Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་རྩ་བའི་མཛོད་སྨན་ཆེན་པོའི་རིམ་པ།  ཀླུ་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་རྩ་བའི་མཛོད་སྨན་ཆེན་པོའི་རིམ་པ། ཀླུ་སྒྲུབ།next

འཕགས་པ་རྩ་བའི་མཛོད་སྨན་ཆེན་པོའི་རིམ་པ།
ཀླུ་སྒྲུབ།


DTG211_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

།།ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎཾ་ཡེ་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡ། ཏདྱ་ཐཱ། ཨོཾ་ཛྭ་ར་གྲི་ཎུ་ཛྭ་ར་གྲི་ཎུ་གརྫ་གརྫ། ཙྪརྡུ་ཙྪརྡུ། མུཉྩ་མུཉྩ། ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། རིམས་མི་བཟད་པ་རྣམས། ཨ་ཊ་ཧ་ཊ་ཕྱག་ན་རྡོ་རྗེའི་བཀའ་


DTG211_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། ཧུ་རུ་ཧུ་རུ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། སི་རི་མུཉྩ་ཀ་ཎཱཾ་མུཉྩ་ཏྭ་ཞི་ད་ཡཾ་མུཉྩ་མུཉྩ། ཌ་ད་རཾ་མུཉྩ། ཀ་ཊི་མུཉྩ་མུཉྩ་ཀཎྛ་མུཉྩ། ཧསྟི་མུཉྫ། བཱ་དོ་མུཉྩ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཆེ་གེ་མོའི་རིམས་ཉམས་པར་གྱིས་ཤིག་སྭཱ་ཧཱ། རིམས་བཟློག་པའོ། །དབང་པོའི་ནས་དང༌། ཞུ་མཁན་དང༌། པུ་ཤེ་ཙི་དང་མ་སར། སྤོས་དཀར། པ་མ། བཱི་ཏཱ། ནི་ཕཊའི་འདབ་མ་རྣམས་གཅིག་ཏུ་བྱས་ནས་བཏགས་ཏེ་གདོང་ལ་བྱུགས་ན་གདོང་ཟླ་བ་ལྟ་བུར་འགྱུར་རོ། །ཀཱ་མ་ཡཱའི་རྩ་བ་གཙུག་ཏུ་བཅིངས་ན་གཉིད་དུ་འགྱུར་རོ། །ཀུ་ཋཱ་རཙྪིཎྨའི་རྩ་བ་ཁར་བཅུག་ན་རལ་གྲི་ལ་སོགས་པ་ཟློག་པར་བྱེད་དོ། །ཨ་ལཾ་མུ་ཥཱའི་རྩ་བ་རྣ་བ་གཉིས་ལ་བཅིངས་ན་རིམས་ཉིན་བཞི་པ་ཉམས་པར་བྱེད་དོ། །དུར་ཁྲོད་དུ་སྐྱེས་པའི་དྲོ་ཎ་པུཥྤའི་ཁུ་བས་མིག་བཀང་ན་མིག་གི་མེ་ཏོག་སེལ་བར་བྱེད་དོ། །ཀྵུ་དགྲ་ཨི་ནི་ཀའི་རྩ་བ་དང༌། གི་ཝཾ་ལྷན་ཅིག་བཏགས་ནས་ཐིག་ལེ་བྱས་ན་རྒྱལ་པོའི་སྒོར་མཆོག་ཏུ་འགྱུར་རོ། །ཤྲི་གཱ་ལ་བསྟུ་ཀཱའི་རྩ་བ་རྣ་བ་ལ་བཅིངས་ན་མིག་ནད་སེལ་བར་བྱེད་དོ། །ས་ཁོ་ཊ་ཀའི་རྩ་བས་མགུལ་ནད་སེལ་བར་བྱེད་དོ། །བྷུ་མི་ཙམ་པ་ཀའི་རྩ་བ་བཏགས་ནས་བཏུངས་ན་ལྟོ་བའི་ཟུག་སེལ་བར་བྱེད་དོ། །དཀའ་ཐུབ་པའི་ཆུ་འོངས་པ་དང༌། འབྲས་སཱ་ལུ་དང༌། འབྲས་ཐུག་པོ་ཆེ་དང༌། ཀ་ར་དཀར་པོ་དང་ལྷན་ཅིག་བཏུངས་ན་བུད་མེད་རྣམས་ཀྱི་ཁྲག་འབབ་པ་སེལ་བར་བྱེད་དོ། །ཏྲི་ཤྲུ་ལི་ཀའི་རྩ་བ་ཁར་བཅུག་ན་གླང་པོ་ཆེ་དབང་དུ་འགྱུར་རོ། །བྲྀ་ཧ་ཏཱི་དཀར་པོའི་རྩ་བ་འབྲས་ཐུག་པོ་ཆེའི་ཆུ་དང་བཏགས་ནས་བཏུངས་ན་རྡེ་ནད་སེལ་བར་བྱེད་དོ། །སུ་བཱཎྞ་སེ་ཕཱ་ལི་ཀའི་རྩ་བ་དར་བ་དང་ལྷན་ཅིག་བཏགས་ནས་བྱུག་པ་བྱས་ན་ཁྱི་རྔོ་སེལ་བར་བྱེད་དོ། །མངོན་པར་བགྲོད་པའི་དུས་སུ་ཨགྣི་བསྟུ་ཀའི་རྩ་བ་ཁར་བཅུག་ན་མོད་ལ་བུད་མེད་དབང་དུ་འགྱུར་རོ། །ཨ་ལ་མུ་ཥཱའི་རྩ་བ་ཀཾ་ཛི་ཀ་དང་བཏགས་


DTG211_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མགོ་བོ་ལ་བྱབས་ན་མགོའི་ནད་སེལ་བར་བྱེད་དོ། །ཨརྐ་དཀར་པོའི་རྩ་བ་དར་བ་དང་བཏགས་ནས་བཏུངས་ན་མིག་སེར་སེལ་བར་བྱེད་དོ། །ནཱ་ག་ལམ་ཛཱ་ཏིའི་རྩ་བ་ཁར་བཅུག་ན་མི་སྣང་བར་འགྱུར་རོ། །འོ་མ་དང་ལྷན་ཅིག་ཟོས་ནས་ཆགས་པར་བྱས་ན་བུ་སྐྱེ་བར་འགྱུར་རོ། །བྷོཛ་ནཉྩ་ཨེ་ཀ་བ་ལ་ཡཱ་དུགྡྷི་ན་ས་ཧ་ཀཱ་ར་དང༌། མཁན་པའི་རྩ་བ་དང༌། དྲོ་ཎ་པུཥྤའི་རྩ་བ་དང༌། ཡུང་བ་དང༌། འབྲས་ཐུག་པོ་ཆེ་ལྷན་ཅིག་བྱས་ནས། དྲི་ལ་ཕྱི་བྱས་ཏེ། ཆུས་བཀྲུས་ན་གསལ་པོར་སྨྲ་བར་འགྱུར་རོ། །དེ་བཞིན་དུ་ནཱ་ག་གེ་སར་དང༌། སྠ་ལ་ཀུམྦྷཱི་དང༌། ནཱ་ག་ད་མ་ན་ཀ་དང༌། ད་མ་ན་ཀ་པུཥ་པ་རྣམས་ཀྱི་རྩ་བས་དྲིལ་ཕྱི་བྱས་ཏེ་ཆུས་བཀྲུས་ན། ཀླུ་ནོར་རྒྱས་ཀྱི་བུའང་དབང་དུ་འགྱུར་རོ། །ན་མཤྩཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨ་ན་ལེ་ཨ་ན་ལེ་ཏུ་ཏུ་སྭཱ་ཧཱ། སྔགས་འདི་ཚ་བའི་ཏིལ་མར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པར་བྱས་ཏེ་རྐང་པ་གཉིས་ལ་བྱུགས་ན་དཔག་ཚད་དུ་མར་མི་ངལ་བར་འགྲོ་བར་འགྱུར་རོ། །སྔོན་དུ་བསྙེན་པ་འབུམ་བྱས་པས་སོ། །མཁའ་འགྲོ་རྣམས་ཀྱིས་ཕྱག་རྒྱ་འབྱེད་པར་འགྱུར་རོ། །བཅིངས་པ་གྲོལ་བ་ལས་བཟླས་པར་བྱའོ། །ན་མཿ་ཀུ་སུ་མཱ་ལི་ཀཱ་ཡ་ཧི་མ་ར་དཱུ་རེ་ས་བ་རི་སྭཱ་ཧཱ། བྱི་བ་སྒྲིབ་པར་བྱེད་པའི་སྔགས་སོ། །ཨ་པཱ་མརྒའི་རྩ་བ་ལ་བདུན་བསྔགས་པའི་སྲད་བུ་ཡོངས་སུ་བཅིངས་ན་རིམས་ཉིན་གཅིག་པ་སེལ་བར་བྱེད་དོ། །པ་རཱ་ཧ་ཀྲཱནྟའི་རྩ་བ་ལག་པ་ལ་བཅིངས་ན་ལང་ཚོ་ཉམས་པ་ལའང་བུ་འབྱུང་ངོ༌། །དཎྜོཏྤ་ལའི་རྩ་བ་དང༌། གི་ཝཾ་ལྷན་ཅིག་བཏགས་ནས་ཐིག་ལེ་བྱས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན། རྒྱལ་པོའི་ཕོ་བྲང་ལ་སོགས་པ་ཡུལ་འཁོར་གྱི་སྐྱེ་བོ་དགའ་བར་འགྱུར་རོ། ཕག་གནོན་པ་།ཀ་ཀོ་ལའི་རྩ་བ་ཕྲད་བར་བྱས་ན་སོའི་ཟུག་རྡུ་སེལ་བར་བྱེད་དོ། །ཏ་ད་སྠཱ་ཀྲྀ་མ་ཡཿནཱ་ཤ་ཡ་ཏི། བྷྲི་ག་རཱ་ཛའི་རྩ་བ་དང༌། ཨ་པ་ར་ཛི་ཏའི་རྩ་བ་དང༌། མེ་ཏོག་ཕྱུངས་


DTG211_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མགྲིན་པར་བཅིངས་ན་ལྐོག་འབྲས་སེལ་བར་བྱེད་དོ། །བསྟུ་ཀའི་རྩ་བ་བཱ་སའི་ཆུ་དང་བཅས་པ་བཏུངས་ན་སྐྱ་རྦབ་ཀྱི་ནད་སེལ་བར་བྱེད་དོ། །ཏིཀྟ་ལ་ཤུའི་རྩབ་ཀཉྫི་ཀ་དང་བཏགས་ཏེ་སྤྱི་བོར་བྱུགས་ན་མགོ་བོའི་ཟུག་སེལ་བར་བྱེད་དོ། །སུ་བརྞ་སེ་ཕཱ་ལི་ཀའི་རྩ་བ་སྦྲང་རྩི་དང་ལྷན་ཅིག་བཏུངས་ན། དྲི་ཆུ་འགགས་པ་སེལ་བར་བྱེད་དོ། །སིཛྫའི་རྩ་བ་བུ་རམ་དང་ལྷན་ཅིག་ཟོས་ན་གཉིད་དུ་འགྱུར་རོ། །བཊའི་རྩ་བ་བཏགས་ནས་བྱིན་ན་མིག་སེར་སེལ་བར་བྱེད་དོ། །ཀཎྚ་ཀཱ་རའི་རྩ་བ་རྐེད་པ་ལ་བཅིངས་ན་མིག་ནད་སེལ་བར་བྱེད་དོ། །སཱུམ་པཏྟ་དང༌། བྷཉྫ་ནའི་རྩ་བ་བཏགས་ནས་ལྒའི་ཁུ་བ་དང༌། རྒྱམ་ཚ་དང༌། ཏིལ་མར་ལྷན་ཅིག་བསྲེས་ཏེ་རྣ་བ་བཀང་ན་རྣ་བའི་ཟུག་རྔུ་སེལ་བར་བྱེད་དོ། །ཀྲིཥྞ་སཱ་ཀའི་རྩབ་བཏགས་ན་སོའི་ཟུག་རྔུ་སེལ་བར་བྱེད་དོ། །གུཉྫའི་རྩ་བ་དུམ་དུ་བདུན་དུ་བྱས་ནས་སྲད་བུ་བདུན་རྐེད