས་ན་ན། ཤེ་ཏ་ཙན་དན། ན་ག་ར་མོ་ཐ། ཨེ་ལ་ཡརྩི། ལ་ཛ་རུ། པིཔྤ་ལ། ལ་ཝངྒ། བཻ་རི་ཀི་ག་རི་ཀ་མ་ལ་ཀ་ཊ། ག་ཛ་ཀེ་ས་རི་རྣམས་ཆ་མཉམ་གྱི་ཆ་གཅིག་དང༌། སྦྲང་དང་ཤེལ་དཀར་གཉིས་ཀྱི་ཆ་གཅིག་བྱས་ཏེ་རིལ་བུ་བ་རུ་ར་ཙམ་རེ་ཟོས་པས་མྱུར་དུ་ཕན་ནོ། །ཡང་ན། ཙནྡན་དཀར་པོ་མ་ནུ་གླ་སྒང་ཀ་ཀོ་ལ་ལ་ཛ་རུ། ཧ་རི་ཏ་ཀེ། དྲོད་སྨན་ལི་ཤི་ཆིད་པ་ཁའི་འབྲུའི་སྙིང་པོ། ལ་ཝངྒ། ཀ་མ་ལ་ཀ་ཊ། ཨེ་ལ་ཡ་ཙི་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་སྦྲང་རྩི་དང་མཉམ་དུ་ཟོས་པས་ཀྱང་ཕན་ནོ། །དབུགས་མི་བདེ་བའི་ནད་ལ། ཤུཎྛི། པིཔྤ་ལ། ཀ་ཀ་ར་སིངྒི། སུ་ཀ་ར་མུ་ལ། ཀ་ཙུ་ར། བྷ་རིངྒ། ན་ག་ར་མོ་ཐ། མ་རི་ཙི་རྣམས་ཆ་མཉམ་ལི་ཤི་ཞིབ་པར་བཏགས་ལ་ཀ་ཀོ་ལ་ཐུན་ཚད་ཆེ་ཕྱོགས་རེ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕན་ནོ། །ཡང་ན། རངྒ་ཎི། སུ་ཀ་ར་མུ་ལ། ཨ་རུ་ས། ལྒ་དྲོད་སྨན་ཁམས་ཀྱི་རུ་རྟ་ཤུཎྛི། ཀུ་ལ་ཐ། སྒ་སྐྱ་ཨ་རུ་ར་མ་ནུ་གླ་སྒང་ཕོ་རིས་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་ཀྱང་ཕན་པར་འགྱུར་རོ། །དབུགས་མི་བདེ་ཞིང་གློ་དྲག་ཏུ་ལང་ན། ཤུཎྛི། བེ་ཌ་ཧ། པིཔྤ་ལ། ཁམས་ཀྱི་རུ་རྟ་ད་ཀར་སིངྒ། བྷ་རངྒི། ཀི་པ་ཀོ་རི་རྣམས་ལྒ་རྒྱ་སྲན་ཆ་མཉམ་ཞིབ་པར་བཏགས་ལ་ཆུས་རིལ་བུ་སྐྱ་རུ་ར་ཙམ་སྒྲིལ་ཏེ་བཏང་པས་མྱུར་དུ་ཕན་ནོ། །གློ་དྲག་ཏུ་ལྡང་ཞིང་ལུད་པ་མི་གོག་ན། ཨ་རུ་ས། ཤུཎྛི། པིཔྤ་ལ་རྣམས་ལྒ་བ་རུ་ར་དྲོད་སྨནཆ་མཉམ་ཞིབ་པར་བཏགས་ལ་སྦྲང་རྩིས་རྟ་བྱས་རིལ་བུ་སྐྱུ་རུ་ར་ཙམ་སྒྲི་ལ་ཏེ་བཏང་བས་ཕན་ནོ། །ཡང་ན། ཨ་རུ་ས། ཤུཎྛི། པིཔྤ་ལ། ཙ་ས། ཀ་ཊ་རི་རྣམས་ཆག་ཉ་ས་ཞིབ་པར་བཏགས་ཏེ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕན་ལྒ་དྲོད་སྨན་པར་འགྱུར་རོ། །ཟས་མི་འཇུ་ཞིང་དང་ཁ་མི་བདེ་བ་ལ། པིཔྤ་ལ།༌༌༌དྲོད་སྨན་ཏི་བི། ཧ་རི་ཏ་ཀེ།༌༌༌ཨ་རུ་ར་ཤུཎྛི།༌༌༌ལྒ་སཉྩ་ར་ལ་ཎ་༌༌༌ཁ་རུ་ཆྭ་ལྒ་དྲོད་སྨན་རྣམས་ཆ་མཉམ་


DTG211_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕན་ནོ། །ཡང་ན། སེནྡྷ་ལོ་ཎ། ཧ་རི་ཏ་ཀེ། པིཔྤལ། ཙི་ཏ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕན་པར་འགྱུར་རོ། །ཡང་ན། ཏྲི་ཕ་ལ། ཏྲི་ཀུ་ཊ། སཉྩ་ར་ལོ་ན། ཧིངྒུ། ཨ་ཛ་ཝ་ན་རྣམས་ཆ་མཉམ་ཞིབ་པར་བཏགས་པའི་ཆ་གཅིག་དང༌། རྒྱམ་ཚ་ཨ་རུ་ར་དྲོད་སྨན་བུ་རམ་གྱི་ཆ་གཅིག་བྱས་པའི་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་ཏེ་བཏང་བས་ཀྱང་ཕན་ནོ། །ཡང་ན། སེནྡྷ་ལོ་ཎ། སཉྩར་ལོ་ཎ། འབྲས་བུ་གསུམ་ཚ་བ་གསུམ་ཁ་རུ་མ་ཤིང་ཀུན བ་ཡི་བི་རངྒ། ལ་ལ་པུད་མ་རི་ཙི། པིཔྤ་ལ། ཤུཎྛི། ཧ་རི་ཏ་ཀེ། བེ་ཌ་ཧ། ཨམྤ་ལ། ཏི་བི། ལ་ཝངྒ། ཙི་ཏྲ་ཀ །ཧིངྒུ། ཨ་ཛ་ཝ་ན། ཛི་ར་དོ། །ན་ག་ར་མོ་ཐ་རྣམས་ཆ་མཉམ་ཞིབ་པར་རྒྱམ་ཚྭ་ཁ་རུ་ཚྭ་བཏགས་ལ་སྟར་བུའི་ཁུ་བས་ཟན་ཙམ་བརྫིས་པ་སྐེམ་ཐེངས་བྱི་ཐང་ག་ཕོ་རིས་དྲོད་སྨན་གསུམ་བྱས་ལྒ་ཨ་རུ་ར་བ་རུ་ར་སྐྱུ་རུ་ར་པའི་ཕྱེ་མ་ཐུན་ཚད་ཉིས་ལི་ཤི་ཤིང་ཀུན་མེ་ལ་བསྲེགས་པ་ལ་ལ་ཕུད་ཟི་ར་དཀར་ནག་མ་ནུ་གླ་སྒང་འགྱུར་ཙམ་རེ་བཏང་བས་ཕན་ངེས་སོ། །འབྲས་བུ་སྐྲངས་པའི་ནད་ལ། ཤྭེ་ཏ་ཛི་ར། སེནྡྷ་ལོ་ཎ། ཧིངྒུ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་པང་ཁའི་སྣུམ་མེ་ལ་བསྲོས་པར་བཏབ་སྟེ་བྱུགས་པས་མྱུར་དུ་ཕན་ནོ། །ཡང་ན། འབྲས་བུ་གསུམ་གྱི་ཕྱེ་མ་བའི་ཆུས་རྟ་བྱས་བཏུངས་པས་ཞག་བདུན་ནམ་ཡུན་རིང་ཡང་བཅུ་བཞིའི་ཁོངས་སུ་དྲག་གོ །ཡང་ན། ཟི་ར་དཀར་པོ་རྒྱམ་ཚ་ཤིང་ཀུན་སོ་མ་ཕ་ཞིབ་པར་བཏགས་པ་ཐུན་ཚད་ཆེ་ཕྱོགས་ཙམ་རེ་བ་མར་སྐྱུ་རུ་ར་ཉིས་འགྱུར་ཙམ་དང་པང་ཁའི་སྣུམ་སྒོང་སྐོགས་ཕྱེད་ཙམ་སྲོས་པར་བཏབ་སྟེ་ཉིན་བདུན་གྱི་བར་བཏུངས་པས་ཕན་ནོ། །ཡང་ན། ཤྭེ་ཏ་ཛེ་ར། ཨེ་རཎྜ་ཤུཥྛ། བ་ཙ། ཧུ་ལ་ཧུ་ལ་ཀ་པ་ཛ་རྣམས་ཆ་མཉམ་ཞིབ་བཏགས་པ། གོ་སྙོད་ཆུ་བྲེ་དོ་ཙམ་གྱི་ནང་དུ་འབྲས་རྩམ་པ་ལྟར་བཏགས་པ་བྲེ་གང་ཙམ་ཞིག་བླུག་ནས་མེ་མདག་གི་སྟེང་དུ་ཞག་གཉིས་གསུམ་ཞིག་བཞག་ནས་ཆུ་དེ་སྐྱུར་མོར་སོང་བ་དང༌། དེ་ལ་གོང་གི་སྨན་ཟི་ར་དཀར་པོ་དནྜ་རུ་རྟ་ཤུ་དག་ཧུ་ལུ་ཧུ་ལའི་འབྲུ་རྣམས་བཏབ་སྟེ་བྱུགས་པས་


