ཉིན་ཞག་གཟའ་ལྔ།

༄༅། ཀུན་གཟིགས་འཇམ་དབྱངས་བླ་མ་ལ། །བཏུད་ནས་ཉིན་ཞག་གཟའ་ལྔ་སྤེལ། །སྒྱུར་བྱེད་ཟླ་དག་༣༠མཁའ་མེས་བསྒྱུར། །གང་བརྩིའི་ཚེས་བསྣན་གནས་གསུམ་བཀོད། །བར་འོག་༣༩རྩ་ཡོན་༤༠༣མེ་ཐིག་མཚོ། ༣༩ ༤༠༣།བསྲེས་ལ་འོག་མར་༧༠༧རི་མཁའ་རིས། །རྙེད་པ་བར་བྱིན་དེར་༦༤ཆུ་རོས། །ཐོབ་པས་སྟེང་སྦྱང་མི་གསལ་ཞག །གསལ་ཕྱིར་གཉིས་བཀོད་ཅིག་ཤོས་ལ། །༢ཟུང་བསྣན་༧རིས་དོར་རེས་གཟའ་དང་། །མཐུན་ན་དག་མོད་མ་མཐུན་ཚེ། །ཉུང་ན་གཅིག་བསྣན་མང་ན་ཕྲི། །དེ་ལྟར་མཐུན་བྱས་གསལ་ཞག་སྟེ། །གཟའ་ལྔ་སྤྱི་ཡི་ཉིན་ཞག་གོ།། འདིའི་བར་ནས་ལྡེབ་རེ་ཟུང་ཆད། འདིར་འབད་དགེ་བ་གང་མཆིས་དེས། །ཡིད་ཅན་འགྲོ་བ་མ་ལུས་པ། །ཕྱམ་གཅིག་ཤམ་བྷ་ལར་སྐྱེས་ནས། །དུས་འཁོར་བསྟན་པ་སྤེལ་བར་ཤོག །མཐར་ཡང་དེ་ཀུན་ཕྱམ་གཅིག་ཏུ། །ཁྱབ་བདག་དང་པོའི་སངས་རྒྱས་ཀྱི། །གོ་འཕང་བླ་ན་མེད་ཐོབ་ནས། །སྐུ་གསུམ་མཛད་ཕྲིན་སྟོན་གྱུར་ཅིག །ཅེས་པ་འདི་ཡང་དུས་ཐ་མའི་བཙུན་གཟུགས་རྟགས་ཙམ་འཛིན་པ་ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོར་འབོད་པ་ཞིག་གིས་སུག་ལས་སུ་བསྟར་བ་སྟེ། རིགས་མཐུན་རྣམས་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག དགེའོ།།