cover

རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

གླེགས་བམ། ག༽

ངག་དབང་བློ་བཟང་རྒྱ་མཚོ།

Nitartha international
Images scanned by BDRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས་གླེགས་བམ་གསུམ་པ།


GLG003_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས་གླེགས་བམ་གསུམ་པ་བཞུགས་སོ། །


GLG003_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལས། གནུབས་བན་སྐྱེ་སྤྲུལ་དུམ་པ་རྒྱ་ཞང་ཁྲོམ། །དྲ་ང་རྡོ་རྗེ་ཀུན་གྲགས་རྒྱ་ཕུར་བུ། །ལྷ་རྗེ་གནུབས་ཆུང་རྒྱ་སྟོན་སེང་གེ་དར། །གཉགས་སྟོན་ལྷ་འབར་ཞེས་རྣམས་ལ་གསོལ་བ་འདེབས། །ཞེས་པའི་ནང་ཚན་དུམ་པ་རྒྱའི་གཏེར་ནི། གནུབས་ཀྱི་བཀའ་ཤོག་རྒྱ་བོ་ཆེ་ལས། རྒྱ་གར་མཁས་པ་བི་མཱ་མི་ཏྲ་དང་། །ཨོ་རྒྱན་མཁས་པ་པདྨ་འབྱུང་གནས་དང་། །བལ་པོའི་མཁས་པ་བྷ་སུ་དྷ་ར་དང་། །བོད་ཀྱི་མཁས་པ་ཛྙཱ་ན་ཀུ་མཱ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། ཞེས་རྒྱ་བོད་ཀྱི་མཁས་པ་དུ་མའི་ཐུགས་ཀྱི་གསང་མཛོད་བརྟོལ་ནས་གདམས་ངག་རྒྱ་མཚོ་ཆེན་པོ་ལ་དབང་སྒྱུར་བའི་གནུབས་ཀྱི་བནྡེ་སངས་རྒྱས་ཡེ་ཤེས་ནི་སློབ་དཔོན་པདྨས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་རྗེ་འབངས་དགུ་སྨིན་པར་མཛད་པའི་ཚེ་ལྷོ་འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་དུ་བཀའ་བབས། སྒྲགས་ཀྱི་ཡང་རྫོང་དུ་འཇམ་དཔལ་གཤིན་རྗེ་དངོས་སུ་འགྲུབ། བྲག་ལ་ཕུར་པ་འདམ་ལྟར་བཏབ། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་འདོགས་པ་


GLG003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཐུ་སྟོབས་རྫུ་འཕྲུལ་མངལ་སྐྱེས་ཞིག་ལ་ལྟོས་པའི་འགྲན་ཟླ་དང་བྲལ་བ་ཡིན་ཞིང་། སློབ་དཔོན་དེས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དང་རྒྱ་གར་མཁས་པ་བཞི་ལ་གསན་པའི་ཟབ་ཆོས་བཀའ་གཏེར་གཉིས་སུ་བཞུགས་པའི་གཏེར་མ་རྣམས་སྤྱན་འདྲེན་པ་པོ་ནི། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། དེ་དུས་བསྐལ་བའི་མཐའ་མ་ལ༔ ང་མིན་ང་ཡི་ཆ་བྱད་ཅན༔ ཤ་ནི་སེར་ལ་སྐྲ་ནི་ལི༔ བོངས་ནི་ཐུང་ལ་གཡས་ནི་དཀར༔ གཡོན་ནི་དམར་བའི་ཤ་མཚན་ཅན༔ སོ་ནི་དཀར་ལ་སོ་ཚགས་དམ༔ སྨེ་བའི་ག་ཤ་ཡོད་པ་ཡི༔ ལོ་ནི་ཁྱི་འབྲུག་ལོ་པ་ལ༔ རུས་རྒྱ་མིང་ནི་ཞང་ཁྲོམ་ཞེས༔ དེ་ལྟ་བུ་ཡིས་རྙེད་པར་ཤོག༔ ཅེས་གནུབས་ཆེན་གྱི་སྨོན་ལམ་མཛད་པ་བཞིན་རང་གཏེར་སྤྱན་འདྲེན་པ་ལ་བསམས་བཞིན་དུ་སྐྱེ་བ་བཞེས་པ་དུམ་པ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་དུ་གྲགས་པས་སྤྱན་དྲངས་པའི་གཏེར་ཁ་རྣམས་ཡིན་ལ། གཏེར་གནས་ཀྱང་ཕུང་པོ་རི་བོ་ཆེའི་གཏེར་བྱང་ལས། གཡུང་གི་ཕུ་ཡི་རྫ་ལྷུད་ནག་པོ་ལ༔ དམ་ཆོས་བཀའ་


GLG003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དུམ་སྐུར་བཅས་པ་གཏད༔ གཡས་རུ་ཉུག་གི་རྡོ་རྗེ་སྒྲོམ་བུ་རུ༔ དབང་རྟགས་རྡོ་རྗེའི་བཀའ་རུ་བཅས་པ་སྦས༔ གཡས་རུ་གཙང་འཁྲིས་ཕུང་པོ་རི་བོ་ཆེར༔ དབང་རྟགས་བསེ་སྒྲོམ་སྨུག་པོར་བཅས་པ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་ལ་ཁ་བྱང་བྲིས་ཏེ་བཞག༔ ལན་ཅིག་རྙེད་ནས་མི་སྤེལ་ཡིད་ལ་རྣོགས༔ དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་ངེས་ཀྱི༔ ཞེས་དང་། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས་ཀྱང༔ སྤྱིར་ཡང་གཏེར་ཁ་བརྒྱད་ཅུ་སྦས༔ གཙང་གི་ཕུང་པོ་རི་བོ་ཆེ༔ རྒྱ་ཡི་མོན་མོའི་གཙུག་རུམ༔ ཉུག་གི་རྡོ་རྗེ་སྒྲོམ་བུ༔ གཙང་འགྲམ་མཆོད་རྟེན་སྐྱེར་མ་བཞི། དེ་བཞི་ཐོན་ལ་བསྟན་པ་སྲུངས། ཞེས་གསུངས་པ་ལྟར་གཙང་གི་ཕུང་པོ་རི་བོ་ཆེ༔ ཉུག་གི་རྡོ་རྗེ་སྒྲོམ་བུ་གཡུང་གི་རྫ་ལྷུད་མོ། གཙང་འགྲམ་སྐྱེར་མ། གཞན་ཡང་སྤྲ་དུན་རྩེ༔ མཁོ་མཐིང་ལྷ་ཁང་། བསམ་ཡས་མཆིམས་ཕུ་སོགས་ནས་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་དང་ཁྱད་པར་བསྟན་པ་བསྲུང་བའི་དྲག་སྔགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་པའི་གཙོ་བོར་གྱུར་བ་ནི་དུས་དགྲའི་དབང་པོ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་སྐོར་རྣམས་ཡིན་ལ། དེ་ཡང་བཀའ་ཤོག་རྒྱ་བོ་ཆེ་ལས། སངས་རྒྱས་བསྟན་པ་གཉན་པོ་བསྲུང་བར་བྱ་བ་དང་། །དཀོན་ཅོག་དབུ་འཕང་བསྟོད་པར་བྱ་བའི་ཕྱིར། །ལས་ཀྱི་འབྲེལ་བའི་ཡོན་ཏན་རྒྱ་མཚོ་དང་། །དད་པ་ཆེ་བ་ལེགས་པའི་སྒྲོན་མ་དང་། གྲོགས་མཆོད་དམ་པ་ཡེ་ཤེས་དབང་ཕྱུག་དང་། །རྩོལ་ཤུགས་གཏོང་ཕོད་ཆེ་བའི་བློན་རྗེ་འཕགས་པ་བཞི། །དམ་ཚིག་དམ་པ་སྙིང་ལ་འཇོག་པ་འདྲ་ནས་སུ། །དམ་ཆོས་གཞུང་བཞིན་བཀའ་ལ་བརྟེན་ཏེ་ལོ་བདུན་བར་དུ་བཤད། །ཡོན་ཏན་རྒྱ་མཚོ་མང་ཡུལ་ལན་བདུན་བཏང་། །དྲག་སྔགས་ཆོས་འདི་བསྟན་པར་མི་འོས་ཀྱང་། །


GLG003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་ཡང་གཏེར་གཞུང་ལས་འདི་ལྟར་གདའ། །སྐྱེས་བུ་བློ་རྩལ་བརྟན་ཞིང་དད་པ་མོས་པ་དང་། ལུས་དང་སྲོག་ཀྱང་མི་འཕང་གཏོང་ཕོད་ན། །དེ་དང་འབྲེལ་བར་འདོད་ན་དྲག་སྔགས་བཤད། །ཅེས་འབྱུང་བས། དེ་ཕྱིར་བདག་གིས་ཡོན་ཏན་རྒྱ་མཚོ་ལ། སྒྲུབ་ལུགས་མི་མཐུན་བརྒྱ་དང་རྩ་བདུན་གཏད་དེ་བཞག །ཅེས་པ་ལྟར་ཚེ་བདག་གི་སྐོར་རང་གི་རིགས་ཀྱི་སྲས་གནུབས་ཡོན་ཏན་རྒྱ་མཚོ་ལ་གནང་སྟེ། དེ་ནས་རིམ་གྱིས་བརྒྱུད་པའི་བཀའ་མ་ཡང་ཡོད་ལ། ཁྱད་པར་དབང་ཆུའི་བརྒྱུད་པ་བཀའ་གཏེར་གཉིས་ཀ་ནས་བརྒྱུད་པ་ཁྱད་མེད་དུ་འདྲེན་པ་ཡིན་ཞིང་། དེ་ཡང་བཀའ་འབྱེད་ལས། ཕྱི་སྐོར་ལྕགས་འདྲའི་སྐོར་དང་གཅིག༔ ནང་སྐོར་ཐོག་འདྲའི་སྐོར་དང་གཉིས༔ གནམ་ལྕགས་ཐོག་མའི་སྐོར་དང་གསུམ༔ ཞེས་ལྕགས་སྡིག་ལ་སྐོར་གསུམ་དུ་གསུངས་པར་མ་ཟད་བྷ་སུ་དྷ་རའི་སྤྱི་གཅོད་འཕྲུལ་གྱི་ལྡེ་མིག་ལས་འདྲི་ལུགས་རྣམ་པ་གསུམ་ནི་ལྕགས་འདྲ་བའི་ལུགས༔ ཐོག་འདྲ་བའི་ལུགས༔ གནམ་ཐོག་ཆེན་པོའི་ལུགས༔ ཞེས་ལྕགས་འདྲ་ལ་ཡང་སྐོར་གསུམ་དུ་གསུངས་པའི་གནམ་ཐོག་ཆེན་པོའི་སྐོར་ལ་ཡང་། པད་ལུགས་དང་གནུབས་ལུགས་གཉིས་སུ་ཡོད་པའི་ཐོག་མར་ལྕགས་སྡིག་ལྕགས་འདྲ་གཉིས་ཀའི་སྨིན་བྱེད་ཀྱི་དབང་ལ། པད་ལུགས་ཀྱི་དབང་གཞུང་སྨིན་བྱེད་དབང་གི་སྒྲོན་མ་དང་། བམ་ཆེན་གསང་བ་རབ་འབྱམས་ཀྱི་དབང་གནུབས་ལུགས་དབང་ཆོག་མུ་ཏིག་ཕྲེང་བ་སོགས་རྣམ་གྲངས་མང་དུ་ཡོད་ནའང་ལ་སྟོད་སེ་བརྒྱ་མཁར་བ་སེ་སྟོན་ཆེན་པོ་རིན་ཅེན་རྒྱལ་མཚན་ལ་བརྒྱུད་པ་དེ་དག་དང་ཁུ་ལུང་པ་ནས་བརྒྱུད་པའི་བཀའ་མ་སོགས་དབང་རྒྱུན་མ་ལུས་པ་ཡོངས་སུ་མངའ་བའི་དབང་གི་ཆུ་བོ་གཅིག་ཏུ་འདྲེས་པར་བཞུགས་ཤིང་། གསུང་ལས་ཀྱང་།


GLG003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་རྒྱུད་མངོན་ཕྱུང་དངོས་གྲུབ་ཉེར་བསྡུས་པ། སྨིན་བྱེད་དབང་གི་སྒྲོན་མ་པདྨའི་གཞུང་། དཔང་དུ་ཉེ་བཞག་འཁྲུལ་མེད་ཕྱག་ལེན་གྱིས། ལེགས་པར་བརྒྱན་བྱས་ངེས་དོན་བདེ་འཇུག་བཀོད། ཅེས་གསུངས་པའི་དོན་ལྟར་པད་ལུགས་དཔང་པོར་བཞག་བླ་མའི་ཕྱག་ལེན་གྱིས་བརྒྱན་ཅིང་གནུབས་ལུགས་ནས་ཞལ་འཕང་དགོས་རྣམས་འཕངས། ཁ་འགེང་དགོས་རྣམས་བསྐངས་ཏེ། དབང་ཆོག་ངེས་དོན་བདེ་འཇུག་ལ་བྱང་བདག་རིགས་འཛིན་ཆེན་པོའི་ཕྱག་ལེན་གྱིས་ལེགས་པར་བརྒྱན་ཏེ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཇི་སྐད་དུ། བདེ་ཆེན་ཡེ་ཤེས་སྐུ་དང་མཆོག་གི་བམ། །མཚན་ལྡན་གཟུང་མ་ལུས་ཀྱི་དཀྱིལ་འཁོར་དུ། ཞེས་པ་ལྟར་གཙོ་བོར་བགྲོད་པ་རྣམ་པ་གསུམ་གྱི་དཀྱིལ་འཁོར་དང་ཕྲ་མོར་ཕྱེ་ན་ཕྱི་དྲི་མ་འཁྲུད་པར་བྱེད་པ་ལས་བུམ་ལ་བརྟེན་པའི་དབང་། ནང་ནུས་པ་འཇོག་པར་བྱེད་པ་རྣམ་བུམ་ལ་བརྟེན་པའི་ཡེ་ཤེས་ལྔའི་དབང་། སྐུའི་ནུས་པ་སྟེར་བར་བྱེད་པ་ཕྱག་རྒྱའི་དབང་། གསུང་གི་ནུས་པ་སྟེར་བར་བྱེད་པ་སྔགས་ཀྱི་དབང་། ཐུགས་ཀྱི་ནུས་པ་སྟེར་བར་བྱེད་པ་ཕྱག་མཚན་གྱི་དབང་། ཡོན་ཏན་གྱི་ནུས་པ་སྟེར་བར་བྱེད་པ་གདུག་པ་ཟིལ་གནོན་དཔའ་བོའི་ཆས། བར་གཅོད་ཞི་བ་རྡོ་རྗེའི་ཚེ། གསང་བ་སྐལ་བ་སྟེར་ཞིང་དངོས་གྲུབ་ཐོབ་པར་བྱེད་པ་བམ་གྱི་དབང་། འཕྲིན་ལས་ཀྱི་ནུས་པ་སྟེར་བར་བྱེད་པ་སྦྱོར་སྒྲོལ་གྱི་དབང་། ཁམས་གསུམ་ཡོངས་སུ་སྒྲོལ་བ་དྲག་པོ་ཟོར་གྱི་དབང་། མངོན་སྤྱོད་ལས་ཀུན་འགྲུབ་པ་ཀཀྞིའི་དབང་། ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བ་རྡོ་རྗེ་སློབ་དཔོན་གྱི་དབང་། རྩ་དང་ཐིག་ལེའི་དཀྱིལ་འཁོར་ལ་བརྟེན་ནས་བདེ་བ་ཆེན་པོ་བསྐྱེད་པའི་དབང་། བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་བཅུ་དྲུག་དགའ་བཞི་རྫོགས་པའི་དབང་། རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རིག་རྩལ་ཡེ་


GLG003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྔ་རྫོགས་ཀྱི་དབང་རྣམས་ལན་གཉིས་སྨིན་རྒྱས་སུ་ལེགས་པར་ནོས་ནས། ལུང་ལ་ལྕགས་འདྲ། ཨུརྨོ་ལྕགས་སྡིག་དང་གསུམ། དང་པོ་ལ་པད་གནུབས་གཉིས་ལས། །དང་པོ་ལ་པད་ལུགས་ཀྱི་སྐོར་ལ། དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོ་སྡིག་པ་སྙིང་འཛིངས་གསང་བའི་རྒྱུད་ལེའུ་བཅོ་ལྔ་པ་བལ་པོའི་སློབ་དཔོན་བྷ་སུ་དྷ་ར་དང་བོད་ཀྱི་ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བསྒྱུར་བ། རྒྱུད་འདི་ལྕགས་སྡིག་ལྕགས་འདྲ་གཉིས་ཀ་ལ་ཡོད་ཅིང་བྱང་པ་རིགས་འཛིན་གྱི་གསན་ཡིག་ཏུ་གནུབས་ལུགས་ལྕགས་འདྲར་ཡོད་པས་གནུབས་ལུགས་ཀྱི་ལྕགས་འདྲར་ཡང་མི་གཏོགས་པ་མ་ཡིན་མོད། འོན་ཀྱང་མན་ངག་རྩ་བ་དང་དེའི་འགྲེལ་པ་སྒྲོན་མ་དྲུག་པ་སོགས་ཀྱང་རྩ་བའི་ཁུངས་རྒྱུད་འདི་ལ་བརྟེན་པའི་ཕྱིར་གཙོ་ཆེ་བའི་དབང་དུ་བྱས་ཏེ་པད་ལུགས་ཀྱི་ཐོག་མར་བཞག་པ་ཡིན་ནོ། །དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་དམ་མ་ཚང་བ་ཁ་སྐོང་བ་སྙིང་པོ་དོན་གྱི་གསང་རྒྱུད་བསམ་གཏན་ལྷ་ཡུལ་དུ་གྲགས་པ་ལེའུ་བདུན་པ་འབྲི་གུང་ལུགས་ལ་ལྕགས་སྡིག་གི་ཆོས་སྡེར་མཛད་པ་མི་འགལ་ཏེ་རྩ་རྒྱུད་དང་ཁ་སྐོང་གི་རྒྱུད་གཉིས་པོ་ལྕགས་སྡིག་ལྕགས་འདྲ་གཉིས་ཀའི་རྩ་བར་འགྲོ་ཞིང་། སེ་སྟོན་ཆེན་པོའི་གསན་ཡིག་ན་པད་ལུགས་སུ་ཡོད་པས་འདི་ཡང་དེ་ལྟར་དུ་བཀོད་དོ། །བལ་པོའི་སློབ་དཔོན་ནོར་འཛིན་དང་བོད་ཀྱི་ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ། སྡིག་པ་སྙིང་འཛིངས་རྩ་བའི་མན་ངག་གུ་རུ་པདྨས་མཛད་པ་གནུབས་ཆུང་སངས་རྒྱས་ཡེ་ཤེས་ཀྱི་ཁྱད་ཆོས་རོང་གི་གཡུང་ཕུའི་ཕ་བོང་གཡུ་སྒ་མོར་གཏེར་དུ་སྦས་པ་རྒྱ་སྟོན་རྡོ་རྗེ་འོད་འབར་གྱིས་སྤྱན་དྲངས་པ། སྒྲོན་མ་དྲུག་གསལ་བར་བྱེད་པའི་མན་ངག་གི་གནད་བསྡུས་པ་རིན་པོ་ཆེའི་འོད་འཕྲོ་ཕག་སྟོན་ཤཱཀྱ་མགོན་པོས་མཛད་པ། རྩ་རྒྱུད་སྡིག་པ་སྙིང་འཛིངས་ཀྱི་དོན་བསྡུས་མན་ངག་


GLG003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ལ་འགྲེལ་བའི་ཚུལ་དུ་ལག་ལེན་གསལ་བར་སྟོན་པ་མན་ངག་གསལ་བྱེད་སྒྲོན་མའམ་སྡིག་པ་སྙིང་འཛིངས་ཀྱི་མན་ངག་སྒྲོན་མ་དྲུག་པ་ཅེས་བྱ་བ་བྲག་ལྟག་པ་རྡོ་རྗེ་རིན་ཅེན་གྱིས་མཛད་པ། སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་པ་ཡང་གསང་རང་གཤེད་ནག་པོ་སྒྲོན་མ་དྲུག་པ་ལས་རི་རབ་ཀྱི་རྩེ་ལ་གནམ་ལྕགས་ཀྱི་སོ་བརྡར་བ་གསང་བ་ལས་ཀྱི་མཚོན་ཆ་བཞིའི་ནང་ཚན་མཐར་ཐུག་མཆོད་རྟེན་ནག་པོའི་དྲིལ་སྒྲུབ་གསང་བ་ཡང་གསང་རྣོ་ངར་དུ་བསྡེབས་པ་མཆོད་རྟེན་གསལ་བར་བྱེད་པའི་སྒྲོན་མ་སེ་སྟོན་ཆེན་པོ་རིན་ཅེན་རྒྱལ་མཚན་གྱིས་མཛད་པ། བྱང་བདག་རིགས་འཛིན་ཡབ་སྲས་ཀྱི་ཞལ་གདམས་གསང་བ་ལས་ཀྱང་ཆེས་གསང་བ་སྙིང་ནང་གི་ཁྲག་ལྟ་བུ་རྡོ་རྗེ་འཆང་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱིས་མཛད་པ། དྲག་སྔགས་ལས་ཀྱི་སྡེབ་ཡིག་སྒྲུབ་པ་དྲག་པོའི་བཟླ་ལུགས་གཉིས་ལས་སྔ་མར་ཡེ་ཤེས་སེམས་དཔའ་སྐུ་མདོག་སྨུག་ནག་དང་ཕྱི་མར་རྩ་བའི་ལྷ་རྣམས་གསལ་འདེབས་ལུགས་སོགས་སྦས་ཏིག་འདི་གནུབས་ལུགས་ཀྱི་སྦས་ཏིག་དང་མི་གཅིག་པས་འདིར་བཀོད་ཀྱི་པད་གནུབས་གང་དུ་གཏོགས་སླར་ཡང་ཕྱོགས་འདིར་ཚད་མར་གྱུར་པའི་སྔགས་འཆང་བྱུང་ན་དཔྱད་དོ། །ནག་པོ་སྙིང་འཛིངས་ཀྱི་མན་ངག་ཤིན་ཏུ་ཟབ་པ། ལས་ཐམས་ཅད་པའི་འཁོར་ལོའི་འགྲེལ་པ་ཞེས་བྱ་བ་སྦྱོར་བ་རྫས་ཀྱི་ཁྱད་པར། བསྙེན་སྒྲུབ་དྲག་སྔགས་ཀྱི་ཁྱད་པར། མཇུག་སྡུད་ལས་ཀྱི་ཁྱད་པར་དང་གསུམ་གྱིས་བསྟན་པའི་ཟབ་ཁྱད་ཅན། འཇམ་དཔལ་ཚེ་བདག་གཏེར་བརྒྱུད་ཀྱི་གསོལ་འདེབས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ་ཀུན་ཁྱབ་ཡེ་ཤེས་མ། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་བརྒྱ་མཁར་བ་སེ་སྟོན་རིན་ཅེན་རྒྱལ་མཚན་གྱིས་མཛད་པ། ཟིལ་གནོན་ལས་བྱང་གི་སྔོན་འགྲོ་ཁ་སྐོང་གི་སོ་སྡེབ་དང་བཅས་པ་ཆོས་རྒྱལ་མངྒའི་མཚན་ཅན་གྱི་ལྗགས་


GLG003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས། སེ་སྟོན་ལས་བྱང་གི་ཟུར་འདེབས་སྒོམ་དོན་ངག་ཏུ་བླང་བདེ་བའི་ཆེད་དུ་རྣམ་ངེས་རིན་ཅེན་སྒྲོན་མེའི་གསུང་རྒྱུན་ཚིགས་བཅད་དུ་བྱང་བདག་རིགས་འཛིན་ཆེན་པོས་བསྡེབས་པ། སྙིང་འཛིངས་གཏེར་སྲུང་གི་མཆོད་པ་འགྱུར་མེད་མ་དང་། ཁ་སྐོང་སྤྱན་འདྲེན་རིགས་འཛིན་པད་འབྱུང་མ་དང་བཅས་པ། ཟིལ་གནོན་མངོན་རྟོགས་རྒྱུན་ཁྱེར་སེ་སྟོན་རིན་ཅེན་རྒྱལ་མཚན་གྱིས་མཛད་པའི་དྲག་སྔགས་ཅོག་བརྡུང་དུ་གྲགས་པ། ཚེ་བདག་ནག་པོའི་རྒྱུན་ཁྱེར་གཏོར་འབུལ་བསྟོད་པ་བཟླས་པ་བཀྲ་ཤིས་སྨོན་ལམ་དང་བཅས་པ་ཚང་བའི་སྒྲུབ་ཐབས་ཟབ་བསྡུས་སྔགས་འཆང་ལེགས་ལྡན་རྡོ་རྗེའི་ཟབ་བཞེས། བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་འཕྲིན་ལས་ཀྱི་རིམ་པ་གསལ་བར་བྱེད་པའི་རྣམ་པར་ངེས་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་བརྒྱ་མཁར་བ་སེ་སྟོན་ཆེན་པོ་རིན་ཅེན་རྒྱལ་མཚན་གྱིས་མཛད་པ། ཁྲོ་བོ་ཕྱག་རྒྱ་ཟིལ་གནོན་གྱི་བམ་ཆེན་གསང་བའི་དབང་བསྐུར་བའི་ལག་ལེན་རྡོ་རྗེའི་ལས་རིམ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཕྱག་ལེན་ཇི་ལྟ་བ་གཡུང་གི་རྫ་ལྷུད་མོ་ནས་རྒྱ་ཞང་ཁྲོམ་གྱིས་གདན་དྲངས་པ། བརྒྱ་མཁར་བ་སེ་སྟོན་རིན་ཅེན་རྒྱལ་མཚན་གྱིས་མཛད་པའི་བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་དབང་གི་ཆོ་ག་ངེས་པའི་དོན་བདེ་བླག་ཏུ་འཇུག་པ། དགོངས་རྒྱུད་ཆེན་མོ་ལས་ཕྱུང་བའི་ཞི་བའི་སྦྱིན་སྲེག །རྒྱས་པའི་སྦྱིན་སྲེག །དབང་གི་སྦྱིན་སྲེག །དྲག་པོའི་སྦྱིན་སྲེག །ལས་ཀྱི་མཐའ་རྒྱས་སྲེག་པ་མེའི་སྦྱོར་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་སྒྲགས་ཀྱི་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱི་ཁྱད་ཆོས་ཕ་བོང་གཡུ་སྒ་མོ་ནས་རྒྱ་རྡོ་རྗེ་འོད་འབར་གྱིས་གདན་དྲངས་པ། རྟེན་མཁར་བརྩེག་པ། དམག་བཟློག་པ། གསལ་ཤིང་འཛུགས་པ། རྒྱ་བྲེ་བ། དྲོད་ཚད་བྱ་ར། འགྲུལ་སྲང་


GLG003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་པ། བླ་རྡོ། ཕྲ་མ། ཟ་ལམ། ལྷ་འདྲེའི་ཕོ་བྲང་གདབ་པ། དབང་པོ་བཞག་པ། དགྲ་ཟིན་གཡུལ་བསྐྲད་པ། དམག་ཟས་བྱིན་པ། སྒྲིབ་ཤིང་གཟུགས་པ་རྣམས་སྟོན་པའི་མན་ངག་གསེར་ཐུར། ཕྱི་ནང་གི་སྒྲུབ་པ་འགྲུབ་མ་འགྲུབ་ཀྱི་སྐྱོན་དང་། ཟ་ཁ་མ་ཁྲེལ་བ། ལོངས་སྤྱོད་ཆུང་ཞིང་འཁུ་ལྡོག་ཆེ་ན་སྤང་བླང་གི་མན་ངག །དངོས་ཉམས་རྨི་ལམ་གྱི་ངན་ལྟས་བཟང་ལྟས། ཁྲི་ལན་འཁོན་ནག་ཆ་བཞིར་བགོས་ཏེ། ལྟས་ངན་དངོས་གྲུབ་ཏུ་བླང་བའི་ཟབ་གནད་སྔགས་ནག་རྣམས་ཀྱི་གཅེས་ནོར། ཞེ་སྡང་ཐམས་ཅད་ཀྱི་བཅུད་ཕྱུང་བ་ཁྱད་པར་གྱི་གདམས་པ་ཚེ་བདག་ཙཀྲ་ཀཱིརྟིའི་མན་ངག་ཟབ་མོ། ཚེ་བདག་ནག་པོའི་ཐུན་གྱི་དམིགས་པ་དགུ་མ་རུས་སྦལ་སྙིང་གཟེར་ནག་པོའི་རྒྱུད་ཀྱི་ལེའུ་དྲུག་པ་ནས་ཕྱུང་བ། བར་གཅོད་བགེགས་ཀྱི་སྦྱོར་བ་མྱུར་མགྱོགས་ཀྱི་ཕོ་ཉས་བཟློག་ཅིང་གཞོམ་པ་ཐུན་རྫས་མདའ་ལྟར་འཕེན་པ་དྲག་པོ་ཟོར་གྱི་ལས། ཟོར་གྱི་བཀྲ་རྟགས་སྟོན་པ་རུས་སྦལ་སྙིང་གཟེར་ནག་པོའི་རྒྱུད་ཀྱི་ལེའུ་དྲུག་པ་ནས་ཕྱུང་བ། དེ་དང་འདྲ་མིན་གཅིག །ཕྱག་རྒྱ་ཟིལ་གནོན་གྱི་ཨུཥྞཱི་ཥ་ལ་བརྟེན་པའི་ཕྱིར་བཟློག །ངན་སྔགས་ཀྱི་བཅུད་ཕྱུང་བ་རྡོ་རྗེ་གནམ་ལྕགས་ཨུརྨོ་མུ་སྟེགས་ཁ་འབར་ནག་པོའི་རྒྱུད་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསྒྱུར་བ་ལྷ་སྔགས་ལ་དཔགས་ན་མན་ངག་ཟུར་པ་ཞིག་ཏུ་ཡིད་གཉིས་དང་གཏེར་སྟོན་ཀྱང་གསལ་བར་མ་བྱུང་རུང་། ད་ལྟ་རྒྱ་ཞང་གི་གཏེར་མར་ངོས་འཛིན་ཞིང་ཚེ་བདག་ལས་ཕྲན་དུ་མཛད་པ་ནི་ལས་ཕྲན་གྱི་རིགས་ལ་མཐའ་གཅིག་ཏུ་མ་ངེས་པས་མིན་ཞེས་གྱ་ཚོམ་དུ་སྨྲ་བར་མི་རིགས་མོད་སླར་ཡང་གནུབས་བན་ཟབ་ཆོས་ལ་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱིས་དཔྱད་པར་མཛོད་ཅིག །དུས་རྫས་སྔགས་ཏིང་ངེ་འཛིན་གྱི་སྦྱོར་བ་བཞི་དང་ལྡན་པས་སྦྱོར་བ་བཞི་པར་གྲགས་པ་ཚངས་པ་རླུང་གནོན་དུ་གཏེར་དུ་སྦས་པ་


GLG003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཞལ་གདམས་ལག་ལེན་མན་ངག་སྙིང་གི་ཡི་གེ །ཡང་བཟློག་གཟེ་མ་ཆུ་སྤར་བ་ནག་པོ། གོང་གི་ལག་ལེན་བླ་མའི་གསུང་བཞིན་བྲིས་པ་རྣམས། ལོ་ཟླ་ཞག་ཟ་མའི་སྐག་བཟློག །དགྲ་བོ་ལོངས་སྤྱོད་དང་བྲལ་བ། དམག་དཔུང་གཞོམ་པའི་སྦྱོར་བ། མཁར་དང་དབྲལ་བ། ཉི་ཀླུང་གུད་པ་གསོ་བའི་སྦྱོར་བ། དར་གུད་འཕོ་བའི་སྦྱོར་བ། ལྟས་ངན་དབབ་པའི་སྦྱོར་བ། ཡུལ་ཁམས་འཕུང་བའི་སྦྱོར་བ། རྟགས་གསོ་བའི་སྦྱོར་བ་རྣམས་སོ། །དེ་ཡང་ལྕགས་འདྲའི་ཆོས་སྡེ་ལ་ཐེམ་བྱང་སོགས་མེད་པས་ཆོས་ཀྱི་མཐའ་ཆོད་པ་དཀའ་མོད། འོན་ཀྱང་ལྕགས་འདྲ་པད་ལུགས་སུ་གྲགས་པ་ནི་པདྨའི་མན་ངག་རྩ་བ་སོར་བཞག་པ་ལ་དེ་དང་རྗེས་འབྲེལ་གྱི་ཡིག་སྣ་རྣམས་ལ་ངོས་འཛིན་ལ་མཇུག་གི་ལས་ཕྲན་རྣམས་མན་ངག་རྩ་བ་ལས་འཕྲོས་པའི་ངེས་པ་བཀའ་ཡང་མཛད་པ་པོ་སོགས་དང་བསྟུན་ཆོས་སྡེར་མཛད་ཅིང་། པད་ལུགས་ཚེ་བདག་གི་སྐོར་འདི་ཅུང་ཟད་ཉུང་བའི་རྒྱུ་མཚན་དེ་དུས་རྒྱལ་ཁྲིམས་གཉན་པས་མངོན་སྤྱོད་ལ་རག་མ་ལུས་པར་གནུབས་ཀྱིས་སློབ་དཔོན་ཆེན་པོ་ལ་གཤེད་སྐོར་གྱི་མཐའ་རྒྱ་གཅོད་པ་མ་བྱུང་བས་སོ། །གཉིས་པ་གནུབས་ལུགས་ཀྱི་སྐོར་ལ། རྒྱ་ཞང་ཁྲོམ་ཉ་མོ་ལྷ་ཁང་དུ་བྱོན་པས་རྣལ་འབྱོར་པ་དང་མཇལ་བའི་ལོ་རྒྱུས་སོགས་གཏེར་བྱུང་བསྡུས་པ་ཕུང་པོ་རི་བོ་ཆེའི་གཏེར་བྱུང་རྒྱས་པ། ཟབ་པའི་ཆོས་དྲུག་གི་དཀར་ཆག་དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད་དམ་རྡོ་རྗེའི་ཐོག་འབེབས་སྐུའི་རྒྱུད་ལེའུ་དགུ་པ་ལྷ་ཡུལ་དུ་གྲགས་པ་བལ་པོའི་སློབ་དཔོན་བྷ་སུ་དྷ་ར་དང་བོད་ཀྱི་ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བ་ར་ས་རུ་མཁའ་འགྲོ་དང་བཀའ་བགྲོས་ཏེ་བསྒྱུར་བ། དཔལ་ཚེ་བདག་ནག་པོའི་རྒྱུད་དྲག་


GLG003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་དེ་ཁོ་ན་སྲོག་དམར་ལེན་གྱི་སྤུ་གྲི་ཞེས་བྱ་བ་ལེའུ་བཅུ་གཉིས་པ། སྡིག་པ་སྙིང་འཛིངས་ཀྱི་དོན་སྤྱི་གཅོད་འཕྲུལ་གྱི་ལྡེ་མིག་སྒྲོན་མ་གསལ་བའི་སྤྲ་འཁྲིད་ཅེས་བྱ་བ་ལམ་འདི་ཉམས་སུ་ལེན་པ་ལ་མེད་དུ་མི་རུང་བའི་གདམས་པ་ཟབ་མོ་བལ་པོ་བྷ་སུ་དྷ་རས་མཛད་པ། ཟིལ་གནོན་སྒྲུབ་ཁོག་ཆེན་པོའི་ཚེ་བདག་ཁ་ཐུན་ནག་པོའི་སྐོར་གྱི་གཙུག་ལག་དཔལ་དགེའི་ངན་སྔགས་ཡང་མཛོད་ཅེས་པ་ལེགས་ལྡན་ཞབས་དང་ཆོས་རྒྱལ་མངྒའི་མཚན་ཅན་གྱི་གསན་ཡིག་ན་ཞིབ་པར་འདུག་པ་དང་འདི་གཉིས་ཞུས་དག་ཕེར་བ་ལྟ་བུ་ལ་གནམ་ལྕགས་སོ་བརྡར་དང་མཐིང་གི་བྱ་ར་དགྲམ་པ་གཉིས་ངོས་འཛིན་མི་མཐུན་པ་ཙམ་འདུག །ལེགས་ལྡན་རྗེ་དང་བྱང་པ་རིགས་འཛིན་གྱི་ལྕགས་འདྲ་གནུབས་ལུགས་གསན་ཡིག་ན་སྒྲུབ་ཁོག་ཆེན་པོའི་རྩ་བ་ཞེས་འདི་བགྲངས་འདུག་པས་སྒྲུབ་ཁོག་རྩ་བ་དང་ཁ་ཐུན་ཡང་མཛོད་གཉིས་གཅིག་གམ་འདྲ་མིན་ཡིན་དང་ཕན་ཚུན་འཕྲུལ་ཤེས་པ་སོགས་གང་ཡིན་དཔྱད་མ་བཟོད། འདི་ཁ་ཐུན་ཡང་མཛོད་ཡིན་ན་བརྒྱད་པ་ལྕགས་སྡིག་དང་གཅིག་ཅིང་དཔེ་རིས་རྣམས་ལྕགས་འདྲ་ལ་བལྟོས་དགོས་པ་གསན་ཡིག་ན་འདུག་གོ །རྩ་བ་ངན་སྔགས་སྙིང་ལ་སྡིག་པ་ནག་པོ་རུ་འཛིངས་དྲིལ་སྒྲུབ་གསང་བ་ལས་ཀྱང་གསང་བ་བསྟན་དུ་མེད་པ་རྒྱ་གར་མཁས་པ་གཙུག་ལག་དཔལ་དགེས་ངན་སྔགས་སུ་ཕྱུང་བ་ཡང་མཛོད་ཀྱི་གདམས་པ་ཤིན་ཏུ་གསང་བ་རྡོ་རྗེ་ནང་འགྲས་སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་པ་འཇམ་དཔལ་དྲིལ་སྒྲུབ་གསང་བ་བསྟན་དུ་མེད་པའི་ཞལ་འཁྲིད་གསང་བའི་མིག་ཕྱུང་ཡང་གསང་སྒྲོན་མ་བུདྡྷ་ཛྙ་ནའི་མན་ངག །འཁོར་ལོ་ལྟོ་བཤགས་ནག་པོའི་ཞལ་འཁྲིད་བུདྡྷ་ཛྙ་ནའི་གདམས་པ། དཔལ་གཤིན་རྗེའི་རྒྱལ་པོའི་འཁོར་ལོ་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ་ཕྱི་མཆོད་རྟེན་ལ་བརྟེན་པའི་ཡང་གསང་སྙིང་པོ་དོན་གྱི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་ཁྲག་འཐུང་ནག་པོའི་ཞལ་གདམས། སྡིག་པ་ནག་པོ་སྙིང་


GLG003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འཛིངས་ལས་ཡང་གསང་སྤྲ་འཁྲིད་སྒྲོན་མ་འབྲི་གུང་པའི་ཕྱག་དཔེར་འདི་སྐོར་ལྕགས་སྡིག་ཏུ་ངེས་བཟུང་འདུག་པ་ད་ལྟ་ལྕགས་འདྲའི་ཁོངས་སུ་སོམ་ཉི་མེད་པར་ངོས་འཛིན་ཡང་གསང་སྔགས་ཟབ་མོའི་གནད་གསང་འདི་རྟོགས་པར་དཀའ་བས་ད་དུང་མཁས་པ་འདྲ་དང་ཕྲད་ན་དྲི་བསྡུར་བྱའོ། །གུ་རུ་ཁྲག་འཐུང་ནག་པོའི་ཞབས་ཀྱིས་མཛད་པ། གསང་བ་ཡང་གསང་དུ་བསྡེབས་པ་རྒྱ་གར་གྱི་མཁན་པོ་ཁྲག་འཐུང་ཞབས་ཀྱི་ཞལ་གདམས། མཆོད་རྟེན་ལག་ཏུ་བླང་བའི་སྤྲ་འཁྲིད་སྒྲོན་མ། གཤིན་རྗེ་ཚེ་བདག་ནག་པོའི་མཆོད་རྟེན་གྱི་ཐིག་གདབ་ལུས་རྒྱུད་དང་བྷ་སུ་དྷ་རའི་ཕྱག་བཞེས་བཞིན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ། ཚེ་བདག་ནག་པོའི་མཆོད་རྟེན་ལ་བསྟོད་ཅིང་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མ་སློབ་དཔོན་བྷ་སུ་དྷ་རས་མཛད་པ། འཁོར་ལོའི་གདམས་པ་སྤུ་འཁྲིད་གསང་བ་གཙུག་ལག་དཔལ་དགེས་བལ་ཡུལ་ཡམ་བུའི་དགོན་པར་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་བ། གསང་བ་ཙིཏྟ་ལ་བརྟེན་པའི་གདམས་པ་སྒྲོན་མ་སྤྲ་འཁྲིད་ནང་ནས་རང་གཤེད་གསད་པའི་སྙིང་ཐུན་སྒྲོན་མ་མནན་པའི་ལས་དྲག་སྔགས་ཀྱི་རྒྱལ་པོ་ཡང་གསང་བཅུད་གཅིག་པའི་མན་ངག་སྲོག་གི་འཁོར་ལོ། སྔགས་ཀྱི་འཁྲུལ་འཁོར་སྡིག་པ་སྙིང་འཛིངས་དྲག་པོ་དབང་སྡུད་ཀྱི་མན་ངག །ལྷ་སྲིན་མིང་སྲོག་འཕྲོག་པའི་ཏིང་ངེ་འཛིན་སྔགས་པར་ངག་གཤེད་འབེབས་པའི་གཤེད་མ། རང་གཤེད་སྡིག་པ་སྙིང་འཛིངས་ཀྱི་ངག་ཀྱི་འབྲུ་བཤད་ཐེམས་ཡིག །ཨྱེ་རིང་དྲག་པོ་སྔགས་ཀྱི་འབྲུ་འགྲེལ་སྔགས་པ་རུ་ཏྲ་ནག་པོའི་གཤེད་མ་ཡང་མཛོད་ཀྱི་གདམས་པ། སྟོང་སྲོག་འཁོར་ལོ་ནག་པོ་དྲག་སྔགས་ཀྱི་ཡང་སྙིང་དྲིལ་བ་སྟོབས་ཆེན་ནུས་པ་དབྲལ་ཞིང་


GLG003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཤིག་པ། གུ་རུ་གཙུག་ལག་དཔལ་དགེས་གནུབས་ལ་གནང་བའི་ཡང་མཛད་གདམས་པ་སྔགས་ཐེམས། ལུས་སོ་སྤུ་གྲི་གསུམ་ལ་བརྟེན་པས་སྟོང་སྲོག་གཅིག་ཏུ་བསྡེབས་འདི་མེད་ན་ཡུངས་ཀར་སྤང་ལ་གཏོར་བ་དང་འདྲ་བར་གསུངས། པའི་ཞལ་འཁྲིད་གཡས་རུ་རྡོ་རྗེ་སྒྲོན་བུ་ཉུག་གི་བྲག་ནས་རྒྱས་སྤྱན་དྲངས་པ། དྲག་སྔགས་རྣམ་པར་བཤད་པའི་འགྲེལ་པ་སྔགས་དོན་གསལ་བར་བྱེད་པའི་སྒྲོན་མེ། ལྷ་སྒོམ་པའི་རིམ་པ་ཞེས་བྱ་བ་ཕྱག་རྒྱ་རིན་པོ་ཆེ་གསལ་བའི་སྒྲོན་མ། བྷ་སུ་དྷ་རས་གནུབས་ལ་གཏད་པ། མཆོད་བསྟོད་གསལ་འཇམ་དཔལ་རྫུས་སྐྱེས་ཞེས་པ་སློབ་དཔོན་ཆེན་པོར་ངོས་འཛིན་ན་ལྕགས་འདྲར་གཏོགས་སམ་སྙམ་པར་དཔྱད། བའི་སྒྲོན་མེ་ཞར་བྱུང་ཡུམ་གྱི་བསྐུལ་དང་བཅས་པ། བསྲུང་བ་བསམ་གཏན་སྟོང་སྲོག་གི་འཁོར་ལོའི་བྲི་བརྒྱུད་བསྲུང་བཟློག་གཉིས་ཀྱི་མཐར་ཐུག་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་གར་དུ་ལན་གསུམ་བྱོན་ཏེ་གྲུབ་ཐོབ་གསུམ་ལ་ཞུས་ནས་ཕྱི་མ་བསམ་ཡས་མཆིམས་ཕུའི་བྲག་ལ་སྦས་པ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པ། དཔལ་གཤིན་རྗེ་ཚེ་བདག་ནག་པོའི་སྒྲུབ་ཐབས་གནུབས་ཀྱི་ལས་རིམ་གསལ་སྒྲོན་དུ་གྲགས་པ། གཤིན་རྗེ་ཚེ་བདག་ནག་པོའི་བམ་གྱི་བཀང་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་ཕུང་པོ་རི་བོ་ཆེ་ནས་རྒྱ་ཞང་ཁྲོམ་གྱིས་གདན་དྲངས་པ། གཤིན་རྗེ་ཚེ་བདག་ནག་པོའི་སྦྱིན་སྲེག་གི་ཆོ་ག་འཇམ་དཔལ་བཤེས་གཉེན་ནས་རྒྱལ་པོ་ཀུན་སྐྱོང་ཡན་ཆད་དུ་ཞལ་གྱི་གདམས་པར་གནས་པ་ལས་གཙུག་ལག་དཔལ་དགེས་ཡི་གེ་བཀོད་པ། ཕྱི་བུམ་པ་ལ་བརྟེན་ནས་ནད་གདོན་དག་པར་བྱེད་པའི་ཁྲུས། ནང་བསམ་གཏན་ལ་བརྟེན་ནས་སྡིག་སྒྲིབ་དག་པའི་ཁྲུས། ཆོས་ཉིད་ཀྱི་ཁྲུས་ལ་བརྟེན་ནས་སྟོང་པའི་གོ་ཆ་བླ་ན་མེད་པ། འབྱུང་བ་བཞི་ལས་ལ་བཀོལ་བའི་མཚོན་ཆ་ཟླ་གསང་ནག་པོའི་ནང་ནས་ཟབ་པའི་མཐར་


GLG003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་རྣལ་འབྱོར་པ་ཉལ་ཡང་དགྲ་འཆི་བར་ངེས་པ། བྱད་དང་ངག་འགྲོལ་བ་གསེར་གྱི་ལྡེ་མིག་བུམ་བཅས་དང་བྱད་འགྲོལ་བའི་ལག་ལེན་སྟོན་པའི་རྩ་བ། བུམ་བཅས་ཕན་ཡོན་བསྲུང་བ་འདྲི་ཐབས་རྨི་ལྟས་ལོ་རྒྱུས་མངོན་རྟོགས་རྣམ་པ་སྟོན་པ་སློབ་དཔོན་ཁྲག་འཐུང་ནག་པོས་རྡོ་རྗེ་གདན་གྱི་བྱང་ཕྱོགས་མཆོད་རྟེན་སྔོན་པོའི་ཁྲི་འཕང་ནས་གཏེར་བཏོན་ཏེ་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་བ་གཡུང་གི་རྫ་ལྷུད་མོ་ནས་རྒྱས་སྤྱན་དྲངས་པ། བྱད་འགྲོལ་གསེར་གྱི་ལྡེ་མིག་གི་མངོན་རྟོགས་དང་མཇུག་ཏུ་འདོན་རྒྱུའི་དམོད་བཅོལ། བྱད་འགྲོལ་བའི་འཁོར་ལོའི་གཟུངས་རིང་། བྱད་འགྲོལ་གྱི་ལག་ལེན་ཆོ་གའི་བྱ་ཐབས་བྱད་འགྲོལ་ཀུན་གྱི་བཅུད་ཕྱུང་བ་ཁྲིགས་བསྡེབས་ལག་ལེན་ཀུན་ཚང་མངའ་རིས་རིགས་འཛིན་ཆེན་པོས་མཛད་པ། རིགས་གསུམ་མགོན་པོ་ལ་བརྟེན་པའི་ཏིང་ངེ་འཛིན་གྱི་བསྲུང་བ་ཟབ་མོ། རིགས་གསུམ་མགོན་པོ་ལ་བརྟེན་པའི་བསྲུང་འཁོར་འདྲི་ཐབས། གླང་དམར་གྱི་བཟློག་པ། ཚེ་བདག་འཆི་བདག་སྲོག་བདག་གསུམ་གྱི་ཟ་ཡིག་བསྐྱེད་ཆོག་རྫོང་ཆེན་མ། འཇམ་དཔལ་ཚེ་བདག་ནག་པོའི་བཟློག་པའི་ལོག་གནོན་ཟབ་རྒྱ་ཅན་ཀུན་ཚང་བྲག་ནས་རྒྱས་སྤྱན་དྲངས་པ། གཏོར་ནག་ལ་བརྟེན་པའི་ཨུརྨོ་ནང་གཅོད་ཀྱི་ཕྱིར་བཟློག་དྲག་པོའི་སྔགས། འཇམ་དཔལ་གྱི་དྲག་སྔགས་ཐུགས་ཀྱི་བཅུད་བསྡུས་པ་མཚན་བརྗོད་ལས་རྡོ་རྗེ་རལ་གྲི་མ་ལུས་གཅོད་ཅེས་པ་ལ་བརྟེན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཟས་ལྷ་སྤྲུལ་པ་གསུམ་དབང་དུ་བསྡུ་པའི་མན་ངག །གཤིན་རྗེའི་གཏད་ཁྲམ་བཅུ་གཉིས་ཀྱིས་ཁྲམ་ལ་གཏད་པ། སྒྲོན་གསལ་གྱི་བར་གཅོད་ཉམས་ལེན་མ་ལྔ་ཡང་བཟློག་ཅེས་པ་མྱུལ་ལེ་སྐྲོད་པ། གནམ་ཐོག་


GLG003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ལུགས་སྲོལ་མིན་པའི་མ་ཧཱ་ཡོ་ག་དང་མཐུན་པའི་ལས་བྱང་། ལྷན་སྐྱེས་གནམ་ལྕགས་འབར་བའི་སྙིང་པོ་འབྲོག་ནག་སངས་རྒྱས་རྒྱལ་པོས་མཛད་པ། འཇམ་དཔལ་ཞི་བའི་སྒྲུབ་ཐབས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྣམས་དཔེ་རིས་སྐོར་ལ། མུན་སྨག་སྟེང་འོག་འཁོར་ལོ། ཞེ་སྡང་ཁྲོས་པའི་གཞུ་གཅག་པ། དེ་དང་འདྲ་མིན་གཅིག །གནམ་ལྕགས་སོ་བརྡར་མཆོག་ཕག །གསང་བ་ཙིཏྟ་ལ་བརྟེན་པའི་སྟེང་འོག་འཁོར་ལོ། མཆོག་ཕག་གསང་སྒྲུབ་སྟོང་སྲོག་འཁོར་ལོ། བཙད་པོ། སློབ་མ་དམ་ཉམས། དམ་ཚིག་གཅིག་པའི་སྔགས་པ། སྤྱིའི་སྦུན། བོན་པོ། ཨུརྨོ་མཁན་གསོད་པའི་ལིང་ག་དྲུག །གཏད་བཟློག་དྲིལ་སྒྲུབ། ངག་གནོན་དུ་ནན་ལྔ་པ་མཆོད་རྟེན་གྱི་འོག་ཏུ་གནོན་པའི་དཔེ་དང་བཅས་པ། གཏད་བཟློག་ཀླུ་བདུད་ལྟོ་འཁོར། རུས་སྦལ་གྱི་ལྟོ་བར་བྲིས་པའི་བསྲུང་བ་ཕྱག་རྒྱ་བསམ་གཏན། ལུས་ལ་འདོགས་པའི་བསྲུང་འཁོར། གསད་པ་གནམ་ལྕགས་ཨུརྨོ་སྦལ་སྡིག་མ། མ་ཉེས་པར་དགྲ་ལངས་ན་སེང་གེའི་ལྟོ་བར་གསད་པ། བཙད་པོར་སེང་གེ་ཁ་འཐབ། མ་མོ་མཁན་ལ་ཤྭ་ན་ལྕེ་འཐབ། གཤིན་རྗེ་མཁན་ལ་ཁྱ་མོ་གཤོག་འཐབ། སློབ་མ་ལ་རྡོ་རྗེ་མར་འཐབ། གཏད་མཁན་ལ་སྦྲུལ་ནག་ལྕེ་འཐབ། བྱ་ཁྱུང་མཁན་ལ་རྨ་བྱ་མཇིང་བསྣོལ། སྔགས་པར་རུས་སྦལ་ལྟོ་སྡེབ། དྲག་སྔགས་མཁན་ལ་སྟག་མོ་ཁ་འཐབ། དགེ་འདུན་གྱི་སྡེ་ལ་གླང་ཆེན་མཆེ་འཐབ། བོན་དང་མུ་སྟེགས་ལ་རྐང་མགྱོགས་བཟློག་པ། དྲག་སྔགས་མཁན་ལ་ཐོག་འཁོར། རུས་སྦལ་སྙིང་འཕྲོག་རུས་སྦལ་བསྣོལ་མ། སྟེང་དུ་ལྡིང་བའི་རུས་སྦལ་ལྟོ་འཁོར། རྣོན་པོ་ནང་གཅོད་ཙཀྲ་ཀཱིརྟི། འབྱུང་བཞི་ལས་བཅོལ་འཁོར་ལོ། གནམ་ལྕགས་སོ་བརྡར་འབྲུབ་ཁུང་། གསང་བ་ཙིཏྟའི་འབྲུབ་


GLG003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་། བསྣལ་བཟློག་དཀྲུག་པའི་འབྲུབ་ཁུང་ཕོ་ཉ་རྐང་མགྱོགས་བཟློག་པའི་འབྲུབ་ཁུང་། ཙིཏྟ་དཀྲུགས་པའི་འབྲུབ་ཁུང་། སྟོང་སྲོག་འབྲུབ་ཁུང་། ཐོད་པ་ཞལ་དབྱེ་དང་ཡུམ་འཁོར། སྟེང་གཅོད་ནམ་མཁའི་འཁོར་ལོ། འོག་འདེགས་རླུང་འཁོར། བྱ་ཁྱུང་སོ་བརྡར། གཏད་ཀྱིས་དམིགས་སྡིག་པའི་ལུས་ཚད། སྦྱིན་སྲེག་གི་སྟེང་གཅོད། སྦྱོར་བའི་འཁོར་ལོ། གདན་འཁོར། འོག་འདེགས། སྟེགས་པའི་རུས་སྦལ་མཆོད་རྟེན་གྱི་ཕྱི་ནང་། སྒྲུབ་གཏོར། མཆོད་གཏོར། གཏེར་བསྲུངས་གཏོར་མ། བམ་བཀང་རྣམས་སོ། །འདི་ཙམ་ཁོ་བོས་ཐོས་པ་ཡིན་ཞིང་གཞན་ཡང་ཟོར་གྱི་བྱུང་རབས་རྒྱལ་བ་སོགས་དང་བསྲུང་བཟློག་གསད་མནན་གྱི་ཡིག་སྣ་མང་བ་ཟུར་ཀུན་མཁྱེན་རྩ་བའི་བླ་མ་སོགས་ཀྱིས་གཟིགས་པ་དང་མིང་གི་རྣམ་གྲངས་གསན་པ་བྱུང་འདུག་ཀྱང་ཆོས་རྒྱུན་མ་རྙེད་མོད། གཙོ་ཆེ་བའི་དངོས་དོན་གྱི་སྙིང་པོ་ནི་མ་ཚང་བ་མེད་དོ། །དེ་ཡང་ཚེ་བདག་ལྕགས་སྡིག་དང་ཡང་བཟློག་སོགས་ལ་མཁས་ཤིང་སྒྲུབ་པ་བརྙེས་པའི་འབྲི་གུང་པ་རིགས་འཛིན་ཆོས་ཀྱི་གྲགས་པས་ལྕགས་འདྲའི་དོན་ལྕགས་སྡིག་དང་འདྲ་བས་ན་ལྕགས་འདྲར་བཤད་པའི་སྒྲུབ་བྱེད་དང་འདྲ་བའི་ཕྱོགས་དངོས་མ་ཡིན་པས་ལྕགས་འདྲ་མི་ཟབ་པར་གསུངས་པ་ནི་ཅུང་ཟད་འཐད་པར་མ་སེམས་ཤིང་། གསུང་ལ་དཔགས་ན་འབྲི་གུང་ཕྱོགས་སུ་ལྕགས་འདྲ་དེ་ཚེ་བདག་པད་ལུགས་ཡིན་ཁུལ་ལས་མཐའ་ཆོད་པར་ཡོད་པ་ཞིག་མ་མངོན། འབྲུག་པ་པད་དཀར་གྱི་ཚེ་བདག་ལས་བྱང་དུ་བཀའ་བརྒྱད་ཀའི་ཟོར་དང་ཤར་ཕྱོགས་སྒོ་མ་རྟ་གདོང་དཀར་སོགས་ཚེ་བདག་ལ་ཡོང་དོན་མེད་པ་མང་པོ་བཀའ་བརྒྱད་གསང་རྫོགས་ནས་བྲིས་པའི་རྫ་གཅོག་སྣ་ཚོགས་འདུག་པར་བརྟེན་ཆོས་


GLG003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཅོ་འབྲིའི་ཚུལ་དུ་དྲི་བ་མཛད་པའི་ལན་དུ། པདྨས་མི་མཁྱེན་གནུབས་ཀྱིས་ཤེས་སྨྲ་མིན། །དང་པོ་ཟབ་སྦས་ཕྱི་མ་གསལ་བསྟན་ཡིན། ཞེས་པད་ལུགས་ལ་ཟབ་མོ་རྣམས་སྦས་པས་མི་ཟབ་པ་དང་གནུབས་ལུགས་གསལ་བར་བསྟན་པས་ཟབ་ཁུལ་གསུང་པའི་དོན་འབྲུག་པ་པད་དཀར་གྱི་ཞེ་འདོད་ལ་ལྕགས་འདྲ་དཔེ་ལུགས་དང་། ལྕགས་སྡིག་གནུབས་ལུགས་སུ་བྱས་ནས། བཀའ་འབྱེད་དུ། ཨོ་རྒྱན་པདྨས་མཛད་པ་ལ༔ ཆོས་ཚན་སུམ་ཅུ་རྩ་བརྒྱད་ཡོད༔ འཁོར་ལོ་ཉི་ཤུ་རྩ་བདུན་ཡོད༔ ཤོག་ལྡེབས་གསུམ་ལ་ཚང་བར་ཡོད༔ སྡིག་པའི་ཆོས་ལ་བསྒྲིག་ཏུ་མེད༔ ཐུན་མོང་བསྲུང་མཚམས་ཙམ་དུ་འགྲོ༔ ཞེས་པ་དེ་ལྕགས་འདྲ་པད་ལུགས་ཡིན་ཁུལ་དུ་བསམས་ནའང་པད་ལུགས་ནི་མན་ངག་རྩ་བ་ལ་ཟེར་བས། དེ་ལ་ཆོས་ཚན་སུམ་ཅུ་རྩ་བརྒྱད་མེད་ཅིང་ཤོག་ལྡེབས་ཀྱང་གསུམ་ལས་མང་བས་བཀའ་འབྱེད་ཀྱི་ནང་དུ་རིགས་འཛིན་རྣམས་ཀྱིས་མཛད་ཅེས་བགྲངས་བ་དེ་རྣམས་ལྕགས་འདྲ་རང་ལ་ཕྱི་སྐོར། ལྕགས་འདྲ་ནང་སྐོར་ཐོག་འདྲ། གསང་སྐོར་གནམ་ཐོག་ཆེན་མོའི་སྐོར་གསུམ་དུ་བཤད་པའི་ཕྱི་སྐོར་ལྕགས་འདྲའི་ཆོས་ཚན་དུ་གཏོགས་ནའང་། མན་ངག་རྩ་བ་སོགས་དང་གནུབས་ལུགས་ཀྱི་ལྕགས་འདྲ་གོང་དུ་སྨོས་པ་རྣམས་ནི་གནམ་ཐོག་ཆེན་མོའི་སྐོར་ཤིན་ཏུ་ཟབ་པ་སྟེ། རྒྱུ་མཚན་བྷ་སུ་དྷ་རས། གཞལ་ཡས་ཁང་ལྷུན་གྲུབ། ལྷ་ལྐོག་བཞེངས། སྔགས་ཐུག་ཕྲད་ཡིན་ཚུལ་སྤྱི་གཅོད་དུ་གསལ་བར་གསུངས་སོ། །འབྲུག་སྤྲུལ་གྱིས་ལྕགས་སྡིག་ལས་གཞན་པའི་ལྕགས་འདྲའི་གནུབས་ལུགས་ཡེ་རྩད་མ་ཆོད་ཅིང་། བཀའ་འབྱེད་ཀྱི་ཚིག་དེས་འཁྲུལ་གཞི་བྱས་ནས་རྗེ་འབྲི་གུང་པ་དང་འབྲུག་པ་


GLG003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ཚེ་བདག་པད་ལུགས་མི་ཟབ་ཅིང་ལྕགས་སྡིག་ཟབ་པར་བཞེད་ཀྱང་གནམ་ཐོག་ཆེན་པོའི་ལམ་སྲོལ་གྱི་ལྕགས་འདྲའི་པད་གནུབས་གཉིས་ཀའི་སྐོར་དང་། ལྕགས་སྡིག་གི་སྒྲུབ་ཐབས་ཆེ་འབྲིང་གཉིས་སུ་རྒྱུ་དང་རྐྱེན་ལས་མ་བསྐྱེད་པར་ལྷ་བསྒོམ་པ་སོགས་གནམ་ཐོག་ཆེན་པོའི་ལམ་སྲོལ་དང་མཐུན་ལ། སྒྲོན་མ་དྲུག་གི་འཁོར་ལོ་སོགས་མན་ངག་དངོས་བསྟན་གང་ཡོད་ཟབ་མཉམ་ལས་ལྕགས་སྡིག་ལ་སྒེར་དུ་ལྷག་པར་མེད་ཅིང་། ལྕགས་སྡིག་ཟབ་པར་གྲགས་པ་ལྕགས་འདྲ་ལུགས་གཉིས་ལ་མེད་པའི་འཁོར་ལོ་བཅུ་གསུམ་ལྷན་ཅིག་ཏུ་ལག་ཏུ་ལེན་པ་སོགས་འཁོར་ལོ་མན་ངག་རྣམ་གྲངས་མང་བ་ཙམ་གྱིས་ཟབ་པར་གྲགས་པ་ཡིན། ལྕགས་སྡིག་ལས་བྱང་མ་ཧཱ་ཡོ་ག་ལྟར་བསྒོམས་པས་ལྕགས་སྡིག་ཐམས་ཅད་གནམ་ཐོག་ཆེན་པོའི་ལམ་སྲོལ་ཡིན་མིན་ཀྱང་དཔྱད་དགོས་སོ། །འབྲི་འབྲུག་གཉིས་ཀར་གནུབས་ལུགས་ཡིན་ན་ལྕགས་སྡིག་ཡིན་པ་ལས་འོས་མེད་དེ་འདྲ་ཧ་ཅང་ཐལ་ཆེས་པར་མངོན་ཏེ། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། གནུབས་ཀྱི་བན་ཆུང་སངས་རྒྱས་ངས༔ ལོ་ནི་བརྒྱ་དང་སུམ་ཅུ་ལོན༔ ཉོན་མོངས་བོད་ཡུལ་དབུས་སུ་ལངས༔ འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ༔ རྒྱ་གར་ཡུལ་དུ་ལན་བདུན་ཕྱིན༔ དཀར་ཆག་གནུབས་ཡུལ་རོང་དུ་བཏབ༔ རྩལ་ཆེན་རྡོ་རྗེ་སྒྲོམ་བུར་རྫོགས༔ བླ་མ་བཅུ་གཅིག་ཞབས་ནས་བཏེག༔ འོན་ཀྱང་མཁས་པ་བཞི་ལ་གཏུགས༔ སློབ་དཔོན་དཔལ་གྱི་སེང་གེ་དང་༔ རྒྱ་གར་ཁྲག་འཐུང་ནག་པོ་དང་༔ འཕུང་བྱེད་ཤིནྟཾ་གརྦྷ་དང༔ བལ་པོ་བྷ་སུ་དྷ་ར་བཞི༔ མཁས་པ་བཞི་ཡི་ཐུགས་བརྟོལ་ནས༔ ཟབ་པའི་ཆོས་དྲུག་ཐུགས་ལ་བཅངས༔
གཞན་ཡང་གདམས་ངག་རྩིས་ལས་འདས༔ ཞེས་བཤད་མ་ཐག་པའི་མཁས་པ་བཞིའི་མན་ངག་རྣམས་བོད་དུ་གདན་དྲངས་པའི་ནང་ཚན་ཚེ་བདག་གི་སྐོར་རྣམས་ལྕགས་འདྲ་གནུབས་ལུགས་ལས་འོས་མེད་ཅིང་། ལྕགས་འདྲ་ཟབ་པའི་མཐར་ཐུག་གནམ་ཐོག་ཆེན་པོའི་ལམ་སྲོལ་པད་གནུབས་གཉིས་ཀར་ལམ་གྱི་གནད་ལ་ཁྱད་པར་མེད་པ་ས་ཕྱོགས་འདི་ལ་འཁྲུལ་པའི་དྲི་མ་ཙམ་ཡང་མི་མངའ་བའི་བརྒྱ་མཁར་བ་སེ་སྟོན་རིན་ཅེན་རྒྱལ་མཚན་གྱི་གསུང་ལས། དེ་ལྟར་ཚེ་བདག་ཕྱག་རྒྱ་ཟིལ་གནོན་ལམ། །པདྨའི་མན་ངག་རྩ་བ་སོར་བཞག་ལ། །པད་ལུགས་ཞེས་གྲགས་གནུབས་ཀྱི་ཡང་མཛོད་འདི། སྒྲུབ་ཁོག་སོར་བཞག་གནུབས་ལུགས་ཞེས་གྲགས་མོད། །ལམ་གྱི་གནད་ལ་ཁྱད་པར་ཅི་ཡང་མེད། འོན་ཀྱང་འཕྲིན་ལས་བྱང་བུའི་བརྗེད་བྱང་ལ། །ཁྱད་པར་ཅུང་ཟད་ཡོད་པ་ལེགས་ཕྱེ་ནས། འདིར་ནི་པདྨའི་ལུགས་ཉིད་གསལ་བར་བྱས། །ཞེས་པས་ཀྱང་ཤེས་པར་ནུས་ལ་ཧ་ཅང་རྒྱས་པ་ཚིག་མང་བས་མ་སྤྲོས་སོ། །

འཇམ་དཔལ་གཤིན་རྗེ་ཚེ་བདག་གནམ་ལྕགས་ཨུརྨོའི་སྐོར།


GLG003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འཇམ་དཔལ་གཤིན་རྗེ་ཚེ་བདག་གནམ་ལྕགས་ཨུརྨོའི་སྐོར་ནི་མཁས་པ་ལ་ལ་དག་ནང་སྐོར་ཐོག་འདྲའི་སྐོར་ཡིན་ཞེས་ངོས་འཛིན་པར་མཛད་པ་གནམ་ལྕགས་ཀྱི་ཐོག་ལྟ་བུས་གང་ལ་ཡང་ཐོག་ཐུག་མེད་པའི་རྒྱུ་མཚན་གྱིས་ཐོག་འདྲར་སྒྲ་བཤད་དུ་རུང་མོད། སྐོར་གསུམ་དུ་ཕྱེ་བའི་ཐོག་འདྲར་ངོས་འཛིན་པར་མི་རུང་བ་འདྲ་སྟེ། རིམ་པ་གསུམ་པོ་ལ་ཟབ་ཁྱད་ཡོད་ལ། ཨུརྨོའི་སྐོར་འདི་གནམ་ཐོག་ཆེན་པོའི་སྐོར་ལས་ཀྱང་ཆེས་ཆེར་རྣོ་ཞིང་མྱུར་བས་སོ། །སྤྱིར་ཚེ་བདག་ལ་རྣོན་པོ་ནང་གཅོད་བསྲུང་བའི་རྣ་ཆ། ཁྲོ་འདུས་བཟློག་པའི་རྣ་ཆ། འཁྲུལ་འཁོར་རྒྱས་སྡེབ་སྡེབས་ཀྱི་རྣ་ཆ། རླུང་ནག་འཁྲུག་པ་འབྱེད་


GLG003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣ་ཆ། དུ་རི་ཁ་མནན་པའི་རྣ་ཆ། ཆར་ཀ་ནག་པོ་མདོས་ཀྱི་རྣ་ཆ། སྲོག་དམར་ལེན་གསད་པའི་རྣ་ཆ། ཨུརྨོ་ངན་སྔགས་ཀྱི་རྣ་ཆའམ། ཡང་ན་ཁྲོ་འདུས་བཟློག་པའི་རྣ་ཆ། ཨུརྨོ་གསད་པའི་རྣ་ཆ། ཆར་ཀ་ཟོར་གྱི་རྣ་ཆ། ཀིང་ཀང་མནན་པའི་རྣ་ཆ། ཁ་ཐུན་ཐོད་པའི་རྣ་ཆ། འཁྲུལ་འཁོར་རྒྱས་སྡེབ་སྡེབས་ཀྱི་རྣ་ཆ། རླུང་ནག་འབྱེད་པའི་རྣ་ཆ། ས་འཚོལ་དུ་རི་གཏད་ཀྱི་རྣ་ཆ་བརྒྱད་དུ་བཤད་པའི་གསད་པའམ་ངན་སྔགས་ཀྱི་རྣ་ཆར་ཡང་ངོས་འཛིན་པས་ལྕགས་སྡིག་ལྕགས་འདྲ་གཉིས་ལས་ལོགས་སུ་འདྲེན་རིགས་སམ་སྙམ། གདམས་པ་འདི་ལྕགས་སྡིག་ལྕགས་འདྲ་གཉིས་ལས་ཐུགས་གཙིགས་ཆེ་བའི་མནོག་ཆོས་ཡིན་པའི་རྒྱུ་མཚན་གནུབས་ཀྱི་གསུང་ལས། ཡང་སྙིང་ཐུགས་དམ་གསང་བ་འདི༔ ན་ལ་ཡོད་པ་མ་ཡིན་ཏེ༔ ཙིཏྟའི་དཀྱིལ་དུ་གསང་རྒྱ་ཐོབ༔ སྣོད་ལྡན་ཆིག་བརྒྱུད་མ་གཏོགས་པ༔ ཀུན་ལ་སྤེལ་ན་ཆོས་སྐྱོང་འཁྲུག༔ ཅེས་བཀའ་རྒྱས་བཏབ་པའི་སྐོར་འདི་ལ་སཱཙྪ་དཀར་ནག་གི་ཨུརྨོ་དང་གནམ་ས་ལྟོ་བ་དཀྲུག་པའི་ཨུརྨོ་གཉིས་གནམ་ས་ལྟོ་བ་དཀྲུག་པའི་ཨུརྨོ་ནི་ལྕགས་སྡིག་ལྕགས་འདྲ་གཉིས་ཀར་མི་གཏོགས་པའི་ཟབ་ཁྱད་རྣོ་འདོན་མ་ཡིན་ལ། ཨུརྨོ་སཱཙྪ་དཀར་ནག་ནི་བྱང་ལུགས་ལ་གནམ་ས་ལྟོ་དཀྲུག་དང་ཆོས་སྡེ་གཅིག་ཏུ་མཛད། འབྲི་གུང་ལུགས་ལ་མཚོན་ཆ་ལས་འཁོར་དུ་ངོས་འཛིན་སོ་སོའི་རྒྱུན་གཉིས་ཀ་ཐོབ་པས་འདིར་ཡང་བཀོད་ལ། གསང་སྒྲུབ་སྐོར་ལྕགས་སྡིག་ཏུ་ངོས་འཛིན་མི་འཛིན་ཇི་ལྟར་ཡང་གནམ་ས་ལྟོ་དཀྲུག་ལག་ཏུ་ལེན་པའི་ལྷན་ཐབས་སུ་མེད་ཐབས་མེད་པ་ཞིག་ནི་འདུག་གོ །ལས། དང་པོ་ནི། དྲག་སྔགས་ཐམས་ཅད་ཀྱི་ཉིང་ཁུ། སྲོག་གཅོད་ཐམས་ཅད་ཀྱི་སྤུ་གྲི། བསྲུང་བ་ཐམས་ཅད་ཀྱི་རྒྱལ་པོ། ཟློག་པ་ཐམས་ཅད་ཀྱི་མཐར་ཐུག་ངན་སྔགས་ཐམས་ཅད་ཀྱི་ལྟོ་དྲིལ། གཞན་


GLG003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངན་སྦྱོར་བཤིག་པ་ལ་སོགས་པའི་མན་ངག་གི་མཐར་ཐུག་འདི་ལ་བཅས་དང་བོད་རྦད་གསད་གསུམ་གྱི་གནད་ལ་བརྟེན་ཏེ་བྱད་མ་མཁན་པོ་ངག་མནན་ཏེ་རང་གཤེད་འབེབས་པ་ཚེ་བདག་ནག་པོའི་གསང་སྒྲུབ་རལ་གྲི་ངར་མ། སྐྱེ་བོ་ཕོ་མོ་གསོད་ན་ཁ་བསྒྱུར་དང་གཡུ་སྦྱར་བཅུ་བཞི་བསྟན་པ་ཚེ་བདག་ནག་པོའི་གསང་སྒྲུབ། གཉིས་པ་ནི་རྡོ་རྗེ་ཨུརྨོ་གནམ་ས་ལྟོ་བ་དཀྲུག་པའི་མན་ངག་བན་དགྲ་དེ་བསོད་ནམས་ཆུ་བཅད་པ་བཞིན་དུ་སོང་ནས་མི་ནོར་ཐམས་ཅད་ཟད་དེ་སྤྲད་མཐར་སྲུང་མ་བདུད་དུ་བབས་ནས་འཆི་བའི་མན་ངག་རྣམས། ཨུརྨོ་གསང་སྒྲུབ་ཀྱི་སཱཙྪར་འཇུག་པའི་ལིང་ག །གནམ་ས་ལྟོ་བར་དཀྲུག་པའི་སྟེང་འཁོར་འོག་འཁོར་གཞུང་གི་དངོས་བསྟན་དང་མི་འདྲ་བའི་ཟབ་ཁྱད་ཆོས་རྒྱལ་མངྒའི་མཚན་ཅན་གྱི་ཕྱག་བཞེས་མ་རྣམས་སོ། །གསུམ་པ་འཇམ་དཔལ་གཤིན་རྗེ་ཚེ་བདག་ལྕགས་སྡིག་ནག་པོའི་སྐོར་ནི། བཀའ་འབྱེད་དུ་ཕྱི་སྐོར་ནང་སྐོར་གསང་སྐོར་ཏེ་གསུམ་དུ་གསུངས་པའི་གནམ་ཐོག་གི་སྐོར་ཡིན་ལ། དེ་དག་ནི་ཇི་སྐད་དུ། བན་ཆུང་བདག་གིས་བོད་དུ་འོངས༔ སྒྲགས་ཀྱི་གྲོང་ཁྱེར་བདུན་ཅུ་གཏན་ལ་ཕབ༔ ཡིག་སྣ་འདི་ཉིད་བལ་ཡུལ་ཡམ་བུའི་ཚལ་དུ་སྐྱེལ་སྙམ་སྟེ༔ ན་སོའི་དབང་གིས་ཡོངས་མ་འཁྱོལ༔ གནམ་ལྕགས་ཨུརྨོའི་ཆོས་སྐོར་འདི༔ མ་ལི་སྐོར་རྣམས་ལྷུད་མོའི་རྫ་ལ་སྦས༔ བུ་ཡི་སྐོར་རྣམས་རྡོ་རྗེ་སྒྲོམ་བུར་སྦས༔ བན་ཆུང་ང་འདྲ་གཅིག་ལ་སྨོན་ལམ་བཏབ༔ དེ་ནས་ཞང་ཁྲོམ་ཉིད་ཀྱིས་ཐོན༔ ཞེས་པ་ལྟར་མ་བུ་གཉིས་སུ་བྱས་ཏེ་གཏེར་དུ་སྦས་པ་སྤྲུལ་སྐུ་ཞང་ཁྲོམ་གྱིས་སྤྱན་དྲངས་པ་ཡིན་པས་དེའི་ཆོས་སྡེའི་བཞུགས་ཚུལ་ནི། དྲེགས་པ་ཕྱག་ན་རྡོ་རྗེ་ཡིས༔ ཏིང་འཛིན་ཉིད་ཀྱིས་རབ་


GLG003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ནས༔ ལྕགས་སྡིག་ལུས་ཀྱི་ཕྱི་ནང་ལ༔ དཔེ་དང་བརྡ་ཡིས་མཚོན་པས་ནི༔ གནམ་ལྕགས་ཆོས་སྡེ་ཚང་བར་འདུག༔ ཏིང་ངེ་འཛིན་གྱི་སྡིག་པ་བཤགས༔ རིགས་འཛིན་རྣམས་ཀྱི་དོན་སླད་དུ༔ ཆུ་དར་སྔོན་པོའི་ལོགས་དག་ལ༔ རིན་ཅེན་གསེར་གྱི་ཡི་གེར་བཏབ༔ འདོད་ཆགས་ཀོ་བསེའི་སྡིག་པ་བཅོས༔ ལུས་དབྱིབས་མགོ་དང་རྭ་དང་བཅས༔ ཡན་ལག་མཇུག་མ་གཉེར་མ་དང་༔ དོན་སྣོད་བུ་ག་དགུ་རྣམས་ལ༔ སོ་སོར་རང་རང་ཆོས་སྡེ་བཅས༔ བསེ་སྡིག་ཁྲོ་ཆུའི་སྒྲོམ་དུ་བཅུག༔ དུར་ཁྲོད་བསིལ་བའི་ཚལ་དུ་སྦས༔ ཞེས་གསུངས་པའི་དུར་ཁྲོད་བསིལ་བའི་ཚལ་གྱི་ཆོས་སྡེ་ཕུང་བྱེད་ཤིནྟཾ་གརྦྷས་བཏོན་ཏེ་རིམ་གྱིས་བརྒྱུད་ནས་གནུབས་ལ་བཀའ་བབས་པ་ལྟར་དཀར་ཆག་ཏུ་བཏབ་པའི་བཞུགས་ཚུལ་བཞིན་འགོད་པ་ལ་ལྕགས་སྡིག་ཁམས་ལྔའི་འོད་མདངས་ལས་བྱུང་བའི་སྨིན་བྱེད་དབང་གི་ཆོ་ག་མུ་ཏིག་འཕྲེང་བ། འདི་ལ་འཆི་བདག་བཅུ་གཉིས་ཀྱི་ལྷ་དབང་གི་ཟུར་རྒྱན་དགོས་པ་བྱང་པ་རིགས་འཛིན་གྱི་ཕྱག་དཔེར་ཡོད་ཅིང་ཁོ་བོས་ཀྱང་ངེས་དོན་བདེ་འཇུག་ཁ་འགེང་སྐབས་སྒོ་མ་བཞི་ཡན་ཆད་བསྐངས་བ་ཐོབ་པ་ཡིན། འབྲི་གུང་གི་ཕྱག་དཔེར་སྒྲོལ་གིང་ཞག་གཤེད་ཀྱི་དབང་སོགས་འདུག་པ་ནི་རྒྱས་པའི་ལུགས་ཤིག་ཡིན་ཤས་ཆེ་ཡང་གཏེར་གཞུང་དུ་ཡོད་མེད་མཐའ་མ་ཆོད། མཆུའི་རྩེ་མོ་ལས་སྡིག་པ་ནག་པོའི་གསང་བའི་སྐྱེ་རྒྱུད། ལུས་པོ་མཐིང་ནག་གྲུ་གསུམ་ལས་རྩ་རྒྱུད་སྡིག་པ་སྙིང་འཛིངས་ལེའུ་བཅོ་ལྔ་པ། དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་དམ་སྙིང་པོ་དོན་གྱི་གསང་རྒྱུད་བསམ་གཏན་ལྷ་ཡུལ་དུ་གྲགས་པ་མ་ཚང་བ་ཁ་སྐོང་བའི་རྒྱུད་ལེའུ་བདུན་པ་བལ་ཡུལ་གྱི་སློབ་དཔོན་བ་སུ་དྷ་ར་དང་བོད་ཀྱི་


GLG003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ། བྱང་བདག་རིགས་འཛིན་གྱི་ལྕགས་སྡིག་གི་གསན་ཡིག་ཏུ་ཡང་མི་འདུག་ཅིང་ལྕགས་འདྲར་ངོས་འཛིན་མཛད། མགོ་བོ་གྲུ་གསུམ་ལས་སྒྲུབ་ཐབས་སྙིང་གཟེར་ནག་པོ་ཞེས་པ་དཀྱིལ་འཁོར་བཞེང་ཞིང་འཇམ་བསྙེན་ལས་སྦྱོར་དང་བཅས་པ་བསྟན་པ། སྙིང་གཟེར་ནག་པོ་ལས་སྦྱོར་གྱི་ལག་ལེན་གནས་རྫས་མཆོད་རྟེན་འབྲུབ་ཁུང་། ཙིཏྟ་སྔགས་ཕན་ཡོན་ཏེ་དོན་བདུན་གྱི་སྒོ་ནས་བསྟན་པ་བཅའ་གཞི་རྒྱས་པའི་སྤྲ་འཁྲིད། བརྡུང་བའི་རྭ་གཉིས་ལས་ཕྱི་ཨྱེ་རིང་བསྣོལ་མ། ནང་བཟློག་པ། གསང་བ་དཀྲུག་པ། ཡང་གསང་དམར་ལེན་འབྲུ་བཤགས་སྤེལ་མར་བཟླ་ཐབས་ཨུརྨོ་གྱང་འགྱེལ་ལས་གཞི། བསྣོལ་མར་བཟླས་པའི་རྟགས་དང་བཟློག་དཀྲུག་འབྲུ་བཤགས་བྱ་བའི་དུས་བསྟན་པ་མན་ངག་༼འབྲི༽རྟགས་རིམ། ནང་རྒྱལ་སྡིག་པ་སྙིང་༼འབྲི༽འཛིངས་ཞེས་པ་སྒོམ་པ་ལྷ། རྟེན་འབྲེལ་རྫས། དྲག་པོ་སྔགས། འཁོར་ལོ་བཅའ་བའི་རིམ་པ་སྟེ་བཞིའི་སྒོ་ནས་བསྟན་པ་དྲག་པོ་ཨྱེ་རིངས་ལག་ཏུ་བླང་བྱ་ལག་ལེན་དམར་འཁྲིད་སྒྲོན་མ། རྩ་རྒྱན་གྱི་ལྷ་དང་ཧེ་རུ་ཀ་རིགས་ལྔའི་སྒོམ་ཐབས། འཛབ་གྱི་འཕྲོ་འདུ། བསྐྱེད་རྫོགས་ཆོས་སྐུའི་ལམ་ཁྱེར། རྒྱས་གདབ་གསུམ། གཞོམ་པ་གསུམ། རྩ་རྒྱན་གྱི་ལྷ་བསྒོམ་ཐབས། བདུད་བཞི་སློང་བ། སྟོང་སྲོག་སྒོས་སྲོག་གསང་སྔགས་ཀྱི་ཐེམས། བསྣོལ་དཀྲུག་བཟློག་བཤགས་ཀྱི་དམིགས་རིམ། གནས་གསུམ་དུ་རིགས་གསུམ་མགོན་པོ་བསྒོམ་པའི་དམིགས་རིམ་རྣམས། གོང་གི་བསྒོམ་ཐབས་ནས་འདྲ་མིན་འགོར་སྒོམ་པའི་གནད་དུ་གསལ་ཞེས་ཡོད་པའི་སྙིང་པོ་བསྡུས་༼འབྲི༽པ་ཚེ་བདག་གི་ལས་རྣམས་རྫོགས་སོའི་མཐའ་ཅན། ཕྱི་ཨྱེ་རིང་བསྣལ་མར་བཟླས་པས་སྟོང་ཉིད་བསྲུང་བའི་དྲ་གུར་གཞོམ་པ་


GLG003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཨྱེ་ཐུང་བཟློག་སྟེ་བཟླས་པས་གཤིན་རྗེའི་འཁྲུལ་འཁོར་བཤིག་པ། གསང་བ་ཨྱེ་རིང་དཀྲུགས་ཏེ་བཟླས་པས་དུག་གསུམ་བདུད་བཞི་གཤེད་འབེབས། ཡང་གསང་དམར་ལེན་འབྲུ་བཤགས་ཀྱིས་འབྱུང་བའི་སྟོབས་བཤིག་ནས་གསད་པ་རྣམས་བསྟན་པ་གྱང་འགྱེལ་གྱི་ཞིབ་ཆའི་ཞལ་༼འབྲི༽གདམས་ཤིན་ཏུ་ཟབ་པ། བསྲུང་བ་ཕྱག་རྒྱ་བསམ་གཏན་ལ་བརྟེན་ནས་རང་ལུས་བཙན་པོའི་མཁར་དུ་གཞུག་པ། བཤིག་པ་གནོད་སྦྱིན་མཛེ་ཐོད་ལ་བརྟེན་ནས་དམ་ཉམས་རུ་ཏྲའི་སྦྱོར་བ་བཤིག་པ། མནན་པ་དུག་སྦྲུལ་རྭ་ཅན་ལ་བརྟེན་ནས་ངག་གི་ནུས་པ་མནན་པ། གསང་བ་མཛེ་དམར་ལྷོག་བཤགས་ལ་བརྟེན་ནས་དམ་ཉམས་རུ་ཏྲ་གསད་པ་དང་བཞི། བལྟ་བའི་མིག་གཉིས་ལས་བཀའ་འབྱེད་གསེར་གྱི་ལྡེ་མིག །རྒྱབ་སྟོད་གཉེར་མ་གསུམ་པོ་ལས་མདའ་ཐོད་སྐུ་ལ་བརྟེན་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་ཞལ་གདམས་ཆེ་འབྲིང་ཆུང་གསུམ། སྨད་ཀྱི་གཉེར་མ་གསུམ་པོ་ལས་ཚེ་བདག་ནག་པོའི་འཕྲིན་ལས་ཆེན་མོ་དབང་སྒྲུབ་ཟོར་ལས་སོགས་དང་འབྲེལ་བ། འཕྲིན་ལས་འབྲིང་པོ་མཆོད་རྟེན་དང་འབྲེལ་བ་གཅེས་པའི་འཁོར་ལོ་བཅུ་གསུམ་སོགས་ལ་དགོས་པ། འདིའི་མཇུག་ཅུང་ཟད་མ་ཚངས་པ་འབྲི་བྱང་གཉིས་ཀའི་ཕྱག་དཔེར་འདུག་པ་ཤོག་སེར་ལས་འབེབས་དུས་འཚུབ་བྱུང་བས་འཕྲོར་ལུས་སྐད་དོ། །འཕྲིན་ལས་ཆུང་བ་རྒྱུན་འཁྱེར་ལུས་དཀྱིལ་དང་འབྲེལ་བ་སྟེ་འདི་གསུམ་ལ་བསྟོད་བསྐུལ་ཆེ་འབྲིང་ཆུང་གསུམ་དུ་ཡང་གྲགས། བར་གྱི་གཉེར་མ་གསུམ་པོ་ལས། གཤིན་རྗེ་ནག་པོའི་མངོན་པར་རྟོགས་པ་ཆེན་མོ་ལས་བྱང་རྒྱས་པ་དང་འབྲེལ་བ་མཆོད་རྟེན་ལ་བརྟེན་པའི་མངོན་རྟོགས་ལས་བྱང་༼འབྲི༽འབྲིང་པོ་དང་འབྲེལ་བ། མངོན་རྟོགས་ཆུང་བ་རྒྱུན་


GLG003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་༼འབྲི༽རྣལ་འབྱོར་བསྟོད་བསྐུལ་ཆུང་བ་དང་འབྲེལ་བ། མངོན་རྟོགས་ཆུང་འབྲིང་འདི་གཉིས་བྱང་བདག་རིགས་འཛིན་ཆེན་པོའི་ཕྱག་དཔེར་མི་འདུག་ཅིང་། གདན་ལ་ཕྱོགས་སྐྱོང་བཅུ་གསལ་བོ་ཡོད་པའི་མངོན་རྟོགས་ཨུརྨོ་གྱང་འགྱེལ་གྱི་ཆོས་ཚན་ཞིག་ལ་མངོན་རྟོགས་འབྲིང་པོའི་ཁ་ཡིག་བཏབ་ཅིང་། གྱང་འགྱེལ་གྱི་ཆོས་ཅན་རྩ་རྒྱན་གྱི་ལྷ་ཙམ་ཡོད་པ་ལ་བདུད་བཞི་སློང་བའི་དམིགས་རིམ་ཡང་ཡོད་པ་ཞིག་ལ་མངོན་རྟོགས་འབྲིང་པོའི་རྩ་བ་ཞེས་ཁ་ཡིག་འདུག་པ་ཆོས་རྒྱལ་མངྒའི་མཚན་ཅན་ལ་འཁྲུལ་པ་མི་མངའ་ཡང་དཔེ་རྒྱུན་ཡོད་ལུགས་འདི་བཞིན་སྡེ་པ་སྣང་རྩེ་བ་དང་སོག་བཟློག་པ་སོགས་སྔགས་རློམ་མང་པོའི་དཔེ་རྒྱུན་དུ་འདུག་པ་མཐོང་བས་སྔོན་གྱི་ཡིག་རྙིང་འཁྲུགས་པའི་རྒྱུན་འབྱམས་པ་ཞིག་ལུས་པར་མངོན། འོན་ཀྱང་མཐའ་གཅིག་ཏུ་མ་ཡིན་ཞེས་དཔྱད་པར་དཀའ་ནའང་འབྲི་གུང་པའི་ཕྱག་དཔེར་འདུག་པ་འདི་འབྲེལ་ཆགས་པར་མངོན། གང་ལྟར་འབྲི་བྱང་གཉིས་ཀའི་ལྕགས་སྡིག་གི་ཐུགས་རིགས་འཛིན་མངའ་རིས་པ་ཆེན་པོ་ཡིན་པས་མི་མཐུན་པ་འོང་དོན་མི་འདུག །སླར་ཡང་ཕྱོགས་འདིར་མཁས་ཤིང་གྲུབ་བརྙེས་འདྲ་བྱུང་ན་དཔྱད་དོ། །མགུལ་གྱི་གཉེར་མ་གཅིག་པུ་ལས་སྙིང་པོ་དོན་གྱི་བསྲུང་བའི་འཁོར་ལོ་ཚེ་སྒྲུབ་པ་ལ་མཆོག་ཏུ་ཤིས་པ་བསམ་གཏན་ཉལ་ཆོག་ཏུ་གྲགས་པ་མཆོད་རྟེན་ལུས་ལ་བཀོད་པའི་ཟབ་གནད་ངོ་མཚར་ཡོད་པ། དེའི་བྲི་ཡིག་དོན་རྣམ་པ་གསུམ་གྱིས་བསྟན་པ། གཡས་ཀྱི་ཡན་ལག་བཞི་ལ་ལོ་སྒོམ་ཟླ་བ། ཟླ་སྒོམ་ཞག །ཞག་སྒོམ་དུས། དུས་སྒོམ་སྦྱོར་བས་བཤིག་པའི་ཨུརྨོ་ལས་བཞིའི་མན་ངག །དེ་བཞི་པོའི་མན་ངག་གསལ་བྱེད་ནམ་མཁའི་མཐོངས་སུ་སེར་བ། བར་སྣང་ཁམས་སུ་


GLG003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་རྦོད་གཏོང་། ཁང་སེལ། ཞིང་སེལ། དུར་སེལ། ཕུང་སེལ། རྒྱ་མཚོའི་གཏིང་དུ་ནག་པོ་གཏད་གྱི་བྱས་པ་བཤིག་པ་རྣམས། གཡོན་གྱི་ཡན་ལག་བཞི་ལས་འགུགས་འཁོར། གཅོད་འཁོར། ངན་སྔགས་རྒྱུན་གཅོད་སྟོབས་དང་ངག་གནོན་སྦྱོར་བའི་འཁོར་ལོ་ལ་བརྟེན་ནས་ཨུརྨོ་སྦྱོར་བ་བཞི་པའམ་མནན་པའི་ལས་བཞི། དེའི་མན་ངག་གསལ་བྱེད་ལྕགས་སྡིག་མགོ་དགུས་དམ་ཉམས་ཀྱི་ངག །གྱི་ལིང་རྟའི་ཐོད་པར་སྡེ་བརྒྱད་རྦོད་གཏོང་མི་མིན་སྤྲེའུའི་ཐོད་པར་མི་ཆེན་པོའི་བསོད་ནམས་སྡེ་བརྒྱད་བྱེ་བྲག་ཏུ་གནོན་པ་རྣམས། བུ་ག་བརྒྱད་པོ་ལས་དམར་ལེན་སྲོག་གི་གའུ་ཞེས་པ་དྲེགས་པ་བཅོ་བརྒྱད་སོགས་ཀྱི་སྲོག་སྙིང་གཟིར་བའི་འཁོར་ལོ་བཅའ་བ་དང་དགྲ་བོའི་ལུས་ཀྱི་ཆ་ཤས་གཤིན་རྗེ་སོ་སོར་གཏོད་པའི་ཟབ་གནད་ཅན། མཇུག་མ་ལྕགས་ཀྱུ་གུག་པ་ལས་བསྲུང་བ་སྡིག་པ་སྟོབས་ཆེན་ཞེས་པ་བྱང་པའི་ཕྱག་དཔེར་མ་ཚང་ཞིང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསན་ཡིག་ཏུ་ཡང་མི་འདུག །འབྲི་གུང་པའི་ཕྱག་དཔེར་ཆོས་ཚན་གཅིག་པུ་འདི་མ་ཚང་ཚུལ་འདུག་ཅིང་བབས་ལ་བལྟས་ན་དཔེ་རྒྱུན་འདི་སྔར་ནས་ཆད་པ་ཞིག་ཡིན་ནམ་སྙམ། འབྲི་གུང་གི་ཤོག་ཁྲའི་ཁྲོད་ན་དཔེ་རིས་ནི་འདུག་པས་སླར་ཡང་མཁྱེན་བརྩེ་ནུས་ལྡན་གྱི་སྔགས་འཆང་འདྲ་ལ་བཙལ་ན་རྙེད་དམ་སྙམ། དྲི་ཆེན་དྲི་ཆུ་སོགས་ལུས་ཀྱི་དྲི་ངན་ལ་མཚོན་ཆ་ལས་ཀྱི་འཁོར་ལོ་ཞེས་པ་བྱང་པའི་ཕྱག་དཔེར་མི་འདུག་ཅིང་། དེང་སང་ལྕགས་སྡིག་མཁན་པོ་ཕལ་ཆེར་ལ་ཡང་མེད་པ་ཤས་ཆེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསན་ཡིག་ན་ཐེབས་ཀྱང་ཆོས་ཚན་ངོས་འཛིན་གྱི་གསལ་ཁ་མ་བྱུང་ཞིང་ཕྱག་


GLG003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་མི་འདུག །འབྲི་གུང་གི་ཕྱག་དཔེར་ཨུརྨོ་སཱ་ཙྪ་དཀར་ནག་ལ་ངོས་བཟུང་ཞིང་། ལྕགས་སྡིག་གི་དཔེ་ཁུངས་བཙུན་གཞན་ཞིག་ནའང་འདི་བཞིན་འདུག་པས་རྗེ་རིན་ཅེན་ཕུན་ཚོགས་དེ་བཟང་རྫུ་འུག་པ་སྦོས་པ་ལྟ་བུའི་བླ་ཆེན་དང་མི་འདྲ་བར་མཁྱེན་བརྩེ་ནུས་པ་དང་ལྡན་ཞིང་ཁྱད་པར་ཆོས་ཚུལ་འདི་ལ་མཁས་ཤིང་གྲུབ་བརྙེས་ཡིན་འདུག་པས་དེའི་རྒྱུན་མ་ཉམས་པ་རིགས་འཛིན་ཆོས་ཀྱི་གྲགས་པའི་བར་དུ་ཞུགས་པས་ཆོས་སྡེའི་ངོས་འཛིན་དེ་བཞིན་དུ་མཛད་པའི་རྒྱུན་ཡང་ཐོས་ཤིང་འཐད་པར་སེམས། འོན་ཀྱང་བྱང་པ་རིགས་འཛིན་ཡབ་སྲས་ཀྱི་གསུང་རྒྱུན་ཕྱག་ལེན་དང་ཚེ་བདག་གསང་སྒྲུབ་འདི་གའི་ཆོས་ཀྱི་བབས་ལ་དཔག་ན་ལྕགས་སྡིག་གི་ཆོས་སྡེར་མི་གཏོགས་པའི་ཟུར་པ་ཞིག་མིན་པའི་ངེས་པ་མི་འདུག །ལྷག་ཏུ་བཀའ་འབྱེད་ལས། འདི་ལ་ཆོས་ཅན་བརྒྱད་ཡོད་དེ༔ ཞེས་པ་ལྟར་ན་ད་ལྟ་ཆོས་ཚན་བརྒྱད་ཀྱང་ཁ་གསལ་འདྲེན་རྒྱུ་མི་འདུག་པས་སོམ་ཉིར་གྱུར་མོད། ད་དུང་ལུགས་འདི་ལ་གདེང་ཚད་ཐུབ་པའི་རིག་སྔགས་འཆང་བ་འདྲ་དང་ཕྲད་ན་དཔྱད་པར་བྱའོ། །སྟོད་དྲིལ་ཉི་མ་ཤར་བ་ལས་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་ཞེས་པ་ཡི་གེ་དྲུག་པ་རྡོ་རྗེ་སྒྲ་ལ་བརྟེན་ནས་མཚན་མའི་སྒྲིབ་པ་འདག་པ། ཨ་ལ་བརྟེན་ནས་ཀ་དག་ལྷུན་གྲུབ་ཀྱི་དོན་སྟོན་པ། ཪྣྲི་ལ་དབང་བསྐུར་བས་ཚེ་ཉི་ཟླ་དང་མཉམ་པ། རྡོ་རྗེའི་བཟླས་པས་རླུང་དབུ་མར་བཟུང་རྒྱུད་སྡེའི་སྙིང་པོའི་ཉམས་ལེན་གྱིས་ཚེ་འདིར་མངོན་སུམ་གྲོལ་བའི་ཟབ་ཆོས། བར་གྱི་སྒལ་ཚིགས་བཅུད་ཕུར་ལས་གནམ་ལྕགས་ཨུརྨོ་ཐམས་ཅད་དྲིལ་བའི་ཅོག་བརྡུང་གནོད་སྦྱིན་དམར་ནག་བསྐུལ་བས་ཟླ་བ་མི་འགོར་བའི་དྲག་སྔགས། སྨད་མཁྲིས་དུག་གི་རྩ་བ་ལས་མཚོན་


GLG003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལས་སྦྱོར་དུག་འཁོར་ཞེས་པ་རེག་ཟས་དུ་བ་གསུམ་ལ་རང་བསྲུང་། ལུས་དུམ་བུར་འགྱུར་བ། དྲི་ཚོར་ཚད་བརླག་པ། ཟ་བསྲངས། འཁུམས་པ། ཁྲག་ཏུ་སྐྱུག་པ། བཤལ་བ། ལོང་བ། སྦོས་པ། ལྷོག་པ། ལོ་དུས་འཆི་བ། སྐམ་རློན་མཛེས་ཁྱེར། སྐྲངས་པ། བསྐམས་པ། སྦོས་རིལ། སྨྱོ་བ། མེ་ཡོང་བ། ཁྲག་འཇོམས། རྡོ་ཤིང་འབུབས་པ། མདའ་ཐེབས་པ། སྐྲ་བྱི་བ། བུ་མི་སྐྱེ་བ། མགོ་འཁོར། ཤུ་ཐོར། ཞ་བ་རྣམས་ལ་བརྟེན་ནས་རིང་པོར་མི་ཐོགས་པར་འཆི་བ། ཁྱི་འདུས་ནས་འབྲད་པ། རྫས་དུས་ལ་བརྟེན་ནས་བྱ་རིགས་བགེགས་གདོན་སྐྲོད་པ་རྣམས། སྨད་ཀྱི་སྣོད་རྣམས་ལས་གཅེས་པའི་འཁོར་ལོ་བཅུ་གསུམ་ཕྱུང་ཞེས་པ་གཞང་ཁ་ཚིལ་གྱི་འཁོར་ལོ་ལས་གཏད་བཟློག་ནག་པོའི་འཁྲུལ་འཁོར་སྨག་སྡུད་མཐིང་ནག་གྲུ་གསུམ་དུ་གྲགས་པ། རྒྱུ་མ་ཁུག་པར་རིང་མོ་ནས་བྱས་པ་བཤིགས་པའི་འཁོར་ལོ། ལོང་ཁ་གཉེ་མའི་མཛོད་ཕུགས་ལས་ཕག་མོ་གསང་བའི་འཁྲུལ་འཁོར། ཕོ་བ་མེ་དྲོད་འཛིན་པ་ལས་རུས་སྦལ་མཆོག་གི་འཁོར་ལོ། གྲོད་པ་སྣོད་བཞིའི་རྫིང་བུ་ལས་གསད་བཟློག་སྦྲགས་པའི་འཁོར་ལོ། ཞེ་སྡང་ཁྲོས་པའི་ཆུ་རྒྱུས་ནས་སྦྲུལ་ནག་རྭ་ཅན་འཁོར་ལོ། མཁྲིས་པ་དང་མའི་མཛོད་ཕུགས་ལས་གནམ་ལྕགས་སོ་བརྡར་འཁོར་ལོ། རྒྱུ་ཚིལ་གཉེ་མ་རིང་མོ་ལས་མནན་པ་ལས་དྲུག་འཁོར་ལོ། ལྒང་ལྤགས་ཆུའི་ཐུམ་བུ་ལས་གཏད་བཟློག་ནག་པོའི་འཁོར་ལོ། སྲོག་རྩ་ལས་བསམ་གཏན་སྟོང་སྲོག་འཁོར་ལོ། གཡས་ན་རྒྱུ་བའི་བརྐྱངས་མ་ལས་བཤིག་པ་གནོད་སྦྱིན་མཛེ་ཐོད། གཡོན་ན་རྒྱུ་བའི་རོ་མ་ལས་མནན་པ་རི་རབ་སྟོབས་ཆེན། སྲོག་རྩ་དང་མ་དཀར་པོ་ལས་ཨུརྨོས་སོ་སྡེབ་འཁོར་ལོ་སྟེ་བཅུ་གསུམ་


GLG003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ལ། འབྲི་གུང་གི་ཕྱག་དཔེར་མནན་པ་ལས་དྲུག་མཆོག་ཕག་གི་མཇུག་ཏུ་འདུས་པ་མནན་པ་ལས་དྲུག་གི་རྫོགས་འཚམས་ན་མཆོག་དང་ཕག་མོ་ལྟོ་སྡེབ་ཀྱི་གསད་བཟློག་རྫོགས་སོ་ཞེས་པར་དཔགས་ན་འབྲེལ་མི་ཆགས་པ་མི་འདུག་ནའང་ཡིག་མཁན་གྱིས་ནོར་བ་འབྱམས་པ་ལས་གཞན་དུ་མི་འདྲ་སྟེ། རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་མཛད་པའི་རྡོ་རྗེ་འབར་བའི་མཚོན་རྣོན་དུ་ཡང་གོ་རིམ་བཀའ་འབྱེད་ཀྱི་རྗེས་སུ་འབྲང་ལ། ཞབས་དྲུང་བདག་པོའི་གསན་ཡིག་ཏུ་ཡང་དེ་ལྟར་འདུག་པས། འདིར་ཡང་བཀའ་འབྱེད་ཀྱི་གོ་རིམ་བཞིན་བཀོད་པ་ཡིན་ནོ། །ཨུརྨོ་སོ་སྡེབ་ཀྱི་འཁོར་ལོའི་ལག་ལེན་ཡང་ཞུན་༼འབྲི༽ཁྲག་འཐུང་ནག་པོའི་ཚང་བརྟོལ་ནས་བོད་ཀྱི་བན་ཆུང་ལ་བཤད་པ། དེའི་ཞལ་གདམས་༼འབྲི༽དམེ་གྲི་དུག་གི་སོ་སྡེབ། འཕྲིན་ལས་བསྐུལ་བ་༼འབྲི༽ཞེ་སྡང་མེ་འབར་མ་སོ་སྡེབ་ཀྱི་དྲག་སྔགས་གདུག་པའི་ལས་༼འབྲི༽མཐུ་ཟླ་གསང་ཉི་ཤུ་པ། ཙིཏྟའི་གདམས་པ་བདུན་གྱི་ནང་ནས་ཨུརྨོ་༼འབྲི༽སོ་སྡེབ་ཉམས་སུ་བླང་ཐབས་རྣམས་ཡོད་པ། བཀའ་འབྱེད་དུ། འདི་ལས་མང་ན་བརྩམས་པ་ཡིན་གསུངས་པ་ནི་གོང་གི་ཆོས་ཚན་བཅུ་གསུམ་པོ་དང་མི་འབྲེལ་བའི་གཞན་ལ་དགོངས་པའོ། །འཁོར་ལོ་འདི་རྣམས་བསྒྲིགས་པ་ལ༔ ཁྲིགས་ཁ་རིན་ཅེན་ཕྲེང་བ་ཡོད༔ ཅེས་པའི་སྐོར་ལ། འོག་བཅས་རྒྱས་པ་གཞང་ཁ་དང་གཏད་ཟློག་འཁོར་ལོ། བར་བཅས་རྒྱས་པ་མཆོག་ཕག་གསད་ཟློག་རྭ་ཅན་རྣམས་ཀྱི་འཁོར་ལོ་སྟེང་བཅས་རྒྱས་པ་སོ་བརྡར་འཁོར་ལོ་སྟེ་ཕྱི་མཆོད་རྟེན་ལ་བརྟེན་པའི་ལྷ་གྲལ་གྱི་སྐོར། མནན་པ་ལས་དྲུག་སོགས་ནང་གའུ་ལ་བརྟེན་པའི་ལྷ་གྲལ། གསང་བ་ཙིཏྟ་ལ་བརྟེན་པའི་ལྷ་གྲལ། མཆོད་རྟེན་ནག་པོའི་གཟུངས་


GLG003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ། འོག་བཅས་རྒྱས་པ་མུན་སྨག་གཏད་ཟློག་ཡིག་ཆུང་། བར་བཅས་རྒྱས་པ་སྦྲུལ་ནག་རྡོ་རྗེའི་ཅོད་པན། མཆོག་ཕག །ཞེ་སྡང་ཁྲོས་པའི་གཞུ་གཅག་པ་རྣམས་ཀྱི་ཡིག་ཆུང་། སྟེང་བཅས་རྒྱས་པ་སོ་བརྡར་བཅའ་བའི་ཡིག་ཆུང་རྣམ་ཤེས་སྙིང་གི་ཕོ་བྲང་ནས་སྔགས་བྱང་སྙེམ་ཁྲ་མོ་ཞེས་པ་བསྙེན་སྒྲུབ་བྱང་པའི་ཕྱག་དཔེར་སྔགས་བྱང་སྙེམ་དཀར་མོ་ཞེས་ཁ་ཡིག་བཏབ་འདུག །བླ་ཚེ་འགུགས་པ། ལྷ་དབྱེ། ལོག་འཁྱམས་གཅོད་གསུམ་རྡུགས་འཁོར་ལྟོ་བྲལ་རྣམས་ཀྱི་ངོས་འཛིན་སྤྲུལ་པ་གསུམ་གྱི་མངོན་རྟོགས་དང་བཅས་པ་རིག་སྔགས་འཆང་བའི་ལག་ཆ་ཟབ་མོ། སྔགས་བྱང་སྙེ་མ་ཁྲ་མོ་ཞེས་པ་ཕྱི་མཆོད་རྟེན་ལ་བརྟེན་ནས་སྟོད་ཀྱི་ལྕགས་ཐག་གསུམ་སྦྲེལ། ནང་འབྲུབ་ཁུང་ལ་བརྟེན་ནས་བར་གྱི་ལྕགས་ཐག་གསུམ་སྦྲེལ། གསང་བ་ཙིཏྟ་ལ་བརྟེན་ནས་སྨད་ཀྱི་ལྕགས་ཐག་གསུམ་སྦྲེལ། ལྕགས་ཐག་རྒྱ་ལས་འགྲོལ་བའི་གདམས་པ་ཟབ་མོ་སྔགས་སྨྱོན་རྣམས་ཀྱི་མཚོན་ཆར་མེད་དུ་མི་རུང་བ། གློ་བ་གངས་རི་དཀར་པོ་ལས་ལག་ལེན་དོན་སྡེབ་ཆེན་མོ་ཞེས་པ་སྟོད་དཀར་པོ་བྱང་ཆུབ་ལམ་གྱི་སྒྲོན་མས་བསམ་གཏན་ལམ་དུ་འཁྱེར་བ། བར་ངན་སྔགས་དུག་གི་འཁོར་ལོས་དགྲ་བགེགས་ཀྱི་སྲོག་ལ་འཁོར་ལོ་བསྐོར་བ། སྨད་བཀའ་ཉན་ལྕགས་ཀྱི་བེར་ཀས་འདོད་དགུ་སྒྲུབ་པ་གསུམ་ལས་ཕྱི་མ་ས་འོག་ས་སྟེང་ས་བླའི་གདོན་དྲེགས་པ་ཅན་རྣམས་འཁྲུགས་ནས་ལས་མི་བྱེད་ན། བཀའ་ཉན་གནམ་ལྕགས་ཀྱི་བེར་ཀ་སྤྱི་དོན་བཅུའི་སྒོ་ནས་སྔགས་ཀྱི་སྡེབ་ལུགས་ཁྱད་པར་ཅན་བསྟན་པ། དེའི་ཞར་ལ་དུག་གསུམ་གཤེད་དབབ། གཙང་མ་ལྷའི་སྡེབ་དང་བཅས་པ་སྔགས་པའི་སྙིང་ནོར། ཆོས་སྡེ་རྣམས་ཕན་ཚུན་གང་དང་གང་དུ་སྡེབ་


GLG003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་གནད་འགག་གི་སྡོམ་བསྟན་པའི་དོན་སྡེབ་ཆེན་མོ། མཆིན་པ་མཆོང་རི་སྨུག་པོ་ནས་གནས་ཀྱི་ལས་རིམ་ཕུན་སུམ་ཚོགས་པ་ལྔས་བསྟན་པ་ཞར་བྱུང་རྫས་དང་འཇིམ་པའི་བྱིན་བརླབ། མཁལ་མ་ཚིལ་གྱི་མཛོད་ཕུགས་ལ་རབ་གནས་ཡེ་ཤེས་ཟུང་འཇུག་ཅེས་པ་མཆོད་རྟེན་བྱིན་གྱིས་བརླབ་ཐབས། མཆེར་པ་རྒྱ་ཟོར་ཁུག་པ་ལས་མན་ངག་གསེར་གྱི་ཡང་ཞུན་ཞེས་པ་སྐུ་བསྐྱེད་༼འབྲི༽ནས་གཞན་གྱི་སྦྱོར་བ་ཟློག་ཅིང་གནོད་སྦྱིན་ཕོ་མོ་ཁ་འཆིང་ཞིང་གཟིར་བ་དོན་ལྔས་བསྟན་པ་འབྲི་གུང་གི་རྒྱུན་ལ་འདི་ཁོ་ན་ངོས་འཛིན་ཅིང་བྱང་ལུགས་ལ་འདི་མི་འདུག །བར་དུ་སྔགས་ཀྱི་དུག་མདའ་ཁོང་དུ་བསྐྱལ་ཞིང་མཁའ་འགྲོ་ཟན་ལ་དབབ་བ་དོན་བཞིས་བསྟན་པ་མེ་རླུང་སྐྱིན་ཐང་བསད་པ་མཚོན་ཆའི་འཁོར་ལོ། ཚེ་བདག་ནག་པོའི་མན་ངག་གི་ལྡེ་མིག་རིན་པོ་ཆེའི་འཕྲུལ་གྱི་སྒོ་འབྱེད་ཅེས་པ་བཅའ་ཐབས་བསྡུས་པའི་ལག་ལེན་ཤིན་ཏུ་བདེ་བ་འཇམ་དཔལ་གཤེད་འཁོར་ནག་པོ་གསང་བའི་སྒྲུབ་ཐབས་ཏེ་རྡོ་རྗེའི་མཁར་དུ་མི་ཤིགས་པའི་སྐུ་བསྐྱེད་པ། འདི་འབྲི་གུང་ལུགས་ལ་ཐེམས་མེད་དུ་མཛད་ཀྱང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས་གསེར་ཞུན་དུ་ངོས་འཛིན་མཛད་ནས་བླ་དཔེའི་ཁ་ཡིག་ཏུ་ཡང་ཐེབས་འདུག །ནམ་མཁའི་མཐོངས་སུ་སྦྱོར་བའི་སྟོབས་བཤིག་པ། རི་རབ་ཀྱི་རྩེ་ནས་གནམ་ལྕགས་ཀྱི་སོ་བརྡར་བ་དང་། རི་ཐང་མཚམས་སུ་ཞེ་སྡང་ཁྲོས་པའི་གཞུ་གཅག་པ། རྒྱ་མཚོའི་གཏིང་དུ་མུན་པའི་སྨག་བསྡུ་བ། འཁོར་བའི་རྒྱ་གླིང་དུ་སྲིད་པའི་རི་བོ་སྒྱེལ་བ། དེ་དག་ལ་མེད་དུ་མི་རུང་བའི་ལས་ཕྲན་དང་བཅས་ཏེ་ཆོས་སྡེ་གཅིག་ཏུ་བསྟན་པ་ཁོང་ནང་གི་སྙིང་ལྟ་བུའི་གདམས་པ། བད་ཀན་དར་དཀར་ཡོལ་བ་ལས་ཕྱི་ནང་རྟགས་ཀྱི་ངོས་འཛིན་དང་བཟླས་པ་གྲགས་ཀྱི་དྲོད་ཚད་བསྟན་པ། བདག་


GLG003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་སངས་རྒྱས་ཡེ་ཤེས་ཀྱིས༔ དེ་རྣམས་ཐམས་ཅད་དྲིལ་བ་ལས༔ སྒྲོན་མ་རྒྱས་འབྲིས་བསྡུས་གསུམ་ཟེར༔ གནམ་ལྕགས་འཕྲུལ་གྱི་ལྡེ་མིག་བྱུང་༔ ཟབ་མོ་ཕྱག་རྒྱ་དྲུག་དང་བཅས༔ འདི་ཨ་ཙི་ཚི་ལ་ང་རེ་འཇིགས༔ ཞེས་པའི་སྒྲོན་མ་རྒྱས་པ་གནམ་ལྕགས་འཕྲུལ་གྱི་ལྡེ་མིག་ཅེས་པ་མཆོད་རྟེན་མུན་སྨག །གཞུ་གཅག་པ། སོ་བརྡར། གཟིར་བ། བསྲུང་བཟློག་གསད་པ། གཉེན་པོ། སྔགས། ཐུན། གསང་བ་ཡང་གསང་དུ་བསྡེབས་པ། མནན་པ། ཨར་གཏད། གསང་བ་ཙིཏྟ་དྲག་པོའི་ཐུན་གྱི་སྤྲ་འཁྲིད་དང་བཅས་པ་ཟབ་མོ་ཕྱག་རྒྱ་དྲུག་གི་གདམས་པ་བཅའ་བཞི་རྒྱས་བསྡུས་གཉིས་ཀའི་ཐུན་མོང་ལ་དགོས་པ། སྒྲོན་མ་འབྲིང་པོ་གནམ་ལྕགས་༼འབྲི༽འཕྲུལ་གྱི་ལྡེ་མིག་ཅེས་པ་རྫས་དང་འཁྲུལ་འཁོར་གྱིས་རང་གཤེད་དབབ་པ། ལྷའི་རང་གཤེད་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པ། སྔགས་ཀྱི་རང་གཤེད་དྲག་སྔགས་ཀྱིས་སྒྲོལ་བ། བཅའ་བཞི་རྒྱས་བསྡུས་གཉིས་ཀའི་ཐུན་མོང་ལ་དགོས་པ། སྒྲོན་མ་བསྡུས་པ་གནམ་ལྕགས་༼འབྲི༽འཕྲུལ་གྱི་ལྡེ་མིག་ཅེས་པར་དཀྱིལ་འཁོར་ལྷའི་སྒྲོན་མ་དང་མཆོད་རྟེན་སྒྲོན་མའི་སྦྲ་འཁྲིད་ཞང་ཁྲོམ་བུ་ལ་གཏད་པའི་མན་ངག་བཅའ་གཞི་རྒྱས་བསྡུས་གཉིས་ཀ་ཐུན་མོང་དུ་དགོས་པ་རྣམས། སྒྲོན་མ་རྒྱས་འབྲིང་བསྡུས་གསུམ་འདི་འབྲི་གུང་གི་རྒྱུན་ལ་ངོས་འཛིན་འདི་བཞིན་མཛད་པ་བཀའ་འབྱེད་ཀྱི་སྒྲོན་མ་རྒྱས་འབྲིང་བསྡུས་གསུམ་ཟེར་བའི་ཚིག་ལ་རས་མི་འཕོག་ཅིང་ཕྱག་ལེན་སྐབས་ཀྱང་ངེས་པར་དགོས་པའི་ཁུངས་བཙུན་པར་མངོན། པཎ་ཆེན་སྐུ་མཆེད་གཉིས་ཀྱི་ཕྱག་དཔེའི་རྒྱུན་གྱི་བྱང་པའི་བླ་དཔེ་སོགས་ལ་མི་འདུག་པ་ཟབ་ཁྱད་ཀྱིས་གབ་པ་རྒྱུན་


GLG003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་སུ་སོང་ངམ་ཕྱག་ལེན་གྱི་ངོས་འཛིན་ལུགས་མ་གཅིག་པ་ཡིན་དང་དོན་དུ་མེད་པ་ཡིན་ཁ་ཚོན་མ་ཆོད་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསན་ཡིག་དང་ཕྱག་དཔེའི་རྒྱུན་གཅིག་ན་སྒྲོན་མ་རྒྱས་པ་འདི་ཐེབས་འདུག །འབྲིང་བསྡུས་གཉིས་མི་འདུག །འཇམ་དཔལ་ཚེ་བདག་སྐོར་ལ་གངས་རིའི་ལྗོངས་འདིར་འགྲན་ཟླ་མེད་པ་བརྒྱ་མཁར་བ་སེ་སྟོན་ཆེན་པོའི་རྒྱུན་ལ་ལྕགས་འདྲ་གནུབས་ཀྱི་གནམ་ཐོག་ཆེན་པོའི་ཆོས་སྡེར་སྒྲོན་མ་རྒྱས་པ་ཡོད་པས་ལྕགས་སྡིག་ལྕགས་འདྲ་གཉིས་ཀར་སྒྲོན་མ་གསུམ་པོ་འདི་འཕྲུལ་ཤེས་དགོས་པ་ཞིག་ཡིན་ན། དེ་མིན་ལྕགས་སྡིག་ཏུ་མེད་པར་བཞེད་ཚེ་གོང་གི་ཆོས་སྡེ་ཡོངས་རྫོགས་འཁྲུགས་བསྡེབས་སུ་བྱས་པས་སྒྲོན་མ་རྒྱས་འབྲིང་བསྡུས་གསུམ་དོན་གྱིས་ཐོན་པ་ལ་དགོངས་པ་འདྲའོ། །འོན་ཀྱང་ལྕགས་འདྲའི་སྐོར་ལ་སེ་སྟོན་ཆེན་པོ་དང་བྱང་པ་ཡབ་སྲས་མཐའ་ཤིན་ཏུ་ཆོད་པའི་མཁས་ཤིང་གྲུབ་པ་བརྙེས་ལ། ལྕགས་སྡིག་ལ་རྗེ་འབྲི་གུང་པ་ཆེན་པོ་མི་འཇིགས་པའི་སྤོབས་པའི་གདེང་ཚད་རྙེད་པ་ནས་ཁོ་བོ་ལྟ་བུའི་བློ་གྲོས་ཀྱི་མིག་ཆུང་ངུས་མཐའ་གཅིག་ཏུ་ཁ་ཚོན་མ་ཆོད་དོ། །ཐེམས་མེད་ལྕགས་སྡིག་ཀུན་གཞི་གཏི་མུག་སེམས་བྱུང་ལས་ཆད་པའི་དབང་བཀའ་རིན་ཅེན་འཕྲེང་བ་ཞེས་པ་མཆོད་རྟེན་གྱི་ལྷ་ལ་དབང་བསྐུར་ཐབས། འདི་འབྲི་གུང་པའི་ལུགས་ལ་མེད་བྱང་བདག་ཡབ་སྲས་ཀྱི་ཕྱག་བཞེས་སུ་མཛད། འདི་བར་སྐབས་སུ་གནུབས་པའི་ཞལ་ངོ་འགའ་ཞིག་གིས་དབང་འདི་སློབ་མ་རྗེས་འཛིན་གྱི་དབང་དུ་འཁྲུལ་ནས་ཕྱག་ལེན་མ་དག་པའང་ཐོར་བུ་བྱུང་བར་སྣང་། ལྕགས་སྡིག་ཡན་ལག་དྲུག་ལས་ཚེ་བདག་ནག་པོའི་གཏོར་ཟློག །གསེར་ལྕགས་འཁོར་ལོའི་ནང་དུ་བསྐལ་བཟང་གི་སངས་རྒྱས་སྟོང་སོགས་སྐྱབས་ཡུལ། བསྲུང་བྱ། མདུན་བསྐྱེད་མཆོད་རྟེན་གཙོ་བོའི་ཐུགས་


GLG003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་རྡོར་སེམས་བསྒོམ་པ་སོགས་སྒོམ་ཁོག་ཟབ་མོ་ཚིག་ཉུང་དོན་རྒྱས་གནད་འགག་ཅན། ཁྲོ་རྒྱལ་ལམ་བསྡུས་མངའ་རིས་པཎ་ཆེན་གྱིས་བསམ་ཡས་སུ་མཛད་པ། དེས་འཕྲང་འགོར་མཛད་པའི་རྒྱུན་གྱི་ཉམས་ལེན། དེས་འཕྲང་འགོ་ཨོ་རྒྱན་ཆོས་རྫོང་དུ་མཛད་པའི་ཚེ་འདིར་བྱང་ཆུབ་འགྲུབ་པའི་བསྐྱེད་རྫོགས་ཟབ་མོ། ལྕགས་སྡིག་ཐོག་འདྲའི་སྐོར་གྱི་འཕྲིན་ལས་སྙིང་པོ་བསྡུས་༼འབྲི༽པ་འབྲི་གུང་པ་དབུར་སྨྱོན་ཐུགས་ཀྱི་རྡོ་རྗེས་མཛད་པ། དེས་མཛད་པའི་བཅའ་བཞི་རྒྱས་༼འབྲི༽བསྡུས་གཉིས་ཀའི་མཆོད་རྟེན་གྱི་ལས་བྱང་ངག་བསྒྲིགས་མ་ཤིན་ཏུ་ལེགས་པ། དེས་མཛད་པའི་གཅེས་པའི་འཁོར་ལོ་བཅུ་གསུམ་ཆབས་ཅིག་ཏུ་ཉམས་སུ་ལེན་པ་ཊིཀྐ་རིན་ཅེན་འཕྲེང་བའི་གསལ་བྱེད་རྡོ་རྗེ་འབར་༼འབྲི༽བའི་མཚོན་རྣོན་རྣམས། དཔེ་རིས་སྐོར་ལ། མཆོད་རྟེན་གྱི་ཕྱི་ནང་། ལྷ་གནས་ཆོས་འབྱུང་། ཕུར་བ། བྱང་བུ། མུན་སྨག་གམ་གཏད་བཟློག་ནག་པོ་ལྟེ་བ་གྲུ་གསུམ་སྡིག་ལིང་གསུམ་ལྡན་གྱི་སྟེང་འོག་འཁོར་ལོ། དེ་དང་འདྲ་མིན་གཅིག །བྱས་པ་བཤིག་པའམ་ཞེ་སྡང་ཁྲོས་པའི་གཞུ་གཅིག་པར་ཡང་གྲགས་པའི་འཆི་བདག་ཁྲམ་ཤིང་སྦྲུལ་ཞགས་བསྣམས་པའི་ལྟོ་འཁོར་རྩིབས་བརྒྱད་གྲི་སྡིག་ཅན། མཆོག་ཕག་བསྣོལ་བའི་འཁོར་ལོ་རྩིབས་རྩེ་སྤྲད་སོ་གཉིས་པ། དེ་དང་འདྲ་མིན་གཅིག །གསད་བཟློག་སྦྲགས་མ་སྦལ་སྡིག་ལྟོ་སྦྱར་རྩིབས་རྩ་སྤྲད་སོ་གཉིས་པ། སྦྲུལ་ནག་རྭ་ཅན་རྩིབས་རྩེ་སྤྲད་སོ་གཉིས་པ། ལིངྒར་སྦྲུལ་འཁྱིལ་བ། གནམ་ལྕགས་སོ་བརྡར་སྡིག་ཕག་བསྣོལ་མ་རྩིབས་རྩེ་སྤྲད་སོ་གཉིས་པ། བཙད་པོ། སློབ་མ། སྔགས་པ། བོན་པོ། སྐྱེ་བོ། བུད་མེད་རྣམས་ཀྱི་ལིངྒ། གཏད་བཟློག་ནག་པོའི་སྟེང་འཁོར་


GLG003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲིན་མགོ་ཅན་གྱི་ལྟོ་བར་རྩིབས་རྩེ་སྤྲད་སོ་གཉིས་པ། འོག་འཁོར་རུས་སྦལ་ལྟོ་བར་བྲིས་པ་འདྲ་མིན། མནན་པ་རི་རབ་སྟོབས་ཆེན་ཟས་སོའི་ལྟོར་ཀཥྞི་བྲིས་པ། བསམ་གཏན་སྟོང་སྲོག་རྒྱས་པ་ལྟོ་འཁོར་ཆེན་མོ། ཆུང་བ་སྙིང་པོ་དོན་གྱི་བསྲུང་བ་མཚོན་ཆ་ཅན། བཤིག་པ་གནོད་སྦྱིན་མཛེ་ཐོད་གནོད་སྦྱིན་ཕོ་མོ་བསྣོལ་བའི་ལྟོ་བར་རྡོ་རྗེ་རྩིབས་བརྒྱད་དང་བཞི་ཡོད། ཨུརྨོ་སོ་སྡེབ་རུས་སྦལ་ལྟོར་རྩིབས་རྩེ་སྤྲད་སོ་གཉིས་རྣམས། གཅེས་པའི་འཁོར་ལོ་བཅུ་གསུམ་དངོས་བསྟན། གཤེད་པོ་ལས་རྒྱལ་ལམ་གཞུ་གཅིག །དྲེགས་པ་ཁྲམ་ཤིང་ཞགས་པ་འཛིན་པའི་ལྟོར་འཕྲུལ་མིག་བཅུ་དྲུག་རྩིབས་ཉི་ཤུ་པ། དེ་དང་འདྲ་མིན་སྡིག་བརྒྱད་ཡོད་པ་གཅིག །སྦལ་པའི་ལྟེ་བར་སྟོང་སྲོག་འཁོར་ལོ། འཕྲུལ་མིག་བཞི་བཅུ་པ། མུ་སྟེགས་བོན་པོ་དང་འགྲས་ན་ཕོ་ཉ་རྐང་མགྱོགས་ཟློག་པ། དམ་མེད་སློབ་མ་དང་འགྲས་ན་རྡོ་རྗེ་མེ་འཐབ། ཨུརྨོ་མཁན་དང་འགྲས་ན་གླང་ཆེན་སྟོབས་འགྲན། གཏད་མཁན་དང་འགྲས་ན་སྦྲུལ་ནག་ལྕེ་འཐབ། དམ་ཚིག་གཅིག་པ་དང་འགྲས་ན་སེང་ཆེན་ཁ་འཐབ། སྔགས་པ་ནང་འགྲས་ལ་སྟག་མོ་ཁ་འཐབ། ནུས་ཅེན་སྟོབས་དང་བྲལ་བ་རྡོ་རྗེ་རྒྱ་གྲམ། ཟློག་དཀྱིལ་མ་ཏྲཾ། གཏེར་སྣོད་ལྕགས་སྡིག་ཕྱི་ནང་གི་དཔེ་རིས་རྣམས་བྱང་ལུགས་ཀྱི་རྒྱུན་ཕྱག་ལེན་སོར་གནས་དང་། འབྲི་གུང་ལུགས་ལ་དབང་༼འབྲི༽ཆོག་དང་མཐུན་པའི་དཀྱིལ་འཁོར། བསྟོད་བསྐུལ་ཆེན་མོ་དང་མཐུན་པའི་དཀྱིལ་འཁོར། གྱང་འགྱེལ་ཨེ་རིང་བསྣལ་བཟློག་དཀྲུག་བཤགས་བཞི། བདུད་བཞི་ནང་སློང་གི་ལིངྒ་གཉིས། སྙིང་པོ་དོན་གྱི་བསྲུང་བ་ལྟོ་འཁོར་མ། བྱས་པ་བཤིག་པའི་འཁོར་ལོ་འགུགས་བཅད་གསད་མནན་གྱི་འཁོར་ལོ་བཞི་དང་


GLG003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། དམར་ལེན་སྲོག་གི་གའུའི་ཕོ་འཁོར་མོ་འཁོར། བར་འཁོར། དེའི་ལིངྒའི་ལུས་ལ་ལྷ་ཚོགས་བཀོད་པ། གསད་སྒྲུབ་སཱཙྪ་དཀར་ནག་གི་ཕོ་འཁོར་མོ་འཁོར། འདིའི་དཔེ་རིས་བྱང་ལུགས་རང་དངོས་གཙང་། སྐྱེ་བོ་ཕལ་པ་དང་སྔགས་པའི་ལིངྒ། བཅུད་ཕུར་གནམ་ལྕགས་ཨུརྨོའི་ཕོ་འཁོར་མོ་འཁོར། ཊཱིཀྐ་རིན་ཅེན་འཕྲེང་བའི་ནང་གི་སྨག་སྡུད་སྟེང་འོག །བྱས་པ་བཤིག་པའི་ཕོ་འཁོར་མོ་འཁོར། མཆོག་ཕག་འཁོར་ལོ། བཙད་པོ་སེང་གེ །སློབ་མ་སྟག །སྔགས་པ་སྡིག་པ། བོན་པོ་ཕག །སྐྱེ་བོ་རུས་སྦལ། བུད་མེད་བྱའི་ཁོག་པར་བྲིས་པའི་འཁོར་ལོ། སྦྲུལ་ནག་རྭ་ཅན་སྟེང་འོག་འཁོར་ལོ། གསང་བཟློག་སྦྲགས་མའི་སྟེང་འོག་འཁོར་ལོ། སོ་བརྡར་སྟེང་འོག་འཁོར་ལོ་གཏད་བཟློག་སྟེང་འོག་འཁོར་ལོ། མནན་པ་རི་རབ་སྟོབས་ཆེན་བསམ་གཏན་སྟོང་སྲོག་ལྟོ་འཁོར། གནོད་སྦྱིན་མཛེ་ཐོད་ཕོ་འཁོར་མོ་འཁོར། ཨུརྨོ་སོ་སྡེབ་སྟེང་འོག་འཁོར་ལོ། སྒྲོན་མ་རྒྱས་པ་གནམ་ལྕགས་འཕྲུལ་གྱི་ལྡེ་མིག་གི་མཆོག་ཕག །རྒྱལ་པོ། སློབ་མ། དམ་གཅིག་པ། དམ་མི་གཅིག་པ། བོན་པོ། དྲག་སྔགས་མཁན་ཏེ་རང་གཤེད་ལིངྒ་དྲུག་འདིའི་དཔེ་རིས་བྱང་ལུགས་དངོས་གཙང་། འབྱུང་བ་ཁྲམ་བཟློག་གམ་ཕོ་ཉ་རྐང་མགྱོགས་བཟློག་པ། སྒྲོན་མ་རྒྱས་པ་ནས་གསུངས་པའི་གསང་བ་ཙིཏྟ་ལ་བརྟེན་པའི་སྟེང་འོག་འཁོར་ལོ། སྐྱེ་མཆེད་བཅུ་གཉིས་རྐོས་ལ་བཏབ་པའི་ལིངྒ། ནམ་མཁའི་མཐོངས་སུ་མཐིང་གི་བྱ་ར་སྦྱོར་ཐབས། བཤིག་པའི་སྟེང་འོག་འཁོར་ལོ། རིན་ཅེན་འཕྲུལ་གྱི་སྒོ་འབྱེད་ནས་གསུངས་པའི་སྦྲུལ་ནག་རྡོ་རྗེ་ཅོད་པན། དེ་ནས་བཤད་པའི་ངག་གནོན་ལིངྒ། སྟེང་གཅོད་ནམ་མཁའི་འཁོར་
ལོ། འོག་འདེགས་རླུང་གི་འཁོར་ལོ། འཆི་བདག་ཞལ་དབྱེ། རྒྱལ་ཆེན་སའི་དཀྱིལ་འཁོར། ངག་གནོན་ལྕགས་སྡིག་མགོ་དགུ། སྡེ་བརྒྱད་སྤྱིར་གནོན། ཛ་ཡ་དཀར་ནག་འཁོར་ལོ། མཆོད་རྟེན་གྱི་བཅའ་གཞི་རྒྱས་པ། བསྡུས་པ་རྣམས་སོ། །དེ་ལྟར་ལྕགས་སྡིག་ལྕགས་འདྲ་གཉིས་ཀའི་གཞུང་དཔེ་རིས་ཡོངས་སུ་རྫོགས་པ་དང་མན་ངག་གི་ཡི་གེ་རྣམས་བསྟུན་ཏེ་ལྕགས་འདྲ་གནམ་ཐོག་ཆེན་པོའི་སྦྱོར་བ་བྲག་ལྟག་པ་རྡོ་རྗེ་རིན་ཅེན་གྱིས་མཛད་པའི་མན་ངག་སྒྲོན་མ་དྲུག་པ་དང་སེ་སྟོན་གྱིས་མཆོད་རྟེན་གསལ་བྱེད་གཞིར་བཞག་ལ་ཞལ་ཤེས་ཀྱིས་རྣམ་པར་བརྒྱན་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་ཕྱག་བཞེས་མཐའ་དག་དམར་འཁྲིད་དུ་ལན་གསུམ་དང་། གཅེས་པའི་འཁོར་ལོ་བཅུ་གསུམ་ཁྲིགས་ཁ་རིན་ཆེན་ཕྲེེང་བ་མན་ངག་གསེར་ཞུན་གསུམ་ལ་གཞི་བྱས། ཆོས་སྡེ་གོང་འོག་རྣམས་འཁྲུགས་སྡེབས་སུ་ངོ་སྤྲད་པའི་ལྕགས་འདྲར་མེད་པའི་འཁོར་ལོ་རྣམས་ལྕགས་སྡིག་གི་སྟེང་ནས་སྦྱར་ཏེ་ཉམས་སུ་ལེན་དུས་ཀྱི་ཕྱག་འཁྲིད། ལྕགས་འདྲ་ལ་མ་ལྟོས་པར་ལྕགས་སྡིག་རང་རྐྱང་གི་འཁོར་ལོ་བཅུ་གསུམ་སྡེབ་ཚུལ་སོགས་མན་ངག་མཐའ་དག་ཡོངས་སུ་རྫོགས་པར་ཐོབ་པའོ། །

པད་གནུབས་དབང་གི་བརྒྱུད་པའི་བཀའ་གཏེར་གཉིས་ཀྱི་སྐོར།


GLG003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པད་གནུབས་དབང་གི་བརྒྱུད་པར་བཀའ་གཏེར་གཉིས་ལས། བཀའ་མ་པད་ལུགས་ཀྱི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ། ཀུན་ཏུ་བཟང་པོ། ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོ། སློབ་དཔོན་འཇམ་དཔལ་བཤེས་གཉེན། སངས་རྒྱས་གཉིས་པ་ཨོ་རྒྱན་པདྨ་འབྱུང་གནས། སློབ་དཔོན་གཙུག་ལག་དཔལ་དགེ །བལ་པོའི་རྒྱལ་པོ་བ་སུ་དྷ་ར། ལྷ་རྗེ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། འདི་ནས་བཟུང་


GLG003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ཚབ་མགོན་པོ་ཟླ་བའི་བར་སྔགས་དཀར་ལྕང་ལོ་ཅན་ཤ་སྟག་ཡིན་ཞིང་བོན་པོའི་ཐོག་དཔང་རྗེ་བཙུན་ཁྲོམ་གྱི་ཕྱིར་བཟློག་པས་མངའ་བདག་གི་སྔགས་པ་རྣམས་ཐོད་དུ་ཁུར་བས་ལྷ་རྗེ་ཐོགས་ལ། གཙང་སྨྱོན་པས་མི་ལའི་རྣམ་ཐར་དུ་ལྷ་རྗེ་ཟེར་ན་འཚོ་བྱེད་ལས་འོས་མེད་སྙམ་སྟེ་ལྷ་རྗེ་གནུབས་ཆུང་ལ་སྨན་སྔགས་གཉིས་ཀ་ཤེས་པ་ཞེས་སྨྲ་བ་ནི་བླུན་གཏམ་མོ། །ལྷ་རྗེ་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། དེ་སྲས་ལྷ་རྗེ་ཡེ་ཤེས་རྒྱ་མཚོ། ལྷ་རྗེ་གནུབས་པདྨ་དབང་རྒྱལ། ལྷ་རྗེ་གནུབས་བླ་ཆེན་འཇམ་དཔལ། ལྷ་རྗེ་གནུབས་རྒྱ་གར་རྡོ་རྗེ། ལྷ་རྗེ་གནུབས་ཆོས་ཀྱི་ཡེ་ཤེས། སྔགས་འཆང་ཁྲོ་བོ་འབར་བ། མཐུ་ཆེན་དར་མ་རྒྱལ་མཚན། བླ་མ་ཡང་དག་རྡོ་རྗེ། རིགས་འཛིན་ཕུག་པ་ཤེར་རྒྱལ། སློབ་དཔོན་རྡོག་སྟོན་འབུམ་ལེགས། སྔགས་འཆང་ཨོ་རྒྱན་བསྟན་འཛིན་གྱི་གསན་ཡིག་ན་རྡོག་སྟོན་འབུམ་ལེ་ཞེས་སྣང་བ་བརྟག །གྲོ་སྟོན་ཆེན་པོ་བསོད་ནམས་འབུམ། བླ་ཆེན་བློ་གྲོས་རྒྱལ་མཚན། ཕག་སྟོན་སྔགས་འཆང་ཤཱཀྱ་མགོན་པོ། སྦུག་སྟོན་ཆེན་པོ་དཔལ་ལྡན་མགོན་པོ། མཁས་གྲུབ་རྡོ་རྗེ་གླིང་པ་ཆོས་ཀྱི་རྒྱལ་མཚན། ཟུར་ཚོ་པ། སྤང་སྟོན་ཟུར་ཚོ་ཆུ་ཁ་པ། འཇམ་དཔལ་དབྱངས་དགེ་ལེགས་རྒྱལ་མཚན། སེ་སྟོན་ཆེན་པོ་སྔགས་འཆང་རིན་ཅེན་རྒྱལ་མཚན། སྤྱན་ཚབ་ཆོས་རྗེ་མགོན་པོ་ཟླ་བ། ཨོ་རྒྱན་བསྟན་འཛིན་གྱི་གསན་ཡིག་ན་བསོད་ནམས་མགོན་པོ་ཞེས་སྣང་བ་བརྟག །མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། རྟེན་དགེ་སློང་། ཁྲི་སྲོང་རྣམ་སྤྲུལ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། བྱང་བདག་རིགས་འཛིན་ཆེན་པོ་ངག་གི་དབང་པོ། ཟུར་ཆེན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་སྨྱོན་དྲག་རྩལ་རྡོ་རྗེ་ལའོ། །བགྲངས་མ་ཐག་པ་འདི་བམ་ཆེན་གསང་བའི་དབང་