DTG211_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་སྐམ་པར་འགྱུར་རོ། །དངས་མ་འཛག་པ་ལ། ཨན་ར་ཀི་ཀ་ལི་དང་ཤྭེ་ཏ་ཁ་ཡི་ར་གཉིས་ཆ་མཉམ་ཞིབ་པར་བཏགས་པའི་ཆ་གཅིག་དང༌། ཤེལ་དཀར་ཆ་གཅིག་བསྲེས་ཏེ་ཐུན་ཚད་ཆེ་ཕྱོགས་རེ་ཐོ་རངས་དང་དགོངས་མོ་ཞག་བདུན་གྱི་རིང་སྟར་ཆགས་སུ་བཏང་ན་ཆོད་པར་འགྱུར་རོ། །ཡང་ན། ཨེ་ལ་ཡི་རྩ་དང་ཤེལ་དཀར་ཆ་མཉམ་ཞིབ་སེ་འབྲུའི་མེ་ཏོག་སྟོད་ཇ་དཀར་པོ་པར་བཏགས་ལ་ཐུན་ཚད་ཉིས་འགྱུར་ཙམ་རེ་ཟོས་པས་ཕན་ཞིང༌། སྨན་གཏོང་རིང་རོ་སྐྱུར་བ་དང་ལ་ཕུག་སོགས་མི་བཟའ། ཡང་ན། སཾ་ཁ་ཧུ་ལི། ཨེ་ལ་ཡི་ཙ། སེ་ལ་ཛི་ཏ་གསུམ་ཆ་མཉམ་སུག་སྨེལ་ཞིབ་པར་བཏགས་པའི་ཆ་གཅིག །ཤེལ་དཀར་གྱི་ཆ་གཅིག་བྱས་ལ་ཐུན་ཚད་ཉིས་འགྱུར་ཙམ་རེ་ཆུ་གྲང་གིས་རྟ་བྱས་བཏང་བས་ཀྱང་ཕན་ནོ། །ཡང་ཆུ་དང་མཉམ་དུ་ན་ཟུག་དང་བཅས་ཏེ་འཛག་ན། ཨེ་ལ་ཡི་ཙ། ཨ་རུ་ས། སུག་སྨེལ་གྷོ་ཥུར། བ་མ་ནེ་ཋི། པིཔྤ་ལ། ཨེ་རཎྜ་རྣམས་ཀྱི་ཐང་ཐུན་ཚད་དང་བསྡུ་ལུགས་གོང་མ་རྣམས་དང་འདྲ་བ་བྱས་ལ། དེ་སྟེང་སེ་ལ་ཛི་ཏ་དང་སྦྲང་ཅུང་ཟད་རེ་བཏབ་སྟེ་བཏུང་བས་མྱུར་དུ་ཕན་པར་འགྱུར་ཞིང་རྡེལ་ནད་ཀྱང་ཐོན་པར་འགྱུར་རོ། །སུག་སྨེལ་ཡང་ན། ཨེ་རཎྜི། ཨ་རུ་ས། གཟེ་མ་དམའ་རུ་མགོ་ནག་གི་རྩ་བ་དྲོད་སྨན་དནད་ཨེ་ལ་ཡིཙ། པོ་སྟ་ཀ་བི་ཛ་རྣམས་ཞིབ་པར་བཏགས་ལ་བའི་ཞོས་རྟ་བྱས་ནས་བཏང་ན་ཡང་ཕན་ནོ། །ཆུ་འགགས་པ་ལ། མུ་ས་ཀ་བྷི་ཥྚ་ཞིབ་པར་བཏགས་ལ་ཆུ་ཞོ་ཙམ་སྦྱར་བ་མེ་ལ་བསྲོས་ཏེ་ལྟེ་འོག་ནས་སྦུ་དཀར་དནད ནག་ཡན་ལ་བྱུགས་ན་མྱུར་དུ་ཕན་ངེས་སོ། །རྡེལ་ནད་དང་ཆུ་འགགས་སུག་སྨེལ་ཧ་ལོའི་འབྲུ་གཉིས་འཛོམ་ནས་ན་ན། གྷོ་ཥ་ར། ཛ་བ་ས། ཧ་རེ་ཏ་ཀ །པ་ཁ་ན་བེ་ད་རྣམས་ཆ་མཉམ་བྱི་བའི་བྲུན་གྱི་ཐང་ཚད་དང་བསྡུ་ལུགས་གོང་དང་འདྲ་བ་བྱས་ལ། དེ་སྟེང་སྦྲང་ཅུང་ཟད་ཙམ་ཞིག་བཏབ་སྟེ་བཏུང་བས་ཀྱང་ཕན་ནོ། །ཡང་ན། ཏྲི་ཕ་ལ། ༌༌༌འབྲས་བུ་གསུམ་སེནྡྷ་ལོ་ཎ།༌༌༌རྒྱམ་ཚྭ་གྷོ་ཥ་ར།༌༌༌གཟེ་མ་གཟེ་མ་ཨ་རུ་ར་ཀ་རེ་ལི་༌༌༌གསེར་མེ་ཏོག་བྲག་ཞུན་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཉིས་འགྱུར་ཙམ་རེ་ཆུ་སྐོལ་གྱིས་ཕུལ་ནས་བཏང་བས་རྡེལ་


DTG211_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཆུ་འགགས་གཉིས་ཀ་ལ་ཕན་ནོ། །ཡང་རྡེལ་ནད་ཆུ་འགགས་བཅོས་ཐབས་ཟབ་གནད་ཁྱད་པར་ཅན་ནི། སྭ་ཧ་ག་མེར་བསྲེགས་པའི་ཐལ་བ་ཆུ་འགགས་ལ་ཕྱེ་མ་ཅུང་ཟད་རེ་གསང་གནས་ཀྱི་ནང་དུ་བླུགས་པས་དེ་ཕྲལ་ཆུ་འབབ་ཅིང་ཐུན་ཚད་ཆུང་ཕྱོགས་རེ་ཆུ་སྐོལ་གྱིས་ཕུལ་སྟེ་ཁོང་དུ་བཏང་བས། རྡེལ་ནད་མྱུར་དུ་ཞི་བ་མྱོང་གྲུབ་ཁྱད་པར་ཅན་ནོ། །མཛེའི་ནད་གང་ལ་ཡང༌། ཚ་ལ་ཏྲི་ཕ་ལ། ཨ་རུ་ས། ནིམྦ། པ་ར་བ་ར་ཀ་ལ་ཧ། ཁ་ལ་ར། གུརྩ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་གྲང་གིས་རྟ་བྱས་ཏེ་བཏང་བས་ཕན་པར་འགྱུར་རོ། །ཡང་ན། ཏྲི་ཕ་ལ། མ་ཉྫུཥྛ། གུརྩ། ཀ་ཊ་ཀི། ནིམྦ། ཧ་ལ་དྷི། བ་ཙ། ད་རུ་ཧ་རི་དྲ། འབྲས་བུ་གསུམ་བ་ཡི་བི་རངྒ། ཨ་རུ་ས། དེ་ཝ་ད་རུ་རྣམས་སྟོད་ཇ་ལི་ཁྲི། ཆ་མཉམ་ཞིབ་པར་བཏགས་ལ་ཐང་ཐུན་ཆུང་ཕྱོགས་ཙམ་རེ་ཆུ་གྲང་གིས་རྟ་བྱས་ཞག་ཉེར་གཅིག་གི་བར་ལ་བཏང་ནས་ཕན་ན