cover

གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

གླེགས་བམ་གསུམ་པ།

༧གྲུབ་དབང་སྐུ་རབས་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ།

སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་སྔོན་འགྲོའི་གཏམ་ཐུང་།

གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིན་འཛིན་ནི། དུས་རབས་བཅུ་གཅིག་པའི་ནང་སྔ་འགྱུར་རྙིང་མའི་ཟབ་ཆོས་རྫོགས་པ་ཆེན་པོའི་ཆོས་མིང་གང་ཟག་ལ་ཐོག་པའི་འཚབ་བྱེད་སྐྱེས་ཆེན་ཡོངས་གྲགས་ཤིག་སྟེ། རྗེ་འདི་ཉིད་ཀྱི་སྐུ་ཚེ་གང་བོར་བྱ་གཏང་སྦས་པའི་རྣལ་འབྱོར་བའི་ཚུལ་གྱིས་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་ལ་གནད་དུ་སྣུན་པས་རིག་པ་ཚད་ཕེབས་ཀྱི་སར་ཕྱིན་ཏེ་གྲུབ་ཐོབ་པདྨ་རིག་འཛིན་ཞེས་མཚན་དུ་གྲགས་པ་བྱུང་། རྗེ་གང་ཉིད་དང་རྒྱལ་མཆོག་ལྔ་པ་ཆེན་པོ་བཀའ་བགྲོས་ནས་ཁམས་ཕྱོགས་སུ་རྫོགས་ཆེན་དགོན་པ་ཕྱག་བཏབ་པ་ནི་དབུས་གཙང་དུ་ཉམས་རྒུད་ཐེབ་པའི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་གནས་དུས་འདིར་དམིགས་ཀྱིས་སླར་གསོ་མཛད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མངོན་ཞིང་། སྐུ་དངོས་ཀྱིས་སྡེ་དགེའི་མངའ་ཁུལ་གཙོ་བོར་བྱས་པའི་ཁམས་ཕྱོགས་ཀྱི་ཀཿདཔལ་སོགས་རྙིང་དགོན་མང་པོར་ཕེབས་ཏེ་རྫོགས་པ་ཆེན་པོའི་ལྟ་སྒོམ་ལ་དག་ཐེར་མཛད་ཅིང་ཐུགས་བཞེད་བཞིན་ཨ་མདོ་དང་ཁམས་ཕྱོགས་སུ་ཆོས་བརྒྱུད་དགོན་སྡེ་བརྒྱ་ཕྲག་མང་པོ་འཕེལ། ཕྱི་དུས་འདིར་གངས་རིའི་ལྗོངས་སུ་རྫོགས་པ་ཆེན་པོའི་བསྟན་པ་མཐར་རྒྱས་སུ་འཕེལ་བའི་ཆུ་འགོའམ་ཤིང་རྟའི་སྲོལ་འབྱེད་མཆོག་གཅིག་ཏུ་ཡོངས་སུ་གྲགས། རྗེ་གང་གི་སྤྲུལ་རབས་སྐུ་ཕྲེང་རིམ་བྱོན་ནི་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སྟེ་ཚུལ་དགུའི་ཡོན་ཏན་གྱི་མངའ་བདག་ཤ་སྟག་བྱོན་པས་སྔ་འགྱུར་རྙིང་མའི་བསྟན་པའི་གཙུག་རྒྱན་ལྟ་བུར་ཆགས་ཤིང་། གཞུང་ས་དགའ་ལྡན་ཕོ་བྲང་ནས་མ་ཧཱ་པཎ་ཏྲི་ཏ་ཨེར་ཏི་ཎི་ཧོ་ཐོག་ཐུའི་ཆོ་ལོ་ཐེངས་མང་བསྩལ་བའི་མཚན་ཐོབ་ལྡན། སློབ་བུ་ཉི་ཟླ་སྐར་གསུམ་དང་འཇིགས་མེད་རྣམ་བཞི་སོགས་སྐུ་རབས་རིམ་བྱོན་གྱི་ཐུགས་སྲས་མཁས་བཙུན་གྲུབ་པའི་སྐྱེས་བུ་བཟང་ལ་མང་བ་བྱོན་པས་ཆོས་རྒྱུན་ཕྲིན་ལས་ཕྱོགས་བརྒྱར་འཕེལ། གྲུབ་དབང་སྐུ་རབས་རིམ་བྱོན་གྱི་ཞལ་གསུང་བསྟན་བཅོས་མང་རབ་བཞུགས་ཚུལ་ཆོས་འབྱུང་རྣམ་ཐར་དག་ན་གསལ་ཡང་སྔར་དུས་བཀའ་རྒྱ་དམ་པོར་མཛད་དེ་ཤིང་པར་དུ་མ་བཀོད་པ་དང་། སྔ་ཕྱིར་བླ་བྲང་ལ་མེ་སྐྱོན་དང་ས་འགུལ་གྱི་གནོད་འཚེ་ཐེབ་པས་སྐབས་དེ་དག་ཏུ་རྩ་འཐོར་སོང་ཕྱིར་དེང་དུས་མཇལ་དུ་བཞུགས་པ་ཤིན་ཏུ་ཉུང་། སྔར་ལམ་གྲུབ་དབང་པདྨ་རིག་འཛིན་གྱི་གསུང་ཚན་ཐོར་བུ་བསྡུ་སྒྲིག་དཔེ་སྐྲུན་ཐེངས་གཅིག་བྱས་པ་དང་། ད་ལམ་གྲུབ་དབང་སྐུ་རབས་རིམ་བྱོན་གྱི་ཆོས་སྲིད་མཛད་ཕྲིན་བསྐྱངས་པའི་ལྟེ་གནས་ཕོ་བྲང་ཆེན་མོ་ཁམས་གསུམ་ཟིལ་གནོན་བསྐྱར་བཞེངས་ལེགས་གྲུབ་ཀྱི་ལས་སྨོན་མངོན་དུ་གྱུར་བ་མ་ཟད། ནང་བཞུགས་སྐུ་ཐུགས་ཀྱི་རྟེན་མཆོག་སྐུ་རབས་རིམ་བྱོན་གྱི་སྐུ་བརྙན་བྱོན་ལེགས་དང་གསེར་གདུང་ཁྱད་འཕགས་བྱིན་རླབས་ཀྱི་གཟི་འོད་འབར་བ་བཞུགས་སུ་གསོལ་བ་དང་། གསུང་གི་ཕྲིན་ལས་རྒྱུན་མི་ཆད་པའི་སྲི་ཞུ་སྒྲུབ་པ་ན། རྟེན་འབྱུང་ཆུད་མི་ཟ་བའི་བདེན་མཐུས་གནའ་དུས་ནས་ལག་བྲིས་དཔེ་རྙིང་གཅིག་ཁོ་ན་ལས་མི་བཞུགས་པའི་ཕྱི་མོ་དག་ཀྱང་ངོ་མཚར་ཆེན་པོས་ལག་འབྱོར་བྱུང་བ་དད་སྤྲོ་རབ་ཏུ་འཕེལ་བ་དང་བཅས་འགྲེམ་སྤེལ་བགྱིས་པ་སྟེ། འདིས་མཚོན་རྣམ་པར་དཀར་བའི་དགེ་རྩ་གང་མཆིས་མཁའ་མཐས་ཁྱབ་པའི་འགྲོ་བ་ཀུན་ལ་རྡུལ་བྲལ་ཆོས་རབ་རྣམ་འབྱེད་ཀྱི་ཡེ་ཤེས་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བ་དང་། ཐོག་མཐའི་བྱ་བར་དངོས་སུ་ཞུགས་པ་དང་བསམ་སྦྱོར་གང་ཐད་ནས་རྒྱབ་སྐྱོར་རོགས་དན་མཛད་པོ་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་བཅས། མཁྱེན་གཟིགས་དམ་པའི་ཞལ་སྔ་ནས་གྲུབ་དབང་རྫོགས་ཆེན་པའི་མཚན་གྱི་ཅོད་པཎ་གྱིས་མངོན་པར་བསྟོད་པ་བསྟན་འཛིན་ལུང་རྟོགས་ཉི་མས་མེ་སྤྲེལ་ས་ཟླའི་ཡར་ཚེས་ལ་སྦྱར་བ་དགེ།
དཔེ་སྒྲིག་ལས་ཁང་། སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།
སྤྱི་ཁྱབ་བསྡུ་སྒྲིག་དག་ཞུས་པ། གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ།
ཆེད་འགན་དག་ཞུས་པ། སྨྱོ་ཤུལ་མཁན་པོ་འཆི་མེད་བཟོད་པ། རྫོགས་ཆེན་སློབ་དཔོན་བསོད་སྦྱིན། རྫོགས་ཆེན་སློབ་དཔོན་པདྨ་སྣང་བ།
བསྐྱར་ཞུས་པ། སྤྲུལ་སྐུ་གྲགས་པ་རྒྱལ་མཚན། ར་ཐིས་སྤྲུལ་སྐུ་ཐུབ་འོད། བྲག་མཁར་སྤྲུལ་སྐུ་ཚུལ་ཁྲིམས་རྒྱལ་མཚན།
ཡིག་གཏག་པ། བསྟན་འཛིན་ཚེ་དབང་། བསྟན་འཛིན་ཤེས་རབ། པདྨ་གྲགས་པ།
དཔེ་སྒྲིག་པ། དབྱིན་ཇི་བ་པདྨ་མཐུ་སྟོབས།
མདུན་ཤོག་མཛེས་རིས་པ། ཕུར་བཟང་། ཡུས་ཁུ་ཡུས།

གྲུབ་དབང་རྫོགས་ཆེན་པ་སྐུ་རབས་གསུམ་པ། ངེས་དོན་བསྟན་འཛིན་བཟང་པོའི་རྣམ་ཐར་མདོར་བསྡུས།།

ངེས་དོན་བསྟན་འཛིན་བཟང་པོ་ཨ་ཏི་བསྟན་པའི་རྒྱལ་མཚན་མཆོག་ནི། སྤྱི་ལོ་༡༧༥༩པ་རབ་བྱུང་བཅུ་གསུམ་པའི་མེ་ཡོས་ལོར། བྱང་ཟླ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་ཡུལ་གྱི་བྱེ་བྲག་རྫ་བརྒྱུད་ཧོར་པ་ཞེས་པའི་ཆར་ཡབ་ཚེའི་རིག་བྱེད་ལ་བྱང་ཆུབ་པ་འགའ་ཞིག་བྱོན་པའི་རྒྱུད་ལས་བཀྲ་ཤིས་འབུམ་བྱ་བའི་སྲས་སུ་སྐུ་འཁྲུངས། གསུང་ངག་བྱེ་བ་ཉིད་ནས་རྗེ་གོང་མའི་ཐུགས་ཀྱི་བག་ཆགས་མ་བརྗེད་པར་རྫོགས་ཆེན་མཆོག་སྤྲུལ་ཡིན་ཚུལ་དང་། སྐུ་འཁོར་གྲྭ་པ་པདྨའི་མིང་འཛིན་གསུམ་ཡོད་ཚུལ་སོགས་ཡང་ཡང་གསུངས་ཤིང་། དབུས་གཙང་ལྷ་བླའི་གསུང་རྟགས་དང་དམ་ཅན་སྐྱེས་བུའི་ལུང་བསྟན། རྗེ་དབོན་བླ་མའི་གསུང་ལུང་རྣམས་གཅིིག་མཐུན་བྱུང་བ་ལྟར་ངོས་འཛིན་ཕུལ། སྤྲུལ་བའི་སྐུས་སྔོན་གནས་རྗེས་སུ་དྲན་པའི་རྣམ་ཐར་བཟང་པོས་གོང་མའི་ཕྱག་དཔེ་དང་། རྡོར་དྲིལ། ཕྱག་ཕྲེང་། གསོལ་ཞལ་སོགས་ཉེར་སྤྱོད་རྣམས་ངོས་འཛིན་གནང་བ་དང་། སྔོན་གྱི་མཛད་ཚུལ་སོགས་ངེས་ཤེས་འདྲོངས་པའི་གསུང་འཕྲོས་མང་པོ་བསྩལ་བས་ཐམས་ཅད་ཡང་དུ་ཡིད་ཆེས་ཀྱི་ས་ལ་བཀོད་དེ་དད་པའི་སོར་འདབ་དབང་མེད་དུ་ཟུམ་པར་བྱས། དགུང་གྲངས་བཞི་ལ་སོན་པ་སྣ་ཚོགས་ཞེས་པ་ཆུ་རྟ་ལོར་རྗེ་དབོན་རིན་པོ་ཆེ་དང་ས་སྐྱོང་ཆོས་རྒྱལ་ཆེན་མོ་གཙོས་ཡུལ་སྡེ་དགོན་འབངས་ཡོངས་ཀྱིས་ཕུན་སུམ་ཚོགས་པའི་ཆིབས་བསུ་དང་བཅས་གདན་སར་སྤྱན་དྲངས། ཉི་སྤྲུལ་བསྟན་པའི་རྒྱལ་མཚན་གྱིས་གཙུག་ཕུད་བཞེས་པའི་མཚན་ལ་ཀུན་བཟང་ཐེག་མཆོག་བསྟན་པའི་མགོན་པོ་ཞེས་དང་། རྗེ་དབོན་རིན་པོ་ཆེས་གསེར་ཁྲིར་བཀོད་པའི་མཚན་ལ་ངག་དབང་པདྨ་རྣམ་རྒྱལ་དུ་གསོལ། ས་སྐྱོང་གོང་མ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་ཀྱང་ཆབ་ཤོག་གི་ལམ་ནས་ཞབས་བརྟན་དང་བཅས་རིག་འཛིན་ཕྲིན་ལས་དབང་ཕྱུག་ཨ་ཏི་བསྟན་པའི་རྒྱལ་མཚན་ཞེས་མཚན་འབུལ་གནང་། དགུང་ལོ་བདུན་པར་སྐུ་རྒྱབ་སློབ་དཔོན་ཐེག་མཆོག་ལས་ལྗགས་ཀློག་དང་འདོན་ཆོག་མ་ལུས་པ་བྱང་ཆུབ་པར་མཛད་པ་དང་། དེ་ནས་ཡིད་བཞིན་མཛོད་དང་སྡོམ་གསུམ་སོགས་ཐུགས་འཛིན་གནང་ཞིང་རིམ་པར་ཉི་སྤྲུལ་རྡོ་རྗེ་འཆང་ལས་བླ་མ་དགོངས་འདུས་དང་ཉི་གྲགས་གཏེར་ཆོས་སོགས་བཀའ་གཏེར་ཆོས་ཚུལ་དུ་མའི་སྨིན་དབང་གྲོལ་ཁྲིད་སྣ་ཚོགས་གསན། ཁྱད་པར་ཉི་སྤྲུལ་རིན་པོ་ཆེས་མཁན་པོ་དང་རྗེ་དབོན་མཆོག་ནས་ལས་ཀྱི་སློབ་དཔོན་མཛད་དེ་དགེ་འདུན་ལྔ་ཚོགས་ཀྱི་དབུས་སུ་རབ་ཏུ་བྱུང། མཚན་ངེས་དོན་བསྟན་འཛིན་བཟང་པོར་གསོལ། གཞན་ཡང་རྗེ་དབོན་རིན་པོ་ཆེ་ལས་སྙིང་ཐིག་གོང་འོག་གི་ཉམས་ཁྲིད་གནད་ཡིག་སོགས་གོང་མའི་ཞལ་ཤེས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་བསྩལ་བས་ཐུན་མིན་རིགས་བདག་ཏུ་གྱུར། ཀཿཐོག་དྲི་མེད་ཞིང་སྐྱོང་ལས་བདུད་འདུལ་གཏེར་ཆོས་ཆ་ཚང་བ་དང་། འབར་ཆུང་བཀྲ་ཤིས་རྒྱ་མཚོ་ལས་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་། ཉི་གྲགས་གདན་ཚབ་སྐལ་བཟང་དོན་ཡོད་ལས་སྙིང་ཐིག་ཉམས་ཁྲིད་ཟབ་རྒྱས་བཞེས། དེ་མཚུངས་དཔའ་བོ་ལས་རབ་རྩལ། གུ་གུ་བླ་མ་བསྟན་འཛིན་སྙིང་པོ། མཁས་བཙུན་ནམ་མཁའ་མཆོག་གྲུབ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་བཀའ་ཆོས་གྲངས་མང་གསན། དགུང་གྲངས་ཉི་ཤུ་པ་ས་ཁྱི་ལོར་སྐུ་རབས་གོང་མའི་མཛད་སྲོལ་ལྟར་དབུས་ཕྱོགས་སུ་ཆིབས་བསྐྱོད་མཛད། ཇོ་ཤཱཀ་གཉིས་གཙོ་བོར་གྱུར་པའི་ལྷོ་བྲག་ཚུན་གྱི་གཙུག་ལག་ཁང་རྣམས་སུ་མཆོད་སྤྲིན་རྒྱས་སྤྲོས་དང་བསྟན་འགྲོར་ཕན་བདེ་སྤེལ་བར་འགྲན་ཟླ་མེད་པ་ཡིད་བཞིན་ནོར་བུ་དང་འདྲ་བ་ཞིག་འབྱུང་ངེས་ཡིན་ཞེས་བཀའ་ལུང་གནང་བ་དོན་སྨིན་དུ་བྱུང་ཞེས་ཀུན་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་པ་སྟེ་ཐུན་མོང་ཕྱི་ཡི་རྣམ་ཐར་སྤྱི་དང་། བྱེ་བྲག་ཐུན་མིན་གྱི་རྣམ་ཐར་ལྷག་པའི་ལྷས་ཞལ་གཟིགས་ལུང་བསྟན་ཐོབ་པ། ཆོས་སྐྱོང་བྲན་དུ་བཀོལ་བ། ས་ལམ་གྱི་མངོན་རྟོགས་རྫོགས་ཚུལ་སོགས་གསང་བའི་རྣམ་ཐར་ཤིན་ཏུ་མང་བ་སྟེ། དགུང་གྲངས་བཞི་པར་གདན་སར་ཐོག་མར་ཞབས་འཁོད་ཉིན་ཕོ་བྲང་དབུ་རྩེའི་སྟེང་ན་དཔལ་མགོན་མ་ནིང་དང་སྔགས་སྲུང་མ་བཞུགས་པ་དངོས་སུ་གཟིགས་ཤིང་། དེ་ནས་སྐབས་དང་སྐབས་སུ་དམ་ཅན་སྐུ་ཆུང་ངུ་ཞིག་གིས་སྲུང་མའི་ཚུལ་གྱིས་ཡང་ཡང་སྐོར་བ་བྱེད། ཡོངས་འཛིན་སློབ་དཔོན་པདྨ་མཆོག་ལས་ལྗགས་ཀློག་སྦྱང་སྐབས། གཟིམས་ལམ་དུ་གཞི་བདག་ཀུ་ར་ཡིན་ཟེར་བའི་གཡག་དཀར་ཞོན་པའི་མི་དཀར་བོན་ཞྭ་གྱོན་པ་ཞིག་ཡང་ཡང་འོང་བ་གཟིགས། རྗེ་དབོན་བླ་མར་ཞུས་པས་དེ་ཡུལ་ལྷ་ཡིན་ཞིང་ཁྱེད་ལ་འཁོར་བར་སྣང་ཡང་མི་ལེགས་པས་ངས་ཐབས་བྱའོ་གསུངས་ཏེ་ཐུགས་དམིགས་གནང་བས་དེ་ཕྱིན་འོང་རྒྱུ་མེད་པར་གྱུར། སྐབས་ཤིག་མི་མང་ཚོགས་པའི་ཁྲོམ་གསེབ་ཞིག་ཏུ་འདུག་པ་ལན་གཅིག་གཟིགས་གསུངས། ཡང་སྐབས་ཤིག་དཔལ་མགོན་མ་ནིང་མངོན་རྟོགས་དང་མཐུན་པ་ཞིག་གིས་ཞལ་གཟིགས་པ་དང་། གྲུབ་དབང་པདྨ་བཤེས་གཉེན་ལ་དབང་གསུང་སྐབས་སྨན་ཐོད་ལས་བདུད་རྩི་དངོས་སུ་ཁོལ་བ་དེར་གནས་ཀུན་ཀྱིས་མངོན་སུམ་དུ་མཐོང་། དགུང་གྲངས་ཉེར་གཉིས་དུས་མཚོ་རྒྱལ་དཀར་མོ་ཕྱག་ན་མདའ་དར་དང་ཚེ་བུམ་ཐོགས་པ་ཞིག་གིས་འབྱུང་འགྱུར་ལུང་བསྟན་དང་། ཆོས་བཀའ་མང་པོ་འབེབས་རྒྱུའི་བརྡ་འགྲོལ་བྱུང་ཡང་བདག་གིར་མ་མཛད། ཁྱད་པར་ཨོ་རྒྱན་ཆེན་པོས་ཞལ་གཟིགས་ཐེངས་མང་གནང་བ་དང་། དེ་མཚུངས་པཎ་ཆེན་བཱི་མ་ཏྲ། རླངས་ཆེན་དཔལ་གྱི་སེང་གེ། རྒོད་ཚང་སྣ་ཚོགས་རྣམས་ཀྱིས་ཀྱང་ཞལ་གཟིགས་ཡང་ཡང་ཐོབ་ཅིང་གསུང་གླེང་མང་པོ་མཛད། ལྷ་ལྡན་དུ་ཇོ་བོ་མཇལ་དུས་ཤཱཀྱ་ཐུབ་པ་དངོས་ཞལ་འཛུམ་པར་གཟིགས་ཤིང་འཁོར་གྱི་ལྷ་རྣམས་ཀྱང་དེ་དང་དེར་མངོན་སུམ་དུ་གཟིགས། ཁྲ་འབྲུག་ཏུ་སྒྲོལ་མ་ཞལ་ཟས་མ་ཞལ་འཛུམ་པར་མཛད་པ་དང་། ཁྲོ་བོ་མི་གཡོ་བའི་རལ་གྲི་ལས་མེ་འབར་བ་སོགས་གཟིགས་སྣང་ཁྱད་པར་ཅན་སྣ་ཚོགས་བྱུང་། དེ་བཞིན་གདན་སར་སྒྲུབ་ཆེན་གྱི་ཚོགས་དབུར་བཞུགས་དུས་རྒྱུད་མགོན་ལེགས་ལྡན་དང་ཚེ་རིང་མཆེད་ལྔས་རང་གཟུགས་དངོས་སུ་བསྟན་པ་དང་། རྒྱུན་དུ་མ་གཟའ་དམ་གསུམ། བཙན་རྒོད་ཆེན་པོ་སོགས་སྐུ་མདུན་དུ་མི་དང་མི་བཞིན་འོང་སྟེ་ཅི་བཅོལ་གྱི་ཕྲིན་ལས་སྒྲུབ་པ་སོགས་ངོ་མཚར་བའི་རྣམ་ཐར་མཐའ་ཡས། དེ་ལྟར་ཕྱི་ནང་གསང་བའི་མཛད་པས་བསྟན་འགྲོའི་གཞན་དོན་རྒྱ་ཆེར་བསྒྲུབས་ནས། དགུང་ལོ་སུམ་ཅུ་ལ་སོན་སྐབས་མཁའ་འགྲོས་བསུ་བའི་ལྟས་མང་པོ་རིམ་པར་བྱུང་ཞིང་། རྗེ་ནམ་མཁའ་ཚེ་དབང་མཆོག་གྲུབ་ནས་བསུན་བཟློག་མཛད་པས་མཚམས་རེར་བཟློག་པ་ལྟར་སྣང་ཡང་། སླར་ཡང་སྔར་ལྟར་བྱུང་བར་གསུངས་ཤིང་རེ་ཞིག་གདུལ་བྱ་དེ་ཙམ་དུ་དགོངས་ནས་དགུང་ལོ་སོ་བཞི་པ་ཆུ་ཕོ་བྱི་བའི་ལོར་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན། གསུང་ལས་སྐྱེས་པའི་ཞལ་སློབ་ཀྱི་གཙོ་བོ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ འབར་ཆུང་འཇིགས་མེད་གོ་ཆ། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་རྒྱ་མཚོ། སེང་ཕྲུག་པདྨ་བཀྲ་ཤིས། འཇུ་བླ་སངས་རྒྱས་འོད་ཟེར་སོགས་སྒྲུབ་གྲྭའི་འཇའ་ལུས་པ་བཅུ་གསུམ། ཉི་གྲགས་སྤྲུལ་སྐུ་ཨོ་རྒྱན་བསྟན་འཛིན། རབ་འབྱམས་གཉིས་པ་ཀུན་བཟང་རྣམ་རྒྱལ། རྒྱལ་ཚབ་མཆོག་སྤྲུལ། དབོན་སྤྲུལ་བསྟན་པའི་ཉི་མ། གུ་གུ་བླ་མ་བསྟན་འཛིན་སྙིང་པོ། གནས་མདོའི་ཆགས་མེད་སྤྲུལ་སྐུ། རྡོ་བྲག་མཆོག་སྤྲུལ། ཡོལ་མོ་སྤྲུལ་སྐུ། ལྕགས་ལའི་རྒྱལ་སྲས། གྲུབ་ཆེན་པདྨ་བཤེས་གཉེན་སོགས་ས་ཐོབ་ཀྱི་སེམས་དཔའ་མིའི་བརྫུ་ལ་བྱོན་པ་གྲངས་མེད་པ་བྱོན། དམ་པ་འདི་འཆད་རྩོམ་ལ་རང་དབང་འབྱོར་ཞིང་རྒྱལ་བསྟན་བཤད་སྒྲུབ་ཀྱི་འཁོར་ལོ་མཁས་ཚུལ་གསུམ་གྱི་མཛད་པས་བསྐྱོང་བའི་དན་རྟགས་ཞལ་སློབ་དག་གི་རྣམ་ཐར་ན་གསལ་ཡང་། དགུང་གྲངས་གཞོན་དུས་སུ་ཞི་བར་གཟིགས་པས་གསུང་རྩོམ་ཉུང་ངུ་ལས་མི་བཞུགས་ཤིང་། ད་ལམ་གྲུབ་དབང་གོང་མ་རིམ་བྱོན་གྱི་གསུང་གི་གསང་བ་ཟབ་མོའི་ཕྲིན་ལས་ལ་སྲི་ཞུའི་བགྱི་བ་རྩོམ་སྐབས་གང་འབྱོར་དཔེ་ཚོགས་སུ་བཀོད་པ་དང་བསྟུན། སྔར་ལམ་རྫོགས་ཆེན་ཆོས་འབྱུང་ཆེན་མོར་བྲིས་པའི་རྣམ་ཐར་ལ་དག་ཞུས་དང་བཅས། མཁྱེན་གཟིགས་དམ་པའི་ཞལ་སྔ་ནས་གྲུབ་དབང་རྫོགས་ཆེན་པའི་མཚན་གྱི་ཅོད་པན་གྱི་བྱིན་གྱིས་བརླབས་པ་བསྟན་འཛིན་ལུང་རྟོགས་ཉི་མས་མེ་སྤྲེལ་ས་ཟླའི་ཡར་ཚེས་ལ་བྲིས་པ་དགེ།