GLG003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་གཙོ་ཆེ་ཞིང་ལས་བྱང་གི་བདུད་རྩི་སྨན་མཆོད་ལ་མཛད། ལྕགས་འདྲ་པད་ལུགས་གནམ་ཐོག་ཆེནཔོའི་དབང་དང་ཆོས་སྐོར་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། འཇམ་དཔལ་གཤིན་རྗེ་གཤེད། ཕྱག་ན་རྡོ་རྗེ། ལྷའི་བུ་ཚངས་པ། ལྷ་བུ་ཉི་མ། ལྷའི་བུ་བདེ་བ་མཆོག་ལྡན། མཁའ་འགྲོ་མ་ཟླ་བའི་འོད་ཟེར། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་སངས་རྒྱས་གཉིས་པ། བལ་པོ་བྷ་སུ་དྷ་ར། ལྷ་རྗེ་གནུབས་ཆེན་སངས་རྒྱས། གཏེར་སྟོན་རྒྱ་ཞང་ཁྲོམ། འདི་ནས་ཕག་སྟོན་པའི་བར་ཡང་སྔགས་པ་དཀར་པོའོ། །བྲལ་ཏེ་སམྦྷོ་ཊ། གངས་བན་བཀྲ་ཤིས་དར། རྔོག་སྟོན་འབུམ་ལེགས། གྲོ་སྟོན་བསོད་ནམས་འབུམ། བླ་ཆེན་བློ་གྲོས་རྒྱལ་མཚན། ཕག་སྟོན་ཤཱཀྱ་མགོན་པོ་མན་སྔར་ལྟར་རོ། །ཡང་ན་གངས་བན་བཀྲ་ཤིས་དར་ནས། འདི་ནས་ཕག་སྟོན་པའི་བར་ཡང་སྔགས་དཀར། གངས་པ་རི་དཀར་བ། གངས་པ་ཤཱཀ་འབུམ། རྒྱལ་བ་གཡུང་སྟོན་རྡོར་དཔལ། གསང་མཚན་རྡོ་རྗེ་སྙིང་པོ་ལ། ཕག་སྟོན་ཤཱཀ་མགོན་མན་གོང་བཞིན་ནོ། །འདི་ལས་བྱང་རྒྱུད་འདེབས་སུ་ཡང་མཛད། ཡང་ན་གཏེར་སྟོན་ནས། འུ་ཟངས་འོད་འབར། ཐང་བན་བསངས་ཐུབ། ཐང་སྟོན་ཇོ་རྡོར། ཤུས་སྟོན་རིང་མོ། ཐང་སྟོན་ཀུན་དགའ། ཕག་སྟོན་ཇོ་ཀུན། ཕག་སྟོན་ཀུན་དོན། ཕག་སྟོན་ཤཱཀ་མགོན་མན་གོང་བཞིན། ཡང་པད་ལུགས་སྙིང་འཛིངས་ཀྱི་ལུང་རྐྱང་གི་བརྒྱུད་པ་ལུགས་གཅིག་ལ། ཕག་སྟོན་ཤཱཀ་མགོན་ཡན་གཏེར་བརྒྱུད་ལྟར་ལ། འདི་ནས་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་བར་ཡང་སྔགས་དཀར། དེ་ནས་སྤུག་སྟོན་དཔལ་མགོན། མཁས་གྲུབ་རྡོ་རྗེ་གླིང་པ། གུ་རུ་གདུང་འཛིན། སྒྲུབ་པ་མོ་ལྷ་མོ། སྒྲུབ་ཆེན་བྱང་ཆུབ་རྒྱལ་མཚན། བླ་མ་


GLG003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མགོན་པོ། བྲག་ལྟག་པ་རྡོ་རྗེ་རིན་ཅེན། སྔགས་འཆང་ཟིལ་གནོན་རྡོ་རྗེ། བྲག་སྟོན་སོ་རིགས་ལེགས་ལྡན་རྡོ་རྗེ། འདི་མངའ་རིས་རིགས་འཛིན་ཆེན་པོ་དང་མཚན་གཅིག་པ་མ་གཏོགས་མི་མི་གཅིག་བྱང་བདག་པོས་བསམ་གཏན་གླིང་པའི་ཨ་ཏི་གསན་པ་དེ་ཡིན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་མན་གོང་བཞིན་ནོ། །ཡང་ན་ཕག་སྟོན་ལ་བྲག་ལྟག་པ་རང་གིས་ཀྱང་གསན་པ་ཡིན་ནོ། །གནུབས་ལུགས་གཏེར་མ་ལྕགས་འདྲ་གནམ་ཐོག་ཆེན་པོའི་ཆོས་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། འཇམ་དཔལ་གཤིན་རྗེའི་གཤེད། ཕྱག་ན་རྡོ་རྗེ། ལྷའི་བུ་ཚངས་པ། ལྷ་བུ་ཉི་མ། ལྷའི་བུ་བདེ་བ་མཆོག་ལྡན། མཁའ་འགྲོ་མ་ཟླ་བའི་འོད་ཟེར། སློབ་དཔོན་འཇམ་དཔལ་བཤེས་གཉེན་སློབ་དཔོན་གཙུག་ལག་དཔལ་དགེ །འཕུང་བྱེད་ཤིནྟཾ་གརྦྷ། རྒྱ་གར་དྷ་ན་དྷ་ལ། གུ་རུ་ཁྲག་འཐུང་ནག་པོ། བལ་པོ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། བྲལ་ཏེ་སམྦྷོ་ཊ། གངས་བན་བཀྲ་ཤིས་དར། གངས་པ་རི་དཀར་བ། མཐུ་ཆེན་གངས་པ་ཤཱཀ་འབུམ། གྲ་ཕྱི་གཡུང་སྟོན་རྡོར་དཔལ། ཕག་སྟོན་ཤཱཀ་མགོན་མན་བམ་ཆེན་གསང་བའི་བརྒྱུད་པ་ལྟར་རོ། །བྱད་འགྲོལ་གྱི་བརྒྱུད་པ་ལུགས་གཅིག་ནི་ལྕགས་སྡིག་གི་ལུང་བརྒྱུད་སོར་གནས་སོ། །བྱད་འགྲོལ་གྱི་མན་ངག་ཕྱག་ལེན་དུ་བཀོད་པའི་ལུང་གི་བརྒྱུད་པ་ནི། རིགས་འཛིན་ཆེན་པོ་ནས། གཙང་བླ་མ་རི་སྦུག་པ་ཡབ་ཀུན་མཁྱེན་དབང་ཕྱུག །ཐུགས་སྲས་འཇམ་དཔལ་ལེགས་ལྡན་རྡོ་རྗེ། གླང་བུ་ཆོས་རྗེ་ཆོས་སྐྱོང་དབང་ཕྱུག །ཞལ་ལུ་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཨུརྨོ་གསང་སྒྲུབ་སྐོར་དང་རྡོ་རྗེ་ཨུརྨོ་གནམ་ས་


GLG003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བ་དཀྲུག་པ་གཉིས་ཀྱི་ལུང་དང་ཕྱག་ལེན་ཞལ་ཤེས་ཁྱད་པར་འཁོར་ལོའི་མན་ངག་རློམ་ཕལ་ཆེར་གྱི་མིག་དང་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་བཤེས་གཉེན། ཤིནྟཾ་གརྦྷ། ཁྲག་འཐུང་ནག་པོ། གཙུག་ལག་དཔལ་དགེ །བྷ་སུ་དྷ་ར་ནས་གཡུང་སྟོན་པ་ཡན་ལྕགས་འདྲ་གནུབས་ལུགས་གནམ་ཐོག་ཆེན་པ་དང་འདྲ་བ་ལ། དེ་ནས་བལ་པོ་སྨོན་ལམ་སེང་གེ །བླ་མ་འོད་ཟེར་སེང་གེ །མཁས་གྲུབ་ཆོས་རྗེ་དཔལ། བླ་མ་དངོས་གྲུབ་སྡིངས་པ་རྗེ་བཙུན་རིན་པོ་ཆེ། རིན་པོ་ཆེ་ཆོས་ཀྱི་བློ་གྲོས། ཀློང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ། མཁས་གྲུབ་པདྨ་དབང་རྒྱལ། རིགས་འཛིན་ལེགས་ལྡན་རྡོ་རྗེ་མན་གོང་བཞིན་ནོ། །གནུབས་ལུགས་བཀའ་མའི་དབང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན། སྤྲུལ་སྐུ་གསང་བའི་བདག་པོ། དགའ་རབ་རྡོ་རྗེ། ལྷའི་བུ་ཚངས་པ། ལྷ་བུ་ཉི་མ། ལྷའི་བུ་བདེ་བ་མཆོག་ལྡན། མཁའ་འགྲོ་མ་ཟླ་བའི་འོད་ཟེར། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་གཙུག་ལག་དཔལ་དགེ །རོམ་བུ་གུ་ཧྱ་དེ་བ་ཙནྡྲ། འཕུང་བྱེད་ཤིནྟཾ་གརྦྷ། ཨཱ་ཙཪྻ་དྷ་ན་དྷ་ལ། རྒྱ་གར་ཁྲག་འཐུང་ནག་པོ། རྒྱལ་པོ་བྷ་སུ་དྷ་ར། ལྷ་རྗེ་གནུབས་སངས་རྒྱས་ཡེ་ཤེས། ལྷ་རྗེ་གནུབས་ཡོན་ཏན་རྒྱ་མཚོ། ལྷ་རྗེ་གནུབས་ཡེ་ཤེས་རྒྱ་མཚོ། རྡོ་སྟོན་ལྕགས་དཔེ། མེ་སྟོན་དྲན་ཆུང་། དྲན་སྟོན་མཐའ་བྲལ། མེ་སྟོན་དཀོན་ཅོག་རིན་ཅེན། སློབ་དཔོན་བཀྲ་ཤིས་རྒྱལ་མཚན། བླ་མ་མཐར་ཕྱིན་ལྷ་སྒོམ། མཐུ་ཆེན་གངས་པ་ཤཱཀ་འབུམ། གྲ་ཕྱི་རྒྱལ་བ་གཡུང་སྟོན། ཕག་སྟོན་ཤཱཀྱ་མགོན་པོ་མན་བམ་ཆེན་གསང་བའི་བརྒྱུད་ལུགས་དང་


GLG003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །འདི་ནི་སྤང་སྟོན་ནས་བརྒྱུད་པའི་ལུགས་ཡིན་ལ། རྟ་ནག་སྒྲོལ་མ་པ་ནས་བརྒྱུད་ཚུལ་ནི། མེ་སྟོན་དཀོན་རིན་ཡན་གོང་ལྟར་ལ། དེ་ནས་སྐྱེས་མཆོག་མཁས་པ། ལྷ་རིན་ཅེན་གྲགས། རྡོ་ཚ་བསོད་ནམས་བྱང་ཆུབ། བླ་མ་འཛམ་གླིང་རིན་ཅེན། གུ་རུ་ཤེས་རབ་རྡོ་རྗེ། མཁས་བཙུན་དཀོན་ཅོག་བཟང་པོ། སྒྲོལ་ཆེན་འཇམ་དབྱངས་བསམ་གྲུབ་རྡོ་རྗེ། སྒྲོལ་མ་བའི་ཞལ་ངོ་འདི་རྣམས་སྔགས་པ་དཀར་པོ་བ། སྒྲོལ་མ་སངས་རྒྱས་རིན་ཅེན། སྒྲོལ་མ་འཇམ་དབྱངས་ཆོས་གྲགས་བཟང་པོ། སྒྲོལ་མ་ནམ་མཁའི་རྣལ་འབྱོར། སེ་སྟོན་ཆེན་པོ་རིན་ཅེན་རྒྱལ་མཚན་མན་བམ་ཆེན་གསང་བ་ལྟར་རོ། །ཡང་ན་གཡུང་སྟོན་པ་ཡན་བཤད་མ་ཐག་པ་ལྟར་ལ། དེ་ནས་འགྲོ་མགོན་ཚེ་བདག་པ། ཡབ་སྤྲུལ་སྐུ་ཚེ་དབང་རྒྱལ་པོ། མཁས་གྲུབ་རྒྱལ་སྲས་ཆོས་རྗེ། སྔགས་འཆང་ལེགས་པ་དཔལ། ཡབ་ལྷ་རིགས་འཇམས་དབྱངས་རྒྱལ་མཚན། དེ་སྲས་ལེགས་ལྡན་རྡོ་རྗེ་མན་སྔར་དང་འདྲ། ཡང་ན་གནུབས་ཡོན་ཏན་རྒྱ་མཚོ་ཡན་བཀའ་མ་གནུབས་ལུགས་ལྟར་ལ། དེ་ནས་གནུབས་པདྨ་དབང་རྒྱལ། ལྷ་རྗེ་གནུབས་ཇོ་བོ་འཇམ་དཔལ། ཡུམ་ཆེན་སོ་གད་སོ་གྱེན། ལྷ་རྗེ་ཡེ་ཤེས་གཟུངས། བླ་མ་ལྷ་དར། ལྷ་རྗེ་ཇོ་དོར། ལྷ་རྗེ་དྷརྨ། ལྷ་རྗེ་རྒྱ་ཧོར། ལྷ་རྗེ་དབང་གཞོན། ལྷ་རྗེ་ཆོས་སེང་། བླ་མ་བཀྲ་ཤིས་དར། བླ་མ་དར་མ་སེང་གེ །ལྷ་རྗེ་སེང་གེ་དར། གུ་རུ་ཡེ་ཤེས་རྒྱ་མཚོ། བླ་མ་སངས་རྒྱས་རྡོ་རྗེ། རྩ་བརྒྱད་པ་རྡོ་རྗེ་སེང་གེ །བླ་ཆེན་ཆོས་དཔལ་བཟང་པོ། སྤྲུལ་སྐུ་དགེ་ལེགས་དཔལ། རྩ་བརྒྱད་པ་བཀྲ་ཤིས་བཟང་པོ། སྔགས་འཆང་པདྨ་དབང་། ཡབ་འཇམ་དབྱངས་རྒྱལ་མཚན། ལྷ་རིགས་ལེགས་ལྡན་


GLG003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མན་སྔར་བཞིན་ནོ། །ཡང་ན་སྤྲུལ་སྐུ་དགེ་ལེགས་དཔལ་ནས། བྱ་བཏང་བསམ་གྲུབ་རྒྱལ་པོ། རྡོ་རྗེ་རྒྱལ་མཚན། གནས་བརྟན་ཆོས་སྐྱོང་ལྷུན་གྲུབ། བླ་མ་མང་ཐོས་པ། འཇམ་དབྱངས་རིན་པོ་ཆེ། ལེགས་ལྡན་རྡོ་རྗེ་མན་གོང་ལྟར་རོ། །ཡང་ན་རྩ་བརྒྱད་པ་བཀྲ་ཤིས་བཟང་པོ་ནས། རྗེ་བཙུན་རྒྱལ་མཚན་སེང་གེ མཁས་པ་ཀུན་བཟང་རྣམ་རྒྱལ། ཆོས་རྗེ་སངས་རྒྱས་སྐྱབས། མངའ་རིས་རིགས་འཛིན་ལེགས་ལྡན་རྡོ་རྗེ་མན་གོང་བཞིན་ནོ། །གནུབས་ལུགས་དབང་མཆོག་མུ་ཏིག་འཕྲེང་བའི་དབང་བརྒྱུད་བཀའ་མ་དང་ལྕགས་འདྲ་གནུབས་ལུགས་ཀྱི་ལུང་བརྒྱུད་ལུགས་གཅིག་ལ། གཡུང་སྟོན་པ་ཡན་གནུབས་ལུགས་བཀའ་མ་སྔར་སྨོས་པ་ལྟར་ལ། དེ་ནས་བླ་མ་སེང་གེ་བཟང་པོ། མཆིམས་རྡོ་རྗེ་སྤྲེ་ཆུང་གི་སྐྱེ་བ་སྐལ་ལྡན་རྡོ་རྗེ་རྒྱལ་པོ། རྒྱལ་བ་གཡུང་གི་སྐྱེ་བ་དྷརྨ་ཀེ་ཏུ། ཀོང་ལོང་རལ་གསུམ་གྱི་བླ་མ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན། གཅེན་པདྨ་དབང་རྒྱལ། གཅུང་ལེགས་ལྡན་རྡོ་རྗེ་མན་སྔར་ལྟར་རོ། །འབྲིའི་རྟགས་ཡོད་པ་རྣམས་མ་གཏོགས་པའི་མུ་ཏིག་འཕྲེང་བའི་དབང་གཏེར་མ་ལུགས་དང་ལྕགས་སྡིག་ཡོངས་རྫོགས་ཀྱི་ལུང་གི་བརྒྱུད་པ་ནི། གནུབས་སངས་རྒྱས་ཡེ་ཤེས་ཡན་གནུབས་ལུགས་བཀའ་མ་ལྟར་ལ། མངའ་རིས་པ་པཎ་ཆེན་རིན་པོ་ཆེའི་གསན་ཡིག་ཏུ་གཤིན་རྗེ་གཤེད་ནས་ཤིནྟཾ་གརྦྷ་འདུག་པ་བཀའ་འབྱེད་དང་མཐུན་པས་མི་འགལ། དེ་ནས་གཏེར་སྟོན་རྒྱ་ཞང་ཁྲོམ། གནུབས་ལྕགས་གཏུན་ནག་པོ། གནུབས་སྟོན་ཆོས་གྲགས། གནུབས་བྱ་བྲལ་བ་སྐལ་ལྡན་རྡོ་རྗེ་རྒྱལ་པོ་མན་བཤད་མ་ཐག་པ་ལྟར་རོ། །མཆོད་རྟེན་ལ་དབང་བསྐུར་བའི་དབང་བཀའ་རིན་ཅེན་འཕྲེང་བ་མ་གཏོགས་འབྲིའི་རྟགས་ཡོད་


GLG003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་མ་བལྟོས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རིགས་འཛིན་ལེགས་ལྡན་རྡོ་རྗེ་ཡན་སྔར་ལྟར་ལ། དེ་ནས་རྗེ་འབྲི་གུང་ཟུར་པ་གནམ་ལྕགས་མེ་འབར། བླ་མ་རིན་ཅེན་དཔལ་བ། མཁས་གྲུབ་སངས་རྒྱས་རིན་ཅེན། རཏྣ་གཉིས་པ་འབྲི་གུང་ཆོས་ཀྱི་གྲགས་པ། སྔགས་འཆང་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །དེ་ཡང་ལྕགས་འདྲ་ལུགས་ཀྱི་མཆོད་རྟེན་འཁོར་ལོ་སོགས་ཀྱི་ཕྱག་ལེན་དམར་འཁྲིད་ནི་སྨན་མཆོད་ཀྱི་བརྒྱུད་པ་དང་བརྒྱུད་འདེབས་གཉིས་གཙོ་ཆེ། ལྕགས་སྡིག་གི་མན་ངག་ཞལ་ཤེས་ནི་མུ་ཏིག་འཕྲེང་བའི་གཏེར་བརྒྱུད་གཙོ་ཆེ། བརྒྱུད་པ་མཐའ་དག་བྱང་བདག་རིགས་འཛིན་ཡབ་སྲས་ལ་ཚང་བ་ལས་ཆུ་བོ་ཀུན་འདུས་ཀྱི་གདམས་པ་ཟུར་ཆེན་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱིས་ཁོ་བོ་ཟ་ཧོར་གྱི་སྔགས་སྨྱོན་བཞད་པ་རྩལ་ལ་གནང་ཞིང་བསྙེན་སྒྲུབ་ལས་སྦྱོར་རྣམས་ཀྱང་ལག་ཏུ་བསྟར་བའི་ཉམས་འོག་ཏུ་ཆུད་ཅིང་མཆོད་རྟེན་བཅས་ཆོག་ཆེན་མོ་དང་། གནམ་ལྕགས་ཨུརྨོ། མནན་པ་རི་རབ་སྟོབས་ཆེན་སོགས་ལས་སྦྱོར་མང་པོ་ལག་ཏུ་བླངས་པས་དགྲ་སྡེ་ཆམ་ལ་ཕབ་པའི་ལག་རྗེས་ཙམ་ཡང་གདའོ། །ལྕགས་སྡིག་རང་ལུགས་ཁོ་ནར་བརྟེན་པའི་ཕྱག་ལེན་རྒྱས་འབྲིང་བསྡུས་གསུམ་འཁོར་ལོ་བཅུ་གསུམ་ཡོངས་རྫོགས་སུ་བཅའ་བ་སོགས་ཀྱི་ཕྱག་བཞེས་དམར་འཁྲིད་ནི་རིགས་འཛིན་ལེགས་ལྡན་རྡོ་རྗེ་ཡན་གོང་ལྟར་ལ། ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས། བླ་མ་རིན་ཅེན་དཔལ། མཚུངས་མེད་སངས་རྒྱས་རིན་ཅེན། འབྲི་གུང་པ་སྔགས་འཆང་ཆོས་ཀྱི་གྲགས་པ། དེས་བདག་ལ་ཞལ་ཤེས་རྣམས་མཐའ་ཆོད་པར་སྩལ་ཞིང་དེ་དོན་


GLG003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བསྡེབས་ནས་ཁྲིགས་ཁ་རིན་ཅེན་འཕྲེང་བའི་གསལ་བྱེད་རྡོ་རྗེ་འབར་བའི་མཚོན་རྣོན་ཞེས་བྱ་བའི་དགོངས་གཏེར་གྱི་བསྟན་བཅོས་ཀྱང་མཛད་དོ། །དེ་ཡང་བཀའ་འབྱེད་ལས། ཡང་རྫོང་སེང་གེའི་རྫོང་ཆེན་དུ༔ བྱང་ཆུབ་སྒྲུབ་ཅིང་ཡོད་ཙ་ན༔ མངའ་བདག་རྒྱལ་པོའི་བང་ཆེན་བྱུང་༔ བསམ་ཡས་མཐིལ་དུ་སྤྱན་དྲངས་ནས༔ དབུ་རྩེ་བྱ་འདབ་ལྷོ་ངོས་སུ༔ ཟབ་ཆེན་སེང་རིས་གདན་དུ་བཏིངས༔ གཡུ་དམར་བྱ་མགོ་ཕྱག་ཏུ་ཕུལ༔ ལྷ་ཕྱག་བྱས་ནས་འདི་སྐད་གསུངས༔ ཞེས་པ་ལྟར་མངའ་བདག་དཔལ་འཁོར་བཙན་གྱིས་གནུབས་ཆེན་ལ་ལྕགས་སྡིག་གི་སྐོར་རྣམས་ཞུས་ནའང་གནམ་ལྕགས་ཨུར་འདྲའི་ཆོས་སྐོར་ཞིག་གཏད་ནས་སྡིག་པའི་ཆོས་རྣམས་གཏེར་དུ་སྦས་པར་གསུངས་པས་སློབ་དཔོན་འདི་ཁྲི་སྲོང་ལྡེ་བཙན་ནས་བཟུང་དཔལ་འཁོར་བཙན་གྱི་བར་དུ་བྱུང་བ་ལ་བརྟེན་མཁས་པ་རྣམས་དཔྱད་གཞི་ཆེ་བར་མཛད་ཀྱང་བཀའ་ཤོག་རྒྱ་བོ་ཆེར། ཀླུ་མལ་དྲོ་གཟི་བྱིན་གྱིས། རིག་པ་རང་དབང་ཐོབ་པའི་སློབ་དཔོན་སངས་རྒྱས་ཁྱོད༔ མྱ་ངན་མ་འདའ་སེམས་ཅན་དོན་ལ་བཞུགས༔ ཞེས་ཞུས་པའི་ལན་དུ་ཇི་ཙམ་བར་དུ་སྡོད་པའི་དབང་ཡོད་ཀྱང་༔ ཕྱག་ན་རྡོ་རྗེའི་དབང་གི་བཀའ་མི་བཅོག །ཅེས་དང་། ཆ་ཀའི་ཐེམས་བྱང་ལས། ལོ་གྲངས་བརྒྱ་དང་བཅུ་གཉིས་ལོན་པ་ན༔ ཞེས་ཡོད་པས་ཚེའི་རིགས་འཛིན་ལ་མངའ་བརྙེས་པའི་ཕྱིར་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་བཟུང་དཔལ་འཁོར་བཙན་གྱི་བར་དུ་བཞུགས་པར་མངོན་ལ། སླད་ནས་འབྱུང་འགྱུར་གྱི་ཡང་བཟློག་ཁྲོ་ཆུ་སོགས་ཀྱང་རྒྱལ་ཁྲིམས་ཞིག །ཕྱོགས་རིས་ཀྱི་འཁྲུག་པ་རྣམས་དར་བའི་དུས་སུ་སློབ་དཔོན་འདིས་བལ་ཡུལ་ནས་གདམས་པ་རྣམས་སྤྱན་དྲངས་པར་ངེས་
སོ། །

ཡང་བཟློག་ནག་པོ་མེའི་སྤུ་གྲི་ཕུང་པོ་རི་བོ་ཆེ་ནས་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པའི་སྐོར།


GLG003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བལ་ཡུལ་དུ་ལན་བདུན་བྱོན་པའི་ཕྱི་མ་ལ་བལ་པོ་བྷ་སུ་དྷ་རས་མནའ་བསྒགས་ནས་རྫོགས་པར་གནང་བའི་ཡང་བཟློག་ནག་པོ་མེའི་སྤུ་གྲི་ཕུང་པོ་རི་བོ་ཆེ་དང་ལྷོ་བྲག་མཁོ་མཐིང་ལྷ་ཁང་དུ་གཏེར་དུ་སྦས་པ་ལས་ཕུང་པོ་རི་བོ་ཆེ་ནས་ལས་དང་སྐལ་བར་ལྡན་པའི་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པའི་སྐོར་ལ། ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཆོག་བདུད་དཔུང་ཟིལ་གནོན་གྱི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བ་སྤྱིའི་དབང་ཞེས་པར་གཤིན་རྗེ་རིགས་ལྔ་བརྟུལ་ཞུགས་དང་བཅས་པས་རྡོ་རྗེ་སློབ་མའི་དབང་བུམ་གསང་བ་ཤེས་རབ་ཡེ་ཤེས་བཞི་པའི་དབང་མཐའ་རྟེན་དང་བཅས་པས་རྡོ་རྗེ་སློབ་དཔོན་གྱི་དབང་། རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གྱི་སྨིན་བྱེད་ཐོད་རྒལ་རྫོགས་ཆེན་སྣང་བ་བཞིའི་དབང་། བྱེ་བྲག་གི་དབང་ཞེས་པ་སྐུ་ལྷ་དབང་། སྙིང་པོ་སྔགས་དབང་། ཐུགས་ཕྱག་མཚན་གྱི་དབང་། ཕྱིར་དུར་ཁྲོད་ཆས་ཀྱི་དབང་། ནང་ཉན་བཤད་སྒོམ་སྒྲུབ་འཕྲིན་ལས་ཀྱི་དབང་། བཀའ་རྫོགས་མཆོད་རྟེན་གྱི་དབང་། ཡོན་ཏན་འདོད་ཡོན་གྱི་དབང་། བསྒྲལ་བ་སྲོག་ཡེ་ཤེས་སུ་དབང་བསྐུར་བ། སྲོག་ཟོར་གཏད་མནན་བཅས་པས་འཕྲིན་ལས་ཀྱི་དབང་། ཁྱད་པར་གཏོར་མའི་དབང་དང་བཅས་པ་ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ཀྱི་ལྗགས་བསྒྲིགས་ཀྱི་སྟེང་ནས་རྣོན་པོ་ནང་གཅོད་ཀྱི་གཏོར་དབང་བཀའ་གཏད་དང་བཅས་པ་ཡིད་ཆེས་པར་ཐོབ། འདི་ལ་གཞོགས་དྲུད་ནས་སྣང་རྩེ་སྡེ་པས་རྣོན་པོ་ནང་བཅུད་ཀྱི་རྗེས་གནང་ཞེས་གཅོད་པ་དང་བཅུད་ཀྱི་ཁྱད་པར་མ་ཤེས་པར་གོ་དོན་ལོག་པར་བཟུང་བའི་རང་བཟོའི་དབང་ཆོག་གསར་དུ་བརྩམས་འདུག་པ་ནི་ཤེས་ལྡན་རྣམས་


GLG003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དུག་བཞིན་དུ་སྤང་བར་རིགས་སོ། །ལུང་གི་སྐོར་ལ་ཡང་བཟློག་མེའི་སྤུ་གྲི་ལོ་རྒྱུས་༼ཀ༽རྒྱས་པ་དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པས་མཛད་པ། ལོ་རྒྱུས་སྔོན་དུ་འགྲོ་བའི་ཡང་བཟློག་༼འཁོན༽༼ཟུར༽༼ཤྲཱི༽མེའི་སྤུ་གྲི་མཚོན་ཆའི་གཞུང་། བསྲུང་ཟློག་གསད་གསུམ་ལ་ནང་གསེས་ཀྱི་སྔགས་དམིགས་༼ཟུར༽༼ཤྲཱི༽གཉིས་སུ་ཕྱེ་བའི་ཡང་བཟློག་མེའི་སྤུ་གྲིའི་ཞལ་གདམས་ཤོག་དྲིལ་གཅེས་པ་བརྒྱད་དང་ལྡན་པའི་མན་ངག་ཆུ་དར་སྔོན་པོ་ལ་དངུལ་གྱི་ཡི་གེར་བྲིས་ཏེ་མཆོད་སྒྲོམ་སྨུག་པོར་ཤེལ་གྱི་པར་བུར་རྒྱས་བཏབ་ཚུལ། ཡང་བཟློག་མེའི་སྤུ་གྲིའི་ལག་ལེན་གབ་པ་མངོན་༼འཁོན༽༼ཟུར༽༼ཤྲཱི༽དུ་བླ་མའི་ཕྱག་ལེན་ལྟར་ཕྱུང་བ་ལག་ལེན་དངོས་གཞིར་གྲགས་པ། བསྲུང་ཟློག་གསད་གསུམ་གྱི་དུས་སུ་ཡེ་ཤེས་སེམས་དཔའི་མན་ངག་གབ་པ་གསལ་སྟོང་༼ཟུར༽༼ཤྲཱི༽སྒོམ་པ་ལྷའི་གནད་ཀྱི་ཞལ་གདམས། བཅའ་གཞི་རྫས་ཀྱི་གནད། དགྲ་བོ་གསད་པའི་གནད། སྒོམ་པ་ལྷའི་གནད། བཟླས་པ་སྔགས་ཀྱི་གནད། དྲོད་ཚད་རྟགས་ཀྱི་གནད་དེ་ཞལ་གདམས་གནད་ལྔ་མར་༼འཁོན༽༼ཟུར༽༼ཤྲཱི༽གྲགས་པ་གསེར་སྲང་གང་གི་བཀའ་རྒྱ་ཅན། གཏོར་མའི་གནད་ཀྱི་མན་ངག་ཤིན་ཏུ་གབ་པ།༼ཟུར༽༼ཤྲཱི༽ཟུར་ཙམ་བསྟན་ལ། འཁོར་ལོའི་གནད། ལྷའི་གནད། ཤམ་བུ་ཁ་བསྒྱུར་གྱི་གནད་གསུམ་བཏོན་པ་ཞལ་གདམས་༼ཤྲཱི༽གནད་གསུམ་དུ་གྲགས་པའི་ཨུ་པ་དེ་ཤ་རྒྱ་སྟོན་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་མཛད་པ། དེས་གུ་རུ་ཙནྡྲས་བསྐུལ་ངོར་མཛད་པའི་སྤུ་གྲི་དཀར་ནག་གི་བཅའ་ཐབས་རབ་གནས། ནང་འགྲས་ལ་བྱ་ཐབས་སྐོར་བཞི། མཚན་བཞི། གནད་གསུམ་དང་ལྡན་པའི་གདམས་པ།༼ཤྲཱི༽ཟབ་མོ་བྱད་མ་སྟོབས་འཇོམས། དེས་བླ་མ་ཟླ་


GLG003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བས་བསྐུལ་བའི་ངོར་མཛད་པའི་སྨྱུག་ཚིགས་དང་མནན་གསད་ཀྱི་ལིང་༼ཤྲཱི༽ག་ཐུན་རྫས་དང་བཅས་པའི་ཟབ་གནད་ཞལ་གདམས་བྱད་མ་སྲོག་ལེན་ཞེས་བྱ་བ། ཉིང་བཟློག་ལ་ཉེ་བར་མཁོ་བའི་དབྱེ་༼ཤྲཱི༽༼༽འགུགས་གཏོར་སྔགས་ཀྱི་ཞལ་ཤེས་ཟབ་མོ། རིགས་འཛིན་ཆོས་ཀྱི་གྲགས་པས་ལོང་པོ་ནས་རྩད་བཅད་པའི་འཁོར་ལོ་དང་ལིང་གའི་༼ཤྲཱི༽ཞལ་གདམས་སློབ་དཔོན་པདྨས་གནུབས་ལ་གནང་བ་ཀུན་ལ་མེད་པའི་ཁྱད་ཆོས་སྔགས་པ་སྟོང་དང་འགྲས་ཀྱང་ཉལ་བས་ཆོག་པ། ལོང་པོའི་ཞལ་ཤེས་ཀྱི་འཕྲོས་བསྲུང་བཟློག་གསད་གསུམ་གྱི་སྔགས་ཀྱི་ཤམ་བུ་བསྒྱུར་༼ཤྲཱི༽ལུགས་ཀུན་ལ་མེད་པའི་མན་ངག་ཁྱད་པར་ཅན་རྒྱ་གར་ཁྲག་འཐུང་ནག་པོས་བལ་པོ་བྷ་སུ་དྷ་ར་ལ་གནང་བའི་བླ་མ་བྱང་ཆུབ་མགོན་པོའི་གསུང་བཞིན་བྲིས་པ། ལིང་ག་ཐོག་མར་བལྟ་བ་ལུགས་དང་། བར་དུ་འཆིང་བ། མཐར་ཆོས་ལོངས་སྤྲུལ་གསུམ་གྱི་སྒོ་ནས་རྣམ་ཤེས་སྤར་བ་ཟེར་གྱི་མཇུག་ཏུ་བྱ་བའི་མན་ངག་ཟབ་མོ། བླ་འགུགས་ཀྱི་ཏིང་འཛིན་དུས་སྔགས་ལྷ་དབྱེའི་༼ཟུར༽༼ཤྲཱི༽ཟབ་གནད་བསྐུལ་དང་བཅས་པ་རྒྱའི་གཏེར་མ། ལྷ་དབྱེ་མཐིང་ནག་གྲུ་གསུམ་མ་སྔགས་རྫས་དང་བཅས་པ་དུས་དྲུག་གི་བླ་འགུགས་ཀྱི་བསྐུལ། ཡང་བཟློག་མཁན་པོ་ནང་འགྲས་ན་པུ་རིའི་བཅའ་༼ཟུར༽༼ཤྲཱི༽ཐབས་དང་སྔགས་ཟློག་ལུགས། འགོ་བའི་ལྷ་ལྔ་ལ་བརྟེན་པའི་བསྲུང་བཟློག་གསད་མནན་གྱི་ཁ་བསྒྱུར་ཞིང་༼ཟུར༽༼ཤྲཱི༽ཚོར་བ་ལྔ་ལྡན་གྱི་སྒོ་ནས་བླ་འགུགས་པ། ཤྲཱི་སིངྷའི་བསམ་གཏན་ཉལ་ཆོག་དང་སྙིང་༼ཟུར༽༼ཤྲཱི༽ཐིག་གི་ཟ་ཡིག །དགྲ་སྲི་གནོན་པའི་ཁ་བསྒྱུར་སྤུ་གྲིའི་སྔགས་བསྣལ་༼ཤྲཱི༽ཟློག་གི་མན་ངག་ཟབ་མོ། དུ་ན་བདུན་པའི་སྡེབས་༼ཤྲཱི༽ཀྱི་གནད་དབབ། ཡང་བཟློག་ནང་འགྲས་


GLG003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་པའི་༼ཟུར༽༼ཤྲཱི༽ཁ་གནོན། རང་གཤེད་དབབ་པ་ཆུའི་སྤུ་གྲི་༼ཟུར༽༼ཤྲཱི༽གསང་བ་རེག་གཅོད་ཟབ་མོ། བཟློག་གསད་དུས་སུ་ཟ་བ་དང་འབྱུག་རྫས་སྦས་པའི་ལྷའི་༼ཟུར༽༼ཤྲཱི༽མན་ངག་ཟུར་ཙམ་བསྟན་པ། འབྱུང་བ་བཞི་ལ་བརྟེན་པའི་སྤུ་གྲི་བཞི་སྐོར་གྱི་དམིགས་པ་སྒྱོགས་གཉིས་ནང་ཕྲད་ཀྱི་གདམས་པ། སྤུ་གྲི་བཞི་སྐོར་གྱི་གསང་སྔགས་ཤིན་ཏུ་ཟབ་པ། ལུས་ངག་ཡིད་གསུམ་མནན་རྟགས་གསལ་བའི་སྒྲོན་མེ། ༼ཟུར༽༼ཀ༽དང་བསྲུང་བཟློག་གསད་གསུམ་གྱི་ཟ་ཡིག །ཚེ་སྲོག་འཆི་གསུམ་གྱི་ཟ་ཡིག་༼ཀ༽སྐྱེས་མཆོག་རྫོང་ཆེན་མ། རྣོན་པོ་ནང་གཅོད་ཀྱི་དབང་གི་ཆོ་ག་རྗེ་༼ཟུར༽ཟུར་པས་མཛད་པ། འབྲི་གུང་དབུར་སྨྱོན་གྱིས་མཛད་པའི་དབང་རབ་གནས་སྦྱིན་སྲེེག་སོགས་ལ་ཉེ་བར་མཁོ་བའི་སྒྲུབ་ཁོག་ཆེན་མོ། དེས་མཛད་པའི་དབང་ཆོག་བདུད་དཔུང་ཟིལ་གནོན། དེས་མཛད་པའི་གོང་གི་ལྷན་ཐབས་རྒྱུན་བཤགས་སྡོམ་གཟུང་། དེས་མཛད་པའི་ཐོད་རྒལ་སྣང་བཞིའི་དབང་ཆོག །དེས་མཛད་པའི་ཕྱི་ནང་གི་ཆས་དབང་རྒྱས་པ་ཟུར་དུ་སྦས་པ། དེས་མཛད་པའི་མཆོད་རྟེན་གྱི་དབང་བསྐུར་གུད་དུ་སྦས་པ་ཤིན་ཏུ་གསང་བ། དེས་མཛད་པའི་བདག་འཇུག་རྒྱུན་ཁྱེར། དེས་མཛད་པའི་གོང་གི་ལྷན་ཐབས། དེས་མཛད་པའི་ལྷ་བསྙེན་པ། ཉེ་བར་བསྙེན་པ། སྒྲུབ་པ་ཆེན་པོ། འཆི་བདག་བདུད་སྒྲུབ་བཞིའི་སྒོ་ནས་ཟླ་གསང་བཞི་བསྙེན་གྱི་བསྙེན་པ་བྱ་ཚུལ། དེས་མཛད་པའི་ཟླ་གསང་གཞི་བསྙེན་གྱི་གབ་སྦས་སྙིང་དང་འདྲ་བ་སྣོད་ལྡན་རེ་གཉིས་ལས་མེ་སྤེལ་བའི་བཀའ་རྒྱ་ཅན། དེའི་ཆ་ལག་སྡེབས་ཀྱི་མན་ངག་ཟུར་དུ་ཕྱུང་བ། ཕྱག་རྒྱ་ཟིལ་གནོན་ཞི་བར་སྒྲུབ་པའི་མན་ངག་ཟླ་གསང་གཞི་བསྙེན་གྱི་སྔོན་དུ་མེད་དུ་མི་རུང་བ་འཇམ་དཔལ་ཡེ་ཤེས་༼ཤྲཱི༽སེམས་དཔའ་བསྙེན་


GLG003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། འབྲི་གུང་པ་རིགས་འཛིན་དཀོན་ཅོག་ཕུན་ཚོགས་ཀྱིས་མཛད་པ། དེས་མཛད་པའི་༼ཀ༽བརྒྱུད་འདེབས་རྒྱལ་བ་ཀླུ་མཆོག་མ། ཡང་བཟློག་མེའི་སྤུ་གྲིའི་ངག་འདོན་མན་ངག་འཁྲུགས་སྡེབས་སུ་བཀོད་པ་སྒྲུབ་པ་རྒྱུན་གྱི་རྣལ་འབྱོར། ༼ཤྲཱི༽ཀུན་ལ་མེད་དུ་མི་རུང་བ་ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ཀྱིས་མཛད་པ། དེས་མཛད་པའི་ཚེ་བདག་གི་མངོན་༼ཀ༽རྟོགས་ཨ་ཀྲོོ་འབྲུ་བཅུ་གཅིག་གི་མཐའ་ཅན། དེས་ཡུམ་ཆེན་མོའི་དོན་དུ་མཛད་པའི་ཚེ་བདག་ཕྱག་གཉིས་༼ཀ༽པའི་རྒྱུན་ཁྱེར་གྱི་ཉམས་ལེན་སྙིང་པོ་གསལ་བ། དེས་ངང་ཚུལ་དཔལ་གྱི་རྒྱལ་མོའི་དོན་དུ་མཛད་པའི་ཕྱག །༼ཀ༽གཉིས་པའི་ཟློག་པ་ཡང་སྙིང་འདུས་པ། བླ་མ་སྤོ་སྣོད་པས་སྟག་རྩེའི་འཚམས་པར་གདམས་པའི་༼ཀ༽ཕྱག་གཉིས་པའི་ཟློག་པ་ཡང་སྙིང་བཅུད་གདམས་འབྲི་གུང་པ་མི་བསྐྱོད་རྡོ་རྗེས་མཛད་པའི་ཡང་བཟློག་གི་རྒྱུན་འཁྱེར་བསྡུས་པ། ཡང་བཟློག་མེའི་སྤུ་གྲིའི་༼ཟུར༽༼ཤྲཱི༽འཕྲིན་ལས་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་གཏེར་མ། ལས་བྱང་ཉམས་ལེན་༼ཤྲཱི༽༼༽གྱི་དོན་བསྡུས་ཟབ་མོ། དྲག་པོའི་གཏོར་མ་བྱིན་༼ཀ༽རླབས་ཨོ་རྒྱན་ཆེན་པོས་མཛད་པ། འཇམ་དཔལ་གཤིན་རྗེ་ཚེ་བདག་གི་གསང་བ་གསོལ་བཏབ་༼ཤྲཱི༽དང་མངའ་གསོལ་འབྲི་གུང་པ་མི་བསྐྱོད་རྡོ་རྗེས་མཛད་པ། དེ་བཞིན་གཤེགས་པའི་དགོངས་པ་ཐམས་ཅད་འདུས་པའི་རྒྱུད་ཀྱི་ལེའུ་གཉིས་པ་ནས་ཁོལ་དུ་ཕྱུང་བའི་བསྟོད་པ་ཆོས་སྐུ་སྐྱེ་མེད་མ། འབྲི་གུང་དབུར་སྨྱོན་གྱིས་མཛད་པའི་རྟགས་ཀྱི་སྒོ་ནས་བསྟོད་པ་གཤིན་རྗེ་འཇོམས་བྱེད། དེས་ས་སྟག་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་ལ་བྱེ་རི་སྟག་རྩེར་མཛད་པའི་གཙོ་འཁོར་ལྔའི་བསྟོད་པ། དེས་མཛད་པའི་བསྟོད་པ་


GLG003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་འཕྲེང་འཛིན་གཏུམ་ཆེན་རབ་འབར་མ། དེས་མཛད་པའི་ཚོགས་ཀྱི་འཁོར་ལོའི་༼ཤྲཱི༽མན་ངག །དེས་མཛད་པའི་ཚོགས་ཀྱི་ལྷན་ཐབས་ལག་མཆོད། དེས་མཛད་པའི་བསྐང་༼ཀ༽བཤགས་དངོས་གྲུབ་སྙེ་མ་འོག་མིན་ཆོས་དབྱིངས་མ། འབྲི་གུང་སྤྲོ་ལུང་གཞིས་ཀར་བསྲང་ཟློག་ཚུགས་སྐབས་གླང་ལོ་ཧོར་ཟླ་བཅུ་གཉིས་པའི་ཉེར་བརྒྱད་ཀྱི་ཉི་མ་རྩེ་ཤར་ལ་འཇམ་དཔལ་ཡབ་ཡུམ་སྲས་གསུམ་ཞལ་གཟིགས་པའི་དུས་རྗེ་འབྲི་གུང་ཟུར་པས་མཛད་པའི་འཕྲིན་བཅོལ་༼ཟུར༽༼ཤྲཱི༽ཐབས་མཆོག་བདེ་ཆེན་མ། དེས་མཛད་པའི་འབྲུབ་ཁུང་༼ཟུར༽༼ཤྲཱི༽བསྐྱེད་ཆོག །གསེར་སྐྱེམས་ཕྱོགས་བཞི་མཚམས་༼ཟུར༽༼ཤྲཱི༽བརྒྱད་མ། མཁྱེན་དགོངས་གཟུ་དཔང་དམོད་བཅོལ༼ཤྲཱི༽དྲག་པོ་སྲོག་གི་སྤུ་གྲི་ནག་པོ་ཞེས་བྱ་བ། གཤིན་རྗེའི་གཟུ་དཔང་༼ཤྲཱི༽དཀོན་ཅོག་གསུམ་པོ་མ་ཟླ་གསང་འདུས་པའི་ཏནྟྲའི་ནང་ཚན་སྡེ་བརྒྱད་བྱུང་ཚུལ་གསུངས་པ་ལྟར་དྲག་པོར་བསྐུལ་བའི་ལས་རིམ་འབྲི་གུང་པ་ཆོས་ཀྱི་གྲགས་པས་མཛད་པའི་ང་ནི་ཁྲོ་རྒྱལ་མ། སྡེ་བརྒྱད་རྣམས་ཀྱི་སྔགས་བྱ། ཉེས་བྱས་དྲག་བསྐུལ་གྱི་རྗེས་སུ་བསྐུལ་བ་བླ་འགུགས་མོན་པ་བཞིའི་བསྐུལ་ཆོས་དབྱིངས་དྲག་པོ་མ། དགྲ་བགེགས་ཀྱི་རྣམ་ཤེས་བྱང་ཆུབ་ཀྱི༼ཟུར༽༼ཤྲཱི༽ལམ་ལ་འགོད་པར་ད་ནི་ཁྲོ་རྒྱལ་མ། ཕུར་གདབ་ཀྱི་མན་ངག་གུད་དུ་བཀོལ་བ།༼ཤྲཱི༽སྔགས་པ་ཧོམ་ཁུང་ནང་ནས་འཚང་རྒྱ་བའི་གདམས་པ་པདྨས་ཉེར་བཏགས་འབྲི་གུང་པ་སྔགས་དབང་དབུར་སྨོན་གྱིས་མཛད་པ། དེས་མཛད་པའི་ཡང་བཟློག་གི་གཏོར་ཟོར་འཕེན་པ་ལ་དགོས་པའི་ཟློག་གཞུང་ལྕགས་སྡིག་ལས་ཉུང་ངུར་བསྡུས་པ། དེས་འབྲི་བྱང་ཆུབ་གླིང་གི་ཐོག་ཁ་གསེར་ཁང་དུ་མཛད་པའི་བཟློག་གཞུང་རྒྱས་པ་དུར་ཁྲོད་རབ་འཇིགས་


GLG003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མ། དེས་མཛད་པའི་བསྲུང་ཟློག་གསད་པའི་མཐའ་རྒྱས་༼ཤྲཱི༽དང་དགྲ་བགེགས་གློ་བུར་དུ་ཚར་གཅོད་པ་ལ་ཉེ་བར་མཁོ་བའི་གསད་པ་མཐར་ཐུག་གདུག་པ་མེའི་ལས་སྦྱོར། དེས་མཛད་པའི་དྲག་པོའི་སྦྱིན་༼ཀ༽སྲེག་དངོས་གྲུབ་འདོད་འཇོ། སྦྱིན་སྲེག་གི་ཁ་བསྒྱུར་༼ཀ༽ལ་གསད་བསྐྲད་བསྡོམས་པ་གཅིག །བསྐྲད་པ་དྲུག །རེངས་པ་གསུམ། གྲོང་སྟོངས་པ་གཅིག །ཁ་འཆིང་བ་གཅིག །དབྱེ་བ་གསུམ། སྨྱོ་བ་གཉིས། ནོར་བརླག་པ་གཅིག་རྣམས་གཤེད་སྐོར་གྱི་རྒྱུད་ནས་རིག་འཛིན་དཀོན་ཅོག་ཕུན་ཚོགས་ཀྱིས་ཟུར་དུ་ཕྱུང་བ། དེས་མཛད་པའི་གཤིན་རྗེའི་ཕུར་བུ་སྒྲུབ་པའི་མན་ངག །ཡང་བཟློག་མེའི་སྤུ་གྲིའམ་དྲག་སྔགས་གཟའ་གདོང་དམར་ནག་འཁོར་ལོ་ལ་བརྟེན་ནས་སྒྲུབ་༼ཤྲཱི༽པའི་རིམ་པ་ལ་བཙན་པོའི་མཁར་དུ་ཞུགས་ནས་རྡོ་རྗེའི་གོ་གྱོན་པ་དང་མི་དང་མི་མ་ཡིན་པའི་སྦྱོར་ཐབས་རིག་སྔགས་འཁྲུལ་འཁོར་ཕྱིར་བཟློག་པ་སྟེང་བཅས་མེའི་སྤུ་གྲི་སྒྱོགས་གཉིས་ནང་ཕྲད་ན་སྒྱོགས་རྡོ་ལམ་དུ་བཅག་ཅིང་སྲུང་མ་བདུད་དུ་དབབ་པ་དང་ཕྱག་ཆ་རང་ལ་བསྐོར་ཏེ་རྦོད་གཏོང་གི་གཡུལ་བཤམས་ནས་དམག་དཔོན་གཡུལ་དུ་གསད་པ་གཉིས་ལ་བརྟེན་ནས་བར་བཅས་མེའི་སྤུ་གྲི། བྱད་མའི་སྟོབས་གཞོམ་ཞིང་ངན་སྔགས་ཀྱི་ཁ་བཅིངས་ནས་བཙོན་དོང་རུལ་དུ་བཏང་བ་ལ་བརྟེན་པའི་འོག་བཅས་མེའི་སྤུ་གྲི་སྟེ་ཤིན་ཏུ་ཟབ་པ་སྙིང་ནང་གི་ཁྲག་ལྟ་བུ་འབྲི་གུང་པ་དབུར་སྨྱོན་ནམ་རིགས་འཛིན་ཆོས་ཀྱི་གྲགས་པས་མཛད་པ། འདི་སྣོད་ལྡན་རེ་གཉིས་མ་གཏོགས་ཀུན་ལ་བསྟན་ན་ལས་ཀྱི་གཤིན་རྗེས་སྙིང་ཁྲག་ཧུབ་ཀྱིས་འཐུང་བའི་བཀའ་རྒྱ་ཡོད་དོ། །དེས་མཛད་པའི་ཉིང་ཟློག་གི་ཞལ་ཤེས་ཤིན་ཏུ་


GLG003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ། དེས་མཛད་པའི་ལས་ཀྱི་མཐའ་རྒྱས་ནག་པོ་ཀླུ་ལ་གཏོད་པའི་གདམས་པ་ཡང་བཟློག་མཁན་པོ་ཀུན་གྱི་རྣ་བར་མ་གྲགས་པ། གཏད་ཀྱི་དུས་སུ་རང་ལ་མི་བཟློག་པའི་ཟབ་གནད། སྔགས་འཆང་དབུར་སྨྱོན་གྱིས་མངོན་སྤྱོད་ཀྱི་གཞུང་སྤྱི་སྡོམ་དུ་མ་ནས་༼ཀ༽བཏུས་པའི་མནན་གཏད་ཀྱི་ལག་ལེན་ངག་ཁྲིགས་གསང་ཞིང་སྦ་བར་བྱ་བ། གཏོར་མ་ནན་གྱི་ངག་༼ཀ༽འདོན་ལྕགས་སྡིག་གི་འབྱུང་བ་གདན་བཞི་མ། ཟླ་གསང་གི་འབྱུང་བ་༼ཀ༽བརྟེན་ཞིང་མ། འདི་ནས་ལྷོ་༼ག༽ཕྱོགས་མ། ལས་བྱང་ཁ་༼ཤྲཱི༽སྐོང་སྐྱབས་སེམས། རྣམ་དག་༼ཤྲཱི༽དྲན་པ། བསྲུང་དམིགས་ཀྱི་སྔོན་དུ་དགོས་པའི་༼ཤྲཱི༽ཆེ་བའི་ང་རྒྱལ་བསྐྱེད་པ་རྒྱས་བསྡུས་གཉིས། མངོན་རྟོགས་སྤྱན་འདྲེན་བསྟོད་པ་སོགས་ལ་སྦས། ༼ཤྲཱི༽ལྷ་གཉིས་ཀ་འགེང་བའི་ཡི་ག །བསྟོད་བསྐུལ་རྣམས་ཀྱི་མཇུག་བསྲུང་བཟློག་གསད་༼ཤྲཱི༽གསུམ་གྱི་ཁ་བསྒྱུར་བྱ་ཐབས། ཟླ་གསང་འདུས་པའི་རཏྣ་ལས་གསུངས་པའི་ཐུན་བསྐུལ་བསྐལ་བ་འདས་པ། ཉེས་བྱས་དྲག་བསྐུལ་༼ཟུར༽སྲོག་གི་སྤུ་གྲི་ཨུརྨོ་སོ་སྡེབ་ནས་གསུངས་པའི་དྲེགས་༼ཀ༽པའི་བསྐུལ་ཞེ་སྡང་མེ་ལྟར་འབར་བ། ཟོད་བསྐུལ་ལྕགས་སམ་བྷནྡྷ་མ། མཇུག་གི་སྨོན་ལམ་འདོད་གསོལ་གྱི་ཉེར་མཁོ་ནག་པོ་གསུམ་དྲིལ་གྱི་དགྲ་བགེགས་གདུག་པ་མ། དགོངས་འདུས་རྟ་ནག་གི་ལྷ་ཡི་ལྷ་མཆོག་མ། རྗེ་རཏྣའི་ལྕགས་སྡིག་ལས་བྱང་གི་བསྐལ་པ་དཔག་མེད་མ། ཟླ་གསང་འདུས་པའི་རྒྱུད་ཀྱི་ལྔ་བརྒྱ་དུས་ཀྱི་སྙིགས་མ། རྒྱ་གར་སློབ་དཔོན་དོན་ཡོད་ཞབས་ཀྱིས་མཛད་པའི་བདག་ཀྱང་གནོད་པ་ལས་རྒྱལ་མ། ངེས་ཤེས་བསྐྱེད་ཕྱིར་རྟོག་གསུམ་གྱི་ནམ་མཁའ་མེད་པ་ལ་སོགས་པ་རྣམས་འབྲི་གུང་དབུར་སྨྱོན་


GLG003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཕྱོགས་ཀྱིས་ཕྱོགས་གཅིག་ཏུ་བཀོལ་བ། དེས་མཛད་པའི་རིག་སྔགས་འཆང་བ་རྣམས་ལ་གཡུལ་ངོར་མེད་དུ་མི་རུང་བའི་མཚོན་ཆ་ཟབ་མོ་ཐུན་སྒྲུབ། ཡང་ཟློག་ལ་བརྟེན་ནས་དགྲ་བགེགས་གསོད་པ་འབྱུང་བ་རླུང་གི་འཁོར་ལོ་༼ཤྲཱི༽གནུབས་བན་སངས་རྒྱས་ཀྱི་ཁྱད་ཆོས་རྒྱ་ཞང་ཁྲོམ་གྱིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པ། འདི་ནི་གསེར་སྲང་གང་གི་མཎྜལ་མེད་པར་མི་སྟོན་པའི་བཀའ་རྒྱ་ཅན་ནོ། །རླུང་འཁོར་མཁོ་མཐིང་མའི་མན་ངག་གབ་པ་རྣམ་བཞིའི་ཞལ་གདམས། ༼ཤྲཱི༽སློབ་མ་སྙིང་དང་འདྲ་བར་རེ་ཙམ་ལས་ཀུན་ལ་མི་སྟོན་པའི་ཟབ་གནད་འབྲི་གུང་དབུར་སྨྱོན་དཀོན་ཅོག་ཕུན་ཚོགས་ཀྱི་ཟིན་བྲིས། དགྲའི་ཁམས་བདག་གི་ཁམས་ཀྱི་དགྲར་སོང་ནས་ཕུལ་༼ཀ༽འདེད་བཞིའི་སྦྱོར་བ་སློབ་མ་སྙིང་འདྲ་རེ་རེ་ཙམ་ལས་མི་སྟོན་པ། ཡི་གེ་འབྱུང་བར་བསྡེབས་༼ཀ༽པ་ཟབ་གནད་སྦས་ཏེ་བྲིས་པ། རླུང་འཁོར་གྱི་བསྐུལ་མི་མངོན་ཆོས་དབྱིངས་མ་བཀའ་༼ཀ༽སྲུང་དབྱངས་ལ་ཆགས་པའི་མཐའ་ཅན། ལོང་པོ་སྔགས་འཆང་ནས་བྱུང་བའི་ཡང་༼ཟུར༽བཟློག་མེའི་སྤུ་གྲིའི་རླུང་འཁོར། ལས་ཕྲན་སྒྲུབ་པའི་རིམ་པ་ལ་བྱད་མ་ཁ་འཕུང་དུ་འཆི་བ། མི་བརྒྱུད་རྩད་ནས་གཅོད་པ། སྨྱོ་འབོག་གིས་འཆི་བ་རིགས་གཉིས། བུ་བརྒྱུད་རྩད་ནས་གཅོད་པ། ཆུ་གྲིར་འཆི་བ། གྲི་ཁར་འཆི་བ། ངག་ལྐུགས་པ། བསོད་ནམས་ཉམས་བྱེད་འགོ་མཆོག །བྱད་མ་རང་གཤེད་དུ་སྐོར་བའམ་རང་གཤེད་ནང་གི་རང་གཤེད་ཅེས་བྱ་༼ཀ༽བ་སྔགས་ནག་རྣམས་ཀྱི་ལག་ཆར་མེད་དུ་མི་རུང་བ་སྲིད་པའི་གཏེར་ཁྱིམ་ནས་ཕྱུང་བ། རྗེ་དབུར་སྨྱོན་གྱིས་མངོན་སྤྱོད་ཀྱི་རྒྱུད་མན་ངག་རྣམས་ལས་༼ཀ༽ཟབ་རྒུ་བསྡུས་པའི་མུརྡྷ་སྤྱིའི་གནད་ཡིག །དེས་གཏེར་ཁྱིམ་གྱི་ཁོང་བཅུད་ཕྱུང་པའི་བླ་༼ཀ༽ནས་རྒྱུ་དུས་རྟགས་ཕུར་པ་


GLG003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་གདམས་པ་ཁྱད་པར་ཅན། མ་གྲུབ་ན་འཁོར་ལོ་སྤོ་བ་དང་གྲུབ་ན་འཁོར་ལོ་འདོན་པའི་མན་ངག་གཤིན་རྗེ་གཤེད་པོའི་གསང་བ་དྲུག་ཅུ་པའི་རྒྱུད་ཀྱི་ལེའུ་སོ་གཉིས་པ་ལས་ཕྱུང་བ། གཤིན་རྗེ་གཤེད་ཀྱི་རྒྱུད་ཁྲི་དྲུག་སྟོང་པའི་ལེའུ་སྟོང་ཐམ་པ་ནས་གསུངས་པའི་མནན་གཏད་རྫས་ཀྱི་ཐོད་པ་དང་ས་དམིགས་ཀྱི་ཁ་བསྒྱུར་ཤིན་ཏུ་ཟབ་པ། བཤད་རྒྱུད་ཁྲི་དྲུག་སྟོང་པའི་ལེའུ་ལྔ་བརྒྱ་བརྒྱད་ཅུ་པ་ནས་གསུངས་པའི་མནན་གཏད་ཀྱི་འཚོལ་ཟབ་མོ། མནན་གཏད་ཀྱི་དམིགས་ཁེར་འདེད་སྲིད་པའི་གཏེར་ཁྱིམ་ལས་ལོགས་སུ་ཕྱུང་བ་ཟབ་པའི་མཐར་ཐུག་པ་རིགས་འཛིན་ཆོས་ཀྱི་གྲགས་པས་མཛད་པའི་༼ཀ༽ལས་གཤིན་ལྷ་བཅུ་བདུན་མའི་འཕྲིན་ལས། དེས་མངའ་རིས་པཎ་ཆེན་གྱི་གཏེར་བྱོན་ནས་བཏུས་པའི་ལས་༼ཀ༽གཤིན་གྱི་རྒྱུན་གཏོར་གནམ་ལྕགས་ཀྱི་གཟི་འོད་འབར་བ། དེས་ས་ཡོས་ཆོ་འཕྲུལ་ཟླ་བའི་ཚེས་དྲུག་ལ་མཛད་པའི་འཕྲིན་ལས་བཞིའི་སྦྱིན་སྲེག་ལག་ལེན་དངོས་གྲུབ་འདོད་འཇོ། དེའི་ལྷན་ཐབས་ཆུ་རྟ་སྣྲོན་གྱི་ཟླ་བར་འབྲི་གུང་གཟིམས་ཆུང་ལྕང་ལོ་ཅན་དུ་མཛད་པ། དེས་ས་ཕོ་སྟག་ལོ་བྱེ་རི་སྟག་རྩེར་ཟླ་གསང་འདུས་པའི་ཏནྟྲ་ལ་བརྟེན་ནས་མཛད་པའི་རབ་གནས་ཀྱི་ཆོ་ག །དེས་མཛད་པའི་ཨརྒའི་ཆོ་ག །དེས་ས་སྟག་སྤྲེའུའི་ཟླ་བར་བྱེ་རི་སྟག་རྩེར་ཟླ་གསང་འདུས་པའི་ཏནྟྲ་ལ་བརྟེན་ནས་མཛད་པའི་སྒྲིབ་སྦྱོང་གནས་སྤར་གྱི་ཆོ་ག །དེས་ཟླ་གསང་འདུས་པའི་ཏནྟྲ་ལ་བརྟེན་ནས་བྱེ་རི་སྟག་རྩེར་མཛད་པའི་ཕུང་པོ་སྲེག་སྦྱང་གི་ཆོ་ག །དེས་མཛད་པའི་སཱཙྪ་གདབ་པའི་ལག་ལེན། དེས་ཟླ་གསང་གི་རྒྱུད་ལ་བརྟེན་ནས་ལག་ལེན་དུ་བསྡེབས་པའི་ཆར་འབེབས་སད་བསྲུང་གི་སྐོར། ཟླ་གསང་ཆར་འབེབས་ཀྱི་ཞལ་གདམས། དེ་ལ་ཉེ་བར་མཁོ་བ་རླུང་ལྷ་མནན་པ་ལ་བརྟེན་པའི་


GLG003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གནོན། ཁྱི་དཀར་སྣ་དམར་གྱི་ཐོབ་པའི་རླུང་གནོན། དར་ལྗང་ལ་བརྟེན་པའི་རླུང་གནོན། ཐོག་སེར་ཤྭ་བུང་བསྒྱུར་བའི་གདམས་པ། ཡི་གེ་བཅུ་བདུན་པ་ལ་བརྟེན་ཅིང་པད་འདབ་ལ་ཕྱོགས་སྐྱོང་བཅུའི་སྔགས་བཀོད་པའི་རྡོ་འཁོར་ཆེན་མོ། གཤིན་རྗེའི་ཆུ་བསྒྱུར་སྟོབས་ཆེན་འདུས་པ་ཞེས་པ་པད་འདབ་ལ་ཁྱུང་སྔགས་བཀོད་པ། ཡ་མའི་པ་ཎི་བཟློག་པ་རྩིབས་ལ་ཡང་བཟློག་གི་སྔགས་བཀོད་པ། རིགས་འཛིན་ཆོས་ཀྱི་གྲགས་པས་ཟླ་གསང་འདུས་པའི་རྒྱུད་ལ་བརྟེན་ནས་ཤིང་སྤྲེལ་རྩེ་བ་གཞིས་ཀར་མཛད་པའི་རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་པའི་རྫོགས་རིམ། དེས་མཛད་པའི་རྫོགས་རིམ་སྦས་༼ཀ༽དོན་རྣམ་གསུམ་རིམ་ལྔ་བཙན་ཐབས་སུ་ཉམས་སུ་བླངས་པ་དེས་མཛད་པའི་ཐུན་མོང་༼ཀ༽གི་རྫོགས་རིམ་དབང་བཞིའི་རྣལ་འབྱོར། དེས་མཛད་པའི་ཐུན་མོང་མ་ཡིན་པའི་རྫོགས་རིམ་རྡོ་རྗེ་བཞིའི་རྣལ་འབྱོར་ཞེས་བྱ་བ་༼ཀ༽རྣམ་སྣང་བཞི་སྒྲོམ་སྙིང་མཛོད་ནས་པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ་གྱིས་སྤྱན་དྲངས་པའི་འཇམ་དཔལ་དོན་གྱི་གསང་ཏིག་གི་མན་ངག་ཡང་ཏིག་གཅེས་སྒྲོན་གྱི་དགོངས་འགྲེལ། དེས་མཛད་པའི་རྡོ་རྗེ་བཞིའི་རྣལ་འབྱོར་གྱི་ཉམས་ལེན་རྒྱུན་ཁྱེར་༼ཀ༽མགོ་ན་ནང་པར་སྔ་བར་ལྡང་བ་དང་སྤྱང་མོ་དྲུག་གི་སྔགས་ཀྱི་མཐའ་ཅན། རྡོ་རྗེ་བཞིའི་རྣལ་འབྱོར་གྱི་ཤེར་དབང་དུ་ཆོས་ཀུན་འདུས་ཚུལ་༼ཀ༽པཎ་ཆེན་རིན་པོ་ཆེའི་གཏེར་གཞུང་བཅོས་མེད། ཟླ་གསང་འདུས་པའི་ཏནྟྲ་ལས་ལེའུ་རེ་བཞི་པ་རྩ་དང་འཁོར་ལོའི་རྣམ་གཞག་༼ཀ༽སྟོན་པ་ཟུར་དུ་ཕྱུང་བ། རྣམ་དག་དྲན་པ་ལྟ་བ་སྟོན་པ་ཟླ་༼ཀ༽གསང་འདུས་པའི་ཏནྟྲ་ལས་ཕྱུང་བས། ཟླ་གསང་ནག་པོ་མེ་ལྕེའི་འཕྲེང་བ་ལས། ༼ཀ༽ལྟ་བ་བསྟན་པའི་ལེའུ་གཉིས་པ་ཟུར་དུ་ཕྱུང་བ། རིགས་འཛིན་དཀོན་ཅོག་ཕུན་ཚོགས་ཀྱིས་གཤིན་རྗེ་གཤེད་ཀྱི་


GLG003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་བརྟེན་ནས་མཛད་པའི་དམ་ཚིག་རྣམ་བཤད་དཔེ་རིས་སྐོར་ལ། བསྲུང་འཁོར་སྟེང་འོག །བཟློག་འཁོར་སྟེང་འོག །ཟློག་པ་དྲག་པོའི་ལིང་འཁོར། གསད་པའི་ལིང་རྐྱང་། དེའི་ལིང་འཁོར། ལུས་ངག་ཡིད་གསུམ་སོ་སོ་གནོན་པའི་ལིང་འཁོར། སྒོ་གསུམ་ཅིག་ཅར་གནོན་པའི་ལིང་འཁོར། ལས་མཐའ་ཀླུ་གཏད་ལིང་འཁོར། དཀྱིལ་འཁོར། མཆོད་རྟེན་དཀར་ནག །ཕུགས་གཏོར། སྒྲུབ་གཏོར། སྨན་རཀ་སྲོག་ཕུར། བླ་ཕུར། སྙིང་ཕུར། ཐུན་གཏོར། ཟོར་གཏོར། ཐུན་རྫས། མནན་སྣོད། སྦྱིན་སྲེག་གི་ཐབ། སྟེང་གཅོད་རླུང་འཁོར་མཁོ་མཐིང་མའི་ཕོ་འཁོར་མོ་འཁོར། ལིང་རྐྱང་། སྒྲོམ་དང་བཅའ་བཞི། ཁ་བསྒྱུར་ལ་བཟློག་འཁོར། མནོན་པ་སྲོག་ལས། འབྱེད་པ། དཀྲུག་པ། བསྐྲད་པ། དྲག་པོ་ཐུན་གྱི་དཀྱིལ་འཁོར་དང་བཅའ་གཞི། སྨན་གཏོར་རཀྟ་འཁོར་ལོ། ཆར་འབེབས་ཆུ་འཁོར་གྱི་ཕོ་འཁོར་མོ་འཁོར་གྱི་དཔེ་དང་བཅས་པ་རྣམས་ཀྱི་དབང་ལུང་ཕྱག་བཞེས་དམར་འཁྲིད་དུ་ལེགས་པར་ཐོབ་པ་ལས་གཡུང་དྲུང་གི་རྟགས་ཅན་གཉིས་མ་གཏོགས་པའི་དབང་ཆེ་ཆུང་གཉིས་དང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེ་གཤེད་སྡུད་མཛད་རྡོ་རྗེ་རྣོན་པོ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། འཕུང་བྱེད་ཤིནྟཾ་གརྦྷ། སློབ་དཔོན་ཡེ་ཤེས་སྙིང་པོ། སློབ་དཔོན་ཁ་གརྦྷ། རྒྱ་གར་ཁྲག་འཐུང་ནག་པོ། སློབ་དཔོན་གཙུག་ལག་དཔལ་དགེ །ཨོ་རྒྱན་སངས་རྒྱས་གཉིས་པ་རྒྱལ་བ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། ལྷ་རྗེ་གནུབས་ཆུང་པ། རྗེ་མི་ལས་མཐུ་སློབ་ས། མཚུར་སྟོན་རིན་ཅེན་རྡོ་རྗེ། སྐུ་ཞང་དཔལ་ལྡན། བླ་མ་ཚུལ་ཁྲིམས་རིན་ཅེན། སྔགས་འཆང་བྱང་ཆུབ་མགོན་པོ། མཁས་གྲུབ་ནམ་མཁའི་མཚན་ཅན་


GLG003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་ཚུལ་ཁྲིམས་ཞབས། རྒྱ་སྟོན་དཔོན་པོ་ནམ་མཁའ་རིགས་འཛིན་གསང་བ་བར་ཁམས་པ། ལྷ་སྲས་རྒྱལ་པོའི་རྣམ་སྤྲུལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་སམ་མཁའ་གྲོལ་གློང་ཡངས། དེ་སྲས་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་དེ་སྲས་འབྲི་གུང་པ་བཀྲ་ཤིས་ཕུན་ཚོགས་གྲགས་པ་རྒྱལ་མཚན། དེའི་གཅུང་འབྲི་གུང་པ་དཀོན་ཅོག་ཕུན་ཚོགས་སམ་དབུ་རུ་སྨྱོན་པ། རིག་སྔགས་འཆང་བ་དཀོན་ཅོག་ལྷུན་གྲུབ། སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་རྣོན་པོ་ནང་གཅོད་ཀྱི་དབང་བརྒྱུད་ལུགས་གཅིག་ནི། རིགས་འཛིན་ཆོས་ཀྱི་གྲགས་པ་ནས། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །འཁོན་གྱི་རྟགས་ཡོད་པའི་ལུང་བརྒྱུད་ལུགས་གཅིག་ནི། རྗེ་རིན་ཅེན་ཕུན་ཚོགས་ནས། རྒྱལ་སྲས་པདྨ་ཆོས་རྒྱལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། གསང་བའི་བདག་པོ་རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་གྱི་བནྡེ་ལའོ། །རླུང་འཁོར་མ་གཏོགས་པའི་ཟུར་གྱི་རྟགས་ཡོད་པ་རྣམས་དང་བསྲུང་བཟློག་གསད་མནན་གྱི་མན་ངག་གི་ཡི་གེ་དང་དཔེ་ཆུང་རྣམས་སྒོ་བསྟུན་ཏེ་ཕྱག་ལེན་དམར་འཁྲིད་དུ་ལན་གཉིས་ཀྱི་བར་སྨིན་རྒྱས་སུ་ཐོབ་པའི་བརྒྱུད་པ་ནི། རྗེ་རིན་ཅེན་ཕུན་ཚོགས་ནས། སྣང་གསལ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་དུ་མ་རང་གྲོལ། རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཕྱག་ལེན་ཞིབ་ཆའི་བརྒྱུད་ལུགས་གཅིག་ལ། དུ་མ་རང་གྲོལ་ནས། ཟུར་ཆེན་གཞོན་ནུ་དོན་གྲུབ། དེས་རྗེ་ཆོས་དབྱིངས་རང་གྲོལ་ལ་གནང་ངོ་། །རླུང་འཁོར་ལོང་པོ་ལུགས་ནི། དཔལ་བཀྲ་ཤིས་སྟོབས་རྒྱལ་ཡན་


GLG003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ལྟར་ལ། དེ་ནས་རིགས་འཛིན་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་སྟོབས་ལྡན་ཤུགས་འཆང་རྩལ། སྒམ་པོ་སྤྲུལ་སྐུ་ཕྱག་རྡོར་ནོར་བུ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །རླུང་འཁོར་མཁོ་མཐིང་མ་གཏོགས་པའི་ཤྲཱིའི་རྟགས་ཡོད་པ་རྣམས་ཀྱི་ལུང་བརྒྱུད་ལུགས་གཅིག་ནི། འབྲི་གུང་པ་དཀོན་ཅོག་ཕུན་ཚོགས་ནས། དཔལ་རི་བླ་མ་བསོད་ནམས་རིན་ཅེན། སྤྲུལ་སྐུ་དཀོན་ཅོག་ངག་དབང་འཕྲིན་ལས་རྣམ་རྒྱལ། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །རླུང་འཁོར་མཁོ་མཐིང་མའི་ཤྲིའི་རྟགས་ཡོད་པའི་བརྒྱུད་པ་ནི། རྒྱ་སྟོན་ནམ་མཁའ་ནས། སྤོ་བོའི་སྔགས་འཆང་དྲག་པོའི་མིང་ཅན་ལ་རྗེ་དབུར་སྨྱོན་གྱིས་ཆིག་བརྒྱུད་དུ་གསན། དེ་ནས་དཔལ་རི་བླ་མ་བསོད་རིན་མན་གཅིག་གོ །རྫོགས་རིམ་རྣམས་དང་མཁོ་མཐིང་མ་མ་གཏོགས་པའི་ཀའི་རྟགས་ཡོད་པའི་ལུང་བརྒྱུད་ནི། རཏྣ་གཉིས་པ་ཆོས་ཀྱི་གྲགས་པ་ནས་ཀ་བཙལ་བླ་མ་སྔགས་འཆང་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །རླུང་འཁོར་མཁོ་མཐིང་མ་ཀའི་རྟགས་ཅན་གྱི་བརྒྱུད་པ་ནི། སྤོ་བོའི་སྔགས་འཆང་ནས་ཆོས་ཀྱི་གྲགས་པ་ལ་བརྒྱུད་དེ་རྫོགས་རིམ་རྣམས་ནི་ཡི་དམ་གྱི་ལྷས་རྗེ་དབུར་སྨྱོན་ལ་དངོས་སུ་གནང་བ་སྩལ་བས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན། གང་དེས་རྗེས་བཟུང་དཀོན་ཅོག་ཕུན་ཚོགས། ཀ་བཙལ་བ་དཀོན་ཅོག་ལྷུན་གྲུབ་མན་གོང་ལྟར། ཡང་སྟེང་བཅས། བར་བཅས། འོག་བཅས་ཀྱི་འཁོར་ལོ་ཏིང་འཛིན་སྔགས་དམིགས་རྫས་སོགས་ཀྱི་མན་ངག་ཡོངས་ལ་མ་གྲགས་པའི་ཞལ་ཤེས་ཟབ་པ་ལས་ཀྱང་ཆེས་ཟབ་པ་ཕྱག་ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། རྗེ་ཟུར་བ་ནས། བླ་མ་བཙན་ཡག་སྤྲུལ་སྐུ། རྗེ་བཀྲ་ཤིས་ཕུན་ཚོགས་གྲགས་པ་རྒྱལ་མཚན། སྔགས་
ནག་དབུ་རུ་སྨྱོན་པ། དེས་བདག་ཟ་ཧོར་བནྡེ་ལ་སྦས་བསྲིས་མེད་པར་སྩལ་ཏོ། །བཀའ་མའི་བརྒྱུད་པ་ནི། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡན་གོང་ལྟར་ལ། དེ་ནས་གནུབས་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། རྡོ་སྟོན་ལྕགས་དཔེ། མེ་སྟོན་དྲན་ཆུང་། དྲན་སྟོན་མཐའ་བྲལ། མེ་སྟོན་དཀོན་ཅོག་རིན་ཅེན། སློབ་དཔོན་བཀྲ་ཤིས་རྒྱལ་མཚན། བླ་མ་མཐར་ཕྱིན་ལྷ་སྒོམ། མཐུ་ཆེན་གངས་པ་ཤཱཀྱ་འབུམ། གྲ་ཕྱི་རྒྱལ་བ་གཡུང་སྟོན། སྔགས་འཆང་རྒྱལ་བ་རྡོ་རྗེ། རིགས་འཛིན་དར་མ་འབུམ། རྣལ་འབྱོར་དབང་ཕྱུག །སྟོན་པ་སངས་རྒྱས་མགོན། བླ་མ་ཁམས་པ། རྒྱ་སྟོན་ནམ་མཁའི་མཚན་ཅན། འབྲི་གུང་ཟུར་པ་མན་གཅིག་གོ །

བལ་མོན་སོགས་ཀྱི་གཏེར་ཁ་སྤྲུལ་པའི་གཏེར་སྟོན་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཀྱི་སྐོར།


GLG003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་གྱི་རྒྱལ་པོ་པདྨ་ཐོད་འཕྲེང་རྒྱ་གར་ཁྲག་འཐུང་ནག་པོ་གསུམ་གྱིས་གཤིན་རྗེ་གཤེད་ནག་པོའི་རྒྱུད་དང་མན་ངག་རྣམས་ཀྱི་ནང་ནས་ཤིན་ཏུ་ཟབ་པ་འཇམ་དཔལ་རིགས་གསུམ་འདུས་པའི་བདག་ཉིད་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་སྒྲུབ་པ་གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་སྐོར་རྣམས་སློབ་དཔོན་བལ་པོའི་རྒྱལ་པོ་ལ་གནང་ཞིང་དེ་ཡང་གཞུང་ལས། མུ་སྟེགས་སྟོན་པ་འདི་ཉིད་ཀྱིས༔ ལས་སྦྱོར་གཤིན་རྗེའི་ངན་སྔགས་འདི༔ གཤིན་རྗེ་ནག་པོའི་རྒྱུད་ནས་བཏུས༔ ལྕགས་ཀྱི་པར་པུར་བཅུག་ནས་ནི༔ བལ་ཡུལ་འབུམ་ཐང་གཏེར་དུ་སྦས༔ ཕྱི་རབས་དུས་ཀྱི་མཐའ་མ་ལ༔ ལས་ཅན་གཅིག་དང་ཕྲད་པར་ཤོག༔ ལས་ཅན་གཅིག་གིས་ཐོན་ནས་ཀྱང་༔ གདུག་པའི་དགྲ་བོ་སྒྲོལ་བར་ཤོག༔ ཅེས་སྨོན་ལམ་དང་བཅས་ཏེ་བལ་ཡུལ་འབུམ་ཐང་ཀེ་རུར་གཞུང་ཡིག་སོགས་གཏེར་དུ་སྦས། ཆོས་སྐོར་རྣམས་ཆིག་བརྒྱུད་ཀྱི་ཚུལ་དུ་


GLG003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གནུབས་བན་སངས་རྒྱས་ཡེ་ཤེས་ལ་གནང་། དེ་ཡང་ལས་རབ་རྒྱ་མཚོར་སློབ་དཔོན་འདི་ཉིད་ཀྱིས་མུ་སྟེགས་རྣམས་འཕུང་བར་མཛད་པས་མུ་སྟེགས་སློབ་དཔོན་དུ་གྲགས་པར་བཤད་དོ། །དེར་མ་ཟད། སྤུང་ངན་སངས་རྒྱས་ཡེ་ཤེས་ཀྱིས༔ རྒྱ་གར་གཙུག་ལག་དཔལ་དགེ་ལ༔ བལ་ཡུལ་ཡམ་བུའི་དགོན་དུ་ཞུས༔ བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས༔ གཤིན་རྗེ་ནག་པོའི་ཞལ་གདམས་སྦྱར༔ གཙུག་ལག་དཔལ་དགེའི་བཀར་ཉན་པས༔ སུ་ལའང་མི་སྤེལ་གཏེར་དུ་སྦ༔ ཞེས་བལ་པོའི་རྒྱལ་པོར་མ་ཟད་གཙུག་ལག་དཔལ་དགེ་ལ་ཡང་གསན་ཞིང་སློབ་དཔོན་རྣམ་གཉིས་ལས་བྱུང་བའི་ཤོག་དྲིལ་ཞལ་གདམས་ཀྱི་སྐོར་རྣམས་གནུབས་ཀྱིས་མོན་ཡུལ་འབུམ་ཐང་ཀེ་རུར་བསེ་སྒྲོམ་སྨུག་པོ་དང་བྱང་སྤྲ་དུན་རྩེར་ཡང་ཤོག་དྲིལ་འགའ་ཞིག་སྦས་པའི་བལ་མོན་སོགས་ཀྱི་གཏེར་ཁ་སྤྲུལ་པའི་གཏེར་སྟོན་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པའི་ཆོས་སྐོར་ལ། ཐོག་མར་སྨན་སྡོང་ནག་པོའི་བྱིན་རླབས་དུག་གི་སྲོག་དབང་ཞེས་བྱ་བའི་སྟེང་ནས་སྐུ་གཟུགས་བུམ་པ་ལ་བརྟེན་ནས་སྐུ་གསུང་ཐུགས་འགྱུར་བ་མེད་པའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་དབང་། སྐུ་སྔགས་ཕྱག་མཚན་ལ་བརྟེན་ནས་སྣང་གྲགས་རིག་གསུམ་གྱི་ཆོས་ཐམས་ཅད་ལྷ་སྔགས་ཏིང་འཛིན་དུ་འཆར་བའི་དབང་། གཏོར་མ་བོ་ཏི་བསྲུང་སྐུད་བདུད་རྩི་སྲོག་འཁོར་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་དང་། དམ་བསྒྲག་ཅིང་མངའ་གསོལ་བའི་དབང་། དྲག་པོའི་སྒྲོལ་དབང་། བསྲེག་འབང་མནན་གསུམ་གྱི་དབང་རྣམས་འཁྲུལ་མེད་ཀྱི་ཕྱག་ལེན་རྣམ་པར་དག་པ་ཡིད་ཆེས་པར་ནོད་དེ། ལུང་ལ། རྩ་བརྒྱུད། སྒྲུབ་ཐབས་གཞུང་། མན་ངག་ཤོག་དྲིལ། རྒྱབ་རྟེན་མཐའ་དཔྱོད། དབང་ཆོག །ཁ་སྐོང་འཕྲིན་ལས་


GLG003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐོར་དང་དྲུག །དང་པོ་ནི། འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་སྨན་སྡོང་ཆེན་པོའི་རྒྱུད་ལེའུ་སུམ་ཅུ་སོ་ལྔ་པ། གཉིས་པ་ལ། ཁ་བྱང་གསལ་བའི་མེ་ལོང་། ཡིད་ཆེས་བསྐྱེད་པར་ཤིན་ཏུ་ཟབ་པའི་ལོ་རྒྱུས་བྱུང་ཁུངས། ཁྲོ་ཆུ་དུག་སྡོང་གི་བསྲུང་བཟློག་གསད་གསུམ་གྱི་སྒྲུབ་གཞུང་བྱད་མ་སྒྲོལ་བའི་མཚོན་ཆ་སྤུ་གྲི་རེག་གཅོད་མུ་ཏིག་སྲོག་གི་སྤུ་གྲི་བྱད་མ་འབུམ་གྱི་སྲོག་གཅོད་རྔ་ཐོགས་སྟོང་ཡང་རླག་པར་བྱེད་པའི་མན་ངག་ཏུ་གྲགས་པ། དེའི་འགྲེལ་པ་ལག་ལེན་གསལ་བའི་སྒྲོན་མེ་ལྷ་ཚངས་པ་ཡིན་ཀྱང་སྐད་ཅིག་ལ་བརླག་ནུས་པའི་ཆེ་བ་ཅན། འདི་གཏེར་སྟོན་ལ་གནུབས་སྟོན་དར་དབང་གིས་ཞུས་པའི་སྐབས་རྟ་འབྲུག་གཤོག་མ། གསེར་སྲང་གང་། སྤྱང་ཐུལ་གཅིག་རྣམས་ཕུལ་བར་གྲགས། གསུམ་པ་མན་ངག་ཤོག་དྲིལ་སྐོར་ལ། བསྲུང་བ། བཟློག་པ། གསད་པ། བསྲུང་བཟློག་གསད་གསུམ་ལ་ཉེར་མཁོའི་ཐེམས་མེད། སྦྱིན་སྲེག །མནན་པ། གནད་དབབ། ལས་ཚོགས་ཐོར་བུ། བྱ་ལམ་བསྲུང་བ་དང་དགུ། དང་པོ་ལ་རྟེན་དང་བསྲུང་བ་དངོས་གཉིས། དང་པོ་ལ། རྟེན་བཅའ་བ། ལྟོ་འཁོར་ཤིན་ཏུ་ཟབ་པ་སྲོག་འཁོར་བཅའ་ཐབས། གྲི་ཕུར་གྱི་རྟེན་བཅའ་བ། གཏོར་ཆེན་དང་རྒྱུན་༼འབྲི༽གྱི་འཛིན་གཏོར་བཅའ་བ། གཉིས་པ་བསྲུང་བ་དངོས་ལ་རྫས་སྔགས་ཏིང་ངེ་འཛིན་གསུམ་ལས། དང་པོ་ལ། ཚེ་བདུད་མནན་པའི་སྟེང་དུ་མཆོད་རྟེན་དཀར་པོ་ལ་བརྟེན་ནས་བསྲུང་བ། རྟེན་ཕུར་བཅས་ཏེ་བསྲུང་བ། རྫས་ཕུར་གྱིས་བསྲུང་བ། བསྲུང་བ་ཡིད་བཞིན་ནོར་བུ། རྨ་བྱ་ཧ་ལ་༼འབྲི༽ནག་པོའི་བསྲུང་བ། གཏོར་མ་ལ་གཏད་༼འབྲི༽པའི་བསྲུང་བ། དྲི་ཆུའི་བསྲུང་བ་རྣམས། གཉིས་པ་སྔགས་ཀྱི་བསྲུང་བ་ལ། འགྲོ་འདུ་བསྲུང་བའི་ཞལ་༼འབྲི༽ཤེས་དྲག་སྔགས་ཆེན་པོའི་ཤོག་དྲིལ། གསེར་གྱི་རལ་


GLG003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ཏྲཾ་ལ་བརྟེན་ནས་༼འབྲི༽ངག་འགྲོལ་ཞིང་བསྲུང་བ། ངག་དགྲོལ་བསྲུང་བའི་ཙཀྲ་མནན་བཟློག་ནག་པོའི་བྲི་ཡིག་རབ་གནས་དང་བཅས་པ། སྔགས་ཀྱི་བསྲུང་བ་ཞར་ལ་འབྱུང་བའི་དབང་དུ་མཛད་པར་སྣང་། སྔགས་བཟླས་ཏེ་བསྲུང་བ་རྣམས། གསུམ་པ་ཏིང་ངེ་འཛིན་གྱི་བསྲུང་བ་ལ་ཕྱི་གུར་ཁང་༼འབྲི༽བརྒྱད་ཀྱི་བསྲུང་བ། ཁྲོ་བོ་དཀར་༼འབྲི༽ནག་གི་བསྲུང་བ། ལྷ་བསྒོམས་ཏེ་༼འབྲི༽བསྲུང་བ། འོད་དཀར་རྡོ་རྗེའི་༼འབྲི༽བསྲུང་བ། རིགས་གསུམ་མགོན་པོའི་༼འབྲི༽བསྲུང་བ། རྡོ་རྗེ་འོད་ལྔའི་༼འབྲི༽བསྲུང་བ། ཡཪྣྲི་ཧཱུྃ་གསུམ་གྱི་༼འབྲི༽བསྲུང་བ། ནཱ་དར་ཚེ་ཕུར་གདབ་སྟེ་༼འབྲི༽བསྲུང་བ། དྲེགས་པ་དབང་དུ་བསྡུས་ཏེ་༼འབྲི༽བསྲུང་བ་རྣམས། གཉིས་པ་བཟློག་པ་ལ། ནང་གི་ཐུན་བསྲུང་གསུམ་དང་ལྡན་པའི་ཁང་པར་ཐོད་པ་ཞལ་དབྱེ་ནས་འཁྲུལ་འཁོར་བཅས་ཏེ་བཟློག་པ། དབུ་རྒྱན་དང་སྒོ་སྲུངས་བསྒྱུར་ཏེ་བཟློག་པ། བསམ་གཏན་ཉལ་ཆོག་གི་༼འབྲི༽བཟློག་པ། ཟོར་འཕངས་ཏེ་བཟློག་པ། མཆོད་རྟེན་ནག་པོ་ལ་བརྟེན་ནས་བཟློག་པ། བཟློག་འཁོར་བཏགས་ཏེ་བཟློག་པ། ཕྱིའི་ཐུན་བསྲུང་བཞི་དང་ལྡན་པ་གསད་ཁང་བཅོ་ལྔ་འཁོར་ལོ་དང་བཅས་ཏེ་བཟློག་པ། རི་རབ་མཐར་དབྱུང་གི་བཟློག་པ། ཏིང་ངེ་འཛིན་ནག་པོ་འཁྲུལ་འཁོར་གྱི་བཟློག་པ། ཕོ་ཉ་སྒྱོགས་དང་འཁྲུལ་འཁོར་སྤོ་བ་དྲག་སྔགས་ནག་པོའི་བཟློག་པ་རྣམས། གསུམ་པ་གསད་པ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། བཟློག་པའི་ཁང་པར་འཁྲུལ་འཁོར་བཅས་ཏེ་གསད་པ། སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་རྟགས་ཏེ་གསད་པ་གཤིན་རྗེ་ཡབ་ཡུམ་བརྒྱད་ཀྱིས་གསད་པ། གཤེད་འཁོར་ཁ་འཐབ་ནང་རྒྱས་སུ་གསད་པ་སེང་གེ་ཁ་འཐབ། གན་སྦུགས། ༼འབྲི༽ཐོག་མདེལ་ངར་གླུད་ཀྱིས་གསད་པ། སྡིག་པའི་སྙིང་ཁར་ལིངྒ་བསྒོམས་ཏེ་ཕྱི་བསྡམས་ནང་གཏུབས་ཀྱིས་གསད་པ། རལ་གྲི་ཕུབ་


GLG003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་ལྟར་འཁོར་ཏེ་གསད་པ། ཡར་སྡུད་མར་སྡུད་ཀྱིས་གསད་པ། ཕར་འཕྲོ་ཚུར་འཕྱིས་གསད་པ། གསད་སྔགས་དང་ཐུན་སྔགས་ཀྱིས་གསད་པ། མཆོད་རྟེན་དཀར་པོ་གོ་ལྡོག་སྟེ་ལྟོས་མེད་ཨར་ལ་གཏད་དེ་གསད་པ་རྣམས། གཉིས་པ་བྱེ་བྲག་ཏུ་གསད་པ་ལ། སེང་གེ་ཁ་འཐབ་སྡིག་པ་སྙིང་འཛིང་གི་མན་ངག་ཅེས་པ་རྫས་ཀྱི་རང་གཤེད་དང་ལྷའི་སྟོབས་ཀྱིས་མནན་པ་སྔོན་དུ་བཏང་ནས་བྱེ་བྲག་ཏུ། རང་གི་སློབ་དཔོན་གསད་པ། བཙད་པོ་གསད་པ། སློབ་མ་གསད་པ། མཆེད་གྲོགས་གསད་པ། སྔགས་ནག་གསད་པ། བོན་པོ་མུ་སྟེགས་གསད་པ། སྔགས་སྡིག་དྲུག་སྔགས་༼འབྲི༽དང་འཁྲུལ་འཁོར་བསྒྱུར་ཏེ་གསད་པ། བྱད་མ་འབུམ་རྡུགས་སྤུ་གྲི་༼འབྲི༽རེག་གཅོད་ཀྱི་ཏིང་ངེ་འཛིན་གྱིས་གསད་པ། ཨར་ལ་༼འབྲི༽གཏད་པ། སྤྱི་གཙུག་ཁྲོ་བོ་སྡིབ་བརྡེབ། གང་ལ་དམིགས་པ་༼འབྲི༽སྤྱི་གཙུག་བུམ་པ་ཐལ་རྡེབ། དགྲ་བོ་སྣ་ཚོགས་རྫས་༼འབྲི༽ཀྱིས་གསད་པ་སྤྱིར་བཙུན་པ་རྡོ་རྗེ་ཐ་ོབས་བརྡུང་བ། སྨན་མོ་གསད་པ་དང་བསྐམས་པའི་༼འབྲི༽སྐོར་ཏེ་བྱེ་བྲག་ཏུ་སྲེའུ་གསོ་བ་རྣམས། བཞི་པ་ཐེམས་མེད་ལ། ཡཪྣྲི་ཧཱུྃ་གསུམ་གྱི་བསྲུང་འཁོར་ཆུང་བ། བདག་བསྲུང་གསེར་གྱི་༼འབྲི༽མཆོད་རྟེན་ཞེས་པའི་བསྲུང་འཁོར་བྲི་ཐབས་རབ་གནས་དང་བཅས་པ། འབྲུ་གསུམ་རྡོ་རྗེའི་བསྲུང་བ། བསྲུང་བའི་ཤོག་དྲིལ་༼འབྲི༽དང་པོ་དང་གསུམ་པའི་ཞལ་ཤེས་གུར་ཁང་གི་ཞལ་གདམས་སུ་གྲགས་པ། བསྲུང་བའི་ཤོག་དྲིལ་རོ་རི་ཟླ་བ་༼འབྲི༽རྣམས་ཀྱི་ཞལ་གདམས་གནད་ཀྱི་མན་ངག་གབ་ཡིག་ཅན། ཏིང་ངེ་འཛིན་གྱི་བསྲུང་བའི་གུར་ཁང་གི་ཞལ་གདམས་གཞུང་ལྟར་བསྐྱེད་ལ་བསྒོམ་པར་བྱའོའི་མཐའ་ཅན། ཏིང་ངེ་འཛིན་གྱི་བསྲུང་བ་ཞེས་པ་ཤོག་དྲིལ་དང་གཉིས་གཉིས་ཀྱི་དོན་བསྡུས་པ་ཧེ་རུ་ཀས་རྦད་ཀྱང་རང་ལ་འགྱུར་བའི་མཐའ་ཅན། ཚེ་


GLG003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་འཇོམས་པའི་དམིགས་རིམ་ཚེ་ཉི་ཟླ་༼འབྲི༽དང་མཉམ་པར་བྱ་བ། བླ་སྲོག་སྦས་ཏེ་བསྲུང་བ། རྨ་བྱ་ཧ་ལའི་༼འབྲི༽བསྲུང་བ་ཆུང་བ། དྲི་ཆུ་ལ་བརྟེན་པའི་བྱད་མ་གདོང་བཟློག །སྤྱི་མགྲིན་སྙིང་གསང་དུ་ལྷ་བསྒོམ་པ་བཟློག་པ་རི་རབ་ཁོད་བསྒུལ། བདུད་བཞི་སྤོང་བའི་ཏིང་ངེ་འཛིན་གྱི་ཤོག་དྲིལ་ཤིན་ཏུ་གསང་བའི་གནད་འབེབས་ཐུན་འགོ་ལ་དྲན་ཙམ་ལས་ཡུན་རིང་མ་སྒོམ་པར་གསུངས་པ། ཐུན་ཁུང་དུག་གི་རྒྱ་མཚོར་བསྒོམས་པའི་ཐུན་རྒྱག་པའི་ཤོག་དྲིལ། བྱད་མའི་རྩ་རོ་བརྐྱངས་དབུ་གསུམ་ལ་ཕུར་བ་བཏབ་སྟེ་གསོད་པའི་སྙན་བརྒྱུད་ཤོག་དྲིལ། རལ་གྲིའི་འཁོར་ལོས་གསོད་པ་སྙིང་འབྱིན་ཤོག་དྲིལ། ཐོད་པ་ཞལ་འབྱེད་ཀྱི་༼འབྲི༽མན་ངག་དུག་རི་ནག་པོའི་གཞུང་ལ་བརྟེན་པ། མཛེ་བོའི་གསོན་༼འབྲི༽གཏད་སྤུ་གྲི་ངར་མ། གཅིག་ཤུར་ནག་པོ་༼འབྲི༽འགྱུར་མེད་ཀྱི་གཏད་ཁྲམ། དེའི་ཞལ་༼འབྲི༽ཤེས། ཟླ་བ་གཟའ་སྐར་ཐོད་ལིང་བདུད་བཞི་སློང་བ་གསད་༼འབྲི༽སྔགས་མནན་གཏད་ཀྱིས་དམིགས་དང་བཅས་པའི་ཡིག་ཆུང་ཁྱད་པར་ཅན་གྱི་ཤོག་དྲིལ་ནག་པོ། འགུགས་དབྱེ་གསད་པའི་ཤོག་དྲིལ་སྨན་སྡོད་ཞལ་གདམས་སྙིང་གི་ཐིགས་པ། ལྷམ་མཐུ། མནན་གཏད་ཀྱི་དུས་ཚོད་༼འབྲི༽དཔའ་བོའི་མཚོན་ཐོགས། ཚོགས་སུ་རོལ་ནས་ལྷག་མེད་༼འབྲི༽དུ་གསོད་པའི་ཤོག་དྲིལ་ལས་མཁན་གྱི་བསྐུལ་༼འབྲི༽ཁྲག་གི་རྦ་ཀློང་མ། མར་མེ་ཁྲག་གསོད། ཧཱུྃ་སྦྱོར་མེའི་སྤུ་༼འབྲི༽གྲིས་བྱད་མ་གློ་བུར་དུ་གསོད་པ། གནད་བསྐུལ་ལས་ཀྱི་གཤིན་རྗེ་མ། དགྲ་བོ་ཁ་འཕུང་དུ་འཆི་བ། མི་བརྒྱུད་གཅད་པ། བདུན་བརྒྱུད་གཅོད་པསྨྱོ་འབོག་གིས་འཆི་བ། ཆུ་གྲིར་འཆི་བ། གྲི་ཁར་འཆི་བ། ལྐུགས་ཏེ་འཆི་བ། དགེ་སློང་གི་ཆོས་གོས་ལ་བརྟེན་ནས་འགོམ་ཆོག་བྱེད་པ། གསོན་གཏད་སྤུ་གྲི་ངར་མ་ཟླ་བ་གཅིག་ནས་མཛེ་ཡིས་འཛིན་པ། རབ་དྲི་ཚོར་ཚད་འཆི་བ། རླུང་ཞོན། འབྲིང་དུ་བ་ཕོག་ཚད་


GLG003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ། ཐ་མ་ལུས་ལ་གང་རེག་གུམ་པ། བྱུག་པས་གསོད་པ། གཞན་ཡང་དུ་བ་རླུང་ཞོན་བྱེ་བྲག་པ་མཛེ་ནད་དུ་བ་རླུང་ཞོན། རླུང་ནད་དུ་བ་རླུང་ཞོན། རིམས་ནད་དུ་བ་རླུང་ཞོན། ཁྲག་ནད་དུ་བ་རླུང་ཞོན། མཁྲིས་ནད་དུ་བ་རླུང་ཞོན། སྨྱོ་ནད་དུ་བ་རླུང་ཞོན། རྫས་དེ་རྣམས་སྦྱོར་བའི་དུས་སུ་རང་ལ་མི་གནོད་པའི་བསྲུང་བ་ཟབ་མོ། བསྲུང་འཁོར་ཞལ་གདམས་སྙིང་གི་ཐིག་པ་མཇུག་ཏུ་བསྲུང་བཟློག་གསད་གཟིར་གྱི་སྔགས་བྱང་བྱད་མ་༼འབྲི༽འབུམ་རྡུགས་ནག་པོ་སྲོག་གི་བར་དུ་མཇུག་ཏུ་༼འབྲི༽བསྲུང་བཟློག་གསང་བའི་སྔགས་བྱང་ཅན། གནད་བཞིའི་ཞལ་གདམས་ཁྱད་པར་ཅན་བཀའ་རྒྱ་༼འབྲི༽མ། བསྲུང་བཟློག་གསད་མཐར་མི་བཟློག་པ་དང་བཅས་པ་གནད་བཞིའི་གདམས་པ་ལ། བསྲུང་བར་སངས་རྒྱས་སྟོང་ཞི་བ། ཟློག་པར་ཁྲོ་བོ་གསད་པ་ཉི་མ་མདུང་གང་ཙམ་ནས་གཤིན་རྗེ་གཤེད་ཀྱི་འཁུར་བའི་ཐུན་དམིགས། སྲིན་སྒོ་བཀག་པའི་འཁྲུལ་འཁོར་ཟབ་ཁྱད་ཅན། མི་བཟློག་པ་ལ་འདི་ཕྱི་གཏན་དུ་མི་བཟློག་པའི་གདམས་པ་དང་བཅས་པ། བསྲུང་བཟློག་གསད་གསུམ་གྱི་ཞལ་གདམས་ཞེས་པ་ནང་གསེས་ཀྱི་ཕྱི་ནང་ཀུན་གྱི་ནུས་མཐུ་བསྡུ་བའི་བསྲུང་བ་འཆི་བདག་ཆུ་སྲིན་གྱི་མགོ་ཅན་གྱི་ལྟོ་བར་གཏུམ་པོ་ལྕགས་སྡིག་སྒྲོམ་པའི་བཟློག་པ། དགྲ་བོའི་སྤྱི་མགྲིན་སྙིང་གསང་དང་ཡན་ལག་བཞིར་འཁོར་ལོ་བསྐོར་ནས་གསད་པ། སྨན་སྡོང་གནད་ཀྱི་ཤོག་དྲིལ་མུ་ཏིག་འཕྲེང་བ། ༼འབྲི༽ཞེས་པ་བསྲུང་བཟློག་གསད་མནན་གྱི་གནད་ཐམས་ཅད་གཅིག་ཏུ་བསྡུས་པ་ནུས་པ་ཐམས་ཅད་མེད་པར་བསམ་པའི་མཐའ་ཅན། བསྐྱེད་རྫོགས་ཆོས་སྐུ་༼འབྲི༽གསུམ་གྱི་ལམ་ཁྱེར་དང་གཤིན་རྗེའི་འཁྲུལ་འཁོར་རྡོ་རྗེའི་གུར། སྟོང་པའི་གོ་ཆ་གཞོམ་པ་རྣམས་ཀྱི་མཇུག་ན་དགུག་འདྲེན་འཆི་སྲོག་ཚེ་གསུམ་གྱི་མངོན་རྟོགས་བསྲུང་


GLG003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་གསད་གསུམ་གྱི་ཞལ་གདམས་དང་བཅས་པས་མཚོན་ཆའི་འཁོར་ལོའི་མཐའ་ཅན། འདུ་བྱེད་ལྷའི་ཞལ་གདམས་ཞེས་པ་ལྕགས་འཁོར་མེ་འཁོར་གཡས་གཡོན་དུ་འཁོར་བའི་དབུས་སུ་གཙོ་བོ་དང་སྡེ་དྲུག་མེ་འཁོར་ལ་གླང་སྟག་བྱའི་མགོ་ཅན། ཕྱི་རོལ་བདུད་བཞི་སོགས་མང་དུ་བསྐྱེད་ཀྱི་ཞལ་གདམས་ཤིན་ཏུ་ཟབ་པ་གནུབས་བན་ཁྱད་ཆོས་ཞང་ཁྲོམ་སྙིང་ཏིག་ཏུ་གྲགས་པ། ལྔ་པ་སྦྱིན་སྲེག་ནི། རྫས་ཆེན་བཅུ་གཉིས་དང་བཅས་ཚང་བའི་ཚར་གཅོད་པ་དྲག་པོའི་སྦྱིན་སྲེག །སྦྱིན་སྲེག་གི་ཞལ་གདམས་རང་དབང་ཕྱུག་ཆེན་པོར་༼འབྲི༽བསྐྱེད་པ། དྲུག་པ་མནན་པ་ནི། གཤིན་རྗེ་དུག་སྡོང་ནག་པོའི་ལས་མཐའ་ཧུར་ཐུམ་ནག་པོའི་དགྲ་མནན། མནན་པའི་ཤོག་དྲིལ་མེའི་རང་བཞིན་བེ་ཅོན་གྱི་རྒྱ་ཅན། སྤྱི་གཤེད་དུག་སྡོང་ནག་པོའི་༼འབྲི༽སྒབ་འདྲེ་མནན་པ། བདུན་པ་གནད་དབབ་ནི། བསྙེན་པ་ཐེམས་ནས་ནང་རྟགས་བྱུང་ཕྱི་རྟགས་མ་བྱུང་ན་གནད་འབེབས་ལོག་གནོན་ཞལ་གདམས་སྙིང་ཏིག །བརྒྱད་པ་ལས་ཚོགས་ཐོར་བུ་ལ། དགྲ་བོ་ལ་མནའ་མི་བྱ་བ་སོགས་ཀྱི་དམ་ཚིག་བསྟན་པ། གཤིན་རྗེ་གཤེད་ཀྱི་གནད་ཀྱི་ཟ་ཡིག་ཚེ་སྒྲུབ་འབུམ་གྱི་ཡང་སྙིང་དུ་གྲགས་པ། འཆི་ཚེ་སྲོག་གསུམ་གྱི་སྐུ་གསུང་ཐུགས་ཀྱི་ཟ་ཡིག་བསྲུང་བ་ཁྲོ་ཆུའི་གུར་ཁང་། བཟློག་པ་དུག་གི་སྤུ་གྲི། གསད་པ་སྲོག་གི་སྤུ་གྲི་སྟེ་བསྲུང་བཟློག་གསད་གསུམ་གྱི་ཟ་ཡིག །བསྙེན་སྒྲུབ་ལས་གསུམ་གང་ལ་གལ་ཆེ་བའི་ངོས་འཛིན་གྱི་ཞལ་ཤེས་བྱད་མ་གསོད་པའི་ལག་ཆ། སྔགས་ཐེམས་ལ་བཟླ་བ་འབྱུང་བས་འབྱུང་བ་༼འབྲི༽བཤིག་པའི་སྟེམ་ཡིག་ཤོག་དྲིལ་གནུབས་ཀྱིས་མཛད་པ། བསྲུང་བཟློག་གསད་མནན་གྱི་སྔགས་འགྲིག་དྲེགས་པ་ཅན་བཅོ་བརྒྱད་ཀྱི་གནད་སྟེམ་དང་བཅས་པ་སྙིང་གི་ཐིགས་པ། བསྲུང་བཟློག་བསད་ཐུན་ལྷ་དབྱེ་བླ་འགུགས་ཀྱི་སྔགས་རྗེ་རིན་ཅེན་ཕུན་


GLG003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་ཞུས་དག་མ། ཐུན་སྔགས་དང་བསྲུང་བཟློག་གི་ཤམ་བུ་ཟུར་༼འབྲི༽དུ་ཕྱུང་བ། དགྲ་བོ་སྡེ་བརྒྱད་ཀྱིས་ཁྲམ་ལ་འདེབས་པ་ཤ་གྲིར་ཐེ་མི་ཚོམ་པ། སེང་མགོ་ཅན་གྱིས་བྱིས་༼འབྲི༽པ་གསོད་པ་མཐོང་བརྒྱལ་མ། ཙིཏྟ་རླུང་གི་འཁོར་ལོ་དགྲ་བོ་ཕྱེ་མར་འཐག་པའི་མཚོན་རྣོན་ལིངྒ་དང་རལ་གྲི་ལ་བརྟེན་༼འབྲི༽ནས་སེར་བ་གདོང་བཟློག །འགོ་མཆོག་ཤ་བ་རྒྱུག་འགྱེལ་ཞག་གསུམ་ནས་ཕུང་བར་འགྱུར་བ། ཇག་འཆིང་ཆོམ་རྐུན་༼འབྲི༽རླག་བྱེད། སྣང་བ་དགུ་འགྱུར་གྱི་༼འབྲི༽གདམས་པ་ཟབ་མོ་འཁོན་ནག་ཟས་སུ་ཟ་བ་གཞན་༼འབྲི༽དང་མི་འདྲ་བའི་ཁྱད་ཆོས་ཅན། མཛའ་བ་དང་འབྱེད་༼འབྲི༽པ་གསང་བའི་རླུང་འཁོར་བསྐྲད་པར་༼འབྲི༽བསྒྱུར་བ། ནོར་སྒྲུབ་གཡང་ལེན་༼འབྲི༽བསམ་འཕེལ་རྣམས། དགུ་པ་བྱ་ལམ་བསྲུང་བ་ལ། བསྲུང་བཟློག་གསད་མནན་དགུག་བསྟིམ་གྱི་མན་ངག་རྟགས་རིམ་ཚིགས་བཅད་མ། རྟགས་ཡིག་ཚིག་ལྷུག་ངན་པ་རྣམས་བཟློག་ཐབས་ཞར་ལ་བསྟན་པ། བཞི་པ་རྒྱབ་རྟེན་མཐའ་དཔྱོད་པ་ལ། ཁྲོ་ཆུ་དུག་སྡོང་གི་རྩ་ཚིག་༼འབྲི༽བཞི་བཅུ་རྩ་དྲུག་གི་བཤད་བཀྲོལ་རིན་པོ་ཆེའི་གཏེར་མཛོད་རྒྱལ་སྲས་སྨན་ལུང་པས་མཛད་པ་། ཁྲོ་ཆུ་གདུག་པ་ཀུན་སྒྲོལ་གྱི་དོན་གསལ་བར་བྱེད་པ་ལས་རབ་རྒྱ་མཚོ། ལྔ་པ་དབང་མཆོག་ནི། སྨན་སྡོང་ནག་པོའི་བྱིན་རླབས་དུག་གི་སྲོག་དབང་། གཤིན་རྗེའི་བཟླས་ལུང་སྦྱིན་པ། དྲུག་པ་ཁ་སྐོང་ནི། བསྙེན་སྒྲུབ་ལས་གསུམ་གྱི་བཅའ་བཞི་ལག་ལེན་གྱི་༼ཀ༽ཤོག་དྲིལ་འབྲི་གུང་པ་རྒྱལ་སྲས་དབུར་སྨྱོན་གྱིས་མཛད་པ། དེས་ཟབ་པ་ཁོལ་དུ་ཕྱུང་བའི་ལས་སྦྱོར་༼ཀ༽ལིངྒའི་སྔགས་ཀྱི་མན་ངག །གཤིན་རྗེ་ཚེ་བདག་དང་ཁྲོ་ཆུ་དུག་སྡོང་གཉིས་ཀྱི་ལས་བྱང་བདུད་དཔུང་གཏོར་བྱེད་གནུབས་ཆེན་གྱིས་མཛད་པ། སློབ་དཔོན་པདྨས་


GLG003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་བསྟོད་པ་ཕྱོགས་བཅུ་ནམ་མཁའ་མ། བླ་མ་ཆོས་ཀྱི་རྒྱལ་མཚན་གྱིས་ཞལ་༼འབྲི༽གཟིགས་དུས་བསྟོད་པ་ཕྱོགས་ཕྱོགས་མ། མདུན་བསྐྱེད་ཀྱི་ཞལ་གདམས་སྨན་སྡོང་༼འབྲི༽ནག་པོའི་མདུན་བསྐྱེད་ཅེས་པ་བཤན་པ་སྡེ་བཞིའི་བསྐུལ་གྱིས་མཇུག་བསྡུས་པ། སྨན་ལུང་མི་བསྐྱོད་རྡོ་རྗེས་མཛད་པའི་ལས་༼འབྲི༽བྱང་ཁྲིགས་ཆགས་སུ་བྲིས་པ། སྭ་དྷ་གདུག་པ་ཀུན་སྒྲོལ་ཛྙ་༼འབྲི༽ན་རཏྣས་མཛད་པ། ཞལ་གདམས་ཤོག་དྲིལ་གྱི་གནད་འགག་མན་ངག་ཏུ་བསྡེབས་པའི་ལས་བྱང་ཤིན་ཏུ་ལེགས་པ་སྣང་གསལ་བ་རིགས་འཛིན་དུ་མ་རང་གྲོལ་གྱིས་མཛད་པ། རྒྱུད་དང་མན་ངག་གི་གནད་རྣམས་ཀྱིས་ཟུར་བརྒྱན་པའི་ལས་བྱང་གདུག་༼འབྲི༽པ་ཀུན་སྒྲོལ་ཞེས་པ་འབྲི་གུང་རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་མཛད་པ། ཡང་གསང་རྨད་དུ་བྱུང་བ་གསང་བ་དོན་ཏིག་ནག་མོའི་བསྒྲུབ་ཐབས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཆུ་གླང་སྔོན་པོ་ལ་ཆིབས་པའི་སྒྲུབ་ཐབས། གྷ་ནའི་སྐབས་སུ་བྱེད་པའི་གཤིན་རྗེའི་མདངས་སྐོང་ལྷོ་ཕྱོགས་རབ་འཇིགས་མ། སྨན་ལུང་པ་མི་བསྐྱོད་རྡོ་རྗེས་མཛད་པའི་༼འབྲི༽བསྐང་ཡིག་རིན་ཅེན་འཕྲེང་བ། བསྐང་མདོས་དྲག་པོའི་༼འབྲི༽འཕྲེང་བ་དོན་གསུམ་གྱིས་བསྟན་པ། བདག་བསྐྱེད་གཏོར་ཟོར་འབྲུབ་ཁུང་༼འབྲི༽དང་བཅསཔའི་ཉམས་ལེན་གྱི་བཅའ་གཞི་རྫོགས་བྱང་གི་མཐའ་ཅན། གནུབས་ཆེན་གྱིས་མཛད་པའི་ཟོར་གྱིས་ལས་མཐའ་སྤུ་གྲི་༼འབྲི༽ངར་མ་ཚིག་ཟུར་ཙམ་ཡང་ཉམས་མེད་དུ་གོ་རིམ་ཙམ་དཔལ་འབྲི་གུང་དབུར་སྨྱོན་གྱིས་བསྒྲིགས་པ། རིགས་འཛིན་ཆེན་པོ་དུ་མ་རང་གྲོལ་གྱིས་མཛད་པའི་གཏོར་ཟོར་ལ་བརྟེན་པའི་བཟློག་གསད་གནམ་ལྕགས་འབར་བ་ལོག་འདྲེན་འཇོམས་པ་མཚོན་ཆའི་འཁོར་ལོ་དྲག་པོ་ཟོར་གྱི་སྒོ་ནས་བཟློག་པ་དགྲ་


GLG003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀུན་ཕུང་མཚོན་ཆ་ཕྱོགས་ཕྱོགས་མ་བྷྱོ་བཟློག་གི་མཐའ་ཅན། སྤྱི་གཤེད་དུག་སྡོང་ནག་པོའི་ལས་མཐའ་༼འབྲི༽དྲག་པོ་ཟོར་གྱིས་དགྲ་བགེགས་གསད་པ་ཟོར་རྣམས་འཕང་ངོའི་མཐའ་ཅན། མཇུག་ཏུ་ཇི་ལྟར་བྱ་བ་གཏོར་མ་ཟོར་དུ་བསྒྲུབ་པ་༼འབྲི༽ཏིང་ངེ་འཛིན་གྱི་འཁྲུལ་འཁོར་གྱི་མཐའ་ཅན། གདབ་ལས་ཀྱི་རིམ་པ་གཤིན་རྗེའི་འཕྲིན་ལས་དགྲ་གཤེད་ནག་པོ། ཞལ་བསྟབ་༼འབྲི༽ཕྱོགས་ཕྱོགས་མ་རྫོགས་བྱང་གི་མཐའ་ཅན། དྲག་པོའི་ལྕགས་ཕུར་བརྡུང་པའི་རྩད་ས་གྱེར་སྔོན་བསྐལ་མ། རིགས་འཛིན་དུ་མ་རང་གྲོལ་གྱིས་གཏེར་གཞུང་ལས་ངག་འདོན་ཅུང་ཟད་བདེར་བཏང་བའི་ལྕགས་ཕུར་བརྡུང་པའི་རྩངས་གྱེར། དེས་མཛད་པའི་ཁྲོ་ཆུ་དུག་སྡོང་ནག་པོའི་བསྐང་གསོ་དངོས་གྲུབ་ཆར་འབེབས། དཔེའུ་རིས་ལ་གོང་གནོན་ཚེ་བདག་འཁོར་ལོ་སྲོག་འཁོར། གཏད་འགྲོལ་བསྲུང་འཁོར་ཆུང་བ། བསྲུང་འཁོར་ཡིད་བཞིན་ནོར་བུ། རྟེན་ཕུར། མཆོད་རྟེན་དཀར་ནག །བཟློག་འཁོར། གསད་ཁང་བཅོ་ལྔ་པ། དུག་གསུམ་འཁོར་ལོ། བྱད་མ་ལྷར་བཅས་ཨར་ལ་གཏོད་པའི་ལིངྒ། སྒོམ་ཆེན་དང་སྐྱེ་བོ་ཨར་གཏོད། དགྲ་བོ་རྒྱ་མཚོའི་ནང་དུ་ཨ་རིལ་གཏོད་པ། ཙིཏྟ་རླུང་འཁོར་གྱི་སྟེང་འོག་བར་འཁོར་དང་བཅས་པ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བའི་སྙིང་པོ་ཚང་ཞིང་འདིར་མ་འདུས་པའི་ཆོས་སྐོར་ཀྱང་རེ་མང་ཡོད་འདུག་པ་རེ་ཞིག་དེ་ཙམ་མོ། །སླར་ཡང་གནུབས་བསྟན་འཛིན་ངེས་ཀྱི་སྔགས་འཆང་ཞིག་རྙེད་ཚེ་མཐའ་རྒྱ་དཔྱོད་པར་བྱའོ། །དེ་ལྟར་འབྲིའི་རྟགས་མེད་པའི་ལུང་དབང་ཞལ་གདམས་དཔེ་རིས་རྣམས་སྒོ་བསྟུན་ཏེ་བསྲུང་བཟློག་གསད་མནན་གྱི་ཕྱག་ལེན་དམར་འཁྲིད་དང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་འཇམ་


GLG003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཤིན་རྗེ་གཤེད། ཐུབ་ཆེན་ཤཱཀྱ་སེང་གེ །ཉན་ཐོས་སྡེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་པདྨ་འབྱུང་གནས། རྒྱ་གར་ཁྲག་འཐུང་ནག་པོ། བལ་པོ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་ཞང་ཁྲོམ། སྲས་དོན་ཡོད་རྡོ་རྗེ། རིགས་འཛིན་རོལ་པའི་རྡོ་རྗེ། སྔགས་འཆང་ཀརྨ་སིདྷི། སློབ་དཔོན་ཀ་བཞི་པ་ཆེན་པོ། ཉི་མ་བཅུ་དྲུག་པ། བླ་མ་ཀུན་དགའ་རྒྱལ་མཚན། བྱང་ཆུབ་དཔལ་མོ། གུང་རད་པ་ཚུལ་ཁྲིམས་རྒྱ་མཚོ། འབྲི་གུང་ཟུར་པ་གནམ་ལྕགས་མེ་འབར། དྲིན་ཅན་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་ཀུན་དགའ་ཚེ་མཆོག །རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གུར་རད་པ་ལ་བརྩོན་འགྲུས་མཚན་ཅན་དང་། གསེར་པའི་མཚན་ཅན་གཉིས་ཀས་གསན། གཉིས་ཀ་ལ་རྗེ་ཟུར་པས་གསན། དེ་མན་འདྲ། ཡང་ན་གཏེར་སྟོན་ནས། གནུབས་སྟོན་དར་དབང་། བྷ་ཡ་ཤཱཀྱ་རྡོ་རྗེ། སྔགས་འཆང་ཨ་གྲགས། སློབ་དཔོན་ཨ་ཝང་ཨཀྵོ་བཛྲ། ཆོས་ཀྱི་རྒྱལ་མཚན། བླ་མ་གྲགས་ལྷ། སློབ་དཔོན་ཨ་རྡོར། རྒྱ་སྟོན་ནམ་མཁའི་མཚན་ཅན། འབྲི་གུང་ཟུར་པ་མན་གོང་ལྟར་རོ། །འབྲིའི་རྟགས་ཡོད་པའི་ལུང་བརྒྱུད་ནས་ལས་མཐའ་སྤུ་གྲི་ངར་མ་མ་གཏོགས་པའི་བརྒྱུད་པ་ནི། ངག་དབང་ཡེ་ཤེས་གྲུབ་པ་ནས། འབྲི་གུང་རཏྣ་གཉིས་པ་ཆོས་ཀྱི་གྲགས་པ། སྔགས་འཆང་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ལས་མཐའ་སྤུ་གྲི་ངར་མ་སོགས་འབྲིའི་རྟགས་ཡོད་པའི་བརྒྱུད་པ་ལུགས་གཅིག་ལ། རྗེ་ཟུར་པ་ནས། སྤོ་སྤོ་བོན་གྲོང་པ་སྔགས་འཆང་ཕུར་པ་བཀྲ་ཤིས། སྔགས་འཆང་པདྨ་དབང་རྒྱལ། རིགས་འཛིན་ཆོས་ཀྱི་གྲགས་པ་མན་གོང་བཞིན། ཀའི་རྟགས་ཡོད་པའི་བརྒྱུད་པ་ནི་


GLG003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དབུར་སྨྱོན་ནས། རིགས་འཛིན་དཀོན་ཅོག་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །རྗེ་དབུར་སྨྱོན་གྱིས་མཛད་པའི་ལག་ལེན་ཤོག་དྲིལ་གྱི་སྟེང་ནས་སྔགས་འཆང་བོན་གྲོང་པ་མཆོག་གྲུབ་རྒྱལ་པོ་ལ་ཡང་ཕྱག་ཁྲིད་ཞིབ་ཏུ་ནོས་སོ། །ཆར་ཀའི་ཐིམས་བྱང་ལས། བདག་འདྲ་སྐྱེ་མེད་རྡོ་རྗེ་ཁྲི་གཙུག་ང་༔ ལོ་གྲངས་བརྒྱ་དང་བཅུ་གཉིས་ལོན་པ་ན༔ ང་ནི་བྱུང་བའི་ནུས་པ་ཟད་པས་འཆི་དང་ཉེ༔ རྒས་ཁར་བལ་པོའི་ཡུལ་དུ་འགྲོ་སྙམ་པས༔ འབྱུང་པོའི་ནུས་པ་ཟད་པས་མ་རྟོལ་ཏེ༔ གཅེས་པའི་གདམས་ངག་གཞན་ལ་མ་བསྟན་པར༔ གཤིན་རྗེ་ཆར་ཀ་ནག་པོ་མ་བུ་རྣམས། ཡོན་ཏན་རྒྱ་མཚོ་དམ་ཚིག་གཞུང་སྲོང་ཡག༔ རྒྱལ་བའི་བཀའ་བཞིན་འཛིན་པའི་བུ་མེད་པས༔ སྒྱུ་ལུས་འདི་དང་འགྲོགས་ནས་ས་ཡི་གཏེར་དུ་སྦས༔ ཞེས་གསུངས་པའི་འཆི་བདག་ཆར་ཀ་ནག་པོའི་སྐོར་རྣམས་ཉུག་གི་རྡོ་རྗེ་སྒྲོམ་བུ། རྫ་ལྷུད་མོ། ཕུང་པོ་རི་བོ་ཆེ། མོན་མོ་གཙུག་རུམ་སོགས་ལ་གཏེར་དུ་སྦས་པའི་གཏེར་གནས་ཀྱི་མིང་བཏགས་པའི་སྒྲོམ་བུ་མ་དང་རྫ་ལྷུད་མར་གྲགས་ལ། ལས་སྒྲོམ་བུ་མ་ཟེར་བ་བསེའི་སྒྲོམ་བུའི་བཅིངས་ནས་ཕྱུང་བས་སྒྲོམ་བུ་མར་གྲགས་ཞེས་འཆད་པར་དཔྱད་དགོས་སོ། །དེ་ལ་ཐོག་མར་འཇོམས་བྱེད་འབར་བའི་དབང་མཛོད་ལ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་ལྷན་ཐབས་གནང་བ་མ་བུ་བསྡེབས་པའི་སྟེང་ནས་འཇམ་དཔལ་གཤིན་རྗེའི་གཤེད་འཇོམས་བྱེད་འབར་པ་ལྷ་བཞི་བཅུ་རྩ་གཉིས་ལ་བརྟེན་པའི་རིག་པའི་དབང་ལྔ། སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ནུས་པ་སྒྲུབ་པའི་དབང་། ལྷ་དབང་། དྲག་པོ་ཟོར་གྱི་དབང་རྣམས་སྨིན་རྒྱས་སུ་ནོས་ནས། ལུང་གི་སྐོར་ལ། ཐེམས་ཀྱིས་ཟིན་པ་དང་མ་ཟིན་པ་གཉིས། དང་པོ་ནི་ཐེམས་ལས། སྤྱི་རུ་གཅེས་པའི་


GLG003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་རྟེན་རྒྱུད་ཆུང་བདུན༔ ཞེས་པ་ལ། ཆུ་ཐིག་སྔོན་མོའི་བརྒྱུད་ལེའུ་བཅོ་བརྒྱད་པ། ཆུ་ཐིག་སྔོན་མོའི་བརྒྱུད་ཕྱི་མ་མདོས་རྒྱུད་དུ་གྲགས་པའི་ངན་སྔགས་ཕྱིར་བཟློག་གི་རྒྱུད་ལེའུ་བདུན་པ། ཆར་ཀ་ནག་པོའི་སྐྱེ་རྒྱུད་ལ་ལེའུ་ཉི་ཤུ་རྩ་ལྔ་པ། མོན་པ་ནག་པོ་སྐུ་ཁྲོས་པའི་རྒྱུད་ལེའུ་བཅུ་བཞི་པ། སྲིན་པོ་སྒོ་བརྡུང་གི་རྒྱུད་ལེའུ་བཅུ་པ། གདོང་ཟོར་ནག་པོ་ལ་གཤིན་རྗེ་སྔགས་བཟློག་གི་རྒྱུད་ལེའུ་བདུན་པ། འཇོམས་བྱེད་འབར་བའི་རྒྱུད་ལེའུ་ཉི་ཤུ་པ། རྒྱུད་འདི་རྣམས་གནུབས་ཀྱིས་བསྒྱུར་བ་དང་འགོས་ཀྱིས་བསྒྱུར་བའི་ཆར་ཀ་སྦྱིན་ཤུགས་མ་ཡང་ཡོད་པ་མང་ངོ་། །དེ་ལ་དགོས་པའི་ཞལ་ཁྲིགས་བདུན༔ ཞེས་པའི་ཚང་མ་མ་འབྱོར་ཞིང་ཐོབ་པ་ནི། བསྲུང་བ་མདོས་ཀྱི་ཞལ་ཁྲིགས། གསད་པ་མདོས་ཀྱི་ཞལ་ཁྲིགས། མནན་པ་མདོས་ཀྱི་ཞལ་ཁྲིགས། ལས་མཐའ་སྦྱིན་སྲེག་ལས་ཀྱི་སྤུ་གྲི། སྦྱིན་སྲེག་གི་རྩ་བ་རྣམས། སྟོད་དུ་དགོས་པའི་ཤོག་ཆུང་བདུན༔ ཞེས་པའི་ཚང་བ་མ་རྙེད་ངོ་བོ་བདུན་དུ་འདུས་ཀྱང་ཞར་བྱུང་རྣམས་དང་བཅས་ན་བདུན་ལས་མང་བ་ནི། མཚམས་༼གནས༽གཅོད། བདུན་རྣམ་དག་བཤགས་༼གནས༽པ། བྱིན་འབེབས། མཆོད་པ་བྱིན་༼གནས༽བརླབ་འཕྲིན་ལས་ཀྱི་༼རྡོ་རྗེ༽སྔོན་འགྲོ་ཤིན་ཏུ་ལེགས་པ་རྒྱལ་སྲས་རིན་པོ་ཆེས་མཛད་པ། ལས་༼གནས་༽བྱང་། བཟླས་པ། འཛབ། ཚོགས་མཆོད། དངོས་གྲུབ་བླང་བ། གཞི་བསྟོད་ཡོན་ཏན་མ། ཐུགས་དམ་བསྐུལ་བ་གྲུ་གསུམ་མཐིང་༼གནས༽ནག་མ། བསྐུལ་ཆུང་བཅོམ་ལྡན་༼རྡོ་རྗེ༽འཇོམས་བྱེད་མ་རྣམས། སྨད་དུ་དགོས་པའི་ཤོག་ཆུང་བདུན༔ ཞེས་པའི་གཅིག་མ་རྙེད་ཅིང་ཞར་བྱུང་ནང་གསེས་དང་བཅས་པ་ནི། ཟོར་གྱི་སྣ་འདྲེན་དཔང་གཟུ། ཟོར་བསྐུལ་བ། ཟོར་ལ་རྦད་པ། ཟོར་བཟློག །རིགས་འཛིན་བསྐུལ་བ། འཇོམས་བྱེད་བསྐུལ་བ། ཕོ་ཉ་རྦད་པ། ཟོར་གནས་བསྟན་པ། ཟོར་


GLG003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དབྱེ་བ། ཟོར་སྣ་འདྲེན་པ། དམག་དཔུང་བསྐྱེད་པ། ཚོགས་ལྷག །ཆར་ཁའི་བྱོལ་བཟློག་གམ་མདོས་ཆོག་ཆེན་མོར་གྲགས་པ་པདྨ་ནག་པོས་མཛད་པ། མདོས་གླུད་བསྔོ་བ། ལྟས་ངན་བཟློག་པ། ནད་རིམས་བཟློག་པ། དམག་དཔུང་བཟློག་པ་རྣམས་ཀྱི་འཕྱོང་རྣམས། མ་ཚང་བ་ཡི་ཁ་སྐོང་བདུན༔ ཞེས་པའི་གཉིས་མ་རྙེད་ཅིང་ལྔ་པོ་ནི། ཚེ་སྒྲུབ་ཁ་སྐོང་། བདུད་བཟློག །ནང་བརྡ། ཆོ་འཕྲུལ་བཟློག་པ། མདོས་ཟོར་བསྐྱེད་པ་དང་ལྔ། ཤིན་ཏུ་དགོས་པའི་ཡིག་སྣ་ཕྲ་མོ་བདུན༔ ཞེས་པའི་བཞི་མ་རྙེད་དེ་ལྷག་འུར་རྡོ་ལ་རྩིས་ཀྱི་མ་བདུན་བུ་དང་བཅས་པ་བཟློག་པ། ནོར་སྒྲུབ་བུམ་པའི་མན་ངག །འཇོམས་བྱེད་འབར་བའི་ཟོར་སྒྲུབ་གཤིན་རྗེ་ནག་པོའི་སྔགས་བཟློག་སྲིན་པོ་ཟོར་གདོང་ནག་པོར་ཤ་རི་བྷྱོའི་སྔགས་ཟོར་བདུད་ཀྱི་བྱོལ་སྔགས་ནག་པོ་ཞེས་བྱའི་མན་ངག་གི་ཞལ་འཁྲིགས་གུ་རུ་བྷ་སུ་དྷ་རས་མཛད་པ་སྙན་ནས་སྙན་དུ་བརྒྱུད་པ་རྣམས། གཉིས་པ་ཐེམས་ཀྱི་མ་ཟིན་པ་ལ་གཤིན་རྗེ་ནག་པོའི་མཐར་ཐུག་སྙན་བརྒྱུད་མན་ངག་སྦས་པའི་སྐོར་དང་། སྨིན་བྱེད་དབང་གི་སྐོར་ཏེ་གཉིས། དང་པོ་ལ། སྲིའུ་གསོ་བ། ནད་པ་གསོ་བ། འཆི་བ་བཟློག་པ། ཕ་ཚན་གྱི་བྱོལ་པོ་བཟློག་པ། རྨི་ལམ་ངན་པ་བཟློག་པ། མཛེས་འཕོ་བཟློག་པ། ནད་རིམས་བསྲུང་བ། ཕྱུགས་གོད་བསྲུང་བ། སེར་བ་བསྲུང་བ། ཤྭ་བཟློག་པ། ཕོ་གདོན་བཟློག་པ། མོ་གདོན་བཟློག་པ། དྲག་པོ་ཕུང་འཇུག་བསྡུ་བ་ཟོར་བ་ཕྱུགས་གོད་བཟློག་པ། དམག་བཟློག་རྣམས། གཉིས་པ་སྨིན་བྱེད་དབང་གི་སྐོར་ལ། དཔལ་གཤིན་རྗེ་གཤེད་འཇོམ་༼རྡོ་རྗེ༽བྱེད་འབར་བའི་དབང་མཛོད་གཏེར་གཞུང་། འཇིགས་བྱེད་སྒྲོམ་བུ་མའི་དཀྱིལ་འཁོར་༼རྡོ་རྗེ༽གྱི་ལག་ལེན། དབང་གི་ལག་ལེན་༼རྡོ་རྗེ༽སྤྲུལ་སྐུ་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ།


GLG003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མཛད་པའི་བཀའ་གཏེར་༼རྡོ་རྗེ༽དབང་ལུང་གི་བརྒྱུད་པ་རིན་པོ་ཆེ་ལ་གསོལ་བ་འདེབས་པའི་འཆི་བདག་གི་རེ་བ་འཇོམ་པ་དང་བཅས་པ་རྣམས་ཐོབ་པ་ལས་དབང་དང་རྡོ་རྗེ་དང་གནས་ཀྱི་རྟགས་ཡོད་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཡེ་ཤེས་ཀྱི་མཁའ་འགྲོ་མ། ལག་ན་རྡོ་རྗེ། སློབ་དཔོན་རོ་ལངས་གསང་བ། སློབ་དཔོན་སངས་རྒྱས་གསང་བ། སློབ་དཔོན་ཤཱཀྱ་པྲ་བྷ། སློབ་དཔོན་ལི་ཙཱ་ཤད་ཆེན། སློབ་དཔོན་ཉི་མ་རྒྱལ་མཚན། སློབ་དཔོན་རྡོ་རྗེ་ཐོགས་མེད། སློབ་དཔོན་དྷརྨ་ཀོ་ཤ་ཨོ་རྒྱན་སངས་རྒྱས་གཉིས་པ། བལ་པོ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། རོག་གྲགས་པ་སེང་གེ །རོག་ཤེས་རབ་དབང་ཕྱུག །ལྕེ་སྟོན་མདོ་སྡེ་སེང་གེ །སློབ་དཔོན་ཇོ་བོ་མགོན་པོ། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། སྐྱེ་མེད་ཨ་ཀར་སིདྡྷི། ཀུན་མཁྱེན་འཛམ་གླིང་ནག་པོ་སངས་རྒྱས་རིན་ཅེན། དཔོན་པོ་ཨ་མོ་དྷ་ཤྲཱི་ལ། རམ་ཞང་སྐྱབས་རྡོ་རྗེ། བླ་མ་བསོད་ནམས་བློ་ཆེན། རིགས་འཛིན་པ་བཀའ་བསྲུང་རྒྱལ་པོ། སྔགས་འཆང་རྟ་མགྲིན་རྡོ་རྗེ། ལྕེ་སྟོན་བསྟན་པ་རབ་གསལ། ལྕེ་ཆོས་བཟང་བཀྲ་ཤིས་རྒྱ་མཚོ། རོང་བྱམས་ཆེན་རྟེན་རབ་བྱུང་པདྨ་གླིང་པའི་དངོས་སློབ་ཡིན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ལྕེ་སྟོན་མདོ་སྡེ་སེང་གེ་ནས། ལྷ་ཆོས་ཀྱི་གྲགས་པ་བཀྲ་ཤིས་སྲས་ཤཱཀྱ་དཔལ། བླ་མ་འཛམ་གླིང་ནག་པོ་མན་འདྲ། ཡང་ན་སྐྱེ་མེད་ཨ་ཀར་སིདྡྷི་ནས། གནུབས་ཤཱཀྱ་རྒྱལ་བ། བླ་མ་རིན་ཅེན་རྒྱལ་པོ། འཇམ་དབྱངས་བཀྲ་ཤིས་སེང་གེ །རོང་རི་ལུང་སྦུག་པ་རྒྱལ་བ་ཐུགས་རྡོ་རྗེ། ལྕེ་བན་རྟ་མགྲིན་རྡོ་རྗེ་མན་
འདྲ། ཡང་ན་རིན་ཅེན་རྒྱལ་པོ་ནས། བླ་མ་ཆོས་ཀྱི་བློ་གྲོས། རི་ལུང་སྦུག་པ་རྒྱལ་བ་ཐུགས་རྗེ་མན་སྔར་བཞིན་ནོ། །བཀའ་མའི་དབང་བརྒྱུད་ལྟར་ན། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ་ནག་པོ། སློབ་དཔོན་དྷ་ན་མི་ཏྲ། རྒྱལ་བུ་སྤྲིན་གྱི་ཤུགས་ཅན། ལམ་འབྲས་པའི་བྷ་ཡ་དྷ་ར་དང་གཅིག །འགོས་ཁུག་པ་ལྷས་བཙས། ཇག་ཤེས་རབ་རིན་ཅེན། སྒོམ་པ་ལུ་གུ། གཉན་སྟོན་ཟེར་མོ། བྲེ་སྟོན་ཆོག་པོ། རིང་བན་གཙང་སྟོན། སློབ་དཔོན་སྟོན་དབང་། ལྕེ་མདོ་སྡེ་སེང་གེ་མན་གོང་ལྟར་རོ། །རྡོ་རྗེའི་རྟགས་རྣམས་བཞག་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། གཏེར་སྟོན་ནས་བྲལ་ཏེ་སམྦྷོ་ཊ། གངས་པ་གཞོན་ནུ་སྙིང་པོ། གངས་པ་བལ་པོ་སེང་གེ །གངས་པ་རི་དཀར་བ། གངས་པ་ཤཱཀ་འབུམ། རྒྱལ་བ་གཡུང་སྟོན་རྡོར་དཔལ། བླ་མ་ཚུལ་ཁྲིམས་རྒྱལ་བ། སྔགས་འཆང་དཔལ་ལྡན་བཟང་པོ། ཟུར་ཤཱཀྱ་མི་ཏྲ། གཡུང་གི་སྐྱེ་བ་རྒྱལ་སྲས་ཆོས་རྗེ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། ལྷ་རིགས་འཇམ་དབྱངས་རྒྱལ་མཚན། པཎ་ཆེན་པདྨ་དབང་རྒྱལ། རིགས་འཛིན་ལེགས་ལྡན་རྡོ་རྗེ། སྔགས་འཆང་ཚེ་རིང་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྲ་ཚང་བ་ཆེན་པོ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །

གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་གཏེར་མའི་གཤིན་རྗེ་ཁྲོས་པའི་ཐུགས་སྒྲུབ་ཀྱི་སྐོར།


GLG003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་གཏེར་མའི་གཤིན་རྗེ་ཀིང་ཀང་དམར་ཆུང་རླུང་སྒྲུབ་གནམ་ལྕགས་ཀྱི་ཐོག་འདྲ་བ་གཤིན་རྗེ་ཁྲོས་པའི་ཐུགས་སྒྲུབ་ལ། བཅའ་གཞི་ལིངྒ་འདྲི་ཚུལ། དམོད་མོ། སྔགས་ཏིང་འཛིན། རྟགས་མནན་པའི་དུས་ཀྱི་མ་ཏི་རླུང་སྒྲུབ་ངག་འདོན་རིག་འཛིན་བརྒྱུད་པའི་གསུང་རྒྱུན་འཁྲུལ་མེད་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཐོབ་རྒྱལ་ལྷ་རྩེར་མཛད་པའི་ལྗགས་བསྒྲིགས་མ་རྣམས་ཐོབ་པའི་བརྒྱུད་པ་ནི། འཕགས་


GLG003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇམ་དཔལ་གཤིན་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་པདྨ་འབྱུང་གནས། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། གནུབས་ལྕགས་གཏུན་ནག་པོ། གནུབས་སྟོན་ཆོས་གྲགས། གནུབས་བྱ་བྲལ་བ། སྐལ་ལྡན་རྡོ་རྗེ་རྒྱལ་པོ། དྷརྨ་ཀེ་ཏུ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས། གོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ་པཎ་ཆེན་པདྨ་དབང་རྒྱལ། རིགས་འཛིན་བདུད་འཇོམས་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་ལུང་ཕྱག་ལེན་དམར་འཁྲིད་ཤིན་ཏུ་གསང་བའི་ཞལ་ཤེས་དང་བཅས་སྩལ་ཞིང་ལས་སྦྱོར་འདི་ལ་བརྟེན་ནས་མཆོག་དམན་བར་པ་མང་པོ་ཆམ་ལ་ཕབ་པ་ལགས་སོ། །ཡང་ལུང་རྒྱུན་གཅིག་ལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ནས། གསང་བདག་རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཀུན་ཐུབ་ཀྱི་སྒྲིབ་ཤིང་ཞྭ་སྲུང་མའི་བརྒྱུད་པ་ནི། ངག་གི་དབང་པོ་ནས། སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ངག་དབང་ཕུན་ཚོགས། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་གཤིན་རྗེ་དམར་ཆུང་རླུང་སྒྲུབ་ལ། བཀའ་མ་སློབ་དཔོན་དེ་ཝ་ཙནྡྲས་པ་ལ་པ་ཏྲའི་རྒྱུད་ནས་བཏུས་པ་དང་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱིས་གཏེར་ནས་སྤྱན་དྲངས་པའི་བཀའ་གཏེར་གཉིས་ཀའི་མན་ངག་སྙིང་པོ་བསྡུས་པའི་འབྲི་གུང་པ་རིགས་འཛིན་གནམ་ལྕགས་མེ་འབར་གྱི་ཕྱག་བཞེས་སུ་བུ་ལོད་རིན་བཟང་གིས་ཡི་གེར་བཀོད་པ་ལ་བརྟེན་ནས་དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པས་གོ་རིམ་དུ་བསྒྲིགས་པའི་སྒྲུབ་ཐབས། དེའི་མན་ངག་གབ་ཅིང་སྦས་པའི་ཞལ་གདམས། བན་བོན་སོགས་མཐུ་བྱེད་ནན་དུར་དུ་འགྲས་ན་བྱ་བའི་ཞལ་གདམས། འདི་


