དུད་སོལ་མའི་བསང་བསྡུས།

༄༅། དུད་སོལ་མའི་བསང་བསྡུས་ནི། བྷྱོཿ རབ་འབྱམས་རྒྱལ་བ་ཀུན་གྱི་བསྟན་སྲུང་གཙོ། །དབྱངས་ཅན་དྲག་མོ་དཔལ་ལྡན་དུད་སོལ་མ། །འཁོར་དང་ཡང་སྤྲུལ་མ་ལུས་འདིར་གཤེགས་ལ། །རྣམ་དག་བདུད་རྩི་བསང་གི་མཆོད་པ་བཞེས། །སངས་རྒྱས་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །ལས་བཞིའི་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད།། མགོ་སྤྲུལ་པས་སོ།།