དགོངས་འདུས་བརྒྱུད་འདེབས་བསྡུས་པ་བྱིན་རླབས་ཆར་འབེབས་བཞུགས་སོ།།

གདོད་མའི་མགོན་པོ་ཀུན་བཟང་སྣང་མཐའ་ཡས། །རྒྱལ་བ་རིགས་ལྔ་དྲུག་པ་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔའ་སྤྱན་རས་གཟིགས་དབང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དགའ་རབ་འཇམ་དཔལ་བཤེས་གཉེན་ཤྲཱི་སེང་ཧ། །རྒྱལ་ཀུན་སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེ་དང་། །གཉིས་མེད་ཡུམ་ཆེན་ལྷ་ལྕམ་མནྡ་རར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཁྲི་སྲོང་ཡབ་སྲས་ལོ་པཎ་སྐྱེས་མཆོག་འཛིན། །ཤེས་རབ་རྗེ་མོ་ཡེ་ཤེས་མཚོ་རྒྱལ་དང་། །ཟབ་གཏེར་མཛོད་འཛིན་སངས་རྒྱས་གླིང་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཡེ་ཤེས་རྡོ་རྗེ་བློ་གྲོས་འགྲོ་བའི་མགོན། །པུཎྱེ་དྷརྨ་ཀརྨ་བྷ་དྲའི་མཚན། །གྲུབ་མཆོག་བཟང་པོ་རིག་འཛིན་སྙིང་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་ཆེན་དར་རྒྱས་ཀུན་བཟང་རང་གྲོལ་རྩལ། །ཕྲིན་ལས་རྡོ་རྗེ་བསྟན་པའི་རྒྱལ་མཚན་ཞབས། །འཁོར་ལོའི་མགོན་པོ་ངེས་དོན་བསྟན་འཛིན་བཟང་། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ནམ་མཁའ་ཚེ་དབང་རིག་འཛིན་བཟང་པོའི་ཞབས། །པདྨ་འགྲོ་འདུལ་པདྨ་མངྒ་ལམ། །དུས་གསུམ་དངོས་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཞི་དང་ཁྲོ་གར་སྟོན་མཛད་ཡི་དམ་ལྷ། །དགོངས་པ་ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྲིན་ལས་མྱུར་མགྱོགས་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དབང་བཞི་ཆུ་བོས་བདག་རྒྱུད་ཡོངས་སྨིན་ཞིང་། །རིམ་པ་གཉིས་ཀྱི་ལམ་བཟང་མཐར་ཕྱིན་ནས། །སྐུ་བཞིའི་འབྲས་བུ་མྱུར་དུ་འགྲུབ་པར་ཤོག །གདོད་ནས་འཕོ་འགྱུར་མེད་པའི་རིག་རྩལ་ལྷར། །ཡོངས་ཤར་སྣང་སྲིད་དག་པ་རབ་འབྱམས་སུ། །རྒྱས་ཐེབས་ཕྲིན་ལས་རྣམ་བཞིའི་བསྟན་འགྲོ་ཡི། །ཕན་བདེ་ཕྱོགས་བཅུར་རྒྱས་པར་བྱེད་ནུས་ཤོག །ཅེས་པའང་ངེས་དོན་བསྟན་འཛིན་བཟང་པོས་སྦྱར་བའོ། །འདི་ཉིད་སྨན་མཆོད་དུ་བསྒྱུར་ན་གོང་གི་ཚིག་རྐང་བཞི་པ་རྣམས་༼སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ།༽ཅེས་བསྒྱུར། མངྒ་ལམ།

ཐེག་པ་ལམ་ཞུགས་ཀྱི་བཤགས་པའི་རྩ་འགྲེལ་བསྡུས་པ་ཐར་ལམ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། མཁའ་ཁྱབ་ཡེ་ཤེས་སྒྱུ་འཕྲུལ་རྒྱ་མཚོ་ཡི། །གསང་གསུམ་ཡོན་ཏན་ཕུང་པོ་རྡུལ་སྙེད་སྤྲིན། །རྣམ་རོལ་ཨོཎྜི་ཡ་ནའི་སངས་རྒྱས་དང་། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད། །གསང་ཆེན་རྒྱུད་སྡེ་ཚངས་པའི་རལ་ཀླུང་ལས། །ཉེར་བབས་ཉམས་ཆགས་སྦྱོང་བྱེད་གངྒཱའི་ཆབ། །དྲི་མེད་བཤགས་རྒྱུད་ལས་འཕྲོས་དག་བྱེད་རྒྱུན། །ཐེག་དགུའི་བཤགས་པའི་དཀའ་གནད་བརྡ་ཙམ་དཀྲོལ། །དེ་ཡང་སྤྱིར་བཤགས་བྱ་བཤགས་བྱེད་དགོས་ཆེད་སོགས་དང་། རིམ་དགུ་སོ་སོར་བཤགས་པ། ཐུན་མོང་དུ་བཤགས་པ་སྟེ་གསུམ་ལས། དང་པོ་ནི། བདག་དང་སེམས་ཅན་རྣམས་མ་རིག་པའི་དབང་གིས་ཡུལ་ལ་ཆགས་པ་བསྐྱེད་པའི་རྐྱེན་གྱི་ཕ་མའི་ཁུ་རྡུལ་ལ་རླུང་སེམས་བརྟེན་ནས་གཟུགས་སུ་གྲུབ་སྟེ་བག་ཆགས་བརྟས་པས་འཇིག་རྟེན་གྱི་འཁྲུལ་སྣང་མཐོང་ཞིང་དུག་གསུམ་གྱི་དབང་གིས་དགེ་སྡིག་གི་དོན་མ་རྟོགས་ཤིང་འཁོར་བར་འཁྱམས་པས་སྡིག་པའི་ལས་མང་དུ་བགྱིས་ཏེ་ངན་སོང་གསུམ་དུ་འགྲོ་བའི་རྒྱུ་དཔག་ཏུ་མེད་པ་ཞིག་བསགས་སོང་སྒྲུབ་པ་ཅི་ཙུག་བྱེད་ཨང་སྙམ་པའི་གནོད་འགྱོད་དྲག་པོ་དང་། དེ་ལྟར་སྤྱོད་བཞིན་པའི་སེམས་ཅན་ཐམས་ཅད་ལ་ཀུན་སློང་སྙིང་རྗེ་ཆེན་པོ་བསྐྱེད་དགོས་པའི་རྩ་ཚིག་ཏུ་བསྟན་པ་དང་། དེ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། བསྟན་འཛིན་དགེ་བའི་བཤེས་ཀྱི་བདག་རྐྱེན་ལ་བརྟེན་ནས་དགེ་སྡིག་རྒྱུ་འབྲས་ཀྱི་བླང་དོར་ཚུལ་བཞིན་དཔྱོད་པའི་མནོ་བསམ་ལེགས་པར་ཤེས་ནས་སྐལ་བ་བཟང་པོར་སྤྱོད་པའི་སྐབས་འདིར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་འགྲུབ་པར་བྱེད་པ་དམ་པའི་ཆོས་ལ་རག་ལས་ཕྱིར་དེ་དག་ཚུལ་བཞིན་སྤྱོད་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་སྙམ་པ་སྟེ་ཡུལ་ཁྱད་པར་ཅན་གྱི་ཕན་ཡོན་དེ་དག་དྲན་པས་སྐྱབས་སུ་འགྲོ་བའི་རྩ་ཚིག་ཏུ་བསྟན་པའོ། །གཉིས་པ་ནི། དེ་ཡང་ཐེག་པ་ལམ་ཞུགས་བཤགས་པ་འདི། དུས་ཁྲིམས་བསྲུང་བ་དགེ་བསྙེན་དང་། གཞན་འདུལ་ཁྲིམས་ལ་ཞུགས་སོ་ཅོག་མཆོག་དམན་ཐམས་ཅད་དགེ་ཚུལ་དུ་བསྡུས་ནས། བྱང་ཆུབ་སེམས་དཔའི་སྡོམ་ལྡན་དགེ་སློང་ཞེས་མིང་གི་རྣམ་གྲངས་འཆད་ཚུལ་གཞན་དང་མི་མཚུངས་བ་ཙམ་སྣང་ཡང་དོན་གྱི་གནད་ཕྱོགས་གཅིག་ཏུ་འདུ་བར་སྣང་མོད། དེ་ལྟར་དང་བའི་དད་པས་ཉ་སྟོང་དུས་ཁྲིམས་ཀྱི་སྒོར་ཞུགས་ནས་བསྙེན་གནས་ཡན་ལག་བརྒྱད་ཉིན་ཞག་ཕྲུགས་གཅིག་ཏུ་ཉ་སྟོང་ཚེས་བརྒྱད་སོགས་ལ་བླང་བའི་སྡོམ་པར་ཉམས་པའི་སྐྱོན་དུ་ལྟ་བ་དངོས་སུ་མ་མཆིས་ནའང་མི་ཤེས་པའི་དབང་གི་ཚུལ་བཞིན་བསྲུང་བའི་དགེ་བསྙེན་ལ་ཉམས་པའི་བཀའ་ཆད་བྱུང་བ་ཡོད་ན་བཤགས་པ་དང་། དེ་ནས་ཡར་ལ་བློ་སེམས་བསྒྱུར་ཏེ་རྩལ་ཆེར་བསྐྱེད་ནས། ཉན་ཐོས་ཀྱི་ཟས་ཉིན་གཅིག་འཚོ་བའི་བསོད་སྙོམས་པ་དང་། ཉིན་རེ་ལ་མང་པོ་མི་ཟ་བའི་སྟན་གཅིག་པ་དང་། ཆོ་ག་བཞིན་སླར་ཡང་འདོད་པ་མི་བྱེད་པས་ཕྱིས་མི་ལེན་པ་སྟེ་ཟས་ཀྱི་སྦྱངས་ཡོན་གསུམ་དང། གོས་གསར་བ་འཕྱོར་པོ་སོགས་ཀྱི་ཞེན་འདོད་སྤངས་ཕྱིར་ཕྱག་དར་ཁྲོད་པ་དང་། སྤུ་ཅན་དང་། འཇམ་པོ་སྤང་བ་ཕྱིང་བ་དང་། གོས་ཐེབ་ལྷག་མང་བོ་མི་འཛིན་པའི་ཕྱིར་ཆོས་གོས་གསུམ་པ་སྟེ་གོས་ཀྱི་སྦྱངས་ཡོན་གསུམ། གནས་རྣམ་གཡེང་འདུ་ལོང་ཅན་སོགས་སྤངས་བ་དགོན་པ་བ་དང་། སྟེང་ནས་ཐོག་འབུབ་མཐའ་བསྐོར་བརྩིགས་པ་དང་གྱང་དང་ལྕགས་རི་སོགས་བཤམས་ཤིང་བཙན་པའི་ཞེན་པ་སྤངས་པའི་ཕྱིར་བླ་གབ་མེད་པ་དང་། ཤིང་དྲུང་པ་གཉིས། གནས་སྐྱིད་པོ་ལ་ཞེན་ཆགས་བདག་བཟུང་སྤངས་ཕྱིར་དུར་ཁྲོད་པ་སྟེ་གནས་ཀྱི་སྦྱངས་ཡོན་བཞི། ཉལ་བ་ཁོ་ན་ལ་ཞེན་པ་སྤངས་བ་ཙོག་པུ་བ་དང་། མལ་གདན་སོགས་འཇམ་པ་དང་དྲོ་བའི་བདེ་བ་སོགས་ཀྱི་རྩོལ་ཞེན་སྤངས་པ་གཞི་ཇི་བཞིན་པ་སྟེ་མལ་གདན་གྱི་སྦྱངས་ཡོན་གཉིས་རྣམས་སྡོམ་པས་སྦྱང་བའི་ཡོན་ཏན་བཅུ་གཉིས་ཀྱི་སྒོར་ཞུགས་ནས་རྟག་ཏུ་སྤྱོད་པ་ཉན་ཐོས་ཀྱི་སྡོམ་པ་མནོས་ཏེ་རྩ་བ་བཞི་དང་ཡན་ལག་དྲུག་སོགས་ཏེ་དེ་ཡང་དམན་མཆོག་གི་དབང་གིས་ཉེས་བྱས་སམ་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་གྱི་ལྡོག་ཕྱོགས་སོ་ཐར་གྱི་འདུལ་ཁྲིམས་རྣམས་བསྲུང་བའི་དགེ་ཚུལ་ལ་ཉམས་པ་བྱུང་ན་བཤགས་པ་དང་། རྟེན་འབྲེལ་བཅུ་གཉིས་རྒ་ཤི་ནས་མ་རིག་པའི་བར་གྱི་ལུགས་འབྱུང་དུ་ཤེས་པས་འཁོར་བའི་མཚང་རྟོགས་ཤིང་མ་རིག་པ་ནས་རྒ་ཤིའི་བར་ལུགས་ལྡོག་ཏུ་བཤིག་པས་རང་གི་ཡེ་ཤེས་སྐྱེ་བའི་ཐབས་ཀྱི་སྒོར་ཞུགས་ནས་རང་སངས་རྒྱས་ཀྱི་སྡོམ་པ་མནོས་པས། འཁོར་བའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ལས་རང་བཞིན་མེད་པ་དང་། སྣང་སྲིད་ཀྱིས་བསྡུས་པའི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་སྒྱུ་མ་མིག་ཡོར་ལྟ་བུར་ཤེས་པས་གང་ཟག་གི་བདག་མེད་རྟོགས་ཤིང་ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་ཏེ། རྟེན་དགེ་བའི་བཤེས་ལ་མི་ལྟོས་པར་རང་གི་རང་རིག་རྟོགས་པར་བྱེད་པའི་རང་རྒྱལ་གྱི་སྡོམ་པ་ལ་ཉམས་པ་བྱུང་ན་བཤགས་པ་དང་། ཐེག་མཆོག་ཟབ་མོ་གཞན་ཕན་མཐའ་ཡས་སྤྱོད་པར་སྐྱོ་དུབ་མེད་པའི་སྐྱེས་བུ་ཆེན་པོའི་ལམ་གྱི་སྒོར་ཞུགས་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་སྲོལ་གཉིས་གང་རུང་མནོས་ནས། ཆོ་གའི་བརྡ་ལས་བྱུང་བ་གཞན་དོན་དུ་བྱང་ཆུབ་ཐོབ་པར་འདུན་པ་ནི་དཔེར་ན་སྐྱེས་བུ་ལམ་དུ་འགྲོ་འདོད་པ་ལྟ་བུའི་སྨོན་པ། བྱང་ཆུབ་ཀྱི་ཆེད་དུ་དེའི་ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པས་སྤྱོད་པའི་ཕྱིར་ལམ་དུ་ཞུགས་ནས་འགྲོ་བཞིན་པ་ལྟ་བུའི་འཇུག་པ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་དང་། ཆོས་ཉིད་སྤྲོས་བྲལ་གྱི་དོན་ཞི་ལྷག་གི་རྣལ་འབྱོར་གོམས་པ་ལས་མཐོང་བ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ་དེ་དག་གི་མི་མཐུན་ཕྱོགས་ཀྱི་རྩ་ལྟུང་ཉི་ཤུ། རྒྱལ་པོ་ལ་ངེས་པ་ལྔ། བློན་པོར་ངེས་པ་ལྔ། ལས་དང་པོ་ལ་འབྱུང་བ་བརྒྱད་དང་ཐུན་མོང་དུ་སྨོན་འཇུག་གཉིས་བཏང་བའི་ལྡོག་ཕྱོགས་ཀྱི་སྡོམ་པ་ཉི་ཤུ་དང་དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་འགལ་རྐྱེན་རང་གཞན་གྱི་སྤྱོད་པ་ཉམས་པའི་སྐྱོན་བདུན་མ་མཆིས་པ་དང་། སྡོམ་པ་མི་ཉམས་པའི་རྒྱུ་གསུམ་དང་འཕེལ་བའི་རྐྱེན་དགུ་ལ་བརྩོན་པའི་དགེ་སློང་ལ་ཉམས་པ་བྱུང་ན་བཤགས་པ་དང་། ལུས་དག་པ་ཁྲུས་དང་གཙང་སྦྲ། ངག་དག་པ་གཟུང་སྔགས་དང་བཟླས་བརྗོད་བསྟོད་པ། སེམས་དག་པ་མཚན་མེད་མཚན་བཅས་ཀྱི་ཏིང་འཛིན་ཡེ་ཤེས་སེམས་དཔའ་རྗེ་དང་དམ་ཚིག་སེམས་དཔའ་འབངས་ཀྱི་ཚུལ་དུ་སྒོམ་པ་ཐུན་མོང་དུ་གསོ་སྦྱོང་བླང་བ་སྟེ། དག་པ་རྣམ་པ་གསུམ་གྱི་སྒོར་ཞུགས་ནས། ལུས་ངག་གི་བྱ་བ་གཙོ་བོར་བཏོན་པ་ཀྲྀ་ཡའི་དམ་ཚིག་མནོས་པ་ལས། དཀོན་མཆོག་ལ་དད་པ་རྡོ་རྗེ་སློབ་དཔོན་དང་མཆེད་གྲོགས་མིང་སྲིང་ལ་གུས་པ། རང་གི་ལྷ་དུས་ཚིགས་སུ་མཆོད་ཅིང་། རང་གི་སྔགས་རྒྱུད་བསྲུང་ཞིང་རྟོགས་པར་བྱ་བ་དང་། སྣོད་མིན་ལ་སྔགས་དང་ཕྱག་རྒྱ་མི་སྦྱིན་པ་སོགས་བྱ་རྒྱུད་ཀྱི་རྩ་ལྟུང་བཅུ་བཞིའི་ལྡོག་ཕྱོགས་ཀྱི་དམ་ཚིག་ལ་ཉམས་པ་བྱུང་ན་བཤགས་པ་དང་། ལྟ་བ་ཡོ་ག་དང་། སྤྱོད་པ་ཀྲྀ་ཡ་ལྟར་རྣམ་པ་གཉིས་སྤྱོད་ཅིང་། སྒོམ་པ་རང་ཉིད་དམ་ཚིག་པར་བསྐྱེད་པའི་མདུན་དུ་ལྷ་ཡེ་ཤེས་པ་སྤུན་ནམ་གྲོགས་པོའི་ཚུལ་གྱིས་སྒྲུབ་པའི་སྒོར་ཞུགས་ནས། ལྟ་སྤྱོད་ཆ་མཉམ་དུ་སྤྱོད་པ་ཨུ་པ་ཡའི་དམ་ཚིག་མནོས་པ་ལས་འཇུག་པའི་སྤྱོད་པ་ཕྱག་རྒྱ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་སྒོམ་པ་ལ་བརྟེན་ནས་ཏིང་ངེ་འཛིན་བརྟན་ཅིང་དངོས་གྲུབ་འགྲུབ་པར་བྱེད་པ། སྦྱོར་བའི་སྤྱོད་པ་སྔགས་བཟླས་བརྗོད་ཀྱི་མན་ངག་ཕྱི་ནང་གཉིས་ལ་བརྟེན་ནས་བསྙེན་ཅིང་སྒྲུབ་པར་བྱེད་པ་དང་། གྲུབ་པའི་སྤྱོད་པ་ཐུན་མོང་པ་རིག་འཛིན་སྒྲུབ་པ་དང་། ཐུན་མོང་མ་ཡིན་པ་རྫུ་འཕྲུལ་དང་མངོན་ཤེས་བསྒྲུབས་ཏེ་རིག་པ་འཛིན་པའི་ནང་དུ་འགྲོ་བ་སོགས་མཐའ་གཉིས་གང་རུང་ལ་སྤྱོད་པར་བྱེད་པའི་དམ་ཚིག་གི་རིམ་པ་ཐབས་ཀྱིས་བཟུང་བའི་ཁྱད་པར་གྱི་དགེ་བ་བཅུ་དང་། དམ་ཆོས་འཛིན་པ་སོགས་བཞི་སྟེ་ཨུ་པའི་རྩ་ལྟུང་བཅུ་བཞི་བསྲུང་བའི་རྣལ་འབྱོར་ལ་ཉམས་པ་བྱུང་ན་བཤགས་པ་དང་། སྐུ་ཕྱག་རྒྱ་ཆེན་པོ། ཐུགས་དམ་ཚིག་གི་ཕྱག་རྒྱ། གསུང་ཆོས་ཀྱི་ཕྱག་རྒྱ། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞི་དང་འབྲེལ་བའི་ལྷའི་རྣལ་འབྱོར་སྒོམ་པ་འཁོར་བཅས་ཏེ་ཐབས་ཀྱི་རྣལ་འབྱོར་དང་སེམས་ཀྱི་དེ་ཁོ་ན་ཉིད་མངོན་དུ་རྟོགས་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་མངོན་དུ་བྱེད་པ་ཤེས་རབ་ཀྱི་རྣལ་འབྱོར་གཉིས་ཀྱི་སྒོར་ཞུགས་ནས། ནང་གི་ཏིང་འཛིན་ལ་གཙོ་བོར་འདོན་ཞིང་། གཙང་སྦྲ་སོགས་ཕྱིའི་སྤྱོད་པའང་གྲོགས་སུ་བརྟེན་པ་རྣལ་འབྱོར་སྟེ་ཡོ་གའི་དམ་ཚིག་མནོས་པ་ལས། གཙོ་བོར་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པ་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་དང་། དེའི་འཁོར་དུ་སྨོན་འཇུག་གཉིས་དང་ཚུལ་ཁྲིམས་གསུམ་སོགས་བྱང་ཆུབ་ཀྱི་སེམས་བཟུང་བ་དང་། རྡོ་རྗེ་སློབ་དཔོན་བསྙེན་བཀུར་གྱིས་བརྟེན་པ། སྤྱི་རིང་ཉེ་བ་ནང་འདྲེས་སོགས་ཀྱི་མཆེད་དང་ཕོ་མོས་དབྱེ་བའི་ལྕམ་དྲལ་དང་དབང་ཐོབ་ཚུལ་གྱི་སྤུན་དང་མཚེ་མ་ལྟ་བུའི་རྣལ་འབྱོར་གཞན་ལ་ཁྲོས་ཤིང་འཁོན་འཛིན་ཕྲག་དོག་གིས་བརྙས་ཤིང་སྐྱོན་བརྗོད་པས་མི་སྨོད་ཅིང་། རང་རྟགས་སུ་ཕྱི་རྫས་ཀྱི་རྡོ་རྗེ་དང་དྲིལ་བུ་ཚད་དང་ལྡན་པ་བཟུང་ནས་རང་ཉིད་ལྷ་སྐུ་ཕྱག་རྒྱ་ཆེན་པོར་རྟག་ཏུ་འཛིན་པ་སོགས་ཡོ་གའི་རྩ་ལྟུང་བཅུ་བཞི་བསྲུང་བ་ལ་ཉམས་པ་བྱུང་ན་བཤགས་པ་དང་། ཕྱི་བསྐྱེད་རིམ་ལ་ལྷ་དང་རྟོག་པ་དབྱེར་མེད་ཀྱི་ཐབས་ཤེས། ནང་རྫོགས་རིམ་ལ་རྩ་དང་རླུང་དང་ཐིག་ལེ་འབར་འཛག་གི་ཐབས་ཤེས། གསང་བ་ཡབ་ཡུམ་མཉམ་སྦྱོར་གྱི་ཐབས་ཤེས་ཏེ། ཐབས་ཤེས་གཉིས་སུ་མེད་པ་རྣལ་འབྱོར་བླ་མེད་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་གྱི་སྒོར་ཞུགས་ནས། མ་ཧཱ་ཡོ་ག་ཞེས་རྣལ་འབྱོར་ཆེན་པོའི་དམ་ཚིག་མནོས་པ་ལས། འཁོར་འདས་ཐམས་ཅད་ལྷའི་རང་བཞིན། དུག་ལྔ་ཡེ་ཤེས་ལྔ། ཕུང་ལྔ་རིགས་ལྔ། འབྱུང་ལྔ་ཡུམ་ལྔར་སྦྱོར་བ་ལས། ཤེས་དང་མི་སྤང་དང་དུ་བླང་བ་སོགས་རྒྱལ་བའི་དམ་ཚིག་མཆོག་ཏུ་བསྲུང་བ་ལ་ཉམས་པ་བྱུང་ན་བཤགས་པ་དང་། ཀུན་རྫོབ་ཐིག་ལེ་དང་དོན་དམ་བྱང་སེམས་ལ་བརྟེན་ནས་ཡུལ་དང་ཡུལ་ཅན་དབྱེར་མེད་པའི་རིག་པ་དབྱིངས་དང་ཡེ་ཤེས་ཟུང་འཇུག་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་དུ་རྟོགས་པའི་ཐབས་དོན་གྱི་རྗེས་སུ་འཇུག་པའི་སྒོར་ཞུགས་ནས། ཨ་ནུ་ཡོ་ག་ཞེས་རྗེས་སུ་རྣལ་འབྱོར་གྱི་དམ་ཚིག་མནོས་པ་ལས། ཕྱི་ནང་གི་ཐེག་པ་དང་། སྣང་སྲིད་གཉིས་བསྡུས་ཀྱི་ཆོས། འདས་མ་འོངས་ད་ལྟར་གྱི་དུས་གསུམ་ཐམས་ཅད་ཀུན་ཀྱང་རང་རིག་ཡེ་ཤེས་འགགས་པ་མེད་པ་ཀུན་ཏུ་བཟང་པོ། ཆོས་དབྱིངས་སྐྱེ་བ་མེད་པ་ཀུན་ཏུ་བཟང་མོ་དང་གཉིས་མེད་མཉམ་པར་སྦྱོར་བའི་མཁའ་ཀློང་ལས་གཞན་དུ་མེད་པར་འུབ་ཆུབ་པའི་དགོངས་པ་དང་ལྡན་པས་སྤྱི་དང་བྱེ་བྲག་ཕྱི་རྫས་ཀྱི་རྡོ་རྗེ་དྲིལ་བུ་དང་ཟུང་འཇུག་གི་ཕྱག་རྒྱ་བཟུང་བ། ནང་ཐབས་ཤེས་ཡབ་ཡུམ་གྱི་ནོར་བུ་པདྨ་རྡོར་དྲིལ་དང་། ཕྱག་རྒྱ་མཉམ་པར་སྦྱོར་བ། གསང་བ་ཁམས་དཀར་དམར་གཉིས་རྡོར་དྲིལ་དང་ཕྱག་རྒྱ་འབར་འཛག དེ་ཁོ་ན་ཉིད་མི་འགྱུར་བའི་བདེ་ཆེན་རྡོ་རྗེ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་དྲིལ་བུ་སྟེ། དེ་དག་ཟུང་དུ་འཇུག་པ་ཡེ་ཤེས་ཀྱི་སྐུ་ནི་ཕྱག་རྒྱ་ཆེན་པོ་དང་། དེ་ལྟར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞིའི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འཆང་བ་སོགས་དམ་ཚིག་བསྲུང་བར་ཉམས་པ་བྱུང་ན་བཤགས་པ་དང་། ཆོས་དབྱིངས་ཁྱབ་གདལ་ཡངས་པ་འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་མེད་ཀྱི་གནས་ལུགས་ཡེ་ཤེས་གསུམ་ལྡན་དུ་ཡེ་ནས་བཞུགས་པ་མངོན་དུ་བྱེད་པའི་ཐབས་ཟབ་གསང་རྫོགས་པ་ཆེན་པོའི་ཐེག་པའི་སྒོར་ཞུགས་ནས། ཨ་ཏི་ཡོ་ག་ཞེས་ཤིན་ཏུ་རྣལ་འབྱོར་གྱི་དམ་ཚིག་མནོས་པ་ལས། སྤྱིར་བསྲུང་མཚམས་ཅན་རིམ་གྱིས་པ་དང་། ཁྱད་པར་བསྲུང་དུ་མེད་པ་གཅིག་ཆར་བའི་ཆོས་ཐམས་ཅད་ཡེ་ནས་བླང་དོར་མེད་པར་རྟོགས་པས་སྤངས་བླང་བསྲུང་མཚམས་ལས་འདས་པ་ཁྱད་པར་བཞི་ལྡན་གྱི་དམ་ཚིག་རྨད་དུ་བྱུང་བ་ཆེན་པོ་ལ་ཡིད་དཔྱོད་བློའི་བཟུང་བའི་ཉམས་ཆགས་བྱུང་ན་བཤགས་པའོ། །གསུམ་པ་ནི། སྡེ་སྣོད་གསུམ་གྱི་སོ་ཐར་གྱི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང་མངོན་པའི་༼འདི་དྲངས་དོན་གྱི་མངོན་པ་སྟེ་ང་རྒྱལ་དགོངས།༽ལམ་མཐའི་རང་དབང་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་པོ་མངོན་དུ་གྱུར་བར་བྱེད་བ་དང་། མདོ་སྡེའི་ཤེས་རབ་རྣམ་དག་གྲུབ་པའི་མཐའ་བརྒྱད་དང་བྲལ་བའི་དབུ་མ་རབ་ཏུ་མི་གནས་པ་ཆེན་པོ་མངོན་དུ་བྱེད་པ་སྟེ་མཚན་ཉིད་སྡེ་གསུམ་གྱི་ལམ་འཐར་ཕྱིན་ཏུ་སྒྲུབ་པར་མ་ནུས་པས་ཕྱིའི་སྲུང་མ་ལྷ་སྲིན་སྡེ་བརྒྱད་དང་འགལ་བའི་དམ་ཚིག་ཉམས་ཆགས་བཤགས་པ་དང་། སྒོམ་གསུམ་དག་པ་གསུམ་དུ་སྤྱོད་པ་ཀྲྀ་ཡ། ལྟ་སྤྱོད་མཆོག་དམན་གཉིས་འབྲེལ་དུ་སྤྱོད་པ་ཨུ་པ། དག་པ་གསུམ་དང་མངོན་བྱང་ལྔས་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷ་སུམ་ཅུ་རྩ་བདུན་དུ་གསལ་བ་ཡོ་ག་སྟེ་ཕྱི་རྒྱུད་གསུམ་གྱི་དམ་ཚིག་མཐར་ཕྱིན་ཏུ་མ་བསྲུང་བས། དཔལ་མགོན་བདུན་ཅུ་སོགས་དེ་དག་གི་སྲུང་མ་དམ་ཚིག་ཅན་རྣམས་དང་འགལ་བའི་ཉམས་ཆགས་བཤགས་པ་དང་།རྩ་ལྟུང་བཅུ་བཞི་དང་ཡན་ལག་སྦོམ་པོ་བརྒྱད་སོགས་བསྲུང་བ་རྣལ་འབྱོར་ཆེན་པོ། སྒྲུབ་པ་ལ་སོགས་པའི་སྐབས་སུ་ལྷག་པར་བསྲུང་བའི་དམ་ཚིག་ཉི་ཤུ་དང་།རྩ་བ་སྐུ་གསུང་ཐུགས་དང་ཡན་ལག་ལྔ་ཚན་ལྔ་སོགས་ཁྱད་པར་གྱི་དམ་ཚིག་ལ་སྤྱོད་པ་ཨ་ནུ། ལྷག་པའི་དམ་ཚིག་མེད་པ། ཕྱལ་བ། གཅིག་པུ། ལྷུན་གྲུབ་སྟེ་རྣམ་བཞི་བསྲུངས་མཚམས་ལས་འདས་པར་སྤྱོད་པ་རྫོགས་ཆེན་ཏེ་དེ་དག་ལས་ཉམས་པས་ནང་བླ་མེད། གསང་བ་ཨ་ནུ་དང་། ཨ་ཏིའི་སྲུང་མ་ལྷ་སྲིན་སྡེ་བརྒྱད་དང་འགལ་བའི་དམ་ཚིག་ཉམས་ཆགས་བཤགས་པ་དང་། དེ་ལྟར་ཐེག་རིམ་དགུའི་དམ་ཚིག་རྣམས་ཀྱི་ལྟ་སྤྱོད་ཚུལ་བཞིན་འབྲེལ་བར་སྤྱོད་པ་དག་ལ་ཡེ་ཤེས་དང་ལས་ལ་གྲུབ་པའི་མཁའ་འགྲོའི་བཀའ་ཆད་འབེབས་པ་དང་། དབང་ཕྱུག་དམ་ཅན་རྣམས་ཀྱི་སྤྲུལ་པས་གླགས་ལྟ་འགྱེད་པའི་སྐབས་མ་མཆིས་ཤིང་། རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བར་ངེས་པའི་བླང་དོར་མ་ནོར་བ་དང་། བཀའ་གཞུང་རྣམ་དག་གཡས་ཆུང་ངུ་མ་བོར་ཞིང་སྔགས་ཀྱི་རྒྱུད། མཚན་ཉིད་ཀྱི་ལུང་དགོངས་འགྲེལ་གྱི་མན་ངག་རྣམས་ལ་བརྟེན་པ་དང་། དེ་དག་གི་དོན་ཀུན་རང་བཟོའི་གཟུ་ལུམ་སྤྱོད་པས་ཡལ་བར་མ་དོར་ཏེ་གཞུང་བཞིན་དང་དུ་བླང་བ་དང་། ལུས་ངག་ཡིད་གསུམ་གུས་རྟག་གི་སྦྱོར་བས། བཏུད་ནས་སྤྱིར་ཕྱི་ནང་གི་ཐེག་རིམ་དགུར་ཕྱེ་ཡང་དོན་དུ་གསང་བ་ཟབ་དོན་བླ་ན་མེད་པའི་ཐབས་མཆོག་གིས་བཟུང་བས་ན་སྔགས་ཁོ་ནར་འདུ་བའི་ཆོས་ལམ་རིམ་པ་གཉིས་ལ་ཞུགས་ཤིང་སྒོམ་པས་བོག་བཏོན་སྒྲུབ་པས་མཐར་དབྱུང་ཞིང་། དུས་ཚོད་དང་འབྲེལ་བའི་སྤྱོད་པ་གྲོགས་སུ་བརྟེན་པས་ཆོས་ཉིད་རྣལ་མའི་དོན་ལ་བློ་འབྱོར་ནས་ནུས་པ་ལ་དབང་ཞིང་ཡོན་ཏན་གྱི་འབྱོར་བས་ཕྱུག་པ་ལ། དམ་ཚིག་ཉམས་ཆགས་ཐམས་ཅད་སོར་ཆུད་པར་གྱུར་ཅིག་པའི་སྨོན་བཤགས་དང་། རྩ་བ་དང་ཡན་ལག་གི་དབྱེ་བས། ཀུན་སློང་ཉོན་མོངས་དང་། གང་འགལ་དེར་ཤེས་བཞིན་པ་དང་། ལུས་ངག་སྦྱོར་བ་དང་ཡིད་ཀྱིས་འགྲུབ་པའི་དངོས་གཞི་ཉིན་མཚན་གྱི་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབ་པར་ཐུན་ཚོད་ཀྱི་བར་ཆོད་པ་དང་། འདུ་ཤེས་མ་འཁྲུལ་བས་སྤྱད་པ་དང་། དེས་མགུ་བས་འགྱོད་པ་མེད་པ་དང་། བཤགས་ཚད་རང་རང་གི་དུས་ལས་འདས་པ་སྟེ། དེ་ལྟར་རྩ་བ་བཞི་ལས་གང་རུང་ལ་ཡན་ལག་བདུན་ཚང་བར་སྤྱོད་པ་ཕམ་པ་དང་། རྩ་ལྟུང་གང་རུང་གཉེན་པོ་དང་སྤེལ་ནས་སྐྱེས་པ་ལྟ་བུ་དངོས་གཞི་མ་ཚང་ཞིང་མ་བཤགས་པར་ཐུན་ཚོད་འདས་པའི་ལྟུང་བ་ཡན་ལག་གི་ལྟུང་བ་གཞན་བྱུང་བའི་ལྕི་བ་དང་ཉེས་བྱས། ཕམ་པའི་སྡེར་གཏོགས་ཡན་ལག་མ་ཚང་བ་ཉོན་མོངས་བ་ཅན་གྱི་སྦོམ་པོ། ཕྱོགས་མཐུན་གྱི་ཉེས་པ་ཕྲ་མོ་ཉེས་བྱས་ཀྱི་ཆར་གཏོགས་རྣམས་ལ་སྐྱོན་དུ་གྱུར་པ་ཐམས་ཅད་བཤགས་པར་བགྱིས་ན་ཚངས་པར་མཛད་ནས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་མཆོག་དང་། གྲུབ་པ་དང་དབང་ཕྱུག་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་རྣམས་སྩོལ་ཞེས་འདོད་དོན་གསོལ་བ་དང་། གཙོ་བོ་ཡེ་ཤེས་ཀྱི་ལྷ་རྣམས་ལ་རྟོག་པ་མི་མངའ་ན་ཡང་། དེ་དག་གི་འཁོར་དུ་མིའི་སྐྱོན་མཐོང་ཙམ་ཡང་མྱུར་དུ་བརླག་པར་བྱེད་པའི་བཀའ་སྲུང་དམ་ཚིག་ཅན་རྣམས་ཀྱི་ཐུགས་དང་འགལ་བར་གྱུར་པ་ཡོད་ན་བཟོད་པར་གསོལ་ཞིང་ཡུན་གྱི་སྒྲིབ་པར་འགྱུར་བ་སྦྱངས་པ་དང་། འཕྲལ་གྱི་རྐྱེན་གེགས་སུ་མཆིས་པ་ཡོད་ན་ཚངས་པ་མཆོག་གི་དངོས་གྲུབ་སྩོལ་ཞེས་པའོ། །ཟབ་དོན་རྡོ་རྗེའི་གནས་རྣམས་རྟོགས་དཀའ་ཡང་། །མོས་པ་ཁོ་ནས་ཚུལ་འདི་བརྗོད་པར་བྱས། །གང་དེའི་དགེ་བ་ཉིན་བྱེད་སྣང་བའི་དཔལ། །མ་ལུས་འགྲོ་བའི་གསོས་སུ་འགྱུར་བར་སྨོན། །ཞེས་གླང་པོ་ཆེ་རབ་འབོག་གི་བཀོལ་རྒྱུད་དྲི་མེད་བཤགས་པའི་རྒྱུད་ལས་ཁོལ་དུ་བཏོན་པ་ཐེག་པ་ལམ་ཞུགས་ཀྱི་བཤགས་པའི་རྩ་འགྲེལ་བསྡུས་པ་འདི་ཡང་ཁྲིད་འཆད་པའི་སྐབས་རང་གི་བརྗོད་པའི་ས་བོན་དུ་ཤཱཀྱའི་དགེ་སློང་ངེས་དོན་བསྟན་འཛིན་བཟང་པོས་ཨོ་རྒྱན་བསམ་གཏན་ཆོས་གླིང་ངེས་པ་དོན་གྱི་བསྟི་གནས་སུ་སྦྱར་བའོ། ། ། །མངྒ་ལཾ་དགེའོ། །#div1 ངེས་དོན་བསྟན་འཛིན་བཟང་པོའི་གསུང་ཅོག་བཞག་གསུམ་གྱིས་རིག་པ་ངོ་སྤྲད་བཞུགས།།