GLG003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཁན་པོ་ནང་འགྲས་ན་བྱ་བའི་ཞལ་གདམས་བཀའ་རྒྱ་མ། ཁྲག་གི་ཁ་བསྒྱུར། མནན་པ། རྟགས་ཚད་བསྟན་པ། རླུང་སྒྲུབ་ལས་བྱང་ཡི་དམ་ལྷའི་གནང་བ་ཐོབ་ནས་དབུར་སྨྱོན་གྱིས་མཛད་པ་སྤྱི་ལིང་གཉིས། ངག་མནན། ནང་འགྲས། བཅའ་གཞི། གཏོར་མ། སྨན་རཀ །ཐུན་ཕུར་པ། རྟེན་རྗེས་ཀྱི་དཔེ་རིས་བཅས་ཐོབ་པའི་བརྒྱུད་པ་ནི། རིགས་འཛིན་ལེགས་ལྡན་རྗེ་ཡན་གོང་ལྟར་ལ། དེ་ནས་ཆོས་རྒྱལ་རིན་ཅེན་ཕུན་ཚོགས། བླ་མ་རིན་ཅེན་དཔལ། བླ་མ་སངས་རྒྱས་རིན་ཅེན། འབྲི་གུང་པ་ཐུགས་ཀྱི་རྡོ་རྗེ། བླ་མ་དཀོན་ཅོག་ལྷུན་གྲུབ། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །བཀའ་མ་ལྟར་ན། འཇམ་དཔལ་གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །སློབ་དཔོན་དེ་ཝ་ཙནྡྲ་ཤིནྟཾཾ་གདྡྷ་དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། བ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས་ལྷ་རྗེ་ཡོན་ཏན་རྒྱ་མཚོ། ལྷ་རྗེ་ཡེ་ཤེས་རྒྱ་མཚོ། རྡོ་སྟོན་ལྕགས་སྤེ། མེ་སྟོན་དྲན་ཆུང་། བྲན་སྟོན་མཐའ་བྲལ། མེ་སྟོན་དཀོན་རིན། བཀྲ་ཤིས་རྒྱལ་མཚན། མཐར་ཕྱིན་ལྷ་གོམ། གངས་པ་ཤཱཀ་འབུམ། རྒྱལ་བ་གཡུང་སྟོན། སེང་གེ་བཟང་པོ། སྐལ་ལྡན་རྡོ་རྗེ་མན་གོང་བཞིན་ནོ། །འཇམ་དཔལ་བཤེས་གཉེན་གྱི་ཐུགས་མཛོད་གསང་བའི་སྒྲོམ་བུ་ལས་བྱུང་བ་འབུམ་སྡེའི་ཡང་སྙིང་ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དང་དྲག་སྔགས་ཀྱི་བདག་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་དགོངས་པའི་མཐར་ཐུག་པ་ཟབ་པ་གཏེར་དང་རྣམ་དག་བཀའ་མའི་རྒྱུན་གྱི་ཟབ་བཅུད་ཡང་བཟློག་གསེར་གྱི་འབྲུ་གཅིག་མ་བན་བོན་བྱ་མའི་རང་གཤེད་རྣོ་མཚོན་ལས་ཀྱི་འཁོར་ལོ་ཧྲཱི༔ དམར་གཤིན་རྗེའི་གཤེད་ཀྱི་ཡང་སྙིང་དུ་གྲགས་པ་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་གཏེར་མའི་སྐོར་ལ་རྩ་བའི་ཡི་གེ་ཡང་བཟློག་


GLG003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་འབྲུ་གཅིག་ཉི་ཟླ་ཤེལ་གྱི་སྒོ་ལྕོག །དེའི་ལག་ལེན་འཁྲིད་ཡིག་རིན་ཆེན་འཕྲེང་བ་ཞེས་བྱ་བ་ཆོས་རྒྱལ་མངྒའི་མཚན་ཅན་གྱི་ལྗགས་སྒྲིགས་མའི་ནང་གསེས་ལ། ཉལ་ཆོག་བསམ་གཏན་བསྲུང་བ། ཡང་བཟློག་གསེར་གྱི་འབྲུ་གཅིག །གསོད་བྱེད་ཡིག་རྐང་གནམ་ལྕགས་ཕུར་བུ། བསྲེག་པ་གཏུམ་དྲག་འབར་བ། མནན་པ་ཨུརྨོ་ལྟོ་སྦྱོར། ཟོར་ལས་གནམ་ལྕགས་ཐོག་འབེབས། རྫོགས་རིམ་དངོས་བྲལ་ཀ་དག །ཐལ་གདབ་ཉི་ཟླའི་འཁྲུལ་འཁོར་ཆོད་འཛིན་སོབ་པ་བྱ་རོག །ལྟས་གསལ་སྙིང་ཁྲག་མཚོ་ཞལ་རྣམས། ཡང་དམ་པ་གང་དེས་མཛད་པའི་བསྲུང་བ་རྡོ་རྗེའི་རྫོང་ཆེན། བཟློག་པ་གནམ་ལྕགས་སྤུ་གྲི་གསད་པ་དུག་གསུམ་གནད་འབེབས་ཞེས་བྱ་བ། ཡང་དེས་མཛད་པའི་བསྲུང་བཟློག་གསང་བསྲེག་མནན་པའི་ཞལ་ཤེས་གབ་དཀྲུགས་སྦས་པ་མངོན་དུ་ཕྱུང་བ་རྡོ་རྗེ་ཕ་ལམ་གྱི་མཁར་རྫོང་ཆེན་པོ་རྣམས་ཀྱི་ཁྲིགས་རིམ་དམར་འཁྲིད་ཞལ་ཤེས་གནད་འགག་ཉམས་མྱོང་ཚད་མའི་སྒོ་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི་བཀའ་གཏེར་གཉིས་ལས་བཀའ་མ་ནི། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་པདྨ་འབྱུང་གནས་གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། རྡོ་སྟོན་ལྕགས་སྤེ། མེ་སྟོན་དྲན་ཆུང་། དྲན་སྟོན་མཐའ་བྲལ། མེ་སྟོན་ཀུན་རིག །སློབ་དཔོན་བཀྲ་ཤིས་རྒྱལ་མཚན། བླ་མ་མཐར་ཕྱིན་ལྷ་སྒོམ། གངས་པ་ཤཱཀ་འབུམ་གཡུང་སྟོན་རྡོར་དཔལ། བླ་མ་སེང་བཟང་། བཛྲ་རཱ་ཛ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན། རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཟུར་ཁྱབ་བདག་ཆོས་དབྱིངས་


GLG003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ། དེས་བདག་ལའོ། །གཏེར་མའི་བརྒྱུད་པ་ནི། གནུབས་ཆེན་ཡན་གོང་ལྟར་ལ། གཏེར་སྟོན་རྒྱ་ཞང་ཁྲོམ། ལྕགས་གཏུན་ནག་པོ། གནུབས་སྟོན་ཆོས་གྲགས། གནུབས་བྱ་བྲལ་བ། བཛྲ་རཱ་ཛ་མན་གོང་ལྟར་རོ། །མན་ངག་འདི་ལ་བརྟེན་ནས་སྒྲོགས་རྡོ་ནམ་མཁའ་བཅག་ཅིང་རང་མཚོན་རང་ལ་བརྒྱབ་པའི་ཉམས་མྱོང་མའོ། །གནུབས་ཀྱི་གོང་ཁུག་ཟབ་མོ་ཀཀྞི་རྩེ་ནས་སྙིལ་བའི་འཕྲུལ་སྒྱོགས། བཙན་པོ་རྨང་ནས་འཇིགས་པའི་གཟུ་བ་ཡང་བཟློག་ཉི་མ་མདུང་གང་ཞེས་བྱ་བ་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་གཏེར་ཆོས་མཐུ་སྟོབས་དྲེགས་པའི་རྒྱལ་པོའི་སྐོར་ལ་རྩ་བའི་ཡི་གེ་ཡང་བཟློག་ཆེན་པོའི་མཚོན་ཆ། དེའི་གསལ་བྱེད་ཆོས་རྒྱལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ་ལ་ཐིག་འདེབས་ཞལ་ཤེས་ཐབས་ཤེས་དམར་འཁྲིད། བསྲུང་བ་བྱིན་རླབས་འཁོར་ལོའི་བྲི་གནད། ཟློག་པ་ཉལ་ཆོག་འཁོར་ལོའི་བྲི་གནད། མནན་པ་རི་རབ་འཁོར་ལོའི་བྲི་གནད། བསྲུང་སྐྱོབ་དབང་གི་ཆུ་རྒྱུན། ཟློག་པ་མཚོན་ཆའི་འཁོར་ལོ། གསད་པ་གཤིན་རྗེའི་ཁོང་གཏད་དམར་པོ། མནན་པ་རི་རབ་གླིང་བཞི་རྒྱས་འདེབས་རྣམས་དཔེ་རིས་དང་བཅས་པའི་སྟེང་ནས་ཕྱག་ལེན་དམར་འཁྲིད་སྒོམ་དོན་མན་ངག་ཞལ་ཤེས་དང་བཅས་ཏེ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེའི་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་གཙུག་ལག་དཔལ་དགེ །རིགས་འཛིན་པདྨ་འབྱུང་གནས་བལ་པོ་བྷ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། ལྕགས་གཏུན་ནག་པོ། གནུབས་ཆོས་གྲགས། གནུབས་བྱ་བྲལ། སྔགས་འཆང་རྡོ་རྗེ་རྒྱལ་པོ། རིག་འཛིན་ཆོས་ཀྱི་རྒྱལ་མཚན། བླ་ཆེན་ཆོས་ཀྱི་བློ་གྲོས། ནམ་མཁའ་དཔལ་ལྡན་རྒྱ་


GLG003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ། པཎ་ཆེན་པདྨ་དབང་རྒྱལ། རིག་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེའི་མཚོན་ཆར་སྩལ་ཞིང་ཉམས་མྱོང་ལག་ཁྱེར་མའོ། །སྤྲུལ་རྒྱ་ཞང་ཁྲོམ་གྱི་གཏེར་བྱོན་བན་བོན་སྔགས་པས་ལོ་བརྒྱད་བསྒྲུབ་པ་ཞག་གཅིག་ལ་མེད་པར་བྱེད་པའི་ལིངྒ་སཱཙྪ་ལ་བརྟེན་པའི་ལུང་ཕྱག་བཞེས་ཀྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན་གཙུག་ལག་དཔལ་དགེ །བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས་གཏེར་སྟོན་རྒྱ་ཞང་ཁྲོམ། སྟོན་པ་མགར། སོ་སྒོམ་པ་ནས་རིམ་པར་མི་དབང་ནོར་བུ་དབང་རྒྱལ། དེ་སྲས་མི་འགྱུར་རྡོ་རྗེ། དབྱངས་དཔོན་། ཟུར་རྩ་བའི་བླ་མ། དེས་བདག་ལའོ། ། རྒྱ་ཞང་གི་གཏེར་མ་རྒྱ་ནག་ཀོང་ཙེའི་དཔྱད་ལས་བྱུང་བའི་གཟའི་འགྱུར་དུས་གདོང་གཏད་ལ་མཁོ་བའི་གཟའ་བཟུང་བའི་མན་ངག །བྲམ་ཟེ་སྤུ་གུས་བསྟན་པའི་ཁྱབ་འཇུག་གཟའ་སྔགས་ཐེམས་ཞར་བྱུང་བཟློག་སྔགས། ཕོ་སྔགས། ངག་གནོན། སྡེ་བརྒྱད་འདུ་བ། བོད་གསད་ཀྱི་སྔགས་དང་བཅས་པ། ལྷ་དབྱེའི་སྔགས་འདྲི་ལུགས་བྱ་མཚའ་ལུའི་སྙིང་དང་ཟངས་ཕུར་ལ་བརྟེན་པའི་བླ་རྡོ། སྒྲ་གཅན་གྱི་བསྲུང་བ་ཆེན་པོ་གསང་བདག་ལྟོ་འཁོར་དང་གདོང་ཟླ་སྡེ་བརྒྱད་ཀྱི་འཁོར་ལོ་བརྒྱད་ཀྱི་གཞུང་ལག་ལེན་སྔགས་བྱང་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ་འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །བལ་པོ་བྷ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། ལྕགས་གཏུན་ནག་པོ། གནུབས་སྟོན་ཆོས་གྲགས། གནུབས་བྱ་བྲལ་བ་རྡོ་རྗེ་རྒྱལ་པོ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་བློ་གྲོས།


GLG003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དཔལ་ལྡན་རྒྱ་མཚོ། ལེགས་ལྡན་བདུད་འཇོམས་རྡོ་རྗེ། ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། །གསང་བདག་ལྟོ་འཁོར་གྱི་བརྒྱུད་ལུགས་གཅིག་ནི། ཕ་ཇོ་ལྷུན་གྲུབ་རྡོ་རྗེའི་བར་འཚོལ། དེ་སྲས་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ། དེས་བདག་ལའོ། །མོན་ཡུལ་འབུམ་ཐང་ཀ་རུ་ནས་སྤྲུལ་པའི་གེར་སྟོན་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པའི་གནུབས་ཀྱི་གོང་ཁུག་སྲོ་མ་ཅན་གྱི་ཤོག་དྲིལ་ཟབ་མོ་སྙིང་ནང་གི་ཁྲག་ལྟ་བུ་ཤིན་ཏུ་གཅེས་པའི་སྐོར་ལ། ལྟེ་བ་སྤྲེལ་མཆོངས་སོགས་ཤིན་ཏུ་གསང་བའི་རྫས་སྣ་དྲུག །སྐྱོབས་གཅིག །ཁ་བསྒྱུར་གསུམ་དང་བཅས་པ་ལ་བརྟེན་ནས་དགྲ་བོའི་ལོ་ཏོག །མགོ་བོའི་སྐྲ། ལུག་གི་བལ། རྟའི་སྤུ་རྣམས་ཐལ་བར་རློག་པའི་རྫས་མཐུ་ཟབ་མོ་རྡོ་རྗེ་མེའི་སེར་བ་ཞེས་བྱ་བ་ཤོག་དྲིལ་དང་པོ། དགྲ་བོ་བྲེད་ཅིང་དངངས་པར་བྱེད་པའི་ལྟས་ངན་སྦྲུལ་གྱི་ཐང་མ་ཞེས་པ་རྣམ་རྟོག་སློང་བའི་རྫས་མཐུ་ཟབ་མོ་ཤོག་དྲིལ་གཉིས་པ། འཁོར་ལོས་སྒྱུར་རྒྱལ་ལྟ་བུ་ཡང་ཟླ་བ་གཅིག་ནས་སྐྲོད་པར་ནུས་ན་སྐྱེ་བོ་ཕལ་པ་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་བསྐྲད་འཁོར་ཟབ་མོ་དགྲ་བོ་རྒྱ་མཚོའི་ཕ་རོལ་འགྲོ་བ་ཤོག་དྲིལ་གསུམ་པ། དགྲ་ཡུལ་གྲམ་རིང་སྐྱ་བོར་གཏོང་བའི་ཐོག་སེར་གྱི་མན་ངག་ཟབ་མོ་དྲག་པོ་ཐོག་གི་བུ་ཡུག་ཅེས་བྱ་བ་ཤོག་དྲིལ་བཞི་པོ། རྗེ་བཙུན་མི་ལས་ཕ་ཡུལ་ཕུང་བར་མཛད་པའི་སེར་འབེབས་བླ་མ་གཡུང་སྟོན་ཁྲོ་རྒྱལ་གྱི་གདམས་པ་ཟབ་མོ་ཡང་འདི་ཡིན་སྐད་དོ། །ལན་ཅིག་འགོམས་པ་ཙམ་གྱིས་དགྲ་བོའི་བསོད་ནམས་ལྷག་མ་ལུས་པར་བྱེད་པའི་གོམས་ཆོག་སྲོག་གི་སྤྲུ་གྲི་ཞེས་བྱ་བ་ཤོག་དྲིལ་ལྔ་པ། བག་གཟན་ལ་བརྟེན་པའི་


GLG003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་འབྱེད་དང་ཤིང་བྱང་ལ་བརྟེན་པའི་ཉེ་འབྱེད་རིགས་མི་གཅིག་པ་གཉིས་དང་བཅས་པས་ཇི་ལྟར་མཛའ་ཡང་ཟླ་བ་གཅིག་ནས་རྡོ་བཅག་པ་བཞིན་དབྱེ་བའི་མན་ངག་ཟབ་མོ་ཤོག་དྲིལ་དྲུག་པ། འགོར་ཨོཾ་དང་མཇུག་ན་སྭཱཧཱ་མེད་པའི་རྒྱ་ནག་པོའི་སྔགས་རྒོད་བོད་ཀྱི་མདེ་ཐུང་གནུབས་ཀྱི་བྱང་སེར་སྲོག་མཐུ་དུག་གི་རྒྱ་ཅན་ཞེས་བྱ་བ་ཤོག་དྲིལ་བདུན་པ། མུ་སྟེགས་ནག་པོའི་ངན་སྔགས་གཡམ་གཏད་དང་ཟློག་མེད་ནག་པོ་ཞེས་བྱ་བ་ཤོག་དྲིལ་བརྒྱད་པ། འགོམས་པ་ཙམ་གྱིས་སྦྲུམ་མ་འཆོར་བར་བྱེད་པའི་འགོམ་ཆོག་འཁོར་བ་རྒྱུན་གཅོད་ཅེས་བྱ་བ་མུ་སྟེགས་སྤྲིན་གྱི་ཤུགས་ཅན་གྱི་གདམས་པ་ཤོག་དྲིལ་དགུ་པ། ཆར་གཅོད་ཁྲོམ་ལྔ་ཕུ་བརྒྱད་ཅེས་བྱ་བ་ཤོག་དྲིལ་བཅུ་པ། ཞར་བྱུང་རྫས་མཐུ་ནག་པོ་ལ་བརྟེན་ནས་མི་དང་དུད་འགྲོ་ལ་ལྟས་ངན་མངོན་སུམ་དུ་སྐྱེ་བའི་ཐབས་རྣམས་ཀྱི་དཔེ་རིས་དང་བསྟུན་པའི་ལུང་ཕྱག་བཞེས་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ་འབྱུང་གནས། སློབ་དཔོན་གཙུག་ལག་དཔལ་དགེ་འཕུང་བྱེད་ཤིནྟཾ་གརྦྷ་སློབ་དཔོན་ཧ་ན་དྷ་ལ། རྒྱ་གར་ཁྲག་འཐུང་ནག་པོ། མུ་སྟེགས་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། དེ་སྲས་དོན་ཡོད་རྡོ་རྗེ། སྔགས་འཆང་རོལ་པའི་རྡོ་རྗེ། རིགས་འཛིན་ཀརྨ་སི་ཏུ། བླ་མ་ཀ་བཞི་པ་ཆེན་པོ། ཉི་མ་བཅུ་དྲུག་པ། བླ་མ་ཀུན་དགའི་མཚན་ཅན། བྱང་ཆུབ་དཔལ་མོ། གུང་རད་པ་ཚུལ་ཁྲིམས་རྒྱ་མཚོ། འབྲི་གུང་ཟུར་པ་གནམ་ལྕགས་མེ་འབར། མཆོག་སྤྲུལ་མངའ་རིས་ལེགས་ལྡན་རྡོ་རྗེ། བྱང་བདག་དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ཆེན་པོ་ངག་གི་དབང་པོ། ཟུར་ཀུན་


GLG003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །དྲག་སྔགས་ཀྱི་བདག་པོ་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱི་ཕན་གནོད་ཀྱི་གདམས་པ་ཐོར་བུའི་སྐོར་ཐོབ་པ་ལ། ཟླ་གསང་ངན་སྔགས་ཐམས་ཅད་ཀྱི་སྙིང་པོ་དགྲ་བོ་ཞག་བདུན་ནས་དགྲ་བགེགས་ཏེ་འཆི་བའི་སྡིག་པའི་གསོན་གཏད་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོས་ནུ་བོ་ལ་ཁ་ཆེམས་སུ་གནང་བ། ཤ་ཏུ་ཀོ་ཊིས་ཁྱེར་བ་སྡིག་པའི་རོ་གཏད་ནཱ་ག་འབྲུ་བཅུ་བཞི་མ། དགྲ་བོ་ནམ་མཁའ་ལྡིང་ལ་གཏོད་པ་ཏྲི་སུ་ལ་ཏྲི་འབྲུ་བཅོ་བརྒྱད་པ་སྲང་གང་རི་བའི་བཀའ་རྒྱ་མ། འཆི་བདག་ཀླུའི་ཟླ་གསང་ལས་མཛའ་བོའི་གསོན་གཏད་སྔགས་ནཱ་ག་སུ་རུ་འབྲུ་བཅོ་ལྔ་པ། ཡང་མཛེ་བོའི་གསོན་གཏད་སྔགས་ཨོཾ་དུག་འབྲུ་བཅུ་གཅིག་མ། སྦལ་པའི་གསོན་གཏད་སྔགས་ནཱ་ག་ཙེ་འབྲུ་ཉེར་གསུམ་པ། གཏད་ཁྲམ་ཁེར་འདེད་གཏོང་བ་ལ་བཙན་དུག་ལྟ་བུ་ནཱ་ག་གུར་ལེན་འབྲུ་སོ་ལྔ་པ་ལིངྒའི་དཔེའུ་རིས་དང་བཅས་པ། གསུར་གཏད་སེར་སྦྲུལ་མ་སྤུ་གྲི་རེག་གཅོད་དུ་གྲགས་པ་སྔགས་སྦལ་པའི་གསོན་གཏད་དང་ཕཊ་ཡན་འདྲ་བ། མཛེ་བོའི་གསོན་གཏད་ནཱ་ག་ལིང་འབྲུ་སུམ་ཅུ་པ། སྦལ་ནག་ལྟོ་འཁྲུག་ཀླུའི་སྙིང་གཟེར་སློབ་དཔོན་པདྨས་མངའ་བདག་ལ་གདམས་པ་གནུབས་ཀྱི་ཕྱག་ཏུ་བབས་པ་ཁྱི་ཁ་གཟན་བསྐྱུར་དང་སེར་སྦྲུལ་ཁུར་པར་ཡང་གྲགས་པ་ནག་པོ་ཏི་པ་ཙ་འབྲུ་སོ་བརྒྱད་པ་ལིངྒའི་དཔེའུ་རིས་དང་བཅས་པ། ཡི་དྭགས་ལ་དགྲ་གཏོད་པ་རོ་གཏད་ཟབ་མོ་ཀཱ་ལ་རུ་པ་འབྲུ་བཅུ་དགུ་པ་བྷ་སུ་དྷ་རས་གནུབས་ལ་གནང་བ། སྲིད་པའི་ཀླུ་མོ་དབང་བྱེད་མའི་རྒྱུད་ནས་བཏུས་པའི་མ་མོ་བདུན་གྱི་གཏད་ཁྲམ། སོ་སོའི་སྔགས་སྡེ་ཚན་བདུན་དང་མཇུག་ཏུ་མྱོས་ལོང་


GLG003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འབྲུ་བཅུ་གཉིས་ཡོད་པ་བྷ་སུ་དྷ་རས་ཡང་དབང་གཏེར་ལ་སྩལ་བ། དྲག་པོ་སྔགས་རྒོད་དེ་ཁོ་ན་ཉིད་ཕྱིར་བཟློག་པའི་༼གཏེར༽སྔགས་སྡེབ་ཀྱི་རྒྱལ་པོ་རྒྱུད་ཐོད་པ་ནག་པོའི་ལེའུ་བདུན་པ། གཤིན་རྗེ་ནག་པོའི་གཤོར་བརྡབས་ཆོག་སྤུ་གྲི་རེག་ཆོད་སློབ་དཔོན་ཆེན་པོ་པདྨས་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་བ་ཡབ་འཁོར་ཡུམ་འཁོར་བར་ལིང་ཕུར་པར་རལ་གྲི་ཐོག་མ་དེ་ལ་དཀྱིལ་འཁོར་ཐོད་པ་རྡོ་རྗེ་རྒྱ་གྲམ་གྱི་དཔེ་རིས་དང་བཅས་པ། ཟབ་ཕུ་ལུང་གི་མཚོ་མོ་ནག་སྡིང་གིས་བྲག་རུས་སྦལ་འདྲ་བའི་ཁོག་པ་ནས་ཀུན་སྐྱོང་གླིང་ལས་བཏོན་པ་ཞིག་ཡོད་ཀྱང་འདི་ཟབ་གནད་ཆེའོ། །གཤོར་བརྡབས་ཆོག་གི་བསྲུང་བའི་ཟ་ཡིག་ཟབ་མོ་ལུས་ངག་ཡིད་གསུམ་བསྲུང་བ། རྒྱ་གར་གྱི་སློབ་དཔོན་སྦྲུལ་མགོ་སྙིང་པོས་རྒྱལ་པོ་དྲན་དང་བྲམ་ཟེའི་བུ་མོ་དཀྲུགས་པའི་འབྱེད་པ་རྟགས་ཡག་གནུབས་ཀྱིས་ཕུང་པོ་རི་བོ་ཆེར་གཏེར་དུ་སྦས་པ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པ་རྟ་གཡག་འཁོར་ལོའི་དཔེའི་རིས་དང་བཅས་པ། འབྱེད་པ་རྟ་གཡག་མང་ཡང་འདི་ལག་ཁྱེར་མ། ཉེ་འབྱེད་ལིངྒ་མར་གྲགས་པ་ཏྲི་ཙ་ཤག་ཡིག་འབྲུ་བཅུ་བདུན་མ། མུ་སྟེགས་སྒྱུ་རྩལ་ནག་པོས་ཨོ་རྒྱན་ཆེན་པོ་ལ་ཕུལ་བའི་ཕོ་སྔགས་མོ་སྔགས་རླུང་ལྷ་ལྕམ་སྲིང་གི་སྔགས་ཡོད་པའི་སེལ་ནག །འཕུང་བཤིག་ནག་པོ་ཞེས་པ་ཁང་ཁྱིམ་བཤིག་དང་དབྱེ་དཀྲུག་གི་གདམས་པ། བྱ་རོག་འུག་པའི་འཁོར་ལོས་བརྟེན་པའི་ཉི་འབྱེད་སེ་ཤིང་མ་གནུབས་ཀྱི་གདམས་པ་དཔེའུ་རིས་དང་བཅས་པ། རཏྣ་གླིང་པས་གནམ་སྐས་བྲག་ནས་ཆ་འདྲ་ཞིག་བཏོན་ཀྱང་འདི་ཟབ་གནད་ཆེ། ཤིང་སྟག་གླང་སེ་བ་ལ་བརྟེན་པའི་ཉེ་འབྱེད་རླུང་གི་སྤུ་གྲི་ཨ་མ་ཏྲག་སོགས་སྔགས་སྡེ་ཚན་བཞི་ཡོད་པ། གནུབས་ཀྱི་མུ་སྟེགས་མཆོད་རྟེན་ནག་པོའི་རྒྱུད་ནས་བཀོལ་བའི་ར་ཁྱི་ལ་བརྟེན་པའི་ཉེ་འབྱེད་


GLG003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རླུང་འཁྲུག་པ། རྒྱ་ནག་མཁས་པའི་གདམས་པ་གནུབས་ཀྱི་ཕྱག་ཆ་བཟའ་མི་སོགས་འབྱེད་པ་པོ་ཕོ་སྔགས་མོ་སྔགས་སོ་སོར་ཡོད་པ་གཤིན་རྗེ་ཟླ་གསང་གི་རྒྱུད་ནས་བཀོལ་བའི་ལྷམ་ལ་བརྟེན་པའི་ཉེ་འབྱེད་རྒྱ་ཞང་ཁྲོམ་གྱི་ཐུགས་ཀྱི་བརྣག་པ། ཟླ་གསང་རྒྱུད་ཀྱི་ཡང་བཅུད་རང་གཤེད་གསད་པ་དྲུག་གི་མན་ངག་ཅེས་པས་སྡིག་སྤྱོད་རྒྱལ་པོ་གསོད་པ། མཆེད་གྲོགས་ལྷ་སྔགས་གཅིག་པ་དང་སློབ་མ་གསོད་པ། སྔགས་པ་སྤྱི་དང་སྐྱེ་བོ་ཕལ་པ་གསོད་པ། ནང་པར་གཏོགས་པའི་བཙུན་པ་གསོད་པ། བོན་པོ་དང་མུ་སྟེགས་གསད་པ། བུད་མེད་གསོད་པ། རང་གཤེད་གསད་པ་དྲུག་གི་རྫས་སྔགས་མནན་པ་གབ་པ་གསུམ་གྱི་གསལ་བྱེད་ཤིན་ཏུ་ཟབ་པ། འཆི་བདག་གཤིན་རྗེའི་བཟློག་མེད་ཅོག་བརྡུང་དགོངས་ཀ་ནས་ཉི་མ་དམར་ཐག་ཆོད་པའི་བར་དུ་བསྒྲུབ་པའི་མན་ངག་གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཕྱག་རྒྱ། སངས་རྒྱས་གླིང་པས་བྱ་རྒོད་གཤོངས་ནས་བཏོན་པའི་འདྲ་མིན་ཞིག་ཡོད་ཀྱང་འདི་ཁ་ཟབ། ཟ་ཧོར་གྱི་སྤུ་གྲི་རེག་གཅོད་དམ་གཤིན་རྗེ་ཉི་མ་གཅིག་པའམ་གཤིན་རྗེ་ས་ཐོད་དམར་གྲགས་པ་གནུབས་ཀྱི་གདམས་པ་བན་ལུགས་དང་མུ་སྟེགས་ལུགས་གཉིས་ཡོད་པའི་བན་ལུགས་སྟེང་འཁོར་འོག་འཁོར་ལིངྒའི་དཔེའུ་རིས་དང་བཅས་པ། དྲག་སྔགས་ཨུརྨོའི་ཕྱིར་བཟློག་གཤིན་རྗེ་ནག་པོ་ཅོག་བཞེངས་སམ་ཕྱིར་བཟློག་དྲག་པོའི་སྔགས་རྒོད་ཉེར་གཅིག་བཀླགས་པས་ཆོག་པ་རྒྱ་གར་དཱ་ན་དྷ་ལས་གནུབས་ཡོན་ཏན་རྒྱ་མཚོ་ལ་གནང་བ་གཤིན་རྗེའི་གཟུགས་ལིངྒའི་དཔེའུ་རིས་དང་བཅས་པ། སློབ་དཔོན་ཆེན་པོ་པདྨས་ཕྲ་མེན་ལས་རྒྱ་མཚོའི་ནང་ནས་ཕྱུང་བའི་འགོམ་ཆོག་ལུས་ངག་ཡིད་གསུམ་གའི་ནུས་པ་གསོད་པར་


GLG003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་མན་ངག་བལ་པོའི་རྒྱལ་པོ་ལ་གནང་། དེས་གནུབས་ཆེན་ལ་གནང་བའི་ཕྱག་ཆ་མ་ལུས་ངག་ཡིད་གསུམ་གནོན་པའི་འཁོར་ལོ་གསུམ་ལིངྒའི་དཔེའུ་རིས་དང་བཅས་པ། མུ་སྟེགས་མཐོང་ཤི་རེག་འགྱེལ་དུག་ཆུ་ཁོལ་མའི་འགོམ་ཆོག་རྒྱ་ཞང་ཁྲོམ་གྱི་གཏེར་མ་དཔེའུ་རིས་གྲུ་བཞི་ཟུར་བཞིར་ཀྴ་ཁྲུམ་ཛ་དྷོམ་ཡོད་པ། བསྲུང་བ་གྲུ་བཞི་ཐོག་མར་ན་མ་ཙི་དྷ་ཡོད་པ། ཕྲ་མེན་དུག་མཚོ་ཁོལ་བའི་རྒྱུད་ཀྱི་ཡང་སྙིང་གི་འགོམ་ཆོག་ཤིན་ཏུ་ཟབ་པ་དཔེའུ་རིའི་ཡི་གེ་བརྩེགས་མར་ཤཀ་ཙ་སོགས་འབྲུ་དགུ་ཡོད་དང་བཅས་པ། འགོམ་ཆོག་ལས་ཀྱི་འཁོར་ལོ་སྒྲུབ་སྔགས་ཨ་མལ་འབྲུ་ཉེར་བདུན་པ། འགོམ་ཆོག་ཤིན་ཏུ་གསང་བའི་སྒ་ལ་འབྲུ་གསུམ་གྱིས་བསྐོར་བ་སློབ་དཔོན་པདྨས་གནུབས་སངས་རྒྱས་ཡེ་ཤེས་ལ་གཏད་པ། དགྲ་ལ་མི་ཤིས་པ་སྣ་ཚོགས་གཏོང་བ་མུ་སྟེགས་ཛ་ཡ་ནག་པོ་ཕོ་འཁོར་མོ་འཁོར་ལིངྒའི་དཔེའུ་རིས་དང་བཅས་པ། རྡོ་རྗེ་ཨུརྨོའི་ངན་སྔགས་མུ་སྟེགས་ཀཱ་ལ་ཡཀྴའི་སྦྱོར་བ་གནུབས་ཀྱི་མན་ངག་སྙིང་དང་འདྲ་བ་དཔེའུ་རིས་དང་བཅས་པ། དགེ་འདུན་གྱི་ཇ་ཐུག་ལ་བརྟེན་ནས་དགྲ་བོ་བསོད་ནམས་ཟད་དུ་འཇུག་པ་གནུབས་ཀྱི་གདམས་པ་འདི་ལག་ཏུ་ལན་གསུམ་བླངས་པའི་མྱོང་གྲུབ་མ་ཡིན། ཟླ་བ་བརྒྱད་ཚུན་ལ་དགྲ་བོ་བརླག་པར་བྱེད་པ་ཐེད་ཐམ་འབྲུ་ཉི་ཤུ་རྩ་དྲུག་པ་ཟླ་གསང་ལས་འཁོལ་དུ་བྱུང་བ། ཁ་སྐེ་སྙིང་ལྟེ་འདོམས་ལྔར་ཡིག་འབྲུ་རེ་བྲིས་པའི་ངག་མནན་ཡི་གེ་ལྔ་པར་གྲགས་པ་སློབ་དཔོན་པདྨས་གནུབས་ལ་གནང་བ། ལྟེ་བར་ཡིག་འབྲུ་དྲུག །ཁོང་པར་ཡིག་འབྲུ་ཉེར་གཉིས། ཕྱི་ནས་ཡིག་འབྲུ་བཅུ་དགུ་ཡོད་པའི་དགྲ་ཁ་ལྐུགས་པར་བྱེད་པ་ཨོ་རྒྱན་ཆེན་པོས་གནུབས་སངས་རྒྱས་ཡེ་ཤེས་ལ་


GLG003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ། ཕྱིར་བཟློག་ཐོད་པ་ནག་པོའི་སྔགས་རྒྱུད་ལས་ལེའུ་བདུན་པ་ངག་མནན་ཁོལ་དུ་ཕྱུང་བ། གནུབས་ཀྱི་རྒྱུན་ཁྱེར་ལྷམ་མཐུ་ཟབ་མོ། དགྲ་ཁྱིམ་དུ་ལྟས་ངན་སྣ་ཚོགས་གཏོང་བ་ལྟས་ངན་མོན་པ་ནག་པོའི་སྙིང་དཀྲུགས་ཞལ་གདམས་དཔེའུ་རིས་དང་བཅས་པ། ཟས་ལ་བརྟེན་ནས་བསོད་ནམས་ཟད་ཐབས་ཀམ་ཀམ་འབྲུ་ཞེ་བཞི་མ། དེ་ཁ་བསྒྱུར་ནས་ཞིང་སེལ། ཁང་སེལ། ཁྱིའི་ཁ་འཆིང་། ཕྲུག་གུ་སྐྱེ་འཕྲོ་གཅོད་པ་རྣམས། རྫས་གཅིག་དང་སྔགས་འབྲུ་བདུན་ལ་བརྟེན་ནས་མཇེ་མཐུ་ལངས་མེད། བྲན་གཡོག་གནོད་སྦྱིན་ནོར་བསྙེགས། ཨཱ་ཙ་ར་ནག་པོ་སྒོ་བརྡུང་གནུབས་བན་སངས་རྒྱས་ཀྱི་ཕྱག་ཆ་དཔེའུ་རིས་དང་བཅས་པ། རཏྣ་གླིང་པས་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ལས་ཚོགས་སུ་ཆ་འདྲ་ཞིག་ཡོད་ཀྱང་འདི་ཟབ་གནད་ཆེ། རྡོ་དཀར་ནག་དམར་སེར་སྔོན་པོ་ལ་བརྟེན་ནས་བདུད་ཀྱི་རྡོ་ཆར་དྲག་པོ་དབབ་པ། ཡུགས་སའི་ལག་གི་ལན་ཚྭ་ལ་བརྟེན་ནས་བསྐྲད་པ་གནུབས་ཀྱི་གོང་ཁུག་མ། བསྐྲད་པའི་ལས་དུག་གསུམ་ཁ་འབྱེད། སྦོས་རིར་གསད་པ་ཡིག་འབྲུ་བཅུ་པ་གཉན་ཆེན་དཔལ་དབྱངས་ཀྱི་གདམས་པ། སེལ་ནག་འཕུང་བཤིག་མ་ཙེ་ཏོ་ལ་བརྟེན་པ། སངས་རྒྱས་ཡེ་ཤེས་ཀྱི་ཐུགས་ལ་གབ་པ། འཆང་པ་གསུམ་གྱི་རྫས་ལ་བརྟེན་པའི་འཕུང་བཤིག་ཟབ་མོ་ཀུན་ལ་མི་སྤེལ་བ་དམག་ཁ་འཕུང་དུ་གཏོང་བ་ཀྱེ་ཏ་འབྲུ་སོ་ལྔ་པ་སློབ་དཔོན་པདྨས་གནུབས་ལ་གདམས་པ། ཕུག་རོན་གྱི་ཐོད་པ་ལ་བརྟེན་ནས་ཤགས་དང་རྩོད་པ་རྒྱལ་བ་འགོ་ལ་འབྲུ་དྲུག་དང་ཕྱི་ལ་འབྲུ་བཅུ་དགུ་ཡོད་པ་སློབ་དཔོན་པདྨས་གནུབས་ལ་གདམས་པ། ཆགས་ཉམ་མོ་རྨི་ལམ་ངན་པ་མི་ཁ་ཁ་མཆུ་སོགས་ཁ་བསྒྱུར་མནན་པ་མི་ཁ་གཏད་


GLG003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་དུ་གྲགས་པ་དབང་ཕྱུག་ཆེན་པོ་ལ་བརྟེན་པའི་ཟབ་ཁྱད་ཅན་གནུབས་བན་གྱི་ཁྱད་ཆོས་ཕོ་འཁོར་མོ་འཁོར་བར་འཁོར་གྱི་དཔེའུ་རིས་དང་བཅས་པ། ཁྲ་འབྲུག་གནོད་སྦྱིན་ཁང་ནས་འདི་དང་ཆ་འདྲ་ཞིག་བསམ་གཏན་བདེ་ཆེན་གླིང་པས་གཏེར་ནས་བཏོན་ཀྱང་འདིའི་ཟབ་གནད་འགའ་ཞིག་མི་འདུག །ཟླ་བ་བཅུ་གཉིས་དང་ལོ་བཅུ་གཉིས་ལ་བརྟེན་ནས་དགྲ་དང་ཁ་མཆུ་འཆིང་བ་རྒྱ་ཞང་ཁྲོམ་གྱི་གཏེར་མ། མངའ་བདག་ཉང་གི་གཏེར་མར་འདི་དང་ཞུས་དག་འཕེར་བ་ཞིག་ཡོད། མཁའ་འགྲོ་མའི་བྱས་པ་བཤིག་པའི་འཁོར་ལོ་ཞེས་པ་མནན་གཏད་ཕྲ་མེན་འཛུལ་ཆོག་སོགས་གཞན་གྱི་སྦྱོར་ངན་མཐའ་དག་བཤིག་པ་ལ་མཆོག་ཏུ་ཟབ་པ་འདིའི་སྔགས་རྣམས་བྱད་འགྲོལ་གསེར་གྱི་ལྡེ་མིག་གི་སྟོད་ནས་འགའ་ཞིག་བླངས་འདུག །མུ་སྟེགས་སྟོན་པ་ལྔ་བརྒྱས་རྒྱ་གར་ཁྲག་འཐུང་ནག་པོ་ལ་ངན་སྦྱོར་བརྩམས་པ་བཤིག་པའི་འཛུལ་ཆོག་གི་བསྲུང་བ་ཟབ་མོ་དབུས་ཀྱི་ཡི་གེ་བརྩེགས་མར་ཀ་ཐ་སོགས་འབྲུ་ལྔ་ཡོད་པ། གུ་རུ་དྷ་ན་སཾ་སྐྲྀ་ཏས་རྟ་མགྲིན་གྱི་རྒྱུད་ནས་ཕྱུང་སྟེ་ཧཱུྃ་ཀ་ར་ལ་གཏད་པའི་ངག་འགྲོལ་གྱི་གདམས་པ་ཟབ་མོ་ཏ་ར་འབྲུ་ཉེར་གཉིས་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་འབངས་ལ་བཀའ་ནན་དང་བཅས་ཏེ་གནང་བ། འདོགས་པའི་འཁོར་ལོ་རྩིབས་བཅུ་པ་བཛྲ་ཛི་ཧོ་འབྲུ་བཅུ་ལ་བརྟེན་ནས་ངག་འགྲོལ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་གདམས་པ་སྙིང་དང་འདྲ་བ་ངག་འགྲོལ་ཞིང་གསོ་བ་དང་བྱིན་གྱིས་བརླབ་པ་བོད་རྒྱ་ནག་པོའི་རྒྱུད་ལ་བརྟེན་ནས་བལ་པོ་བྷ་སུ་དྷ་རས་གནུབས་ལ་གནང་བ། ངག་བྱིན་གྱིས་བརླབ་ཅིང་ངག་ལ་ནུས་པའི་ངར་བླུད་པ་དབང་ཕྱུག་དང་ཨུ་མ་ནས་བཻ་རོ་ཙ་ན་ལ་བརྒྱུད་པའི་ཟབ་ཁྱད་ཅན། རང་གི་ངག་གསོ་ཞིང་འགྲོ་བ་གཞན་གྱི་ནུས་པ་འཕྲོག་


GLG003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མན་ངག་ཟབ་མོ་རྗེ་བཙུན་རཏྣའི་ཐུགས་བཅུད་ཆོས་ཀྱི་གྲགས་པའི་སྙིང་ཏིག་སྦ་བཟུང་བསད་གསུམ་གྱི་གདམས་པ་དཔལ་ཨོ་རྒྱན་ཆེན་པོས་མངའ་བདག་རྒྱལ་པོ་ལ་གདམས་པ། ཀླུའི་འཁོར་ལོ་ནག་པོའི་འཕྲིན་ལས་རྫོགས་པའི་རྒྱུད་ཀྱི་ལེའུ་ཉེར་གཉིས་པ་ནས་བཤད་པའི་ཚ་ཐུར་གྱི་བསྲུང་བ་ཟབ་མོ། དེའི་ཞར་བྱུང་དུ་རྫས་དང་སྔགས་ཀྱི་སྒྲིབ་ཤིང་། མཛེ་ནག་རྒྱ་མཚོའི་དུ་རི་ཁ་འཕྲུལ་གྱི་མེ་ལོང་ལས་བཀོལ་བའི་ཚ་ཐུར་དང་གྲང་ཐུར་གྱི་རྫས་བསྲུང་ཟབ་མོ། འདོགས་པའི་གཏད་བསྲུང་ལིང་ཚེེ་དགུ་མ་ཉི་ཟླ་འབྱུང་བ་གཟུང་བ། གཏད་བསྲུང་གཏད་བཟློག་ཆིག་ཆོད་མ་ནཱ་ག་ལིང་འབྲུ་སོ་དྲུག་པ་གནུབས་ཀྱི་གདམས་པ། རང་གི་ལུས་ངག་ཡིད་གསུམ་ལ་རྒྱས་ཐེབས་རྟགས་འགྲོལ་ཐབས་དང་གཞན་གྱི་ཕྱིར་བཟློག་བཤིགས་པ་ལྷ་འདྲེ་བསྟེན་པ་བོད་རྦད་གསད་གསུམ་བླ་འགུགས། ལྷ་དབྱེ་སོགས་ཀྱི་གནད་འགགས་གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཐུགས་ཀྱི་བརྣག་པ་རྣམས་ལེགས་པར་ཐོབ་པ་ལས་གཏེར་གྱི་རྟགས་ཅན་མ་གཏོགས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། འཕུང་བྱེད་ཤིནྟཾཾ་གརྦྷ། སློབ་དཔོན་དྷ་ན་སཾ་སྐྲྀ། སློབ་དཔོན་ཡེ་ཤེས་སྙིང་པོ། སློབ་དཔོན་ཁ་གརྦྷ། དཱ་ན་དྷ་ལ། ཁྲག་འཐུང་ནག་པོ། གཙུག་ལག་དཔལ་དགེ །ཨོ་རྒྱན་པདྨ་འབྱུང་གནས། བལ་པོ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། ལྷ་རྗེ་ཡེ་ཤེས་རྒྱ་མཚོ། རྡོ་སྟོན་ལྕགས་སྤེ། མེ་སྟོན་དྲན་ཆུང་། དྲན་སྟོན་མཐའ་བྲལ། མེ་སྟོན་ཀུན་རིན། སློབ་དཔོན་བཀྲ་ཤིས་རྒྱན། བླ་མ་མཐར་ཕྱིན། མཐུ་ཆེན་གངས་ཤཱཀ་གཡུང་སྟོན་རྡོར་དཔལ། སྔགས་འཆང་རྒྱལ་དོར། རིགས་འཛིན་
དར་འབུམ། རྣལ་འབྱོར་དབང་ཕྱུག་སངས་རྒྱས་མགོན་པོ། བླ་མ་ཁམས་པ། རྒྱ་སྟོན་ནམ་མཁའ། འབྲི་གུང་པ་གནམ་ལྕགས་མེ་འབར། བླ་མ་རིན་ཅེན་དཔལ་པ། སྔགས་འཆང་སངས་རྒྱས་རིན་ཅེན། མཚུངས་མེད་བཀྲ་ཤིས་ཕུན་ཚོགས། རཏྣ་གཉིས་པ་ཆོས་ཀྱི་གྲགས་པ། སྔགས་འཆང་དཀོན་ཅོག་ལྷུན་གྲུབ། ཉང་སྟོན་ཁྱབ་བདག་རྡོ་རྗེ་མེ་ཏོག་རྩལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གནུབས་ཆེན་ནས། གཏེར་སྟོན་རྒྱ། ལྷ་རྗེ་ཡེ་ཤེས་གཟུངས། མཚུར་སྟོན་རིན་རྡོར། སྐུ་ཞང་དཔལ་ལྡན། རྗེ་ཚུལ་རིན། སྔགས་འཆང་བྱང་མགོན་ནམ་མཁའི་མཚན་ཅན། ཚུལ་ཁྲིམས་ཞབས། རྒྱ་རིགས་འཛིན་གསང་བ། རྗེ་ཟུར་པ་མན་གོང་ལྟར་རོ། །གཤོར་བརྡབས་ཆོག་གི་ལུང་བརྒྱུད་ལུགས་གཅིག་དང་གཏེར་གྱི་རྟགས་ཅན་གྱི་ལུང་བརྒྱུད་ནི། འབྲི་གུང་པ་ཆོས་ཀྱི་གྲགས་པ་ནས། དཔལ་རི་བླ་མ་བསོད་ནམས་རིན་ཅེན། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །སློབ་དཔོན་ཤིནྟཾ་གརྦྷ་ལ་འཇམ་དཔལ་ཚེ་བདག་གིས་དངོས་སུ་གནང་བའི་སྔགས་པ་འཁོན་སྦྱོང་ལག་པའི་འདུ་བྱེད་བསྐྱོད་པ་ཧེ་ཁོ་ཧ་ཕཊ་སོགས་ཡོད་པ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་གདམས་པ་རྒྱ་ཞང་ཁྲོམ་གྱི་གཏེར་མའི་བརྒྱུད་པ་ནི། འཇམ་དཔལ་ཚེ་བདག་ནག་པོ། སློབ་དཔོན་ཤིནྟཾ་གརྦྷ། བལ་པོ་བྷ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ་ནས་རིམ་པར། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། རྗེ་བཙུན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ།

སྤྲུལ་སྐུ་རྒྱའི་གཏེར་བྱོན་གཏད་རུལ་སྐྱེས་བུ་ཟངས་གླིང་གི་གཏེར་མ་དང་འདྲ་བའི་བརྒྱུད་པའི་སྐོར།


GLG003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་རྒྱའི་གཏེར་བྱོན་གཏད་རུལ་སྐྱེས་བུ་ཟངས་གླིང་གི་གཏེར་མ་དང་འདྲ་བའི་བརྒྱུད་པ་ནི་གཤིན་རྗེ་


GLG003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད། ཕྱག་ན་རྡོ་རྗེ། འཇམ་དཔལ་བཤེས་གཉེན་གཙུག་ལག་དཔལ་དགེ །བྷ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། བྲལ་ཏེ་སམྦྷོ་ཊ། གངས་པ་བཀྲ་ཤིས་དང་། གངས་པ་རི་དཀར་བ། གངས་པ་ཤཱཀ་འབུམ། གཡུང་སྟོན་རྡོ་རྗེ་དཔལ། ཕག་སྟོན་ཤཱཀ་མགོན། དཔལ་ལྡན་མགོན་པོ། ཆོས་ཀྱི་རྒྱལ་མཚན། དཔང་སྟོན་ཆེན་པོ། སེ་སྟོན་རྗེ། མགོན་པོ་ཟླ་བ། མཉམ་མེད་ཆེན་པོ། དབང་པོའི་སྡེ། ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། །བཻ་རོ་ཙ་ནས་བསམ་ཡས་ཀ་གཞུ་ལ་སྦས་པའི་རྦོད་གཏོང་ཁ་འཆིང་དགྲ་བོ་སྙིང་རྗེའི་རྩལ་གྱིས་སྒྲོལ་བའི་ཏིང་འཛིན་འཁོར་ལོ་དང་གཏོར་མ་ལིངྒ་མེད་པས་ཁྱད་པར་འཕགས་པ་རྒྱ་ཞང་ཁྲོམ་གྱི་གཏེར་མའི་བརྒྱུད་པ་ནི། གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །ཨོ་རྒྱན་ཆེན་པོ། ལོ་ཆེན་བཻ་རོ་ཙ་ན། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ་ནས་རིམ་པར། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་གཏེར་མའི་དབང་སྡུད་ཟ་ཡིག་འགོར་ཨོཾ་ཀ་དང་མཇུག་ན་ག་ས་ཡོད་པའི་གླིང་བཞི་མ། ཡ་མའི་ཟ་ཡིག་འགོར་གྱ་དང་མཇུག་ན་ཆུ་ཡོད་པའི་གླིང་གཉིས་མ། ཡང་འགོ་ན་ཡ་པ་དང་མཇུག་ན་ཧ་ཡོད་པའི་གླིང་གསུམ་མ། སྲིན་གྱི་ཟ་ཡིག་འགོ་ན་གྱ་དང་མཇུག་ན་ཆུ་ཡོད་པ་གླིང་གཉིས་མ་འདྲ་མིན་ཞིག །ཡང་འགོ་ན་གྱ་དང་མཇུག་ན་ཆ་ཡོད་པའི་དེ་དང་འདྲ་མིན་གཅིག །མནའ་བསྲུང་བའི་ཟ་ཡིག་འགོ་ན་ཏ་ན་དང་མཇུག་ན་པ་ད་ཡོད་པའི་ཕྲེང་གཉིས་མ། སྲིའུ་གསོ་བའི་ཟ་ཡིག་འགོ་ན་ཡ་བྷ་དང་།


GLG003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ན་རཱ་ཡོད་པའི་གླིང་གསུམ་མ། ཚེ་སྒྲུབ་ཟ་ཡིག་མཇུག་ན་ཏྲ་ཉིས་གཤིབས་ཡོད་པ། ཚེ་བསྲིང་བའི་ཟ་ཡིག་འགོ་ན་ཨོཾ་བ་དང་མཇུག་ན་ཉ་ཡོད་པའི་གླིང་གཉིས་མ། ནོར་འཕེལ་བའི་ཟ་ཡིག་འོག་ན་ཨ་ཧ་དང་མཇུག་ན་བ་ཡོད་པའི་གླིང་གཉིས་མ། འགོ་ན་གསུམ་ཨ་མ་ཕྲེང་བྲིས་ཀྱི་འོག་ཏུ་ཐུར་བརྩེགས་ཡོད་པའི་བསྲུང་བ། འོག་ན་ཨོཾ་མཾ་ཡོད་པའི་གླིང་གཉིས་མའི་བཟློག་པ། བརྡ་ཡིག་ཕྲེང་གཅིག་མའི་འགོར་རྒྱ་ཡོད་པ་མཐར་ཡི་གེ་ཁ་ཤས་ཐུར་དུ་བརྩེགས་པའི་མཇུག་ཨས་བྱས་པའི་གསད་པ། ཡང་ཨ་ཀ་མ་གསུམ་ཕྲེད་ལ་བྱས་པའི་འོག་ཏུ་ཐུར་བརྩེགས་བྲིས་ཤིང་ཨ་ཀ་མའི་མཐར་མཁའ་འགྲོའི་ཡི་གེ་ཡོད་པ་བསྲུང་བ་རྡོ་རྗེའི་གོ་ཆ། ཡིག་འཕྲེང་གི་འགོ་ན་ཨ་ཡོད་པ་མཇུག་ཏུ་འཐུར་སེལ་གཉིས་ཡོད་པའི་སྔོན་མའི་འགོ་མཇུག་ན་ཨ་གསུམ་རྗེས་མའི་མགོ་འཇུག་ན་ཨོཾ་ལཱ་ཡོད་པ་བསྡོག་པ་བར་སྣང་གི་སྒྱོགས་ཆེན། མཁའ་འགྲོའི་ཡི་གེ་ཕྲེང་གཉིས་སུ་བྱས་པ་ལ་འོག་མའི་འགོ་བོར་ཨོཾ་འཁྲིད་ཉལ་མཇུག་ཏུ་རཱ་ཡོད་པ་གསད་པ་ཁྲག་འཐུང་ནག་པོ་སྤུ་གྲི་ངར་མ་སྟེ་ཐུགས་གཙིགས་སུ་མཛད་པ་རྣམས་ཀྱི་ལུང་ལྟེ་བ་ལུགས་ཀྱི་ཕྱག་བཞེས་སོགས་དང་བཅས་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ། བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། བྲལ་ཏེ་སམབྷོ་ཊ། གངས་བན་བཀྲ་ཤིས་དར། གངས་པ་རི་དཀར་བ། གངས་པ་ཤཱཀ་འབུམ། གཡུང་སྟོན་རྡོར་དཔལ། བླ་མ་སེང་གེ་བཟང་པོ། སྐལ་ལྡན་རྡོ་རྗེ་རྒྱལ་པོ། དྷརྨ་ཀ་རུ། ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན། རིགས་འཛིན་ནམ་མཁའ་རྣམ་རྒྱལ། ཟུར་གྱི་སྔགས་འཆང་ལྷུན་


GLG003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །རྒྱ་ཞང་གི་གཏེར་མའི་ཕག་ཐོད་ལ་བརྟེན་པའི་ཁང་སེལ། གའུ་ལ་བརྟེན་པའི་ཞིང་སེལ། སྤྱང་ཐོད་ལ་བརྟེན་པའི་ནོར་སེལ། རབས་ཆད་ཐོད་པ་ལ་བརྟེན་པའི་དུར་སེལ། མུ་སྟེགས་ཀྱི་ངན་སྔགས་གོམས་པ་ཅམ་གྱིས་སྦྲུམ་མ་བརླག་པ། རྨ་བྱའི་སྒྲོ་ལ་བརྟེན་ནས་ངག་གནོན་པ། ཁྲག་འགྱེད་ཟབ་མོ། མི་གཟུགས་བཞི་ལ་བརྟེན་ནས་ཆུ་བཟློག་པ། ལྷམ་སྒྲོགས་ལ་བརྟེན་ནས་ཁྱིའི་ཁ་འཆིང་བ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་བལ་པོའི་རྒྱལ་པོ། གནུབས་ཆེན་སངས་རྒྱས་ཡེ་ཤེས། སྤྲུལ་སྐུ་རྒྱ་ཞང་ཁྲོམ་ནས་རིམ་པར་བརྒྱུད་དེ་ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །གནུབས་ཀྱི་གོང་ཁུག་སྲོ་མ་ཅན་དུ་གྲགས་པའི་ཞག་གསུམ་དག་གིས་ངེས་པར་འགྲུབ་པའི་རྒྱལ་པོ་བྱེད་ཆས་ཀ་ཏུ་བཀའ་གཏེར་གཉིས་ལྡན་གྱི་སྐོར་ལ། ནང་གསེས་ཀྱི་བཅའ་གཞི། བོད་པ། རྦད་པ། གནད་འབེབས། མིང་དང་ཁ་བསྒྱུར་གྱི་ཞལ་ཤེས། སྤྱི་གཙུག་ཏུ་གུ་རུ་བསྒོམ་པའི་ཞལ་ཤེས། རང་བླ་མར་བསྒོམ་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སྒོམ་ཚུལ་དང་སྲོག་ལ་གཏོད་པའི་ཞལ་ཤེས། བླ་རྡོ། རྦད་གསད་ཀྱི་ཤམ་བུ། སྒབ་འདྲེ་གནོན་པ། སྒོས་གསོལ་སྔོན་བསྐལ་མ། གསེར་སྐྱེམས་དང་འཕྱི་བས་མཆོད་ཐབས་ཤར་ཕྱོགས་མ། ཤེལ་འཕྲེང་དཀར་པོའི་རྒྱུད་ལས་བཏུས་པའི་བསྐུལ་སྟེང་ཕྱོགས་མ། རི་རབ། གཏོར་མ། གསང་ཕྱི། རཱ་ཛའི་སྐུ་འབག །བླ་རྡོའི་འཁོར་ལོ། སྒབ་འདྲེའི་ལིངྒའི་དཔེ་རིས་དང་བཅས་ཏེ་ཕྱག་


GLG003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་སངས་རྒྱས་གཉིས་པ། ལྷ་རྗེ་གནུབས་སངས་རྒྱས་ཡེ་ཤེས། ལྷ་རྗེ་གནུབས་ཡོན་ཏན་རྒྱ་མཚོ། ལྷ་རྗེ་གནུབས་ཡེ་ཤེས་རྒྱ་མཚོ། གནུབས་པདྨ་དབང་རྒྱལ། གནུབས་ལྷ་རྗེ་འཇམ་དཔལ། གནུབས་རྒྱ་གར་རྡོ་རྗེ། ལྷ་རྗེ་ཆོས་ཀྱི་ཡེ་ཤེས། ཆོས་སྒོ་མཁན་ཆེན་པ། སྔགས་འཆང་བཀྲ་ཤིས་རིན་ཅེན། བླ་མ་བྱང་ཆུབ་དཔལ་བ། བླ་མ་གྲགས་པ་ལྷ་འོད། སྔགས་འཆང་གྲགས་པ་བསམ་གྲུབ། རྗེ་དཔལ་འབྱོར་གྲགས་པ། བླ་ཆེན་འཇམ་དབྱངས་གྲགས་པ་འབྲི་གུང་ཟུར་པ་རིན་ཅེན་ཕུན་ཚོགས། དེ་སྲས་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས། མི་ཉག་སྟོང་འཁུན་རྒྱལ་པོའི་བརྒྱུད་ལས་སྔགས་འཆང་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །སློབ་དཔོན་པདྨས་བསམ་ཡས་ཀ་པའི་ཆོལ་དུ་སྦས་པའི་ཤེལ་འཕྲེང་དཀར་པོའི་རྒྱུད་ཀྱི་ཡང་སྙིང་ཤིན་ཏུ་ཟབ་པ་རཱ་ཛའི་མན་ངག་ནོར་སྙེག་འཐན་སྲོག་སྦྲགས་མ་རིགས་འཛིན་ཆོས་ཀྱི་གྲགས་པས་ཕྱག་ལེན་དུ་བསྡེབས་པར་སྔོན་འགྲོ་བཅས་དངོས་གཞིའི་བོད་རྦད་གསད་གསུམ། མཐའ་སྡུད་མནན་གཏད་འཕང་བ། དམ་ཚིག་འཁུ་ལྡོག་བསྲུང་བ། མྱུར་རྟགས་ཐོན་པ་གནད་འབེབས་འགྱུ་དུས་དང་བཅས་པའི་བཀའ་རྒྱ་མ། གཏོར་མ། རི་རབ། གསང་ཕྱི། ཐུན་གཏོར། ཐུན། རཀྟ། ཆང་རྒོད་ཀྱི་དཔེ་རིས་དང་བཅས་པ། བསྐུལ་སྟེང་ཕྱོགས་རྣམ་དག་མ་རྣམས་ཐོབ་པའི་བརྒྱུད་པ་ནི། གནུབས་ཆེན་ཡན་གོང་ལྟར་ལ། གཏེར་སྟོན་རྡོ་རྗེ་འོད་འབར། གནུབས་ལྷ་རྗེ་འཇམ་དཔལ་ནས། རྗེ་ཆོས་རྒྱལ་ཕུན་ཚོགས་ཀྱི་བར་འདྲ་བ་ལ། དེ་ནས་བླ་མ་སྦྱིན་


GLG003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕུན་ཚོགས། དབུར་སྨྱོན་ཐུགས་ཀྱི་རྡོ་རྗེ། མཁས་གྲུབ་དཀོན་ཅོག་ལྷུན་གྲུབ། ཁྲ་ཚང་པ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །གནུབས་ཀྱི་སྔགས་འཆང་རོ་ཟན་ནག་པོས་དགྲ་བོའི་ཕྱོགས་སུ་བརྫངས་པའི་འཕྲིན་ན་འཕུང་ས་དགྲ་ལ་སྒོས་བསྐྱལ་འགོ་ན་ཨོཾ་མི་ཨོཾ་སྭ་མི་སྟི། བཀྲ་མི་ཤིས་པར་གྱུར་ཅིག་ཟེར་བ་ཡོད་པ། ཞེས་པའི་བརྒྱུད་པ་ནི། གནུབས་ནག་པོ་རོ་ཟན་ནས་རིམ་པར་བརྒྱུད་དེ་ཡུག་ནོར་བུ་དབང་རྒྱལ། དང་མ་བ་བསྟན་འཛིན་འགྱུར་མེད། གུ་རུ་དབྱངས་དཔོན་པ། ཟུར་ཀུན་མཁྱེན་ཆེན་པོ། དེས་བདག་ལའོ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་གསང་ཚིག་སྤྱིའི་གནད་རྒྱ་ཡིག་ཤོག་དྲིལ་གཅིག་ལ་བཏབ་པ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པའི་སྐོར་ལ། དང་པོར་བསྙེན་པ། བར་དུ་སྒྲུབ་པ། མཐར་ལས་ལ་སྦྱོར་བ་དང་གསུམ་ལ་ལྔ་གསུམ་བཅོ་ལྔས་གཏན་ལ་ཕབ་པ་ཤྲཱི་སིངྷིས་གསུངས་པ། དྲག་པོའི་རྒྱུད་མཐའ་དག་གང་ཟག་གི་བྱེ་བྲག་གིས་ཆོས་ལྔ་དང་ལྡན་པར་དཔྱད་དགོས་པའི་མན་ངག་དེ་ཝ་ཙནྡྲས་གསུངས་པ། སློབ་དཔོན་བྷ་སུ་དྷ་རའི་ཉམས་ཀྱི་གསང་ཚིག་ལ་སྒྲུབ་པའི་རྟགས་ཕྱུང་རྟགས་མེད། འཕྲིན་ལས་དང་། བླའི་རྟགས་བསྟན་པ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤི་ལའི་གསང་ཚིག་ལ། འཁོར་འདས་ཀྱི་སྲོག །བོད་རྦད་གསད་གསུམ་གྱི་འཛབ་དགོངས་བཟླ་ལུགས། བླ་སྲོག་རྣམ་ཤེས་གསོད་གསད། སྤྱི་ལ་གཅེས་པའི་དྲག་སྔགས། འཁོན་སྦྱང་ནང་འགྲས་རྣམས་རྟགས་སྤྱི་དང་བྱེ་བྲག་བླ་རྟགས་བསྟན་པ་བཅས་ཐོབ་པའི་བརྒྱུད་པ་ནི། གུ་རུ་ཤྲཱི་སིངྷ། རོམ་བུ་གུ་ཧྱ་དེ་ཝ་ཙནྡྲ། སློབ་དཔོན་བལ་པོའི་རྒྱལ་པོ། ཀ་མ་ལ་ཤཱི་ལ། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་


GLG003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་ནས་རིམ་པར་བརྒྱུད་དེ་རིགས་འཛིན་གནམ་ལྕགས་མེ་འབར། དྲིན་ཅན་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། ཟུར་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱིས་ཕུང་པོ་རི་བོ་ཆེ་ནས་སྤྱན་དྲངས་པའི་བཙན་རྒོད་སྲོག་བདག་ཡམ་ཤུད་དམར་པོའི་སྐོར་ལ། སྲོག་བདག་དམར་པོའི་དྲག་སྔགས་ཀྱི་ལོ་རྒྱུས་ཁས་ཉེན་སྟོབས་ཆུང་ཞིག་དང་ཕྲད་ཤོག་གི་མཐའ་ཅན། འདི་ལྷ་རྗེ་གནུབས་ཆུང་གིས་སྐྱེར་ཆུ་མགོན་པོའི་དབུ་ནས་བཏོན་ཟེར་བ་འདུག །ཡམ་ཤུད་དམར་པོའི་གསང་སྒྲུབ་མར་ཁྲག་སྐྱུག་གི་དྲག་སྔགས་འཇམ་དཔལ་དྲག་སྒྲུབ་རྫོགས་སོའི་མཐའ་ཅན། བཙན་ཡམ་ཤུད་སྲོག་བདག་དམར་པོའི་དྲག་སྔགས་སྤུ་གྲི་དམར་པོ་ལས་ཚོགས་ཚད་ལྡན་རྫོགས་སོའི་མཐའ་ཅན། འཇམ་དཔལ་དམར་པོ་ཟོར་བ་སྤུ་གྲིའི་རྒྱུད་ལས་ཕྱུང་བའི་འཇམ་དཔལ་དམར་པོ་དྲག་པོ་བཙན་དུ་སྒྲུབ་པ་རྫོགས་བྱང་གི་མཐའ་ཅན། འཇམ་དཔལ་དམར་པོ་བཙན་དུ་བསྒྲུབ་པ་གསང་བ་གྲི་རྒོད་ཀྱི་ལས། སྲོག་བདག་དམར་པོའི་བསྐང་བཤགས་བདག་ནི་རིགས་འཛིན་མ། བསྐུལ་སྲོག་གི་མངའ་བདག་མ་རྣམས་ཐོབ་པའི་བརྒྱུད་པ་ནི། གཤིན་རྗེ་གཤེད། གཙུག་ལག་དཔལ་དགེ །ཨོ་རྒྱན་ཆེན་པོ། བྷ་སུ་དྷ་ར། གནུབས་ཆེན་སྐུ་སྤྲུལ་རྒྱ་ཞང་ཁྲོམ་ནས་རིམ་པར་བརྒྱུད་དེ་རིགས་འཛིན་རྒོད་ལྡེམ་ཡབ་སྲས་ནས་སེ་ཉི་བཟང་། སེ་མགོན་བཟང་། སེ་རིན་ཅེན་རྒྱལ་མཚན། སྤྱན་ཚབ་རྗེ། ནུབ་དགོན་རྗེ། དབང་པོའི་སྡེ། ངག་གི་དབང་པོ། སྔགས་འཆང་དོན་གྲུབ་བཀྲ་ཤིས། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ཟ་ཧོར་བནྡེ་ལའོ། །དྲ་ང་རྡོ་རྗེ་ཀུན་གྲགས་ནི། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཉུག་


GLG003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྡོ་རྗེ་སྒྲོམ་བུར་དུ་བེང་མའི་སྐོར། ཕུང་པོ་རི་བོ་ཆེར་ཏྲི་ཡ་ཛའི་སྐོར། རྫ་ལྷུད་མོར་དྲུག་གི་སྤུ་གྲིའི་སྐོར་རྣམས་གཏེར་དུ་སྦས་པའི་དཔལ་མགོན་སྟག་ཞོན་ནག་པོའི་ཆོས་སྐོར་གཏེར་སྟོན་རྒྱ་ཞང་ཁྲོམ་དང་དགེ་བཤེས་དྲ་ང་རྡོ་རྗེ་ཀུན་གྲགས་གཉིས་ཀྱིས་སྤྱན་དྲངས་པའི་གཏེར་ཁ་སྔ་ཕྱི་གཉིས་ཀར་གཏོགས་ཤིང་། དེའི་ནང་ནས་གཏེར་གནས་རི་བོ་ཆེ་དང་གཏེར་སྟོན་དྲ་ང་ཀུན་གྲགས་གཙོ་བོར་བྱས་པའི་སྲོག་གི་བཤན་པ་སྟག་ཞོན་ནག་པོ་ལྷ་བཅུ་གསུམ་མའི་སྐུ་གཟུགས་བཟླས་ལུང་། ཚར་ཆེན་གྱི་གསན་ཡིག་ལྟར་ན་རྗེས་གནང་ལྷ་ལྔ་གཙོ་ཆེར་སྣང་། ཐར་རྩེ་བའི་མངོན་རྟོགས་ན་ལྷ་མང་འདུག་ཀྱང་ལྷ་བཅུ་གསུམ་རང་གི་ངེས་ཏིག་ཐེ་ཚོམ་གྱི་གཞིར་སྣང་ངོ་། །ཕྱག་མཚན་གཏོད་པ་སོགས་ཡིག་རྙིང་དང་། ཐར་རྩེ་བས་མཛད་པའི་གསར་མའི་གཞོགས་དྲུད། གཏོར་མ་ཙ་ཀ་ལི་ལ་བརྟེན་པའི་རྗེས་གནང་དང་། ལུང་ལ། རྒྱའི་གཏེར་མ་གཙོ་བོར་བྱས་པའི་དཔལ་མགོན་པོ་ནག་པོ་དངོས་གྲུབ་བརྟན་པར་གཟིགས་པ་མན་ངག་རྒྱུད་ཆེན་པོ་ལེའུ་བཅུ་གཅིག་པ་གུ་རུ་བྷ་སུ་དྷ་ར་དང་། ཡང་དབང་གཏེར་གྱི་འགྱུར། དཔལ་མགོན་པོ་ནག་པོ་སྙིང་གི་དངོས་གྲུབ་བརྟེན་པར་གཟིགས་པའི་རྒྱུད་རྟོག་པ་ལྔ་པ་སྤུ་གྲི་ལྟ་བུ་སྔ་མ་ལས་སྔགས་མ་ཚང་བ་ཁ་བསྐངས་པའི་རྒྱུད་གནད་དུ་ཕྱུང་བ་པདྨ་ཐོད་འཕྲེང་གིས་བྷ་སུ་དྷ་ར་ལ་གནང་བ། ཚར་ཆེན་གྱིས་མཛད་པའི་བསྐང་གསོ་རྒྱས་པ་འཕྲིན་ལས་ལྷུན་གྲུབ། བསྡུས་པ་གཏོར་ཆོག་གྱེེར་སྒོམ་མ་རྣམས་ཐོབ་པ་ལས། དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ་གཏུམ་པོ། སློབ་དཔོན་པདྨ་འབྱུང་གནས། ཕུང་བྱེད་ཤིནྟཾ་གརྦྷ། རོམ་པུ་གུ་ཧྱ་ཙནྡྲ། རྒྱ་གར་ཁྲག་འཐུང་ནག་པོ། སློབ་དཔོན་སྒེག་པའི་རྡོ་རྗེ། བལ་པོ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་


GLG003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། གཏེར་སྟོན་དྲ་ང་རྡོ་རྗེ་ཀུན་གྲགས། སོའི་བནྡེ་འབུམ་གྲགས། སྐྱོའི་བནྡེ་མཐུ་ཆེན། ལྕེ་བཙུན་མདོ་སྡེ་སེང་གེ །མཚུངས་མེད་རོང་པ་བ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། ལྕེ་བཙུན་བློ་ལྡན་སེང་གེ །བླ་མ་སྲིའུ་ཆུང་པ། འཇམ་དབྱངས་རིན་ཅེན་རྒྱལ་མཚན། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང་། དབོན་སྟོན་ཆོས་སྐྱོང་རྒྱལ་མཚན། མདོང་གི་སྔགས་འཆང་དྲིན་ཅན་ཕ་རྒོད་བླ་མ་ཆོས་སྐྱོང་རིན་ཅེན། མདོང་སྟོན་ཚར་པ་ཆོས་ཀྱི་རྒྱལ་པོ། འ་ཞ་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །མཐུ་ཆེན་དགོན་གསར་བ་བསོད་ནམས་ཆོས་འཕེལ། འ་ཞ་ཁྱབ་བདག་དབང་ཕྱུག་རབ་བརྟན། འ་ཞ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ལུགས་གཅིག་ལ་འཇམ་དབྱངས་མཁྱེན་བརྩེ་ནས། ཞ་ལུ་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། ངོར་ཆེན། བྲང་ཏི་ནམ་མཁའ་དཔལ་བཟང་། བྲང་ཏི་མཁས་བཙུན་ནམ་མཁའ་སངས་རྒྱས། འཇམ་མགོན་བསོད་ནམས་མཆོག་ལྡན་མན་སྔར་བཞིན་ནོ། །གཏེར་གཞུང་སོར་གནས་ཀྱི་སྟེང་ནས་ནོས་པའི་དབང་ཆུང་བའི་བརྒྱུད་པ་ནི། རྗེ་བཀའ་འགྱུར་བ་ནས། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །ཡང་ན་ལྕེ་བློ་ལྡན་སེང་གེ་ནས། དགེ་སློང་རིན་ཅེན་དཔལ། ལྕེ་དབང་ཕྱུག་རྡོ་རྗེ། བླ་མ་ཆོས་གྲགས་པ། རྗེ་ཆོས་རྒྱལ་དཔལ་བཟང་། རྗེ་རིན་ཅེན་སེང་གེ །པཎ་ཆེན་བསོད་ནམས་བློ་གྲོས། ཤམྦྷ་བ་གསང་བདག་ཀུན་དགའ་སངས་རྒྱས། ཚར་ཆེན་མན་འདྲ། རྒྱ་ཞང་ཁྲོམ་གྱི་གཏེར་མ་ལྟར་ན། གནུབས་ཆེན་ནས། རྒྱ་ཞང་ཁྲོམ། རོག་གྲགས་སེང་། རོག་ཤེར་དབང་། ལྕེ་མདོ་སྡེ་སེང་གེ །རོང་པ་རྒྭ་ལོ། རོང་པ་ཤེར་སེང་། བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ཀུན་དགའ་འཕེལ། བླ་མ་ངག་དབང་གྲགས་པ། བླ་མ་


GLG003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ལེགས་དབང་། བླ་མ་རྒྱལ་དབང་། བླ་མ་བཀྲ་ཤིས་ཡེ་ཤེས། བླ་མ་ཆོས་བཟང་རྒྱལ་པོ། བླ་མ་ཆོས་ཀྱི་འོད་ཟེར། འཇམ་དབྱངས་ངག་དབང་རྒྱལ་མཚན། རྗེ་བསོད་ནམས་བློ་གྲོས། ཤམྦྷར་ཀུན་དགའ་སངས་རྒྱས་མན་འདྲ། ཡང་ན་རོང་པ་ཤེར་སེང་ནས། སྲས་ཨ་ཀ་ར་སིདྡྷི། དགེ་སློང་རིན་ཅེན་དཔལ་མན་འདྲ། བཀའ་མ་ལྟར་ན་གནུབས་སངས་རྒྱས་ཡེ་ཤེས་ནས། གནུབས་སྟོན་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། གནུབས་མཆོག་གི་སྙིང་པོ། གནུབས་རྒྱ་གར་རྡོ་རྗེ། དཀོན་ཅོག་བརྩེགས་པ། ཁྲོ་བོ་འབར་བ། དར་མ་རྒྱལ། ཧཱུྃ་ཆེན་ལ། རྩ་བ་ལུང་གི་ཇོ་བོ་འབྱུང་གནས། ཤཱཀྱ་བཟང་པོ། སྟག་སྡེ་འཇམ་དཔལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། གྲུབ་ཆེན་ཚུལ་ཁྲིམས་རྒྱལ་མཚན། བདག་ཆེན་གྲགས་པ་བློ་གྲོས། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང་མན་འདྲ། ཡང་ན་དཔྱལ་ཀུན་མཁྱེན་ཡན་འཚོལ། དེ་ནས་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་རྒྱལ་མཆོག །བདག་ཆེན་གྲགས་པ་བློ་གྲོས་མན་འདྲ། ཡང་ན་འཇམ་དཔལ་ཁྲོས་པ། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་པདྨ། དྷ་ན་སཾ་སྐྲྀ་ཏ། བྷ་སུ་དྷ་ར་མན་འདྲ།རྒྱུད་གཉིས་ཀྱི་བརྒྱུད་པ་ནི། གནུབས་ཆེན་ནས་སྤྲུལ་སྐུ་རྒྱ་ཞང་ཁྲོམ། གཏེར་སྟོན་དྲ་ང་ཀུན་གྲགས་ནས་བཟུང་སྟེ་འཇམ་མགོན་བསོད་ནམས་མཆོག་ལྡན་གྱི་བར་བརྒྱུད་པ་སྔོན་མ་ལྟར་ལ། དེ་ནས་ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །འཕྲིན་ལས་དང་གཏོར་ཆོག་གི་བརྒྱུད་པ་ནི། མཐུ་ཆེན་བསོད་ནམས་ཆོས་འཕེལ་བཞུགས་པའི་དབང་བརྒྱུད་དང་གཅིག་གོ །ཐར་རྩེ་པའི་ཡི་གེའི་ལུང་ནི། ཐར་རྩེ་ཁུ་དབོན། མཁན་དཔལ་མཆོག་རྒྱལ་མཚན། མཁན་ཆེན་


GLG003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཞ་ལུ་པ། དེས་བདག་ལའོ། །རྒྱ་ཕུར་བུ་ནི། གནམ་ལྕགས་རྡོ་རྗེ་ཀླུ་བཏུལ་དང་གཏུམ་མོ་ཐུགས་ཀྱི་རྒྱུད་ནས་འགྱུར་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས་ཀྱིས་བཅུད་ཕྱུང་སྟེ་བྲག་དམར་ཕུག་པ་ཚལ་དུ་རྗེ་མངའ་བདག་ཁྲི་སྲོང་སྡེ་བཙན་གྱི་སྐུའི་བསྲུང་བར་གནང་བ་ལྷ་བཙན་པོས་ཕྱི་རབས་ཀྱི་དོན་དུ་མོན་ཡུལ་བུམ་ཐང་དགེ་གནས་དང་སྒྱེར་ཆུར་གཏེར་དུ་སྦས་པ་ལས་གཏེར་གནས་ལ་གྲས་ཏེ་མཚན་བཏགས་པ་དུག་ཁྲག་བུམ་ཐང་མ་དང་། ནུས་སྟོབས་ཆེ་བར་བསྔགས་པའི་ལྕགས་སྡོང་མ་སྟེ་རྭ་བསྲུང་བུམ་ལྕགས་གཉིས་ཟབ་ཆོས་གཏེར་སྟོན་ཆེན་པོ་རྒྱ་ཕུར་བུས་སྤྱན་དྲངས་པའི་སྐོར་ལ། དེང་སང་སྔགས་རློམ་ལ་ལ་ཁྲག་རློན་པར་བཙན་དུག་ཅིག་བཏབ་ནས་དུག་ཁྲག་ཡིན་ཞེས་སྨྲ་བ་དང་། རྫས་བསྐམ་རྭ་ཅོར་བཅུག་སྟེ་འཕྱང་དྲགས་སུ་བྱེད་པའི་རྣམ་པར་ཐར་པ་རྣམས་རིང་དུ་སྤངས་ནས་མཚན་ཉིད་དང་ལྡན་པའི་རྫས་རྒོད་སྔགས་དང་ཏིང་འཛིན་གྱིས་ལེགས་པར་བསྒྲུབ་པ་ཚད་ལྡན་གྱི་སྣོད་དུ་གཏམས་པ་ལ་བརྟེན་པའི་རྭ་བསྲུང་བུམ་ལྕགས་ཐུན་མོང་གི་རྗེས་གནང་རྫས་རྒོད་དབང་བསྐུར་ཁྲི་སྟོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ལྗགས་བསྒྲིགས་མའི་སྟེང་ནས་བསྐྱེད་རིམ་ཕོག་ཅིང་བཟླས་ལུང་སྔོན་དུ་འགྲོ་བའི་སྐུ་གསུང་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབས་པའི་དབང་ལེགས་པར་ནོས་ནས། ལུང་ལ། བུམ་ལྕགས་གཉིས། ཐུན་མོང་གི་སྐོར། ཆ་ལག་ཏུ་ཉེ་བར་མཁོ་བའི་སྐོར་དང་བཞི། དང་པོ་ལ་མངའ་བདག་གིས་སློབ་དཔོན་ལ་ཞུས་ཚུལ་གྱི་གླེང་གཞི་དང་ཞུས་ལན་རྒྱ་གར་རྒྱ་ནག་བལ་པོ་སིང་ངའི་ཡུལ་སོགས་གང་དུ་ཡང་འདི་ལས་ལྷག་པའི་བསྲུང་བ་མེད་ཅེས་བསྔགས་པ་བརྗོད་པ། དུག་ཁྲག་སྦྱོར་བའི་བསྲུང་བ་ནི། ཞེས་པའི་རྫས་སྦྱོར་ཐབས། སྔགས་ཀྱི་འབྲུ་ཐེམས་


GLG003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་མདོར་བསྟན་པའི་མཇུག་ཏུ་དམ་མེད་ལ་མི་སྤེལ་བའི་བཀའ་རྒྱ་བཏབ་པ་རྣམས། དེ་དག་ལ་དགོས་པའི་གནད་དྲུག་གི་རྒྱུ་མཚན་མངའ་བདག་རྒྱལ་པོས་སློབ་དཔོན་ལ་ཞུས་ཚུལ། ཞུ་ལན་ལ་ཏིང་ངེ་འཛིན་གྱི་རིམ་པ་རྫས་ཀྱི་སེལ། སྣོད་ཀྱི་ཁྱད་པར། སྔགས་ཀྱི་ངར་གསོ། འཁོར་ལོ་སྐོར་ཐབས། ལས་ཀྱི་མཐའ་བསྒྱུར་བསྟན་པ་མདོར་བསྡུས་པ། དེའི་འཕྲོས་ལས་སློབ་དཔོན་གྱིས་མངའ་བདག་ཆེན་པོ་ཞེས་བོས་ནས་དུས་ཀྱི་མཐའ་མའི་ཚེ་སེམས་ཅན་རྣམས་ཚེ་ཐུང་ཞིང་ནད་རིགས་མང་བ་བསྲུང་བའི་ཁྱད་པར་མཆོག་ཏུ་ཟབ་པ་དུག་ཁྲག་བསྲེས་དང་རྫས་དང་རིལ་བུའོ། །ཞེས་བསྲུང་བའི་གཉེན་པོ་སྐོར་གསུམ་གྱི་མན་ངག་མཐའ་བསྒྱུར་ཁྱད་པར་འཕགས་པའི་ཆོས་དྲུག་ཡིན་ཞེས་རྫོགས་ཚིག་དང་བཅས་ཏེ་བསྟན་པ་རྣམས། གཉིས་པ་ལྕགས་སྡོང་མ་ནི། དུག་བརྒྱད། ཁྲག་བརྒྱད། ཤ་བརྒྱད། དྲི་བརྒྱད་དེ་རྩ་བའི་རྫས་གནམ་ལྕགས་ཨུརྨོ་བཞི་སྦྱོར་དུ་གྲགས་པ་འདི་ལས་ཟབ་པའི་བསྲུང་བ་ནི་རྒྱལ་པོས་བཙལ་ཀྱང་མི་རྙེད་ཅེས་རྫོགས་ཚིག་དང་བཅས་ཏེ་གསུངས་པ། མཚོ་གསུམ་གྱི་གྲོགས་སྐྱོབས་ཁ་གསོག་མཆོད་རྟེན་ལ་བརྟེན་ནས་རང་གཞན་བསྲུང་བའི་ཁྱད་པར་ཕྱིར་བཟློག་རྫོགས་བྱང་དང་བཅས་པ་རྣམས་སོ། །གསུམ་པ་ཐུན་མོང་གི་སྐོར་ལ་རྫས་བསྲུང་ལ་བརྟེན་ནས་སྐྲང་ལྷོག །རོ་ཁུར། བན་བོན་དང་འགྲེལ་པ། ཀླུ་དང་ས་བདག་གི་གནོད་པ་བསྲུང་ཐབས། སེར་བ་རི་གཏིབས་པ་ཙམ་འབབས་པའི་ཁ་བསྒྱུར། ལྷ་ལྔ་དགྱེས་པར་བྱེད་པ། རྭའི་ངར་འདོན། མཚོ་གསུམ་ལ་བརྟེན་ནས་དུག་ཁྲག་སྦྱོར་ཐབས་ཀྱི་གནད། སྤྱོད་ལམ་དང་རྫས་ཀྱི་ངར་འདོགས་པ། ལས་ཅན་སྙིང་འདྲའི་སློབ་བུ་ལ་རྗེས་སུ་གནང་བའི་ཡི་གེ་དེའི་གསལ་བྱེད་ལག་


GLG003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གསང་བདག་རྗེ་དྲུང་བསྟན་པ་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་ཆོས་རྒྱལ་དབང་པོའི་སྡེ་མཛད་པ། དེས་མཛད་པའི་ཐོབ་ཡིག་རིན་ཅེན་གཏེར་མཛོད་བུམ་སྡོང་གི་རྒྱ་ཅན། དེས་མཛད་པའི་རྫས་བསྲུང་གི་ཞལ་གདམས་བདུད་རྩིའི་ཐིགས་པ་ཆུ་སྲིན་གྱི་རྒྱ་ཅན་ནམ་རྣམ་པར་དབྱེ་བ་རིན་ཆེན་ཀེ་ཏ་ཀའི་ཕྲེང་བ་ཞེས་པ། འཁོར་ལོ་སྣོད། ཨུ་བྷིར། རྐང་དོང་། ཐུན་རུ། ཕུར་པ་རྣམས་ཀྱི་དཔེའུ་རིས་རྣམས་དང་ཕྱག་ལེན་ཞལ་ཤེས་རྫས་ཀྱི་སྤྱིར་བཏང་དམིགས་བསལ་ངོས་འཛིན་ཁྱད་པར་མཐའ་འཁོབ་མུ་སྟེགས་པའི་སྐད་དུ་ཧ་ལ་ཛ་ཡ་ཞེས་པ་སྤྱང་དུག་གི་འཁྲུངས་དཔེ་བརྟག་ཐབས་རྒྱ་ཞང་ཁྲོམ་གྱི་གཏེར་མ་དང་བཅས་པ་འཁྲུལ་མེད་ཡིད་ཆེས་གདེང་ཁེལ་དུ་ཐོབ་པ་ལས། རྫས་དབང་དང་ལས་ཚོགས་མདོར་བསྟན་ཡན་ཆད་ཀྱི་ལུང་གི་བརྒྱུད་པ་ནི། གསང་བདག་ཕྱག་ན་རྡོ་རྗེ། མ་ཧཱ་གུ་རུ་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཆེན་པོ་རྒྱ་ཕུར་བུར་རིམ་པར་གདམས་པའི་བཀའ་བབས་གཏེར་སྟོན་རྒོད་ཀྱི་ལྡེམ་ཕྲུ། མཐུ་ཆེན་སེ་སྟོན་མགོན་པོ་བཟང་པོ། མཁས་གྲུབ་ཆེན་པོ་སེ་སྟོན་རིན་ཅེན་རྒྱལ་མཚན། ཆོས་རྗེ་སྤྱན་ཚབ་པ་མགོན་པོ་ཟླ་བ། མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ། རིགས་འཛིན་ངག་གི་དབང་པོ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རིགས་འཛིན་རྒོད་ལྡེམ་ནས་སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་ངག་དབང་གྲགས་པ། ཆོས་རྗེ་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། རིགས་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་དབང་པོའི་སྡེ་མན་གོང་ལྟར།


GLG003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཐུགས་སྲས་ནས་དྲན་མཆོག་དཔལ་ལྡན་བློ་གྲོས། ཆོས་རྒྱལ་མངྒའི་མཚན་ཅན་མན་གོང་བཞིན་ནོ། །ས་བཅད་གསུམ་པ་ཡན་གྱི་ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། རིགས་འཛིན་ངག་གི་དབང་པོ་ནས། གྲུ་གུའི་སྔགས་འཆང་དོན་གྲུབ་བཀྲ་ཤིས། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །བཞི་པ་ཆ་ལག་ཏུ་ཉེ་བར་མཁོ་བའི་སྐོར་ལ། བུམ་ཐང་སྐྱེར་གནས་ནས་རྒྱ་ཕུར་བུས་གདན་དྲངས་པའི་སྔགས་ཀྱི་ཐེམས་ཡིག་རྒྱས་པ། རྩ་བའི་རྫས་སྣ་ཉི་ཤུ་རྩ་གཅིག་གི་ངོས་འཛིན། སོ་སོར་ཕྱེ་བ་གདོན་གྱི་འཇུག་སྒོ་དང་དེ་སྲེག་པའི་ལས་སྦྱོར། ངར་གསོའི་ལྷན་ཐབས། རང་བསྲུང་འཁོར་ལོའི་གསལ་བྱེད། རྫས་རྒོད་བཅོ་ལྔ་དང་འཁོར་ལོ་ལ་བརྟེན་པའི་བསྲུང་བ་རིལ་བུས་བསྲུང་བ་རྣམས། རྭ་དོང་གི་སྙན་བརྒྱུད་ཟུར་དུ་བཀོད་པའི་ཟབ་གནད་ཡིག་ཆུང་ལ། རྫས་གཏོང་མི་གཏོང་གི་དབྱེ་བ། ཕུར་བའི་བསྐྱེད་ཆོག་གསང་བའི་རྫས་ངོས་འཛིན། སྣོད་དང་སྔགས་ཀྱི་ཁྱད་པར། འཁོར་ལོའི་མན་ངག་རྣམས་བླ་ཆེན་ཆོས་དཔལ་བཟང་པོས་མཛད་པ། དེས་མཛད་པའི་རྫས་ཀྱི་ཁྱད་པར། ཏིང་འཛིན་མེད་ཐབས་མེད་པའི་རྫས་ངོས་འཛིན། རྫས་འཁོར་གྱི་རང་བསྲུང་། ཤམ་བུ་ཁ་བསྒྱུར་གྱི་འཁོར་ལོ་འདོགས་ཚུལ། ལིངྒ་ལ་བརྟེན་ནས་གདོན་གནོན་པ། ཞོ་ཆང་བསྲུང་བ། རྦོད་གཏོང་བཟློག་པ། སེར་བསྲུང་། ནད་རིམས་བསྲུང་བ། སྲིའུ་གསོ་བ། ཤྭ་བསྒྱུར་བ་རྣམས་ཨོ་རྒྱན་ཆེན་པོས་མངའ་བདག་ལ་གདམས་པའི་གནད་འགག་མན་ངག་གི་གསེར་ལྟ་བུའི་སྙིང་པོ་ཕྱུང་བ་བུ་ལ་ཕན་ཕྱིར་བསྡེབས་པ། དེས་མཛད་པའི་སྣོད་གསུམ། རྫས་སྣ། སྐམ་སྒྲུབ་རློན་སྒྲུབ་ཀྱི་ཟབ་གནད་རྭ་དོང་སྙན་བརྒྱུད་ཡང་དེས


GLG003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་སྣོད་དང་རྫས་དང་དངོས་གཞི་གསུམ་གྱི་གསལ་བྱེད་རྭ་ཐུན་སྙན་བརྒྱུད་ཟིན་བྲིས་ལས་ཅན་ལ་ཕན་ཐོགས་པའི་སྨོན་ལམ་གྱིས་མཐའ་བརྟེན་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། དཔལ་ལྡན་གྲུབ་ཐོབ་འདར་ཕྱར། ཆོས་རྒྱལ་བོ་དོང་རིན་ཅེན། ཉན་ཆེན་བསོད་ནམས་བརྟན་པ། འགྲོ་མགོན་ཆོས་རྒྱལ་ཆེན་པོ། རྣམ་མཁྱེན་ཡོན་ཏན་འབྱུང་གནས། ཀུན་མཁྱེན་དཔལ་ལྡན་སེང་གེ །རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། བྱམས་པ་རྡོ་རྗེ་རྒྱལ་མཚན། མཉམ་མེད་དཀོན་ཅོག་དཔལ་བཟང་། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། ཆོས་རྒྱལ་མངྒའི་མཚན་ཅན་མན་གོང་ལྟར། ཡང་ན་བླ་ཆེན་ནས། ཆོས་རྗེ་རྒྱལ་མཚན་སེང་གེ །གྲུབ་ཐོབ་གུ་རུ་ཤ་ར། སྔགས་འཆང་ཤཱཀྱ་བཟང་པོ། རིགས་འཛིན་ལེགས་ལྡན་རྗེ་མན་གོང་བཞིན་ནོ། །ཡང་ན་རྒྱལ་མཚན་སེང་གེ་ནས་རྩ་བརྒྱད་པ་བློ་གྲོས་བཟང་པོ། ཤྲཱི་པ་མཉམ་མེད་ཀུན་དགའ་རྒྱལ་མཚན། སྔགས་འཆང་ཤཱཀྱ་བཟང་པོ་མན་གོང་ལྟར་རོ། །པདྨ་ཡང་གསང་ཡང་གཏེར་སྟོན་མ་བརྒྱུད་པར་གྲུབ་ཐོབ་འདར་ཕྱར་གྱིས་ཨོ་རྒྱན་ལ་དངོས་སུ་གསན་པ་ལྟར་འདི་སྐོར་ཡང་དེ་དང་འདྲའམ་སྙམ་མོ། །ལྷ་རྗེ་གནུབས་ཆུང་གིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་ཡང་བཟློག་མེའི་སྤུ་གྲི་ཡང་ཚར་གཅིག་སྤྱན་དྲངས་པ་གོང་དུ་སོང་ཟིན་པ་ལྟར་དང་། གཞན་ཡང་བུམ་ཐང་མགོན་པོའི་ཐུགས་ཀ་ནས་སྤྱན་དྲངས་པའི་ཕྲ་མེན་གྱི་ལས་འཇིག་རྟེན་ཕུང་བར་བྱེད་པའི་ཐབས་ནང་པ་སངས་རྒྱས་པ་དང་ཕྱི་པ་མུ་སྟེགས་པ་གཉིས་ཀ་དང་འགལ་བའི་ཟབ་


GLG003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ལ་བརྟེན་ནས་ཕྱི་ནང་གི་བཟློག་པས་ཀྱང་བཟློག་པར་མི་ནུས་པའི་དབང་ཕྱུག་སེལ་ནག་གི་རྫས་འཁོར་མི་ནོར་ཟས་གསུམ་འཇོམས་པའི་ཐོ་བ་ལ་ནང་གསེས་ཀྱི་རྫས་ངོས་འཛིན། སྤང་བྱ་ཕན་ཡོན། འཁོར་ལོའི་བྲི་ཐབས་དང་བཅས་པ་ཕྱག་ལེན་མན་ངག་དམར་འཁྲིད་དུ་ནོས་པའི་བརྒྱུད་པ་ནི། ལྷ་ཆེན་དབང་ཕྱུག་ཆེན་པོ། རིགས་འཛིན་པདྨ་འབྱུང་གནས། གཏེར་སྟོན་ལྷ་རྗེ་གནུབས་ཆུང་། གནུབས་ལྷ་རྗེ་ཆོས་དར། སྒྲེགས་བན་ཆེན་པོ། ལ་མོ་ཕུག་པ་བ། སྲས་བྱང་རྒྱལ། སངས་རྒྱས་དར། གླན་རྫིང་བྱིང་པ། གུ་རུ་སངས་རྒྱས། གཡུང་བན་ཕུག་པ་རིན་ཅེན་བཟང་པོ། ཡོངས་སྟོན་རྡོ་རྗེ་རིན་ཅེན། སྔགས་འཆང་དཀོན་ཅོག་པ། མངའ་རིས་ལེགས་ལྡན་རྗེ། ཡུག་མི་འགྱུར་རྗེ། གུ་རུ་དབྱངས་དཔོན་པ་དཔལ་ལྡན་གྲགས། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེ་བདག་ཟ་ཧོར་བནྡེ་ལའོ། །རྗེ་བླ་མས་འདི་ཕྱག་ཐོག་ཏུ་བཀལ་བས་ཟླ་བ་དགུ་ཐོག་ཏུ་མཐའ་མི་དཔུང་བཅས་ཤིག་རྗེས་མེད་ཐལ་བ་རླུང་ཁྱེར་དངོས་སུ་མཐོང་བའི་ཉམས་མྱོང་མ་ལགས། །རྒྱ་སྟོན་བརྩོན་འགྲུས་སེང་གེ་དར་ནི་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པ་ཡིན་ཞིང་། དེས་སྤ་གྲོ་ཅལ་གྱི་བྲག་དམར་སྟག་ཚང་ཁོལ་མ་ནས་སྤྱན་དྲངས་པའི་གཤིན་རྗེ་གདོང་བདག་བཤན་པ་ལག་རེངས་སམ། རྡོ་རྗེ་བྲག་བཙན་ནམ་ཇོ་བོ་ཨ་བྲག་ཅེས་ཞག་བདུན་གྱིས་བསྟན་དགྲ་ཚར་གཅོད་པར་བྱེད་པའི་ཆོས་སྐོར་ལ། འབྱུང་ཁུངས་གླེང་གཞི་ལོ་རྒྱུས། ཕྱི་རབས་ཆད་ཕོ་མོའི་ཐོད་པ་ལ་བརྟེན་ནས་བོད་རྦད་གསད་གསུམ་དྲིལ་ཏེ་བསྒྲུབ་པ། ནང་ལུག་དམར་གྱི་མགོ་ལ་བརྟེན་ཏེ་བསྒྲུབ་པ། གསང་བ་ངང་པའི་སྒོ་ང་ལ་བརྟེན་ནས་བསྒྲུབ་པ། སྤྱན་འདྲེན་


GLG003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྐུལ་གྱི་འཕྲིན་ལས་ཤར་ཕྱོགས་དུར་ཁྲོད་མ། གོང་གི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་འཕྲིན་ལས་དང་བཅས་པ་ཐོད་པ། མེ་རྡོ་རྗེ། དུག་ཁྲག །སྦྲུལ་གྱི་རྒྱ་ལྔ་ཡོད་དོ། །སྒྲུབ་པའི་ལག་ལེན་ལ་དཀྱིལ་འཁོར་བཅའ་གཞི། ལིངྒ་ཕོ་མོའི་འཁོར་ལོ། བླ་རྡོ་རྣམས་དུས་ཀྱི་མཐའ་མ་ལ་རྣལ་འབྱོར་པ་ཆོས་བྱེད་དུ་མི་སྟེར་བའི་ཚེ་དགྲ་བོ་མྱུར་དུ་ཕུང་བའི་ཐབས་མནན་གཏད་ཀྱིས་བཙལ་བ་ཀོང་ཡུལ་མཐིལ་གཤིན་རྗེ་དོང་ཁའི་གནས་ལུགས་དཀར་ཆག་སློབ་དཔོན་པདྨས་མཛད་པ། གདོང་བདག་བཤན་པ་ལག་དམར་དབྱར་དགུན་སྟོན་དཔྱིད་རྒྱལ་སོགས་རི་མཚོ་གང་ལ་གནས་དང་། ཐེབས་བཟློག་ངོས་འཛིན། བལ་པོ་གུ་ཡ་ཙནྡྲའི་འཁོར་ལོའི་ཞལ་གདམས་སྔགས་བྱང་། རལ་པ་ཚར་དགུའི་མངོན་རྟོགས། ལས་རྡུགས་ན་བྱ་བའི་སྔགས་བྱང་རབ་ཏུ་གསང་བ་རྣམས་ཐོབ་པའི་བརྒྱུད་པ་ནི་མུ་སྟེགས་ཀྱི་སྟོན་པ་བཤེས་གཉེན་ཕུང་ལུང་གི་ཨཱ་ཙཪྻ་ནག་པོ། བལ་པོ་གུ་ཡ་ཙནྡྲ། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་བརྩོན་འགྲུས་སེང་གེ་དར། སྐལ་ལྡན་རྡོ་རྗེ་རྒྱལ་པོ། བླ་མ་ཆོས་ཀྱི་རྒྱལ་མཚན། རིན་པོ་ཆེ་ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན། སྔགས་འཆང་རྣམ་རྒྱལ་རྡོ་རྗེ། འབྲི་གུང་ཟུར་པ་རིན་ཅེན་ཕུན་ཚོགས། སྣང་གསལ་པ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་དུ་མ་རང་གྲོལ། ཟུར་མཐུ་སྟོབས་དབང་ཕྱུག་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ་འབྱུང་གནས། གནུབས་ཆེན་སངས་རྒྱས་ཡེ་ཤེས་མན་གོང་ལྟར་རོ། །གཉགས་སྟོན་ལྷ་འབར་གྱི་གཏེར་ཆོས་ནི་མ་ཐོབ་བོ། །

གངས་བར་ཕུག་མོ་ཆེ་ནས་རྒྱ་སྟོན་པདྨ་དབང་ཕྱུག་གིས་སྤྱན་དྲངས་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྐོར།


GLG003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལས། རྒྱལ་མཆོག་དབྱངས་སྤྲུལ་པདྨ་དབང་ཕྱུག་དང་། །གུ་རུ་ཚེ་བརྟན་རྒྱལ་མཚན་སྙེ་མོ་བ། །གྲུབ་ཐོབ་དངོས་གྲུབ་དགེ་བཤེས་དྲི་འཛིན་ཚེས། །གྲུ་གུ་ཡང་དབང་ཞེས་རྣམས་ལ་གསོལ་བ་འདེབས། ཞེས་པའི་རྒྱལ་བ་མཆོག་དབྱངས་ཀྱི་སྤྲུལ་པ་པདྨ་དབང་ཕྱུག་ནི། ཐང་ཡིག་ལས་ལྷ་ཁང་ནང་དུ་འབྲི་ཡིས་རྟ་ཆུ་བླུད༔ ཞོ་ཀླུང་ནང་དུ་མེ་ཡི་འཇིགས་པ་དང་འབྱུང་༔ དཔལ་མོའི་ཐང་དུ་མཚོན་གྱི་ཆར་པ་འབབ༔ གངས་བར་ཕུག་མོར་སྦས་པའི་གཏེར་ཁ་འདི༔ མི་གཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་པདྨ་དབང་ཕྱུག་ཅེས་བྱ་འབྱུང་༔ ཞེས་ཨེ་གངས་བར་ཕུག་མོ་ཆེ་ནས་རྒྱ་སྟོན་པདྨ་དབང་ཕྱུག་གིས་སྤྱན་དྲངས་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྐོར་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བསམ་ཡས་མཆིམས་ཕུར་མཛད་པའི་དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན། གཤིན་རྗེ་པྲ་ཁོག་སྣང་གི་རྒྱུད་ནས་གསུངས་པའི་དམ་ཅན་སྲུང་མ་ཆོས་སྐྱོང་ལ་རུ་མཚོན་འཛུགས་ཐབས་ཨོ་རྒྱན་མཁན་པོས་གུད་དུ་བཀོལ་བ་ཞར་བྱུང་འཕྲིན་བཅོལ་མཆོག་གསུམ་མ་དང་བཅས་པ། དམ་བདར་འཕྲིན་བཅོལ་གྱི་རིམ་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཇོ་མོ་མཁར་ཆེན་བཟའ་ལ་གདམས་པ། དམ་ཅན་ནང་མི་འཁྲུག་པའི་ཕྱིར་སྙིང་ཆུ་བསྲེ་ཐབས་ཡོན་ཏན་རབ་རྒྱས་སློབ་དཔོན་པདྨས་བཀོད་པ། ཆོས་སྐྱོང་གི་སྲོག་འཕྲོག་པ། བཅིང་བ། ཁྱི་བཞིན་འཁྲིད་པ། མི་འཁྲེན་པ། རྩལ་འགྲན་དུ་གཞུག་པའི་ཟབ་པའི་གནད་ལྔའི་མན་ངག་སློབ་དཔོན་མཚོ་སྐྱེས་ཀྱི་གདམས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་འཕགས་


GLG003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཀླུ་སྒྲུབ། སློབ་དཔོན་པདྨ་འབྱུང་གནས། ངན་ལམ་རྒྱལ་བ་མཆོག་དབྱངས། གཏེར་སྟོན་རྒྱ་པདྨ་དབང་ཕྱུག །ལྷོ་པ་སྟོན་ཉི། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་བ་མཆོག་དབྱངས། ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། མཐུ་སྟོབས་ཀྱི་དབང་ཕྱུག་ཀུན་སྤངས་ཆོས་ཀྱི་ཉི་མ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། རིགས་འཛིན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །བླ་མ་སོག་བཟློག་པས་བདག་ཆེན་རྒྱ་དཀར་བས་མཛད་པའི་མགོན་པོད་མེ་འབར་མའི་ཟབ་གནད་མཐའ་དག་གངས་བར་ཕུག་མོ་ཆེའི་གཏེར་མ་ཡིན་ཟེར་བ་ནི་མེ་འབར་ནང་གི་རྒྱ་བོད་ཀྱི་བླ་མ་སོ་སོས་མཛད་པའི་སྒྲུབ་སྐོར་རྣམས་གཏེར་མ་མིན་པ་མངོན་སུམ་གྱིས་གྲུབ་ཅིང་། གཅེན་བདག་ཆེན་རྒྱ་དཀར་བ་ནི་ཕུར་པ་གཙོ་བོར་མཛད་པ་ལས་མགོན་པོ་ལ་མན་ངག་ཐུན་མོང་བ་ལས་རྫོགས་པར་གསན་འཕྲོས་མི་འདུག །མགོན་པོའི་སྐོར་ལ་མཁས་ཤིང་གྲུབ་པ་བརྙེས་པ་ནི་གཅུང་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ཡིན་ཞིང་མེ་འབར་མ་ལ་རྡོ་རྗེ་འཆང་གིས་དཀར་ཆག་མཛད་ནས་བསྒྲིགས་པ་ཡིན་པས་སྐུ་མཆེད་སུ་ཡིན་ཀྱང་རྩད་མ་ཆོད་པར་གདམས་པའི་གནད་རྣམས་རྟོགས་རྒྱུའི་ལུགས་ཀྱི་རྫུན་ཟོབ་འདི་ཀ་ཁྱོད་ཀྱིས་བརྩམས་ཆོས་ཀུན་ལ་ཡོད་ན་སྣག་ཤོག་གི་གྲོན་ཙམ་དུ་ཟད་དོ། །གུ་རུ་ཚེ་བརྟན་རྒྱལ་མཚན་ནི། མཚོ་རྒྱལ་གྱིས་མཛད་


GLG003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐེམས་ལས། ལས་ཅན་ཤེས་རབ་སྙིང་རྗེ་ཅན་གྱི་མི༔ རྒྱལ་བ་མཆོག་དབྱངས་སྐྱེ་མཐའི་སེམས་དཔའ་ནི༔ ཕག་སྦྲུལ་སྟག་སྤྲེལ་ལོ་པ་གཅིག་ལ་སྤྲོད༔ ཅེས་པ་ལྟར། ངན་ལམ་རྒྱལ་བ་མཆོག་གི་སྤྲུལ་སྐུ་འདིའི་གཏེར་ཆོས་ཀྱི་ནང་ཚན་བླ་མ་ཞི་དྲག་གི་ཆོས་སྐོར་ནི། ཐེམས་ཡིག་ལས། ཆོས་སྐུ་ཡང་དག་རྩ་བའི་མཚན་རྒྱ་དང་༔ འགག་མེད་ལོངས་སྐུ་མཚན་མཆོག་བརྒྱ་རྩ་བརྒྱད༔ མཐའ་ཡས་སྤྲུལ་པའི་མཚན་ནི་སྟོང་ལ་སོགས༔ གང་ལ་གང་འདུལ་སྐུར་བསྟན་བརྗོད་ལས་འདས༔ དེ་ལྟར་མཐའ་ཡས་མཛད་པའི་སྐུ་རེ་ལའང་༔ སྒྲུབ་ཐབས་རེ་དང་ལས་ཚོགས་བསམ་འདས་ཀྱང་༔ དྲིལ་ནས་བསྟན་ན་སྒྲུབ་ཐབས་གསུམ་དུ་འདུས༔ ཕྱི་ལྟར་དགེ་སློང་ཚུལ་དུ་སྒྲུབ་པ་དང་༔ ནང་ལྟར་རྡོ་རྗེ་འཆང་དུ་སྒྲུབ་པ་དང་༔ གསང་བ་ལྟར་དུ་རྟ་ཕག་ཞལ་སྦྱོར་རོ༔ དེ་ལྟར་ཕྱི་ནང་གསང་གསུམ་ཡོད་པ་ཡི༔ བླ་མ་ནང་སྒྲུབ་ཡང་གསང་དོན་གྱི་སྐོར༔ སྒྲུབ་ཐབས་འདི་ལ་ཆོས་སྡེ་ཉི་ཤུ་བདུན༔ སྒོ་འབྱེད་དབང་གཉིས་ཕྱི་ནང་ལས་བྱང་གཉིས༔ སྒོམ་པའི་ལྷ་བརྒྱད་མཚན་བརྒྱད་སྒྲུབ་ཐབས་དང་༔ སྤྱན་མང་དྲག་སྒྲུབ་གསང་སྒྲུབ་ཐུགས་སྒྲུབ་དང་༔ བླ་མ་རིགས་འདུས་བླ་མ་ཡང་གསང་དང་༔ རིན་ཅེན་གཏེར་སྤུངས་ལ་སོགས་ཉེར་བདུན་ནོ༔ ཞེས་གསུངས་པ་ལྟར་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་མན་ངག་ཟབ་ཅིང་འདུས་པ་ཤིན་ཏུ་ཟབ་པའི་སྐོར་རྣམས་ཇི་སྐད་དུ། རིན་ཅེན་གཏེར་འདི་ཆུ་མོ་ཕུག་ཏུ་སྦས༔ སྨོན་ལམ་མཐུ་བཙན་མ་འོངས་དུས་མཐའ་ལ༔ ལས་ཅན་ཞིག་དང་ཆོས་འདི་ཕྲད་པར་ཤོག༔ ཅེས་དང་། ལར་ནི་ཆུ་ཕུག་མོ་ཡིག་གཏེར་ཆོས་རྣམས༔ ཌཱ་ཀི་ཡེ་ཤེས་འཚོ་རྒྱལ་གཏེར་ཁ་ཡིན༔ གཞན་དུ་མ་སྦས་མོན་གྱི་ཆུ་ཕུག་མོར༔ ཡིད་བཞིན་


GLG003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་ཡན་ལག་ཚང་བར་སྦས༔ ཞེས་པ་ལྟར་ཨོ་རྒྱན་ཆེན་པོའི་འཕྲིན་ལས་ཀྱི་སྤྲུལ་པ་གཏེར་སྟོན་ཆེན་པོ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཚེ་བརྟན་རྒྱལ་མཚན་གྱིས་མོན་གྱི་བྲག་མཐའ་ཕྲ་མ་དཔལ་གྱི་ཆུ་མོ་ཕུག་ལྷ་མོ་ལཱ་སྱ་གར་བྱེད་པ་འདྲ་བའི་གསང་གནས་ནས་སྤྱན་དྲངས་པའི་སྐོར་ལ། ཐོག་མར་ཟབ་རྒྱས་གཏེར་ཆེན་ཚེ་དབང་བཅུད་ལེན་དང་ཟབ་རྒྱས་ཚེ་དབང་། ཕྱག་མཚན་རྫས་ཀྱི་དབང་ཕྱག་མཚན་གྱི་དབང་ཆུ་མ་རྙེད་པས་བསྡུས་པའི་ལུགས་བསྐུར་ཚིག་སྔགས་ཀྱི་སྟེང་ནས། སྟ་གོན། དངོས་གཞི། བུམ་དབང་རིག་པའི་རྒྱལ་པོ། ཕྱག་མཚན་རྫས་དབང་། གསང་དབང་། ཤེར་དབང་། སྤྱན་མང་། བཞི་པ་ཚིག་དབང་། དམ་ཚིག་རྗེས་སུ་གནང་བ། རྡོ་རྗེ་རྒྱལ་པོ་མཐའ་རྟེན་དང་བཅས་པ་ཡོངས་སུ་རྫོགས་པར་ཐོབ། རྩ་གསུམ་གཏོར་དབང་གི་དབང་ཆུ། རྩ་གསུམ་གཏོར་དབང་ཞལ་གདམས་གཉིས་ཀྱི་སྟེང་ནས་གཏོར་དབང་། དྲག་སྒྲུབ་ཀྱི་དབང་ཆོག་རྡོ་རྗེ་འཕྲེང་བའི་སྟེང་ནས། དྲག་པོ་ཡཀྴ་མེ་དབལ་དབུ་དགུ་ཕྱག་བཅོ་བརྒྱད་པ་ལྷ་བཅོ་བརྒྱད་ཀྱི་དབང་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཚེ་སྒྲུབ་བདུད་རྩི་འཁྱིལ་པ་ཚེ་འགུགས་གཉིས་ཀྱི་སྟེང་ནས་ཚེ་དབང་ཐོབ་ཅིང་། ལུང་གི་སྐོར་ལ། ཐེམས་ཡིག །དབང་གི་སྐོར། ཁ་སྐོང་སྐོར། སྒྲུབ་ཐབས་སྐོར། ལས་ཚོགས་སྐོར། སྐུ་གསུམ་གབ་པ་མངོན་ཕྱུང་། ཇོ་མོའི་སྒྲུབ་སྐོར། བསྟོད་འཕྲིན་མདོས་སྐོར། གཤིན་དོན་སྐོར། སྨེ་བརྩེགས་སྒྲུབ་སྐོར། ཚེ་སྒྲུབ་སྐོར། གཏེར་བདག་སྐོར་དང་བཅུ་གཉིས། དང་པོ་ནི། ཆུ་མོ་ཕུག་གི་ཐེམས་བྱང་བསྡུས་པ། གདམས་སྐོར་གྱི་ཐེམས་ཡིག་རྒྱས་པ། གཉིས་པ་དབང་གི་སྐོར་ལ། རྩ་གསུམ་གཏོར་དབང་པདྨའི་གཏོར་དབང་ཡིན། ཞེས་པ་ལྟར། རྩ་གསུམ་


GLG003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དབང་གི་དབང་ཆུ། དེའི་ཐེམས་མེད་ལ། རྩ་གསུམ་གཏོར་དབང་ཞལ་གདམས། རིན་ཅེན་ཚེ་དབང་བླ་མའི་སྤྱི་དབང་ཡིན། ཞེས་པ་ལ། ཟབ་རྒྱས་རིན་ཅེན་ཚེ་དབང་། གཏེར་ཆེན་དེའི་ཐེམས་མེད་ལ། ཞལ་གདམས་ཟབ་རྒྱས་ཚེ་དབང་བཅུད་ཆེན་རྣམས། གསུམ་པ། ཁ་སྐོང་སྐོར་ལ། ཕྱིའི་ཁ་སྐོང་དང་ནང་གི་ཁ་སྐོང་གཉིས། དང་པོ་ནི། ནོར་བུ་རྒྱ་མཚོ་ཕྱི་ཡི་ཁ་སྐོང་ཡིན། ཞེས་པ་ལྟར་བླ་མའི་ལས་བྱང་ནོར་བུ་རྒྱ་མཚོ་གུ་རུའི་ཕྱི་སྒྲུབ་ཐོར་བུ་ཐེམས་མེད་ལ། མངོན་རྟོགས་ནོར་བུ་སྒྲོན་མ། མངོན་རྟོགས་རིན་ཅེན་སྒྲོན་མ། ནང་སྒྲུབ་ཐོད་འཕྲེང་རིགས་ལྔའི་སྒྲུབ་པ་གཙུག་གི་ནོར་བུ། ཐོད་སྐུལ་ལ་བརྟེན་ནས་རིགས་ལྔ་སོ་སོར་སྒྲུབ་པ། བསྲུང་སྐུད་ཀྱི་ལས་ཚོགས། ཐིག་ལེ་བསྲུང་བ། མཚོན་བསྲུང་བ། འབྱུང་པོ་བསྐྲད་པ། ཅང་ཏེའི་ལས་ཚོགས་ཐོད་འཕྲེང་རྩལ་རིགས་ལྔའི་མངོན་རྟོགས་བདེ་བའི་འཁོར་ལོ་རྣམས། གཉིས་པ་ནང་གི་ཁ་སྐོང་ནི། ཐུགས་ཀྱི་ལས་བྱང་ནང་གི་ཁ་སྐོང་ཡིན། ཞེས་པ་ལྟར་གསང་བ་ཐུགས་ཀྱི་ལས་བྱང་། སློབ་དཔོན་པདྨའི་རྩ་བའི་སྒྲུབ་ཐབས་རྟགས་རིམ་དང་བཅས་པ། དེའི་སྒྲུབ་བསྙེན་ཡང་གསང་སྙིང་གི་སྒྲུབ་པ་རྟགས་རིམ་དང་བཅས་པ། མཐར་ཐུག་ལུས་དཀྱིལ་གྱི་མངོན་རྟོགས་རིག་གསལ་སྒྲོན་མ་རྣམས། བཞི་པ་སྒྲུབ་སྐོར་ལ། མཚན་བརྒྱད་སྒྲུབ་པ། སྤྱན་མང་སྒྲུབ་པ། གུ་རུ་དྲག་སྒྲུབ། ཐུགས་སྒྲུབ་སྐོར་གསུམ་དང་བཞི། དང་པོ་ནི། མཚན་བརྒྱད་མངོན་རྟོགས་རང་ལུས་ཚགས་འཛུད་ཡིན། ཞེས་པ་ལྟར་གུ་རུ་པདྨ་རྒྱལ་པོའི་མངོན་རྟོགས། བློ་ལྡན་མཆོག་སྲེད་ཀྱི་མངོན་རྟོགས། ཐུགས་རྗེ་ཆེན་པོ་ཀུན་ཁྱབ་ཉི་མའི་འོད་ཟེར་གྱི་མངོན་རྟོགས། ཤཱཀྱ་སེང་གེའི་མངོན་རྟོགས། པདྨ་སཾ་བྷའི་


GLG003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས། མཚོ་སྐྱེས་རྡོ་རྗེའི་མངོན་རྟོགས། གུ་རུ་སེང་གེ་སྒྲ་སྒྲོགས་ཀྱི་མངོན་རྟོགས། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་མངོན་རྟོགས་རྡོ་རྗེ་ཕ་ལམ། མཚན་བརྒྱད་དུ་སྒྲུབ་པ་ཟབ་པའི་ཁྱད་ཆོས་ཡིན། ཞེས་པ་ལ། པདྨ་རྒྱལ་པོའི་སྒྲུབ་ཐབས་རྟགས་རིམ་དང་བཅས་པ། དེའི་ལས་ཚོགས་ལ། རྒྱལ་པོ། བཙུན་མོ། མི་ནོར་ཟས་གསུམ་རྣམས་དབང་སྡུད། དུག་ནད་གི་ཞི་བྱེད། རིམས་ནད་བསྲུང་བ། སེར་བ་བསྲུང་བ་ལས་ཀྱི་མཐའ་རྒྱས་རྣམས་སོ། །གུ་རུ་བློ་ལྡན་མཆོག་སྲེད་ཀྱི་སྒྲུབ་ཐབས་རྟགས་རིམ་དང་བཅས་པ། དེའི་ལས་ཚོགས་ལ། ཉམས་རྟོགས་སྤེལ་བ། ཉོན་མོངས་ཞི་བྱེད། ཆུ་ལ་མི་བྱིང་བ། མེས་མི་འཚིག་པ། རྡོ་ལ་གྲུབ་རྟགས་འཇོག་པ། རྐང་མགྱོགས་སྒྲུབ་པ། རྐང་པ་ལ་སེར་ག་མི་འབྱུང་བ། རྫས་ཀྱི་གཏུམ་མོ། རིམས་བསྲུང་བ། དུག་ཞ་ིབ། གཞན་སེམས་ཤེས་པ། མཚོན་བསྲུང་བ་ཕུར་ཁ་ངན་སྔགས་བསྲུང་བ། མིག་མཐོང་སྒྲུབ་པ། མིག་མི་ཕྱིད་པ། མིག་གི་རབ་རིབ་སེལ་བ། རྣ་བ་མི་འོན་པའི་ཐབས། ཚེ་བསྲིང་པ། ལོངས་སྤྱོད་སྒྲུབ་པ། ནད་པ་མི་འཆི་བ། བསམ་ཚད་འགྲུབ་པ། བར་ཆད་བསྲུང་བ། སྨན་མ་བསླབས་པར་ཤེས་པའི་ཐབས་ཤེས་བྱ་མཐའ་དག་ལ་མཁས་པ། སེར་བ་བསྲུང་བ། ཤུ་བ་ཞི་བྱེད། དབང་སྡུད་སྲིད་སྤེལ་བ། བུ་ཚ་གསོ་བ། སྦྱིན་སྲེག་དང་གཏོར་མ་ལ་བརྟེན་ནས་སྟོབས་དང་ནུས་པ་སྤེལ་བ། དགྲ་བགེགས་བརླག་པ། ཆར་འབེབས། ལྷ་སྲིན་སྡེ་བརྒྱད་ཀྱིས་མི་མཐོང་བའི་སྒྲིབ་ཤིང་། སྟག་དང་སྦྲུལ་གྱིས་མི་ཚུགས་པ་རྣམས་སོ། །གུ་རུ་ཉི་མ་འོད་ཟེར་གྱི་སྒྲུབ་པ་རྟགས་རིམ་དང་བཅས་པ། དེའི་ལས་ཚོགས་ལ། དག་བྱེད་སྟོབས་ཆེན་ཆུའི་སྒྲུབ་པ། འགྲོ་བའི་ཚེ་སྒྲུབ་པ། འགྲོ་བ་བྱང་ཆུབ་སེམས་དང་ལྡན་པའི་ཐབས། ཤཱཀྱ་སེང་གེའི་སྒྲུབ་ཐབས་རྟགས་


GLG003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དང་བཅས་པ། པདྨ་སཾ་བྷ་ཝའི་སྒྲུབ་ཐབས་བདུད་རྩི་རིལ་བུའི་སྒྲུབ་པ་དང་བཅས་པ། མཚོ་སྐྱེས་རྡོ་རྗེ་སྒྲུབ་ཐབས་ཐིག་ལེ་ཀུན་གསལ་རྟགས་རིམ། བསྙེན་པའི་བཟླས་ཐབས་ཀྱི་སྒྲུབ་པའི་བར་ཆད་བསལ་ཐབས་དང་བཅས་པ་བདེ་བ་ལྷུན་གྲུབ་ཏུ་གྲགས་པ། འཕགས་པ་སེང་གེ་སྒྲ་སྒྲོག་གི་སྒྲུབ་ཐབས་རྟགས་རིམ་དང་བཅས་པ། འདིའི་ལས་ཚོགས་ལ། མུ་སྟེགས་རུ་ཏྲ་གདུལ་བ། ཕ་རོལ་ནུས་པ་ཞི་བ། ངག་མནན་པ། མུ་སྟེགས་རུ་ཏྲ་བྲན་དུ་བཀོལ་བ། མུ་སྟེགས་རུ་ཏྲའི་དཔུང་བཤིག་པ། མདུན་གྲོས་བཤིག་པ། དགྲ་བགེགས་རེངས་སུ་བཅུག་པ། དགྲ་བགེགས་ལྷ་དང་ཕྲལ་བ། དགྲ་བགེགས་བསྐྲད་པའི་མན་ངག །མུ་སྟེགས་ཀྱི་ངན་སྔགས་བསྲུང་བ། མུ་སྟེགས་འགྲོ་བ་ཟིལ་གྱིས་གནོན་པ། རྩོད་པ་རྒྱལ་བ་རྣམས་སོ། །གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཕྱི་སྒྲུབ་ནང་སྒྲུབ། གསང་སྒྲུབ། སྒྲུབ་པའི་དམ་ཚིག་དང་། དྲག་པོ་ཐོག་མདའ་ལྟ་བུའི་སྔགས་རྒོད་བསྟོད་པ། དེའི་ལས་ཚོགས་ལ། རྫས་མཆོག་བཞི་བཅུ་རྩ་བཞི་པ་བསྲུང་བ་རྣམས། གཉིས་པ་སྤྱན་མང་སྒྲུབ་པ་ནི། སྤྱན་མང་སྒྲུབ་ཐབས་གནམ་ལྕགས་སྤུ་གྲི་ཡིན། ཞེས་པ་ལྟར་སྤྱན་མང་ཞི་བའི་སྒྲུབ་ཐབས་ཐུགས་རྗེ་ཀུན་གཟིགས། སྤྱན་མང་ཞི་མ་ཁྲོའི་སྒྲུབ་པ། དེའི་ལས་ཚོགས། མེ་ལྟོ། ཆུ་ལྟོ། ཆུའི་ལྷ་མོ་སྒྲུབ་པ། ལམ་གྱི་དགྲ་དང་འཇིགས་པ་བསྲུང་བ། འགྲོ་བ་དབང་སྡུད། སྲིའུ་གསོ་བ། ཕུར་ཁ་བསྲུང་བ། གཏོར་མ་གཏང་བ་རྣམས་སོ། །སྤྱན་མང་ཁྲོ་བོའི་སྒྲུབ་པ་གནམ་ལྕགས་སྤུ་གྲི་ལས་སྦྱོར་དང་བཅས་པ། དེའི་ལས་ཚོགས་མེ་ལྟོ། ཆུ་ལྟོ། ཚད་ནད་ཞི་བ། ཆུ་ལ་མི་བྱིང་བ། ཆུ་གདོན་པ། མི་རྒོད་བཅིང་པ། མི་ནོར་ཟས་གསུམ་དབང་སྡུད།


GLG003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྲིའུ་གསོ་བ། ཕུར་ཁ་བསྲུང་བ། མཛེ་རྒྱུད་གཅོད་པ། གྲི་འཐབ་གཅོད་པ། སྲི་བརྒྱུད་གཅོད་པ། སྐྱེ་བརྒྱུད་གཅོད་པ། སྡེ་བརྒྱད་བསྲུང་བ། རིམས་བསྲུང་བ། གཏོར་ཆོག་རྫོགས་རིམ་རྣམས་སོ། །གསུམ་པ་གུ་རུ་དྲག་སྒྲུབ་ནི། གུ་རུ་དྲག་སྒྲུབ་ཀུན་འཇོམས་རྡོ་རྗེ་ཡིན། ཞེས་པ་ལྟར་དྲག་སྒྲུབ་ཀྱི་དབང་ཆོག་རྡོ་རྗེའི་འཕྲེང་བ་ཡཀྴ་མེ་དབལ་གྱི་སྒྲུབ་ཐབས། འདིའི་ལས་ཚོགས་ལ། རྒྱལ་འགོང་གདུལ་བ་དང་འཁོར་ལོས་རྒྱལ་འགོང་བསྲུང་བ། བདུད་རིགས་གདུལ་བ་དང་བསྲུང་བ། བཙན་རིགས་གདུལ་བ་དང་བསྲུང་བ། མ་མོ་གདུལ་བ་དང་བསྲུང་བ། ས་བདག་ཀླུ་གཉན་གདུལ་བ་དང་བསྲུང་བ། གཤིན་རྗེ་གདུལ་བ་དང་བསྲུང་བ། དྲང་སྲོང་གདུལ་བ་དང་བསྲུང་བ། ཀླུ་བདུད་གདུལ་བ་དང་བསྲུང་བ། ཀླུ་བཙན་གདུལ་བ་དང་བསྲུང་བ། གཤིན་འདྲེ་གདུལ་བ་དང་བསྲུང་བ། རིམས་ནད་བསྲུང་བ། སེར་བ་གཅོད་པ། ཆུ་བཟློག་པ། ཕུར་ཁ་བསྲུང་བ། གཞོན་སྲི་བསྲུང་བ། རང་ལུས་སྒྲིབ་པ། ཐོག་བསྲུང་བ་རྣམས་སོ། །གུ་རུ་དྲག་པོ་ཡཀྴ་མེ་དབལ་དུ་སྒྲུབ་པ་ལེའུ་བཅུ་གཅིག་པ། ཡཀྴ་མེ་དབལ་གྱིས་ལས་སྒྲུབ་རེག་ཆོད་མའི་སྤུ་གྲི་ཞེས་པ་འདི་ལ་ཚེའི་བར་ཆད་སེལ་བ། འགྲོ་བ་ཐམས་ཅད་ཀྱི་ནད་རིམས་བསྲུང་བ། དུག་སྦྱོར་བསྲུང་བ། མཚོན་བསྲུང་བ། སྨྱོ་བོག་གདུལ་བ། རྦོད་གཏོར་བྱད་ཁ་བསྲུང་བ། སེར་བ་བསྲུང་བ། ཐོག་བསྲུང་བ་རི་བོང་བྱི་བ་འབུ་བསྲུང་བ། སྲི་ཅན་གནོད་པ་བསྲུང་བ། སྲི་རྐུན་བསྲུང་བ་རྣམས་སོ། །སློབ་དཔོན་པདྨའི་དྲག་སྒྲུབ་རྟགས་རིམ་གཏོར་འབུལ་དང་བཅས་པ། ཡཀྴ་མེ་དབལ་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་པ། དེའི་ལས་ཚོགས་ལ། གཡུལ་ལས་རྒྱལ་བ། སེར་བ་བསྲུང་བ། ཆུ་སྣ་སྒྱུར་བ།


GLG003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གནོན། ལམ་གྱི་འཇིགས་པ་བསྲུང་བ། ཆེ་སྲི་ཆུང་སྲི་བསྲུང་བ། མི་ནད་ཕྱུགས་ནད་བསྲུང་བ། རྐུན་པོ་བསྲུང་བ། ཤ་མ་འདོན་པ། ཞོ་ཆང་ཉེས་པ་བསྲུང་བ། འགོང་པོའི་ཉལ་རོགས་བསྲུང་བ། བསམ་པ་འགྲུབ་པ། ལྷ་མི་བྱམས་ཤིང་ཡིད་དུ་འོང་བའི་ཐབས། རྫོགས་རིམ་རྣམས་སོ། །བླ་མ་དྲག་པོ་ལྕགས་སྡིག་ཏུ་བྱོན་པའི་སྐུ་ཐོག་གི་འཕྲེང་བའི་སྒྲུབ་ཐབས་རྟགས་རིམ་དང་བཅས་པ། འདིའི་ལས་ཚོགས་ལ། སྲིའུ་གསོ་བ། དཀོར་འགོང་བསྐྲད་པ། ནོར་ལ་རྒྱལ་པོ་བསྲུང་བ། སྲིད་ལ་རྒྱལ་པོ་བསྲུང་བ། ཐོག་དང་སེར་བ་བསྲུང་བ། པེ་དཀར་སྡེ་བརྒྱད་གདུལ་བ་རྣམས་སོ། །བཞི་པ་ཐུགས་སྒྲུབ་སྐོར་གསུམ་ནི། ཐུགས་སྒྲུབ་སྐོར་གསུམ་གསང་བའི་མན་ངག་ཡིན། ཞེས་པ་ལྟར་ཐུགས་སྒྲུབ་རང་བྱུང་དོན་གསལ། ཕྱི་སྤྲོས་བཅས་རྡུལ་ཚོན་ལ་བརྟེན་ནས་སྒྲུབ་པ་ཐུགས་སྒྲུབ་ནོར་བུའི་སྙིང་པོ། ནང་སྤྲོས་མེད་ཚོམ་བུ་ལ་བརྟེན་ནས་སྒྲུབ་པ་ཐུགས་སྒྲུབ་ནོར་བུའི་སྙིང་པོ། གསང་བ་ཤིན་ཏུ་སྤྲོས་མེད་གཏོར་མ་ལ་བརྟེན་ཏེ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་ཐུགས་སྒྲུབ་ནོར་བུའི་སྙིང་པོ། སྒྲུབ་ཐབས་འདི་གསུམ་ཚེ་འདིར་བླ་མ་སྒྲུབ་པའི་མན་ངག་ཡིན་ནོ། །འཆི་ཁར་བླ་མ་སྒྲུབ་པའི་མན་ངག །བར་དོར་བླ་མ་སྒྲུབ་པའི་མན་ངག །ཐུགས་སྒྲུབ་ནོར་བུ་སྙིང་པོ་ལྷ་ལྔ་ལས་ཚོགས་དང་བཅས་པ། ཐུགས་སྒྲུབ་གཏེར་གྱི་སྙིང་པོ། རྟགས་རིམ་གཏོར་འབུལ་དང་བཅས་པ། ཡེ་ཤེས་དབབ་པའི་རྫས་སྦྱོར། འགྲོ་བ་དབང་སྡུད། ལུང་པ་དབང་སྡུད། ཤེས་རབ་མ་འགུགས་པ། སྲིའུ་གསོ་བ། སེར་བ་བསྲུང་བའི་མན་ངག །སྲིད་བཙལ་བ། ཤྭ་བཟློག་པ། ཕུར་ཁ་བསྲུང་བ། འགོམ་ཆོག་བསྲུང་བ། ཁྱིམ་གྱི་དགྲ་བསྲུང་བ་རྣམས་སོ། །


GLG003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིགས་འདུས་སྒྲུབ་པ། སློབ་དཔོན་པདྨའི་གསང་སྒྲུབ་ཆེན་པོ། འདིའི་ལས་ཚོགས་ལ། སྟོང་གསུམ་ཕོ་བརྒྱུད་དབང་སྡུད། མོ་བརྒྱུད་དབང་སྡུད། སྦྱིན་སྲེག །གསང་སྒྲུབ་ནང་གི་རྒྱུན་གྱི་གཏོར་མ། ཚྭ་ཚྭ། སེར་བ་བསྲུང་བ། རིམས་བསྲུང་བ། གོད་ཁ་བསྲུང་བ། ཐོག་བསྲུང་བ། ཕུར་ཁ་བཟློག་པ། ངག་འགྲོལ་བ། སྲིའུ་གསོ་བ། གུ་རུ་གསང་སྒྲུབ་རྟ་ཕག་ཞལ་སྦྱོར་གྱི་སྒྲུབ་པ། དེའི་ལས་ཚོགས། ནད་གདོན་ཞི་བ། འབུ་སྲིན་བསྲུང་བ། རིམས་བསྲུང་བ། ཚེ་བསོད་རྒྱས་པ། རིགས་བརྒྱུད་སྤེལ་བ། ལྷ་མི་བྱམས་ཤིང་ཟས་ནོར་དབང་དུ་སྡུད་པ། དགྲ་དཔུང་ཞི་བ། སྡེ་བརྒྱད་སྒྲུབ་ཤིང་། ཕྱི་ནང་གསང་བའི་བར་ཆད་ཞི་བ་རྣམས་སོ། །ལྔ་པ་ལས་ཚོགས་སྐོར་ལ། རྟ་མགྲིན་ལས་ཚོགས། བླ་མ་ཡང་གསང་གི་ལས་ཚོགས་དང་གཉིས། དང་པོ་ནི། རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་ཚོགས་བརྒྱ་པ་ཞེས་པ་གོང་བསྙེན་ལ་བརྟེན་ནས་དོན་ཀུན་འགྲུབ་པ། འཕྲེང་བ་བྱིན་བརླབ། ཟས་སྒོམ་བདུད་རྩིར་བསྒྱུར་བ། ཆོས་དབང་དུ་འདུ་བ། སྐུ་དབང་དུ་འདུ་བ། མཆོད་རྫས་དབང་དུ་འདུ་བ། བཟའ་བཏུང་དབང་དུ་འདུ་བ། ལོ་སྟོང་ཐུབ་པ། མིག་གསལ་བ། རྣ་བ་གསང་བ། རྐང་ལག་ལ་སེར་ཁ་མི་གས་པ། དུག་སྦྲུལ་ཁྱིི་སྨྱོན་གྱི་དུག་མི་ལྡང་བ། ཆང་གི་མི་གཟི་བ། ཞིང་གི་འབུ་བསྲུང་བ། ཆར་འབེབས་པ། རླུང་གནོན། སྲིས་རྐུན་བསྲུང་བ། སེར་བསྲུང་། རི་བོང་སོགས་རི་དྭགས་ཀྱིས་ཞིང་མི་ཟ་བ། མངལ་ཁྲག་འབྱམས་པ་གཅོད་པ། ཐིག་ལེ་བསྲུང་བ། ཤྭ་འོད་བསྲུང་བ། ཤིག་བསྲུང་བ། ཁྱི་བསྲུང་བ། ཞིང་གི་འབུ་བསྲུང་བ་རིགས་མི་གཅིག་པ། དུག་ཞི་བ། རིམས་བསྲུང་བ། ཕུར་ཁ་བསྲུང་བ། འབྲུམ་པ་དང་བལ་ནད་བསྲུང་བ། ཆམ་པ་


GLG003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ། སྲིད་མི་ཆགས་པ། ལུས་ངག་ཡིད་གསུམ་བཅིངས་པ། འགྲོལ་བ། མཛེ་རིགས་གཅོད་པ། རྒྱལ་འགོང་འདོན་པ། སྤུར་ནག་མ་བསྲུང་བ། ལུད་མེད་པར་ལོ་སྐྱེ་བ། གཅན་གཟན་བསྲུང་བ། སྲོ་ལོང་སེལ་བ། དམ་སྲི་འདོན་པ། སྲིད་ངན་འདོན་པ། སྲིད་ངན་བསྲུང་བ། ཁྱེའུ་ཆགས་པ། ལམ་བསྲུང་བ། དགྲ་རེང་བ། ཕོ་འདྲེ་བསྲུང་བ། ལྷ་འདྲེ་མི་གསུམ་སྒྲིབ་པ། ལྷ་འདྲེ་མི་གསུམ་གྱིས་མཐོང་བར་བྱེད་པ། །མནའ་ཆད་བསྲུང་བ། འཁྲུ་བ་གཅོད་པ། ཕྱུགས་ནད་བསྲུང་བ། ལུག་ནད་བསྲུང་བ། ཆང་འདྲེ་བསྲུང་བ། དཀར་འདྲེ་བསྲུང་བ། བཙའ་བསྲུང་བ། སད་བསྲུང་བ། བྱ་རྒོད་དར་མའི་ཉིན་ལམ་རེ་ཆོད་པ། ཁྱི་ཤིག་བསྲུང་བ། སྐད་ཐམས་ཅད་ཤེས་པ། དུས་ཐམས་ཅད་དུ་རྒྱན་རྒྱལ་བ། གཤིན་རྗེ་བསྲུང་བ། ལྷ་གདོན་བསྲུང་བ། མ་མོའི་གདོན་རིམས་བསྲུང་བ། བདུད་བསྲུང་བ། ཡི་དྭགས་བསྲུང་བ། བཙན་བསྲུང་བ། འབྱུང་པོ་བསྲུང་བ། མི་དང་མི་མ་ཡིན་བསྲུང་བ། ངག་ལྐུགས་པ། མིག་མཐོང་དབང་པོ་མི་ལྡང་བ། ཞག་ཉེར་གཅིག་ལ་གསོད་པ། མཁར་འཇིགས་པ། གཉེན་དང་བྲལ་བ། བཀྲ་ཤིས་ཤིང་དོན་འགྲུབ་པ་རྣམས། གཉིས་པ་བླ་མ་ཡང་གསང་གི་ལས་ཚོགས་ནི། བླ་མ་ཡང་གསང་སྙིང་པོ་རྒྱུན་འཁྱེར་ཡིན། ཞེས་པ་ལྟར་བླ་མ་ཡང་གསང་ཐུགསསྒྲུབ་སྙིང་པོ་རྒྱུན་འཁྱེར། རིན་ཅེན་གཏེར་དཔུང་ཚོགས་གསོག་ཁ་སྐོང་ཡིན། ཞེས་པའི་གུ་རུའི་ལས་ཚོགས་རིན་པོ་ཆེའི་གཏེར་མཛོད་འདི་ལ། བླ་མའི་ཐུགས་རྗེས་སེམས་ཉིད་ཆོས་སྐུར་སྒྲུབ་པ། གུ་རུ་ཤཱཀྱ་སེང་གེས་མཚོན་འཁྲུགས་ཞི་བྱེད་བསམ་འཕེལ་རྡོ་རྗེ། གུ་རུ་ཤཱཀྱ་རྡོ་རྗེས་མི་མཐུན་པའི་ཕྱོགས་ཀུན་ཞི་བྱེད། གུ་རུ་ཤཱཀྱ་རིན་ཅེན་གྱིས་ཚེ་