་དང༌། འབྲས་བུ་གསུམ་བཙོད་ལི་ཁྲི་མ་ཕན་ཚེ་ཞག་ཞེ་དགུའི། ལྒ་སེར་ཤུ་དག་སྐྱེར་པ་བར་ལ་བཏང་བས་ཕན་ལ། བྱི་ཐང་ཀ་ཤུག་པ་དེའི་བར་རྩམ་པ་དང་འབྲས་ཁོ་ན་ལས་ཟས་གཞན་མི་གཏོང་ལ། སྨན་འདི་ཟ་ཕྲུག་ལ་ཡང་ཕན་ནོ། །ཁྲག་ཤས་ཆེ་བའི་མཛེ་ནད་ལ། མཉྫུ་ཥྛ། ཏྲི་ཕ་ལ། ཀུཥྛ། ཧ་ལ་དྷི། དེ་བ་ད་རུ། བ་ཙ་རྣམས་ཀྱི་ཐང་ཚད་དང་བསྡུ་ལུགས་སྔོན་མ་རྣམས་དང་འདྲ་བ་བྱས་ནས་བཏང་བས་ཀྱང་ཕན་པར་འགྱུར་རོ། །མཛེ་དཀར་པོ་ལ། གུཉྫ། ནིམྦ། ཀུཥྛ། བ་ཙ། ཙི་ཏྲ་ཀ་ཆ་མཉམ་ཞིབ་པར་བཏགས་ལ། བཙོད་འབྲས་བུ་གསུམ་རུ་རྟ་སྒ་སེར་ཤུག་པ་ཤུ་དག་གོང་འབྲས་བུ་སྐྲངས་པའི་སྐབས་སུ་བསྟན་པའི་འབྲས་ཕྱེ་བཏང་བའི་ཆུ་སྐྱུར་མོ་དེས་ཁུ་བ་བྱས་ནས་གར་སླ་ཞོ་ཙམ་རྨ་གང་འདུག་ལ་བྱུགས་པས་ཕན་ནོ། །དམའ་རུ་མགོ་ནག་རུ་རྟ་ཤུ་དག་ཡང་ན། མ་ཎི་ཚ་ལ། ལྡོང་རོས་ཙི་ཏྲ་ཀ །བ་ཀུ་ཙི། བེངྒ་ན་བེ་ནའི་ཐལ་བ་བྷསྨ་རྣམས་ཆ་མཉམ་ཞིབ་པར་བཏགས་ཏེ་གོང་གི་ཆུས་རྟ་བྱས་ནས་བྱུགས་ན་ཡང་ཕན་ནོ། །ཟ་ཕྲུག་གི་ནད་ལ། མ་རི་ཙེ་དང་སིནྡྷཱུ་ར་གཉིས་ཆ་མཉམ་ཞིབ་པར་བཏགས་ལ་མར་ལ་སྦྱར་ནས་


DTG211_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་པ་བྱས་ན་སེལ་བར་འགྱུར་རོ། །ཟ་ཕྲུག །གཡན་པ། ཤུ་བ་གསུམ་ལ། ཧ་ལ་དྷི། བ་ཀུ་ཙི། ནིམྦ་ད་ལ། ཨམྦ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་པའི་ཆུས་རྟ་བྱས་ལ་ཉིན་བདུན་གྱི་བར་དུ་བཏང་བས་ཕན་ནོ། །ཡང་ན། གནྡྷ་ཀ །བ་ཀུ་ཙི། བ་ཡི་བི་རངྒ། ཀུཥྛ། སིངྒ་ར་ཕ། ཧ་ལ་དྷི། ཙ་ཀ་བ་ཌ། སིནྡྷཱུ་ར་རྣམས་ཆ་མཉམ་ཞིབ་པར་སྒ་སེར་ནིམྦའི་ལོ་མ་སྐྱུ་རུ་ར་བཏགས་ལ། དྷ་ཏུ་ར། ནིམྦ། པཱ་ན་གསུམ་གྱི་ཁུ་བས་སྦྱར་ནས་བྱུགས་ན་ཕན་ནོ། །ཡང་ན། དུ་བ་དང་ཧ་ལ་མུ་ཟི་སེར་པོ་བྱི་ཐང་ཀ་དྷི་གཉིས་ཞིབ་པར་རུ་རྟ་རྒྱ་མཚལ་སྒ་སེར་ཐལ་དཀར་རྡོ་རྗེ་བཏགས་ལ་ཆུ་ལ་སྦྱར་ནས་བྱུགས་ཀྱང་ཕན་ནོ། །ཡང་ན། དུ་བ། བ་ཀུ་ཙི། ཐང་ཕྲོམ་སེནྡྷ་ལོ་ན། སེ་བ། ཙ་ཀ་བ་ཊ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་གོང་གི་ཆུ་སྐྱུར་མོས་སྦྱར་ཏེ་བྱུགས་ཀྱང་པན་ནོ། །མེ་ལྕེ་འཁོར་ལོ་ལ། ཤྭེ་ཏ་ཙན་དན། ཀུཥྛ། སམྦྷ་ལུ། ཀ་མ་ལ་ཀ་ཊ། ནིམྦ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་ལ་སྦྱར་ནས་བྱུགས་པས་ཕན་ནོ། །རྒྱམ་ཚྭ་ཨ་རུ་ར་ཐལ་དཀར་རྡོ་རྗེ་གཉན་འབུར་ལ། ས་རུ་བ་མེ་ལ་ཕྱེད་ཙམ་བསྲེགས་པའི་ཐལ་བ་བའི་ཞོས་རྟ་བྱས་ཐུན་ཚད་ཆེ་ཕྱོགས་ཙམ་རེ་ཉིན་ཙན་དན་དཀར་པོ་རུ་རྟ་ཀ་མ་ལའི་འབྲུ་བདུན་གྱི་བར་བཏང་ན་ཕན་པར་འགྱུར་རོ། །གྲང་རླུང་གི་ནད་ལ། ཨ་ས་གནྡྷ། ཤུཎྛི། ཀ་ལ་ཏི་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་པའི་ཆ་གཅིག །ཉ་ལྕིབས་ཤེལ་དཀར་གྱིས་ཆ་གཅིག་བྱས་པ་ཐང་ཐུན་ཆུང་ཕྱོགས་ཙམ་རེ་བ་མར་བཙག་བཅད་པར་བཏབ་སྟེ་བཏང་ན་ཕན་པར་འགྱུར་རོ། །ཡང་ན། པིཔྤ་ལ། ཙི་ཏྲ་ཀ །ཨ་ས་གནྡྷ། བ་ཡི་བི་རངྒ། བ་སྤྲུ་ལྒ་ཏིལ་ནག་ཨ་ཛ་བཱ་ན། ཤུཎྛི། ཀ་ལ་བཉྫི། པིཔྤ་ལ་ཀ་མུ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་པ་ཆ་གཅིག །བུ་རམ་གྱི་ཆ་གཉིས་བྱས་པའི་རིལ་བུ་སྐྱུ་རུ་ར་ཉིས་འགྱུར་ཙམ་རེ་བཏང་བས་ཕན་ནོ། །དྲོད་སྨན་ཡང་ན། བ་སྦྲུ་བ་བྱི་ཐང་ཀ་བཱངྒ་སོ་མ་ར་ཙ་སམྦྷ་ལུ། བཱངྒ་ར། ལ་ལ་ཕུད་ལྒ་པི་པི་ལིང་གི་རྩ་བ་མུཎྜི་རྣམས་ཆ་མཉམ་ཞིབ་པར་