རིན་ཆེན་སྒྲོན་མ་ལས། ཅོག་བཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་གྱུར། །ཞེས་གསུངས་པས། རི་བོ་ཅོག་བཞག་ལུས་རྣམ་སྣང་གི་ཆོས་བདུན་ལས་མི་གཡོ་བར་འཆིང་། རྒྱ་མཚོ་ཅོག་བཞག་མིག་མདའ་གང་ཙམ་གྱི་ཐད་ཀར་མིག་འབྲས་མི་འགུལ་བར་ཧྲིག་གེ་བལྟ། རིག་པ་ཅོག་བཞག་སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པ་ད་ལྟའི་ཤེས་པ་གསལ་ལ་ངོས་བཟུང་མེད་པ་རང་བབ་ཆོས་ཉིད་ཀྱི་ངང་ལ་བསལ་བཞག་མེད་པར་འཇོག་ཏུ་བཅུག་ལ། ཀྱེ་སྐལ་ལྡན་རྣམས་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་མ་ཡེངས་པར་ལྟོས་དང་། རྟོག་པ་མ་འཕྲོ། རྩེ་གཅིག་ཏུ་མ་བཟུང་། སྤངས་བླང་དང་རེ་དོགས་ཀྱིས་མ་བསླད་པ། གསལ་བ་ལ་འཛིན་པ་མེད་པ། དྭངས་བ་ལ་ཕྱི་ནང་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་པ། ངང་མདངས་ལ་ངོས་ཟུང་མེད་པ། ཟང་ཐལ་ལ་ཕྱམ་བརྡལ་བ། རང་བབས་རྗེན་པ་འདི་ཉིད་རང་བཞིན་གྱི་འོད་གསལ་བ་ཆོས་སྐུ་འགྱུར་བ་མེད་པའི་རང་བཞིན་དུ་ངོ་ཤེས་པར་གྱིས་ལ། རང་མདངས་འཛིན་མེད་ཆེན་པོར་སྐྱོངས་ཤིག དྲི་མེད་དག་པའི་སངས་རྒྱས་ནི། རང་རིག་ཆོས་སྐུ་འགྱུར་བ་མེད། །ས་ལེ་སེང་ངེ་ཝ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་བ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་ཤར་ཡང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་མདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །

འཕགས་མ་སྒྲོལ་མ་ལ་གསོལ་བ་གདབ་པའི་ཆོ་ག་མཎྜལ་བཞི་པའི་ངག་འདོན་ཀླག་ཆོག་ཏུ་བཀོད་པ་འདོད་དོན་མྱུར་འགྲུབ་ཅེས་བྱ་བཞུགས་སོ།།

ཨོཾ་སྭ་སྟི། རྒྱལ་ཡུམ་སྒྲོལ་མ་ལ་བཏུད་ནས། །གང་དེར་གསོལ་བ་གདབ་པའི་ཚུལ། །མཎྜལ་བཞི་པའི་ཆོ་ག་ནི། །ཤུན་ཏུ་ཟབ་ཕྱིར་གསལ་བར་བཀོད། །དེ་ལའང་སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞིའི་ཆོ་ག་གཉིས་ལས། དང་པོ་ནི། གནས་ཁང་བྱི་དོར་བྱས་ཤིང་རྒྱན་གྱིས་བརྒྱན་པའི་དབུས་སུ་ཁྲི་བཀོད་ལེགས་པ་ལ་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་རྗེ་བཙུན་མའི་སྐུ་རབ་གནས་ཅན་བཞུགས་སུ་གསོལ། དེའི་དྲུང་དུ་དྲིའི་མཎྜལ་རེ་ཁཱ་ཉིད་རིམ་པ་བཞི་པ་འབྲི། དེ་རེ་རེའི་སྟེང་དུ་རྣམ་ལྔ་ཚང་བའི་མཆོད་པ་ཚར་བཞི་བཤམས། གཉིས་པ་ནི། གསོལ་བ་འདེབས་མི་རྒྱུད་དག་པའི་དགེ་སློང་བཞིས་བསྒྲུབས་ན་ཤིན་ཏུ་མྱུར་ལ། དེ་ལྟར་མ་གྲུབ་ན་རང་གཅིག་པུས་གསོལ་བ་བཏབ་ཀྱང་འགྲུབ་པས། དེའི་རིམ་པ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཞེས་ལན་བདུན་གྱི་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཅེས་པས་ཚད་མེད་བཞི་བསྒོམས་པ་སྔོན་དུ་འགྲོ་བས། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་འཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུམ་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཞེས་པས་གནས་དང་། ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཞེས་པས་མཆོད་པ་བྱིན་གྱིས་བརླབས། སྤོས་བརྟུལ་ཞིང་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་འདུན་པ་རྩེ་གཅིག་པས། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །ཞེས་པ་དཀོན་མཆོག་སྤྱི་དང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ་། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་སམ་ཡང་ན། པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ཞེས་སྤྱན་དྲངས། མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་། ཁྱད་པར་རྗེ་བཙུན་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་སྒྲོལ་མ་ཉི་ཤུའི་འཁོར་གྱིས་བསྐོར་བ་དང་བཅས་པ་བྱོན་ནས་སྐུ་གཟུགས་དང་ཐ་མི་དད་པས་བཞུགས་པར་གྱུར། དེ་ནས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བླ་མ་དང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་པས་མཆོག་གསུམ་ལ་བསྟོད་ཅིང་། རེ་རེ་ལ་ཕྱག་གསུམ་གསུམ་སྟེ་བཅུ་གཉིས་འཚལ་ལ། དཀོན་མཆོག་གི་རྟེན་སྤྱི་ལ་མེ་ཏོག་གཏོར་ནས་ས་ལ་འདུག་སྟེ་བཟང་སྤྱོད་ལྟར། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་ཡན་ལག་བདུན་པ་ཚར་གཅིག་གི་རྗེས་སུ་སྤྱོད་འཇུག་ལྟར། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླངས་ལ། མཎྜལ་དང་པོའི་མཆོད་པ་དཀོན་མཆོག་སྤྱི་ལ་འབུལ་བའི་འདུན་པས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་མཆོག་དང་། །ཞལ་ཟས་སིལ་སྙན་ལ་སོགས་པ། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་པདྱཾ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་པུཥྤེ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་དྷུ་པྤེ་པྲ་ཏི་ཙྪ་སྭཱ། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་ཨཱ་ལོ་ཀེ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་གྷནྡྷེ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་ནེ་ཝིདྱ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་ཤབྟ་པྲཏི་ཙྪ་སྭཱ་ཧཱ། ཞེས་མཆོད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་པས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་སྤྱི་དང་ཁྱད་པར་དཔལ་ལྡན་བླ་མ་དམ་པ་༼འདི་ཞེས་བྱ་བ་༽སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་གྲུབ་པ་དང་། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་སྤྱི་དང་། ཁྱད་པར་༼འདི་ཞེས་བྱ་བའི་༽སྡེ་འདིར་འདུས་པའི་དགེ་འདུན་ཐམས་ཅད་མཐུན་ཞིང་ཆོས་སྤྱོད་བཅུའི་སྒྲུབ་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། སྦྱིན་པའི་བདག་པོས་ཐོག་དྲངས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ཡང་དག་པའི་ལྟ་བ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་དག་སྒྲུབ་པ་ལ་གནས་སྐབས་ཀྱི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཀུན་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཚང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ལ་གསོལ་བ་ལན་གསུམ་གདབ། དེ་ནས། ལྷ་དང་ལྷ་མིན་ཅོན་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་དང་བཅས་པ་ལན་བདུན་བྱས་རྗེས། རྗེ་བཙུན་མ་ལ་མེ་ཏོག་གཏོར་ནས་ས་ལ་འདུག་སྟེ། མཎྜལ་གཉིས་པའི་མཆོད་པ་འཕགས་མ་ལ་འབུལ་བའི་བློས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་མཆོག་དང་། །ཞལ་ཟས་སིལ་སྙན་ལ་སོགས་དང་། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཐུགས་རྗེ་ཆེ་མངའ་རྗེ་བཙུན་མ། །འཕགས་མ་སྒྲོལ་མ་ལ་ཕུལ་ན། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨརྱ་ཏཱ་རེ་པ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་ཨརྱ་ཏཱ་རེ་ས་པ་རི་ཝཱ་ར་པདྱཾ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་ཨརྱ་ཏཱ་རེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་ཨརྱ་ཏཱ་རེ་ས་པ་རི་ཝཱ་ར་དྷུཔྤེ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་ཨརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་ཨརྱ་ཏཱ་རེ་ས་པ་རི་ཝཱ་ར་གྷནྡྷེ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་ཨརྱ་ཏཱ་རེ་ས་པ་རི་ཝཱ་ར་ནེ་ཝིདྱ་པྲ་ཏི་ཙྪ་སྭཱ་ཧཱ། ཨོཾ་ཨརྱ་ཏཱ་རེ་ས་པ་རི་ཝཱ་ར་ཤབྟ་པྲ་ཏི་ཙྪ་སྭཱ་ཧཱ། ཞེས་ཕུལ་ལ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དད་པས་ཕྱག་བགྱིའོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་རྣམས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་བའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོའི་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་པར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་ཡན་ལག་བདུན་པ་དང་། སྔར་ལྟར་སྐྱབས་སེམས་བླངས་བ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་གྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་ཡན་ལག་བདུན་པ་ཚར་གཅིག་གི་རྗེས་སུ་སྤྱོད་འཇུག་ལྟར། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླངས་ལ། དེ་ནས་གང་གི་དོན་དུ་བྱ་བའི་བསྒྲུབ་བྱ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྗེ་བཙུན་མའི་ཕྱག་གཡས་པའི་སྐྱབས་འོག་ཏུ་ཚུད་པར་བསམ་ལ། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཏཱ་རེ་མྱུར་མ་དཔའ་མོ། །ཏུཏྟ་ར་ཡིས་འཇིགས་པ་སེལ་མ། །ཏུ་རས་དོན་ཀུན་སྦྱིན་པས་སྒྲོལ་མ། །སྭཱ་ཧཱའི་ཡི་གེ་ཁྱོད་ལ་འདུད་དོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེ །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེའི་འཇིགས་པ་ཆེན་པོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་བའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་བ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུར་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཞེས་ཕྱག་འཚལ་ཉེར་གཅིག་བསྟོད་པ་ཚར་གཉིས་བརྗོད། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱོད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཞེས་ཚར་གསུམ་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བས། སྤྱིར་སངས་རྒྱས་ཀྱི་བསྟན་པར་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་སྤྱི་དང་ཁྱད་པར་དཔལ་ལྡན་བླ་མ་དམ་པ་༼འདི་ཞེས་བྱ་བའི་༽སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་གྲུབ་པ་དང་། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་སྤྱི་དང་ཁྱད་པར་༼འདི་ཞེས་བྱ་བའི་༽སྡེ་འདིར་འདུ་བའི་དགེ་འདུན་ཐམས་ཅད་མཐུན་ཞིང་ཆོས་སྤྱོད་བཅུའི་སྒྲུབ་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། སྦྱིན་པའི་བདག་པོས་ཐོག་དྲངས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ཡང་དག་པའི་ལྟ་བ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་དག་སྒྲུབ་པ་ལ་གནས་སྐབས་ཀྱི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཀུན་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཚང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཚར་གསུམ་གྱིས་འདོད་དོན་གསོལ། དེ་ནས་སྔར་ལྟར་ཕྱག་བདུན་འཚལ་ཏེ་། མཎྜལ་གསུམ་པའི་མཆོད་པ་འབུལ། ཡན་ལག་བདུན་པ་བྱས་ཏེ། བསྟོད་པ་ཚར་གསུམ་གསོལ་འདེབས་དང་བཅས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་ཀྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་ཡག་བདུན་པ་ཚར་གཅིག་གི་རྗེས་སུ་སྤྱོད་འཇུག་ལྟར། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླངས་ལ། དེ་ནས་གང་གི་དོན་དུ་བྱ་བའི་བསྒྲུབ་བྱ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྗེ་བཙུན་མའི་ཕྱག་གཡས་པའི་སྐྱབས་འོག་ཏུ་ཚུད་པར་བསམ་ལ། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཏཱ་རེ་མྱུར་མ་དཔའ་མོ། །ཏུཏྟ་ར་ཡིས་འཇིགས་པ་སེལ་མ། །ཏུ་རས་དོན་ཀུན་སྦྱིན་པས་སྒྲོལ་མ། །སྭཱ་ཧཱའི་ཡི་གེ་ཁྱོད་ལ་འདུད་དོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེ །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེའི་འཇིགས་པ་ཆེན་པོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་བའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་བ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུར་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཞེས་ཕྱག་འཚལ་ཉེར་གཅིག་བསྟོད་པ་ཚར་གཉིས་བརྗོད། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱོད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཞེས་ཚར་གསུམ་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བས། སྤྱིར་སངས་རྒྱས་ཀྱི་བསྟན་པར་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་སྤྱི་དང་ཁྱད་པར་དཔལ་ལྡན་བླ་མ་དམ་པ་༼འདི་ཞེས་བྱ་བའི་༽སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་གྲུབ་པ་དང་། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་སྤྱི་དང་ཁྱད་པར་༼འདི་ཞེས་བྱ་བའི་༽སྡེ་འདིར་འདུ་བའི་དགེ་འདུན་ཐམས་ཅད་མཐུན་ཞིང་ཆོས་སྤྱོད་བཅུའི་སྒྲུབ་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། སྦྱིན་པའི་བདག་པོས་ཐོག་དྲངས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ཡང་དག་པའི་ལྟ་བ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་དག་སྒྲུབ་པ་ལ་གནས་སྐབས་ཀྱི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཀུན་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཚང་བར་བྱིན་གྱིས་བརླབ་ཏུ་གསོལ། ཡང་ཕྱག་བདུན་དང་མཎྜལ་བཞི་པའི་མཆོད་པ་འབུལ། ཡན་ལག་བདུན་པ་བྱ། བསྟོད་པ་ཚར་བདུན་གསོལ་འདེབས་དང་བཅས་པ་བྱའོ། །རྗེས་སུ། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་པས་བཟོད་པར་གསོལ་ལ། བཅོམ་ལྡན་འདས་མ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་སྦྱངས་ཤིང་བསོད་ནམས་ཀྱི་ཚོགས་སྤེལ་བའི་སླད་དུ། སྐུ་འདི་ཉིད་ལ་བརྟན་པར་བཞུགས་སུ་གསོལ། བཞུགས་ནས་ཀྱང་བདག་སོགས་རྣམས་ཀྱི་ཆོས་དང་མཐུན་པའི་དོན། ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། ནད་གདོན་བགེགས་དང་བར་དུ་གཅོད་པའི་ཚོགས། ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་གཡོ་མེད་པ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང་། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །ཅེས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་དང་། བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །ཅེས་རྗེ་བཙུན་མའི་བཀྲ་ཤིས་དང་། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །བསྟན་འགྲོའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་ཤིང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འགྲུབ་པ་ཡི། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཅེས་བརྗོད། དགེ་བ་འདི་ཡི་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང་། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་སོགས་ཀྱི་བསྔོ་སྨོན་ཇི་ལྟར་རིགས་པར་བྱའོ། །དེ་ལྟ་བུའི་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བགྱིས་པའི་ཕན་ཡོན་ནི་གནས་སྐབས་འཇིགས་པ་བརྒྱད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་ཚེ་དཔལ་སྟོབས་འབྱོར་སོགས་ལེགས་ཚོགས་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པ་དང་ཁྱད་པར་ཆོས་དང་མཐུན་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་འགྱུར་བས་ན་འདི་ཁོ་ན་ལ་བརྩོན་པར་བྱའོ། །ཞེས་པའང་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་ཉིད་ལ་གཞི་བྱས་ཏེ་ཁ་འཕང་དགོས་རིགས་ནག་འགྲོས་ཀླག་ཆོག་ཏུ་བཀོད་པ་འདི་ནི་རང་གཞན་མང་པོ་ལ་ཕན་པའི་བསམ་པས་ཀུན་ནས་བསླངས་ཏེ། ཤཱཀྱའི་དགེ་སློང་ངེས་དོན་བསྟན་འཛིན་བཟང་པོས་རུ་དམ་བསམ་གཏན་ཆོས་གླིང་གི་དགོན་གནས་སུ་སྦྱར་བའོ། །མཎྜལ་བཞི་བའི་ཆོ་ག་ཉིད། །གཅིག་ལས་དུ་མར་འཆར་བའི་ཕྱིར། །སྤར་དུ་བསྒྲུབ་པའི་དགེ་བ་ཡིས། །འགྲོ་ཀུན་རྣམ་མཁྱེན་མྱུར་ཐོབ་ཤོག །ཅེས་པའང་ངེས་དོན་བསྟན་འཛིན་བཟང་པོས་སོ། ། ། །

ཞི་ཁྲོ་ན་རག་དོང་སྤྲུག་གི་དཀྱིལ་འཁོར་ལ་ཉེ་བར་མཁོ་བའི་མཆོག་གི་སྦྱིན་སྲེག་བཞུགས་སོ།།