GLG003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསོད་ནམས་རྒྱས་པར་བྱེད་པ། གུ་རུ་ཤཱཀྱ་དྲི་མེད་ཀྱིས་ཁམས་གསུམ་དབང་དུ་སྡུད་པ། གུ་རུ་ཤཱཀྱ་བདུད་འདུལ་གྱིས་གདུག་པའི་དགྲ་བགེགས་གདུལ་བ། གུ་རུ་ཤཱཀྱ་རྣོན་པོས་མཚོན་བཟློག་ཅིང་གཡུལ་ལས་རྒྱལ་བ། གུ་རུ་ཤཱཀྱ་ཀུན་སྐྱོབ་ཀྱིས་འགྲོ་བ་ཀུན་ལ་སྐྱབས་སྦྱིན་པ། རྒྱལ་པོ་ཆེན་པོ་སྡེ་བཞིས་སེམས་ཅན་བདེ་བར་སྐྱོང་བ། གུ་རུ་ཤཱཀྱ་སེང་གེ་འཁོར་དང་བཅས་པས་འགྲོ་བ་བདེ་བར་བྱ་བ། གུ་རུ་ཉི་མ་འོད་ཟེར་གྱིས་འགྲོ་བའི་དུག་ལྔ་ཞི་བ། གུ་རུ་ཚེ་དབང་རྒྱལ་པོས་འགྲོ་བའི་ཚེ་འཕེལ་བ། གུ་རུ་བདེ་བའི་མྱུ་གུས་འགྲོ་བའི་ལུས་ངག་ཡིད་གསུམ་བདེ་བར་བྱ་བ། གུ་རུ་ཡཀྴ་མེ་དབལ་གྱིས་བརྒྱལ་རེངས་སྨྱོ་བོག་འབྱུང་པོ་གདོན་ཀུན་ཞི་བར་བྱ་བ། གུ་རུ་པདྨ་རྡོ་རྗེས་ཆུང་སྲི་བསྲུང་བ། གུ་རུ་པདྨ་ཀ་རས་ལྷ་སྲིན་མ་ལུས་རླག་པར་བྱེད་པ། གུ་རུ་ཐོར་ཅོག་དགུ་པས་འགྲོ་བའི་ནད་རབ་ཞི་བ། གུ་རུ་དྲི་མེད་སྙིང་པོས་འགྲོ་བའི་གྲིབ་དང་མི་གཙང་བ་ཞི་བར་བྱེད་པ། གུ་རུ་འབར་བའི་མེ་ཏོག་གིས་མཛེ་ནད་རབ་ཏུ་ཞི་བ། གུ་རུ་འགྲོ་བ་ཡིད་ལ་བཅགས་ཀྱིས་ཕྱུགས་ནད་རབ་ཏུ་ཞི་བ། གུ་རུ་པདྨ་རྒྱལ་པོས་འགྲོ་བའི་བསོད་ནམས་དཔལ་དང་བྱིན་རླབས་རྒྱས་པར་བྱ་བ། གུ་རུ་མཐོང་ན་དགའ་བས་བཟའ་བཏུང་བསྒྲུབ་པ། གུ་རུ་གཏེར་བཞད་རྩལ་གྱིས་ནོར་དང་ལོངས་སྤྱོད་སྒྲུབ་པ། གུ་རུ་ཉི་མའི་འོད་ལྡན་གྱིས་སྲིད་གསུམ་སྣང་བ་གསལ་བར་བྱེད་པ། གུ་རུ་སྲིད་གསུམ་རྒྱལ་པོས་རང་ལུས་ཡིད་བཞིན་ནོར་བུར་བྱ་བ། གུ་རུ་པདྨ་འབྱུང་གནས་ཀྱིས་མཆེ་བ་ཅན་ཁ་བཅིང་བ། གུ་རུ་འཇིགས་པ་ཐམས་ཅད་དང་བྲལ་བས་ལམ་གྱི་འཇིགས་པ་ཐམས་ཅད་བསྲུང་བ། པདྨ་མཚོ་སྐྱེས་རྡོ་རྗེས་ཤེས་རབ་མས་ཉན་པར་བྱ་བ། གུ་རུ་ཡཀྴ་རྡོ་རྗེས་དཔེ་དཀར་བརླག་པར་བྱ་བ། གུ་རུ་རོ་ལངས་བདེ་


GLG003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བས་དམ་སྲི་མོ་བརླག་པར་བྱ་བ། གུ་རུ་ཉི་མ་འོད་ཟེར་གྱིས་བཙན་གྱི་གནོད་པ་ཞི་བ། གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱིས་བདུད་འདུལ་བ། གུ་རུ་རྡོ་རྗེ་གནོད་སྦྱིན་གྱིས་ཀླུ་བདུད་འདུལ་ཞིང་ཀླུ་བདུད་ཀྱིས་མི་མཐོང་བ། པདྨ་གར་གྱི་དབང་ཕྱུག་གིས་གཤིན་འདྲེ་བསྲུང་བ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་ལྷ་འདྲེ་རྒྱུ་སྲང་གཅད་པ། གུ་རུ་བློ་ལྡན་མཆོག་སྲེད་ཀྱིས་ཤིག་བསྲུང་བ། གུ་རུ་བློ་ལྡན་མཆོག་སྲེད་ཀྱིས་ཤེས་རབ་ཐོགས་མེད་བསྒྲུབ་པ། མི་ཕམ་རྡོ་རྗེ་གྲུ་གཟིངས་མི་རྡིབ་ནོར་བུ་རྙེད་པ། པདྨ་དྲི་མེད་རྩལ་གྱིས་ཆར་པ་དབབ་པ། ཀླུའི་དབང་པོས་ལུང་པ་སྐམ་པོར་ཆུ་དབབ་པ། རཏྣ་ཐོད་འཕྲེང་རྩལ་གྱིས་འབྲུའི་ཆར་པ་དབབ་པ། པདྨ་ཐོད་འཕྲེང་རྩལ་གྱིས་སྲིད་བཙལ་བ་ལྟེ་བསྒྱུར་བ། ཀརྨ་ཐོད་འཕྲེང་རྩལ་གྱིས་དགྲ་བོ་རྒྱ་མཚོའི་མཐར་བསྐྲད་པ། བུདྡྷ་ཐོད་འཕྲེང་རྩལ་གྱིས་དགྲ་བོ་ལུས་ངག་ཡིད་གསུམ་མནན་པ། རྡོ་རྗེ་ཐོད་འཕྲེང་རྩལ་གྱིས་རང་གི་ལུས་ངག་ཡིད་གསུམ་ནུས་པ་དང་ལྡན་པར་བྱ་བ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་སེར་བས་ལོ་ཏོག་གཞོམ་པ། གུ་རུ་སེང་གེ་སྒྲ་སྒྲོགས་ཀྱིས་དགྲ་བོའི་ཁྱིམ་བཤིག་པ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་དགྲ་བོའི་ཞིང་ལ་ལོ་ཏོག་མི་སྐྱེ་བ། རྡོ་རྗེ་གྲོ་ལོད་ཀྱིས་དགྲ་བོ་མཐུན་པ་འབྱེད་པ། རྡོ་རྗེ་གྲོ་ལོད་ཀྱིས་དགྲ་བོ་སྨྱོ་ཞིང་འབོག་པར་བྱེད་པ། སེང་གེ་སྒྲ་སྒྲོགས་ཀྱིས་ཕ་རོལ་ལྐུགས་པ། བློ་ལྡན་མཆོག་སྲེད་ཀྱིས་ཤོ་རྒྱན་རྒྱལ་བ། རྡོ་རྗེ་འཇིགས་མེད་རྩལ་གྱིས་ཐོག་བསྲུང་བ། རྡོ་རྗེ་རྣོན་པོ་རྩལ་གྱིས་སེར་བ་བཟློག་ཅིང་རྒྱུ་སྲང་གཅད་པ། པདྨ་དོན་གྲུབ་རྩལ་གྱིས་སད་བསྲུང་བ། པདྨ་ཞལ་གྱིས་ཁ་བ་བསྲུང་བ། འཁོར་ལོ་ཞབས་ཀྱིས་མགྱོགས་པར་བྱ་བ། པདྨ་སྙིང་པོ་རྩལ་གྱིས་མིག་ཁ་བས་མི་ཕྱིད་པ། བདུད་རྩི་རྩལ་གྱིས་སྐྱེས་


GLG003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཆང་གིས་མི་གཟི་བ། གུ་རུ་པདྨ་འབྱུང་གནས་ཀྱིས་འགྲོ་བའི་དོན་ཐམས་ཅད་རབ་ཏུ་འགྲུབ་པར་བྱེད་པ། ཞི་བ། རྒྱས་པ། དབང་། དྲག་པོ་རྣམས་ཀྱི་སྦྱིན་སྲེག་རེ་རེ། གུ་རུ་པདྨ་སཾ་བྷ་ཝས་འཁོར་བ་ཐམས་ཅད་སྤང་བྱ་འཛིན་དོར་མེད་པར་བླ་མ་སྒྲུབ་པའི་ལས་ཚོགས་རྣམས་སོ། །དྲུག་པ་སྐུ་གསུམ་གབ་པ་སྔོན་བྱུང་ལ། འདོད་ཆགས་ལམ་འཁྱེར་སྤྲུལ་སྐུའི་སར་འཁྲིད་པའི་གབ་པ་སྔོན་བྱུང་ཞེ་སྡང་ལམ་འཁྱེར་ལོངས་སྐུའི་སར་འཁྲིད་པའི་གབ་པ་སྔོན་བྱུང་། གཏི་མུག་ལམ་འཁྱེར་ཆོས་སྐུའི་སར་འཁྲིད་པའི་གབ་པ་མངོན་ཕྱུང་རྣམས་རྩ་དང་ཐིག་ལེ་སྦྱང་སྤེལ་ཟབ་པ་མཐར་ཐུག །བདུན་པ་ཇོ་མོའི་སྒྲུབ་སྐོར་ལ། མཁར་ཆེན་མཚོའི་སྒྲུབ་ཐབས། མཁའ་འགྲོ་ཡང་གསང་གཙུག་རྒྱན། འདིའི་ལས་ཚོགས་ལ། མེས་མི་འཚིག་པ། ཆུ་ལ་མི་བྱིང་བ། ས་ལ་འབིགས་པ། རྡོ་ལ་རྫི་བ། མོ་རིགས་འདུ་བ། ཕོ་རིགས་དབང་སྡུད། ཟས་ནོར་དབང་སྡུད། མི་རྒོད་གཅན་གཟན་གྱི་ཟིལ་གྱིས་གནོན་པ། དམག་དཔུང་འབྲོས་པ། ཞོ་ཆང་ཉེས་པ་བསྲུང་བ། ཆང་སྤེལ། སྲིད་འཕེལ་བ། སེར་བ་སྲུང་བ། འབུ་སྲིན་བྱི་བ་རི་བོང་བསྲུང་བ། ཆོམ་རྐུན་བསྲུང་བ། དགྲའི་ཕྱུགས་གསད་པ། དགྲ་བོ་བརྒྱལ་ཞིང་རེངས་ནས་འགུམ་པ། བུམ་སྒྲུབ། སྐུ་གསུང་ཐུགས་རྟེན་ལ་མེ་ཏོག་ཆགས་པ། གཞོན་སྲི་བསྲུང་བ། རྦོད་གཏོང་བསྲུང་བ་རྣམས། བརྒྱད་པ་བསྟོད་འཕྲིན་མདོས་སྐོར་ལ། སློབ་དཔོན་པདྨའི་བསྟོད་པ་རིན་ཅེན་གཏེར་དཔུང་འདི་ལ་འབུམ་བསྟོད། ༡ གུ་རུ་ལ་ལྷ་ལྕམ་མནྡྷར་བས་འཕྲིན་ལས་བཞིའི་སྒོ་ནས་བསྟོད་པ། ༢ ཁྱད་འཕགས་ལྔའི་སྒོ་ནས་བསྟོད་པ། ༣ གུ་རུ་ལ་མ་གཅིག་ཡེ་ཤེས་མཚོ་རྒྱལ་གྱིས་ཡོན་ཏན་དྲུག་གི་སྒོ་ནས་བསྟོད་པ། ༤ རྟགས་བསྟོད། ༥ གུ་རུ་པདྨ་འཁོར་


GLG003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ལ་མཚོ་རྒྱལ་གྱིས་བསྟོད་པ། ༦ སློབ་དཔོན་ཆེན་པོ་ལ་ཨོ་རྒྱན་གྱི་རྒྱལ་པོ་པྲ་ཝ་གརྟིས་བསྟོད་པ། བརྗོད་བྱ་མཚན་གྱིས་སྒོ་ནས་བསྟོད་པ། མནྡྷ་ར་བས་དངོས་གྲུབ་ཀུན་འབྱུང་གི་སྒོ་ནས་བསྟོད་པ། གུ་རུ་ལ་དུར་ཁྲོད་ཀྱི་བདག་པོས་བསྟོད་པ། གུ་རུ་ལ་ཨིནྡྲ་བོ་དྷིས་བསྟོད་པ། མ་གཅིག་བཀྲ་ཤིས་སྐྱིད་ཀྱིས་སྐྱོན་སྤངས་ཡོན་ཏན་ལྡན་པའི་བསྟོད་པ། སྐུ་ལ་བྲམ་ཟེ་ངྷེ་བ་ཤྲཱིས་བསྟོད་པ། གུ་རུ་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཐུགས་རྗེས་ཚོགས་ཀྱི་འགྲོ་བ་འདྲེན་པའི་སྒོ་ནས་བསྟོད་པ། གུ་རུ་ལྷ་སྲིན་སྡེ་བརྒྱད་ཀྱིས་དངོས་གྲུབ་བརྙེས་པའི་སྒོ་ནས་བསྟོད་པ། གུ་རུ་ལ་བསྟན་མ་བཅུ་གཉིས་ཀྱིས་བསྟོད་པ། གུ་རུ་ལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསྟོད་པ། གུ་རུ་ལ་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་བསྟོད་པ། གུ་རུ་ལ་སྲས་མུ་ཏིག་བཙན་པོས་བསྟོད་པ། གུ་རུ་ལ་མ་གཅིག་ཤེལ་དཀར་བཟས་འཕྲིན་ལས་ཞུ་གསོལ། གུ་རུ་ལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་འཕྲིན་ལས་སུ་གསོལ་བ། གུ་རུ་ལ་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱིས་འཕྲིན་ལས་སུ་གསོལ་པ། གུ་རུའི་སྒྲུབ་མདོས། རིགས་འཛིན་གྱི་བསྐང་མདོས། མཁའ་འགྲོ་མའི་གྲིབ་མདོས་རྣམས། དགུ་པ་གཤིན་དོན་སྐོར་ལ། གཤིན་དོན་ཐུགས་རྗེའི་ལྕགས་ཀྱུ། རོ་སྲེག་སྣང་གསལ་སྒྲོན་མ། མེ་བཀྲ་གསལ་བའི་སྒྲོན་མ་སྦུགས་བཤིག་རྣམས། བཅུ་པ་སྨེ་བརྩེགས་སྒྲུབ་པ་ལ། ཁྲོ་བོ་སྨེ་བརྩེགས་ཆེན་པོའི་སྒྲུབ་ཐབས། འདིའི་ལས་ཚོགས་ལ། ནད་གྲིབ། དམེ་གྲིབ། དམ་གྲིབ། ནལ་ཡུགས་ཀྱི་གྲིབ། ཉམས་གྲིབ། གོས་སྟན་གྱི་གྲིབ། གནས་གྲིབ། ཟས་གྲིབ། སྣོད་གྲིབ། གཞན་དོན་དུ་གྲིབ་སེལ་བ་ཁྲོ་བོ་སྨེ་བ་བརྩེགས་པའི་


GLG003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་ཀྱི་ལས་བྱང་རྣམས། བཅུ་གཅིག་པ་ཚེ་སྒྲུབ་ལ། ཚེ་སྒྲུབ་བདུད་རྩི་འཁྱིལ་པ། ཚེ་སྒྲུབ་རྒྱུན་འཁྱེར་རྫོགས་རིམ་དང་བཅས་པ། གསང་སྒྲུབ་ཚེ་དབང་གི་ཉམས་ལེན། ཚེ་སྒྲུབ་ཡང་གསང་སྙིང་བཅུད་ཧྲཱིཿགཅིག་མ། འདིའི་ལས་ཚོགས་ལ། མིའི་ཚེ་འཁོར། ཕྱུགས་ཀྱི་ཚེ་འཁོར། འཆི་བ་བརྟག་པ། བཟློག་པ། བྱེ་བྲག་ཏུ་བཟློག་པ། ཚེ་སྒྲུབ་བདུད་རྩི་འཁྱིལ་པའི་དབང་ཆོག་འཆི་མེད་ཚེའི་གདམས་པ་འོད་ལྔ་དྲིལ་བའི་ཚེ་སྒྲུབ་རྒྱུན་འཁྱེར། ངོ་མཚར་བདུད་རྩི་མར་ཁུ། འདི་ལ་རྫི་བ། རིལ་མ། རུས་པ། རྡོ་ལྷམ་རྙིང་རྣམས་ཀྱི་མར་ཁུས་ནད་སེལ། བཅུད་ལེན་བདུད་རྩིའི་འཕྲེང་བ། འདི་ལ་གཏུམ་མོའི་བཅུད་ལེན། ཅུང་ཞི། ས། བདུད་རྩི་ཚན། བྱེ་མ། དབང་ལག །འོམ་བུ། བདུད་རྩི་ཆེན་པོ། ཨུཏྤལ། ཆུ། རྡོ། གླང་སྣ། སྤང་རྒྱན། ལྕེ་འབྱོའི་བཅུད་ལེན་རེ་རེ་ཡོད། འཇམ་དཔལ་ཤེས་རབ་འཛིན་ཆེན་རྣམས། བཅུ་གཉིས་པ་གཏེར་བདག་སྐོར་ལ། གཏེར་བདག་སྒོས་སྒྲུབ་སྲོག་གི་སྤུ་གྲི་རེག་ཆོད། གཏེར་བདག་གི་མདོས། རབ་གནས་བདེ་ལེགས་ལྷུན་གྲུབ་མ་རྣམས་ཀྱི་དབང་ལུང་ཡོངས་སུ་རྫོགས་པར་ཐོབ་པའི་ཞི་བའི་སྐོར་གྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ངན་ལམ་རྒྱལ་བ་མཆོག་དབྱངས། སྤྲུལ་སྐུ་ཚེ་བརྟན་རྒྱལ་མཚན་ནམ་ཆོས་ཀྱི་བློ་གྲོས། ཙ་རི་བ་ཤིནྟཾ་ཕ་ལ། ཟུར་པ་ཤཱཀྱ་འབྱུང་གནས། འབྲོམ་སྟོན་ཚེ་དབང་རྒྱལ་པོ། མཁས་གྲུབ་རྒྱལ་སྲས་ཆོས་རྗེ། སྔགས་འཆང་ལེགས་པ་དཔལ་བཟང་། ཉང་སྟོན་ཆོས་ཀྱི་དབང་ཕྱུག །གནུབས་སྟོན་རིན་ཅེན་དཔལ་བཟང་། བླ་མ་ཚུལ་ཁྲིམས་དཔལ་བཟང་། གནུབས་རྒྱལ་སྲས་པདྨ་ཡང་ཟེར། པཎ་


GLG003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པདྨ་དབང་རྒྱལ། རྗེ་བཙུན་སྤྲུལ་སྐུ་ཆེན་པོ་པདྨ་རྒྱལ་པོ་ལེགས་ལྡན་རྗེ། དྲིན་ཅན་ཚེ་རིང་དབང་པོ། ཀླུ་གྲུབ་ཆོས་ཀྱི་རྒྱལ་མཚན། ཟུར་ཆེན་ངག་དབང་ཕུན་ཚོགས། མཁས་གྲུབ་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །དྲག་པོའི་སྐོར་གྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས་མན་སྔར་བཞིན་ནོ། །དྲག་པོ་ཡཀྴ་མེ་དབལ་གྱི་དབང་དང་ལས་བྱང་གི་ལུང་བསྐྱར་བའི་བརྒྱུད་པ་ནི། ཀླུ་སྒྲུབ་པ་ནས། བཀྲ་བཟང་པ་སེ་སྟོན་ནམ་མཁའ་རིགས་འཛིན། བཀྲ་བཟང་པ་སེ་སྟོན་རྡོ་རྗེ་ཐུགས་མཆོག་རྩལ། ཁྲ་ཚང་པ་ཆེན་པོ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །སྤྱན་མང་ཞི་བ་ཞི་དྲག་ཕྱེད་མ། དྲག་པོ་རྣམས་ཀྱི་སྒྲུབ་ཐབས་ལས་ཚོགས་ཀྱི་ལུང་བརྒྱུད་ལུགས་གཅིག་ལ། ཀླུ་སྒྲུབ་རྗེ་ནས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཉང་སྟོད་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་གྱི་བནྡེ་ལའོ། །ཆོས་སྡེ་འདིའི་གྲལ་དུ་མི་གཏོགས་པའི་གཏེར་ཁ་གཅིག་པ་ལ། མཚོན་བསྲུང་རྡོ་རྗེའི་གོ་ཆ། སྒྲོལ་མ་ཨུ་པ་ལའི་འཕྲེང་བ་ཞེས་པ་ལ། ལྷ་དགུའི་སྒྲུབ་ཐབས། སྒྲུབ་པའི་བར་གཅོད་རྒྱལ་པོའི་ཆད་པ། དུག་སྦྲུལ་གྱི་འཇིགས་པ། ཆུའི་འཇིགས་པ། མེའི་འཇིགས་པ། ཤ་ཟའི་འཇིགས་པ། ལྕེ་འབབ་ལྕགས་སྒྲོག །གཅན་གཟན་གྱི་འཇིགས་པ། ལམ་གྱི་འཇིགས་པ་རྣམས་བསྲུང་བ། བྱིས་པ་གསོ་བ། དབུལ་ཕོངས་སེལ་བ། མཚོན་བསྲུང་། ཐོག་སེར་བསྲུང་བ་དང་བཅས་ཐོབ་པ་ཡང་ཀླུ་སྒྲུབ་རྗེ་ནས། ཟུར་ཆེན་ངག་དབང་ཕུན་ཚོགས། མཁས་གྲུབ་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །སྤྲུལ་སྐུ་ཚེ་བརྟན་རྒྱལ་མཚན་གྱིས་རོང་གི་རྫ་ལྷུད་མོ་ནས་
སྤྱན་དྲངས་པའི་རྒྱལ་པོ་ཡུལ་འཁོར་བསྲུང་གི་དམག་བཟློག་མི་མཐུན་ཀུན་སེལ་ལ་ནང་གསེས་ཀྱི་བསྙེན་པ། ལས་སྦྱོར་ལ་ལུང་པ་ཆེན་པོ་བསྲུང་བ། གང་ཟག་སྒོ་གཅིག་བསྲུང་བ། རྣལ་འབྱོར་གར་འགྲོའི་ལམ་བསྲུང་བ། ལག་ལེན་རྒྱས་པར་བསྟན་པ་ལ་རིན་ཅེན་ཉི་ཟླའི་གནད། མནན་བསྲེགས་བཟློག་པའི་གནད། བསྐུལ་ཚིག་དམ་བདར་གྱི་གནད། སངས་རྒྱས་ཐམས་ཅད་འདུས་པའི་རྟ་གནས་ཀྱི་གནད། མི་ཕྱུགས་བསྲུང་བ་ཆུ་གཙང་གི་གནད། སྒྲིབ་ཤིང་གི་གནད། རྟགས་ཀྱི་གནད་དེ་བདུན་གྱིས་བསྟན་པ་རྣམས་ཕྱག་ལེན་དམར་འཁྲིད་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ལེགས་ལྡན་རྗེ་ཡན་གོང་ལྟར་ལ། དེ་ནས་ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་ཁ་འདིའི་བསྐྱེད་པ་བཞི་ལྡན་གྱི་བསྲུང་བ་ཡང་ཟུར་རྩ་བའི་བླ་མར་ཞུས་སོ། །

གཏེར་སྟོན་སྙེ་མོ་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན་གྱིས་གཏེར་དུ་བཞེས་པའི་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར།


GLG003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཞུང་ལས། ཀུན་ལ་ཡོད་ན་ངོ་མཚར་ཆུང་༔ པདྨ་འབྱུང་གནས་བདག་གིས་ནི༔ འགྲོ་བའི་དོན་དུ་གཏེར་དུ་སྦས༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས་པ་ལྟར་རྟ་མགྲིན་གྱི་རྒྱུད་བརྒྱ་དང་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྟ་མཆོག་རོལ་པའི་རྒྱུད་ལས་བཏུས་ཏེ་ལྷ་སྲིན་སྡེ་བརྒྱད་སྤྱི་དང་ཁྱད་པར་རྒྱལ་པོ་དང་དཔེ་དཀར་དཀོར་འདྲེ་འདུལ་བའི་གཉེན་པོར་སྒྲུབ་ཐབས་མན་ངག་ཏུ་བསྡེབས་པའི་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་སྙེ་མོར་གཏེར་དུ་སྦས་པ་ལས་ཅན་གྱི་གཏེར་སྟོན་སྙེ་མོ་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན་གྱིས་སྙེ་མོ་གཞུ་ཡས་གནོད་སྦྱིན་འབར་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་ན་ཟུར་དུ་མི་འདུག་པས་འདི་དང་གཅིག་པ་འདྲ། སྤྱན་དྲངས་ཤིང་དཔལ་ལྡན་ཤངས་པ་བཀའ་


GLG003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་ཆིག་བརྒྱུད་རྡོ་རྗེའི་རྒྱས་འདེབས་བརྒྱུད་པ་རིན་ཅེན་སྣ་བདུན་དུ་གྲགས་པའི་ནང་ཚན་གྱི་ལྔ་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྐྱེར་སྒང་པ་ཆོས་ཀྱི་སེང་གེས་ཤིང་རྟ་དགུན་ཟླ་ར་བའི་ཚེ་བཅུ་བདུན་གྱི་ཐོ་རེངས་ནེ་གུའི་རྨི་ལམ་ལ་བརྟེན་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཇལ་ཏེ་རྒྱལ་གདོན་གྱི་གཉེན་པོའི་དཔལ་རྟ་མགྲིན་ཞིག་ཞུས་པས་འདི་གནང་སྟེ་གསང་སྒྲུབ་ཟབ་མོ། །དེང་སང་གཏེར་ནས་ཐོན་ཡོད་པས་ཞུས་ཤིག་པའི་ལུང་བསྟན་བྱུང་བར་བརྟེན་གསན་པའི་ཤོག་སེར་ཆིག་བརྒྱུད་དང་རྨི་ལམ་འོད་གསལ་གྱི་བརྒྱུད་པ་གཉིས་ཀ་ཚང་བའི་སྐོར་ལ། དཀྱིལ་འཁོར་གཏོར་མ་ལ་བརྟེན་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་སཾ་བྷ་ཝ། གཏེར་སྟོན་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན། སྐྱེར་སྒང་པ་ཆོས་ཀྱི་སེང་གེ །སངས་རྒྱས་གཉན་སྟོན། འགྲོ་མགོན་ཆོས་རྗེ་སྟོན་པ་སངས་རྒྱས་སྟོན་པའང་ཟེར། གཙང་མ་ཤངས་སྟོན། མཁས་བཙུན་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། རི་ཁྲོད་པ་སངས་རྒྱས་སེང་གེ །སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་དཔལ་བཟང་། དྲིན་ཅན་སངས་རྒྱས་རྣམ་རྒྱལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །འཁོར་ལོའི་མགོན་པོ་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྗེ་དབང་རབ་ནས་ཁྱབ་བདག་ཞ་ལུ་བ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་མཁས་བཙུན་རྒྱལ་མཚན་འབུམ་ནས། འཇག་ཆེན་པ། མཁས་བཙུན་


GLG003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་བ། བྱང་སེམས་ཀུན་དགའ་ཆོས་རྒྱལ། མོན་རྫོངས་རས་པ། མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རྗེ་རིང་པ། ཚར་ཆེན་མན་འདྲ། ཡང་ན་རྒྱལ་མཚན་འབུམ་ནས་ཆོས་རྗེ་བྱམས་པ་དཔལ། འཇག་ཆེན་བློ་གྲོས་དཔལ་བཟང་། འཇམ་དབྱངས་ནམ་མཁའ་རྒྱལ་པོ། ཀུན་མཁྱེན་སངས་རྒྱས་འཕེལ། རྗེ་རིན་ཅེན་རྣམ་རྒྱལ། པཎ་ཆེན་དངོས་གྲུབ་དཔལ་འབར། བླ་ཆེན་ནམ་མཁའ་གཟི་བརྗིད། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ནས་འཇམ་དབྱངས་ཐུགས་རྗེ་ཆོས་རྒྱལ། ཕ་རྒོད་དོན་ཡོད་རྒྱལ་མཚན། དེ་སྲས་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། དེ་སྲས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ཆོས་རྗེ་ཡོན་ཏན་མཆོག །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། གྱེར་ལྷ་བཙུན་ལྷ་དབང་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་འགྲོ་མགོན་ཆོས་རྗེ་སྟོན་པ་ནས། བྱ་བཏང་རི་ཁྲོད་རས་ཆེན། བྱ་བཏང་ཚུལ་ཁྲིམས་ཤེས་རབ། ཁྱུང་པོ་ཚུལ་ཁྲིམས་མགོན་མན་འདྲ། རྗེ་དགེ་འདུན་རྒྱ་མཚོ་ཡན་ཆད་རང་བསྟན་ལ་རྟ་མགྲིན་འདིའི་དར་སོ་མེད་འདུག་པས་བརྒྱུད་ཁུངས་སྣ་ཚོགས་འདྲེན་པ་གཞན་འདྲིད་ཀྱི་ཆེད་ཙམ་མོ། །ཡང་ན་རི་ཁྲོད་པ་སངས་རྒྱས་སེང་གེ་ནས་ཤངས་དཀར་བ་རིན་ཅེན་རྒྱལ་མཚན། ཀུང་ལུང་པ་སངས་རྒྱས་དཔལ་བཟང་། རབ་བརྒྱན་ཆོས་ལུང་པ་ནམ་མཁའ་རྒྱལ་མཚན་རྒྱ་སྒོམ་ལེགས་པ་རྒྱལ་མཚན། རྗེ་བཙུན་ཀུན་དགའ་གྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། སྒེར་པ་བ་ངག་དབང་ཉི་མ་རིགས་འཛིན་ངག་གི་དབང་པོ་ལ་བཀའ་བརྒྱད་གསན་པའི་གསང་མཚན་དབང་ཆེན་མཆོག་གྲུབ་རྩེ་ལ་ཟེར། སྤྲུལ་སྐུ་བསོད་ནམས་དབང་ཕྱུག་ཞ་ལུ་པ་ཆེན་པོ། དེས་


GLG003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལའོ། །ལུང་ལ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འབྱུང་བའི་མན་ངག་བཅོམ་ལྡན་འདས་རྟ་མགྲིན་དབང་གི་རྒྱལ་༼༽པོའི་གསང་སྒྲུབ་ཀྱི་མངོན་རྟོགས་གཏེར་གཞུང་། བདེ་གཤེགས་རྒྱལ་བ་རྒྱ་མཚོའི་༼༽ཐུགས་ཀྱི་བཅུད་ཐིག་ཅེས་བྱ་བ་ལ་ནང་གསེས་ཀྱི་སྒོམ་རིམ་བསྡུས་པ། འཛབ་ཀྱི་དམིགས་པ་ལ་བརྟེན་ནས་རང་གཞན་གྱི་དོན་བསྒྲུབ་པ། བར་གཅོད་བགེགས་དཔུང་གཞོམ་པ། ཁྱད་པར་ལྷ་སྲིན་སྡེ་བརྒྱད་གཟིར་བ། ལིངྒ་འཁོར་ལོ་ལ་བརྟེན་པའི་ལས་སྦྱོར་རྩ་སྔགས་སྡེ་བརྒྱད་དབང་སྡུད་ཤམ་བུའི་སྔགས་རྣམས་བསྟན་པ་མཇུག་ཏུ་སྐལ་ལྡན་གཅིག་དང་ཕྲད་ཤོག་གི་སྨོན་ལམ་ཡོད་པའི་གཏེར་གཞུང་འཁྲུལ་མེད། དཔལ་རྟ་མགྲིན་རྒྱལ་པོའི་དབང་བསྐུར་༼༽བའི་ཆོ་ག་གཏེར་བྱོན། གཏོར་བསྔོ་བསྟོད་པ་རྒྱལ་ཀུན་མ། རྒྱལ་པོ་ཏིང་ངེ་འཛིན་དང་སྔགས་ཀྱིས་བཅུན་པའི་མན་ངག །འཁོར་ལོ་དང་རྨ་བཤད་ཀྱི་བྱུག་པ་ལ་བརྟེན་ནས་རྒྱལ་པོ་འདུལ་ཞིང་གནོན་པ། བསྲུང་འཁོར་འདོགས་པ། བསྲུང་མདུད། དབོན་སྟོན་སྐྱེར་སྒང་པས་གསང་སྒྲུབ་ཀྱི་སྐོར་འདི་རྣམས་ཨོ་རྒྱན་ཆེན་པོ་ལ་ཞུས་ཚུལ་གྱི་ལོ་རྒྱུས་དང་བཅས་པ་རྣམས་ཐོབ་པ་ལས་གཡུང་དྲུང་གི་རྟགས་ཡོད་པའི་བརྒྱུད་པ་ནི། གཙང་མ་ཤངས་སྟོན་ཡན་གོང་ལྟར་ལ། དེ་ནས་མུས་ཆེན་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། བརྒྱུད་འཛིན་བློ་གྲོས་རྒྱལ་མཚན། འདྲེན་མཆོག་དཔལ་ལྡན་དར་པོ། རྗེ་བཙུན་བསོད་ནམས་རྩེ་མོ། ངག་དབང་ཉི་ཟླ་བཟང་པོ། རྗེ་ངག་དབང་ཉི་མ། ལྕགས་ཟམ་སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །ཞ་


GLG003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལུ་མཁན་ཆེན་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུངས་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། སངས་རྒྱས་སྟོན་པ་ཡན་གོང་ལྟར་ལ། དེ་ནས་འཇག་ཆེན་ཤེས་རབ་ཚུལ་ཁྲིམས། འཇག་ཆུང་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། མཁན་ཆེན་གྲགས་པ་ཚུལ་ཁྲིམས་རིན་ཅེན་རྒྱལ་མཚན་ཡང་ཟེར། མཁན་ཆེན་ཟླ་བ་བློ་གྲོས། མཁན་ཆེན་ཉི་མ་རྒྱལ་མཚན། འཇམ་དབྱངས་དཔལ་ལྡན་རིན་ཅེན། མཁས་བཙུན་ཡོན་ཏན་རིན་ཅེན། བསམ་གཏན་གླིང་པ་དགེ་འདུན་རྒྱ་མཚོ། གཡུང་རིན་ཆེན་མགོན་པོ། བ་ལེ་བ་རྣམ་རྒྱལ་དཔལ་བཟང་། སྟག་ལུང་ངག་དབང་རྣམ་རྒྱལ། འོལ་བ་པ་ངག་དབང་ཆོས་གྲགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་མངོན་རྟོགས་དང་བྱིན་རླབས་ཀྱི་ཆོ་ག་བར་གཅོད་ཀུན་སེལ་གྱི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་བརྩེ་ཡན་དབང་དང་འདྲ་བ་ལ། དེ་ནས་མཚུངས་མེད་དགོན་གསར་བ་སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་གོང་བཞིན་ནོ། །དེང་སང་རྟ་མགྲིན་གསང་སྒྲུབ་འདི་རང་གཞན་ཀུན་ལ་རླུང་ལྟར་གྲགས་ཀྱང་ཕྱིས་ཀྱི་བླ་མ་རྣམས་ཀྱིས་མཛད་པའི་མངོན་རྟོགས་ཙམ་ལ་རེ་བ་འཆའ་བ་ལས་གཏེར་གཞུང་མཚན་ཉིད་དང་ལྡན་པ་ཐོབ་ཅིང་ཉམས་སུ་ལེན་པ་ནི་ཉིན་མོའི་སྐར་མའོ། །གྲུབ་ཐོབ་དངོས་གྲུབ་ནི་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་རྣམས་ལ་བསྟན་ཞིང་ཡི་གེར་བཀོད་དེ་མདོ་སྐོར་ནས་ལོ་རྒྱུས་ཆེན་མོ་དང་སྒྲུབ་སྐོར་དང་ཞལ་གདམས་ཀྱི་སྐོར་རྣམས་གཙང་ཁང་བྱང་མའི་


GLG003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གྱི་ཞབས་འོག་ཏུ་སྦས། གབ་པ་མངོན་ཕྱུང་སོགས་ཁ་ཤས་དང་མདོ་སྐོར་རྣམས་གནོད་སྦྱིན་ནཱ་ག་ཀུ་བེ་རའི་དར་ཤམ་འོག་གི་བརླ་གཡས་པར་སྦས། དཔལ་ཨོ་རྒྱན་ཆེན་པོས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ་ཉིད་ཀྱི་མེས་སྲོང་བཙན་སྒམ་པོས་ར་སར་གཏེར་འདི་ལྟར་སྦས་ཞེས་ལེགས་པར་བསྟན་པས་ཐུགས་ཆེས་ནས་ཐུགས་རྗེ་ཆེན་པོ་སྟོང་རྩའི་སྒྲུབ་ཐབས། གབ་པ་མངོན་ཕྱུང་། སངས་རྒྱས་སྟོང་རྩའི་བསྐྱེད་རྫོགས། ཐུགས་དམ་མཐོང་བའི་ཕན་ཡོན་སྲོང་བཙན་འདའ་ཁའི་བཀའ་ཆེམས་རྣམས་ལ་ཐུགས་དམ་དུ་མཛད་པ་ཡིན་ལ། དེ་ཡང་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་བ་མི་ཡུལ་དུ་ལོ་སུམ་བརྒྱ་ཙམ་བཞུགས་པ་དེས་སྒྲུབ་སྐོར་རྣམས་གཙང་ཁང་བྱང་གི་རྟ་མགྲིན་ཞབས་འོག་ནས་སྤྱན་དྲངས་ཏེ་ཚངས་པ་ལྷའི་མེ་ཏོག་གི་སྐྱེ་བ་མངའ་བདག་ཉང་ལ་གནང་། མངའ་བདག་གིས་ཀྱང་ཞལ་གདམས་སྐོར་རྟ་མགྲིན་ཞབས་འོག་ནས་བཏོན། དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་དམ་བཟང་པོའི་མཐའ་ཅན་གྱིས་གནོད་སྦྱིན་ཁང་པ་ནས་གབ་པ་མངོན་ཕྱུང་སོགས་མདོ་སྐོར་རྣམས་སྤྱན་དྲངས་པས་ཆོས་སྐོར་འདི་ལ་གཏེར་སྟོན་གསུམ་དུ་ཡོད་ཀྱང་། གཙོ་ཆེ་བའི་དབང་དུ་བྱས་ནས་གྲུབ་ཐོབ་དངོས་གྲུབ་ཞབས་ཀྱི་གཏེར་མར་གྲགས་ཤིང་། འདིར་ཡང་དེའི་དབང་དུ་བྱས་ཏེ་གཏེར་སྟོན་གཞན་གཉིས་ཀྱི་ཆོས་སྐོར་གྱི་ཁྲོད་དུ་མ་བྲིས་པར་སྐབས་འདིར་ཕྱོགས་གཅིག་ཏུ་བཀོད་པ་ལ། སྨིན་གྲོལ་རྒྱབ་རྟེན་ལུང་དང་གསུམ་ལས། དང་པོ་ནི་ཞལ་གདམས་སྐོར་ལས་བྱུང་བའི་དབང་ཆོག་དང་དབང་གི་ངོ་སྤྲོད་ཀྱི་ཡི་གེ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རིག་པའི་དབང་


GLG003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། བདུད་རྩི་རིལ་བུ་ལ་བརྟེན་ནས་གསང་བའི་དབང་། བྱང་ཆུབ་སེམས་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་། སྔགས་དབང་། རིག་པ་རྩལ་གྱི་དབང་། ཚིག་དབང་རིན་པོ་ཆེ་དང་བཅས་པ། ཡང་གངས་རི་བ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འགྲོ་འདུལ་གྱི་ལས་བྱང་དང་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་དབང་ཆོག་གི་སྟེང་ནས་སྨིན་བྱེད་ཀྱི་དབང་ཚར་གཅིག །ལྷ་རྗེ་དགེ་འབུམ་གྱི་གཏེར་མའི་བཀའ་སྲུང་དཔལ་ལྷའི་རྗེས་གནང་དང་བཅས་པ་ལེགས་པར་ཐོབ། གཉིས་པ་གྲོལ་བྱེད་འཁྲིད་ནི། ཁྲི་སྲོང་རྣམ་སྤྲུལ་མངའ་རིས་པཎ་ཆེན་རིན་པོ་ཆེའི་གསུང་རྒྱུན་ལྟར་སྲས་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འཁྲིད་ཡིག་ནས་ཉམས་ལེན་སྨིན་རྒྱས་སུ་མནོས། གསུམ་པ་རྒྱབ་རྟེན་ལུང་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས་རང་བཞིན་གདོད་དག་མ། ཉེ་བརྒྱུད་ཀྱི་བརྒྱུད་འདེབས་ཞིག་འདུག་པ་ནི་མ་ཐོབ། དཀར་ཆག་ཁ་བྱང་རིན་པོ་ཆེའི་གཏེར་དུ་སྦས་པ་ལས་ཅན་གཅིག་དང་མཐར་ཕྲད་ཤོག་གི་སྨོན་ལམ་དང་བཅས་པ། དེ་ལས་བྱུང་བའི་ཆོས་སྐོར་ལ། མདོ་སྐོར། སྒྲུབ་སྐོར། ཞལ་གདམས་ཀྱི་སྐོར་དང་གསུམ། དང་པོ་ལ་སྤྱིར་མདོ་རྒྱུད་ཉི་ཤུ་རྩ་གཅིག་ཡོད་ཅིང་། དེ་དག་དང་ཁྱད་པར་མདོ་སྡེ་ཟ་མ་ཏོག་བཀོད་པར་སྤྱན་རས་གཟིགས་ཀྱི་ཆོས་སྐོར་དང་ཡི་གེ་དྲུག་པའི་ཡོན་ཏན་མང་དུ་བཤད་ནའང་སོ་སོར་ལྟ་བའི་དབང་དུ་བྱས་ཏེ་དེང་སང་རྒྱལ་པོ་བཀའ་འབུམ་དུ་གྲགས་པའི་གླེགས་བམ་འདིར་མེད་ལ་གཏེར་བྱོན་གྱི་མདོ་སྐོར་ལ། ལོ་རྒྱུས་ཆེན་མོའི་ལེའུ་སུམ་ཅུ་རྩ་དྲུག་དཀར་ཆག་ཏུ་ལེའུ་བཞི་བཅུ་ཞེ་གཅིག་ཟེར་བ་འདུག་ཀྱང་དངོས་བསྟན་སོ་དྲུག་ལས་མི་འདུག་པས་ཚང་མ་ཚང་དཔྱད། པ་ཆུ་དར་སྔོན་པོ་ལ་གསེར་དངུལ་གྱིས་བྲིས་ནས་ཁྲ་འབྲུག་དཀོར་མཛོད་དུ་རྒྱལ་པོའི་བླ་གཏེར་དུ་སྦས་


GLG003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་རྒྱ་ཤོག་ལ་ཤོག་དྲིལ་དུ་བྲིས་པ་ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་རྟ་མགྲིན་གྱི་ཞབས་འོག་ཏུ་སྦས་པ་གྲུབ་ཐོབ་ཀྱིས་སྤྱན་དྲངས། ད་ལྟ་མདོ་སྐོར་ནི་ལོ་རྒྱུས་ཆེན་མོ་ཟ་མ་ཏོག་བཀོད་པའི་གཟུངས། ཕྱག་སྟོང་སྤྱན་སྟོང་གི་གཟུངས་དང་གསུམ་ལ་ངོས་འཛིན་ཡང་ཕྱི་མ་གཉིས་གླེགས་བམ་ཁྲོད་དུ་མི་འདུག །ལོ་རྒྱུས་སྤྲུལ་སྐུ་ཤཱཀ་འོད་ཀྱི་གཏེར་མ་ཡིན་དགོས་རྒྱུ་འདྲ་ཞིག་འདུག་ཀྱང་ད་ལྟ་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མར་མཛད་ཅིང་གཏེར་གནས་ལ་དཔགས་ཀྱང་ཡིན་ནམ་སྙམ་མོ། །སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པ་བསྟན་པའི་ལོ་རྒྱུས་དང་། ༼གཏེར༽སངས་རྒྱས་གཞན་གྱིས་བསྟན་པ་ལ་སྲོང་བཙན་སྒམ་པོས་མཛད་པ་བསྟན་པའི་ལོ་རྒྱུས། རྒྱལ་བུ་འཇིག་རྟེན་དབང་ཕྱུག་གི་སྐྱེས་རབས་ཞེས་པ་སྦྱིན་པ་ལ་དགའ་བའི་རྣམ་ཐར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་པ་ཉི་ཤུ་རྩ་གཅིག་པ་རྣམས། ལོ་རྒྱུས་འདི་རྣམས་མདོ་སྐོར་གྱི་ཁྲོད་དུ་འདྲེན་རིགས་པར་ཆོས་ཀྱི་སྤྱན་ལྡན་རྣམས་གསུང་། འདི་དག་ལ་གཏེར་གནས་དང་གཏེར་སྟོན་གྱི་གསལ་ཁ་མ་བྱུང་ཡང་རྗེ་བཙུན་ཤཱཀ་འོད་ཀྱི་གཏེར་མ་ཡིན་ནམ་སྙམ་གང་ལྟར་ཕྱོགས་འདི་ལ་སྦྱངས་པའི་མཁས་པ་རྣམས་ཀྱིས་དཔྱད་པར་མཛོད་ཅིག །གཉིས་པ་སྒྲུབ་སྐོར་ལ། སྒྲུབ་ཐབས་ཆེན་མོ་དང་སྒྲུབ་ཕྲན་གཉིས། དང་པོ་ལ་རྩ་བ་དང་ལས་ཚོགས་གཉིས། དང་པོ་ལ་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་ལ། གང་ཟག་གི་མཚན་ཉིད། འབྲེལ་བ་གཅད་པ། གནས་འཚོལ་བ། ཡོ་བྱད་གསོག་པ། འཁོར་གཡོག་གི་འབྲེལ་བ་གཞུག་པ། བར་གཅོད་མི་འབྱུང་བའི་བྱིན་རླབས་རྣམས་རེ་རེ་ལའང་ཕྱི་ནང་གསང་བ་དོན་རྟགས་


GLG003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པ་སྟེ་ནང་གསེས་ཀྱི་དྲུག་ཡོད་པའི་དྲུག་ཚན་དྲུག་གོ །གཉིས་པ་དངོས་གཞི་ལ། འཁོར་ལོ། འཁྱེར་སོ། །བསྡུ་བ། བར་དོ། གནད། མི་བདེན་པ་དང་དྲུག །དང་པོ་ནི། བསྐྱེད་རིམ་དམ་ཚིག་པ། རྫོགས་རིམ་ཡེ་ཤེས་སེམས་དཔའ། ངག་སྔགས། སེམས་སྟོང་ཉིད། ཟས་བདུད་རྩི། སྤྱོད་ལམ་བག་ཡེངས་ཀྱི་འཁོར་ལོ་དང་དྲུག །གཉིས་པ་འཁྱེར་སོ་ནི། ལུས་ལྷ། ངག་སྔགས། ཡིད་ཆོས་ཉིད། སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོགས་ཐུགས་ཀྱི་འཁྱེར་སོ་དང་དྲུག །གསུམ་པ་བསྡུ་བ་ནི། དྲུག །གསུམ། སྐུ་གསུམ། གཡུང་དྲུང་འཁྱིལ་པ། ཐིག་ལེ་དམར་པོ། གནས་ལུགས་བཞིའི་ངང་ལ་བསྡུ་བ་དང་དྲུག །བཞི་པ་བར་དོ་ནི། རང་བཞིན་གནས་པ། སྐྱེ་འཆི། ཤེས་པ་སྔ་ཕྱི། རྨི་ལམ། འཆི་ཁ་མ། སྲིད་པའི་བར་དོ་དང་དྲུག །ལྔ་པ་གནད་ནི། གང་ཟག་ལྟ་བ་སྒོམ་པ། སྤྱོད་པ། འབྲས་བུ། གདམས་ངག་གི་གནད་དང་དྲུག །དྲུག་པ་མི་བདེན་པ་ནི། སངས་རྒྱས་ཀྱི་ཐུགས་རྗེ། སེམས་ཅན་གྱི་ལས། འཕྲལ་གྱི་རྐྱེན། བྱས་པའི་ཆོས། བསྒྲུབ་བྱའི་ལམ། ཐོབ་པའི་འབྲས་བུ་མི་བདེན་པ་སྟེ་དྲུག་རྣམས། གཉིས་པ་ལས་ཚོགས་ལ། དྲུག་སྐོར། གསུམ་སྐོར། ཚིག་སྐོར། བཤད་འབྲེལ་དང་བཞི། དང་པོ་ལ། རྟེན་གྱི་ཆོས་དྲུག །གསོན་ལ་ཕན་གདགས་པའི་ཆོས་དྲུག །གཤིན་ལ་ཕན་གདགས་པའི་ཆོས་དྲུག །འཕྲིན་ལས་དྲུག །གསང་སྔགས་ཀྱི་གནད་དྲུག །ཐུན་འཚམས་ཀྱི་ཆོས་དྲུག་སྟེ་དྲུག །དང་པོ་ནི། རབ་གནས། མཆོད་པ། བསྟོད་པ་གསོལ་གདབ། སཱཙྪ། སྐུ་འཁྲུས་སོ། །གཉིས་པ་གསོན་ལ་ཕན་འདོགས་པའི་ཆོས་དྲུག་ནི། དབང་བསྐུར། ཚེ་སྒྲུབ། བྱིན་རླབས། དབྱུག་བཅོས། བསྲུང་འཁོར། ནད་འདོན་ནོ། །གསུམ་པ་


GLG003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ལ་ཕན་འདོགས་པའི་ཆོས་དྲུག་ནི། རོ་ཁྲུས་འདི་པར་དང་བྲིས་མ་གང་དུའང་ཟུར་དུ་མི་འདུག །བུམ་ཆོག་རོ་སྲེག །མཚན་བྱང་སྦྱང་བ། དུར་ཆད་དུ་གཞུག་པ། རོ་ཟན་གཏོང་བའོ། །བཞི་པ་འཕྲིན་ལས་དྲུག་ནི། ཞི་བ། རྒྱས་པ། དབང་མངོན་སྤྱོད། སྦྱིན་སྲེག །བརྟུལ་ཞུགས་སོ། །ལྔ་པ་གསང་སྔགས་ཀྱི་གནད་དྲུག་ནི། རྩ་རླུང་། འཕོ་བ། གྲོང་འཇུག །སྒྱུ་ལུས། འོད་གསལ། གཏུམ་མོའོ། །དྲུག་པ་ཐུན་འཚམས་ཀྱི་ཆོས་དྲུག་ནི། བདུན་རྣམ་དག །མཎྜལ། ཁྲུས་ཆབ། བསྐོར་བ། གཏོར་མ། ཆུ་གཏོར་རོ། །གཉིས་པ་གསུམ་སྐོར་ལ། འབྲེལ་པ་གསུམ་གྱིས་ངེས་ཤེས་བསྐྱེད་པ། ཐུགས་རྗེ་ཆེ་ཆུང་གི་སྒོ་ནས་ཤན་འབྱེད་གསུམ། གསལ་བ་གསུམ། ཕྱི་ནང་གསང་གསུམ་དྲུག་ཚན་སུམ་ཅུ་རྩ་གཉིས་ཀྱི་ཡི་གེ་དྲུག་པའི་དོན་བཤད་པ། དག་པ་རྣམ་གསུམ་གྱི་ཉམས་ལེན་སྲང་དུ་གཞུག་པ། སྤྱི་གནད་རྣམ་གསུམ། དབྱེར་མེད་གསུམ་གྱི་ངོ་སྤྲོད། ཟུང་འབྲེལ་གསུམ། སྤྱོད་ལམ་རྣལ་འབྱོར་གསུམ། སྤྱོད་ལམ་རྣམ་གསུམ། ཕན་ཡོན་གསུམ་དང་བཅུ་གཅིག །དང་པོ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། སྲོང་བཙན་སྒམ་པོ་གསུམ་གྱི་སྙན་དུ་རིམ་པར་བརྒྱུད་པའི་སྙན་བརྒྱུད་གདམས་ངག་དང་འབྲེལ་བ། སེམས་ཅན། ཆོས། དམིགས་མེད་ལ་དམིགས་པའི་སྙིང་རྗེ་གཞན་དོན་དང་འབྲེལ་བ། འདོད་པ། དང་བ། ཡིད་ཆེས་ཀྱི་དད་པ་བྱིན་རླབས་དང་འབྲེལ་བའོ། །གཉིས་པ་ཐུགས་རྗེ་ཆེ་ཆུང་གི་སྒོ་ནས་ཤན་འབྱེད་པ་གསུམ་ནི། འཛིན་མེད། རིག་མེད། སྐྱེ་མེད་གསུམ་གྱི་ནམ་མཁའ་ལྟ་བུའི་ཐུགས་རྗེ། རིག་པ་གསལ་དང་སྟོང་ཉིད་སྙིང་རྗེ་ཟུང་འཇུག །དེས་མ་རིག་པ་སེལ་བ་ཉི་ཟླ་ལྟ་བུའི་ཐུགས་རྗེ། དགོངས་པ་ཆོས་དབྱིངས་ལས་


GLG003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་བ། རིག་པའི་ཡེ་ཤེས་རྒྱུན་མི་ཆད་པ། རིག་པའི་རྩལ་ཁ་ཡེ་ཤེས་སོ་མ་རྒྱུན་མི་ཆད་པ་ཆུ་བོ་ལྟ་བུའི་ཐུགས་རྗེའོ། །གསུམ་པ། གསལ་བ་གསུམ་ནི། རྣམ་པ། བརྡ་རྟགས། ངོ་བོ་གསུམ་གྱི་སྒོ་ནས་ལུས་ལྷར་གསལ་བ། མདོ་སྡེ། གསང་སྔགས། མཁའ་འགྲོའི་བྱིན་རླབས་ཀྱི་བརྡ་གསུམ་གྱི་སྒོ་ནས་ངག་སྔགས་སུ་གསལ་བ། གཟེངས་བསྟོད། ལྷོད་དེ། ཤིག་གེ །རང་ཤར་རང་གྲོལ་གསུམ་གྱི་སྒོ་ནས་ཡིད་ཆོས་ཉིད་དུ་གསལ་བའོ། །བཞི་པ་ཕྱི་ནང་གསང་བ་དྲུག་ཚན་སུམ་ཅུ་རྩ་གཉིས་ཀྱི་ཡི་གེ་དྲུག་པའི་དོན་བཤད་པ་ལ་ཕར་ཕྱིན་དྲུག །སྡོམ་པ། སྒྲིབ་སྦྱོང་ལ་བརྟེན་ནས་མདོ་སྡེ་ལྟར་སྦྱར་བ། ཐུབ་པ་དྲུག །ཡབ་ཡུམ་དྲུག །ཡེ་ཤེས་དྲུག་ལ་བརྟེན་ནས་གསང་སྔགས་དང་སྦྱར་བ། ཆོས་ཉིད་དོན་གྱི་གནད། ཆོས་ཉིད་ཀྱི་དོན་ལྟ་སྒོམ་སྤྱོད་གསུམ་ལ་བརྟེན་ནས་ཆོས་ཉིད་ལ་སྦྱོར་བའོ། །ལྔ་པ་དག་པ་རྣམ་གསུམ་གྱི་ཉམས་ལེན་སྲང་དུ་གཞུག་པ་ནི། དཀོན་ཅོག་མཆོད་པ། ཡིག་དྲུག་བཟླ་བ། དགེ་སྦྱོར་རང་ལུགས་སུ་བྱེད་པ་གསུམ་གྱི་སྒོ་ནས་ཉམས་ལེན་དག་པ། དུས་ཀུན་ལྷར་སྒོམ་པ། ཉོན་མོངས་སྐྱེས་གྲོལ་དུ་སྙམ་པ། ངེས་ཤེས་གདེང་ལྡན་གསུམ་གྱི་སྒོ་ནས་སྤྱོད་ལམ་དག་པ། གང་སྣང་ལྷ། འགྲོ་ཀུན་བྱང་ཆུབ་ཏུ་འདྲེན་པ། རང་བྱུང་རང་ཤར་གསུམ་གྱི་འབྲས་བུ་དག་པའོ། །དྲུག་པ་སྤྱིའི་གནད་རྣམ་པ་གསུམ་ནི། སངས་རྒྱས་ལོགས་ན་མེད་པ། འཁོར་བ་སྤང་དུ་མེད་པ། འཁོར་བ་ཀ་ནས་དག་པ་གསུམ་གྱི་ལྟ་བས་ཐག་བཅད་པའི་གནད། ཡེ་ནས་རང་ལ་གནས་པ། ལྷུན་གྱིས་གྲུབ་པ་བླང་དོར་བཟང་ངན་མེད་པ་གསུམ་གྱི་ཏིང་ངེ་འཛིན་ཉམས་སུ་བླང་པའི་གནད། མཐུན་འཇུག་ཐབས་ཀྱི་སྤྱོད་པ། རང་བྱུང་ཤུགས་ཀྱི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་གསུམ་གྱི་


GLG003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པས་ལ་འདོར་བའི་གནད་དོ། །བདུན་པ་དབྱེར་མེད་གསུམ་གྱི་ངོ་སྤྲོད་པ་ནི། སྣང་བ་སེམས། སེམས་སྟོང་པ། སྣང་སྟོང་དབྱེར་མེད་གསུམ་གྱིས་ཕྱིའི་སྣང་བ་བཤིག་པ། རིག་པ་སྟོང་པ། སྟོང་པ་ཆོས་ཉིད་རིག་སྟོང་དབྱེར་མེད་གསུམ་གྱིས་ནང་གི་རིག་པ་བཤིག་པ། སེམས་ཉིད་གསལ་ལ་མ་འགགས་པ། སྟོང་པ་མ་བསྒྲིབས་པ། གསལ་སྟོང་དབྱེར་མེད་གསུམ་གྱིས་བར་གྱི་ཉམས་ལེན་བཤིག་པའོ། །བརྒྱད་པ་ཟུང་འབྲེལ་གསུམ་ནི། སྙིང་རྗེ་དང་སྟོང་པ་ཟུང་དུ་འབྲེལ་བས་འཁོར་བ་ལས་གྲོལ་ནུས་པ། མ་འབྲེལ་བའི་སྐྱོན་གསུམ་གྱིས་སྙིང་རྗེ་སྟོང་པ་འབྲེལ་བར་བསྟན་པ། ཐབས་རྐྱང་བས་འཚང་མི་རྒྱ་བ། ཤེས་རབ་རྐྱང་བས་འཚང་མི་རྒྱ་བ། གཉིས་ཀ་ཟུང་འབྲེལ་གྱིས་འཚང་རྒྱ་བར་བསྟན་པ་ཐབས་ཤེས་ཟུང་འབྲེལ་ཡེ་ཤེས་རྩལ་གྱི་སྤྱོད་པ། མཐུན་འཇུག་ཐབས་ཀྱི་སྤྱོད་པ། དགོངས་པ་ཕྱོགས་བྲལ་དང་གསུམ་གྱིས་ལྟ་སྤྱོད་ཟུང་དུ་འབྲེལ་བའོ། །དགུ་པ་སྤྱོད་ལམ་རྣལ་འབྱོར་གསུམ་གྱི་ནང་ཚན་ལ། ཆོས་ཉིད་སྤྱོད་ལམ། ཟས་སྐོམ་གཏོར་མ། སྤྱོད་ལམ་གྱི་རྣལ་འབྱོར་དང་གསུམ། དང་པོ་ནི་ཕྱི་ས་ཤིང་། ནང་རིན་པོ་ཆེ། གསང་བ་སེམས་ཀྱི་མཎྜལ། ཕྱི་སངས་རྒྱས་བྱང་སེམས། ནང་བླ་མ། གསང་བ་ཡི་དམ་མཁའ་འགྲོ་ལ་བསྐོར་བ། ཕྱི་འཇིམ་པ། ནང་གཟན། གསང་བར་རང་ལུས་ཀྱི་སཱཙྪའོ། །གཉིས་པ་ནི་ཕྱི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། །ནང་ཡེ་ཤེས་སེམས་དཔའ་སྙིང་ག་ཆོས་ཀྱི་འཁོར་ལོ། གསང་བ་མཁའ་འགྲོ་མ་ལྟེ་བ་སྤྲུལ་འཁོར་ལ་བརྟེན་ནས་ཟས་ཟ་བ། མགྲིན་པར་བླ་མ། སྙིང་གར་ཡི་དམ། ལྟེ་བར་མཁའ་འགྲོ་ལ་དམིགས་ཏེ་སྐོམ་འཐུང་བ། གཟན་ཆུ་གང་རུང་


GLG003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཏོར་མས་ཡར་ཡི་དམ། བར་དུ་རིགས་དྲུག །མར་ཡི་དྭགས་ལ་བསྔོ་བའོ། །ས་གཅད་གསུམ་པ་ནི་རྩ་བའི་ས་གཅད་བཅུ་ལས་ལོགས་སུ་མ་རྙེད་དོ། །བཅུ་པ་སྤྱོད་ལམ་རྣམ་གསུམ་ནི། སེམས་ཅན་བློས་མི་གཏོང་བ། སྙིང་རྗེས་ཟིན་པ། ཕན་འདོགས་པ་གསུམ་གྱིས་ལྡང་བ། སྤྱིར་བླ་མ། ཡི་དམ་ལ་བསྐོར་བ། མཁའ་འགྲོའི་སྐྱེལ་མ་དང་གསུམ་གྱི་འགྲོ་བ། གནོན་པ་གློད་པ། བསྡུས་པ་གསུམ་གྱིས་ཉལ་བ། ལུས་ངག་ཡིད་གསུམ་མཉམ་པའི་སྒོ་ནས་འདུག་པ། རྣམ་རྟོག་འགོག་པ། བསམ་གཏན་དང་བསྲེ་བ། ངོམས་པ་གསུམ་གྱིས་གཉིད་ལོག་པ། རང་ངོ་ཤེས་པ། འཁྲུལ་པ་འཇིག་པ། སྒྱུ་མ་ལྟར་བསམ་པའི་སྒོ་ནས་རྨི་ལམ་བཟུང་བའོ། །བཅུ་གཅིག་པ་ཕན་ཡོན་གསུམ་ནི། སྒོ་གསུམ་གྱི་དྲི་མ་དག་པ། བྱིན་རླབས་ཞུགས་པ། ཞལ་མཐོང་སྒྲ་ཐོས་མི་རྟོག་པ་སྐྱེ་བའོ། །གསུམ་པ་ཚིག་སྐོར་ནི། སྔོན་འགྲོ་སེམས་བསྐྱེད། དངོས་གཞི་ལྷ་སྒོམ་པ། སྔགས་བཟླ་བ། སེམས་སྟོང་པར་བསྒོམ་པ་རྣམས་ཡན་ལག་ཆིག་ཆོད། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ། དམ་ཚིག །ངོ་སྤྲོད། གདམས་པ་རྣམས་ཚང་བའི་སྒྲུབ་ཐབས་ནོར་བུའི་འོད་ཅེས་བྱ་བ་རྣམས་སོ། །བཞི་པ་བཤད་འགྲེལ་ནི། སྤྱི་དོན་ཁོག་འབུགས་སམ་ཐུགས་རྗེ་ཆེན་པོ་ནོར་བུའི་རྒྱན་གྱི་བཤད་འགྲེལ་ཆེན་མོར་གྲགས་པ་འཆད་ཐབས་ཡན་ལག་དྲུག་གི་སྒོ་ནས་བཤད་པའོ། །རྩ་བའི་གཉིས་པ་སྒྲུབ་ཕྲན་ལ། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གསུམ་གྱི་ཞལ་གདམས་སྒྲུབ་ཐབས་དོན་བསྡུས། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གསུམ་གྱི་ཞལ་གདམས་སྒྲུབ་ཐབས་འབྲིང་པོ། གསང་སྔགས་གནད་ཀྱི་ཞལ་གདམས་ཐུགས་རྗེ་ཆེན་པོའི་ཚིག་སྒྲུབ་རྒྱས་པ། རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་


GLG003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས། འདིའི་རྗེས་སུ་རྒྱལ་བ་གསུམ་དྲིལ་གྱི་སྒྲུབ་ཐབས་ཞེས་པ་རྫོང་ཁའི་པར་མར་འདུག་ཀྱང་མ་ཐོབ་བོ། །མཁའ་འགྲོ་མའི་གསང་སྐོར་ཞེས་བྱ་བ་མཁའ་འགྲོ་མས་ལུང་བསྟན་པའི་སྒྲུབ་ཐབས་ཤིན་ཏུ་ཟབ་པ། གསང་བ་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོའི་བྱིན་རླབས་སྦ་ཆོས་ཀྱི་སྒྲུབ་ཐབས་སོ། །དེ་ལྟར་སྒྲུབ་སྐོར་རྣམས་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མ་ཡིན་ནོ། །ཐུན་མོང་གི་ལས་ཚོགས་ལ་ནང་གསེས་ཀྱི་ཞི་བ། རྒྱས་པ། དབང་སྡུད། མངོན་སྤྱོད། སྒྲིབ་སྦྱོང་། ཕྱོགས་ངན་དགྲ་འདྲེ་གཟའ་སྐར་ངན་པ་བསྲུང་བ། ཤྭ་འོད་སེར་བ་ཆར་པ་རླུང་རྣམས་བསྲུང་བ། བསྲུང་སྐུད་རྦད་འདྲེ་རྦོད་གཏོང་སེར་བ་བཟློག་པ། སྲིའུ་གསོ་བ། ནད་ཞི་བ། བར་གཅོད་སེལ་བ། ཟས་འདུ་བ། ནོར་འདུ་བ། འགྲོ་བ་ཕོ་མོ་དབང་དུ་བྱེད་པ། ཆོས་འདུ་བ་ཆོས་དང་མངོན་ཤེས་རྟེན་འབྲེལ་འཆར་བ། ཐུགས་ལ་འདོགས་པ། ཤེས་རབ་འཕེལ་བ། བློ་རྣོ་བ། གཞན་སེམས་ཤེས་པ། རྨི་ལམ་གསལ་བ། བུད་མེད་ཀྱི་ཡིད་འཕྲོག་པ། མི་ཐམས་ཅད་ཀྱི་སྙིང་དུ་སྡུག་པ། དབང་པོ་ཆེ་ཀུན་གྱིས་ཉན་པ། དགྲ་བྲན་དུ་འཁོལ་བ། རྒྱན་རྒྱལ་བ། ཞལ་ལྕེ་རྒྱལ་བ། ཚངས་དབྱངས་གྲུབ་པ། དོན་གྲུབ་པ། ཆུ་ལ་མི་བྱིང་བ། སྒྲིབ་ཤིང་། ནམ་མཁའ་ལ་འགྲོ་བ། གྲུ་མི་རྡིབ་པ། ཆུས་མི་འཁྱེར་བ། ཀུན་གྱི་གསང་ཚིག་ཐོས་པ། ལྷ་འདྲེ་མཐོང་བ། ས་འོག་གི་གཏེར་མཐོང་བ། མཚན་མོ་ཉིན་ལྟར་གསལ་བ། ཟས་སྐོམ་རྙེད་པ། སྐྱེ་བོ་འདུ་བ། མགྲིན་པ་སྙན་པ། འགྲོ་བ་དབང་དུ་འདུ་བ། བར་གཅོད་ཀྱིས་མི་ཚུགས་པ། དགོན་པར་དགྲ་འདྲེས་མི་ཚུགས་པ། མི་རྒོད་འཆིང་པ། གཅན་གཟན་འཆིང་བ། དུག་སྦྲུལ་བསྲུང་བ། ལམ་གྱི་འཇིགས་པ་


GLG003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ། རི་དྭགས་དང་ར་ལུག་བསྲུང་བ། ཞིང་ལ་གནོད་པའི་བྱ་བྱིལ་དང་སྦྲང་མའི་ཁ་འཆིང་བ། བཙའ་བསྲུང་བ། རི་བོང་བསྲུང་བ། སེར་བསྲུང་། ཁ་ཆར་གཅོད་པ། སད་བསྲུང་། ཆར་འབེབས། ཟླ་མཚན་གཅོད་པ། སྐྱེས་པའི་རླིག་པ་དང་བུད་མེད་ཀྱི་ནུ་མ་སྐྲངས་པ་སེལ་བ། བུད་མེད་སྐྱེས་པ་གཞན་གྱི་དབང་དུ་མི་འགྲོ་བ། སྐྱེས་པ་དང་བུད་མེད་དབང་དུ་འདུ་བ། བུ་ཐོན་པར་བྱེད་པ། རྡེལ་ནད་འདོན་པ། ཆུ་བསྡམས་པ་སེལ་བ། གྲང་ནད་སྦྱང་བ། ནང་གི་ནད་སྦྱང་བ། ཕོ་ལོག་སྲིན་ནད་དམུ་རྫིང་སྤྱོད་པ། སྦོས་པ་དང་མཁུ་བ་སེལ་བ། གློ་སྙིང་ན་བ་སེལ་བ། རླུང་ལུས་ལ་མི་སྐྱེ་བ། མིག་གསལ་བ། སོ་སྲིན་སེལ་བ། རྣ་བ་འོན་པ་འབྱུང་པ་རྣམས་མ་ཎི་བཀའ་འབུམ་ཕལ་ཆེར་ལ་མི་ཡོང་ཞིང་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་དུས་གཏེར་ལ་སྦས་པ་ཅིག་ཡིན་ཀྱང་ལུང་རྒྱུན་ཡོད་ཅིང་བཀའ་འབུམ་རྒྱས་པ་ལ་ལར་ལས་ཕྲན་དུ་མཛད་དོ། །ལས་ཕྲན་འདི་གྲུབ་ཐོབ་དངོས་གྲུབ་དང་མངའ་བདག་གང་རུང་གི་གཏེར་མ་ཡིན་ཀྱང་གཏེར་བྱང་ཁ་གསལ་མི་སྣང་ངོ་། །གསུམ་པ་ཞལ་གདམས་ཀྱི་ཆོས་སྐོར་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་གདན་དྲངས་པ་ལ། རྒྱ་ཆེ་བ་གཞན་དོན་དུ་གདམས་པ། ཟབ་པ་རང་དོན་དུ་གདམས་པ། དཀར་ཆག་ན་འདི་ལྟར་བཤད་ཀྱང་ཞལ་གདམས་རེ་རེ་ལའང་ཟབ་རྒྱས་གཉིས་ཀ་ཚང་བ་མང་ཞེས་ཕྱོགས་འདིར་མཁས་པ་དག་གསུང་ངོ་། །གཏེར་གནས་མི་གཅིག་པའི་ཞལ་གདམས་དང་གསུམ། དང་པོ་ལ་ཞལ་གདམས་ཆེ་ཚོའི་སྐོར་དང་ཆུང་ཚོའི་སྐོར་གཉིས། དང་པོ་ཆེ་ཚོའི་སྐོར་ལ་ཞུ་ལན། ངོ་སྤྲོད་བཀའ་ནན། གསུང་གི་ཞལ་གདམས། ལམ་འཁྱེར། ཞལ་གདམས་ཐོར་བུ། ལམ་རིམ། མས་འཇུག་ཡས་


GLG003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་མཚང་གི་ཆོས། ཆོས་པ་སྲང་དུ་གཞུག་པ། ཕྱི་ནང་གི་ཆོས་བཞི། ཁྱད་པར་གྱི་ཞལ་གདམས། འཆི་ཁའི་ཞལ་གདམས། ཐུན་མོང་དང་ཁྱད་པར་གྱི་ཞལ་གདམས། ཕྱི་ནང་གི་བསླབ་བྱའི་ཞལ་གདམས། གཞན་ལ་ཕན་གདགས་ཤིང་རང་སྨིན་པའི་ཞལ་གདམས་ཏེ་བཅུ་དྲུག་ལས། དང་པོ་ཞུ་ལན་ལ། ཐུགས་རྗེ་ཆེན་པོ་ལ་སྤྲུལ་པའི་རྒྱལ་པོས་ཞུས་པའི་ལན་ཐུགས་རྗེ་ཆེན་པོ་དངོས་ཀྱིས་གདམས་པའི་ཐུགས་རྒྱུད། རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཡབ་གནམ་རི་སྲོང་བཙན་གྱིས་ཞུས་པ། ཡུམ་འབྲི་བཟའ་ཐོད་དཀར་མས་ཞུས་པས། བལ་མོ་བཟའ་ཁྲི་བཙུན་གྱིས་ཞུས་པ། རྒྱལ་མོ་བཟའ་ཀོང་ཇོས་ཞུས་པ། སྲས་གུང་སྲོང་གུང་བཙན་གྱིས་ཞུས་པ། ལྷ་གཅིག་ཁྲོམ་པ་རྒྱན་གྱིས་ཞུས་པ། ཕྱི་བློན་ནང་བློན་རྣམས་ཀྱིས་ཞུས་པའི་ཞལ་གདམས་སོ། །གཉིས་པ་ངོ་སྤྲོད་ལ། ཡབ། ཡུམ། ཁྲི་བཙུན། ཀོང་ཇོ། སྲས་པོ། སྲས་མོ། ཐུ་མི་སོགས་ནང་བློན། ཕྱི་བློན་རྣམས་ལ་སོ་སོར་ངོ་སྤྲོད་དུ་གདམས་པ། གསུམ་པ་བཀའ་ནན་ནི། ཡབ་ཡུམ་གཉིས་ལ་འཁོར་བའི་ཉེས་དམིགས་གསུངས་པ། ལྷ་སྲས་ལ་རྒྱལ་སྲིད་ཆོས་དང་བསྟུན་ཞིག་པར་གསུངས་པ། སྲས་མོ་ཁྲོམ་རྒྱན་ལ་གསུངས་པ། བལ་བཟའ་ལ་ཐུགས་དམ་བཀའ་རྒྱས་བཏབ་པ། རྒྱ་བཟའ་ལ་གསང་གཏམ་གལ་པོ་ཆེར་གདམས་པ། ནང་བློན་རྣམས་ལ་གདམས་པ། ཕྱི་བློན་རྣམས་ལ་གདམས་པ། སྐྱེས་པ་རྣམས་ལ་གདམས་པ། བོད་འབངས་སྤྱི་མཐུན་ལ་གསུངས་པ། ནང་སྐོར་གྱི་བུད་མེད་ལ་གདམས་པ། ཕྱི་སྐོར་གྱི་བུད་མེད་ལ་གདམས་པ། བུད་མེད་རྣམས་ལ་བསླབ་བྱ་གདམས་ངག་ཏུ་གསུངས་པ་རྣམས། བཞི་པ་གསུང་གི་


GLG003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་སྐོར་ནི། སྤྲོ་ན་དྲུག་དྲུག་སུམ་ཅུ་རྩ་དྲུག་ཏུ་སྤྲོ་ཞིང་བསྡུ་ན་ཡི་གེ་དྲུག་ཏུ་འདུས་པ་ཐུགས་རྗེ་རང་བྱུང་གི་ཡི་གེ་བོད་ཡུལ་དུ་ཐུགས་རྗེ་ཆེན་པོ་ཞལ་མཐོང་ནས་མཛད་པ། ཀུ་མུ་ཏའི་ས་བོན་སོགས་ལ་དཔེ་བྱས་ནས་ཡི་གེ་དྲུག་པའི་ཡོན་ཏན་གྱི་བཟླ་ཐབས་དྲུག །ཡན་ལག་བདུན་པ་སྔོན་དུ་འགྲོ་བའི་སྒོ་ནས་ཐུགས་རྗེ་ཆེན་པོ། ཁྲོ་གཉེར་ཅན། སྒྲོལ་མ། རྟ་མགྲིན། བདུད་རྩི་འཁྱིལ་པ་སྟེ་ལྷ་ལྔའི་བསྟོད་པ། གཙོ་འཁོར་རྣམས་ལ་དོན་བསྟོད་འགྲོ་དྲུག་ཀུན་ལ་ཐུགས་རྗེ་མ། མ་ཎི་ངོ་མཚར་ཆེ་ཚུལ་སྔོན་དུ་བཏང་སྟེ་ཚིག་རྐང་རེ་རེ་བཞིན་མ་ཎིའི་ཡིག་འབྲུ་རེ་སྦྱར་ནས་བསྟོད་པ་དང་། རིགས་ལྔ་ཐུབ་དྲུག་སོགས་དང་སྦྱར་ཏེ་མཇུག་ཏུ་རྡོ་རྗེའི་སྐུ་ཡི་ངོ་བོ་ཉིད་སྐལ་ལྡན་ཀུན་མ་ཎི་པདྨེ་སྒྲོངས། ཞེས་ཡོད་པ་ལ་དགུ་ཕྲུགས་སུ་བསྟོད་པར་གྲགས་པ། སྐུ་ལ་རྟགས་བསྟོད་གནས་རི་པོ་ཏ་ལ་མ། གསུང་ལ་བསྟོད་པ་མ་ཎི་པདྨེ་མ། ཐུགས་ལ་བསྟོད་པ་ཐུགས་རྗེ་ཆེན་པོ་མ། བཀྲ་ཤིས་དུས་གསུམ་སངས་རྒྱས་མ། སྨོན་ལམ་ཤོ་ལོ་ཀ་རེ་རེ་བཞིན་གྱི་མཇུག་ཏུ་རི་པོ་ཏ་ལར་སྐྱེ་བའི་མཐའ་ཚིག་ཅན་རྣམས། ལྔ་པ་ལམ་འཁྱེར་ལ། ཉིན་མོ་སྣང་བ། ཚོགས་དྲུག །རྐྱེན་སྣང་རང་གྲོལ་གསུམ། མཚན་མོ་གཉིད། རྨི་ལམ། སད་པ་ལམ་དུ་བླང་བ་གསུམ་ལ་བརྟེན་ནས་ཉིན་ནུབ་ལམ་འཁྱེར་དང་ནང་ནུབ་ཤེར་ཕྱིན། མདོ་སྡེ། སྔགས་ལྟར་ཁ་འདོན་ཆོས་སྤྱོད་ལམ་འཁྱེར། སྐྱབས་འགྲོ་སེམས་བསྐྱེད་ལམ་འཁྱེར། རང་གི་དགེ་བ། བདུན་ཚིགས། རོ་སྲེག །རོ་རྫང་། རོ་ཟན། རོ་ཁུར་བྱ་བ་དྲུག་སྟེ་རང་དོན་ཁྱད་པར་དུ་འཕགས་པའི་གདམས་པ་ལམ་འཁྱེར། ཕྱི་སྣང་། ནང་སྣང་། གསང་སྣང་། དོན་སྣང་། རྟགས་སྣང་། མཚོན་སྣང་རྣམས་ལ་བརྟེན་ནས་སྣང་བ་རིན་པོ་ཆེ་ཚོགས་ཀྱི་ལམ་དྲུག་ལྟ་བ་


GLG003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་སྤྱོད་པ་གསུམ་གྱི་གཏོར་མ་ལ་བརྟེན་ནས་གཏོར་མ་ལམ་འཁྱེར་གྱི་ཞལ་གདམས་རྣམས། དྲུག་པ་ཞལ་གདམས་ཐོར་བུ་ནི། ཞལ་གདམས་དྲུག་ཚན་བཅུ་པ། ཞལ་གདམས་གསུམ་ཚན་བཞི་བཅུ་པ་ཆོས་ཐམས་ཅད་ཀྱི་གནད་བསྡུས་པ། ཞལ་གདམས་དཔེ་དོན་བཞི་ཚན་བཅུ་དགུ་པ། ཞལ་གདམས་དྲུག་ཚན་ཉི་ཤུ་རྩ་དྲུག་པ། ཞལ་གདམས་བཅུ་ཚན་ཉི་ཤུ་རྩ་གསུམ་པ་ཞེས་ལྟ་སྒོམ་ཕུགས་གཏིབས་ཀྱི་ཞལ་གདམས་རྣམས། བདུན་པ་ལམ་རིམ་ནི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ་ལས་རྒྱུ་འབྲས་ཀྱི་སྒོ་ནས་དབང་པོ་མཐའ་མའི་ལམ་རིམ། དང་པོར་རང་། བར་དུ་གཞན། མཐའ་མར་ཉམས་སུ་བླངས་པ་ལ་དགོས་པ་གསུམ་གྱིས་དབང་པོ་འབྲིང་གི་ལམ་རིམ། རབ་འབྲིང་མཐའ་མ་གསུམ་གྱི་སྒོ་ནས་དབང་པོར་རབ་ལ་བསྟན་པའི་ཞལ་གདམས་རྣམས། བརྒྱད་པ་མས་འཇུག་ཡས་ལྡོག་ནི། འཁོར་བ་ལུགས་ལ་གནས་པ་བདུན་དང་ལུགས་ལས་ལྡོག་པ་བདུན་གྱིས་འཁོར་བ་འཇུག་ལྡོག་ཞལ་གདམས། ལྟ་སྒོམ་སྤྱོད་པ་དམ་ཚིག་འབྲས་བུ་སྟེ་ལྔའི་སྒོ་ནས་ལྟ་སྒོམ་དོན་བརྒྱུད་ཀྱི་ཞལ་གདམས། དགུ་པ་མ་ཚང་གི་ཞལ་གདམས་ནི། མི་རྟག་པ། ཕྱི་མའི་ཕན་པ་སྒྲུབ་པ། ཉོན་མོངས་པའི་གཉེན་པོ། བཤེས་གཉེན་བསྟེན་པ། དགེ་སྡིག་གི་བླང་དོར། ངན་སོང་གི་སྡུག་བསྔལ་བསྟན་པ་སྟེ་དྲུག་གིས་སྐྱེ་བོ་མ། རིག་པ་ཆོས་ལ་གཟུད་པ། ཉན་བཤད་གཞུང་གཞན་སྤྱོད་པ། བཤད་ཐབས། ཆོས་སུ་འགྲོ་མི་འགྲོའི་ཁྱད་པར། ཆོས་མ་ནོར་བ། ཆོས་ཉམས་སུ་བླང་ཐབས་ཏེ་དྲུག་གིས་ཆོས་དང་མི་ལྡན་པ་ཆོས་ལ་གཟུད་པ། དངོས་པོ་ལྔ། ཡིད་ཆེས། ཁེ་ཉེན། འོག་མ་ལ་སྨད་པ། གོང་མ་ལ་སྐུར་འདེབས། མཚན་ཉིད་ལ་


GLG003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ། སྨད་པའི་སྐྱོན། གཞུང་བཞིན་མ་སྤྱད་པ། འཆོལ་བར་སྤྱད་པ། ནོར་ཕྱིར་འགྲིམ་པ། སྲོག་རྩའི་དམ་ཚིག །ཡོ་ག །མ་ཧཱ། རྫོགས་ཆེན། ཕྱག་ཆེན་རྣམས་ཀྱི་དམ་ཚིག །ཉམས་པའི་སྐྱོན། དཔེ་གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས་ཡི་གེ་དྲུག་པར་འདུས་པར་བསྟན་པ་རྣམས་ཀྱིས་སྔགས་པ་སྔགས་དང་མི་ལྡན་ཆོས་ལ་གཟུད་པ། ངོ་བོ། ངེས་ཚིག །དུས། སྐྱོན། ཡོན་ཏན། དབྱེ་བ། རྟགས་དང་བདུན་གྱིས་རྣལ་འབྱོར་པ་རྣལ་འབྱོར་དང་མི་ལྡན་པ་ཆོས་ལ་གཟུད་པ། ཆོས་པ་ཆོས་དང་མི་ལྡན་པ་རྣམས་མཚང་ནས་དགེ་ལ་བསྐུལ་བའི་ཞལ་གདམས། སྐྱེ་བོ་ཐ་མལ་པ་རྣམས་མཚང་ནས་ཆོས་ལ་བསྐུལ་བ་རྣམས། བཅུ་པ་སྲང་དུ་གཞུག་པ་ནི། གསུང་རབ་ཐམས་ཅད་ཚིག་དོན་གཉིས་སུ་འདུ་བའི་དོན་ལ་དཔེ་དོན་རྟགས་གསུམ། ཚིག་ལ་དྲང་དོན་ངེས་དོན་སྙིང་པོའི་ཆོས་གསུམ་གྱིས་སྟོན་པ་སྒྲུབ་པ་སྒྲོམ་འཇུག་གི་ཞལ་གདམས། འདྲེ་དྲུག །བདུད་དྲུག །འཕྲང་དྲུག །འབྲེལ་པ་དྲུག །ཡིད་ཆེས་དྲུག །འདྲ་མིན་དྲུག་ལ་ནང་གསེས་ཀྱི་སུམ་ཅུ་རྩ་དྲུག་གི་གནད་ཀྱི་ཞལ་གདམས། སྐྱོན་ཅན་སྐྱོན་མེད་ཀྱི་ཞལ་གདམས་ཉི་ཤུ་རྩ་བཞི། ངེས་ཤེས་ཉི་ཤུ་རྩ་བཞིའི་ཞལ་གདམས། དྲན་པ་ཉི་ཤུ་རྩ་བཞིའི་ཞལ་གདམས་རྣམས། བཅུ་གཅིག་པ་ཕྱི་ནང་གི་ཆོས་བཞི་ནི། གནས། རྫས། དུས། ཡོན་ཏན། སྐྱོན། བསྔོ་བ་སྟེ་དྲུག་གིས་སྦྱིན་པ། དགེ་བ་ཆོས་སྡུད། ཉེས་སྤྱོད་སྡོམ་པ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཇི་མི་སྙམ་པ། དང་ལེན། ཟབ་དོན་ལ་མི་སྐྲག་པའི་བཟོད་པ། གོ་ཆ། དོན་སྦྱོར། མི་བཟློག་པའི་བརྩོན་འགྲུས། མི་གཡོ་བ། མངོན་པར་འགྲུབ་པ། སེམས་ཅན་དོན་བྱེད་ཀྱི་བསམ་གཏན། རང་སྤྱི། རྒྱུ་འབྲས། མི་དམིགས་པའི་ཤེས་རབ། མ་ནོར་བ། བདག་དོན་


GLG003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་ལ་མཁས་པའི་ཐབས། མ་ཞུམ། མི་དམིགས། སེམས་ཅན་གྱི་དོན་ལ་བརྩོན་པའི་སྨོན་ལམ། བདུད་འདུལ་བ། ཚོགས་གཉིས་རྫོགས་པ། རྒོལ་བ་ཚར་གཅོད་པའི་སྟོབས། ཆོས་དང་གང་ཟག་བདག་མེད་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱད་པས་ས་བཅུ་རིམ་པར་བགྲོད་པ། དབང་། དམ་ཚིག །ལྟ་བ། ཏིང་འཛིན། སྤྱོད་པ། མན་ངག་རྣམས་ཀྱི་བསླབ་པའི་མཐའ་དྲུག་གི་ཞལ་གདམས། བླ་མ་ཐོས་པ། སྒོ་ཀུན་ནས་བསྡུ་བ། མཁས་པ། མདོག་གཅིག་ཏུ་བསྡུ་བ། འབྲས་བུ་དྲུག་ལ་བརྟེན་ནས་སྒྲུབ་པའི་མཐའ་དྲུག་གི་ཞལ་གདམས། ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་གནད་དུ་དྲིལ་བ་དྲུག་ལ་བརྟེན་ནས་བཤད་ཐབས་ཡན་ལག་གི་ཞལ་གདམས་རྣམས། བཅུ་གཉིས་པ་ཁྱད་པར་གྱི་ཞལ་གདམས། མཚན་གྱི་ཞལ་གདམས་ཉོན་མོངས་པ་དྲུག་རིགས་དྲུག་གནས་སྦྱངས་ཏེ་ཡེ་ཤེས་དྲུག་ཏུ་ཤར་ཏེ་སྐུ་དྲུག་ཐོབ་པའི་ཐབས་སྙན་བརྒྱུད་ཀྱི་གདམས་པ་རིགས་དྲུག་སྐུ་དྲུག་ཏུ་རང་གྲོལ་བར་བསྟན་པ། ལྟ་སྒོམ་སྤྱོད་གསུམ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོའི་ཁྱད་པར་དུ་འཕགས་པའི་ཆོས་གསུམ་གྱི་གདམས་པ། སྙིང་རྗེ་སྟོང་པ་དབྱེར་མེད་གསུམ་ལ་བརྟེན་ནས་ཡང་གསང་ཁྱད་པར་དུ་འཕགས་པའི་ཞལ་གདམས་རྣམས། བཅུ་གསུམ་པ་འཆི་ཁ་མའི་ཞལ་གདམས་ནི། རང་བཞིན་གནས་པའི་བར་དོ། སྐྱེ་ཤི་བར་དོ། ཤེས་པ་སྔ་ཕྱིའི་བར་དོ། རྨི་ལམ་བར་དོ། འཆི་ཁའི་བར་དོ། སྲིད་པའི་བར་དོ་སྟེ་དྲུག་ལ་བར་དོ་མུན་སེལ་སྒྲོན་མེ་ཞེས་བྱ་བའི་ཞལ་གདམས། དབང་པོ་རབ་རང་བཞིན་གྱིས་འཕོ་བ། འབྲིང་ལམ་གྱིས་འཕོ་བ། མཐའ་མ་སེང་གེ་རྣམ་རོལ་གྱི་འཕོ་བས་བཙན་ཐབས་སུ་འཕོ་བ་སྟེ་འཕོ་བའི་ཞལ་གདམས་སོ། །བཅུ་བཞི་


GLG003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐུན་མོང་དང་ཁྱད་པར་གྱི་ཞལ་གདམས་ལ། སྔོན་འགྲོ་གཞིའི་ཡན་ལག །གཞན་རྗེས་སུ་གཟུང་བའི་ཡན་ལག །ཆོས་ཚུལ་དང་མཐུན་པའི་ཡན་ལག །རང་ལ་ཞེན་བསྐུལ་གདབ་པའི་ཡན་ལག །མྱུར་དུ་འགྲུབ་བྱེད་ཀྱི་ཡན་ལག །བློ་ཐག་གཅོད་པའི་ཡན་ལག་སྟེ་དྲུག་དྲུག་སུམ་ཅུ་སོ་དྲུག་ལ་བརྟེན་པ་ཐུན་མོང་གི་ཞལ་གདམས། ཕྱི་ལྷ་སྐུ། ནང་གསང་སྔགས། གསང་བ་ཐུགས་ལ་ངོ་སྤྲོད་པ་ཁྱད་པར་གྱི་ཞལ་གདམས་རྣམས། བཅོ་ལྔ་པ་ཕྱི་ནང་གི་བསླབ་བྱའི་ཞལ་གདམས་ནི། དོན་རྟགས་མཚོན་གསུམ་གྱི་བླ་མ་བཀུར་ཞིང་དམ་ཚིག་བསྲུང་བ། ཞར་བྱུང་ཐུགས་རྗེ་ཆེན་པོའི་དམ་ཚིག་དང་བཅས་ཏེ་དམ་ཚིག་གི་ཞལ་གདམས། སྐྱབས་འགྲོ་གསུམ་དང་སྡོམ་པ་གསུམ་ལ་ནང་གསེས་ཀྱི་རེ་རེའང་དྲུག་ཏུ་ཕྱེ་བའི་སྐྱབས་འགྲོ་དང་སྡོམ་པའི་ཞལ་གདམས། ངོ་བོ་ངེས་ཚིག་དབྱེ་བ་བགེགས་བསྐྲད་ཅིང་ཇི་བཞིན་དུ་བསྐུར་བའི་དབང་བྱིན་རླབས་ཀྱི་ཞལ་གདམས་རྣམས། བཅུ་དྲུག་པ་གཞན་ལ་ཕན་གདགས་ཤིང་རང་སྨིན་པའི་ཞལ་གདམས་ནི། སྐྱབས་འགྲོ་སེམས་བསྐྱེད་འབོགས་པའི་ཞལ་གདམས། བསྔོ་བའི་ཞལ་གདམས། བསྙེན་གནས་ཀྱི་ཞལ་གདམས། སེམས་བསྐྱེད་ཀྱི་ལག་ལེན་ཞལ་གདམས། སྒྲུབ་ཁོག་ཆེན་མོའི་ཞལ་གདམས་ཞེས་བྱ་བ་ལས་ཀྱང་། དཀྱིལ་འཁོར་གྱི་ཆོ་གའི་དབང་རིམ་དྲུག་བསྐུར་བ། དབང་གི་ངོ་སྤྲོད་དྲུག །ལུང་འབོགས་ཤིང་ཚིག་དབང་བསྐུར་བ་རྣམས་སོ། །གཉིས་པ་ཞལ་གདམས་ཆུང་ཚོའི་སྐོར་ལ། ཤིན་ཏུ་ཟབ་པ་ནང་སྐོར་དགུ་ལ་གདམས་པ། བཀའ་རྟགས་ཀྱི་འཁོར་བརྒྱད་ལ་ཟབ་དོན་དུ་གདམས་པ། ཟབ་པ་ཐུན་མོང་མ་ཡིན་པའི་ཞལ་གདམས། ཁྱད་པར་གྱི་ཟབ་དོན། ཐུགས་རྒྱུད་དྲུག །གནད་ཀྱི་ཁྱད་པར་ཟབ་དོན། ཟབ་པ་རང་དོན་གྱི་


GLG003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་དང་བདུན། དང་པོ་ལ། ཡབ་ལ་གདམས་པས་ཤིན་ཏུ་དགྱེས་ནས་ལུས་ངག་ཡིད་གསུམ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་གྱུར་པ། ཡུམ་ལ་གདམས་ཤིང་ལུང་བསྟན་པས་ཤིན་ཏུ་དགྱེས་ནས་དྲིན་དུ་གཟོ་སྟེ་རྗེས་སུ་ཡི་རང་བ། ཁྲི་བཙུན་ལ་ལྟ་བ་ཨ་ཏི། སྒོམ་པ་ཨ་ནུ། སྤྱོད་པ་མ་ཧཱ། ལྟ་བ་རང་བཞིན་ལྷུན་གྲུབ། སྒོམ་པ་དབྱིངས་དང་ཡེ་ཤེས་གཉིས་མེད། སྤྱོད་པ་ཐབས་ཤེས་གཉིས་མེད། གསང་སྔགས་བསྐྱེད་རྫོགས་གསུམ་དང་བསྟུན་ཏེ་གདམས་པ། ཀོང་ཇོ་ལ་སྔགས་ཀྲྀ་ཡོ་ག་སྡེ་གསུམ་དང་བསྟུན་ཏེ་གདམས་པ། ཞང་ཞུང་བཟའ་ལ་འདའ་ཁ་འཆི་བྲོད་ཀྱི་གདམས་པ། རུ་ཡོངས་བཟའ་ལ་གདམས་པ་ལུས་མ་བོར་བར་འཚང་རྒྱ་པ། མོང་བཟའ་ཁྲི་ལྕམ་ལ་གདམས་པས་བྱང་ཆུབ་ཐོབ་པ། སྲས་གུང་སྲོང་གུང་བཙན་རྒྱལ་སར་ཕྱུང་ནས་མངའ་རིས་ཐམས་ཅད་གཏད་དེ་གདམས་པ། ལྷ་ལྕམ་ལ་རྒྱུད་སྡེ་ཆེན་པོ་གསུམ་དང་བསྟུན་ནས་གདམས་པ་རྣམས། གཉིས་པ་བཀའ་རྟགས་ཀྱི་འཁོར་བརྒྱད་ལ་ཟབ་དོན་དུ་གདམས་པ་ལ། ཐུ་མི་སམ་བྷོ་ཊ་ལ་གདམས་པས་རང་གྲོལ་དུ་གྱུར་བ། ལྷ་ལུང་རྡོ་རྗེ་དཔལ་ལ་གདམས་པས་ཆོས་དང་སེམས་འདྲེས་ཏེ་རང་གྲོལ་པ། ལོ་ཙཱ་བ་ཨཱཪྻ་ཨ་ལོ་ཀ་ལ་གདམས་པས་སྐུ་གསུང་ཐུགས་སུ་གྲོལ་བ། ཞང་བློན་སྣ་ཆེན་པོ་ལ་གདམས་པ། ཕྱི་བློན་ཁྱུང་པོ་དཔུང་བཏང་བཟུང་རྩེ་ལ་གདམས་པས་སྡིག་པ་བྱང་བའི་རྟགས་ཐོན་པ་ཕྱི་འཁོར་སྤ་འབྲོང་བཤོར་མདོ་བཙན་ལ་སྡིག་པོ་ཆེ་ཅིག་ཅར་དུ་འཚང་རྒྱ་བའི་ཞལ་གདམས། བློན་པོ་མགར་སྟོང་བཙན་ཡུལ་བཟུང་ལ་གདམས་པས་སྡིག་པ་དག་པའི་རྟགས་ཐོན་པ། བཀའི་ཕྱག་ཚང་པ་འབྲི་སེ་རུ་གུང་སྟོན་ལ་གདམས་པ་ཐུགས་རྗེ་ཆེན་པོ་དངོས་


GLG003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཐོང་བ་རྣམས། གསུམ་པ་ཟབ་པ་ཐུན་མོང་མ་ཡིན་པའི་ཞལ་གདམས་ལ། །ཐག་རིང་དུ་འགྲོ་ན་འཁྱེར་རྒྱུ། གཅིག་པུར་འདུག་ན་སེམས། མང་པོའི་ནང་དུ་ངག་ལ་བལྟ་བ་སྟེ་ལྟ་བ་གསུམ་གྱི་ཞལ་གདམས། རིགས་དྲུག་སྡུག་བསྔལ་གྱི་འཁོར་བ་ལ་གཡང་ས་བསྐུལ་བ། མི་རྟག་པའི་དཔེ་གསུམ་གྱིས་ལེ་ལོ་ཅན་བརྩོན་འགྲུས་བསྐྱེད་པ། ཐུགས་རྗེ་ཆེན་པོའི་ཡོན་ཏན་གྱིས་སྐལ་ལྡན་སྤྲོ་བ་བསྐྱེད་པ་སྟེ་ཐུགས་རྗེ་ཆེན་པོའི་ཞལ་གདམས་དོན་གསུམ་མ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཞལ་གདམས། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞིའི་སྟེང་དུ་ཡེ་ཤེས་ཐུགས་རྗེ་བསྣན་ཏེ་ཚད་མེད་དྲུག་གི་ཞལ་གདམས། ལུས་སྤྲུལ་བ། ཁང་ཁྱིམ་དྲི་ཟའི་གྲོང་ཁྱིམ། འཁོར་གཡོག་རྨི་ལམ་ལོངས་སྤྱོད་སྒྱུ་མ། སྣང་སྲིད་ཆུ་ཟླ། སྙན་གྲགས་བྲག་ཅ། ཟས་སྐོམ་སྨིག་རྒྱུ། སེམས་ནམ་མཁའ་དང་འདྲ་བའི་སྒྱུ་མའི་དཔེ་བརྒྱད་ཀྱི་ཞལ་གདམས་རྣམས། བཞི་པ་ཁྱད་པར་གྱི་ཟབ་དོན་ནི། སྤང་བྱ་གསུམ་དང་བླང་བྱ་གསུམ་གྱི་སྒོ་ནས་འཁོར་འདས་ཀྱི་འབྲེལ་པ་གཅོད་པའི་ཞལ་གདམས། བྱིན་རླབས་ཀྱི་རྟེན་བླ་མ་སྤྱི་བོར་དྲན་པ། མོས་གུས་ཀྱི་རྐྱེན་བཀའ་དྲིན་དྲན་པ། བྱིན་རླབས་ཀྱི་རྐྱེན་གདམས་ངག་དྲན་པ་གསུམ་གྱི་བྱིན་རླབས་ཀྱི་ལམ་བླ་མ་སྒྲུབ་པ། རྣམ་པ་མོས་པ་ང་རྒྱལ་གསུམ་གྱི་སྒོ་ནས་ལྷ་ལམ་དུ་བླང་བའི་ཞལ་གདམས། སྡོམ་གསུམ་གྱི་སྒོ་ནས་ལྷ་ལམ་དུ་བླང་བའི་ཞལ་གདམས། སྡོམ་གསུམ་ཡར་ལྡན་གྱི་ཞལ་གདམས། སྐྱེས་བུ་འདོད་ཆགས་ཅན་རྩ་རླུང་ཐིག་ལེ་གསུམ་ལ་བརྟེན་པ་ཐབས་ལམ་གྱི་ཞལ་གདམས། བསྐྱེད་རིམ་དང་རྫོགས་རིམ་ལ་བརྟེན་ནས་མཚན་བཅས་མཚན་མེད་ཟུང་གི་ཞལ་གདམས། ང་བདག་འགོང་པོ་འདོན་ཐབས་བདག་མེད་ཟུང་གི་ཞལ་གདམས་རྣམས། ལྔ་པ་ཐུགས་རྒྱུད་དྲུག་ནི། ཕ་རོལ་ཏུ་


GLG003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་དྲུག་གི་ཐུགས་རྒྱུད་ཀྱི་ཞལ་གདམས། ཕྱག་རྒྱ་ཆེན་པོའི་ཐུགས་རྒྱུད་ཀྱི་ཞལ་གདམས། རྫོགས་པ་ཆེན་པོའི་ཐུགས་རྒྱུད་ཀྱི་ཞལ་གདམས། དབུ་མ་ཆེན་པོའི་ཐུགས་རྒྱུད་ཀྱི་ཞལ་གདམས། ཐུགས་རྗེ་ཆེན་པོའི་ཐུགས་རྒྱུད་ཀྱི་ཞལ་གདམས། ཆོས་སྤྱི་དང་མི་འགལ་བ་ཐུགས་རྗེ་ཆེན་པོའི་ཐུགས་རྒྱུད་ཀྱི་གདམས་པ་རྣམས། དྲུག་པ་གནད་ཀྱི་ཁྱད་པར་ཟབ་དོན་ནི། ཕྱི་ནང་གསང་གསུམ་སྒོམ་པའི་སྒྲ་འདོགས་གཅོད་པའི་ཞལ་གདམས། ཟུང་འཇུག་གསུམ་གྱི་ཞལ་གདམས། དབང་པོ་རབ་བར་དོ་མེད་པའི་ལམ་ཁྱེར། དབང་པོ་འབྲིང་བར་དོར་འཚང་རྒྱ་བའི་ཞལ་གདམས། དབང་པོ་མཐའ་མའི་ལམ་འཁྱེར་འདའ་ཁ་འཆི་བྲོད་ཀྱི་ཞལ་གདམས། མཚན་ཐོས་པས་འཚང་རྒྱ་བ། སྙིང་པོ་བཟླས་པས་འཚང་རྒྱ་བ། བཏགས་པ་འཚང་རྒྱ་བ་རྣམས། བདུན་པ་ཟབ་པ་རང་དོན་གྱི་ཞལ་གདམས་ནི། གཟིགས་ཚུལ། ཡུལ་དྲུག །སྤྱན་དྲུག །ཚུལ་དྲུག །ཐུགས་རྗེ་དྲུག །ཆེ་བ་དྲུག་གི་རྒྱལ་པོའི་སྐུ་གསུང་ཐུགས་ངོ་སྤྲོད་ཀྱི་གདམས་པ། ཕྱི་ནང་གསང་བ་བར་གཅོད་གསུམ་ལས། ཕྱི་གནོད་སྦྱིན་ཕོ་མོ་འདུལ་བ་བརྟུལ་ཞུགས་ཀྱི་གདམས་པ། ཕྱི་གནོད་སྦྱིན་ཕོ་མོ་ཞི་བར་བྱེད་པའི་ཞལ་གདམས། ནང་ན་ཚ་ཞི་བར་བྱེད་པའི་ཞལ་གདམས། གསང་བ་དུག་ལྔ་ཞི་བར་བྱེད་པའི་ཞལ་གདམས། འགྲོ་དྲུག་རང་ཤར་རང་གྲོལ་གཡང་ས་གཅོད་པའི་ཞལ་གདམས་རྣམས་སོ། །གཉིས་པ་ཟབ་པ་རང་དོན་དུ་གདམས་པའི་སྐོར་ལ་ཞལ་གདམས་ཉི་ཤུ་རྩ་བདུན་དཀར་ཆག་ཏུ་བྱུང་བ་གོང་གསལ་རྣམས་ཀྱི་ཁྲོད་དུ་དོན་གྱིས་ཚང་ན་མ་གཏོགས་ད་ལྟ་གླེགས་བམ་དུ་མ་བཞུགས་པ་ལུང་རྒྱུན་མ་རྙེད་དོ། །གསུམ་པ་གཏེར་གནས་མི་གཅིག་པའི་


GLG003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་ཀྱི་སྐོར་ལ། གནོད་སྦྱིན་ནཱ་ག་ཀུ་བེ་རའི་བརླ་གཡས་པའི་དར་ཤམ་གྱི་འོག་ནས་སྤྲུལ་སྐུ་ཤཱཀྱ་བཟང་པོའམ་དཀྱིལ་མཐའ་ཅན་གྱིས་སྤྱན་དྲངས་པ་ལ། འཕགས་པ་ནམ་མཁའི་རྒྱལ་པོའི་མངོན་རྟོགས། ཕྱི་བསྐྱེད་རིམ། ནང་སྙིང་པོ། གསང་བ་རྫོགས་རིམ་གྱི་རྣལ་འབྱོར་ལ་བརྟེན་ནས་སངས་རྒྱས་སྟོང་རྩའི་བསྐྱེད་རྫོགས། ཐོས་པ། མཐོང་བ། གུས་ཤིང་གསོལ་བ་བཏབ་པའི་ཡོན་ཏན་བརྗོད་པ་ཐུགས་དམ་མཐོང་བའི་ཕན་ཡོན་དུ་གྲགས་པ། ཁྲུས་ཆབ་ཀྱི་བྱེད་ཚུལ་དང་ཕན་ཡོན། འགྲོ་ལ་ཕན་པར་བྱ་བའི་ཕྱིར་འགྱུར་ཤོག་གི་སྨོན་ལམ། ཆོས་ཉིད་དོན་གྱི་ཐུགས་རྗེ་རྒྱལ་བའི་ཐུགས་ལ་མི་གབ་པར་སྟོན་པ་ཞལ་གདམས་གབ་པ་མངོན་ཕྱུང་རྣམས་སོ། །རྒྱལ་པོ་ཡབ་ཡུམ་གསུམ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་ཤིང་བང་སོ་ཡར་ཀླུངས་མཐིལ་དུ་བཏབ་ཚུལ། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་སྤྱི་མཐུན་དུ་ཞལ་ཆེམས་ཀྱི་ཚུལ་དུ་མ་འོངས་ལུང་བསྟན་ཡང་གཏེར་གནས་མི་གཅིག་ཀྱང་འདིའི་ཆ་ལག་ཏུ་མཛད་པ་བསམ་ཡས་ཀྱི་ཤིང་ཡུམ་འབོག་གི་རྩ་བར་སློབ་དཔོན་ཆེན་པོ་ལ་རྗེ་འབངས་བཞིས་ཞུས་པའི་ལྷ་ས་བསམ་ཡས་གཉིས་ཀྱི་འཇིག་རྐྱེན་༼གཏེར༽དང་དེ་བཟློག་ཐབས་དང་བཅས་པའི་ལུང་བསྟན་བླ་མ་མངའ་བདག་ཆེན་པོས་ལྷོ་བྲག་མཁོ་མཐིང་གི་སྣང་མཐའི་ཕྱག་ནས་སྤྱན་དྲངས་པ་དང་བཅས་པ་རྣམས་ལེགས་པར་ཐོབ་པས། དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་སྲོང་བཙན་སྒམ་པོ། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཞབས་ལ་བསྟོད་པ་སྔགས་པ་རལ་པ་ཅན། མངའ་བདག་ཉང་རལ་པ་ཅན། སྔགས་དཀར་ལྕང་ལོ་ཅན། ལ་སྟོད་པ་མི་


GLG003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་རྡོ་རྗེ། རྗེ་བཙུན་ཤཱཀྱ་བཟང་པོ། རྟེན་དགེ་སློང་། བླ་མ་ལྷ་རྗེ་དགེ་འབུམ། སྔགས་དཀར་ལྕང་ལོ་ཅན་སྐྱིད་ཤོང་ལྗངས་པ། དྲིན་ཅན་སངས་རྒྱས་ལྕམ་མོ་ཡེ་ཤེས་མཆོག །བྱང་སེམས་ཆུ་སྒོམ་ཞིག་པོ། ལ་སྟོད་པ་དགེ་བསྙེན་སྒོམ་ཐག་ཅན། མཐའ་བཞི་བྱ་བྲལ་ཆེན་པོ། དབུས་པ་རབ་བྱུང་ཆས། འཇམ་དབྱངས་བསོད་ནམས་སེང་གེ་སྟོད་པ་རབ་བྱུང་ཆས། བླ་མ་བཀྲ་ཤིས་རྒྱལ་མཚན། བླ་ཆེན་བློ་གྲོས་རྒྱལ་མཚན། དབུས་པ་རབ་བྱུང་ཆས། འཕགས་མཆོག་ནོར་བུ་བཟང་པོ། མཁས་གྲུབ་བཟང་པོ་རྒྱལ་མཚན། མདོ་སྔགས་ཆོས་ཀྱི་རྒྱལ་མཚན། བླ་མ་རིན་ཅེན་རྡོ་རྗེ། སྣང་བ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་དུ་མ་རང་གྲོལ། རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་དབང་ཆོག་གི་སྟེང་ནས་ཐོབ་པའི་དབང་གི་བརྒྱུད་པ་ནི། མཁས་གྲུབ་བཟང་པོ་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་རྗེ་དཔལ་ལྡན་སངས་རྒྱས། སྟས་སྒ་ངག་དབང་གྲགས་པ། ཡིག་དྲུག་པ་ཤེས་རབ་དཔལ་འབྱོར། རྗེ་བཙུན་ཀུན་དགའ་གྲོལ་མཆོག །བླ་མ་ཆོས་སྐྱོང་རྒྱལ་པོ། རྗེ་ནམ་མཁའ་རྡོ་རྗེ། མཚུངས་མེད་རྣམ་རྒྱལ་དཔལ་བཟང་། མཁས་གྲུབ་དཔལ་ལྡན་ཆོས་འབྱོར། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། གླིང་སྟོད་ཆོས་རྗེ་དཀོན་ཅོག་དཔལ་འབྱོར། རིགས་འཛིན་མཆོག་སྤྲུལ་པདྨ་འཕྲིན་ལས། རྩ་བའི་བླ་མ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །གཏེར་གྱི་རྟགས་མ་གཏོགས་པའི་ལུང་གི་བརྒྱུད་པ་ནི། ཀུན་དགའ་ཚེ་མཆོག་ཡན་གོང་ལྟར་ལ། ཟུར་ཆེན་གཞོན་ནུ་དོན་གྲུབ། དེ་སྲས་ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཐུན་མོང་གི་ལས་ཚོགས་ཞི་བ་ནས་རྣ་བ་འབྱེད་པའི་བར་


GLG003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལས་ཕྲན་དོན་བརྒྱད་པ་དང་གཏེར་གནས་མི་གཅིག་པའི་ཞལ་གདམས་དང་གཏེར་གྱི་རྟགས་ཅན་མ་གཏོགས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་ལུགས་གཙོ་ཆེ་བ་གཅིག་ནི། རྗེ་བློ་གྲོས་རྒྱལ་མཚན་ནས། འཁྲུལ་ཞིག་དབུ་ཐུམ་པ་ཆེན་པོ། སྡོམ་བརྩོན་འདུལ་བ་པ། བྱང་སེམས་དཔལ་ལྡན་གཞོན་ནུ། རྗེ་དཀོན་ཅོག་སྐྱབས། པཎ་ཆེན་པདྨ་དབང་རྒྱལ། ལྷ་རིགས་ལེགས་ལྡན་རྡོ་རྗེ། འབྲོག་སྤ་ལུང་ཆོས་རྗེ། ཡར་འབྲོག་ཡོན་པོ་དོའི་བླ་མ་བཀྲ་ཤིས་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ནམ་མཁས་གྲུབ་བཟང་པོ་རྒྱལ་མཚན་ནས། བླ་མ་དཔལ་ལྡན་སངས་རྒྱས། གུ་རུ་དཔལ་ལྡན་སེང་གེ །རྗེ་དཀོན་ཅོག་སྐྱབས་མན་འདྲ། གཏེར་གྱི་རྟགས་ཅན་གྱི་ལུང་གི་བརྒྱུད་པ་ནི། ཆུ་རགས་པ་བློ་གྲོས་རྒྱལ་མཚན་ནས། བླ་མ་སངས་རྒྱས་དོན་གྲུབ། རྗེ་བཙུན་རིན་ཅེན་ཤེས་རབ། མར་སྟོན་ཤེས་རབ་བཟང་པོ། ཐུགས་སྲས་ཡོན་ཏན་བཟང་པོ། རྫ་སྣ་པ་གྲགས་པ་དཔལ་འབྱོར། པཎ་ཆེན་ཆོས་ཀྱི་ཤེས་རབ། དོན་གྲུབ་ལེགས་པ་དཔལ་འབར། དབུ་མཛད་དོན་གྲུབ་དཔལ་བ། རྗེ་བསྟན་འཛིན་གྲགས་པ། མཁས་མཆོག་མདོ་སྔགས་བསྟན་འཛིན། མང་ཐོས་དམ་ཆོས་བཟང་པོ། རྗེ་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་སྣ་ཚོགས་རང་གྲོལ་ནས། ཐུགས་སྲས་ཀུན་དགའ་གྲགས་པ། མདོ་སྔགས་བསྟན་འཛིན་མན་འདྲ། ཉམས་འཁྲིད་དང་དེའི་ཡི་གེ་རྒྱལ་སྲས་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ལུང་གི་བརྒྱུད་པ་ནི། བཟང་པོ་རྒྱལ་མཚན་ཡན་གོང་ལྟར་ལ། བླ་མ་དཔལ་ལྡན་སངས་རྒྱས། རྗེ་དཔལ་ལྡན་སེང་གེ །སྔགས་འཆང་དཀོན་ཅོག་སྐྱབས། མངའ་རིས་པཎ་ཆེན་རིན་པོ་ཆེ།


GLG003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་ཤེས་རབ་རྒྱལ་མཚན། ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ། གངས་རི་བ་སྐྱེས་མཆོག་མི་ཕམ་མཆོག་ལས། གངས་རི་བ་རིན་ཅེན་དོན་གྲུབ་ཕུན་ཚོགས། གངས་རི་བ་སྤྲུལ་སྐུ་རིན་ཅེན་རྡོ་རྗེ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལ་ཉམས་འཁྲིད་སྨིན་རྒྱས་སུ་གནང་ཞིང་འཁྲིད་འདི་ལ་ཡིག་འབྲུ་བྱེ་བ་གཏོང་དགོས་པའི་དམ་བཅའ་དགོས་ཀྱི་འདུག་པ་ལྟར་རང་བྱོན་འཕགས་པའི་དྲུང་དུ་བླ་མ་མངའ་བདག་གི་འགྲོ་འདུལ་ཡིད་བཞིན་ནོར་བུའི་ལས་བྱང་ལ་བརྟེན་ནས་ལེགས་པར་སོང་བའི་སྐལ་བཟང་ཐོབ་བོ། །མ་གཅིག་དཔལ་ལྷ་རྗེས་གནང་གི་བརྒྱུད་པ་ནི། ཆུ་སྒོམ་ཞིག་པོ་ཡན་གོང་ལྟར་ལ། དེ་ནས་བླ་མ་དགེ་འདུན་དཔལ་བཟང་། རྗེ་སངས་རྒྱས་སེང་གེ །རྗེ་ཚུལ་ཁྲིམས་རྒྱལ་མཚན། རྗེ་བཙུན་སངས་རྒྱས་བརྩོན་འགྲུས། རིགས་འཛིན་སངས་རྒྱས་བདེ་ཆེན། བྱ་ཚང་པ་རིན་ཅེན་དཔལ་འབྱོར། མཁས་གྲུབ་པདྨ་སངས་རྒྱས། རིགས་འཛིན་ཆེན་པོ་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མའི་སྔགས་པ་འཁོན་སྦྱོང་ལག་པའི་འདུ་བྱེད་བསྐྱོད་བ་ལག་མཐིལ་དུ་པ་ཙ་ན་ཏི་ཟེར་བ་དང་། ཡང་སུ་ཏུ་ཁ་ཧི་ཟེར་བའི་རིགས་མི་གཅིག་པ་གཉིས་ཀྱི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། གྲུབ་ཐོབ་དངོས་གྲུབ་ནས་རིམ་པར། ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། ཟུར་ཀུན་མཁྱེན་ཆེན་པོ། དེས་བདག་ལའོ། །དགེ་བཤེས་དྲི་འཛིན་ཚེའི་གཏེར་ཆོས་ནི་མ་ཐོབ། །གྲུ་གུ་ཡང་ཝཾ་ནི་མདོ་ཁམས་སུ་སྐུ་འཁྲུངས་པའི་འཁྲུལ་མེད་ཀྱི་གཏེར་སྟོན་མཐུ་


GLG003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ནུས་པའི་དབང་ཕྱུག་ཅིག་ཡིན་ཞིང་། དེ་ཡང་ཕྱི་ནང་ཀུན་གྱི་གཉེན་པོར་གྱུར་བའི་འཇམ་དཔལ་གཤིན་རྗེ་འཇོམས་བྱེད་རཀྴ་ནག་པོ་ཞེས་བྱ་བ། དགྲ་སྲི་མཐའ་དག་གནོན་པའི་མན་ངག་ཟབ་མོ་མུ་སྟེགས་རྒྱུད་གསུམ་ནས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་བཏུས་ཏེ་འོམ་བུ་ཚལ་གྱི་བྲག་དམར་ལ་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་གཏེར་སྟོན་ཆེན་པོ་དེས་སྤྱན་དྲངས་པའི་སྐོར་ལ། ཐོག་མར་གཏེར་གཞུང་གི་བཀའ་གཏད་ལ་ཆོས་རྒྱལ་མངྒའི་མཚན་ཅན་གྱིས་ལྗགས་བསྒྲིགས་སུ་མཛད་པའི་ཉི་ཟླའི་གདམས་གཏད་སྙན་བརྒྱུད་ཕྱག་ལེན་གསལ་བར་བྱེད་པའི་ལྡེ་མིག་དང་། མཐོང་བརྒྱུད་ཀྱི་ཕྱག་ལེན་ལ་བརྟེན་ནས་འཇམ་དཔལ་གཤིན་རྗེ་འཇོམས་བྱེད་དང་དབང་ཕྱུག་ཟླ་བ་ནག་པོའི་སྤུ་གྲི་གཉིས་ཀྱི་བཀའ་གཏད་ལེགས་པར་ཐོབ། བཀའ་གཏད་འདི་མ་ཐོབ་པར་ལས་སྦྱོར་བྱས་ན་ལྷ་འདྲེ་དྲེགས་པ་ཅན་རྣམས་ཀྱིས་རང་སྲོག་གཟན་ལྟར་མཐོང་ནས་བར་གཅོད་ཀྱི་དབང་དུ་འགྲོ་བར་བཤད་པས། སྔགས་འཆང་མཚན་ཉིད་དང་ལྡན་པ་ཅིག་བྱེད་ན་ཆོས་ཕྱིར་དུ་དཀའ་བ་ལེགས་པར་སྤྱོད་དགོས་སོ། །ལུང་གི་སྐོར་ལ། མ་ཡིག །བུ་ཡིག །ཉེར་མཁོ་ལྷན་ཐབས་དང་གསུམ། དང་པོ་ལ། ནང་གསེས་ཀྱི་ཐོག་མར་རྒྱ་བོད་ཀྱི་སྐད་ཤན་སྦྱར་ཏེ་བྲག་དམར་འོམ་བུར་གཏེར་སྦས་ཚུལ་དང་བཅས་ཏེ་ས་བཅད་དྲུག་སྔོན་དུ་བཏང་པའི་དགྲ་སྲི་མནན་ཐབས་མཇུག་ཏུ་བུ་ཡིག་སོ་སོར་གསལ་བའི་མཐའ་ཅན། དགྲ་བོ་བསྒྲལ་ཕྱིར་རླུང་འཁོར་བཅའ་བ་བུ་ཡིག་ཏུ་གསལ་བའི་མཐའ་ཅན། མཐུན་གཉིས་ནང་དཀྲུག་འབྱེད་ཐབས་དང་འགོམ་ཆོག་རྫས་རྒོད་ཟ་ཡིག་རྣམས་ཀྱི་རྩ་ཚིག་ཕྲད་ཤོག་གི་མཐའ་ཅན་ནོ། །གཉིས་པ་བུ་ཡིག་གི་སྐོར་ལ། འཇོམས་བྱེད་རྩལ་


GLG003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཉི་ཟླ་ནག་པོའི་མན་ངག །གསལ་བྱེད་གསེར་གྱི་འཕྲེང་བ་ཞེས་རིམ་ཆགས་སུ་ཡོད་པ་ལ་དགྲ་སྲི་གནོན་པའི་མན་ངག་གསལ་བྱེད་རཱུ་པ་བ་འདྲི་བའི་འཁོར་ལོ་དམིགས་པ་དབང་ཕྱུག་གི་སྔགས་དང་བཅས་པ་སྦས་བྱང་དུ་ཚང་བ། ནང་ལྟར་སྒྲུབ་པ་གཤིན་རྗེ་དམར་པོའི་ཏིང་འཛིན་སྔགས་དང་བཅས་པ་གསེར་སྲང་གང་གི་བཀའ་རྒྱ་མ། འཇོམས་བྱེད་ཀྱི་བསྟོད་པ་འཕྲིན་བཅོལ་བསྐལ་མེ་མ། དབང་ཕྱུག་གི་བསྟོད་པ་འཕྲིན་བཅོལ་མཚོན་ཆ་སྣ་ཚོགས་མ། མ་འོངས་དུས་མཐར་ལོག་སྤྱོད་འབྱུང་བའི་ལུང་བསྟན་དང་བསྟན་དགྲ་དར་བའི་དུས་སུ་མུ་སྟེགས་སྤུ་གྲིའི་རྒྱུད་གསུམ་ནས་པདྨ་བདག་གིས་བཏུས་ཚུལ། དགྲ་བྱང་བཟློག་ཕྱིར་འུར་རྡོ་དང་ཀོང་ཟོར་བཅའ་ཞིང་འཕེན་ཚུལ་རྣོ་མྱུར་ཐོག་འདྲའི་མན་ངག་གསེར་སྲང་གང་གི་བཀའ་རྒྱ་མ་མཇུག་ཏུ་སྦས་བྱང་ཕྲད་ཤོག་གི་མཐའ་ཅན། དགྲ་བོ་བསོད་ནམས་ཆུ་བཅད་པ་བཞིན་དུ་འགྲོ་བའི་འགོམ་ཆོག་སྐུ་གསུང་ཐུགས་ཀྱི་རྒྱ་ཅན་གནུབས་ཀྱི་མཆོད་རྟེན་ས་ཉལ་མ་ཞེས་གྲགས་པ་མཚོན་གྲིར་གསོད་ངེས་པ་གསེར་རང་ལུས་ཙམ་བྱིན་པའམ་རིགས་ཀྱི་བུ་ཡིན་ན་མ་གཏོགས་མི་སྟོན་པའི་བཀའ་རྒྱ་ཅན་སྦས་བྱང་གི་མཐའ་ཚང་བ། སྟག་སེང་ཁ་འཐབ་སྤོང་བ་ལ་མེད་དུ་མི་རུང་བ་ཡིག་རྒོད་གསུམ་གྱི་དཔེ་རིས་གྲིལ་ཐུམ་ཚེས་དུས་ཕྱོགས་རྣམས་སོ་སོར་བརྡ་སྤྲོད་སྦྱར་བ། དགྲ་དཔུང་འཇོམས་མཛད་ཉི་ཟླ་ནག་པོའི་དགྲ་མནན་རྒྱུད་ཁུངས་སོགས་ལིངྒ་ཕྱི་ནང་སྒྲུབ་པ་གང་བྱེད་ཀྱང་གཏོར་མ་བཤམས་མཚམས་བཅད་སྤང་བླང་ལ་བརྩོན་པར་བྱ་ཞེས་པའི་མཐར་ཐུག་པ། དེ་ནས་རང་ཉིད་དབང་ཕྱུག་ཆེན་པོར་བསམས་ཞེས་སོགས་དམོད་མོ་གྲུབ་རྟགས་རྣམས་བསྟན་པ་མུ་སྟེགས་ཟླ་བ་ནག་པོའི་སྤུ་


GLG003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གསེར་སྲང་གང་གི་བཀའ་རྒྱ་མ། འཇམ་དཔལ་དང་དབང་ཕྱུག་གཉིས་ཀྱི་བཀའ་གཏད་བྱ་ཚུལ་གསེར་སྲང་གང་གི་བཀའ་རྒྱ་མ། དགྲ་བོ་བློ་བུར་དུ་འབྱུང་བའམ་བྱད་ཁ་མཚོན་གྱི་འཇིགས་པ་སེལ་ཕྱིར་མུ་སྟེགས་དྲག་པོའི་སྔགས་རྒོད་གསུམ་གྱི་དགོས་བྱེད་བཞི་དང་ཕན་ཡོན་བསྟན་པ། དགྲ་བོ་བསྒྲལ་ཕྱིར་རླུང་འཁོར་བཅའ་བ་རྡོ་རྗེ་འཛིན་པའང་སྒྲོལ་བར་འགྱུར་པ། རྫས་རྒོད་ནག་པོ་གནམ་ལྕགས་སྤུ་གྲི་གང་ལ་བརྒྱབ་ཀྱང་ཐོག་རྡུག་མེད་པ་བུ་མིན་པ་གཞན་ལ་མི་སྟོན་པའི་བཀའ་རྒྱ་ཅན། མཐུན་གཉིས་ནང་དཀྲུག་མུ་སྟེགས་འབར་བའི་མཚོན་ཆ་མཇུག་ན། གཏེར་སྟོན་ཐུགས་ལ་འདྲིས་གྱིས་ལ༔ ཤོག་སེར་འབྱུང་བའི་ཡོས་ལ་བསྐུར༔ སོགས་ཀྱི་ཞལ་གདམས་ཡོད་པ། གཞུང་དེ་རྣམས་སུ་བསྐུངས་པའི་ཡི་གེ་གསལ་བྱེད་བརྡ་སྦྱོར་ཡང་ཡིག་གི་ཚུལ་ལ་ཡིག་རྒོད་ཀྱི་ཞལ་ཤེས་ཚེས་འགྱུར་དམིགས་གནད་སྟོན་པ། ཕོ་མོ་གཉིས་སྦྱོར་གྱི་བར་འཁོར་ཉི་ཟླ་གཡུང་དྲུང་རླུང་ལ་འཕྱར་བ་སོ་སོར་བྱེད་པའི་གནད། རྫས་རྒོད་སྣོད་ལ་སྦྱོར་བའི་ཡིག་རྒོད་དཀྲུགས་ཡིག་གསལ་བྱེད་ཤིན་ཏུ་གབ་པ་རྣམས་གཏེར་བྱོན། གསུམ་པ་ཉེར་མཁོ་ལྷན་ཐབས་ལ། མི་ཉག་བྱང་པ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་ཕས་རྒོལ་འཇོམས་བྱེད་ཀྱི་མན་ངག་གྲུ་གུ་ཡང་ཝཾ་གི་གཏེར་ཐོས་ཚུལ་གྱི་གསན་ཡིག་ཉི་ཟླའི་འོད་ཟེར། དེས་མཛད་པའི་བརྒྱུད་འདེབས་འགྲོ་བའི་ཉི་མ། དེས་མཛད་པའི་སྒོམ་ལུང་འབོགས་པའི་ཆོ་ག་ཚ་གྲང་ཉི་ཟླའི་གདུང་སེལ། བཀའ་གཏད་དངོས་གཞི་མ་ཐོབ་ན་སྒྲུབ་པ་བྱེད་མཁན་ལ་འདི་མཛད་སྲོལ་ཡོད། དེས་མཛད་པའི་ཉི་ཟླའི་གདམས་གཏད་སྙན་བརྒྱུད་ཕྱག་ལེན་གསལ་བར་བྱེད་པའི་ལྡེ་མིག །དེས་མཛད་པའི་འཇོམས་བྱེད་རྩལ་ཆེན་མན་ངག་རྩ་སྡོམ་ཞལ་གདམས་ཚིགས་བཅད་མ། དེས་


GLG003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་འཇམ་དཔལ་གཤིན་རྗེ་རཀྴའི་ལས་བྱང་ཚ་ཟེར་ནག་པོའི་གདུང་བྱེད། དེས་མཛད་པའི་འཇོམས་བྱེད་རྩལ་ཆེན་གྱི་མན་ངག་ཉི་ཟླ་ནག་པོའི་སྨད་ལས་ཟངས་ལྕགས་ངར་མའི་དབལ་ཐོག །དེས་མཛད་པའི་མ་ཧཱ་དེ་ཝའི་ལས་བྱང་ཟླ་བ་ནག་པོའི་སྤུ་གྲི། རཏྣ་ཤ་རས་མཛད་པའི་ལྷ་ཆེན་མ་ཧཱ་ཤྭ་རའི་སྒོ་ནས་དགྲ་བོ་མནན་པའི་མན་ངག །འཁོར་ལོ་བཅའ་གཞིའི་དཔེའུ་རིས་ཞལ་ཤེས་ཕྱག་ལེན་དམར་འཁྲིད་ལན་གསུམ་གྱི་བར་དུ་དོགས་སེལ་བ་དང་བཅས་ཞུས་པ་རྣམས་ཀྱི་རྒྱུད་པ་ནི། སངས་རྒྱས་གཉིས་པ་པདྨ་འབྱུང་གནས། བདེ་ཆེན་ཡེ་ཤེས་བསྐྱེད་མཛད་མཁར་ཆེན་གཟའ། སྤྲུལ་པའི་གཏེར་སྟོན་གྲུ་གུ་ཡང་ཝཾ། བླ་མ་ཚུལ་ཁྲིམས་རྡོ་རྗེ། བལ་པོ་རིན་ཅེན་རྒྱལ་མཚན། སྟོན་ཆུང་གྲགས་དབང་། སྔགས་འཆང་ཚུལ་ཁྲིམས་འབྱུང་གནས། བླ་མ་དབང་ཕྱུག་རྡོ་རྗེ། ནུས་ལྡན་རིན་ཅེནསེང་གེ །རིགས་འཛིན་མི་བསྐྱོད་རྡོ་རྗེ། ནགས་ཕུ་པ་རིན་ཅེན་བཟང་པོ། ཏྲེ་བོ་ཆོས་བཟང་། རོང་པོ་སེང་གེ་རྡོ་རྗེ། ཕ་ཇོ་འཇིགས་བྱེད་ནག་པོ། སྔགས་འཆང་འཇམ་དཔལ་རྒྱ་མཚོ། མཚུངས་མེད་སངས་རྒྱས་རྒྱལ་མཚན། རྡོ་རྗེ་གསུམ་གྱི་རྣལ་འབྱོར་པ་རིན་ཅེན་དབང་ཕྱུག །མཐུ་ཆེན་མདོ་སྡེ་རྒྱ་མཚོ། རྗེ་པདྨ་དབང་ཕྱུག །གྲུབ་བརྙེས་བཀྲ་ཤིས་དབང་ཕྱུག །ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ཆེན་པོ་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ཀུན་མཁྱེན་རྩ་བའི་བླ་མ། དེས་བདག་ཟ་ཧོར་སྔགས་སྨྱོན་གྱི་མཚོན་ཆར་གདམས་པ་ཡིན་ནོ། །འདིའི་འཁོར་ལོའི་སྐོར་གྱི་ཕྱག་ལེན་ཤིན་ཏུ་ཟབ་པ་འགའ་ཞིག་གི་ལག་འཁྲིད་ནི། རིགས་འཛིན་ངག་གི་དབང་པོ་ནས་གྲུ་གུ་ཡང་


GLG003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཝཾ་གི་གདུང་འཛིན་སྔགས་འཆང་དོན་གྲུབ་བཀྲ་ཤིས། དེ་ལ་ཁོ་བོས་ཐོས་སོ། །རྗེས་འབྲང་མང་པོས་གསུང་རྒྱུན་མ་ཟིན་པའི་འབྲུ་བཤད་དང་ཕྱག་ལེན་དཔྱད་མི་བཟོད་པ་ཁ་ཡར་འདུག་པ་འདི་སྐོར་གྱིས་བཀའ་གཏད་དང་ལུང་རྣམས་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེར་ཕར་ཕུལ་སྐབས་ཕྱག་ལེན་ཁུངས་ཐུབ་བཞུགས་འདུག་པ་མཐོང་ནས། ཞལ་ཤེས་དམར་འཁྲིད་ཀྱིས་མཛུབ་ཚུགས་འཁྲུལ་མེད་དུ་ནོས་པའི་བརྒྱུད་པ་ནི། རིགས་འཛིན་ངག་གི་དབང་པོ་ནས། བྲག་ལ་སྔགས་འཆང་དོན་གྲུབ་རྒྱལ་མཚན། སྤྲུལ་པའི་སྐུ་མཆོག་པདྨ་འཕྲིན་ལས། དེས་བདག་ལའོ། །གསོལ་འདེབས་ལས། ནམ་མཁའ་སྙིང་པོའི་སྤྲུལ་པ་དཔལ་རྒྱལ་མཚན། ཉི་ཟླ་སངས་རྒྱས་ཟླ་ནག་གཟི་བརྗིད་འབར། ལྷོ་ཡི་བནྡེ་རོག་བན་འབོག་པོ་དང་། སར་སྟོན་ཕྱོགས་མེད་ཅེས་རྣམས་ལ་གསོལ་བ་འདེབས། ཞེས་པའི་གཏེར་སྟོན་བྱང་ཆུབ་གླིང་པའམ་དཔལ་རྒྱལ་མཚན་དུ་གྲགས་པ་ནི། སྤྲུལ་པའི་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱི་མོན་གྱི་བྲག་མཐའ་ཕྲ་མོ་ཆུ་ཕུག་དཔལ་གྱི་ཕུག་རིང་ལྷ་མོ་ལཱ་སྱེ་གར་བྱེད་པ་འདྲ་བའི་གསང་གནས་ནས། སྤྱན་དྲངས་པའི་ལམ་ཡིག་དོན་བྱང་ལས། འདི་ནས་ནུབ་ཀྱི་ཕྱོགས་ཤེད་ན༔ གཡས་རུ་ཆུ་ཀླུང་འབབ་པའི་ལྷོ༔ མང་ཡུལ་རྒྱལ་པོའི་ཤར་ཕྱོགས་ལོགས༔ དཔལ་མོ་ཐང་གི་དཀྱིལ་སྟོད་ན༔ ལྷ་མཚོ་སྲིན་མཚོ་ནུབ་ཕྱོགས་ན༔ སློབ་དཔོན་པདྨའི་དགོངས་པའི་བཅུད༔ ནམ་མཁའི་སྙིང་པོའི་ཐུགས་གཏེར་ཡོད༔ ལྔ་བཅུ་ཁར་ལ་སྙིགས་མའི་དུས༔ རང་གཏེར་བླངས་ནས་འགྲོ་དོན་བྱེད༔ གསང་སྔགས་དར་ལ་མ་སྨིན་དུས༔ སྐལ་ལྡན་ཀུན་གྱི་ཆོས་སྐལ་ཡིན༔ དྲན་པར་གྱིས་ཤིག་བོད་འབངས་ཀུན༔ ཞེས་གསུངས་པ་ལྟར་གནུབས་ཀྱི་


GLG003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ནམ་མཁའི་སྙིང་པོ་ཞེས་དཔལ་ཡང་དག་གི་གྲུབ་པ་བརྙེས་ནས་རྒྱ་གར་ནས་བོད་ལ་ཞག་གཅིག་ལ་བྱོན་ཉི་ཟེར་ལ་ཆིབས་པ་སོགས་དཔག་པར་དཀའ་བའི་རྫུ་འཕྲུལ་མངའ་བ་གང་དེའི་རྣམ་སྤྲུལ་གཏེར་སྟོན་ཆེན་པོ་དཔལ་རྒྱལ་མཚན་གྱིས་དཔལ་མོའི་དཔལ་ཐང་གི་བྱ་མང་པོའི་ཕུག་པ་ནས་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྐུ་གསུང་ཐུགས་རྟེན་བྱེ་བ་གཅིག་བཞེངས་པའི་རྡོ་རྗེ་བཅུ་གཅིག་པ་མཐོང་གྲོལ་གནམ་ལྕགས་རྡོ་རྗེ་དང་ལྷན་ཅིག་ཏུ་ཀུན་བཟང་ཐུགས་གཏེར་འཁོར་འདས་རང་གྲོལ་གྱི་ཆོས་སྐོར་སྤྱན་དྲངས་པ་ལ་དབང་ཆོག་རིན་ཅེན་བུམ་བཟང་གི་སྟེང་ནས་སྟ་གོན་སྔོན་དུ་འགྲོ་བའི་རིགས་པའི་དབང་ལྔ། རྡོ་རྗེ་སློབ་དཔོན་གྱི་དབང་། གསང་དབང་ཤེས་རབ་ཡེ་ཤེས། སྤྲོས་བྲལ་ཚིག་དབང་། མཐའ་རྟེན་རྗེས་གནང་གི་རིམ་པ་དང་བཅས་པ། དབང་ཆོག་༼༽དངོས་གྲུབ་རྒྱུན་འབྱུང་གི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཀུན་བཟང་སོགས་ཞི་བ་རིགས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་དང་ཕན་པའི་དབང་བཅུ་ཡན་གྱི་རྫས་དབང་། ཁྲོ་བོ་ཡང་དག་གི་བྷནྡྷ། ལྷ་སྐུ། ཙིཏྟ། མར་མེ། དབུ་རྒྱན། བུམ་པ། ཕྱག་མཚན། དུར་ཁྲོད་དང་དཔལ་གྱི་ཆས་དབང་། སྔགས་དབང་། སྲས་མཆོག་ཕུར་པའི་གཙོ་བོ་ཁྲོ་བཅུ་ཕྲ་ཕྱག །རྫས་དབང་། ལས་སྦྱོར་གྱི་དབང་། གསང་དབང་། ཤེར་དབང་། དབང་བཞི་པ་དང་བཅས་པ། སྲོག་དབང་གི་ཡི་གེ་དངོས་སུ་མེད་ཀྱང་རཀྵ་༼༽མ་ཧཱ་ཀ་ལ་དང་ལྷ་མོ་རང་བྱུང་རྒྱལ་མོ་གཉིས་ཀྱི་གཏོར་མ་མགོ་བོར་འཇོག་པའི་དབང་། སྲོག་༼༽བདག་སྤུ་གྲི་རྣམ་གསུམ། རྡོར་ལེགས་༼༽གཙོ་བོར་གྱུར་པའི་གིང་སྤུ་གྲི་རེག་གཅོད་གཙོ་འཁོར་རྣམས་ཀྱི་གཏོར་མ་ལག་གཏོད་ཀྱི་བཀའ་གཏད། གསང་བའི་བདག་པོ་གནོད་སྦྱིན་


