ཐང་ལྷའི་བསང་བསྡུས།

༧ ཐང་ལྷའི་བསང་བསྡུས་ནི། ཧྲཱིཿ ས་བརྒྱད་སེམས་དཔའ་སྲིད་པའི་ལྷ་གཉན་རྗེ། །ཐང་ལྷ་ཡར་བཞུད་ཡུམ་སྲས་བློན་འཁོར་ཚོགས། །བསང་མཆོད་བཞེས་ལ་བསྟན་འགྲོའི་རྒུད་པ་སོལ། །ཆོས་སྲིད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད། །མགོ་སྤྲུལ་པས་སོ།།