Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བརྒྱད་པ།


   
   
   
   
   
   
   
   
   
   
   
རྐྱེན་གསུམ་བཤད་པ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྐྱེན་གསུམ་བཤད་པ། next

རྐྱེན་གསུམ་བཤད་པ།


DTG211_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གསུམ་བཤད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཏྲི་ཎི་བྲ་ཏྱ་ཡ་བྷ་ཥཱཾ། བོད་སྐད་དུ། རྐྱེན་གསུམ་བཤད་པ།


DTG211_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བརྗོད་བྱ་བདེ་བླག་རྟོགས་བྱེད་གར། །སྒྲ་བཟང་ཡིན་གྱི་ལྷ་སྐད་ཉིད། །མིན་ཀྱང་དེ་བཞིན་རྟོགས་བྱའི་ཕྱིར། །དེ་རྐྱེན་འཇུག་ཚུལ་སྐད་གཞན་ལའང༌། །མཚུངས་ཕྱིར་ངག་གི་དབང་ཕྱུག་གི །ཞབས་ལ་བཏུད་དེ་འདིར་བརྗོད་བྱའོ། །དེ་ལ་རྐྱེན་ཞེས་བྱ་བ་ནི་ཁམས་ཉེ་བར་སྒྱུར་བར་བྱེད་པ་སྟེ་དེའང་དུ་ཞིག་ཅེ་ན། གསུམ་སྟེ། ཙནྡྲ་བྱ་ཀ་ར་ན་ཞེས་བྱ་བའི་ལེགས་སྦྱར་དག་ལས་འདི་སྐད་དུ། སྤྱི་དང་གྲངས་མེད་དངོས་བཤད་པ། །རྐྱེན་ནི་རྣམ་པ་གསུམ་དུ་གནས། །ཕྱོགས་ནི་མདའ་མིག་ཟླ་བ་ལ། །དབང་པོ་རི་ཟླ་བསྣན་རིམ་བཞིན། །ཞེས་གསུངས་སོ། །དེ་ལ་འདིར་སྤྱི་ལ་འཇུག་པའི་རྐྱེན་ནི། ཏཱ་པཱད། མ་ཏུ་པ། ལ་ཙ་ཡ། ཨི་ལ་ཙ། ཤ་ན་ནོ། ཨུ་ར་ཙ། བ། བ་ལ་ཙ། ཨི་ནི། ཐ་ན། བི་ནི། ཡུས་བྨི་ནི། ཨཱ་ཙ་ལ། ཨཱ་ཊ་ཙ། ཨི་ན་ཙ། ཨ་ར་ཀ །ཨི་ལུ་ཙ། ཨི་ལུ་ཙ། ཙེ་ལུ། ཙུ་ལ། ཨཎ། བུ་ན། ཁཉ། ཨིཉ། ཕཀ །སྤཉ། དྷཀ །ཨཻ་རཀ །ཨེ་ར་ཀ །ཨཱ་ར་ག །གྷ་།ཁ། ཎྱུ། ཡ་ཏ། ཨཱི་ཏ། ཨཱི་ཏ་ཙ། ན། ཙུཉ་ཙུ་ཡ། ཙ་ཎ་པ། ཨིཥྠ་ཎ། ཨི་ཡ་ས་ན། ཏ་ར་པ། ཏ་མ་པ། ཀ་ལྱ་པ། ད་ཤྱ་ད་ཤྲི་ཡ་ར། ཛ་ཏི་ཡ་ར། དྭ་མ་ཥ་ཊ། ད་གྷ་ཊ། མཱ་ཏྲཌ། ཏྲ་ཡཌ། ཐ་ཀ །ཐ་ཉ། ཞེས་བྱ་བ་རྣམས་སོ། །དེ་ལ་པུ་རུ་ཥ་ཏཱ་བཱད་ནི། གུ་ཎོ། ཡ་སྱ། ཨསྟི། ཡསྨིན་བཱ། བི་དྱ་ཏེ། ཏ་སྱ། གུ་ཎ་བན། པུ་རུ་ཥ། ཞེས་བྱ་བ་སྟེ། གང་ལ་ཡོན་ཏན་ཡོད་པ་གང་ཡིན་པ་དེའང་སྐྱེས་བུ་ཡོན་ཏན་ཅན་དུ་རིག་པར་བྱ་སྟེ། འདིར་ཏཱ་བཱད་ཅེས་བྱ་བ་ཅན་ཞེས་བྱ་བར་གྱུར་པའོ། །གང་དང་གང་ལ་ཡོན་ཏན་ཡོད་པ་གང་ཡིན་པ་དེའང་སྐྱེས་བུ་ཡོན་ཏན་ཅན་དག་ཏུ་རིག་པར་བྱའོ། །གང་རྣམས་ལ་ཡོན་ཏན་ཡོད་པ་དེའང་སྐྱེས་བུ་ཡོན་ཏན་ཅན་རྣམས་སུ་རིག་པར་བྱའོ། །གང་ལ་ཡོན་ཏན་ཡོད་པ་གང་ཡིན་པ་དེ་ནི་ཡོན་ཏན་ཅན་མའི་བུད་མེད་དུ་རིག་པར་བྱའོ། །ཡོན་ཏན་ཅན་མ་དག །ཡོན་ཏན་ཅན་མ་རྣམས་ཞེའོ། །


DTG211_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཡོན་ཏན་ཅན་གྱི་རིགས་ཡོད་པ་གང་ཡིན་པ་དེའང་ཡོན་ཏན་ཅན་གྱི་རིགས་ཅན་ནོ། །མ་ཏུ་པ་ནི། པཱི་བཤད་པ་ནི་པ་ཀ་ར་སྭཱ་རཱ། ཨརྠ་ཞེས་བྱ་བ་སྟེ་པ་ཡིག་ནི་དབྱངས་ཀྱི་དོན་ནོ། །ཨུ་ཀཱ་ར་ཨུ་གི་ཏ་རྭ་ཞེས་བྱ་སྟེ། ཨུ་ཡིག་ནི་བརྗོད་པའི་དོན་ནོ། །མ་ཏ་ནི་ལྡན་པའི་དོན་ནོ། །ལ་ཙ་ཡ་ནི། ཇི་ལྟར། ཙུ་ཊ། ཡསྱ། ཨསྟི། ཡསྨིན་པཱ། བདྱ་ཧེ། ས་ཙུ་ཌ་ལཿ། ཀུ་མཱ་ར། ཞེས་བྱ་སྟེ། གང་ལ་གཙུག་ཕུད་ཡོད་པ་གང་ཡིན་པ་དེའང་གཙུག་ཕུད་ཅན་ཏེ་གཞོན་ནུར་རིག་པར་བྱའོ། །འདིར་ལའི་དོན་ཅན་དུ་གྱུར་པར་ཤེས་པར་བྱའོ། །གཞོན་ནུ་མ་གཙུག་ཕུད་ཅན། བྲམ་ཟེའི་རིགས་གཙུག་ཕུད་ཅན། ཨརྒ་ལཿ་ཞེས་པ་ཡན་ལག་ཅན་འདི་ནི་ལ་ཙའོ། །ཨི་ལ་ཙ་ནི་ཇི་ལྟར་ཕེ་ནོ་ཡ་སྱ་ཨ་སྟི་ས་ཕེ་ནི་ལཿ་ཞེས་བྱ་སྟེ། གང་ལ་ལྦུ་བ་ཡོད་པ་དེ་ནི་ལྦུ་བ་ཅན་ཏེ། འདིར་ཨི་ལིའི་སྒྲ་ཅན་དུ་ཤེས་པར་བྱའོ། །ལྦུན་ཅན་མ་ལྦུའུ་ཅན་ཞེས་བྱ་སྟེ། ཕ་ལ་སོགས་པ་ལ་ཨི་ལ་ཙ་སྦྱར་རོ། །གང་ལ་ལྟེ་བ་འབུར་བ་ཡོད་པ་དེ་ནི་ལྟེ་འབུར་མ་འམ། ལྟེ་འབུར་ཅན་ཏེ། ཏུན་གྱི་ལ་ཞེས་པའི་སྒྲ་ལ་ཨི་ལ་ཡོད་པའི་ཚིག་ཏུ་སྦྱར་རོ། །ཤ་ནི་ཇི་ལྟར་ལོ་མ་ཤ་ཞེས་བྱ་སྟེ། གང་ལ་སྤུ་ཡོད་པ་དེ་ནི་སྤུ་ཅན་ཞེས་བྱ་བ་ལ། འདིའི་ཤ་ཡོད་པའི་ཚིག་ཏུ་སྦྱར་རོ། །སྦུ་ཅན་མ་སྦུ་བུ་ཅན་ཞེས་བྱ་སྟེ། ལོ་མ་ཤཱ། ལོ་མ་ཤཾ། ཞེས་བྱ་བ་རིང་པོ་དང་སྣ་དང་ལྡན་པ་གཉིས་མོའི་རྟགས་དང་མ་ནིང་གི་རྟགས་སུ་སྦྱར་རོ། །ན་ཞེས་བྱ་བ་ནི། པཱ་མ་ནཿ་ཞེས་བྱ་སྟེ། གང་ལ་ཤུ་བ་ཡོད་པ་དེ་ནི་ཤུ་ཅན་ཏེ་འདིར་ནཿ་ཅན་གྱི་དོན་དུ་སྦྱར་རོ། །པཱ་མ་ནཱ། པཱ་མ་ནཾ། ཞེས་བྱ་བ་རིང་པོ་དང་སྣ་དང་ལྡན་པའི་དོན་གྱིས་སྔ་མ་བཞིན་དུ་སྦྱར་ཏེ། ཤུ་ཅན་མ་ཞེས་པ་ལ་སོགས་པར་སྦྱར་རོ། །ཎོ་ཞེས་བྱ་བ་ནི་ཇི་ལྟར་པྲཛྙཱ་ཥྠ་ཏྲཿ་ཞེས་བྱ་བ་ཤེས་རབ་གནས་པ་ཅན་ཡིན་ཏེ་འདིར་ཎོ་ཚེག་དྲག་ཏུ་གྱུར་པ་འདི་ནི་ལྡན་པའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་དུ་སྲ་དྷཿ་བཏཿ་ཞེས་བྱ་བ་རྣམས་ལ་ཡང་དད་པ་ཅན་ཞེས་སྦྱར་ཏེ། དེ་བཞིན་དུ་རིང་པོ་དང་སྣ་དང་ལྡན་པས་ཀྱང་མོ་དང་མ་ནིང་དུ་འགྱུར་རོ། །ཨུ་ར་ཙ་ཞེས་བྱ་བ་ནི་ཇི་ལྟར་དོནྟོར་ཞེས་