GLG003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེའི་སྐུ། སྒྲུབ་ཐབས་སྔགས་འཕྲེང་ཕྱག་མཚན་ལ་བརྟེན་པའི་དབང་གུ་རུ་དྲག་པོ་༼༽རྩལ་གྱི་ཏིང་ངེ་འཛིན་གྱི་བུམ་གསང་ཤེས་རབ་རིག་པའི་རྩལ་དབང་དང་བཅས་པ་རྣམས་ལེགས་པར་ཐོབ། རྒྱབ་རྟེན་ལུང་གི་སྐོར་ནི། ཐེམས་བྱང་གསལ་སྒྲོན་ལས་ནམ་མཁའི་སྙིང་པོས་གསོལ་བ། མ་ཧཱ་གུ་རུ་ཆེན་པོ་ལགས༔ མ་འོངས་སྙིགས་མའི་དུས་དག་ཏུ༔ ཡང་རབ་སྐལ་ལྡན་དོན་གྱི་ཕྱིར༔ བདུད་རྩི་ལྟ་བུ་ཐུགས་ཀྱི་བཅུད༔ འཁོར་བའི་ནད་སེལ་བདུད་རྩི་སྨན༔ དགོས་འདོད་འབྱུང་བའི་རིན་པོ་ཆེ༔ མ་རིག་མུན་སེལ་འོད་པོ་ཆེ༔ དམ་ཆོས་སྒྲོལ་མ་རྣམ་དྲུག་གནང་༔ མ་འོངས་བསྟན་པའི་བཙས་སུ་འཇོག༔ ལས་ཅན་བུ་ཡི་རྗེས་མཇུག་ཏུ༔ རྨོངས་པ་གཏུམ་པོ་ལོག་ཤེས་ཅན༔ ཡང་དག་དོན་གྱི་བློ་མེད་པས༔ ཚིག་ལ་དབྲི་བསྣན་མི་བྱེད་དམ༔ དོན་ལ་རྨོངས་པར་མི་འགྱུར་རམ༔ དམ་ཆོས་བདུད་རྩི་ལྟ་བུ་ལ༔ ཚོང་འདུས་འོ་མ་ལྟར་བསླད་ན། ཕུང་བྱེད་གཉིས་ཀ་བསྲེགས་འགྱུར་པས༔ ཐེམས་བྱང་གསལ་བའི་མན་ངག་ཞུ༔ ཞེས་གསུངས་པ་ལྟར། སྤྱི་ཚོམ། ནང་གཏེར་རྭ་སྐོར། ལྟེ་སྐོར། ལྟེ་སྐོར་གྱི་ཆིངས། རྭ་ཕྲག་གི་སྐོར་དང་ལྔ། དང་པོ་ལ། གཏེར་ཆེན་གདན་འདྲེན་པའི་ལམ་ཡིག་གསུམ་ནི་སྤྲུལ་སྐུ་ཚེ་བརྟན་རྒྱལ་མཚན་གྱིས་ཆུ་མོ་ཕུག་ནས་བཏོན་པའི་དོན་བྱང་གསལ་བའི་མེ་ལོང་ཁ་བྱང་དང་སྙིང་བྱང་གཉིས་དབུ་ཞབས་སུ་ཚང་བ། དེའི་ལེ་ལག་གཏེར་ཁ་སྔ་ཕྱི་ལུང་བསྟན་གུང་མཐུན་པ་ལྟར་བཀའ་འགྲོལ་གསོལ་བཏབ་ཀྱི་ཞུ་ཡིག་བླ་མ་ཤཱཀྱ་དཔལ་པས་མཛད་པ། གཉིས་པ་ནང་གཏེར་རྭ་སྐོར་ལ། སྤྱིར་དགོས་པ་དང་། སྒོས་ཀྱི་གཞུང་གཉིས། དང་པོ་ལ། གསུམ་ཡོད་པའི་ལག་ལེན་དམར་བྱང་འོག་ཏུ་བསྟན་ནས། ཞུ་ལན་གསལ་བའི་སྒྲོན་མ་ཞེས་པ་ཨོ་རྒྱན་ཆེན་པོ་ལ་གནུབས་


GLG003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྙིང་པོས་ཞུས་པ་སྦས་བྱང་དུ་ཚང་པ། གཏེར་སྟོན་ལ་གདམས་པ་གནད་ཀྱི་ཞལ་གདམས་ཞེས་བྱ་བ་སྦས་བྱང་དུ་ཚང་བའོ། །གཉིས་པ་སྒོས་ཀྱི་གཞུང་ལ། བླ་སྒྲུབ་བྱིན་རླབས་ཀྱི་སྒྲོན་མ། ཐུགས་དམ་ཡང་གསང་གསལ་བའི་སྒྲོན་མ། རྫོགས་ཆེན་རང་ལུགས་ལྟ་བའི་སྒྲོན་མ། བཀའ་བརྒྱུད་གསལ་བྱེད་ཐེག་པའི་སྒྲོན་མ། འཕྲིན་ལས་ཡོངས་རྫོགས་ཐུགས་རྗེའི་སྒྲོན་མ། དྲག་སྔགས་བསྟན་སྲུང་སྒྲོན་མེ་དང་དྲུག །དང་པོ་ལ་བླ་མ་ཀུན་འདུས་ཀྱི་རྒྱུད་ཅེས་པ་ལེའུ་བཅུ་དྲུག་པ་བརྒྱུད་ཚུལ་གཏད་རྒྱ་མཐའ་རྟེན་རྫོགས་བྱང་དུ་ཚང་བ་འཁོར་ལོ་པདྨ་རྡོ་རྗེའི་རྒྱ་ཅན། ཕྱི་སྒྲུབ་དག་སྣང་སྐྱེད་བྱེད་ཅེས་གླེང་གཞི་སྔོན་དུ་འགྲོ་བས་ཕྱི་རྒྱུད་སྡེ་གསུམ་ལྟར་བླ་མ་སྒྲུབ་པ་ལས་ཅན་ལ་ཕྲད་ཤོག་གྱི་མཐར་ཚང་བ། ནང་སྒྲུབ་དབང་གི་ངོ་སྤྲོད་ཅེས་པ་གསང་སྔགས་ལྟར་བླ་མ་སྒྲུབ་ཐབས་ཐུགས་སྤྲུལ་ལ་ཕྲད་ཤོག་གི་མཐར་ཚང་བ། གསང་སྒྲུབ་བླ་མའི་དོན་འཁྲིད་ཅེས་པ་བླ་མ་ཀུན་བཟང་ཡབ་ཡུམ་གྱི་རྣམ་པར་སྒྲུབ་ཐབས་ཕྲད་ཤོག་སྨོན་ལམ་གྱི་མཐར་ཚང་པ། དབྱེར་མེད་སྐུ་བཞིའི་སྒྲུབ་པ་ཞེས་པ་གུ་རུ་ཟ་ཧོར་མ་གཡོན་དུ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་ཕྱོགས་བཞིར་རིགས་བཞི་མཚམས་བཞིར་གསང་ཡུམ་བཞི་རྣམས་དང་བཅས་པའི་སྒྲུབ་ཐབས་གཟུགས་སྐུས་འགྲོ་དོན་བྱེད་པའི་མཐའ་ཅན། ལས་ཚོགས་ཐུགས་རྗེ་འཕྲིན་ལས་ཞེས་པ་བླ་མའི་རིགས་དྲུག་གི་སྒོ་ནས་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་ཐབས་སྨོན་ལམ་མཐར་ཚང་བ། བྱིན་རླབས་དངོས་གྲུབ་སྒྲུབ་པ་ཞེས་པ་སྒྲུབ་ཐབས་གོང་མ་རྣམས་ཀྱི་ཁ་སྐོང་དུ་བླ་མ་མཆོད་པའི་རིམ་པར་རང་བྱིན་རླབས་ཞུ་བ་སློབ་བུ་བྱིན་གྱིས་བརླབ་པ། གྲུབ་མཐའ་བླ་མའི་ངོ་སྤྲོད་


GLG003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་མཁའ་འགྲོ་གཏད་རྒྱ་མཐར་ཚང་བ། དབང་ཆོག་རིན་ཅེན་བུམ་བཟང་ཞེས་པ་སྨིན་བྱེད་རབ་འབྱམས་བཀའ་དབང་གནད་ཡིག་སྦས་བྱང་དུ་ཚང་བ། གུ་རུའི་ལས་བྱང་ཡིད་བཞིན་ནོར་བུ་ཞེས་པ་གུ་རུ་རིགས་ལྔ་སོགས་ལྷ་སོ་བདུན་གྱི་དཀྱིལ་འཁོར་ཆོ་ག་སྦས་བྱང་དུ་ཚང་བ། སྦྱིན་སྲེག་ཡེ་ཤེས་རང་འབར་ཞེས་པ་ཞི་རྒྱས་དབང་དྲག་ཡོངས་རྫོགས་ལྷུན་གྲུབ་ལྔའི་ལག་ལེན་རྫོགས་བྱང་དུ་ཚང་བ། དངོས་གྲུབ་རྒྱུན་གྱི་སྦྱིན་སྲེག་གམ་མཁའ་འགྲོ་གསང་བའམ་ཁ་སྐོང་སྒྲུབ་པའི་སྦྱིན་སྲེག་ཅེས་པ་བླ་མ་ཡབ་ཡུམ་དཔའ་བོ་མཁའ་འགྲོ་སྡེ་བཞི་ལ་བརྟེན་པ་སྦས་བྱང་དུ་ཚང་བ། གཤིན་དོན་ཐུགས་རྗེའི་ལྕགས་ཀྱུའམ་རིགས་དྲུག་གི་སྒྲིབ་སྦྱོང་ཐུགས་རྗེའི་ཆུ་རྒྱུན་ནམ་ཐུགས་རྗེ་ཡོངས་རྫོགས་རང་གནས་ཞེས་པ་འདྲེན་སྦྱོང་གནས་སྤོར་སོགས་སྨོན་ལམ་མཐར་ཚང་བ། རོ་སྲེག་དུག་གསུམ་མུན་སེལ་ཞེས་པ་གཤིན་དོན་གྱི་ཆ་ལག་སྦས་བྱང་དུ་ཚང་བ། ཚེ་འདས་ལ་ཟས་གོས་གཏོད་པ་ཚད་མེད་བཞི་ལྡན་ཞེས་པ་གཤིན་དོན་གྱི་ཆ་ལག་སྦས་བྱང་དུ་ཚང་བ། གྲི་འགྲོལ་གསང་བའི་མན་ངག་ཅེས་པ་གྲིར་ཤི་བའི་བག་ཆགས་ལས་འགྲོལ་བར་བྱེད་པའི་ཐབས་སྦས་བྱང་དུ་ཚང་བ། སྦུབས་བཤིག་ལོག་པ་མཐའ་སེལ་ཞེས་པ་གཤིན་དོན་གྱི་ཆ་ལག་སྦས་བྱང་དུ་ཚང་བ་རྣམས་སོ། །གཉིས་པ་ཐུགས་དམ་ཡང་གསང་གསལ་བའི་སྒྲོན་མ་ལ། ཀུན་བཟང་དོན་གྱི་སྒྲུབ་ཐབས་གསང་བའི་མན་ངག་དོན་གསུམ་ཞེས་པ་ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་སྒྲུབ་ཐབས་མན་ངག་དང་བཅས་པ་སྣོད་ལྡན་ལས་ཅན་གྱི་སློབ་བུ་ལུང་བསྟན་གྱི་མཐའ་ཚང་བ། དབང་ཆོག་དངོས་གྲུབ་རྒྱུན་འབྱུང་ཞེས་པ་ཡང་དག་ཞི་ཁྲོ་ཕུར་གསུམ་སྦྲགས་པའི་ཕན་ནུས་རོལ་པའི་དབང་སྦས་བྱང་གི་མཐའ་ཚང་བ། མཆོག་


GLG003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གསུམ་གྱི་ཕྱག་ལེན་ཞེས་པ་དབང་གི་ཆུ་རྒྱུན་མ་ཉམས་པའི་ངེས་བྱེད་དབང་རྫས་རིལ་བུའི་ལོ་རྒྱུས་དང་བཅས་པ་མཚན་བྱང་བརྡ་ཡིག་གི་མཐའ་ཚང་བ། ཁ་སྐོང་འཕྲིན་ལས་ཀྱི་ལས་བྱང་ཞེས་པ་སངས་རྒྱས་ཚེ་འདིར་སྟེར་བྱེད་གུ་རུའི་གསུང་བཞིན་ནམ་མཁའི་སྙིང་པོས་བཀོད་པ་བརྡ་ཡིག་གི་མཐའ་ཚང་བ། བཟླས་བརྗོད་བསྙེན་པའི་རིམ་པ་ཞེས་དཔལ་ཆེན་པོ་ཐིག་ལེ་ཡེ་ཤེས་གཅིག་པའི་སྒོམ་བྱང་བསྙེན་པའི་མན་ངག་རུ་ལུ་བཟླས་པའི་འཕྲེང་བ་སྦས་བྱང་བསྔགས་བརྗོད་ཀྱི་མཐའ་ཚང་བ། སྒྲུབ་བྱང་དངོས་གྲུབ་གཏེར་ཆེན་ཞེས་པ་ལས་ཅན་དང་ཕྲད་ཤོག་མཐར་ཚང་བ། བདུད་རྩི་སྨན་སྒྲུབ་ནད་སེལ་བདུད་རྩི་ཞེས་པ་ཁྲོལ་བུ་ཕྱེ་མ་རིལ་བུར་སྒྲུབ་ཐབས་དངོས་གྲུབ་བསྐུལ་བླངས་སོགས་ལུང་ཕྱག་ལེན་བར་མ་ཆད་པའི་གཏན་ཚིགས་སྨོན་ལམ་གྱི་མཐར་ཚང་བ། བམ་སྒྲུབ་དངོས་གྲུབ་རྒྱ་མཚོའི་དངོས་གྲུབ་བམ་གྱི་སྒྲུབ་ལུགས་བརྡ་ཡིག་སྦས་བྱང་གི་མཐའ་ཚང་བ། ཚེ་སྒྲུབ་ཡང་གསང་འཆི་མེད་སྒྲུབ་པའམ་ཚེ་སྒྲུབ་གསང་བ་ཡང་འཁོལ་ཞེས་པ་ཚེའི་བཅུད་ལེན་རྒྱུ་གཉིས་རྐྱེན་གསུམ་བདུད་རྩི་བཞི་སྦྱར་ཐབས་དངོས་བཞི་ཚེ་དཔག་མེད་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་སྒྲུབ་པའི་ཆོ་ག་དབང་ཟ་ཚུལ་ཕན་ཡོན་བཅས་པ་དང་། ཨཱ་ལུ་ནང་ལྟར་ཉམས་སུ་བླང་ཐབས་ཡང་གསང་བླ་མེད་ཞར་བྱུང་རྩ་རླུང་ཚེ་སྒྲུབ་སོགས་བརྡ་ཡིག་གི་མཚན་བྱང་མཐར་ཚང་བ། རྒྱུད་དྲུག་གྲོལ་མཛད་ཡེ་ཤེས་རང་གནས་སམ་ཁམས་གསུམ་ཡོངས་སྒྲོལ་རིགས་དྲུག་འདྲེན་པའི་ཆོ་ག་ཞེས་བྱ་བ་བརྡ་ཡིག་གི་མཚན་བྱང་མཐར་ཚང་བ། སྦྱིན་སྲེག་འཕྲིན་ལས་ལྷུན་གྲུབ་ཅེས་པ་ཁ་སྐོང་འཕྲིན་ལས་བཞི་ཕྱི་ནང་གསང་བ་མཆོག་གི་སྦྱིན་སྲེག་སོགས་སྦས་བྱང་དུ་ཚང་བ་ཞར་བྱུང་ཕུང་


GLG003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྲེག་སྦྱང་དང་བཅས་པ། ཆོས་སྤྱོད་རྒྱུན་གྱི་ལམ་འཁྱེར་སྐོར་ལ་ཙིཏྟ་ཆོས་སྐུའི་གཟུགས་མཚོན་གདབ་པའི་མན་ངག་གཏེར་རྩལ་གྱི་མཐའ་ཚང་བ། སྐོར་བ་ཆུ་སྦྱིན་གཏོར་མ་རྣམས་སོ་སོའི་མཐའ་ཚང་བ། བསྲུང་བཟློག་སྒྲུབ་པ། གནམ་ལྕགས་མེ་འབར་ཞེས་པ་ཨོ་རྒྱན་དྷུ་མ་ཐ་ལའི་གཙུག་ལག་བརྒྱུད་ཀྱི་གུ་ཡ་ཨུ་པ་དེ་ཤ །དཔལ་ཡང་དག་ཡང་གསང་ཐུགས་སྒྲུབ་སངས་རྒྱས་ལག་བཅངས་ཞེས་པའམ་སངས་རྒྱས་ལག་བཅངས་གསང་བའི་སྒྲུབ་ཐབས་ཞེས་གཏེར་རྩལ་བརྡ་ཡིག་མཐར་ཚང་བ། འབྲུ་བརྒྱད་ཉམས་ལེན་རུ་ལུའི་བརྗེད་བྱང་ཞེས་པ་ནམ་མཁའི་སྙིང་པོས་ཡི་གེར་བཀོད་དེ་སྐལ་ལྡན་གྱི་བཙས་སུ་བཞག་པ། དགོངས་ཉམས་དབྱངས་དྲུག་གི་རིམ་པ་གནུབས་ནམ་མཁའི་སྙིང་པོའི་བུའི་དོན་དུ་བཀོད་པ། ཡང་དག་གསང་འགྲེལ་བཀྲ་ཤིས་རྣམས་སོ། །གསུམ་པ་རྫོགས་ཆེན་རང་ལུགས་ལྟ་བའི་སྒྲོན་མ་ལ་རང་གྲོལ་རྩ་བའི་རྒྱུད་དམ་སངས་རྒྱས་ཀྱི་ཡེ་ཤེས་དང་དབྱིངས་སྙིང་པོ་གཅིག་དང་ཐ་དད་ལས་གྲོལ་བ་ཞེས་བྱ་བའི་རྒྱུད་རྫོགས་བྱང་གི་མཐར་ཚང་བ། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་པའི་རྒྱུད་རྫོགས་བྱང་གི་མཐར་ཚང་བ། ཐུགས་རྗེ་གསང་རྒྱུད་དམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བ་ཆེན་པོའི་རྒྱུད་ཅེས་པ་རྫོགས་བྱང་མཐར་ཚང་བ། ཡིག་དྲུག་གནད་ཀྱི་ལག་ལེན་ཞེས་བྱ་བ་དོན་གསལ་རྒྱུད་ཀྱི་སྙིང་པོ་ཐེམས་མེད་དང་དྲུག །གསང་བ་འཁོར་ལོའི་ཡི་གེ་སོ་སོའི་དག་བྱེད་དང་བཅས་པ། རྫོགས་ཆེན་ཀུན་འདུས་གསང་བའི་མན་ངག་ཅེས་པ་དོན་བཅུ་བདུན་བྱེ་བྲག་ཏུ་ཕྱེ་ནས་བསྟན་པ་སློབ་དཔོན་པདྨ་སཾ་བྷ་ཝ་དང་གནུབས་ནམ་མཁའི་སྙིང་པོས་བསྒྱུར་བ། རྫོགས་པ་ཆེན་པོ་དོན་གྱི་ངོ་སྤྲོད་རིག་པའི་རྩ་དབང་ཞེས་པ་ལས་ཅན་གྱི་སློབ་དཔོན་གཉིས་ཀྱི་ལུང་བསྟན་དང་བཅས་པ་རྫོགས་


GLG003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གནས་ལུགས་ངོ་སྤྲོད་གསལ་བའི་མེ་ལོང་རྣལ་འབྱོར་ཉམས་ཀྱི་རིམ་པ་ཞེས་སློབ་དཔོན་པདྨས་གནུབས་ནམ་སྙིང་ལ་གདམས་པ། རྫོགས་པ་ཆེན་པོ་ཏིང་ངེ་འཛིན་གྱི་རིམ་པ་སྤྲ་འཁྲིད་མན་ངག་ཅེས་པ་ཡེ་ཤེས་གསལ་བའི་མན་ངག་གཏེར་བདག་ལ་བཅོལ་དམ་གྱིས་མཐའ་ཚང་བ། རྫོགས་པ་ཆེན་པོ་བསམ་གཏན་ཉམས་ཀྱི་སྒྲོན་མ་ཞེས་པ་ཤྲཱི་སིངྷི་དང་པདྨ་སཾ་བྷ་ཝས་བསྒྱུར་བ། རྣལ་འབྱོར་ཆ་རྐྱེན་གནད་གདམས་དོན་གསུམ་མ་ཞེས་བྱ་བ་རྣམས་སོ། །བཞི་པ་བཀའ་རྒྱུད་སྡེ་གསལ་བྱེད་ཐེག་པའི་སྒྲོན་མ་ལ། རྣལ་འབྱོར་ལམ་རིམ་ཐེག་པ་གསལ་བྱེད་ཅེས་བྱ་བ་ཐེག་པའི་རིམ་པ་གསལ་བར་བསྟན་པ། དབང་བཞིའི་ཉམས་ལེན་བདུད་རྩིའི་ཆུ་རྒྱུན་ཞེས་པ་བསྐྱེད་རིམ་སྔགས་དང་བཅས་པ་གཞི་ལམ་སྦྱང་བའི་མན་ངག་བུམ་གསང་ཤེས་རབ་ཡེ་ཤེས་གསུམ་གྱི་ཉམས་ལེན་ཚང་བ། རྒྱུད་དོན་གསལ་བྱེད་རྣལ་འབྱོར་ལམ་རིམ་ཞེས་བྱ་བ་ལྟ་སྤྱོད་མན་ངག་བསྟན་པ་སྦས་བྱང་དུ་ཚང་བ་རྣམས་སོ། །ལྔ་པ་འཕྲིན་ལས་ཡོངས་རྫོགས་ཐུགས་རྗེ་སྒྲོན་མ་ནི། ཨོ་རྒྱན་བཀའ་ནན་རབ་བརྗིད་དོན་གྲུབ་ཅེས་པ་གང་དུ་བྱ་བའི་དུས་གནས་སོ་སོའི་སྔོན་འགྲོ་ཡོ་བྱད་ཀྱི་གཤོམ་དངོས་གཞི་དམ་བདར་འཕྲིན་བཅོལ། རྗེས་ཀྱི་བྱ་བ་ཚར་བཅད་ཕན་ཡོན་སྦས་བྱང་དུ་ཚང་བ། དེའི་ཆ་ལག་ཏུ་དགོས་པ་བྱང་བདག་དབང་པོའི་སྡེས་མཛད་པའི་སློབ་དཔོན་པདྨའི་ཕྱག་མཚན་གནམ་ལྕགས་རྡོ་རྗེའི་བཀའ་འགྲོལ་བྱིན་རླབས་རབ་གནས་མངའ་གསོལ་སྨོན་ལམ་དང་བཅས་པ་ཀུན་བཟང་དགོངས་བཅུད་རྩ་མཚན་རྣམས་སོ། །བཀའ་ནན་རབ་བརྗིད་འདིའི་ཕྱག་ལེན་བོད་འབངས་བདེ་ཐབས་སུ་དམིགས་ཏེ་ཁོ་བོས་བསམ་ཡས་ཧལ་པོ་རིར་ལན་གཉིས་དང་


GLG003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་ལའི་ལ་ཁར་གཅིག་སྟེ་ལན་གསུམ་དུ་བགྱིས་པ་ཡིན་ནོ། །དྲུག་པ་དྲག་སྔགས་བསྟན་སྲུང་སྒྲོན་མ་ལ། རཀྴ་མ་ཧཱ་ཀཱ་ལའི་སྙིང་སྒྲུབ་ཀྱི་སྒྲུབ་པར་ནང་གསེས་ཀྱི་སྔོན་བྱུང་། སྒྲུབ་པ་དངོས། དྲག་པོའི་ལས་སྦྱོར་ཤིནྟཾ་གརྦྷའི་མན་ངག །སྤོགས་ཆོག་སོགས་སྔགས་བདུན་གྱི་གསལ་བྱེད་ཤིནྟཾ་གརྦྷའི་འཕྲེང་བསྡེབས་མན་ངག་གདམས་པ། རང་རྒྱུད་པའི་ལས་མགོན་ཟིལ་གྱི་གནོན་པ། དམ་ཚིག་སོགས་བརྡ་ཡིག་སྦས་བྱང་གི་མཐའ་ཚང་བ། དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་བསྒྲུབ་ཐབས་ཞེས་པར་རོ་ཁ་མ། ནམ་གྲུ་མ་ཙ་མུནྡྲི། སྲིན་མོ་ཅེ་སྤྱང་མ་བདུན་སོགས་གཙོ་འཁོར་བཅུ་གཅིག་གི་སྦྲགས་སྒྲུབ། བསྟོད་བསྐུལ་དོན་དམ་ཆོས་དབྱིངས་མཐུན་བསྐུལ་བཞེངས་ཤིག་མ་དེང་བཅས་པ་རྣམས་གཏེར་རྩལ་གྱི་མཐའ་ཚང་བ། སྲོག་བདག་སྤུ་གྲི་རྣམ་གསུམ་གྱི་སྒྲུབ་པའི་ནང་གསེས་ལ། དམ་ལ་བཏགས་ཚུལ། རྟེན་བཅའ་བ། བོད་པ། རྦད་བསྐུལ། གསད་པ། བཀའ་ནན་དང་བཅས་པ་གནུབས་ནམ་མཁའི་སྙིང་པོས་གཏེར་རྩལ་ལས་ཅན་སྤྲུལ་པའི་བུ་ལ་གཅེས་གདམས་ཀྱི་མཐའ་ཚང་བ། གིང་སྤུ་གྲི་རེག་ཆོད་ཀྱི་སྒྲུབ་ཐབས་ཞེས་པ་གཙོ་བོ་རྡོ་རྗེ་ལེགས་པ་ལྗང་ནག །ནང་བློན་གཤོག་རྒོད་འབར་བ། གཙང་བུ་ལྷ་རྗེ། གནམ་ཐེ་དཀར་པོ། དབུ་བཙན་རྡོ་རྗེ་བསེ་ཏོ་བཞི། ནག་པོ་སྙིང་འཕྲོག །རཀྴ་ཁ་འབར་འཐོམས་པ་ཤ་ཟན་སོགས་ལས་བྱེད་མོན་པ་གསུམ། སྲིང་གཅིག་ཤ་མེད་གངས་དཀར་མ་སོགས་གཙོ་འཁོར་དགུའི་རྟེན་བཤམས་བོད་པ། དྲག་པོ་གསང་བའི་ལས། ལོ་ཏོག་གཞོམ་པ། བདུད་སྔགས་དམོད་པ་དང་བཅས་པ། དེ་དང་འབྲེལ་བའི་བསྟོད་བསྐུལ་བྷྱོ་བྷྱོ་དེ་ནི་མ། གིང་གི་བླ་སྔགས། དམ་ཚིག །རྡོ་རྗེ་ལེགས་པ་གསང་བ་དམ་ཚིག་


GLG003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་དང་ཕན་ཡོན། སྒྲུབ་ཐབས་ཀྱི་ཆེ་བའི་ཡོན་ཏན་བསྟེན་ཐབས་སོགས་སྦ་བྱང་གི་མཐའ་ཚང་བ། ཞར་བྱུང་འབྱུང་པོ་ཐམས་ཅད་ཀྱི་དམ་ཚིག་གི་སྔགས་དང་བཅས་པ་རྣམས་སོ། །རྭ་སྐོར་གྱི་ཁྲོད་དུ་དོན་གྱིས་ཚང་བ་ཐུགས་གཏེར་འཁོར་འདས་རང་གྲོལ་གྱི་ཐེམས་བྱང་གསལ་བའི་སྒྲོན་མེ་སྤྱིའི་ཚོམས་གསུམ་དང་ཁྲིགས་མེད་ཤོག་དྲིལ་ཐེམས་བྱང་སོགས་གསེར་གྱིས་དྲིས་ཏེ་རབ་ཏུ་སྦ་བའི་དམ་ཚིག་གི་མཐའ་ཅན་ནོ། །རྩ་བའི་ས་གཅད་གསུམ་པ་ལྟེ་སྐོར་ལ། ཐུགས་གཏེར་གྱི་ཁ་བྱང་ལག་ལེན་དམར་བྱང་ཞེས་པ་ལ་ནང་གསེས་ཀྱི་སློབ་དཔོན་པདྨའི་ཕྱག་མཚན་རྡོ་རྗེ་རྩེ་དགུའི་རྣམ་ཐར། བྲམ་ཟེ་དྲི་མེད་སྙིང་པོའི་ལོ་རྒྱུས་དང་། སྐུ་ཤའི་ཕན་ཡོན། རྡོ་རྗེ་གཡུ་སྒྲོན་མ་དམ་ལ་བཏགས་ཚུལ། ཕྱག་མཚན་གྱི་ཕན་ཡོན་ཆེ་བརྗོད། སྒྲོན་དྲུག་རྭ་སྤྲག་གཏེར་སྐོར་དབང་རྫས་རིལ་བུ་སྐྱེ་བདུན་ཤ་རིལ་དང་བཅས་པའི་ཞལ་གདམས་ཕྱི་སྒྲིབ་སྦྱོང་རྫས་ཀྱི་རིལ་བུ་སྒྲུབ་པའི་ལག་ལེན། རང་གི་ལུས་ལས་བྱུང་བའི་ཟག་པས་ཡི་དྭགས་ཀྱི་ཚོགས་ཚིམ་པར་བྱ་བའི་ཐབས་སོགས་བརྡ་ཡིག་སྦས་བྱང་མཐར་ཚང་བ། མཁའ་འགྲོ་གསང་སྒྲུབ་ཅེས་པའི་ནང་གསེས་ལ་ཡང་གསང་དཔའ་བོ་མཆོག་སྒྲུབ་ཡབ་ཡུམ་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་དོན་གྱི་མན་ངག །གདམས་པ་ཟབ་མོ་སྙིང་གི་བཅུད་སོགས་ལས་ཅན་སྒྲུབ་ཐེམས་མཐར་ཚང་བ། ཕྱི་ནང་གསང་བའི་མན་ངག་ངོ་སྤྲོད་འཕྲུལ་ཚིག་ཅེས་པ་རིགས་བཞི་ཊཱ་ཀིའི་ངོ་སྤྲོད། ཊཱཀི་སིདྷ་མུ་ཁ་བཛྲ་གིརྟི་རིམ་པ་བཞི་སོགས། མཁའ་འགྲོ་གསང་ཚིག་འཕྲུལ་གྱི་ངོ་སྤྲོད་ཅེས་པ་གསང་བའི་མན་ངག་མཐོང་བས་གྲོལ་བའི་གསང་ཆེན་དམ་པ་རྫུས་སྐྱེས་པདྨ་འབྱུང་གནས་ཀྱིས་འདི་སྐོར་


GLG003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གསན་པའི་ལོ་རྒྱུས་ཉམས་ལེན་མཐར་ཕྱིན་གྱིས་མཐར་ཚང་བ། ཕྱག་རྡོར་གསང་སྒྲུབ་ཅེས་པར་ནང་གསེས་ཀྱི་གཏུམ་པོ་དྲག་པོ་ཁྱུང་ལྔ་པ་ཁྲོ་བཅུས་བསྐོར་བའི་སྒྲུབ་ཐབས་བསྙེན་སྔགས་རྟགས་རིམ་དང་བཅས་པ། ཕྱག་མཚན་ཁ་བསྒྱུར་གྱི་ལས་ཚོགས་ལ། ཚེ་སྒྲུབ། སྟེང་གདོན་དང་འོག་འདོན་འདོན་པ་གཉིས། སེར་བསྲུང་། རྦོད་གཏོང་བཟློག་པ། ལོངས་སྤྱོད་འཕེལ་བ། དབང་སྡུད། དགྲ་བོ་གསོད་པ། བྱིས་པའི་འཁོར་ལོས་བསྲུང་བ། བསྲུང་སྐུད། འབྱུང་པོ་གཟར་བ་རྣམས། དྲག་པོའི་ལས་སྦྱོར། འགྲུབ་རྟགས། གློ་བུར་སེར་བ་འབེབས་པ། རིག་སྔགས་བཟློག་པ། སེར་བསྲུང་། ཙི་ཙི་ཛྭ་ལ་གསོ་བའི་སྔགས་དང་རྫས་བཞིའི་ལག་ལེན་རྒྱས་པར་བསྟན་པ། བསྟོད་པ་ཆོས་དབྱིངས་མ། བསྐུལ་ཐུགས་རྗེ་དབྱིངས་བཞེངས་མ། དབང་གི་ཆོ་ག་སོགས་སྦས་བྱང་གི་མཐའ་ཚང་བ། དེར་དགོས་པའི་གཏུམ་པོ་དྲག་པོ་སྒྲུབ་ཐབས་ཁྲིགས་ཆགས་མཚན་དང་བཅས་པ་གཏེར་སྟོན་གྱིས་མཛད་པ། གུ་རུ་དྲག་པོ་ཏིང་ངེ་འཛིན་གྱི་རྩལ་དབང་རྡོ་རྗེ་དྲག་པོ་རྩལ་གྱིས་མཛད་པ་རྫོགས་བྱང་གི་མཐའ་ཚང་བ། འདི་འོག་ཏུ་ཡིག་བདུན་བཏགས་གྲོལ་ཡང་གསང་ཞེས་པའི་ལུང་མ་ཐོབ། བཏགས་གྲོལ་ཡིད་བཞིན་ནོར་བུའི་དཀར་ཆག་གཏེར་སྟོན་གྱིས་མཛད་པ། འདིའི་རྗེས་སུ་བརྡ་གྲོལ་ལྡེ་མིག་གསལ་བྱེད་སྒྲོན་མ་ཌཱཀྐི་པྲ་ཛྙའི་བརྡ་ཡིག་ཀ་དཔེ་འདོགས་འབྲེལ་འཁོད་ཡིག་གི་གྲོལ་དང་བཅས་པ་མ་ཐོབ། ཐུགས་དམ་ལྷའི་སྲོག་རྟེན་ཞེས་པ་ལྷའི་སྲོག་གཟུངས་སྐུ་རྟེན་བཞེངས་པའི་ལུང་བསྟན་ཕན་ཡོན་དང་བཅས་པ། འདིའི་རྗེས་སུ་སྐུ་རྟེན་བསོད་ནམས་དཔལ་འབར་བཞེངས་ཚུལ་གྱི་ལུང་མ་ཐོབ། རིལ་བུ་ཡོན་ཏན་ཀུན་འབྱུང་གི་དཀར་ཆག་གཏེར་སྟོན་གྱིས་མཛད་པ། རིལ་བུ་མྱོང་བ་དོན་ལྡན་གྱི་དཀར་ཆག་


GLG003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་ཡུལ་བྱ་རྒོད་གཤོང་གི་བྲག་རི་རྟ་མགོ་ལྗོན་རྩེ་མོ་ནས་སྤྲུལ་སྐུ་སངས་རྒྱས་གླིང་པས་གདན་དྲངས་ལ་སྟོད་དུ་གཏེར་སྟོན་བྱང་ཆུབ་གླིང་པ་འབྱུང་བའི་ལུང་བསྟན་ལ་བརྟེན་ནས་དཀོན་ཅོག་བཟང་པོ་བལྟ་བར་བཏང་བ་དཔལ་མོ་གཏེར་སྟོན་དང་གཉའ་ནམ་དབེན་གནས་སུ་མཇལ་བས་ཡིད་ཆེས་སོ། །རྩ་བའི་བཞི་པ་ལྟེ་སྐོར་ཆིངས་ཀྱི་ཆོས་སྐོར་ལ། རྗེ་རྒྱལ་བཙད་པོས་ཞུས་པའི་ལུང་བསྟན་གསལ་བའི་ཤོག་དྲིལ་འདིའི་ཤོག་སེར་འབེབས་འཕྲོ་ལ་སི་ཏུ་བས་ཤོག་སེར་བསྣམས་ནས་མཇུག་ཅུང་ཟད་མ་ཚང་ཞིང་། ཕྲན་བུ་བློ་ནས་གང་ཐོན་བྲིས་པས་འདྲ་མིན་ཡོད་པར་གྲགས། གཅེས་པའི་མན་ངག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་ནང་གསེས་ཀྱི་སྤྲུལ་པའི་གང་ཟག་ལུང་བསྟན་བར་གཅོད་བདུད་ཀྱི་འབྱུང་ལུགས། གུང་ཐང་དུ་ཁྲི་བཀྲ་ཤིས་ལྡེ་ལ་ཆེད་དུ་བསྔགས་པ། བསྟན་པ་སྤྱིར་གཅེས་པ་ཕྱི་དམག་བཟློག་ཐབས་སྔོན་གེ་སར་ཧོར་གྱི་སྤྲུལ་པའི་རྒྱལ་པོ་ལ་གནམ་གྱི་ལྷས་བྱིན་པའི་རྔ་བོ་ཆེ་དང་འཇིགས་པའི་སྒོམ་དུང་ཡོད་པ་ལ་དཔེ་བྱས་ཏེ་བཅའ་ཐབས། གཞན་ཡང་དམག་བཟློག་གི་རྟེན་འབྲེལ་མན་ངག །བོད་ཀྱི་ཆོས་ཁྲིམས་ལ་ཕན་ཐབས། གེ་སར་འདུག་པའི་ཧོར་དམག་བཟློག་ཐབས། སྤྲུལ་པའི་གང་ཟག་ཁྱད་པར་ཅན་བྱུང་ཡང་ནག་ཕྱོགས་ཀྱི་མཐུས་རྟེན་འབྲེལ་འགྲིག་མི་འགྲིག་སོགས་ཀྱི་ལུང་བསྟན་རྒྱས་པ་སློབ་དཔོན་ནམ་མཁའི་སྙིང་པོ་རྒྱལ་བ་མཆོག་དབྱངས་གསུམ་གྱིས་རྒྱས་བཏབ་སྟེ་སྦས་པ་རྣམས་སོ། །རྩ་བའི་ལྔ་པ་རྭ་སྤྲག་གི་སྐོར་ལ། ཐུགས་སྒྲུབ་གསང་བ་སྙིང་ཏིག་ཅེས་པ་རྡོ་རྗེ་དྲག་པོ་རྩལ་བསྒྲུབ་པའི་མན་ངག་གསང་བའི་ཐུགས་སྒྲུབ་རྡོ་རྗེའི་བཟླས་པ་སེམས་ཉིད་ལྷའི་རྣལ་འབྱོར་སྒྲུབ་ཐབས་འདིའི་ལོ་རྒྱུས་སོགས་ཡང་ཏིག་གསང་བའི་


GLG003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་དྲིལ་ཚང་བ། རྒྱལ་བ་འོད་དཔག་མེད་ཀྱི་སྒྲུབ་ཐབས་ཞེས་པར་ནང་གསེས་ལ། བདེ་བ་ཅན་གྱི་བསྔགས་བརྗོད། འཕོ་བ། ཚེ་སྒྲུབ། ཤེས་རབ་བསྐྱེད་པ། ཕྱག་བསྟོད་གསོལ་བཏབ་དང་བཅས་པ་སྦས་བྱང་དུ་ཚང་བ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་འཁོར་ལོས་སྒྱུར་བ་ཞལ་གསུམ་ཕྱག་གཉིས་པའི་སྒྲུབ་ཐབས། འདིའི་ལས་ཕྲན་ལ་ལུང་སྟོན་པ། བདེ་བ་ཅན་དུ་སྐྱེ་བ། མི་མ་ཡིན་གྱིས་མི་འཚེ་བ། བྱད་བཟློག་པ། བསྲུང་བ། དུད་འགྲོའི་སྐྱེ་གནས་ལས་ཐར་བ། ངན་སོང་ལས་ཐར་བ། བར་དོའི་སྡུག་བསྔལ་སེལ་བ། སྲིའུ་གསོ་བ། ཞིང་གི་འབུ་སྲིན་བསྲུང་བ། རྨ་འབྲས་ཞི་བ། ཀླུ་ནད་ཞི་བ། སྡིག་པ་འདག་པ། མཚམས་མེད་ལྔ་འདག་པ། རྣ་ནད་ཞི་བ། ནད་ཐམས་ཅད་ཞི་བ། འབྱུང་གཏོར་ལ་བརྟེན་ནས། བསྲུང་བ་རྣམས་ཕན་ཡོན་དང་བཅས་པ་སྦས་བྱང་དུ་ཚང་བ། ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བྱེད་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་ལ། གཙོ་བོ་ཞལ་གཅིག་ཕྱག་བཞི་པ་རིགས་བདག་དང་བཅས་པའི་མངོན་རྟོགས་གསང་སྔགས་རིག་སྔགས་གཟུང་མཆོག །རྟ་མགྲིན། ཡེ་ཤེས་མཁའ་འགྲོ། །པདྨ་རྒྱལ་པོ། ཛམྦྷ་ལ་བཞིའི་མངོན་རྟོགས་ཤིན་ཏུ་ཟབ་པ་མཁའ་འགྲོའི་གསང་ཚིག །ལས་ཚོགས་ལ་རིལ་བུ་བུམ་ཆུ་བྱེ་མ། བདུག་སྤོས། མེ་ལོང་། སྒྲ། གཟུགས། རྡོ། ཉི་ཟླ་སོགས་ལ་བརྟེན་ནས་སྒྲིབ་པ་སྦྱོང་བ། རུས་པ་ལ་བརྟེན་ནས་བདེ་བ་ཅན་དུ་སྐྱེ་བ། བཟླས་པ་ལ་བརྟེན་ནས་གཞན་ཕན་བྱ་བ། ཡིག་དྲུག་གི་ཕན་ཡོན། འོད་དཔག་མེད་ཀྱིས་ཚེ་དང་ཡེ་ཤེས་འཕེལ་བ། གསང་བའི་ཡེ་ཤེས་མེ་མཆོད། རྟ་མགྲིན་གྱི་དྲེགས་པ་དབང་དུ་བསྡུ་བ། ཛམྦྷ་ལས་དབུལ་བ་སེལ་བ། ལྷ་དྲུག་གི་བསྟོད་པ། སློབ་བུ་སྨིན་པར་བྱེད་པ། ལྷ་བཅུའི་འཕྲིན་ལས་བསྡུ་ཆོག་


GLG003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཐའ་ཡོངས་སུ་ཚང་བ། འབྱུང་བའི་ལོ་དགྲ་བསྲུང་བཟློག་ཅེས་པ་ནང་གསེས་ཀྱི་སྐད་གཉིས་ཤན་སྦྱར་ནས་མངོན་རྟོགས་དང་བསྟུན་པའི་ཆོས་སྤྱོད་རྩོམ་པར་དམ་བཅའ་བ་འབྱུང་བའི་རྒྱུད་དང་ལྟས་དང་སྦྱོར་ཆོས། དངོས་གཞི་ཨཱཪྱ་ལོ་ཀེ་ཤྭ་ར་དྲག་པོ་ཆེན་པོ་འོད་ཟེར་འབར་བ་གཟི་བརྗིད་ཀྱི་རྒྱལ་པོ་ལྟས་ངན་ཐམས་ཅད་འཇིག་པར་མཛད་པའི་སྒོམ་ཐབས་དང་དེའི་རིག་སྔགས་ཀྱི་སྒོ་ནས་བཟློག་ཅིང་ཞི་བར་བྱེད་པ། སྡིགས་མཛུབ་ཀྱི་ལས་སྦྱོར། ཕེག་རྡོབ་ཀྱི་བསྲུང་བ། གཞན་གྱི་སེར་གཏའི་སྦྱོར་བ་ལ་ཆེད་དུ་བསྔགས་པའི་གདོང་བཟློག་ནག་པོ་རྒྱ་གར་ཁྲག་འཐུང་གི་དགོངས་པ། ཐོག་བསྲུང་། སེར་བ་བཞུ་སྔགས། གཟའ་ཐོག་གཉིས་ཀའི་བསྲུང་བ། ཕ་རོལ་བྱད་སྟེམས་བཟློག་པའི་དྲག་སྔགས་བཟློག་པའི་མཐའ་གཏེར་རྩལ་དུ་ཚང་བ། མཚོན་བཟློག་རྡོ་རྗེའི་ཕ་ལམ་ཞེས་པ་གང་ཟག་སྒོས་དང་ཡུལ་ཁམས་མཚོན་གྱི་འཇིགས་པ་ལས་སྐྱོབ་པ་དང་། བོད་ཁམས་ཡོངས་སུ་དམག་མཚོན་གྱི་འཇིགས་པ་ཞི་བར་བྱ་ཐབས། བྱང་བུ་ལ་བརྟེན་པའི་ནོར་ཕྱུགས་ཀུན་ལ་གོད་ཁ་བསྲུང་བ། ཤེར་ཤིང་གི་ཕུར་བུ་ལ་བརྟེན་པའི་ལམ་བསྲུང་། སྒོ་གསུམ་ལུང་ཏང་ལ་བརྟེན་པའི་སྒྲིབ་ཤིང་། ཆུ་གཙང་ལ་བརྟེན་པའི་མི་ནོར་རྒྱས་འདེབས་སུ་ཚང་བ་རྣམས། དབུལ་སེལ་གཏེར་མཛོད་ཆེན་མོ་ཞེས་པ་ཨཱཪྻ་ཛམྦྷ་ལ་དང་ཡུམ་ནོར་རྒྱུན་མ་ལ་གནོད་སྦྱིན་ཕོ་མོ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་གའུ་མ་བསྟོད་པ་ནང་མཆོད་ཆུ་སྦྱིན་གཏོར་འབུལ་དངོས་གྲུབ་བླང་ཐབས་སོགས་དབུལ་བ་དང་མུ་གེའི་འཇིགས་པ་ལས་ཐར་བར་བྱ་ཐབས་རིན་ཅེན་དབྱིག །མི་ཕྱུགས་ནད་རིམས་བསྲུང་བཟློག་ཅེས་པ་ལ་གོང་གནོན་བསྙེན་པ། སྤྱིར་གཟིར་སྔགས། བྱེ་བྲག་ཏུ་ཚད་རིམས། ཆམ་པ། རྒྱུ་རིམས། བྱིན་ལོག །མིག་སེར།


GLG003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གབ་ལྷོག །འབྲུམ་ནད་རྣམས་ལ་བསྲུང་སྔགས། སྲོག་སྔགས་གཉེན་པོ་གསུམ་གསུམ། སྤྱིར་མནན་པ་བྱ་བ། ལྷ་བཞི་བྱེ་བྲག་དང་། སྤྱི་དྲིལ་གྱི་སྒོམ་བཟླས། དྲི་དང་གཟུགས་གུ་ཏིང་ངེ་འཛིན་རྣམས་ཀྱི་སྒོ་ནས་བསྲུང་བ། བསྟན་མས་ཕུལ་བའི་མན་ངག་ལ་ནང་གསེས་ཀྱི་ལོ་རྒྱུས། རྟེན་འབྲེལ། རྫས། ནུས་པ་སྔགས། ཁྱད་པར་བརྟག་པ་གསུམ་གྱིས་བསྲུང་བ། ཡོར་ནད་བྱུང་ན་བཅོས་ཐབས་རྫས་བརྒྱད་སྔགས་དང་བཅས་པའི་ནན་ཏན་གྱིས་བསྲུང་བ་སྤྱོད་ལམ་བསྟན་པ་སྦས་བྱང་མཐར་ཚང་བ། གཞན་ཡང་རྫས་སྔགས་ཀྱི་རིམ་པས་འབྱུང་པོའི་གནོད་པ་ལས་གྱུར་པའི་སེར་བ་དང་རིམས་ནད་བསྲུང་བ། རྫས་ཀྱི་ཐིག་ལེས་མཁའ་འགྲོའི་གནོད་པ་བསྲུང་བ། ཕུར་མ་དང་དུ་བས་བགེགས་རིགས་འབྱུང་པོ་དང་འགོ་བའི་ནད་རིམས་བསྲུང་བ། རྫས་ཀྱི་རིལ་བུས་ནད་བསྲུང་ཞིང་གསོ་བ། རིག་སྔགས་ཀྱི་བསྲུང་བ་རྣམས་རྒྱ་གར་ཁྲག་འཐུང་གི་གདམས་པ་མཐར་ཚང་བ། རྣམ་པར་སྣང་མཛད་ཀྱི་བདུད་རྩི་དྲི་ཆེན། རྡོ་རྗེ་སེམས་དཔའི་ཅུང་ཞི་དང་ར་མཉེ། རིན་ཅེན་འབྱུང་ལྡན་གྱི་བདུད་རྩི་མ་ཧཱ་མཾ་ས། སྣང་བ་མཐའ་ཡས་ཀྱི་བདུད་རྩི། པདྨ་རཀྟ་ཕྱི་ནང་། དོན་ཡོད་གྲུབ་པའི་བདུད་རྩི་དྲི་ཆུ་སྟེ་དམ་རྫས་ལྔའི་བཅུད་ལེན་ཀུན་ལ་དགོས་བྱེད་རྒྱུ་བརྟག་པ་དང་སྦྱར་ཞིང་སྒྲུབ་པའི་ཐབས་རྗེས་ཕན་ཡོན་དང་ལས་ཅན་ལ་ཕྲད་ཤོག་གིས་མཐའ་ཚང་བ་རྣམས་སོ། །གཞན་ཡང་གླེགས་བམ་འདིའི་རྗེས་སུ་འབྲང་བའི་ཡིག་སྣ་གཏེར་སྟོན་བྱང་ཆུབ་གླིང་པ་ལ་གསོལ་བཏབ་རྣམ་ཐར་དང་སྦྱར་བ་བསམ་འཕེལ་མོས་གུས་ཀྱི་ང་རོ་ཞེས་བྱ་བ་ཀུན་དགའ་ལེགས་པའི་བློ་གྲོས་ཀྱིས་མཛད་པ། ཡང་ངག་ཞི་བ་ཞལ་གསུམ་ཕྱག་དྲུག་པའི་མངོན་རྟོགས་དང་ཡང་ཕུར་གྱི་འཕྲིན་ལས་སྒྲུབ་གཞུང་དང་ལས་བྱང་གབ་དཀྲུག་བཀླག་ཆོག་ཏུ་གཏེར་སྟོན་


GLG003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀྱི་ཕྱག་ལེན་ཇི་ལྟ་བར་མཆན་བཏབ་པ་དངོས་སློབ་ནམ་མཁའ་ཆོས་གྲུབ་ཀྱིས་བསྡེབས་པ་དང་བཅས་པ་རྣམས་ཐོབ་པ་ལས་གཡུང་དྲུང་གི་རྟགས་བོར་བའི་སྒྲོན་མ་དང་པོའི་དབང་ལུང་དང་སྒྲོན་མ་བཞི་པའི་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་འཆང་ཆེན། བྱང་སེམས་ཕྱག་ན་རྡོ་རྗེ། ཡུམ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་པདྨ་འབྱུང་གནས། གནུབས་ནམ་མཁའི་སྙིང་པོ། གཏེར་སྟོན་ཆེན་པོ་བྱང་ཆུབ་གླིང་པ། དཔལ་རྒྱལ་མཚན། དེ་ནས་སྲས་བརྒྱུད་སློབ་བརྒྱུད་གཉིས་ཀྱི་དང་པོ་ནི། ཐུགས་སྲས་བསམ་གྲུབ་རྡོ་རྗེ། དེ་དབོན་རིན་ཅེན་བསམ་གྲུབ་བརྟན་པ། དེ་སྲས་ཨོ་རྒྱན་དཔལ་བཟང་། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། གཏེར་ཆེན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་མཆོག་སྤྲུལ་ངག་གི་དབང་པོ། མཚུངས་མེད་ཀུན་དགའ་བཟང་པོ། དྲི་ཅན་བླ་མ་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་གྱི་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །གཉིས་པ་སློབ་བརྒྱུད་ལྟར་ན། གཏེར་སྟོན་ནས་ངོས་ཆེན་པ་རྒྱལ་མཚན་བཤེས་གཉེན། སྔགས་འཆང་ནམ་མཁའ་བཟང་པོ། རིགས་འཛིན་ནམ་མཁའ་དཔལ་བཟང་། ཆོས་རྗེ་ཨོ་རྒྱན་དཔལ་བཟང་མན་འདྲ། སྒྲོན་མ་གཉིས་པའི་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྡོར་སེམས། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བའི་དངོས་གྲུབ། སློབ་དཔོན་སངས་རྒྱས་གསང་བ། སློབ་དཔོན་ཧཱུྃ་ཀ་ར། སློབ་དཔོན་པདྨ་འབྱུང་གནས་མན་གོང་ལྟར། དེའི་ནང་ཚན་ཕུར་པའི་སྒོས་བརྒྱུད་ནི། རྡོ་རྗེ་གཞོན་ནུ། མཁའ་འགྲོ་མ་བདེ་བའི་འཁོར་ལོ། སློབ་དཔོན་པྲ་ཝ་ཧ་སྟི། སློབ་དཔོན་པདྨ་མན་འདྲ། ཚེ་སྒྲུབ་ཡང་


GLG003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འཆི་མེད་ཀྱི་སྒོས་བརྒྱུད་ནི། ཚེ་དཔག་མེད། ལྷ་མོ་ཙཎྜ་ལི། སློབ་དཔོན་པདྨ་མན་འདྲ། སྒྲོན་མ་གསུམ་པའི་ལུང་བརྒྱུད་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷི། ཨོ་རྒྱན་ཆེན་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གནུབས་ནམ་མཁའི་སྙིང་པོ་མན་འདྲ། སྒྲོན་མ་ལྔ་པའི་བརྒྱུད་པ་ནི། ཆོས་རྒྱལ་མྱ་ངན་མེད། ཡུམ་ཆེན་རྡོ་རྗེ་ཕག་མོ། སློབ་དཔོན་པདྨ་ཐོད་འཕྲེང་། གནུབས་ནམ་མཁའི་སྙིང་པོ་མན་འདྲ། སྒྲོན་མ་དྲུག་པའི་ལུང་བརྒྱུད་ནི། ཕྱག་ན་རྡོ་རྗེ། ཤིནྟཾ་གརྦྷ། པདྨ་ཐོད་འཕྲེང་། ནམ་མཁའི་སྙིང་པོ་མན་འདྲ། ནང་ཚན་ལྷ་མོའི་སྒོས་བརྒྱུད་ནི། དཔལ་ཆེན་ཧེ་རུ་ཀ །ཕྱག་ན་རྡོ་རྗེ། འཇམ་དཔལ་བཤེས་གཉེན། པདྨ་འབྱུང་གནས། ནམ་མཁའི་སྙིང་པོ་མན་འདྲ། ལྟེ་བསྐོར་གྱི་བརྒྱུད་པ་ནི། དཔལ་རྟ་མགྲིན། རྡོ་རྗེ་ཕག་མོ། གུ་རུ་པདྨ་མཁར་ཆེན་བཟའ། ནམ་མཁའི་སྙིང་པོ་མན་འདྲ། ནང་ཚན་ཕྱག་རྡོར་གྱི་དབང་ལུང་གཉིས་ཀའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། པདྨ་འབྱུང་གནས། ཇོ་མོ་མཚོ་རྒྱལ། ནམ་མཁའི་སྙིང་པོ་མན་འདྲ། ནང་ཚན་མྱོང་བ་དོན་ལྡན་གྱི་དཀར་ཆག་གི་བརྒྱུད་པ་ནི། གུ་རུ་པདྨ། ཡུམ་མཚོ་རྒྱལ། གཏེར་སྟོན་སངས་རྒྱས་གླིང་པ། བླ་མ་དཀོན་ཅོག་བཟང་པོ། གཏེར་སྟོན་བྱང་ཆུབ་གླིང་པ་མན་འདྲ། ལྟེ་བསྐོར་ཆིངས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། ཇོ་མོ་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། དགེ་སློང་ནམ་མཁའི་སྙིང་པོ་མན་འདྲ། རྭ་སྤྲག་གི་ལུང་བརྒྱུད་ནི། ཆོས་སྐུ་འོད་དཔག་མེད། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁར་ཆེན་བཟའ། གནུབས་ནམ་མཁའི་སྙིང་པོ་མན་འདྲ། ཕྱག་རྡོར་གྱི་དབང་གི་བརྒྱུད་ལུགས་གཅིག་ནི། གཏེར་
སྟོན་ནས། ལུང་ཟིན་རྒྱལ་མཚན་བཤེས་གཉེན། མཁས་གྲུབ་བསོད་ནམས་རྒྱལ་མཚན། རྟོགས་ལྡན་ཆོས་ཉིད་ཤེས་རབ། རིགས་འཛིན་ནམ་མཁའ་གྲགས་པ། སྤང་སྟོན་བདེ་ལེགས་རྒྱལ་མཚན། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། མཉམ་མེད་གནུབས་དགོན་པོ་བྱམས་པ་ཆོས་ཀྱི་རྒྱལ་མཚན། བྱང་པ་རིགས་འཛིན་དབང་པོའི་སྡེ། ཐུགས་སྲས་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། སྤྲུལ་སྐུ་ཕྱག་རྡོར་ནོར་བུ། ཟུར་ཀུན་མཁྱེན་ཆེན་པོ། དེས་བདག་ལའོ། །གཡུང་དྲུང་གི་རྟགས་ཡོད་པའི་དབང་རྣམས་ཀྱི་བརྒྱུད་པ་ནི། རིགས་འཛིན་ངག་གི་དབང་པོ་ནས། ཡོལ་མོ་སྤྲུལ་སྐུ། ཡབ་སྲས་གཉིས་ལ་རིགས་འཛིན་དཔལ་འབྱོར་གྲགས་པའི་དབྱངས། དེ་ནས་ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ལའོ། །

གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱིས་མཚོ་མཎྜལ་ནག་པོ་ནས་སྤྱན་དྲངས་པའི་བདེ་བ་ཅན་གྱི་འཕོ་བ་འཇག་ཚུགས་མའི་སྐོར།


GLG003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་ཆེན་པོ་ཉི་ཟླ་སངས་རྒྱས་ཀྱིས་མཚོ་མཎྜལ་ནག་པོ་ནས་སྤྱན་དྲངས་པའི་འོད་དཔག་མེད་ཆོས་ལོངས་སྤྲུལ་གསུམ་ལ་བརྟེན་པའི་བདེ་བ་ཅན་གྱི་འཕོ་བ་འཇག་ཚུགས་མའི་ཉམས་འཁྲིད་དང་དེའི་ཡི་གེའི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། མགོན་པོ་འོད་དཔག་མེད། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་ཉི་ཟླ་སངས་རྒྱས། མཚུངས་མེད་ནམ་མཁའ་རྒྱལ་མཚན། རྟོགས་ལྡན་སཾ་གྷ་བྷ་དྲ། ཕ་རྒོད་དྲི་མེད་བློ་གྲོས། རྗེ་སངས་རྒྱས་རྒྱལ་མཚན། བླ་མ་མ་ཏིའི་མཚན་ཅན། ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ། རྗེ་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས། རྗེ་ཀུན་དགའ་ཚེ་མཆོག །སྣང་གསལ་བ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྤྲུལ་སྐུ་ཉི་ཟླ་སངས་རྒྱས་དེ་ཉིད་ཚུར་མཐོང་རྣམས་ཀྱི་སྣང་ངོར་རླུང་ཡན་པ་ལྟ་བུ་ལ་དོན་དུ་དག་པའི་སྣང་བས་ཟངས་མདོག་དཔལ་རིར་བྱོན་ནས་ཨོ་རྒྱན་རིན་པོ་


GLG003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལ་དངོས་སུ་གསན་པའི་འཕོ་བ་འཇག་ཚུགས་མ་ཤིན་ཏུ་ཟབ་པ་སྔོན་ཆད་ཡི་གེར་མ་འཁོད་པའི་ཉམས་འཁྲིད་ལེགས་པར་ནོས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། ཨོ་རྒྱན་སངས་རྒྱས་གཉིས་པ། སྤྲུལ་སྐུ་ཉི་ཟླ་སངས་རྒྱས། རྒྱ་བཙུན་ནམ་མཁའ་རྒྱ་མཚོ། བླ་མ་སུཪྻ་རསྨི། རྗེ་བསོད་ནམས་དཔལ། གཏེར་སྟོན་ཕྱག་བྱང་ཆུབ་གླིང་པ། མཚུངས་མེད་སྣ་ཚོགས་རང་གྲོལ། དེ་སྲས་ཀུན་དགའ་གྲགས་པ། བླ་མ་ཀུན་དགའ་རྡོ་རྗེ། རྗེ་བཙུན་མདོ་སྔགས་བསྟན་འཛིན། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཉི་ཟླ་སངས་རྒྱས་ཀྱི་ཐུགས་སྲས་ཀརྨ་གླིང་པར་གནང་། དེས་ཆོས་རྗེ་གླིང་པར་གནང་། དེ་གཉིས་ཀ་སྐུ་ཚེ་ཐུང་བས་རྒྱུན་འཕེལ་བ་ནི་མེད། ལ་ལ་མཚོ་མཎྜལ་ནག་པོ་ནས་བཏོན་པར་འཆད་པ་ནི་འོད་དཔག་མེད་ཀྱི་འཕོ་བ་དང་ནོར་བ་འདྲའོ། །བྲག་དཀར་རྡོ་རྗེའི་རྩེ་ནས་ཟླ་བན་གཟི་བརྗིད་འབར་གྱིས་སྤྱན་དྲངས་པའི་དྲག་པོའི་སྔགས་སྡེབས་སྙིང་གི་མེ་ལོང་ཞེས་བྱ་བ་ཟླ་གསང་སྲོག་འདུག་ནག་པོ་བཀོལ་བ་དུམ་བུའི་རྒྱུད་ལེའུ་བཅུ་གཅིག་པ། དྲག་པོ་སྔགས་སྡེབས་ཀྱི་ལྡེ་མིག་རིན་ཅེན་སྒྲོན་མ་ཞེས་བྱ་བ་སློབ་དཔོན་གཙུག་ལག་དཔལ་དགེ་མཛད་པ་གཉིས་ཀྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང་། རིགས་ལྔའི་སངས་རྒྱས། རིགས་གསུམ་མགོན་པོ། སྡུད་པོ་བྲམ་ཟེ་མཆོག་སྲེད། འཇམ་དཔལ་བཤེས་གཉེན། ཤནྟིཾ་གརྦྷ། གཙུག་ལག་དཔལ་དགེ །གུ་རུ་པདྨ། བཻ་རོ་ཙ་ན། གནུབས་སངས་རྒྱས་ཡེ་ཤེས། ཟླ་བན་གཟི་བརྗིད་འབར། འབྲོམ་སྲིད་འཛིན། བླ་མ་ཡེ་ཤེས་རྒྱ་མཚོ། ལུང་ནག་པ་སངས་རྒྱས་རྡོ་རྗེ། རྡོ་རྗེ་སེང་གེ །བཀྲ་ཤིས་སེང་གེ་


GLG003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་བཟང་པོ། རྒྱལ་མཚན་སེང་གེ །དཔང་བློ་གྲོས་བཟང་པོ། གུར་ཕུག་པ་ཚེ་མཆོག་རྡོ་རྗེ། སྔགས་འཆང་དཀོན་ཅོག་རྡོ་རྗེ། དགའ་ཐང་པ་ཉང་དགེ་འདུན་ཆོས་གྲགས་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་དང་སྐུ་མཆེད་ཡིན། ཟུར་དང་མ་བ་བསྟན་འཛིན་འགྱུར་མེད། རླུང་མི་འགྱུར་རྡོ་རྗེ། གུང་རུ་དབྱངས་དཔོན་པ་དཔལ་ལྡན་གྲགས། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། ཆོས་གཏེར་འཕྲིན་ལས་ལྷུན་གྲུབ། རིགས་འཛིན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྩ་བརྒྱད་པ་རྡོ་རྗེ་སེང་གེ་ནས་བླ་ཆེན་ཆོས་དཔལ་བཟང་པོ། རྩ་བརྒྱད་པ་བཀྲ་ཤིས་སེང་གེ་མན་འདྲ། ལྷོ་ཡི་བནྡེ་རེག་བན་འབོག་པོ་གཉིས་ཀྱི་གཏེར་ཆོས་ནི་མ་ཐོབ། གསར་བན་ཕྱོགས་མེད་ནི་སློབ་དཔོན་ཆེན་པོས་སྟག་ཚང་བཀྲ་ཤིས་དཔལ་ཕུག་གི་རྡོ་བ་གཡུ་ཕྲ་ཅན་དུ་གཏེར་སྦས་ཚུལ་རྒྱ་གསུམ་གྱི་འགྲོལ་ཐབས་ལས། མི་ནུབ་རྒྱལ་མཚན་པདྨ་འབྱུང་གནས་ཀྱིས༔ ཐུགས་ཀྱི་ཀློང་ལས་ཡེ་ཤེས་ཆེན་པོ་བཀྲོལ༔ ཕྱི་རབས་ལས་ཅན་འགྲོ་བ་དྲངས་ཕྱིར་དུ༔ རྒྱ་དཔེ་བོད་དུ་བསྒྱུར་ནས་སའི་སྒོ་ཕྱེ་སྟེ༔ འཇམ་དཔལ་རྒྱུད་ཀྱི་ངོ་སྤྲོད་དཔེ་ཆུང་རྒྱུད་འགྲེལ་དང་༔ རྣལ་འབྱོར་བརྒྱགས་སྐྱེལ་གནོད་སྦྱིན་ཨ་པ་ར༔ རྗེའི་བླ་གསེར་ཉི་མ་འཕྲོས་པ་དང་༔ བསྟན་པ་བསྲུང་བ་གསང་བ་རིན་ཅེན་དང་༔ རིན་ཅེན་དགོས་འདོད་འབྱུང་བས་མཁའ་འགྲོ་ལུང་སྟོན་དང་༔ སྟོང་རྩ་གཅིག་དྲིལ་སངས་རྒྱས་དགོངས་པ་དང་༔ རྩ་རླུང་ཐིག་ལེ་མཁའ་འགྲོའི་ལུང་སྟོན་དང་༔ ཞེས་ཚིག་གཅིག་ལ་ངེས་པར་ཆོས་ཀུན་ནས་དག་སྟེ་ཡེ་ཤེས་འོད་ལྔའི་ཀློང་དུ་གྲོལ་བར་ནུས་པའི་ཟབ་ལམ་མཁས་པ་བཞིའི་གདམས་པ་འཇམ་དཔལ་རྫོགས་པ་ཆེན་པོར་གྲགས་པའི་ཆོས་སྐོར་རྣམས་ནི། ཇི་སྐད་དུ། འགོས་ཀྱི་ཕག་རི་སྐྱེ་


GLG003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་བརྒལ་བའི་འོག༔ གྲུབ་པ་ཐོབ་པའི་སྟག་ཚང་སེང་གེ་ཕུག༔ གནས་ཀྱི་མིང་ནི་བཀྲ་ཤིས་དཔལ་ཕུག་ཏུ༔ གྲུབ་ཐོབ་གསུམ་གྱིས་གདམས་པ་བཅུད་ཕྱུང་བའི༔ སྙིང་དུ་གདམས་པའི་ངོ་སྤྲོད་རྣམ་བཞི་དང་༔ མ་ཚང་མེད་པ་མ་བུ་བཅས་ནས་སྦས༔ ཞེས་པ་ལྟར་སྟག་ཚང་སེང་གེ་བཀྲ་ཤིས་དཔལ་ཕུག་གི་རྡོ་བ་གཡུ་ཕྲ་ཅན་དུ་གཏེར་དུ་སྦས་པ། ཇི་སྐད་དུ། ཚེ་རབས་སྔོན་དུ་སྦྱངས་པས་དུས་འདིར་ཆོས་དང་ཕྲད༔ སྨོན་ལམ་དག་པས་བསྟན་པ་སྐྱོང་བར་ངེས༔ དད་པར་ལྡན་པའི་སྐྱེས་བུ་ལས་ཅན་དེ༔ ཇི་སྲིད་འཁོར་བ་འདི་ལ་སྐྱོ་བའི་བློ་སྐྱེས་ནས༔ ཐབས་མཁན་ཁྱོད་ལ་མོས་པའི་བློ་གཞུངས་ནས༔ འབྱོར་བཤམས་ཡོན་འབུལ་མཉེས་པར་བྱེད་པ་ལ༔ རྒྱ་གསུམ་བཀྲོལ་ལ་ངོ་སྤྲོད་ཚང་མར་གཏད་༔ ཅེས་པ་ལྟར་ཇོ་མོ་ཤེས་སྒྲོན་གྱི་སྤྲུལ་པའི་ཟློས་གར་གཏེར་སྟོན་སར་བན་ཕྱོགས་མེད་ཀྱི་སྤྱན་དྲངས་པའི་འཇམ་དཔལ་རྫོགས་ཆེན་གྱི་སྐོར་ལ། ཐོག་མར་འོད་ལྔའི་དཀྱིལ་འཁོར་དང་དཔལ་གཏོར་ཟུར་བཞི་ལ་བརྟེན་ནས་དབང་གི་ཆོག་བསྒྲིགས་དང་ཟུར་འདེབས་ཀྱི་ནང་བཞིན་རིགས་ལྔའི་དབང་། གཏོར་དབང་། རང་བྱུང་རང་ངོ་ཤེས་པའི་དབང་གི་སྨིན་བྱེད་རིགས་འཛིན་བརྒྱུད་པའི་ཕྱག་ལེན་མ་ཉམས་པ་ལེགས་པར་ནོས་ནས། ལུང་ལ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་སྐུ་ཆེ་བའི་ཡོན་ཏན་དང་། འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་བཀའ་བརྒྱུད་འདི་རྣམས་ཇི་ལྟར་བབས་པའི་བརྒྱུད་པའི་ལོ་རྒྱུས་ནམ་མཁའ་ལ་གཤེགས་སོ་མཐར་ཚང་བ། འཇམ་དཔལ་གྱི་ཆོས་ཀྱི་འབྱུང་ཁུངས་ཁོག་འབུབས་གཞི་ལམ་འབྲས་བུ་བཤད་པའི་འཕྲོས་ལས་མཚན་བརྗོད་ཀྱི་ལོ་རྒྱུས་དང་སློབ་དཔོན་པདྨའི་རྣམ་ཐར་གཏེར་སྟོན་ཚུལ་འཆོས་ཀྱི་འཇུག་སྒོ་སློབ་དཔོན་དགོས་ཚུལ་གྲུབ་མཐའ་དང་བཅས་པ་གུ་རུས་མཛད་པས་མཐར་ཚང་


GLG003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བ། འཇམ་དཔལ་གྱི་མཆོད་པའི་ལས་བྱང་དབང་ཆོག་བཀྲ་ཤིས་སྨོན་ལམ་གཏོར་མ་གཏོང་བ་སོགས་སྦས་བྱང་གི་མཐའ་ཚང་བ། འཇམ་དཔལ་དབང་གི་ཟུར་འདེབས་ཀྱི་དབང་དང་ངོ་སྤྲོད་བྱ་རྒོད་ཕུང་རི་པདྨ་སྤུངས་རི་ཤེལ་རི་སྤུངས་རི་གསུམ་གྱི་འཕྲོས་དོན་ལས་མན་ཤེལ་གྱི་ལོ་རྒྱུས་དང་བཅས་པ་ཐུགས་སུ་ཆུད་པའོ་མཐར་ཚང་བ། མཚན་ཡང་དག་པར་བརྗོད་པའི་དོན་རྒྱུད་རྡོ་རྗེ་རྩེ་མོ་ནམ་མཁའ་ལྟ་བུའི་རྒྱུད་ལེའུ་བཅུ་གཅིག་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་ཐབས་ཆིངས་རྣམ་པ་དྲུག་གིས་བསྟན་པ་རྫོགས་བྱང་གི་མཐའ་ཅན། མཚན་ཡང་དག་པར་བརྗོད་པ་གཉིས་མེད། གསང་སྔགས་ཡོན་ཏན་ཆེ་ཚུལ་གསུམ་གྱི་སྒོ་ནས་འདོན་ཐབས་རྫོགས་བྱང་མཐར་ཚང་བ། བསྐྱེད་རིམ་གང་ཟག་དབང་པོ་རབ་འབྲིང་མཐའ་མའི་འདོན་ཐབས་ཕན་ཡོན་དང་བཅས་པ། འཇམ་དཔལ་རྒྱུད་ཀྱིས་གཅད་དོན་གསལ་བར་བྱེད་པའི་སྒྲོན་མ་རྫོགས་བྱང་གི་མཐར་ཚང་བ། དེའི་འཕྲོས་ལས་སྐུ་གསུམ་གྱི་མཚན་ཉིད་བསྟན་པ། ཨ་སྐྱེ་མེད་རང་བྱུང་བྱང་ཆུབ་སེམས་སུ་ལ་ཟླ་བ། འབྱུང་བ་ཕུང་པོ་ཉོན་མོངས་དབང་པོ་རྣམས་རྣམ་པ་ཉི་ཤུར་སྣང་བ་དོན་རྟོགས་པའི་དུས་ན་རིགས་ལྔར་འཆར་ཚུལ་ཏེ་ཡིག་སྣ་ཕྲ་མོ་གསུམ། །འཇམ་དཔལ་ཁྲི་དྲུག་སྟོང་གི་ལེའུ་སུམ་བརྒྱ་གོ་དགུའི་འོག་ན་བསྟོད་པ་གླུར་བླངས་ཀྱི་ལེའུ་ཡོད་ཚུལ་གྱི་དོན་བསྡུས་བཏགས་གྲོལ་གྱི་གཟུངས་དང་བཅས་པ། འཇམ་དཔལ་མཚན་བརྗོད་ཀྱི་དོན་འགྲེལ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་གསང་སྔགས་ཀྱི་བསྐྱེད་རྫོགས་གསུམ་དང་མཐུན་པར་མཛད་པ། གློ་རྡེག་གཏམ་རྒྱུད་ས་གཅད་ཀྱི་སྡོམ་ཚིག་མཇུག་ཏུ་ཡིག་སྣ་ཕྲ་མོ་རྒྱུད་གཞན་གྱིས་ཁ་འཛིན་མི་དགོས་པར་བསྟན་པ། བཀའ་འགྲོལ་བློ་རྡེག་གི་གཏམ་རྒྱུད་ལྔ་བཅུ་རྩ་གཉིས་པ་མདོ་སྡེ་ནས་བསྡུས་པ་སྦས་བྱང་


GLG003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཐར་ཚང་བ། མཇུག་ཏུ་བརྒྱུད་པ་འོག་མ་རྣམས་ལ་གནང་ཚུལ་དང་ངོ་སྤྲོད་ཐོབ་པའི་གང་ཟག་གིས་ཞེས་སོགས་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་ཕན་ཡོན་ཚིགས་སུ་བཅད་པའི་ཡིག་སྣ་ཕྲ་མོ། ཁམས་གསུམ་གྱི་གྲོང་ཁྱེར་ཆེན་པོ་གནས་པའི་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ལ་འཕགས་པ་འཇམ་དཔལ་གྱི་ངོ་བོས་ཁྱབ་པའི་རྒྱུ་མཚན་གྱིས་ངོ་སྤྲོད་ཀྱི་གདམས་པ་མཇུག་ཏུ་གཅིག་ཤེས་པས་ཀུན་གྲོལ་བར་བྱེད་པ་སངས་རྒྱས་ཀུན་གྱི་དགོངས་པ་ཡང་དག་མཐར་ཐུག་པའི་ཆེ་བརྗོད་དང་བཅས་པ། ཤིན་ཏུ་ཟབ་པ་འཁྲིད་ཡིག་གསང་འགྲེལ་ལ་ནང་གསེས་ཀྱི་འདོན་ཐབས་ལྔ། སྙིང་པོ་ཧཱུྃ་གི་སྒྲུབ་པ་སྐུ་གསུམ་ལམ་དུ་འཁྱེར་ནུས་པ། མཚན་དཔེའི་བཤད་པ། ཉན་ཐོས་ཀྱི་ས་བརྒྱད། བྱང་སེམས་ཀྱི་ས་བཅུ། ཐབས་ལམ་སྔགས་ཀྱི་ས་བཅུ་གཉིས། གྲོལ་ལམ་དེ་བཞིན་གཤེགས་པའི་ས་ལྔ་རྣམས་བཤད་པ། རྩ་རླུང་ཐིག་ལེའི་གདམས་པ། ཕྱོགས་བཅུའི་འཇིག་རྟེན་དུ་འཇམ་དཔལ་གྱི་ཆོས་འདིས་སེམས་ཅན་རྣམས་གྲོལ་བའི་ཁྱད་པར་འཕགས་ལུགས། ཁམས་གསུམ་གྱི་སེམས་ཅན་བཤད་པ། དགེ་འདུན་གསུམ་བཤད་པ། སྤྱན་ལྔ་བཤད་པ། ལམ་གྱི་ཡན་ལག་བརྒྱད་རིག་ཚུལ། ཞི་བའི་ལྷ་ཚོགས་ཀྱི་ངོ་སྤྲོད་བཅུ་གསུམ་པ། ཞི་བའི་ལྷའི་དག་སྦྱོར། ཁྲོ་བོའི་ལྷ་ཚོགས་བཞུགས་ཚུལ། སྐུ་གསུམ་དུ་གྲོལ་ཚུལ། སྣོད་བཅུད་ཀྱི་ཆགས་འཇིག་དང་ཕུང་པོ་ཞིག་འབྲེལ་དུ་ངོ་སྤྲོད་པ། ཨ་ཏིའི་ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་བཞི་ངེས་ཚིག་དང་བཅས་པ་བསྟན་པ། གཞི་འཁོར་འདས་ཀྱི་རྩ་བ་བསྟན་པ། ཤེ་བཟའ་སྒྲོན་གྱིས་གུ་རུ་ལ་ཞུས་པའི་ཚིག་རྐང་བཅུ་བཞི་པ། འཕགས་པ་འཇམ་དཔལ་རྒྱུད་ཀྱི་ཡང་སྙིང་། དེའི་ངོ་སྤྲོད་ལྟ་སྒོམ་སྤྱོད་པའི་ཞུས་ལན་གུ་རུས་ཤེ་བཟའ་སྒྲོན་ལ་གནང་བ། གསང་འགྲེལ་དངོས་


GLG003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོག་མ་བར་དང་མཐར་དགེ་བ་སོགས་ཚིག་རྐང་བཞི་པ་གུ་རུས་མངའ་བདག་ལ་གནང་ཞིང་ཇོ་མོ་ལ་ཡང་གནང་བའི་འཇམ་དཔལ་གྱི་གསང་འགྲེལ་དོན་གསལ་བར་བྱེད་པའི་སྒྲོན་མ་རྫོགས་བྱང་གི་མཐར་ཚང་བ། སངས་རྒྱས་དང་སེམས་ཅན་འབྱུང་བ་ནི༔ ཞེས་སོགས་སྒྲུབ་པའི་མན་ངག་དོན་སྐོར་དགུ་པ་ཤེ་བཟའ་སྒྲོན་གཅིག་ལ་གདམས་པ། མི་ནུབ་རྒྱལ་ཚབ་པདྨ་འབྱུང་གནས་ཀྱིས་ཆོས་སྐོར་འདི་རྣམས་སྟག་ཚང་སེང་གེ་བཀྲ་ཤིས་དཔལ་ཕུག་གི་རྡ་ོབ་གཡུ་ཕྲ་ཅན་དུ་གཏེར་དུ་སྦས་ཚུལ་རྒྱ་གསུམ་གྱི་འགྲོལ་ཐབས། གཏེར་བདག་བྲག་སྐྱེས་སོགས་ལ་བཀའ་གཏད་པ་ཁ་བྱང་འགའ་ཞིག་དང་བཅས་པར་དྷ་ནི་ཀ་ཡ་རྫོགས་བྱང་གི་མཐར་ཚང་བ། དེ་ཡང་དྲན་མཆོག་དཔལ་ལྡན་བློ་གྲོས་ཀྱི་དྲུང་དུ་སེའི་སྔགས་འཆང་བླ་ཆེན་བཀྲ་བཟང་པས་འཇམ་དཔལ་སྐོར་འདི་གསན་པར་བྱོན་ཏེ། བདེ་གྲོལ་གྱི་ཕྱག་དཔེ་ཚང་མའི་སྟེང་ནས་སྤྱན་ཚབ་དང་སྦྲགས་ཞུས་པའི་སྐབས་གསང་འགྲེལ་འཁྲིད་སྐོར་འདི་རྣམས་ཡེ་མ་རྙེད་ཅིང་རྗེས་སུ་བཙལ་བས་ཀྱང་མི་འདུག་ཚུལ་གསན་ཡིག་ཏུ་བཏབ་ནའང་། སླར་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་དཔེ་དེ་ཀའི་སྟེང་ནས་གསན་སྐབས་འཕྲལ་དུ་རྙེད་པ་ནི་མཁའ་འགྲོ་གཏེར་སྲུང་གི་བཀའ་རྒྱ་གྲོལ་མ་གྲོལ་གྱི་ཁྱད་པར་ཡིན་ཞེས་ངོ་མཚར་བའི་གཏམ་རྒྱུད་ཡོད་དོ། །གཞན་ཡང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་འཇམ་དཔལ་རྫོགས་པ་ཆེན་པོའི་ཆོས་སྐོར་གྱི་གསན་ཡིག་ཤེས་རབ་རལ་གྲིའི་རྒྱ་ཅན། དེས་མཛད་པའི་འཇམ་དཔལ་རྫོགས་ཆེན་གྱི་ཆོས་སྐོར་འཆད་ཐབས་ལག་ལེན་དྲན་པའི་གསོལ་འདེབས་ཞེས་བྱ་བ་སྟོང་ཉིད་གཞུའི་རྒྱ་ཅན། དེས་མཛད་པའི་ཡིད་ཆེས་ལུང་རིག་ངེས་སྟེར་ལས་གཏེར་སྟོན་སར་བན་ཕྱོགས་མེད་ཀྱི་གཏེར་ཆོས་འཇམ་དཔལ་


GLG003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་གྱི་ཆོས་སྐོར་ནོས་ཚུལ་བྱང་སེམས་ཨུཏྤལའི་རྒྱ་ཅན་དང་བཅས་པ་རྣམས་ལེགས་པར་ཐོབ་པ་ལས་དབང་དང་གཏེར་གཞུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་འཇམ་དཔལ་རིགས་ལྔ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། རྡོ་རྗེ་ཌཱ་ཀི རིན་ཅེན་ཌཱ་ཀི །པདྨ་ཌཱ་ཀི །ཀརྨ་ཌཱ་ཀི །དེ་བཞིན་ཌཱ་ཀི །ཨོ་རྒྱན་ཌཱ་ཀི །འཇམ་དཔལ་དབྱངས། རྡོ་རྗེ་འཆང་། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཨོ་རྒྱན་ཆེན་པོ། རྗེ་ཁྲི་སྲོང་ལྡེ་བཙན། ཇོ་མོ་ཤེ་བཟའ་སྒྲོན། གཏེར་སྟོན་ཆེན་པོ་སར་བན་ཕྱོགས་མེད། ལུང་བྲིས་སར་བན་ཉི་མའི་སྙིང་པོ། སྔགས་འཆང་དབང་དར། མགར་སྟོན་རིན་ཅེན་འབུམ། རི་པ་སངས་རྒྱས་དཔལ། རྒྱ་བན་བླ་མ། བླ་མ་སྦ་སྟོན་དཔལ། རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་ངག་དབང་གྲགས་པ། དྲིན་ཅན་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། དྲན་མཆོག་དཔལ་ལྡན་བློ་གྲོས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཀློང་ཆེན་རབ་འབྱམས་གསུམ་པ་ཤ་གཟུག་པ་བཀྲ་ཤིས་རྣམ་རྒྱལ། སྔགས་འཆང་ཀརྨ་གསང་སྔགས་པ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལྗགས་བསྒྲིགས་བརྒྱུད་པ་ནི། ངག་གི་དབང་པོ་ནས། རིགས་འཛིན་ཀུན་བཟང་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གསོལ་འདེབས་ལས། བི་མཱའི་རྣམ་འཕྲུལ་ལྡང་མ་ལྷུན་རྒྱལ་དང་། རྩེ་སྟོན་ནག་པོ་ཞང་སྟོན་བཀྲ་ཤིས་རྡོར། མེ་ལོང་རྡོ་རྗེ་དུང་མཚོ་རས་པ་དང་། སྒོམ་པ་གཡུ་སྒོམ་རྡོ་རྗེ་ལ་གསོལ་བ་འདེབས། ཞེས་གསུངས་པའི་ནང་ཚན་གནས་བརྟན་ཆེན་པོ་ལྡང་མ་ལྷུན་རྒྱལ་གྱི་གཏེར་


GLG003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བླ་མ་སྙིང་ཏིག་གི་སྐོར་ནི། རྒྱ་གར་གྱི་གྲོང་ཁྱེར་སེར་སྐྱའི་རྒྱལ་པོ་ཨིནྡྲ་བྷུ་ཏི་ཆུང་བ་ཞེས་བྱ་བའི་བླ་མཆོད་པཎ་ཆེན་ལྔ་བརྒྱའི་གཙོ་བོར་པཎྜི་ཏ་བི་མཱ་ལ་མི་ཏྲ་བཞུགས་པའི་ཚེ། ཉང་ཏིང་འཛིན་བཟང་པོ་ཞེས་བྱ་བ་ལོ་བདུན་ཟླ་བ་བདུན་གྱི་བར་ཞི་གནས་ལ་གནས་པས་ཤའི་སྤྱན་རྣམ་པར་དག་པས་གླིང་བཞི་དུས་གཅིག་ཏུ་གཟིགས་པ་དེས་རྗེ་ཁྲི་སྲོང་ལྡེ་བཙན་ལ་པཎ་ཆེན་འདི་ལྟ་བུ་ཞིག་ཡོད་པ་གདན་འདྲེན་པར་གསོལ་བས། སྐ་ཅོག་རྣམ་གཉིས་ཕོ་ཉར་མངགས་ཏེ་གདན་དྲངས་ནས་ཐོག་མར་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། སླར་གཡུ་སྒྲ་སྙིང་པོས་བསྐུལ་བ་ལ་བརྟེན་ནས་གསང་སྔགས་ཀྱི་ཆོས་མང་དུ་བསྒྱུར་ཞིང་། ཁྱད་པར་གསང་བ་བླ་ན་མེད་པའི་རྒྱུད་ལུང་རྣམས་རྗེ་བློན་གསུམ་གྱི་ཐུགས་དམ་མནོག་ཆོས་སུ་མཛད་ནས་རྒྱ་དཔེ་ལས་བོད་ཀྱི་ཡི་གེར་བསྒྱུར་བ་རྣམས་རྗེ་བློན་གཉིས་ལའང་མ་གནང་སྟེ། སྣང་བ་རིན་པོ་ཆེ་སྤྲ་འཁྲིད་ཀྱི་མཇུག་གི་ཡིག་འཕྲིན་ལས། གསང་བའི་མན་ངག་བདག་གི་ཁོང་སྙིང་འདི༔ རྒྱ་ཡི་དཔེ་ལས་བོད་ཀྱི་ཡི་གེར་བསྒྱུར༔ བསྟན་ཞིང་བཤད་པའི་རྗེ་བློན་གཉིས་པ་ཡང་༔ དམ་ཚིག་གཞུང་དང་ལྡན་ཞིང་དད་ལྡན་ཡང་༔ སྙིང་གི་མན་ངག་མཆོག་འདི་བློས་མ་ཐོངས༔ བསྟན་པའི་བཙས་སུ་ས་ཡི་གཏེར་དུ་སྦས༔ འདི་ཉིད་ནམ་ཞིག་ཕྱུང་བའི་དུས་བྱུང་ན༔ སྐལ་ལྡན་སྙིང་གི་བུ་དང་ཕྲད་པར་ཤོག༔ མཆིམས་ཕུ་བྲག་བཙན་རྡོ་རྗེ་དྲག་པོ་རྩལ༔ བཀའ་འདི་སྲུངས་ལ་བསྟན་པའི་བདག་པོ་གྱིས༔ ཆོས་སྐྱོང་མགོན་པོ་ལེགས་ལྡན་ནག་པོ་ཁྱོད༔ བཀའ་འདི་གཏད་དོ་ཁྱོད་ཀྱིས་ཐུབ་པར་སྲུངས༔ སྨུག་ནག་ཁྲོས་མའི་རྒྱལ་མོ་སྔགས་ཀྱི་བདག༔ བཀའ་འདི་བཅོལ་ལོ་ཁྱོད་ཀྱིས་དམ་དུ་ཟུངས༔ ཞེས་པ་ལྟར་བསམ་ཡས་


GLG003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མཆིམས་ཕུར་གཏེར་དུ་སྦས། དེ་དང་འབྲེལ་བའི་རྒྱུད་མན་ངག་གཞན་རྣམས་མངའ་བདག་ཡབ་སྲས་ཉང་ཏིང་འཛིན་བཟང་པོ་སྐ་ཅོག་རྣམས་ལ་གནང་ཞིང་བསྒྱུར། ཁྱད་པར་ཉང་སྙིང་ཏིག་ལ་བོགས་ཐོན། ཁམས་སུ་རྡོ་རྗེ་ལེགས་པར་སེར་བ་ཕབ་ནས་འབྲུ་རྔ་མོའི་ཁལ་ལྔ་བརྒྱ་སོགས་མི་མ་ཡིན་གྱི་རྫས་མང་དུ་ཕུལ་བ་ལ་གཞི་བྱས་ནས་དབུ་རུ་ཞྭ་པདྨ་དབང་ཆེན་གྱི་ལྷ་ཁང་བཞེངས་ཏེ་བཤད་རྒྱུད་སྙིང་ཏིག་གི་བཀའ་བརྒྱུད་སྐོར་གསུམ་ཀེའུ་ཚང་རིམ་གསུམ་དུ་སྦས། སྙན་བརྒྱུད་ཡི་གེའི་རིགས་ཀྱི་དཔེ་རྣམས་ཤོག་དྲིལ་རྫ་མ་གང་སྒོ་ཁང་གི་སྟེང་དུ་སྦས༔ གསང་བ་བླ་ན་མེད་པའི་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད་ནི་ཀ་བའི་བསམ་ལེའུ་གསུམ་གྱི་ཁོང་གསེང་ལ་སྦས་པའི་ཞྭ་ལྷ་ཁང་གི་གཏེར་ཆོས་རྣམས་དུས་རིང་ཞིག་ན་སྤྲུལ་པའི་གཏེར་སྟོན་ལྡང་མ་ལྷུན་རྒྱལ་གྱིས་སྤྱན་དྲངས་སྣོད་ལྡན་གྱི་སློབ་མ་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གནང་། ལྕེ་བཙུན་གྱིས་སླར་ཡང་ཆོས་སྐོར་རྣམས་ལ་འགྲོ་ཆད་པ་སྟག་འདྲར་ཡང་གཏེར་དུ་སྦས་ཤིང་། གསང་བ་སྙིང་ཏིག་གི་སྐོར་རྣམས་ལུས་ལ་བཅངས་ནས་ཡོད་པའི་ཚེ་རྨི་ལམ་དུ་པཎྜི་ཏ་ཞིག་གིས། བདག་ནི་བི་མཱ་མི་ཏྲ་མཁས་པ་སྟེ༔ སྐལ་ལྡན་སྙིང་པོའི་ཡང་བཅུད་དོན་འདོད་ན༔ མཆིམས་ཕུ་བྲག་དམར་དགེ་གོང་ཡང་ལྡེབས་ལ༔ གསང་བ་སྙིང་ཏིག་སྙིང་དང་འདྲ་བ་ཡོད་ཀྱིས་ལོང་༔ དེ་དག་ཁྱེར་ལ་འུ་ཡུག་ཕྱི་སྐོང་རྫའི་ར་བ་རུ༔ སུས་ཀྱང་མཐོང་བ་མེད་པར་ལོ་བདུན་སྒོམས༔ དེས་ནི་ཟག་བཅས་ཕུང་པོ་མི་སྣང་བ་ཡིན་ནོ༔ ཞེས་པའི་ལུང་བསྟན་ལྟར་མཆིམས་ཕུ་ནས་གཏེར་སྤྱན་དྲངས། འུ་ཡུག་ཏུ་ལོ་བདུན་གྱི་བར་བསྒོམས་པས་ཆོས་ཉིད་ཟད་པའི་སྣང་བ་མཐོང་ནས་སྙིང་ཏིག་གི་སྐོར་རྣམས་ཕྱལ་གྱི་ཕུའི་


GLG003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་དཀར་པོ་ཐེམ་པ་འདྲ་བ་ལ་སྦས་ཤིང་ཚིག་བརྒྱུད་དང་སྙན་བརྒྱུད་རྣམས་ལྕེ་སྒོམ་ནག་པོ་དང་རྒྱལ་བ་ཞང་སྟོན་སོགས་ལ་གནང་སྟེ་རིམ་པར་བརྒྱུད་པའི་ཆོས་སྐོར་ལ། ཐོག་མར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་སྤྲོས་བཅས་བུམ་དབང་ཚངས་པའི་དྲ་བ་གནད་ཡིག་དང་བཅས་པའི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པ་ལྔ་ལ་བརྟེན་ནས་བུམ་དབང་། བདུད་རྩི་ལ་བརྟེན་ནས་གསང་བའི་དབང་། ཤེས་རབ་མ་ལ་བརྟེན་ནས་བྷ་གའི་དབང་། ཚིག་དོན་ངོ་སྤྲོད་བརྡའི་དབང་། སྤྲོས་མེད་ཀྱི་དབང་ཆོག་རིན་ཅེན་དྲ་བ་གནད་ཡིག་དང་བཅས་པའི་སྟེང་ནས་ཆོས་དབྱིངས་སྐྱེ་མཆེད་རང་བྱུང་གསུམ་ལ་བརྟེན་ནས་ཡི་གེ་འཁོར་ལོའི་དབང་། བདེ་ཆེན་སྤྱི་བླུགས། རྒྱས་གདབ་ཚངས་པ། རིག་པ་རྩལ་དབང་། ཀུན་བཟང་ཆོས་དབྱིངས་ལྷུན་གྲུབ་བཞི་ལ་བརྟེན་ནས་ཆོས་ཉིད་དོན་གྱི་དབང་། ཤིན་ཏུ་སྤྲོས་མེད་དབང་ཆོག་པདྨའི་དྲ་བ་གནད་ཡིག་དང་བཅས་པའི་སྟེང་ནས་བླ་མའི་གསོལ་འདེབས་སྔོན་དུ་བཏང་བའི་ཨ་དྲུག་གིས་བྱིན་དབབ་སྟེ་ཐུགས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་ཡེ་ཤེས་ལྔ་དབྱིངས་སུ་ཐིམ་པའི་དབང་། རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲ་བ་གནད་ཡིག་དང་བཅས་པའི་སྟེང་ནས་སྤྲུལ་སྐུའི་དཀྱིལ་འཁོར་དུ་གཞུག་པའི་དབང་། ལོངས་སྐུའི་དཀྱིལ་འཁོར་དུ་གཞུག་པའི་དབང་། ལེགས་པར་ནོས་ནས། ལུང་ལ། སྤྱིར་རྒྱུད་བཅོ་བརྒྱད་མན་ངག་བརྒྱ་བཅུ་དགུ། ཟབ་པ་པོད་བཞི། ཡང་ཟབ་ཀྱི་ཡང་ཟབ་ཕྲ་ཡིག་ཅན་དང་བཅས་པའི་ཆོས་ཚན་བརྒྱ་ཞེ་གཉིས་ཡོད་པར་བཤད་པའི་རྒྱུད་ཀྱི་སྐོར་དང་མན་ངག་གཉིས་ལས། དང་པོ་ལ། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལེའུ་ཉེར་ལྔས་སྤྲོས་པ་ལ་དགའ་བ་རྣམས་སྨིན་


GLG003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དབང་གི་རིམ་པ་བསྟན། གསང་བ་ཡི་གེ་མེད་པའི་རྒྱུད་ཆེན་པོ་རིན་པོ་ཆེ་རྒྱལ་མཚན་གྱི་རྒྱུད་རྒྱལ་བའི་གདུང་བརྒྱུད་མི་འགྱུར་བ་ལྟ་བ་ནམ་མཁའི་མཐའ་དང་མཉམ་པ་བསྟན་པའི་རྒྱུད་ལེའུ་དྲུག་གིས་སྨིན་ཟིན་གྲོལ་བར་བྱེད་པའི་མན་ངག་གི་གནད་བསྟན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དངོས་སུ་བཤད་པ་ཡེ་ཤེས་འདུས་པའི་མདོ་ཐེག་པ་ཆེན་པོ་གསང་བ་བླ་ན་མེད་པའི་རྒྱུད་ཆོས་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གསང་སྔགས་གཅིག་པའི་ཡེ་ཤེས་རྫོགས་པ་ཆེན་པོའི་དོན་གསལ་བར་བྱེད་པའི་རྒྱུད་རིག་པ་རང་ཤར་ཆེན་པོའི་རྒྱུད་ཅེས་བྱ་བ་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱིས་དུར་ཁྲོད་མེ་རི་འབར་བར་འཁོར་རྣམས་ཀྱི་རྟོག་པ་བསལ་བ་ཡེ་ཤེས་ལག་ཕྲད་དུ་བསྟན་པ་ལེའུ་བརྒྱད་ཅུ་རྩ་དྲུག་པ་སློབ་དཔོན་བི་མཱ་ལ་མི་ཏྲས་སྒྲ་མི་མཐུན་པ་སུམ་བརྒྱ་ལས་བསྒྱུར་བ་འདི་རྗེ་མ་གཏོགས་ཉང་ལ་ཡང་མེད་པས་ཤེལ་གྱི་གླེགས་ཤིང་དུ་བསྡམས་ནས་དངུལ་གྱི་གའུར་བཅུག་གཟེར་ཆེན་པོ་བཞི་བཏབ་སྟེ། རེ་ནག་གིས་གྲིལ་ཕུང་བྱེད་ཀྱི་ངན་སྔགས་ཡིན་པ་སྐད་དུ་བྱས་ནས་རྗེ་མངའ་བདག་གིས་ཉང་གི་གཏེར་གྱི་ཟླར་སྦ་རུ་བཅུག་པ། རྒྱུད་འདིས་ལྟ་སྒོམ་སྤྱོད་པ་འབྲས་བུའི་བརྗོད་བྱ་ཁྱད་པར་དུ་གསལ་བར་བྱེད། སྟོན་པ་སྟོབས་ལྡན་ཆེན་པོས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་འཁོར་རྣམས་ཀྱི་རྟོག་པ་བསལ་བ་རྒྱུད་ཀུན་གྱི་ལྡེ་མིག་ཏུ་གསུངས་པའི་རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་གྲོལ་བའི་རྒྱུད་ལེའུ་བཅུ་པ་བི་མཱ་ལས་བསྒྱུར་ཅིང་གཏན་ལ་ཕབ་པ། འདིས་མའི་ས་གཅད་དམིགས་ཀྱིས་བསལ་བར་བྱེད་པ་རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔས་ཡོན་ཏན་རང་རྫོགས་སུ་སྟོན་པ། རིན་པོ་ཆེ་


GLG003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གདུང་འབར་བའི་རྒྱུད་ཆེན་པོ་ལས་གསང་བ་ཡང་བསྡུས་ཀྱི་སྙིང་པོ་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་པ་ལས་ཁྱད་པར་དུ་ཕྱུང་བ་དཔལ་ནམ་མཁའ་མེད་པ་སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ལེའུ་གསུམ་པ་མཁས་པ་བི་མཱ་ལ་མི་ཏྲ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར། འདིས་རྟགས་རྣམས་གསལ་བར་བསྟན། རང་བཞིན་རྫོགས་པ་ཆེན་པོ་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་པ་ལས་ཁྱད་པར་དུ་བཀོད་པ་རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོ་ཆོས་རྣམས་ཀུན་གྱི་རྩ་བར་བསྟན་པའི་རྒྱུད་ལེའུ་དྲུག་གིས་སྡེ་སྣོད་ཀུན་གྱི་རྩ་བ་སྟོན། བཀྲ་ཤིས་མཛེས་ལྡན་ཆེན་པོ་རྒྱུད་དཔལ་ནམ་མཁའ་མེད་པ་ཆེན་པོ་ཞེས་བྱ་བ་ལེའུ་ལྔས་འཁྲུལ་པ་བཟློག་ཚུལ་ངོས་འཛིན། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ཞེས་བྱ་བ་ཡང་གསང་གབ་སྦས་པའི་རྒྱུད་རྫོགས་པ་ཆེན་པོ་གཏན་ལ་འབེབས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་དུར་ཁྲོད་མེ་རི་འབར་བར་གསང་བའི་བདག་པོ་ལ་སོགས་པ་རྣམས་ལ་རང་རང་གི་དོན་དངོས་སུ་བསྟན་པ་བཀའ་དམ་པ་གསང་བའི་རྒྱུད་ཆེན་ལེའུ་བརྒྱད་པ་མཆིམས་ཕུ་བྲག་དམར་དགེ་གོང་གི་ཚལ་དུ་སློབ་དཔོན་གྱི་བི་མཱ་ལས་སྒྲ་མི་མཐུན་པ་གསུམ་ལས་བསྒྱུར་བ་སྐ་ཅོག་གཉིས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ་ཉང་གིས་ཞའི་མགོན་པོ་གྲི་ཐོད་ཅན་ལ་གཉེར་དུ་གཏད་ནས་གཏེར་དུ་སྦས། འདིས་ངོ་སྤྲད་པ་དང་དབང་དམ་ཚིག་གི་མན་ངག་སྟོན། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ལེའུ་བཞིས་གོམས་སྒྲིབ་ཤན་འབྱེད་སྟོན། རང་བཞིན་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་ལས་ཕྱུང་བ་ངོ་སྤྲོད་རིན་པོ་ཆེས་སྤྲས་པའི་ཞིང་ཁམས་བསྟན་པའི་རྒྱུད་ལེའུ་གསུམ་གྱི་དཔེ་དོན་གྱི་ཡིད་ཆེས་སྐྱེད། རང་བཞིན་རྫོགས་པ་


GLG003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཕྱུང་བ་མུ་ཏིག་རིན་པོ་ཆེའི་འཕྲེང་བའི་རྒྱུད་ལེའུ་བརྒྱད་ཀྱིས་མན་ངག་ཐ་དད་པའི་ཐབས་ཀྱིས་གྲོལ་བར་སྟོན། རང་བཞིན་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བ་ཀུན་ཏུ་བཟང་པོ་གློང་དྲུག་གི་རྒྱུད་ལེའུ་དྲུག་གིས་རིགས་དྲུག་གནས་སུ་དག་པར་སྟོན། རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བ་ལས་གསེར་གྱི་མེ་ཏོག་མཛེས་པའི་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལེའུ་བཞིས་སྒྲོན་མ་བཞི་སྟོན། ཉི་མ་དང་། ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད་ལེའུ་བཞིས་བར་དོ་སྟོན། ཀུན་ཏུ་བཟང་པོས་འོག་མིན་གྱི་གནས་སུ་འཁོར་རྣམས་ལ་རིག་པའི་ཐབས་བསྟན་པ་གསང་སྔགས་ཀུན་གྱི་རྩ་བའི་དོན་མ་ནོར་བར་སྟོན་པའི་རྒྱུད་ཡེ་ཤེས་ལག་ཕྲད་དུ་བསྟན་པ་དབང་བཞི་ཡོངས་རྫོགས་སུ་བསྟན་པའི་རྒྱུད་སེང་གེ་རྩལ་རྫོགས་ཆེན་པོ་ལེའུ་བཅུ་གསུམ་གྱིས་ལྟ་བ་ཕྱོགས་རིས་མེད་པར་སྟོན། ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད་ལེའུ་བཞིས་ལམ་སྲོལ་དུ་འཛུད་པར་སྟོན། བཀའ་སྲུང་ཁྲོས་མ་ནག་མོ་གསང་བ་སྙིང་གི་རྒྱུད་དཔལ་ལྡན་རང་བྱུང་རྒྱལ་མོས་གསུངས་པ་ལེའུ་སུམ་ཅུ་སོ་གཅིག །ཁྲོས་ནག་གིས་ཚངས་པ་གདོང་བཞི་པར་སྤྲུལ་ནས་གསུངས་པའི་རྒྱུད་ལེའུ་ཞེ་གཅིག །ཡང་སྤྲུལ་མུ་སྟེགས་བདུད་དུ་སྤྲུལ་ནས་གསུངས་པའི་ལེའུ་ལྔ་རྣམས་ཀྱི་བསྟན་པ་བསྲུང་བའི་དྲག་སྔགས་གཙོ་བོར་སྟོན་པའི་བཀའ་སྲུང་གི་རྒྱུད་འདིས་སངས་རྒྱས་ཀྱིས་མ་གསུངས་ཤིང་བདུད་བཤན་པ་ལག་དམར་གྱིས་བཀའི་སྡུད་པོ་བྱས་ནས་གཏེར་དུ་སྦས་པས་རྒྱུད་བཅུ་བདུན་གྱི་གྲས་སུ་མི་འོས་སོ་སྙམ་ན། ཕྱག་ན་རྡོ་རྗེ་གཟི་བརྗིད་ཀྱིས་དྲེགས་པ་རང་གི་སྲོག་སྙིང་རྒྱུད་བཏོན་ནས་ཕུལ་བ། གསང་བདག་གིས་རྒྱུད་བཅུ་བདུན་གྱི་བཀའི་སྲུང་མར་གདམས་པའི་


GLG003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྔགས་ཁྱད་པར་ཅན་ཡིན་པས་སོ། །ཚངས་པས་གསུངས་པའི་རྒྱུད་ཀྱི་ལས་ཀྱི་གྲངས་བཞི་བརྒྱ་ལྔ་བཅུའི་ཐེམས་རྫོགས་བྱང་གི་མཐའ་ཅན། དྲག་པོའི་ངན་ཐབས་དགྲ་གློ་བུར་དུ་བྱུང་ན་བརྡེག་པ་རྫས་ཀྱི་ཡང་ཏིག །ངན་སྔགས་གསང་བའི་མན་ངག་འབྱུང་བཞིའི་སྡེབ་ཡིག་བཀའ་སྲུང་དཔང་དུ་བཙུགས་ལ་སྦྱིན་ནོའི་མཐའ་ཅན་རྣམས། དེ་ཡང་མུ་ཏིག་འཕྲེང་བ་ལས། རྒྱ་མཚོ་དང་ནི་ཉི་མ་དང་༔ སེང་གེ་དང་ནི་རི་རྒྱལ་དང་༔ འཁོར་ལོ་དང་ནི་ལྡེ་མིག་དང་༔ རལ་གྲི་དང་ནི་གསལ་ཤིང་དང་༔ གསེར་ཞུ་དང་ནི་མ་བུ་འབྲེལ༔ མེ་ལོང་དང་ནི་མུ་ཏིག་དཀྱུས༔ སྦྲུལ་མདུད་དང་ནི་ཁྱུང་ཆེན་དང་༔ ཆུ་རྒྱུན་དང་ནི་སྤུ་གྲི་དང་༔ རྒྱལ་པོ་དང་ནི་བང་མཛོད་དང་༔ དེ་དག་རྣམ་པར་ཕྱེ་བས་ན༔ ཚིག་རྒྱུད་གསལ་བར་བྱེད་པའོ༔ དེ་ཡི་དོན་རྣམས་རྣམ་དབྱེ་བས༔ ངོ་བོ་ཉིད་ཀྱིས་མཐོང་བར་འགྱུར༔ ཞེས་པ་ལྟར་དཔེ་བཅོ་བརྒྱད་རིམ་པ་བཞིན་དུ་རིག་པར་རང་ཤར། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། སེང་གེ་རྩལ་རྫོགས། ཡི་གེ་མེད་པ། བཀྲ་ཤིས་མཛེས་ལྡན། སྒྲ་ཐལ་འགྱུར། ཀུན་བཟང་ཐུགས་ཀྱི་མེ་ལོང་། སྒྲོན་མ་འབར་བ། ནོར་བུ་ཕྲ་བཀོད། ཉི་ཟླ་ཁ་སྦྱོར། ངོ་སྤྲོད་སྤྲས་པ། མུ་ཏིག་འཕྲེང་བ། རིག་པ་རང་གྲོལ། ཀློང་དྲུག་པ། རྫོགས་པ་རང་བྱུང་། ནག་མོ་ཁྲོས་མ། སྐུ་གདུང་འབར་བ། རིན་ཅེན་སྤུངས་པ་རྣམས་རིམ་པར་སྦྱོར་ཞིང་། ཡང་དེ་ཉིད་ལས། རྒྱུད་ཀྱི་སྙིང་པོ་གསུམ་ཤེས་ན༔ རྒྱལ་བློན་འབངས་གསུམ་འཛོམ་པ་འདྲ༔ རྒྱུད་ཀྱི་དྭངས་མ་གསུམ་ཤེས་ན༔ རི་གསུམ་རྩེ་མོར་ཕྱིན་པ་འདྲ༔ རྒྱུད་ཀྱི་མེ་ཏོག་གསུམ་ཤེས་ན༔ མཁའ་ལ་ཉི་མ་གསུམ་ཤར་འདྲ༔ རྒྱུད་ཀུན་སྡོམ་གཅིག་ཤེས་པ་ན༔ མཁར་གྱི་འགྲམ་རྡོ་ལེགས་ཚུགས་འདྲ༔ སྣང་བ་གཏིང་རྫོགས་


GLG003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཤེས་ན༔ རྩེ་མོ་འབྱོངས་པའི་མཁར་དང་འདྲ༔ ཡེ་ཤེས་གཡུལ་བཟློག་རྒྱུད་ཤེས་ན༔ ཕྱོགས་བཞི་སྐར་ཁུང་དོད་པ་འདྲ༔ ཡན་ལག་རྒྱུད་ཆེན་གཉིས་ཤེས་ན༔ ངོས་བཞིར་བ་གམ་བཏགས་པ་འདྲ༔ རྣལ་འབྱོར་གྲོལ་བའི་རྒྱུད་ཤེས་ན༔ རྒྱལ་པོ་མཁར་གྱི་རྩེར་བཞག་འདྲ༔ སྙིང་དང་འདྲ་བའི་རྒྱུད་ཤེས་ན༔ དེ་ལ་སྒོ་མོ་དམ་བསྒྲིགས་འདྲ༔ གསང་བར་རང་གཞུང་རྒྱུད་ཤེས་ན༔ མཐའ་མ་ལྕགས་རིས་བསྐོར་བ་འདྲ༔ མཚོན་ཆ་ལྟ་བུའི་རྒྱུད་ཤེས་ན༔ གོ་ཞུབ་ལྡན་པའི་སྒོ་དྲུང་འདྲ༔ ཞེས་སྙིང་པོ་གསུམ་ནི་རང་ཤར་རང་གྲོལ། ཡི་གེ་མེད་པ། དྭངས་མ་གསུམ་ནི། ནོར་བུ་ཕྲ་བཀོད། རྡོར་སེམས་མེ་ལོང་། ཀུན་བཟང་མེ་ལོང་། མེ་ཏོག་གསུམ་ནི། མུ་ཏིག་འཕྲེང་བ། སེང་གེ་རྩལ་རྫོགས། བཀྲ་ཤིས་མཛེས་ལྡན། སྡོམ་གཅིག་ནི་རྫོགས་པ་རང་བྱུང་། སྣང་བ་གཏིང་རྫོགས་ནི། ངོ་སྤྲོད་སྤྲས་པ། ཡེ་ཤེས་གཡུལ་བཟློག་ནི། ཉི་ཟླ་ཁ་སྦྱོར། ཡན་ལག་གཉིས་ནི། རིན་ཅེན་སྤུངས་པ། སྐུ་གདུང་འབར་བ། རྣལ་འབྱོར་གྲོལ་བ་ནི། སྒྲོན་མ་འབར་བ། སྙིང་དང་འདྲ་བ་ནི། ཀློང་དྲུག་པ། གསང་བ་རང་གཞུང་ནི། སྒྲ་ཐལ་འགྱུར། མཚོན་ཆ་ལྟ་བུ་ནི། ནག་མོ་ཁྲོས་མ་སྟེ་རྒྱུད་བཅོ་བརྒྱད་པོ་འདི་དག་ཐེག་པ་ཀུན་གྱི་ཡང་རྩེ་བླ་ན་མེད་པ་གསང་བ་ལས་ཀྱང་ཆེས་གསང་བའོ། །གཉིས་པ་ཡང་ཟབ་མན་ངག་གི་སྐོར་ལ། རྒྱ་ཆེ་བ་དང་ཟབ་པ་གཉིས། དང་པོ་ནི། ཁ་བྱང་གི་རྒྱལ་པོ་ཉི་མས་བརྒྱན་པ་ལས། བརྒྱ་དང་བཅུ་དགུ་མན་ངག་དམ་པ་རྣམས༔ ཞེས་མན་ངག་བརྒྱ་བཅུ་དགུར་གསུངས་པའི་དང་པོ་དུམ་དུམ་འཁྲིགས་ནས་མཐའ་མ་པདྨ་ཁ་འབྱེད་ཀྱི་བར་ཡིག་སྣ་བརྒྱ་བཅུ་དགུ་ཡོད་པ་དུས་དབང་གིས་ཕལ་ཆེར་རྒྱུན་ནུབ་ཅིང་། འགའ་ཞིག་བཞུགས་པའང་ཁོ་བོའི་སྤྱོད་ཡུལ་དུ་མ་གྱུར་ལ། འོན་ཀྱང་


GLG003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་བའི་ཕྱོགས་ཏུ་གཏོགས་པ་རྫོགས་པ་ཆེན་པོ་སྙིང་ཐིག་གི་ལོ་རྒྱུས་ཆེན་མོ་ཞེས་བྱ་བ་སངས་རྒྱས་ཀྱི་ལོ་རྒྱུས་རྒྱལ་བ་དགོངས་པས་བརྒྱུད་པའོ། །ཞེས་མཐར་ཚང་བ། རིགས་འཛིན་གྱི་གནས་འབྱེད་བདུན་པ་དབུ་རྩེ་རིགས་གསུམ་གྱི་བར་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་མཐར་ཚང་བ། གང་ཟག་སྙན་ཁུང་བརྒྱུད་པའི་ལོ་རྒྱུས་སྐལ་ལྡན་ཡིད་ཆེས་ཀྱི་གནད་བསྟན་པ་རྫོགས་བྱང་མཐར་ཚང་བ། ལྕེ་བཙུན་གྱི་མགུར་སངས་རྒྱས་ཡིད་ཆེས་མ་རྣམས། གཉིས་པ་ཟབ་པའི་སྐོར་ནི། ཁ་བྱང་ལས། ཨེ་མ། གསང་མཆོག་དམ་པ་གཞན་དུ་མ་བསྟན་པའི༔ སྙིང་ལས་ལྷག་པའི་མན་ངག་སྙིང་ཐིག་ལ༔ ཁ་བྱང་རྣམས་སུ་བཀོད་པར་མ་ཕོད་པའི༔ རྩ་རྣམས་མདུད་པ་སྙིང་ལ་འདུས་པ་ལྟར༔ བརྒྱ་དང་བཅུ་དགུ་མན་ངག་དམ་པ་རྣམས༔ ཡང་གསང་སྙིང་དང་འདྲ་བ་བཞི་ལ་འདུས༔ ཞེས་རྒྱ་ཆེ་བའི་ཆོས་ཀྱི་སྙིང་པོ་མཐའ་དག་ཟབ་པ་པོད་བཞིར་འདུས་པར་བསྟན༔ པོད་བཞིའི་རྒྱུ་མཚན་ཡང་སྒྲོན་མ་རང་གསལ་ལས༔ སྙིང་པོ་ངེས་པའི་རང་བཞིན་འདི་ལྟ་བུ༔ ཕྱིས་ཀྱང་འབྱུང་བ་ཤིན་ཏུ་དཀོན་པའོ༔ དེ་ཡི་དོན་གྱི་ཚད་ནི་འདི་ལྟ་བུ༔ གཞན་གྱིས་བསྒྱུར་ཞིང་བཤིག་པར་དཀའ་བའི་ཕྱིར༔ ཤོག་ཚད་སྣོད་ཀྱི་བྱེ་བྲག་འདི་ལྟ་སྟེ༔ ཞེས་བྱང་བུའི་རྒྱུ་དང་ཚད་ཡི་གེ་སོགས་གསུངས་པ་ལྟར། ཐོག་མར་ཆོས་ཀྱི་བཀའ་མི་འཆལ་ཞིང་ཡིད་ཆེས་ཀྱི་གོ་བ་བསྐྱེད་པའི་ཆེད་དུ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་ཟབ་པ་པོད་བཞིའི་ཁ་བྱང་གི་རྒྱལ་པོ་ཉི་མས་བརྒྱན་པ་ཞེས་བྱ་བ་མཁས་པ་ཆེན་པོ་བི་མཱ་ལ་མི་ཏྲས་ལྷོ་ཕྱོགས་བྷེ་ཏའི་ཡུལ་རིན་པོ་ཆེ་སྣང་བར་མཛད་པ། དེས་མཛད་པའི་ཤོག་ཚད་ངེས་པའི་ཁ་བྱང་སྒྲོན་མ་རང་གསལ་ཞེས་བྱ་བ། ཁ་བྱང་དེ་དག་ལས་


GLG003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར། རྒྱུད་དང་མན་ངག་གི་མ་བུ་ངེས་པའི་ཁ་བྱང་གཉིས་ཡོད་པར་གྲགས་པ་ནི་མ་ཐོབ། གསེར་ཡིག་ཅན། དུང་ཡིག་ཅན། ཟངས་ཡིག་ཅན། གཡུ་ཡིག་ཅན་དང་བཞི། དེ་ཡང་ལ་ལར་ཕྲ་ཡིག་ཅན་ལོགས་སུ་འདྲེན་ནའང་། ཟངས་ཡིག་གི་སྐོར་དུ་འདུ་ཞིང་། དུང་ཡིག་དང་ཟངས་ཡིག་འདྲེན་ཚུལ་སྔ་ཕྱི་མ་ངེས་པ་མང་དུ་བྱུང་ནའང་། ཁ་བྱང་ལས། དུམ་བུ་ངེས་པའི་གྲངས་ནི་དུ་ཡོད་པ༔ མ་བུ་ངེས་པ་ཉིད་ནི་འདི་ལྟ་སྟེ་ཞེས་བསྟན་པའི་སྐབས་དུང་ཡིག་ཅན་སྔོན་དུ་འབྱུང་བས་དེའི་རྗེས་སུ་འབྲངས་པ་ཡིན་ལ། དེ་ཡང་དང་པོ་གསེར་ཡིག་ཅན་ལ་མ་བུ་གཉིས་ཀྱི་དང་པོ་ནི། ཁ་བྱང་ལས། བསྟན་པ་ཐམས་ཅད་འདུས་པའི་བུ་གཅིག་པུ༔ སུས་ཀྱང་བྱས་པ་མེད་པའི་ཡི་གེ་ཉིད༔ རང་བྱུང་ཀུན་གྱི་ཐོག་མར་བྱུང་བས་ན༔ སྐད་དང་བརྡ་རྣམས་མི་མཐུན་མེད་པའི་ཕྱིར༔ སྐལ་ལྡན་རྣམས་ཀྱིས་མཐོང་ཞིང་བལྟ་བའི་ཚེ༔ ཡི་གེ་རང་རང་མཐུན་པ་ཉིད་དུ་ཤེས༔ ཞེས་དང་། དེའི་འཕྲོས་ལས། འདི་ཉིད་སུ་ལ་གནང་བའི་མི་དེ་ནི༔ སྐལ་དང་ལྡན་པས་ངེས་པར་གྲོལ་བའོ༔ ཞེས་བཏགས་གྲོལ་གྱི་རྒྱུད་འདི་ལ་ཁ་བྱང་དུ། བསྟན་པ་ཐམས་ཅད་འདུས་པའི་བུ་གཅིག་པུ༔ དུམ་བུ་གཅིག་སྟེ་མ་བུ་གཉིས་ཡོད་དོ༔ ཞེས་པའི་མ་ཡིག་བསྟན་པ་བུ་གཅིག་གི་རྒྱུ་དམ་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པུ་གསང་བ་གཅོད་པས་ས་བོན་གྱི་རྒྱུད་རང་བྱུང་གི་ཡི་གེ་སྤྲུལ་སྐུའི་ས་བོན་འཕེལ་བར་བྱེད་པ་འཇིག་རྟེན་ན་རབ་ཏུ་དཀོན་པའི་ཚིག་རྫོགས་བྱང་གི་མཐར་ཚང་བ་ཤོ་ལོ་ཀ་ཉིས་བརྒྱ་དང་ཕྱེད་དང་བརྒྱད་པ་ལེའུ་བདུན་དུ་ཕྱེ་བ། གཉིས་པ་བུ་ཡིག་ལ་བཏགས་སྲོལ་དང་འདས་རྗེས་གཉིས། དང་པོ་ནི། ཁ་བྱང་ལས། རྡོ་རྗེ་འཆང་གི་ཚིག་གནད་ངེས་པ་མེད་ན་མཆོད་པའི་དུས་མི་ཤེས་༔


GLG003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མ་དང་བུ་གཉིས་བསྡེབས་པས་བསྟན་པ་བུ་གཅིག་འགྲུབ༔ ཅེས་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་གི་རྒྱུད་ཀྱི་གསང་བའི་མན་ངག་ཅེས་བྱ་བ་མཆོད་པའི་དུས་གནད་ངེས་པ་རྫོགས་བྱང་མཐར་ཚང་བ། ཐེམས་མེད་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་བུ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཀྱི་དོན་གསལ་བར་སྟོན་པའི་འབྲུ་འགྲེལ་ཆེན་པོ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པ་རྫོགས་བྱང་གི་མཐར་ཚང་བ། དེ་ཡང་བཏགས་གྲོལ་འདི་ནི་གསེར་ཡིག་ཅན་གྱི་ཁོངས་སུ་གཏོགས་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱིས་གྲུབ་མཐའ་མཛོད་དུ་གསུངས་ཤིང་། དེའི་རྗེས་སུ་འབྲངས་ནའང་། སྒྲོན་མ་རང་གསལ་ལས། རིན་ཅེན་ལྔ་ཡི་རང་བྱུང་བྱང་བུ་ནི༔ སུས་ཀྱང་བྱས་ཤིང་བཟོ་ཡིས་མ་བསྒྲུབ་པ༔ འབྱུང་བའི་དགྲ་དང་བྲལ་བའི་བྱང་བུ་ནི༔ བཞི་བཅུ་བརྒྱད་དེ་སུས་ཀྱང་བཤིག་ཏུ་མེད༔ རང་བྱུང་ཡི་གེ་སྐད་ཀྱི་རིགས་ལྟར་སྣང་༔ རྫོགས་པའི་སངས་རྒྱས་འབྲངས་ཀྱི་མི་ལང་བའི༔ བྱིན་རླབས་ཉིད་ལ་རང་སྣང་ཉིད་དུ་ཤར༔ རིན་ཅེན་ཤེལ་གྱི་གླེགས་ཤིང་བར་དུ་སྟེམ༔ རྣམ་བདུན་རིན་ཅེན་གཟེར་ཆེན་བཞི་ཡིས་བསྡམས༔ ཞེས་ཡི་གེ་ཡང་གདུལ་བྱ་སོ་སོའི་སྣང་ངོར་དེ་དང་དེའི་ཡི་གེར་འཆར་བར་གསུངས་པ་དང་། གསན་ཡིག་རྙིང་པ་ལ་ལར་གསེར་ཡིག་ཅན་ལ་ཁ་བཏགས་གྲོལ་གྱི་ཐ་སྙད་གཞག་རུང་བ་ལྟ་བུ་བྱུང་ཡང་དེ་ལྟར་མ་གྲགས་ཞེས་པ་ལྟར་ན་དཔྱད་དགོས་པར་སྣང་ངོ་། །གཉིས་པ་འདས་རྗེས་ཀྱི་སྐོར་ནི། སྒྲོན་མ་རང་གསལ་ལས། རིན་ཅེན་མཐིང་སྔོན་བྱང་བུ་བཅུ་དྲུག་ལ༔ རིན་ཅེན་གསེར་གྱི་ཡི་གེར་སྤྲས་པ་སྟེ༔ ཟངས་ཀྱི་དྲ་བའི་ནང་དུ་བཅུག་པ་ནི༔ འདས་རྗེས་གསུམ་པོ་ཉིད་དེ་རབ་ཏུ་


GLG003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གསང་༔ ཞེས་པ་ལྟར་སངས་རྒྱས་ཀྱི་འདས་རྗེས་གསུམ་གྱི་དང་པོ་ཨེ་ཨེ་ཨེ་མ་རིགས་ཀྱི་བུ་ཞེས་སོགས་དགའ་ལྡན་འཚོ་བྱེད་གཞོན་ནུའི་ལྡུམ་རར་བབས་པ་མན་ངག་རྣམས་ཀྱི་རྩ་བ་དགའ་རབ་རྡོ་རྗེས་རྟོགས་པའི་གདེང་རྙེད་དོ་ཞེས་པ་མཐར་ཚང་བ། དེའི་འགྲེལ་བའི་ཚུལ་དུ་ཞལ་ཆེམས་གཉིས་པ་ཨེ་མ་ཧོ་རིགས་ཀྱི་བུ་ཞེས་སོགས་གསང་ཆེན་རོལ་པའི་དུད་ཁྲོད་དུ་བབས་པ་མཁའ་འགྲོ་མས་གནས་སུ་སྣང་བར་བྱས་སོ་མཐར་ཚང་བ། དེའི་འགྲེལ་ཊཱིཀ་གི་ཚུལ་དུ་ཞལ་ཆེམས་གསུམ་པ་ཟག་པ་རང་ཟད་ཅེས་སོགས་བྱ་རྒོད་ཕུང་རིར་བབས་པ་དངོས་གྲུབ་ཀུན་གྱི་རྩ་བར་འབྱུང་མཐར་ཚང་བ། ཐེམས་མེད་སྐོར་ལ་དེ་དང་འདྲ་མིན་སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཞེས་སོགས་དགའ་རབ་རྡོ་རྗེ་རྟོགས་པ་གདེང་དང་ལྡན་པར་གྱུར་ཏོས་མཐར་ཚང་བ། འདི་གསན་ཡིག་གཞན་ན་མེད་པའང་འདུས་པ་དཔྱད། འདས་རྗེས་གཉིས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་སྟོབས་ཞེས་སོགས་བསྟན་པ་ཐམས་ཅད་ཀྱི་བཅུད་བསྡུས་ཤིང་བུ་གཅིག་པར་བསྟན་པའོ་མཐར་ཚང་བ། འདས་རྗེས་གསུམ་པར་རང་གྲོལ་རྡོ་རྗེ་འཆང་ཞེས་སོགས་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པར་བཀོད་པ་འོས་མཐར་ཚང་བ་སངས་རྒྱས་ཀྱི་འདས་རྗེས་གསུམ་པོ་ཁ་བྱང་རབ་ཏུ་སྣང་བྱེད་དུ་བརྒྱ་བཅུ་དགུའི་ནང་ཚན་དུ་བཤད་ཀྱང་ཁ་བྱང་ཉི་རྒྱན་ན་ཟབ་པ་པོད་བཞིའི་གྲས་སུ་གསུངས་ཤིང་གྲུབ་མཐའ་མཛོད་ཀྱི་ཁ་བྱང་དང་ཡང་མཐུན་ནོ། །རིགས་འཛིན་གྱི་འདས་རྗེས་བཞི་ལས་དགའ་རབ་རྡོ་རྗེ་ཚིག་གསུམ་གནད་དུ་རྡེག་པ་དུར་ཁྲོད་བསིལ་བའི་ཚལ་དུ་བབས་པ་ཆུ་བོ་དན་ཏིག་གི་འགོར་སྣང་བ་བྱས་པ་སངས་རྒྱས་ཀྱི་ཞིང་དུ་སྐད་ཅིག་ལ་གྲོལ་བར་བྱེད་པའི་མན་ངག་རྫོགས་བྱང་


GLG003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཐར་ཚང་བ། འཇམ་དཔལ་བཤེས་གཉེན་གྱི་སྒོམ་ཉམས་ཚིག་དྲུག་པ་དུར་ཁྲོད་སོ་ས་གླིང་དུ་བབས་པ་རིག་པ་སྦར་ཟིན་གྱི་གདམས་པ་རྫོགས་བྱང་གི་མཐར་ཚང་བ། ཤྲཱི་སིངྷའི་གཟེར་བུ་བདུན་པ་བཀྲ་ཤིས་ཁྲི་སྒོར་དུ་བབས་པ་ལོང་བའི་སྣ་འཁྲིད་དང་འདྲ་བ་རྫོགས་བྱང་གི་མཐར་ཚང་བ། ཡེ་ཤེས་མདོའི་གཞག་ཐབས་བཞི་པ་དུར་ཁྲོད་བྷ་སིང་དུ་བབས་པ་མུན་ཁུང་གི་སྒྲོན་མེ་དང་འདྲ་བ་རྫོགས་བྱང་གི་མཐར་ཚང་བ། མཁས་པ་བི་མཱ་ལ་མི་ཏྲའི་ཞལ་ཆེམས་རང་རིག་གསལ་བའི་སྒྲོན་མ་ལྕེ་བཙུན་ལ་དངོས་སུ་གནང་ནས་བྱང་ཕྱོགས་སྡིག་རྒྱལ་གྱི་དོན་དུ་མཁའ་ལ་རླུང་ལྟར་གཤེགས་པ་ན་ར་སྐན་གྱི་མཐར་ཚང་བ། ལྕེ་བཙུན་སེང་གེ་དབང་ཕྱུག་གི་ཞལ་ཆེམས་གསང་བའི་གནང་འདུས་པ་གནད་གསུམ་གྱི་མན་ངག་སྤྲུལ་སྐུ་རྒྱལ་བ་ཞང་སྟོན་ལ་གཏད་པ་རྣམས། གཉིས་པ་དྲུང་ཡིག་ཅན་ནི། སྒྲོན་མ་རང་གསལ་ལས། ར་གན་གླེབས་པའི་བྱང་བུ་ལྔ་བཅུ་ལ༔ དཀར་པོ་དུང་བཞུས་ཡི་གེ་བཏབ་པ་ནི༔ གསང་བ་དུང་ཡིག་ཅན་ཏེ་འདི་ཡང་གསང་༔ ཞེས་གསུངས་པའི་སྐོར་ནི་ཐེམས་བྱང་ལས༔ གསང་བ་རྒྱུད་ཀྱི་ཁོག་སྙིང་མན་ངག་ཉིད༔ དུང་ཡིག་ཅན་ལ་དུམ་གཅིག་མ་བུ་བདུན༔ ཞེས་པ་ལྟར་རྒྱུད་ཀྱི་ཡོང་དོན་བསྡུས་པ་སྒྲོན་མ་སྣང་བྱེད་ཅེས་བྱ་བ་བམ་མདོ་རྒྱུད་ཀུན་གྱི་དོན་གསལ་བར་བྱེད་པ་ཞེས་བྱ་བ་མ་དུམ་བུ་གཅིག་ལ་རྒྱུད་བཅུ་བདུན་ནག་མོ་ཁྲོས་མའི་རྒྱུད་དང་བཅོ་བརྒྱད་ཀྱི་སོ་སོའི་ངེས་ཚིག་དབྱེ་བ་དགོས་པ་མཚོན་དཔེ་ཁོང་བཅུད་ལེ་གྲངས་ཏེ་དོན་ཚན་བུ་བདུན་དུ་བསྟན་པ་དུར་ཁྲོད་བྷ་སིང་དུ་བི་མཱ་ལས་མཁའ་འགྲོ་རྣམས་ཀྱི་དོན་དུ་མཛད་པ་ལོང་བའི་སྣ་ཁྲིད་ལྟ་བུ་ལས་ཅན་གཅིག་དང་ཕྲད་ཤོག་


GLG003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཐར་ཚང་བ། ཐེམས་མེད་སྐོར་ལ་རྒྱུད་ཀྱི་གནད་ཚིག་གསང་བ་ཞེས་བྱ་བ་རྒྱུད་བཅུ་བདུན་ཁྲོས་མ་ནག་མོ་དང་བཅས་པའི་རྒྱབ་ཡིག་མཁས་པ་ཆེན་པོ་བི་མཱ་མི་ཏྲས་མཛད་ཅིང་སྒྲ་རང་འགྱུར། དུང་ཡིག་ཅན་གྱི་གནད་ཡིག་རྒྱུད་ཀྱི་ཁོང་སྙིང་བསྡེབས་པ་གང་ཟག་གཅིག་གི་ཆ་རྐྱེན་དུ་བསྡུས་པ་གསལ་བ་མིག་གི་ལྡེ་མིག་ཅེས་བྱ་བ་རྫོགས་བྱང་གི་མཐར་ཚང་བ་རྣམས། གསུམ་པ་ཟངས་ཡིག་ཅན་ནི། སྒྲོན་མ་རང་གསལ་ལས། ར་གན་གླེབས་པའི་བྱང་བུ་དྲུག་ཅུ་ལ། དམར་པོ་ཟངས་ཞུན་ཡི་གེར་བཏབ་པ་ནི། རིན་ཅེན་མཆོང་གི་གླེགས་ཤིང་བར་དུ་སྟེམ༔ རིན་ཅེན་ལྔ་ཡི་གཟེར་ཆེན་གཉིས་ཀྱིས་བསྡམས༔ བསེ་ཡི་སྒྲོམ་བུ་ཁོག་ནག་ནང་དུ་སྩལ༔ གསང་བའི་མན་ངག་ཟངས་ཡིག་ཅན་དེ་ནི༔ རབ་ཏུ་གསང་བས་རྣལ་འབྱོར་དོན་རབ་འགྲུབ༔ ཅེས་པའི་སྐོར་ལ་ཐེམས་བྱང་ལས། ཡང་གབ་ཟངས་ཀྱི་ཡི་གེ་ཅན་ལ་ནི༔ སྤྲོས་བཅས་རྣམས་ལ་དུམ་བུ་བཅུ་དྲུག་ཡོད༔ སྤྲོས་མེད་རྣམས་ལ་དུམ་བུ་གཅིག་གིས་སྟོན༔ བུ་བརྒྱད་མ་དང་དགུ་ཡིས་དོན་གཉིས་འགྲུབ༔ ཅེས་གང་ཟག་སྤྲོས་པ་ལ་དགའ་བའི་དོན་དུ་མིང་གི་ངེས་བཟུང་མ་བུ་གཉིས་ལས། དང་པོ་མ་ཡིག་གི་སྐོར་ལ། སྤྲོས་པ་གཅོད་པའི་སྒྲོན་མེ་ཕྲད་ཤོག་གི་མཐར་ཚང་བ། གོམས་པར་བྱ་བའི་གནད་ཀྱི་གདམས་ངག་དྲུག་པ་རྡོ་རྗེ་སེམས་དཔའི་ཞལ་མཐོང་བར་བྱེད་པ་རྫོགས་བྱང་དང་ཕྲད་ཤོག་གི་མཐར་ཚང་བ། སྔོན་འགྲོ་སེམས་སྦྱོང་བདུན་དེ་དང་འབྲེལ་བར་ཆགས་མེད་རླུང་ཆགས་ཅན་རིག་མ་ལ་བརྟེན་ནས༔ བསྒོམ་ཐབས་རྫོགས་བྱང་གི་མཐར་ཚང་བ། ལྟ་སྒོམ་འབྱེད་པའི་ལྡེ་མིག་སྦས་པ་མིང་འབྱེད་ཅེས་པ་རྫོགས་བྱང་གི་མཐར་ཚང་བ། སྤྱོད་པ་བསྡུས་པའི་སྒྲོན་མ་རྫོགས་བྱང་གི་མཐར་ཚང་བ། སྒོམ་པ་བསྡུས་


GLG003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲོན་མ་རྫོགས་བྱང་གི་མཐར་ཚང་བ། ལྟ་བ་བསྡུས་པའི་སྒྲོན་མེ་རྫོགས་བྱང་གི་མཐར་ཚང་བ། འབྲས་བུ་བསྡུས་པའི་སྒྲོན་མ་རྫོགས་བྱང་ཕྲད་ཤོག་གི་མཐར་ཚང་བ། ཉམས་སུ་ལེན་པའི་གཅུན་ཐབས་རྫོགས་བྱང་གི་མཐར་ཚང་བ་ལུས་བཅོས་པའི་གནད་ཀྱི་མན་ངག་གསང་བ་མཆོག་ཏུ་ཟབ་པ་རྫོགས་བྱང་གི་མཐར་ཚང་བ། མཇུག་ཏུ་ལུང་དང་ལྡན་པའི་སྨྱོན་པ་ལྕེ་བཙུན་བདག༔ ཅེས་སོགས་གཏེར་བྱང་གཅིག །ལྟ་བ་འཛིན་པའི་ལྕགས་ཀྱུ་རྒན་མོ་མཛུབ་གཙུགས་སུ་བསྟན་པའི་མན་ངག་མཆོག་ཏུ་ཟབ་པ་རྫོགས་བྱང་གི་མཐར་ཚང་བ། སྣང་བའི་འཆར་ལུགས་སུ་བསྟན་པ་སྙིང་པོ་བསྡུས་པ་རིག་པ་སྤར་ཟིན་གྱི་མན་ངག་རྫོགས་བྱང་གི་མཐར་ཚང་བ་མཇུག་ཏུ་བསྟན་པའི་སྙིང་པོ་དར་ཚུལ་དང་བཅས་པ། རིག་པའི་རྒྱབ་རྟེན་བཅུད་རྣམས་བསྡུས་པའི་སྙིང་པོ་ཞེས་པ་རྫོགས་བྱང་གི་མཐར་ཚང་བ། འགལ་བ་བསྡུས་པའི་སྒྲོན་མ་ཞེས་པ་རྫོགས་བྱང་གི་མཐར་ཚང་བ། གཞན་དོན་བསྡུས་པའི་བཅུད་ཕུར་ཞེས་པ་རྫོགས་བྱང་དང་ཕྲད་ཤོག་གི་མཐར་ཚང་བ། རིག་པ་བསྡུས་པའི་སྒྲོན་མ་ཞེས་པ་རྫོགས་བྱང་གི་མཐར་ཚང་བ། རིག་པ་སྐུ་གསུམ་དུ་གཏན་ལ་དབབ་པ་སྐུ་གསུམ་བསྡུས་པའི་སྒྲོན་མ་རྫོགས་བྱང་དང་བཅས་པ། ལྟ་སྒོམ་བཅུད་བསྡུས་སྒྲོན་མ་རྫོགས་བྱང་གི་མཐར་ཚང་བ། ཐིག་ལེ་ཉག་གཅིག་ཏུ་གཏན་ལ་ཕབ་པ་ཉག་གཅིག་ཏུ་བསྡུས་པའི་སྒྲོན་མ་རྫོགས་བྱང་གི་མཐར་ཚང་བ། རིག་པ་དགེ་སྡིག་ལས་འདས་པར་གཏན་ལ་ཕབ་པ་དགེ་སྡིག་བསྡུས་པའི་སྒྲོན་མ་རྫོགས་བྱང་གི་མཐར་ཚང་བ་རྣམས། གཉིས་པ་བུ་ཡིག་གི་སྐོར་ལ། ཆགས་ཅན་གསང་སྔགས་ལ་སྦྱར་བར་བྱ་བའི་སྤྲ་འཁྲིད་རྫོགས་


GLG003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གི་མཐར་ཚང་བ། རིན་པོ་ཆེ་རླུང་གི་སྤྲ་འཁྲིད་ཅེས་བྱ་བ་ཐིག་ལེ་ཕྱི་མ་ལ་བསླབ་པ། ཆགས་བྲལ་གྱི་འབྲས་བུ་ཕྲད་ཤོག་མཐར་ཚང་བ། ཉམས་ལེན་བསྡུས་པའི་སྣ་ཁྲིད་ཡང་གབ་སྦས་དུམ་མམ་ཡང་གསང་སྦས་པའི་ཏི་ཀ་གསང་བ་ཡི་གེ་དམར་རུའི་ཡང་ཏིག་གནད་ཡིག་ཆེན་མོར་གྲགས་པ་རྫོགས་བྱང་གི་མཐར་ཚང་བ། མཇུག་ཏུ་འདི་མིན་གཞན་ལ་སྤྱོད་པའི་སྒོམ་ཆེན་ཡི་རེ་ཆད་ཅེས་སོགས་བི་མཱ་ལའི་གསུང་སྦས་བྱང་གི་མཐར་ཚང་བ། མན་ངག་མདོ་བྱང་བསྡུས་པའི་སྒྲོན་མ་ཞེས་པ་ཐམས་ཅད་ཀྱི་དོན་འགྲེལ་ཆེན་མོ་ཕྲད་ཤོག་གི་མཐར་ཚང་བ། མན་ངག་རིན་པོ་ཆེའི་དེམས་ཤིས་དམིགས་གཏད་གསལ་བར་བྱེད་པའི་སྒྲོན་མ་སྒོམ་ཁྲིགས་ཆེན་མོ་རྫོགས་བྱང་གི་མཐར་ཚང་བ། ཉམས་སུ་ལེན་པ་རྣམས་ཀྱི་རྟགས་ཡིག་བསྡུས་པའམ་རྟགས་ཡིག་གསང་བ་རྫོགས་བྱང་གི་མཐར་ཚང་བ་བི་མཱ་ལས་སྒྲ་མི་མཐུན་པ་གསུམ་གྱི་སྒོ་ནས་བསྒྱུར་བ། གསང་བ་ཆེན་པོ་ཚད་ཀྱི་ཡི་གེ་སྤྲུལ་སྐུ་དགའ་རབ་རྡོ་རྗེས་མཛད་པ་རྫོགས་བྱང་གི་མཐར་ཚང་བ། མངོན་སུམ་སྙིང་ཐིག་གསང་བའི་ཡི་གེ་དམར་རུའི་རྒྱབ་ཡིག་ཕུང་པོ་མི་སྣང་བར་འཚང་རྒྱ་བའི་མཐའ་ཅན་ཏེ་བརྒྱད་པོ་འདི་རྣམས་བུ་ཡིག་བརྒྱད་དུ་གྲགས་ཤིང་གྲུབ་མཛོད་དུ་རླུང་དང་ཆགས་པའི་སྤྲ་འཁྲིད་ཡང་གབ་ཚད་རྟགས་ལྔ་ཕྲ་ཡིག་ཏུ་ངོས་འཛིན་མཛད། ཐེམས་མེད་སྐོར་ལ་ཡི་གེ་དམར་རུའི་ཡང་འབྱེད་སྦས་པའི་ལྡེ་མིག་གསལ་བ་ཆེན་པོ་སྣང་འབྱེད་སྒྲོན་མ་ཞེས་པ་བི་མཱ་ལས་སྒྲ་རང་འགྱུར་དུ་བསྒྱུར་བ་མཇུག་ཏུ་བདག་འདྲ་བི་མཱ་ལ་མུ་ཏྲ་རྒྱལ་རིགས་ཞེས་སོགས་ཀྱི་ཚིགས་བཅད་ལྕེ་བཙུན་གྱིས་ཕྱུང་ཞིང་སྦས་པའི་མཐའ་ཅན། འདི་གསན་ཡིག་རྙིང་པ་འགའ་ན་སེམས་དམིགས་དྲུག་པའི་གཞུང་