ཞི་ཁྲོ་ན་རག་དོང་སྤྲུག་གི་དཀྱིལ་འཁོར་ལ་ཉེ་བར་མཁོ་བའི་མཆོག་གི་སྦྱིན་སྲེག་བྱ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ་ཕཊ་ཛཿ རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གཙོ་བོ་གཉིས་པའི་རྣམ་པས་འཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་འཁོད་དེ་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས། གཡས་རྡོ་རྗེ་གསོར་ཞིང་ཐུགས་ཀར་འཛིན། གཡོན་དྲིལ་བུ་དཀུར་བསྟེན་ཏེ། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར། བའི་མོས་པ་བསྟན་བྱས་ལ། ལག་གཉིས་འཁྱུད་རྒྱ་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཞེས་དམ་ཚིག་གསུམ་དྲན་པར་བྱའོ། །ལས་བུམ་གྱི་ཆུས་མཆོད་རྫས་རྣམས་ལ་འཐོར་ཏེ། ཨོཾ་མ་ཧཱ་ཀྲོ་ཏི་ཤྭ་རི་སརྦ་སོགས་དང་། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་ཞུ་བས་མཆོད་རྫས་བསྲེགས་རྫས་སོགས། །ངོ་བོ་ཟག་མེད་བདུད་རྩིའི་རང་བཞིན་ཅན། །རྣམ་པར་འདོད་པའི་ཡོན་ཏན་སྣ་ཚོགས་པ། །འཆར་བས་ནམ་མཁའི་ཁམས་ཀུན་གང་བར་གྱུར། །ཨོཾ་ཨཱཿཧཱུྃ། ཨོཾ་ཨགྣེ་ཛྭ་ལ་རཾ། གྱིས་མེ་སྦར། ཧཱུྃ་ཧཱུྃ་ཧཱུྃ། ཞེས་རླུང་གཡབ། ཨོཾ་ཨགྣེ་སྭཱ་ཧཱ། མར་ཁུ་ཕུལ། ལས་བུམ་གྱི་ཆུས་ཐབ་བསངས་ཏེ། ཨོཾ་མ་ཧཱ་ཀྲོ་ཏི་ཤྭ་རིས་བསངས། སྭ་བྷ་ཝས་སྦྱངས། མེ་ཐབ་མི་དམིགས་སྟོང་པའི་ངང་ཉིད་ལས། །མཚན་ཉིད་ཡོངས་རྫོགས་ཐབ་ཀྱི་མེ་དབུས་སུ། །ཉི་སྟེང་ར་སྐྱེས་སྟེང་དུ་རཾ་ཡིག་ལས། །མེ་ལྷ་ཞལ་གཅིག་ཕྱག་གཉིས་དྲང་སྲོང་གི །ཆས་ཅན་གྷནྡྷེ་བགྲང་ཕྲེང་འཛིན་པར་གྱུར། །ཨོཾ་མ་ཧཱ་ཤུ་ནྱ་ཏ༴ ཨོཾ་མ་ཧཱ་ཨ་དརྴ༴ ཨོཾ་མ་ཧཱ་ས་མ་ཏ༴ ཨོཾ་མ་ཧཱ་པྲེ་ཏྱེ༴ ཨོཾ་མ་ཧཱ་ཀྲྀ་ཏྱ༴ ཨོཾ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཀ་ཡ། དེ་བཞིན་དུ། ཝཱཀྐ༴ ཙིཏྟ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾ། ཞེས་སོ་སོའི་རྒྱ་བཅས་དབང་བསྐུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་གྱུར། ཨགྣེ་ཡེ་དེ་ཝ་ས་མ་ཡ་ཧཱུྃ་ཛཿ མེ་དར་ཐོགས་ཏེ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་ཆེ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཨགྣེ་དེ་ཝ་རི་ཥི་ཛཿཛཿ ས་སྤྱན་དྲངས། རྒྱ་དང་བཅས། ཛ་ཧཱུྃ་བྃ་ཧོཿ དེ་ནས་རྒྱ་དང་དལ་བུས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོ་བི་ཤྭ་མི༴ ཨོཾ་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ར་ག་དྷུ་པེ་དྷུ༴ པུཥྤེ༴ ཨ་ལོ་ཀེ༴ གནྡྷེ༴ སོགས་བཞི་བསྣོལ་གྱིས་མཆོད། བསྟོད་པ་ནི་ཕྱེད་ཕྱག་བཅས། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་སྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། ། དགང་གཟར་བླུགས་ཐོགས་ལ། མེ་ལྷའི་ཞལ་ཅུང་ཟད་གདང་པའི་བསྲེགས་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་གྱུར། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་ལན་བདུན་རེའི་མཚམས་སུ། ཨོཾ་ཨགྣེ་རི་ཥི་ཧ་བྱཱ་ན་མ་ཧཱ་ཡ་ན་དི་བྱཱ་བདག་དང་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་མཛོད་ཅིག་སྭཱ་ཧཱ། ཞེས་འདོད་དོན་གསོལ་བ་བཅས་ལན་གསུམ་དབུལ་ནས་དགང་བླུགས་བཞག ཨོཾ་ཨགྣེའི་སྔགས་ཀྱིས་ཡམ་ཤིང་བདུན་རེ་རེ་བཞིན་གྱི་རྗེས་སུ། ཨོཾ་ཨགྣེ་དེ་ཝ་རི་ཥི་ཧ་བྱཱ་ཀ་བྱཱ་དི་བྱཱ་མ་ཡ་ན་དི་བྱཱ་དྷརྨ་དྷརྟུ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ། དེ་བཞིན་དུ་བླུག་གཟར་གྱིས་མར་ཁུ་བདུན་རྫས་རྣམས་བདུན་རེ་རེ་བཞག་སོང་ནས། ཐལ་སྦྱར་བཅས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱི་ལས་ཐམས་ཅད་བྱེད་པའི་བསྲེགས་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་གི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་དག་ནི་སྦྱིན་ལྷ་སྟེ་འཇིག་རྟེན་པའི་མཆོད་པའོ། །དེ་ནས་བསྲེག་ལྷ་ཞེས་འདས་པའི་མེ་ལྷ་མཆོད་པ་ནི་བླུགས་གཟར་གྱིས་མར་ཁུས་མེ་བསོས་ཏེ། ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ། ཞེས་བརྗོད་པས་མེ་ལྷ་ཉིད་ཐུགས་རྗེས་ཡེ་ཤེས་ཀྱི་མེ་འབར་བའི་རྣམ་པར་གྱུར་བའི་ཀློང་དུ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜལ་ལ་བྷྲཱུྃ། ཞེས་བརྗོད་པས་ཡེ་ཤེས་ཀྱི་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཕྱི་ནང་གཉིས་རིམ། ནང་མ་གྲུ་ཆད་དང་བཅས་པའི་ལྟེ་བ་རེ་མིག་དགུ་པ་འཁོར་ལོ་སུམ་རིམ་མུ་ཁྱུད་དང་ལྡན་པའི་ལྷ་གནས་རྣམས་སུ་སོ་སོའི་གདན་དང་བཅས་པ་གསལ་བར་གྱུར། རྡོ་གསོལ་དྲིལ་འཛིན་གྱིས། ཨོཾ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་དྲི་ཤྱ་ཧོ། ས་མཱ་ཡ་སྟྭྃ། ཨོཾ་རུ་ལུ་རུ་ལུ་ཧཱུྃ། ཨེ་ཧྱ་ཧི་ཨ་ན་ཡ། ཛཿཧཱུྃ་བྃ་ཧོཿ ཞེས་པས་སྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལས་ཀྱི་རྡོ་རྗེས་སོ་སོའི་སྔགས་བརྗོད་ཅིང་མཎྜལ་མེ་ཏོག་གིས་མཚོན་པར་སློབ་དཔོན་ལ་གཡས་སུ་བསྐོར་ཏེ། གཡོན་ཕྱོགས་སུ་ཕུལ་བ་ལས། མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ་སོགས། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ ཨོཾ་རཀྴ་ཤྲཱི༴ ཀྵི་ཧི་རཱ་ཛ་ཡ༴ ཧཱུྃ་ལ་སེ་ས་མ་སྟཾ་སོགས། མེ་དྷ་ར་ཎེ་སྭཱ་ཧཱ། ཛཿདྷུ་པེ་པྲ་བེ་ཤ་ཡ་སོགས། ཨོཾ་བཛྲ་གོ་རི་ཧ་སོགས། ཨོཾ་བཛྲ་སིངྷ་མི་ཁཱ་ཧེ་སོགས། ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ། སོགས། ཧཱུྃ་ཡ་མནྟ་ཀྲྀ་ཏ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་སོགས། མ་ནུ་རཀྴ་སི་བྷྱོ་སོགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་སོགས་ཏེ་ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་གནས་སོ་སོ་རང་རང་གི་གདན་ལ་བཞུགས་པའི་སྐུ་ལས་སངས་རྒྱས་ཀྱི་སྤྲིན་ཕུང་མཐའ་ཡས་པར་འཆར་བའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཕྲིན་ལས་རྣམ་པ་བཞི་སྒྲུབ་ཅིང་མཆོག་གི་དངོས་གྲུབ་སྩོལ་བའི་ལས་མཛད་དུ་གསོལ་བར་བསམ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷནཾ་ག་ག་ཁཾ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ར་ག་དྷུ་པེ་དྷུ་སོགས། ཀུན་བཟང་བཞི་བསྣོལ་གྱིས་མཆོད། བསྟོད་པ་ནི། ཨོཾ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡིས། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཧོཿ ཨོཾ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ། །ཧོཿ ཨོཾ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཧོཿ ཨོཾ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་སྤྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་གྲུབ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཧོཿ ཨོཾ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྟེང་། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཧོཿ ཨོཾ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱི་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ ཞེས་ཞི་བ་དང་། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ། །ཧོཿ ཧཱུྃ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱང་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། །ཧོཿ ཧཱུྃ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཛོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། །ཧོཿ ཧཱུྃ་ཁྲོ་བོ་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ། །ཧོཿ ཧཱུྃ་བདུད་ཀུན་གྱི་བདག་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ། །ཧོཿ ཧཱུྃ་རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ། །ཧོཿ ཞེས་བསྟོད། དེ་ནས་དགང་བླུགས་ཕུལ་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་བསྲེགས་བླུགས་ཀྱི་བདུད་རྩིའི་བཅུད་དྲངས་ནས་གསོལ་བར་གྱུར། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ལན་བདུན་གྱིས་མཐར། དགང་བླུགས་ཁ་སྦྱར་བས། དྷརྨ་དྷརྟུ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ། དེ་ལྟར་ལན་ཉེར་གཅིག་སོགས་ནས། དེ་ནས་ཡམ་ཤིང་། མར་ཁུ། རྫས་ལྔ་ཚན་རྣམས་སོ་སོར་རིམ་བཞིན། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་སོགས་དང་། ཨོཾ་རུ་ལུ་རུ་ལུ་གཉིས་སྦྲེལ་བ་བཅུ་རེའི་མཐར། བདག་དང་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་མཛོད་ཅིག་སྭཱ་ཧཱ། རྫས་རྣམས་རྫོགས་མཐར། དཀྱིལ་འཁོར་གྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་སོགས་ནས་བསྒྲལ་བར་གྱུར། མིང་བྱང་ཡོད་ན་བསྲེག ཨོཾ་ད་ཧ་ད་ཧ༴ ཨོཾ་པ་ཙ༴ ཨོཾ་མཱ་ཐ༴ དེ་ནས་བླུག་གཟར་དུ་གཏོར་མ་ཕུལ་བར་སྨན་བྲན་ཏེ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཨོཾ་བོ་དྷི་ཙིཏྟ༴ ཨོཾ་རུ་ལུ་༴འི་སྔགས་བརྗོད། མ་ཧཱ་བ་ལིཾ་ཏ་པྲ་ཏིཙྪ་ཁཱ་ཧི། རཀྟ་བྲན་ལ། མ་ཧཱ་རཀྟ་པྲ་ཏིཙྪ་ཁཱ་ཧི། ཞེས་གཏོར་མ་ཐབ་ཏུ་དོར། རྩ་དྲིལ། ཨོཾ། ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འདི་ཕུལ་བས། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །མཆོག་གི་དངོས་གྲུབ་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་འགྲུབ་པར་ཤོག །ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ལྔ་ལྡན་འཇའ་ཚོན་ལྟ་བུ་འཕྲོས་པ་ལས་ཚད་མེད་པའི་སངས་རྒྱས་བདུད་རྩིའི་བུམ་པ་འཛིན་པ་རྣམས་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པར་གྱུར། ལས་བུམ་གྱི་བསངས་ཆུ་མཆོད་རྫས་རྣམས་ལ་འཐོར་ཏེ། ཨོཾ་མ་ཧཱ་ཀྲོ་ཏི་ཤྭ་རི་སོགས། ཨོཾ་མ་ཧཱ་ཤུནྱ་ཏ་སོགས། སྟོང་པའི་ངང་ལས་རང་ཉིད་རྡོར་སེམས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས། ཨ་དྷུ་བཱུ་ཨ་གན་རྣམས་འཕྲོས། སྥ་ར་ཎ་ཕཊཿ ནམ་མཁའི་ཁམས་ཐམས་ཅད་ཁྱབ། སཾ་ཧ་ར་ཎ་ཧཱུྃ། འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་ནས་མཆོད་རྫས་རྣམས་ལ་ཐིམ་པར་གྱུར། ན་མཿས་མནྟ་ཏ་བུདྡྷ་ནཱི་ག་ག་ན་ཁཾ་ས་མ་ཡ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷུ་སོགས་ནས་གནྡྷེ་གན། བདེ་མཆོག་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རོལ་བ་ལས། རྡོ་རྗེ་ཞབས་བསིལ་ལ་སོགས་མཆོད་པའི་ལྷ་མོ་ཁྲུས་གཞོང་དང་། སྤོས་ཁང་མནྡ་རའི་མེ་ཏོག་ལ་སོགས་པ་ཐོགས་པ་ནམ་མཁར་གང་བ་རྣམས་སུ་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་ན་མཿསོགས། ཨོཾ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷུ་སོགས་བཞི་བསྣོལ་གྱིས་མཆོད་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རམ་ཁཱ་ཧི། དེ་བཞིན་དུ། རཀྟ་དང་། གཏོར་མར་སྦྱར་བས་མཆོད་ནས། བརྗོད་མེད་ཤེས་རབ་སོགས་ཤོ་ལོ་ཀས་བསྟོད། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མཁའ་ཁྱེད་ལ་བཟོད་པར་གསོལ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས། ཡིག་བརྒྱ་ལན་གསུམ་བརྗོད། དཀྱིལ་འཁོར་བའི་ལྷ་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་གྱུར། །གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་གྱུར། མར་ཁུ་བླུག་གཟར་གང་གིས་མེ་གསོས་ཏེ། ཨགྣེ་ཛྭ་ལ་རཾ་ཛྭ་ལ་ཧཱུྃ་ཕཊཿ འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་གྱུར། དགང་བླུག་གིས། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ལན་བདུན། གསུམ་མམ་ཉེར་གཅིག་སོང་ནས། ཡམ་ཤིང་། མར་ཁུ། རྫས་བདུན་པོ་རྣམས་ལན་རེ་རྫོགས་ནས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། ཨོཾ ་ཨཱ་ཧ་ར་སོགས་གོང་བཞིན། ཨོཾ་ཤྲཱི་བཛྲ་ར་ག་དྷུ་པེ་སོགས་བཞི་བསྣོལ་གྱིས་མཆོད། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཞི་ལ་སོགས་པའི་ལྷ་དཔལ་སྟེ། །ཇི་ལྟ་འདོད་པའི་དོན་སྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། ཅེས་བསྟོད། དེ་ནས་བླུགས་གཟར་དུ་གཤེགས། གཏོར་མ་ཕུལ་ལ། ཨོཾ་ཨགྣེ་དེ་ཝ་རི་ཥི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་མཆོད་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ། ཨོཾ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་ཚར་གཅིག་བརྗོད། བཛྲ་མུཿ མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། བླ་མ་ཡི་དམ་ལྷ་ཚོགས་སོགས་ཀྱི་སྨོན་ལམ་གདབ་ཅིང་ཕུན་སུམ་ཚོགས་པ་སོགས་ཀྱིས་ཤིས་བརྗོད་རྒྱ་ཆེར་བྱའོ།། རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོས་མཛད་པ་ཡིན་སྣང་ཞེས་ཤིང་པར་དཔེ་རྙིང་དུ་གསལ།

དྲག་པོའི་སྦྱིན་སྲེག་བསྡུས་པ་བདུད་དཔུང་སྲེག་པའི་མེ་ཆེན་བཞུགས་སོ།།

ཨོཾ་སྭ་སྟི། རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །གདུག་པ་འདུལ་ཕྱིར་དྲག་པོའི་སྐུར། །ཡོངས་ཤར་ཁྲག་འཐུང་དཔའ་བོ་ཆེ། །བཏུད་ནས་སྦྱིན་སྲེག་ཆོ་ག་བཤད། །དེ་ཡང་དབང་ཐོབ་དམ་ཚིག་ལྡན་ཞིང་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ལ་མཁས་པའི་སྔགས་པས།ཕུང་གསུམ་བདུད་ཀྱི་ཉི་མའམ། །ཡང་ན་དགུ་མཚམས་གཟའ་ཟིན་སོགས། །དྲག་པོའི་འགྲུབ་སྦྱོར་ལྡན་པའི་ཚེ། །དུར་ཁྲོད་འདྲེ་འཚུབས་ཕུང་ཤུལ་སར། །དྲག་པོའི་མེ་ཡི་སྟེགས་བུ་བརྩིགས། །དུག་དང་ཁྲག་གིས་ཆག་ཆག་གདབ། །ཅེས་གསུངས་པ་ལྟར། དུར་ཁྲོད་དམ་ལྷོ་ཕྱོགས་ས་དྲག་པོའི་གཞི་ནག་ཅིང་རྩུབ་པའི་གནས་སུ་ལོ་ཟླ་ཚེས་གྲངས་དུས་ཚོད་རྩུབ་ཅིང་གཟའ་སྐར་འཕྲོད་སྦྱོར་ངན་པའི་དུས། གདུག་པའི་ས་སྣ་གསུམ་གྱི་སྟེགས། རྒྱར་མདའ་གང་དཔངས་སུ་ཁྲུ་གང་བའི་ཁར། ཐབ་ཁུང་གྲུ་གསུམ། རྒྱར་སོར་ཉི་ཤུ། དཔངས་སུ་སོར་བཅུ་གཅིག་གིས་དམན་པ་རོ་སོལ་དང་དུག་ཁྲག་གིས་བྱུག་པའི་ཁ་ཁྱེར་ལ་མཚོན་ཆ་དང་། མུ་རན་ལ་མེ་རིས་མཚན་པ།དབུས་སུ་རཾ་ཡིག་བྲིས་པའི་ཁར་ལྷ་གྲངས་ཀྱི་ཚོམ་བུ་བཞུགས་ཚུལ་དང་མཐུན་པར་བཀོད།ཐབ་ནང་དུ་སྐྱེར་བ་སོགས་དུག་ཤིང་ཚེར་མ་ཅན་དུག་ཁྲག་གིས་སྦགས་པའི་ཧོམ་། མེ་ཚང་ཏིང་ལོ་སོགས་ཚད་དང་ལྡན་པ་བཅའ། གཡས་ངོས་སུ་མེ་སྲོག་འཛིན་པའི་རྫས་ཚེར་མ་ཅན་གྱི་ཡཾ་ཤིང་ཟུར་གསུམ་པ་སོར་བཅུ་གཅིག །སྦོམ་ཕྲ་མཐེའུ་ཆུང་ཙམ་དུ་བཞོགས་པ་ལ། དུག་ཁྲག་གིས་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད། ཅེས་བྲིས་པ་རྩ་རྩེར་མར་ནག་ཚིལ་ཆེན་གྱི་སྦགས་པ་གང་ཡང་། རྩ་བའི་རྫས་དགྲ་བགེགས་གང་ལ་བྱེད་པའི་གཟུགས་མིང་རུས་ཅན། དགྲ་ཡིན་ན་ཟག་རྫས་དྲི་མ་དྲུག་གིས་ནོགས་པ་བརྒྱ་རྩ་བརྒྱད་སོགས་གྲངས་ལྡན་དྲག་པོའི་རྫས་དམིགས། མི་རྟ་ཁྱི་གསུམ་སོགས་ཤ་སྣ་བག་ཕྱེ་དང་བསྲེས་པའི་རིལ་བུའི་ནང་དུ་གནོད་བྱེད་ཀྱི་མིང་རུས་དུག་ཤོག་ལ་བྲིས་ནས་བཅུག་པ། གནད་ཀྱི་རྫས་སྦལ་སྦྲུལ་ཉ་ཁྱི་སོགས་ཀྱི་ཤ ར་དུག ཐང་ཁྲོམ། བཙན་དུག ཐར་ནུ་པ་སོགས་དུག་སྣ་རྣམས་དང་བསྲེས་པ། གསོད་པའི་རྫས། གྲི་ལྕགས། ཟངས་ཕྱེ། བྲག་ཐོག་གིས་བཤིགས་པ། གནམ་ནས་བབ་པ། མཁར་ཟངས་བརྡར་བའི་ཕྱེ་མ་མྱོས་པའི་རྫས་མར་ནག་དམེ་བསྣོལ་གྱིས་ཁྲག་དང་སྦྱར་བ། ཚ་བའི་རྫས། ཏིལ་ནག ཡུངས་ནག ཡུངས་ཀར་ལྕེ་ཚ་དབྱི་མོང་བྲུབ་ཀ་སྟེ་ཚ་བ་གསུམ་གྱི་རྫས་དེ་རྣམས་ལྕགས་སམ་བྷནྡྷའི་སྣོད་དུ་རིམ་པར་བཀོད་པ་དང་། རྡོ་ཐལ་མར་དང་སྦྱར་བའི་སོ་རྩི། ལས་མཐུན་གྱི་གོས་ཟུང་རྣམས་བཤམས། གཡོན་ངོས་སུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཕྱི་ནང་གི་ཉེར་སྤྱོད་གཏོར་མ་སྨན་རཀ་དང་བཅས་པ་བཤམས། མདུན་དུ་རྡོ་དྲིལ་དགང་གཟར། མེ་ཡོལ།རླུང་གཡབ། མེ་ཏོགལས་བུམ་སོགས་ཉེ་བར་མཁོ་བ་རྣམས་འདུ་བྱས་ཤིང་། ཡི་དམ་གྱི་ལས་གཞུང་ཚོགས་ལྷག་ཡན་འགྲུབ་ནས། ལས་བུམ་གྱི་ཁར་གཟུགས་ཐག་བཀོད་དེ། ཨོཾ་སྭ་བྷ་ཝས་སྟོང་པར་སྦྱངས་། སྟོང་པ་ཆེན་པོའི་ངང་ཉིད་ལས། །ལས་བུམ་ཁྲོ་བོའི་གཞལ་ཡས་ཁང་། །པད་ཉི་ཧཱུྃ་ལྗང་འཕྲོ་འདུ་ལས། །བདུད་རྩི་འཁྱིལ་བ་རྔམ་ཞིང་ཁྲོ། །གཡས་གཡོན་རྒྱ་གྲམ་སྡིགས་མཛུབ་བསྒྲེངས། །རབ་འཇིགས་ཁྲོ་བོའི་ཆ་ལུགས་རྫོགས། །སྐུ་ལས་ཁྲོ་ཆུང་དཔག་མེད་འཕྲོ། །ལྷ་སྲིན་སྡེ་བརྒྱད་མི་སྲུན་སོགས། །བསྐྲད་གཟིར་མནན་བསྲེགས་རྡུལ་དུ་བརླག །ཚུར་འདུས་བུམ་པའི་ཆུ་དང་འདྲེས། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅི་འགྲུབ་བཟླས་རྗེས། ཁྲོ་བོའི་དབང་པོ་འོད་དུ་ཞུ།བདུད་རྩི་བུམ་ཆུའི་རྣམ་པར་གྱུར། ཞེས་བསྒྲུབས། རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་བསྐྱེད་ཅིང་། དེ་དུས་ཀྱི་ཀུན་སློང་ཞིང་བཅུ་སྒྲོལ་བའི་ཞེ་སྡང་དང་ལྡན་པས་ཆས་གོས་ནག་པོ་གྱོན། རག་ཤའི་ཕྲེང་བ་སེ་རལ་ཁ་བྱ། ཞིང་གི་གདན་ལ་ངག་བཅད་ནས་ཁ་ལྷོར་ཕྱོགས་པར་འཁོད་དེ་གུ་གུལ་བདུག་པ་དང་བཅས་ཁྲོ་བོའི་དྲག་སྔགས་དང་། སུམ་བྷ་ནི། བགེགས་བསྐྲད། ཨོཾ་བཛྲ་རཀྵ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊཿ ཅེས་པས་བསྲུང་བའི་འཁོར་ལོས་བཅིང་བར་བསམ། དེ་ནས་མཆོད་བསྲེག་གི་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། རཾ་ཡཾ་ཁཾ་གིས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་མཆོད་རྫས་དང་བསྲེག་རྫས་རྣམས་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པས་ནམ་མཁའ་གང་བར་གྱུར་བར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྟ་པུ་ཙ་ཨཱཿ་ཧཱུྃ་གིས་མཆོད་རྫས་དང་། ཨོཾ་བཛྲ་ཀྲོ་ཏཱ་ནྲྀ་ཏྲི་མཱ་ར་ཡ་ཛ་ཛཿ ཞེས་ལན་གསུམ་གྱིས་བསྲེག་རྫས་རྣམས་བྱིན་གྱིས་བརླབས་ལ་གདོལ་བཤན་དམེ་ཡུག་གི་མེས་ཏིང་ལོ་སྦར་བ་དང་བཅས། ཨཱོཾ་ཨགྣེ་ཡེ་གནོད་བྱེད་དགྲ་བགེགས་ཛྭ་ལ་རཾ། ཞེས་མར་ནག་བླུག་གཟར་བདུན་གྱིས་གསོ། མེ་ཐབ་ལ་བསང་ཆུ་གཏོར་ཞིང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷ་ཝས་སྦྱངས་། སྟོང་པའི་ངང་ལས་ཧཱུྃ་ལས་དྲག་པོའི་ཐབས་ཁུང་ནག་པོ་གྲུ་གསུམ་པ་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་རཾ་ལས་བསྐལ་བའི་མེ་དཔུང་འབར་བའི་དབུས་སུ་པདྨ་ཟླ་ཉི་དྲེགས་པ་ཕོ་མོའི་གདན་ལ་ཧཱུྃ་ལས་ཁྲག་འཐུང་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོ་ཆེ་གེ་མོའི་ལྷ་ཚོགས་གཙོ་འཁོར་བཀའ་སྲུང་དྲེགས་པའི་ཚོགས་དང་བཅས་པ་རྔམ་བརྗིད་གཏུམ་པའི་རྣམ་རོལ་མཐའ་ཡས་པའི་བདག་ཉིད་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་སྤྱན་དྲངས་པར་གྱུར༔ ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་བྷ་གྷ་ཝཱན་མ་ཧཱ་ཀ་རི་ཎི་ཀ་ཏྲི་ཤྱ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོ། ཞེས་སྤྱན་དྲངས། བཞུགས་གསོལ་ནི། ཧཱུྃ། རབ་འཇིགས་དུས་མཐའི་མེ་རླུང་འཁྲུགས་པའི་ཀློང་། །འབར་བའི་དུར་ཁྲོད་གཞལ་ཡས་ཆེན་པོའི་དབུས། །པདྨ་ཉི་ཟླ་དབུགས་བྲལ་བརྩེགས་པའི་ཁྲིར། །དཔལ་ཆེན་དཀྱིལ་འཁོར་འཁོར་བཅས་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། ཕྱག་བྱ་བ་ནི། ཧཱུྃ། མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོ་ཐུགས་རྗེའི་སྐུར་སྤྲུལ་པ། །གདུག་པ་འདུལ་མཛད་དཔལ་ཆེན་གཙོ། །དྲག་པོའི་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། གདུགས་པའི་སྙིང་ཁྲག་མཆོད་ཡོན་མཚོ་ལྟར་བསྐྱིལ། །མྱོས་བྱེད་དུག་ཁྲག་ཞབས་བསིལ་རྔམ་ཞིང་བརྗིད། །དབང་པོ་རྣམ་ལྔའི་མེ་ཏོག་ཚལ་དུ་དངར། །ཤ་ཆེན་དུད་པའི་སྤྲིན་ཕུང་ལང་ལོངས་གཡོ། །ཞུན་ཆེན་མར་མེ་བསྐལ་བའི་མེ་ལྟར་འབར། །ཁྲག་ཞགས་བདུད་རྩིའི་དྲི་ཆབ་ལྦུ་འཕྲེང་གཡོ། །ཤ་ཁྲག་རུས་པའི་ཞལ་ཟས་ཆེ་བརྗིད་རྔམ། །དྲག་པོའི་རོལ་མོས་ས་གསུམ་འདར་ཞིང་གཡོ། །དུར་ཁྲོད་ནང་གི་མཆོད་སྤྲིན་བསམ་མི་ཁྱབ། །འབུལ་གྱིས་ཚིམ་ཞིང་དགྱེས་ནས་དགྲ་བགེགས་སྒྲོལ། །བཛྲ་ཨརྒྷཾ་ནས་ཤབྟའི་བར་བརྗོད། སྨན་མཆོད་ནི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁ་ཧི།རཀྟའི་མཆོད་པ་ནི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གཏོར་མའི་མཆོད་པ་ནི། མ་ཧཱ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། ཧཱུྃ། མི་བཟད་ཤིན་ཏུ་འཇིགས་པའི་གཟུགས། །གར་དགུའི་ཉམས་ལྡན་རྔམས་ཤིང་ཁྲོ། །གཏུམ་ཆེན་ཉི་མ་འབུམ་གྱི་གཟི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རབ་འཇིགས་ཧ་ཧ་ཧཱུྃ་ཕཊཿཀྱིས། །རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །རྡོ་རྗེ་གད་མོའི་ས་གསུམ་གཡོ། །དཔལ་ཆེན་གསུང་ལ་ཕྱག་འཚལ་བསྟོད། །མི་དམིགས་ཁྱབ་བརྡལ་ཟབ་གསལ་བ། །སྤྲོས་པ་ཀུན་བྲལ་ཡེ་ཤེས་ཆེ། །སྨྲ་བསམ་བརྗོད་མེད་རྡོ་རྗེའི་ཐུགས། །དཔལ་ཆེན་ཐུགས་ལ་ཕྱག་འཚལ་བསྟོད། །དེ་ནས་ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་ཅན། དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པར་གྱུར་པར་བསམ་ལ། བྱོན་སྐྱེམས་ནི། ལྷ་ཚོགས་རྣམས་ཀྱིས་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་དང་དགང་བླུགས་གྱི་རྩེར་ཧཱུྃ་མཐིང་ནག་འབར་བ་རེས་མཚན་པར་གྱུར་པར་བསམ་ནས་གང་ཡིན་གྱི་རྩ་བའི་སྔགས་བདུན་གྱིས་བཀང་བའི་གཟར་བུ་གཉིས་ཁ་སྦྱོར་བ་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་ནས་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨོཾ་ཨགྣེ་ཡེ་དེ་བྱ་དེ་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་ཝ་ཧ་ན་ཡེ་བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་བྱད་མ་རྦོད་གཏོང་ཐམས་ཅད་མཱ་ར་ཡ་རྦད། ཅེས་ལན་གསུམ་གྱིས་ཕུལ་ལ། དེ་ནས་གསེར་སྐྱེམས་གཟི་དཔང་འགུག་འདྲེན་བསྐུལ་བ་དང་བཅས་གདབ་ལས་ཀྱི་རིམ་པ་གཞུང་བཞིན་བྱས་ནས། ལིང་རོར་བདུད་རྩི་བྲན་བྱིན་གྱིས་བརླབས། དེ་ནས་བསྐུལ་ཐུང་ཡོད་ན་འདིའི་མཐར་རམ། ཡང་ན། ཛཿ དགྲ་བགེགས་བདུད་དཔུང་འདུལ་མཛད་པའི་། །དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་རྣམས། །དྲག་པོའི་དམ་ཚིག་དུས་ལ་བབ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །སྤྲུལ་པའི་དམག་ཚོགས་དགྲ་ལ་གྱིས། །ལས་ངན་གདུག་ཅན་དགྲ་བགེགས་རྣམས། །སྟོང་གསུམ་འཇིག་རྟེན་གར་ནས་ཀྱང་། །རིང་བར་ཁུག་ལ་དམ་དུ་ཆིངས། །མྱུར་བར་སོད་ལ་རྡུལ་དུ་རློགས། །ཤ་ཟོ་ཁྲག་འཐུང་རུས་པ་འཆོས། །སྲོག་རྩ་ཆོད་ལ་དུས་མཐའ་བསྟུངས། །བཞེས་ཤིག་ལྷག་མ་མེད་པར་མཛོད། །ཧཱུྃ། གདུག་རྩུབ་དྲག་པོའི་ཧོམ་ཁུང་དུ། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །སྡང་དགྲ་གནོད་པའི་བགེགས་ཚོགས་ཀྱི། །ཕྱི་ཡི་ཕུང་ཁམས་སྐྱེ་མཆེད་འབུལ། །ནང་གི་བླ་ཚེ་སྲོག་དབུགས་འབུལ། །ཁ་རྗེ་དབང་ཐང་རླུང་རྟ་འབུལ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །ལས་ངན་གདུག་པའི་དགྲ་བགེགས་འདི། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས། །འཁོར་ཚོགས་རྒྱ་མཚོའི་ཞལ་དུ་བསྟབས། །བཞེས་ཤིག་རོལ་ཅིག་ཁཱ་རཾ་ཁཱ་ཧི། །འཁོར་བཅས་དགྱེས་ཤིང་ཚིམ་གྱུར་ནས། །དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད། །ཛཿ སྲིད་པའི་བརྩོན་ཁང་དྲག་པོའི་ཨེ། །བསྐལ་བའི་མེ་དཔུང་འབར་བའི་ཀློང་། །གདུག་པའི་ཡམ་ཤིང་མར་ནག་ཚིལ། །དམིགས་པའི་གཟུགས་རྟེན་དྲག་པོའི་རྫས། །གནད་འབེབས་མྱོས་བྱེད་གསོད་པའི་མཚོན། །ཚ་བའི་ནད་སྐྱེད་རྫས་རྒོད་རྣམས། །ཕུལ་བས་དགྲ་བགེགས་གདུག་པའི་ཚོགས། །ལུས་ངག་རྡུལ་དུ་བསྲེགས་ནས་ཀྱང་། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །ཅེས་རྩ་སྔགས་མཐར། གནོད་བྱེད་དགྲ་བགེགས་སྲི་ངན་བྱད་མ་ལྷ་སྲུང་དང་བཅས་པའི་བླ་ཚེ་སྲོག་གསུམ་ཤ་ཁྲག་དབང་པོ་དོན་སྙིང་དང་བཅས་པ་ལ་ཁཱ་ཧི་རཾ་རཾ། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་ནྲྀ་ཏྲི་ཤ་ཏྲུན་ཧུར་ཐུཾ་ཛཿ མ་ར་ཡ་རྦད། ཅེས་པའི་མེ་སྲོག་འཛིན་པའི་རྫས་ཀྱི་བར།སྔགས་རྫས་བསྟུན་པའི་བརྒྱ་རྩ་བརྒྱད་སོགས་གཙོ་འཁོར་ཐམས་ཅད་ལ་ཐུན་མོང་དུ་འབུལ། འདིར་འཇུག་པ་བདེ་བའི་དབང་དུ་བྱས་ཀྱིས་རྒྱས་པར་སྤྲོ་ན་གཙོ་བོ་ལ་བརྒྱ་རྩ་འཁོར་རྣམས་ཉེར་གཅིག་རེ་སོགས་སོ་སོར་འབུལ་བའི་ཚུལ་ཤེས་པར་བྱའོ། །དམིགས་བསལ་བགེགས་ལྟ་བུ་ལ་རྫས་གཞན་རྣམས་རྫོགས་ནས་ལྕགས་སླང་དུ་མར་ནག་བསྐོལ་བའི་མེ་ལྕེ་སླེབ་པའི་བར་ལིངྒ་བཀྲམ་ལ་གསེར་སྐྱེམས་འགུག་འདྲེན་དྲག་བསྐུལ་རྣམས་བྱས་ནས་བཞེས་སྒྲ་དྲག་པོ་དང་བཅས་ཛ་གད་རྫས་ལྡན་གྱི་མེ་སྦར་ཏེ་ཧམ་མཆོད་བྱ་བ་ཡིན་ནོ། །བྱོན་ཟས་ཇི་ལྟ་བུའི་གཤེགས་སྐྱེམས་ཕུལ་ལ་སླར་ཡང་ཨོཾ་བཛྲ་པུཥྤཱེ་དྷུཔྤེ་ནས་ཤབྟ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཁཱ་ཧི་ཁཱ་ཧི།ཞེས་མཆོད་ཅིང་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། སོ་རྩི་དང་། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་ཕུལ་བསྟོད་པ་ལས་བྱང་བཞིན་བྱ། འདོད་དོན་གསོལ་བ་ནི། ཧོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཁྲག་འཐུང་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་སྤྱི་རྗེ། དོན་ཅན་རྒྱ་མཚོའི་ཚོགས་ཀྱི་ཡང་རྗེ། འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོ་ཆེ་གེ་མོའི་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བ་ནི། སྤྱི་དགོས་བསྟན་པའི་རུ་ཏྲ་སྡང་དགྲ་དམག་ཇག་ཆོམ་རྐུན་བསམ་ངན་དུག་སྦྱོར་མི་ཁ་གྱོད་བྱུར་ཕྱོགས་བཅུ་གང་དུ་མཆིས་ཀྱང་ཐལ་བ་རྡུལ་དུ་རློག་ཅིགགནོད་བྱེད་ལོག་འདྲེན་འབྱུང་པོ་སུ་དང་གང་གིས་གནོད་ཀྱང་མིང་ཙམ་མེད་པར་མཛོད་ཅིག བྱད་དང་སྦད་འདྲེ་རྦོད་གཏོང་བན་བོན་གང་གིས་བཏང་ཡང་རང་གཤེད་རང་ལ་ཕོབ་ཅིག ཟ་འདྲེ་གོད་འདྲེའི་རྫུན་ལམ་མི་ནོར་གང་ལ་ཟུག་ཀྱང་གནོད་པའི་རྫུན་ལམ་ཆོད་ཅིག མདོར་ན་སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའི་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་དམ་སྲི་བདུད་སྡེ་དཔུང་དང་བཅས་པ་ཐམས་ཅད་ལོ་དང་ཟླ་བ་ཞག་དང་ཟ་མར་མ་འགྱང་བར་མྱུར་བ་ཉིད་དུ་སོད་ལ་མིང་ཙམ་བརྡ་ཙམ་མ་ལུས་པ་ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག ཅེས་འདོད་དོན་གསོལ། ཡི་གེ་བརྒྱ་པས་ལྷག་ཆད་བསྐངས་ཏེ་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས་ཤིང་། དམ་ཚིག་པ་བདག་ལ་ཐིམ་པར་བསམ། ཤེས་པ་བརྗོད་ཅིང་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ། མེ་དུག་ཁྲག་གིས་གཞལ་ནས་ཐལ་སོལ་རྣམས་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་སྦས་ལ་མནན་གཟིར་གྱིས་རྟ་བྲོ་གཞུང་བཞིན་བྱའོ། །ཞེས་པའང་གཏེར་ཆེན་རིན་པོ་ཆེའི་གསུང་དང་། དྲག་དམར་བློ་བུར་ཧོཾ་བསྲེག་དང་ཕྱོགས་མཐུན་པར་ཁྱབ་བདག་བླ་མ་མཆོག་གིས་མཛད་པའི་དྲག་པོའི་སྦྱིན་བསྲེགས་ལ་སོགས་ལས་འོས་འཐད་ཀྱིས་བརྒྱན་ཏེ་ངེས་དོན་བསྟན་འཛིན་བཟང་པོས་བྲིས་པའོ། །དགེའོ། །