DTG211_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སོ་མཐོ་བས་སོ་ཅན་ཡིན་ཏེ། འདིར་ཨུ་ར་ཞེས་བྱ་བའི་ཚིག་ཏུ་སྦྱར་རོ། །རིང་པོ་དང་སྣ་དང་ལྡན་པའང་དེ་བཞིན་ནོ། །དནད་ར་ཞེས་བྱ་བའི་ཚིག་གི་ཕྲད་ནི་སོ་མཐོ་བ་ཡོད་པར་སྟོན་པའི་ཚིག་གི་རྐྱེན་ཡིན་ནོ། །རི་ཞེས་བྱ་བ་ནི་ཇི་ལྟར་མ་དྷུ་རོ་ཞེས་བྱ་བ་གང་ལ་མངར་བ་ཡོད་པ་དེ་ནི་མངར་བ་ཅན་ཏེ་རོའོ། །འདིར་རོའི་སྒྲ་ལྡན་པར་སྦྱར་རོ། །དེ་བཞིན་སུ་ཀ་ར་ཞེས་བྱ་བ་ཡང་རོའི་ཚུལ་བཞིན་དུ་འགྱུར་རོ། །བླ་ཞེས་བྱ་བ་ནི་ཇི་ལྟར་ཀེ་ཤ་པཿ་ཞེས་བྱ་བ་གང་ལ་སྐྲ་མང་པོར་ཡོད་པར་དེ་སྐྲ་ཅན་ཏེ་འདིར་པའི་དོན་ལྡན་པའི་དོན་དུ་སྦྱར་རོ། །རིང་པོ་དང་སྣ་དང་ལྡན་པའང་དེ་བཞིན་ནོ། །དེ་བཞིན་དུ་མ་ཎི་བཿ་ཞེས་བྱ་བ་ནོར་བུ་ཅན་ཡིན་ཏེ་བ་ལྡན་པར་སྦྱར་བ་དང༌། ཧི་ནུ་བཿ་དབྱིག་ཅན་ཞེས་བྱ་བ་ལ་སོགས་པ་སྟེ་བ་ལྡན་པའི་དོན་དུ་སྦྱར་ལ། རིང་པོ་དང་སྣ་དང་ལྡན་པར་བ་དེ་བཞིན་དུ་སྦྱར་རོ། །བ་ལྟ་ཙ་ཞེས་བྱ་བ་ནི་ཇི་ལྟར་ར་ཛ་བ་ལོ་ཞེས་བྱ་བ་རྡུལ་ཅན་ནམ་མཚོ་ཅན་ཡིན་ཏེ། ལམ་མཚོ་བུད་མེད་ལ་འཇུག་པ་ཡིན་པ་ལས་འདིར་བ་ལའི་དོན་ལྡན་པའི་དོན་དུ་སྦྱར་རོ། །དེ་བཞིན་དུ་དཀྲི་ཤི་བ་ལ་ཞིང་པ་ཞེས་བྱ་བར་འགྱུར་བ་དང༌། པ་རཱད་པ་ལ་འཁོར་བ་ཅན་ཞེས་སྦྱར་ལ་རིང་པོ་དང་འདྲེན་པ་ཡང་སྔ་མ་བཞིན་ནོ། །འདི་དག་ལ་སོགས་པ་ནི་བ་ལ་ཙའོ། །ཨི་ནི་༡༡་ཞེས་བྱ་བ་ནི་ཇི་ལྟར་དྷ་ནི་ཞེས་བྱ་བ། ནོར་ཅན་ཡིན་ཏེ་འདིར་ཨི་ལྡན་པའི་དོན་དུ་སྦྱར་རོ། །དེ་བཞིན་དུ་དནྟི་ཞེས་བྱ་བ་སོ་ཅན་དང༌། ཧསྟི་ཞེས་བྱ་བ་ལག་པ་ཅན་དང། གཞན་ཡང༌། ན་ལི་ནི། པདྨི། ཀུ་མུ་ཏི་ནི། ཞེས་བྱ་བ་ལ་སོགས་པ་སྟེ། མེ་ཏོག་འདི་དག་ལ་ཨི་ནི་ཞེས་བྱ་བ་ཡོད་པའི་རྐྱེན་དུ་སྦྱར་ཏེ། པདྨ་ཅན། ཀུ་མུཏ་ཅན་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །རྟགས་གསུམ་པོ་ཡང་དེ་བཞིན་དུ་སྦྱར་རོ། །ཐ་ན་༡༢་ཞེས་བྱ་བ་ནི་ཇི་ལྟར་དྷ་ནི་ཀ་ཞེས་བྱ་བ་ལྟ་བུ་སྟེ་འདིར་ཨི་ཀ་ལྡན་པའི་རྐྱེན་དུ་སྦྱར་རོ། །དེ་ཡང་ཨི་ནི་ཐ་ནར་གྱུར་པ་སྟེ་གང་ལ་ཨི་གཅིག་བྱིན་ནས་ཐ་ན་ཀའི་རྐྱེན་དུ་སྦྱར་རོ། །རྟགས་གསུམ་ཡང་དེ་བཞིན་ནོ། །བི་ནི་༡༣་ཞེས་བྱ་བ་ནི་ཡ་ཤ་སྣི་ཞེས་བྱ་བ་དང༌། མཱ་ཡཱ་བི་ཞེས་བྱ་བ་ལྟ་


DTG211_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བུར་གྲགས་པ་ཅན་དང༌། སྒྱུ་འཕྲུལ་ཅན་ཏེ་འདིར་བིའི་སྒྲ་ལྡན་པ་ལ་འཇུག་གོ །མོའི་རྟགས་ལ་ནི་བི་ནའི་སྒྲ་ལྡན་པ་ལ་འདུག་སྟེ། ཡ་ཤཱ་སྣཱི་མཱ་ཡཱ་བི་ཞེས་བྱ་སྟེ་གྲགས་མ་སྒྱུ་འཕྲུལ་མ་ཞེས་བྱའོ། །མ་ནིང་གི་རྟགས་ནི་སྣ་དང་ལྡན་པ་སྟེ་དེ་བཞིན་ནོ། །ཡུ་ས་༡༤་ཞེས་བྱ་བ་ནི་ཇི་ལྟར་ཨུར་ཎ་ཡུཿ་ཞེས་བྱ་བ་མཛོད་སྤུ་ཅན་ཡིན་ཏེ། འདིར་ས་ཚེག་དྲག་ཏུ་སྦྱར་ནས་ཡུཿ་ཞེས་བྱ་བ་ལྡན་པའི་དོན་དུ་སྦྱར་རོ། །རྟགས་གསུམ་ནི་སྔ་མ་བཞིན་ནོ། །གྨི་ནི་༡༥་ཞེས་བྱ་བ་ནི་ཇི་ལྟར་བཱ་གྨི་ནི་ཞེས་བྱ་བ་དག་ཅན་ཡིན་ཏེ། འདིར་གྨི་ནི་ཞེས་བྱ་བ་ལྡན་པའི་དོན་དུ་སྦྱར་རོ། །རྟགས་གསུམ་ཡོང་པ་དེ་བཞིན་ནོ། །ཨཱ་མཱི་ལ་༡༧་ཞེས་བྱ་བ་ནི་བཱ་ཙ་ལཿ། ཞེས་བྱ་བ་སྨྲ་བ་ཅན་ནམ་སྨྲ་མངས་ཡིན་ཏེ། གང་མང་པོར་སྨྲ་བ་དང་ལྡན་པ་དེ་ནི་སྨྲ་མངས་སམ་སྨྲ་བ་ཅན་ཡིན་ནོ། །རྟགས་གསུམ་ཡང་དེ་བཞིན་ནོ། །ཨཱཊ་ཙ་ཞེས་བྱ་བ་ནི་ཇི་ལྟར་བཱ་ཙ་ཊཽཿ། འདི་ཡང་སྨྲ་བ་ཅན་ཡིན་ཏེ། གང་མང་པོར་སྨྲ་བ་དང་ལྡན་པ་དེ་ནི་སྨྲ་མངས་སེམས་སྨྲ་བ་ཅན་ཡིན་ནོ། །རྟགས་གསུམ་ཡང་དེ་བཞིན་ནོ། །ཨ་ནི་༡༨་ཞེས་བྱ་བ་ནི་ཇི་ལྟར་ཕ་ལི་ནོ་ཞེས་བྱ་བ་འབྲས་བུ་ཅན་ཡིན་ཏེ། གང་ལ་འབྲས་བུ་ཡོད་པ་དེ་ནི་འབྲས་བུ་ཅན་ཏེ་ཤིང་ཞེས་བྱའོ། །ནོ་ཞེས་བྱ་བ་ནི་ན་རོ་ནི་ཕོའི་རྟགས་སུ་སྟོན་པའོ། །མོ་ལ་ནི་པ་ལི་ན་ཞེས་རིང་པོར་འདྲེན། མ་ནིང་ལ་ནི་ཕ་ལི་ནམ། །ཞེས་བྱ་བ་སྣ་དང་ལྡན་པར་འདྲེན་ཏེ། འདིར་ཤིང་གི་འབྲས་བུ་ལ་རྟགས་རྣམས་གསུམ་སྦྱོར་བ་ན་ཕོའི་རྟགས་ནི་ཤིང་གི་འབྲས་བུ་རགས་པ་ལ་སྦྱར་རོ། །མོའི་རྟགས་ནི་འཁྲི་ཤིང་དང་ལྕུག་མའི་འབྲས་བུ་ལ་སྦྱར་རོ། །མ་ནིང་གི་རྟགས་ནི་སྤྱིའི་རིགས་ལ་སྦྱར་ཏེ་པ་ནགས་ཚལ་ལ་སྦྱར་རོ། །དེ་བཞིན་དུ་བ་དྷི་ནོ་ཞེས་བྱ་བ་མདོངས་ལྡན་ཏེ་རྨ་བྱ་ཕོ། །བརྷི་ནཱ་ཞེས་བྱ་བ་མདོངས་ལྡན་མ་སྟེ་རྨ་བྱ་མོ། །བ་ར་ཧི་ནཾ་ཞེས་བྱ་བ་མདོངས་ལྡན་ཏེ་ནགས་སོ། །དེ་བཞིན་དུ་མ་ལི་ན་ཞེས་བྱ་བ་དྲི་མ་ཅན་ལ་སོགས་པ་ལ་ཡང་སྦྱར་རོ། །ཨ་ར་ཀ་༡༧་ཞེས་བྱ་བ་ནི་བྲི་དཱ་ཀ་ཞེས་བྱ་བ་རྩ་བ་ཅན་ནམ་ཚོགས་ཅན་མ་ཡིན་ཏེ། འདིར་ཨཱ་ར་ཀ་ལྡན་པ་ཡོད་པའི་རྐྱེན་དུ་སྦྱར་རོ། །ཤྲིངྒ་ར་ཀོ་ཞེས་བྱ་བ་རྭ་


