གུ་དྲག་བཀའ་སྲུང་བསང་བསྡུས།

༧ གུ་དྲག་བཀའ་སྲུང་བསང་བསྡུས། ཧཱུྃ། བཅོམ་ལྡན་གུ་རུ་དྲག་པོའི་བཀའ་སྡོད་གཙོ། །བདུད་མགོན་ལྕམ་དྲལ་སྤུ་གྲི་མཆེད་གསུམ་དང་། །སྨྱོན་ཁ་འཁོར་བཅས་བསང་མཆོད་འདི་བཞེས་ལ། །ལས་བཞི་ཐོགས་མེད་འགྲུབ་པའི་སྡོང་གྲོགས་མཛོད།། མགོ་སྤྲུལ་པས་སོ།།