ཆང་བུ་རྒྱུན་བསྔོ།

༄༅། ཆང་བུ་རྒྱུན་བསྔོ་བགེགས་ཚོགས་མྱུར་གྲོལ་བཞུགས། སྐྱབས་གནས་ཀུན་འདུས་བླ་མ་ལ། །སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །བགེགས་ཚོགས་མ་ལུས་ཕྱམ་གཅིག་ཏུ། །སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །རང་ཉིད་ཁ་སར་པ་ཎིར་གསལ། །ཆང་བུ་འདོད་དགུའི་གཏེར་དུ་གྱུར། །ཨོཾ་ཨཱཿཧཱུྃ།དང་། སཾ་བྷ་ར་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། ཆང་བུ་ལོངས་སྤྱོད་ཀུན་ལྡན་འདི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བདུད་ཆེན་བཞི་དང་གདོན་བཅོ་ལྔ་། །ཕྲོག་མ་བུ་དང་བཅས་པ་སོགས། །གཞི་ཐོག་འཁྲུལ་ནས་ད་ལྟའི་བར། །གྲོགས་དང་ཁྱིམ་ཐབས་གནས་ཁང་ཞིང་། །གསེར་དངུལ་གཡུ་དང་བྱི་རུ་ཤེལ། །རྟ་གླང་གནག་ལུག་དཀོར་ཆེ་ཕྲ། །བརྐུས་ཕྲོག་བཅོམ་བརླག་བརྡེག་བསད་དང་། །ཞོན་བཀལ་བུ་ལོན་མ་འཁོར་བ། །ལན་ཆགས་ཤ་འཁོན་གཉེར་བ་རྣམས། །ཐམས་ཅད་ངོམས་ཤིང་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག །ཐམས་ཅད་མྱུར་དུ་འཁོར་བ་ལས། །ཐར་ནས་མངོན་སངས་རྒྱས་གྱུར་ཅིག །ཨོཾ་ཨུཥྩི་ཊ་པནྟྲ་ཨ་ཤི་བྷྱ་སྭཱཧཱ། ཆོས་རྣམས་ཐམས་ཅད༴སོགས། སྦྱིན་པ་རྒྱ་ཆེན༴སོགས། ཞེས་རྒྱུན་གྱི་ཆང་བུ་བསྔོ་ཚུལ་འདི་ཡང་ཀློང་ཆེན་ཡོན་ཏན་རྒྱ་མཚོའི་ངོར་མགོ་སྤྲུལ་ཨ་མྱེས་བྲིས་པ་དགེའོ།།