DTG211_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་ཀྱང་ཕན་ནོ། །ཡང་ན། ཤུཎྛི། ཨ་རཎྜི། རཱ་ས་ན། དེ་བ་ད་རུ། གུརྩ་རྣམས་ཆ་མཉམ་གྱི་ཐང་བསྡུ་ལུགས་གོང་མ་རྣམས་དང་འདྲ་བར་བྱས་ནས་བཏང་ན་ཕན་པར་འགྱུར་རོ། །གྲང་རླུང་ལ་བརྟེན་པའི་ཡན་ལག་ན་ཞིང་ཞ་གྲུམ་སྐྲངས་པ་སོགས་ལ། པོ་ས་ཀ་བི་ཛ། དྷ་ཏུ་ར་ཀ་ར་ས། གུཉྩ། བི་ཥ། ལྒ་དཎྜ་དྷ་ཏུ་ར་ཀ །བི་ཛ་ཤུག་པ་ལི་ཁྲི་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཏིལ་མར་སྐོལ་བར་བཏབ་སྟེ་བྱུགས་ན་ཕན་པར་འགྱུར་རོ། །སྟོང་སྐྱུགས་དང་ཟས་གང་ཟོས་ཀྱང་སྐྱུགས་ན། ཨེ་ལ་ཡ་ཙི་ཀ་མ་ལ་ཀ་ཊ། ན་ལོའི་འབྲུ་ཐང་ཕྲོམ་གྱི་ཐང་ཆུ་དམའ་རུ་མགོ་ནག་སྨན་ཆེན་ཐང་ཕྲོམ་གྱི་འབྲུ་ཁ་སུར་པ་ནི་ཚུ་བ་ར་གསུམ་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་གྲང་གིས་རྟ་བྱས་སྐྱུག་པ་མ་ཆོད་བར་དུ་ཡང་ཡང་བཏང་བས་ཕན་པར་འགྱུར་རོ། །བད་ཀན་ལ་བརྟེན་པའི་གློ་དྲག་ཏུ་ལང་ན། ཀ་ཀོ་ལ་ཀ་མ་ལའི་འབྲུ་ཀེ་ས་ར། མ་རི་ཙི། པིཔྤ་ལ། ཏམྦ་མ་ར། ལ་ཝངྒ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་འབྱོར་ན་པཱ་ཎ་དང་མཉམ་དུ་བཟའ་ཞིང་མ་རྙེད་ན་ཆུ་དྲོ་འཇམ་གྱིས་ཕུལ་ལ་བཏང་ན་ཕན་ཞིང་དབུགས་ཁ་མི་བདེ་བ་ལ་ཡང་ཕན་ནོ། །ཡང་ན། པིཔྤ་ལ། རངྒ་ནི། ལ་ཝངྒ། པ་རངྒི། གུར་གུམ་ཕོ་རིས་དྲོད་སྨན་ཟངས་བཏུལ་མ་ལི་ཤི་ཤུརྞྛི་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་ཀྱང་ཕན་ནོ། །ཕོལ་མིག་གི་ནད་ལ། པིཔྤ་ལ། ཀ་ཙ་ན་བ་ཀི་བྷ་ཀ་ལི་ཏྲི་ཕ་ལ་རྣམས་ཆ་མཉམ་དྲོད་སྨན་ཞིབ་པར་ལི་ཤི་བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་ན་བསོས་པར་འགྱུར་རོ། །ལྒ་ཡང་ན། བ་རངྒི་དང༌། ཤུཎྛི་གཉིས་ཆ་མཉམ་འབྲས་བཀྲུས་པའི་ཁུ་བ་དང་མཉམ་དུ་གར་སླ་ཞོ་ཙམ། དྲོད་སྨན་ཀ་ཅ་ན་རའི་སོགས་པ་འབྲས་བུ་གསུམ་བརྡར་ལ་རྨ་གང་ཡོད་ལ་བྱུགས་པས་མྱུར་དུ་བསོས་སོ། །ཁ་ནད་ལ། ཏི་ཁུ་ར།༌༌༌ཐར་མས་ཨེ་ལ་ཡ་ཙི། ༌༌༌ཀ་ཀོ་ལ་ཁ་ཡི་༌༌༌སྟོད་ཇ་ར་གསུམ་ཞིབ་པར་ལྒབཏགས་ལ་ཆུས་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་ལ་ཁར་བཟུང་ན་ཕན་ནོ། །སོ་རྙིང་ནས་ཁྲག་འཛག་ན། ཨ་རུ་ས། ན་ག་ར་མོ་ཐ།༌༌༌མ་ནུ་གླ་སྒང་ཁ་ཡི་ར་༌༌༌སྟོད་ཇ


DTG211_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཀུཥྛ། ལོ་རྡ། མཉྫུཥྛ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་སོ་རྩར་བཏབ་པས་ཕན་ཞིང་སོ་བརྟན་པར་འགྱུར་རོ། །སོ་སྲིན་གྱིས་ན་ན། ཏྲི་ཕ་ལ། ད་ཁ། གུརྩ། ཙམྦེ་ལི་ཀེ་པ་ཏ། ད་རུ་ཧ་རི་དྲ་རྣམས་གྱི་ཐང་གི་སྟེང་དུ་སྦྲང་རྩི་ཅུང་ཟད་རེ་བཏབ་ལ་ཁར་བཟུང་རུ་རྟ་བཙོད་ཞིང་ཕོ་བས་ཕན་ནོ། །སྣ་ཡ་མས་སྐྲངས་ནས་ན་བ་དང་རྣག་གིས་ཟ་བ་ལ། ཀུ་སུམྦ། ཧ་རི་ཧ་ཀེ། ཨ་ན་ར་ག་ཕུ་ལ། འབྲས་བུ་གསུམ་རྒུན་འབྲུམ་ལི་ཁྲི་ཙམ་བི་ལིའི་ལོག་སྐྱེར་པ་འདི་ཁུ་བ་ཐོན་ཙམ་ལས་གོང་མ་ལུགས་བཞིན་གདུ་མི་དགོས་འདུ་བ རྣམས་ཆ་མཉམ་ཞིབ་པར་བཏགས་པ་ཆུ་གྲང་གིས་སྦྱར་ནས་ཞག་དྲུག་ཙམ་གྱི་རིང་སྣར་བླུགས་པས་ཕན་ནོ། །ཡང་ན། མ་རི་ཙི་རྡོག་བལ་བོ་ཁ་ཆེ་ཨ་རུ་ར་སེ་འབྲུའི་མེ་ཏོག་གཅིག་དང་སོ་ན་ཀ་ས་ར་ཀི་བི་ཛ། ཏིལ་འབྲུ་ཙམ་ཞིག་ཆུར་བརྡར་ལ་སྣ་ནང་དུ་བླུག་པས་ཀྱང་ཕན་ནོ། །མིག་ན་བ་ལ། ར་ས་བ་ཏི། སེནྦྷ་ལོ་ཎ། ཧ་རི་ཏ་ཀེ། གེ་རུ། ཧ་ལ་ད་རྣམས་ཆ་མཉམ་ཞིབ་པར་བཏགས་པ་ཆུ་ལ་ཕོ་རིས་སྦྱར་ཏེ་མིག་གི་མཐའ་སྐོར་ལ་བྱུགས་པས་ཕན་པར་སོ་ན་ཀ་རའི་འབྲུའགྱུར་རོ། །མིག་ན་མིན་ཐམས་ཅད་ལ་ཕན་པའི་མིག་སྨན་ནི། ནི་རམ་ལི་དང་ཛ་སྟ་གཉིས་མེ་ཧ་རིའིཁུ་རྒྱམ་ཚ་ཨདུ་ར་བཙག་སྒ་སེར་བས་རྟ་བྱས་བརྡར་ནས་མིག་ལ་བྱུགས་པས་ན་ཞི་ཞིང་གསལ་བ་བསྟན་པ་སོགས་འབྱུང་ངོ༌། །མིག་ལ་སྲོད་ལོང་བྱུང་ན། སུ་ར་མ་དང་ཧ་ལ་དྷི་གཉིས་ཛ་བ་ཏྲི་འི་ཁུ་བས་ཁར་བའི་སྣོད་དུ་བརྡར་ལ་ཤ་དཀར་མིག་ལ་བྱུགས་པས་ཕན་ནོ། །མིག་དམར་པོར་སོང་ཞིང་ན་ན། མ་རི་ཙི། གེ་རུ། ཁི་རི་ལོ་ཎ་གསུམ་ཆ་མཉམ་ཞིབ་པར་བཏགས་པ་ཆུ་ལ་སྦྱར་ནས་མིག་གི་ཕྱིའི་མཐའ་སྐོར་ལ་བྱུགས་ན་ཕན་པར་ལྒ་སེར་ཛྭ་ཏིའི་མེ་ཏོག་འགྱུར་རོ། །ཁྲག་ལ་བརྟེན་པའི་མིག་ན་ན། སེནྡྷ་ལོ་ཎ་༌༌༌རྒྱམ་ཚྭ་ནས་ཙམ་ར་སྣུམ་ལ་བརྡར་ནས་མིག་གི་ནང་ལ་ཕོ་རིས་བཙག་ཝ་ཚྭ་བྱུགས་ན་ཕན་ནོ། །རླུང་ལ་བརྟེན་པའི་མིག་མི་གསལ་ཞིང༌། ཁྱད་པར་རྒྱང་མིག་མི་གསལ་བལ། པ་ར།༌༌༌དངུལ་ཆུ་ཛསྟ།༌༌༌ཤ་དཀར་སིངྒི་མི་སྲི།