DTG211_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཏེ་མ་ཧེ། ཤྲིངྒ་ར་ཀཱ་ཞེས་བྱ་བ་རྭ་ཅན་མ་སྟེ་མ་ཧེ་མོའོ། །ཤྲིངྒཱ་ར་ཀ་ཞེས་བྱ་བ་རུ་རིངས་ཏེ་རིགས་སོ། །རིགས་ནི་མ་ནིང་གི་རྟགས་སོ། །ཨཱ་ལུ་ཙ་༢༠་ཞེས་བྱ་བ་ནི་ཇི་ལྟར་ཤཱ་ཏཱི་ལུཿ། ཞེས་བྱ་བ་ནི་གྲང་བ་ཅན་ཡིན་ཏེ། གྲང་བ་དང་ལྷན་ཅིག་པ་ནི་གྲང་བ་ཅན་ཞེས་བྱའོ། །དེ་བཞིན་དུ་ཨུཥྣ་ལུཿ་ཞེས་བྱ་བ་དྲོ་བ་ཅན་དང༌། ཏྲི་བ་ལུཿ་ཞེས་བྱ་བ་སྐོམ་པ་ཅན་དང༌། འདིར་ཡང་ཨ་ལུཿ་ཞེས་བྱ་བའི་སྒྲ་ཡོད་ཅིང་ལྡན་པར་སྟོན་ཏོ། །ཙ་ལུ་༢༡་ཞེས་བྱ་བ་ཇི་ལྟར་ཧེ་མེ་ལུཿ་ཞེས་བྱ་བ་གངས་ཅན་ཡིན་ཏེ། འདིར་ཨེ་ལུ་ཞེས་བྱ་བ་ནི་ཡོད་པའི་རྐྱེན་ནི་གཞན་སྡུད་པའི་ཚིག་གི་ཕྲད་ཡིན་པར་ཟད་དོ། །ཙུ་ལ་༢༢་ཞེས་བྱ་བ་ནི་ཇི་ལྟར་པ་ལུ་ལ་ཞེས་བྱ་བ་སྟོབས་ཅན་ཡིན་ཏེ་སྟོབས་དང་བཅས་པ་ནི་སྟོབས་ཅན་ནོ། །འདིར་ཨུ་ལ་ནི་ཡོད་པའི་རྐྱེན་དུ་སྦྱར་ལ་ཙ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་བ་ཏ་ལཿ་ཞེས་བྱ་བ་གདུང་བ་ཅན་ཡིན་ནོ། །ཨ་ཎ་༢༤་ཞེས་བྱ་བ་ནི་བ་ཤཥྚཿ་ཞེས་བྱ་བ། བ་ཤིཥྚཿ་ནི་དྲང་སྲོང་གནས་འཇོག་གི་མིང་ཚེག་དྲག་ནི་ཨ་ཎ། ཞེས་བྱ་བའི་མཚན་མ་ཡིན་ཏེ། འདི་ཡང་ཡོད་ཅིང་ལྡན་པར་སྟོན་པའི་ཚིག་གི་རྐྱེན་ཡིན་པ་ལས་སྐབས་འདིར་སྐྱེས་པ་རྐྱེན་ཡིན་ཏེ། གནས་འཇོག་ལ་ནི་སྐྱེས་པའི་ཕྱིར་གནས་འཇོག་པོའམ། གནས་འཇོག་གི་བུ་ཞེས་པའོ། །ཨངྒི་རསཿ་ཞེས་བྱ་བ་ཉི་མ་ལས་སྐྱེས་པའི་ཕྱིར་ཉི་མ་འམ། ཉི་མའི་རིགས་སམ་ཉི་མའི་བུ་ཞེས་བྱའོ། །དེ་བཞིན་དུ་ན་ཀུ་ལཿ་ཞེས་བྱ་བ་ན་ཀུ་ལཿ་འི་བུའོ། །བ་སུ་དེ་བཿ་ཞེས་བྱ་བ་ནོར་ལྷའི་བུའོ། །འདི་དག་ལ་སོགས་པ་སྐྱེས་པ་སྔོན་དུ་བརྗོད་པ་འདི་ཡང་ཨཎའོ། །སྤྱིར་ལྡན་པའི་རྐྱེན་ཡིན་པ་ལས་འདི་དག་ཉིད་ནི་སྐྱེས་པའི་རྐྱེན་ཞེས་ཀྱང་བྱའོ། །ཨ་ཤྭཿ་པ་ཏི་ཁུ་སུཿ་པ་ཏི་ཞེས་བྱ་བ། རྟའི་བདག་པོ་དང་ནོར་གྱི་བདག་པོ་ཡིན་ཏེ། བདག་པོར་སྐྱེས་པས་བདག་པོར་སྟོན་པའི་ཚིག་གི་རྐྱེན་དུ་སྟོན་པར་སྦྱར་རོ། །བུདྡྷཿ་ཏ་ཐཱ་ག་ཏ། ཞེས་བྱ་བ་འདི་དག་སངས་རྒྱས་སམ་དེ་བཞིན་གཤེགས་པ་རྣམས་ལྷར་སྟོན་པའི་ཚིག་གི་རྐྱེན་ཡིན་ནོ། །ལྷ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པར་སྟོན་པའི་ཚིག་གི་རྐྱེན་ནོ། །ཀ་ཤ་ཡཾ་ཞེས་བྱ་བ་


DTG211_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་སྨིག་གིས་བསྒོས་པ་ཡིན་པས་ངུར་སྨིག་མ་ཞེས་བྱའོ། །དེ་བཞིན་དུ་ཀུངྐུ་མ་ཞེས་བྱ་བ་གུར་གུམ་མ་ཞེས་བྱ་སྟེ་གུར་གུམ་གྱིས་བསྒོས་པའི་རས་ནི་གུར་གུམ། མེ་ཏོག་གིས་བསྒོས་པའི་རས་ནི་མེ་ཏོག་མ་ཞེས་བྱ་བ་ལ་སོགས་པ་སྟེ། བསྒོས་པའི་ཚིག་གི་རྐྱེན་འདི་ཡང་ཨ་ཎ་ཡིན་ནོ། །འདི་ལྟ་བུ་ལ་ནི་རྒྱ་གར་གྱི་ཡི་གེ་ལ་ཡང་མ་ཞེས་བྱ་བ་བསྒོས་པའི་རྐྱེན་དུ་འགྱུར་བ་དེ་བཞིན་དུ་བོད་ཀྱི་སྐད་ལའང་མ་ཞེས་བྱ་བ་བསྒོས་པའི་རྐྱེན་དུ་འགྱུར་རོ། །གཞན་ཡང་ཛ་ནས་ད་ཞེས་བྱ་བ་ཡུལ་གྱི་མིང་ཅན་ཏེ་ཡུལ་གྱི་མི་གནས་པའི་ས་ཕྱོགས་ནི། ཡུལ་མི་ཅན་ནམ་ལྗོངས་ཞེས་བྱའོ། །དེ་བཞིན་དུ་པཉྩ་ལ་གནས་པའི་ཡུལ་པཉྩ་ལ་ཞེས་བྱའོ། །འདི་ལྟ་བུ་ལ་སོགས་པ་ནི་གནས་པར་སྟོན་པའི་རྐྱེན་ཡིན་ཏེ་ཨ་ཎ་ཡིན་ནོ། །ཐ་སྱེ་ཀ་སུན་ཞེས་བྱ་བ་ནི་ཇི་ལྟར་ཀྲ་མ་ཀཿ་ཞེས་བྱ་བ་ཀ་ལྡན་པའི་ཚིག་ཏུ་གྱུར་པའོ། །ཁ་ཉ་༢༦་ཞེས་བྱ་བ་ནི་ཇི་ལྟར་ཀོ་ལ་ཏ་ནཾ་ཀྵེ་ཏྲ་ཞེས་བྱ་བ་རྒྱ་སྲན་གྱི་འབྱུང་གནས་ཀྱི་ཞིང་ཞེས་སྦྱར་རོ། །དེ་ཡང་ཀེ་ན་ཏྲེ་ཁཉ་ཞེས་བྱའོ། །ཨིཉ་༢༧་ཞེས་བྱ་བ་ནི་ཇི་ལྟར་ད་ཤ་ར་ཐི་ཞེས་བྱ་བ་ཤིང་རྟ་བཅུ་བའམ་ཤིང་རྟ་བཅུ་པའི་བུ་ཡིན་ཏེ། དེ་བཞིན་དུ་ཤུ་དྷོ་ད་ནི། ར་མ་ནིཿ་ཨརྫུ་ཎིཿ་ཞེས་བྱ་བ། ཟས་གཙང་གི་སྲས། ར་མ་ནའི་བུ། སྲིད་སྒྲུབ་ཀྱི་བུ། ཨིའི་ཚིག་དང་ལྡན་པ་འདི་སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཕ་ཀ་༢༨་ཞེས་བྱ་བ་ནི་ཇི་ལྟར། ན་ར་ཡ་ནཿ་ཞེས་བྱ་བ་སྲེད་མེད་ཀྱི་བུ་སྟེ། ཨ་ཡ་ནཿ། ཞེས་བྱ་བ་བྱུང་བའམ་སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཕ་ཀ་ཞེས་བྱ་སྟེ། ཚེག་དྲག་གི་དོན་ཡིན་ནོ། །ཡ་ཉ་ཙ་༢༩་ཞེས་བྱ་བ་ནི་ཇི་ལྟར་གརྒྒཿ་ཞེས་བྱ་སྟེ། དྲང་སྲོང་གརྒྒ་ལས་སྐྱེས་པའི་ཕྱིར་གརྒྒའི་བུ་ཞེས་བྱ་སྟེ། འདི་ཡང་སྐྱེས་པའི་རྐྱེན་དུ་སྦྱར་རོ། །དྷ་ཀ་༣༠་ཞེས་བྱ་བ་ནི་ཇི་ལྟར་གངྒེ་ཡཿ་ཞེས་བྱ་བ་གངྒའི་བུ་ཡིན་ཏེ་ཨི་ཡ་ཞེས་བྱ་བ་སྐྱེས་པའི་ཚིག་གི་རྐྱེན་དུ་སྦྱར་རོ། །ཨཻར་ཀ་༣༡་ཞེས་བྱ་བ་ཇི་ལྟར་ཙ་ཊ་ཀཻ་རཿ་ཞེས་བྱ་བ་ཙཱ་ཊ་ཀའི་བུ་ཡིན་ཏེ། ཨིའི་ར་ཞེས་བྱ་བ་ནི་སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཨེ་ར་ཀ་༣༢་ཀ་ཞེས་བྱ་བ་ནི་ཇི་ལྟར་གོ་དྷ་རེ་ཞེས་བྱ་བ་གོ་དྷ་ལས་སྐྱེས་པའི་ཕྱིར་གོ་དྷའི་བུ་ཞེས་བྱ་སྟེ་ཨེ་རཿ་ཞེས་བྱ་བ་འདི་ཡང་


