དྲེགས་སྡེའི་བསང་བསྡུས།

༧ སྡེ་དཔོན་སུམ་ཅུའི་བསང་བསྡུས། ཧཱུྃ། ཟབ་གསང་བསྟན་པའི་སྲུང་མ་དམ་ཚིག་ཅན། །དྲེགས་པའི་སྡེ་དཔོན་སུམ་ཅུ་སྤྲུལ་འཁོར་བཅས། །རྨད་བྱུང་བསང་མཆོད་དམ་པ་འདི་བཞེས་ལ། །ཐེག་མཆོག་བསྟན་པ་དར་ཞིང་རྒྱས་པར་མཛོད། མགོ་སྤྲུལ་པས་སོ།།