DTG211_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མུཀྟ་ཀ །ཨུ་ཊི་ཀ་དམ་ཏ། ཨ་རུ་ས་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཁར་སྣོད་དུ་ར་འི་འོ་མས་ཁུ་བ་བྱས་ལ་ལེགས་པར་བརྡར་ནས་མིག་ནང་དུ་ཕྱུགས་ན་ཕན་པར་འགྱུར་ཞིང༌། མིག་གི་འགྲིབ་ལ་ཡང་ཕན་ནོ། །ཡང་ན། མྲྀ་ཏ་ཏམྦ། ཛསྟ། ནཱི་ལ་ཐོ་ཐ། ཕ་ཊ་ཀི་རི། མུ་ཏིག་རྔ་མོང་གི་སོ་ས་མུ་ཏྲ་ཕེན་རྣམས་ཆ་མཉམ་ཞིབ་ཕར་བཏགས། དེ་ནས་ཁར་སྣོད་དུ་བའི་མར་དང་མཉམ་དུ་ལེགས་པར་སྣུར་ལ་མིག་ནད་ལ་བྱུགས་པས་ཀྱང་ཕན་ནོ། །ཡང་མིག་ན་བ་ལ། ཤྭེ་ཏ་ཛི་ཏ། ཕ་ཊ་ཀི་རི། ཟངས་བཏུལ་མ་ཤ་དཀར་བིག་པན་ཏྲི་ཕ་ལ། སྦ་བ། ར་ས་པ་ཏི། རྒྱ་མཚོ་ལྦུ་བ་ཧ་ལི་མ། ཧ་ལདྷི། ལོ་དྷ་རྣམས་ཆ་མཉམ་ཞིབ་པར་བཏགས། རས་དྲི་མེད་པའི་ནང་དུ་གཏུམས་ལ་ཆུ་གཙང་མ་ཅུང་ཟད་བཅུག་ལ། དེ་ནས་མིག་ལ་བདུགས་ན་ཕན་ནོ། །ཟི་ར་དཀར་པོ་ཡང་མིག་གི་རབ་རིབ་ལ། སུ་ར་མ། འབྲས་བུ་གསུམ སེནྡྷ་ལོ་ཎ། ཤངྑ། མ་ནི་ཚ་ལ། ཏྲི་ཀུ་ཊ། སྒ་སེར་ནི་ར་མ་ལི། སིངྒི་མི་སྲི། ས་མུ་དྲ་ཕེ་ན་རྣམས་ཞིབ་པར་བཏགས་ལ་ཁར་སྣོད་དུ་རའི་འོ་མ་དང་མཉམ་དུ་སྣུར་ལ་དེ་ནས་མིག་ནང་དུ་བྱུགས་པས་ཕན་ཞིང་ལིང་ཏོག་ལ་ཡང་ཕན་ནོ། །ཡང་མིག་འགྲིབ་པ། ལིང་ཏོག །ཤ་རྒྱམ་ཚྭ་དུང་ལྡོང་རོས་ཚ་བ་གསུམ་འཛེར། རབ་རིབ་ལ་སོགས་པ་མིག་གི་རྒྱ་མཚོ་ལྦུ་བ་ནད་ཐམས་ཅད་ལ་ཕན་པའི་སྤྱི་འཇོམས་ཆེན་མོ་ནི། སི་ས་བཞུས་པ་བ་དར་ཞག་ལོན་པ་སྐྱུར་མོའི་ནང་དུ་བླུག །དེ་ཁེངས་པ་དང་སླང་ཡང་བཞུ་ནས་ལུགས་ཐེངས་རེ་ལ་དར་བ་བརྗེ་ཐེངས་རི་བྱས་པ་ལན་བཅུའི་བར་བྱས། སླང་ཡང་དེ་བཞིན་གི་བ་ཀོ་ཊིའི་ཁུ་བར་ལུགས་ཐེངས་བཅུ་བྱས། ཨ་ཀ་བ་ནའི་ཁུ་བར་ལན་བཅུ། བྷངྒ་རའི་ཁུ་བར་ལན་བཅུ། ཞཉེ་བའི་ཆུར་ལན་བཅུ། ཏྲི་ཕ་ལའི་ཁུ་བར་ལན་བཅུ། བའི་འོ་མའི་སྤྱིར་ལན་བཅུ། བའི་གཅི་བ་རློན་པར་ལན་བཅུ། བའི་ཞོར་ལན་བཅུ། ཏིལ་སྣུམ་ལ་ལན་བཅུ། བའི་འོ་མར་ལན་བཅུ། བའི་མར་ལ་ལན་བཅུ། ནིམྦའི་ཁུ་བར་ལན་བཅུ་རྣམས་བཞུ་ལུགས་རིམ་པར་བྱས། སླར་བཞུ་བའི་ནང་དུ་དངུལ་ཆུ་ཞ་ཉེ་འབྲས་བུ་གསུམརང་དང་ལྗིད་མཉམ་པ་ཞིག་བླུག །དེ་ནས་འཁར་སྣོད་གླ་རྩི་དང་


DTG211_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དུ་རའི་འོ་མས་ཁུ་བ་བྱས་ནས་བརྡར་ཏེ་མིག་ལ་བྱུགས་པས་ཀུན་ལ་ཕན་ཞིང་མིག་འགྲིབ་ཟིན་ཡང་བྱེ་བར་འགྱུར་རོ། །རྣ་བ་ན་བ་ལ། ཨ་ཀ་ཀ་ར་ས། ལ་སུ་ཎ་ཀ་ར་ས། ཀ་ལ་ཏི་ལ་གསུམ་ཆ་མཉམ་བསྲེས་ལ་རྣ་བར་བླུགས་པས་ཕན་ཞིང་རྣ་བ་འོན་ནས་ལོ་མང་པོ་མ་སོང་བས་ཀྱང་ཐོས་པར་འགྱུར་རོ། །ཡང་ན། དེ་ཝ་ད་རུ། བ་ཙ། ཤུཎྛི། སེནྡྷ་ལོ་ཎ། སཉྩ་ལོ་ན་རྣམས་ཆ་མཉམ་ཞིབ་པར་བཏགས་པ་ཨ་ཀའི་ཁུ་བ་སྒོག་སྐྱའི་ཁུ་བ་ཏིལ་ནག་རའི་ཆུ་ལ་བཏབ་སྟེ་ཅུང་ཟད་སྐོལ་རྣ་བར་བླུགས་ན་འང་ནུས་པ་གོང་དང་འདྲའོ། །རླུང་ལ་བརྟེན་པའི་མགོ་བོ་ན་བ་ལ། དེ་ཝ་ད་རུ། ཤུཎྛ། ཤུག་པ་ཤུ་དག་ལྒ་རྒྱམ་ཚ་ཁ་རུ་ཚ་ཀ་ཡི་ཕ་ལ། ཨ་རཎྜ་ཀ་ཏ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་པ་བཟོ་ལུགས་གོང་དུ་བསྟན་པའི་འགྲོས་བྱས་ནས་བླུག་པའི་ཆུ་སྐྱུར་མོ་དེས་ཁུ་བ་བྱས་ཏེ་མེར་ཅུང་ཟད་སྐོལ་ལ་མགོ་བོར་བྱུགས་པས་ཕན་ནོ། །ཤུག་པ་རུ་རྟ་བད་ཀན་ལ་བརྟེན་པའི་མགོ་བོ་ན་ན། ཨེ་རཎྜ། ར་ས་ནི། ཀུཥྛ། དནདའི་སྣུམ་མཉྫིཥྛ། བ་ཙ། བེ་བ་ར། ན་ག་ར་མོ་ཐ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུར་གར་སླ་ཞོ་ཙམ་སྦྱར་མེ་ལ་ཅུང་ཟད་བསྲོས་ཏེ་མགོ་བོར་བྱུགས་པས་ཕན་ནོ། །མཁྲིས་པ་ལ་བརྟེན་པའི་མགོ་བོ་ན་ན། ཤྭེ་ཏ་ཙན་དན། སེ་བ། དཎྜ་དུ་བ། ཀ་ཏ་ར་ཀི་རུ་རྟཛ་ལ། ཨམྦ་ལ། བཙོད་ཤུ་དག་ཀ་མ་ལ་ཀ་བ། མ་ནུ་གླ་སྒང་ཧུ་ལུ་ཧུ་ལུ་པི་ཛ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་མགོ་བོར་བྱུགས་པས་ཕན་ནོ། །ཡང་རླུང་མཁྲིས་བད་ཀན་སོགས་གང་ལ་བརྟེན་ཀྱང་ཙན་དན་དཀར་པོ་ཨ་རུ་ར་མགོ་བོ་ན་བའི་སྤྱི་སྨན་ནི། བ་ལའི་རྩ་བ་སྐྱུ་རུ་ར་ཀུཥྛ། མ་རི་ཙི། ཀ་ཡི་ཕ་ལ། ཀ་མ་ལའི་འབྲུ་ཧུ་ལུ་ཧུ་ལའི་འབྲུ་ཨེ་རཎྜ་ཀ་ཛ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་ནས་གར་སླ་ཞོ་ཙམ་ཆུར་སྦྱར་ལ་མེར་ཅུང་ཟད་བསྲེས་ཏེ་མགོ་བོར་བྱུགས་པས་མགོ་ནད་ཀུན་ལ་ཕན་ངེས་སོ། །ཡང་ན། པིཔྤ་ལ།༌༌༌དྲོད་སྨན་མ་རི་ཙི།༌༌༌ཕོ་རིས་རུ་རྟ་ཕོ་རིས་ཧ་རི་ཏ་ཀེ་༌༌༌ཨ་རུ་ར་རྣམས་ཆ་མཉམ་ཞིབ་པར་བཏགས་པ་གོང་གི་ཆུ་སྐྱུར་མོས་གར་སླ་ཞོ་ཙམ་སྦྱར་ལ་མགོ་


DTG211_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བྱུགས་པས་ཕན་ནོ། །སྐྲ་དཀར་ནག་པོར་གཏོང་ན། ལུ་ཧ་ཙརྞ། ནི་ལ་ཐོ་ཐ། ཏྲི་ཕ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས། དེ་ནས་ལྕགས་སྣོད་དུ། བྷངྒ་ར་སའི་ཁུ་བ་དང་མཉམ་དུ་ཉིན་གསུམ་གྱི་བར་ལེགས་པར་སྣུར་ལ་གར་སླ་ཞོ་ཙམ་བྱུང་བ་དང་རའི་ཆུས་གར་སླ་དང་བ་ཙམ་སྦྱངས་ལ་སྲོད་ལ་སྐྲ་རྒྱ་སྨ་ར་སོགས་ལྕགས་ཕྱེ་བིག་པན་འབྲས་བུ་གསུམ་གང་འདོད་ལ་བསྐུ་མཉེ་ལེགས་པར་བྱས་རྗེས་རས་བཀབ་སྟེ་བཞག །སང་ཉི་མ་ཤར་བ་དང་ཆུ་དྲོ་མོས་བཀྲུས་པས་ནག་པོར་འགྱུར་ངེས་ཤིང༌། སླར་ཡང་དཀར་པོ་བྱུང་ན་གོང་བཞིན་བྱས་པས་ཕན་ནོ། །བུད་མེད་ཀྱི་མངལ་ཁྲག་མང་དུ་འཛག་ནས་ན་ན། ག་ཛ་ཀེ་ས་རེ། ཏི་ཁུ་ར། ཤྭེ་ཏ་ཙན་དན། ཙན་དན་དཀར་པོ་བ་ལ་ལོ་ཙ་ན་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་འབྲས་བཀྲུས་པའི་ཁུ་བས་རྟ་བྱས་བཏང་ན་ཆོད་པར་འགྱུར་རོ། །ཡང་ན། ག་ཛ་ཀ་ས་རེ་དང་སི་ཏ་གཉིས་ཆ་མཉམ་ཞིབ་པར་བཏགས་པ་ཐང་ཐུན་ཆུང་ཕྱོགས་ཙམ་རེ་འབྲས་ཐ་རམས་བཀྲུས་པའི་ཁུ་བས་གར་སླ་ཞོ་ཙམ་བྱས་བཏང་ཀྱང་ཕན་ནོ། །ཡང་བུད་མེད་ཟླ་མཚན་མི་འཛག་ཅིང་ཕྲུ་གུ་མི་ཡོང་བ་ལ། ཏུམྦི་ཀ་བི་ཛ། ཡ་བ་ཁ་ར། གྷུ་ར། པིཔྤ་ལ། ཤེལ་དཀར་མེ་ན་པ་ལ། ཧ་ལ་དྷི་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་སེ་ཧུ་ཌ་ཀ་དུ་ཛས་སྦྱར་ལ་རས་ལྡེར་བྱུགས་ནས་མཚན་མར་བཅུག་པས་ཟླ་མཚན་དང་ལྡན་ཞིང་མངལ་འཛིན་པར་འགྱུར་ལ། ཤ་མ་མ་ཐོན་པ་ཡང་ཐོན་ཀུ་ཧའི་འབྲུ་བྱི་ཚེར་བ ཞིང་མོ་ནད་བུ་རམ་དྲོད་སྨན་དངོས་གཞི་ལ་ཡང་ཕན་ནོ། །མེ་ནའི་འབྲས་བུ་སྒ་སེར་ཡང་ན། སི་ར་ས་ཀ་པ་ཏ། ཛ་ཡེ་ཕ་ལ། ས་མུ་དྲ་ཕ་ན། བ་ཡེ་བི་རངྒ། ཨེ་ལ་ཡ་ཛི། ག་ཛ་ཀེ་ས་ར་རྣམས་ཆ་མཉམ་ཞིབ་པར་བཏགས་པ་ཐུན་ཚད་ཞོ་རེ་ཆུས་རིལ་བུ་སྒྲིལ་ལ་བ་མདོག་དཀར་རྐྱང་ངམ་ནག་རྐྱང་སོགས་ཁ་དོག་གང་ཡིན་ཡང་མདོག་གཞན་འདྲེས་པ་མེད་པ་བེའུ་ཕོ་སྐྱེས་པའི་འོ་མས་སི་ར་པའི་ལོ་མ་ཛཱ་ཏིའི་ལོ་མ་རྒྱ་མཚོའི་ལྦུ་བ་བྱི་ཐང་ཀ་ཀ་ཀོ་ལ་རྟ་བྱས་བཏང་བས་མངལ་དང་ལྡན་པར་འགྱུར་ལ། སྨན་གཏོང་རིང་འབྲས་ལ་ཟེ་མ་ཅུང་ཟད་བཏབ་པ། མར། སྦྲང་རྩི་