DTG211_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཨཱ་ར་ཀ་ཞེས་བྱ་བ་ནི་ཇི་ལྟར་གོ་དྷ་རཿ་ཞེས་བྱ་བ་ནི་གོ་དྷ་ལས་སྐྱེས་པའི་ཕྱིར་གོ་དྷའི་བུ་ཞེས་བྱ་སྟེ་ཨ་རཿ་ཞེས་བྱ་བ་འདི་ཡང་སྐྱེས་པའི་རྐྱེན་དུ་སྦྱར་རོ། །གྷ་ཞེས་བྱ་བ་ནི་ཇི་ལྟར་ཀྵ་ཏྲི་ཡཿ་ཞེས་བྱ་བ་ཀྵ་ཏྲ་ནི་རྒྱལ་པོ་ཨི་ཡ་ནི་སྐྱེས་པའི་རྐྱེན་དུ་སྦྱར་ཏེ་རྒྱལ་རིགས་ཞེས་བྱ། གྷ་ནི་ཛཱ་ཏཽ་གྷ་ཞེས་བྱ་སྟེ་རིགས་སམ་སྐྱེས་པའི་རྐྱེན་གྱི་ཚིག་གོ །ཁ་༣༥་ཞེས་བྱ་བ་ནི་ཇི་ལྟར་ཀུ་ལིནཿ་ཞེས་བྱ་བ་རིགས་ལས་སྐྱེས་པའི་ཕྱིར་རིགས་ལྡན་ནམ། རིགས་ཅན་ནམ། རིགས་ཀྱི་བུ་སྟེ། ཨི་ན་སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཁ་ནི་ཁ་ཡ་དནྟ་ཙོ་ཏོ་ཁ་སྲེ་ཏྱ་ཡ་ཞེས་བྱ་བ་སྟེ་ཁ་སྐྱེས་པའི་རྐྱེན་དུ་སྦྱར། ཎུ་༣༦་ཞེས་བྱ་བ་ནི་ཇི་ལྟར་ཏེ་ཏྱཿ་ཞེས་བྱ་བ་སྦྱིན་བྱེད་མ་ལས་སྐྱེས་པའི་ཕྱིར་སྦྱིན་བྱེད་མའི་བུ་སྟེ། འདིར་ཡ་ཞེས་བྱ་བ་འདི་ཡང་སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཡ་ཏ་༣༧་ཞེས་བྱ་བ་ནི་ཇི་ལྟར་ཀཏྠྱཿ ཨོཥྜྱཿ་ཞེས་བྱ་བ་མགུལ་པ་དང་མཆུ་ཡིན་ཏེ། ཡ་ཞེས་བྱ་བ་ངོ་བོ་ཉིད་རྐྱེན་ཡིན་ཏེ། མགུལ་པ་གང་ཡིན་པ་ནི་མགུལ་པ་ཞེས་བྱའོ། །ཨི་ཏྭ་ཙ་༣༨་ཞེས་བྱ་བ་ནི་ཇི་ལྟར་ཀུ་སུ་མི་ཏོ་བྲི་ཀྵཿ་ཞེས་བྱ་བ་མེ་ཏོག་གི་ཤིང་ཡིན་ཏེ། གང་ལ་མེ་ཏོག་བསྐྱེད་པ། དེ་ནི་མེ་ཏོག་ཤིང་ཞེས་བྱ་སྟེ། ཨི་ཏ་ནི་༣༩་བྱས་པའི་རྐྱེན་ཡིན་ནོ། །དེ་བཞིན་དུ་པ་ལི་ཏཿ་ཞེས་བྱ་བ་འབྲས་བུའི་ཆེད་དུ་བསྐྱེད་ཅིང་བྱས་པའི་ཤིང་ནི་འབྲས་བུའི་ཤིང་སྟེ་ཨི་ཏ་བྱས་པའི་རྐྱེན་དུ་སྦྱར་རོ། །ན་ཞེས་བྱ་བ་ནི་ཇི་ལྟར་ཀུ་སུ་མ་དྷ་ནུ་ཞེས་བྱ་བ་ནི། མེ་ཏོག་གི་མདའ་ཅན་མ་ཡིན་ཏེ། དྷ་ནུ་ཞེས་བྱ་བ་མདའ་གཞུའི་སྒྲ་ལ་དྷ་ཞེས་བྱ་བ་སྦྱར་ན་ལྡན་པའི་རྐྱེན་དུ་འགྱུར་ཏེ། ཚིག་གཞན་དོན་གྱི་ཚིག་སྡུད་པའོ། །ཙུཉྩ་ཡ་༤༡་ཞེས་བྱ་བ་ནི་ཇི་ལྟར་ཤབད་ཙུཉྩུཿ་བྱ་ཁྱ་ན་ཙུཉྩུཿ་ཙོ་ཏྱ་ཙུཉྩུཿ་སཾ་ཀྲི་ཏི་ཙུཉྩུཿ་ཞེས་བྱ་སྟེ། ཙུཉྩུའི་རྐྱེན་ནི་རིག་པ་ཡོད་པར་སྟོན་པ་སྟེ། སྒྲ་རིག་པ་བཤད་པ་རིག་པ། བསྐུལ་བ་རིག་པ། ལེགས་པར་སྦྱར་བ་རིག་པའོ། །ཙ་ཎ་པ་༤༢་ཞེས་བྱ་བ་ནི། ཇི་ལྟར་བྲི་ཏྱ་ཙ་ཎཿ་གཱི་ཏ་ཙ་ཎ། ཤབད་ཙ་ཎཿ་ཀྲ་བྱ་ཙ་ཎཿ། སཾ་སྐྲི་ཏི་ཙ་ཎཿ་བྱཱ་ཁྱ་ཎ་ཙ་ཎཿ་ཞེས་བྱ་བ་ལྟ་བུ་སྟེ། གར་


DTG211_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ། གླུ་རིག་པ་ལ་སོགས་པ་ཙ་ནའི་སྒྲ་རིག་པ་དང་ལྡན་པའི་རྐྱེན་དུ་འགྱུར་བའོ། །ཨཥྠི་ཎ་༤༣་ཞེས་བྱ་བ་ཇི་ལྟར་ལ་གྷི་ཥྛ་ལ་གྷ་ན་མྱུར་བ། ཨིཥྠ་ནི་ལྡན་པའམ་གནས་པའི་དོན་ཏེ། ཐམས་ཅད་དུ་ལྷག་པའི་བསམ་པས་མྱུར་བ་ཅན་ནི་མྱུར་གནས་སོ། །དེ་བཞིན་དུ་སནྡྷཥྠཿ་ཞེས་བྱ་བ་སནྡྷ་ནི་ལེགས་པ་ཨཥྠི་ནི་༤༣་ཚིག་གི་རྐྱེན་ཏེ། གཞན་ཡང་དེ་བཞིན་དུ་སྦྱར་རོ། །ཨི་ཡ་སུ་ན་༤༤་ཞེས་བྱ་བ་ཇི་ལྟར་པ་ཊུ་བ་ཊུ་ཏི་ཡན། སྠུ་ལ། སྠཱ། བི་ཡན། དུ་ར། ད་བི་ཡན། ཞེས་བྱ་བ་ལ་སོགས་པ་སྟེ། ཨི་ཡན། ཞེས་བྱ་བའི་ཚིག་ནི། ཡོན་ཏན་ལ་སོགས་པའི་མཐར་ཐུག་པའི་ཕྱིར། གཉིས་ཚིག་གམ་གཅིག་ལ་ཤིན་ཏུ་ཕུལ་དུ་བྱུང་བའི་ཚིག་ཡིན་ཏེ། ཤིན་ཏུ་ཞེའམ། རབ་ཏུ་ཞེའམ། ཡང་ན་མང་པོའི་ཚིག་ཏུ་སྟོན་ཏོ། །ཏ་ར་པ་༤༥་ཞེས་བྱ་བ་ནི། ཇི་ལྟར་ཀུ་མཱ་ར་ཏ་རཿ་ཀུ་མཱ་རཱ་ཏ་རཱ། ཀུ་མཱ་ར་ཏ་རཾ། ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་གཉིས་སམ། མང་པོའམ། མཆོག་གི་དོན་དུ་སྟོན་ཏེ། མཆོག་ཏུ་གཞོན་པ། མཆོག་ཏུ་གཞོན་ནུ་མ། བྱ་བ་ལྟ་བུ་རྟགས་ཀྱིས་ཕྱེ་བའོ། །ཏ་མ་པ་༤༦་ཞེས་བྱ་བ་ནི། ཀུ་མཱ་ར་ཏ་མཿ་ཀུ་མཱ་ར་ཏ་མཱ། ཀུ་མཱ་ར་ཏ་མཾ་སྟེ། འདིར་ཡང་ཏ་མའི་སྒྲ་སྔ་མ་བཞིན་དུ། གཉིས་སམ་མང་པོ་འམ་མཆོག་གི་དོན་དུ་སྦྱར་རོ། །ཀ་ལྱ་བ་༤༧་ཞེས་བྱ་བ་ནི་ཇི་ལྟར་ཨིནྡྲ་ཀལྤ་ཞེས་བྱ་བ། ཨིནྡྲ་ནི། དབང་པོ་ཀལྤ་ནི་རུང་བའི་རྐྱེན་ཏེ་དབང་པོ་ཅུང་ཟད་རྫོགས་པ་ནི་དབང་པོར་བཏགས་པའོ། །དེ་བཞིན་དུ་པཎྚི་ཏ་ཀལྤ། ཞེས་བྱ་བ་དང༌། པི་ཏྲི་ཀལྤ། མ་ཏྲི་ཀལྤ། དེ་བ་ཀལྤ། ཞེས་བྱ་བ་མཁས་པར་བཏགས་པ་དང༌། ཕར་བཏགས་པ་དང༌། མར་བཏགས་པ་དང༌། ལྷར་བཏགས་པ་ཞེས། ཀལྤའི་སྒྲ་རུང་བའམ་དྲ་མར་གྱུར་པར་འདྲ་བའི་ཚིག་གི་རྐྱེན་དུ་སྦྱར་རོ། །དེ་ཤྱ་༤༨་ཞེས་བྱ་བ་ནི་ཇི་ལྟར་པརྠ་ཏ་དེ་ཤྱ་ཞེས་བྱ་བ། རི་ཕྱོགས་ཏེ་ཅུང་ཟད་ཀྱིས་རྫོགས་པའི་རི་དེ་ལས་ནི་ཕྱོགས་ཀྱི་ཚིག་གིས་ཡུལ་ལོ། །དེ་བཞིན་དུ་མཚོའི་ཕྱོགས་ཀྱང་ཡུལ་ལོ། །དེ་ཤི་ཡ་ར་༤༩་ཞེས་བྱ་བ་ནི་ཇི་ལྟར་རཱ་ཛཱ་དེ་ཤི་ཡོ་ཞེས་བྱ་བ། རྒྱལ་ཕྱོགས་ཞེས་བྱ་སྟེ། རྒྱལ་པོ་ཅུང་ཟད་ཀྱིས་རྫོགས་པ་དེ་ནི་བློན་པོ་སྟེ། དེ་བཞིན་དུ་རཱ་ཛཱ་དེ་ཤི་ཡཱ་ཞེས་བྱ་བ་བཙུན་


DTG211_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང༌། རཱ་ཛཱ་དེ་ཤི་ཡཾ་ཞེས་བྱ་བ་རིགས་ལ་སྦྱར་རོ། །ཅུང་ཟད་ཀྱིས་གཞན་པའི་དོན་ནི་ཀལྤ་ཞེས་བྱ་བ་དང༌། དེ་ཤྱ་ཞེས་བྱ་བ་དང༌། དེ་ཤི་ཞེས་བྱ་བའི་དོན་ཏེ། བཏགས་པ་དང༌། ཕྱོགས་ཀྱི་ཚིག་ནི་ཅུང་ཟད་ཅིག་གཞན་པའི་ཚིག་གི་རྐྱེན་དུ་སྦྱར་རོ། །ཛ་ཏི་༥༠་ཡ་ར་ཞེས་བྱ་བ་ནི། ཇི་ལྟར་པ་ཊ་ཛ་ཏི་ཡ། མྲི་དུ་ཛ་ཏི་ཡཿ་ས་མཱ་ན་ཛ་ཏི་ཡ། ཏལྱ་ཛ་ཏི་ཡ། ཞེས་བྱ་བ་ཛ་ཏི་ཡ་ཞེས་བྱ་བ་ནི་དེའི་རྣམ་པ་དང་ལྡན་པའི་ཚིག་ནི་རྐྱེན་ཏེ། གསལ་བའི་རང་བཞིན་ཅན། འཇམ་པའི་རང་བཞིན་ཅན། མཉམ་པའི་རང་བཞིན་ཅན། འདྲ་བའི་རང་བཞིན་ཅན། ཞེས་བྱ་སྟེ། འདིར་ཛ་ཏི་ཡ་ར་ཞེས་བྱ་བའི་ར་ནི་མཆོག་ཏུ་ཉེ་བའི་མཚན་མའི་དོན་ཏོ། །མ་༥༣་ཏྲ་ཊ་ཞེས་བྱ་བ་ནི་ཇི་ལྟར་ཛཱ་ནུ་མ་ཏྲ་ཛ་ལང་ཞེས་བྱ་བ་པུས་མོ་ཙམ་གྱི་ཆུ་ཡིན་ཏེ་པུས་མོའི་ཚད་ཀྱི་ཚུལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་པུས་མོ་ཙམ་གྱི་དོང་ཞེས་བྱ་བ་ལ་སོགས་པའོ། །དྭ་ཡ་༥༡་ན་ཤད་ཅེས་བྱ་བ་ནི་ཇི་ལྟར་ཨུ་རུ་དྭ་ཡ་སྭ་ཛ་ལ་ཞེས་བྱ་བ་ནི་བརླ་ཙམ་གྱི་ཆུ་འམ་བརླ་སྙེད་ཀྱི་ཆུ་སྟེ་བརླའི་ཚད་ཀྱི་ཆུ་ལ་དེ་སྐད་ཅེས་བྱ་སྟེ། དེ་བཞིན་དུ་བརླ་ཙམ་གྱི་ཁྲོན་པ་དང༌། བརླ་ཙམ་གྱི་ཆུ་ཀླུང་ཞེས་བྱའོ། །ད་གྷ་ཊ་༥༢་ཞེས་པ་ཨུ་རུད་གྷ་ཛ་ལ་ཞེས་བྱ་སྟེ་བརླའི་ཚད་ཀྱི་ཆུ་ནི་བརླ་ཙམ་གྱི་ཆུ་སྟེ། དེ་བཞིན་དུ་བརླ་ཙམ་གྱི་ཁྲོན་པ་བརླ་ཙམ་གྱི་ཆུ་ཀླུང་ཞེས་བྱའོ། །འདི་རྣམས་ནི་ཚད་འཛིན་པ་ཅན་གྱི་རྐྱེན་དུ་སྦྱར་རོ། །ཏ་ཡ་ཊ་ཞེས་བྱ་བ་ནི་ཇི་ལྟར་པཉྩ་ཏ་ཡ་ཞེས་བྱ་བ་ལྔའི་ཆ་ཤས་སམ། ཡན་ལག་གམ། དབྱེ་བ་སྟེ། དེ་བཞིན་དུ་ད་ཤ་ཏ་ཡ་དྭ་ཏ་ཡ། ཨེ་ཀ་ཏ་ཡཿ་ཏི་ཏ་ཡཿ་ཞེས་བྱ་བ་དང༌། མོའི་རྟགས་ལ་པཉྩ་ཏ་ཡི། ད་ཤ་ཏ་ཡི་ཞེས་བྱ་བ་དང༌། མ་ནིང་གི་རྟགས་ལ་པཉྩ་ཏ་ཡང༌། ད་ཤ་ཏ་ཡང་བྱ་བ་ལྟ་བུ་གྲངས་ཀྱི་ཡན་ལག་སྟོན་པའི་རྐྱེན་ཡིན་ནོ། །ཐ་༥༥་ཀ་ཞེས་བྱ་བ་ཇི་ལྟར་དཽ་བ་རི་ཀཱི་དཽ་བ་རི་ཀཱ་ད་ཞེས་བྱ་བ་སྒོ་ལ་བསྐོས་པ་ནི་སྒོ་བ་ཞེས་བྱ་སྟེ། ཨི་ཀ་བསྐོས་པའི་རྐྱེན་ཏེ་གོང་དུ་བསྟན་པ་ཐ་ཀ །ཐ་སེ་ཀ་ཞེས་པ་ལྟ་བུའོ། །ཐ་༥༦་ཉ་ཞེས་བྱ་བ་ཇི་ལྟར་དྲ་སྠི་ཀ །ཞེས་བྱ་བ་འཇུག་པར་བྱེད་པས་འཇུག་པ་ཅན་ཞེས་བྱ་སྟེ། ཐ་ཉ་ཞེས་བྱ་བ་འདི་ཡང་ཨི་ཀར་སྦྱར་རོ། །དེ་རྣམས་ནི་དེ་ལ་ཕན་པའི་རྐྱེན་རྣམ་