GLG003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་རབ་རྡོ་རྗེས་མཛད་པ་དང་། དེའི་རྣམ་བཤད་བི་མཱ་ལས་མཛད་པའི་དོན་དྲིལ་བར་འཆད་ཅིང་ཟངས་ཡིག་སྐོར་མིན་པ་འདྲ་ཞིག་འདུག་པ་བརྟག་གོ །ལྷ་སྲས་མུ་ཏིག་བཙན་པོས་ཟངས་ཡིག་བྲག་ཏུ་སྦས་པའི་ཡང་སྙིང་བཅུད་ཀྱི་དུམ་བུ་ཞེས་བྱ་བ་གསང་བ་སྙིང་གི་དོན་བསྟན་པ་འཛམ་གླིང་གཞན་ན་མེད་ངེས་པ། འདི་གུ་རུ་ཇོ་རྩེས་སྤྱན་དྲངས་པ་ཡིན་འདུག །སྐལ་ལྡན་ཉམས་སུ་ལེན་པའི་རྒྱབ་བརྟེན་ཡང་སྙིང་འཕྲུལ་གྱི་དུམ་བུ་ཞེས་པ་རྫོགས་བྱང་གི་མཐར་ཚང་བ། གཉིས་པོ་འདི་ཕྲ་ཡིག་ཅན་གྱི་ཁོངས་སུ་མཛད། བི་མཱ་ལས་མཛད་པའི་གསང་བ་བླ་མེད་སྒྲོན་མ་དགུ་སྐོར་གྱི་ནང་ཚན་སྐུ་གསུམ་བསྡུས་པའི་སྒྲོན་མ་རྫོགས་བྱང་ཕྲད་ཤོག་མཐར་ཚང་བ། སེམས་ཉིད་བསྡུས་པའི་སྒྲོན་མ་རྫོགས་བྱང་ཕྲད་ཤོག་གི་མཐར་ཚང་བ། སྟོང་ཉིད་བསྡུས་པའི་སྒྲོན་མ་རྫོགས་བྱང་ཕྲད་ཤོག་གི་མཐར་ཚང་བ། ལྟ་སྒོམ་སྤྱོད་པ་འབྲས་བུ་བསྡུས་པའི་སྒྲོན་མ་རྫོགས་བྱང་ཕྲད་ཤོག་གི་མཐར་ཚང་བ། དབྱིངས་དང་ཡེ་ཤེས་ཀྱི་དོན་བསྡུས་པའི་སྒྲོན་མ་རྫོགས་བྱང་ཕྲད་ཤོག་མཐར་ཚང་བ། ཕྱག་རྒྱ་བསྡུས་པའི་སྒྲོན་མ་རྫོགས་བྱང་ཕྲད་ཤོག་མཐར་ཚང་བ། ཤེས་རབ་བསྡུས་པའི་སྒྲོན་མ་རྫོགས་བྱང་ཕྲད་ཤོག་མཐར་ཚང་བ། ཡེ་ཤེས་བསྡུས་པའི་སྒྲོན་མ་རྫོགས་བྱང་ཕྲད་ཤོག་མཐར་ཚང་བ། རིག་པ་བསྡུས་པའི་སྒྲོན་མ་རྫོགས་བྱང་ཕྲང་ཤོག་མཐར་ཚང་བ། དབང་གི་སྐོར་ལ་སྤྲོས་བཅས་དབང་གི་ཕྱག་བཞེས་དང་པོའི་དཔེ་ལས། དབང་གི་སྐོར་རྣམས་བརྒྱ་བཅུ་དགུའི་ལྡེབས་སུ་བྱེད་པ་འདུག་ནའང་ཟངས་ཡིག་ཁོངས་སུ་འདྲེན་པ་འཐད་པར་སེམས་མོད་སླར་ཡང་དཔྱད་དོ། །ལག་ལེན་ཁྲིགས་སུ་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པ། སྤྲོས་མེད་ཀྱི་དབང་བསྐུར་བ་རིན་པོ་


GLG003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་བཀོད་པ་ཞེས་བྱ་བ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། ཡང་དེ་དང་འདྲ་མིན་མཇུག་ཏུ་རིན་ཅེན་དབང་གི་ཕྱག་ལེན་ཇི་ལྟ་བ་བཞིན་བཀོད་པ་རྫོགས་སོའི་མཐའ་ཅན། སྤྲོས་པ་མེད་པའི་དབང་གསལ་བར་བྱེད་པའི་ཏི་ཀ་བི་མཱ་ལས་མཛད་པ། དབང་བསྐུར་རིན་པོ་ཆེ་བཀོད་པའི་གནད་ཀྱི་ཡི་གེ་རྫོགས་བྱང་དང་བཅས་པ། སྤྲོས་མེད་ཀྱི་བུམ་ཐིག་དག་པ་སྦྱར་བ་བྱར་མེད་ཀློང་ཡངས་ཀྱིས་མཆིམས་ཕུར་མཛད་པ། ཤིན་ཏུ་སྤྲོས་པ་མེད་པའི་སྐལ་ལྡན་གྱི་དབང་གི་རྩ་བ་བི་མཱ་ལས་སྒྲ་རང་འགྱུར་དུ་བསྒྱུར་བ། ཤིན་ཏུ་སྤྲོས་པ་མེད་པའི་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་དབང་གི་ལག་ལེན་སྤྲ་འཁྲིད་བི་མཱ་ལས་མཛད་པ། རབ་ཏུ་སྤྲོས་པ་མེད་པའི་དབང་བསྐུར་བའི་རྩ་བ་སྔགས་ཀྱི་རྒྱལ་མོ་ལ་སྲུངས་ཤིག་པ་མཐའ་ཚང་བ། ཤིན་ཏུ་སྤྲོས་པ་མེད་པའི་རྣལ་འབྱོར་གྱི་དབང་བསྐུར་བའི་སྒྲོན་མ་སྣང་བྱེད་བཀོད་པ་རིན་པོ་ཆེའི་ཕྲ་ཏིག་དུམ་བུ་གསུམ་པ་དང་དུམ་བུ་བཞི་པ་བི་མཱ་ལས་མཛད་པ། རབ་ཏུ་སྤྲོས་མེད་ཡེ་ཤེས་འཆར་བའི་དབང་འབྲེལ་སྤྱོད་པ་དག་ཏུ་ནུས་པ་ཡིན་གྱི་མཐར་ཚང་བ། དབང་རྣམས་ཀྱི་ཕྲ་ཏིག་རྣམ་པར་ཕྱེ་བ་རྣལ་འབྱོར་པའི་དབང་བསྐུར་བའི་ཆོ་ག་སྨྲ་བའི་ཏི་ཀ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཁའ་འགྲོ་མ་བརྩེ་བའི་བློ་གྲོས་ཀྱི་དོན་དུ་མཛད་པ། དབང་གི་རིམ་པ་བསྟན་པ་སྐྱེས་བུ་རྡོ་རྗེ་ལེགས་པ་ལ་བཅོལ་བའི་མཐའ་ཅན། དབང་བསྐུར་འཇུག་དུས་བསྟན་པ་རྫོགས་བྱང་གི་མཐའ་ཅན་རྣམས། དབང་གི་སྐོར་འདི་ཁ་བྱང་དུ་པོད་བཞིའི་གང་དུ་གཏོགས་ཀྱི་གསལ་ཁ་མ་བྱུང་ཡང་ཟངས་ཡིག་ཅན་གྱི་སྐོར་དུ་གཏོགས་པ་གསུང་རྒྱུན་དུ་འདུག་ལ། གསན་ཡིག་རྙིང་པའི་རིགས་ན་ལོགས་སུ་འདུག་པས་བརྟག་གོ །བཞི་པ་གཡུ་ཡིག་ཅན་པོ་ཏི་སྨུག་


GLG003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་གི་སྐོར་ནི་གསན་ཡིག་ལ་ལ་ན་ཟབ་པ་པོད་བཞིར་མ་བགྲངས་པར་འདས་རྗེས་དང་བཏགས་གྲོལ་གཉིས་སོ་སོར་བགྲངས་ཏེ་པོད་བཞིར་ངོས་བཟུང་བ་འདུག་ནའང་གྲུབ་མཐའ་མཛོད་དུ་འདི་ཟབ་པ་དབང་པོད་བཞིའི་ཡ་གྱལ་དུ་བཤད་པས་འཐད་དམ་སྙམ། ཁ་བྱང་ནང་གཡུ་ཡིག་ཅན་དང་པོ་ཏི་སྨུག་ཆུང་སོ་སོར་བཤད་ནས་ཡང་གསང་བུམ་འཁྲིགས་སོགས་སྨུག་ཆུང་དུ་ངོས་བཟུང་བ་མཁས་པ་ལ་ལའི་བཞེད་པར་བྱུང་བས་སླར་ཡང་ཕྱོགས་འདིར་མཁས་ཤིང་གྲུབ་བརྙེས་འདྲ་རྙེད་ན་དཔྱད་པར་བྱའོ། །མདོ་བྱང་ལས། སྒྲ་དང་ཐ་སྙད་བཀོད་པ་ཆེན་པོ་ལས༔ སྙིང་པོ་འདི་ནི་ཡོངས་སུ་བསྡུས་པའོ། །ཤིན་ཏུ་དཀོན་པས་སྔོན་པའི་གཡུ་ཡིས་བྲིས༔ གཞན་དང་ཐུན་མོང་དག་ཏུ་མ་བྱས་ལ༔ འདི་ནི་མཆོག་ཏུ་གསང་བའི་ཡི་གེའོ༔ ཞེས་གསང་སྐོར་སོགས་གཞན་མཐའ་དག་ལས་ཤིན་ཏུ་ཟབ་པ་གཡུ་ཡིག་ཅན་པོ་ཏི་སྨུག་ཆུང་གི་སྐོར་འདི་ལའང་འདྲ་མིན་ཞིག་ཡོད་ནའང་ངོ་བོ་འདི་ནི་བསེ་རིན་པོ་ཆེའི་བྱང་བུ་དམར་པོ་ལ་གཡུའི་ཡི་གེར་བྲིས་ནས་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ་ནས་བསྒྱུར་བ་ལ། ཁ་བྱང་ལས། གསང་བ་ཡང་ཞུན་པོ་ཏི་སྨུག་ཆུང་ལ༔ ཆོས་ཀྱི་སྡེ་དང་གྲངས་ནི་གསལ་བྱའི་ཕྱིར༔ གསང་བའི་དེམས་འདི་ལྷག་དང་ཆད་མེད་པར༔ ཡིད་ཆེས་འཇུག་ཕྱིར་ཡི་གེ་འདི་ལ་ལྟོས༔ ཞེས་སོགས་ལས་གསལ་བ་ལྟར། མ་ཡིག་རིན་པོ་ཆེ་རྨོངས་པའི་གདུང་བ་གཅད་པ། བུ་ཡིག་རིན་པོ་ཆེ་གསེར་གྱི་སྒྲོམ་བུ། ཐོར་བུའི་སྐོར་དང་གསུམ། དང་པོ་ནི། བཀོད་པ་ཆེན་པོ་དུམ་བུའི་རྒྱུད་ལས་རྨོངས་པའི་གདུང་སེལ་ལོ་རྒྱུས་བསྟན་པར་ཞུས་དོན་བཅུ་གཉིས་ཀྱི་ནང་གསེས་བརྒྱུད་པ་གསུམ་པའམ་དུས་གསུམ་སངས་རྒྱས་དགོངས་པས་བརྒྱུད་པའི་ཚིག་དོན་ཞེས་པ་སྟོན་པའི་བྱོན་ཚུལ་ཞུས་དོན་དང་པོ། བསྟན་པའི་ཆོས་ཇི་ལྟར་གསུངས་པའི་ཚིག་དོན་བསྟན་ཏེ་འཇུག་སྒོ་གསལ་བ་ཞུས་དོན་


GLG003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། གཅད་པར་བྱ་བའི་འབྲས་བུའི་དོན་ཚིག་གི་གཞུང་དོན་ལ་དབྲི་གཞུག་མེད་པ་ཞུས་དོན་གསུམ་པ། བསྟན་པའི་ཆོས་རྣམས་ཀྱི་སྡེ་དང་གྲངས་གཏན་ལ་ཕབ་པ་ཞུས་དོན་བཞི་པ། ཚིགས་སུ་བཅད་པའི་དོན་གྱིས་གཞུང་རྣམས་གསལ་བ་ཞུས་དོན་ལྔ་པ། གསང་བ་སྙིང་དང་འདྲ་བའི་རྒྱུད་རྣམས་བསྡུས་ཏེ་བསྟན་པ་ཞུས་དོན་དྲུག་པ། ཕྱི་རབས་སྐལ་བ་དང་ལྡན་པའི་གང་ཟག་འབྱུང་བར་ལུང་བསྟན་པ་ཞུས་དོན་བདུན་པ། བསྟན་པའི་སྙིང་པོའི་འབྱུང་ཁུངས་བསྟན་པ་ཞུས་དོན་བརྒྱད་པ། བསྟན་པ་དམ་པའི་འཕེལ་འགྲིབ་ཇི་ལྟར་འབྱུང་བ་ལུང་བསྟན་པ་ཞུས་དོན་དགུ་པ། ངེས་པའི་འབྲས་བུ་ཐོབ་པ་འབྱུང་བར་རང་དེངས་སུ་སོང་བའི་གྲངས་ལུང་བསྟན་པ་ཞུས་དོན་བཅུ་པ། བར་དོར་འཚང་རྒྱ་བར་ལུང་བསྟན་པ་ཞུས་དོན་བཅུ་གཅིག་པ། རང་བཞིན་སྤྲུལ་སྐུར་དབུགས་འབྱིན་བསྟན་པ་ཞུ་ལན་བཅུ་གཉིས་པ་སྟེ་རྨོངས་པའི་གདུང་བ་རྣམ་པར་བསལ་བ་རྒྱུད་གསུམ་དུ་གཏན་ལ་ཕབ་སྟེ། ཤཱ་རིའི་བུ་ཀརྨ་འོད་བཟང་གིས་སྟོན་པ་འོད་སྲུངས་ཉིད་ལ་ཞུས་པའི་ལན་མཐའ་རྟེན་རྡོ་རྗེ་ལེགས་པ་དང་མགོན་པོ་དྲེས་ཐག་ཅན་ལ་གཏེར་རྒྱ་ཕྲད་ཤོག་གི་མཐར་ཚང་བ། དེའི་འཕྲོས་ལས་རྒྱ་གར་ནུབ་ཕྱོགས་གླང་པོ་སྒང་གི་གྲོང་ཞེས་སོགས་གཏེར་བྱང་དང་བཅས་ཏེ་པཎྜི་ཏ་ཆེན་པོ་བ་ིིམཱ་ལ་མི་ཏྲས་རང་འགྱུར་དུ་བསྒྱུར་བ། གཉིས་པ་བུ་ཡིག་རིན་པོ་ཆེ་གསེར་གྱི་སྒྲོམ་བུའི་ནང་གསེས་ལ། བཀོད་པ་ཆེན་པོ་ལས་སེམས་ཀྱི་གནད་གཏན་ལ་ཕབ་པ་སྐབས་དོན་གཉིས་བུ་ཡིག་ལ་སྐབས་དོན་དང་པོ་མི་ཡོང་བ་མ་ཡིག་སྐབས་དོན་དང་པོར་ངོས་བཟུང་བ་ཡིན་ནོ། །པ། རྒྱུད་ལུང་གསལ་བའི་མེ་ལོང་སྐབས་དོན་གསུམ་པ། ལྷ་སྒོམ་ལུགས་གནད་ཀྱི་མན་ངག་སྐབས་དོན་བཞི་པ། སྐྱེ་མེད་ཀྱི་མན་ངག་


GLG003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕབ་པ་སྐབས་དོན་ལྔ་པ། ཆོས་སྐུ་ཅོག་བཞག་ཏུ་གཏན་ལ་ཕབ་པ་སྐབས་དོན་དྲུག་པ། འཁྲུལ་པ་གཅོད་པའི་གལ་མདོ་སྐབས་དོན་བདུན་པ། ཉོན་མོངས་རང་དག་གཏན་ལ་ཕབ་པ་སྐབས་དོན་བརྒྱད་པ། ལྷག་པའི་བསམ་གཏན་གཏན་ལ་ཕབ་པ་སྐབས་དོན་དགུ་པ། རང་བཞིན་ཞིང་ཁམས་ཀྱི་གནད་གཏན་ལ་ཕབ་པ་སྐབས་དོན་བཅུ་པ། ལུས་ངག་གི་བྱ་བྱེད་གཙོ་བོར་བྱེད་པ་གཏན་ལ་ཕབ་པ་སྐབས་དོན་བཅུ་གཅིག་པ། བཀོད་པ་ཡོངས་སུ་རྫོགས་པ་སྐབས་དོན་བཅུ་གཉིས་པ་སྟེ་བཀོད་པ་ཆེན་པོ་འབུམ་ཚོ་དྲུག་པ་ལེའུ་སྟོང་ཕྲག་བཞི་པ་ལས་རིམ་པ་མངོན་བསྟན་གསང་བ་སྙིང་གི་ལེའུ་ཞེས་བྱ་བ་ལེའུ་སུམ་བརྒྱ་པ་ལས་འཇམ་དཔལ་བཤེས་གཉེན་གྱིས་ཕྱུང་བ་སོ་སོར་རྫོགས་བྱང་མཐར་ཚང་བ་རྣམས། གསུམ་པ་ཐོར་བུའི་སྐོར་ལ། ཆོས་ཐམས་ཅད་ཀྱི་མདོ་གཅེས་པའི་སྙིང་པོ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཁ་ཆེའི་ཡུལ་དུ་རང་དོན་དུ་གཏན་ལ་ཕབ་པ་མཁའ་འགྲོ་མ་ནག་མོ་རལ་པ་ཅན་ལ་གདམས་པ་རྫོགས་བྱང་གི་མཐར་ཚང་བ། དཔེ་རྣམས་བསྡུས་པའི་སྒྲོན་མའམ་ངོ་སྤྲོད་རིན་པོ་ཆེའི་འཁོར་ལོ་ཞེས་པ་རིག་པའི་ཡེ་ཤེས་དཔེ་དུ་མའི་སྒོ་ནས་བཤད་པ་སྤྲུལ་སྐུ་དགའ་རབ་རྡོ་རྗེས་གཞན་དོན་དུ་གཏན་ལ་ཕབ་པ་རྫོགས་བྱང་གི་མཐར་ཚང་བ། དེའི་མཇུག་ཏུ་རྒྱུད་མེད་རྣམ་པར་དག་པའི་སྟོན་པ་རྡོ་རྗེ་འཆང༔ ཞེས་སོགས་རྒྱུད་ཀྱི་ཆེ་བ་དང་བཀའ་རྒྱས་བཏབ་པ་དགའ་རབ་རྡོ་རྗེའི་གསུང་། འཆི་བ་བརྟག་པའི་གལ་མདོ་ཞེས་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རང་གཞན་གཉིས་ཀྱི་དོན་དུ་མཛད་པ། དེའི་འཕྲོས་ལས་སངས་རྒྱས་ཀུན་གྱི་དགོངས་པ་ངེས་པའི་བཀའ༔


GLG003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ཆེ་བ་དང་ལུང་བསྟན་གཏད་རྒྱར་བཅས་པ། འཆི་བ་བླུ་བའི་མན་ངག་སློབ་དཔོན་ཤྲཱི་སིངྷས་རང་དོན་དུ་མཛད་པ་རྫོགས་བྱང་གི་མཐར་ཚང་བ། དེའི་འཕྲོས་ལས། སངས་རྒྱས་དགོངས་པ་མཐར་ཐུག་ངེས་པའི་ལུང་༔ ཞེས་སོགས་ལོ་རྒྱུས་གཏེར་སྲུང་གཏད་རྒྱ་སོགས་བི་མཱ་ལས་སྒྲ་རང་འགྱུར་དུ་བསྒྱུར་བ། ལྟ་བའི་སྙིང་པོ་ལ་ནང་གསེས་ཀྱི་སྟོང་པའི་ཡུལ་དངོས་པོ་ལམ་དུ་བྱེད་པ་ངོ་མཚར་གྱི་གད་མོ་བཅུ་གཉིས་པ། ངོམས་པའི་ཚིག་དགུས་གཞིའི་བཅུད་ཕྱུང་བ། གཞི་ཐམས་ཅད་ཀྱི་བཅུད་ཕྱུང་ནས་ལུང་ཀུན་གྱི་རྒྱན་དུ་བཀོད་པ་ཁྱད་དུ་འཕགས་པའི་ཚིག་དགུས་གཏན་ལ་ཕབ་པ། དྲན་པ་རང་ཡལ་གྱི་ཐབས་བཞིའི་དོན་གཏན་ལ་ཕབ་པ་ཆེ་བ་བཅུ་དྲུག་པ། འབྲས་བུའི་རང་ཉམས་གཏན་ལ་ཕབ་པ་ཁྱད་མེད་བདུན་པ། མཇུག་གདམས་དང་བཅས་པ་སློབ་དཔོན་མཁས་པ་ཆེན་པོ་ཡེ་ཤེས་མདོས་རྒྱུད་ཀུན་གྱི་ཁོང་དོན་དུ་མཛད་པ་སོ་སོར་རྫོགས་བྱང་གི་མཐར་ཚང་བ། དེའི་འཕྲོས་ལས་སངས་རྒྱས་རྣམས་ཀྱི་དགོངས་པའི་བཅུད༔ ཅེས་སོགས་རང་གི་ལོ་རྒྱུས་རྒྱས་བཏབ་དང་བཅས་པ་ཡེ་ཤེས་མདོའི་གསུང་བི་མཱ་ལ་མི་ཏྲའི་རང་འགྱུར། སྣང་བ་འདུས་པའི་བཅུད་ཕུར་རམ་སྣང་བ་རིན་པོ་ཆེའི་སྤྲ་འཁྲིད་ཅེས་བྱ་བ་མཁས་པ་བྱེ་མ་ལ་མུ་ཏྲས་དུར་ཁྲོད་ཆེན་པོ་རབ་ཏུ་སྣང་བྱེད་དུ་མཁའ་འགྲོ་བདེ་བའི་ཡིད་ཅན་གྱི་དོན་དུ་མཛད་པ་རྫོགས་བྱང་མཐར་ཚང་བ། དེའི་འཕྲོས་ལས་དམ་པ་སངས་རྒྱས་ཀུན་གྱི་ཞལ་མཐོང་བ་བདུད་རྩིའི་རོ་ལྡན་པའི༔ ཞེས་སོགས་མཆིམས་ཕུ་བྲག་བཙན་དང་ཁྲོ་མོ་རག་གདོང་མར་བཅོལ་དམ། གསང་བ་ཡང་ཞུན་པོ་ཏི་སྨུག་ཆུང་གི་ཐེམས་བྱང་མན་ངག་དུམ་བུའི་དེམས་མཁས་པ་བི་མཱ་ལས་མཛད་པ། ལྕེ་བཙུན་གྱིས་


GLG003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ནས་བཏོན་ཅིང་སླར་ཡང་སྦས་པའི་སྨོན་ལམ་རྩེ་ལྷ་བྱང་ཆུབ་ལ་གཉེར་གཏད་དང་བཅས་པ་འདིའི་དབང་དུ་སོང་ན་གཡུ་ཡིག་ཅན་ལྕེ་བཙུན་ཁོ་ནའི་རང་གཏེར་འདྲ་ཞིག་འདུག་པ་གྲུབ་མཐའ་མཛོད་དུ་ལྡང་མའི་གཏེར་མ་ཡིན་པར་བཤད་པ་དང་མ་མཐུན་པས་ཐེ་ཚོམ་གྱི་གཞི་ཅུང་ཟད་སྣང་ངོ་། །རྣམས། གཞན་ཡང་ཟབ་པ་པོད་བཞིའི་ཐེམས་མེད་ངོ་བོ་ཉིད་ཀྱི་གདམས་པ་གྲོལ་བར་བྱེད་པའི་ཡི་གེ་བསྡུས་པ་རྫོགས་བྱང་ཕྲད་ཤོག་གི་མཐར་ཚང་བ། སྨུག་ནག་ཁྲོས་མ་རག་གདོང་མའི་དུས་གནད་ངེས་པ་རྫོགས་བྱང་གི་མཐར་ཚང་བ་རྣམས་སོ། །གཞན་ཡང་ཆོས་སྐོར་འགའ་ཞིག་ཡོད་ཚོད་དུ་འདུག་ཀྱང་ཁོ་བོས་ཐོབ་པ་ནི་རེ་ཞིག་དེ་ཙམ་མོ། །གོང་སྨོས་རྣམས་ལེགས་པར་ཐོབ་པ་ལས་དབང་དང་རྒྱུད་བཅུ་བདུན་གྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། རིགས་འཛིན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིངྷ། སློབ་དཔོན་ཛྙ་ན་སུ་ཏྲ། པཎ་ཆེན་བི་མཱ་ལ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །སྤྲུལ་སྐུ་རྒྱལ་བ་ཞང་སྟོན་བཀྲ་ཤིས་རྡོ་རྗེ། མཁས་པ་ཉི་མ་འབུམ། ཆོས་བདག་གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་བ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིགས་འཛིན་ཀུ་མ་རཱ་ཛ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། མཁས་གྲུབ་ཐར་པ་གླིང་པ། མཚུངས་མེད་བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སྟག་མགོ་ཡོན་ཏན་དཔལ་བ། བླ་མ་སངས་རྒྱས་ཡེ་ཤེས། སྟག་མགོ་སངས་རྒྱས་རྒྱལ་མཚན། མི་འགྱུར་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་། ཆོས་རྒྱལ་འབྲི་གུང་པ་རིན་


GLG003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཅེན་ཕུན་ཚོགས། རས་ཆུང་རྣམ་སྤྲུལ་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་ཆེན་པོ་དུ་མ་རང་གྲོལ། སྣང་གསལ་པ་ངག་དབང་ཡེ་ཤེས་འགྲུབ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །བཀའ་སྲུང་ཁྲོས་ནག་གི་རྒྱུད་རིགས་འཛིན་རཏྣ་གླིང་པས་ཡང་གཏེར་ནས་སྤྱན་དྲངས་པ་མ་གཏོགས་རྒྱུན་གཞན་ཤིན་ཏུ་དཀོན་ཡང་རྗེ་འཕྲིན་ལས་ལྷུན་གྲུབ་ཀྱིས་སྔ་འགྱུར་གྱི་བསྟན་པའི་སྲོག་འཐུད་པ་ལྟ་བུའི་འབད་རྩོལ་ཆེན་པོ་ལ་བརྟེན་ནས་ཆིག་བརྒྱུད་བཞིན་བཞུགས་པ་རྙེད་པའི་ལུང་བརྒྱུད་ནི། འཁྲུལ་ཞིག་སངས་རྒྱས་དབོན་པོ་ཡན་གོང་ལྟར་ལ། དེ་ནས་གསེར་གླིང་པ་ཆོས་དབྱིངས་གྲགས་པ། ཡང་རྫོང་གྲུབ་ཆེན་བྱང་ཆུབ་དཔལ་མོ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། རྒྱལ་སྲས་འཕྲིན་ལས་མཚན་ཅན། སྔགས་འཆང་རིན་ཅེན་ཕུན་ཚོགས། མཚུངས་མེད་རིན་ཅེན་དར་རྒྱས། རྗེ་བཙུན་འཕྲིན་ལས་ལྷུན་གྲུབ། སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །རིགས་འཛིན་ཀུ་མ་རཱ་ཛས་རྒྱུད་འདི་རྣོ་ཞིང་ཟབ་དྲགས་པས་གཞན་ལ་གནོད་དོགས་ཕྲ་མོ་བྲག་གི་ཤུག་པ་རྐང་གཅིག་ལ་གཏེར་དུ་སྦས་པས་དབུས་གཙང་གི་ལྗོངས་འདིར་དཔེ་རྒྱུན་ཙམ་ཡང་མེད་པར་གྲགས་པའི་དུས་སྔགས་སྲུང་རང་གིས་ལུང་བསྟན་ནས་ཆོས་རྒྱལ་རཏྣ་གླིང་པས་སྤྱན་དྲངས་པའི་ཉེ་བརྒྱུད་ནི། གཏེར་སྟོན་ནས། རྒྱལ་སྲས་ཚེ་དབང་གྲགས་པ། དཀར་དབང་ལས་འཕྲོ་གླིང་པ། བི་མཱའི་རྣམ་སྤྲུལ་ནོར་བུ་ཡོངས་གྲགས། དེ་སྲས་ནོར་བུ་དབང་རྒྱལ། ཆོས་ལྡན་བ་རཏྣ་འཕྲིན་ལས་བསྟན་འཛིན། རང་གྲོལ་གྱི་རྣལ་འབྱོར་པ་ནོར་བུ་ཆོས་བརྟན། ཆོས་གཏེར་འཕྲིན་ལས་ལྷུན་གྲུབ་མན་འདྲ། དབང་བརྒྱུད་ལུགས་


GLG003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ། ཀློང་ཆེན་པ་ནས། འཇམ་དབྱངས་ཁྱབ་གདལ་ལྷུན་གྲུབ། མཁས་གྲུབ་གྲགས་པ་འོད་ཟེར། རྗེ་ཉི་མ་འོད་ཟེར། མཚུངས་མེད་ཆོས་རྗེ། རྗེ་ཆོས་དབྱིངས་གྲགས་པ། བླ་མ་དཀོན་ཅོག་དཔལ་བཟང་། དཀར་ཆེན་ཀུན་དགའ་གྲགས་པ། རབ་འབྱམས་པ་དགེ་བའི་བློ་གྲོས། བླ་མ་བསྟན་འཛིན་ནོར་བུ། རྒྱལ་སྲས་བསྟན་པའི་འབྱུང་གནས། གདུང་བརྒྱུད་པདྨ་འཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་སྟག་མགོ་སངས་རྒྱས་རྒྱལ་མཚན་ནས། སྨན་རྩེ་བ་མ་ཏི་དྷྭ་ཛ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། མཁས་གྲུབ་བསྟན་འཛིན་གྲགས་པ། ཐུགས་སྲས་པདྨ་འཕྲིན་ལས་མན་གོང་ལྟར་རོ། །ཟབ་པ་པོད་བཞིའི་ལུང་གི་བརྒྱུད་པ་ནི། སྤྲུལ་སྐུ་རྒྱལ་བ་ཞང་སྟོན་ཡན་གོང་ལྟར་ལ། བསམ་ཡས་མཆིམས་ཕུའི་ཚེ་མཚམས་པ་སྐལ་ལྡན་ཤེར་རྡོར། སངས་རྒྱས་ཉང་སྟོན་དབོན་པོ། སྨན་ལུང་མི་བསྐྱོད་རྡོ་རྗེ། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་པ་སངས་རྒྱས་དཔལ། སེ་སྡིངས་པ་ཡོན་ཏན་བཟང་པོ། གུ་རུ་ཆོས་སྐུ་འོད་ཟེར། མཚུངས་མེད་དཔལ་འབྱོར་དབང་ཕྱུག །དྲིན་ཅན་ནམ་མཁའ་གུ་རུ། རྩེ་ལེ་བ་རིགས་འཛིན་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན། རིགས་འཛིན་ཀརྨ་གུ་རུ། རང་གྲོལ་ནམ་མཁའ་ཆོས་དབང་། ཁྲ་ཚང་པ་ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ཡོངས་གྲགས་ཀྱི་བརྒྱུད་པ་གཅིག་ནི། ཀློང་ཆེན་པ་ནས་རྗེ་དགེ་ལེགས་རྒྱ་མཚོ། བླ་མ་ཡོན་ཏན་དཔལ། བླ་མ་སངས་རྒྱས་རིན་ཅེན། རྗེ་སངས་རྒྱས་རྒྱལ་མཚན་


GLG003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྫ་ཡིག་པ་ཚུལ་ཁྲིམས་རྒྱལ་མཚན། རྗེ་པདྨ་འོད་ཟེར། རྩེ་ལེ་བ་རིགས་འཛིན་བསོད་ནམས་རྣམ་རྒྱལ་མན་གོང་བཞིན་ནོ། །ཡང་ན་ཀློང་ཆེན་པ་ནས་མཁས་གྲུབ་ཐར་པ་གླིང་པ། བྱ་བྲལ་ཆོས་རྗེ་བཀྲ་ཤིས་འབྱུང་གནས། བླ་མ་གཞན་ཕན་རྡོ་རྗེ། རིགས་འཛིན་ནམ་མཁའི་མཚན་ཅན། མཁས་གྲུབ་འོད་གསལ་ཀློང་ཡངས། མཁས་གྲུབ་བྱམས་པ་ཆོས་དབྱིངས། རྫོགས་ཆེན་པ་བསོད་ནམས་རིན་ཅེན། བྱ་ཁྱུང་པ་ངག་དབང་པདྨ། རི་སྟེངས་པ་ཀརྨ་དོན་ཡོད། སངས་གླིང་གདུང་བརྒྱུད་སྙིང་ཕུ་བ་རིགས་འཛིན་སྙིང་པོ། མཁས་གྲུབ་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ཡི་གེ་མེད་པའི་སྙན་བརྒྱུད་འདི་རྣམས་འབྲེལ༔ ཞེས་གསུངས་པའི་སྙན་བརྒྱུད་ཟུང་འབྲེལ་གྱི་བརྒྱུད་པ་དྭགས་སྟོན་གྱིས་མཛད་པའི་བརྒྱུད་འདེབས་ལྟར་ལྕེ་བཙུན་ནས། གྲུབ་ཐོབ་ལྕེ་སྒོམ་ནག་པོ། གཟད་ཆུ་ཤུར་བ་དྲང་སྲོང་སྔོན་པོ། གཙང་པ་ཡ་རིངས་བྲག་སེ། ཐག་སྟོན་པདྨ། འཕྱོང་རྒྱས་སྤེན་མཁར་གྱི་ཤ་སྟོན་རྡོར་འཛིན། ཉང་སྟོན་བརྩོན་འགྲུས་སེང་གེ །སངས་རྒྱས་ཉང་སྟོན་དབོན་པོ་མན་སྔར་བཞིན་ནོ། །སྒྲོན་མ་སྣང་བྱེད་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་སྟོན༔ ནང་སྐོར་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས༔ གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་ཟུངས་ཀྱི་ཆོས༔ འདི་ནི་ལུས་ཀུན་རྫོགས་པའི་སྐྱེས་བུ་འདྲ༔ ཞེས་པ་ལྟར་རྫོགས་ཆེན་ཕྱི་ནང་གསང་བ་ཡང་གསང་སྐོར་དང་བཞིའི་ནང་གི་གསང་སྐོར་ལ། ཡང་ཟུག་པ་རྩ་བ། དྲིལ་བ་སྡོང་བུ། གྱེས་པ་ཡལ་འདབ། གསལ་བ་མེ་ཏོག །སྨིན་པ་འབྲས་བུའི་ཚུལ་ལྔའི་ནང་ནས། སྨིན་པ་འབྲས་བུ་ལྟ་བུའི་གདམས་པ་རྫོགས་ཆེན་ཐིག་ལེ་གསང་སྐོར་གྱི་མན་ངག་སྙན་


GLG003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་འོད་གསལ་སྒྲོན་མ་དྲུག་པའི་སྐོར་ཉང་ཏིང་འཛིན་བཟང་པོས་བཀའ་མི་ཆད་པའི་ཆེད་འཕན་ཡུལ་བ་སྦས་བློ་གྲོས་དབང་ཕྱུག་སྐལ་ལྡན་དུ་གཟིགས་ནས་གནང་། དེ་ནས་རིམ་པར་བརྒྱུད་པ་ལ་བཀའ་མ་དང་། དཔེ་བརྒྱུད་རྣམས་ཉང་གིས་ཞྭའི་ཀེའུ་ཚང་དུ་སྦས་པ་ལྡང་མ་ལྷུན་རྒྱན་གྱིས་བཏོན་ནས་བརྒྱུད་པ་ལ་གཏེར་མར་གྲགས་པའི་བཀའ་གཏེར་ཟུང་འཇུག་གི་སྐོར་ལ། རྒྱལ་སྲས་རྡོ་རྗེ་ཐུགས་མཆོག་རྩལ་གྱི་འཁྲིད་ཡིག་གི་སྟེང་ནས་པད་འདབ་མར་མེའི་དཀྱིལ་འཁོར་༼རི༽དུ་སྐྱབས་སེམས། སྡོམ་གཟུང་། རིགས་འཛིན་བསྐུལ་བ། བྱིན་འབེབས་སྔོན་དུ་འགྲོ་བའི་གཏོར་མར་བརྟེན་པའི་བུམ་གསང་ཤེར་དབང་། རྐང་འཁྱམས་རྒྱལ་པོའི་ངོ་སྤྲོད་ལ་བརྟེན་ནས་བཞི་པ་རིག་པའི་རྩལ་དབང་དང་བཅས་པ་སྨིན་རྒྱས་སུ་ནོས་ནས། ལུང་ལ། ཡིད་ཆེས་སྐྱེད་པ་ལོ་རྒྱུས། རྩ་བརྒྱུད། རྒྱབ་བརྟེན་ལུང་། མན་ངག་ཞལ་གདམས། ལག་ལེན་དམར་འཁྲིད་དང་ལྔ། དང་པོ་ནི། ཐིག་ལེ་གསང་སྐོར་སྙན་བརྒྱུད་༼ཀ༽བརྒྱུད་པའི་ལོ་རྒྱུས་དོན་གསུམ་གྱི་སྒོ་ནས་བསྟན་པ། གཉིས་པ་རྩ་བརྒྱུད་ལ། སྤྱི་རྒྱུད་ཐིག་ལེ་ཀུན་གསལ་ཆེན་པོ་ཞེས་བྱ་བ་མན་ངག་གི་བཤད་བརྒྱུད། ༼མནྟྲ༽ལེའུ་དགུ་བཅུ་རྩ་བདུན་པ། སྒོས་རྒྱུད་ལ་ནང་གསེས་ཀྱིས་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་ཆས་ཆེན་པོར་བཞུགས་པའི་རྒྱུད་ལེའུ་བརྒྱད་པ། རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི་རྒྱུད་ལེའུ་བརྒྱད་པ། ངོ་སྤྲོད་སྤྲས་པ་ཞིང་ཁམས་བསྟན་པའི་རྒྱུད་ལེའུ་བཅུ་གསུམ་པ། ཡེ་ཤེས་མར་མེའི་རྒྱུད་དམ་སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལེའུ་གསུམ་པ། སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་གསུམ་


GLG003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལེའུ་གསུམ་པ་རྣམས། གསུམ་པ་རྒྱབ་རྟེན་ལུང་ནི། མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ཞེས་བྱ་བའི་རྒྱུད་ལེའུ་བརྒྱད་པ། བཞི་པ་མན་ངག་ཞལ་གདམས་ལ། སློབ་དཔོན་དགའ་རབ་རྡོ་རྗེའི་སྙན་བརྒྱུད་དབྱེ་བ་ལྔའི་གདམས་པ། སངས་རྒྱས་ངོ་སྤྲོད་དགོངས་པ་ཐིག་འདེབས་ཀྱི་མན་ངག་ཞལ་གདམས་སྙིང་གི་སྒྲོན་མ་ཞེས་བྱ་བ་ཨཱ་ཙཪྻ་གནམ་ཆག་པའི་དུམ་བུ་རྡོ་རྗེ་བདུད་འདུལ་རྩལ་གྱིས་སྒྲ་རང་བསྒྱུར་དུ་མཛད་པ། ལྕེ་སྒོམ་ནག་པོའི་མཚན་གྱི་རྣམ་གྲངས་སུ་འཆད། སངས་རྒྱས་ལག་བཅངས་སུ་སྟོན་པའི་སྙན་བརྒྱུད་༼ཀ༽གསང་བ་གནད་ཀྱི་མེ་ལོང་བི་མཱ་ལའི་གསེར་ཆོས། འཆི་ཁར་འཚང་རྒྱ་བ་ཁུག་པ་ལྔའི་མན་ངག་རྡོ་རྗེ་སེམས་དཔའ་ལ་གསང་བདག་གིས་ཞུས་པ། དབུགས་མ་ཆད་པར་འཚང་རྒྱ་བའི་ཁུག་པ་ལྔའི་འཕོ་བ་༼ཀ༽གཏེར་ཡིག་མཁྱིད་གང་པ། ཞི་ཁྲོའི་སྒོམ་ཁོག་སྐྱེ་མེད་ཆོས་དབྱིངས་༼ཀརྨ༽མ་རྣམས། ལྔ་པ་ལག་ལེན་དམར་འཁྲིད་ལ། སྔོན་འགྲོ་ཐུགས་ཀྱི་མེ་ལོང་ལ་ཐུན་མོང་གི་སྔོན་འགྲོ་རྒྱལ་༼རི༽སྲས་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་མཛད་པ། ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཆོས་༼རི༽སྤྱོད་རིན་ཅེན་རྩར་འཕྲེང་ངག་དབང་ནོར་བུས་མཛད་པ། དགས་སྟོན་གྱིས་མཛད་པའི་བརྒྱུད་༼ཀ༽འདེབས་བླ་མ་ཡི་དམ་མ། སྔོན་འགྲོའི་གསོལ་འདེབས་རིག་པའི་༼རི༽གནས་ལུགས་མ་དམ་པའི་ཞལ་གདམས་ཡི་གེར་བཀོད་པ། གཞི་ལམ་འབྲས་གསུམ་དང་ཡན་ལག་བདུན་པའི་༼རི༽གསོལ་འདེབས་སྐབས་བཞི་མ། བླ་མ་དྲན་པའི་དུས་སུ་གསོལ་བ་འདེབས་པ་བརྒྱུད་༼རི༽པ་གནས་སྦྲགས་མ། བརྟན་བཞུགས་༼རི༽སྔོན་ཚེ་དཔག་མེད་མ། རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་མཛད་པའི་སྐྱབས་༼རི༽སེམས་མཐོང་བ་དོན་ལྡན། དེས་མཛད་པའི་སྡིག་སྒྲིབ་འདག་བྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་


GLG003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་༼རི༽འཁྲིད་བུ་ཆུང་། དེས་མཛད་པའི་བྱིན་རླབས་ཀྱི་རྒྱུད་གྲོལ་བྱེད་བླ་མ་བསྟེན་༼རི༽ཚུལ་རྣལ་འབྱོར་སྒོམ་ཐབས་དང་བཅས་པ། དེས་མཛད་པའི་མཎྜལ་འབུལ་བའི་༼རི༽འཁྲིད་ཡིག་ཚོགས་གཉིས་ཟུང་འཇུག །དེས་མཛད་པའི་གབ་དཀྲུགས་འཐོར་བ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་འཁྲིད་༼རི༽གཞུང་ཆེན་མོ། དེས་མཛད་པའི་སྤྱི་དོན་དགུ་པ་ཞིང་ཁམས་ཀྱི་བརྡས་༼རི༽འཁྲུལ་གྲོལ་ཤན་འབྱེད་ཞིང་ཁམས་ངོ་སྤྲོད། དེས་མཛད་པའི་འཁྲུལ་གྲོལ་༼རི༽གསལ་བྱེད་མུན་སེལ་སྒྲོན་མེ་རྣམས་ཐོབ་པ་ལས་རིའི་རྟགས་ཡོད་པའི་དབང་ལུང་དང་རྟགས་གང་ཡང་མེད་པའི་ཆོས་སྐོར་རྣམས་ཀྱི་བཀའ་མའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རིགས་ལྔ་ཡབ་ཡུམ། སྤྲུལ་སྐུ་སེམས་དཔའ་བཅུ་དྲུག །སྟོན་པ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། གུ་རུ་ཤྲཱི་སིངྷ། ཛྙ་ན་སུ་ཏྲ། པཎ་ཆེན་བི་མཱ་ལ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདིའི་ཚབ་ལ་ལྕེ་བཙུན་འདུག་པ་ཕྱག་བྲིས་ནོར་བ་ལས་གཞན་པའི་གནད་ཡོད་མེད་དཔྱད། སྣོད་ལྡན་རིན་ཅེན་འབར་བ། ལྡང་མ་ལྷུན་གྱི་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག །གུ་རུ་ཤངས་པ་རས་པ། བླ་མ་ཟབ་དོན་ཆོས་འབར། དམ་པ་དགེ་སྟོན་ཡབ་སྲས། གཉན་སྟོན་ཤེས་རབ་རྩེ་མོ། དྲིན་ཅན་སྤྲུལ་སྐུ་མཆེད་གཉིས། རྒྱ་སྨན་མིག་བཞིའི་བླ་མ་ནམ་མཁའ་རྡོ་རྗེ། རིགས་འཛིན་ཀུ་མ་རཱ་ཛ། གཡུང་སྟོན་རྡོ་རྗེ་དཔལ། ཐུགས་སྲས་དགེ་འདུན་བཟང་པོ། རི་ཕུག་རྒྱལ་སྲས་རྡོ་རྗེ་ཐུགས་མཆོག་རྩལ། མཁའ་སྤྱོད་གཙོ་མོ་དོན་གྲུབ་བཟང་མོ། སྤྲུལ་སྐུ་ཀུན་སྐྱོང་གླིང་པ། ཟུར་ཧྭཾ་རྒྱལ་བ་དཔལ་


GLG003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། འཇམ་དབྱངས་རིན་ཅེན་རྒྱལ་མཚན། མངའ་རིས་པཎ་ཆེན་དབང་རྒྱལ་རྡོ་རྗེ། གཅུང་རིགས་འཛིན་ལེགས་ལྡན་རྡོ་རྗེ། རི་ཕུག་རྒྱལ་སྲས་ཀུན་མཁྱེན་འབྱུང་གནས། དེ་སྲས་འཇམ་དབྱངས་ལེགས་ལྡན། བླ་ཆེན་དོན་གྲུབ་རྒྱལ་མཚན། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་མའི་བརྒྱུད་པ་ནི། ཉང་ཏིང་འཛིན་བཟང་པོ་ནས། གཏེར་སྟོན་ལྡང་མ་ལྷུན་རྒྱལ་མན་གོང་ལྟར་རོ། །ཡང་རྒྱུད་ལྔའི་ལུང་བརྒྱུད་ལུགས་གཅིག་ནི། ལྕེ་བཙུན་སེང་གེ་དབང་ཕྱུག་ནས། རྒྱལ་བ་ཞང་སྟོན། བླ་མ་ཉི་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱ་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ། བླ་མ་ནམ་མཁའ་རྡོ་རྗེ། རིགས་འཛིན་ཀུ་མ་རཱ་ཛ། སྤྲུལ་སྐུ་ཀློང་ཆེན་རབ་འབྱམས། དྲིན་ཅེན་ཆོས་དབང་བཟང་པོ། བྱང་སེམས་ཆོས་ཉིད་རང་གྲོལ། གུ་རུ་ཤཱཀྱ་བཟང་པོ། གུ་རུ་བུདྡྷ་ཤྲཱི། གུ་རུ་ཆོས་ཀྱི་དབང་པོ། རིགས་འཛིན་ལེགས་ལྡན་རྗེ་མན་གོང་ལྟར་རོ། །ཡང་ན་མཁས་གྲུབ་རྒྱལ་སྲས་ཆོས་རྗེ་ནས། ཕ་རྒོད་བསོད་ནམས་བཟང་པོ། དོན་གྲུབ་བཟང་མོ། རྫོགས་ཆེན་པ་ཤཱཀྱ་རྒྱལ་མཚན། སྔགས་འཆང་གསང་སྔགས་རྡོ་རྗེ། ལེགས་ལྡན་རྗེ་མན་འདྲ། ཡང་ན་ལྕེ་བཙུན་ནས། ལྕེ་སྒོམ་ནག་པོ། སྲས་ཇོ་སྲས་རྒྱ་བོ། ལ་སྟོད་པ་གཞོན་དགའ། དབོན་ལྕེ་སྟོན་རྡོ་རྗེ་བཟུང་། མཁས་བཙུན་འོད་བཟུང་། ལྷུན་གྲུབ་རྡོ་རྗེ། རོང་པོ་སྒོམ་ཆེན། སྐལ་ལྡན་ཡེ་ཤེས། ལྷ་རྗེ་ཇོ་སྐྱིད། སྤྲུལ་སྐུ་བསྟན་འཛིན། ལྕོག་རོ་རྡོ་རྗེ་རྩེ་མོ། སངས་རྒྱས་དབང་གི་རྡོ་རྗེ། ལྕེ་སྟོན་ཀྲོ་ཏ་རཱ་ཛ། དགའ་རབ་རྡོ་རྗེ། ཟུར་ཧྭཾ་ཆོས་རྗེ། དམ་པ་དཔལ་བཟང་། ཟུར་ཤཱཀྱ་མི་ཏྲ། སོག་པོ་དཔལ་ཡེ། སྨུལ་སྟོན་ཀུན་བཟང་དཔལ། ཀ་ཐོག་པ་བསོད་ནམས་རྒྱལ་མཚན། ཀ་ཐོག་པ་རྣམ་གྲོལ་བཟང་པོ། ལེགས་ལྡན་རྗེ་མན་སྔར་བཞིན་


GLG003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཡང་ཀའི་རྟགས་ཡོད་པ་དང་རྟགས་གང་ཡང་མེད་པ་རྣམས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། གཞོན་ནུ་དཔའ་བོ་སྟོབས་ལྡན། སངས་རྒྱས་འོད་སྲུངས། སྟོན་པ་ཐུབ་པའི་དབང་པོ། སློབ་དཔོན་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། པདྨ་ཐོད་འཕྲེང་རྩལ། བི་མཱ་ལ་མི་ཏྲ། ཉང་ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག །འབྲོམ་རིན་ཅེན་འབར། ལྡང་མ་ལྷུན་གྱི་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག །བེ་སྒོམ་ཤཱཀྱ། ལྕེ་སྒོམ་ནག་པོ། གཟད་ཆུ་ཤུར་བ་དྲང་སྲོང་སྔོན་པོ། གཙང་པ་ཡ་རིང་གྲགས་གསེ། མཁར་སྟེང་པ་ཐག་སྟོན་པདྨ། འཕྱོང་རྒྱས་སྤེན་མཁར་ཤ་སྟོན་རྡོར་གླིང་པ། ཆོས་ཕུག་པ་ཉང་སྟོན་བརྩོན་འགྲུས་སེང་གེ །དབོན་རིན་པོ་ཆེ་སྐལ་ལྡན་པ། སྨན་ལུང་པ་མི་བསྐྱོད་རྡོ་རྗེ། དགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་པ་ཡབ་སྲས། གུ་རུ་ཆོས་སྐུ་འོད་ཟེར། མཚུངས་མེད་དཔལ་འབྱོར་དབང་ཕྱུག །དེ་སྲས་ནམ་མཁའ་གུ་རུ། ཀླུ་བ་ཞབས་དྲུང་ཆོས་དབང་དཔལ་འབྱོར། རིགས་འཛིན་ཀརྨ་གུ་རུ། ཆོས་དབང་བསྟན་འཛིན་ཉི་མ། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ན་སྦ་ལུང་བ་དཔལ་འབྱོར་དབང་ཕྱུག་ནས། ལྷ་བྲོ་ཆོས་ཀྱི་དབང་པོ། ཀརྨ་གུ་རུ་མན་གོང་བཞིན། ཡང་ན་ནམ་མཁའ་གུ་རུ་ནས། རྩེ་ལེ་རིགས་འཛིན་བསོད་ནམས་རྣམ་རྒྱལ། རྩེ་ལེ་ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ་མན་འདྲ་གཏེར་མ་ལྟར་ཉང་གིས་ཞྭ་ལྷ་ཁང་དུ་སྦས་པ་ལྡང་མ་ལྷུན་རྒྱན་གྱིས་བཏོན་ནས་ལྕེ་བཙུན་ལ་བཤད། དེས་གཙང་ལའང་འགྲོའི་ཆོད་པ་སྟག་འདྲ་ལ་སྦས་པ་ལྕེ་སྒོམ་གྱིས་བཏོན། དེ་ནས་དྲང་སྲོང་སྔོན་པོ་མན་སྔར་བཞིན་ནོ། །མནྟྲའི་རྟགས་ཅན་སྤྱི་བརྒྱུད་ཀྱི་བརྒྱུད་


GLG003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དཔལ་ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། བི་མཱ་ལ་མི་ཏྲ། ཉང་ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག །འབྲོམ་ཡེ་ཤེས་འབར། ལྡང་མ་ལྷུན་རྒྱན། ལྕེ་བཙུན་སེང་གེ་དབང་ཕྱུག །བསྒོམ་ཀླུ་པོ། ཤེས་རབ་གྲགས་པ། ལ་སྟོད་རྗེ་བཙུན་ཟླ་བ། རྒྱལ་བ་ཞང་སྟོན། ཞང་ཆེན་ཉི་འབུམ། གུ་རུ་ཇོ་འབེར། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པ། བླ་མ་རྡོ་རྗེ་རྒྱལ་མཚན། བླ་མ་བདེ་ལེགས་པ། འཇམ་དབྱངས་བཤེས་གཉེན། ཨར་དགེ་བ་ཆོས་དཔལ་རྒྱལ་མཚན། མེས་སྒོམ་བསམ་གཏན་བཟང་པོ། ཆོས་རྒྱལ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། གཅུང་ངག་དབང་གྲགས་པ། ཐུགས་སྲས་ངག་དབང་ནོར་བུ། དེ་སྲས་ནོར་བུ་ཡོངས་གྲགས། གཙུག་རྒྱན་ནོར་བུ་དབང་རྒྱལ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ན་ཀུན་ཏུ་བཟང་པོ། རྡོ་རྗེ་འོད་མི་འགྱུར། རྒྱལ་བ་རིགས་ལྔ། རྡོ་རྗེ་སེམས་དཔའ། གཞོན་ནུ་དཔའ་བོ་སྟོབས་ལྡན། སངས་རྒྱས་འོད་སྲུངས་བགྲེས་པོ། ཐུབ་པའི་དབང་པོ། སྡུད་པ་པོ་ཕྱག་ན་རྡོ་རྗེ། རིགས་འཛིན་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། བི་མཱ་ལ་མི་ཏྲ། ཛྙ་ན་ཀུ་མཱ་ར། ཁྲི་སྲོང་ལྡེ་བཙན། ཉང་ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག །འབྲོམ་རིན་ཅེན་འབར་བ། ལྡང་མ་ལྷུན་རྒྱན། ལྕེ་བཙུན་སེང་གེ་དབང་ཕྱུག །ལྕེ་སྒོམ་ནག་པོ། སྲས་ཇོ་སྲས་རྒྱལ་པོ། བླ་མ་ལ་སྟོད་གཞོན་དགའ། དབོན་ལྕེ་སྟོན་རྡོར་བཟུང་། མཁས་བཙུན་འོད་བཟུང་། ཞིག་པོ་ལྷུན་གྲུབ་རྡོ་རྗེ། རོང་པ་སྒོམ་ཆེན། སྐལ་ལྡན་ཡེ་ཤེས། ལྷ་རྗེ་ཇོ་སྐྱིད། སྤྲུལ་སྐུ་བསྟན་འཛིན། ཅོག་རོ་རྡོ་རྗེ་


GLG003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ། སངས་རྒྱས་དབང་གི་རྡོ་རྗེ། ལྕེ་སྟོན་ཁྲ་བོ་རྒྱལ་པོ། གྲུབ་ཆེན་དགའ་རབ་རྡོ་རྗེ། མཁས་གྲུབ་ཟུར་ཧྭཾ་ཆོས་རྗེ། དམ་པ་དཔལ་བཟང་། ཤཱཀྱ་མི་ཏྲ། སོག་པོའི་མཚན་ཅན། ཀུན་བཟང་དཔལ་བ། མཁས་གྲུབ་བསོད་ནམས་རྒྱལ་མཚན། རྣམ་གྲོལ་བཟང་པོ། ཆོས་ཀྱི་སེང་གེ །སྤྲུལ་སྐུ་ཆོས་ཀྱི་དབང་པོ། གུ་རུ་ཀརྨ་ཆོས་སྐྱོང་། བླ་མ་བཀྲ་ཤིས་ལྷུན་གྲུབ། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ལྕེ་བཙུན་གྱིས་བསམ་ཡས་མཆིམས་ཕུ་ནས་གཡུ་ཡིག་ཅན་གྱི་སྐོར་རྣམས་སྤྱན་དྲངས། དེས་ཕྱི་ནང་གསང་བའི་སྐོར་རྣམས་འུ་ཡུག་ནུབ་མའི་བྲག་སེང་གེ་འདྲ་བར་སྦས་པ་ལྕེ་སྒོམ་ནག་པོས་བཏོན། ཞང་སྟོན་བཀྲ་ཤིས་རྡོ་རྗེས་གསང་བ་བླ་མེད་སྐོར་རྣམས་བྱལ་གྱི་ཕུའི་བྲག་དཀར་ཐེམ་པ་འདྲ་བ་ནས་བཏོན་པས་གཏེར་སྟོན་གསུམ་པོ་འདིའི་གཏེར་ཆོས་ཀྱང་དོན་གྱིས་ཐོབ་བོ། །ཁ་བྱང་ལོ་རྒྱུས་ལས། ཛྙ་ན་སུ་ཏྲ་དྲིན་ཅན་གྱིས༔ བི་མཱ་ལ་མི་ཏྲ་བདག་ལ་གཏད༔ བོད་དུ་གདན་དྲངས་སྙིང་ལ་བཅངས༔ བསྟན་པའི་གནད་མེད་སེམས་ལ་རྣོགས༔ རྒྱ་ནག་འགྲོ་ཁར་ཟངས་ཀྱི་གའུ་རུ༔ བཅུག་སྟེ་སྒྲགས་ཀྱི་ཡང་རྫོང་དག་ཏུ་སྦས༔ ལས་ཅན་ཞིག་གིས་རྙེད་པར་ཤོག༔ ཅེས་རྫོགས་ཆེན་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལ་བརྟེན་ནས་ཉམས་ལེན་མདོ་དོན་དུ་བསྒྲིལ་པ་མཁས་པ་ཤྲཱི་྄སིངྷས་སློབ་དཔོན་ཡེ་ཤེས་མདོ་ལ་གསུངས། བི་མཱ་ལ་མི་ཏྲར་གནང་བ་རྒྱ་ནག་རི་བོ་རྩེ་ལྔ་ལ་འབྱོན་དུས་རྨོག་གཞུ་ཁ་སྦུབ་པ་འདྲ་བའི་སྒྲགས་ཀྱི་ཡང་རྫོང་གི་ཕུག་པར་གཏེར་དུ་སྦས་པ། ལོ་རྒྱུས་ལས། ཀུན་བཟང་དགོངས་པའི་བཅུད་འདྲིལ་བའི༔ རིགས་འཛིན་ལྷག་མེད་བརྣོག་པའི་ཆོས༔ བི་མཱ་མི་ཏྲ་ཐུགས་ཀྱི་གཏེར༔ ཡང་རྫོང་དག་ན་ཡོད་


GLG003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི༔ གཏེར་ཡིག་སྟོན་པ་དབང་ཡེས་ཀྱིས༔ བདག་ལ་བྱིན་ཏེ་ལས་འཕྲོ་སད༔ ཅེས་པ་ལྟར་སྟོན་པ་དབང་ཕྱུག་ཡེ་ཤེས་ཀྱིས་ཁ་བྱང་གཏད་པ་ལ་བརྟེན་ནས་གྲུབ་ཐོབ་མེ་ལོང་རྡོ་རྗེས་འབྲུག་ལོ་དགུན་ཟླ་འབྲིང་པོའི་གནམ་སྟོང་ལ་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་གནས་ལ་བཏགས་པ་ཡང་རྫོང་སྙིང་ཏིག །གཏེར་སྟོན་ལ་བཏགས་པ་མེ་ལོང་སྙིང་ཏིག །སྐུ་གསུང་ཐུགས་ཀྱི་རྒྱ་ལ་བཏགས་པ་ཨཱཿཧཱུྃ་མ་གླེགས་བམ་གྱི་ཚད་ལ་བཏགས་པ་བི་མཱ་ལའི་གོང་ཁུག་མར་གྲགས་པའི་དབང་ལུང་ནོས་པ་ལ་རྨི་ལམ་རྫུན་གྱི་ཡང་ཞུན་སྟེང་ནས་པད་འདབས་བཞི་པ་སྒོ་བཞིའི་དབྱིབས་འཇའ་རིས་ཅན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སྐྱབས་སེམས། གསོལ་གདབ་སྔོན་དུ་སོང་བའི་བླ་མ་ཟྭ་ལུང་པས་བུམ་པ་དང་དགོན་རྩེ་བས་མེ་ལོང་གིས་བུམ་དབང་། སངས་རྒྱས་རས་པས་གསང་དབང་། ཕག་མོས་ཤེར་དབང་། འཁྲུལ་ཞིག་སངས་རྒྱས་དབོན་པོ་དང་གུ་རུ་ཇོ་འབེར་གཉིས་ཀྱིས་མར་མེ་དང་ཤེལ་གྱི་དབང་བཞི་པ། མཐར་རྡོ་རྗེ་སེམས་དཔས་སྐུ་གསུམ་ངོ་སྤྲོད་ཀྱི་དབང་། རིན་པོ་ཆེ་དབང་གི་འཕྲེང་བའི་སྟེང་ནས་ཡེ་ཤེས་འོད་ལྔའི་དཀྱིལ་འཁོར་གཏོར་མ་མར་མེ་ལ་བརྟེན་ནས་བགེགས་སྐྲོད། གསོལ་གདབ། དམ་ཚིག་ཁས་བླང་བ། བྱིན་དབབ་རྣམས་སྔོན་དུ་འགྲོ་བའི་སྒོ་ནས། ཆོས་གོས། ལྷུང་བཟེད། གསེག་ཤང་གིས་ཉན་ཐོས་ཀྱི་དབང་། ཀེང་རུས་ཐོད་པས་རང་རྒྱལ། གདུགས། དུང་། པོ་ཏིས་བྱང་སེམས། ཁྲུས་བུམ་གྱིས་ཀྲི་ཡ། འཕྲེང་བས་ཨུ་པ། རྡོར་དྲིལ་གྱིས་ཡོ་ག །རུས་རྒྱན། གྲི་ཐོད། ཁ་ཌཾ་གྱིས་མ་ཧཱ། ཡབ་ཡུམ་དང་བྱང་སེམས་ཀྱིས་ཨ་ནུ། ཚིག་གིས་ངོ་སྤྲད་པས་ཨ་ཏི། མན་ཤེལ། སྒྲ། མར་མེ། སྐུ་གཟུགས། མེ་ལོང་དང་བཅས་པའི་ངོ་སྤྲོད་ལེགས་པར་


GLG003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ནོས་ནས། རྒྱབ་རྟེན་ལུང་ལ། འགོར་བདག་འདྲ་བི་མཱ་མི་ཏྲ་མཁས་པ་སྟེ་ཞེས་ཡོད་པའི་གཏེར་ཡིག་ཁ་བྱང་ལོ་རྒྱུས་སྔགས་སྲུང་རྒྱལ་མོ་ཉིད་ལ་གཏད་པའི་མཐའ་ཅན། འགོར་ཨོཾ་ཨཱཿཧཱུྃ། བདག་འདྲ་མེ་ལོང་རྡོ་རྗེ་ང་ཞེས་ཡོད་པའི་གཏེར་བཏོན་ཚུལ་ཤཱཀ་ཐུབ་བསྟན་པའི་སངས་རྒྱས་ལགས་ཀྱི་མཐའ་ཅན། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལེའུ་བཞི་པ་ས་མནྟས་རང་བྱུང་དུ་གསུང་ཚུལ་དང་བཅས་པ་རྫོགས་སོའི་མཐའ་ཅན། དྲིན་ཅན་གྱི་བླ་མ་དང་བི་མཱ་ལ། གཉིས་མེད་དུ་བསྒོམ་པ་བླ་མའི་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན། སྨིན་བྱེད་དབང་གི་རིམ་པའི་རྩ་བ་རྫོགས་བྱང་གི་མཐའ་ཅན། ཚོགས་དང་གཏོར་མའི་རིམ་པ་རྫོགས་བྱང་གི་མཐའ་ཅན། རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་སངས་རྒྱས་ཐམས་ཅད་ཀྱི་སྒྲུབ་ཐབས་མཇུག་ཏུ་ཨེ་མ་བླ་མ་རྡོ་རྗེ་སེམས་དཔའ་ཡི་ཞེས་སོགས། ཚེམས། ཤངས་ཁྲག །གསང་ཆབ་ལས་རིང་བསྲེལ་བྱུང་ཚུལ་སོགས་མཇལ་ཤོག་གི་མཐའ་ཅན། ཐེག་པ་རིན་པོ་ཆེ་ཐམས་ཅད་ཀྱི་འཁྲིད་ཕྲེང་ཨ་ཏི་ཀུན་གྱི་ཡང་ཏིག་ནི། ལས་ཅན་ཞིག་དང་ཕྲད་པར་ཤོག་གི་མཐའ་ཅན། རིན་པོ་ཆེ་དབང་གི་འཕྲེང་བ་ཕྱི་རབས་སྙིང་ལ་བརྡ་ཐིམ་ཛཿས་མ་ཡ་ཛཿཨོཾ་ཨཱཿཧཱུྃ་ཛཿའི་མཐའ་ཅན། འགོར་སྤྲོས་མེད་ཤིན་ཏུ་རབ་ཏུ་སྤྲོས་མེད་ཅེས་ཡོད་པའི་དབང་གོང་མ་བདེ་མཆོག་འདི་ལ་ལུང་ལས་དབང་མ་བྱུང་། ཏུ་གྲགས་པ་ཙིཏྟ་བརྡ་ཐིམ་གྱི་མཐའ་ཅན། བྱ་ལོ་དབྱར་ཟླ་དང་པོའི་ཚེས་བཅོ་ལྔ་ལ་མེ་ལོང་རྡོ་རྗེར་མནལ་ལམ་དུ་བྱུང་བའི་རྫོགས་ཆེན་དབང་རྫོགས་རྨི་ལམ་རྫུན་གྱི་ཡང་ཞུན་མདོར་བསྡུས་གསང་ཆེན་དཀོན་པ་ཞེས་བྱ་བ་རྫོགས་བྱང་གི་མཐའ་ཅན་སངས་རྒྱས་ཀྱི་


GLG003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རྗེས་དང་པོ་དགའ་རབ་རྡོ་རྗེས་རྟོགས་པའི་གདེང་རྙེད་དོའི་མཐའ་ཅན། འདས་རྗེས་གཉིས་པ་རབ་ཏུ་གསང་ངོའི་མཐའ་ཅན། འདས་རྗེས་གསུམ་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུ་རྫོགས་བྱང་དང་ཕྲད་ཤོག་གི་མཐའ་ཅན། བརྒྱུད་པའི་ལོ་རྒྱུས་ཆེན་མོར་གྲགས་པའི་ནང་གསེས་ལ་སྐུ་གསུམ་གྱི་བྱོན་ཚུལ་ཞལ་ཆེམས་རྣམ་པ་གསུམ། དགའ་རབ་རྡོ་རྗེའི་ཞལ་ཆེམས་ཚིག་གསུམ་གནད་རྡེག་འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་དགོངས་ཉམས་དྲུག་པ། ཤྲཱི་སིངྷའི་ཞལ་ཆེམས་གཟེར་བུ་བདུན་པ། ཛྙ་ན་སུ་ཏྲའི་ཞལ་ཆེམས་བཞག་ཐབས་བཞི་པ། བི་མཱ་ལ་མི་ཏྲའི་ཞལ་ཆེམས་རི་བོ་རྩེ་ལྔར་བཞུད་ཅིང་བཞུགས་སོའི་མཐའ་ཅན། ཉང་ཏིང་འཛིན་བཟང་པོའི་ཞལ་ཆེམས་འདས་གྲོངས་མི་མངའ་བར་བཞུགས་སོའི་མཐའ་ཅན། ལྡང་མ་ལྷུན་རྒྱལ་གྱི་ཞལ་ཆེམས་གདམས་ཤིང་བཀོད་དོའི་མཐའ་ཅན། སེང་གེ་དབང་ཕྱུག་གི་ཞལ་ཆེམས་གསང་བའི་གནས་གསུམ་བྱ་བར་བཞུགས་ནས་འདུག་སྐབས་ཀྱི་མཐའ་ཅན། རྒྱལ་བ་ཞང་སྟོན་གྱི་ཞལ་ཆེམས་བཀོད་པའི་མཐའ་ཅན་མཇུག་ཏུ་གྲོངས་ལུགས་དང་བཅས་པ་ཞང་ཉི་མ་འབུམ་གྱི་ཞལ་ཆེམས་དབྱིངས་སུ་ཡལ་ལོའི་མཐའ་ཅན། གུ་རུ་ཇོ་འབེར་གྱི་ཞལ་ཆེམས་མྱ་ངན་ལས་འདས་སོའི་མཐའ་ཅན། སེང་གེ་རྒྱབ་པའི་ཞལ་ཆེམས་ལུ་གུ་རྒྱུད་དུ་ཡལ་ལོའི་མཐའ་ཅན། མེ་ལོང་རྡོ་རྗེའི་ཞལ་ཆེམས་ཡང་རྫོང་དུ་བཀོད་པའི་མཐའ་ཅན། འགོར་ཨེ་མ་སྐལ་ལྡན་སྙིང་པོའི་དོན་ལ་ཡིད་ཆེས་པ་ཞེས་ཡོད་པའི་སྙིང་ཏིག་ཡིད་ཆེས་སྐྱེད་པ་ལས་ཅན་ཞིག་དང་འཕྲད་ཤོག་གི་མཐའ་ཅན། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་ཕྱུང་བ་གསལ་བྱེད་ཤེལ་གྱི་ཉི་འོད་ཅེས་བྱ་བ་རྫོགས་


GLG003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གི་མཐའ་ཅན་རྒྱུད་ཐམས་ཅད་བསྡོམས་ཀྱི་བསྟན་པའི་ལེའུ་ཟེར་བའི་ལེའུ་ཧོལ་འདོན་བརྒྱད་པ་ཞིག་ཡོད། འགོར་ཨོཾ་ཨཱཿ ཧཱུྃ་ཞེས་པ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་སྙིང་པོ་ཨོཾ་ཞེས་ཡོད་བའི་ཏི་ཀ་གསལ་བྱེད་ཀྱི་སྒྲོན་མ་རྫོགས་བྱང་གི་མཐའ་ཅན། རིན་པོ་ཆེ་གསེར་ཞུན་འདྲ་བའི་བརྟག་ཡིག་གསང་བ་སྐལ་ལྡན་ཡིད་ཆེས་པར་བསྟན་པ་འོའི་མཐའ་ཅན། རིན་པོ་ཆེ་གསེར་ཞུན་འདྲ་བའི་ཚད་ཀྱི་ཡི་གེ་དགའ་རབ་རྡོ་རྗེས་མཛད་པ་རྫོགས་བྱང་གི་མཐའ་ཅན། འགོར་ཨོཾ་ཨཱཿཧཱུྃ་དུས་གསུམ་བླ་མ་རིགས་འཛིན་སྐུ་ཞེས་ཡོད་པའི་སྙིང་ཏིག་གི་ངོ་སྤྲོད་སྟོང་གསུམ་ཡུངས་འབྲུ་རང་དང་འདྲ་བ་བྱུང་ན་བྱིན་གྱི་མཐའ་ཅན། འགོར་རང་གསལ་རྡོ་རྗེ་སེམས་དཔའ་ཞེས་ཡོད་པའི་སངས་རྒྱས་རང་ཆས་ཀྱི་ངོ་སྤྲོད་དེ་བས་སྙིང་གི་དཀྱིལ་དུ་ཆོངས་ཀྱི་མཐའ་ཅན། ཐེག་པའི་བཤག་རལ་བཅོ་བརྒྱད་བཞུགས་ཀྱི་མཐའ་ཅན། ངོ་སྤྲོད་བཞི་སྟོན་པ་ཞེས་བཏབ་པས་ཐེབས་པ་ཡིན་ནོའི་མཐའ་ཅན། འགོར་ཨོཾ་ཨཱཿཧཱུྃ་ཉན་ཐོས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ཞེས་ཡོད་པའི་ཐེག་པ་རིམ་དགུའི་རྒྱབ་ཆོས་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པས་འབྲས་བུ་འཕགས་སོའི་མཐའ་ཅན། སྙིང་ཏིག་གི་བཀའ་སྲུང་ངན་སྔགས་བསམ་ལེ་མ་ཞེས་པ། ལྟས་ངན། མཛེ། ལོང་བ། ཞ་བ། ཁྲག་འཛག་པ། མནན་པ། གསད་པ། མཛེ་ཕོལ། སྡེ་ཆོད། སྐྱ་ཆོད། སྨྱོ་བ། གཤེད་བསྒྱུར། རང་བསྲུང་དང་བཅས་པ། ཞི་ཁྲོའི་འཕྲིན་ལས་ནུབ་གཅིག་མར་གྲགས་པ་ཞི་ཁྲོ་དོན་གྱི་འཕྲིན་ལས་མེ་ལོང་རྡོ་རྗེས་མཛད་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི་ཆོས་སྐུ་ཀུན་བཟང་། ལོངས་སྐུ་ཞི་ཁྲོ། སྤྲུལ་སྐུ་རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། སློབ་དཔོན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་


GLG003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཤྲཱི་སིངྷ། སློབ་དཔོན་ཛྙ་ན་སུ་ཏྲ། པཎ་ཆེན་བི་མཱ་ལ་མི་ཏྲ། ཉང་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །སྤྲུལ་སྐུ་རྒྱལ་བ་ཞང་སྟོན། མཁས་པ་ཉི་མ་འབུམ། ཆོས་བདག་གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གཏེར་སྟོན་ཟླ་བ་མུན་སེལ། མེ་ལོང་རྡོ་རྗེ་ཡང་ཟེར། མཚུངས་མེད་ནམ་མཁའ་རྡོ་རྗེ། རིགས་འཛིན་ཀུ་མཱ་རཱ་ཛ། ཀློང་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་བདེ་ལེགས་རྒྱ་མཚོ། རྗེ་མ་ཏི་མཾ་ག །སློབ་དཔོན་ཡོན་ཏན་དཔལ། སྤྲུལ་སྐུ་བསམ་གྲུབ་རྒྱལ་པོ། རིགས་འཛིན་ནམ་མཁའ་གཞོན་ནུ། བཀའ་བརྒྱད་པ་མཁའ་ཀློང་ཡངས་པ། རྗེ་བློ་གྲོས་རྒྱལ་མཚན། རང་གྲོལ་བསོད་ནམས་རིན་ཅེན། ལྷ་ཕྲོ་བ་ཀརྨ་གུ་རུ། མངའ་བདག་བསྟན་འཛིན་ཆོས་རྒྱལ། དེ་སྲས་བསྟན་འཛིན་ཆོས་དབང་། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་གྱི་བནྡེ་ལ་བཀའ་དྲིན་སྩལ་ཏོ། །ཉེ་བརྒྱུད་ནི། བི་མཱ་ལ་ནས། གཏེར་སྟོན་མེ་ལོང་རྡོ་རྗེའོ། །ལྷོ་བྲག་མཁར་ཆུའི་ཁྱབ་འཇུག་གི་སྐོར་མེ་ལོང་རྡོ་རྗེར་བཀའ་བབས་ཤིང་ཀུན་མཁྱེན་པའི་ཁྱབ་འཇུག་སྐོར་ཀྱང་དེའི་གདམས་པའི་ཟབ་གནད་སྙིང་པོར་བསྡུས་པ་ཡིན་པས་འདི་པའི་གཏེར་གྱི་ཆ་ལག་ཏུ་འབྲེལ་བས། དེ་ཡང་གྲུབ་ཐོབ་མེ་ལོང་རྡོ་རྗེ་དེ་ཉིད་ལ་ཁྱབ་འཇུག་གིས་སྲོག་སྙིང་མདོང་གསོལ་དུ་ཕུལ་བའི་གདམས་པ་རྣམས་ལྷོ་བྲག་མཁོ་མཐིང་གི་བྲག་ལྕང་ལོ་ཐུར་དུ་བརྒྱུགས་འདྲར་གཏེར་དུ་སྦས་པ་མཁར་ཆུའི་བླ་མ་ཕྱག་རྡོར་གྱིས་བཏོན་པའི་དྲག་སྔགས་ཐོག་དང་འདྲ་བས་སྣང་སྲིད་སིལ་བུར་གཏོང་བའི་སྐོར་ལ་ནང་གསེས་ཀྱི་བླ་རྡོ། བསྲུང་བ། སྒོམ་ཐབས་ཀྱི་ལུས་ཀྱི་
གནས་ཚུལ། སྒྲུབ་པའི་གནས། གཏོར་མ། ལིངྒ་། མནན་པ། ཞལ་གདམས། ཐོ་བྱང་། ཞལ་གདམས་སྙིང་གི་ལྟོ་ཚིལ་འདྲ་བ། དུག་འབྱིན། སྔགས་བྱང་། ལིངྒ་བྲི་བའི་དུས། དུག་བསྲུང་། ཞུད་ཁ་སེལ་བ། བསྲུང་བ་བསྟན་པ། ལོ་རྒྱུས་བཅས་ཐོབ་པའི་བརྒྱུད་པ་ནི། གསང་བའི་བདག་པོ། ཨོ་རྒྱན་ཆེན་པོ། གྲུབ་ཐོབ་མེ་ལོང་རྡོ་རྗེ། མཁར་ཆུའི་བླ་མ་ཕྱག་རྡོར། སྟོན་པ་ཀུན་དགའ་རྒྱལ་མཚན། དབོན་ཆོས་དཔལ་བཟང་པོ། བླ་མ་བྲག་མཁར་པ་ནས་རིམ་པར་རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། །

གཏེར་སྟོན་དུང་མཚོ་རས་པས་སྤྱན་དྲངས་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དབང་གི་བརྒྱུད་པའི་སྐོར།


GLG003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་དུང་མཚོ་རས་པས་སྤྱན་དྲངས་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་མགོན། སྤྲུལ་སྐུ་པདྨ་འབྱུང་གནས། གཏེར་སྟོན་དུང་མཚོ་རས་པ། བླ་ཆེན་ཉི་མ་རང་གྲོལ། རིགས་འཛིན་སུཪྻ་ཙནྡྲ། མཚུངས་མེད་སངས་རྒྱས་འོད་ཟེར། དྲན་མཆོག་སངས་རྒྱས་བརྩོན་འགྲུས། བྱེ་ཚང་པ་མཚུངས་མེད་རིན་ཅེན་དཔལ་འབྱོར། རྒྱལ་སྲས་སངས་རྒྱས་བདེ་ཆེན། འཁྲུལ་ཞིག་པདྨ་སངས་རྒྱས། ནམ་མཁའི་སྙིང་པོའི་རྣམ་འཕྲུལ་རིགས་འཛིན་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །སྒོམ་པ་གཡུ་སྒོམ་རྡོ་རྗེའི་གཏེར་ཆོས་ནི་མ་ཐོབ། གསོལ་འདེབས་ལས། བདུད་འཇོམས་སྐྱེ་སྤྲུལ་རྒོད་ཀྱི་ལྡེམ་ཕྲུ་ཅན། བ་མཁལ་སྨུག་པོ་འཇམ་དབྱངས་བླ་མ་དང་། དབྱིལ་སྟོན་ཡེ་ཤེས་ཁྱུང་གྲགས་སངས་རྒྱས་འབར། གཡུ་སྟོན་མགོན་པོ་རྒྱལ་རྣམས་ལ་གསོལ་བ་འདེབས། ཞེས་པའི་རིགས་འཛིན་ཆེན་པོ་ནི། སྙན་བརྒྱུད་


GLG003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་ཐོ་བྱང་ལས་ཅན་ལུང་བསྟན་ལས། ལྔ་བརྒྱ་སྙིགས་མ་རྩོད་ལྡན་དུས༔ གཡས་སུ་སྟོད་ཡུལ་ཟང་ཟང་མཐར༔ རི་རྒྱལ་རིན་ཅེན་སྤུངས་འདྲ་ཡོད༔ དེ་ཡི་ཤར་མགུལ་ནང་འདབས་སུ༔ ཕ་ནི་བརྟུལ་ཞུགས་བཟང་སྤྱོད་རིགས༔ མ་ནི་མཁའ་འགྲོ་དབང་ཕྱུག་མ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཏིང་འཛིན་ངང་དུ་སྦྱོར་བ་ལས༔ ལས་དང་ཐུགས་རྗེའི་སྨོན་ལམ་འཛོམ༔ རིགས་ལྡན་གསང་སྔགས་ཟབ་མོའི་ཆོས༔ སྐྱེ་བ་གསུམ་དུ་བསྒྲུབས་པའི་མཐར༔ རྡོ་རྗེ་ཕག་མོའི་ཐུགས་ཀྱི་སྲས༔ ཁྲོ་གཏུམ་རིག་པའི་ཡེ་ཤེས་རྒྱས༔ པདྨ་འབྱུང་གནས་གསུང་གི་སྲས༔ ང་ཡི་གསུང་ལ་ཐེ་ཚོམ་མེད༔ རྡོ་རྗེ་བདུད་འཇོམས་སྐུ་ཡི་སྲས༔ ཁྲོ་བོའི་ཆ་བྱད་གཟི་བརྗིད་ཆེ༔ གྲུབ་ཐོབ་རྒྱལ་པོ་ལུང་བསྟན་ཅན༔ གནས་དེར་སྐྱེ་བའི་ཚུལ་བསྟན་ནས༔ ལུས་ཀྱི་སྤྱོད་པ་མ་ངེས་ཏེ༔ ངག་ཏུ་མི་རྟག་ཆོས་འཆད་འགྱུར༔ ཡིད་ལ་ཡང་དག་སྙིང་པོ་བསྒྲུབ༔ ཉི་ཤུ་རྩ་ལྔ་ལོན་པའི་ཚ༔ ཡ་མཚན་རྟགས་དང་དངོས་གྲུབ་མཐོང་༔ བྱང་ཕྱོགས་གཉན་ཡུལ་ཟང་ཟང་ནས༔ གསང་སྔགས་བསྟན་པའི་སྒོ་རྙེད་འགྱུར༔ ཆོས་སྒོ་ལྔ་བརྒྱ་ཕྲག་གཅིག་འདོན༔ ཞེས་དང་། སྤྲུལ་སྐུ་ཨོ་རྒྱན་གླིང་པའི་ལུང་བསྟན་ལས། སྐུ་སྤྲུལ་ཉི་མ་འོད་ཟེར་ཡིན༔ གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་ཡིན༔ ཐུགས་སྤྲུལ་རྒོད་ཀྱི་ལྡེམ་ཕྲུ་ཡིན༔ ཡོན་ཏན་ཨོ་རྒྱན་གླིང་པ་ཡིན༔ འཕྲིན་ལས་ཚེ་བརྟན་རྒྱལ་མཚན་ཡིན༔ འདི་ལྔ་པདྨ་འབྱུང་གནས་དངོས༔ ཞེས་ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པའི་ཟློས་གར་རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་ཞེས་པ་རི་རྒྱལ་བཀྲ་བཟང་གི་ཤར་འདབས་སུ་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བྱོན་ཏེ་ཟབ་གཏེར་སྤྱན་དྲངས་པ་ནི། མཛོད་གསུམ་


GLG003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུང་བསྟན་ལས། བྱང་རི་བོ་བཀྲ་བཟང་ཞེས་བྱའི་རྩེ་ལ་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མས་གཏད་པའི་གཏེར་གྱི་ལྡེ་མིག་ཡོད༔ དེས་བཏོན་པའི་གཏེར་ཐམས་ཅད་བོད་ལ་བསྟན་པ་ཡུན་བསྲིང་བའི་གཏེར་ཡིན་ཏེ་འགྲོ་དོན་དུ་སྤྱད་པར་བྱའོ༔ ཞེས་རི་བོ་བཀྲ་བཟང་ནས་གཏེར་གྱི་ལྡེ་མིག་དང་གཏེར་ཕྲན་འགའ་ཞིག་བཞེས་ཤིང་གཏེར་ཆེན་ནི་ལུང་བསྟན་ཀུན་གསལ་སྒྲོན་མ་ལས། ལྷ་སྲས་གདུང་བརྒྱུད་གུང་ཐང་འཛིན་པའི་དུས༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་རྒོད་ཀྱི་ལྡེམ་ཕྲུ་ཅན༔ བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་དམ་པ་ཡིས༔ ལྷ་སྲས་གདུང་བརྒྱུད་སྐྱོབ་པའི་ཆོས་སྐལ་རྣམས༔ ཟང་ཟང་ལྷ་བྲག་བྲག་ལ་སྦས་པ་ལེན༔ ཞེས་པ་ལྟར་བྱང་ཕྱོགས་གཉན་རི་ཟང་ཟང་ལྷ་བྲག་ནས་བོད་ཀྱི་བློན་པོ་ལྟ་བུའི་གཏེར་དཔལ་ཨོ་རྒྱན་ཆེན་པོས་བོད་ཁམས་སེམས་ཅན་གྱི་སྡུག་བསྔལ་སྐྱོབ་པའི་ཕྱིར་དུ་སྐུ་གསུང་ཐུགས་ཀྱི་ཚབ་ཏུ་མཛོད་ལྔ་བཞག་པ་བྱང་གཏེར་ཞེས་ཉི་ཟླ་ལྟར་གྲགས་པ་སྤྱན་དྲངས་པ་ཡིན་ལ། དགོས་དོན་གཙོ་བོ་ཡང་བསྐུལ་བྱང་ཆེན་མོ་ལས༔ ཟང་ཟང་ལྷ་བྲག་གི་སྐེད་པ་ན་སངས་རྒྱས་ཀྱི་བསྟན་པ་ཡུན་བསྲིང་བའི་གཏེར་ཡོད་དེ། དེ་དུས་ལ་བབས་པའི་ཚེ་ཐོན་ན༔ བོད་ལ་མི་ལོ་བརྒྱ་དང་རྩ་གཅིག་བདེ་སྐྱིད་འབྱུང་༔ ཕྱིར་ནུར་ན་མི་ལོ་ལྔ་བཅུ་རྩ་ལྔ་བདེ་སྐྱིད་འབྱུང་༔ ཞེས་སྙིགས་མ་ལྔ་ཆོས་ཆེར་བདོ་བའི་དུས་ཁ་བ་ཅན་པའི་འགྲོ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་པའི་དཔུང་གཉེན་ཡིན་ཞིང་། གཏེར་ཆོས་ནི་ཞལ་ཆེམས་བདུན་པ་ལས་གཏེར་ཆོས་ཟབ་མོའི་མན་ངག་རྩ་བ་བཞི༔ ཤར་ན་དུང་མཛོད་དཀར་པོ་འབྲས་བུའི་ཆོས༔ ཚེ་འདིར་སངས་རྒྱས་ལག་བཅངས་གཏད་ཐབས་


GLG003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད༔ རྩ་བ་རྒྱུད་གཅིག་མན་ངག་རྣམ་པ་བཅུ༔ དེ་ལ་ཕྲན་བུའི་མན་ངག་བཅུ་བཅུ་ཡོད༔ སོ་སོར་ཕྱེེ་བས་མན་ངག་བརྒྱ་རྩ་གཅིག༔ ལྷོ་ན་གསེར་མཛོད་སེར་པོ་བསྙེན་སྒྲུབ་ཆོས༔ ལམ་གྱི་བར་ཆད་སེལ་བའི་སྒྲུབ་ཐབས་ཡོད༔ ཡི་དམ་ལྷ་ཡི་སྒྲུབ་ཐབས་རྩ་བ་བཅུ༔ དེ་རྣམས་རེ་རེ་ལ་ཡང་མན་ངག་བཅུ༔ སོ་སོར་ཕྱེ་བས་མན་ངག་བརྒྱ་རྩ་གཅིག༔ ནུབ་ན་ཟངས་མཛོད་དམར་པོ་རྟེན་འབྲེལ་ཡོད༔ ཟབ་ལམ་ཐབས་ཀྱི་དངོས་གྲུབ་གནད་ཏིག་ཡོད༔ རྩ་བ་གཅིག་ལ་མན་ངག་བརྒྱ་རྩ་གཅིག༔ བྱང་ན་ལྕགས་མཛོད་ནག་པོ་ངན་སྔགས་ཀྱི༔ རེག་གཅོད་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་ཡོད༔ མ་བུ་ལྔ་ལྔར་ཕྱེ་བས་བརྒྱ་རྩ་གཅིག༔ དབུས་ན་ཤོག་དྲིལ་རྒྱ་ཅན་གསུམ་ཡོད་པས༔ ལས་ཅན་སྣོད་བརྟག་དམ་མེད་སྤང་བ་དང་༔ གདོང་དམར་ལྷོ་བོད་མཚམས་ཀྱི་གདུལ་བྱའི་གནད༔ སྐྱེས་བུ་ཁྱོད་ལ་དགོས་པའི་ཆོས་དྲུག་ཡོད༔ དུག་སྦྲུལ་ལྟོ་བ་གཤགས་པ་ཐུན་མོང་གི༔ སྒྲུབ་ཐབས་ཟབ་མོ་གཉིས་དང་ཞལ་ཆེམས་གཅིག༔ དབུས་ན་རྩིས་རྒྱར་མ་བཞག་གབ་པ་ཡི༔ གང་ཟག་གཅིག་ལ་དགོས་པའི་ཆོས་ཚང་བ༔ ཟབ་ལ་གནད་འདུས་ཤིན་ཏུ་གཅེས་པ་ཡོད༔ཅེས་གསུངས་པའི་ཆོས་ཚན་ལྔ་བརྒྱ་ཕྲག་གཅིག་བཞུགས་པའི་ལ་ལ་ནི་ཤོག་སེར་ལས་མ་ཕབ་པ་དང་། ལ་ལ་ཡང་གཏེར་དུ་སྦས་པ་སོགས་ཀྱིས་ཚང་མའི་རྒྱུན་མི་འདུག་ཅིང་། གྲགས་ཆེ་བ་ཕལ་ཆེར་བཞུགས་པ་རྣམས་ཀྱང་ཡུལ་དུས་ཀྱི་དབང་གིས་དཔེ་མ་འབྱོར་བ་སོགས་ནས་རིགས་འཛིན་གོང་མ་རྣམས་ཀྱི་གསན་ཡིག་དང་བསྟུན་ན་འགའ་ཞིག་མ་རྙེད་མོད། ཕལ་ཆེར་རྡོ་རྗེ་འཆང་དང་ཞལ་གཉིས་པ་དྲིན་ཅན་བླ་མ་མཆོག་གི་བཀའ་དྲིན་ལས་ཐོབ་པའི་ཚུལ་ནི། མཛོད་ལྔ་སོ་སོའི་


GLG003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མ་འབྲངས་པར་རྫོགས་ཆེན་གྱིས་ཐོག་དྲངས་ཐེག་པའི་འཇུག་སྒོ་དང་མཐོ་དམའ་འཕྲིན་ལས་ཞི་དྲག་སོགས་ཀྱི་དབང་དུ་བྱས་ཏེ་བཀོད་པ་ལ་སློབ་དཔོན་པདྨའི་སྙན་བརྒྱུད་གཉིས་ཀྱི་དང་པོ་སྤྲོས་པའི་མཐའ་དཔྱོད་པའི་སྙན་བརྒྱུད་དམ་མཉམ་གཞག་ཏིང་འཛིན་གྱི་སྙན་བརྒྱུད་དུ་གྲགས་པ་ནི་རང་བྱུང་རང་ཤར་གྱི་རྒྱུད་ལས། དེ་དོན་འུབ་ཀྱིས་དྲིལ་བ་ན༔ ཤེས་པ་རང་བྱུང་གཉུག་མར་གནས༔ ཆོས་ཉིད་དོན་གྱི་གནས་ལུགས་ཡིན༔ ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ༔ དེ་ཉིད་འཁྲུལ་བས་མ་དག་པ༔ མ་འཁྲུལ་པ་ཡིས་རིག་པའོ༔ རྟོགས་པས་ཡང་དག་སངས་རྒྱས་བྱུང༔ མ་རྟོགས་པ་ཡིས་སེམས་ཅན་བྱུང༔ ཞེས་པའི་དོན་གྱི་སྙིང་པོ་སྤྲུལ་སྐུ་རིགས་འཛིན་ཆེན་པོས་ཤར་དུང་མཛོད་དཀར་པོ་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་རང་བྱུང་རང་ཤར་ཞེས་ཀུན་བཟང་གདོད་མའི་མགོན་པོ་མངོན་སུམ་རང་ངོ་སྤྲོད་དེ་རྟོགས་གྲོལ་དུས་གཅིག་ཏུ་འབྱུང་བའི་ཟབ་ཆོས་ཐེག་པ་ཀུན་གྱི་ཡང་རྩེའི་སྐོར་ཐོབ་པ་ལ། ཐོག་མར་རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་དབང་ཆོག་སྙིང་པོ་བསྡུས་པ་རིག་པའི་དབང་གི་སྟེང་ནས་འོད་ལྔའི་འཁོར་ལོ་མཐར་འཇའ་རིམ་དགུ་པས་བསྐོར་བའི་དཀྱིལ་འཁོར་སྨན་གཏོར་ར་ཏ་བུམ་པ་ལ་བརྟེན་ནས་རིགས་དྲུག །རྟག་ཆད། ཉན་རང་། དབུ་སེམས། ཀྲྀ་ཡོག་སྡེ་གསུམ། མ་ཧཱ་ཨ་ནུའི་བར་གྱི་ལྟ་སྒོམ་སྤྱོད་པ་ལས་རྣམ་པར་གྲོལ་བ་ཀུན་རིག་སེམས་ཀྱི་རྒྱལ་པོའི་དབང་གིས་སྨིན་པར་བྱས་ནས། རང་བྱུང་རང་ཤར་གྱི་སྙིང་པོའི་བཅུད་བསྡུས་པའི་གནད་ཁྲིགས་རིམ་གྱི་གཞུང་ལ་བརྟེན་རིགས་འཛིན་བརྒྱུད་པའི་གསུང་རྒྱུན་ཉམས་པ་མེད་པས་བརྒྱན་ཏེ་ཀ་དག་བློ་འདས་ཀྱི་དགོངས་པ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་


GLG003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རང་བྱུང་རང་ཤར་གྱི་གནས་ལུགས་རིག་པ་ཅེར་མཐོང་དུ་ངོ་སྤྲོད་པའི་ཉམས་འཁྲིད་སྨིན་རྒྱས་སུ་མནོས་ནས། རྒྱབ་རྟེན་ལུང་གི་སྐོར་ལ། སྔོན་འགྲོ་རིན་པོ་ཆེ་གནད་ཀྱི་གཟེར་ལྔ་ལ་གོ་རིམ་མི་མཐུན་པ་འགའ་ཞིག་འདུག་ཀྱང་ལམ་དམན་ལོག་པས་ལྡོག་པ་སྐྱབས་སེམས་ཀྱི་གཟེར། ཚོགས་གསོག་པ་མཎྜལ་གྱི་གཟེར། སྒྲིབ་སྦྱོང་བཤགས་པའི་གཟེར། བསྐུལ་འདེབས་མི་རྟག་པའི་གཟེར། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གྱི་གཟེར། བླ་མའི་རྣལ་འབྱོར་གྱི་སྔོན་དུ་མཚོ་རྒྱལ་གྱིས་བསྟོད་པའི་གུ་རུ་ཀྱེ་ཀྱེ་མ། ཆོས་རྒྱལ་གྱིས་ཞུས་པའི་ལས་རྒྱུ་འབྲས་ཀྱི་དབྱེ་བ་མུན་སེལ་སྒྲོན་མེ་ལེའུ་ལྔ་པ་ལྷ་སྲས་མུ་ཁྲི་བཙན་པོས་དཀར་ཆག་ཏུ་བཏབ་པ། རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་རྩ་བའི་རྒྱུད་ལེའུ་བཅུ་གསུམ་རྫོགས་བྱང་གཏད་རབས་ཀྱི་མཐའ་ཅན། སངས་རྒྱས་རྡོ་རྗེ་སེམས་དཔའི་ཀུན་གྲོལ་ཡངས་པའི་རྒྱུད་ལེའུ་དགུ་པ་གཏད་རབས་སྦས་བྱང་གི་མཐར་ཚང་བ། རང་བྱུང་རང་ཤར་གྱི་འཁྲིད་ཡིག་སྙིང་པོ་བཅུད་བསྡུས་ལམ་གྱི་གནད་འཁྲིད་ཀྱི་རིམ་པ་རྡོ་རྗེ་སེམས་དཔའ་ནས་བརྒྱུད་ཚུལ་དག་ལས་ཅན་དང་ཕྲད་ཤོག་གི་མཐར་ཚང་བ། བྲག་དམར་དཔལ་གྱི་བསམ་ཡས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཞུས་པའི་བར་དོ་ལྔའི་སྙན་བརྒྱུད་སྦས་བྱང་གི་མཐར་ཚང་བ་འཇམ་དབྱངས་མཁྱེན་བརྩེ་དང་བཀྲ་བཟང་པ་སོགས་ཀྱི་གསན་ཡིག་ན་མི་སྣང་ཡང་རྒྱལ་སྲས་པདྨ་ཆོས་རྒྱལ་གྱི་གསན་ཡིག་འདུག་གོ །རྫོགས་པ་ཆེན་པོ་རིག་པ་རང་ཤར་རང་གྲོལ་དབང་གི་ཕྱག་ལེན་སྙིང་པོ་བསྡུས་པ་རིག་པའི་དབང་བསྟན་མ་བཅུ་གཉིས་ལ་གཉེར་གཏད་ཀྱི་མཐའ་ཅན། རང་བྱུང་རང་ཤར་རྒྱུད་ལས་བྱུང་བའི་མཁའ་འགྲོའི་ཉམས་མྱོང་རིན་ཅེན་གསལ་བའི་སྒྲོན་མ་ཞེས་པ་འཚོ་རྒྱལ་གྱི་ཞུས་ལན་དམར་འཁྲིད་ཉམས་ལེན་


GLG003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པར་གྲགས་པ་འདི་ལ་ཐོག་མར་གླེང་གཞི་ནས་འགོ་བརྩམས་ཏེ་ལེའུ་བདུན་པ་ཡན་གྱི་ཉམས་རྟགས་དང་པོ་དང་། ལེའུ་བརྒྱད་པར་ཉམས་རྟགས་ལྷག་མ་བདུན་པོ་ཚང་ཞིང་ཀ་དག་གི་ཉམས་ལེན་ཕུལ་དུ་ཕྱིན་པ་ཆེས་ཟབ་པ་ཡོད། འདི་དང་ཆ་འདྲ་ཞིག་གཏེར་ཁ་འོག་མའི་ཇོ་མོའི་ཉམས་ལེན་སྐོར་དགུའི་ནང་ནའང་འདུག །འདིའི་ལེའུ་གཉིས་པར་ཟབ་མོ་གནད་ཀྱི་ཐེམས་བཅུ་བསྟན་ཟེར་བ་འདུག་ཀྱང་གསན་ཡིག་རྙིང་པ་ཚོར་གནད་ཐེམས་བཅུ་ལོགས་སུ་འདུག་པ་དང་མི་གཅིག་པ་འདྲ་ཞིང་། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་འཁྲིད་གཞུང་ལ་གནད་ཐེམས་བཅུར་གསུངས་འདུག་པས་དཔྱད་དགོས་སོ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཞལ་ཆེམས་རིན་ཅེན་གཟེར་བུ་ཞེས་པ་བལྟ་བ། རིགས་འཛིན་ཆེན་པོ་དང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ཏུ་མ་རིག་མུན་སེལ་སྒྲོན་མེ་ཞེས་པའང་འདུག །ཆོས་སྤྱོད། མི་རྟག་པ། འཆི་དུས་ཀྱི་ཉམས་ལེན། ཡང་དག་པའི་ཆོས་བྱ་ཚུལ། དགེ་སྡིག་སེམས་བསྐྱེད། སྡོམ་པ། ཁེངས་གྲགས་འདུ་འཛི་སྤོང་ཚུལ་སོགས་བསྡུས་ཏེ་བསྟན་པ་སྨུག་ནག་ཁྲོ་བོའི་གཟུགས་ཅན་ཞིག་འབྱུང་བའི་དོན་དུ་སྦས་བྱང་གི་མཐར་ཚང་བ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བསམ་ཡས་མཆིམས་ཕུར་བཞུགས་པའི་ཚེ་ཇོ་མོ་ཉིན་འཇིག་རྟེན་གྱི་སྣང་བ་བག་ཙམ་དང་མཚན་རྨི་ལམ་གྱི་འཁྲུལ་བ་སེལ་བའི་དོན་དུ་གསུངས་པ་ཞུ་ལན་གནད་ཀྱི་ཡི་གེ །ངོ་སྤྲོད་རང་རིག་རང་གསལ་ཞེས་ཀུན་ཏུ་བཟང་པོའི་དགོངས་པ་ཟངས་ཐལ་དུ་བསྟན་པའི་མན་ངག་སྐོར་གསུམ་དུ་གསུངས་པ་བསྟན་མ་བཅུ་གཉིས་གཉེར་བསྐོས་ཀྱི་མཐའ་ཅན། སློབ་དཔོན་ཆེན་པོས་ཤྲཱི་སིངྷ་ལ་ཞུས་པའི་ངོ་སྤྲོད་གནད་ཏིག་ཞལ་གདམས་ཟབ་


GLG003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལས་ཅན་དང་ཕྲད་ཤོག་གི་མཐར་ཚང་བ། ཇོ་མོ་མཁར་ཆེན་བཟས་ཞུས་པའི་མཚོ་རྒྱལ་ལམ་གྱི་གེགས་སེལ་ནོར་བུའི་བང་མཛོད་ལས་ཅན་ལ་གཏོད་པའི་བསྟན་མ་བཅུ་གཉིས་ལ་བཀའ་བསྒོས་པའི་མཐའ་ཅན། གཏེར་བདག་མཆོད་པའི་ལས་རིམ་ཨེ་ཀ་ཛ་ཊིའི་གསོལ་ཀ་བསྐལ་པ་མེ་འབར་མ་བསྟན་སྲུང་གི་ཁྲོད་དུ་བྲིས་ཀྱང་རུང་མོད་འདིར་ནི་གནད་ཡིག་མཇུག་གི་ཐེམས་ནང་འདུག་པ་ལྟར་བྲིས་སོ། །དེ་ཡང་སྔགས་འཆང་ཆོས་རྒྱལ་བསོད་ནམས། ལེགས་ལྡན་རྗེ་ཡབ་སྲས། འཇམ་དབྱངས་མཁྱེན་བརྩེ། ཆོས་རྒྱལ་དབང་པོའི་སྡེ། བཀྲ་བཟང་པ་སོགས་ཀྱི་གསན་ཡིག་ཁུངས་བཙུན་ཚོར་ཆོས་སྡེའི་བཞུགས་ཚུལ་མི་མཐུན་པ་ཤས་ཆེ་ཞིང་། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་དང་ཞུ་ལན་གནད་ཡིག་མཇུག་གི་ཐེམས་གཉིས་མཐུན་ལ། འདིར་ནི་བཀྲ་བཟང་པའི་གསན་ཡིག་ལྟར་བྲིས་པ་ཡིན་ནོ། །ད་དུང་ཐེ་ཚོམ་གྱི་གཞི་ཅུང་ཟད་འདུག་པ་ཕྱོགས་འདིར་ཚད་མར་གྱུར་བ་རྙེད་ན་དཔྱད་པར་བྱའོ། །ལས་རྒྱུ་འབྲས་ཀྱི་དབྱེ་བ་མུན་སེལ་སྒྲོན་མེ་མ་གཏོགས་པའི་དབང་འཁྲིད་ལུང་གསུམ་ཡོངས་རྫོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིགས་འཛིན་ཤྲཱི་སིངྷ། ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ། རིགས་འཛིན་ནམ་མཁའ་གྲགས་པ། དཔང་སྟོན་བདེ་ལེགས་རྒྱལ་མཚན། སེ་སྟོན་མགོན་པོ་བཟང་པོ། སེའི་སྔགས་འཆང་རིན་ཅེན་རྒྱལ་མཚན། སྤྱན་ཚབ་ཆོས་རྗེ་མགོན་པོ་ཟླ་བ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། ནུབ་དགོན་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན།


GLG003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། རྫོགས་ཆེན་རྣལ་འབྱོར་ཀུན་བཟང་རྣམ་རྒྱལ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལས་རྒྱུ་འབྲས་ཀྱི་དབྱེ་བ་མུན་སེལ་སྒྲོན་མེའི་བརྒྱུད་པ་ནི། གཏེར་སྟོན་ཡན་གོང་ལྟར་ལ། དེ་ནས་སྲས་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། ཆོས་རྗེ་སངས་རྒྱས་དཔལ་བཟང་། རིག་འཛིན་ནམ་མཁའ་རྒྱལ་མཚན། གཏེར་སྟོན་ཤཱཀྱ་བཟང་པོ། རིག་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་འཛིན་ནོར་བུ། རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །བྱང་ཆུབ་སེམས་སྤྱོད་དབང་གི་སྐོར་འདི་རིག་འཛིན་ཆེན་པོ་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་སོགས་ཀྱི་གསན་ཡིག་ཁུངས་བཙུན་མང་པོར་ལོགས་སུ་མཛད་པའང་འདུག་ཅིང་། ནུབ་དགོན་ཕྱོགས་ཀྱི་རྒྱུན་ལའང་ཟངས་ཐལ་དང་སྦྲེལ་བའི་བར་བཀབ་མི་འདུག་ནའང་། བླ་ཆེན་བཀྲ་བཟང་པའི་གསན་ཡིག་ན་ཐོག་མར་ཐེག་པ་རིམ་དགུའི་དབང་ཞེས་ངོས་བཟུང་འདུག་པ། སྤྱོད་པ་ལེགས་པའི་སྐབས་སུ་ཕྱིའི་སྤྱོད་པ་ལེགས་པའི་སྒྲོན་མ་སྤྱོད་དབང་སྐོར་དང་། ནང་གི་སྤྱོད་པ་ལེགས་པའི་སྒྲོན་མ་རྣམ་གསུམ་དུ་བཤད་པས་འབྲེལ་མཚུངས་པ་ནས་ཕལ་ཆེར་བསེ་སྒྲོམ་སྨུག་པོ་ནས་སྤྱན་དྲངས་པའི་བྱང་ཆུབ་སེམས་དཔའི་སྤྱོད་དབང་གི་སྐོར་ལ། རྣམ་སྣང་ལྷ་སོ་གསུམ་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རིག་པའི་དབང་ལྔ་སྔོན་དུ་འགྲོ་བ་ཅན་གྱི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། ཀྲྀ་ཡ་ཨུ་པ་ཡ་ོག །མ་ཧཱ་ཨ་ནུ་ཨ་ཏི་


GLG003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཐེག་པ་རིམ་དགུའི་དབང་ངམ་བྱང་ཆུབ་སེམས་དཔའི་སྤྱོད་དབང་ལེགས་པར་མནོས་ནས། ལུང་ལ། རྣམ་པར་སྣང་མཛད་རྒྱུད་ཀྱི་སྒྲུབ་ཐབས་ལེའུ་བཅུ་པ་དེ་བཞིན་གཤེགས་པའི་གཟུངས་ཀྱི་སྒྲུབ་ཐབས་རྡོ་རྗེ་གདན་གྱི་རྩེ་མོ་སྡེ་བྱང་མའི་སྲོག་ཤིང་ལ་སྦས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཏོན་ནས་ཨོ་རྒྱན་ཆེན་པོར་གནང་བ་བྲག་རི་དུག་སྦྲུལ་སྤུངས་འདྲར་སྦས་བྱང་དང་གཉེན་ཆེན་ཐང་ལྷར་བཅོལ་དམ་གྱི་མཐར་ཚང་བ། རྣམ་པར་སྣང་མཛད་སྐུའི་རང་ཆས་དགོངས་པ་རུ་བསྟན་པ་ལེའུ་བཀོད་པ་རྣམ་གསུམ་ཞེས་པའི་མཐོང་གྲོལ་གསང་སྔགས་ཐུགས་ཀྱི་མན་ངག་བདུན་པ། ལྷ་མོ་ཕྱག་རྒྱ་ཆེན་པོ་རྣམ་པར་གཟིགས་མའི་རྒྱུད་ཚེ་དང་ལྡན་པ་དགའ་བོས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་སྦས་པ་ཀླུ་སྒྲུབ་ཀྱིས་བཏོན་ནས་ཨོ་རྒྱན་ཆེན་པོར་གནང་བ་བོད་དུ་གདན་དྲངས་ནས་གཏེར་དུ་སྦས་ཏེ་རྡོ་རྗེ་ལེགས་པར་གཉེར་དུ་གཏད་པ། བདེ་གཤེགས་མཆོད་པའི་ཆོ་ག །བྱང་ཆུབ་སེམས་དཔའི་སྤྱོད་དབང་གི་དབང་ཆོག་ཤཱཀྱའི་བསྟན་པ་མཐའ་རྒྱས་ཕྱིར་གཏེར་དུ་སྦས་ནས་ཐང་ལྷར་གཏད་ཚུལ། ཕྱོགས་བཅུ་དུས་གསུམ་མ་ཞེས་པ་སྨོན་ལམ་ཡིད་བཞིན་ནོར་བུ། དཔལ་མགོན་བདུན་ཅུ་རྩ་ལྔའི་གཏོར་བསྔོས། དུས་ངན་སྙིགས་མ་མཐར་ཐུག་གི་ཚེ་སྡིག་སྒྲིབ་སྦྱོང་ཐབས་དུས་ཆེན་དགུའི་གསོ་སྦྱོང་། དུས་ཁྲིམས་ཀྱི་ལག་ལེན་སྤྲུལ་སྐུ་ཤཱཀྱ་བཟང་པོས་མཛད་པ། དུས་ཆེན་དགུའི་ཕན་ཡོན། མངའ་བདག་གིས་སློབ་དཔོན་ཆེན་པོར་ཞུས་པའི་གཏན་ཁྲིམས་དུས་ཁྲིམས་ཀྱི་ཁྱད་པར་དང་ལེན་ཚུལ། ཕྱི་ནང་གསང་བའི་སྤྱོད་པས་བདག་གཞན་དགེ་བའི་ལམ་ལ་གཟུད་པ་གཏན་ཁྲིམས་བསྲུང་བྱ་ཕན་ཡོན་ཉེས་དམིགས་བཅས་པ་ཟངས་མཛོད་དམར་པོར་རྒྱས་བཏབ་སྟེ་


GLG003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཆེན་ཐང་ལྷར་གཉེར་དུ་གཏད་པ། དུས་ཁྲིམས་ཀྱི་ཕྱག་ལེན་བཞིན་དུས་དགུའི་གསོ་སྦྱོང་ཡང་ལེགས་པར་བླངས་པ་རྣམས་ལས་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་རྣམ་པར་སྣང་མཛད། རྒྱལ་བ་ཤཱཀྱ་ཐུབ་པ། རིགས་འཛིན་ལྷ་དབང་བརྒྱ་བྱིན། ཀུན་དགའ་བོ། སློབ་དཔོན་ཀླུ་སྒྲུབ། གུ་རུ་ཤཱཀྱ་སིངྷ། སྣ་ནམ་རྡོ་རྗེ་བདུད་འཇོམས། གཏེར་སྟོན་དངོས་གྲུབ་རྒྱལ་མཚན། ཐུགས་སྲས་རྣམ་རྒྱལ་མགོན་པོ། མཚུངས་མེད་རྡོ་རྗེ་དཔལ། བླ་མ་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། ཆོས་རྗེ་སངས་རྒྱས་དཔལ་བཟང་། རིགས་འཛིན་ཀུན་དགའ་དོན་གྲུབ། སྔགས་འཆང་ཀུན་དགའ་ལྷུན་གྲུབ། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། གཅེན་མངའ་རིས་པཎ་ཆེན། གཅུང་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། སྤྲུལ་པའི་གཏེར་སྟོན་བསྟན་འཛིན་ནོར་བུ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། དྲན་མཆོག་སངས་རྒྱས་དབོན་ཆེན། མཚན་ལྡན་བྱམས་པ་བཤེས་གཉེན། དྲིན་ཅན་སངས་རྒྱས་དཔལ་བཟང་མན་འདྲ། ཡང་ན་སངས་རྒྱས་དཔལ་བཟང་ནས། སྔགས་འཆང་ཤཱཀྱ་བསོད་ནམས། ཀུན་དགའ་དོན་གྲུབ་མན་གོང་ལྟར་རོ། །ཡང་ན་བཅོམ་ལྡན་ཤཱཀྱ་ཐུབ་པ། འཁོར་རྣམ་བཞི་སློབ་དཔོན་ཀླུ་སྒྲུབ་མན་འདྲ། དུས་དགུའི་གསོ་སྦྱོང་དུས་གཅིག་ལ་བླངས་པའི་བརྒྱུད་པ་ནི་རྩ་བའི་བླ་མས་རིགས་འཛིན་ངག་གི་དབང་པོ་དངོས་ལ་གསན་ནོ། །རིགས་འཛིན་ཆེན་པོས་དབུས་སྙིང་མཛོད་སྨུག་པོ་ནས་སྤྱན་དྲངས་པའི་ཀུན་བཟང་དགོངས་པ་ཟངས་


GLG003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཞེས་ཐེག་པ་རིམ་དགུའི་ཡང་རྩེ་ཚེ་འདིར་ཆོས་ཉིད་ཟད་སར་འཁྱོལ་ནས་འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་བྱེད་ནུས་པའི་ཟབ་ཆོས་རྒྱ་བོད་རིག་འཛིན་བརྒྱུད་པའི་ཞལ་གྱི་དྲོད་རླངས་ཉམས་པ་མེད་པའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ་བརྟེན་ནས་རིག་པའི་དབང་ལྔ། ཀུན་ཏུ་བཟང་པོ་རིག་པ་རྩལ་གྱི་དབང་། བུམ་དབང་། བརྡ་དབང་། དོན་དབང་། དམ་ཚིག་གི་དབང་སྟེ་སྤྲོས་བཅས་བུམ་པའི་དབང་། བྱང་སེམས་ལ་བརྟེན་ནས་སྤྲོས་མེད་གསང་བའི་དབང་། ཤེས་རབ་མ་ལ་བརྟེན་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་། སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ་སྔོན་དུ་འགྲོ་བའི་སྒོ་ནས་ཆོས་སྐུར་ངོ་སྤྲོད་པ་རབ་ཏུ་སྤྲོས་མེད་ཀྱི་དབང་། སློབ་དཔོན་ཆེན་པོ་བི་མཱ་ལས་མཛད་པའི་རྫོགས་པ་ཆེན་པོ་དབང་གི་ཆོ་གའི་སྟེང་ནས་སྟ་གོན་དང་ཕུང་པོ་རྒྱས་གདབ་སྔོན་དུ་འགྲོ་བའི་སྒོ་ནས་ཐུན་མོང་གི་དབང་བསྐུར་བཅུ་གཅིག །ཞི་དང་ཁྲོ་བོའི་དཀྱིལ་འཁོར་ལ་བརྟེན་ནས་སྙིང་པོ་ཐུགས་ཀྱི་དབང་ཞེས་པ་རང་བྱུང་བཏགས་པས་གྲོལ་བ་རིག་པ་ཡེ་ཤེས་ལྔར་འགྱུར་བ་རིག་པ་རང་གྲོལ་གྱི་དབང་ངམ་བཏགས་གྲོལ་གྱི་དབང་རྒྱས་པར་གྲགས་པ། རྫོགས་པ་ཆེན་པོ་ངེས་དོན་ལྟ་བའི་དབང་རྒྱལ་ཐབས་སྤྱི་བླུག་གི་དབང་ཡང་ཟེར། ཞེས་པ་དོན་བཅུ་གཉིས་ཀྱི་སྒོ་ནས་བསྐུར་བ། རིག་པ་རང་གསལ་གྱི་དབང་ཞེས་པ་ལྟ་སྒོམ་སྤྱོད་འབྲས་བསྟོད་པ་དམ་ཚིག་སྟེ་དོན་རྣམ་པ་བདུན་གྱི་སྒོ་ནས་བསྐུར་བ། ཡེ་ཤེས་སྤྱི་བླུགས་ཀྱི་དབང་ཞེས་པ་བར་དོར་རང་སར་གྲོལ་བའི་དབང་འོད་ལྔ་ཐིག་ལེའི་དཀྱིལ་འཁོར་བུམ་པ་མན་ཤེལ་ཀ་པཱ་ལ་འདྲ་འབག་ལ་བརྟེན་པ་སློབ་དཔོན་པདྨའི་རིག་པའི་རྩལ་དབང་། དེའི་མཐའ་རྟེན་མངོན་སུམ་ཡེ་ཤེས་ཀྱི་རང་མདངས་ཞལ་ཕྱེ་ན་


GLG003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་ཡོན་ཏན་ཡེ་ཤེས་ཀྱི་རྩལ་དབང་། སྐལ་དམན་ཐུགས་རྗེས་བཟུང་བ་བསྟན་པ་བུ་གཅིག་ནས་གསུངས་པའི་བཏགས་གྲོལ་གྱི་དབང་རྣམས་ཐོབ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཐར་ཀུན་གཞི་གཏན་ལ་ཕབ་པ་སྔོན་དུ་འགྲོ་བའི་སྒོ་ནས་དངོས་གཞི་སྒྲ་འོད་ཟེར་གསུམ། བརྐྱང་འགྱེལ། སྐུ་གསུམ་གྱི་བཞུགས་སྟངས། འགྲེང་ཚུགས་རྣམས་ལ་བརྟེན་ནས་རིམ་བཞིན་སྐུ་གསུམ། དབྱིངས་རིག །སྣང་བཞིའི་ངོ་སྤྲོད། ཁྱད་པར་བཀའ་གཏེར་གྱི་རྫོགས་ཆེན་གཞན་ལ་གྲགས་པ་རྣམས་ལས་ཁྱད་དུ་ཐོན་པའི་ཆོས་ཉིད་ཟད་པའི་མྱུར་ལམ་རྡོས་བཅས་ཕུང་པོ་ཚེ་འདིར་མི་སྣང་བར་འཇའ་ལུས་སྒྲུབ་བྱེད་ཐོད་རྒལ་གྱི་རང་རྩལ་རྗེན་པར་སྟོན་པ་ལྷུན་གྲུབ་དགོངས་པ་ཟངས་ཐལ་གྱི་ཉམས་འཁྲིད་སྨིན་རྒྱས་སུ་མནོས་ནས། རྒྱབ་རྟེན་ལུང་གི་སྐོར་ལ། དེ་ཡང་སྙན་བརྒྱུད་དྲུག་གི་ཐོ་བྱང་ལས། དབུས་ཀྱི་ཤོག་དྲིལ་རྣམ་གསུམ་དང༔ ཟབ་མོ་སུམ་ཅུ་རྩ་དྲུག་ཆོས༔ རང་མིན་གཞན་ལ་བསྟན་མི་བྱ༔ ཞེས་དང་། འགྲོ་བ་གཞན་དོན་དགོངས་པའི་ཕྱིར༔ སྙན་བརྒྱུད་རྩ་བའི་ཆོས་རྣམས་བསྟན༔ སུམ་ཅུ་རྩ་དྲུག་འདི་ལྟ་སྟེ༔ རྡོ་རྗེ་ཕག་མོའི་ཟབ་རྒྱ་དྲུག༔ པདྨ་འབྱུང་གནས་སྙན་བརྒྱུད་དྲུག༔ རྡོ་རྗེ་སེམས་དཔའི་གློང་ཆེན་དྲུག༔ རྩ་བའི་ཆོས་སྡེ་བཅོ་བརྒྱད་ཡིན༔ ཡན་ལག་ཐུན་མོང་བཅོ་བརྒྱད་ནི༔ སྤྱོད་པ་ལེགས་པའི་སྒྲོན་མ་དྲུག༔ སྙིགས་མ་དངས་པའི་མན་ངག་དྲུག༔ དུས་ལ་དགོས་པའི་སྒྲུབ་ཐབས་དྲུག༔ ཅེས་གསུངས་པས་ཟབ་རྒྱ། སྙན་བརྒྱུད། གློང་གསུམ་པོར་དྲུག་ཚན་དུ་ཕྱེ་བར་རྩ་བའི་མན་ངག་བཅོ་བརྒྱད་དང་། སྤྱོད་པ། སྙིགས་མ་སྒྲུབ་ཐབས་གསུམ་ལ་དྲུག་ཚན་དུ་བྱས་པར་ཡན་ལག་ཐུན་མོང་བཅོ་བརྒྱད། དེ་གཉིས་བསྡོམས་


GLG003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པས་སུམ་ཅུ་རྩ་དྲུག་གི་སྟེང་དུ་ཚར་གཅོད་དྲག་པོ་གནམ་ལྕགས་ཀྱི་ཁང་བུ་ལྔ་བསྣན་པས་སྙན་བརྒྱུད་མན་ངག་བཞི་བཅུ་རྩ་གཅིག་ཏུ་གྲགས་ཤིང་གོ་རིམ་གྱི་དབང་དུ་བྱས་ན་ཐོག་མར་ཐུན་མོང་བ་བཅོ་བརྒྱད་དང་དེ་ནས་རྩ་བའི་ཆོས་བཅོ་བརྒྱད་དགོས་ལ་གོང་འོག་འཁྲུགས་ཤིང་རྩ་བའི་ཆོས་སྡེ་ལ་ཡང་གདུལ་བྱ་བློ་རབ་འབྲིང་མཐའ་མ་གསུམ་གྱི་དབང་དུ་བྱས་ནས་ཟབ་རྒྱ་ཐོག་མར་བྱུང་ནའང་འདིར་བསྒྲིགས་རིམ་རིགས་འཛིན་བརྒྱུད་པ་རྣམས་ཀྱི་ཟབ་ཆོས་སྤེལ་བའི་གོ་རིམ་དང་གོང་མ་རྣམས་ཀྱི་གསན་ཡིག་སོགས་དང་བསྟུན་ནས་སྙན་བརྒྱུད་ཐོ་བྱང་གི་གོ་རིམ་འདི་ཤས་ཆེར་ལུགས་ལྡོག་ཏུ་འགོད་པས། དེ་ཡང་འགྲོ་བའི་དོན་བྱེད་པ་ལ་སྙིགས་མའི་དུས་ན་སེམས་ཅན་རྟོག་པ་ཧྲག་ཅིང་ཤིན་ཏུ་མགུ་དཀའ་བས་སྒོ་གསུམ་ཐ་མལ་དུ་ཤོར་ན་རང་གཞན་ལ་བར་གཅོད་འབྱུང་བས་དེའི་གཉེན་པོར་སྤྱོད་པ་ལེགས་པའི་སྒྲོན་མ་དྲུག །ཆོས་བྱེད་པར་གྲིབ་དྲུག་བསྲུང་དགོས་པས་དེའི་གཉེན་པོར་སྙིགས་མ་དངས་པའི་མན་ངག་དྲུག །ཉམས་སུ་ལེན་པའི་གང་ཟག་ལ་བར་གཅོད་དྲུག་འོང་བས་དེའི་གཉེན་པོར་སྒྲུབ་ཐབས་དྲུག་དགོས་པར་གསུངས་པ་རྣམས་སྔོན་འགྲོའི་རྒྱབ་ཆོས་དང་། དབང་པོ་རབ་ལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་གློང་དྲུག་དེའི་ཆར་གཏོགས་དང་བཅས་པ། ཡང་ཀུན་བཟང་། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། རིགས་གསུམ་མགོན་པོ་རྣམས་ཀྱི་གློང་སོ་སོར་བྱས་པར་གློང་ཆེན་དྲུག །དབང་པོ་འབྲིང་ལ་རྡོ་རྗེ་སློབ་དཔོན་གྱི་སྙན་བརྒྱུད་དྲུག་ཅེས་པ་འགྲེལ་ཏིག་ཆེན་མོའི་དོན་ལྟར་སློབ་དཔོན་པདྨ་ལ་སྙན་བརྒྱུད་གཉིས། མཁས་པ་བི་མཱ་ལར་གཉིས། ལོ་ཆེན་བཻ་རོ་ཙ་ནར་གཉིས་ཏེ་སྙན་བརྒྱུད་དྲུག་ཏུ་བཤད་པ་དང་། ཡང་སྙན་བརྒྱུད་དྲུག་གི་ཐོ་བྱང་ནས་སློབ་དཔོན་པདྨ་རང་ལ་སྙན་


GLG003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དྲུག་བྱུང་བར་གསུངས། དབང་པོ་མཐའ་མ་ལ་རྩ་རླུང་གི་གདམས་པ་རྡོ་རྗེ་ཕག་མོའི་ཟབ་རྒྱའི་སྐོར་བརྒྱ་དྲུག་ཏུ་བསྟན་ཞིང་། ཆོས་ཚན་ཞེ་གཅིག་འདྲེན་པའི་སྐབས་དྲག་པོ་ཚར་གཅོད་གནམ་ལྕགས་ཀྱི་ཁང་བུ་ལྔ་ལོགས་སུ་བྱུང་ཡང་བརྒྱ་ལྔ་པའི་ནང་དུ་འདུ་བས་དོན་གྱི་ཆོས་ཚན་སུམ་ཅུ་རྩ་དྲུག་གིས་ཚང་ངོ་། །དེ་ཡང་ཡིག་སྣ་རྣམས་ཀྱི་གོ་རིམ་རྟོགས་སླ་ཕྱིར་འཁྲུགས་བསྡེབས་སུ་བརྗོད་ན། སྔོན་འགྲོའི་རྒྱབ་ཆོས་དང་དངོས་གཞིའི་རྒྱབ་ཆོས་གཉིས། དང་པོ་ལ། གཏེར་སྟོན་རང་གིས་མཛད་པའི་གཏེར་ཆེན་བཏོན་པའི་ལོ་རྒྱུས་སྣ་མོ་ལུང་༼སུ༽གི་སྒྲུབ་ཁང་དུ་སྦྱར་བ། ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་བཀྲ་བཟང་གཏེར་བྱུང་༼ཤྲཱི༽དངོས་གྲུབ་སྒོ་འབྱེད་དགོས་པ་ཀུན་འབྱུང་གི་རྒྱ་ཅན། སེའི་སྔགས་འཆང་བཀྲ་བཟང་པ་པདྨ་དབང་ཆེན་གྱིས་མཛད་པའི་བྱང་གཏེར་ཆོས་སྐོར་༼སེ༽རྣམས་ཀྱི་སྤྱི་ཆིངས། སྤྲུལ་པའི་གཏེར་སྟོན་རྒོད་ཀྱི་ལྡེམ་ཕྲུས་མཛད་པའི་གསོལ་འདེབས་བརྡ་༼དབང༽ཆེན་བཅོ་བརྒྱད་མ། རྫོགས་ཆེན་དགོངས་པ་ཟང་ཐལ་ལྷུན་གྲུབ་ཀྱི་གསོལ་འདེབས་རྒྱལ་བ་དགོངས་བརྒྱུད་མ་རྣམས། དེ་རྗེས་གོང་དུ་བཤད་པའི་སྔོན་འགྲོ་ཡན་ལག་གི་ཆོས་སྡེ་བཅོ་བརྒྱད་ལས་ཕྱི་ལུས་ཀྱི་སྤྱོད་པ་ལེགས་པའི་སྒྲོན་མ་སྟོན་པ་བྱང་ཆུབ་སེམས་དཔའི་སྤྱོད་དབང་གི་སྐོར་སོང་ཟིན། ནང་ལུས་ཀྱི་སྤྱོད་པ་སྟོན་པའི་སྒྲོན་མ་སྟོན་པ་དུང་མཛོད་ཀྱི་ཆོས་སྡེ་ནས་བྱོན་པའི་གཏེར་སྟོན་རྒོད་ལྡེམ་ལ་གདམས་པ་སྒྲོན་མ་རྣམ་གསུམ་དུ་གྲགས་པའི་ནང་ཚན་བྲག་རི་དམར་ནག་སྲིན་པོ་ལས་ལ་ཆས་པ་ལྟ་བུའི་རྩ་བར་གདུག་པའི་སེམས་ཅན་དུ་འཁྲུངས་པ་གནས་སྦར་བ་སོགས་སྐྱེ་བརྒྱུད་ཕྱི་ལུས་ཀྱི་སྒྲོན་མ། སྐུའི་


GLG003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རྟགས་སྐྱོན་ཡོན་ཉིན་ཞག་ཕྲུགས་གཅིག་གི་བྱ་བ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། དེ་ལ་དམ་ལོག་འབྱུང་ཚུལ་ཞག་གཅིག་ལ་བཅུ་དྲུག་དབྱེ་བའི་ཉམས་ལེན་སོགས་སྟོན་པ་ནང་སྤྱོད་པའི་སྒྲོན་མ། ཕྱི་ནང་གསང་གསུམ་གྱི་རྟགས་རྒྱ་འཆང་ལུགས། བདུད་འདུལ་བ་སོགས་སྟོན་པ་གསང་བ་རིག་པའི་སྒྲོན་མ་རྣམས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལེགས་པའི་སྒྲོན་མ་དྲུག །དངས་སྙིགས་འབྱེད་པའི་མན་ངག་དྲུག །དུས་ལ་དགོས་པའི་སྒྲུབ་ཐབས་དྲུག་སྟེ་ཡན་ལག་གི་ཆོས་ཚན་བཅོ་བརྒྱད་ཆ་མཉམ་དུ་སྟོན་པ་སྙན་བརྒྱུད་ཟབ་མོ་སྡེ་དྲུག་གི་སྔོན་འགྲོ། འདི་ལ་ནང་གསེས་ཀྱི་བདུད་རྩི་ཆུའི་བཅུད་ལེན། ས་རྡོ་ཤིང་སོགས་ཀྱི་དངས་མ་ལ་བརྟེན་པའི་སྨན་གྱི་བཅུད་ལེན། རླུང་དང་རིག་པ་ལ་བརྟེན་ནས་ཚེ་བསྒྲུབ་པའི་བཅུད་ལེན། སྡིག་སྒྲིབ། གནས་གྲིབ། གོས་གྲིབ། གྲོགས་གྲིབ། སྤོང་ཐབས་རྣམས་ཀྱི་དངས་སྙིགས་འབྱེད་པའི་མན་ངག་དྲུག་བསྟན། ན་བཟའ་སྐུ་རགས། སྟོད་གཡོགས། རྟགས་རྒྱ། བེར་ཆེན། མཉེན་ཞུ། ཕྱག་མཚན་སོགས་ཕྱི་ལྟར་མཛེས་པའི་ལུས་ཀྱི་སྤྱོད་ལམ་གྱི་རྒྱན་བདུན་དང་། ཉིན་འགྲོ་འཆག་སོགས་ཀྱི་རྒྱ་ལས་མི་གཡོ་བས་ནང་ལྟར་མཛད་པའི་རྒྱན་བདུན་བསྟན། གཞན་གྱི་སྟོད་སྨད་སོགས་ལ་ལན་བརྗོད་ཚུལ་ལྔས་ལེགས་པའི་ཚིག་དང་། ནང་སྒྲ་མཉེན་པོར་སྦྱོར་བའི་ངག་གི་སྐྱོན་བཅོས་ཏེ་སྤྱོད་པ་ལེགས་པ། འགྲོ་བ་རྣམས་ཀྱི་ལས་སྣང་ཚིག་ལ་བརྟེན་པའི་ཆོས་བརྒྱད་ཀྱི་རྟོག་པ་མཐའ་དག་རྦད་ཀྱིས་གཅོད་པའི་མཉམ་གཞག་གིས་ཡིད་ཀྱི་སྤྱོད་པ་ལེགས་པའི་སྒྲོན་མ་དྲུག་མདོ་ཙམ་དང་། ཇག་འཆིང་། བདུད་གཞོམ། ཚེ་སྒྲུབ་སོགས་ཀྱི་དོན་བསྡུས་དུས་ལ་དགོས་པའི་སྒྲུབ་ཐབས་དྲུག་རྣམས་བསྟན། རྩ་བའི་ཆོས་བཅོ་བརྒྱད་དང་


GLG003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་གི་ཆོས་བཅོ་བརྒྱད་པོ་ཐམས་ཅད་ཀྱི་ཐེམས་སྟོན་པ་སྙན་བརྒྱུད་དྲུག་གི་ཁོག་འབུབས་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་བཀའ་ཆེམས། སྔོན་འགྲོ་དང་ཁོག་འབུབས་གཉིས་པདྨའི་སྙན་བརྒྱུད་གཉིས་པར་གཏོགས་ཀྱང་ཆོས་ཀྱི་བཞུགས་ཚུལ་གྱིས་འདིར་བཀོད་པ་ཡིན། དངས་སྙིགས་འབྱེད་པའི་ཆོས་དྲུག་གི་ནང་ཚན་ཟས་ཀྱི་སྙིགས་མ་སྦྱང་བ་ཟུར་བཀོལ་བཅུད་ལེན་སྐོར་ལ་ལྟོ་གོས་ལྷུན་གྲུབ་གཏུམ་མོའི་བཅུད་ལེན། ཞི་བྱེད་དཀར་མོའི་སྦྱོར་བ་ཅུང་ཞིའི་བཅུད་ལེན། རྒྱས་བྱེད་སེར་མོའི་སྦྱོར་བ་སའི་བཅུད་ལེན། དབང་སྡུད་དམར་མོའི་སྦྱོར་བ་མཚན་གྱི་བཅུད་ལེན། བདུད་འཇོམས་ལྗང་མོའི་སྦྱོར་བ་བྱེ་མའི་བཅུད་ལེན། སྟོབས་ལྡན་མའི་སྦྱོར་བ་དབང་ལག་གི་བཅུད་ལེན་དཔལ་འཕྲེང་སེར་མོའི་སྦྱོར་བ་འོམ་བུའི་བཅུད་ལེན། རྔམ་པ་མོའི་སྦྱོར་བ་བདུད་རྩི་ཆེན་པོའི་བཅུད་ལེན། ཉི་མ་སྤྱན་གཅིག་སྦྱོར་བ་ལུག་མིག་མའི་བཅུད་ལེན། སེང་གདོང་དཀར་མོའི་སྦྱོར་བ་ཆུའི་བཅུད་ལེན། སྟག་གདོང་སེར་མོའི་སྦྱོར་བ་རྡོའི་བཅུད་ལེན། ཁྱུང་གདོང་དམར་མོའི་སྦྱོར་བ་གླང་སྣའི་བཅུད་ལེན། ཕག་གདོང་སྔོན་མོའི་སྦྱོར་བ་སྤང་རྒྱན་བཅུད་ལེན། ཕྱི་ནས་འཚོལ་མི་དགོས་པ་ལྕེ་ཆུང་བཅུད་ལེན་རྣམས་སྟོན་པ་བཅུད་ལེན་རིན་ཅེན་འཕྲེང་བ། དེ་ཡང་གོང་དུ་བསྟན་པ་ཐུན་མོང་གི་ཆོས་བཅོ་བརྒྱད་ནི། སྙན་བརྒྱུད་དྲུག་གི་ཁོག་འབུགས་ལས། སྙིགས་མའི་དུས་སུ་འགྲོ་བའི་དོན་ལ་དགོངས་པ་བརྡའི་སྐྱེས་བུ་དེ་ལ་གྲིབ་དྲུག་ཕོག་པས་སྤྱོད་པ་མ་དག་པ་དྲུག་གི་སྐྱོན་འབྱུང༔ དེ་སྤྱོད་པ་ལ་སྙིགས་མ་དངས་པའི་མན་ངག་དྲུག་དགོས༔ དུས་མཐའ་མའི་སྐྱོན་གྱིས་ཕྱི་ནང་གི་བར་གཅོད་དྲུག་འབྱུང་༔ དེ་བཟློག་པའི་མན་ངག་དྲུག་དགོས་སོ༔ བདག་གཞན་ཐུན་མོང་ལ་དགོས་པའི་ཕྱིར་


GLG003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལེགས་པའི་སྒྲོན་མ་དྲུག་དགོས་སོ༔ ཞེས་གསུངས་པའི་ཐུན་མོང་གི་མན་ངག་བཅོ་བརྒྱད་པོ་འདི་གཙོ་བོར་སྤྲུལ་པའི་གཏེར་སྟོན་ཉིད་ཀྱི་ཐུགས་ཉམས་སུ་བླང་བྱར་བསྟན་ཞིང་། དེ་ཡང་ཞིབ་ཏུ་བཤད་ན་དཀོར་སྐྱོན་བསྲུང་བ་བདུད་རྩིའི་ཆུ་འཐུང་། གྲིབ་སྐྱོན་བསྲུང་བ་སྨན་གྱི་བཅུད་ལེན། ཉམས་སྐྱོན་བསྲུང་བ་རྡོ་རྗེའི་གོ་ཁྲབ། གྲིབ་གནས་སྤང་བ་ཕྱག་རྒྱའི་རྒྱན་གསུམ། གྲིབ་གོས་སྤང་བ་བསྲུང་བའི་རྟགས་གཉིས། དམ་ཉམས་སྤང་བ་གཙང་མའི་གྲོགས་བཙལ་བ་དང་དྲུག །ཇག་ཆོམ། བདུད་ལྡང་འབྱུང་འཁྲུགས། དབུལ་ཕོངས། ཚེ་ཚད་ཐུང་བ། གྲོགས་ཀྱིས་བསླུ་བ་དྲུག་གི་གཉེན་པོར། ཇག་འཆིང་། དུ་བ་རླུང་ཞོན། ནད་བདག་སྟོབས་འཇོམས་དང་སྨན་དཔྱད་སྐོར། ཛམ་ལ། མངའ་དབང་། ཚེ་དཔག་ལོངས་སྐུའི་སྐོར། གླང་ཆེན་བཅས་ཆོག་རྣམས་ལ་ཁ་འཕངས་པ་དང་ལུས་ངག་ཡིད་གསུམ་ལ་སྤྱོད་པ་མཛེས་པ་གཉིས་གཉིས་བཤད་པ་རྣམས་སྒྲོན་མ་རྣམ་གསུམ། ཞལ་གདམས་བདུན་པ། སེམས་རིག་དབྱེ་བའི་རྒྱུད་རྣམས་ལ་བལྟ་བར་གསུངས་པའི་ཆོས་ཚན་རྣམས་ནི་མཛོད་ལྔ་གང་ལ་གང་བབས་ཀྱི་སྐབས་སུ་འབྱུང་བ་ཡིན་པ་ནི་ངོ་མཚར་བའི་གནས་དམ་པའོ། །གཞན་ཡང་གསང་སྔགས་ནང་གི་སྤྱོད་པ་སྟོན་པ་དམ་ཚིག་དབྱེ་བའི་ཆོ་ག་ཞེས་པ་རྡོ་རྗེ་སློབ་དཔོན་དང་སློབ་མའི་མཚན་ཉིད། བླ་མ་མཆེད་ལྕམ་ལ་དམ་ཚིག་ཉམས་ཚུལ་དང་གསོ་ཐབས། དུས་ཀྱི་མཐའ་མ་འདོད་ཆགས་ཞེ་སྡང་དབང་གིས་ལོག་པར་སྤྱོད་ཚུལ་དམ་ལྡན་གྱི་སློབ་མས་དམ་ཚིག་ཁས་བླངས་པ་དང་མནའ་ཆུ་བླུད་པ་སོགས་བསྟན་པ་གསེར་མཛོད་སེར་པོ་སྦས་བྱང་གི་མཐའ་ཚང་བ། རྫོགས་པ་ཆེན་པོའི་སྟོང་ཐུན་སྤྱི་ཆིངས་ཞེས་པ་ཨོ་རྒྱན་ཆེན་པོས་མངའ་བདག་དང་ཇོ་མོར་