DTG211_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་འཇམ་པོ་ཚྭ་མེད་རྣམས་ལས་བཟའ་བཏུང་གཞན་མི་གཏོང༌། ཡང་ན། མ་རི་ཙེ། ཤུཎྛི། པིཔྤ་ལ། ག་ཛ་ཀེ་ས་ར། རངྒ་ན་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་བ་མར་བཞུས་པས་རྟ་བྱས་བཏང་ཀྱང་མངལ་དང་ལྡན་པར་འགྱུར་རོ། །ཡང་ན། ག་ཛ་ཀེ་ས་ར། ཨ་ས་གནྡྷ། སི་ཏ། གོ་ལོ་ཙ་ན་རྣམས་ཆ་མཉམ་ཞིབ་པར་བཏགས་ཕོ་རིས་ལྒ་དྲོད་སྨན་ལ་བ་མདོག་གཅིག་མ་བེའུ་ཕོ་སྐྱེས་པའི་འོ་མས་རྟ་བྱས་བཏང་ན་ཡང་སྦྲུམ་པར་འགྱུར་ལ། སྨན་གཏོང་རིང་འབྲས་ཟ་ཞིང་འོ་མ་འཐུང་ངོ། །ཡང་ན། ག་ཛ་ཀེ་སོ་ར་ཞིབ་པར་བ་སྤྲུ་བ་ཀ་ར་གི་ཧང་བཏགས་ལ་པ་མར་བཞུས་པས་རྟ་བྱས་ནས་བཏུངས་ཀྱང་གོང་དང་འདྲའོ། །ཡང་ངེས་པར་ཕྲུག་གུ་ཡོད་པའི་སྨན་མྱོང་གྲུབ་ནི། ལཀྵུ་མ་ནའི་རྩ་བ་ཞིབ་པར་བཏགས་ལ་བ་མདོག་གཅིག་མ་བེའུ་ཕོ་སྐྱེས་པའི་འོ་མས་རྟ་བྱས་ཏེ་བཏང་ན་ངེས་པར་མངལ་དང་ལྡན་པར་འགྱུར་རོ། །ཟས་སྤྱོད་གོང་དང་འདྲ། བུད་མེད་ཕྲུག་གུ་འཇུར་ནས་མི་སྡོད་ན། དྷ་བ་ཀ་ཕུ་ལ། ཀ་མ་ལ་ཀ་ཊ། བ་མ་ནེ་ཋི། ལ་ཛ་རུ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ། འབྲས་བཀྲུས་པའི་ཁུ་བས་རྟ་བྱས་བཏང་ན་འཇུར་བར་མི་འགྱུར་རོ། །སྦྲུམ་མ་བཙའ་མ་ཐུབ་པ་ལ། སེ་ཧུ་ཌའི་འོ་མ་རྐང་ལག་གི་སོར་མོ་རྣམས་དང་ལྟེ་བར་བྱུགས་ན་མྱུར་དུ་བཙའ་དྷ་བའི་འབྲུ་ཀ་མ་ལའི་འབྲུ་དམའ་རུ་མགོ་ནག་གི་རྩ་བ་ངེས་སོ། །ཡང་ན། མུཎྜའི་རྩ་བ་བུད་མེད་ཀྱི་མཁྲིག་མ་གཡོན་ལ་བསྡམས་ན་ཡང་བཙའ་བར་འགྱུར་རོ། །བུད་མེད་ཀྱི་མཚན་མ་ཆུང་ངུ་གཏོང་ན། བ་ཧི། ཀ་སེ་ལ། ཕ་ཊ་ཀི་རི། ལོ་དྷ། ཀསྤུ་ར། བེ་ར་ཛ་རེ། ཀ་ན་ཡ་ལའི་པགས་པ། མ་ཛུའི་འབྲས་བུ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ། མཚན་མའི་ནང་དུ་བླུགས་པས་ཆུང་ངུར་འགྱུར་རོ། །ཡང་ན། མ་ཡི། དྷ་བའི་མེ་ཏོག །ཕ་ཊི་ཀི་རི། མ་ཛུའི་འབྲས་བུ། ལོ་དྷ། བེ་ར་ཛ་ཏི།༌༌༌ཆི་པ་ཁའི་རྩ་བ་ག་པུ་ར་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་མཚན་མའི་ནང་དུ་བླུགས་ན་གོང་དང་འདྲའོ། །ཡང་ན། ཏྲི་ཕ་ལ་༌༌༌འབྲས་བུ་གསུམ་ལོ་དྷ། དྷ་བའི་མེ་ཏོག །ཛ་མུ་ནི་


DTG211_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཏྭ་རྩ་རྣམས་ཞིབ་པར་བཏགས་ལ་སྦྲང་དང་སྦྱར་ཏེ་བྱུགས་ཀྱང་གོང་དང་འདྲའོ། །ཡང་ན། ཀསྟུ་རི་དང༌། ཀུཥྛ་གཉིས་ཆ་མཉམ་ཞིབ་པར་བཏགས་ལ། སྦྲང་རྩིས་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་བ་མཚན་མར་བཅུག་པས་ཀྱང་གོང་དང་འདྲའོ། །བུད་མེད་ཀྱི་ནུ་མ་ཆུང་ངུ་གཏོང་ན། ཨ་ཛ་མུ་ནའི་བགས་པ་ས་གནྡྷ། དོ་ན་ག་ཛ་ཀེ་ས་ར། པིཔྤ་ལ། ཀ་སེ་ལ་རྣམས་ཆ་མཉམ་ཞིབ་གླ་རྩི་རུ་རྟ་པར་བཏགས་ལ་སླར་ཡང་ཆུ་བླུག་སྟེ་བརྡར་ལ་གར་སླ་ཞོ་ཙམ་ནུ་མར་བྱུགས་ན་ཆུང་ཞིང་མཛེས་པར་འགྱུར་རོ། །ཡང་བུད་མེད་ཀྱི་ནུ་མ་སྐྲངས་ན། གི་ཝ་ཀོ་ཊའི་ཤུན་པ་མེ་ལ་བསྲོས་ནས་བ་སྤྲུ་བ་མཁན་པ་དཀར་པོ་དྲོད་སྨན་ནུ་མར་སླན་ན་འཕྲལ་དུ་ཞི་བར་འགྱུར་རོ། །ཕོ་རྟགས་སྤོམ་རིང་མཁྲང་བ་སོགས་འདོད་ན། བངྒ་དང་དྷ་དུ་ར་ཆ་མཉམ་ཨ་མ་ཕ་ལའི་ཁུ་བ་དང་མཉམ་དུ་འདམ་བཏགས་ལེགས་པར་བྱས་ཏེ། རིལ་བུ་སྒྲིལ་ལ་གྲིབ་མར་སྐམས། དེ་ནས་སྐྱེས་པ་གཞན་དར་མའི་ཆུར་ཞོ་ཙམ་བརྡར་ལ་རིང་བར་ཕོ་རྟགས་ཀྱི་རྒྱབ་དང༌། སྦོམ་རིང་མཁྲད་གསུམ་སོ་མ་ར་ཙ་ཐང་ཕྲོམ་ཀ་འདོད་ན། སྒྱེར་ལོ་མན་ཡོངས་རྫོགས་ལ་བྱུགས་པས་ཇི་ལྟར་འདོད་པ་འབྱུང་ངོ༌། །ཡང་ཕོ་རྟགས་ཨ་ས་གནྡྷ། པ་ར། ག་ཛ་པིཔྤ་ལ་ཧ་ལ་དྷི། ཧ་རི་ཏ་ཀེ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་སྐྱེས་པ་གཞན་གྱི་ཆུས་ཞོ་ཙམ་སྦྱར་ལ་ཕོ་རྟགས་ཀྱི་སྒྱེར་ལོ་མན་ལ་བྱུགས་པས་ལས་སུ་རུང་བར་འགྱུར་རོ། །ཡང་འདོད་པ་སྤྱོད་མི་ནུས་པ་ལ། ལ་ཛ་རུ། སེ་ཛུའི་ཁུ་བ་དང༌། བ་སྤྲུ་བ་དངུལ་ཆུ་དྲོད་སྨན་སྒ་སེར་ཨ་རུ་ར་རའི་འོ་མར་བརྡར་ལ་རྐང་ལག་གི་སེན་མོ། །རྐང་མཐིལ། ལྟེ་བ་རྣམས་ལ་བྱུགས་ན་འདོད་པ་སྤྱོད་ནུས་སོ། །ཡང་དངས་མ་འཕེལ་ཞིང་རོ་ཙ་བར་འདོད་ན། ཏ་ལ་མ་ཁ་ན། མཱུ་ས་རི་ཀནད། ཤུཎྛི།༌༌༌ལྒ་གོ་ཁ་རུ།༌༌༌གཟེ་མ་ར་མགོ །ཀ་བ་ཚ་ཀ་བི་ཛ། ༌༌༌ཀ་བ་ཚའི་འབྲུ་ཨ་ས་གནྡྷ།༌༌༌བ་སྤྲུ་བ་སམྦ་རི་ཕུ་ལ། ༌༌༌པདྨ་གེ་སར་པ་ལ་ལོ་ཙ་ན། ས་ཏ་བ་རི། མོ་ཙ་ར་༌༌༌མ་ནུ་རྟ་རྐང་སའི་ཐང་ཆུ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཉིས་འགྱུར་ཙམ་རེ་ཤེལ་དཀར་མང་ཉུང་དེ་དང་