DTG211_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་དུ་བཤད་པ་ལས་སྤྱིའི་རྐྱེན་ཞེས་བྱ་བ། སྤྱི་ལ་འཇུག་པའི་རྐྱེན་ལྔ་བཅུ་རྩ་དྲུག་བསྟན་པའི་ལེའུ་སྟེ་དང་པོའོ།། །།གྲངས་མེད་པའི་ངོ་བོ་ཉིད་ཀྱི་རྐྱེན་གང་ཞེ་ན། ཏ་སཿ་ཏྲ་ལ། དྷུ་ན། ད་ནཱི། ཧི་ན། ཧ། ཨྭ་ཏ། ཐ་ལ། ཐ་མུ། ཨསྟ་དི། ཏྱ་ས། ཨུ་ད། ཨ་རི། ས་མ་ས་ཎ། ཨརྻ་བ་རི། མུས། ཨི་ཧྱ་ས་ཙ། ཨཱ་ཏ། རི་ལ་རི་ཤ་ཏི་ལ། ཨེ་ན་ཡ། ཨ་ཙ། ཨཱ་ཧ། དྷྱཱ་དྷྱ་མུ་ཉིད། ཨེ་དྷ་ཙྸ། ཨ་མཿ་ཞེས་བྱའོ། །དེ་ལ་ཏས་ཞེས་བྱ་བ་ནི་ཇི་ལྟར། ཡཱསྨཱ། ཡ་ཏཿ། ཏ་སྨད་ཏ་ཏཿ་ཞེས་བྱ་བ་གང་ཡིན་པའམ། གང་ཡང་རུང་བའི་ཚིག་སྟེ། ཟད་པར་མི་འགྱུར་བའམ་གྲངས་མེད་པའི་ངོ་བོ་ཉིད་ཀྱི་ཚིག་ཡིན་པ་ལས། དེ་བསྡུས་ཏེ་ཡ་ཏ་ཞེས་སྦྱར་ཏེ། འདིའི་དོན་ནི་གང་གང་ཡིན་པའི་ཕྱིར་ནི་གང་གི་ཕྱིར་ཞེས་བྱའོ། །དེ་བཞིན་དུ་ཏ་སྨད་ཏ་ཏཿ་དེ་གང་ཡིན་པའི་ཕྱིར་དེའི་ཕྱིར་ནི་དེའི་ཕྱིར་ཞེས་བྱའོ། །ཀསྨཱད་ཀུ་ཏ། ཞེས་བྱ་བ་ཅི་གང་ཡིན་པའི་ཕྱིར་ནི་ཅིའི་ཕྱིར་ཞེས་བྱའོ། །ཨེ་ཏ་སྨད་ཨ་ཏ། འདི་གང་ཡིན་པའི་ཕྱིར་ནི་འདིའི་ཕྱིར་ཞེས་བྱའོ། །སཱ་རསྨཱད་སཱ་ར་ཏ། ཞེས་བྱ་བ་གཞན་གང་ཡིན་པའི་ཕྱིར་ན་གཞན་གྱི་ཕྱིར་རོ། །ཏྲ་ལ་ཞེས་བྱ་བ་ནི། ཇི་ལྟར་ཡ་སྨཱད་ནི་ཡ་ཏྲ་ཞེས་བྱ་བ། གང་གང་ཡིན་པ་ལ་ནི་གང་ལ་ཞེས་བྱ་སྟེ་འདི་ཡང་ཡསྨཱིན་གྱི་སྒྲ་དངོས་པོ་གང་ཡིན་པ་ལ་འཇུག་པ་ཕྱི་ནས། ཏྲའི་སྒྲ་སྦྱར་ཏེ་ཡ་ཏྲ་ཞེས་བསྟན་ཏོ། །འོག་མ་ཀུན་ལ་ཡང་དེ་ལྟར་སྦྱར་རོ། །ཏསྨཱིན་ཏ་ཏྲ། དེ་གང་ཡིན་པ་ནི་དེ་ལའོ། །ཨསྨིན་ཨ་ཏྲ་ཞེས་བྱ་བ་སྟེ། འདི་གང་ཡིན་པ་ལ་ནི་འདི་ལའོ། །ཨ་མུ་སྨཱིནཿ་ཨ་མུ་ཏྲ། ཞེས་བྱ་བ་གང་ཡིན་པ་ནི་འདི་ཞེས་བྱ་བ་ལའོ། །ཀསྨཱིན་ཀ་ཏྲ། ཞེས་བྱ་བ་ལ། སུ་གང་ཡིན་པ་ལ་ནི་སུ་ལའོ། །འདི་ལྟར་བདུན་པ་ཏྲ་ལ་ཞེས་བྱ་བ་སྟེ་བདུན་པའི་མཐའ་ལ་ཏྲ་ལ་སྦྱར་རོ། །དྷུ་ན་ཞེས་བྱ་བ་ཇི་ལྟར་ཨསྨཱིན་ཀ་ལེ། ཨ་དྷུ་ན། ཞེས་བྱ་བ་འདི་གང་ཡིན་པའི་དུས་ལ་ད་ལྟར་རམ་དེང་སང་ཞེས་བྱ་སྟེ། ཨ་དྷུ་ན་ནི་འདིའི་ཚུལ་ལོ། །འདིར་ཡང་སྨཱིན་གྱི་སྒྲ་ནི་གོང་མ་བཞིན་ཤེས་པར་བྱའོ། །དེ་ནི་ཞེས་བྱ་བ་ནི། ཇི་


DTG211_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཨསྨཱིན་ན་ཀ་ཞེས་བྱ་བ་སྟེ། འདིར་ཡང་ད་ནི་སྒྲ་ཨེ་ད་ནིའི་ཚུལ་ལོ། །ཏསྨཱིན་ན་ཀཱ་ལེ་ད་ཀ་ནི་ཞེས་བྱ་བ་དེ་གང་ཡིན་པའི་དུས་ནི་དེའོ། །ད་ཞེས་བྱ་བ་ཇི་ལྟར་སརྦ་སྨཱིན་ཀཱ་ལེ་སརྦ་ཏཱ་ཞེས་བྱ་བ་གང་ཡིན་པ་ཐམས་ཅད་ཀྱི་དུས་ལ་ཐམས་ཅད་དུ་ཞེས་བྱའོ། །ཨེ་ཀཱ་སྨཱིན་ཀཱ་ལྱེ་ཀཏ་ཞེས་བྱ་བ་གཅིག་གི་དུས་གང་ཡིན་པ་ལ་གཅིག་ཏུ་ཞེས་བྱའོ། །ཨ་ནྱ་སྨཱིན་ཀཱ་ལྱ་ནྱ་ཏ་ཞེས་བྱ་བ་གཞན་གང་ཡིན་པའི་དུས་ལ་གཞན་དུ་ཞེས་བྱའོ། །ཀསྨཱིན་ཀཱ་ལེ་ཀཱ་ཏ་ཞེས་བྱ་བ་ནི་གང་ཡིན་པའི་དུས་ལ་གང་དུ་འམ་གང་གི་ཚེ་ཞེས་བྱ་བའོ། །ཀསྨཱིན་ཀཱ་ལེ་ཏད་ཞེས་བྱ་བ་དེ་གང་ཡིན་པའི་དུས་ལ་དེ་རུ་འམ་དེའི་ཚེ་ཞེས་བྱའོ། །ཧི་ན་ཞེས་བྱ་བ་ཇི་ལྟར་ཏསྨཱིན་ཀཱ་ལེ་ཏརྷི་ཞེས་བྱ་བ། དེ་གང་ཡིན་པའི་དུས་ལ་དེ་འམ་དེར་ཞེས་བྱའོ། །ཨ་སྨཱིན་ཀཱ་ལྱི་ཏརྷི་ཞེས་བྱ་བ་འདི་གང་ཡིན་པའི་དུས་ལ་འདི་འམ་འདིར་ཞེས་བྱའོ། །ཧ་ཞེས་བྱ་བ་ཇི་ལྟར་ཨསྨཱིན་ཀཱ་ལྱི་ཧ་ཞེས་བྱ་སྟེ། འདི་གང་ཡིན་པའི་དུས་ལ་འདིའམ་འདིར་ཞེས་བྱའོ། །ཨྭ་ཏ་ཞེས་བྱ་བ་ནི་ཇི་ལྟར་ཀྭའི་སྒྲ་ཀུ་ཏྲ་ཞེས་བྱ་སྟེ། གང་ལས་སམ་ལས་ཞེས་བྱའོ། །ཐ་ལ་ཞེས་བྱ་བ་ཇི་ལྟར་ཡཿ་པྲ་ཀཱ་རོ་ཡ་ཐ། ཞེས་བྱ་བ་སྟེ། རྣམ་པ་ཇི་ལྟ་བུ་ནི་ཇི་ལྟར། ཞེས་བྱའོ། །སརྦ་ན་པྲ་ཀཱ་རེ་ཎ་སརྦ་ཞེས་བྱ་སྟེ། ཐམས་ཅད་ཀྱིས་རྣམ་པ་ཇི་ལྟ་བ་ནི་ཡོངས་ཡེས་ཞེས་བྱའོ། །ཀཱཿ་པྲ་ཀཱ་རཿ་ཀ་ཐཱ་ཞེས་བྱ་བ་རྣམ་པ་ཇི་ལྟ་བ་ནི་ཅི་ཞེས་བྱའོ། །ཐཱ་མུ་ཞེས་བྱ་བ་ཇི་ལྟར་ཀེ་ན་པྲ་ཀཱ་རེ་ཎ་ག་ཐང་ཞེས་བྱ་བ་རྣམ་པ་གང་གིས་ནི་གང་གི་ཕྱིར་ཞེས་བྱའོ། །ཨསྟ་དི་ཞེས་བྱ་བ་ཇི་ལྟར་སུརྦ་སྱ་དི་ཤི་བས་དོ། །པུ་ར་སྟཱད། བ་སི་ཏ་ཞེས་བྱ་སྟེ་ཤར་ཕྱོགས་ལ་གནས་པ་ནི་ཤར་གནས་པ་ནི་ཤར་གནས། ཤར་ཕྱོགས་ལ་འོངས་པ་ནི་ཤར་འོངས། ཤར་ཕྱོགས་ལ་དག་པ་ནི་ཤར་ལ་དག །ཨསྟ་དེའི་ཚུལ་ནི་ཕྱོགས་ཀྱི་ཆ་ལ་བདུན་པ་དང་དང་པོ་དག་གོ །བུ་རའི་སྒྲ་གནས་གཞི་དག་ལ། ཨསྟའི་རྐྱེན་དང་སྦྱར་བས་གུ་ར་ཞེས་བསྟན་ཏོ། །ཏྱ་ས་ཞེས་བྱ་བ་ནི་ས་མ་ནྱ་ཧ་རི་ས་ཏྱ། ཞེས་བྱ་བ་ཉེ་བར་འབྱུང་བའམ་མཚུངས་པར་འབྱུང་བའི་ཚིག་སྟེ། དེ་མ་ཐག་ཅེས་བྱའོ། །ཨུཏ་ཞེས་བྱ་བ་ནི་


