འདོད་གསོལ།

༧ འདོད་གསོལ་ནི། ཧོ་བཀའ་གཏེར་སྲུང་མ་ཡུལ་ལྷ་གཞི་བདག་ལ། །ཟག་མེད་བདུད་རྩིའི་བསང་མཆོད་ཕུལ་བའི་མཐུས། །འདོད་པའི་དོན་དང་གཉེར་བའི་ལས་རྣམས་ཀུན། །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད།། མགོ་སྤྲུལ་པས་སོ།།