GLG003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་རྫོགས་བྱང་གི་མཐའ་ཅན། སྟོན་པ་གསང་སྔགས་བསྟན་པ་རྣམ་གསུམ་གྱི་ཆོས་འབྱུང་ཞེས་པ་ཞུས་པའི་ལན་དུ་གསུངས་པ་སྙན་བརྒྱུད་རཏྣའི་འཕྱོང་། རྩོད་མེད་ཀྱི་ཐེག་པ་སྟོན་པ་ཟབ་མོ་ཆོས་ཀྱི་ལུང་བྱང་ཞུ་ལན་དཀར་ཆག་ཡི་གེར་བཏབ་པ། ལས་ཅན་གྱི་སློབ་མ་དང་དམ་ཉམས་མཁའ་འགྲོ་དང་བདུད་མོ་སོགས་འདྲ་མིན་ལུང་སྟོན་པ་སྙན་བརྒྱུད་དྲུག་གི་ཐོབ་བྱང་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་བཀའ་ཆེམས་ལས་ཅན་ལུང་བསྟན་དུ་གྲགས་པ། འདི་གསུམ་པདྨའི་སྙན་བརྒྱུད་གཉིས་པར་གཏོགས་ཀྱང་སྔོན་འགྲོའི་ཆོས་སུ་མཛད་པས་འདིར་བཀོད་པ་ཡིན་ནོ། །རྩ་བའི་གཉིས་པ་དངོས་གཞིའི་རྒྱབ་ཆོས་ལ། གཞན་ལ་མི་སྟོན་པ་རྩ་བའི་ཤོག་དྲིལ། དབང་པོ་རབ་ལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་གློང་དྲུག །དབང་པོ་འབྲིང་ལ་རྡོ་རྗེ་སློབ་དཔོན་གྱི་སྙན་བརྒྱུད་དྲུག །དབང་པོ་མཐའ་མ་ལ་རྡོ་རྗེ་ཕག་མོའི་ཟབ་རྒྱ་དྲུག །མཐའ་རྟེན་གཏད་རྒྱའི་སྐོར་དང་ལྔ། དང་པོ་ནི། དབུས་ཀྱི་ཤོག་དྲིལ་རྣམ་གསུམ་ལ་རྒྱུད་མན་ངག་ཐམས་ཅད་ཀྱི་རྩ་བ་སྟོན་པ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཡེ་ཤེས་རང་རྩལ་རིག་པ་འོད་དུ་འབར་བར་བསྟན་པའི་རྒྱུད་དམ་དགོངས་པ་ཟངས་ཐལ་གྱི་རྒྱུད་ཆེན་ལེའུ་ཉི་ཤུ་རྒྱ་བཞིའི་ཐེམས་དང་བཅས་པ་རྫོགས་བྱང་གི་མཐར་ཚང་བ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོའི་དགོངས་པ་ཟངས་ཐལ་དུ་བསྟན་པའི་རྒྱུད་ཆུང་ལེའུ་བརྒྱད་པ་རིགས་འཛིན་རིམ་པར་བརྒྱུད་ཚུལ་རྒྱ་གསུམ་གྱི་མཐའ་ཅན། རྒྱུད་འདི་གཉིས་དཀའ་བ་བཅུ་གསུམ་དང་དུ་བླང་ནུས་པའི་སྐལ་ལྡན་མ་གཏོགས་རང་མིན་གཞན་ལ་མི་སྟོན་པར་གསུངས་པ། གཉིས་པ་དབང་པོ་རབ་ལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་གློང་དྲུག །རྩ་བའི་རྒྱུད། ཆར་གཏོགས་


GLG003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད། ཁྱད་པར་བཏགས་གྲོལ་གྱི་སྐོར་དང་གསུམ། དང་པོ་ནི། སེམས་དང་རིག་པ་དབྱེ་བའི་རྒྱུད་ཁྱད་པར་ཅན་ལེའུ་དྲུག །འཁྲུལ་པ་ཤན་འབྱེད་སྐོར་གྱི་ནང་ཚན། འདི་ཕྱག་ན་རྡོ་རྗེས་གསུངས་པའི་གློང་དུ་གཏོགས། རིག་པ་རང་གསལ་མ་རིག་པའི་ཡེ་ཤེས་རང་ལ་གསལ་བའི་རྒྱུད་ལེའུ་གསུམ་པ་རིགས་འཛིན་རྣམས་ཀྱི་ཐུགས་དགོངས་རིམ་པར་བརྒྱུད་ལས་འཕྲོ་ཅན་ལ་ཕྲད་ཤོག་གི་མཐར་ཚང་བ། དབྱིངས་སྣང་སྦུབས་ཞུགས་ཀྱི་ནང་ཚན། འདི་རྡོར་སེམས་ཀྱིས་གསུངས་པའི་གློང་དུ་གཏོགས། རྫོགས་པ་ཆེན་པོ་ཡེ་ཤེས་རང་ལ་གནས་པའི་རྒྱུད་ལེའུ་བདུན་རྟེན་མེད་ཀྱི་རིག་པ་གཞག་ཐབས་ངོ་སྤྲོད་ཀྱི་ནང་ཚན། འདི་རྡོ་རྗེ་འཆང་གིས་གསུངས་པའི་གློང་དུ་གཏོགས། ཡེ་ཤེས་ཆེན་པོ་བསྟན་པའི་རྒྱུད་ལེའུ་བརྒྱད་པ་རྡོ་རྗེ་སེམས་དཔའི་ཐུགས་ནས་བརྒྱུད་ཚུལ་རྒྱ་གསུམ་གྱི་མཐའ་ཅན། རྟེན་མེད་ཀྱི་རིག་པ་གཞག་ཐབས་ངོ་སྤྲོད་ཀྱི་ནང་ཚན། འདི་སྤྱན་རས་གཟིགས་ཀྱིས་གསུངས་པའི་གློང་དུ་གཏོགས། སངས་རྒྱས་རྡོ་རྗེ་སེམས་དཔའ་དགོངས་པ་རང་ཤར་གྱི་རྒྱུད་ལེའུ་དྲུག་པ་རིགས་འཛིན་རིམ་པར་གཏད་ཚུལ་ཨེ་ཀ་ཛ་ཊི་བཀའ་བསྒོས་པའི་མཐའ་ཅན། དབྱིངས་སྣང་སྦུབས་བཞུགས་ཀྱི་ནང་ཚན། འདི་ཀུན་བཟང་གིས་གསུངས་པའི་གློང་དུ་གཏོགས། བར་དོ་རང་གི་སྣང་བ་ཐམས་ཅད་ངེས་པ་བསྟན་པའི་རྒྱུད་ལེའུ་བདུན་པ། བར་དོ་རང་སྣང་སྟོན་པའི་ནང་ཚན། འདི་རྡོ་རྗེ་འཆང་གིས་གསུངས་པའི་གློང་དུ་གཏོགས། གཉིས་པ་ཆར་གཏོགས་ཀྱི་རྒྱུད་ལ། འཁྲུལ་པ་སེམས་རྒྱུད་དམ་མ་རིག་པའི་སེམས་ཕྱིན་ཅི་ལོག་ཏུ་ཁ་འཁྲུལ་པའི་རྒྱུད་དམ་འཁྲུལ་པ་རྩད་གཅོད་དུ་གྲགས་པ་ལེའུ་བདུན་འཁྲུལ་པ་ཤན་འབྱེད་ཀྱི་ནང་ཚན། འདི་ཕྱག་རྡོར་གྱིས་གསུངས་པའི་གློང་དུ་གཏོགས། འཁྲུལ་པ་སེམས་དང་རིག་པ་དབྱེ་བའི་རྒྱུད་དམ་ཕྱི་མར་གྲགས་པ་ལེའུ་ལྔ་རིགས་འཛིན་བརྒྱུད་པའི་གཏད་རབས་ཨེ་ཀ་ཛ་ཊི་སྤུན་དྲུག་ལ་


GLG003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་རྒྱའི་མཐའ་ཅན། འཁྲུལ་པ་ཤན་འབྱེད་ཀྱི་ནང་ཚན། འདི་འཇམ་དཔལ་གྱིས་གསུངས་པའི་གློང་དུ་གཏོགས། རྫོགས་པ་ཆེན་པོ་རིན་པོ་ཆེ་འཕྲེང་བའི་རྒྱུད་ལེའུ་དྲུག །ཆོས་ཉིད་མངོན་སུམ་སྟོན་པའི་ནང་ཚན། འདི་ཀུན་བཟང་གིས་གསུངས་པའི་གློང་དུ་གཏོགས། ཡེ་ཤེས་རང་ལ་ཤར་པའི་རྒྱུད་དམ་རིག་པ་མ་གཡེང་པར་རང་ལ་ཤར་པ་ཡེ་ཤེས་ལྔ་རུ་བསྟན་པའི་རྒྱུད་ལེའུ་གསུམ་དང་ཤོག་གི་མཐའ་ཅན། དབྱིངས་སྣང་སྦུབས་ཞུགས་ཀྱི་ནང་ཚན། འདི་རྡོ་རྗེ་འཆང་གིས་གསུངས་པའི་གློང་དུ་གཏོགས། གསུམ་པ་བཏགས་གྲོལ་སྐོར་ལ། བཏགས་གྲོལ་གྱི་ནང་གསེས་སངས་རྒྱས་ཀྱིས་དགའ་ལྡན་གྱི་གནས་སུ་གསུངས་པའི་ཞལ་ཆེམས་དང་པོ་ཞེས་པ་རིགས་འཛིན་ཁྱད་པར་ཅན་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པ། སངས་རྒྱས་ཀྱིས་དགའ་ལྡན་དུ་གསུངས་པའི་ཞལ་ཆེམས་གཉིས་པ་ཞེས་པ་སངས་རྒྱས་ཀྱི་བསྟན་པ་རང་ལས་བྱུང་བའི་ཡི་གེ་གསང་བ། སངས་རྒྱས་ཀྱིས་དགའ་ལྡན་དུ་གསུངས་པའི་ཞལ་ཆེམས་གསུམ་པ་ཞེས་པ་སངས་རྒྱས་ཀྱི་བསྟན་པ་རང་ལས་བྱུང་བའི་ཡི་གེར་བྱོན་པ་ཀུན་ཏུ་བཟང་པོ་ནས་རིགས་འཛིན་རྣམས་ལ་བརྒྱུད་ཚུལ་མཐར་ཕྲད་ཤོག་སྨོན་ལམ་རྫོགས་བྱང་གི་མཐར་ཚང་བ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པའི་རྒྱུད་དམ་གསང་བའི་སྒྲིབ་པ་གཅོད་པ་ས་བོན་གྱི་རྒྱུད། ཡང་གསང་བླ་ན་མེད་པའི་རྫོགས་པ་ཆེན་པོ་བཏགས་གྲོལ་ཆེན་མོའམ་མ་བཅོས་པའི་ཤེས་པ་སྐད་ཅིག་མ་ཞེས་པ་རྒྱ་བཞིས་བཅད་པ་གཅེས་པར་བཟུང་བའི་མན་ངག །འདི་དང་འབྲེལ་བར་བཏགས་གྲོལ་གྱི་རང་གནས་དང་དབང་ཆོག །བཏགས་གྲོལ་ཡིད་བཞིན་ནོར་བུའམ་བཏགས་གྲོལ་རྒྱུད་དྲུག་ཏུ་གྲགས་པར་ནང་གསེས་ཀྱི་བཏགས་གྲོལ་སྙིང་པོའི་རྒྱུད། གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་


GLG003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཏིག་སེར་གྱི་འབྲུ་གཅིག་པའི་རྒྱུད། སངས་རྒྱས་སྲས་གཅིག་པའི་གཅོད་པ་ས་བོན་གྱི་རྒྱུད། རང་བྱུང་རིག་པའི་རྒྱུད། འབྲས་བུ་ཡེ་རྫོགས་ཆེན་པོའི་རྒྱུད་ཡང་གསང་ལེའུ་དང་པོ་རྫོགས་བྱང་གི་མཐར་ཚང་བ། མཇུག་ཏུ་དུས་དམིགས་ཕན་ཡོན། འབྱུང་བ་གཞན་ལ་བརྟེན་ནས་འགྲོ་དོན་བྱ་བ། བཅད་ཐབས་རྣམས། བཏགས་གྲོལ་རྒྱབ་ཡིག་མཁྱེན་པར་མཛོད་ཀྱི་མཐའ་ཅན། གནད་ཀྱི་ཡི་གེ་དཀར་དམར་གཉིས། མན་ངག་གསང་བའི་གནད་འགྲོལ། བསྟན་པ་བུ་གཅིག་གི་ཐེམས་ཡིག །རྡོ་རྗེ་འཆང་གི་གནད་ཀྱི་ཡི་གེ་གནད་འགྲོལ་བཏགས་གྲོལ་བྱོན་ཚུལ་རྒྱལ་པོ་རྟོག་པ་ཅན་བློན་པོ་ཞེ་བརྣག་ཉན་ཐོས་ཐེག་པ་དམན་པར་གསང་བའི་བཀའ་རྒྱ་ཅན། ཐོས་གྲོལ་ཡིག་དྲུག་པའི་དོན་དང་དཔེའུ་རིས་གྷིརྟི་ས་མཱ་ཡ་མཐའ་ཅན། འདི་རྣམས་སྣང་བཞི་མཐར་མ་ཕྱིན་པར་ཉིང་མཚམས་སྦྱོར་དགོས་བྱུང་བ་རྣམས་ལ་དགོངས་ཤིང་དཀའ་བ་བདུན་སྤྱོད་ནུས་པ་དང་འཆི་ཁའི་སེམས་ཅན་མ་གཏོགས་གཞན་ལ་ཅུང་ཟད་སྟོན་པར་མ་གསུངས་སོ། །གསུམ་པ་དབང་པོ་འབྲིང་ལ་རྡོ་རྗེ་སློབ་དཔོན་གྱི་སྙན་བརྒྱུད་དྲུག་ལ། སློབ་དཔོན་ཆེན་པོ་པདྨའི་སྙན་བརྒྱུད། པཎ་ཆེན་བི་མཱ་ལ་མི་ཏྲའི་སྙན་བརྒྱུད། ལོ་ཆེན་བཻ་རོ་ཙ་ནའི་སྙན་བརྒྱུད་དང་གསུམ། དང་པོ་ལ། སྤྲོས་པའི་མཐའ་གཅོད་པའི་སྙན་བརྒྱུད། ཆོས་ཉིད་ངོ་སྤྲོད་ཀྱི་སྙན་བརྒྱུད་གཉིས། དང་པོ་ནི། རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་སྐོར་གོང་དུ་བསྟན་ཟིན། གཉིས་པ་ཆོས་ཉིད་ངོ་སྤྲོད་ཀྱི་སྙན་བརྒྱུད་ལ། རྒྱལ་བ་རིགས་ལྔའི་མཆོད་འབུམ་མ་རྫོགས་པ་ཆེན་པོ་ཕྱི་ནང་གསང་གསུམ་གྱི་མཆོད་པའི་འཕྲིན་ལས། རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་ཞི་ཁྲོའི་འཕྲིན་ལས་རྒྱུད་དང་མཐུན་པར་མཆོད་ཐབས་དགའ་རབ་རྡོ་


GLG003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཛད་པ། རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་རྣལ་འབྱོར་པ་རྣམས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་གསོག་པ་ཚོགས་འཁོར་རྒྱས་པ། རང་བཞིན་རྫོགས་པ་ཆེན་པོ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས་དུར་ཁྲོད་དུ་རྒྱུ་བའི་ཚེ་ལེན་པའི་རྡོ་རྗེའི་གླུ། དགའ་རབ་རྡོ་རྗེས་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་ནས་བཏུས་པའི་འཕྲིན་ལས་ནར་མར་གཏོང་བའི་ལྷག་མའི་གཏོར་མ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཁྲོས་ནག་རྒྱུད་ལས་བཏུས་པའི་བཀའ་སྲུང་གི་གསོལ་མཆོད་སངས་རྒྱས་རྡོར་འཆང་མ། འཇིག་རྟེན་མཆོད་པའི་རྒྱུད་ནས་སློབ་དཔོན་པདྨས་བཏུས་པའི་གཏེར་བསྲུང་མཆོད་པ་གཏེར་མཛོད་བསེ་སྒྲོམ་མ། སློབ་དཔོན་ཆེན་པོས་རི་བོ་མགྲིན་བཟང་རྒྱུད་ནས་བཏུས་པའི་ཞིང་སྐྱོང་གཞི་བདག་མཆོད་པ་ཡུལ་གྱི་མིང་ནི་མ། སྤྲོས་བཅས་བུམ་པའི་དབང་ཆོག །སྤྲོས་མེད་གསང་བའི་དབང་ཆོག །ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཆོག །རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེའི་དབང་ཆོག །སློབ་དཔོན་ཆེན་པོ་པདྨའི་རིག་པ་རྩལ་གྱི་དབང་བཏགས་གྲོལ་སྙིང་པོའི་རྒྱུད་ནས་བླངས་པ་རིག་པ་དབང་གི་སྒྲོན་མེ། རིག་པ་རྩལ་དབང་གི་འགྲེལ་པ། རྫོགས་པ་ཆེན་པོ་གླེང་གཞི་སྟོན་པ་སྐྱེ་མེད་མ་བཅོས་རང་བྱུང་རང་ཤར་རིན་པོ་ཆེ་འཕྲིན་ལས་ཀྱི་རྒྱུད་ལེའུ་དྲུག །རྫོགས་པ་ཆེན་པོ་ཡེ་ཤེས་རང་སྣང་གི་ལུགས་སྐལ་ལྡན་གྱི་སློབ་བུ་འཁྲིད་ཐབས་དགོངས་པ་ཟང་ཐལ་དུ་བསྟན་པའི་འཁྲིད་ཡིག །ཀ་དག་ལྷུན་གྲུབ་ཀྱི་ཉམས་འཁྲིད་ཐར་གླིང་ཆོས་སྐུའི་ཞིང་ཁམས་སུ་བགྲོད་པའི་ཉེ་ལམ་ཆེན་མོ་ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱིས་མཛད་པ། རྫོགས་པ་ཆེན་པོ་བླ་ན་མེད་པ་མན་ངག་ཐམས་ཅད་ཀྱི་


GLG003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དྲིལ་ཏེ་ངོ་སྤྲོད་ཉི་ཤུ་རྩ་གཅིག་ཏུ་གསུངས་པ། འདིར་ངོ་སྤྲོད་འཁྲིད་དུ་བཏབ་པའི་ནང་ཚན། དེའི་རྒྱབ་ཆོས་སུ་དགོངས་པ་ཟང་ཐལ་གྱི་ངོ་བོ་དང་དབྱིབས་བསྟན་པ་གནད་གྱི་ཡི་གེ་ཆེན་མོ་ལེའུ་ལྔ་པ། འདི་གཉིས་པདྨའི་སྙན་བརྒྱུད་གཉིས་པར་དངོས་སུ་མ་བཤད་ཀྱང་ངོ་སྤྲོད་ཉེར་གཅིག་པའི་རྒྱབ་ཆོས་ཀྱི་དབང་དུ་བྱས་ཏེ་འདིར་བྲིས་པ་ཡིན། བར་དོ་ངོ་སྤྲོད་ཀྱི་མན་ངག་སྙིང་གི་དགོངས་པའི་རྒྱུད་ལེའུ་བརྒྱད་པ། ཉམས་ལེན་མཐར་འདོན་པའི་གནད་ཀྱི་ཡི་གེ་གསང་བའི་སྒྲོན་མེ། རྟགས་ཀྱི་ཡི་གེ་གསང་བ་ཞེས་པ་ལེའུ་གསུམ། གསང་བ་ཆེན་པོ་ཚད་ཀྱི་ཡི་གེ་དགའ་རབ་རྡོ་རྗེས་མཛད་པ། འདི་གསུམ་གསན་ཡིག་ལ་ལར་སློབ་དཔོན་གསུམ་གའི་ཐུན་མོང་གི་མན་ངག་ཏུ་ཡང་བཤད། ཡི་གེ་མེད་པའི་སྙན་བརྒྱུད་ཀྱི་ནང་གསེས་ལ་ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་དུ་བསྟན་པའི་རྒྱུད་ཀྱི་སྒྲོན་མ། འདི་དབུས་ཀྱི་ཤོག་དྲིལ་རྣམ་གསུམ་དུ་གཏོགས། རིགས་འཛིན་ཤྲཱི་སིངྷས་ཨོ་རྒྱན་པདྨ་འབྱུང་གནས་ལ་མན་ངག་སྙན་བརྒྱུད་དུ་བཤད་པ་མན་ངག་ཁྱད་པར་འཕགས་པའི་སྙན་བརྒྱུད་གང་ཟག་རབ་འབྲིང་མཐའ་གསུམ་གྱི་གྲོལ་ཚུལ་བསྟན་པ་ཟབ་རྒྱ་ཅན། པདྨ་བཀའ་ཡིག་དང་པོ་སྙིང་གི་དགོངས་པའི་རྒྱུད་ལེའུ་དྲུག་པ་ལ་བརྟེན་ནས་མཛད་པའི་མན་ངག་དང་བཅས་པ་གཏེར་སྤྱན་དྲངས་ནས་ལོ་བཅོ་ལྔ་སོང་བ་དང་ཉང་སྟོད་རྐྱང་པོ་རྟ་དཀར་ཞེས་པར་ཤོག་སེར་ལས་ཕབ་པ། ཡང་དག་དོན་གྱི་སྙན་བརྒྱུད་རིན་པོ་ཆེ་ལས་གསང་བ་ལས་ཀྱང་ཆེས་གསང་བ་ཐུགས་ཀྱི་དགོངས་པ་ཡི་གེ་མེད་པའི་སྙན་བརྒྱུད་མཐོང་བ་ཙམ་གྱིས་འཚང་རྒྱ་བའི་ཆོས། སློབ་དཔོན་ཆེན་པོ་རང་ལ་སྙན་རྒྱུད་དྲུག་ཏུ་བརྩིས་པའི་ཡ་གྱལ། དུར་ཁྲོད་སོ་ས་གླིང་དུ་ཤྲཱི་སིངྷས་ཨོ་རྒྱན་ལ་གདམས་པའི་སྙན་བརྒྱུད་གནད་དུ་དྲིལ་བའི་མན་ངག་ལེའུ་གསུམ་པ་ཉམས་ལེན་གྱི་མཐའ་ཅན། འདི་ལ་


GLG003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་བུ་གསུམ་ལས་ལེ་གྲངས་མི་འདུག །ཡེ་ཤེས་མངོན་སུམ་དུ་བསྟན་པའི་སྙན་བརྒྱུད་ཟབ་མོ་ཡི་གེ་མེད་པའི་སྐོར་སློབ་དཔོན་རང་ལ་སྙན་བརྒྱུད་དྲུག་ཏུ་བརྩིས་པའི་ཡ་གྱལ། རྡོ་རྗེ་སེམས་དཔའི་གསང་ལམ་ཡང་དག་དོན་གྱི་སྙན་བརྒྱུད་རིན་པོ་ཆེ་ནམ་ཤི་འཚང་རྒྱ་སྒྱུ་ལུས་བོར་ཆོག་གི་གདམས་ངག་ལན་གཅིག་མཐོང་བས་གྲོལ་བའི་མན་ངག །ཡི་གེ་མེད་པའི་སྙན་བརྒྱུད་མ་བཅོས་པའི་ཤེས་པ་སྐད་ཅིག་མ་ཞེས་པ་ཤོག་སེར་ལས་འབྲི་མཚམས་སུ་གོ་ཚང་དུ་བསྒྱུར་བས་གོ་ཚང་མར་གྲགས་པ། སྙན་བརྒྱུད་རིན་པོ་ཆེ་ལུང་བྱང་ཡེ་ཤེས་ཐུགས་ཀྱི་ལྡེ་མིག་ཅེས་པ་ཆོས་རྣམས་སྟོན་པའི་སྣོད་དུ་རུང་མི་རུང་མཎྜལ་གྱི་ཁྱད་པར་དང་གྲངས་སོགས་གསུངས་པ། སློབ་དཔོན་རང་ལ་སྙན་བརྒྱུད་དྲུག་ཏུ་བརྩིས་པའི་ཡ་གྱལ། གཉིས་པ་པཎ་ཆེན་བི་མཱ་ལའི་སྙན་བརྒྱུད་ལ་བཤད་ཐབས་ཀྱི་སྒོ་ནས་གོ་བར་བྱ་བ་དང་ཉམས་ལེན་གྱི་སྒོ་ནས་གྲོལ་བར་བྱ་བ་སྟེ་གཉིས། དང་པོ་ནི། མཁས་པ་ཆེན་པོ་བི་མཱ་ལ་མི་ཏྲས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ་སྙན་བརྒྱུད་དུ་གནང་བ་ད་ལྟ་ཉིད་དུ་འཚང་རྒྱ་བར་བྱེད་པའི་འགྲེལ་ཏིག་ཆེན་མོར་གྲགས་པ། གཉིས་པ་ལ། སློབ་དཔོན་ཆེན་པོ་བི་མཱ་ལས་མཛད་པའི་རྫོགས་པ་ཆེན་པོའི་དབང་ཐོག་མའི་དབང་ཆོག་གམ་ཐུན་མོང་དུ་དབང་བསྐུར་བའི་ཆོ་ག །དེས་མཛད་པའི་སྙིང་པོ་ཐུགས་དབང་ཞེས་པ་བཏགས་གྲོལ་རྒྱས་པའི་དབང་ཆོག །དེས་མཛད་པའི་རྫོགས་པ་ཆེན་པོ་ངེས་དོན་ལྟ་བའི་དབང་ཞེས་པ་རྒྱལ་ཚབ་སྤྱི་བླུགས་ཀྱི་དབང་ཆོག །དེས་མཛད་པའི་རིག་པ་རང་གསལ་གྱི་དབང་ཆོག །དེས་མཛད་པའི་ཡེ་ཤེས་སྤྱི་བླུགས་ཀྱི་དབང་ཆོག །ཕྱི་མཚན་མ་ལ་བརྟེན་པ། ནང་ཡེ་ཤེས་ལ་བརྟེན་པ། ཉམས་ལེན་སྣང་གསུམ་ལ་བརྟེན་པ་སྟེ་འཁྲིད་ཡིག་


GLG003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཀྱི་གཟེར་བུ་གསུམ་ཞེས་པ་མངའ་བདག་གིས་ལྷ་སྲས་ལ་བཀའ་གདམས་པར་མཛད་པ། ཁུག་པ་ལྔའི་མན་ངག་ནི་རྫོགས་ཆེན་འོད་གསལ་སྙིང་ཏིག་ནས་འཆི་ཁའི་ངོ་སྤྲོད་ལ་དགོངས་ནས་འདིར་གཏེར་སྟོན་གྱིས་བཞེས་པ་མ་གཏོགས་ལྷ་བྲག་གི་གཏེར་མ་མིན། འདིའི་ཆ་ལག་ཏུ་བི་མཱའི་སྙིང་ཏིག་ནས་ཆོས་ཚན་ཁ་ཤས་ལེན་པའི་ཕྱག་སྲོལ་བྱུང་འདུག་ནའང་ཁོ་བོས་ནི་དེ་འདྲ་བསྣན་པའི་རྒྱུན་མ་ཐོབ། བར་དོ་འོད་གསལ་སྒྲོན་མ་ཞེས་པ་ཕྱི་རབས་ཀྱི་དོན་དུ་བི་མཱ་ལས་བཀོད་པ་གསུམ་པ་ལོ་ཆེན་བཻ་རོ་ཙ་ནའི་སྙན་བརྒྱུད་ལ་སེམས་དང་རིག་པ་དབྱེ་བ་དང་གཞག་ཐབས་རྣམ་པ་ལྔའི་སྙན་བརྒྱུད་གཉིས། དང་པོ་ནི། དུས་གསུམ་གཟིགས་པའི་པདྨ་འབྱུང་གནས། རྒྱ་གར་མཁས་པ་བི་མཱ་མི་ཏྲ། རྒྱ་བོད་སྒྲ་བསྒྱུར་གྱི་མཆོག་ལོ་ཙཱ་བ་བཻ་རོ་གསུམ་ལ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་ཞུས་པའི་སྙན་བརྒྱུད་དང་པོར་གྲགས་པ། པཎ་ཆེན་གྲུབ་ཐོབ་ལྔ་བརྒྱའི་སྙན་བརྒྱུད་དུ་བརྒྱུད་བའི་མན་ངག་གྲུབ་ཐོབ་ཕྱི་མ་གསུམ་གྱི་དགོངས་པ་གཅིག་དྲིལ་བཻ་རོ་ཙ་ནས་དགུང་ལོ་བཅོ་ལྔ་ནས་ལྔ་བཅུ་རྩ་ལྔའི་བར་ཤྲཱི་སིངྷའི་སྤྱན་སྔར་བཞུགས་ནས་ཞུས་པ་སྙན་བརྒྱུད་བར་པར་གྲགས་པ། ཆོས་ཐམས་ཅད་ཀྱི་མཐར་ཐུག་རྫོགས་པ་ཆེན་པོ་འདི་ལ་གེགས་སེལ་གྱི་མན་ངག་མཐར་ཐུག་གི་ཉམས་ལེན་བཻ་རོ་ཙ་ནས་ཤྲཱི་སིངྷ་ལ་ཞུས་པ་སྙན་བརྒྱུད་ཕྱི་མར་གྲགས་པ། གཉིས་པ་ནི་རྒྱ་གར་གྱི་ཡུལ་བུདྡྷའི་ཕོ་བྲང་དགུ་རིམ་ན་ཤྲཱི་སིངྷ་བཞུགས་པའི་སྤྱན་སྔར་བཻ་རོས་ཞུས་པའི་སྙན་བརྒྱུད་ལས་ཆེས་ལྷག་པ་ཐུགས་རྒྱུད་དུ་དྲིལ་བ་བཻ་རོའི་གོང་ཁུག་མར་གྲགས་པ་རྣམས། བཞི་པ་དབང་པོ་མཐའ་མ་ལ་རྡོ་རྗེ་ཕག་མོའི་ཟབ་རྒྱ་དྲུག་ནི། དགྱེས་པ་འཕྲིན་ལས་ཀྱི་རྒྱུད་ལས། རྡོ་རྗེ་ལྟ་བུ་ལུས་ཀྱི་རྒྱ༔ རྒྱ་མཚོ་ལྟ་བུ་རླུང་གི་རྒྱ༔ ནམ་


GLG003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟ་བུ་ལྟ་བའི་རྒྱ༔ ཉི་ཟླ་ལྟ་བུ་སྒོམ་པའི་རྒྱ༔ གནམ་ལྕགས་ལྟ་བུ་སྤྱོད་པའི་རྒྱ༔ ནོར་བུ་ལྟ་བུ་མན་ངག་རྒྱ༔ ཞེས་གསུངས་པའི་ཟབ་རྒྱ་རྙིང་པའི་སྐོར་ལ། རྡོ་རྗེ་ཕག་མོ་དགྱེས་པ་འཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་སྨོན་ལམ་ཕྲད་ཤོག་གི་མཐའ་ཅན། དེ་ཡང་ལེའུ་བཞི་པས་རྡོ་རྗེ་ལྟ་བུ་ལུས་ཀྱི་རྒྱ། ལེའུ་ལྔ་པས་རྒྱ་མཚོ་ལྟ་བུ་རླུང་གི་རྒྱ། ལེའུ་དྲུག་པས་ནམ་མཁའ་ལྟ་བུ་ལྟ་བའི་རྒྱ། ལེའུ་བདུན་པས་ཉི་ཟླ་ལྟ་བུ་སྒོམ་པའི་རྒྱ། ལེའུ་བརྒྱད་པས་གནམ་ལྕགས་ལྟ་བུ་སྤྱོད་པའི་རྒྱ། ལེའུ་དགུ་པས་ནོར་བུ་ལྟ་བུ་མན་ངག་གི་རྒྱ་རྣམས་མདོར་བསྟན་དུ་བསྟན་ཞིང་། རྒྱས་པར་ཡི་གེ་སོ་སོ་ལས་སྟོན་ཞིང་དབང་དང་རྩ་རླུང་གི་སྐོར་མི་གསལ་བ་ཟབ་རྒྱ་གསར་མ་དང་གུང་སྒྲིག་རྒྱུར་དགོངས། རྡོ་རྗེ་ལྟ་བུ་ལུས་ཀྱི་རྒྱ་སྟོན་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་རྩ་གནད་ལུས་ཀྱི་འཁོར་ལོ་ལ་ནང་གསེས་ཀྱི་རྩ་རླུང་སྤྱིའི་གནད་ཤེས་པའི་མན་ངག །ལུས་ཀྱི་གནད་ཐམས་ཅདའདུས་པ་ལྟེ་བ་སྤྲུལ་པའི་འཁོར་ལོ། དྲན་པ་འདུས་པའི་འཁོར་ལོ། རོ་རྣམས་འདུས་པའི་འཁོར་ལོ། རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ། སྤྱིར་ལུས་ཀྱི་གནད་བསྟན་པ་རྣམས། རྒྱ་མཚོ་ལྟ་བུ་རླུང་གི་རྒྱ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་རྩ་རླུང་གནད་ཀྱི་སྒྲོན་མེ་ལ་ནང་གསེས་ཀྱི་རླུང་བྱུང་ཚུལ། གནས་ཚུལ། ཉམས་སུ་ལེན་ཚུལ། འཆི་བ་བརྟག་བླུ། གེགས་སེལ་རྣམས། ནམ་མཁའ་ལྟ་བུ་ལྟ་བའི་རྒྱ་ནི་ཟབ་རྒྱ་རྙིང་པ་འདིར་ཡི་གེ་ལོགས་སུ་མེད་པར་ཆོས་ཚན་ཀུན་གྱི་གནས་ལུགས་སུ་གོ་བར་བྱེད། ཉི་ཟླ་ལྟ་བུ་སྒོམ་པའི་རྒྱ་ནི་མཁའ་འགྲོ་ལྔའི་མཆོད་པའི་འཕྲིན་ལས་ཀྱི་རིམ་པ་ཚོགས་མཆོད་


GLG003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ལྷག་གཏོར་དང་བཅས་པ། མཁའ་འགྲོའི་ལས་རིམ་ལ་ནང་གསེས་ཀྱི་གླེང་གཞི། བསྟན་པའི་དུས་སློབ་དཔོན་པདྨ་དང་མངའ་བདག་གཉིས་ཞུ་བ་ཞུས་ལན་གྱི་ཡི་གེ་ཌཱ་ཀི་གསང་བའི་མན་ངག་དངོས་གྲུབ་ཐོབ་པའི་མཐའ་ཅན། མཁའ་འགྲོའི་ཟབ་རྒྱ་དང་པོ། གཉིས་པ། གསུམ་པ། ཨོ་རྒྱན་པདྨས་མཛད་པའི་ཟབ་རྒྱ་གསུམ་གྱི་གསང་འགྲེལ་དང་བཅས་པ། འདིའི་ནང་དུ། གཙང་མའི་རྒྱུ་ནི་སྡིག་སྒྲིབ་དག་བྱེད་རྟགས༔ རིན་ཅེན་དབྱིབས་གྱི་འདི་ཕྱིའི་དོན་གྲུབ་རྟགས༔ བཙོ་མའི་མདོག་ནི་སྟོན་པའི་འཁོར་གྱི་རྟགས༔ དཀྱུས་སུ་ཁྲུ་བཞི་རྩ་བཞི་སྲུང་བྱེད་རྟགས༔ ཞེང་དུ་སོར་བཅུ་དགེ་བཅུ་སྤྱོད་པའི་རྟགས༔ རྡོ་རྗེ་བཞིས་མཚན་ཚད་མེད་བཞི་སྤྱོད་རྟགས༔ ཐུགས་ཀར་རྒྱ་གྲམ་ཐུན་བཞིའི་རྣལ་འབྱོར་རྟགས༔ གཡོན་ནས་བརྒྱན་པ་ཚུལ་ཁྲིམས་གོས་ཀྱི་རྟགས༔ རྟགས་འདི་དྲན་མཐོང་བཅང་དུས་ལོག་སྤྱོད་དོར༔ ཞེས་བྱང་ཆུབ་སེམས་དཔའི་ཆོས་གོས་ཕྱིའི་རྟགས་རྒྱ། ནང་གི་རྟགས་སུ་རྡོ་རྗེ་རྩེ་ལྔས་བརྒྱན༔ མི་འབྲལ་རང་གི་སྙིང་གར་སྦས་ཤིང་གབ༔ རྡོ་རྗེ་ཐེག་པ་ཆེན་པོའི་དོན་ལྡན་རྟགས༔ རྩེ་ལྔ་རྒྱལ་བ་རིགས་ལྔའི་རང་བཞིན་རྟགས༔ ཐུགས་ཀར་བརྒྱན་པས་འགྲོ་བ་བརྩེ་བའི་རྟགས༔ སྦས་པའི་གསང་སྔགས་གབ་ཅིང་སྤྱོད་པའི་རྟགས༔ རྟགས་འདི་དྲན་རེག་མཐོང་ཚེ་གསང་སྔགས་གབ༔ ཅེས་ནང་གི་རྟགས་རྒྱ་དང་། གསང་བའི་རྟགས་རྒྱ་རང་གི་སྤྱི་གཙུག་ཏུ༔ རལ་པའི་ཐོར་ཅོག་རྡོ་རྗེ་རྩེ་ལྔའི་དབྱིབས༔ བླ་མའི་བྱིན་རླབས་སྒྲུབ་ཆེན་སྨན་དང་རྫས༔ རྒྱུན་དུ་བཅངས་པས་ཡོན་ཏན་བསམ་མི་ཁྱབ༔ སྤྱི་གཙུག་བདེ་བ་ཆེན་པོའི་དོན་མཚོན་རྟགས༔ རལ་པ་རྡོ་རྗེའི་དབྱིབས་སུ་བསྒྲེངས་པ་ཡིས༔ གསང་སྔགས་རྡོ་རྗེ་


GLG003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་རྒྱལ་མཚན་བསྒྲེང་༔ ཆོས་ཀྱི་དབྱིངས་སུ་སྐལ་ལྡན་བགྲོད་པའི་རྟགས༔ རང་རིག་བླ་མའི་བྱིན་རླབས་རྫས་བཅངས་པས༔ དངོས་གྲུབ་ཀུན་འབྱུང་རྡོ་རྗེ་སློབ་དཔོན་དང་༔ མོས་གུས་དད་པ་མི་འབྲལ་རྩེ་གཅིག་འགྲོགས༔ གཉིས་མེད་དོན་རྟོགས་རོལ་པ་ཆེན་པོའི་རྟགས༔ རྟགས་འདི་དྲན་རེག་མོས་གུས་གདུང་ཤུགས་བསྐྱེད༔ རྒྱ་འདི་ཆོངས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ཞེས་ཕྱི་ནང་གསང་བའི་རྟགས་རྒྱ་སྟོན་པའི་མན་ངག་ཁྱད་པར་ཅན་གཏེར་ཁ་གཞན་རྣམས་ལ་མིང་ཙམ་ཡང་མ་གྲགས་པའི་བྱང་གཏེར་བའི་ཁྱད་ཆོས་ཡ་མཚན་དུ་འདུག་པས་ལུང་དང་བཅས་ཏེ་ཅུང་ཟད་སྤྲོས་པའོ། །ཟབ་རྒྱ་དྲུག་གི་དང་པོ་ལ་རྣལ་འབྱོར་སྒྲུབ་པའི་ལས་རིམ་དམ་བཅའ་དུས་བཞིའི་རྣལ་འབྱོར་ལ་ནང་གསེས་ཀྱི་རྩ་བའི་དམ་བཅའ་རིན་ཅེན་ཁང་བུ། རྣལ་འབྱོར་སྒྲུབ་པའི་ལམ་རིམ་གྱི་འགྲེལ་པ་དང་བཅས་པ། མཁའ་འགྲོ་མའི་ཕྱི་ནང་གསང་གསུམ་གྱི་དུས་རྩིས་རྒྱ་དྲུག་གི་མན་ངག་ལ་ནང་གསེས། རྒྱ་གར་གྱི་ཡུལ་ལྟར་འཇིག་རྟེན་བསྟན་པའི་རྩིས་ཨོ་རྒྱན་གྱི་ཡུལ་ལྟར་ལུས་ཀྱི་རྩ་གནས་བརྩི་བ་མཁའ་འགྲོའི་གནས་ལྟར་གསང་བ་རླུང་གི་རྟགས་བརྩི་བ། ཕྱི་ནང་གསང་གསུམ་དྲིལ་ནས་རྣལ་འབྱོར་ཉམས་སུ་ལེན་པའི་ཆོས་སྤྱོད་བཅུ་བསྟན་པ། གསང་དབང་དང་ཤེར་དབང་ཐོབ་ནས་དགོས་པ་དམ་བཅའ་གསུམ་པ། དབང་བཞི་རྫོགས་ནས་དགོས་པ་དམ་བཅའ་བཞི་པ། དམ་བཅའ་དང་པོ་རྣམས་ཡོད། ཟབ་རྒྱའི་སེམས་རླུང་རིག་པ་གསུམ་སོ་སོར་དབྱེ་བའི་གནད་ཟབ་མོའི་མན་ངག་ལེའུ་བཞི་པ་ཕྲད་ཤོག་གི་མཐར་ཚང་བ། གནམ་ལྕགས་ལྟ་བུ་སྤྱོད་པའི་རྒྱ་གསང་བ་རྨད་བྱུང་ནི་ལོགས་སུ་འདྲི། ལྔ་པ་


GLG003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རྟེན་གཏད་རྒྱ་ལ། གཏད་རྒྱ་དང་པོ་དཀའ་སྤྱད་མཐར་སྐྱེལ་ཞིང་བླ་མ་མཉེས་པ་གསུམ་སྒྲུབ་ནུས་པ་ལ་ཆིག་བརྒྱུད་དུ་བྱ་བའི་རྒྱལ་ཚབ་སྤྱི་བླུགས་ཀྱི་དབང་དང་དེའི་ལུང་། གཏད་རྒྱ་ཕྱི་མ་ལས་ཅན་གྱི་ཐེམས་བྱང་ཞེས་པ་རིགས་འཛིན་ཉི་ཟླ་འོད་འབར་གྱི་སྒྲུབ་ཐབས་བསྟོད་༼སུ༽པ་དང་བཅས་པ། ལུང་བྱང་བཀའི་ཐེམས་ཡིག་རྣམས་ཐོབ་པ་ལས། རྟགས་ཡོད་པ་རྣམས་མ་གཏོགས་དབང་འཁྲིད་ལུང་གསུམ་ལོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིགས་འཛིན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིངྷ། ཨོ་རྒྱན་སངས་རྒྱས་གཉིས་པ། པཎ་ཆེན་བི་མཱ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། སྤྲུལ་པའི་གཏེར་སྟོན་དངོས་གྲུབ་རྒྱལ་མཚན། སྲས་མཆོག་རྣམ་རྒྱལ་མགོན་པོ། རྡོར་འཆང་བསོད་ནམས་བཟང་པོ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། མཁས་བཙུན་ཆོས་ཀྱི་རིན་ཅེན། བླ་མ་ཀུན་དགའ་རྒྱལ་མཚན། བྱ་བཏང་ཤཱཀྱ་དཔལ་བཟང་། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། ནུབ་དགོན་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། རྫོགས་ཆེན་པ་འབྲུག་སྒྲ་བཟང་པོ། ཀོང་སྨྱོན་ཧེ་རུ་ཀ་པ་ཀུན་བཟང་རྣམ་རྒྱལ། ཟུར་ཆེན་ཆོས་ཀྱི་རྒྱལ་པོ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ལུགས་གཅིག་ལ། སྲས་མཆོག་རྣམ་རྒྱལ་མགོན་པོ་ཡན་གོང་ལྟར་ནས། གསང་བདག་བདེ་ཆེན་ལྷུན་གྲུབ། རྟོགས་ལྡན་གྲགས་པའི་མཚན་ཅན། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། སྤྲུལ་སྐུ་བདེ་བ་


GLG003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ། དྲན་མཆོག་རིགས་འཛིན་ཆོས་རྡོར། སྤྲུལ་སྐུ་ཚེ་རིང་རྡོ་རྗེ། མཚུངས་མེད་ཀུན་གྲོལ་རྡོ་རྗེ། བླ་མ་ཆོས་དབང་གྲགས་པ། རང་གྲོལ་ཆོས་དབང་ལྷུན་གྲུབ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་མན་གོང་ལྟར་རོ། །ཡང་ན་ཐང་སྟོང་རྒྱལ་པོ་ནས་བྱང་སེམས་ཀུན་དགའ་ཉི་མ། དྲན་མཆོག་སངས་རྒྱས་བརྩོན་འགྲུས། རྒྱལ་སྲས་པདྨ་སངས་རྒྱས། རིགས་འཛིན་ཉི་ཟླ་སངས་རྒྱས། རང་གྲོལ་རཏྣའི་མཚན་ཅན། མཁས་གྲུབ་རྒྱལ་དབང་བསྟན་འཛིན། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་མན་གོང་བཞིན་ནོ། །ཤིན་ཏུ་ཉེ་བརྒྱུད་ནི་ཨོ་རྒྱན་ཆེན་པོ་ལ་ཐང་སྟོང་རྒྱལ་པོས་དངོས་སུ་གསན་པ་ཡིན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཅ་སྡེ་གཏེར་སྟོན་ལ་ཐོག་མཐའ་བར་གསུམ་གྱི་ལུང་པོད་དབང་དང་བཅས་གནང་བའི་བྱིན་རླབས་དོན་གྱི་བརྒྱུད་པ་ནི་ཆོས་བཀའ་ཚང་མ་སྔར་ཐོབ་ཟིན་པ་ཞིག་ལ་བྱིན་རླབས་འཇུག་བྱེད་དུ་གནད་དུ་གནང་བ་ལས་ཅི་ཡང་མ་ཐོབ་པའི་རིགས་ལ་འདི་འདྲས་གོ་ཆོད་བྱས་ནས་གནང་བ་མིན་པས་རྗེས་འཇུག་རྣམས་ཀྱིས་གོ་དགོས་སོ། །གཏེར་སྟོན་ཡབ་སྲས་ནས། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས་དྲིན་ཅན་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། རིགས་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། ཅ་སྡེ་གཏེར་སྟོན། བང་རི་གཏེར་སྟོན་འཇའ་ཚོན་སྙིང་པོ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་མན་སྔར་ལྟར་ཡང་ན་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན་ནས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་མན་སྔར་བཞིན་ནོ། །བཏགས་གྲོལ་གྱི་བརྒྱུད་ལུགས་གཅིག་ནི། ནུབ་དགོན་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན་ནས། ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུ། ཁྱབ་བདག་ཆོས་


GLG003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རང་གྲོལ། དེས་བདག་ལའོ། །དེ་ཡང་ཞིབ་ཏུ་བྱས་ན་པདྨ་འབྱུང་གནས་ཀྱི་སྙན་བརྒྱུད་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། གཏེར་སྟོན་རིགས་འཛིན་ཆེན་པོ་མན་གཅིག །བི་མཱ་ལའི་སྙན་བརྒྱུད་ཀྱི་བརྒྱུད་པ་ནི། ཤྲཱི་སིངྷ་ཡན་སྤྱི་ལྟར་ལ་པཎ་ཆེན་བི་མཱ་ལ་མི་ཏྲ། རྗེ་ཁྲི་སྲོང་ལྡེ་བཙན། རིགས་འཛིན་ཆེན་པོ་མན་འདྲ། བཻ་རོ་སྙན་བརྒྱུད་ཀྱི་བརྒྱུད་པ་ནི། ཤྲཱི་སིངྷ་ནས་ལོ་ཆེན་བཻ་རོ་ཙ་ན། ལྷ་སྲས་ཁྲི་སྲོང་ལྡེ་བཙན། རིག་འཛིན་ཆེན་པོ་མན་གོང་ལྟར་རོ། །ཟབ་རྒྱའི་ཉེ་བརྒྱུད་ནི། ཀུན་བཟང་ཡབ་ཡུམ། ཡུམ་སྲིད་པ་བདེ་འགྲོ་མ། རྡོ་རྗེ་ཕག་མོ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། རྒྱལ་ཡུམ་འཚོ་རྒྱལ། གཏེར་སྟོན་མན་གཅིག །ཤྲཱིའི་རྟགས་ཡོད་པའི་བརྒྱུད་པ་ནི། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སུའི་རྟགས་ཡོད་པའི་བརྒྱུད་པ་ནི། གཏེར་སྟོན་ཡན་གོང་ལྟར་ལ། སྔགས་འཆང་རྡོ་རྗེ་དཔལ། མཚན་ལྡན་བྱམས་པ་བཤེས་གཉེན། ཆོས་རྗེ་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། སྔགས་འཆང་ཤཱཀྱ་བཟང་པོ། རིགས་འཛིན་ལེགས་ལྡན་རྡོ་རྗེ། དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །དབང་གི་རྟགས་ཡོད་པའི་བརྒྱུད་པ་ནི། གཏེར་སྟོན་ནས། སྔགས་འཆང་རྡོ་རྗེ་མགོན་པོ། རིགས་འཛིན་ནམ་མཁའ་གྲགས་པ། སྤྲུལ་སྐུ་འཇམ་དཔལ་འོད་ཟེར། སྔགས་འཆང་ཆོས་རྒྱལ་བསོད་ནམས། རིགས་འཛིན་སངས་རྒྱས་བསྟན་པ། འཁྲུལ་


GLG003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དཀོན་ཅོག་བཟང་པོ། བྱམས་པ་རིན་ཅེན་རྡོ་རྗེ། སྔགས་འཆང་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། རིགས་འཛིན་སངས་རྒྱས་བྱམས་བཟང་། སེ་སྟོན་མགོན་པོ་བཟང་པོ། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཆབ་པ་མགོན་པོ་ཟླ་བ། སྙག་ཕུག་པ་སངས་རྒྱས་བསྟན་པ། འཁྲུལ་ཞིག་དཀའ་བཞི་མན་གཅིག །ཡང་ན་གཏེར་སྟོན་ནས། རྡོ་རྗེ་མགོན་པོ་ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། རྗེ་གཞོན་ནུ་སྟོབས་ལྡན། ཚེ་རིང་དབང་པོ་མན་འདྲ། ཡང་ན་སངས་རྒྱས་དཔལ་བཟང་ནས། ཐུགས་སྲས་མེ་སྟོན། གནུབས་ངག་དབང་རྒྱ་མཚོ། སྐྱེ་སྟོན་ཚེ་རིང་པ་མན་གཅིག་གོ །སེའི་རྟགས་བཀོད་པའི་བརྒྱུད་པ་ནི། སེ་སྟོན་པདྨ་དབང་རྒྱལ། སྐྱི་སྟོན་སྔགས་འཆང་མན་འདྲ། རྒྱ་དྲུག་གི་ནང་གི་གནམ་ལྕགས་ལྟ་བུ་སྤྱད་པའི་རྒྱ༔ ཞེས་པ་དང་། སྙན་བརྒྱུད་མན་ངག་བཞི་བཅུ་རྩ་གཅིག་ཏུ་བྱེད་པའི་སྐབས་ཀྱི་ཚར་གཅོད་དྲག་པོ་གནམ་ལྕགས་ཀྱི་ཁང་བུ་ལྔར་གྲགས་པ་སྙིང་མཛོད་ནས་བྱོན་པའི་ཕག་མོ་གསང་བ་རྨད་བྱུང་གི་སྐོར་ལ། སྤྲོས་མེད་དོན་གྱི་དབང་ཆོག་གི་སྟེང་ནས་ཐོད་པ་བདུད་རྩིས་གང་བའི་རྫས་ལ་བརྟེན་ནས་སྤྲོས་མེད་དོན་གྱི་དབང་དང་དམིགས་རིམ་ཉམས་འཁྲིད་སྨིན་རྒྱས་སུ་མནོས་ནས། ལུང་ལ། གསང་བ་རྨད་བྱུང་གི་བརྒྱུད་འདེབས་ཀུན་བཟང་མ་རིགས་འཛིན་ཡོལ་མོ་པ་གསུམ་པས་མཛད་པ། དེའི་ཕྲོས་ལས་གཉན་ས་དུར་ཁྲོད་དུ་བླང་བའི་གླུ་ང་ནི་རྡོ་རྗེ་ཕག་མོ་མ། སྙན་བརྒྱུད་ཁ་བྱང་པདྨ་འབྱུང་གནས་ཀྱིས་མདོ་


GLG003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཆོས་ཀྱི་བཅུད་ཕྱུང་ལས་ཅན་ལ་ཕྲད་ཤོག་གི་སྨོན་ལམ་ཅན། ཆོས་འདིའི་བརྒྱུད་སྟོན་པར་བྱེད་པའི་ལོ་རྒྱུས་བཀའ་སྲུང་ལ་གཏད་རྒྱའི་མཐའ་ཅན། གླེང་གཞི་ནང་གསེས་ཀྱི་ཆོས་འདིའི་མཚན་གྱི་གླེང་གཞི། སྟོང་ཐུན་སྤྱི་མཐུན་གྱི་གླེང་གཞི། རྩ་བ་བོགས་འདོན་འབྲས་བུ་གསུམ་གྱི་གླེང་གཞི། སློབ་དཔོན་ཆེན་པོར་ལྷ་སྲས་མུ་ཏིག་བཙན་པོས་ཞུས་པའི་གསང་བ་རྨད་བྱུང་གི་ལྡེ་མིག་ཅེས་པ་སྦས་ཡུལ་འབྲས་མོ་ལྗོངས་ནས་འཕྲོས་ཏེ་གནས་ཆེན་འཚོལ་བའི་གང་ཟག་ལ་བདུད་ཀྱི་བར་གཅོད་འབྱུང་བས་དེ་དུས་ཐབས་ཀྱི་ཉམས་ལེན་དམིགས་པ་ཏིང་འཛིན་གྱི་མཐའ་ཅན། སྤྲོས་མེད་དོན་གྱི་དབང་ཆོག །ས་དམིགས་འཚོལ་བ་བདག་ཉིད་རིག་པ་དར་དང་བཅས་ཏེ་དུར་ཁྲོད་དུ་འགྲོ་ཚུལ། དང་པོ་སྤྲོས་བཅས་ཀྱི་སྤྱོད་པ། གཉིས་པ་སྤྲོས་མེད་ཀྱི་སྤྱོད་པ། གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ། དེའི་དུས་དགོས་པའི་ལོག་གནོན་མཇུག་ཏུ་ལས་ཅན་གྱི་སྦས་ཡུལ་བདུན་གྱི་སྒོ་འབྱེད་ཚུལ་དོན་གྱི་མཛོད་དུ་སྦས་པའི་མཐའ་ཅན། ཕྱི་རབས་ལས་ཅན་གྱི་དོན་དུ་ལོག་གནོན་གནད་ཀྱི་མན་ངག་ལེའུ་ལྔ། གསང་བ་རྨད་བྱུང་གི་གདམས་པ་ཉམས་སུ་བླང་བའི་རྒྱུན་ཁྱེར་ཡོལ་མོ་སྤྲུལ་པའི་སྐུས་ཕག་གྲུའི་རྒྱལ་ཁབ་ཏུ་མཛད་པ་དཔའ་བོའི་འགྱིང་གླུ་རོལ་པ་ཆེན་པོའི་ཟློས་གར། དེས་མཛད་པའི་རྒྱུན་གྱི་རྣལ་འབྱོར་དང་བརྒྱུད་འདེབས་འོག་མིན་གདལ་ཁྱབ་མ། རྒྱུན་གྱི་ཉམས་ལེན་ཁྲིགས་ཆགས་བླ་མའི་རྣལ་འབྱོར་གསོལ་འདེབས་ཉམས་ལེན་དངོས་དང་བཅས་པ་སྤྲུལ་སྐུ་ཕྱག་རྡོར་ནོར་བུས་མཛད་པ། རང་སྙིང་ཕག་མོར་བསྒོམས་པའི་གདམས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ཡུམ་ཆེན་སྲིད་པ་བདེ་


GLG003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ། རྡོ་རྗེ་ཕག་མོ། གནོད་འདུལ་ལྷའི་རྒྱལ་པོ། ལྷ་མོ་མཛེས་ལྡན་མ། ལྷ་མོ་གྲུབ་ལྡན་མ། ལྷ་གྲགས་ལྡན་ཕྱོགས་སྐྱོང་། ལྷ་མོ་ཡོངས་རྒྱུད་བདེ་མ། སློབ་དཔོན་ཤིནྟཾ་རྒྱལ་པོ། གུ་ཡ་དྷེ་བ་ཙནྡྲ། རྒྱ་གར་རྒྱལ་པོ་ཆོས་སྐྱོང་། མཁའ་འགྲོ་པདྨ་ཅན། ཆོས་རྒྱལ་དེ་ཝ་རཱ་ཛཱ། མཁན་པོ་བསམ་འཕེལ་མ་ཏི། བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ་བརྒྱ་རྩ་གཅིག །དེའི་ནང་ནས་བརྟུལ་ཞུགས་མཐར་ཕྱིན་པའི་སློབ་དཔོན་དྲུག་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན། འཇམ་དཔལ་བཟང་པོ། གྲུབ་ཆེན་བིཪྺ་པ། སློབ་དཔོན་ནག་པོ་སྤྱོད་པ་སློབ་དཔོན་ཌོཾ་བྷི་ཧེ་རུ་ཀ །སློབ་དཔོན་པདྨ་འབྱུང་གནས། དེ་ལ་ལས་ཅན་དག་པའི་འཁོར་ལྔས་ཞུས། དེ་ནས་གཏེར་སྟོན་རིགས་འཛིན་ཆེན་པོ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། ཆོས་རྗེ་སངས་རྒྱས་དཔལ་བཟང་། མེ་སྟོན་ནམ་མཁའ་རྒྱལ་མཚན། སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་དབང་པོའི་སྡེ། རིགས་འཛིན་ངག་གི་དབང་པོ། ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུ། སྤྲུལ་སྐུ་ཕྱག་རྡོར་ནོར་བུ། རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། གྲུབ་ཆེན་དོན་གྲུབ་དཔལ་བཟང་། སེ་སྟོན་ཉི་བཟང་། སེ་སྟོན་མགོན་བཟང་། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཚབ་རྗེ། མཉམ་མེད་རྗེ། བྱང་བདག་མན་གོང་བཞིན་ནོ། །ཡང་ན་གཏེར་སྟོན་ཡབ་སྲས་ནས། རྡོར་འཆང་བསོད་ནམས་བཟང་པོ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། མཁས་བཙུན་ཆོས་ཀྱི་རིན་ཅེན། བླ་མ་ཀུན་དགའ་རྒྱལ་མཚན། བྱ་བཏང་ཤཱཀྱ་དཔལ་བཟང་། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐུགས་
སྲས་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། ནུབ་དགོན་ཤཱཀྱ་རྒྱལ་མཚན། ཡོལ་མོ་སྤྲུལ་པའི་སྐུ་མན་གོང་བཞིན་ནོ། །རྫོགས་ཆེན་གྱི་ཆ་ལག་ཏུ་མཛད་པའི་མཁའ་འགྲོའི་བསུ་བཟློག་གི་གཞུང་། ཞུ་བ་ཞུས་ལན། མཁའ་འགྲོ་མའི་གདན་འདིང་། བརྟན་བཞུགས་དོན་བརྒྱད་མ། སྨོན་ལམ་སྣང་སྲིད་འཁོར་འདས་མ་རྣམས་ཀྱི་ལུང་བརྒྱུད་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་ཕག་མོ། པདྨ་འབྱུང་གནས། དག་པའི་འཁོར་ལྔ། གཏེར་སྟོན་རྒོད་ལྡེམ། རྡོ་རྗེ་དཔལ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། གློ་བོ་ཆོས་རྒྱལ་བསོད་ནམས། སངས་རྒྱས་བསྟན་པ། སྔགས་འཆང་ཤཱཀ་བཟང་། ལེགས་ལྡན་རྗེ། དཔལ་བཀྲ་ཤིས་སྟོབས་རྒྱལ། སྔགས་འཆང་ཚེ་རིང་པ། མཁན་ཆེན་ཀླུ་སྒྲུབ་པ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །

སྤྲུལ་སྐུ་རིགས་འཛིན་ཆེན་པོས་སྤྱན་དྲངས་པའི་རིགས་འཛིན་གདུང་སྒྲུབ་བམ་རིགས་འཛིན་ཡོངས་རྫོགས་ཀྱི་སྐོར།


GLG003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་རྩ་བའི་ཐེམས་ལས། དབུས་ཀྱི་སྙིང་མཛོད་སྨུག་པོ་ན༔ བླ་མ་རིགས་འཛིན་སྤྲུལ་པའི་སྐུ༔ གསང་བ་ཐུགས་ཀྱི་སྒྲུབ་ཐབས་ཡོད༔ ཅེས་པ་ལྟར་དབུས་སྙིང་མཛོད་སྨུག་པོ་ནས་སྤྲུལ་སྐུ་རིགས་འཛིན་ཆེན་པོས་སྤྱན་དྲངས་པའི་རིགས་འཛིན་གདུང་སྒྲུབ་བམ་རིགས་འཛིན་ཡོངས་རྫོགས་ཀྱི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སློབ་མ་སྟ་གོན་སྔོན་དུ་འགྲོ་བའི་བུམ་དབང་། ལྷ་དབང་། རྫས་དབང་། རྒྱན་དབང་། གསང་དབང་། རབ་འབྱམས་བཀའི་དབང་། བུམ་པ། ཐོད་པ། མེ་ལོང་། གཏོར་མ་བཅས་བཞི་ལ་བརྟེན་ནས་རིགས་འཛིན་རྩ་བའི་དབང་ངམ་ཟླུམ་པོ་བཞི་དབང་དུ་གྲགས་པ། སྐུ་གསུང་ཐུགས་ཀྱི་གཏོར་དབང་གི་སྨིན་བྱེད་དང་ཤིན་ཏུ་གཅེས་པའི་ཐེམས་བྱང་གི་དགོངས་དོན་ལྟར་ཀ་དག་གི་དམིགས་རིམ་ཡེ་ཤེས་ལྔའི་


GLG003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་སྤྲོད་ཀྱི་ཉམས་འཁྲིད་ཟབ་མོ་མནོས་ནས། རྒྱབ་རྟེན་ལུང་གི་སྐོར་ལ། རིགས་འཛིན་རྩ་བ་སྒྲུབ་པའི་ཐེམས་བྱང་། བླ་མའི་ཐུགས་ཀྱི་སྒྲུབ་པ་ཐམས་ཅད་ཀྱི་རྩ་བ་རིན་པོ་ཆེ་འབར་བ་ཞེས་པ་རིགས་འཛིན་འདུས་པའི་རྩ་བའི་རྒྱུད་ལེའུ་བཞི། རིགས་འཛིན་ཡོངས་རྫོགས་རབ་འབྱམས་བཀའི་དབང་ཆོག །རིགས་འཛིན་ཡོངས་རྫོགས་རྩ་བའི་དབང་ཆོག་ཅེས་པ་ཟླུམ་པོ་བཞི་དབང་གི་སྨིན་བྱེད་གུ་རུ་ཞི་བའི་གཏོར་དབང་ཐོབ་ཆོག་བློ་བདེ། སྐུ་གསུང་ཐུགས་ཀྱི་གཏོར་མའི་དབང་ཆོག །གུ་རུ་ཞི་བ་རིགས་འདུས་ཀྱི་དབང་ཆོག་དབང་ལུང་ཐམས་ཅད་ཀྱི་རྩ་བ་ཡིན་ཚུལ་དང་དབང་ཐོབ་ནས་སྙིང་པོ་བརྒྱ་རྩ་ཆག་མེད་དགོས་ཚུལ་གྱི་མཐའ་ཅན། རིགས་འཛིན་ཞི་བ་རྩ་བའི་སྒྲུབ་ཐབས་ཆོས་རྒྱལ་རྗེ་འབངས་ཉེར་ལྔར་གདམས་པའི་སྙན་བརྒྱུད། ཕྱི་ནང་གསང་གསུམ་གྱི་ཐུགས་སྒྲུབ་ལས། ཕྱི་སྐུ་འབག་ལ་བརྟེན་ནས་སྒྲུབ་པ་སྐུ་འབག་བཞེད་ཚུལ། རབ་གནས། དངོས་གཞི་རླུང་སྦྱོར་ལ་བརྟེན་པའི་ཉམས་ལེན། ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ། གཏོར་མ་བཅའ་ཚུལ་དང་སྤྱན་འདྲེན། གསང་བ་ཛ་གད་ལ་བརྟེན་ནས་སྒྲུབ་པ་བཅས་དང་། དངོས་གྲུབ་བསྐུལ་བ་རྗེ་འབངས་བདུན་གྱིས་གསོལ་བ་བཏབ་ནས་གནང་བ། སློབ་དཔོན་ཆེན་པོར་རྒྱལ་པོ་ཨིནྡྲ་བྷུ་ཏིས་འཕྲིན་ལས་གཞིའི་སྒོ་ནས་བསྟོད་པ། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྙིང་པོ་ཐུགས་ཀྱི་སྒྲུབ་པ་རྗེ་འབངས་བདུན་ལ་གནང་བ་གསང་མཚན་ཐུགས་ཀྱི་སྙིང་པོ་མངའ་བདག་ལ་གནང་ཞིང་མཇུག་ཏུ་སློབ་དཔོན་ཆེན་པོར་བཀའ་དྲིན་ཆེ་ཚུལ་གྱི་བསྟོད་པ་ཕུལ་བ། རིགས་འཛིན་རྩ་བའི་སྒྲུབ་པའི་ཐོག་མར་རིགས་འཛིན་རྣམ་བཞི་སྤྱི་སྒྲུབ་ཀྱི་གོ་རིམ་ངེས་པར་


GLG003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། ཕྱི་སྐུ་འབག་ལ་བརྟེན་ནས་སྒྲུབ་པའི་གསལ་བྱེད་ཀྱི་སྐུ་བྲི་བ་ལེའུ་དང་པོ། རབ་ཏུ་གནས་པ་ལེའུ་གཉིས་པ། བསྙེན་པའི་ལེའུ་སྟེ་གསུམ་གྱིས་བསྟན་པ། འདིའི་སྐབས་ནང་གཏོར་མར་བརྟེན་ནས་སྒྲུབ་པ་ལོགས་སུ་འབྱུང་ཞེས་པ་ནི་འོག་ནས་འབྱུང་བའི་འཕྲིན་ལས་ཆེན་མོར་ངོས་འཛིན། མཚན་བརྒྱད་བྱེ་བྲག་ཏུ་སྒྲུབ་པ་ལ་པདྨ་འབྱུང་གནས་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བསྒྲུབ་པ། པདྨ་སཾ་བྷ་ལ་བརྟེན་ནས་ཡོན་ཏན་སྣ་ཚོགས་སྒྲུབ་པ། བློ་ལྡན་མཆོག་སྲེད་ལ་བརྟེན་ནས་ཤེས་རབ་བསྒྲུབ་པ། པདྨ་རྒྱལ་པོར་བརྟེན་ནས་འགྲོ་བ་དབང་དུ་བསྡུ་བ། ཉི་མ་འོད་ཟེར་ལ་བརྟེན་ནས་འགྲོ་བ་འདུལ་བ། ཤཱཀྱ་སེང་གེ་ལ་བརྟེན་ནས་བདུད་བཞི་གཞོམ་པ། སེང་གེ་སྒྲ་སྒྲོག་ལ་བརྟེན་ནས་མུ་སྟེགས་རྩོད་པ་བཟློག་པ། རྡོ་རྗེ་གྲོ་ལོད་ལ་བརྟེན་ནས་དགྲ་བགེགས་ཚར་གཅོད་པ། འཛབ་ཀྱི་དགོངས་པ་ལ་ཕྱི་ལྟར་གསོལ་འདེབས་ཀྱི་ཚུལ་དུ་བཟླ་བའི་འཛབ་དགོངས། ནང་ཏིང་འཛིན་གྱི་འཕྲོ་འདུའི་འཛབ་དགོངས། གསང་བ་བདེ་བ་ཆེན་པོར་བཟླ་བ་རིགས་འཛིན་བླ་མའི་རྫོགས་རིམ་ཁྱད་པར་ཅན། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུས་མཛད་པའི་བརྒྱུད་འདེབས་རང་རིག་ཀུན་ཁྱབ་མ། བླ་མ་མཆོད་པའི་འཕྲིན་ལས་ཆེན་མོ། བྱིན་འབེབས་ཆོས་དབྱིངས་མ། བརྒྱུད་འཛབ་རང་བཞིན་རྣམ་དག་མ། རྟགས་བསྟོད་སྐུ་གསུམ་ཡོངས་རྫོགས་མ། གཏོར་མའི་བསྟོད་པ་མ་བཅོས་མ། བཤགས་པ་མ་བཅོས་སྤྲོས་བྲལ། སྨོན་ལམ་བླ་མ་ཡི་དམ་མ། ཤིས་བརྗོད་དུས་གསུམ་བླ་མ། གཤིན་པོ་རྗེས་འཛིན། རིགས་དྲུག་ནས་འདྲེན་པའི་གནས་ལུང་། རབ་གནས་ཀྱི་ཆོ་ག་བསེ་སྒྲོན་མ། ལས་ཚོགས་ནོར་བུའི་འཕྲེང་བ་ལ་ཞི་རྒྱས་དབང་དྲག་གི་ལས་སྦྱོར། ཕྱོགས་


GLG003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ངན་གཟའ་སྐར་བསྲུང་བ། ཟས་ནོར། འགྲོ་བ། དམ་ཆོས་རྣམས་དབང་དུ་བསྡུ་བ། མངོན་ཤེས་འཆར་བ། བླ་མ་དགྱེས་པ། ཤེས་རབ་བསྐྱེད་པ། བུད་མེད་དང་མི་སྤྱི་དགའ་བ། ཟས་རྙེད་པ། མི་ཐམས་ཅད་རང་ལ་ཉན་པ། དགྲ་དབང་དུ་སྡུད་པ། རྒྱན་དང་ཞལ་ལྕེ་རྒྱལ་བ། སྐད་སྨན་དོན་ཐམས་ཅད་འགྲུབ་པ། གྲུ་མི་རྡིབ་པ། ཆུས་མི་འཁྱེར་བ། གསང་གཏམ་ཐོས་པ། ལྷ་འདྲེ་མཐོང་བ། བར་ཆད་བསྲུང་བ། མི་རྒོད་འཆིང་བ། གཅན་གཟན་བསྲུང་བ། ལམ་བསྲུང་། སྤྱང་ཀི་ཁ་འཆིང་། ར་ལུག་བསྲུང་བ། སེར་བསྲུང་། ཆར་གཅོད། ཆར་འབེབས། ཁམས་བསྲུང་བ། རླིག་སྐྲངས་འཆོས་པ། ཕོ་མོ་དབང་སྡུད། བྱིས་པ་ཐོན་པ། རྡེལ་ནད་འདོན་པ། ཆུ་བསྡམས་པ་འགྲོལ་བ། ཚ་གྲང་ནད་རྣམས་བྱང་ཐབས། ཕོ་སྐྲན་མ་ཞུ་བ་ཞི་བ། གློ་སྙིང་ན་བ་བྲང་ཚ་བ། རླུང་གི་ནད་རྣམས་སེལ་ཐབས། མིག་གསལ་བ། རྣ་བ་འོན་པ་འཆོས་པ་རྣམས་ལེགས་པར་ཐོབ་པ་ལས་གཏོར་དབང་བསྡུས་པ་དང་ཉམས་འཁྲིད་མ་གཏོགས་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་གསང་བའི་བདག་པོ། སྐལ་ལྡན་རྒྱལ་པོ་ཛ། རྒྱལ་པོ་ཨིནྡྲ་བྷུ་ཏི། སྤྲུལ་སྐུ་དགའ་རབ་རྡོ་རྗེ་སྟེ་མཆོག་སྤྲུལ་ལྔ། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་ནཱ་ག་རྫུ་ན། སློབ་དཔོན་ཧཱུྃ་ཀ་ར། པཎ་ཆེན་བི་མཱ་མི་ཏྲ། སློབ་དཔོན་པྲ་བྷ་ཧསྟི། སློབ་དཔོན་དྷ་ན་སཾ་སྐྲྀ་ཏ། སློབ་དཔོན་རོམ་བུ་གུ་ཡ་ཙནྡྲ། པཎ་ཆེན་ཤིནྟཾ་གརྦྷ་སྟེ་དཔལ་གྱི་སྤྲུལ་པ་རྣམ་བརྒྱད། ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་བོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་ཏིག་བཙན་པོ། གནུབས་ནམ་མཁའི་སྙིང་པོ། སྣ་ནམ་རྡོ་རྗེ་


GLG003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་འཇོམས་ཏེ་དག་པའི་འཁོར་ལྔ། གཏེར་སྟོན་དངོས་གྲུབ་རྒྱལ་མཚན། སྲས་མཆོག་རྣམ་རྒྱལ་མགོན་པོ། དྲན་མཆོག་སངས་རྒྱས་དབོན་ཆེན། མཚན་ལྡན་བྱམས་པ་བཤེས་གཉེན། དྲིན་ཅན་སངས་རྒྱས་དཔལ་བཟང་། སྔགས་འཆང་ཆོས་རྒྱལ་བསོད་ནམས། རིགས་འཛིན་སངས་རྒྱས་བསྟན་པ། ཡོལ་མོ་སྔགས་འཆང་ཤཱཀྱ་བཟང་པོ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །དེ་ཡང་སྤྲུལ་སྐུ་རིགས་འཛིན་ཆེན་པོས་ཟླུམ་པོ་བཞི་དབང་གིས་ཆོས་སྒོ་ཕྱེ་ནས་དགུང་ལོ་དོན་བརྒྱད་ཀྱི་བར་རབ་འབྱམས་བཀའི་དབང་མ་གནང་བར་དོན་དགུའི་ཐོག་དྲན་མཆོག་སངས་རྒྱས་དབོན་ཆེན་རྡོ་རྗེ་དཔལ་གྱིས་གསོལ་བ་བཏབ་སྟེ་དབང་ཆེ་བ་འདི་གནང་བ་ཡིན་པས་རྡོ་རྗེ་དཔལ་ངེས་པར་བརྒྱུད་དགོས་ཤིང་། ཡང་རབ་འབྱམས་བཀའི་དབང་མ་གཏོགས་པ་དབང་གི་བརྒྱུད་པ་གཅིག་ལ། གཏེར་སྟོན་ནས་སྲས་མཆོག་རྣམ་རྒྱལ་མགོན་པོ། རིགས་འཛིན་གསང་སྔགས་སྡོང་པོ། བླ་མ་དཔལ་ལྡན་རྒྱལ་མཚན། ཆོས་རྗེ་རྒྱལ་མཚན་འབུམ། སྔགས་འཆང་བསམ་གྲུབ་རྒྱལ་མཚན། མཚུངས་མེད་དཔལ་ལྡན་སེང་གེ །གྲུབ་ཆེན་དཀོན་ཅོག་སྐྱབས། མངའ་རིས་པཎ་ཆེན་རིན་པོ་ཆེ། ལེགས་ལྡན་བདུད་འཇོམས་རྡོ་རྗེ་མན་སྔར་བཞིན་ནོ། །ཡང་ན་སྲས་མཆོག་ནས། རྡོར་འཆང་བསོད་ནམས་བཟང་པོ། གུ་རུ་དབང་ཕྱུག་མགོན་པོ། བླ་མ་རྡོ་རྗེ་རྒྱལ་མཚན། རིགས་འཛིན་ཆོས་རྒྱལ་བསོད་ནམས་མན་སྔར་དང་འདྲ། སྐུ་གསུང་ཐུགས་ཀྱི་གཏོར་དབང་དང་འཁྲིད་ཀྱི་བརྒྱུད་པ་ནི། གཏེར་སྟོན་ནས་སྔགས་འཆང་རྡོ་རྗེ་དཔལ། མཚན་ལྡན་བྱམས་པ་


GLG003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན། དྲིན་ཅན་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། གནུབས་ཆེན་ངག་དབང་རྒྱ་མཚོ། སྐྱི་སྟོན་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཟློག་བྱེད་གྱད་ཀྱི་འཁོར་ལོའི་ལོ་རྒྱུས་ལས། ཕྱི་ཡི་འཆི་བདག་གཤིན་རྗེ་དེ༔ གྱད་ཀྱི་མན་ངག་འདི་ཡིས་བཟློག༔ ནང་གི་དབང་པོ་སྲོག་གི་རྟེན༔ བཅུད་ལེན་རྫས་དང་སྨན་གྱིས་གསོ༔ གསང་བ་ཚེ་ཡི་དྭངས་མ་དེ༔ བསྐྱེད་རིམ་དབང་དང་རླུང་གིས་གསོ༔ དེ་ཚེ་བག་ཆགས་དག་པར་འགྱུར༔ ཞེས་པའི་ཟབ་ཆོས་སྤྲུལ་སྐུ་རིགས་འཛིན་ཆེན་པོས་དབུས་སྙིང་མཛོད་སྨུག་པོ་ནས་གདན་དྲངས་པའི་མགོན་པོ་ཚེ་དཔག་མེད་ནང་ལོངས་སྤྱོད་རྫོགས་སྐུའི་ཆོས་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་གཏེར་གཞུང་གི་སྒྲུབ་ཐབས་པདྨའི་འཕྲེང་བ་དང་འཕྲིན་ལས་གཉིས་གཏེར་སྟོན་གྱིས་བསྡེབས་པའི་ཆོག་བསྒྲིགས་ཀྱི་སྟེང་ནས་སྨིན་བྱེད་དབང་དང་། སྙན་བརྒྱུད་འཆི་མེད་འོད་སྣང་གི་སྟེང་ནས་ཕྱི་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་བསྲིང་བ། ནང་རྩ་ཁམས་ཡི་གེའི་བཟླས་པ་ལ་བརྟེན་ནས་ཚེ་བསྒྲུབས་ཏེ་སྐུ་གསུམ་མྱུར་དུ་སྒྲུབ་པའི་ཐབས། གསང་བ་སྲོག་མི་ཤིགས་པ་ཐིག་ལེ་ལ་བརྟེན་ནས་འཆི་མེད་རྡོ་རྗེའི་སྐུ་སྒྲུབ་ཐབས་ཐོད་རྒལ་སྣང་བཞིའི་ཉམས་འཁྲིད་ཟབ་མོ་སྨིན་རྒྱས་སུ་མནོས་ནས། རྒྱབ་རྟེན་ལུང་གི་སྐོར་ལ། བཅུད་ལེན་གྱི་སྒྲུབ་སྐོར། ལོངས་སྤྱོད་རྫོགས་སྐུར་བརྟེན་པའི་སྒྲུབ་སྐོར། ཤིན་ཏུ་ཟབ་པ་སྙན་བརྒྱུད་ཀྱི་སྐོར་དང་གསུམ། དང་པོ་ལ། བདུད་རྩི་ཚེའི་སྒྲུབ་ཐབས་ལ་ནང་གསེས་ཀྱི་སྨན་གྱི་བཅུད་ལེན་སྦྱོར་ཐབས། སྒྲུབ་


GLG003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བཤམས་ཐབས། རྒྱལ་བ་རིགས་ལྔ་ལ་བརྟེན་པའི་སྒྲུབ་པ་དངོས། རྟགས་མཚན་ཐོབ་ནས་བདག་དོན་དུ་བཅུད་ལེན་གྱི་དབང་བསྐུར་བའི་ཆོ་ག །གཞན་དོན་དུ་དབང་བསྐུར་བའི་ཁ་བསྒྱུར། དམ་ཚིག་བསྟན་པ། བཅུད་ལེན་མན་ངག་བདུད་རྩི་སྦྱོར་ཐབས་རླུང་ལ་བརྟེན་པའི་ཚེ་སྒྲུབ་བམ་བཅུད་ལེན་རྣམས། གཉིས་པ་ནང་ལོངས་སྤྱོད་རྫོགས་སྐུར་བརྟེན་པའི་སྒྲུབ་སྐོར་ལ། ཚེའི་གཟུངས་སྒྲུབ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་པ་ཐེག་པ་ཆེན་པོའི་མདོ་གཟུངས། ཚེའི་གཟུངས་ཀྱི་འཕྲོ་འདུ་བསྒོམ་པའི་མན་ངག་ཁྱད་པར་ཅན། ཚེའི་འཁོར་ལོ་འདྲི་ཐབས་དཔེ་རིས་དང་བཅས་པ། ཚེ་དཔག་མེད་ལོངས་སྐུར་སྒྲུབ་པའི་ཚེ་སྒྲུབ་རྩ་བ། དེའི་སྒྲུབ་ཐབས་དང་དབང་གི་ཆོ་ག་པདྨའི་འཕྲེང་བ། འདི་ལ་སྒྲུབ་ཐབས་ཀྱི་འགྲེལ་པ་ཡང་ཟེར། སྒྲུབ་ཐབས་ཀྱི་འཕྲིན་ལས། ཚེ་བཀྲ་བརྟག་པ། སྒྲུབ་ཐབས་དང་འཕྲིན་ལས་སྤྲུལ་སྐུ་རིགས་འཛིན་ཆེན་པོས་ཆོག་བསྒྲིགས་སུ་མཛད་པ། རྨི་ལམ། དབང་པོའི་ཡུལ། ཚེ་གཟུགས་ལ་བརྟེན་ནས་འཆི་བ་བརྟག་བླུ། ཟློག་བྱེད་གྱད་ཀྱི་འཁོར་ལོའི་ལོ་རྒྱུས། འཆི་བདག་བཟློག་པའི་ཆོ་ག་གྱད་ཀྱི་སྟོབས་ཆེན་འབྱུང་ལྔའི་འཁོར་ལོ་གླུད་བཅའ་བ་དང་གྱེར་གཞུང་། འཆི་བདག་བཟློག་པའི་ཆོ་ག་སྟོབས་ཆེན་གྱད་ཀྱི་མན་ངག་ཅེས་པ་བཅའ་གཞི་དངོས་དང་གྱེར་གཞུང་། སྲིད་པའི་འཁོར་ལོ་འདྲི་བའི་ཡི་གེ་དཔེ་རིས་དང་བཅས་པ་རྣམས། གསུམ་པ་ཤིན་ཏུ་ཟབ་པ་སྙན་བརྒྱུད་ཀྱི་སྐོར་ནི། ཐུགས་སྒྲུབ་ཚེའི་སྙན་བརྒྱུད་འཆི་མེད་འོད་ཀྱི་སྣང་བ་ཞེས་པ་རི་བོ་མ་ལ་ཡའི་བཀྲ་ཤིས་ཟླ་གམ་ཕུག་པར་ཀུན་བཟང་རིགས་ལྔའི་སངས་རྒྱས་དང་བཅས་པ་སློབ་དཔོན་ཆེན་པོས་དངོས་སུ་ཞལ་མཇལ་ཏེ་ཞུས་པའི་ཟབ་ཆོས་རྣམས་


GLG003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་ཐོབ་པའི་དབང་དང་གཏེར་སྟོན་གྱིས་མཛད་པའི་ཆོག་བསྒྲིགས་ཀྱི་ལུང་བརྒྱུད་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། སངས་རྒྱས་སྣང་བ་མཐའ་ཡས། མགོན་པོ་ཚེ་དཔག་མེད་རིགས་ལྔ། འཆི་མེད་པདྨ་འབྱུང་གནས། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་རིགས་འཛིན་ཡབ་སྲས། དབོན་རྡོ་རྗེ་དཔལ། མཚན་ལྡན་བྱམས་པ་བཤེས་གཉེན། དྲིན་ཅན་སངས་རྒྱས་དཔལ་བཟང་། སྔགས་འཆང་ཆོས་རྒྱལ་བསོད་ནམས། རིགས་འཛིན་སངས་རྒྱས་བསྟན་པ། འཁྲུལ་ཞིག་དཀོན་ཅོག་བཟང་པོ། ཚར་ཆེན་རྡོ་རྗེ་འཆང་། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། རྩ་བའི་བླ་མ་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རིགས་འཛིན་ཆོས་རྒྱལ་བསོད་ནམས་ནས། དེ་སྲས་སྔགས་འཆང་ཆེན་པོ་ཆོས་སྐྱོང་བསོད་ནམས། འཇམ་མགོན་མཁྱེན་བརྩེ་མན་གོང་བཞིན། ཉམས་འཁྲིད་ཀྱི་བརྒྱུད་པ་ནི། དྲིན་ཅན་སངས་རྒྱས་དཔལ་བཟང་ཡན་གོང་ལྟར་ལ། ཐུགས་སྲས་ནམ་མཁའ་རྒྱལ་མཚན། གནུབས་ངག་དབང་རྒྱ་མཚོ། སྔགས་འཆང་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་སྟོན་གྱི་ཆོག་བསྒྲིགས་མ་གཏོགས་པའི་ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། གཏེར་སྟོན་ཡན་གོང་ལྟར་ལ། དཔལ་ལྡན་ནམ་མཁའ་གྲགས་པ། འཇམ་དབྱངས་བསོད་ནམས་རྒྱལ་མཚན། མཁས་གྲུབ་བྱ་བྲལ་ཆོས་རྗེ། བླ་མ་དཀོན་ཅོག་བློ་གྲོས། དཔང་སྟོན་བློ་གྲོས་དབང་


GLG003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པོ། བྱ་བཏང་ཤཱཀྱ་དཔལ་བཟང་། ནུབ་དགོན་པ་ཆེན་པོ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། ཐུགས་སྲས་རིགས་འཛིན་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ་དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། རྡོ་རྗེ་མགོན་པོ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། སྔགས་འཆང་ཤཱཀྱ་བཟང་པོ། རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་མངྒའི་མཚན་ཅན་མན་གོང་བཞིན་ནོ། །ཡང་འཆི་བདག་བཟློག་པའི་སྐོར་གྱི་ལུང་བརྒྱུད་གཅིག་ལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ནས། རིགས་འཛིན་གཞོན་ནུ་དོན་གྲུབ། རྩ་བའི་བླ་མ། དེས་བདག་ལའོ། །རིགས་འཛིན་རྩ་བའི་སྒྲུབ་པ་ལས། ལྷོ་ཕྱོགས་གསེར་མཛོད་སེར་པོ་ན༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྒྱལ་པོའི་ཚུལ་དུ་སྒྲུབ་པ་ཡོད༔ ཅེས་དང་། སྐུ་གསུང་ཐུགས་ཀྱི་གནད་འདུས་ལས། ལྷ་ཡི་བྱེ་བྲག་རང་བཞིན་བསམ་ཡས་ཀྱང་༔ ལྷ་ཡི་ངོ་བོ་རྡོ་རྗེ་སློབ་དཔོན་ཡིན༔ འདི་ལ་ལྷ་ཚོགས་གང་ཡང་མ་འདུས་མེད༔ སྔགས་ཀྱི་བྱེ་བྲག་རང་བཞིན་བསམ་ཡས་ཀྱང་༔ སྔགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ་ལ་འདུས༔ བདེ་གཤེགས་སྙིང་པོ་མ་འདུས་གང་ཡང་མེད༔ ཐུགས་ཀྱི་དགོངས་པ་བརྗོད་བྲལ་བསམ་ཡས་ཀྱང་༔ ཀུན་བཟང་དགོངས་པ་སྟོང་གསལ་འཛིན་མེད་མ༔ ཆོས་ཉིད་འོད་གསལ་གང་ལའང་བསམ་དུ་མེད༔ ཅེས་པ་ལྟར་གསང་བ་ལས་ཀྱང་ཆེས་གསང་ཞིང་ཟབ་པ་ལས་ཀྱང་ཆེས་ཟབ་པའི་མན་ངག་སྤྲུལ་སྐུ་རིགས་འཛིན་ཆེན་པོས་ཕལ་ཆེར་ལྷོ་གསེར་མཛོད་སེར་པོ་ནས་སྤྱན་དྲངས་པའི་བླ་མ་རིགས་འཛིན་ཐུགས་སྒྲུབ་དྲག་


GLG003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྩལ་གྱི་ཆོས་སྐོར་ལ། ཐོག་མར་རས་ལས་བྱང་རྒྱས་འབྲིང་གང་རུང་གཞུང་བསྲངས་པའི་མངོན་རྟོགས་དབང་ཆོག་སོ་སོའི་དབུ་ན་ཡོད་པ་ལྟར་མཛད། བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་སྟ་གོན་དང་བཅས་པའི་ཡི་གེའི་སྟེང་ནས་སྟ་གོན་གྱི་རིམ་པ་སྔོན་དུ་འགྲོ་བའི་ཆེ་བ་སྒྲུབ་ཆེན་བརྒྱད་ཀྱི་རྩ་བ་དྲིལ་བ་དྲག་པོ་རྩལ་གྱི་དབང་ཆོག་ཆེན་མོའི་སྟེང་ནས་བུམ་དབང་བཀྲ་བཟང་བའི་ཕྱག་ལེན་ལ་སྟ་གོན་དང་འཇུག་པ་རང་རང་ཤར་ནས་ཁ་འགེང་། གསང་དབང་། གཏུམ་མོའི་མེ་དབང་། ཤེར་དབང་བཀྲ་བཟང་པའི་ཕྱག་ལེན་འདི་དབང་ཆུ་ནས་ལེན། རིག་པའི་རྩལ་དབང་། གཏོར་མའི་དབང་སྟེ་སྒྲུབ་པ་བཀའ་བརྒྱད་དང་འབྲེལ་བའི་དབང་བཞི་ལན་བཞི་བཀྲ་བཟང་བའི་ཕྱག་ལེན་ལ་འདི་ལ་གཏོར་དབང་གནད་ཀྱི་ཤོག་གཅིག་མ་སྦྱོར། འབྲིང་པོ་དབང་ཆུའི་སྟེང་ནས་སྒྲུབ་པ་སྡེ་དྲུག་དང་འབྲེལ་བའི་བུམ་པ། གསང་བ། བཀྲ་བཟང་པའི་ལུགས་ལ་དབང་འབྲིང་པོ་འདི་མི་བསྐུར་ཚེ་གསང་དབང་མན་དབང་རྒྱས་པ་ལ་སྦྱོར་སྲོལ་ཡོད། ཤེས་རབ་ཡེ་ཤེས། རིག་པ་རྩལ་གྱི་དབང་རྣམས་ལན་གསུམ། ཆུང་བ་སྐུ་འབག །ཡིག་འབྲུ་མེ་ལོང་། གཏོར་མ་ལ་བརྟེན་པའི་བྱིན་རླབས་ཐུགས་རྗེའི་དབང་ལན་གསུམ། གཏེར་གཞུང་སོར་གནས་ལ་སེ་སྟོན་ཆེན་པོའི་དབང་གི་ཟིན་ཐོ་དང་ཕྱག་ལེན་ཇི་ལྟ་བའི་ཚེ་དཔག་མེད་ལྕགས་སྡོང་མའི་དབང་བརྒྱ་རྩ། བཀྲ་བཟང་པ་ཆོས་སྐྱོང་བསོད་ནམས་ཀྱི་ཕྱག་ལེན་ལྟར་ཚེ་དཔག་མེད་རིགས་བཞི་ཡུམ་བཅས་བསྐལ་བཟང་གི་སངས་རྒྱས་སྟོང་དང་སྒོ་མ་བཞིའི་བསྐྱེད་ཆོག་ཡོད་པའི་ལྕགས་སྡོང་མའི་དབང་། ལས་ཀྱི་བྱ་ཁྱུང་ནག་པོའི་གཏོར་དབང་རྣམས་མནོས་ཤིང་། ཡང་ཏིག་གཅེས་པའི་སྒྲོན་མེ་རིགས་འཛིན་བརྒྱུད་པའི་གསུང་རྒྱུན་གྱིས་བརྒྱན་ནས་ཉམས་


GLG003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིད་ལུས་ལྷའི་དཀྱིལ་འཁོར་དང་། ངག་སྔགས་ཀྱི་དཀྱིལ་འཁོར་ཕྱི་དམིགས་རིམ་སྔོན་དུ་འགྲོ་བའི་སྒོ་ནས་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་གཏན་ལ་ཕབ་སྟེ་ཀ་དག་གཅེར་མཐོང་དུ་ངོ་སྤྲད། རྒྱབ་རྟེན་ལུང་གི་སྐོར་ལ། ཆོས་ཚན་ཉེར་ལྔ་འདིར་ཐེམས་དང་ཐེམས་མེད་གཉིས་ཡོད་པའི་དབང་གིས་རིགས་འཛིན་ཆེན་པོ། འཇམ་དབྱངས་མཁྱེན་བརྩེ། ཆོས་རྒྱལ་མངྒའི་མཚན་ཅན་སོགས་གོང་མ་མང་པོའི་གསན་ཡིག་ཏུ་སོ་སོར་འདུག་ནའང་། སེ་སྟོན་ཆེན་པོ་རིན་ཅེན་རྒྱལ་མཚན་གྱི་ཕྱག་རྒྱུན་བཞིན་མཚོ་སྨད་མཁན་ཆེན་དང་བླ་ཆེན་བཀྲ་བཟང་པའི་གསན་ཡིག་ཏུ་ཐེམས་དང་ཐེམས་གཉིས་འཁྲུགས་བསྡེབས་སུ་སྣང་བ་རྟོགས་སླ་བར་མངོན་ཞིང་། དེ་དག་ལ་མཐུན་མི་མཐུན་ཅི་རིགས་འདུག་ནའང་ཞིབ་མོར་དཔྱད་ཅིང་ཆེ་འབྲིང་གི་དབྱེ་བ་ཡང་འཇམ་དབྱངས་མཁྱེན་བརྩེས་ཚར་ཆེན་དང་བཀྲ་བཟང་ཆོས་སྐྱོང་བསོད་ནམས་གཉིས་ལ་གསན་ཐོ་དང་། རིགས་འཛིན་ཆེན་པོའི་གསན་ཡིག །ཆོས་རྒྱལ་མངྒའི་མཚན་ཅན་གྱི་གསན་ཡིག་རྣམས་སུ་མཐུན་མི་མཐུན་ཅི་རིགས་བྱུང་བ་བློ་མིག་ཆུང་ངུས་ལེགས་པར་བརྟགས་ཏེ་བཀོད་པ་ལ། ཐུགས་སྒྲུབ་༼བྱང༽ཀྱི་ཐེམས་༼སེ༽བྱང་། འབྲིང་། དེ་ལས། དང་པོ་སྔོན་བྱུང་གླེང་གཞིའི་ཁུངས༔ གསལ་བར་བྱ་ཕྱིར་ལོ་རྒྱུས་ཡོད༔ ཅེས་པའི་ཐེམས་ཅན་བུ་ཚལ་གསེར་ཁང་གླིང་དུ་བདུད་བློན་རྣམས་བཏུལ་ཚུལ་དང་ཆོས་རྒྱལ་གྱི་མནལ་ལམ་དུ་ངོ་མཚར་བའི་བཀོད་པ་བསྟན་པ་སོགས་ཀྱི་གཏམ་རྒྱུད་ཐུགས་སྒྲུབ་རྣམ་གསུམ་གྱི་ལོ་རྒྱུས་༼ཡོལ༽༼སེ༽སུ་གྲགས་པ་འབྲིང་ཐེམས་མེད་ལ། ཐུགས་སྒྲུབ་རྩ་བ་བརྒྱུད་པའི་ལོ་


GLG003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་རྡོ་རྗེ་ཕུར་པ་ཧེ་རུ་ཀ་ལས་ཀྱི་རྒྱལ་པོ་ཐུགས་ཀྱི་སྒྲུབ་ཐབས་ཞེས་པ་བླ་མ་ཕུར་པ་དབྱེར་མེད་ཀྱི་ལོ་རྒྱུས་ཀརྨ་མཱ་ལེ་འཕྲིན་ལས་ཀྱི་རྒྱུད་དམ་༼ཡོལ༽༼སེ༽གསང་བ་རིན་ཅེན་འདུས་པའི་ལོ་རྒྱུས་སུ་གྲགས་པ། འབྲིང་། འདི་མཚོ་སྨད་མཁན་ཆེན་ཤཱཀྱ་དབང་ཕྱུག་གི་གསན་ཡིག་ན་ཆོས་ཚན་གཉིས་པར་ངོས་བཟུང་འདུག་པ་ཐེམས་ཡིག་གི་བརྗོད་བྱ་དང་འགལ་བར་མངོན། དེ་དང་བརྗོད་དོན་ཆ་འདྲའི་རྡོ་རྗེ་ཐུགས་ཀྱི་སྒྲུབ་༼བྱང༽༼སེ༽པའི་ལོ་རྒྱུས་འབྲིང་། ལས་ཅན་མིན་པ་སུ་རུང་རུང་དང་ངའི་ཐུགས་སྒྲུབ་འདི་མི་ཕྲད་པའི་མཐའ་ཅན། བྱང་ཁོག་ལུས་དང་དཔེ་མཐུན་པའི༔ སྐུ་གསུང་ཐུགས་ཀྱི་གནད་འདུས་ཡོད༔ ཅེས་པའི་ཐེམས་ཅན་སྐུ་གསུང་ཐུགས་ཀྱི་གནད་འདུས་ལ་རྡོ་རྗེ་ཧེ་རུ་ཀ་ཐུགས་ཀྱི་སྒྲུབ་ཐབས་ཡང་ཏིག་༼བྱང༽༼སེ༽གསང་བ་གསེར་གྱི་འབྲུ་གཅིག་མ་འབྲིང་། འདི་སྔགས་འཆང་བཀྲ་བཟང་པའི་གསན་ཡིག་ན་ཐེམས་མེད་དུ་མཛད་པའི་ཟླར་དཀྱིལ་འཁོར་བཅུད་དྲིལ་དང་། ཐེམས་ཅན་ལ་སྐུ་གསུང་ཐུགས་ཀྱི་གནད་འདུས་ཟེར་བ་ཞིག་འདུག་པར་ད་ལྟ་དཔེ་རྒྱུན་ལ་ལར་ཕལ་ཆེར་ཧེ་རུ་ཀའི་ཐུགས་སྒྲུབ་འདི་དང་ཞུས་དག་ཕེར་བའི་མིང་མི་གཅིག་པ་གཅིག་དང་། གསང་བ་རིན་ཆེན་འདུས་པར་མཇུག་ཏུ་འདྲ་མིན་ཅུང་ཟད་ཡོད་པའི་བཅུད་དྲིལ་དུ་མིང་བཏགས་པ་ཞིག་འདུག་པ་དེ་གཉིས་ནི་མ་དག་པའི་རྒྱུན་འབྱམས་འཁྱར་བ་འདྲ་ལས་བརྗོད་དོན་ལྷག་པོ་གང་ཡང་མ་མཐོང་ཞིང་། དེ་ལས་གཞན་པ་མ་རྙེད་འོན་ཀྱང་བཀྲ་བཟང་པ་ཆེན་པོ་ཕྱོགས་འདིར་ཚད་ཐུབ་ཀྱི་མཁས་པར་འདུག་པས་དཔྱད་པར་བྱའོ། །ཙིཏྟ་སྙིང་དང་དཔེ་མཐུན་པའི༔ གསང་བ་རིན་ཅེན་འདུས་པ་ཡོད༔ ཅེས་པའི་ཐེམས་ཅན་གྱི་བླ་


GLG003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཐུགས་སྒྲུབ་ཆེན་མོ་༼བྱང༽༼སེ༽གསང་བ་རིན་ཅེན། འབྲིང་། འདུས་པ་ཞེས་པ་སྣང་སྲིད་ལྷ་འདྲེས་བཀར་ཉན་སྲོག་སྙིང་འབུལ་ཞེས་པ་ཡན་གྱིས་ཚང་ནས་བར་དུ་བརྡ་ཡིག་ཁ་ཤས་བྲིས་མཐར་དེ་ལྟར་ཐུགས་ཀྱི་བསྙེན་པའི་རྟགས་རྫོགས་ནས༔ ཞེས་སོགས་དཀྱུས་གཅིག་ཏུ་བྲིས་པ་དཔེ་རྙིང་ཕལ་ཆེར་ལ་ཡོད། ཞིང་དོན་གྱི་ཆོས་ཚན་གཅིག །འོན་ཀྱང་སོ་སོར་ཕྲལ་བ་ཡང་འདུག་པ་ཐེམས་ངོས་འཛིན་དང་བསྟུན་ན་གསལ་བར་མངོན། འདི་ཀའི་གཞུང་དུ་དཀྱིལ་འཁོར་གསུམ་གྱི་ཉམས་ལེན་བཅུད་དུ་དྲིལ༔ ཞེས་པ་བྱུང་བས་དཀྱིལ་འཁོར་བཅུད་དྲིལ་ཡང་མིང་གི་རྣམ་གྲངས་སུ་མངོན། འོན་ཀྱང་དཔེ་ཁུངས་བཙུན་མང་པོར་དཀྱིལ་འཁོར་བཅུ་དྲིལ་ཞེས་ལོགས་སུ་བགྲངས་པ་མཐོང་བས་སླར་ཡང་ཕྱོགས་འདིར་ཚད་ཐུབ་ཀྱི་མཁས་པ་རྙེད་ན་དཔྱད་པར་བྱའོ། །དེ་ཡང་སྐུ་གསུང་ཐུགས་ཀྱི་གནད་འདུས་ལས། ཉིན་ཞག་རེ་ལ་ཐུགས་ཀྱི་སྙིང་པོ་འདི༔ ཉི་ཁྲི་ཆིག་སྟོང་སྔོན་དུ་བསྙེན་པའི་གནད༔ གསང་སྔགས་ལྟོ་ཚིལ་སྙིང་ཏིག་ཀུན་གྱི་སྲོག༔ དུས་གསུམ་སངས་རྒྱས་མ་ལུས་ཀུན་གྱི་ཐུགས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན་གྱི་སེམས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན་གྱི་སྲོག༔ བསྟན་པའི་དམ་ཆོས་མ་ལུས་ཀུན་གྱི་ཆིངས༔ འདི་ཉིད་ཡིན་ནོ་ནམ་ཞིག་དུས་ཀྱི་ཚེ༔ ཞེས་དང་། དངོས་གྲུབ་བླང་ཐབས་ལས། ལན་གསུམ་བསྒྲུབས་ན་དངོས་གྲུབ་རྣམ་གཉིས་འཐོབ༔ རིགས་འཛིན་གྲལ་ལ་ཐེ་ཚོམ་ཡོད་རི་སྐན༔ ཞེས་བདེ་གཤེགས་ཀུན་གྱི་དགོངས་པ་རིགས་འཛིན་པདྨའི་ཐུགས་ཀྱི་ཉིང་ཁུ་ཕྲད་འཚེངས་ཤིན་ཏུ་ཟབ་པའི་གསང་ལམ་མཐར་ཐུག་པའོ། །ཐེམས་མེད་ལ་ཐུགས་སྒྲུབ་གསང་བ་རིན་ཅེན་འདུས་


GLG003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ། ༼བྱང༽༼སེ༽ཞེས་བླ་མ་ཡུམ་ཅན་དང་དཔའ་བོ་གིང་བཞི་ཡབ་ཡུམ་གྱི་བསྙེན་སྒྲུབ་ཟབ་པའི་མཐར་ཐུག་པ་ཐུགས་སྒྲུབ་གསང་བའི་གཏེར་མཛོད། ཆེ། ལས་སྦྱོར་གནད་ཀྱི་མན་ངག་༼བྱང༽༼སེ༽ཅེས་པ་སྣང་སྲིད་ཡོན་ཏན་ཐམས་ཅད་བསྡུ་བ་དང་ཞར་བྱུང་འཕྲིན་ལས་འདི་གོང་གི་འཕྲོས་དང་སྦྲེལ་ནས་ཡོད་ཟངས་མཛོད་ནས་བྱོན། བཞིའི་ཁ་བསྒྱུར་དང་བཅས་པ། ཆེ། གསང་བ་རིན་ཅེན་འདུས་པ་ཐེམས་ཅན་དྲག་པོ་རྩལ་གྱི་ཉམས་ལེན་དངོས་གཞི་དང་ཐེམས་མེད་ནི་དྲག་པོ་རྩལ་གྱི་གསང་སྒྲུབ་ཡིན་པའི་བརྗོད་དོན་མི་གཅིག་པ་མ་གོ་བར་བྱང་གཏེར་བར་རློམ་པ་འགས་གསང་བ་རིན་ཅེན་འདུས་པ་ཚར་གཉིས་ཡོད་ཟེར། རྡོ་རྗེ་དྲག་པོ་རྩལ་གྱི་བསྙེན་པའི་མན་ངག་སྙན་བརྒྱུད་བླ་མའི་ཞལ་གི་དྲོད་ལྡན་༼གནས༽ཟབ་ཁྱད་ཅན་མཆོག་སྤྲུལ་པདྨ་བཞད་པ་རྩལ་གྱིས་མཛད་པ། དེས་མཛད་པའི་རྩ་བའི་དམིགས་པའི་༼གནས༽གནས་བོགས་འདོན་གེགས་སེལ། ཐེམས་ཅན་གསང་འདུས་ཀྱི་ཉམས་ལེན་གབ་པ་མངོན་ཕྱུང་མཁའ་འགྲོའི་སྲོག་སྙིང་ཤིན་ཏུ་གཉན་ཞིང་གཅེས་པ་ཆོས་རྒྱལ་མངྒའི་མཚན་ཅན་གྱི་༼ཡོལ༽ལྗགས་བསྒྲིགས། བསྙེན་པ་ལམ་དུ་གཟུང་པའི་ཐབས༔ གནད་ཐེམས་མན་ངག་རྣམ་གྲངས་བརྒྱད༔ ཅེས་ཐེམས་ཅན་ཐུགས་སྒྲུབ་ཧཱུྃ་གི་དགོངས་༼བྱང༽༼སེ༽པའི་གནད་དུ་གྲགས་པ་འདི་ལ་ནང་གསེས་ཡི་དམ་ལྷའི་གནད་ཀྱི་དགོངས་པ་ལྟ་བ། འབྲིང་། ལམ། དངོས་གྲུབ། སྤྱོད་པ། དམ་ཚིག་བརྩོན་འགྲུས། དཀྱིལ་འཁོར། ལྷ། དབང་། ཚིག་སྟེ་ཟབ་མོའི་གནད་བཅུ། པདྨ་འབྱུང་གནས་ཐུགས་ཀྱི་དགོངས་པ་དྲག་པོ་རྩལ་གྱི་སྒོམ་དོན་ཀ་དག་གི་ངང་ནས་ལྷུན་གྲུབ་ཏུ་རྫོགས་ཚུལ། གཞི་ལམ་འབྲས་བུའི་དགོངས་པ། ཚིག་གཉིས་གནད་ཀྱི་འགྲེལ་པ། ཧཱུྃ་


GLG003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཟེར་བཞི་ནམ་མཁའི་སྙིང་པོར་སེམས་ཀྱི་གཏེར་དུ་ཆོངས་ཤིག་པ་གདམས་པ་རྣམས་ཡིན་ཅིང་། དེ་ཡང་ཡི་དམ་ལྷའི་གནད་པདྨའི་ཐུགས་ཀྱི་དགོངས་པ། ནམ་མཁའི་སྙིང་པོར་གདམས་པ་གསུམ་གྱི་སྟེང་དུ་གཞི་ལམ་འབྲས་གསུམ་དང་ཚིག་གཉིས་གནད་འགྲེལ་གྱི་དོན་རྣམས་སོ་སོར་བགྲངས་པས་གནད་ཐེམས་མན་ངག་བརྒྱད་ཚང་ཞིང་། འདི་རྣམས་བསྙེན་པ་ལམ་དུ་གཟུད་པར་ཤིན་ཏུ་གལ་ཆེ་བ་ཡིན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསན་ཡིག་ཟབ་མོ་གནད་ཀྱི་ཐེམས་བཅུ་དང་སྐུ་གསུང་ཐུགས་ཀྱི་གནད་འདུས་གཉིས་རྣམ་གྲངས་སུ་གསུངས་པ་དང་། མཚོ་སྨད་མཁན་པོའི་གསན་ཡིག་ཏུ་འདི་སྐོར་རྣམས་སྐུ་གསུང་ཐུགས་ཀྱི་གནད་འདུས་སུ་བགྲངས་འདུག་པ་སེ་བརྒྱ་མཁར་བ་ཕྱོགས་ཀྱི་གསན་ཡིག་ལ་དེ་འདྲ་ཡོད་ཚོད་ཡིན་འདྲ་བ་ཐེམས་ཡིག་དང་ཅུང་ཟད་མ་འགྲིག་མོད། འོན་ཀྱང་བླ་མ་དེ་རྣམས་ལུགས་འདི་ལ་ཚད་ཐུབ་ཀྱི་དཔང་པོར་འདུག་པས་སླར་ཡང་བརྟག་དགོས་སོ། །ཐེམས་མེད་ལ་ཡེ་ཤེས་མཚོ་རྒྱལ་གྱིས་མཛད་པའི་ཧཱུྃ་གི་འདྲེན་༼ཡོལ༽༼སེ༽ཐབས་ཉེར་གཅིག ། ཆེ། བསྲུང་འཁོར་བསྒོམ་ཐབས་བདག་ཉིད་སྐད་༼ཡོལ༽༼སེ༽ཅིག་དྲན་རྫོགས་མ། ཆེ། ཁྲོ་བཅུའི་བསྲུང་༼ཟུར༽༼སེ༽བཟློག་བཀའ་རྒྱ་མ། ཆེ། ངག་འགྲེལ་ནུས་པ་༼ཡོལ༽༼སེ༽བསྐྱེད་ཐབས་ཀྱི་ནང་ཚན་བཟླས་བརྗོད་ནུས་ལྡན་དུ་བྱ་བ། འབྲིང་། འཕྲེང་བ་བརླབ་པ། བཅིངས་མནན་གྱི་རྟགས། ངག་འགྲོལ་བ། བྱུག་རྫས་ཀྱི་ཟབ་གནད། ངག་ལ་ངར་གཟུང་༼ཡོལ༽༼སེ༽བའི་མན་ངག་འབྲིང་། སྒོ་གསུམ་ལྷ་དང་དམ་འདྲེས་དུས༔ རྟགས་མཐོང་དངོས་གྲུབ་བླང་ཐབས་ཡོད༔ ཅེས་ཐེམས་ཅན་གསང་བ་རིན་ཅེན་འདུས་པའི་མཇུག་གི་དངོས་གྲུབ་༼བྱང༽༼སེ༽བླང་ཐབས་འབྲིང་། ལས་ཅན་སྨིན་གྲོལ་ལ་ལམ་བསྟན་


GLG003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར༔ གསང་བའི་དབང་བསྐུར་མན་ངག་ཡོད༔ ཅེས་པའི་ཐེམས་ཅན་འབྲིང་པོ་སྒྲུབ་སྡེ་དྲུག་གི་༼བྱང༽༼སེ༽དབང་གི་ཆུ་བོ། འབྲིང་། བསྡུས་པ་བྱིན་རླབས་༼བྱང༽༼སེ༽ཐུགས་རྗེའི་དབང་ཆོག་ཆེ། ཐེམས་མེད་ལ། ས་༼སེ༽༼ཡོལ༽ཆོག ། འབྲིང་། རྒྱལ་༼ཡོལ༽༼སེ༽མཐོ། འབྲིང་། ཐིག་༼སེ༽༼བྱང༽རྩ། འབྲིང་། དཀྱིལ་འཁོར་༼སེ༽༼བྱང༽རྒྱན་དགོད། འབྲིང་། དབང་གི་སྔོན་འགྲོ་༼བྱང༽སློབ་མ་སྟ་གོན་ལ། ཆེ། དཀྱིལ་འཁོར་དུ་འཇུག་ཐབས་རྒྱས་པ་དབང་བཞི་རྒྱལ་ཐབས་སྤྱི་བླུགས་དང་བཅས་པའི་སྡོམ་ཚིག །དབང་གི་གྲངས་དང་གོ་རིམ། སྒྲ་དོན། རྒྱུ་རྐྱེན། འབྲས་བུ། ལམ་འཁྱེར། བུམ་དབང་གི་སྤྱི་ཆིངས་བཅས་པ་བསྟན་པ་རྣམ་དག་སྒོམ་པའི་མཐའ་ཅན། དཔེ་ཚན་གཅིག །གཏེར་ཡིག་སོགས་བར་དུ་འདུག་རུང་བླ་མ་ཞིག་གི་ཆོག་བསྒྲིགས་ལས་གཏེར་བྱོན་དངོས་མིན་པ་འདྲ། སྐྱབས་སེམས་སྡོམ་གཟུང་ཟུར་དུ་༼བྱང༽༼སེ༽བཀོལ་བ། ཆེ། རྒྱས་པ་བསྒྲུབ་སྡེ་བརྒྱད་ཀྱི་༼སེ༽༼བྱང༽དབང་ཆོག་ཆེན་མོ། ཆེ། གཏོར་དབང་༼སེ༽༼བྱང༽ཐོབ་ཆོག་བློ་བདེ། ཆེ། རང་བྱུང་རང་ཤར་ནས་བཀོལ་བའི་སྟ་གོན་༼སེ༽དང་འཇུག་པ་བཀྲ་བཟང་པའི་ཕྱག་ལེན་འཁྲུལ་མེད། མངོན་རྟོགས་སྒོམ་བྱང་གསལ་སྒྲོན་འདི་ལ་༼སེ༽༼ཡོལ༽གནས་སྔར་མཁའ་འགྲོ་ལྔ། ཆེ། རྩ་འདབ་ཀྱི་གྲངས་དང་མཉམ་པའི་ལྷ་ཚོགས། བཀའ་བརྒྱད་གཙོ་འཁོར། རིགས་འཛིན་བརྒྱད་དང་བཅས་པ་ལུས་དཀྱིལ་ལ་བཀོད་པའི་ངོ་མཚར་བ། དཀྱིལ་འཁོར་རྒྱས་པའི་སྒྲུབ་༼སེ༽༼ཡོལ༽ཐབས་ཞེས་པ་ཕྱི་དཀྱིལ་གཞལ་ཡས་ཁང་ཡོངས་རྫོགས་ཀྱི་བསྐྱེད་ཆོག་དང་དབང་ཆུ་དང་འབྲེལ་བའི་སྒྲུབ་པ་སྡེ་དྲུག་གི་མངོན་རྟོགས་གསལ་བར་བསྟན་པ། ཆེ། འདིའི་གཞལ་ཡས་ཁང་བསྐྱེད་ལུགས་རྙིང་མ་སྤྱི་དང་ཅུང་མི་མཐུན་པའི་གཞལ་ཡས་ཁང་གི་རྒྱུ་དང་རྒྱན་


GLG003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གསར་མ་དང་མཐུན། དབང་གི་བུམ་པ་བསྒྲུབ་༼བྱང༽༼སེ༽ཚུལ། ཆེ། གཏེར་སྦ་བའི་༼སེ༽༼ཡོལ༽ཆོ་ག ། ཆེ། དེའི་འཕྲོས་ལས། ཐེམས་མེད་དངོས་གྲུབ་༼འབྲིང༽བསྐུལ་༼ཟུར༽༼སེ༽བ་རྗེ་བཀའ་དྲིན་མ། བསྙེན་སྒྲུབ་མཆོད་པ་ཁ་བསྐང་བ༔ དྲག་པོ་ཧཱུྃ་གི་འཕྲིན་ལས་ཡོད༔ ཅེས་ཐེམས་ཅན་འཕྲིན་༼བྱང༽༼སེ༽ལས་འབྲིང་པོ། འབྲིང་། ཐེམས་མེད་ལ་ས་གཅད་དམ་༼ཡོལ༽༼སེ༽རྩ་ཐོ། ཆེ། བར།༼ཡོལ༽༼སེ༽ཐེམས། ཆེ། བྱིན་འབེབས་ཆོས་ཀྱི་དབྱིངས་༼སེ༽༼ཟུར༽ནས་བསྐུལ་བ། ཆེ། ཐུགས་སྒྲུབ་ཀྱི་འཕྲིན་༼སེ༽༼ཡོལ༽ལས་ཆེན་མོ་ཞི་དྲག་སྦྲགས་མ། ཆེ། ཚོགས་ཀྱི་འཁོར་ལོ་རྒྱས་པའི་༼ཟུར༽ཆོག་བསྒྲིགས། ཆེ། རྟགས་བསྟོད་མ་ཧཱ་གུ་རུ་རྡོ་རྗེ་༼ཡོལ༽༼སེ༽དྲག་པོ་རྩལ། འབྲིང་། མེ་དཔུང་འབར་བའི་ཀློང་ན་བཞུགས་པ་ནི། ཞེས་སོགས། གཏེར་སྟོན་གྱིས་མཛད་པའི་རྟགས་བསྟོད་༼སེ༽༼ཟུར༽ཚིག་རྐང་དང་པོ་འདྲ་བ་ལ་གཉིས་པར་སྐུ་མདོག་མཐིང་ནག་གཟི་བརྗིད་འབར་བ་ནི་ཞེས་སོགས། འཛབ་བསྟོད་རྡོ་རྗེའི་༼སེ༽༼བྱང༽སྐུ་མ། ཆེ། དབྱངས་འདྲེན་ལུགས་རིག་པ་ཧཱུྃ་ལ་བསྐྱོན་༼ཡོལ༽༼སེ༽པའི་དབྱངས་རྟ་མ། ཆེ། འཛབ་དགོངས་ཆུང་བ་༼ཟུར༽༼སེ༽རང་ལུས་འདོམ་གང་གྲུ་བཞི་མ། ཆེ། སྤྱོད་ལམ་རྒྱུན་གྱི་༼ཡོལ༽རྣལ་འབྱོར་ཞེས་པ་བཟའ་བཏུས་གོས་རྒྱན། ཆེ། འགྲོ་ཉལ་འདུག་ལྡང་གི་རིམ་པ། དཀོན་ཅོག་སྤྱི་བསྐུལ་༼སེ༽༼ཟུར༽བདེ་གཤེགས་དབང་ཕྱུག་མ། ཆེ། བདེ་གཤེགས་སྤྱི་བསྐུལ་༼ཟུར༽༼སེ༽ལུས་དཀྱིལ་དང་སྦྱར་ཏེ་བཀའ་བརྒྱད་བསྐུལ་བ། ཆེ། བདེ་གཤེགས་སྤྱི་བསྐུལ་ཆུང་བ་༼ཟུར༽ནམ་མཁའི་མཐའ་མཉམ་པ། ཆེ། ཆོས་སྐྱོང་བསྐུལ་བ་རིན་ཅེན་༼བྱང༽གཞལ་ཡས་མ། ཆེ། རྒྱས་པའི་༼ཡོལ༽༼སེ༽སྦྱིན་སྲེག ། ཆེ། དབང་གི་༼སེ༽༼ཡོལ༽སྦྱིན་སྲེག ། ཆེ། དྲག་པོའི་༼ཡོལ༽༼སེ༽སྦྱིན་སྲེག ། ཆེ།


GLG003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འཚོ་རྒྱལ་གྱིས་མཛད་པའི་ལས་བཞི་དང་རོ་སྲེག་རྣམས་གཅིག་ཏུ་བསྡོམས་པའི་སྲེག་ཆོག་༼བྱང༽༼སེ༽ཡེ་ཤེས་རང་འབར། ཆེ། མེ་བཀྲ་གསལ་༼བྱང༽༼སེ༽བའི་སྒྲོན་མེ། ཆེ། དྲག་པོའི་ཧོཾ་ཆོག་ནག་༼སེ༽༼ཡོལ༽པོའི་རྒྱུད་ལས་བཏུས་པའི་ཧོཾ་གྱི་ཆས་འཇུག།། ཆེ། དྲག་པོའི་ཟོར་༼ཡོལ༽༼སེ༽གྱི་ལས། ཆེ། སྦྱིན་སྲེག་གི་ཐལ་བར་ལས་༼ཡོལ༽༼སེ༽མཐའ་མནན་པ། ཆེ། ནང་ནུབ་མཆོད་པའི་རྒྱུན་གཟུང་ཕྱིར༔ དོན་བསྟོད་སྔགས་ཀྱི་ལས་རིམ་ཡོད༔ ཅེས་ཐེམས་ཅན་སྔགས་ཀྱི་ལས་བྱང་མཇུག་ཏུ་༼བྱང༽༼སེ༽ཆོས་ཉིད་དོན་གྱི་བསྟོད་པ་སྐྱེ་འགག་མ་དང་སྔགས་ཀྱི་ཚོགས་མཆོད་བཅས་པ་མཁའ་འགྲོའི་བརྡ་ཡིག་ལས་ཕབ་པ། འབྲིང་། བོད་ཁམས་བདེ་ལ་འགོད་པའི་ཕྱིར༔ ལས་ཚོགས་རིན་ཅེན་སྡོང་པོ་ཡོད༔ ཅེས་པའི་ཐེམས་ཅན་ལ་ངོས་འཛིན་ལུགས་མི་གཅིག་ལ་འགའ་ཞིག་འདུག་ནའང་། ལས་ཚོགས་རིན་ཅེན་སྡོང་པོར་གྲགས་པའི་གཞུང་གི་ནང་ཚན་༼ཡོལ༽༼སེ༽གདུལ་བྱ་རྒྱ་ཆེན་འདུལ་བར་འགྱུར། འབྲིང་། ཞེས་པ་ཡན་ལ་ངོས་འཛིན་ཅིང་འདིས་ནི་རི་བོ་བཀྲ་བཟང་གི་གནས་ཀྱི་བཀོད་པ། ཡོན་ཏན་རྒྱས་པར་བསྟན་པའི་མཇུག་ཏུ་བོད་ཁམས་བདེ་ལ་འགོད་ཕྱིར་གནས་འདིར་ཐུགས་རྗེའི་ལས་འཕྲོ་འབྱུང་ཚུལ་རྣམས་བསྟན། གནས་ཀྱི་ནུས་པ་བྱུང་བའི་ཕྱིར༔ གནས་ཆེན་བྱིན་འབེབས་མན་ངག་ཡོད༔ ཅེས་པའི་ཐེམས་ཅན་ལས་ཚོགས་རིན་ཅེན་སྡོང་པོའི་འཕྲོས་ལས་སྣ་ནམ་རྡོ་རྗེ་བདུད་འཇོམས་༼ཡོལ༽༼སེ༽ཀྱིས་ཞུས་པ་ཞེས་པ་ནས། འབྲིང་། ཐུགས་སྒྲུབ་ཟབ་མོ་འདུས་པའི་མན་ངག་འདི༔ གཏེར་དུ་སྦས་ནས་སྨོན་ལམ་བཏབ་སྟེ་བཞག༔ ཅེས་པའི་བར་གྱིས་བོད་སྡུག་བསྔལ་བའི་དུས་


GLG003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རི་བོ་བཀྲ་བཟང་ནས་བོད་འབངས་བདེ་ཐབས་ཀྱི་གཏེར་ཆེན་གདོན་པའི་ལྡེ་མིག་རྙེད་ཚུལ་གནས་ཀྱི་དབྱིབས་དང་སྒྲུབ་པའི་ཕན་ཡོན། མཐའ་དམག་དྲུག་འབྱུང་ལུགས་དང་བཟློག་ཐབས་རྣམས་བསྟན། ཐེམས་མེད་ལ་གཞུང་དེ་གའི་འཕྲོས་ནས་ཆོས་ཀྱི་སྐུ་༼ཡོལ༽༼སེ༽དང་ལོངས་སྤྱོད་རྫོགས་པའི་སྐུ༔ འབྲིང་། ཞེས་སོགས་ཀྱིས་ལྷ་ཁང་གསུམ་བཞེང་ཞིང་སྒྲུབ་པ་བྱ་ཚུལ། གནས་ཆེན་བྱིན་འབེབས་སུ་གྲགས་པར་༼བྱང༽༼སེ༽བོད་ཁམས་ཕུང་བྱེད་ཀྱི་དགོང་པོ་དགུ་འབྱུང་བའི་ལུང་བསྟན། འབྲིང་། བོད་ཀྱི་གནས་ཆེན་བརྒྱད་དུ་ཐུགས་ཀྱི་ལྷ་གསུམ་བཞེང་བ། ཁྱད་པར་རི་བོ་བཀྲ་བཟང་གི་རྩེ་མོར་པདྨ་འོད་ཀྱི་གཞལ་ཡས། སྐེད་པར་དྲག་པོའི་གཞལ་ཡས། རྩ་བར་དག་བྱེད་གཞལ་ཡས་ཁང་བཞེང་ཚུལ་ཕན་ཡོན་དང་བཅས་པ། རྡོ་རྗེ་རྣམ་འཇོམས་རྩ་བའི་སྒྲུབ་ཐབས་༼ཡོལ༽༼སེ༽མཁས་པ་ཤྲཱི་སིངྷ་ལ་སློབ་དཔོན་ཆེན་པོས་ཞུས་ཏེ་བཀོད་པ། ཆེ། རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབས་ཐབས། ༼ཟུར༽༼སེ༽རྒྱ་གར་མཁས་པ་ཤྲཱི་སིདྷས་མཛད་པ། ཆེ། རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་༼ཟུར༽༼སེ༽པའི་འཕྲིན་ལས། ཆེ། རྡོ་རྗེ་རྣམ་འཇོམས་བག་ཆགས་༼ཟུར༽༼སེ༽སྟོབས་སྦྱོང་གི་སྒྲུབ་པའི་ཁྲུས་གསོལ་བྱ་བ་བསྲུང་དང་བཅས་པ་ཤྲཱི་སིངྷར་སློབ་དཔོན་ཆེན་པོས་ཞུས་པ། ཆེ། ཐུགས་རྗེའི་གདུལ་བྱ་མཐའ་རྒྱས་ཕྱིར༔ སྐུ་གསུང་ཐུགས་ཀྱི་གདུལ་བྱ་ཡོད༔ ཅེས་ཐེམས་ཅན་སྐུ་གསུང་ཐུགས་ཀྱི་གདུལ་བྱ་ཞེས་པ་སྙིགས་༼བྱང༽༼སེ༽དུས་ཀྱི་སྡུག་བསྔལ་སྐྱོབ་པའི་ཐབས་སུ་སྐུའི་གདུལ་བྱ་ལྷ་ཁང་མཆོད་རྟེན་བཞེང་ཞིང་མཐའ་དམག་གནོན་ཐབས་བྱེ་བྲག་ཡུལ་གྱི་ས་དཔྱད་ངོས་འཛིན། འབྲིང་། གསུང་གི་གདུལ་བྱ་རབ་གནས་གསུང་སྒྲོག་


GLG003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྒྲུབ་པ་བྱ་ཚུལ། ཐུགས་ཀྱི་གདུལ་བྱ་གོང་གི་གནས་རྣམས་སུ་བསམ་པའི་ཁྱད་པར་བསྟན་པ། བོད་ཀྱི་ནང་དམེ་བསྲུང་བའི་ཕྱིར༔ འགོང་པོ་ཨར་ལ་གཏད་པ་ཡོད༔ ཅེས་ཐེམས་ཅན། ༼བྱང༽༼སེ༽འགོང་པོ་ཨར་གཏད། འབྲིང་། ཐེམས་མེད་ལ་༼ཡོལ༽༼སེ༽འགོང་པོ་ཁ་བསྒྱུར། འབྲིང་། ཨར་གཏད་ཀྱི་༼སེ༽༼ཟུར༽མནན་པའི་བསྐུལ། འབྲིང་། ས་ནད་གཉན་འཇོམས་པའི་ཕྱིར༔ ནད་བདག་སྟོབས་འཇོམ་མན་ངག་ཡོད༔ ཅེས་ཐེམས་ཅན་ནད་བདག་སྟོབས་འཇོམ་ལ་སེམས་བསྐྱེད་གཟུངས་སྒྲུབ་༼བྱང༽༼སེ༽དཔང་གཟུ་བསྲུང་བཟློག་གསད་པ། འབྲིང་། རྒྱས་གདབ་སྔགས་བྱང་དང་བཅས་པ། ཐེམས་མེད་༼སེ༽༼བྱང༽ལོ་རྒྱུས། འབྲིང་། མདོས་ཆོག་སྔོན་༼སེ༽༼ཡོལ༽བསྐལ་མ། འབྲིང་། མཁའ་འགྲོ་སྤྱན་༼སེ༽༼ཡོལ༽འདྲེན། གྱེར་༼ཡོལ༽༼སེ༽གླུད་རབས་འབྲིང་། གཟུ་༼ཡོལ༽༼སེ༽དཔང་། ཟོར། ༼ཡོལ༽༼སེ༽འབྲིང་། དམ་བཅའ་༼སེ༽༼ཡོལ༽བསྐུལ་བ། གཤེགས་༼ཡོལ༽༼སེ༽སྐྱེལ། འབྲིང་། བྱ་ཁྱུང་ནག་པོའི་སྒྲུབ་༼ཡོལ༽༼སེ༽ཐབས་བསྟོད་བསྐུལ་དང་བཅས་པ། འབྲིང་། བྱ་ཁྱུང་ཁྲོས་པའི་བྱུང་༼ཡོལ༽༼སེ༽ཚུལ་ལོ་རྒྱུས། འབྲིང་། གསང་བདག་གིས་སློབ་དཔོན་ཆེན་པོ་ལ་བཀྲ་ཤིས་ཟླ་གམ་ཕུག་པ་ནས་བྱ་ཁྱུང་གི་སྒྲུབ་ཐབས་གཏེར་ནས་ཐོན་ཅིག་པར་གསུངས་ཚུལ་ཁྱུང་གི་སྒོམ་རིམ་དང་རྩ་༼སེ༽༼ཡོལ༽སྔགས་ཀྱི་ཐེམས་བྱང་བསྟན་པ། འབྲིང་། བསམ་ཡས་ཀྱི་རབ་གནས་ཚར་དུས་མངའ་བདག་དང་ཇོ་མོས་ཞུས་པའི་རྫས་སྦྱོར་དང་ལས་ཀྱི་བྱ་ཁྱུང་ནག་པོའི་༼ཡོལ༽༼སེ༽སྔགས་སྡེབ་གཉན་ལྷོག་ནད་རིམས་བསྲུང་ཞིང་གསད་པའི་མན་ངག ། འབྲིང་། སྡུད་སྤུར་གསད་༼ཡོལ༽༼སེ༽པའི་སྔགས་བྱང་། འབྲིང་། བྱ་ཁྱུང་ནག་པོའི་༼ཟུར༽༼སེ༽བསྲུང་


GLG003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བྲི་ཡིག ། འབྲིང་། དེ་དང་འདྲ་མིན་གྱི་༼སེ༽༼ཟུར༽བྲི་ཡིག་གཅིག ། འབྲིང་། རྡོ་རྗེ་ཁྲབ་རིང་བདུད་རྩི་བུམ་ཆུང་༼སེ༽༼བྱང༽སྐོར་ལ། འབྲིང་། འཆི་མེད་བདུད་རྩི་བུམ་པའི་བརྒྱུད། ནན་ཏུར་ཟབ་མོ་འཁོར་ལོའི་གྱད་ཟུ་གུ་གཞུག་པ། སྒོམ་བཟླས། ལས་ཀྱི་མཐའ་བསྒྱུར་ཟུག་གཟེར་གཅག་པ། ལྷོག་པ་ལས་རྣམ་པར་རྒྱལ་བ་ཞི་སྦྱོང་སྦྲགས་མ་མ་ལས་ལྷག་པའི་བུ། གག་པ་ལས་རྣམ་པར་རྒྱལ་བ་ཞི་སྦྱོང་སྦྲགས་མ་ཞེས་པ་མ་ལས་ལྷག་པའི་བུ། ཕག་རྒོད་སྨྱོན་པའི་འཁོར་ལོ། སྲིན་ནད་ཀྱི་གཉེན་པོ་འཆི་བདག་འཇོམ་པའི་དཔའ་བོ། སློབ་དཔོན་ལ་མངའ་བདག་གིས་གསེར་གྱི་མཎྜལ་ཕུལ་ནས་ཞུས་པའི་གག་ལྷོག་གི་རིམས་བསྲུང་རིགས་མི་གཅིག་པ་གསུམ། ཆ་ལག་བུ་བདུན་ལ་ནག་པོ་གསུམ་དྲིལ། ཚད་རིམས། རྒྱུ་གཟེར་བྱིན་ལོག །རྒྱ་ནད་མིག་སེར། གག་ལྷོག་འབུམ་ནག་རྣམས་བསྲུང་ཐབས་ཀྱི་རྫོགས་པར་བསྟན། གསོ་བྱེད་སྨན་གྱི་སྐོར་ལ། གསོ་བྱེད་སྨན་གྱི་ལེའུ་ཞེས་༼བྱང༽༼སེ༽པ་སྨན་གྱི་ཆིངས། འབྲིང་། ཤོག་དྲིལ་༼བྱང༽༼སེ༽སྔོན་པོ། འབྲིང་། ཤོག་དྲིལ་༼བྱང༽༼སེ༽དཀར་པོ། ཤོག་དྲིལ་༼བྱང༽༼སེ༽སེར་པོ། འབྲིང་། སྣང་གསལ་སྒྲོན་༼བྱང༽༼སེ༽མེའི་ཤོག་དྲིལ། མངའ་བདག་དང་ཇོ་མོས་ནད་བཅོས་པའི་མན་ངག་དེ་རྣམས་ལ་དོན་གྱི་གནད་དྲིལ་ཞུས་པ་གཉན་ཚད་༼བྱང༽༼སེ༽བཅོས་ཐབས། འབྲིང་། ནད་བདག་ཀུན་འཇོམས་བསྲུང་བའི་རྒྱལ་པོ་༼བྱང༽༼སེ༽ཞེས་པ་ནད་རིམས་རྣམས་ཀྱི་སྲོག་སྔགས་བསྲུང་སྔགས་མནན་པ། འབྲིང་། ཡི་དམ་ལྷའི་སྒོམ་བཟླས་༼བྱང༽༼སེ༽དང་སྔགས་བྱང་། འབྲིང་། བསྟན་མ་བཅུ་གཉིས་ཀྱིས་སྲོག་སྙིང་ཕུལ་ནས་གནག་ལུག་ར་བ་༼བྱང༽ལང་སོགས་ཀྱི་གོར་དཀར་ཆག་ཚད་རིམས་སོགས་བསྲུང་གསོ། འབྲིང་། འབྱུང་པོ་ལས་


GLG003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནད་ཀུན་བསྲུང་བ་རྒྱ་གར་ཁྲག་འཐུང་༼བྱང༽ནག་པོའི་གདམས་པ། འབྲིང་། རིགས་གསུམ་མགོན་པོའི་བསྲུང་བ། ༼བྱང༽༼སེ༽གནམ་ཐབས་ནད་ཀྱི་བསྲུང་བའི་ནང་གསེས་ལ་ཐོབ་པ་དགྲ་ལ་བརྟེན་ནས་རིམས་འཇུག་པ་བསྲུང་པའི་ལེའུ། འབྲིང་། རིམས་གསེབ་ཏུ་འགྲོ་བར་རིམས་མི་ཕོག་པར་བྱ་བའི་ལེའུ། སློབ་དཔོན་ཆེན་པོར་ལྷ་སྲས་ཀྱིས་མང་ཡུལ་བྱེ་མ་ལ་ཐོག་ཏུ་ཞུས་པ་མིག་ནད་བསྲུང་བ་རྣམས། སྨན་གྱི་ལྷ་མོ་ལྕམ་དྲལ་ལ་བརྟེན་ནས་མངོན་༼བྱང༽༼སེ༽ཤེས་སྒྲུབ་པ། ཆེ། དེའི་ཞལ་༼བྱང༽༼སེ༽གདམས་ལ། ཆེ། གཟུགས་བརྙན་བཟོ་བ། འགབ་འདྲེ་བཀར་བ། གནད་དབབ། རྣོ་འདོན་དང་བཅས་པ། དྲང་སྲོང་ཨ་མོ་༼བྱང༽༼སེ༽ལིའི་སྒྲུབ་པ། ཆེ། ཀླུ་བདུད་འབུམ་གྱི་གསང་རྒྱུད་༼ཟུར༽ནས་བཏུས་པ་ལུས་ངག་ཡིད་གསུམ་བསྲུང་བའི་ཟ་ཡིག ། ཆེ། སྡེ་དཔོན་ནང་འཐབ་ཞི་བྱེད་པའི༔ ཐུགས་རྗེ་བྱམས་པའི་མན་ངག་ཡོད༔ ཅེས་ཐེམས་ཅན་ཐུགས་རྗེ་བྱམས་པའི་མན་ངག་གམ་སྟག་སེང་ཁ་འཐབ་ཞི་བྱེད་༼བྱང༽༼སེ༽ཅེས་པ་ལ་བདུད་དཔུང་གཞོམ་པ། འབྲིང་། དྲེགས་པའི་སྲོག་བསྲེ་བ། དུག་དབལ་གསད་པ་དང་བཅས་པ། ཐེམས་མེད་དུག་ལྔ་གཏན་བཅོམ་ཡེ་ཤེས་ལྔ་ལྡན་༼བྱང༽༼སེ༽ཞེས་པ་ལ་གཉན་པོ་སྟོབས་སྦྱོང་། ཆེ། གྲིབ་བཀྲུས། དུག་ནད་སྨན་གྱིས་གསོད་པ་གནད་ནས་དྲང་བ། སྲོག་སྙིང་འཕྲོག་པ། ནང་འཁྲུག་གནོན་པ་བཅས་སྟོན་པ། ཐུགས་སྒྲུབ་ཀྱི་མན་ངག་ཟབ་མོ་༼སེ༽༼ཡོལ༽ཞེས་པ་དབུས་གཙང་རུ་བཞིར་སྐྱིད་པ་ཟད་པའི་རྟགས་བདུན་བྱུང་ཚེ་སྣོད་ལྡན་གྱི་བློ་དང་བསྟུན་ཏེ་ཟབ་གཏེར་སྟོན་པ་དང་གཙོ་བོར་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་སྒོ་ནས་ངན་པ་བཟང་པོར་བསྒྱུར་བ། ཆེ། ལམ་


GLG003_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲང་འཇིགས་པ་བསྲུང་བའི་ཕྱིར༔ ལྕགས་སྒྲོག་འདུལ་བའི་མན་ངག་ཡོད༔ ཅེས་ཐེམས་ཅན་ཁ་འཆིང་ལྕགས་སྒྲོག་འཁྲིལ་བ་ལས་མི་རྒོད་གཅན་གཟན་ཁ་འཆིང་བརྒྱ་རྩ་གཅིག་གི་ནང་ནས་བྲམ་ཟེ་རྒོད་མོའི་༼བྱང༽༼སེ༽མན་ངག་རྣོ་ལ་མྱུར་བ། འབྲིང་། ཐེམས་མེད་ལ་ཡུལ་ཕྱོགས་ལུང་པ་བསྲུང་བ་༼ཡོལ༽༼སེ༽དང་རང་ཉིད་བསྲུང་བའི་སྒྲིབ་ཤིང་། ཆེ། གཙུག་ལག་དཔལ་དགེས་ངན་སྔགས་དུག་གི་སྤུ་གྲིའི་ནང་ནས་༼ཡོལ༽༼སེ༽བཏུས་པ་ལ་དྲག་པོ་སྔགས་ཀྱི་སྒྲིབ་ཤིང་། ཆེ། རྫས་རྒོད་ཀྱི་སྒྲིབ་ཤིང་། གསང་ཚིག་འགྲོལ་བའི་སྒྲིབ་ཤིང་ཁྱད་པར་ཅན། རྫས་རྒོད་སྒྲིབ་ཤིང་གི་ཞལ་ཤེས་རྣམས། གཞན་ཡང་ནོར་ལ་གོད་ཁ་༼སེ༽བསྲུང་ཐབས། ཤེར་ཤིང་ཕུར་པར་༼སེ༽༼ཟུར༽བརྟེན་ནས་ཙོ་ར་བསྲུང་བ། ཆེ། སྒྲོ་གསུམ་ལ་བརྟེན་༼སེ༽༼ཟུར༽པའི་སྒྲིབ་ཤིང་། ཆེ། ཆུ་གཙང་ལ་བརྟེན་ནས་ཡུལ་༼ཟུར༽༼སེ༽ཕྱོགས་མི་ནོར་སྒྲིབ་ཤིང་། ཆེ། འཇག་མ་སོར་བཞི་ལ་བརྟེན་༼ཡོལ༽༼སེ༽པའི་སྒྲིབ་ཤིང་། ཆེ། བལ་པོའི་ཇག་འཆིང་༼སེ༽༼ཡོལ༽ཞེས་པ་ལ་འཐིབས་པའི་ལེའུ། འབྲིང་། དཀྲུག་པའི་ལེའུ། ཁ་བྱང་། མི་རྒོད་བཅིང་གསད་ཀྱི་ངན་སྔགས། ཇག་འཆིང་གི་ཏི་ཀ་དང་བཅས་པ། རྐང་༼སེ༽༼བྱང༽མགྱོགས། ཆེ། འབྱུང་བའི་བཅུད་ཉམས་གསོ་བའི་ཕྱིར༔ རིན་ཅེན་ཁང་བུའི་མན་ངག་ཡོད༔ ཅེས་ཐེམས་ཅན་རིན་ཅེན་ཁང་བུ་ཞེས་པ་འབྱུང་བའི་ས་བཅུད་ཉམས་པ་གསོ་བྱེད་གཡང་འབྲིང་། འགུགས་ཕྱྭ་༼སེ༽༼བྱང༽༼གཞོན༽འཕྲིན་ནོར་བུ་མཆོག་རྒྱལ་འདི་བྱང་ཆུབ་གླིང་པའི་གཏེར་མ་ཡིན་ཀྱང་འདིའི་ཆ་ལག་ཏུ་མཛད། ཐེམས་མེད་ལ་སད་བསྲུང་སྤྲིན་གྱི་གོ་ཆ། ༼ཡོལ༽༼སེ༽ཞེས་པ་ཐུན་མོང་ཕྱི་ལྟར་བསྲུང་བ། འབྲིང་། ཁྱད་པར་ནང་ལྟར་བསྲུང་བ། ཡང་གསང་། གནད་ཀྱི་བསྲུང་ཐབས། སད་བསྲུང་ནཱ་ག་