DTG211_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་པུརྦ་སྨཱིན་སམ་པ་རི་པུ་ར་ཏཿ་ཞེས་བྱ་སྟེ། སྔོན་གང་ཡིན་པར་གྱུར་པ་ནི་སྔོན་ནམ་སྔ་མ་ཞེས་བྱའོ། །ཨ་རི་ཞེས་བྱ་བ་ནི་ཇི་ལྟར་པུརྦ་ཏ་རེ་སམ་བ་སེ་རེ། བ་ར་རོ་ཞེས་བྱ་བ་སྔོན་དུ་སོང་བའམ་གྱུར་པ་སྟེ། པུ་རྦའི་སྒྲ་ལ་ཨ་རིའི་རྐྱེན་སྦྱར་ན་བར་ཞེས་བྱ་བར་འགྱུར་རོ། །ས་མ་ས་ན་ཞེས་བྱ་བ་ཇི་ལྟར་ཨསྨཱིན་སམ་བ་དེས་རེ་ཨེ་ཥ་མཿ་ཞེས་བྱ་སྟེ། གང་ཡིན་པ་འདིའི་ལོ་ལ་འདི་ཞེས་བྱ་སྟེ། ཨི་ད་མའི་ཚུལ་ལས་མ་ས་ན་སྦྱར་བའི་ཚུལ་ལོ། །ཨེ་ཏྱ་བི་ཞེས་བྱ་བ་ཇི་ལྟར་བུ་ར་སྨིན་ཧ་ནི་ཡ་བེ་ད་བེ་དྷི་ཏ་ཀེ་ཏ་རྷི་ཞེས་བྱ་བ་སྟེ། སྡུན་གང་ཡིན་པའི་ཉི་མ་ལ་རིག་བྱེད་ཀློག་པ་གང་དེ་ཞེས་བྱའོ། །མུས་ཞེས་བྱ་བ་ནི་ཇི་ལྟར་ཨ་སྨིན་ཧ་ནི། ཨ་ཏྱ་ཞེས་བྱ་སྟེ་འདི་གང་ཡིན་པའི་ཉི་མ་ནི་དེང་ཞེས་བྱའོ། །ཨེ་ཏྱུ་ས་ཞེས་བྱ་བ་ནི་ཇི་ལྟར་བུ་རྭ་སྨིན་ཧ་ནི་པུརྦེ་ཏྱུཿ་ཞེས་བྱ་སྟེ། ཉི་མ་གང་ཡིན་པ་དེ་ནི་སྔོན་ཞེས་བྱའོ། །དེ་བཞིན་དུ་ཉི་མ་གཞན་གང་ཡིན་པ་དེ་ནི་གཞན་དུ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ས་ཏ་ཞེས་བྱ་བ་ནི་ཇི་ལྟར་དཀྵི་སནྡྷི་ཤི་པྲ་ཏི་བ་ས་དི་དཀྵི་ཎ་ཏོ་བ་ས་ཏི་ཞེས་བྱ་སྟེ། ལྷོའི་ཕྱོགས་ལ་གནས་པ་ནི་ལྷོ་ཕྱོགས་གནས། གཞན་ཡང་དཀྵི་ཎ་སྭཱ་དཱི་ཤ་ག་ཏཿ་དཀྵི་ཎ་ཏཱ་ག་ཏཱཿ་ཞེས་བྱ་སྟེ། ལྷོའི་ཕྱོགས་ནས་འོངས་པ་ནི་ལྷོ་ནས་འོངས། ཨ་ཏ་ཞེས་བྱ་བ་ནི་ཇི་ལྟར་ཨུཏྟ་ར་སྨིན་དེ་ཤི་བ་ས་ཏི་ཞེས་བྱ་སྟེ། བྱང་གང་ཡིན་པའི་ཕྱོགས་ན་འདུག་པ་ནི་བྱང་ནས་འདུག །དེ་བཞིན་དུ་ལྷོ་ནས་འདུག །བྱང་ནས་འགྲོ་།གནས་གཞི་ནས་འདུག །གནས་གཞི་ནས་འགྲོ་།ཞེས་པའོ། །རི་ལ་ཞེས་བྱ་བ་ནི་ལྟར་ཨུརྡྷ་བས་ཏྱུ་བ་རི་བས་ཏི་ཞེས་བྱ་སྟེ། སྟེང་ན་གནས་པའི་དོན་ལ་བྱ་སྟེ་ཨུརྡྷ་གི་སྒྲ་ལ་རིའི་རྐྱེན་སྦྱར་ན་ཨུ་པ་རི་ཞེས་བྱ་བར་འགྱུར་རོ། །རིཥྚ་ཧི་ལ་ཞེས་བྱ་བ་ཇི་ལྟར་ཨུརྡྷ་མ་བ་ས་ཏྱུ་པ་རི་ཏང་བ་ས་ཏི་ཞེས་བྱ་སྟེ། སྟེང་དུ་གནས་པའི་དོན་ཡིན་པས་རིཥྚ་སྒྲ་རྟག་པ་ཙམ་དུ་ཟད་དོ། །ཨེ་ན་ཡ་ཞེས་བྱ་བ་ནི་ཇི་ལྟར་པུརྦེ་དེ་ཤི་ར་མ་ཎི་ཡཿ་པུརྦེ་ན་ར་མ་ཎི་ཡཾ་ཞེས་བྱ་སྟེ། ཤར་ཕྱོགས་སུ་དགའ་བར་བྱེད་པ་ནི་ཤར་གྱིས་དགའ་བར་བྱེད་པའོ། །ཨ་ཙ་ཞེས་བྱ་བ་ནི། ཇི་ལྟར་དཀྵི་ར་མ་ཎི་ཡཿ་ཞེས་བྱ་སྟེ། ལྷོ་ཕྱོགས་ལ་དགའ་བ་ནི་ལྷོ་ཕྱོགས་དགའ་


DTG211_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། དཀྵི་ན་ཞེས་བྱ་བ་ལ་ཨའི་རྐྱེན་སྦྱར་རོ། །ཨ་ཧི་ཞེས་བྱ་བ་ནི་ཇི་ལྟར་དཀྵི་ཎ་སྱ་དི་ཤི་གྲཱ་མ་ས་དཱ་རེ་བ་ས་ཏི་དཀྵི་ཎ་ཧི་བས་ཧི་ཞེས་བྱ་སྟེ། ལྷོའི་ཕྱོགས་ཀྱི་གྲང་གི་ཐག་རིང་པོར་གནས་པ་ནི་ལྷོ་པ་གིར་གནས་ཞེས་བྱ་སྟེ། ཨ་ཧི་ཞེས་བྱ་བ་རིང་པོའི་ཚིག་གོ །དྷ་ཞེས་བྱ་བ་ཇི་ལྟར་ཀ་ཏི་པྲ་ཀཱ་རི་དྷ་བ་ཧུ་ཏ་པྲ་ཀཱ་ར་བ་ཧུ་དྷ། ཨེ་ཀ་པྲ་ཀཱ་རེ་ཀ་དྷཾ་ཞེས་བྱ་བ་ལ་སོགས་པ་སྟེ། དྷིའི་སྒྲ་ནི་རྣམ་པའི་ཚིག་གི་རྐྱེན་ཡིན་ཏེ། རྣམ་པ་གཅིག །རྣམ་པ་གཉིས། རྣམ་པ་མང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་ནི་གྲངས་ཀྱི་ཚིག་བསྡུས་པའོ། །དྷ་མུ་ཉ་བྱ་བ་ནི་ཇི་ལྟར་ཨེ་ཀ་དྷ་ཀུརཿཨེ་ཀ་དྷྱ་ཀུ་རཿཞེས་བྱ་སྟེ། རྣམ་པ་གཅིག་བྱེད་པའི་དོན་ཏེ། སྔ་མ་ལས་དྷ་ང་ཞེས་བྱས་པས་སོ། །དྷ་མུ་ཉ་ཞེས་བྱ་བ་ནི་ཇི་ལྟར་དྷཽ་པྲ་ཀཱ་རོ། །དྷེ་དྷཾ་ཞེས་བྱ་སྟེ། འདི་ཡང་སྔ་མ་ལྟར་སྦྱར་རོ། །ཨེ་དྷ་ཞེས་བྱ་བ་ནི་ཇི་ལྟར་དྷི་པྲ་ཀཱ་རཱཿདྷེ་དྷ་ཞེས་བྱ་སྟེ་འདི་ཡང་སྔ་མ་བཞིན་ནོ། །ཨམ་ཞེས་བྱ་བ་ནི། ཇི་ལྟར་ཨ་ཏི་ས་ཡེ་ན་དི་ཙ་རཾ་ཞེས་བྱ་སྟེ་ཤིན་ཏུ་ཡུན་རིང་པོའི་མཆོག་གམ་བཟང་པོའི་མཆོག་ཅེས་བྱའོ། །འདི་དག་ནི་གྲངས་དཔག་ཏུ་མེད་པའི་ངོ་བོ་ཉིད་ཀྱི་རྐྱེན་ནོ། །གྲངས་མེད་པའི་ཚིག་གི་རྐྱེན་ཉི་ཤུ་རྩ་བདུན་བསྟན་པའི་ལེའུ་གཉིས་པའོ།། །།དངོས་པོ་བརྗོད་པའི་རྐྱེན་གང་ཞེ་ན། ཏྭ། ཏཱ་ལ། ཨི་མ་ནི་ཙ། ཥྱཉ། ཡཏ། སྤ། དྷཀ །ཡཀ །ཨཉ། ཨཎ། བུཉ་ཞེས་བྱའོ། །དེ་ལ་རེ་ཞིག་ཏྭ་ཞེས་བྱ་བ་ནི་བ་ཊོདྦྷ་བ། པ་ཏུ་ཏྭ་མཿ་མྲི་ཏུ་ཏྭམ། ག་ཏྭམ། ཨ་ཤྭ་ཏྭམ། བིཀྵ་ཏྭམ། ན་ར་ཏྭམ། ཞེས་བྱ་སྟེ། དར་གྱི་དངོས་པོ་ནི་དར་ཉིད། འཇམ་པ་ཉིད། བ་ལང་ཉིད། རྟ་ཉིད། ཤིང་ཉིད། མི་ཉིད། ཅེས་བྱ་བ་འདིར་ཏྭཾ་དངོས་པོའི་རྐྱེན་དུ་སྦྱར་རོ། །ཏཱ་ལ་ཞེས་བྱ་བ་ནི་ཇི་ལྟར་པ་ཊརྦྷ་བཿ་པ་ཊུ་ཏཱ། མྲི་ཏུ་ཏཱ། ཛནྣ་ཏཱ། ཞེས་བྱ་སྟེ། དར་གྱི་དངོས་པོ་ནི་དར་ཉིད། འཇམ་པ་ཉིད། སྐྱེ་བོ་ཉིད་ཅེས་བྱ་སྟེ། ཏཱ་རིང་པོ་དངོས་པོའི་རྐྱེན་དུ་སྦྱར་རོ། །ཨི་མ་ནི་ཙ་ཞེས་བྱ་བ་ནི། ཇི་ལྟར་པྲི་ཐོརྦྷ་བ། པྲི་ཐི་མི། ཨི་ས་མ་ཞེས་བྱ་སྟེ། སའི་དངོས་པོ་ནི་ས་ཉིད། རལ་གྱི་ཉིད་ཅེས་བྱ་སྟེ། འདིར་ཨི་མ་དངོས་པོའི་རྐྱེན་དུ་


DTG211_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། །དེ་ཡང་ཨི་ནི་ཙ་ཞེས་བྱ་བ་ལ། ཨི་མ་ནི་ཙ་ཞེས་བརྗོད་པ་ནི། ན་ཡིག་ནི་བརྗོད་པའི་དོན་ཏོ། །གཞན་ཡང་སྠུ་ལ་སྱ་བྷ་བ། སྠ་བཱི་མཱ། པྲི་ཡ་སྱ་བྷ་བཿ་པྲི་མ་སྠི་ར་སྱ་བྷ་བ་སྠཻ་མཱ། ཀྵི་པྲ་སྱ་བྷ་བཿ་ཀྵི་པྲི་མ། དཱིརྒི་མཱ། བ་ཧོ་བྷ་བོ་བྷུ་མ། ཞེས་བྱ་བ་སྦོམ་པའི་དངོས་པོ་ནི་སྦོམ་པ་ཉིད། དགའ་བའི་དངོས་པོ་ནི་དགའ་བ་ཉིད། བརྟན་པའི་དངོས་པོ་ནི་བརྟན་པ་ཉིད། མྱུར་བའི་དངོས་པོ་ནི་མྱུར་བ་ཉིད། རིང་བའི་དངོས་པོ་ནི་རིང་བ་ཉིད། སའི་དངོས་པོ་ནི་ས་ཉིད། ཅེས་བྱ་བ་ལྟ་བུ་སྟེ། འདིར་ཡང་ཨེ་མ་དང༌། ཨཻ་མ་དང༌། ཨི་མ་རྣམས་དངོས་པོའི་རྐྱེན་དུ་སྦྱར་རོ། །ཥྱཉ་ཞེས་བྱ་བ་ཇི་ལྟར། ཤཱི་ཏ་སྱ་བྷ་བ་ཤཻ་ཏྱང༌། ཨུཥྣ་སྱ་བྷ་བ་ཨོཥྞུ། ཀྲིཥྞུ། ཤུ་ཀཱ་ཡམ། ལོ་ཧི་ཏྱཾ། ཞེས་བྱ་སྟེ། གྲང་བའི་དངོས་པོ་ནི་གྲང་བ་ཉིད། ཚ་བའི་དངོས་པོ་ནི་ཚ་བ་ཉིད། ནག་པོ་ཉིད། དཀར་པོ་ཉིད། དམར་པོ་ཉིད། ཅེས་བྱ་བ་ལྟ་བུ་སྟེ། འདིར་ནི་ཡང་ཞེས་བྱ་བ་དངོས་པོའི་རྐྱེན་དུ་སྦྱར་རོ། །ཡ་ཏ་ཞེས་བྱ་བ་ཇི་ལྟ་སྟེ་ན་སྱ་བྷ་བ་སྟེ་ཡམ་ཞེས་བྱ་སྟེ། དེའི་དངོས་པོ་ནི་ཉིད་ཅེས་བྱ་སྟེ། ཡང་ཞེས་བྱ་བ་དངོས་པོའི་རྐྱེན་དུ་སྦྱར་རོ། །སྟེ་ཞེས་བྱ་བའི་ས་ནི་ཚིག་གི་ཕྲད་དོ། །ཡང་ཞེས་བྱ་བ་ནི་ཇི་ལྟར་ས་ཁི་བྷ་བས་ཁྱད་དུ་ཏྱར། བཱ་ཎི་ཛྱ། ཞེས་བྱ་བ་གྲོགས་པོའི་དངོས་པོ་ནི་གྲོགས་པོ་ཉིད། ཕོ་ཉ་ཉིད། ཚངས་པ་ཉིད། ལྟ་བུ་སྟེ། ཡང་དངོས་པོའི་རྐྱེན་དུ་སྦྱར་རོ། །དྷ་ཀ་ཞེས་བྱ་བ་ཇི་ལྟར། ཀཱ་ཡ་བྷཱ་བཿ་ཀ་ཡེ་ཡ། དྷཉ་ཏེརྦྷ་བཿ་དཱ་ཉཱི་ཏེ་ཡམ་ཞེས་བྱ་བ་ལུས་ཀྱི་དངོས་པོ་ནི་ལུས་ཉིད། ཤེས་པའི་དངོས་པོ་ནི་ཤེས་པ་ཉིད་དེ་སྔ་མ་བཞིན་ནོ། །ཡ་ཀ་ཞེས་བྱ་བ་ནི་ཇི་ལྟར། བྲཧྨ་སྱ་ཏེརྦྷ་བཿ་བྲཧྨ་སྱ་ཏྱ་མ། པྲ་ཛཱ་པ་ཏྱམ་ཞེས་བྱ་སྟེ། བྲམ་ཟེའི་དངོས་པོ་ནི་བྲམ་ཟེ་ཉིད། སྐྱེ་དགུ་ཉིད་ཅེས་བྱ་སྟེ་ཏྱ་ཡཾ་ཞེས་བྱ་བ་དངོས་པོའི་རྐྱེན་དུ་སྦྱར་རོ། །ཨཉ་ཞེས་བྱ་བ། ཇི་ལྟར་ཨ་ཤྭ་སྱ་བྷ་བཿ་ཨ་ཤྭཿ་ཨོཥྚཿ་ཞེས་བྱ་བ་རྟའི་དངོས་པོ་ནི་རྟ་ཉིད། རྔ་མོ་ཉིད། ཅེས་བྱ་བ་ལྟ་བུ་སྟེ། འདིར་ཚིག་དྲག་པོ་དངོས་པོའི་རྐྱེན་དུ་སྦྱར་རོ། །ཨ་ཎ་ཞེས་བྱ་བ་ནི་ལྟར་དྷེ་ཧ་ཡ་ནས་སྱ་བྷ་བཿ་དྷེ་ཧཱ་ཡཱ་ནམ། ཡུ་ནོ་བྷ་བཿ་


DTG211_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡཽ་བྷཱཾ་བ་ནཾ། སྠཱ་བི་རསྱ་བྷཱ་བཿ་སྠཱ་བི་རམ། ཞེས་བྱ་བ་ལུས་པོ་ནི་ལུས་ཉིད། གཞོན་པའི་དངོས་པོ་ནི་གཞོན་པ་ཉིད། གནས་བརྟན་གྱི་དངོས་པོ་ནི་གནས་བརྟན་ཉིད། ཅེས་བྱ་སྟེ། འདི་ལྟར་བུ་ལ་ནི་གླར་སྐོར་དངོས་པོའི་རྐྱེན་དུ་བསྟན་ཏོ། །བུ་ཉ་ཞེས་བྱ་བ་ནི་ཇི་ལྟར། ར་མ་ཎི་ཡ་ས་མ། བྷཱ་བཿ་ར་མ་ཎི་ཡ་ཀཾ་ས་ཧྱ་ས་ཡ་བྷཱ་བཿ་ས་ཧ་ཡ་ས་ཀཾ། བ་ས་ནི་ཡ་སྱ། བྷཱ་བཿ་བ་ས་ནི་ཡ་ཀཾ། ཨ་ཙཱརྻ་སྱ་བྷཱ་བ། ཨ་ཙཱརྻ་ཀཾ། ཨུ་པཱ་དྷྱ་ཡ་ཀཾ། ཞེས་བྱ་བ་དགའ་བའི་དངོས་པོ་ནི་དགའ་བ་ཉིད། གྲོགས་པོའི་དངོས་པོ་ནི་གྲོགས་པོ་ཉིད། གནས་པའི་དངོས་པོ་ནི་གནས་པ་ཉིད། སློབ་དཔོན་གྱི་དངོས་པོ་ནི་སློབ་དཔོན་ཉིད། མཁན་པོ་ཉིད་ཅེས་བྱ་སྟེ། འདི་ལྟ་བུ་ལ་ཀཾ། དངོས་པོའི་རྐྱེན་དུ་སྦྱར་རོ། །གཞན་ཡང་ཤིང་ཤ་ཨུ་པ་དྷྱཱ་ཡི་ཀ །ཀ་ཀོ་ལུ་ཀི་ཀ །ཨ་མུ་སྱ་པུ་ཏྲི་ཀ །ཨ་མུ་སྱ་ཀུ་ལ་ཀ །ཞེས་བྱ་བ་སློབ་མ་དང་མཁན་པོ་ཉིད་དག །བྱ་རོག་དང་འུག་པ་ཉིད་དག །ཆེ་གེ་མོའི་བུ་ཉིད་དག །ཆེ་གེ་མོའི་རིགས་ཉིད་དག་ཅེས་བྱ་བ་ལྟ་བུ་དང༌། དོན་གྱི་ཚིག་སྡུད་པ་ལ་ནི་ཨི་ཀ་དངོས་པོའི་རྐྱེན་དུ་སྦྱར་བ་འདི་ཡང་བུ་ཉེའི་རྐྱེན་ཡིན་ནོ། །དངོས་པོའི་རྐྱེན་བཅུ་གཅིག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།འབྲེལ་པ་གྲུབ་པའི་རྐྱེན་ཞེས་བྱ་བའི་ལེའུ། སློབ་དཔོན་མཁས་པ་ཆེན་པོ་ཁྱད་པར་དུ་རྗོད་བྱེད་རྣམ་པར་དག་པའི་སྒྲ་ལ་མཁས་པ་ཉི་མའི་སྙིང་པོས་བྱ་ཀཱ་ར་ཎ་ལས་ཕྱུང་སྟེ་མཛད་པ། ཀཱ་ལཱ་པའི་རྩ་བའི་དོན་གསལ་བར་བྱེད་པ་སཾ་སྐྲྀ་ཏའི་སྐད་ཀྱིས་དེ་ཁོ་ན་ཉིད་འཆུགས་མེད་པར་སྟོན་པའི་རབ་ཏུ་བྱེད་པ། སྒྲ་བསྒྱུར་གྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོ་དང༌། དགེ་སློང་ཆོས་ཀྱི་ཤེས་རབ་གཉིས་ཀྱིས་བོད་སྐད་དང་སྦྱར་ནས་དོན་ཇི་ལྟ་བར་བསྒྱུར་བ་ནི། ད་དུང་བསྟན་པ་དུས་ཡུན་རིང་དུ་གནས་པར་གྱུར་ན་གཞན་ལ་ཕན་པར་སེམས་པས་ལྷག་པའི་བསམ་པས་བཀའ་བཅད་ལ་མ་འདས་པར་བསྒྱུར་བའོ། །དེ་ཉིད་བོད་སྐད་ཉིད་ལ་འཇུག་པའི་ཚུལ་ཚིག་གི་ལྷད་མེད་པ་གཅིག་ཀྱང་བརྗེད་བྱང་དུ་གུད་ན་བདག་གིས་རང་ཉིད་ཀྱིས་བཀོད་ནས་ཡོད་དོ། །རྐྱེན་གསུམ་བཤད་པའི་རབ་ཏུ་བྱེད་པ། ཞེས་བྱ་བ་རྫོགས་སོ།། །།


previousརྐྱེན་གསུམ་བཤད་པ། next