དགོངས་འདུས་བཀའ་སྲུང་གསོལ་བསྡུས།

༄༅། དགོངས་འདུས་བཀའ་བསྲུང་གསོལ་བསྡུས་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཧྲཱིཿ བླ་མ་དགོངས་པ་འདུས་པའི་བཀའ་སྲུང་གཙོ། །དབང་ཆེན་རྟ་མགྲིན་ནག་པོ་ཡབ་ཡུམ་སྲས། །སྡེ་བརྒྱད་དྲེགས་པའི་འཁོར་བཅས་ད་ཚུར་བྱོན། །མཆོད་གཏོར་འདི་བཞེས་མཆོག་ཐུན་དངོས་གྲུབ་སྩོལ། །ཟབ་གཏེར་བསྲུང་མ་བཙན་རྒོད་མཆེད་སྡེ་བདུན། །ཕྱི་ནང་གསང་སོགས་སྤྲུལ་པ་ཡང་སྤྲུལ་རྣམས། །འདིར་བྱོན་དམ་རྫས་མཆོད་གཏོར་དགྱེས་པར་རོལ། །རྣམ་བཞིའི་ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །དཔལ་ཆེན་བཀའ་སྡོད་དབང་ཕྱུག་ལྕམ་དྲལ་སོགས། །དྲེགས་པ་ཉེར་གཅིག་རང་རང་འཁོར་བཅས་རྣམས། །སོ་སོའི་གནས་ནས་འདིར་གཤེགས་མཆོད་གཏོར་བཞེས། །བསམ་དོན་ཆོས་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཁྱད་པར་ཟབ་གསང་སྙིང་པོའི་བྱ་ར་བ། །ལས་བྱེད་ཌཱཀྐི་ཤ་ཟ་ཁ་མོ་ཆེ། །འཁོར་བཅས་འདིར་བྱོན་དམ་རྫས་གཏོར་མ་ལོངས། །འདོད་དགུ་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ནད་གདོན་བར་ཆད་འཇིགས་ཚོགས་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས་པ་དང་། །མོས་བཞི་རླུང་སེམས་སྣང་བ་དབང་དུ་འདུས། །བདུད་བགེགས་དམ་སྲི་ཀླ་ཀློ་རྨིང་མེད་རློགས། །མདོར་ན་ཇི་ལྟར་རེ་ཞིང་སྨོན་པ་ཀུན། །གེགས་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད།། ཅེས་པ་འདི་ཡང་བླ་མ་རིན་པོ་ཆེ་འགྱུར་མེད་བློ་གྲོས་མཐའ་ཡས་ཀྱིས་དགོངས་འདུས་ཀྱི་དབང་ལུང་གནང་སྐབས། གསོལ་མཆོད་འདི་ལྟ་བུ་དགོས་ཞེས་ཀུན་གྱིས་བསྐུལ་ངོར། བླ་མའི་བཀའ་བཞིན་མགོ་སྤྲུལ་བས་བྲིས་པ་དགེའོ།།