་པར་བཅིངས་ན་གཞང་འབྲུམ་གྱི་ནད་སེལ་བར་བྱེད་དོ། །ན་བ་མ་ལིའི་རྩ་བ་མ་བཀྲུས་པ་བྱ་རོག་མ་གྲག་པའི་དུས་སུ་བདེ་བར་ཕྱུང་ནས་སྲད་བུ་བདུན་དང་བཅས་པ་རྐེད་པར་བཅིངས་ན་ཙི་ཏཱུ་ན་སེལ་བར་བྱེད་དོ། སྨ་རུ་མགོ་ནག། །པ་ཊྱཱའི་ལ་ཀའི་རྩ་བའི་སོ་ཤིང་ཟོས་ན་མིག་སེར་སེལ་བར་བྱེད་དོ། །སྤའི་རྩ་བ་བསྐོལ་ནས་བཏུངས་ན་མཛེ་ནད་སེལ་བར་བྱེད་དོ། །སྐྱུ་རུ་ར་དང་ནིམྤའི་ལོ་མ་ལྷན་ཅིག་བཏགས་ནས་ཟོས་ཏེ། སཱ་ཁོ་ཊ་ཀའི་རྩ་བ་དང༌། ཀཉྫིཀ་བཏགས་ནས་བྱུགས་ན་རླུང༌། འབྲས་སེལ་བར་བྱེད་དོ། །ས་ཎའི་རྩ་བ་སོ་རྩི་དང་ལྷན་ཅིག་ཐོས་ན་དབང་པོའི་ནད་འབྱུང་བར་མི་འགྱུར་རོ། །འདབ་མ་དང་བཅས་པའི་དམན་ཀའི་རྩ་བ་བཏགས་ནས་བཏུངས་ན་ཡོངས་སུ་འགྱུར་བའི་ཟུག་རྔུ་སེལ་བར་བྱེད་དོ། །སུ་ཝརྞ་སེ་ཕཱ་ལི་ཀའི་རྩ་བ་ཁར་བཅུག་ན་རྒྱན་རྒྱལ་བར་འགྱུར་རོ། །བ་སོ་རྟ་རའི་སི་ཕ་ཕྱུང་ནས་ལྟེ་བའི་ཕྱོགས་སུ་བཅིངས་ན་བུད་མེད་བདེ་བར་བཙའ་བར་འགྱུར་རོ། །ཡང་ཛ་ཡནྟིའི་རྩ་བ་ཁར་བཅུག་ན་ཐ་སྙད་ལས་རྒྱལ་བར་འགྱུར་རོ། །བ་དཱ་ཧ་ཀྲཱནྟའི་རྩ་བ་ལག་པ་ལ་བཅིངས་ན་ཐ་སྙད་ཀྱིས་


DTG211_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཐུབ་པར་འགྱུར་རོ། །ཨ་པ་རི་ཛི་ཏའི་རྩ་བསྐར་མ་རྒྱལ་ལ་ཕྱུང་ནས་རས་བལ་ལ་སྣུམ་བྱུགས་ཏེ་དུད་པ་དབབ་པར་བྱའོ། །དེས་མིག་སྨན་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཀུནདའི་རྩ་བ་སྐར་མ་རྒྱལ་ལ་བྱུང་སྟེ། པྲ་སཱ་ར་ཀའི་གནས་སུ་བཞག་ན་ཚོང་རྒྱལ་བར་འགྱུར་རོ། །མ་ཡུ་ར་སི་ཁཱའི་རྩ་བ་རང་གི་ཁུ་བ་དང་བཏགས་ནས་སོར་མོ་ལ་བྱུགས་ན་བུད་མེད་འཛག་པར་ཐེ་ཚོམ་མེད་དོ། །རྙ་མ་དཱ་ཏིའི་རྩ་བ་འདབ་མ་དང་བཅས་པ་བཏགས་ནས་སེ་ཕ་ལ་བྱུགས་ན་བུད་མེད་འཛག་གོ །ནཱ་ག་གེ་སར་གྱི་ཡུ་བ། ཨ་ཤོ་ཀའི་རྩ་བ་དང༌། སོ་རྩི་དང་ཆང་རྨ་བྱའི་གཙུག་ཕུད་གང་ལ་སྦྱིན་པ་དེའི་ཨ་མཙྪ་ཀ་ཞི་བར་བྱེད་དོ། །སུ་རི་དང་སུ་ནཱ་ལ་སོ་རྩི་བཅོས་པ་ཟོས་ན། ཁུ་བ་རེངས་པའི་མཆོག་ཏུ་འགྱུར་རོ། །བྷྲིངྒ་རཱ་ཛའི་རྩ་བ་རང་གི་ཁུ་བར་བཏགས་པས་མིག་སྨན་བྱས་ན། གང་དང་གང་མཐོང་བ་དེ་དང་དེ་དབང་དུ་བྱེད་དོ། །རང་གི་ཁྲག་དང་གི་ཝཾ་གིས་ཐིག་ལེ་བྱས་ན་བུད་མེད་གང་མཐོང་བ་དེ་དབང་དུ་བྱེད་དོ། །བྱི་ཏང་ག་དང༌། བྷལླཱ་ཏ་ཀ་དང༌། ཙི་ཏྲ་ཀ་དང༌། ཨ་བྷ་ཡཱ་དང༌། ད་མོ་ཤ་ས་ནཱ་ག་རཱ་དང་མཉམ་པའི་རིལ་བུས་མར་སར་ལྷགས་ན་གང་ངལ་བར་འགྲོ་བའི་སྐྱེས་བུ་དེ་རླུང་དང་མཚུངས་པར་འགྱུར་རོ། །བུད་ཤིང་གི་ཁུ་བ་དང༌། འབྲས་བུ་གསུམ་དང༌། ལྕགས་ཀྱི་ཕྱེ་མ་དང༌། འདམ་གྱི་པདྨ་དང༌། བྷྲིངྒའི་ཁུ་བས་ཀྱང་ངོ༌། །ཨརྨ་པ་བྷུ་ཐུན་མོས་པ་ནིཥྚཾ། རཉྫ་ཏི་ཀེ་ཤ་ཀ་པཱ་ལ་ན་སནྡྷ་ཧཾ། གུཉྫ་དཀར་པོའི་རྩ་བ་སྐར་མ་རྒྱལ་བྱུང་ནས། ཏེ་ན་དཥྚ་ཀ་སྱ་ན་སཾ་པཱ་མ་ནཱ་སི་ཀཱ་ཡཿ་པྲ་ཊེ་པྲ་དོཏྟེ་ཙནྪ་ཏེ། གུཉྫ་དཀར་པོའི་རྩ་བ་རྐེད་པ་ལ་བཅིངས་ན་བདག་ཉིད་ཀྱི་ཁྲག་སེལ་པར་བྱེད་དོ། །དེའི་རྩ་བ་སྐྱེ་གནས་ལ་བྱུག་པར་བྱིན་ན་མངལ་བསྡམས་པ་བཙའ་བར་བྱེད་དོ། །གུཉྫ་དཀར་པོའི་རྩ་བ་ཕྱེ་མ་ཞི་བ་མོར་བྱས་ནས་མ་ཧེའི་འོ་མ་ལ་བཅུག་ན་ཞོ་སྨིན་པར་འགྱུར་རོ། །སཱ་ཁོ་ཊ་ཀའི་འོ་མ་ཐིགས་པ་གཉིས་བཅུག་སྟེ། ལེགས་པར་སྨིན་པ་ཉི་མ་གསུམ་པ་ལ་བསྲུབས་


DTG211_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མར་གསར་བླངས་ཏེ། དར་བ། ཏ་ཀྲཉྩ་ཛ་ཧྭ་སཱ་པ་ཡ། མེ་ཏོག་དཀར་པོ་གཏོར་བྱའོ། །ཉི་མ་གཞན་ལ་དེའི་མེ་ཏོག་ནག་པོར་འགྱུར་རོ། །མར་སར་དེས་ཐོད་པར་མིག་སྨན་དུ་འགྱུར་རོ། །ཛཾ་བཱི་རའི་རྩ་བ་བཏགས་ན། ཛནྟི་ཀའི་ནད་སེལ་བར་བྱེད་དོ། །པནྣཱག་པ་ཏི་ཀའི་རྩ་བ་བཏགས་ན་བེམས་པོའི་ནད་སེལ་བར་བྱེད་དོ། །རྀ་ཏུ་བཱི་ཏཱིའི་འབྱུང་པོའི་ཉི་མ་བཞི་པ་ལ་ནཱ་ག་གེ་སར་གྱི་ལོ་མ་དང༌། ཁ་དོག་གཅིག་པའི་བའི་འོ་མ་བཏུངས་ན། ཉི་མ་བཞི་པ་ལ་སྐྱེས་བུའི་མཛེ་ནད་སེལ་བར་བྱེད་དོ། །སྐྱུ་རུ་ར་གེ་སར་ལས་སྐྱེས་པའི་ཁུ་བ་དང་ལྷན་ཅིག་ལྕགས་ཀྱི་སྣོད་དུ་བཏགས་ཏེ་མིག་སྨན་བྱས་ན་རབ་རིབ་སེལ་བར་བྱེད་དོ། །པཱུ་ནརྣ་ཝའི་རྩ་བ་དང༌། སོ་སོ་བྷཉྫ་ནའི་རྩ་བ་དང༌། འབྲས་ཐུག་པོ་ཆེའི་ཆུ་དང་བཏགས་ནས་དེ་ཉིད་བཏུངས་ན་མཁྲིས་པ་སེལ་བའི་མཆོག་གོ །ཏནྜུ་ལི་ཀཱའི་རྩ་བས་མཁའ་འགྲོ་མའི་གདོན་དག་གིས་བཟུང་བའི་སྙིང་གི་ཟུག་རྔུ་སེལ་བར་བྱེད་དོ། །ཀཉྩ་ནཱའི་རྩ་བ་དང༌། ཤུན་པ་དང༌། དར་བ་མཉམ་པར་བཏུངས་ན་ཟས་ཀྱིས་བརྣངས་པ་སེལ་བར་བྱེད་དོ། །ཨཱི་ཤྭ་རའི་རྩ་བ་དང་ཀཉྫི་ཀ་བཏགས་ནས་བྱུགས་ན་གདུག་པའི་རྨ་སེལ་བར་བྱེད་དོ། །དེ་བཞིན་དུ་གདུག་པའི་རྨའི་གནས་སུ་བྱུག་པར་ཡང་བྱའོ། །ཏྲི་སཱུ་ལི་ཀཱའི་རྩ་བ་བཏགས་ནས་བྱུག་པར་བྱིན་ན། དུག་ནད་སེལ་བར་བྱེད་དོ། །ཏཎྜུ་ལི་ཀཱའི་འདབ་མ་དང་བཅས་པའི་རྩ་བ་དང༌། ཨགྣི་བསྟུ་ཀའི་རྩ་བའི་ཁུ་བ་བཏགས་ནས་ལུས་ལ་བྱུགས་ན་བཅུད་སྐམ་སེལ་བར་བྱེད་དོ། །སུ་དཪྴ་ཀའི་རྩ་བ་བཏགས་ནས་བྱུགས་ན་མིག་ནད་ཞི་བར་བྱེད་དོ། །གོ་ཛི་ཧྭེའི་རྩ་བ་རས་བལ་ལ་བཅིངས་ན་ཐ་སྙད་ལས་རྒྱལ་བར་འགྱུར་རོ། །ཨ་ཤྭ་གནྡྷའི་རྩ་བ་མར་དང་ལྷན་ཅིག་བཏུངས་ན་མངལ་བརྟན་པར་བྱེད་པའི་མཆོག་གོ །སུ་ར་བྷ་ཏི་ག་རའི་རྩ་བ་བཏགས་ནས་བྱུགས་ན་སྲིན་བུ་ལཱུ་ཏའི་དུག་སེལ་བར་བྱེད་དོ། །གི་རཱི་ཀརྞི་ཀའི་རྩ་བ་བཏགས་ན་ལྐོག་འབྲས་སེལ་བར་བྱེད་དོ། །ཨུཏྤལ་སྔོན་པོ་དང༌། གཞན་གྱིས་མི་ཐུབ་པའི་རྩ་བ་སོ་རྩིར་གྱི་ན་ན་[*BYIN NA?]


DTG211_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱེད་པའི་མཆོག་གོ །ཨ་པཱ་མཱརྒའི་རྩ་བ་དང༌། རྒྱམ་ཚ་དང༌། ག་མ་ཛི་ཀ་ལྷན་ཅིག་ཟངས་ཀྱི་སྣོད་དུ་སྦྱར་ནས་མིག་སྨན་བྱས་ན་མིག་ཚག་པ་སེལ་བར་བྱེད་དོ། །ཛ་ཡནྟའི་རྩ་བ་ཏིལ་མར་གྱིས་སྨིན་པར་བྱས་ནས་ཟོས་ན་བཅུད་ཉམས་པར་བྱེད་དོ། །ཀ་རཉྫའི་རྩ་བ་དང༌། མ་ཧཱ་ཀཱ་ལའི་རྩ་བ་དང༌། ཏ་ཎུ་ལའི་ཆུ་བཏུང་བར་བྱིན་ན་སའི་དུག་སེལ་བར་བྱེད་དོ། །དེ་བཞིན་དུ་བུ་ན་རྣ་བཱ་དཀར་པོའི་རྩ་བ་ཕྱུང་ནས་སྣ་བུག་ཏུ་བྱིན་ན་གདུག་པའི་དུག་སེལ་བར་བྱེད་དོ། །པཱ་ཐའི་རྩ་བ་དང་བ་དང་ལྷན་ཅིག་བཏུངས་ན་ཚད་པས་འཁྲུ་བ་སེལ་བར་བྱེད་དོ། །མནྡཱ་རཱའི་རྩ་བ་འོ་མ་དང་ལྷན་ཅིག་བཏུངས་ན་རླུང་ནད་སེལ་བར་བྱེད་དོ། །ཨརྐའི་རྩ་བ་དང༌། རི་ཥི་པཱུ་ཊོ་ལི་ཀའི་རྩ་བ་ས་བོན་དང་ལྷན་ཅིག་ཆ་མཉམ་པར་བྱས་ནས་ཆུ་དང་བཏགས་ཏེ་བཤང་ལམ་དུ་བྱུགས་ན་གཞང་འབྲུམ་སེལ་བར་བྱེད་དོ། །དྲི་སཱུ་ལི་ཀའི་རྩ་བ་འོ་མ་དང་བཏགས་ཏེ་གི་ཝཾ་དང་ལྷན་ཅིག་ཟངས་ཀྱི་སྣོད་དུ་བཞག་ནས་མིག་ལ་བྱུགས་ན། རབ་རིབ་སེལ་བར་བྱེད་དོ། །ཨ་རུ་ར་དང༌། ཞུ་མཁན་དང༌། ལུང་ཐང་གི་འདབ་མ་དང༌། ཤིང་ཀུན་དང༌། ཤུ་དག་རྣམས་ཆུ་དང་ལྷན་ཅིག་བཏགས་ནས་གལ་ཏེ་སོས་བཏབ་ན་འཆི་བ་དེའི་ཚེ་ཡང་འདི་བྱིན་ན་རྣལ་དུ་གནས་པར་འགྱུར་རོ། །ཀོ་ཀི་ལཱཀྵའི་རྩ་བ་དང༌། ཀུ་ཌཱུ་ཙི་དང༌། བ་ཤ་ཀ་དང༌། དབྱུག་པའི་ཨུཏྤལ་དང༌། སུ་ཝ་རྩེས་ཕཱ་ལི་ཀའི་ས་བོན་དང༌། བྲི་ཧ་ཏིའི་རྩ་བ་དང༌། ཆ་མཉམ་པར་བྱས་ནས་ཡུངས་ཀར་གྱི་སྣུམ་དང་ལྷན་ཅིག་བཏུངས་ན་རྐང་འབམ་དང་རླུང་ནད་སེལ་བར་བྱེད་དོ། །གོ་ཛི་ཏྲའི་རྩ་བ་དར་བ་དང་ལྷན་ཅིག་བཏུངས་ན་རྐེད་པའི་ནད་སེལ་བར་བྱེད་དོ། །ཨུཏྤ་ལའི་རྩ་བ་བའི་མར་དང་ལྷན་ཅིག་བཏུངས་ན་པྲིཥ་ཎའི་ཀླུང་སེལ་བར་བྱེད་དོ། །ཀུ་ཛ་ཊའི་རྩ་བ་ཕྱེ་མར་བྱས་ནས་སྦྲང་དང་ལྷན་ཅིག་བྱིན་ན་རྩའི་རྨ་སེལ་བར་བྱེད་དོ། །པ་ར་མེ་སྭ་རའི་རྩབ་དང་ཤུ་དག་བྱུགས་ན་འབྲས་སེལ་བར་བྱེད་དོ། སུཎྜི་ཀཱའི་རྩ་བ་དང༌། ལྒ་དང་ལྷན་ཅིག་ལག་པ་ལ་བྱུགས་ན་མི་རེངས་པར་བྱེད་དོ། །བནྡྷུ་


DTG211_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཀིའི་རྩ་བ་སྣར་བྱིན་ན་སྣ་ནད་སེལ་བར་བྱེད་དོ། །བཱ་རཱ་ཧ་ཀྲཱནྟའི་རྩ་བ་ཡུངས་ཀར་གྱི་མར་དང་ལྷན་ཅིག་ཁར་བཅུག་ན། སྐྱེ་བོ་ཐམས་ཅད་ཀྱི་མིག་འཆིང་བར་བྱེད་དོ། །པྲ་ཋཱ་མཱ་ལཾ། ཨོཾ་ཁངྒ་ཝཱ་རི་ཎཱི་སྭཱཧཱ། ཞེས་པའི་སྔགས་ཀྱིས་ཁ་ལ་བཏབ་ནས་མཚོན་བཟའ་བར་བྱའོ། །ཨག་རུ་དང༌། གུ་གུལ་དང༌། ཤྲཱི་ཝཱ་ས་དང༌། ཙན་དན་དང༌། ནེ་པཱ་ལི་ཀཱའི་འདབ་མ་དང༌། ནིརྨཱས་རྣམས་བུ་རམ་དང་ལྷན་ཅིག་ཆ་མཉམ་པར་བྱས་ནས་བདག་ཉིད་བདུགས་ཏེ། རྒྱལ་པོའི་འཕོ་བང་དུ་ཕྱིན་ན་སྐྱེ་བོ་ཐམས་ཅད་ཀྱིས་དེའི་དྲི་སྣོམ་པར་བྱེད་ཅིང༌། ཐམས་ཅད་མངག་གཞུག་ཏུ་འགྱུར་རོ། །ཏིལ་ནག་པོ་དང༌། སྐྱུ་རུ་ར་དང༌། བྷྲིངྒ་རཱ་ཛ་དང༌། འདི་དག་ཆ་མཉམ་པར་བྱས་ནས་མར་དང་ལྷན་ཅིག་ཟོས་ན་སྐྲ་དཀར་དང༌། རབ་རིབ་དང༌། སྐྱ་རྦབ་རྣམས་སེལ་བར་བྱེད་དོ། །ཀཱ་ཀ་ཛི་གྷའི་རང་བཞིན་བཤད་པར་བྱ་སྟེ། སྨན་ཆེན་པོ་ཀཱ་ཀ་ཛི་གྷ་ཨ་ཏི་བཱ་ལཱ། དེ་བཞིན་དུ་བ་ལ་ཎཾ་དང༌། བ་རཎྜུའི་འདབ་མ་དང༌། ཁུ་བ་དང༌། ཡུངས་ཀར་དཀར་པོ་དང༌། མཎྜུ་ཀའི་རིལ་མ་བྲེ་གང་གིས་སྨིན་པར་བྱས་ཏེ། འདིས་རྩ་བ་བཀྲུས་ན་ཆུ་ཀླུང་གི་ཤུགས་ཀྱང་ཞི་བར་བྱེད་དོ། །ཀཱ་ཀ་ཛཾ་གྷཱའི་ཁུ་བ་བླངས་ཏེ། འདིའི་རྩ་བ་དང་བཏགས་ནས་རྨ་ལ་བཏབ་ན་རྨ་གསོ་བའི་མཆོག་གོ །འདིའི་འདབ་མ་དང༌། འབྲས་ཐུག་པོ་ཆེའི་ཆུ་དང་བཏགས་ཏེ་བཀྲུས་ཤིང་བསྐམས་ནས་རྨ་ཏིལ་མར་གྱིས་བཀང་ན་རྩ་གསོ་བའི་མཆོག་གོ །འདིའི་འདབ་མའི་ཁུ་བ་དང༌། བ་ལང་གི་ཆུ་ལྷན་ཅིག་ཁས་བཟུང་ན་ཁའི་ནད་སེལ་བར་བྱེད་དོ། །ཀཱ་ཀ་ཛཾ་གྷཱ་དང༌། སྐྱུ་རུ་ར་དང༌། བ་རུ་ར་དང༌། བྷྲེངྒ་རཱ་ཛའི་ཁུ་བ་བླངས་ནས། ཏིལ་མར་གྱིས་སྨིན་པར་བྱས་ན་ཁི་ཉ་འཕེལ་བར་བྱེད་དོ། །ཐོས་པ་རེངས་པ་སེལ་བར་བྱེད་དོ། །སྦྲང་དང་ལྷན་ཅིག་གིས་ལྐོག་འབྲས་སེལ་བར་བྱེད་དོ། །བྷལླཱ་ཏ་ཀ་དང༌། ལྷན་ཅིག་ཟོས་ན་མཛེ་ནད་སེལ་བར་བྱེད་དོ། །མར་སར་དང་ལྷན་ཅིག་གིས་སྐྱིགས་བུའི་ནད་སེལ་བར་བྱེད་དོ། །སྤོས་དཀར་དང་ལྷན་ཅིག་གིས་མཚན་བར་རྡོལ་བ་སེལ་བར་བྱེད་དོ། །ཁཎྜ་དང་ལྷན་ཅིག་གིས་ཁ་


DTG211_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ནད་སེལ་པར་བྱེད་དོ། །བའི་ཆུ་དང་ལྷན་ཅིག་གིས་མེ་དབལ་སེལ་བར་བྱེད་དོ། །འཕགས་པ་རྩ་བའི་མཛོད་སྨན་ཆེན་པོའི་རིམ་པ་སློབ་དཔོན་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་ཡོངས་སུ་རྫོགས་སོ། །


previousའཕགས་པ་རྩ་བའི་མཛོད་སྨན་ཆེན་པོའི་རིམ་པ། ཀླུ་སྒྲུབ།next