དྲག་པོའི་གཏོར་བཟློག་སྤྱི་ལ་སྦྱར་ཆོག་པའི་ཁོག་དབུབ་མན་ངག་ལས་རིམ་དགྲ་བགེགས་དཔུང་འཇོམས་བཞུགས་སོ།།

ན་མོ་གུ་རུ་བཛྲ་ཀྲོ་དྷ་ཡེ། རྒྱལ་བ་ཀུན་གྱི་གསང་གསུམ་རྡོ་རྗེའི་ཁམས། །ལོག་འདྲེན་འདུལ་ཕྱིར་དྲག་པོའི་སྐུ་བཞེངས་པ། །ཧེ་རུ་ཀ་དཔལ་ཁྲོ་བོའི་རྒྱལ་རྣམས་དང་། །དབྱེར་མེད་དྲིན་ཆེན་བླ་མར་ཕྱག་བགྱིའོ། །སངས་རྒྱས་བསྟན་དང་འགྲོ་བའི་བདེ་སྐྱིད་ལ། །རྣམ་པར་འཚེ་བའི་མ་རུང་དགྲ་བགེགས་དཔུང་། །འཇོམས་བྱེད་མན་ངག་ལས་ཀྱི་སྦྱོར་བའི་ཚུལ། །ཚིག་ཉུངདོན་ཟབ་གོ་བདེ་འདིར་གསལ་བྱ། །དེ་ཡང་བསྙེན་བསྒྲུབས་ཐེམས་ཤིང་དམ་ཚིག་དང་ལྡན་པའི་སྔགས་པས་ཚུལ་འདི་ལ་འཇུག་པར་བྱ་སྟེ། དེ་ལ་ཡོ་བྱད་ཀྱི་བཤམས་ཚུལ། ཆོ་ག་དངོས་སོ། །དང་པོ་ནི་དྲག་པོའི་ལས་དང་མཐུན་པའི་གནས་སམ། སྒྲུབ་ཁང་སོགས་ཡིད་དང་མཐུན་པའི་ཕྱོགས་སུ་སྟེགས་བུ་དུག་ཁྲག་གིས་ཆག་ཆག་གདབ་སྟེ་བཟློག་དཀྱིལ་གང་ཡིན་རང་གཞུང་སོ་སོ་ལྟར་རྡུལ་ཚོན་ལྟར་གྱི་བྲི་བའམ། མ་འབྱོར་ན་ཞིང་ལྤགས་སོགས་ལ་ཁྲག་གིས་སྦགས་པའི་འབྲུ་ཚོམ་ལྷ་གྲངས་ལྟར་བཀོད་པའི་དབུས་སུ་མཉྫའི་ཁར་ཁྲོ་ལྕགས་ཟངས་ལ་སོགས་པའི་སྣོད་གཙང་མར་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པའི་དཔལ་གྱི་གཏོར་མ་ཟུར་གསུམ་རྣོ་དབལ་ཅན་ལ་འཁོར་ལྷ་གྲངས་གང་ཡོད་ཀྱི་གཏོར་མས་བསྐོར་བ་ལ་མཚེ་དང་ཡུངས་དཀར་གྱི་གོང་བུ། སྐྱེར་བའི་རྩང་དམར་དང་ཁྲམ་བྱང་སོགས་དྲག་རྒྱན་རྔམས་བརྗིད་དང་ལྡན་པའི་རྩེར་སྐུ་རྟེན་ཙཀླི་དར་རེ་ནག་པོའི་གུར་ཕུབ་པ་སོགས་ཀྱིས་བརྒྱན། དཀྱིལ་འཁོར་གྱི་མཐའ་རྡོ་རའི་ཁར་ཟོར་རྫས་གང་འོས་བསྐོར་བཤམས་བྱས་པའི་མཐར། ཁྲག་གི་ཨརྒྷཾ་སོགས་དྲག་པོའི་མཆོད་པས་གཡས་སུ་བསྐོར། ཇི་ལྟར་བདེ་བའི་སྟེགས་ཀྱི་ཁར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་སྦྲང་ཚར་སྨན་རཀ་མཆོད་པ་དང་བཅས་པ་དཀོད། མདུན་ངོས་སུ་བྲུབ་ཁུང་ལིང་ག་ཅན་དང་ཕུར་ཆ་ཐུན་རྫས་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མཐོང་བརྒྱུད་ལྟར་ཚོགས་པར་བཤམ་མོ། །གཉིས་པ་སྔོན་འགྲོ་དངོས་གཞི་རྗེས་ཆོག་སྟེ་གསུམ་ལས། དང་པོ་ནི་སྐྱབས་སེམས་ཚོགས་བསགས་གསོལ་འདེབས་ནས་བཟུང་མཆོད་པ་བྱིན་རླབས་པར་ལས་བྱང་བཞིན་བྱའོ། །གཉིས་པ་རྣམ་འབྱོར་བསྒྲུབ་པ་དང་། ལས་ལ་སྦྱོར་བ་གཉིས་ལས་དང་པོ་ནི་ཏིང་འཛིན་གསུམ་ལས་བཟླས་པའི་བར་དེ་བདག་མདུན་གྱི་དཀྱིལ་འཁོར་མེ་རི་འདབ་འབྱར་གྱི་ཚུལ་དུ་གསལ་བཏབ་ནས་སྤྱན་འདྲེན་མཆོད་བསྟོད་བསྙེན་སྒྲུབ་བསྲུང་བཟློག་གི་བཟླས་པ་སོགས་མན་ངག་བཞིན་དང་། ཚོགས་མཆོད་བསྐང་བཤགས་བཅས་བྱའོ། །གཉིས་པ་ལས་སྦྱོར་ལ། བསད་ལས་ཀྱི་རིམ་པ་དང་། བཟློག་པའི་ལས་སྦྱོར་གཉིས་ཏེ་བསད་པའི་ལས་སྦྱོར་ལ་ཡང་བཅུ་གཉིས་ཏེ། དང་པོ་ནི་སྒྲུབ་པ་པོ་དྲག་པོའི་ཆས་སུ་ཞུགས་དྲག་ལས་ཀྱི་ཀུན་སློང་གསལ་བཏབ་ཏེ་ཡི་དམ་ལྷའི་མཆོག་ཏུ་བསྙེམས་པ་བརྟན་པོའི་ཐོག་མར་དཔུང་བསྡུ་ཕྱིར་ཐུགས་དམ་བསྐུལ་བའི་ལས་རིམ་རྣམས་རང་གཞུང་གང་ཡིན་ལྟར་གདུང་ཤུགས་དྲག་པོས་གྱེར་ཞིང་ལས་སྔགས་བཟླ་བ་ལ་སོགས་པའང་བྱའོ། །གཉིས་པ་གསེར་སྐྱེམས་ནི། རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཿཧཱུྃ༔ཧཱུཾ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །ཡི་དམ་ཞི་ཁྲོ་གསང་བདག་ཕྱག་རྡོར་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །མཐུ་སྟོབས་དབང་ཕྱུག་དཔལ་མགོན་ལྕམ་དྲལ་དང་། །དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་སོགས། །ཡེ་ཤེས་ལས་ལ་གྲུབ་པའི་དམ་ཅན་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །སྔགས་འཆང་བདག་གི་རིགས་ཀྱི་བསྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞིའི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེ་ལ་དབང་བའི་ལྷ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །གསུམ་པ་གཟུ་དཔང་གསོལ་བ་ནི། ཧཱུཾ། དཀྱིལ་འཁོར་ཀུན་བདག་མཆོག་གསུམ་བླ་མ་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་བསྲུང་མའི་ཚོགས། །ཁྱད་པར་དཔལ་ཆེན་གསང་བདག་ཕྱག་རྡོར་ལྷ། །འཁོར་བཅས་བདག་ལ་དགོངས་ཤིང་གསན་དུ་གསོལ། །སྣང་སྲིད་འཁོར་འདས་ཆོས་སྐུར་རོ་གཅིག་ལ། །མ་རྟོག་སྒྲིབ་བསལ་འགྲོ་ཀུན་བསྒྲལ་སེམས་ཀྱང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །རྩ་བརྒྱུད་བླ་མས་གཟི་དང་དཔང་མཛོད་ཅིག །སྨིན་གྲོལ་ལམ་ཞུགས་བསྐྱེད་རྫོགས་ཟབ་མོའི་དོན། །ཚུལ་བཞིན་ཉམས་བླང་དངོས་གྲུབ་བླང་སེམས་ཀྱང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་ལ་ཕན་བདེའི་དགའ་སྟོན་སྤེལ་སེམས་ཀྱང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །དཔའ་བོ་མཁའ་འགྲོ་གཟུ་དང་དཔུང་མཛོད་ཅིག །ཚེ་འདི་བློ་བཏང་དབེན་པའི་གནས་རྣམས་སུ། །བདེ་ཆེན་བྱང་ཆུབ་སྒྲུབ་པར་སེམས་ན་ཡང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །དམ་ཅན་ཆོས་སྐྱོང་གཟུ་དང་དཔུང་མཛོད་ཅིག །མ་ཉེས་མ་ལན་ཡེ་ཤེས་ལྷ་ཡི་ཚོགས། །སྡིག་ཅན་ལས་ངན་བསྟན་པའི་སྤྱི་དགྲ་འདི། །སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་སྨད། །བླ་མའི་ཐུགས་དཀྲུགས་དགེ་འདུན་སྡེ་ལ་བརྙས། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རི་ལྟར་ལྗིད་ཅིང་རྩང་ལྟར་འཛུགས་པ་དང་། །མདུན་ནས་སྒུག་ཅིང་རྒྱབ་འདེད་ཟུར་ནས་གསོད། །ལུས་ཀྱི་བརྡུང་བརྡེག་དཀོར་རྫས་རྐུ་ཞིང་འཕྲོག །ངག་གི་ཡ་གས་གཞན་གྱི་ནུས་མཐུ་བསྐུལ། །ཡིད་ཀྱི་བསམ་ངན་དུག་ལྟར་གཡོ་བྱེད་པའི། །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་སེམས་དང་། །ད་དགྲ་བསྡོ་བའི་དགྲ་བགེགས་གར་གནས་ཀྱང་། །རྩ་གསུམ་དམ་ཅན་བསྲུང་མ་འཁོར་བཅས་ཀྱིས། །སྐད་ཅིག་འདིར་ཁུག་མངོན་སྤྱོད་ལས་མཛོད་ཅིག །ཞེས་དང་། གཞན་ཡང་། ཧཱུཾ། ཕྱོགས་བཅུ་ནམ་འཁའ་ཡངས་བའི་དཀྱིལ་འཁོར་ནས༔ བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བརྩེ་བའི་ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ བདག་ནི་རྣལ་འབྱོར་རིག་འཛིན་སྒྲུབ་པ་པོ༔ གསང་སྔགས་སྒྲུབ་པ་པོ་ལ་དགྲ་བྱུང་ན༔ བདག་གི་མ་ཉེས་མ་ཡོ་བསྲུང་མ་མཁྱེན༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད༔ དམ་ཉམས་དགྲ་བོ་སྡིག་ཅན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིགས༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་མ་གསང་སྔགས་སྙི་པོ་ཕྲལ༔ ད་ལྟ་རྣལ་འབྱོར་བདག་ལ་བསྡོས༔ ལས་དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ནི་འབྲུས་བུ་སྨིན༔ འདི་ནི་བསྒྲལ་བའི་ཞིང་ཡིན་པས༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ རྔམས་བརྗིད་ཚུལ་དུ་ཁྲོ་བོའི་སྐུར་བཞེངས་ལ༔ བསྒྲལ་བའི་ཞིང་བཅུ་འདུལ་བའི་དུས་ལ་བབས༔ མ་གཡེལ་མ་གཡེལ་ཡི་དམ་ལྷ་ཚོགས་རྣམས༔ དམ་ཉམས་དགྲ་བོ་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་གསོལ་བས་སྣོད་བཅུད་ལྷར་གསལ་བ་ཐམས་ཅད་སྔོན་གྱི་ཐུགས་དམ་ལས་བཞེངས་ཏེ་རང་ལ་གནང་བ་རྩོལ་ཞིང་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པའི་དྲག་པོའི་ལས་ལ་རྔམས་ཤིང་རེངས་པའི་ཚུལ་དུ་བཞུགས་པར་བསམ་མོ། །བཞི་བ་དམིགས་བྱ་བསྐྱེད་པ་ནི། ཨེ་སྥ་ར་ཎ་ཕཊ༔ བདག་ཉིད་དཔལ་ཆེན་པོ་གསང་བདག་རྡོ་རྗེ་གཏུམ་པོར་གསལ་བའི་མདུན་དུ་དམ་ཉམས་པའི་དགྲ་བགེགས་ཀྱི་ལས་ངན་པའི་རྣམ་སྨིན་ལས་གྲུབ་པའི་གནམ་ལྕགས་འབར་བའི་ཁང་སྒྲོམ་ཟུར་གསུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་ནྲྀ་དང་ཏྲི་ལས་སྐྱེས་པའི་དགྲ་བགེགས་དེ་ཉིད་ཉམ་ཐག་པའི་གཟུགས་ཅན། སྐྱ་ལ་ཧམ་པ། སྔོ་ལ་རིད་པ། མྱ་ངན་གྱི་ཕྱག་རྒྱ་བྱེད་ཅིང་འོ་འདོད་ཀྱི་སྨྲེ་སྔགས་འདོན་པ། མགོན་སྐྱབས་ཀྱི་ལྷ་ཐམས་ཅད་དང་བྲལ་ཞིང་འདར་ཕྲི་ལི་ལི་བྱེད་པ་གཅིག་ཏུ་གྱུར་བར་དམིགས་ཤིང་གསལ་གདབ་བོ། །ལྔ་བ་རྣམ་ཤེས་འགུགས་པ་ནི། བདག་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་འགུགས་པར་བྱེད་པའི་ལྕགས་ཀྱུ་ཅན་དང་། རིང་ནས་འཆང་བྱེད་ཞགས་པ་ཅན་དང་། ཡན་ལག་སྡོམ་པའི་ལྕགས་སྒྲོག་ཅན་དང་། མྱོས་ཤིང་བརྒྱལ་བྱེད་དྲིལ་བུ་མ་དང་། ལས་རླུང་བསྐུལ་ནས་སྐྱོད་བྱེད་མ་དང་། སྟོབས་ནུས་འཇོམས་པའི་ཐོ་བ་ཅན་དང་། འདེད་པར་བྱེད་པའི་དབྱུག་པ་ཅན་དང་། ལྷ་དང་འབྱེད་པའི་ཕྲ་མ་མཁན་དང་། ལྷ་སྲུང་སྐྲོད་པའི་རྫུ་འཕྲུལ་ཅན་ལ་སོགས་པ་གཟུགས་དང་ཁ་དོག་སྣ་ཚོགས་པ་གཏུམ་དྲག་འཇིགས་པའི་ཉམས་ཅན། རྣམ་པར་འགྱུར་བའི་སྤྲུལ་འསྒྱུར་ཅིར་ཡང་སྟོན་པ་གྲངས་ལས་འདས་པ། བུ་ཡུག་འཚུབས་པ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སྤྲོས་པས་དམ་ཉམས་པའི་དགྲ་བགེགས་འཁོར་བཅས་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས་ལྕགས་སྒྲོག་གིས་བསྡམས་དྲིལ་བུས་མྱོས། ཐོ་བས་གཟིར། མཚོན་ཆ་སྣ་ཚོགས་ཀྱིས་དེད། ལས་ཀྱི་རླུང་དམར་གྱི་རྟ་ལ་བསྐྱོན་ནས་སྦུར་མ་རླུང་གིས་དེད་པ་བཞིན་རང་དབང་མེད་པར་བཀུག་ནས་བྲུབ་ཁུང་གི་ལིང་ག་ལ་ཐིམ་པར་བསམ་ཞིང་། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིང་སྟེ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་གདོད་ནས་དག་ཀྱང་ཆོས་ཅན་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་འབྱུང་བོ་འདུལ་བར་བྱེད་པའི་དཔལ་ཆེན་པོ་གསང་བདག་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་བོ་ལུས་སྲོག་ལོངས་སྤྱོད་ལ་བར་དུ་གཅོད་པའི་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོང་། གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་རྟེན་གཟུགས་ལིང་ག་འདི་ལ་ཁུག་ཅིག སྒྲུབ་སྔགས་ཀྱི་ཤམ་དུ། ནྲྀ་ཏྲི་སརྦ་ཤ་ཏྲུམ་ཧུར་ཐུམ་ཛ༔ ཛ་ཧཱུྃ་བཾ་ཧོ༔ ཨ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ་འགུགས་གཞུགས་མང་དུ་བྱའོ། །༼འགུགས་སྔགས་ནི།རྩ་སྔགས་ཀྱི་མཐར། ཨ་མུ་ཀ་ནྲྀ་ཏྲི་ཤ་ཏྲུཾ་སརྦ་ཧུར་ཐུཾ་ཛཿཛཿ་ཧཱུྃ་བཾ་ཧོཿ ཨ་ཝེ་ཤ་ཡ་ཨ་ཨཿ སྡང་བྱེད་དགྲ་རྐུན་ཇག་གསུམ། གནོད་བྱེད་གདོན་བགེགས་འབྱུང་པོ། ཟ་འདྲེ་ཕུང་སྲི་གོད་སྲི་གོད་འདྲེ་ཐམས་ཅད་ཀྱི་བླ་ཤ་རེ་མ་འགྲིམ་འགྲིམས། ཤ་མ་རུ་ཏི་ཐུཾ་ཐུཾ། མྱོག་མྱོག ཡེད་ཡེད། ཤ་མ་རུ་ཏི། ཁུག་ཁུག ལིང་མྱོག ལིང་ཤག ལིང་ཐུཾ། ཙ་མུན་དྲི་བྷྱོ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པའི་ཚེ། སྤྲུལ་པའི་ཕ་ཉ་རྣམས་ཀྱིས་དམིགས་བྱ་རྣམས་ཙིར་གྱིས་བཟུང་ནས་འགུགས་འཆིང་སྡོམ་མྱོས་ཀྱི་ལས་མཛད་དེ། མཚོན་ཆ་སྣ་ཚོགས་ཀྱིས་གཟིར་ཞིང་དེད། ལས་ཀྱི་རླུང་དམར་གྱི་སྟེང་དུ་བཞག་ནས་མགོན་སྐྱབས་བྱེད་པའི་ལྷ་ཐམས་ཅད་དང་ཕྲལ་ནས་འདར་ཆུམ་ཆུམ། བསྔངས་ཡེད་ཡེད་བྱེད་བཞིན་སྐད་ཅིག་ཐང་ཅིག ཡུད་ཙམ་ཅིག་གིས་བསད་ཁང་ནང་གི་ལིང་གའི་སྤྱི་བོའི་ནས། བྱེ་ཚན་ལ་མར་ཐིམ་པ་བཞིན་བསྟིམ་པས་གནོད་བྱེད་ཟ་འདྲེ་ཤི་གཤེད་གསོན་བདུད་གཤིན་ལྕགས་རྣམས་དངོས་སུ་གྱུར་པའི་སྟེང་དུ་ནད་མཚོན་དུག་གི་ཐོག་སེར་དྲག་པོ་སི་ལི་ལི་ཕབ་པས་རེངས་ཤིང་འགུལ་མི་ནུས་པར་བྱས་ཏེ་ཉམ་ཐག་པའི་རང་བཞིན་དུ་སོང་བར་གྱུར་བར་བསམ་ལ། ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་སོགས།༽དྲུག་པ་ཕོ་ཉ་འགྱེད་པ་ནི། ཧཱུྃཿ མཐིང་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས༔ གསང་བདག་ཕྱག་རྡོར་ལྷ་ཚོགས་དབྱིངས་ནས་བཞེངས༔ སྤྲུལ་པ་ཡང་སྤྲུལ་སྣ་ཚོགས་ཕྱོགས་བཅུར་སྤྲོས༔ དགྲ་དང་བགེགས་ལ་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ། དཔལ་ཆེན་སྐུ་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཁྲུགས༔ ཞགས་པ་སེར་མོའི་ཚོགས་ནི་སྤྲིན་ལྟར་འཁྲིགས༔ ལྕོགས་སྒྲོག་དམར་མོའི་ཚོགས་ནི་གློག་ལྟར་འཁྱུག༔ དྲིལ་བུ་ལྗང་མོའི་ཚོགས་ནི་ཐོག་ལྟར་འབེབས༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ རྦད་ཅིང་བཏང་བ་ང་ཡིས་བྱེད༔ འགུགས་ཤིང་བརྡེགས་པ་ཁྱེད་ཀྱིས་གྱིས༔ གང་ལ་བྱ་བ་ཁྱེད་ཀྱི་ཤེས༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་མགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས༔ རང་དབང་མེད་པར་འདིར་ཁུག་ལ༔ གཟུགས་དང་ལིང་ག་འདི་ལ་བསྟིམ༔ མིང་བྱང་འདི་ལ་གནས་པར་མཛོད༔ སྒྲུབ་སྔགས་ཀྱི་ཤམ་དུ། གནོད་བྱེད་དགྲ་བགེགས་ཐམས་ཅད་ཨཾ་ཀུ་ཤ་ཡ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ བཛྲ་ཨ་ཝེ་ཤ་ཡ་ཨཱ༔ སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དམིགས་བྱ་འགུགས་འཆིང་སྡོམ་མྱོས་གཟིར་ཞིང་མཚོན་ཆ་སྣ་ཚོགས་ཀྱིས་དེད་ནས་རླུང་གི་སྟེང་དུ་བཞག་ནས་རང་དབང་མེད་པར་ལིང་གའི་སྤྱི་བོ་ནས་ཕྱེ་ཚན་ལ་མར་ཐིམ་པ་བཞིན་ཐིམ་ནས་རེངས་ཤིང་འགུལ་མི་ནུས་པར་བསམ་མོ། །དེ་ལྟར་འགུགས་འདྲེན་ཕོ་ཉ་འགྱེད་པ་ལ་ཁུག་རྟགས་མ་བྱུང་བར་ནན་ཏན་དུ་བྱའོ། །བདུན་པ་ལྷ་དང་དབྱེ་བ་ནི་ལིང་གར་དབྱེ་རྫས་ཀྱིས་བདུག་ཅིང་སྒྲོ་གཉིས་ཀྱིས་ཕྱེར་འབྱེད་པས། བདག་མདུན་གྱི་ཤངས་སྒྲོམ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་ཁྲོ་ཚོགས་ནམ་མཁའ་གང་བར་སྤྲོས་ཁོའི་མགོན་སྐྱབས་ཀྱི་ལྷ་སྲུང་ཐམས་ཅད་བྱ་སྤུ་རླུང་གི་ཁྱེར་བ་ལྟར་བསྐྲད་པར་བསམ་ལ། ཧཱུྃ༔ དམ་ཉམས་དགྲ་བོ་སྡིག་ཅན་ལ༔ འགོ་བར་བྱེད་པའི་ལྷ་ཁྱོད་ཉོན༔ དམ་ཉམས་དགྲ་བོ་སྡིག་ཅན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིགས༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་མ་གསང་སྔགས་སྙིང་པོ་ཕྲལ༔ དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ནི་འབྲུས་བུ་སྨིན༔ འདི་ནི་བསྒྲལ་བའི་ཞིང་ཡིན་ཕྱིར༔ འདི་ཡི་མགོན་སྐྱབས་མ་མཛད་པར༔ ཡེ་ཤེས་ལྷ་ནི་དབྱིངས་སུ་གཤེགས༔ འཇིག་རྟེན་ལྷ་རྣམས་རང་གནས་སོང༔ གལ་ཏེ་མི་འགྲོ་འདི་ཡི་སྐྱབས་མཛད་ན༔ ཡེ་ཤེས་ལྷ་ནི་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་རྣམས་རྡུལ་དུ་བརླག་པར་བྱེད༔ དེ་བས་འདི་ཡི་མགོན་སྐྱབས་མ་མཛད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ་ཧཱུྃ་ཕཊ༔ རྩ་སྔགས་ཀྱི་མཐར། ནྲྀ་ཏྲི་སརྦ་དྷེ་ཝ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བསྲུང་བྱ་དང་སྲུང་བྱེད་ཁ་སྦྱོར་དབྱེའོ། །དེའི་ཞོར་ཉེས་པ་བསྒྲགས་པ་ནི༔ ཧཱུཾ། སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག༔ ཁྱོད་ནི་གཏི་མུག་དབང་གྱུར་པས༔ དགེ་བ་སྤངས་ནས་མི་དགེ་སྒྲུབ༔ ཁྱོད་ནི་ཞེ་སྡང་དབང་གྱུར་པས༔ སྙིང་རྗེ་མེད་པར་གསོད་ལ་དགའ༔ ཁྱོད་ནི་ང་རྒྱལ་དབང་གྱུར་པས༔ བདག་བསྟོད་གཞན་གྱི་ཡོན་ཏན་སྨད༔ ཁྱོད་ནི་འདོད་ཆགས་དབང་གྱུར་པས༔ མ་བྱིན་ལེན་དང་མི་ཚངས་སྤྱོད༔ ཁྱོད་ནི་ཕྲག་དོག་དབང་གྱུར་པས༔ དུས་གསུམ་སངས་རྒྱས་ཡོན་ཏན་སྨོད༔ ལས་དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླང༔ མཚམས་མེད་ལྔ་བོ་འབྲུས་བུ་སྨིན༔ དང་པོ་སངས་རྒྱས་བསྟན་པ་བཤིགས༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་མ་གསང་སྔགས་སྙིང་པོ་ཕྲལ༔ དེ་ནས་སློབ་དཔོན་སྐུ་ལ་བསྡོས༔ ཁྱོད་ནི་བསྒྲལ་བའི་ཞིང་ཡིན་པས༔ ཐུགས་རྗེ་ཐབས་ཀྱིས་བསྒྲལ་བར་བྱ༔ ཞེས་ཁྲག་འཐུང་གི་ལྷ་ཚོགས་རྣམས་ཅེ་སྤྱང་ཤ་ལ་རྔམས་པའམ་ཁྲག་ལ་དགའ་བ་ལྟར་ཞིང་བཅུ་བསྒྲལ་བའི་ལས་ལ་རྔམས་པར་བསམ་ལ། བརྒྱད་པ་གནད་དབབ་པ་ལ་གསུམ་སྟེ། དང་པོ་བསད་པ་ནི། བསད་མནན་གང་ཡིན་སྨིན་སྒྲུབ་ཡིན་ན། བསད་པའི་སྔགས་དམིགས་ནི། ཁྱད་པར་ཁོའི་སྙིང་ནང་དུ་ངན་སེམས་གདུག་པའི་རྣམ་སྨིན་དེ་ཉིད་ལྕགས་བསྲེགས་ཀྱི་འཁོར་ལོ་རྩིབས་དྲུག་པ་དྲག་སྔགས་དང་བཅས་པ་གཡོན་དུ་འཁོར་བས་སྙིང་ཁྲག་དམར་ཐོ་རོ་རོ་གཏོར་ཞིང་སྲོག་རྩ་རྦད་རྦད་བཅད། རྣམ་ཤེས་མར་མེ་བསད་པ་ལྟར་ནག་སྐེམ་སྐེམ་སོང་ནས་དྲེགས་པ་སྡེ་བརྒྱད་དམག་ཚོགས་རྣམས་ཀྱི་ཤ་ཟོས། ཁྲག་འཐུང་། རུས་པ་འཆོས་པས་རྡུལ་ཕྲན་ཙམ་ཡང་མ་ལུས་པར་བསམ་ཞིང་། དམིགས་པ་བརྟན་པོས།ཐུན་དྲུག་ལ་སོགས་པར་བཅད་དེ་བསད་སྔགས། གང་ཡིན་རྟགས་མ་བྱུང་བར་བཟླའོ། །༼བསད་སྔགས་ནི། རྩསྔགས་ཀྱི་ཤམ་དུ། ཨ་མུ་ཀ་ནྲྀ་ཏྲི་ཤ་ཏྲུཾ་སརྦ་ཧུར་ཐུམ་ཛཿམ་ར་ཡ་ཐུམ་རིལ་བྷྱོ་རྦདཿ ལམ་གཏུམ། ཁཾ་འཐུང་། རཾ་གཏོར། ཀཾ་ཆོམས། ཡཾ་ཆོད། ཀ་ཝ་ཙི་རློག མ་ར་ཡ་རྦད་བྷྱོ་རྦད། སྡང་བྱེད་དགྲ་ཇག་ཆོམ་རྐུན་གནོད་བྱེད་གདོན་བགེགས་འབྱུང་པོ་རྒབ་འདྲེ་བསེ་རག་ཟ་འདྲེ་ཕུང་སྲི་གོད་སྲི་ཐམས་ཅད་ཀྱི་སྲོག་རྩ་ལ་ཡཾ་ཡཾ་སྙིང་རྩ་ལ་རྦད་རྦད། ཁྲག་རྩ་ལ་རྦུད་རྦུད། བླ་ཚེ་སྲོག་དབུགས་ཐམས་ཅད་ཨེ་ཧུར་ཐུམ་ཛ་མ་ར་ཡ་རྦད་རྦད༔ ཅེས་བཟླའོ། །༽གཉིས་པ་མནན་སྔགས་དམིགས་པ་ནི། སླར་ཡང་བདག་མདུན་ལྷ་ཚོགས་ཐམས་ཅད་གཏུམ་དྲག་ཉམས་བརྒྱར་འབར་བས་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་མནན་པའི་ལས་མཛད་པར་གྱུར། མདུན་གྱི་ལིང་ག་དགྲ་བགེགས་བྱད་མ་དངོས་སུ་གསལ་བའི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་བ་ལྟེ་བར་སྣ་ཚོགས་རྡོ་རྗེས་མཚན་པ་ལྕི་ཞིང་སྲ་འཐས་པ་རེ་རེས་མནན་ཅིང་ཡན་ལག་དང་ཚིགས་བཞི་ཐམས་ཅད་རྡོ་རྗེ་རྒྱ་གྲམ་རེས་གཟིར་བས་ཉམས་ཐག་ཅིང་གཡོ་འགུལ་མི་ཤེས་པར་གྱུར་བར་བསམ་ལ། རྩ་སྔགས་ཤམ་དུ་མནན་སྔགས་གང་ཡིན་བཏགས་ལ་རྟགས་མཐོང་གི་བར་བཟླའོ། །༼མནན་སྔགས་ནི།རྩ་སྔགས་ཀྱི་ཤམ་དུ། ཨ་མུ་ཀ་ནྲྀ་ཏྲི་ཤ་ཏྲུཾ་སརྦ་ཧུར་ཐུཾ་ཛ། མ་ར་ཡ་བྷྱོ་རྦད། ཐུམ་རིལ། ཨོཾ་སརྦ་ཛི་ན་ཧཱུྃ་ཛ། ཏྲི་ཛ་ཏྲིག་ནན། ནྲྀ་ཏྲི་མུ་དྲི་ལམ་ནན། ཤན་ཏྲི་གན་དྲི་ནན་ཕུང་སྲི་གུམ་གུམ་སྭཾ་བྷ་ནན། སྡང་བྱེད་དགྲ་རྐུན་ཇག་གསུམ་གནོད་བྱེད་གདོན་བགེགས་འབྱུང་པོ། ཟ་འདྲེ་ཕུང་སྲི། གོད་སྲི་གོད་འདྲེ་ཐམས་ཅད་ཀྱི་ལུས་སྟོབས་སྟྭམ་བྷ་ཡ་ནན། ངག་ནུས་སྟྭམ་བྷ་ཡ་ནན། ཡིད་འགྱུ་སྟྭམ་བྷ་ཡ་ནན། ན་ཤ་ཡ་ནན། མ་རཱ་ཡ་ནན། ཆིངས་ཤིག ཅེས་བཟླའོ། །༽གསུམ་པ་མཐུ་དང་རྫུ་འཕྲུལ་གཞོམ་ཕྱིར། ཐུན་བརྡེག་པ་ནི། བསད་མནན་གྱི་སྔགས་ཀྱི་ཐུན་རྫས་རྣམས་ལ་བསྔགས་པའི་ཚེ། ཐུན་རྫས་རྣམས་དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུས་པའི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དམིགས་བྱའི་ཁར་གཟིར་ཞིང་བརྡེག་པས་གཟུགས་ཕུང་བྱེ་མའི་མཁར་ཆུས་བཤིག་པ་ལྟར་རྡུལ་དུ་བཅོམ་ནས་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲྀ་དུ་ཁ་མར་མེ་འཆི་ཀའི་འོད་ལྟ་བུ་དེ་ཡང་ནག་ཐིབས་ཀྱིས་བསད་པར་བསམ་ལ།༼གཏུམ་པོའི་སྔགས་ཤམ་ནི། ཐུན་ཟོར། ཨོཾ་ཏི་ཀ་ཙ་ཏི་བི་ཙ་ཏི༔ ཧུ་ཡ་ཧུ་ཡ༔ ཧུ་ལུ་ཧུ་ལུ༔ སུ་རི་ཏི་སྭཱ་ཧཱཿ ཐུན་ཟོར་གང་གནོད་པ་རུ་འཕང་ངོ་། །༽ཧཱུྃ་བྷྱོ༔ ཁྲག་འཐུང་ཁྲོས་པ་དྲག་པོའི་མཚོན༔ གཏུམ་དྲག་ཕོ་ཉ་འབར་བའི་ཐུན༔ རྣོ་མྱུར་ཤུགས་དྲག་རྡོ་རྗེའི་མེ༔ མི་བཟད་མཚོན་ཆའི་འཁྲུལ་འཁོར་ནི༔ གནམ་ས་འཁྲུགས་པའི་ཐོག་སེར་བཞིན༔ དགྲ་བགེགས་གཟུགས་ཕུང་རྟེན་ལ་ཡ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ དུས་ལ་བབ་པོ་ས་མ་ཡཱ༔ ༼སྒྲུབ་སྔགས་ནི། རྩ་སྔགས་ཀྱི་ཤམ་དུ། ཨོཾ་ཉི་ལི་མ་ས་ལ་ནན༔ ཡཀྴ་ཙིཏྟ་མ་དྲ་བཟློག་བྱེད༔ ནཱ་ག་ཤིག༔ ཤ་ག་བཟློག༔ ནཱ་ག་བྱེར༔ ནཱ་གའི་སྙིང་ལ་ནན༔ ནཱ་གའི་མགོ་ལ་ནན༔ ཨོཾ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ༔ ནཱ་ག་ར་ཙ་མ་ར་ཡ་ཧཱུྃ༔ ཅེས་དང་།༽སྒྲུབ་སྔགས་ཤམ་དུ། དགྲ་བགེགས་གནོད་བྱེད་སརྦ་ས་ཏྲུཾ་ཧུར་ཐུམ་ཛ༔ ནྲ་ཏྲི་མ་ར་ཡ་རྦད་རྦད༔ ཅེས་ཐུན་རྫས་སྣ་ཚོགས་ཀྱིས་བྲབ་བོ། །བདེན་བདར་ནས་བཟུང་ལས་སྦྱོར་འདི་དག་གི་སྐབས་སུ། སྟེང་ནས་རིག་འཛིན་བརྒྱུད་པ་རྣམས་ཀྱང་སྐུ་ཞི་དུལ་བརྩེ་ཉམས་ཅན་མ་ཡིན་པར། སྐུ་ཐམས་ཅད་རིགས་སྔགས་དམོད་པའི་ལས་ཆས་ལས་ཐོག་དང་མཚོན་ཆར་འཕྲོ་བ། གསུང་ཐམས་ཅད་དྲག་སྔགས་དམོད་པའི་ང་རོས་སྣང་སྲིད་འགེངས་པར་བྱེད་པ། ཐུགས་ཐམས་ཅད་དགུགས་གཟིར་དམོད་པའི་ཏིང་འཛིན་གོ་མ་འགགས་པར་ཐོགས་མེད་དུ་སྤྲོ་ཞིང་མཐུ་སྟོབས་མྱུར་བར་གསལ། དེ་བཞིན་བདག་ཉིད་དཔལ་ཆེན་ཡི་དམ་མཁའ་འགྲོ་རྒྱ་མཚོ་རྣམས་སྐུ་ཡི་རྔམས་བརྗིད་སྲིད་པའི་རྒྱ་ཁྱོན་གཅིག་ཆར་གང་བའི་སྟོབས་ཤུགས་ཀྱིས་བཅུད་འབྱུང་ལྔའི་ཁམས་ཐམས་ཅད་དྲག་པོར་འཁྲུགས་པའི་རྦད་ལས་དམོད་པའི་ཕོ་ཉ་དང་མཚོན་ཐོགས་དཔག་ཏུ་མེད་པ་སྤུ་གྲིའི་རང་བཞིན་ཅན་གྱི་བདུད་ཚོགས་ཐམས་ཅད་རྡུལ་ཕྲན་སིལ་བུར་གཞོམས་ཤིང་གནད་ལ་བོར་བ་སོགས་ཀྱི་དགོངས་དོན་ནི་སེལ་དགོས་ཤིང་ཐུན་མཐར་འགུགས་རྟགས་གསལ་ནས་བདུད་བཞིའི་དམིགས་པ་དང་སྦྱར་ནས་ཐུན་སོགས་ཀྱིས་བྲབ་ལིང་ཆུང་རེ་བསྒྲལ་བསྟབས་ལས་བྱང་བཞིན་བྱ༔ དུས་རྒྱུན་དུ་ཐུན་གཏོར་བསྔོ་ཞིང་བསྐུལ་བ་གཏོངས༔ དེ་ནས་བསྙེན་སྒྲུབ་ཀྱི་རྟགས་ཐེམས་ན་གདབ་ལས་རྒྱས་པར་བྱ་བ་དང་། རྣལ་འབྱོར་བའི་སྟོབས་བསྐྱེད། སྒྲིབ་པ་འདག་པར་བྱ་བའི་ཕྱིར་ཚེ་ཁྲུས་ཀྱི་དགོངས་པ་ཤེས་པར་བྱའོ། །དགུ་པ་ཕུར་གདབ་གཉིས་ཀྱི།དང་པོ་ཐུགས་རྗེས་རྗེས་འཛིན་གྱི་ཕུར་བུས། བརྟེན་པ་དབྱིངས་སུ་བསྒྲལ་བ་ནི༔ ཕུར་བའི་ཐལ་མོ་སྦྱར་བའི་བར་བཟུང་ལ། རང་གི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པ་རྣམས་ཀྱིས་ས་མ་ཡ་ཧོ།ས་མ་ཡ།ཞེས་བརྗོད་པས་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་མཁའ་ལ་སྲས་མཆོག་བཛྲ་ཀཱི་ལ་ཡ་སྐུ་སྟོད་སྲིན་པོ་ཁྲོས་པའི་ཉམས་ཅན་མཐིང་ནག་ཕུར་བུ་བསྒྲིལ་བ་ལྟེ་བ་མན་ཆད་ཆུ་སྲིན་གྱི་ཁ་ནས་གནམ་ལྕགས་འབར་བ་དབལ་སོ་ཟུར་གསུམ་དམར་ཟང་ངེ་བ་རྣོ་བའི་ཁོང་གསེང་དུ་ལྷའི་ཕོ་བྲང་དང་བཅས་པ་རྩེ་མོར་དྲེགས་པའི་དམགས་ཚོགས་ལས་ལ་རྔམས་ཤིང་དུས་མེའི་ཚ་ཚ་འཕྲོ་བར་གྱུར། ཨོཾ་བཛྲ་ཀི་ལི་ཀི་ལི་ཡ་ཀ་ཡ་ཝཀྐ་ཙིཏྟ་ཨ་བྷ་ཥིཉྩ་མཾ། ཕུར་བའི་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ནུས་མཐུ་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཕུར་བུ་ལ་ཐིམ་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་དང་ལྡན་པར་གྱུར། ཕུར་བུ་བསྒྲིལ་ཞིང་འདེབ་ལ། ཧཱུྃ༔ ཁྲོ་རྒྱལ་ཁྲག་འཐུང་ཆེན་པོ་ཡི༔ སྲས་མཆོག་བཛྲ་ཀཱི་ལ་ཡ༔ བསྒྲིལ་བས་ལྷ་ཡང་སྐྲག་བྱེད་ཅིང༔ ཕྱར་བས་ཁམས་གསུམ་བསྔངས་བྱེད་ན༔ བཏབ་པས་དགྲ་བགེགས་སྨོས་ཅི་དགོས༔ ཞིང་བཅུ་ཚང་བའི་ལོག་འདྲེན་འདི༔ སྒྲོལ་ཅིག་ཡེ་ཤེས་ཀློངས་དུ་སྒྲོལ༔ ཨོཾ་བཛྲ་ཀཱི་ལ་ཀཱི་ཡ་ཧཱུྃ་ཕཊ༔ ཅེས་གསལ་བ་གསུམ་གྱི་གསལ་བརྟན་པོས་དྲག་སྔགས་སོ་ལྔ་པ་ཕུར་སྐོར་དང་སྦྱར་བས།༼དེ་ནས་བསྒྲལ་བའི་ལས་བྱང་ལ། ཕུར་བུ་གཟི་བྱིན་བསྐྱེད་པ་ནི། གུ་གུལ་གྱིས་བདུག་ཅིང་། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཨ་དྷིསྟིཥྛ་མུག་མུག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོག་མཱ་ར་ཡ་ཧཱུྃ་ཕཊཿ ཡུངས་ཀར་གྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཤ་ཏ་ར་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མ་ར་ཡ་ཧཱུྃ་ཕཊཿ རཀྟ་བྱུག་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྵ་ཛྭ་ལ་མཎྜལ་དགྲ་བགེགས་གནོད་བྱེད་ཝ་ཤཾ་ཀུ་རུ་མ་ར་ཡ་ཧཱུྃ་ཕཊཿ ཞེས་བརྗོད་པས་རྫས་དུག་གི་དུད་སྤྲིན་གསེབ་ན་ཁྲོ་ཆུང་མང་པོ་ཐོག་སེར་ལྟར་འཕྲོས་པས་དགྲ་བགེགས་ཐལ་བར་བརླགས་ཤིང་རྣམ་ཤེས་དབང་དུ་བསྡུས་པར་བསམ་མོ། །དེ་ན་ཕུར་བུ་ཐལ་མོའི་བར་བཟུང་ཞིང་ཕུར་སྐོར་བྱ་བ་ནི། ཕུར་བ་ཐལ་མོ་བཅས། ཨོཾ་མོ་བཛྲ། མ་ཧ་ཀྲོ་ཏ། སྲུང་ཕྱིར་ཀླད་ལ་ལན་གསུམ་བསྐོར། པད། མ་ཀྲོ་ཏི་ཤྭ་རི། མི་ཟློག་ཕྱིར་སྐེད་ལ་ལན་གསུམ་བསྐོར། བད། ཛྲ་ཀི་ལི་ཤི་ལ་ཡ། མདུན་དུ་ལན་གསུམ་དྲིལ། མ་ཧཱ་ཡཀྴ། ཕོ་རྒྱུད་འགུགས་ཕྱིར་གཡས་སུ་མཚམས་རྔམས་ལན་གསུམ། ཀ་ལ་རུ་པ། གཡས་སུ་ལན་གསུམ་དྲིལ། ཀརྨ་རཾ་རཾ། མོ་རྒྱུད་འགུགས་ཕྱིར་གཡས་སུ་མཚམས་རྔམས་ལན་གསུམ། ཛྭ་ལ་རཾ་ཧཱུྃ་ཕཊཿ གཡོན་དུ་ལན་གསུམ་དྲིལ། དགྲ་བགེགས་གནོད་བྱེད་འབྱུང་པོ་ཐམས་མ་ཅད་མ་ར་ཡ་ཧཱུྃ་ཕཊཿ གར་པད་གྱིས་ཕུར་དར་ཕྱར་ཞིང་བསྒྲིལ་ལ་གདབ། དེ་ཡང་མི་ལྡོག་ཕྱིར་རང་ལྷར་གསལ། མི་འབྱམས་པའི་ཕྱིར་ཉ་བོ་དམ་ཉམས་པའི་དགྲ་བོར་གསལ། མི་སྡུག་པའི་ཕྱིར་ཕུར་བུ་སྲས་མཆོག་བཛྲ་ཀི་ལ་ཡ་གསལ།༽ཕུར་བུ་ལིང་གའི་སྙིང་དཀར་ནག་མཚམས་སུ་བསྒྲིལ་ཞིང་བཏབ་པས་སྲས་མཆོག་གི་འོད་ཟེར་ཁོ་ལ་ཕོག་པས་ལུས་ལ་ལྷན་སྐྱེས་སུ་གནས་པའི་བདུད་བཞིའི་དྲན་པ་ལངས་ཏེ་རང་གཤེད་དུ་ཕབ་ནས་འཁོར་ལོ་བཞིའི་རྩ་རྣམས་བཅད་ཀླད་ཁྲག་ཁྲུག་གིས་འདྲེས། གཟུགས་ཕུང་གི་འབྱུང་ལྔའི་དྭངས་མ་རིམ་བཞིན་དུ་འདུས་ནས་ཡལ། ཁོ་ཡི་ཚེ་དཔལ་བསྐྲག་དང་གཟི་མདངས་ཐམས་ཅད་ཡི་གེ་ཨ་ཡི་རྣམ་པར་བསྡུས་ནས་རང་ལ་བསྟིམ་པས་བདག་ཉིད་རྡོ་རྗེའི་ཚེ་སྲོག་དང་གཉིས་སུ་མེད་པར་བསམ་བྱང་ཆུབ་ཀྱི་སེམས་སུ་གྱུར་བར་བསམ་པ་ནི་ཚེ་ལུང་དང་། ཀུན་གཞི་ནྲྀ་ཡི་རྣམ་པ་ཕུར་རྩེའི་ཧཱུྃ་གིས་བླངས་ཏེ་ཁོང་གསེང་གི་ལམ་ནས་བརྒྱུད་ལས་ངན་གྱི་རྣམ་སྨིན་སྦྱངས་ནས་རྣམ་ཤེས་དྭངས་མའི་ཐིག་ལེ་ཧཱུྃཿ སྔོན་པོར་གྱུར་པ་རྒྱ་མདུད་ཀྱི་རྩེ་ནས་ཐོན་ཏེ་འོག་མིན་དུ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་བསམ་པ་ནི་ཁྲུས་ལུང་སྟེ། སྐྱེ་མེད་ཀྱི་དབྱིངས་སུ་སྒྲོལ་བའི་དགོངས་པ་བསྟན་པ་ནི། ཧཱུྃ༔ སྙིང་རྗེའི་ཡུལ་གྱུར་ལས་ངན་ཁྱོད༔ གཟུང་འཛིན་བདག་ཅག་རྒྱུན་གཅོད་ཕྱིར༔ ཐུགས་རྗེ་ཐབས་ཀྱིས་བསྒྲལ་བྱས་ན༔ ཕུང་པོའི་ཞེན་པ་ཡོངས་དོར་ལ༔ རྣམ་ཤེས་དྭངས་མའི་ཡི་གེ་འབྲུ༔ ཡེ་ཤེས་ལྷ་ཡི་ཐུགས་ཀར་ཐིམ༔ སྐྱེ་མེད་ཆོས་སྐུའི་ཀློང་ཡངས་སུ༔ འཛིན་མེད་དམིགས་པའི་རྒྱ་ཡི་ཐོབ༔ ཕཊ༔ ཅེས་བརྗོད་ཅིང་སྤར་ལ་དམིགས་མེད་དུ་དར་ཅིག་མཉམ་པར་བཞག་གོ༔ གཉིས་པ་ལས་ཕུར་གྱིས་བག་ཆགས་འཁྲུལ་བའི་སེམས་ཅན་གྱི་རྟེན་གཞི་སྙིགས་མའི་ལུས་བསྒྲལ་བ་ནི། གདབ་ཕུར་ལིང་གའི་གནས་སོ་སོར་གདབ་ཅིང་། ཧཱུྃ༔ རྣོ་མྱུར་ཤུགས་དྲག་ཕུར་བུ་འདིས༔ དགྲ་བགེགས་སྤྱི་བོ་མགྲིན་པ་དང༔ སྙིང་ཀ་ལྟེ་བ་གསང་གནས་ལྔར༔ གཟིར་ཅིག་བཛྲ་ཀི་ལ་ཡ༔ མིག་དང་རྣ་བ་སྣ་དང་ལྕེ༔ དོན་ལྔ་སྣོད་དྲུག་ཡན་ལག་ལྔ༔ ཤ་རུས་པགས་པ་རྩ་རྒྱུས་ལ༔ གཟིར་ཅིག་བཛྲ་ཀི་ལ་ཡ༔ གཞན་ཡང་མཛའ་བཤེས་གཉེན་འཁོར་དཔུང༔ ཡུལ་མཁར་དབང་ཐང་ལོངས་སྤྱོད་སོགས༔ དགྲ་བགེགས་སྡེ་དང་བཅས་པ་ལ༔ གཟིར་ཅིག་བཛྲ་ཀི་ལ་ཡ༔ ཨོཾ་བཛྲ་ཀི་་ལི་ཀི་ལ་ཡ་དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད༔ ཅེས་ཕུར་བའི་དབལ་ལས་མཚོན་ཆའི་ཆར་བབ་པས་གཟུགས་ཕུང་དེ་ཕྱེ་མ་དུམ་བུ་བཏང་བར་བསམ་ཞིང༔ལུས་གནས་སོ་སོར་འདེབས་སོ། །བཅུ་པ་མཚོན་ཆས་བསྒྲལ་བ་ནི་རལ་གྲི་ཐོགས་ལ། ཧཱུྃ༔ གནམ་ལྕགས་རལ་གྲི་གདུག་པའི་དབལ༔ རྣོ་ངར་རེག་གཅོད་མཚོན་རྣོན་པོས༔ ཞིང་བཅུ་ཚང་བའི་དགྲ་བགེགས་ཀྱི༔ གཟུགས་ཕུང་དུམ་བུ་སིལ་བུར་གཏུབས༔ ཐལ་བའི་རྡུལ་བཞིན་བརླགས་པར་མཛོད༔ རྩ་སྔགས་ཤམ་དུ། དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་ཧུར་ཐུཾ་ཛ༔ ནྲྀ་ཏྲི་མ་་ར་ཡ་རྦད༔ ཅེས་བསད་སྔགས་བཟླ་ཞིང་མཚོན་ཆས་དུམ་བུར་གཏུབས་སོ༔ བཅུ་གཅིག་པ་གཏུན་དུ་བརྡུང་བ་ནི། གཏུན་ཁུང་གྲུ་གསུམ་ཤེས་རབ་ཀྱི་བྷ་གར་ཐོ་བ་ཐབས་ཀྱི་རྡོ་རྗེས་བརྡུང་བས་གང་ལ་བྱ་བའི་གཟུགས་ཕུང་དེ་ཉིད་ཏིལ་གཏུན་དུ་ཏིལ་བརྡུང་བ་ལྟར་ཤ་རུས་དམར་ཉོག་གིས་སོང་བར་བསམ། ཧཱུྃ༔ བརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མཚོན་ཆས་བསྒྲལ་ནས་ཀྱང༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླགས༔ ཁྲོ་མོ་འབར་བའི་གཏུན་ཁོང་དུ༔ རྡོ་རྗེ་ཐོ་བས་བརྡུང་བྱས་ནས༔ ལྷ་ཡང་རུང་སྟེ་བརླག་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཨོཾ་བཛྲ་པདྨ་ཨ་ཀོ་ཌ་ཡ་ཁ་ཐཾ་ཁ་ཐཾ་ཧཱུྃ་ཕཊ༔ བཅུ་གཉིས་པ་ཞལ་བསྟབས་ནི་གཏོར་བཟློག་གི་སྐབས་ཡིན་ན། ལིང་རོའི་ཆ་ཤས་ཙམ་བཟློག་པའི་སྐབས་འབུལ་རྒྱུ་དང་། ལྷག་གཏོར་ལ་བསྲེ་རྒྱུ་ཡང་བཞག་མགོ་སོགས་གཞན་ཆ་ཤས་ཧོམ་གཟར་དུ་ཁྱེར་བ་རཀྟ་བྲན་ལ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤས་པར་སྤེལ་ལ། ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ དམ་ཉམས་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་རུས་པའི་མཆོད་པ་དང༔ དབང་པོ་ནང་རོལ་བཅས་པ་རྣམས༔ ཞལ་དུ་བསྟབས་སོ་ཁཱ་རཾ་ཁཱ་ཧི༔ མགུལ་དུ་བསྒྲེང་ངོ་ཨ་ར་ལི༔ དབྱིངས་སུ་བསྟིམ་མོ་ས་མ་ཡ༔ བཞེས་ཤིག་ལྷག་མ་མེད་པར་མཛོད༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀོ་རོ་ཙ་ན་ལ་ཁཱ་ཧི༔ དབང་པོ་ལྔ་ལ་ཁཱ་ཧི༔ སྐྱེ་མཆེད་དྲུག་ལ་ཁཱ་ཧི༔ རྣམ་ཤེས་ཚོགས་བརྒྱད་ལ་ཁཱ་ཧི༔ ཞེས་བསྟབ་པས་ལྷ་ཚོགས་རྣམས་ཀྱིས་སྐན་སྒྲ་དང་བཅས་གསོལ་བས་དགྱེས་ཤིང་ཚིམ་ནས་ཅི་བཅོལ་བའི་ཕྲིན་ལས་མཛད་པར་བསམ་ལ། ལིང་རོ་སྒྲུབ་གཏོར་སོགས་གཏོར་མ་ཐམས་ཅད་ལ་བྲན་ནོ། །གཉིས་པ་བཟློག་པའི་ལས་སྦྱོར་ནི། རང་གཞུང་གང་ཡིན་ལྟར་བཟློག་པའི་ཕྲིན་ལས་བཟློག་སྔགས་དང་བཅས་གྱེར་བའི་མཇུག་ཏུ་ཐོལ་མོ་རྡེབ་ཅིང་། དེའི་མཐར་ཁྱུང་བཟློག་དང་རྩང་བཟློག་སོགས་ཡོད་ན་འདོན། དེ་ནས་ཐུན་གཏོར་ནི། འགུག་ནས་མནན་བཟློག་གང་གཙོའམ། ཡོངས་རྫོགས་སྐབས་ཐོབ་ཀྱི་མཐར་དམར་གྱི་གཏོར་མ་རཀྟས་བྲན་ཏེ་འགུག་གཞུགས་ལན་གསུམ་བྱས་མཐར་བདུད་རྩི་བྲན་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷཉྫའི་སྣོད་དུ་དམར་གཏོར་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པ་ནང་ཁྲོལ་གྱི་རྣམ་པ་ལྷུན་པོར་སྤུངས་པ་ངོ་ངོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཿཧཱུྃ༔ ཞེས་ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་རླབས་ལ། རྩ་སྔགས་མཐར། ཨེ་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ་ལ། བཛྲ་པུཥྤེ་སོགས་ནས་ཤབྟ་ཨ་མྲྀ་ཏ་རཀྟ་བྷ་ལངྟ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད། རང་གཞུང་གང་ཡིན་ལྟར་བསྟོད་པ་ནི། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་དགྲ་བགེགས་སྒྲོལ་མཛད་པ། །རྡོ་རྗེ་གཏུམ་པོ་བྱ་ཁྱུང་རིགས་ལྔའི་ཚོགས། །ཡེ་ཤེས་ཁྲོ་བོ་བཅུ་དང་སྒོ་མ་བཞི། །དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ། །ཧཱུྃ། གསང་བདག་དྲེགས་འདུལ་ལྷ་ཚོགས་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས༔ ལྷུན་པོར་སྤུངས་པའི་འདོད་རྒུའི་བྷ་ལིངྟ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས༔ འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་བསྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱ་སྟེམས་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིག །མནན་པའི་སྐབས་ཡིན་ན། ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས། །ནམ་ཡང་ལྡང་མེད་མནན་པའི་ལས་མཛོད་ཅིག །ཞེས་བརྗོད། གང་ལྟར་ཡང་། མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་བཟློག་སྔགས་དང་བཅས་ཐུན་གཏོར་གཏོར་ཆེན་དུ་འབུལ།དགྲ་ཕྱོགས་སུ་འཕེན་པ་ཧོམ་ཁུང་དུ་བརྡེགས་པ་རྣམས་སྐབས་ཐོབ་ལྟར་བྱ་ཞིང་། ཐུན་གཏོར་གསར་བ་རེ་དེ་མ་ཐག་ཏུ་བཤམས་ལ་བཞག་གོ །སྒྲུབ་པ་ཉིན་སྦྲེལ་གྱི་སྔ་མ་རྣམས་ལ་སྐབས་འདིར། ལྷག་གཏོར། ཆད་ཐོ། བརྟན་སྐྱོང་། བྲོ་བརྡུང་། གཏང་རག་མཆོད་བསྟོད། བཟོད་གསོལ། བརྟན་བཞུགས། ཉེར་བསྡུ། རྒྱུན་སྤྱོད་བསྔོ་སྨོན་ཤིས་བརྗོད་རྣམས་གཞུང་གང་ཡིན་ལྟར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་བསྲེག་འཕང་མནན་གསུམ་ལས། དང་པོ་ནི། དྲག་པོའི་སྦྱིན་བསྲེགས་ཀྱི་གང་རུང་ལྟར་བྱ། གཉིས་པ་ལ། དང་པོ་ཟོར་སྒྲུབ་པ་ནི། སྒྲུབ་ཞག་རྫོགས་པའི་ཉིན་རྗེས་མ་ལ། བཟློག་པའི་ཐུན་གཏོར་ཡན་གྲུབ་ནས་གཏོར་མའི་ལྷ་ཚོགས་རྣམས་ལ་མཆོད་བསྟོད་དང་བཟོད་གསོལ་བྱ། ཁྱུང་སྐུ་དང་ཙཀླི་སོགས་ལས་དབང་བཞི་བླངས། གཏོར་ཆེན་གྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར། ཨོཾ་བཛྲ་ཨུ་ཏིཥྛ། ཞེས་པས་བཏེགས་པའམ་ཡང་ན་ཙཀླི་སོགས་རྟེན་ལ་བསྟིམ། དམ་ཚིག་པ་རྣམས་འོད་དུ་ཞུ་ནས་བདག་ལ་ཐིམ་པར་བསམ་ནས། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་གསང་བདག་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་ལྷ་ཚོགས་བཀའ་སྲུང་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ། ནད་མཚོན་དུག་གི་ཆར་འབེབས་པའི་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་པའི་སྐུར་བཞེངས་པར་གྱུར་བར་བསམ་ཞིང་། གཙོ་འཁོར་ཐམས་ཅད་ཀྱི་རྩ་སྔགས་སྤེལ་ཚིག་ཅན་དང་། བསད་བཟློག་གི་སྔགས་མང་དུ་བཟླས་པས་ཟོར་ནུས་ལྡན་དུ་བསྒྲུབ། དམར་གཏོར་ཁྲག་སྐྱེམས་དང་བཅས་པ་ལ། དམིགས་བྱ་འགུག་བསྟིམ་བྱས་པའི་གཏོར་མ་སྤེལ་བ་དམག་ལྟོའི་ཚུལ་དུ་གོང་གི་གཏོར་སྔགས་ཀྱིས་ཕུལ་ནས་ཕྲིན་ལས་འདོད་དོན་གསོལ། གོང་དུ་ཚོགས་ལྷག་བཙོན་འཛིན་བྱས་ན་མཚམས་འདིར་གཏོང་། དེ་ནས་ཟོར་སྒོ་དབྱེ་བ་ནི། ཟོར་ལམ་ན་གནས་པའི་དྲེགས་པ་རྣམས་གསེར་སྐྱེམས་ཀྱི་ཕུད་མཆོད་ཅིང་། ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན། །གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རིག་འཛིན་བདག་གི་བཀའ་ལ་ཉོན། །དམར་ཆེན་དྲག་པོའི་གཏོར་ཟོར་འདི། །ལྷ་སྲིན་ཚོགས་ལ་འཕེན་སྙམ་ཏེ། །དཀར་པོའི་ཕྱོགས་ལ་མི་འཕེན་ནོ། །ཁྱེད་རྣམས་རང་རང་གནས་སུ་གཤེགས། །ཧཱུྃ། རྣལ་འབྱོར་ཟོར་འཕེན་གང་དུ་ཕེན། །སྡང་དགྲ་གདོན་བགེགས་ཕྱོགས་སུ་འཕེན། །ཕྱོགས་དེར་གནས་པའི་གཞི་བདག་རྣམས། །སྐུ་བཟུར་དབུ་སྨོད་ཞབས་བསྡུས་ལ། །དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས། །འཁོར་བཅས་དྲག་པོའི་དམག་སྣ་དྲོངས། །སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར༔དཔའ་བའི་འཁྲུལ་འཁོར་དེར་ཤོམས་ཤིག །ཅེས་རིག་པ་ངར་དང་ལྡན་བས་བརྗོད། དེ་ནས་སྐབས་འདིར་མདོས་ལམ་འཐེན། གཏོར་མ་རྣམས་སྟེགས་ལས་བསྐུལ་ཞིང་སྒྲུབ་ཁང་གི་སྒོའི་ནང་རོལ་ཙམ་མོ། །དཀྱིལ་འཁོར་ལས་འགྲོ་ཕྱོགས་སུ་དཔག་སྟེ་སྨན་རཀ་གིས་བྲན། ཞུན་ཆེན་གྱི་མར་མེ་དང་ཚིལ་ཆེན་གྱི་དཔལ་འབར་རྣམས་བཙུགས་ལ་ལས་བྱང་གི་ཆད་ཐོ་བསྒྲགས་ཆད་ཐོའི་གཏོར་མ་གཏོར་ཆེན་འབུལ། དེ་ནས་ཟོར་འཕེན་པ་ནི། ཕྱར་དར་དང་སྤོས་སོགས་རུ་འདྲེན་རྣམས་ཀྱིས་རྣམ་པ་དུ་མས་སྣ་དྲངས་པའི་ཕྱི་བཞིན་ཏུ་དཀར་གཏོར་དང་ཟོར་རྫས་རྣམས། དེ་རྗེས་དམ་ཅན་བཀའ་གཏེར་གྱི་གཏོར་ཟོར་ཡོད་ན་དེ་དང་། དེ་རྗེས་དཔལ་གྱི་གཏོར་ཆེན་རྣམས་རིམ་པ་བཞིན་འཁྱེར་བའི་ཕྱི་ནས་སྒྲུབ་པ་པོ་རྣམས་ལྟ་བའི་གདངས་སྒོམ་པའི་གསལ་སྣང་དང་མ་བྲལ་བའི་རིག་པ་ཧུར་ཕྱུངས་ཏེ། ཨོཾ་བཛྲ་ཙཎྚ་སརྦ་ཌུཥྚཾ་ཨེ་ཛ་བྷྱོ་ཧཱུཾ༔ ཞེས་སྔགས་སྒྲ་དི་རི་རི་སྒྲོག་བཞིན་རོལ་མོ་དང་བཅས་པས་འགྲོ་ཞིང་གང་དུ་འཕེན་པའི་ས་དེར་གཏོར་ཟོར་རྣམས་སྟེགས་ལ་བཀོད། དཀར་གཏོར་དང་གསེར་སྐྱེམས་མཆོད། དཀར་གཏོར་གྱི་རྒྱབ་ཡིག་ཡོད་ན་བསྒྲག སླར་ཡང་དགྲ་བགེགས་འགུགས་གཞུགས་བྱས་ལ་དམིགས་པའི་འབེན་དུ་བཙུགས་ནས་ཟོར་འཕེན་པ་ནི། ཧཱུྃ། ང་ནི་དཔལ་ཆེན་ཁྲོ་བོའི་རྒྱལ། །ཁམས་གསུམ་ཀུན་གྱི་དབང་ཕྱུག་ཡིན། །འཇིགས་རྟེན་འདས་དང་མ་འདས་པའི། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀུན། །རང་རང་ཕོ་ཉའི་དམག་བསྡུས་ལ། །དེ་རིང་དགྲ་བགེགས་སྟེང་དུ་དྲོངས། །རྦད་དོ་བསྐུལ་ལོ་དྲེགས་པའི་ཚོགས། །དྲགས་རྩལ་མཐུ་དང་དཔུང་བསྐྱེད་ལ། །དགྲ་བགེགས་སྡིག་ཅན་འཁོར་བཅས་ཀྱི། །གཟུགས་ཕུང་ཐལ་བ་རྡུལ་བཞིན་ཤིག །རྣམ་ཤེས་ཚངས་པའི་ལམ་ནས་དྲོངས། །རིག་པ་སྐྱེ་མེད་དབྱིངས་སུ་སྤོར། །དུས་ལ་བབ་པོ་མཐུ་རྩལ་བསྐྱེད། །ཞེས་བརྗོད་ཅིང་།ཟོར་འཕེན་དུས་ཀྱི་སྔགས་ལྡེབ་ནི། རྦད་ཐུམ་རི་ལི་ལི། བར་འདིར་རང་གཞུང་གང་ཡིན་གྱི་བཟློགས་སྔགས་བཅུག་པ་ནི། ཨོྃ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཧཱུྃ་ཁྲོཾ་བཛྲ་ག་རུ་ཌ་བྷྱོ་བཟློག༔ ཧ་རི་མ་ཧ་རི་ས་ལ་ཡ་མ་ཧཱ་ཧ་རི་ནི་ཧཱུྃ་ཕཊ༔ བྷྱོ་བྷྱོ་ས་མ་ཡ་བཟློག་བཟློག༔ ཨ་ལ་ལ་པྲ་མ་ཏུ་རུ་ཀ་བྷྱོ་མ་ཧཱ་རི་ནི་སྲོག་ཤ་རྦད་ཐུན་བྷྱོ༔ ཞེས་དང་། ཁྱད་པར་སྤུ་གྲི་རེག་གཅོད་ནི༔ ཨོཾ་ཨཱཿཧཱུྃ་ཡ་མ་ཐ་དུ་ར་ཤ་པ་ས་ཏི་ཕུ་ནི་ཏྲི་ག་རྣྲི་ཨ་བྷྱོ་ཛ་ཛ༔ ཨ་ཝཀ་ཙིཏྟ་སྟྭཾ་བྷ་ཡ་ནན༔ ཨ་ཤིག་ཤིག་ཕྱུང་ཕྱུང་ཁྲོལ་ཁྲོལ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་བཟློག་བཟློག་བྷྱོ༔ གནོད་བྱེད་དགྲ་བགེགས་འབྱུང་པོའི་སྲོག་རྩ་དམར་པོ་ལ་མ་ར་ཡ་རྦད་རྦད༔ ཞེས་དང་། མཆན། རིལ་ཤག་སྲོག་ཁྱེར་བྷྱོ་ཏྲིག་མྱག་ཀ་ལ་ཡེ་དགྲ་བགེགས་ལ་ཐུན་བྷྱོ་རྦད༔ ཞེས་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་ཟོར་རྣམས་རིམ་པར་འཕང་བའི་རྗེས་སུ། གཏོར་ཆེན་ཟོར་སྟབས་སུ་འཕང་བའི་རྗེས་སུ་གཏོར་ཆེན་ཟོར་སྟབས་སུ་འཕང་བས་དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང་། གནས་ལུས་ལོངས་སྤྱོད་དང་བཅས་པ་ཐལ་བ་རྗེས་མེད་དུ་བརླག་པར་བསམ་ཞིང་ཐལ་མོ་དང་དུལ་མོ་རྡེབ། ཟོར་རྗེས་གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་གཅིག་གིས་མཚམས་བཅད་པར་བསམ་ལ། ཧཱུྃ་ཁྲོཾ་བཛྲ་ག་རུ་ཌ་བྷྱོ་ཟློག ཅེས་བཟླས་རྡོ་རྗེ་སློབ་དཔོན་གྱིས་སྟེགས་མནན་ཏེ་ཚུར་ལོགརྡོ་རྗེའི་གུར་ཁང་གི་ནང་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ་བསྲུང་འཁོར་གསལ་བཏབ། ཕྱི་སྙེགས་གཅོད་ཕྱིར་གདོང་ཕྱིར་བལྟས་ཏེ། རྩ་སྔགས་གང་ཡིན་བཟློགས་ཤིང་། ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུན་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་བ་ཚལ་བ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ བདུན་ནམ་ཉེར་གཅིག་བཟླའོ། །སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་གཞུང་རྣམས་ཀྱི་བཤལ་ཆུ་བརྟན་མའི་གཏོར་མ་ལ་བྲན་པ་བྱིན་རླབས་བྱས་ནས་ལས་བྱང་བཞིན་འབུལ། གཏོར་གཞུང་ཐམས་ཅད་ཁ་སྦུབ་པ་རི་རབ་ཏུ་གྱུར་བའི་ཕྱིར་འབྲང་ནི་དམ་སྲི་ཐམས་ཅད་མནན་པར་བསམ་ལ་བྲོ་བརྡུང་བྱ། ནང་དུ་ལོག་ནས་མཆོད་པ་རྣམས་ཁ་གསོ། ཚེ་འགུག་བྱ། སྒྲུབ་གཏོར་ལྷར་གསལ་བ་ལ་དབང་བཞི་བླངས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཆོས་སྐྱོང་བཀའ་གཏེར་བསྲུང་མའི་གཏོར་མ་རྣམས་འབུལ།གཏང་རག་མཆོད་བསྟོད་བཟོད་གསོལ་བྱ། ནམ་མཁར་བཏེགས་པའི་ཡེ་ཤེས་པ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས་སུ་གསོལ་བའམ། བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ། དམ་ཚིག་པ་རྣམས་རང་ལ་བསྡུ་ཞིང་རྒྱུན་སྤྱོད་བསྔོ་སྨོན་དང་ཤིས་བརྗོད་རྣམས་ལས་བྱང་གི་གཞུང་ལྟར་བྱ་ཞིང་མེ་ཏོག་གི་ཆར་བབ་པོ། །གསུམ་པ་མནན་པ་བྱེད་པ་ཡིན་ན།མནན་རྟགས་མངོན་དུ་གྱུར་ནས་དགྲ་འདྲེའི་ཁྱད་པར་གྱི་ལྡེབས་ཚུལ་འང་། མནན་སྣོད་དོང་ཚད། མནན་པའི་འདོན་ཆ་སོགས་ཟུར་གསལ་ཀྱི་ཡིག་ཆ་ལས་ཤེས་པར་བྱའོ། །སྨྲས་པ། ཕས་རྒོལ་ལོག་འདྲེན་དགྲ་སྡེའི་ཁྲག་རི་ལ། །དྲག་སྔགས་དམོད་ཟོར་གནམ་ལྕགས་རྡོ་རྗེའི་ཐོག །བརྒྱབ་ཚེ་གཏན་མེད་ཕྱེ་མར་འཐག་པ་ནི། །རྒྱལ་བའི་མཐུ་དང་ལས་གྱི་གཤིས་སུ་གྲུབ། །སྙིགས་དུས་ལྷགས་བསམ་བཟང་པོས་བསྟན་འགྲོའི་དོན། །སྒྲུབ་པ་ཉེར་འཚེའི་དགྲ་གདོན་བྱུང་བའི་དུས། །མངོན་སྤྱོད་ཟབ་མོའི་ལས་སྦྱོར་འདི་བརྩམ་ཚེ། །ཐོག་མེད་མྱུར་དུ་འཇོམས་ལ་ཡིད་གཉིས་སྤོངས། །འདི་ཡི་དགེ་ཚོགས་ལྷ་དབང་རྡོ་རྗེ་ཡིས། །བདུད་དཔུང་རི་བོའི་རྐང་པ་ཉེར་བཅག་ནས། །སྔ་འགྱུར་བསྟན་པའི་ཉི་མ་རིན་པོ་ཆེའི། །འོད་སྣང་ཕྱོགས་བཅུར་རྟག་འཆར་ཤོག །ཅེས་ངེས་དོན་བསྟན་འཛིན་བཟང་པོས་སྦྱར་བ་དགེ་བར་གྱུར་ཅིག །

ནོར་བདག་ཡིད་བཞིན་ནོར་བུའི་བསྐང་བ་དངོས་གྲུབ་ཆར་འབེབས་བཞུགས་སོ།།

ཨོཾ་སྭཱ་སྟི། བླ་མ་མཆོག་དང་གསང་བའི་བདག །རྩ་གསུམ་ནོར་ལྷ་རྒྱ་མཚོ་ལ། །བྱང་ཆུབ་བར་དུ་གུས་བཏུད་ནས། །ཐུགས་དམ་བསྐང་བའི་ཆོ་ག་སྤེལ། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་བདེ་ཞིང་ཡིད་དང་མཐུན་པའི་གནས་སུ་སྐུ་རྟེན་རབ་གནས་ཅན་བཀྲམ་པའི་སྤྱན་སྔར་ཕྱི་ནང་གསང་བའི་མཆོད་ཚོགས་རྣམས་གཙང་ཞིང་བཀོད་ལེགས་པར་བཤམས་ནས་ལྟ་སྒོམ་གྱི་རྩལ་དང་ལྡན་པས་འདི་སྐད་དོ། །ཨོཾ་ཨཱཿཧཱུྃ། དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ་པའི་བསྐང་རྫས་ཀ་ཆ་དཀོར་རྟེན་དང་བཅས་པ་འདི་རྣམས་ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད། མཆོད་པའི་རྫས། མཉེས་པའི་རྫས། བརྟེན་པའི་རྫས། སྒྲུབ་པའི་རྫས། བསྐང་བའི་རྫས། གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སོགས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ནས། ཧཱུྃ། འོག་མིན་ལྕང་ལོ་ཅན་དང་པདྨ་འོད། །ངོ་མཚར་དཔལ་གྱི་བརྒྱན་པའི་གཞལ་ཡས་ནས། །རྡོ་རྗེ་འཆང་དང་གསང་བདག་པདྨ་འབྱུང་། །སྐུ་གསུམ་ལྷ་ཚོགས་མ་ལུས་འཁོར་གྱིས་བསྐོར། །ཐུགས་རྗེ་དབང་གིས་བསྐང་བའི་གནས་འདིར་གཤེགས། །རིན་ཆེན་རི་རབ་ལྷུན་པོའི་བྱང་གི་ཕྱོགས། །ནོར་མང་རྣམ་ཐོས་རྒྱལ་པོའི་ཕོ་བྲང་ནས། །ནོར་བདག་ཡིད་བཞིན་ནོར་བུའི་ལྷ་ཚོགས་རྣམས། །ཐུགས་བསྐྱེད་སྨོན་ལམ་དགོངས་ལ་གནས་འདིར་གཤེགས། །ཚོགས་ཁང་རིན་ཆེན་དབང་གི་གཞལ་ཡས་འདིར། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །འདུ་འབྲལ་མེད་པའི་དབྱིངས་སུ་ཕྱག་བགྱིད་དོ། །ཕྱི་ནང་གསང་གསུམ་བསྐང་རྟེན་རྫས་ཀྱིས་མཆོད། །ལུས་ངག་ཡིད་གསུམ་དད་གུས་ལྡན་པས་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། སྐུ་གསུམ་སངས་རྒྱས་རྩ་གསུམ་བརྒྱུད་པར་བཅས། །དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཡི་ཚོགས། །ཕྱོགས་བཅུའི་སངས་རྒྱས་བདེ་གཤེགས་བཅོམ་ལྡན་འདས། །མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཧཱུྃ། སྔོན་ཚེ་བསྐལ་བ་བརྒྱད་ཁྲིའི་གོང་རོལ་ནས། །ཡང་དག་རྫོགས་པའི་བྱང་ཆུབ་མངོན་གྱུར་ཀྱང་། །རིགས་ལྔའི་ཚངས་ཆེན་བསྐལ་བ་མ་སྟོང་བར། །ས་བརྒྱད་ངལ་བསོས་དགེ་བའི་སྟོབས་པོ་ཆེ། །མགོན་པོ་རྣམ་མང་ཐོས་སྲས་ཐུགས་དམ་བསྐང་། །རིགས་བདག་བཛྲ་པཱ་ཎིའི་ཐུགས་དམ་བསྐང་། །ཐུགས་འཛིན་ཡུམ་མཆོག་བཞི་ཡི་ཐུགས་དམ་བསྐང་། །རྒྱལ་ཆེན་རྣམ་སྲས་རིགས་བཞིའི་ཐུགས་དམ་བསྐང་། །སྲས་མཆོག་ཛམ་ལྷ་རིགས་བཞིའི་ཐུགས་དམ་བསྐང་། །གནོད་སྦྱིན་རྟ་བདག་བརྒྱད་ཀྱི་ཐུགས་དམ་བསྐང་། །ནོར་བདག་ཀླུ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་། །བཀའ་སྐྱོང་སྒོ་བ་བཞི་ཡི་ཐུགས་དམ་བསྐང་། །འཁོར་ཚོགས་བྱེ་བ་འབུམ་སྡེའི་ཐུགས་དམ་བསྐང་། །མཆོད་འོས་བསྟོད་འོས་རྣམས་ཀྱི་ཐུགས་དམ་བསྐང་། །བཀའ་གཏེར་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་། །ཧཱུྃ། ཐུགས་དམ་གཉེན་པོ་བསྐང་བའི་དམ་རྫས་ནི། །ཕྱི་མཆོད་འདོད་ཡོན་རྣམ་ལྔས་ཐུགས་དམ་བསྐང་། །ནང་མཆོད་སྨན་གཏོར་རཀྟས་ཐུགས་དམ་བསྐང་། །གསང་མཆོད་གྷ་ན་པཱུ་ཙས་ཐུགས་དམ་བསྐང་། །རིན་ཆེན་རི་རབ་ཆེན་པོས་ཐུགས་དམ་བསྐང་། །གླིང་དང་གླིང་ཕྲན་ཚོགས་ཀྱིས་ཐུགས་དམ་བསྐང་། །གསེར་རི་རོལ་མཚོ་རྣམས་ཀྱིས་ཐུགས་དམ་བསྐང་། །ཉི་ཟླ་རྒྱུ་སྐར་ཕྲེང་བས་ཐུགས་དམ་བསྐང་། །ལྕགས་རི་མུ་ཁྱུད་རྒྱ་མཚོའི་ཐུགས་དམ་བསྐང་། །བཀྲ་ཤིས་རྫས་བརྒྱད་དཔལ་གྱིས་ཐུགས་དམ་བསྐང་། །རྒྱལ་སྲིད་རིན་ཆེན་བདུན་གྱིས་ཐུགས་དམ་བསྐང་། །དཔག་བསམ་ཤིང་ཆེན་རྣམས་ཀྱིས་ཐུགས་དམ་བསྐང་། །ཡན་ལག་བརྒྱད་ལྡན་རྫིང་བུའི་ཐུགས་དམ་བསྐང་། །འདོད་འབྱུང་གཏེར་གྱི་བུམ་པས་ཐུགས་དམ་བསྐང་། །མ་རྨོས་ལོ་ཏོག་འབྲུ་སྨན་ཐུགས་དམ་བསྐང་། །ནོར་འཛིན་ནེ་འུ་ལེ་ཡིས་ཐུགས་དམ་བསྐང་། །གཞལ་ཡས་ཁང་པའི་ཚོགས་ཀྱིས་ཐུགས་དམ་བསྐང་། །སྤྱན་གཟིགས་ཀ་ཆ་དཀོར་ཆའི་ཐུགས་དམ་བསྐང་། །ཡོལ་བ་བླ་བྲེ་ལྡ་ལྡིས་ཐུགས་དམ་བསྐང་། །ཕན་དང་གྲྭ་ཕྱམ་ཕྲེང་བས་ཐུགས་དམ་བསྐང་། །ཕོ་ཆས་མོ་ཆས་རྒྱན་གྱི་ཐུགས་དམ་བསྐང་། །སར་སིར་ཆ་ལང་ཕེབ་རྡོས་ཐུགས་དམ་བསྐང་། །ད་དིར་རྫ་ཟངས་རྔ་ཆེན་ཐུགས་དམ་བསྐང་། །འ་འུར་ཟངས་དུང་དཀར་གྱིས་ཐུགས་དམ་བསྐང་། །ཙར་རྩིར་སིལ་སྙན་ཏིང་གིས་ཐུགས་དམ་བསྐང་། །ཀྱར་ཀྱུར་པི་ཝང་གླིང་བུས་ཐུགས་དམ་བསྐང་། །ཟང་ཟིང་གོ་ཁྲབ་མཚོན་ཆས་ཐུགས་དམ་བསྐང་། །ཕྱར་ཕྱུར་དྲི་ཞིམ་དུད་པས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ། །བཤགས་པ་ནི། ཧཱུྃ། ཐོག་མེད་དུས་ནས་དེ་རིང་ཡན་ཆད་དུ། །རྐུ་འཕྲོག་རློམ་སེམས་སེར་སྣ་ཅི་བགྱིད་དང་། །བླ་མ་དཀོན་མཆོག་མཆོད་པའི་དཀོར་ལ་འབགས། །དགེ་བཅུའི་ལམ་བཅད་དགེ་འདུན་དཀོར་ཁ་བགགས། །གཏོར་ཚོགས་མཆོད་ལ་འབག་རྩོག་ཕུད་ལྷག་གཞོལ། །ཉ་སྟོང་དུས་ཀྱི་མཆོད་པ་འགྱང་བ་དང་། །འཕྲོག་མའི་ཟན་དང་ཛམ་ལྷའི་ཆུ་རྒྱུན་ཆད། །མདོར་ན་ཉེས་བྱས་བསེ་རག་ཡི་དྭགས་ཀྱིས། །རྒྱུ་བསགས་ཅི་མཆིས་རྣམ་དག་ཀློང་དུ་བཤགས། །གནོང་འགྱོད་ཉེས་ཚོགས་མ་ལུས་བཟོད་པར་གསོལ། །ཚངས་པ་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཞེས་ཡི་གེ་བརྒྱ་པས་ནོངས་པ་བཤགས། དེ་ལྟར་ནོར་བདག་ཡིད་བཞིན་ནོར་བུའི་བསྐང་མདོས་ལས་ཅུང་ཟད་ཉེ་བར་བསྡུས་པ་འདི་ནི་གནས་སྐབས་རྒྱུན་གསོལ་ལྟ་བུར་འདོན་བདེ་བའི་ཆེད་དུ། ངེས་དོན་བསྟན་འཛིན་བཟང་པོས་སྦྱར་བའོ།། །།མངྒ་ལཾ། །

ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་དངོས་གྲུབ་ཆར་འབེབས་བཞུགས་སོ།།

ན་མོ་གུ་རུ། ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད། རང་གི་ཡུལ་གྱི་ལྷ་གང་ཡིན་གཏོང་སྲོལ་ལ་ད་ལམ་གནས་མཆོག་འདིའི་མཚོན་པའི་ཡུལ་སྐྱོང་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་ལ། ཡོ་བྱད་རྣམས་སྤེལ་ཏེ་འདི་སྐད་དོ། །ཀྱཻ། མདོ་ཁམས་སྒང་གི་ཟོ་དོར་ནི། །ལྷ་ནི་རྒྱལ་ཆེན་བཞི་ཡི་རིགས། །གནས་ནི་ཤེལ་བྲག་གངས་ཀྱི་རི། །ས་ལ་གནས་པའི་རྫུ་འཕྲུལ་ཅན། །བོད་ཁམས་ཡོངས་ཀྱིས་མཚན་གསོལ་བ། །གཉན་ཆེན་ཟིལ་ཁྲོམ་ཟོ་དོར་གཙོ། །སློབ་དཔོན་པདྨས་དབང་བསྐུར་ནས། །གསང་མཚན་རྡོ་རྗེ་གཡུང་དྲུང་རྩལ། །ལྷ་ཡི་དགེ་བསྙེན་ཆེན་པོ་ནི། །རྣལ་འབྱོར་བདག་གིས་སྤྱན་འདྲེན་གྱི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །གཉན་ཆེན་ཁྱེད་ཀྱི་ཕོ་བྲང་ནི། །རིན་ཆེན་དུང་གི་སྐུ་མཁར་ལ། །ཁ་བད་དངུལ་ལ་བ་གམ་ཤེལ། །མུ་ཏིག་ཕྲེང་བས་བད་ཚར་བྱས། །གསེང་ཀ་གཡུ་གདུང་མིག་མང་རས། །འཆོང་སྒོ་དངུལ་གྱི་པ་ཊ་ཅན། །སྐར་ཁུང་གཡུ་ཡི་དྲྭ་མིག་ཅན། །ལྷབ་ལྷུབ་དར་གྱི་འཕན་གདུག་ཅན། །འདོད་དགུའི་ལོངས་སྤྱོད་ཕུན་སུམ་ཚོགས། །རྩེ་མོ་མཐོན་པོ་དགུང་དང་མཉམ། །ཐད་ནས་ཉི་མ་ཟླ་བ་ཤར། །མགུལ་དུ་ལྷོ་སྤྲིན་ཕྱུག་མོ་འཁྲིགས། །ཞོལ་དུ་མེ་ཏོག་རྩི་ཐོག་བཀྲ། །གསེར་ཁྲི་གཡུ་ཡི་པ་ཏྲ་ཅན། །ལྷབ་ལྷུབ་དར་གྱི་གདན་སྟེང་ན། །གཉན་ཆེན་ཟིལ་ཁྲོམ་སྐུ་མདོག་དཀར། །དབུ་ལ་དར་དཀར་ལ་ཐོད་དང་། །སྐུ་ལ་དར་དཀར་བྱམ་ཚེ་མནབས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །བཙུན་མོ་སྲས་བཅས་འཁོར་གྱིས་བསྐོར། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །གཞི་ནས་བྱེས་སུ་བྱོན་པའི་ཚེ། །མི་དཀར་དུང་གི་རྨོག་ཞུ་ཅན། །དར་འཕྲུ་རྒོད་འཕྲུ་དགུང་དུ་འཕུར། །དུང་ཁྲབ་དར་དཀར་ན་བཟའ་མནབ། །གཡས་ཀྱི་སྟག་དོང་ཁྲ་བོ་ལ། །ཤེས་རབ་ལྷ་མདའ་སྐར་ལྟར་འཁྲུགས། །གཡོན་གྱི་གཟིག་ཤུབས་ཐིག་ལེ་ལ། །ཐབས་ཀྱི་གཞུ་བརྡུང་ཅོགས་སེ་ཅོག །དེ་མཆན་དངུལ་ཤུབས་ཟབ་བཀྲ་ལ། །ཡ་ཚ་སྐར་ཕྲན་གློག་ལྟར་འཁྱུགས། །གཡས་པས་བ་དན་དཀར་པོ་ཕྱར། །གཡོན་པས་སྦ་ལྕག་གླད་ལ་གཡུགས། །ཆིབས་སུ་ངང་པ་གཡུ་རྔོག་བཅིབས། །རོལ་དུ་ཁམས་པ་ཤལ་མིག་ཁྲིད། །གསེར་སྲབ་གཡུ་མཐུར་སི་ལི་ལི། །གསེར་སྒ་གཡུ་ཡི་ཨ་འཇོག་ཅན། །སྔ་རུ་མེ་ཤེལ་ཉི་མ་རིས། །ཕྱི་རུ་ཆུ་ཤེལ་ཟླ་བ་རིས། །འཇའ་ཚོན་གོང་སྨེད་འཁྱུགས་སེ་འཁྱུག །འཁྲུལ་གྱི་ཡོབ་ཆེན་ཝངས་སེ་ཝང་། །སྟག་གཟར་གཟིག་གཟར་ལྷབས་སེ་ལྷབ། །དར་གྱི་འཕྲུལ་ལྕེ་པུ་རུ་རུ། །སྐྱེས་མཆོག་ཁྱེད་ཀྱི་གཡས་ཕྱོགས་ན། །སྐྱེས་ཕྲན་རྟ་བ་སྟོང་ཕྲག་གཅིག །ཁྲབ་གྱོན་མདུང་རྩེ་ལྗིབས་སེ་ལྗིབ། །ལྷ་གཉན་ཁྱེད་ཀྱི་གཡོན་ཕྱོགས་ན། །སྐྱེས་ཕྲན་བེར་གྱོན་སྟོང་ཕྲག་གཅིག །མདའ་འཕེན་ལེན་མ་ཤ་ར་ར། །རྒྱལ་ཆེན་ཁྱེད་ཀྱི་མདུན་ཕྱོགས་ན། །མི་དཀར་རྟ་དཀར་སྟོང་ཕྲག་གཅིག །བ་དན་རྩེ་བརྒྱད་པུ་རུ་རུ། །སྐྱེས་མཆོག་ཁྱེད་ཀྱི་རྒྱབ་ཕྱོགས་ན། །ལྷ་དམག་གཉན་དམག་དཔུངས་སེ་དཔུང་། །སྐྱེས་མཆོག་ཁྱེད་ཀྱི་སྟེང་ཕྱོགས་ན། །བྱ་ཁྲ་བྱ་རྒོད་ཤ་ར་ར་། །མཚམས་ཀྱི་བར་སྐབས་ཐམས་ཅད་ལ། །དུང་སེང་མཆོང་བ་རྒྱངས་སེ་རྒྱང་། །སྟག་གཟིག་དོམ་དྲེད་རྦད་དེ་རྦད། །ལྷ་གཡག་ངུར་གདང་ཆེམས་སེ་ཆེམ། །ལྷ་རྟ་སྒ་བཅས་སི་ལི་ལི། །མ་སྲིང་ལྕམ་དྲལ་བཙུན་མོའི་ཚོགས། །ཆིབས་སུ་ཤ་རྐྱང་རྩོད་རྒོ་བཅིབས། །མཚར་སྡུག་འོད་ཆགས་མཛེས་མ་རྣམས། །གསེར་གཡུ་མུ་ཏིག་ལན་ཚར་སྤྲས། །དར་ཟབ་ས་ཁར་ཞོམ་ཞིང་ལྡེམ། །མདའ་དར་མེ་ལོང་བུམ་པ་འཛིན། །འཁོར་བཅས་མ་ལུས་ཐམས་ཅད་ལ། །འདོད་དགུའི་ལོངས་སྤྱོད་སྣ་ཚོགས་འབུལ། །སྲིད་པ་གངས་ཀྱི་མཚོན་པའི་ཕྱིར། །རི་དབང་རྒྱལ་པོ་ཆེན་པོ་བསང་། །རི་གཉན་འོག་ཏུ་འཁོད་པའི་ཕྱིར། །གོང་ན་མེད་པའི་ཟོ་དོར་བསང་། །ཞལ་རས་ཤར་དུ་གྱུ་བའི་ཕྱིར། །ལྷ་ཡི་སྲིད་སྐྱོང་དགྲ་ལྷ་བསང་། །ཕྲག་པ་ཙམ་ལས་མི་མཐོ་བའི། །འབྲི་ལུང་རྒྱུད་ཀྱི་ཟོ་དོར་བསང་། །བཀའ་ཉན་གཡས་ནས་བསྐོར་བ་བསང་། །སྐེད་པ་ཙམ་ལས་མི་མཐོ་བའི། །ཟླ་ཤོད་རྒྱུད་ཀྱི་ཟོ་དོར་བསང་། །བཀའ་ཉན་གཡོན་ནས་བསྐོར་བ་བསང་། །ང་འདྲ་མོ་རྣམས་གཙང་དཀར་སོགས། །བློན་ཆེན་མདུན་ནས་འཁོར་བ་བསང་། །ཞུལ་ཡག་ཞུལ་ཕྲན་ལ་སོགས་པའི། །སྲས་འཁོར་རྗེས་སུ་འབྲང་བ་བསང་། །བཙུན་མོ་མུ་ཏིག་ཤེལ་རུ་སྨན། །རྒོད་ལྕམ་ཁ་རག་ལ་སོགས་པའི། །ལྕམ་སྨན་མཆན་དུ་འཁོད་པ་བསང་། །བྲག་དཀར་མདུང་རྩེ་གཤིབ་འདྲས་བསྐོར། །ལྷ་དམག་གཉན་དམག་འཁོར་བཅས་བསང་། །སྒྲུབ་གནས་བརྒྱ་ཡིས་བསྐོར་བ་དེ། །དགེ་བའི་སྡོང་གྲོགས་མཛད་ཕྱིར་བསང་། །གཏེར་ཁ་བརྒྱ་ཡིས་བསྐོར་བ་དེ། །བདེ་ལེགས་འབྱོར་བ་རྒྱས་ཕྱིར་བསང་། །མདུན་གྱི་ལྷ་མཚོ་དཀར་མོ་དེ། །ལྷ་སྨན་ཡུལ་དུ་རོལ་ཕྱིར་བསང་། །མཚོ་མོ་བརྒྱ་ཡིས་བསྐོར་བ་དེ། །ཀླུ་ཆེན་འཁོར་དུ་རོལ་ཕྱིར་བསང་། །ཆུ་མིག་འབུམ་གྱིས་བསྐོར་བ་དེ། །ཀླུ་ཕྲན་བྲན་དུ་འཁོར་ཕྱིར་བསང་། །ངམ་འབྲོག་ནགས་ཚལ་བསྐོར་བ་དེ། །ཤ་ཟའི་ཚོགས་ཀྱིས་བསྐོར་བ་བསང་། །གཡང་ཤལ་གངས་ཤལ་མང་བ་དེ། །ལྷ་སྨན་རྣམས་ཀྱི་བསྐོར་བ་བསང་། །བྲག་ནག་དོམ་ནག་ཁྲོས་འདྲས་བསྐོར། །བདུད་དམག་མང་པོས་བསྐོར་བ་བསང་། །བྲག་དམར་སྤྲེལ་དམར་ཁྲོས་འདྲས་བསྐོར། །བཙན་དམག་མང་པོས་བསྐོར་བ་བསང་། །བྲག་ནག་མཚོན་ཆ་ཕྱར་འདྲས་བསྐོར། །ཕོ་ཉ་མང་པོས་བསྐོར་བ་བསང་། །མདའ་མདོ་རི་བྲག་མང་པོས་བསྐོར། །སྒོ་སྲུང་མང་པོས་བསྐོར་བ་བསང་། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །ཤིང་རྩི་སྨན་བཟང་ཕྱེ་མར་དང་། །སྦ་སྨྱུག་དར་སྣས་བརྒྱན་པས་མཆོད། །འབྲས་ཀྱི་གཡག་ལུག་ར་གསུམ་དང་། །དཀར་གསུམ་མངར་གསུམ་ཞིམ་དགུའི་མཆོད། །ཤ་ཕུད་ཆང་ཕུད་ཇ་ཕུད་དང་། །འདོད་དགུའི་ལོངས་སྤྱོད་སྣ་ཚོགས་འབུལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ནད་མེད་ཚེ་དང་ལོངས་སྤྱོད་དང་། །དཔལ་དང་འབྱོར་བ་རྒྱས་པ་དང་། །གྲགས་དང་སྙན་པས་ཁྱབ་པ་དང་། །ལོ་འབྲས་རྟག་ཏུ་ཡག་པར་མཛོད། །མི་མཐུན་ཕྱོགས་རྣམས་ཞི་བ་དང་། །འགྲོ་ན་མ་བཅག་སྐྱེལ་མ་དང་། །འདུག་ན་མ་སྡང་འཚོ་བ་སྦྱོར། །མཐུ་དཔུང་མགོན་སྐྱབས་སྡོང་གྲོགས་མཛོད། །བསྟོད་པ་ནི། ཧཱུྃ་བྷྱོཿ ཆེ་བཙན་ཟླ་བྲལ་རི་དབང་སྤུན་དགུ་པོ། །པདྨའི་བཀའ་འབངས་གང་འདུལ་རྡུལ་བརླག་མཛད། །བཤད་སྒྲུབ་སྡེ་སྐྱོངས་ལེགས་ཉེས་ཀུན་འབྱེད་པ། །ཆབ་སྲིད་རིགས་རྒྱུད་སྐྱོང་མཛད་ཁྱོད་ལ་བསྟོད།། འདི་ཉིད་ཀྱི་མཛད་བྱང་མི་གསལ་ཡང་སྔར་ནས་ངེས་དོན་བསྟན་འཛིན་བཟང་པོའི་གསུང་ཡིན་པ་སོར་བཞག་བྱས་པ་དེ་བཞིན་ད་ལམ་གསུང་ཆོས་སུ་བཀོད་པའོ།།

བསྟན་རྒྱས་སྨོན་ལམ་བཞུགས་སོ།།

ཨོ་རྒྱན་མཁན་པོའི་རིང་ལུགས་བཀའ་གཏེར་གྱི། །སྙིང་པོའི་ཡང་ཞུན་ཟབ་དོན་བསམ་གཏན་མཆོག །ཚུལ་བཞིན་སྒྲུབ་པའི་ཆོས་སྒྲ་ངེས་དོན་གླིང་། །ལུང་རྟོགས་ཡོན་ཏན་རྣམ་དཀར་ཉིན་བྱེད་དབང་། །ཕུན་ཚོགས་ཕན་བདེའི་སྣང་བ་དམ་པ་ཡིས། །འཇིགས་རུང་སྲིད་པའི་མུན་ཁམས་མཐར་བྱས་ནས། །གསང་ཆེན་པད་ཚལ་ཀུན་ནས་རབ་རྒྱས་ཤིང་། །བསྟན་འགྲོའི་མཁའ་ལ་ནུབ་མེད་རྟག་འཆར་ཤོག །སྡེ་བཞིའི་དཔལ་དང་འབྱོར་བས་མངོན་མཐོ་ཞིང་། །བསྟན་ལ་གུས་མཆོད་དགེ་བཅུའི་བཀའ་ཁྲིམས་ཀྱིས། །ཡངས་པའི་རྒྱལ་ཁམས་མངའ་བསྒྱུར་མི་བདག་གི །ཆབ་སྲིད་དབྱར་གྱི་མཚོ་ལྟར་འཕེལ་རྒྱས་ཤོག །བསྟན་འཛིན་ཞབས་བརྟན་བསྟན་པ་དར་ཞིང་རྒྱས། །སྐྱེ་རྒུ་བདེ་ཞིང་ནད་མུག་མཚོན་འཁྲུགས་ཞི། །ཐམས་ཅད་གསང་ཆེན་ཐེག་པའི་ཆོས་ལ་སྤྱོད། །ཚོགས་གཉིས་མཐར་སོན་རྡོ་རྗེ་འཆང་འགྲུབ་ཤོག །འདི་ཡང་རྫོགས་སྤྲུལ་གསུམ་པས་སོ། །

བདེན་གསོལ་སྨོན་ལམ།།

ཨོཾ་སྭ་སྟི་སིདྡྷི། བླ་མེད་སྟོན་པ་དཀོན་མཆོག་རྣམ་གསུམ་དང་། །རྒྱལ་བ་སྤྱན་རས་གཟིགས་སོགས་འཕགས་པའི་ཚོགས། །སྐྱབས་ཀུན་གཅིག་བསྡུས་པདྨ་ཐོད་ཕྲེང་རྩལ། །རྩ་བརྒྱུད་བླ་མ་ཡི་དམ་ཆོས་སྐྱོང་བཅས། །ལྷ་དང་དྲང་སྲོང་བདེན་པ་གྲུབ་ཀུན་གྱིས། །བདག་གི་སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །དཀར་ཕྱོགས་གཞི་བདག་ལྷ་ཀླུ་བཅས་ཀུན་གྱིས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཆར་རྒྱུན་ཕོབས། །ནད་དང་རིམས་དང་བཙའ་སད་སེར་བ་སོགས། །ཕྱུགས་ཀྱི་ནད་དང་འཐབ་འཁྲུག་རྩོད་པའི་རིགས། །ཕ་རོལ་མཐའ་ཡི་དམག་དཔུང་ལ་སོགས་པ། །ཉེ་བར་འཚེ་ཀུན་གཏན་དུ་མི་འབྱུང་ཤོག །མ་རུང་བདུད་འགོང་དམ་སྲིའི་མཐུ་སྟོབས་ཀུན། །དཀོན་མཆོག་བདེན་པའི་སྟོབས་ཀྱིས་འདུལ་བར་ཤོག །འབྱུང་བའི་གཡོ་འཁྲུག་མཚན་ལྟས་ངན་པ་སོགས། །བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་ཤོག །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །ཚེ་རིང་འབྱོར་བ་འཕེལ་དང་བདེ་ཞིང་སྐྱིད། །བསྟན་དང་དམ་ཆོས་དར་ཞིང་རྒྱས་པ་དང་། །འགྲོ་ཀུན་རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ངེས་དོན་བསྟན་འཛིན་བཟང་པོས་སོ། །