DTG211_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་རེ་དང་མཉམ་དུ་བའི་འོ་མ་ཕོར་གང་ཙམ་ལ་བཏབ་ནས་ཉིན་བཅུ་བཞིའི་བར་བཏང་བས་སྟོབས་བསྐྱེད་ཅིང་དངས་མ་འཕེལ་ལ་འདོད་པ་ཅི་འདོད་སྤྱོད་ནུས་པར་འགྱུར་རོ། །ཡང་ན། ཀུངྐུམ། སིངྒ་ར་བ། ཛ་ཡེ་ཕ་ལ། ཏ་ལ་མ་ཁ་ན། ཀ་བ་ཚ་ཀ་བི་ཛ། ཏ་ཛ་མསྟ་ཀི། ཨ་ཀ་ར་ཀ་ར། ཏུམྦ་ལུ། ལ་ཝངྒ། ཏེ་ཛེ་པ་ཏྲ་རྣམས་ཆ་མཉམ་གྱི་ཆ་གཅིག །ཨ་ཕི་མ་ཆ་གཅིག །ཁུ་ར་ས་ནི་ཨ་ཛ་ཝ་ནི་ཆ་གསུམ་རྣམས་ཞིབ་པར་བཏགས། དེ་ནས་སོ་མར་གུར་གུམ་རྒྱ་མཚལ་ཛཱ་ཏི་ཙའི་ཁུ་བས་རིལ་བུ་སྲན་མ་ཀ་བ་ཚེའི་འབྲུ་ཉིས་འགྱུར་ཙམ་སྒྲིལ་ལ་ཉལ་གདོང་རིལ་བུ་རེ་ཟོས་ལི་ཤི་པས་ཅི་འདོད་སྤྱོད་ནུས་སོ། །ལུས་ཀྱི་བསེ་དྲི་མེད་པར་འདོད་ན། ན་ག་ར་མོ་ཐ། ལ་ལ་ཕུད་ཆུང་བ་བེ་ལ་ཀ་བི་ཛ། ཧ་རི་ཏ་ཀ །ཨམྦ་ལི་ཀ་ཕ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུར་སྦྱར་ནས་མཚན་ཁུང་འོག་ལ་ཡང་ཡང་ཕྱུགས་པས་མེད་པར་འགྱུར་རོ། །ཁ་དྲི་མི་ཞིམ་པ་ལ། བེ་ལ། ན་རི་ཨ་ར་ཀི་ག་རི། ཨི་ལ་ཡ་ཙི། ཛ་ཡེ་པ་ཏྲི། མ་ནུ་གླ་སྒང་ཏ་ཛ། བིལ་བའི་འབྲུ་ཨ་རུ་ར་ཨམྦ་ལིའི་འབྲས་བུ་ག་ཛ་ཀེ་ས་ར། ཛ་ཡེ་ཕ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་སྦྲང་རྩིས་རྟ་བྱས་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་བ་ཉལ་གདོང་ཁར་བཅུག་ནས་གཉིད་དུ་བིལ་བ་བེ་རེའི་འབྲས་བུའི་ནང་ཀ་ཀོ་ལ་ཛཱ་ཏིའི་མེ་ཏོག་ཉལ་ན་དྲི་ངན་པ་མེད་པར་འགྱུར་རོ། །རླུང་གི་ནད་རིགས་བརྒྱད་ཅུ་རྩ་བཞི་ལ་ཐེངས་པས་ཆོག་ཛ་ཏི་པའི་སྤྱི་འཇོམས་འཆི་མེད་རིལ་བུའི་སྦྱོར་བ་ནི། ཙི་ཏྲ་ཀ་དང་ཧ་རི་ཏ་ཀེ་གཉིས་ཞོ་སུམ་ཅུ་རེ། གནྡྷ་ཀ་ཞོ་ཉི་ཤུ། ཤུཎྛི། པིཔྤ་ལ། པིཔྤ་ལ་ཀ་མུ་ལ་གསུམ་ཞོ་བཅུ་རེ། ཀུཥྛ། ན་ག་ར་མོ་ཐ། ཨེ་ལ་ཡ་ཙི། བི་ཥ། ཨ་ཀ་ར་ཀ་ར་ཏ། ཏ་ཛ་རྣམས་ཞོ་ལྔ་རེ་བཅས་ཞིབ་པར་བཏགས་ལ་བུ་རམ་རྙིང་པ་ཞོ་སུམ་ཅུ་སོ་བརྒྱད་ཀྱིས་ཨ་རུ་ར་རྟ་བྱས་རའི་ཆུ་ཅུང་ཟད་ཅིག་བླུག་མུ་ཟི་སེར་པོ་ལྒ་དྲོད་སྨན་པི་པི་ལིང་གི་རྩ་བ་སྟེ་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་ཏུསྟ་མ་ནུ་གླ་སྒང་སུག་སྨེལ་སྨན་ཆེན་ལ་བཏང་བས་རླུང་ལ་བརྟེན་པའི་ནད་ཚ་གྲང་གསར་རྙིང་གང་ལ་ཡང་འདིས་མི་ཕན་པ་མེད་དོ། །སྨན་གཏོང་རིང་རོ་སྐྱུར་


DTG211_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིགས་དང་ལ་ཕུག་མི་ཟའོ། །རིག་པ་འདི་ནི་རྒྱ་མཚོ་དང་མཚུངས་ཏེ། །མཚོ་ལས་དབུལ་སེལ་རིན་ཆེན་མཐའ་དག་འབྱུང༌། །འདི་ཉིད་ལས་ནི་སྐྱེ་དགུའི་ཚ་གྲང་ནད། །ཞི་བྱེད་བདུད་རྩི་མ་ཚང་མེད་པར་འབྱུང༌། །འདི་དོན་རྟོགས་ཤིང་ཁོངས་སུ་ཆུད་གྱུར་ན། །རང་གཞན་ཀུན་ལ་ཕན་བདེ་མ་ལུས་པ། སྟེ་ར་བའི་ནོར་བུ་རིན་ཆེན་གཞན་ན་མེད། །ཚུལ་དེར་འབད་པ་དྲག་པོས་འཇུག་པར་རིགས། །མེས་པོས་ཚེ་རིགས་མཐའ་མེད་རྒྱ་མཚོ་ལས། །སྙིང་པོའི་བཅུད་བསྡུས་ལེགས་བཤད་གཡོ་བ་ཅན། །ཇི་སྲིད་ནམ་མཁའ་གཟུགས་སུ་མ་གྲུབ་པར། །དར་རྒྱས་སྐྱེ་དགུའི་སྡུག་བསྔལ་སེལ་གྱུར་ཅིག །ཅེས་ཚངས་པའི་རིག་བྱེད་རྒྱ་མཚོའི་ཡན་ལག་འཛིན་པ་གཡོ་བ་ཅན་ཞེས་བྱ་བ་བྲམ་ཟེའི་རིགས་ལས་ཚེའི་རིག་བྱེད་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་སརྦ་ཧ་ཏཱི་མྲྀ་ཏ་དཏྟ་སྟེ་ཀུན་ཕན་བདུད་རྩི་སྦྱིན་ཞེས་བྱ་བས་མཛད་པ་རྫོགས་སོ།། །།