གངས་སེང་བསྡུས།

༄༅། གངས་སེང་བསང་བསྡུས་ནི། ཀྱཻ། ཡུལ་ལྷ་གཉན་པོ་རྡོ་རྗེ་གཡུ་ཁྲོམ་གྱི། །བཀའ་སྡོད་བྱ་ར་གངས་ཀྱི་སེང་གེ་ཞེས། །ལྕམ་དྲལ་འཁོར་ཚོགས་སྤྲུལ་པར་བཅས་ཀུན་བསང་། །རྣམ་བཞིའི་ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །མགོ་སྤྲུལ་བས་སོ།།