GLG003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་སྒྲོག་ལ་སྤྲིན་༼སེ༽༼ཡོལ༽དང་ན་བུན་བསྡུ་བ། འབྲིང་། སྒྲོག་ཏུ་གཞུག་པ་རླུང་གནོན་ཡང་ཟབ་གནད་ཐིག་རྣམས། ཆར་གཅོད་མེའི་སྤུ་གྲི་ལ། ༼སེ༽༼ཟུར༽ཐུན་མོང་སྤྱིའི་བསྲུང་བ་གསུམ། འབྲིང་། ཁྱད་པར་ཟབ་མའི་མན་ངག་ལྔ། ལོག་གནོན་རྣོ་ལ་ངར་བཏགས་བཞིའི་སྐོར། སེར་བསྲུང་གནམ་ལྕགས། ༼ཡོལ༽གཞོན༼སེ༽གུར་ཁང་ལ། འབྲིང་། ཕྱི་བསྲུང་། ནང་བསྲུང་། གསང་བསྲུང་། ཡང་གསང་གནད་ཀྱི་བསྲུང་བ་མན་ངག་ཁ་འཐོར་ཐོག་བསྲུང་དཔེ་རིས་དང་བཅས་པ། འདོད་ལྡན་ཞིང་གི་ལུང་སྦྱོར་ལ་༼བྱང༽༼སེ༽རྫས་ལ་བརྟེན་པ་དང་། འབྲིང་། རྫས་སྔགས་གཉིས་ཀ་ལ་བརྟེན་པ། བཙའ་སེར༼བྱང༽༼སེ༽བསྲུང་བ། འབྲིང་། བཙའ་དམར་༼བྱང༽༼སེ༽བསྲུང་བ། འབྲིང་། ལོ་ཏོག་ཟ་བའི་༼སེ༽༼བྱང༽སེམས་ཅན་གྱི་རིགས་བསྲུང་བ། འབྲིང་། ཁྱད་པར་རི་བོང་༼སེ༽དང་བྱི་བ་བསྲུང་བ། བསྟན་པའི་མཐའ་མར་བྱི་བས་མི་ཡུལ་འདོན་པ་འབྱུང་༼བྱང༽༼སེ༽བས་དེ་བསྲུང་ཐབས་རིགས་མི་གཅིག་པ་གཉིས། འབྲིང་། དམག་དཔུང་མཚོན་ཆ་བསྲུང་བའི་ཕྱིར༔ གོ་ཆ་གྱད་ཀྱི་མན་ངག་ཡོད༔ ཅེས་ཐེམས་ཅན་གོ་ཆ་གྱད་ཀྱི་མན་ངག་༼བྱང༽༼སེ༽ལ་དམག་ཚོགས་བསྲུང་བ། འབྲིང་། བཟློག་པ་བསྒྱུར་བ། མཚོན་ངར་གསད་པ། ཐེབས་མེད་ལ་མཚོན་གྱི་བསྐལ་པ་ཞི་ཕྱིར་༼ཟུར༽༼སེ༽གནོན་པ་དང་འདོགས་པའི་བསྲུང་བ་སྔགས་བྱང་བཅས་པ། འབྲིང་། གོ་ཆ་གྱད་ཀྱི་༼སེ༽༼ཡོལ༽འཁོར་ལོའི་བྲི་ཡིག་ལུགས་གཉིས། འབྲིང་། སྔགས་དམིགས་ལ་བརྟེན་པའི་༼སེ༽༼ཟུར༽མཚོན་བསྲུང་། འབྲིང་། འདོད་པའི་ཡོན་ཏན་བླང་བའི་ཕྱིར༔ ལས་ཚོགས་རིན་ཅེན་ཆར་འབེབས་ཡོད༔ ཅེས་ཐེམས་ཅན་ལས་ཚོགས་རིན་ཅེན་༼སེ༽༼བྱང༽ཆར་འབེབས་ཞེས་


GLG003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕྱིའི་རྟེན་འབྲེལ། འབྲིང་། ནང་གི་རླུང་རྩིས་འབྱུང་བ་གཡོ་བ་གང་ཟག་གཅིག་དབང་དུ་བསྡུ་བ། ཐེམས་མེད་ལ། ༼སེ༽༼བྱང༽ལོ་རྒྱུས། འབྲིང་། ཛམ་བྷ་ལ་ལྗང་གུའི་༼བྱང༽༼སེ༽རྩ་སྒྲུབ། འབྲིང་། ཆུ་༼བྱང༽༼སེ༽སྦྱིན། འབྲིང་། གཏོར་༼བྱང༽༼སེ༽འབུལ། བསྟོད་པ་འཕྲིན་ལས་རིགས་༼བྱང༽༼སེ༽མཆོག་མ། འབྲིང་། རྣལ་འབྱོར་ཚེ་སྲོག་བསྲིང་བའི་ཕྱིར༔ ཕྱི་ནང་གསང་བའི་ཚེ་སྒྲུབ་ཡོད༔ ཅེས་ཐེམས་ཅན་ལྕགས་སྡོང་མའི་༼ཟུར༽༼སེ༽ཐེམས་བྱང་། འབྲིང་། ཕྱི་སྒྲུབ་རིན་ཅེན་བུམ་པའི་བདུད་རྩི་བཅུད་ཀྱི་སྙིང་པོ།༼སེ༽༼བྱང༽ཞེས་པ་བཅུད་ལེན་སྦྱར་ཐབས་འདིའི་ཡོན་ཏན་ལོ་བརྒྱད་ཅུ་ལོན་ཀྱང་སྐྲ་དཀར་དང་གཉེར་མ་ཞི་ཞིང་གཞོན་ནུ་ལོ་བཅུ་དྲུག་པ་ལྟར་འགྱུར་བ། འབྲིང་། ནང་སྒྲུབ་ལྕགས་ཀྱི་སྡོང་པོ་སྤྲུལ་༼སེ༽༼བྱང༽སྐུའི་སྒྲུབ་པ། འབྲིང་། གསང་སྒྲུབ་ནམ་མཁའ་རྡོ་རྗེ་ཞེས་པ་ཚེ་དང་ཡེ་ཤེས་རྣམ་པར་ངེས་པར་གཟི་བརྗིད་ཀྱི་རྒྱལ་པོ་༼སེ༽༼བྱང༽ལོངས་སྤྱོད་རྫོགས་སྐུའི་སྒྲུབ་པ། འབྲིང་། ཐེམས་མེད་ཡང་གསང་ཧྲཱི༔༼བྱང༽༼སེ༽གཅིག་མ། འབྲིང་། ཚེའི་འཁོར་ལོ་༼སེ༽འདྲི་ཐབས། ཆུང་། མཁའ་འགྲོའི་བརྡ་ཡིག་ལྡེ་མིག་༼ཡོལ༽༼སེ༽དམུས་ལོང་མིག་འབྱེད། འབྲིང་། ཚེ་སྒྲུབ་ལྕགས་ཀྱི་སྡོང་པོའི་མངོན་པར་དབང་བསྐུར་བ་༼བྱང༽འཆད་ཐབས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ། དེའི་བདག་མདུན་བུམ་པའི་ཆོ་ག་༼གནས༽འཆི་མེད་ཚེའི་ཆུ་རྒྱུན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པ། དངོས་གྲུབ་རྒྱ་བཞིན་དབབ་པའི་ཕྱིར༔ མཁའ་འགྲོ་གསང་བའི་སྒྲུབ་ཐབས་ཡོད༔ ཅེས་ཐེམས་ཅན་ལ་རྒྱ་མཚོའི་གླིང་དུ་རྡོ་རྗེ་ཕག་མོའི་༼བྱང༽༼སེ༽ཞལ་མཐོང་བའི་ལོ་རྒྱུས། འབྲིང་། རྡོ་རྗེ་མཁའ་འགྲོ་གསང་བའི་ཐུགས་སྒྲུབ་༼སེ༽༼བྱང༽ཐེམས་མེད་ལ། འབྲིང་། དམར་


GLG003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དབང་སྡུད་༼སེ༽༼ཟུར༽ཀྱི་སྒྲུབ་པ། ཆེ། དམར་མོ་དབང་སྡུད་ལས་ཀྱི་༼ཟུར༽༼སེ༽མཁའ་འགྲོའི་སྒྲུབ་པ། ཆེ། སྙིང་ཏིག་གསང་བའི་སྒྲུབ་ཐབས། ༼ཟུར༽༼སེ༽ནག་པོ་གསང་བའི་གཙུག་རྒྱན། ཆེ། ཕག་མོ་གསང་བའི་ཐུགས་སྒྲུབ་གཏོར་༼སེ༽༼ཟུར༽འབུལ་བསྟོད་པ་དང་བཅས་པ། ཆེ། མེའི་སྦྱིན་༼ཡོལ༽༼སེ༽སྲེག །ཆེ། སྲོག་འཁོར་ལྟོ་འཁོར་༼ཡོལ༽༼སེ༽མ་འདྲི་ཐབས། ཆེ། ནག་མོ་ཐོད་རྒལ་སྒྲུབ་ཐབས་ལག་ལེན་གསལ་༼སེ༽༼ཡོལ༽པའི་མེ་ལོང་ཞེས་པ་གསང་བའི་སྙན་བརྒྱུད། ཆེ། དེ་དང་འབྲེལ་བའི་ཕག་མོ༼ཟུར༽གསང་སྒྲུབ་ཀྱི་ལས་བྱང་། ཆེ། གྲི་སྙིང་ལ་བརྟེན་༼སེ༽༼ཡོལ༽པའི་མངོན་ཤེས་བསྒྲུབ་པ། ཆེ། རིལ་བུར་བརྟེན་ནས་མངོན་༼ཡོལ༽༼སེ༽ཤེས་བསྒྲུབ་པ། ཆེ། སྙིང་གར་ཟླ་དཀྱིལ་བསྒོམས་ནས་མངོན་ཤེས་བསྒྲུབ་༼ཡོལ༽༼སེ༽པ་ཕག་མོས་ལུང་བསྟན་པ། ཆེ། ཕག་མོ་རིགས་༼ཡོལ༽༼སེ༽བཞིའི་སྲོག་འཁོར་འདྲི་ཐབས། ཆེ། རྩ་འཁོར་བཞིར་ཡིག་འབྲུ་བཀོད་༼སེ༽༼ཡོལ༽དེ་ཉམས་སུ་ལེན་པ་ཕག་མོ་རིགས་བཞིའི་སྒྲུབ་པ་ཕག་མོ་དངོས་ཀྱིས་ཨོ་རྒྱན་ཆེན་པོར་གདམས་པ། ཆེ། ཧ་རི་ནི་སྲས་མཁའ་འགྲོ་རྣམ་བཞི། ༼ཟུར༽༼སེ༽དབང་དུ་བསྡུ་བའི་བོགས་འདོན། ཆེ། གཡའ་སྤང་མཚམས་སུ་གྲི་སྙིང་ལ་བརྟེན་ནས། ༼སེ༽༼ཟུར༽རྡོ་རྗེ་ཌཱ་ཀིའི་མིག་མཐོང་བསྒྲུབ་པ། ཆེ། མངོན་ཤེས་འཆར་བ་དམ་ཚིག་༼སེ༽༼ཟུར༽མཁའ་འགྲོའི་སྒྲུབ་པ། ཆེ། ཟས་ནོར་འདུ་བ་རིན་ཅེན་༼ཟུར༽༼སེ༽མཁའ་འགྲོའི་སྒྲུབ་པ། ཆེ། དུག་རྣམས་ཕྱིར་གདོན་ནད་ཀྱི་བསྐལ་པ་བྲལ་བ་༼ཟུར༽༼སེ༽གསང་བ་ཐུགས་ཀྱི་མཁའ་འགྲོའི་སྒྲུབ་པ། ཆེ། འཚོ་བའི་ཟས་ཀྱིས་ཕོངས་པར་༼ཟུར༽༼སེ༽མཁའ་འགྲོའི་བརྒྱགས་སྐྱེལ། ཆེ། ལས་ཚོགས་བཅུ་གསུམ་གྱི་ནང་༼ཡོལ༽༼སེ༽གསེས་མཁའ་སྤྱོད་དུ་འགྲོ་བ། ཆེ། གྲོང་འཇུག །མི་སྣང་བ། མངོན་ཤེས་


GLG003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་འཚོལ། མོ་སྲིད་ལྟེ་བསྒྱུར། ཆར་འབེབས། གཅན་གཟན་ཁ་འཆིང་། རྨི་ལམ་ངན་པ་བཟློག་པ། ལུས་ཀྱི་སྲོག་ཆགས་བསྲུང་བ། ཆང་བསྲུང་། ཞོ་བསྲུང་། ཆང་འདུ་བ། ཟས་ནོར་འདུ་བ། ཤེས་རབ་བསྐྱེད་པ། རྡོ་ལ་ཕུར་པ་བརྡེག་པ་དང་བཅས་པ། རྡོ་རྗེ་དྲག་པོ་རྩལ་གྱི་རྩ་རླུང་དབང་༼བྱང༽༼སེ༽གི་སྦྱིན་སྲེག །ཆེ། བུམ་པ་ལ་བརྟེན་ནས་ནད་གདོན་༼བྱང༽༼སེ༽སྡིག་སྒྲིབ་ཞི་བ། ཆེ། གཏོར་མ་རིན་ཅེན་འབར་བ་ལ་བརྟེན་ནས་༼བྱང༽༼སེ༽ཚེ་དང་བསོད་ནམས་རྒྱས་པ། ཆེ། དཔལ་གཏོར་ནོར་བུ་རིན་ཅེན་༼བྱང༽༼སེ༽ལ་བརྟེན་ནས་དབང་དུ་བསྡུ་བ། ཆེ། བཀའ་སྲུང་ལེགས་ལྡན་ནག་པོར་༼སེ༽༼བྱང༽བརྟེན་ནས་དྲག་པོའི་ལས། ཆེ། ཚངས་པའི་བུ་རྡོ་རྗེ་ཁོལ་བོར་༼ཟུར༽༼སེ༽བཀོལ་བ་དང་ཚངས་པའི་བུ་མོ་རྡོ་རྗེ་ཁོལ་མོར་བཀོལ་བ། ཆེ། རླུང་སྟོད་དུ་འཚངས་པ་༼ཡོལ༽སེལ་བའི་ལས་ཁ་ཚར། ཆེ། ལུས་སེམས་ལ་སྡུག་བསྔལ་གྱི་རྒྱུ་ལས་སྒྲིབ་དང་ཆེ། དགེ་སྦྱོར་འཕེལ་འགྲིབ་༼ཟུར༽ལས་ནད་བྱུང་བ་སེལ་ཐབས། འདི་མཁའ་འགྲོ་སྙིང་ཏིག་གནས་ལ་འཁྱར་མ་འཁྱར་དཔྱད། ཕག་མོའི་གེགས་སེལ་ལ་༼ཟུར༽ཏིང་ངེ་འཛིན་གྱི་སྐྱོན་འཆོས་པ། ཆེ། འབྱུང་གཞི་ཤེས་ཆེ་ཆུང་ལ་བརྟགས་ཏེ་གེགས་སེལ། རྣམ་ཤེས་རླུང་ཞོན་གྱི་མན་ཆེ། ངག །སྣ་ཁྲག །རྔུལ། ཐིག་ལེའི་གེགས་སེལ། གང་ཟག་རྟོག་པ་ཧྲགས་པོ་རྣམས་ལ༼ཡོལ༽༼སེ༽ཐིག་ལེ་རྒྱས་པ་གཟུང་ཐབས། ཆེ། བདུད་ཀྱི་གེགས་སེལ་བའི་མན་ངག་ཟབ་མོ་སུ་རུང་རུང་ལ་བསྟན་ན་མཁའ་འགྲོས་༼ཡོལ༽༼སེ༽ཆད་པ་གཅོད་པའི་མཐའ་ཅན། ཆེ། ཕག་མོའི་སྐོར་གྱི་སྒྲུབ་སྐོར། མངོན་ཤེས་ལེ་ཚན། རིགས་བཞིའི་སྒྲུབ་པ། སྲོག་འཁོར་ལེ་ཚན། ལས་ཚོགས་བཅུ་གསུམ། སྟོད་འཚངས་བཅོས་པ། གསལ་བྱེད། གཏོར་མ་སྙན་རྒྱུད། མེའི་


GLG003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་རྣམས་ལ་ཁྲོས་ནག་གསང་སྒྲུབ་མཛོད་དབུས་མའི་སྐོར་ཞེས་རིགས་འཛིན་ཆེན་པོའི་གསན་ཡིག་ཟུར་དུ་འདུག་ཀྱང་བྱང་པ་རིགས་འཛིན་ཆེན་པོ་དང་བཀྲ་བཟང་པའི་གསན་ཡིག་སོགས་ཕལ་ཆེར་ན་ཆོས་ཚན་ཉེར་ལྔའི་ཁྲོད་དུ་ངོས་འཛིན་པའི་རྗེས་སུ་འབྲང་ངོ་། །ལས་ཅན་སྐལ་ལྡན་སྣོད་དཀོན་པས༔ སློབ་བུའི་འདོད་པ་བརྟག་ཐབས་ཡོད༔ ཅེས་ཐེམས་ཅན་སློབ་བུའི་འདོད་པ་བརྟག་༼སེ༽༼བྱང༽ཐབས་ལ་ཕྱི་རྟགས་ནང་རྟགས་སྤྱོད་པ་བརྟག་པ། འབྲིང་། ཐེམས་མེད་ལ་སློབ་བུའི་སྣོད་བརྟག་༼ཡོལ༽ཐབས་ལ་མཚན་ཉིད། འབྲིང་། རིགས། རྐྱེན། ལྟ་སྤྱོད། ཐེ་ཚོམ། ནང་རྟགས་གསང་རྟགས། རྐྱེན་མེད་དེ་བརྒྱད་ཀྱི་སྒོ་ནས་བསྟན་པ། ཐུགས་སྒྲུབ་སྙིང་པོ་བླང་བའི་ཕྱིར༔ ཡང་ཏིག་གཅེས་པའི་སྒྲོན་མ་ཡོད༔ ཅེས་ཐེམས་ཅན་རྫོགས་པ་ཆེན་པོ་ཡང་ཏིག་ཅེས་པའི་སྒྲོན་མེའི་འཁྲིད་གཞུང་ངམ་བྱང་ཆུབ་༼བྱང༽༼སེ༽སེམས་ཀྱི་ཆོས་ཉིད་སྐྱེ་མེད་དུ་བསྟན་པ། འབྲིང་། ཐེམས་མེད་སྡིག་ཅན་མཁའ་སྤྱོད་ཀྱི་གནས་སུ་འཕང་པ་༼བྱང༽༼སེ༽འཕོ་བའི་མན་ངག ། ཆེ། བླ་མའི་རྣལ་འབྱོར་བརྒྱུད་འདེབས་༼བྱང༽དང་བཅས་པ། འབྲིང་། སྐུ་གསུམ་གཏན་ལ་དབབ་པའི་རྒྱུད་དམ་བྱང་ཆུབ་ཀྱི་༼ཡོལ༽༼སེ༽སེམས་སྐྱེ་བ་མེད་པ་མ་བཅོས་རང་གསལ་གྱི་རྒྱུད་ལེའུ་གསུམ། ཆེ། བསྙེན་སྒྲུབ་ལས་སྦྱོར་ཤན་འབྱེད་པའི༔ ཕྱི་ནང་རྟགས་ཀྱི་རིམ་པ་ཡི༔ ཅེས་ཐེམས་ཅན་རྟགས་རིམ་ཞེས་པར་འདོད་པའི་རྟགས། ༼ཡོལ༽༼སེ༽ཕྱི་ནང་གསང་གསུམ། འབྲིང་། མི་འདོད་པའི་རྟགས་སློབ་དཔོན་དང་འཁོར་བསྟན་པ། ཐེམས་མེད་ཉམས་དང་རྟགས་ཀྱི་རིམ་པ་ལ་༼ཡོལ༽༼སེ༽བླ་མ་བསྒྲུབ་པ་དང་མཁའ་འགྲོ་བསྒྲུབ་


GLG003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཆེ། དྲག་པོ་རྩལ་གྱི་བསྙེན་སྒྲུབ་༼ཟུར༽༼སེ༽རྟགས་རིམ། འབྲིང་། དེ་རྣམས་ཀུན་གྱི་རྩ་བའི་རྒྱུད༔ དྲག་པོ་རང་བྱུང་རང་ཤར་ཡོད༔ ཅེས་ཐེམས་ཅན་རྡོ་རྗེ་ཕུར་པ་ཐུགས་གསང་༼སེ༽༼ཡོལ༽བ་སྐུའི་རྒྱུད་ཅེས་པ་ལེའུ་བཅུ། འབྲིང་། བསོད་ནམས་ལོངས་སྤྱོད་མཐའ་རྒྱས་ཕྱིར༔ ནོར་སྒྲུབ་རིན་ཅེན་སྤུངས་པ་ཡོད༔ ཅེས་ཐེམས་ཅན་ནོར་སྒྲུབ་རིན་ཅེན་སྤུངས་པ་༼བྱང༽༼སེ༽ཞེས་པ་ཛམ་ལ་དཀར་པོའི་ཕྱི་སྒྲུབ། འབྲིང་། ཐེམས་མེད་ཛམ་ལ་༼བྱང༽༼སེ༽དཀར་པོའི་སྒྲུབ་པ་ལ། འབྲིང་། ཕྱི་ཆུ་སྦྱིན། ནང་གཏོར་མ། གསང་བ་གསང་རྫས་ལ་བརྟེན་ནས་བསྒྲུབ་པ། ཐོད་པ་ལ་བརྟེན་ནས་༼ཡོལ༽༼སེ༽ལོངས་སྤྱོད་བསྒྲུབ་པ་བསྟོད་པ་དང་བཅས་པ། འབྲིང་། ཨ་པ་ར་ཙིཏྟ་ཁོལ་པོར་བཀོལ་བ་གནོད་སྦྱིན་༼སེ༽༼བྱང༽སྙིང་བསྒུལ་གྱི་སྒྲུབ་པ། ཆེ། གནོད་སྦྱིན་མ་རྣམ་པར་རྒྱལ་མའི་སྒྲུབ་༼ཡོལ༽༼སེ༽ཐབས་རྡོ་རྗེ་འཁོལ་མོར་བཀོལ་བ། འབྲིང་། གནོད་སྦྱིན་བརྒྱགས་སྐྱེལ་གྱི་༼བྱང༽༼སེ༽མན་ངག་རྣམས། ཆེ། མན་ངག་ཐམས་ཅད་ཡོངས་སུ་རྫོགས་པའི་མཐར་ཆོས་བརྒྱུད་འཛིན་པའི་སློབ་བུ་མ་གཏོགས་ཀུན་ལ་མི་བསྐུར་ཞིང་བརྒྱུད་པ་འཛིན་ངེས་ནའང་དུས་གཅིག་ལ་སློབ་མ་གསུམ་ལས་མང་བར་བསྐུར་བའི་དབང་ཐམས་ཅད་ཀྱི་མཐར་ཐུག་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་༼སེ༽དང་དེའི་ཆེ། ལུང་རྣམས་༼བྱང༽༼སེ༽ལེགས་པར་ཐོབ་པ་ལས་དབང་ཆེ་འབྲིང་ཆུང་གསུམ་དང་བྱང་གི་རྟགས་ཡོད་པའི་ལུང་གི་བརྒྱུད་པ་ནི་རྡོ་རྗེ་བྲག་ཕྱོགས་ཀྱི་གསུང་རྒྱུན་ལ་འདི་ལྟར་འདུག་ཀྱང་དེང་སང་ཕྱག་ལེན་ལ་དབང་རྣམས་ཀྱི་མཇུག་ཏུ་མུ་འཐུད་ནས་བསྐུར་ཞིང་གྲངས་ཀྱི་ངེས་པ་ཡང་མི་མཛད་དོ། །ཆོས་སྐུ་ཀུན་བཟང་ཧེ་རུ་ཀ །ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། སྨུག་ནག་དབང་གི་མཁའ་འགྲོ། ཚངས་པའི་རྒྱལ་པོ་གདོང་གསུམ་པ་


GLG003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་ལྷ་དབང་བརྒྱ་བྱིན། རིགས་འཛིན་ཀླུ་རྒྱལ་འཇོག་པོ། སྐལ་ལྡན་རྒྱལ་པོ་ཛ། མཁས་པ་ཤཱཀྱ་བྷ། ཨོ་རྒྱན་དུས་གསུམ་སངས་རྒྱས། པཎ་ཆེན་བི་མཱ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ། མཁར་ཆེན་བཟའ་འཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། གཏེར་སྟོན་རིགས་འཛིན་ཆེན་པོ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། ཆོས་རྗེ་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། སྔགས་འཆང་ཤཱཀྱ་བཟང་པོ། རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། སྤྲུལ་པའི་སྐུ་མཆོག་ངག་གི་དབང་པོ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ཡབ་སྲས་ནས། རྡོར་འཆང་བསོད་ནམས་བཟང་པོ། གུ་རུ་དབང་ཕྱུག་མགོན་པོ། བླ་མ་དཔལ་ལྡན་བཟང་པོ། གྲུབ་ཆེན་བདེ་ལེགས་རྒྱལ་མཚན། གུ་རུ་ཞི་ཁྲོ་ཞལ་གཟིགས་ཆོས་རྒྱལ་བསོད་ནམས། རིགས་འཛིན་སངས་རྒྱས་བསྟན་པ། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ་མན་གོང་ལྟར། ཡང་ན་དྲིན་ཅན་སངས་རྒྱས་དཔལ་བཟང་ནས། སྔགས་འཆང་ཆོས་རྒྱལ་བསོད་ནམས་མན་སྔར་བཞིན་ནོ། །ཡང་ན་སྲས་མཆོག་ནས། མཁས་གྲུབ་གསང་སྔགས་སྡོང་པོ། རིགས་འཛིན་དཔལ་ལྡན་རྒྱལ་མཚན། མཉམ་མེད་རྒྱལ་མཚན་འབུམ། བྱ་བཏང་བསམ་གྲུབ་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་སེང་གེ །གྲུབ་ཆེན་དཀོན་ཅོག་སྐྱབས། ལེགས་ལྡན་རྗེ་མན་གོང་ལྟར། ཡང་ན་གཏེར་སྟོན་ནས། རིགས་འཛིན་སངས་རྒྱས་བྱམས་བཟང་། སེ་སྟོན་ཉི་མ་བཟང་པོ། སེ་སྟོན་མགོན་པོ་བཟང་པོ། སེ་སྟོན་རིན་ཅེན་རྒྱལ་


GLG003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། སྤྱན་ཚབ་མགོན་པོ་ཟླ་བ། མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་མན་གོང་ལྟར། ཡང་ན་གཏེར་སྟོན་ནས། རིགས་འཛིན་ནམ་མཁའ་གྲགས་པ། དཔང་སྟོན་བདེ་ལེགས་རྒྱལ་མཚན། སེ་སྟོན་རིན་ཅེན་རྒྱལ་མཚན་མན་གོང་བཞིན་ནོ། །ཡང་དབང་རྒྱས་པའི་བརྒྱུད་པ་ལུགས་གཅིག་ལ། ནུབ་དགོན་པ་ནས། བྱམས་པ་བློ་གྲོས་རྒྱལ་མཚན། དབང་པོའི་སྡེ་མན་གོང་ལྟར། ཡང་དབང་རྒྱས་འབྲིང་གཉིས་ཀྱི་བརྒྱུད་པ་ལུགས་གཅིག་དང་རྒྱལ་ཐབས་སྤྱི་ལུགས་ཀྱི་དབང་བརྒྱུད་ནི། ངག་གི་དབང་པོ་ཡན་གོང་ལྟར་ལ། དེ་ནས་ཡོལ་མོ་སྤྲུལ་སྐུ་གཏེར་སྟོན་བསྟན་འཛིན་ནོར་བུ། གཅུང་སྒམ་སྨྱོན་ཕྱག་རྡོར་ནོར་བུ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་དབང་ཆེ་འབྲིང་ཆུང་གསུམ་རྒྱལ་ཐབས་སྤྱི་བླུགས་སེའི་རྟགས་ཡོད་པའི་ལུང་དང་བཅས་པའི་བརྒྱུད་པ་ནི། ཐུགས་སྲས་ནམ་མཁའ་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་གནུབས་ཆེན་ངག་དབང་རྒྱ་མཚོ། སྐྱི་སྟོན་ཚེ་རིང་དབང་པོ། ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། སེ་སྟོན་ནམ་མཁའ་རིགས་འཛིན། སེ་སྟོན་ཐུགས་མཆོག་འོད་འབར། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་ཐུགས་སྲས་རིན་པོ་ཆེ་ནས། བཀྲ་བཟང་བ་འཛམ་གླིང་ཆོས་གྲགས། དྲན་མཆོག་ནམ་མཁའ་བསོད་ནམས། བཀྲ་བཟང་པ་པདྨ་དབང་ཆེན། བཀྲ་བཟང་པ་ཚེ་དབང་རིགས་འཛིན། བཀྲ་བཟང་པ་ནམ་མཁའ་རིགས་འཛིན་མན་འདྲ། ཡང་ན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ནས། རིགས་འཛིན་ཀུན་བཟང་ཉི་མ། སེ་བན་ནམ་མཁའི་རིགས་འཛིན་མན་འདྲ། དབང་ཆེ་བ་དང་ཆུང་བའི་བརྒྱུད་པ་ལུགས་


GLG003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ། སྲས་རྣམ་རྒྱལ་མགོན་པོ་ནས། ཀུན་སྤངས་དོན་ཡོད་རྒྱལ་མཚན། བརྒྱུད་འཛིན་བསོད་ནམས་མཆོག་བཟང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། བྱང་སེམས་ཀུན་དགའ་ཉི་མ། དྲན་མཆོག་སངས་རྒྱས་བརྩོན་འགྲུས། བྱེ་ཚང་པ་རིན་ཅེན་དཔལ་འབྱོར། རྒྱལ་སྲས་སངས་རྒྱས་བདེ་ཆེན། རྗེ་བཙུན་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་དབང་ཆེ་བའི་བརྒྱུད་ལུགས་གཅིག་ལ། སྲས་རྣམ་རྒྱལ་མགོན་པོ་ནས་རྡོར་འཆང་བསོད་ནམས་བཟང་པོ། གྲུབ་ཆེན་དཔལ་ལྡན་རྒྱལ་མཚན། རིགས་འཛིན་རྡོ་རྗེ་གྲགས་པ། བླ་མ་སངས་རྒྱས་སྐྱབས། འཁོན་སྟོན་བྱམས་པ་དཔལ། པཎ་ཆེན་པདྨ་དབང་རྒྱལ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ་མན་གོང་ལྟར། ཡང་ན་གཏེར་སྟོན་ནས་གངས་ཆེན་སངས་རྒྱས་བསྟན་པ། རིགས་འཛིན་སངས་རྒྱས་བྱམས་བཟང་། མཉམ་མེད་སངས་རྒྱས་དཔལ་བཟང་། རྗེ་བསོད་ནམས་བཟང་པོ། སྤྱན་ཚབ་རྗེ། ནུབ་དགོན་རྗེ། མཁས་གྲུབ་བྱམས་པ་བློ་གྲོས་རྒྱལ་མཚན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་མན་གོང་འདྲ། ལྕགས་སྡོང་མའི་དབང་བརྒྱུད་ནི། མགོན་པོ་ཚེ་དཔག་མེད། ཚེའི་ལྷ་མོ་ཙཎྜ་ལི། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་རིགས་འཛིན་ཆེན་པོ། རིགས་འཛིན་སངས་རྒྱས་བྱམས་བཟང་། སེ་སྟོན་རིན་ཅེན་རྒྱལ་མཚན། ཆོས་རྗེ་སྤྱན་ཚབ་པ། མཉམ་མེད་ནུབ་དགོན་པ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། དེས་འཕྱིང་བར་སྟག་རྩེར་བརྒྱ་རྩའི་སྒོ་ནས་ཁོ་བོ་རྗེས་སུ་བཟུང་ངོ་། །ཡང་ན་ངག་གི་དབང་པོ་ནས། ཟུར་རྩ་


GLG003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བླ་མ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། སེ་སྟོན་མགོན་པོ་བཟང་པོ། སེ་སྟོན་རིན་ཅེན་རྒྱལ་མཚན་མན་གོང་ལྟར། ཡང་ན་གཏེར་སྟོན་ནས། དོ་ཆེན་སངས་རྒྱས་བསྟན་པ། སངས་རྒྱས་བྱམས་བཟང་མན་གོང་བཞིན་ནོ། །ཡང་ན་གཏེར་སྟོན་ནས། རྡོ་རྗེ་མགོན་པོ། བྱམས་པ་བཤེས་གཉེན། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ཡོལ་མོ་ཤཱཀ་བཟང་། ལེགས་ལྡན་རྗེ་མན་གོང་ལྟར། ལྕགས་སྡོང་མ་སངས་རྒྱས་སྟོང་གི་བསྐྱེད་ཆོག་ཡོད་པའི་བརྒྱུད་པ་ནི། གཏེར་སྟོན་ནས། རྡོ་རྗེ་དཔལ། བྱམས་པ་བཤེས་གཉེན། ངག་དབང་གྲགས་པ། ཆོས་རྒྱལ་བསོད་ནམས། དེ་སྲས་བསོད་ནམས་ཆོས་སྐྱོང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ། །རྗེ་དབང་རབ་བཀའ་འགྱུར་བ། ཟུར་ཆེན། དེས་བདག་ལའོ། །གོང་གསལ་ཚེ་དཔག་མེད་སྐོར་གྱི་ལུང་གི་བརྒྱུད་པ་ལུགས་གཅིག་ནི། དཔལ་ལྡན་ནམ་མཁའ་གྲགས་པ། འཇམ་དབྱངས་བསོད་ནམས་རྒྱལ་མཚན། བྱ་བྲལ་ཆོས་རྗེ། དཀོན་ཅོག་བློ་གྲོས། བློ་གྲོས་དབང་པོ། ཤཱཀྱ་དཔལ་བཟང་། ནུབ་དགོན་པ། དབང་པོའི་སྡེ། ངག་གི་དབང་པོ། ཟུར་ཐམས་ཅད་མཁྱེན་པས་བདག་ལ་གནང་ངོ་། །ཡང་ན་སངས་རྒྱས་དཔལ་བཟང་ནས། ཆོས་རྒྱལ་བསོད་ནམས། བསོད་ནམས་བཀྲ་ཤིས། རིགས་འཛིན་ལེགས་ལྡན་རྗེ་མན་གོང་ལྟར། ཡང་ན་ལེགས་ལྡན་རྗེ་ནས་རྒྱལ་སྲས་པདྨ་ཆོས་རྒྱལ། དབང་པོའི་སྡེ་མན་འདྲ། ཡང་ནང་སྒྲུབ་ཀྱི་དབང་ལུང་ནི། མེ་སྟོན་ནམ་མཁའ་རྒྱལ་མཚན་ནས། ཐུགས་སྲས་སྤང་ཁང་ཆེན་པོ་དཔལ་ལྡན་བློ་གྲོས། དབང་པོའི་སྡེ་མན་གོང་བཞིན་ནོ། །བརྒྱུད་པ་འདི་སྐུ་ཚེའི་བྱིན་རླབས་ཀྱི་བཀའ་བབས་ཆེ་བར་གྲགས། །ལས་ཀྱི་བྱ་ཁྱུང་གི་གཏོར་དབང་གི་བརྒྱུད་


GLG003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། གཏེར་སྟོན་ནས་རྡོ་རྗེ་རྣམ་གཉིས། བླ་མ་རྣམ་གཉིས། སངས་རྒྱས་དཔལ་བཟང་། ཐུགས་སྲས་རིན་པོ་ཆེ། སྔགས་འཆང་ཤཱཀ་བཟང་། རིགས་འཛིན་ཆེན་པོ་བྱང་བདག་ཡབ་སྲས། ཡོལ་མོ་བ་མཆེད་གཉིས། ཟུར་ཆེན། དེས་བདག་གོ །ཡང་ཏིག་གཅེས་སྒྲོན་དང་འཕོ་བའི་ཉམས་འཁྲིད་ཀྱི་བརྒྱུད་པ་ནི། གཏེར་སྟོན་ཡབ་སྲས་ནས། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། དྲིན་ཅན་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། གནུབས་ཆེན་ངག་དབང་རྒྱ་མཚོ། སྐྱི་སྟོན་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ཏིག་གཅེས་སྒྲོན་གྱི་ཉམས་འཁྲིད་ཀྱི་བརྒྱུད་ལུགས་གཅིག་ལ། གཏེར་སྟོན་ཡབ་སྲས་ནས། རིགས་འཛིན་སངས་རྒྱས་བྱམས་བཟང་། སེ་སྟོན་ཉི་མ་བཟང་པོ། སེ་སྟོན་མགོན་པོ་བཟང་པོ། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། མཁན་ཆེན་བྱམས་པ་བཟང་པོ། རང་གྲོལ་ཀུན་བཟང་ཉི་མ། རྫོགས་ཆེན་པ་འབྲུག་སྒྲ་བཟང་པོ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡོལ་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། རིགས་འཛིན་ངག་གི་དབང་པོ་ཡན་གོང་ལྟར་ལ། དེ་ནས་མཆོག་སྤྲུལ་བསྟན་འཛིན་ནོར་བུ། རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཟུར་གྱི་རྟགས་ཡོད་པ་རྣམས་ཀྱི་ལུང་བརྒྱུད་ནི། གཏེར་སྟོན་ཡབ་སྲས་ནས། སྔགས་འཆང་རྣམ་གཉིས། མཚན་ལྡན་རྣམ་གཉིས། སངས་རྒྱས་དཔལ་བཟང་།
ཐུགས་སྲས་རིན་པོ་ཆེ། གནུབས་ངག་དབང་རྒྱ་མཚོ། སྔགས་འཆང་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །གནས་ཀྱི་རྟགས་ཡོད་པའི་བརྒྱུད་པ་ནི། རིགས་འཛིན་ཆེན་པོ་ནས། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཞ་ལུ་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །གཞོན་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། ཆོས་རྒྱལ་མངྒའི་མཚན་ཅན་ནས། སྔགས་འཆང་ཆེན་པོ་གཞོན་ནུ་དོན་གྲུབ། རྩ་བའི་བླ་མ། དེས་བདག་ལའོ། །

རྩ་རླུང་ཟབ་ལམ་གསང་འཁྲིད་བདེ་སྟོང་རྒྱ་མཚོ་ཞེས་རྡོ་རྗེ་དྲག་པོ་རྩལ་གྱི་ཡུམ་བཀའི་སྐོར།


GLG003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་རིགས་འཛིན་ཆེན་པོས་དབུས་སྙིང་མཛོད་སྨུག་པོ་ནས་སྤྱན་དྲངས་པའི་སློབ་དཔོན་ཆེན་པོ་ལ་ཡུམ་རྡོ་རྗེ་ཕག་མོས་དངོས་སུ་གནང་བའི་རྩ་རླུང་ཟབ་ལམ་གསང་འཁྲིད་བདེ་སྟོང་རྒྱ་མཚོ་ཞེས་རྡོ་རྗེ་དྲག་པོ་རྩལ་གྱི་ཡུམ་བཀའི་སྐོར་ལ། ཐོག་མར་དབང་ཆོག་བཀའ་རྒྱ་ཅན་གྱི་སྟེང་ནས་ཀ་པཱ་ལར་བརྟེན་ནས་བུམ་དབང་། སིནྡྷུ་ར་ལ་བརྟེན་ནས་གསང་དབང་། མཚན་ལྡན་ཕྱག་རྒྱ་ལ་བརྟེན་ནས་ཤེར་དབང་། གཟུགས་བརྙན་སྣ་ཚོགས་ལ་བརྟེན་ནས་རིག་པའི་རྩལ་དབང་། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་། རྩ་རླུང་ཐིག་ལེ་སྦྱང་བ། རྡོ་རྗེ་སྦུགས་སུ་འདྲེན་པ། གེགས་སེལ་བོགས་འདོན་རྩ་རླུང་འཁྲུལ་འཁོར་གྱི་རིམ་པ་སྟེ་རང་ལུས་ཡབ་རྐྱང་ལ་བརྟེན་པའི་ཉམས་འཁྲིད་སྨིན་རྒྱས། ཞར་བྱུང་གཞན་ལུས་ཡུམ་དང་གཉིས་མེད་ལ་བརྟེན་པའི་བདེ་སྟོང་གི་རྩལ་སྦྱོང་གོ་ཡུལ་ངོ་སྤྲོད་དང་བཅས་པ་སྨིན་རྒྱས་སུ་མནོས། རྒྱབ་རྟེན་དུ་གསང་འཁྲིད་བདེ་སྟོང་རྒྱ་མཚོའི་གཞུང་ལ་ནང་གསེས་ཀྱི་སྔོན་འགྲོ། ཡབ་རྐྱང་ལ་བརྟེན་ནས་རྩ་རླུང་སྦྱོང་བ། འཁྲུལ་འཁོར་རྩ་ཚིག་


GLG003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བརྟག་པ། འགུགས་པ། མི་སྣང་བ། གཞན་ལུས་ལ་བརྟེན་པའི་རྩ་རླུང་ཐིག་ལེའི་ཉམས་ལེན་དངོས། མཇུག་གི་རིམ་པ་དང་བཅས་པ། སྨིན་བྱེད་དབང་ཆོག་བཀའ་རྒྱ་མ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རིགས་ལྔ། དྲུག་པ་རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཨོ་རྒྱན་བཀའ་དྲིན་མཉམ་མེད། པཎ་ཆེན་བི་མཱ་ལ། ལོ་ཆེན་བཻ་རོ་ཙ་ན། རྗེ་ཁྲི་སྲོང་ལྡེ་བཙན། ཇོ་མོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་རིགས་འཛིན་ཆེན་པོ། སྔགས་འཆང་རྡོ་རྗེ་མགོན་པོ། རིགས་འཛིན་ནམ་མཁའ་གྲགས་པ། སྤྲུལ་སྐུ་འཇམ་དཔལ་འོད་ཟེར། སྔགས་འཆང་ཆོས་རྒྱལ་བསོད་ནམས། རིགས་འཛིན་སངས་རྒྱས་བསྟན་པ། འཁྲུལ་ཞིག་དཀོན་ཅོག་བཟང་པོ། བྱམས་པ་རིན་ཅན་རྡོ་རྗེ། སྔགས་འཆང་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྡོ་རྗེ་མགོན་པོ་ནས། མཚན་ལྡན་ངག་དབང་གྲགས་པ། དྲིན་ཅན་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། གནུབས་ངག་དབང་རྒྱ་མཚོ། སྐྱི་སྟོན་སྔགས་འཆང་མན་གོང་བཞིན་ནོ། །སྤྲུལ་སྐུ་རིགས་འཛིན་ཆེན་པོས་ལྷོ་གསེར་མཛོད་སེར་པོ་ནས་སྤྱན་དྲངས་པའི་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་ནི་རྒྱུད་ལས། ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་ནི༔ ཤེས་པ་ཙམ་གྱིས་ཆོག་པ་ཡིན༔ དྲན་པ་ཙམ་གྱིས་ལམ་སྣ་བགྲོད༔ ཡེ་ཤེས་ནང་ནས་ཁྱད་པར་ཆེ༔ ལྷ་ཡི་ནང་ནས་ལྷ་མཆོག་ཡིན༔ དེ་ལ་བསྙེན་དང་སྒྲུབ་པ་དང་༔ མཆོད་དང་བསྟོད་པ་ཐམས་ཅད་ཀུན༔


GLG003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་སུ་མངོན་འཚང་རྒྱ༔ ཞེས་ཆེས་ཆེར་བསྔགས་པའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྒྲུབ་གཞུང་གི་སྟེང་ནས་སྟ་གོན་དང་། རང་བྱུང་རང་ཤར་གྱི་རྒྱུད་ནས་པདྨ་ཐོད་འཕྲེང་རྩལ་གྱིས་ལོགས་སུ་བཀོད་པའི་རྩ་བའི་དབང་ངམ་བསྙེན་པ་གསོ་བའི་དབང་ཆོག་གི་སྟེང་ནས་དཀྱིལ་འཁོར་དུ་འཇུག་པ། མེ་ཏོག་འཕྲེང་བ། ནུས་པའི་དབང་། རིག་པའི་དབང་ལྔ། སྨན་རཀ་གཏོར་གསུམ། ཕྱག་མཚན་རྒྱན་དབང་། ལྷ་དབང་། བྱང་སེམས་ལ་བརྟེན་ནས་གསང་དབང་། ཕྱག་རྒྱ་ལ་བརྟེན་ནས་ཤེར་དབང་། བརྡ་དང་ངོ་སྤྲོད་ལ་བརྟེན་ནས་ཚིག་དབང་། ལྟ་སྒོམ་སྤྱོད་པའི་དབང་། མཐའ་རྟེན་སྒྲོལ་དབང་དང་བཅས་པ། ཚེ་ལྷ་ཡོངས་རྫོགས་ཀྱི་དབང་། བྱ་ཁྱུང་ཡོངས་རྫོགས་ཀྱི་དབང་། ནོར་ལྷ་ཡོངས་རྫོགས་ཀྱི་དབང་རྣམས་ལེགས་པར་མནོས། རྒྱུད་དང་འཁྲིད་གཞུང་རྣམས་ཀྱི་སྙིང་པོ་གཅིག་ཏུ་བསྡུས་པ་རྩ་བ་སྡོང་པོ་ལྟ་བུའི་འཁྲིད། གྱེས་པ་ཡལ་ག་ལྟ་བུའི་འཁྲིད། སྨིན་པ་འབྲས་བུ་ལྟ་བུའི་འཁྲིད་ཡིག་བཀའ་བརྒྱད་ཀྱི་དགོངས་པ་སྙིང་ཏིག་ཐམས་ཅད་ཀྱི་སྲོག་མ་ཚང་བ་མེད་པར་སྐལ་ལྡན་ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཆ་རྐྱེན་དུ་རྒྱལ་དབང་པདྨས་རྒྱུད་ལས་གུད་དུ་ཕྱུང་བ་ལ་གཞི་བྱས། ཁྲི་སྲོང་རྣམ་སྤྲུལ་མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པའི་རིམ་ལྔ་གདན་ཐོག་གཅིག་ཏུ་སྒོམ་པའི་འཁྲིད་ཡིག་རང་ལུས་འབྱུང་བཞི་འདུས་པའི་བྲག་རི་དུག་ལྔའི་སྦྲུལ་གྱིས་ཀུན་ནས་སྤུངས་པའི་དབུས་ནས་དགོངས་གཏེར་དུ་བྱུང་བ་དང་། གཏེར་བྱོན་གནམ་ཞལ་དོན་འཁྲིད་གཉིས་སྡེབས་རིགས་འཛིན་བརྒྱུད་པའི་གསུང་རྒྱུན་གྱིས་ལེགས་པར་བརྒྱན་ཏེ་དབང་པོ་མཐའ་མའི་རིམ་པ་གསུམ་ལ་ཉན་རང་དབུ་སེམས་ཀྱི་འཁྲིད་


GLG003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་འབྲིང་གི་རིམ་པ་གསུམ་ལ་བྱང་སེམས་ཀྲྀ་ཡོག་ཨུ་པ་གསུམ་གྱི་འཁྲིད། གནམ་ཞལ་དོན་འཁྲིད་ནས་གསུངས་པའི་ཡོ་ག་གསུམ་ལ་བརྟེན་པའི་ལྷ་འཁྲིད། དབང་པོ་རབ་ཀྱི་མཐའ་མ་ལ་གསང་དབང་དང་འབྲེལ་བ་རྩ་རླུང་གི་འཁྲིད། དབང་པོ་རབ་ཀྱི་འབྲིང་ལ་ཤེར་དབང་དང་འབྲེལ་བ་ཐབས་ལམ་གྱི་འཁྲིད། རང་བྱུང་རང་ཤར་ལེའུ་བཅོ་ལྔ་པ་ལས་ཕྱུང་བ་ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག །དབང་པོ་རབ་ཀྱི་རབ་ལ་ཡེ་ཤེས་ཟང་ཐལ་དང་ཡང་མཐུན་པ་སྒོམ་མི་དགོས་པར་མཐོང་བས་གྲོལ་བ་འོད་གསལ་རྫོགས་པ་ཆེན་པོ་སྣོད་བཞིའི་འཁྲིད་རྣམས་སྨིན་རྒྱས་སུ་མནོས། རྒྱབ་རྟེན་ལུང་གི་སྐོར་ལ། ཐེམས་བྱང་ལས། རྒྱུད་ཆེན་གཉིས་ཀྱིས་ཐོག་དྲངས་ནས༔ བསྐྱེད་རིམ་ཆོས་ཚན་བརྒྱ་རྩ་བརྒྱད༔ རྫོགས་རིམ་ཆོས་ཚན་བཅུ་གཅིག་ཡོད༔ ཤིན་ཏུ་གཅེས་ཤིང་དམ་པར་བཅད༔ རྩེ་གཅིག་སྒྲུབས་ལ་ཉམས་སུ་ལོང་༔ ཞེས་པ་ལྟར། རྒྱུད་ཀྱིས་ཐོགས་དྲངས་པའི་བསྐྱེད་རིམ་གདམས་པའི་སྐོར། རྫོགས་རིམ་གྱི་གྲོལ་བྱེད་ཀྱི་སྐོར་དང་གཉིས་ལས། དང་པོ་ལ། རྩ་རྒྱུད་ཀྱི་སྐོར། སྒྲུབ་པ་འཕྲིན་ལས། སྨིན་བྱེད་དབང་རིམ། ཉམས་ཆགས་དག་བྱེད་སྐོར། རང་གཞན་ཕན་བདེ་འབྱུང་ཐབས། གཤིན་ལ་ཕན་གདགས་པ། ནད་གདོན་བར་གཅོད་བཟློག་ཐབས། བསོད་ནམས་ཚོགས་གསོག །ཐུན་མོང་ཆོས་སྤྱོད། ཕན་གནོད་ལས་ཕྲན། ཆོས་སྐྱོང་བསྟན་སྲུང་། ཡོངས་རྫོགས་རྣམ་གསུམ། ཉམས་ལེན་ལྷ་འཁྲིད་ཀྱི་རིམ་པ་དང་བཅུ་གསུམ། དང་པོ་ལ། དྲག་པོ་རང་བྱུང་རང་ཤར་ཆེན་པོ་རྩ་བའི་རྒྱུད་ལེའུ་ཉེར་དྲུག་པ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་རྒྱ་གར་དང་།


GLG003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་གྱི་སྒྲ་གཉིས་རང་འགྱུར་དུ་མཛད་པ། རང་བྱུང་རང་ཤར་རྩ་བའི་རྒྱུད་དམ། རྒྱལ་ཚབ་རང་བྱུང་རང་ཤར་དུ་བྱོན་པ་ལེའུ་ཉེར་ལྔ་པ་བསམ་འཕེལ་ནོར་བུའི་རྒྱ་ཅན། ཞི་ཁྲོ་བཀའ་བརྒྱད་འདུས་པའི་སྔགས་རྒྱུད་རིན་ཅེན་འཕྲེང་བ་ལེའུ་བཅོ་ལྔ་པ། རྒྱུད་ལེའུ་ཉེར་དྲུག་པའི་གྲངས་ངེས་མཁྱེན་རབ་དབང་ཕྱུག་གིས་མཛད་པ། དེ་མཛད་པའི་རྒྱུད་ཀྱི་ལས་རིམ་རྩ་བ་གསལ་བྱེད། དེས་མཛད་པའི་གསང་རྒྱུད་རྩ་བ་སྡོམ་གྱིས་བསྡུས་པ་རྣམ་པར་ཕྱེ་བ་རྣམས། གཉིས་པ་སྒྲུབ་པ་འཕྲིན་ལས་ཀྱི་སྐོར་ལ། ཐེམས་བྱང་ཞལ་གདམས་ལེའུ་བརྒྱད་པ། ཞི་བ་གསང་ཆེན་རིགས་གཅིག་གི་སྒྲུབ་པ། རྩ་བ་སྡོང་པོ་ལྟ་བུའི་སྒྲུབ་ཐབས། གྱེས་པ་ཡལ་ག་ལྟ་བུའི་སྒྲུབ་ཐབས། རྒྱས་པ་ལོ་འདབ་ལྟ་བུའི་སྒྲུབ་ཐབས། མཛེས་པ་མེ་ཏོག་ལྟ་བུའི་སྒྲུབ་ཐབས། སྨིན་པ་འབྲས་བུ་ལྟ་བུའི་སྒྲུབ་ཐབས། བདེ་གཤེགས་རྩ་བ་དྲིལ་སྒྲུབ་སྙིང་གི་གཏེར། རྩ་བ་ཡང་དྲིལ་གྱི་སྒྲུབ་ཐབས། རང་བྱུང་རང་ཤར་རྒྱུད་མཆོག་སྙིང་པོའི་བཅུད། ཞི་ཁྲོའི་དྲིལ་སྒྲུབ་རང་བྱུང་རང་ཤར་ཆེན་པོའི་བཅུད། བཀའ་བརྒྱད་བརྒྱུད་པའི་གསོལ་འདེབས་ཁྱབ་བདག་མངའ་རིས་པཎ་ཆེན་གྱིས་མཛད་པ། དེས་མཛད་པའི་བརྒྱུད་འདེབས་འོག་མིན་ཆོས་དབྱིངས་མ། དྲུག་པོ་རང་བྱུང་རང་ཤར་ཆེན་པོའི་སྒྲུབ་གཞུང་ཆེན་མོ། བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་ཆེན་པོའི་སྒྲུབ་གཞུང་ཟུར་འདེབས། སྒྲུབ་པ་རྒྱས་པའི་ལག་ལེན་བཀའ་བབས་སྤྱི་དོན་ཆེན་མོར་གྲགས་པ་མཁྱེན་རབ་དབང་ཕྱུག་གི་གསུང་། སྒྲུབ་པའི་ཡུམ་བརྟག་པའི་ཡིག་ཆུང་། སྒྲུབ་ཆེན་སྐབས་མངའ་གསོལ་བྱ་བའི་ཡིག་ཆུང་། དམ་བཅའ་བཀོལ་བ། རྒྱུན་བཤགས་ནར་མ། མཆོད་སྐོང་བསྡུས་པ། བར་ཆད་མྱུལ་ལེ་རྒྱས་པར་བརྟགས་ཏེ་བཟློག་པ།


GLG003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱད་ཡན་ལག་སྟོང་གི་བཤད་པ། བདུད་རྩི་རྩ་བ་སྒྲུབ་པའི་ཟུར་འདེབས། དངོས་གྲུབ་ཡོངས་རྫོགས་བསྐུལ་བ། སྒྲུབ་ཆེན་བཀའ་བརྒྱད་དུས་གསུམ་རྒྱལ་བ་ཡོངས་རྫོགས་ཀྱི་འཕྲིན་ལས་སྔོན་འགྲོ། དྲག་པོ་རང་བྱུང་རང་ཤར་ཆེན་པོའི་འཕྲིན་ལས་འབྲིང་པོ། གསང་བ་སྒྲུབ་ཆེན་ལས་འཁྲིད་ཡི་དམ་རྒྱུན་འཁྱེར་དུ་གྲགས་པ་སྔགས་ཀྱི་སྒྲུབ་པ། བཀའ་བརྒྱད་འཕྲིན་ལས་ཀྱི་སྐབས་སུ་མཁོ་བའི་སྒོམ་ཁོག །བསྟོད་པ་ཆོས་སྐུ་སྐྱེ་མེད་མ། བཀའ་བརྒྱད་གདན་གྱི་རྣམ་པར་དབྱེ་བ། མངའ་རིས་པཎ་ཆེན་གྱིས་ལྷོ་བྲག་ཏུ་མཛད་པ། དེས་མཛད་པའི་ལྷ་བསྐྱེད་པའི་གདན་ལུགས་འབྱུང་ལུགས་ལྡོག་གི་ཚུལ་ཟུར་དུ་བཀོལ་བ་རྣམས། གསུམ་པ་སྨིན་བྱེད་དབང་གི་རིམ་པ་ལ། བཀའ་བརྒྱད་ཀྱི་དབང་གི་ཆུ་བོའི་བབས་སོ་ཆེན་པོ། རང་བྱུང་རང་ཤར་ཆེན་པོའི་རྒྱུད་ཀྱི་ཉམས་ལེན་ལྟ་སྒོམ་སྤྱོད་པ་འབྲས་བུ་མདོ་འགག་ཏུ་དྲིལ་བ་ཉོན་མོངས་དུག་སྦྲུལ་སྤུངས་པའི་སྒྱུ་ལུས་ཀྱི་བྲག་རི་ཆེན་པོའི་ནང་ནས་ལྷ་རིགས་པདྨ་དབང་རྒྱལ་གྱི་དགོངས་གཏེར་དུ་ཕྱུང་བ། རང་བྱུང་རང་ཤར་གྱི་དབང་གི་ལྷན་ཐབས་དོན་གསལ་སྒྲོན་མ་ཉི་ཟླའི་རྒྱ་ཅན། རྩ་དབང་བཀོལ་བའམ། བསྙེན་པ་གསོ་བའི་དབང་དུ་གྲགས་པ་དཔལ་སྔགས་ཀྱི་སྲུང་མ་རྡོ་རྗེ་ཁྲོ་གདོང་མར་གཉེར་དུ་གཏད་པའི་མཐའ་ཅན། བཀའ་བརྒྱད་དབང་གི་བུམ་སྒྲུབ། དུས་བསྙེན་སྒྲུབ་དབང་གི་ཁྲིགས་སམ་སྒྲུབ་དབང་ཆེན་མོའི་ཆོ་གའི་སྡོམ་དུ་གྲགས་པ། སློབ་མ་སྟ་གོན་བཀོལ་བ། ལྷ་གཙོ་བོ་ཡབ་ཡུམ་གྱི་ཕྱག་མཚན་རྣམས་ཀྱི་ལྷ་བཀོད་རྣམས། བཞི་པ་ཉམས་ཆགས་དག་བྱེད་སྐོང་ལ། ཕྱིའི་བཤགས་པ་ན་རག་དོང་སྤྲུག །དམ་ཚིག་གསོ་བའི་བསྐང་གསོ་བཀོལ་བའོ། །ལྔ་པ་


GLG003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་ཕན་བདེ་འབྱུང་ཐབས་ལ། འགྲོ་བའི་བསོད་ནམས་ཚོགས་རྫོགས་པར་བྱ་བ་སྐུ་གསུང་ཐུགས་རྟེན་གྱི་རབ་གནས་བཀའ་བརྒྱད་ཡོངས་རྫོགས་ཀྱི་རྒྱུད་ལས་བྱུང་བ། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་ཡོངས་རྫོགས་རང་བྱུང་རང་ཤར་གྱི་རྒྱུད་ལས་བྱུང་བ། སྐུ་གདུང་སཱཙྪའི་ལས་རིམ་ཞེས་པ་ངོ་བོ་ངེས་ཚིག །དབྱེ་བ་དགོངས་ཆེད་བཞེང་ཐབས་འབྲས་བུ་རྣམས་བསྟན་པ་ལས། ནམ་མཁའ་རླུང་ཆུ་མའི་སཱཙྪ། ཞི་བའི་སཱཙྪ། རྒྱས་པའི་སཱཙྪ། དབང་གི་སཱཙྪ། དྲག་པོའི་སཱཙྪ། སྡིག་པ་སྦྱོང་བའི་སཱཙྪ། གཤིན་པོའི་དོན་བྱེད་ཀྱི་སཱཙྪ། འཆི་བདག་བཟློག་ཅིང་སྲིའུ་གསོ་བའི་སཱཙྪ། བསོད་ནམས་རྒྱས་པའི་སཱཙྪ། རྒོལ་བ་འཇོམས་པའི་སཱཙྪ། ཕུར་ཁ་དང་ཟོར་ཁ་བཟློག་པའི་སཱཙྪ། ཁྲིམས་ཉམས་གསོ་བའི་སཱཙྪ། ཉམས་ཆགས་གསོ་བའི་སཱཙྪ། མཛེ་འཕྲོ་གཅོད་པའི་སཱཙྪ་རྣམས། དྲུག་པ་གཤིན་ལ་ཕན་གདགས་པ་ལ། བདུན་ཚིགས། ཟས་གཏད། ཚེ་འདས་དགུག་ཅིང་གཤེད་དང་དབྲལ་བ། གནས་སྤར་བ། རོ་སྲེག་རྣམས། བདུན་པ་ནད་གདོན་བར་གཅོད་བཟློག་ཐབས་ལ། རང་བྱུང་རང་ཤར་གྱི་རིགས་འཛིན་སྤྱི་བསྐུལ་འོག་མིན་ཆོས་དབྱིངས་མ། བསྟོད་བསྐུལ་ལས་བཞི་ལྷུན་གྲུབ། བསྐུལ་ཆུང་བ་མི་མངོན་དབྱིངས་བཞུགས་མ་རྫོགས་སོའི་མཐའ་ཅན། དཀོན་ཅོག་སྤྱི་བསྐུལ་ལམ་བསྐུལ་ཆེན་མོར་གྲགས་པ་མི་མངོན་དབྱིངས་བཞུགས་མ་རྣལ་འབྱོར་བར་གཅོད་བཟློག་པའི་ལས་མཛོད་ཅིག་པའི་མཐའ་ཅན། བཀའ་བརྒྱད་ཡོངས་རྫོགས་ཀྱི་དྲག་ལས་བཀོལ་བའམ་བསྒྲལ་ལས་དོན་བརྒྱད་མ་གསད་པའི་ལས་བཞི་ཤིན་ཏུ་གསལ་བ། བདེན་བདར་ཆེན་མོ་རྡོ་རྗེ་ཐེག་པའི་ལྷ་ཚོགས་སྤྱི་ལ་མཁྱེན་པར་གསོལ་བ། རལ་གྲི་བྱུང་རྡེག་ཅེས་པ་ནང་


GLG003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གསེས་ཀྱི་སྙན་གསན། གཟུ་དཔང་། དགུག་གཞུག །ཡེ་ཤེས་ཀྱི་ལྷ་ཚོགས་བཞེང་པར་གསོལ་བ་བླ་མ་ཡི་དམ་རྣམས་བསྐུལ་བར་དཔེ་ཚན་གཅིག །ཚེ་ལུང་ཁྲུས་ལུས། ཁྲོ་བོ་རོལ་པའི་གཏོར་བཟློག་གི་རྩ་བ། ས་བཅད། ཟློག་གཞུང་ཆེན་མོའི་ཚིག་བར་དགུ་མ། འདེབས་ཁ་དགུ་ནི། གཤིན་རྗེ། མ་མོ། རྒྱལ་པོ། ཀླུ། ཐེའུ་བྲང་། བཙན། གཟའ། བདུད། སྲིན་པོ་བཟློག་པ། ལས་ཕྲན་བཅུ་ནི། ཤི་ཁ་གཅོད་པ། བསེ་རག་ཁ་འཆིང་། སྨྱོ་འདུལ། སེར་བསྲུང་། ནད་ཁ་གཅོད་པ། ཚེ་སྒྲུབ། ནད་པ་བསྲུང་བ། ཞོ་ཆང་བསྲུང་བ། སྡེ་བརྒྱད་ཀྱི་གཤོམ་རྣམས། བརྒྱད་པ་བསོད་ནམས་ཚོགས་གསོག་ལ། རྒྱུད་ལས་གསུངས་པའི་ཕྱི་གཏོར། ནང་གི་གཏོར་མ། གསང་བའི་གཏོར་མ། ཐུན་མོང་ཆུ་སྦྱིན། ཆ་གསུམ་གཏོར་མ། སྤྱི་དོན་དྲུག་པ། ཆ་གསུམ་བསྡུས་པ་རྣམས། དགུ་པ་ཐུན་མོང་ཆོས་སྤྱོད་ལ། ལྡང་བ། ཁྲུས། ཕྱི་ནང་གསང་བའི་མཎྜལ། བཟའ་ཚོགས། སྐོམ་གོས། འགྲོ་ཆག །ཉལ་བ། འདུག་པ། སྐོར་བ། སྦྱིན་པ། ནད་གདོན་གཞོམ་པ་རྣམས་ཡོད་ཅིང་ཆོས་སྤྱོད་ཉེར་གཅིག་གསུངས་པའི་འགའ་ཞིག་ནི་ཆོས་ཚན་གཞན་དུ་ཁ་འཕངས་པས་དོན་གྱིས་ཚང་ངོ་། །ངག་གི་ནུས་འདོན་སྒྲིབ་ཚོགས་འདག་པའི་ཆོ་ག་རྣམས། བཅུ་པ་ཕན་གནོད་ལས་ཕྲན་ལ། ཤེས་རབ་བསྐྱེད་པ་དབྱངས་ཅན་དཀར་མོའི་སྒྲུབ་པ། དུག་ཁྲག་ཡོངས་རྫོགས་སྦྱོར་བ། བསྲུང་བཟློག་གནམ་ལྕགས་མེ་འབར། བཀའ་བརྒྱད་འདུས་པའི་དྲག་སྔགས། དེའི་ལས་རིམ་བརྒྱད་ལ་དྲག་སྔགས་བསྙེན་པ་སྐྱེལ་བ། རྣལ་འབྱོར་སྒྲིབ་པ་སྦྱོང་བ། ཆོས་སྐྱོང་ལས་ལ་བསྐུལ་བ། སྡེ་བརྒྱད་བྲན་དུ་བཀོལ་བ། རིགས་བཞིའི་ཀླུ་རྣམས་གདུལ་བ། གདུག་པའི་


GLG003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་གདུལ་བ། བར་གཅོད་བགེགས་དཔུང་གཞོམ་པ། བ་ལིང་གཏོར་མ་དབུལ་བའོ། །དེའི་འཕྲོས་ལས། བདེ་གཤེགས་ཡོངས་རྫོགས་དྲག་སྔགས་ཀྱི་བསྙེན་པའི་རྟགས་ཡིག །དམ་ཅན་སྲོག་འཁོར་བསྐོར་བ། སྡེ་བརྒྱད་གནད་དབང་། མཛེ་གསོ་བ། སྦྱིན་སྲེག །རྦོད་གཏོང་བཟློག་པ། རང་འཁོར་བསྲུང་བ། སྲིའུ་གསོ་བ། སྨྱོན་པ་གདུལ་བ། ཞོ་ཆང་བསྲུང་བ། ནག་པོ་དགུ་སྦྱོར་མི་གཅིག་པ་གཉིས་ལ་བརྟེན་ནས་མཛེ་ལྷོག་ཤུ་འབྲུམ་བསྲུང་བ། ཟོར་དང་སྦྱིན་སྲེག་མནན་པའི་ལས། ཐུབ་ཆོད་ཀུན་དྲིལ་གྱི་བཟློག་པ། མཁའ་འགྲོ་མའི་དྲག་སྔགས་ཀྱིས་དགྲ་བགེགས་ཐམས་ཅད་སྒྲོལ་ཞིང་བཟློག་པ་སེང་གདོང་དམར་མོའི་སྐོར་ལ། རྩ་སྒྲུབ། ཚེ་སྒྲུབ། དབང་སྡུད། ནོར་སྒྲུབ། རྨི་ལམ་ངན་པ་བཟློག་པ། རིམས་བསྲུང་བ། གཤགས་འགྲན་པ། ཕྱོགས་ངན་བདུད་གཅོད་བསྲུང་བ། མཚོན་བསྲུང་། འཁྲུག་གྲལ་དུ་འགྲོ་བའི་དུས་ན་བསྲུང་བ། གཏོར་མ། བསྟོད་བསྐུལ་རབ་འཇིགས་དུར་ཁྲོད་མ་རྣམས། སྔགས་སྡེབ་ཀྱི་ལག་ལེན་སྙིང་གི་ཏི་ཀ་ཡོངས་རྫོགས་སྐྱིན་ཐང་དབབ་པ། དམོད་པ་དྲག་སྔགས་ཀྱི་སྒྲུབ་པ་ཤིནྟཾ་གརྦྷ་དང་སློབ་དཔོན་པདྨའི་ཐུགས་ཀྱི་བརྣག་པ་རྣམས། བཅུ་གཅིག་པ་ཆོས་སྐྱོང་བསྟན་སྲུང་སྐོར་ལ། སྡེ་དཔོན་སུམ་ཅུ་སྒྲུབ་པའི་ལས་བྱང་ངམ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ངན་སྔགས་སྒྲུབ་པའི་ལས་བྱང་ཨོ་རྒྱན་ཆེན་པོས་མཛད་པ། མངའ་བདག་སྡེ་དཔོན་སུམ་ཅུའི་བསྟོད་བསྐུལ་རྒྱས་པ་དབང་ཕྱུག་མ་ཧཱ་དེ་ཝ་མ། དྲེགས་པའི་སྡེ་དཔོན་སུམ་ཅུའི་ཕྱི་སྒྲུབ་མདོས་ཀྱི་མན་ངག །ཕྱི་སྒྲུབ་མདོས་ཀྱི་བཅའ་ཐབས་སམ་མདོས་བྱང་ཆེན་མོར་གྲགས་པ་གྱེར་གཞུང་སོགས་རྒྱས་པ་གཏོར་མའི་བཤོམ། སྡེ་དཔོན་སུམ་ཅུའི་ནང་སྒྲུབ་མཆོད་པ་གསོལ་ཀ །གསང་


GLG003_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྲོག་སྙིང་རྣམས་བསྟན་པ་ལས་ཚོགས་ལྔ་བཅུ་པར་གྲགས་པ། སྡེ་དཔོན་སུམ་ཅུའི་སྒྲུབ་གཞུང་ཞེས་པའི་ནང་ཚན་ལ་བདག་ཉིད་ཆེན་པོའི་སྦྱོར་བ། ཐབས་ཤེས། གནས་སུ་འདུག་པ། འགྲོ་བ། འཐོན་པ། འབོད་པ། མ་བྱུང་བར་འབོད་པ། བསྐྱར་ཞིང་འབོད་པ། དམིགས་རྟེན། ལྷ་དང་དབྲལ་བ། གཤགས། ཐུན། འཁྲུལ་འཁོར། རྫས། ལས་བཀྱེ། དམག་མི། ཆ་གསུམ་དུ་བགོ་བ། གཏད། བྲོ། སྤོགས་པ་རྣམས་སྟོན་པ། འདི་གསན་ཡིག་གཞན་ཕལ་ཆེར་ལ་མི་འདུག་ཀྱང་རིགས་འཛིན་ཆེན་པོའི་གསན་ཡིག་ན་འདུག་པས་ངེས་གནས་སོ། །གཞན་ཡང་རྡོ་རྗེ་གནོད་སྦྱིན་ནག་པོའི་རྒྱུད་ལེའུ་ལྔ་པ། རྡོ་རྗེ་གནོད་སྦྱིན་ནག་པོ་ཕོ་ཉ་ཡོངས་རྫོགས་ཀྱི་འཕྲིན་ལས་རྣམས། ཀླུ་བདུད་ནག་པོའི་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན་མུ་སྟེགས་ཀྱི་ངན་སྔགས་དབང་ཕྱུག་ཆེན་པོའི་བཟློག་པ། དབང་ཕྱུག་ཆེན་མོའི་བཟློག་སྔགས་དངོས། ཨུ་མའི་སྙིང་ཏིག་དབང་ཕྱུག་རོ་ལངས་ཕྱིན་ཅི་ལོག་རྡོ་རྗེ་དམེ་བཟློག་རྣམས་ཀྱང་ཐོབ། བཅུ་གཉིས་པ་ཡོངས་རྫོགས་རྣམ་གསུམ་ལ། ཚེ་དབང་ཡོངས་རྫོགས་སུ་བསྐུར་བའི་དབང་ཆོག །ཚེ་སྒྲུབ་ཡོངས་རྫོགས། ཚེ་དབང་ཡོངས་རྫོགས་ཀྱི་འཕྲིན་ལས། བསྟོད་པ་བཅོམ་ལྡན་མགོན་པོ་མ། འཆི་མེད་ཚེའི་བཀྲ་བརྟག་པ། ཕྱི་སྒྲུབ་འཆི་མེད་བདུད་རྩི་ཡོངས་རྫོགས། ནང་ཚེ་སྒྲུབ་ཀུན་གྱི་དོན་བསྡུས་ནས་བསྒྲུབ་པ། གསང་སྒྲུབ་ཧྲཱིཿགཅིག་མ། ཡང་གསང་ནམ་མཁའ་རྡོ་རྗེ། ཁྱུང་ཆེན་གདུག་པ་གདུལ་བའི་རྒྱུད་ཆེན། བྱ་ཁྱུང་ཡོངས་རྫོགས་ཀྱི་དབང་བསྐུར། རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་སྒྲུབ་པ། གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་འཕྲིན་ལས། ནོར་ལྷ་ཡོངས་རྫོགས་ཀྱི་དབང་བསྐུར་རྗེས་གནང་ཟབ་མོ། ནོར་ལྷ་


GLG003_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་ཀྱིས་སྒྲུབ་ཐབས། འཕགས་མ་ནོར་རྒྱུན་མའི་སྒྲུབ་ཐབས། ནོར་བདག་ལས་མཁན་ཛམ་དམར་གསང་བ་གསུམ་དྲིལ་གྱི་སྒྲུབ་པ་རྣམས། བཅུ་གསུམ་པ་ཉམས་ལེན་ལྷ་འཁྲིད་ཀྱི་རིམ་པ་ནི་བཀའ་བརྒྱད་ཀྱི་ལྷ་འཁྲིད་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པའི་གནད་ཨོ་རྒྱན་ཆེན་པོས་ཕྱི་རབས་ཀྱི་དོན་དུ་མཛད་པ། རྩ་བའི་གཉིས་པ་རྫོགས་རིམ་གྲོལ་བྱེད་ཀྱི་སྐོར་ལ། རྫོགས་རིམ་གྱི་འཁྲིད་གཞུང་ཡེ་ཤེས་ཟང་ཐལ་རྡོ་རྗེ་སེམས་དཔའི་གསང་ལམ་ཆེན་མོ། མཁའ་སྤྱོད་ཀྱི་གནས་སུ་འཚང་རྒྱ་བར་བྱེད་པ་འཕོ་བ། བར་དོ་གསུམ་གྱི་ཞལ་གདམས། རྫོགས་རིམ་སྙིང་ཏིག་གི་སྐོར་ལ། སྒྲོལ་ལམ་གཤིན་རྗེའི་སྙིང་ཏིག །གསུང་མཆོག་པདྨའི་སྙིང་ཏིག །ཐུགས་མཆོག་ཡང་དག་སྙིང་ཏིག །བདུད་རྩི་ཡོན་ཏན་སྙིང་ཏིག །འཕྲིན་ལས་ཕུར་པའི་སྙིང་ཏིག །ཆགས་ལམ་མ་མོའི་སྙིང་ཏིག །རིག་འཛིན་བླ་མའི་སྙིང་ཏིག །འཇིག་རྟེན་དྲེགས་པའི་སྙིང་ཏིག །དྲག་སྔགས་དམོད་པའི་སྙིང་ཏིག །སྤྱིར་དྲིལ་སྙིང་པོའི་སྙིང་ཏིག །གནམ་ཞལ་དོན་འཁྲིད་ཟབ་མོ། རྩ་བ་སྡོང་པོ་གྱེས་པ། ཡལ་ག་སྨིན་པ་འབྲས་བུ་ལྟ་བུའི་འཁྲིད་ཐམས་ཅད་ཚང་བ་ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཆ་རྐྱེན་དུ་རྒྱལ་དབང་པདྨས་རྒྱུད་ལས་ཕྱུང་བ། མངའ་རིས་པཎ་ཆེན་གྱི་དགོངས་གཏེར་རང་བྱུང་རང་ཤར་གྱི་ལེའུ་བཅོ་ལྔ་པ་ལས་ཕྱུང་བའི་རྫོགས་རིམ་གྱི་རྒྱལ་པོ་རིམ་ལྔ་གདན་གཅིག་མ་དང་བཅས་པ་རྣམས་ཐོབ་པ་ལས་བཀའ་བརྒྱད་རང་བྱུང་རང་ཤར་གྱི་དབང་དང་རྒྱུད་ཆེན་གྱི་ལུང་གི་བརྒྱུད་པ་ནི། ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། སྨུག་ནག་དབང་གི་མཁའ་འགྲོ་མ།


GLG003_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཨིནྡྲ་བྷུ་ཏི། དཔལ་གྱི་སྤྲུལ་པ་རྣམ་བརྒྱད། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། ལས་ཅན་དག་པའི་འཁོར་ལྔ། གཏེར་སྟོན་རིགས་འཛིན་ཆེན་པོ། རྒྱལ་སྲས་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། རིགས་འཛིན་སངས་རྒྱས་དཔལ་བཟང་། ལྡོང་གི་སྔགས་འཆང་ཆོས་རྒྱལ་བསོད་ནམས། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། རྗེ་བཙུན་སྤྲུལ་སྐུ་ཆེན་པོ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། སྔགས་འཆང་ཀུན་བཟང་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ཡབ་སྲས་ནས་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ལྟར་ན་རྩ་བ་རྒྱུའི་དབང་བཞིའི་བརྒྱུད་པ་འདི་གཙོ་ཆེ་བར་མཛད་དོ། །རྒྱལ་སྲས་བསོད་ནམས་བཟང་པོ། གྲུབ་ཆེན་དཔལ་ལྡན་རྒྱལ་མཚན། སྐྱེ་མེད་རྡོ་རྗེ་གྲགས་པ། སྔགས་འཆང་སངས་རྒྱས་སྐྱབས། འཁོན་སྟོན་བྱམས་པ་དཔལ་བཟང་། རིགས་འཛིན་ལེགས་ལྡན་རྡོ་རྗེ་མན་སྔར་ལྟར། ཡང་དབང་གི་བརྒྱུད་པ་ནི། གཏེར་སྟོན་ནས་ཐུགས་སྲས་ལེགས་བཟང་། སྔགས་འཆང་ལྷ་དཔལ་བཟང་པོ། གྲུབ་ཆེན་དོན་གྲུབ་རིན་ཅེན། དེ་གཉིས་ཀ་ལ་བླ་མ་དཀོན་ཅོག་བློ་གྲོས། དེ་ལ་སེ་སྟོན་རིན་ཅེན་རྒྱལ་མཚན། མཉམ་མེད་སྤྱན་ཚབ་ཆེན་པོ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་མན་གོང་ལྟར་རོ། །ཚེ་དབང་ཡོངས་རྫོགས་ཁྱུང་ཆེན་ཡོངས་རྫོགས། ནོར་ལྷ་ཡོངས་རྫོགས་གསུམ་གྱི་དབང་གི་བརྒྱུད་པ་ནི། སྔགས་འཆང་ཆོས་རྒྱལ་བསོད་ནམས་ཡན་གོང་ལྟར་ལ། དེ་ནས་ཐུགས་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། གནུབས་ཆེན་ངག་དབང་རྒྱ་མཚོ།


GLG003_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཆོག་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། ཟུར་ཆེན་ངག་དབང་ཕུན་ཚོགས། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་བསོད་ནམས་བཀྲ་ཤིས་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །སྐྱི་སྟོན་ཚེ་རིང་དབང་པོ་མན་གོང་འདྲ། ཉམས་འཁྲིད་ཀྱི་བརྒྱུད་པ་ནི། སྔགས་འཆང་ཆོས་རྒྱལ་བསོད་ནམས་ཡན་གོང་ལྟར་ལ། དེ་ནས་ཡོལ་མོ་ཤཱཀྱ་བཟང་པོ། པཎ་ཆེན་པདྨ་དབང་རྒྱལ། བླ་མ་དོན་ཡོད་བཟང་པོ། སྐྱི་སྟོན་ཚེ་རིང་དབང་པོ་མན་སྔར་བཞིན་ནོ། །ཡང་ན་ཆོས་རྒྱལ་བསོད་ནམས། ཐུགས་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། སྔགས་འཆང་ངག་དབང་རྒྱ་མཚོ་མན་གོང་འདྲ། གནོད་སྦྱིན་གྱི་བརྒྱུད་དང་འཕྲིན་ལས་མ་གཏོགས་པའི་ལུང་གི་བརྒྱུད་པ་ནི། གཏེར་སྟོན་ཡབ་སྲས་ནས། ཟུར་ཚོ་པ་རྡོར་འཆང་བསོད་ནམས་བཟང་པོ། གཉའ་ནང་པ་གུ་རུ་དབང་ཕྱུག་མགོན་པོ། བན་འབྲོག་རྡོ་རྗེ་གླིང་པ་རྡོ་རྗེ་རྒྱལ་མཚན། བཀའ་བརྒྱད་ཞལ་གཟིགས་གློ་བོ་ཛར་པ་སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས། གྲངས་སོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། གྲུ་གུའི་སྔགས་འཆང་དོན་གྲུབ་བཀྲ་ཤིས། རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །མངའ་རིས་པཎ་ཆེན་གྱིས་མཛད་པ་རྣམས་ཀྱི་བརྒྱུད་པ་ནི། པཎ་ཆེན་མཁྱེན་རབ་དབང་ཕྱུག་ནས་ལེགས་ལྡན་རྗེ་ལ་བརྒྱུད་དོ། །གནོད་སྦྱིན་ནག་པོའི་རྒྱུད་དང་འཕྲིན་ལས་ཀྱི་བརྒྱུད་པ་ནི། ཟུར་ཆེན་ངག་དབང་ཕུན་ཚོགས་ཡན་ཡོངས་རྫོགས་སྐོར་གསུམ་དང་འདྲ་བ་ལ། དེ་ནས་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །སྤྲུལ་སྐུ་


GLG003_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་ཆེན་པོས་ནུབ་ཟངས་མཛོད་དམར་པོ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ནི་གྲུབ་ཐབས་ལས། གུ་རུ་ཕྱི་ལྟར་བསྒྲུབས་པ་ཡིས༔ རྒྱལ་པོའི་མངའ་ཐང་རྒྱས་པར་འགྱུར༔ གུ་རུ་ནང་ལྟར་བསྒྲུབས་པ་ཡིས༔ རྒྱལ་པོའི་སྐུ་ཚེ་མཐའ་རུ་ཐོན༔ གུ་རུ་གསང་ལྟར་བསྒྲུབས་པ་ཡིས༔ རྒྱལ་པོ་སྡུག་བསྔལ་ཐམས་ཅད་བྲལ༔ ཞེས་དང་། ཆོས་སྐྱོང་རྒྱལ་པོའི་དོན་ཕྱིར་དུ༔ ཡིད་བཞིན་ནོར་བུའི་སྒྲུབ་ཐབས་བཞག༔ ཅེས་རྒྱ་ཆེར་བསྔགས་པ་ཕྱི་འགྲོ་བ་ཀུན་གྲོལ། ནང་ཉོན་མོངས་རང་གྲོལ། གསང་བ་ཆོས་ཉིད་རང་གསལ་དུ་གྲགས་པ་སྤྱན་རས་གཟིགས་ཀྱིས་གདུལ་བྱའི་ཞིང་དབང་དུ་སྡུད་པ་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་གྱི་གདམས་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་འགྲོ་བ་ཀུན་གྲོལ་གྱི་དབང་ཆོག་གི་སྟེང་ནས་མཆོག་སྤྲུལ་མངའ་རིས་པཎ་ཆེན་གྱི་ཕྱག་ལེན་བཞིན་ཐུགས་རྗེ་ཆེན་པོ་རིགས་ལྔའི་དབང་། གཏེར་གཞུང་དཀྱུས་ལྟར་སྐུ་འབག་ཡིག་འབྲུ་བུམ་པ་ལྷ་དབང་། ལྷན་ཐབས་སུ་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པ་ཚར་གཅིག །གཏེར་གཞུང་སོར་གནས་ཀྱི་དབང་གཅིག་སྟེ་ལན་གཉིས་དང་། ཐུགས་རྗེ་ཆེན་པོའི་འཁྲིད་གཞུང་གསལ་བའི་སྒྲོན་མེ་ལ་གཞི་བྱས་བརྒྱུད་པའི་གསུང་རྒྱུན་གྱིས་བརྒྱན་ཏེ་རྩ་སྣང་བ་བློ་གསུམ་སྦྱང་བའི་ཉམས་ལེན། ཕྱི་བསྐྱེད་རིམ་གྱི་ཉམས་ལེན། ནང་རྫོགས་རིམ་ཆོས་ཉིད་རང་གསལ་དོན་གྱི་ཉམས་ལེན་རྫོགས་པ་ཆེན་པོ། གནས་ལུགས་ཀ་དག་རིག་པ་གཅེར་མཐོང་གི་ངོ་སྤྲོད་དང་ཞར་བྱུང་འཕོ་བའི་ཉམས་འཁྲིད་བཅས་པ་སྨིན་རྒྱས་སུ་མནོས་ཤིང་། རྒྱབ་རྟེན་ལུང་གི་སྐོར་ལ། སྒྲུབ་


GLG003_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཐབས། སྒྲུབ་ཆེན། གཤིན་པོ་རྗེས་འཛིན། རྫོགས་རིམ། རང་གཞན་ཕན་བདེ་སྒྲུབ་པའི་ལས་ཚོགས་ཀྱི་སྐོར་དང་དྲུག་ལས། དང་པོ་ལ། ཕྱི་ལྟར་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལེའུ་བཅུ་པ་གཏད་རྒྱ་དང་བཅས་པ་འདི་ལ་ཐོག་མར་རྒྱ་སྐད་བོད་སྐད་ཤན་སྦྱར་མེད། ནང་ལྟར་ཉོན་མོངས་པ་དུག་ལྔ་གནས་སུ་དག་པ་ཡེ་ཤེས་ལྔའི་རང་བཞིན་རང་གྲོལ་ཆེན་པོའི་རྒྱུད་ལེའུ་དྲུག །གསང་བ་ཆོས་ཉིད་སྐྱེ་བ་མེད་པའི་དོན་ཀུན་འདུས་པ་རང་གསལ་བའི་རྒྱུད་ལེའུ་བཞི་པ་རྣམས། གཉིས་པ་སྒྲུབ་ཐབས་ལ། ཕྱི་སྒྲུབ་ཡོན་ཏན་རྒྱས་པ་སྙིང་པོ་དོན་རྒྱུད་ཀྱི་སྒྲུབ་ཐབས་ལེའུ་བཞི། ནང་ཉོན་མོངས་རང་གྲོལ་རྒྱུད་ཀྱི་སྒྲུབ་ཐབས། གསང་བ་ཆོས་ཉིད་རང་གསལ་རྒྱུད་ལ་བརྟེན་ནས་མཛད་པའི་སྒྲུབ་ཐབས་རྣམས། གསུམ་པ་སྒྲུབ་ཆེན་ལ། སྒྲུབ་ཆེན་ལས་ཀྱི་རིམ་པའི་སྤྱི་ཁོག་ཆེན་མོ། སྒྲུབ་ཐབས་ཡིད་བཞིན་ནོར་བུ། གཏེར་གཞུང་གི་དབང་ཆོག །གཏེར་གཞུང་དབང་ཆོག་ལ་སློབ་མ་སྟ་གོན། འཇུག་པ། རིགས་ལྔའི་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་རྒྱུད་ཀྱི་དགོངས་པ་བཞིན་བསྣན་པ་མངའ་རིས་པཎ་ཆེན་གྱི་ལྗགས་བསྒྲིགས། མངོན་རྟགས་ཡིད་བཞིན་ནོར་བུ། ཐུགས་རྗེ་ཆེན་པོའི་འཕྲིན་ལས། བརྒྱུད་འདེབས་ནུབ་ཕྱོགས་བདེ་བ་ཅན་མ། ཞིང་ཁམས་ཡོན་ཏན་མ་ཞེས་པ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ། ཞི་རྒྱས་དབང་དྲག་གི་ལས་གང་བྱེད་ཀྱང་ཁ་བསྒྱུར་ཆོག་པའི་སྦྱིན་སྲེག་རྣམས། བཞི་པ་གཤིན་པོ་རྗེས་འཛིན་ལ། གནས་ལུང་། ཟས་གཏད། ཚེ་འདས་ཕུང་པོ་སྦྱང་བ་རྣམས། ལྔ་པ་རྫོགས་རིམ་ལ། འཁྲིད་ཀྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་དང་། གསོལ་འདེབས་རིགས་འཛིན་ལེགས་ལྡན་རྗེའི་གསུང་། འཁྲིད་གཞུང་གསལ་བའི་སྒྲོན་མེ། འཕོ་བ་རྣམས། དྲུག་པ་རང་གཞན་གྱི་ཕན་བདེ་


GLG003_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་ལས་ཚོགས་ཀྱི་སྐོར་ལ། སྙན་བརྒྱུད་ཡི་གེ་མེད་པ་ཞེས་པ་འཕགས་པའི་ཞལ་མཐོང་གསུང་ཐོས་པའི་མན་ངག །སྙིགས་མ་ལྔ་བདོ་བའི་དུས་སུ་བོད་ནང་འཁྲུག་བྱེད་པས་དེའི་ཚེ་ཞེ་སྡང་གི་ངར་བསད་ནས་འཐབ་རྩོད་ཞི་བྱེད་ལས་སྦྱོར་ཐུགས་རྗེ་རྩེ་གཅིག་མ། འགྲོ་དོན་ལས་སྦྱོར་ལྔ་པ་ལ་ནང་གསེས་ཀྱི་མིང་བྱང་དྲི་མ་སོགས་ལ་བརྟེན་ནས་སྐུའི་ལས་སྦྱོར། ཐོས་གྲོལ་གསུང་གི་ལས་སྦྱོར། ཏིང་འཛིན་ཐུགས་ཀྱི་ལས་སྦྱོར། མྱོང་གྲོལ་ཡོན་ཏན་ལས་སྦྱོར། ཆུ་བོ་ལ་བརྟེན་པ་འཕྲིན་ལས་ཀྱི་ལས་སྦྱོར། རྡོ་རྗེ་འཆང་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་མཛད་པའི་སྐྱེ་བདུན་རིལ་བུའི་སྒྲུབ་ཐབས། སཱཙྪའི་ལས་རིམ། ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ། ཛཾ་དཀར་ཐུགས་ཀྱི་སྒྲུབ་པ་ཨོ་རྒྱན་པདྨས་རཏྣ་ཁྲོས་ཆེན་གྱི་རྒྱུད་ལ་བརྟེན་ནས་མཛད་པ་རྣམས་ཐོབ་པ་ལས་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། དགེ་སློང་ནམ་མཁའ་སྙིང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་ཏིག་བཙན་པོ། སྣ་ནམ་རྡོ་རྗེ་བདུད་འཇོམས། གཏེར་སྟོན་དངོས་གྲུབ་རྒྱལ་མཚན། གངས་ཅན་སངས་རྒྱས་བསྟན་པ། དེ་སྲས་སངས་རྒྱས་བྱམས་བཟང་། མཉམ་མེད་སངས་རྒྱས་དཔལ་བཟང་། ལྡོང་གི་སྔགས་འཆང་ཆོས་རྒྱལ་བསོད་ནམས། རིགས་འཛིན་སངས་རྒྱས་བསྟན་པ། ཡོལ་མོ་ཤཱཀྱ་བཟང་པོ། པཎ་ཆེན་པདྨ་དབང་རྒྱལ། རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་མཉམ་


GLG003_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སངས་རྒྱས་དཔལ་བཟང་ནས། རྗེ་བསོད་ནམས་བཟང་པོ། སྤྱན་ཚབ་ཆོས་རྗེ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། མཁས་གྲུབ་བྱམས་པ་བློ་གྲོས་རྒྱལ་མཚན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་མན་གོང་འདྲ། གཏེར་གཞུང་སོར་གནས་ཀྱི་དབང་ཐོབ་པའི་བརྒྱུད་པ་ནི། གཏེར་སྟོན་ཡན་གོང་ལྟར་ལ། རྒྱལ་སྲས་རྣམ་རྒྱལ་མགོན་པོ། ཀུན་སྤངས་དོན་ཡོད་རྒྱལ་མཚན། བརྒྱུད་འཛིན་བསོད་ནམས་མཆོག་བཟང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། བྱང་སེམས་ཀུན་དགའ་ཉི་མ། དྲན་མཆོག་སངས་རྒྱས་བརྩོན་འགྲུས། བྱེ་ཚང་པ་རིན་ཅེན་དཔལ་འབྱོར། རྒྱལ་སྲས་སངས་རྒྱས་བདེ་ཆེན། རིགས་འཛིན་པདྨ་སངས་རྒྱས། ནམ་མཁའི་སྙིང་པོའི་སྤྲུལ་པ་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ལའོ། །ཉམས་འཁྲིད་ཀྱི་བརྒྱུད་ནི། ཐུགས་སྲས་ནམ་མཁའ་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་རིགས་འཛིན་ངག་དབང་རྒྱ་མཚོ། སྐྱི་སྟོན་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་སྔགས་འཆང་ཆོས་རྒྱལ་བསོད་ནམས་ནས། གྲུབ་མཆོག་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། སྔགས་འཆང་གཞོན་ནུ་སྟོབས་ལྡན། རྗེ་ཚེ་རིང་དབང་པོ་མན་གོང་ལྟར་རོ། །རྗེ་བཀའ་འགྱུར་བས་མཛད་པ་མ་གཏོགས་པའི་ལུང་གི་བརྒྱུད་པ་ནི། རིགས་འཛིན་ངག་གི་དབང་པོ་ནས། གཏེར་སྟོན་བསྟན་འཛིན་ནོར་བུ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །རྗེ་བཀའ་འགྱུར་པའི་སྐྱེ་བདུན་རིལ་སྒྲུབ་ནི་དེ་ཉིད་ལ་བདག་གིས་མནོས་སོ། །སྤྲུལ་སྐུ་རིགས་འཛིན་ཆེན་པོས་


GLG003_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ནས་བཞེས་པའི་ཕུར་པ་ལུགས་གསུམ་གྱི་ནང་ནས། བརྒྱུད་རིམ་ལས། ཕུར་པ་ཆེ་མཆོག་ཅེས་བྱ་བ་འདི༔ ཕུར་པ་ཀུན་གྱི་ནང་ནས་ཟབ༔ འདི་དང་སུ་ཕྲད་སྐལ་བ་ཅན༔ ཉམས་སུ་བླངས་པས་མངོན་འཚང་རྒྱ༔ འདི་ནི་རྒྱུད་ཀྱི་རྒྱལ་པོ་ཡིན༔ འདི་ནི་མན་ངག་ཉིང་ཁུ་ཡིན༔ འདི་ནི་ལུང་གི་བླ་མ་ཡིན༔ དཔེར་ན་ཡིད་བཞིན་ནོར་བུ་ལྟར༔ དགོས་འདོད་ཐམས་ཅད་འབྱུང་བའོ༔ ཞེས་ཤིན་ཏུ་ཟབ་པ་ལྷོ་གསེར་མཛོད་སེར་པོ་ནས་སྤྱན་དྲངས་པའི་རྡོ་རྗེ་ཕུར་པ་ཆེ་མཆོག་གམ་ཕུར་པ་དབུ་དགུ་དང་ལྷ་ཁྲ་སོགས་གཞི་གཅིག་ལ་མཚན་གསུམ་དུ་གྲགས་པའི་ཆོས་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་ཆེ་མཆོག་གི་དབང་ཆུ་རིན་པོ་ཆེ་དབང་གི་མཛོད་ཀྱི་སྟེང་ནས་སློབ་མའི་སྟ་གོན། དངོས་གཞི་ལ་བུམ་པ། རིན་པོ་ཆེ་དང་པདྨའི་ཕྱག་རྒྱ། རྡོར་དྲིལ། རྒྱ་གྲམ། བླ་མ་རིགས་འཛིན་གྱི་དབང་རྣམས་བུམ་པ་ནས་བརྒྱུད་པའི་ནུས་པའི་དབང་ལྔ། དབུ་རྒྱན་གྱི་དབང་སྔོན་དུ་འགྲོ་བའི་གསང་དབང་། ཕན་པའི་དབང་བཅུ། ལྷ་དབང་། དྲག་པོའི་གྲོལ་དབང་། ཤེས་རབ་ཡེ་ཤེས་སམ་སྦྱོར་བའི་དབང་། བདེ་བ་ཉམས་སུ་བླང་བ་བཞི་པའི་དབང་རྣམས་དང་། སྲིད་པ་ཕུར་པའི་རྣལ་འབྱོར་བ་རྣམས་ཀྱིས་རང་གཞན་གྱི་ཚེ་ཟད་པ་བསྲིང་པར་བྱེད་པའི་ཚེ་དབང་བཅས་པ་ཡོངས་སུ་རྫོགས་པར་མནོས། གྲོལ་བྱེད་ཆེ་མཆོག་གི་ལྟ་འཁྲིད་ཟབ་མོ་ཉམས་འཁྲིད་དུ་བསྟར་ནས། རྒྱབ་བརྟེན་ལུང་གི་སྐོར་ལ། མི་འགྱུར་ཐེམས་བྱང་རིན་ཅེན་མཛོད་ཀྱི་ཐེམས། ཐེམས་བྱང་དེ་ཉིད་ལས། རྒྱུད་དང་འཕྲིན་ལས་དབང་ཆོག་གསུམ༔ རྩ་བ་ཡིན་པས་དམ་པར་ཆོངས༔ ཞེས་པ་རྡོ་རྗེ་ཕུར་པའི་ཐུགས་གསང་བ་སྐུའི་རྒྱུད་ཅེས་བྱ་བ་ལེའུ་བཅུ་པ། འདི་ཆོས་


GLG003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་ཉེར་ལྔའི་རྩ་བའི་རྒྱུད་དང་གཅིག །འཕྲིན་ལས་ཀྱི་མཚམས་གཅོད་བཀོལ་བ་ཕུར་པའི་བཀའ་བསྒོར་གྲགས་པ་ཀཱི་ལ་ཡའི་སྔགས་དང་། བདག་ཉིད་ཞེ་སྡང་རྡོ་རྗེ་ཟེར་བ་ཡོད་པ་རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད་ཀྱི་མཐའ་ཅན། རང་བྱུང་རང་ཤར་ལས་རིན་པོ་ཆེ་མཛོད་ཀྱི་འཕྲིན་ལས་ཆེན་མོ་པདྨ་བདག་གིས་བསྡུས་ཏེ་བརྩམས་པ། འཛབ་བསྐུལ་ཆོས་དབྱིངས་ཕོ་བྲང་མ། གཙོ་བོ་དང་ཁྲོ་བཅུ་ཕྲ་ཐབས་ཀྱི་བསྟོད་པ་བསྐུལ་གྲུ་གསུམ་མཐིང་ནག་མ་དངོས་གྲུབ་སྩལ་དུ་གསོལ་གྱི་མཐའ་ཅན། བསྐུལ་དམ་ཚིག་ཆེན་མོའི་དུས་ལ་བབས༔ དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ༔ ཞེས་འགོར་ཡོད་པ་ཁུག་ལས་ཤོག་གི་མཐའ་ཅན། ཕུར་སྲུང་གི་བསྐུལ་འགོར་ཤྭ་ན་མི་ཁའི་དུས་ལ་བབས༔ སྐུ་ནི་ལྕགས་སྒྲོག་བསྒྲིལ་བ་འདྲ༔ ཞེས་ཡོད་པ་སྨན་རཀ་སྦྲེང་ངོ་རྫོགས་སོའི་མཐའ་ཅན། རིན་པོ་ཆེ་དབང་གི་མཛོད་རང་བྱུང་རང་ཤར་གྱི་རྒྱུད་ནས་ཕྱུང་བ་རྣམས། དཀར་པོ་ལམ་གྱི་སྒྲོན་མ་དང་༔ བཀའ་ཉན་ལྕགས་ཀྱི་བེར་ཀ་དང་༔ ནག་པོ་དུག་གི་འཁོར་ལོ་གསུམ༔ བསྙེན་སྒྲུབ་ལས་སྦྱོར་གསུམ་དུ་གདམས༔ ཞེས་པ་ལྟར་སྟོད་དཀར་པོ་ལམ་གྱི་སྒྲོན་མ་ལ་བརྟེན་ནས་བླ་མེད་བྱང་ཆུབ་བསྒྲུབ་པ། བར་བཀའ་ཉན་ལྕགས་ཀྱི་བེར་ཀ་ལ་བརྟེན་ནས་དམ་ཅན་གནད་ལ་སྟིམ་པ། སྨད་ནག་པོ་དུག་གི་འཁོར་ལོ་ལ་བརྟེན་ནས་བསྒྲལ་བའི་ཞིང་བཅུ་རྩད་ནས་གཅོད་པ་རྣམས། ཟོར་དང་སྦྱིན་སྲེག་མནན་གཏད་གསུམ༔ དྲག་པོ་ལས་ཀྱི་འཐུད་དཀར་བསྟན༔ ཞེས་པས། ཟོར་ལས། སྦྱིན་སྲེག །མནན་པ་བྱ་བ་རྣམས། ཚེ་སྒྲུབ་ནོར་སྒྲུབ་ཟ་ཚོགས་གསུམ༔ རྣལ་འབྱོར་ཅན་ལ་ཕན་ཕྱིར་བསྟན༔ ཞེས་པས། ཕུར་པ་མེ་ལྕེ་འཕྲེང་བའི་རྒྱུད་ལས་ལེའུ་


GLG003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཅིག་པ་ཚེའི་སྙིང་པོ་མཆོག་སྦྱིན་པ་ཁོལ་དུ་ཕྱུང་བ། རང་གཞན་གྱི་ཚེ་ཟད་པ་བསྲིང་བའི་ཆེད་དུ་རྡོ་རྗེ་ཕུར་པའི་ཚེ་སྒྲུབ་དབང་དང་དངོས་གྲུབ་བླང་བ་དང་བཅས་པ། ཕུར་བུ་ཚེའི་ལས་བྱང་། འདིའི་རྗེས་སུ་ནོར་སྒྲུབ་དཔེ་མ་འབྱོར་བས་མ་ཐོབ། ཟ་བ་རྒྱུན་གྱི་ཏིང་འཛིན། ཕུར་པའི་ཟ་ཚོགས་རྒྱས་པའམ་ཕུར་པའི་ཟས་ཀྱི་རྣལ་འབྱོར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྣམས། སཱཙྪ་བརྒྱུད་རིམ་ཟུར་འདེབས་གསུམ༔ འཕྲིན་ལས་ཕུར་པའི་ཁ་སྐོང་ཡིན༔ ཞེས་པ་ལྟར་སཱཙྪའི་ལས་རིམ་བདག་གཞན་བྱང་ཆུབ་སྒྲུབ་པའི་དོན་དུ་སཱཙྪ་གདབ་པ་རྫོགས་སོའི་མཐའ་ཅན། བརྒྱུད་རིམ་གསང་བ་རིན་པོ་ཆེ་དངོས་གྲུབ་བླང་བ། ཟུར་འདེབས་ལ་ནང་གསེས་ཀྱི་སྐུ་བསྐྱེད་པ་དཔལ་ཆེན་ཆེ་མཆོག་མ། སྤྱན་འདྲེན་སྲིད་པ་ཕུར་བུ་མ། བཞུགས་གསོལ་ཁྲོ་རྒྱལ་མ། ཕྱག་སྲིད་གསུམ་གདུག་པ་མ། བསྟིམ་པ་སངས་རྒྱས་ཀུན་སྐུ་མ། སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་གྱི་མཆོད་པ། བདེན་པ་བརྗོད་པ། བསྟོད་པ་ཆོས་དབྱིངས་མ། རིགས་འཛིན་བསྐུལ་བ་བྱང་ཆུབ་མཆོག་སེམས་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ་བ་བཅོམ་ལྡན་དཔལ་ཆེན་མ། དམ་ཅན་སྲུང་མའི་བསྐུལ་ནམ་སྲོད་མ་རྣམས་སོ། །ཆེ་མཆོག་གི་ཆོས་སྐོར་འདི་ལ་སྔགས་འཆང་ཆོས་རྒྱལ་བསོད་ནམས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །བཀྲ་བཟང་པ་ནམ་མཁའ་རིགས་འཛིན་གསུམ་གྱི་གསན་ཡིག་ན་དྲག་པོ་དང་ཆོས་ཉིད་ཀྱི་བཟླས་པ་སྤྱོད་ལམ་རྣམ་བརྒྱད་སོགས་བསྣན་པའི་མི་མཐུན་པ་འགའ་ཞིག་འདུག་པ་ཕྱོགས་འདིར་མཁས་ཤིང་གྲུབ་པ་བརྙེས་པ་ཡིན་པས་མི་འཐད་པ་མ་ཡིན་ནའང་


GLG003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རིགས་འཛིན་ཆེན་པོའི་གསན་ཡིག་དང་བཀྲ་བཟང་པ་པདྨ་དབང་ཆེན་གྱིས་མཛད་པའི་སྤྱི་ཆིངས་རིན་ཅེན་འཕྲེང་བ་གཉིས་མཐུན་པར་བྱུང་བས་དེ་དོན་བཞིན་བཀོད་པའོ། །རིགས་འཛིན་རྩ་བའི་སྒྲུབ་པ་ལས། བྱང་ཕྱོགས་ལྕགས་མཛོད་ནག་པོ་ན༔ བླ་མ་ཁྲག་འཐུང་ཧེ་རུ་ཀ༔ དྲག་པོའི་ཚུལ་དུ་སྒྲུབ་པ་ཡོད༔ ཅེས་གསུངས་པའི་ཕུར་པ་དྲག་སྔགས་སམ་སྤུ་གྲི། ལྷ་ཐམས་ཅད་སྐུ་མདོག་ནག་པོར་ཡོད་པར་ལྷ་ནག་ཏུ་གྲགས་ཤིང་། རྡོ་རྗེ་ཕུར་པ་རིག་པ་མཆོག་དང་། བི་དྱོཏྟ་མ་ལ་འབུམ་སྡེའི་ཡང་སྙིང་གསང་བ་དྲག་སྔགས་སུ་བསྡེབས་པ་བྱང་ལྕགས་མཛོད་ནག་པོ་ནས་བཏོན་པས་ལྕགས་ཁང་མར་གྲགས་པ་ནི། ཁྱད་པར་འཕགས་པའི་ལོ་རྒྱུས་ལས། མཐའ་མི་མགོན་བརྩོན་བཟོ་པོ་ཁྱད་པར་ཅན༔ བསེ་སྒྲོམ་ནག་པོ་སྣོད་ཀྱི་ཁྱད་པར་ཅན༔ བི་ཏོ་མ་ལ་འབུམ་སྡེའི་བཅུད་ཕྱུང་ནས༔ མན་ངག་སྙིང་དང་འདྲ་བ་དྲིལ་བ་འདི༔ སྲོག་གི་སྤུ་གྲི་དྲག་སྔགས་ཁྱད་པར་ཅན༔ ཞེས་གུ་རུ་པདྨའི་མན་ངག་ཆེས་ཤིན་ཏུ་ཟབ་པའི་སྐོར་ལ། ཐོག་མར་རྡོ་རྗེ་ཕུར་པ་སྤུ་གྲི་ནག་པོ་གསང་བའི་དབང་ཆོག་དང་། དེར་མ་འདུས་པ་རྣམས་ཚེ་མཆོག་གི་དབང་ཆོག་ནས་ཁ་བསྐངས་ཏེ། སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་བགེགས་འདུལ་ཡུངས་ཀར་གྱི་དབང་། དམ་རྫས་བདུད་རྩིའི་དབང་། རིག་པའི་དབང་ལྔ། རང་རྟགས་ཕྱག་རྒྱའི་དབང་། སྦམ་ཕུར་གྱི་དབང་ཆོག་དང་། རིགས་འཛིན་བརྒྱུད་པའི་བྱིན་འབེབས་དང་བཅས་པའི་གཏོར་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་། དུར་ཁྲོད་ཆས་བརྒྱད་ཟ་ཚོགས་ཀྱི་དབང་། གསང་དབང་ཕན་པའི་དབང་བཅུ། སྒྲོལ་དབང་། ཤེས་རབ་ཡེ་ཤེས་ཚིག་དབང་དང་བཅས་པ་བྱང་


GLG003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིགས་འཛིན་ཆེན་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཕྱག་ལེན་བཞིན་ཚར་གཅིག་དང་། ཡང་སྤུ་གྲིའི་དབང་ཆོག་སོར་གནས་ཐེངས་གཅིག་སྟེ་ལན་གཉིས་སུ་ཐོབ། རྒྱབ་རྟེན་ལུང་གི་སྐོར་ལ། རྡོ་རྗེ་ཕུར་པ་སྤུ་གྲི་ནག་པོ་རབ་ཏུ་གསང་བའི་རྒྱུའི་ལེའུ་བཅུ་གཅིག་པ། ཕུར་པ་དྲག་སྔགས་ཀྱི་འཕྲིན་ལས་ཆེན་མོ་སྒོམ་དོན་སྒྲུབ་ཡིག་མ་དྲག་པོའི་འཕྲིན་ལས་རྫོགས་སོའི་མཐའ་ཅན། ཚོགས་མཆོད་དོན་བདུན་མ་ལྷག་མའི་མགྲོན་བསྐུལ་དང་བཅས་པ་ལྷག་མའི་ཆོ་ག་རྫོགས་སོའི་མཐའ་ཅན། ཡང་གསང་སྤུ་གྲི་འབར་བའི་འཕྲིན་ལས་འབྲིང་པོ་འཁོར་གྱི་ལྷ་རྣམས་ལུས་དཀྱིལ་དུ་བཀོད་པ་ཚོགས་མཆོད་དང་བཅས་པདཔལ་རྡོ་རྗེ་ཕུར་པའི་འཕྲིན་ལས་རྫོགས་སོའི་མཐའ་ཅན། རིགས་འཛིན་ཡོལ་མོའི་བའི་ལས་བྱང་དེ་འདི་ལ་བརྟེན་པ་ཡིན་འདུག །ཕུར་པ་ཕྲ་ཕྱག་དང་བཅས་པའི་བསྟོད་པ་བསྐལ་པ་མེ་འབར་མ་སློབ་དཔོན་ཆེན་པོ་པདྨས་མཛད་པའི་རྫོགས་བྱང་གི་མཐའ་ཅན། དམ་ཅན་སྲུང་མ་བཅུ་གཉིས་རྩ་བ་གསུམ་དུ་དྲིལ་ཏེ་བསྐུལ་བ་དང་། གྱིང་ཆེན་ཉི་ཤུ་རྩ་གཅིག་བསེ་ལྕགས་དུང་གསུམ་དུ་དྲིལ་ཏེ། བསྐུལ་བ། བསྐུལ་བསྡུས་པ་རྫོགས་བྱང་གྱི་མཐའ་ཅན། དམ་ཅན་མ་མོའི་རྐྱང་བསྐུལ་འགོར་ཤྭ་ན་མུ་ཁའི་དུས་ལ་བབས༔ གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཞེས་ཡོད་པ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་བྱང་གི་མཐའ་ཅན། ཕུར་པ་སྤུ་གྲིའི་སྒོ་ནས་གདབ་ལས་སྐབས་དགོས་པ་གྲུ་གསུམ་མཐིང་ནག་མ་ཕུར་པ་སྤུ་གྲིའི་ཕོ་ཉ་དགུག་འདྲེན་གྱི་ལས་བྱང་རྫོགས་སོའི་མཐའ་ཅན། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུས་མཛད་པའི་ཕུར་པ་དྲག་སྔགས་ཀྱི་འཕྲིན་ལས་སྒྲོལ་


GLG003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དྲག་པོའི་རྣོ་མཚོན། ཁམས་པ་ཤེས་རབ་ཀྱིས་བསྐུལ་ནས་དེས་མཛད་པའི་ཕུར་པ་གོང་ཁུག་མའི་བསྙེན་སྒྲུབ་བྱེད་ཚུལ། དེས་མཛད་པའི་རྒྱུན་འཁྱེར་གཏོར་བསྔོ། དེས་མཛད་པའི་སྦྱིན་སྲེག་གི་ཆོ་ག་བསྐལ་པའི་མེ་དཔུང་། རྡོ་རྗེ་ཕུར་པ་སྤུ་གྲི་ནག་པོའི་དབང་བསྐུར་གྱི་ཆོ་ག །མཆོག་ཐུན་དངོས་གྲུབ་འགྲུབ་པར་བི་དྱོཏྟ་མ་ལ་ལས་གསུངས་པའི་རྒྱུན་གཏོར་གྱི་རིམ་པ། དྲག་པོའི་བཟླས་པ་འཕྲོ་འདུ་ལས་ཀྱི་བསྙེན་པ། ཀཱི་ལ་ཡ་ཆོས་ཉིད་དུ་བཟླ་བ། བཟའ་བ། བཏུང་བ། གོས། རྒྱན། ཉལ་བ། ལྡང་བ། འགྲོ་བ། འདུག་པ་སྟེ་སྤྱོད་ལམ་གྱི་རྣལ་འབྱོར་བརྒྱད། བི་དྱོཏྟ་མ་ལ་འབུམ་སྡེའི་བཅུད་ཕྱུང་བ་ཕུར་པའི་ལས་ཐམས་ཅད་ཀྱི་དོན་བསྡུས་པའི་རྩ་བ། ཕུར་པ་དྲག་སྔགས་ཀྱི་སྤུ་གྲིའི་ཏི་ཀ་བསེ་སྒྲོམ་ནག་པོ་མ། འདིའི་འབུམ་ཐང་གི་བྲག་རིན་ཅེན་དགེ་གནས་སུ་སྦས་པ་རྒྱལ་པོ་ཁྲི་རལ་པ་དང་ཕྲད་པའི་སྨོན་ལམ་བཏབ་པ་དང་བྲིས་བཤུས་གཅིག །གུང་ཐང་རྒྱལ་པོའི་དོན་དུ་ཟང་ཟང་ལྷ་བྲག་ཏུ་སྦས་པའི་ཁྲི་བཀྲ་ཤིས་ལྡེ་དང་ཕྲད་པའི་སྨོན་ལམ་ཅན་ཡིན་ནོ། །ཕུར་པ་སྲོག་གི་སྤུ་གྲི། མན་ངག་འདི་དང་བྱིན་གྱིས་བརླབས་པའི་ཕུར་པ་ཟབ་ཆེན་གྱིས་དྲིལ་ཏེ་རྒྱལ་པོའི་སྐུ་ལུས་ལ་བཅངས་པའི་ཕུར་པ་བཀའི་སྒྱེ་ཆུང་མར་གྲགས། ཕུར་པ་ཟོར་སྣོད་ཡོན་བདག་གནས་སོགས་ཀྱིས་ཁྱད་པར་འཕགས་པའི་ལོ་རྒྱུས། ཕུར་པའི་རྒྱུད་མན་ངག་མཚན་མ་རྫས་ཀྱི་ཕུར་པ་རྣམས་གཏེར་ཁ་བདུན་དུ་སྦས་པ་ལས་ཕུར་པ་གོང་ཁུག་མ་ཟབ་པའི་ལོ་རྒྱུས། ཕུར་པ་དྲག་སྔགས་ཀྱི་སྒྲུབ་ཐབས་རྒྱུན་འཁྱེར་བྱང་པ་རིགས་འཛིན་ཡབ་སྲས་ཀྱི་ཕྱག་ལེན་ཞལ་ཤེས་མ་འགོར་རྡོ་རྗེ་ཕུར་པ་དྲག་སྔགས་ཀྱི་སྒྲུབ་པ་ཉམས་སུ་བསྟར་བ་ལ་ཞེས་པ་དང་མཇུག་ཤིས་བརྗོད་དང་བཅས་


GLG003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐབས་དང་བསྟུན་པར་བྱ་བའི་མཐའ་ཅན། ཕུར་པ་ཁྲོ་བོ་རོལ་པའི་གཏོར་བཟློག །ཕུར་བཟློག་དབུས་ཕྱོགས་འཁོར་ལོ་མ། སྡེ་བརྒྱད་བསྲུང་ཟློག་སྤུ་གྲིའི་སོ་དང་འདྲ་བ། སེར་བའི་གདོང་བཟློག་སྡེ་བརྒྱད་ཀྱི་ཁ་འཆིང་ཡིན་པས་རང་གི་ཟ་ཁ་འགག་པར་གསུངས་པ། རྫས་ཀྱི་མཐུ་ཆེན་བཅོ་བརྒྱད། མཚོན་འདྲ་ཐོག་འདྲའི་མན་ངག་བརྒྱ་དང་བརྒྱད་ཀྱི་ནང་ནས་ཁོལ་དུ་ཕྱུང་བའི་ལྟས་ངན་གཏོང་བ། མེ་ཐན། ཁང་སེལ། སྐྱེ་བ་གོ་ལོག །སྐྱེ་བ་རྒྱུན་གཅོད། ཕྱུགས་ཀྱི་སྐྱེ་བ་རྒྱུན་གཅོད། ཞིང་སེལ། ལོང་བྱེད། གསོ་བྱེད། འོན་བྱེད། གསོ་བྱེད། འཁུམ་བྱེད། གསོ་བྱེད། སྦོས་བྱེད། སྨྱོ་བྱེད། ཞ་བྱེད། མཚན་མ་སྐྲང་བྱེད། འབྱེད་པ་གཉིས། གཟེར་ནད་ཀྱིས་འཆི་བ། རེངས་པ། སྲེ་ལོང་ལ་བརྟེན་ནས་ལྟས་ངན་གཏོང་བ། མུ་སྟེགས་ཤྲཱི་རལ་པ་ཅན་གྱི་དགྲ་བོ་གསོད་པའི་མན་ངག །མཚན་མ་དང་ནུ་མ་སྐྲང་པར་བྱེད་པ་རྣམས་སོ། །རྩ་དུམ་ལས། རྩ་དུམ་ཡང་སྙིང་ཕུར་པའི་བཅུད་ཕྱུང་བ༔ འདི་ནི་ཀུན་ཏུ་གྲགས་པ་མ་ཡིན་པས༔ སྤེལ་བའི་གནས་མེད་ས་ཡི་གཏེར་དུ་སྦ༔ ཞེས་ཨོ་རྒྱན་ཆེན་པོས་གཡའ་རི་གོང་གི་བྲག་ཕུག་ཏུ་མི་ལོ་བཅུ་གཉིས་བར་བསྒྲུབས་པའི་ཐུགས་ཀྱི་བརྣག་པ་ཕུར་པ་ལྷ་འདུས་ཞེས་པ་ཚན་ཆེ་ལ་སྒྲུབ་ཐག་མྱུར་བ་ལྷ་ཐམས་ཅད་ངོ་བོ་གཅིག་ཏུ་དྲིལ་ནས་བསྒྲུབ་པས་ཕུར་པ་དྲིལ་སྒྲུབ་ཏུ་གྲགས་པའི་སྐོར་ལ། རྡོ་རྗེ་ཕུར་པའི་རྩ་བ་ཐམས་ཅད་དྲིལ་ནས་ཉམས་སུ་ལེན་པ་ལ་ཡང་སྙིང་དམ་པའི་མཐའ་ཅན། ལས་ལ་སྦྱར་བའི་མན་ངག་ཤྲཱི་སིངྷའི་ཐུགས་ཀྱི་བཅུད་ཕྱུང་བ་ཨོ་རྒྱན་པདྨ་འབྱུང་གནས་ལ་གཏད་པ། མངའ་བདག་གིས་སློབ་དཔོན་ཆེན་པོ་ལ་རྡོ་རྗེའི་སྐུ་འཇིགས་པ་ཐམས་ཅད་


GLG003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བཞིན་དུ་ལྕགས་ཕུར་འདི་དང་མི་བྲལ་བར་མཛད་པའི་རྒྱུ་མཚན་ཞུས་པ་ལས་འཕྲོས་ཏེ་ཕུར་པའི་རྒྱུ་དང་ཚད་དབྱིབས་གཏེར་དུ་སྦས་ཚུལ་བཅང་ཐབས་མངའ་གསོལ་ལས་ལ་སྦྱོར་བའི་དུས་ཚོད་སོགས་བསྟན་པ་བྱིན་རླབས་ནོར་བུ་རིན་ཆེན་ལྟར་འབྱུང་བའི་མཐའ་ཅན། ཐུགས་ཀྱི་སྒྲུབ་པ་གསང་བ་ཕུར་གཅིག་མའི་སྒྲུབ་ཐབས་ཞེས་པ་སློབ་དཔོན་ཤྲཱི་སིངྷས་ཨོ་རྒྱན་ཆེན་པོ་ལ་གདམས་པ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གཡའ་རི་གོང་གི་བྲག་ཕུག་ཏུ་ལོ་བཅུ་གཉིས་བསྒྲུབ་པའི་དྲིལ་སྒྲུབ་གདམས་པའི་མན་ངག་རྩ་ཐུང་ཡང་སྙིང་ཕུར་པའི་བཅུད་ཕྱུང་བ། གསང་བ་ཕུར་གཅིག་མ་དང་རྩ་ཐུང་འདི་གཉིས་རིགས་འཛིན་ཆེན་པོའི་གསན་ཡིག་དང་བཀྲ་བཟང་པའི་སྤྱི་ཆིངས་སུ་དྲག་སྔགས་ཀྱི་ཆོས་ཚན་དུ་བཀོད་པ་དང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསན་ཡིག་ན་དྲག་སྔགས་དང་དྲིལ་གྲུབ་ཀྱི་སྐོར་བསྲེས་འདུག་ཅིང་། རིགས་འཛིན་ཡོལ་མོ་བའི་དྲག་སྔགས་ཀྱི་ལས་བྱང་ཡང་། སྤུ་གྲི་འབར་བའི་ལས་གཞུང་ཆུང་བ་སོར་གནས་ཀྱི་ཁྲོ་བཅུ་ལུས་ལ་བཀོད་པ་སོགས་ནས་མཁས་གྲུབ་དེ་རྣམས་ཀྱི་གསུང་ཚད་མར་འདུག་ནའང་། སྔགས་འཆང་ཆོས་རྒྱལ་བསོད་ནམས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས། བཀྲ་བཟང་པ་ནམ་མཁའ་རིགས་འཛིན་གསུམ་གྱི་གསན་ཡིག་ན་དྲིལ་སྒྲུབ་ཀྱི་ཆོས་སྡེར་འདུག་པ་ལས་བྱང་རྒྱས་འབྲིང་གི་ཁུངས་དང་བརྒྱུད་རིམ་སོ་སོར་དབྱེ་བ་སོགས་ལ་དཔགས་ན་འཐད་དམ་སྙམ་ནས་དེའི་རྗེས་སུ་འབྲངས་ཏེ་བཀོད་པ་ཡིན་ལ། ཕྱོགས་འདིར་མཁས་ཤིང་གྲུབ་བརྙེས་དེ་དག་བཞེད་ཚུལ་མི་མཐུན་པ་མཐའ་གཅིག་ཏུ་འཐད་མི་འཐད་ཀྱི་ཁ་ཚོན་མ་ཆོད་པར་སླར་ཡང་མཁས་གྲུབ་ཀྱི་སྔགས་འཆང་འདྲ་དང་ཕྲད་ན་དཔྱད་པར་བྱའོ། །


GLG003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་གཡའ་རི་གོང་གི་བྲག་ཕུག་ཏུ་མི་ལོ་བཅུ་གཉིས་ཀྱི་བར་དུ་བསྒྲུབས་པའི་ཕུར་པ་གསང་བ་དྲིལ་སྒྲུབ་ཀྱི་འཕྲིན་ལས་ཆེན་མོ། དེའི་འཕྲིན་ལས་འབྲིང་པོ་རྡོ་རྗེ་གཞོན་ནུའི་འཕྲིན་ལས་ཁྱད་པར་ཅན་དུ་གྲགས་པ་འཕྲིན་ལས་བསྡུས་པ་རྡོ་རྗེ་གཞོན་ནུའི་ཚོགས་ལ་ཉམས་ལེན་རྒྱུན་འཁྱེར་རྒྱུད་དང་འཕྲིན་ལས་ནས་བཀོལ་བ་བདག་ཉིད་རྡོ་རྗེ་སྲིན་པོ་མ། མཚན་བརྒྱད་ཀྱི་བསྟོད་པ་ལ་བརྟེན་ནས་ཕུར་པ་བསྐུལ་བ་རྣམས་ལེགས་པར་ཐོབ་པ་ལས། ཕུར་པ་ཆེ་མཆོག་གི་དབང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། རྡོ་རྗེ་ཕག་མོ། ཨོ་རྒྱན་དུས་གསུམ་སངས་རྒྱས། ཇོ་མོ་ཡེ་ཤེས་འཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། གཏེར་སྟོན་དངོས་གྲུབ་རྒྱལ་མཚན། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་ངག་དབང་གྲགས་པ། དྲིན་ཅན་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། གནུབས་ཆེན་ངག་དབང་རྒྱ་མཚོ། སྐྱི་སྟོན་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། སེ་བན་ནམ་མཁའ་རིགས་འཛིན། བཀྲ་བཟང་པ་ཐུགས་མཆོག་འོད་འབར། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ན་ཐུགས་སྲས་ནས། སྔགས་འཆང་ཤཱཀྱ་བཟང་པོ། སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ། རིགས་འཛིན་དཀོན་ཅོག་ལེགས་ལྡན། སྔགས་འཆང་ཚེ་དབང་རིགས་འཛིན། སེ་བན་ནམ་མཁའ་རིགས་འཛིན་མན་གོང་ལྟར། ལུང་གི་བརྒྱུད་པ་ནི། སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ་ནས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ཐམས་ཅད་མཁྱེན་


GLG003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་དྲིན་ཅན་སངས་རྒྱས་དཔལ་བཟང་ནས། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཆོས་རྒྱལ་དབང་པོའི་སྡེ་མན་གོང་བཞིན་ནོ། །ཚེ་དབང་གི་བརྒྱུད་པ་ནི། ཀླུ་སྒྲུབ་དབང་པོ་ནས། སྤང་སྟོན་དབོན་པོ་ངག་དབང་ཕུན་ཚོགས། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ལྷ་འཁྲིད་ཀྱི་བརྒྱུད་པ་ནི། དྲིན་ཅན་སངས་རྒྱས་དཔལ་བཟང་ཡན་གོང་ལྟར་ལ། སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བཀྲ་ཤིས། གནུབས་ངག་དབང་རྒྱ་མཚོ། སྐྱི་སྟོན་ཆེན་པོ། ཀླུ་སྒྲུབ་རྗེ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །རྫས་ཀྱི་མཐུ་ཆེན་བཅོ་བརྒྱད་དང་མཚོན་འདྲ་ཐོག་འདྲ་མ་གཏོགས་པའི་ཕུར་པ་དྲག་སྔགས་ཀྱི་དབང་ཆོག་ལ་ཆེ་མཆོག་དབང་ཆུ་ནས་ཁ་བསྐངས་ཏེ་སྤུ་གྲིའི་དཀྱིལ་འཁོར་དུ་ཐོབ་པའི་དབང་དང་ལུང་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་རིགས་གསུམ་མགོན་པོ། སྨུ་ནག་དབང་གི་མཁའ་འགྲོ། ཚངས་པའི་རྒྱལ་པོ་གདོང་གསུམ་པ། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཛ། མཁས་པ་ཤཱཀྱ་པྲབྷ། ཨོ་རྒྱན་སངས་རྒྱས་གཉིས་པ་ནས་བཟུང་སྟེ་རིགས་འཛིན་ལེགས་ལྡན་རྡོ་རྗེ་ནས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ལ་བརྒྱུད་པ་གོང་ལྟར། ཡང་ན་གཏེར་སྟོན་ནས། རིགས་འཛིན་སངས་རྒྱས་བྱམས་བཟང་། སེ་བརྒྱ་མཁར་བ་ཉི་མ་བཟང་པོ། སེ་སྟོན་མགོན་པོ་བཟང་པོ། སེ་སྟོན་རིན་ཅེན་རྒྱལ་མཚན་མན་གོང་བཞིན་ནོ། །ཡང་སྤུ་གྲིའི་དབང་དང་


GLG003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བརྒྱུད་ལུགས་གཅིག་ནི་ནུབ་དགོན་རྗེ་ནས། བྱམས་པ་བློ་གྲོས་རྒྱལ་མཚན། ཆོས་རྒྱལ་དབང་པོའི་སྡེ་མན་གོང་འདྲ། སྤུ་གྲིའི་དབང་ཆོག་སོར་གནས་སྟེང་ནས་དབང་མནོས་པའི་བརྒྱུད་པ་ནི། ཐུགས་སྲས་ནམ་མཁའ་རྒྱལ་མཚན་ནས། གནུབས་ངག་དབང་རྒྱ་མཚོ་ལ་བརྒྱུད་པ་དང་། ལེགས་ལྡན་རྗེ་ནས། དཀོན་ཅོག་ལེགས་ལྡན་ལ་བརྒྱུད་པ་སོར་གནས་ཡིན་ནོ། །ཡང་ལུགས་གཅིག་ལ་ཐུགས་སྲས་ནམ་མཁའ་རྒྱལ་མཚན་ནས་དྲན་མཆོག་ནམ་མཁའ་བསོད་ནམས་བཀྲ་བཟང་པ་པདྨ་དབང་ཆེན། བཀྲ་བཟང་པ་ཚེ་དབང་རིགས་འཛིན། བཀྲ་བཟང་པ་ནམ་མཁའ་རིགས་འཛིན། བཀྲ་བཟང་པ་ཐུགས་མཆོག་འོད་འབར་མན་གོང་འདྲ། རྫས་ཀྱི་མཐུ་ཆེན་བཅོ་བརྒྱད་དང་མཚོན་འདྲ་ཐོག་འདྲའི་ལུང་བརྒྱུད་ནི། གུ་རུ་ཁྲག་འཐུང་ནག་པོ། ཨོ་རྒྱན་ཆེན་པོ། ལྷ་སྲས་མུ་ཁྲི་བཙན་པོ། གཏེར་སྟོན་རྒོད་ལྡེམ་ཡབ་སྲས། སེ་སྟོན་ཉི་བཟང་། སེ་སྟོན་མགོན་བཟང་། སེ་སྟོན་རིན་རྒྱན། ཟུར་ཉི་མ་རྒྱལ་མཚན། ཟུར་བདེ་ལེགས་རྒྱལ་མཚན་རྟིང་མ། ཟུར་ངག་དབང་ཕུན་ཚོགས། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་བྱམས་པ་ཆོས་རྒྱན་ནས། ཐུགས་སྲས་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། ནུབ་དགོན་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། འདར་ནག་རྒྱལ་སྲས་བདེ་བ་བཟང་པོ། དེས་བདག་ལའོ། །དྲིལ་སྒྲུབ་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། ཡང་སྤྲུལ་ཤྲཱི་སིངྷ། དྲན་མཆོག་ཨོ་རྒྱན་ཆེན་པོ་མན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་བརྒྱུད་པར་བཞུགས་པའི་བརྒྱུད་ཚུལ་ལུགས་གཉིས་སོར་གནས་སོ། །


GLG003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ནུབ་དགོན་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། བྱང་བདག་ཡབ་སྲས་མན་སྔར་བཞིན་ནོ། །སྤྲུལ་སྐུ་རིགས་འཛིན་ཆེན་པོས་ནུབ་ཟངས་མཛོད་དམར་པོ་ནས་སྤྱན་དྲངས་པའི་མངའ་དབང་རིན་པོ་ཆེའི་སྐོར་ནི། ལོ་རྒྱུས་ལས། ཆོས་སྐྱོང་རྒྱལ་པོར་མངའ་གསོལ་བའི༔ མངའ་ཐང་རིན་ཅེན་འབར་བ་ཡོད༔ ཅེས་སོགས་ཀྱིས་མངའ་དབང་གི་ཞར་བྱུང་དུ་ཐུགས་སྒྲུབ་ཀྱི་ཛམྦྷ་ལའི་སྐོར་རྣམས་བསྟན་པའི་དངོས་དོན་མངའ་དབང་གི་རིམ་པ་ཐོབ་པར། མངའ་དབང་རིན་ཅེན་འབར་བའི་དབང་དང་། ལུང་ལ་མངའ་ཐང་རིན་པོ་ཆེའི་ལོ་རྒྱུས་ཞེས་པ་འདིའི་བརྗོད་དོན་བང་མཛོད་བཅའ་བ། ཉམས་སུ་ལེན་ཚུལ་དོན་གསུམ་དུ་བསྟན་པ། དབང་གི་བཀའ་བབས་ལོ་རྒྱུས་ཐེམས་བྱང་ལུང་བསྟན་སྐུ་གསུང་ཐུགས་ཀྱི་གདུལ་བྱ་ཞལ་ཆེམས་དང་བཅས་པ་སྦས་བྱང་གི་མཐར་ཚང་བ། ཡིད་བཞིན་ནོར་བུ་དབང་གི་ཆོག༔ སྙིང་དང་འདྲ་བའི་མན་ངག་འདི༔ འབྱུང་པོ་གདུལ་བྱེད་རྒྱུད་ལས་བཏུས༔ ཞེས་པའི་མངའ་དབང་རིན་པོ་ཆེ་འབར་བ་དངོས་ཀྱི་ཡི་གེ་ལ་ཕུན་སུམ་ཚོགས་པའི་རྒྱུ་བཙལ་བ། རྟེན་ཅིང་འབྲེལ་པར་འབྱུང་པའི་རྫས་གསག་པ། ཆོས་སྐྱོང་རྒྱལ་པོར་མངའ་གསོལ་བ་དངོས་ཏེ་དོན་ཚན་གསུམ་དུ་བསྟན་པ་ཐང་ལྷ་ལ་གཉེར་བཅོལ་གྱིས་མཐར་ཚང་བ། རྒྱུད་ལ་ལེའུ་ལྔ་རུ་བསྟན༔ ཞེས་པ་འདིའི་བཤད་ཁུངས་སྲོག་གི་སྙིང་པོ་བཏུས་པ་འབྱུང་པོ་གདུལ་བྱེད་ཀྱི་རྒྱུད་ལ་གླེང་གཞི། དུས་དང་གཟའ་སྐར་བརྩི་བ། སྲོག་གི་ཡི་གེ་འདྲི་བ། ནོར་བུ་སྔགས་ཀྱི་ལེའུ། གཏད་རྒྱ་སྦས་བྱང་བཀའི་དམ་བསྒྲིགས་དང་བཅས་པ་ལེའུ་ལྔ་པ། ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལེའུ་བཅུ་གཉིས་པ། བསམ་ཡས་དབུ་རྩེར་སློབ་དཔོན་ཆེན་པོ་ལ་མངའ་བདག་གིས་


GLG003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་མཎྜལ་རི་རབ་གླིང་བཞི་ལ་དཔེ་བྱས་པ་ཕུལ་ནས་ཞུས་པའི་ཆོས་སྐྱོང་རྒྱལ་པོའི་མངའ་ཐང་བསྐྱེད་པའི་ལུང་བྱང་སྒྲོལ་༼༽མ་བསྟན་པའི་བར་གཅོད་སེལ་ཐབས་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཤཱཀྱ་ཐུབ་པ། ཀུན་དགའ་བོ། ཤཱཀྱ་པྲ་བྷ། ཡང་ན་དཔལ་གསང་བདག་ཕྱག་ན་རྡོ་རྗེ། གཏེར་བདག་སྲིད་གསུམ་དབང་གི་ཌཱ་ཀི་མ། ཨོ་རྒྱན་གྱི་རྒྱལ་པོ་ཐོར་ཅོག་ཅན། ཆོས་རྒྱལ། གཏེར་སྟོན་རིགས་འཛིན་ཆེན་པོ། གངས་ཅན་སངས་རྒྱས་བསྟན་པ། རིགས་འཛིན་སངས་རྒྱས་བྱམས་བཟང་། སེ་སྟོན་མགོན་བཟང་། སེ་སྟོན་རིན་རྒྱལ། བྱམས་པ་ཀུན་དགའ་དོན་གྲུབ་བཀྲ་བཟང་པའི་གསན་ཡིག་ན་མཐུ་ཆེན་རྒྱལ་པོ་ཟེར་བ་སྣང་། སྔགས་འཆང་ཤཱཀ་བཟང་གསང་སྔགས་རྡོ་རྗེ། འཛམ་གླིང་ཆོས་གྲགས། གཞོན་ནུ་སྟོབས་ལྡན། སྔགས་འཆང་ཚེ་རིང་དབང་པོ། ཀླུ་སྒྲུབ་རྗེ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་དོ་ཆེན་སངས་རྒྱས་བསྟན་པ་ཡན་གོང་ལྟར་ལ། རྡོ་རྗེ་དཔལ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ཐུགས་སྲས་རིན་པོ་ཆེ། ཡོལ་མོ་ཤཱཀ་བཟང་། རིགས་འཛིན་ཆེན་པོ། རིགས་འཛིན་ཆོས་དཔལ་བཟང་། སྔགས་འཆང་ཀུན་བཟང་ཉི་མ། ཟུར་ཆེན་ངག་དབང་ཕུན་ཚོགས་མན་གོང་བཞིན་ནོ། །ཡང་ན་གཏེར་སྟོན་ནས་རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་མན་འདྲ། ཡང་ན་སངས་རྒྱས་དཔལ་བཟང་ནས། ཆོས་རྒྱལ་བསོད་ནམས། བསོད་ནམས་བཀྲ་ཤིས། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ་མན་འདྲ། ལོ་རྒྱུས་དང་དབང་ཆོག་གཉིས་ཀྱི་ལུང་རྒྱུད་ལུགས་གཅིག་ལ་རིགས་


GLG003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཆེན་པོ་ནས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ཀུན་བཟང་ཉི་མ་མན་གོང་ལྟར་རོ། །ཡང་ན་ཟུར་སྤང་སྟོན་དབོན་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཡུང་དྲུང་གི་རྟགས་མ་གཏོགས་པའི་དབང་ལུང་གི་བརྒྱུད་ལུགས་གཅིག་ནི། ཚེ་རིང་དབང་པོ་ནས། ཀླུ་སྒྲུབ་དབང་པོ། སེ་ནམ་མཁའ་རིགས་འཛིན། སེ་ཐུགས་མཆོག་འོད་འབར། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡཀྵ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པར་སྒྲུབ་པ་བསྙེན་པའི་ཡི་གེ །ཡཀྴ་རྡོ་རྗེ་དབུ་ཉེར་གཅིག །ཕྱག་ཞེ་གཉིས་པར་སྒྲུབ་པ་སྒྲུབ་པའི་ཡི་གེ །ཡཀྵ་རྡོ་རྗེའི་ཐེམས་བྱང་། གནས་ཆེན་བཙལ་ནས་འཛིན་པའི་ལུང་བསྟན་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔ། རིགས་གསུམ་མགོན་པོ། དབང་གི་མཁའ་འགྲོ། ཚངས་པའི་རྒྱལ་པོ། ལྷ་དབང་། ཀླུ་རྒྱལ། རྒྱལ་པོ་ཛ། ཤཱཀྱ་པྲ་བྷ། ཨོ་རྒྱན་ཡབ་ཡུམ། སྣ་ནམ་པ། གཏེར་སྟོན། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། མེ་སྟོན་ཆེན་པོ། ཡོལ་མོ་ཤཱཀ་བཟང་། ལེགས་ལྡན་རྗེ། བླ་ཆེན་སྒྲོ་ཕུག་པ། སྔགས་འཆང་ཚེ་རིང་པ། ཀླུ་སྒྲུབ་རྗེ། སྤང་སྟོན་དབོན་པོ། ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་སངས་རྒྱས་དཔལ་བཟང་ནས། ཆོས་རྒྱལ་བསོད་ནམས། ཆོས་སྐྱོང་བཀྲ་ཤིས། འཇམ་དབྱངས་མཁྱེན་བརྩེ། དྲང་སྲོང་དཀའ་བཞི་པའི་སྲས་གཞོན་ནུ་སྟོབས་ལྡན། སྔགས་འཆང་ཚེ་རིང་དབང་པོ། རྗེ་བཙུན་གཤོང་ཆེན་པ། ཐུགས་སྲས་བསམ་གཏན་རྒྱལ་མཚན། ཟུར་ཆེན་ངག་དབང་ཕུན་ཚོགས་མན་གོང་བཞིན་ནོ།


GLG003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་བཅུའི་དམིགས་པ་དང་གདོང་གཅིག་མའི་དམིགས་པ་ལ་བརྟེན་ནས་གདོང་དམར་ཧོར་གྱི་དམག་དཔུང་བཟློག་པའི་ལུང་ཕྱག་བཞེས་ཐོབ་པའི་བརྒྱུད་པ་ནི། ལེགས་ལྡན་རྗེ་ཡན་གོང་ལྟར་ལ། དེ་ནས་ཆོས་རྒྱལ་དབང་པོའི་སྡེ། རྒྱལ་སྲས་ཐུགས་རྗེ་དབང་གྲུབ་རྩལ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཟབ་མོ་རྟེན་འབྲེལ་གྱི་ཆོས་བདུན་ནི། འོད་དཔག་མེད་ལ་རང་སྣང་དབང་དུ་སྡུད་པའི་ཆོས། སྤྱན་རས་གཟིགས་ལ་གདུལ་བྱའི་ཞིང་དབང་དུ་སྡུད་པའི་ཆོས། གུ་རུ་པདྨ་ལ་ཁམས་གསུམ་དབང་དུ་བསྡུ་བའི་ཆོས། ཁྲོ་བོ་རྟ་མགྲིན་ལ་དྲེགས་པ་དབང་དུ་སྡུད་པའི་ཆོས། ལྷ་ཆེན་མ་ཧཱ་དེ་ཝ་ལ་ཁམས་གསུམ་དབང་དུ་སྡུད་པའི་ཆོས། ཡུམ་ཨུ་མ་དེ་ཝ་ལ་མོ་བརྒྱུད་དབང་དུ་སྡུད་པའི་ཆོས། ཛཾ་བྷ་ལ་འདོད་དགུའི་ལོངས་སྤྱོད་དབང་དུ་སྡུད་པའི་ཆོས་དང་བདུན་ཡོད་པ་མཐའ་དག་མ་ཐོབ་ཅིང་། ཐོས་བསམ་གང་བྱས་ཀྱི་རིམ་པ་ནི། དབང་གི་སྒྲུབ་ཐབས་མཐའ་དག་ཕྱོགས་གཅིག་ཏུ་སྦས་པའི་དབང་ཆེན་ཡོངས་རྫོགས་ཀྱི་ཐེམས་བྱང་། འོད་དཔག་མེད་ཡེ་ཤེས་རང་གསལ་གྱི་སྒྲུབ་ཐབས་ཐུགས་རྗེ་ཆེན་པོའི་ཡི་གེ་བཅུ་པ་ལ་བརྟེན་ནས་འགྲོ་བ་གདུལ་བ་མེ་ལོང་མཐོང་གྲོལ་གྱི་མན་ངག་རྣམས་ཀྱི་ལུང་། རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྐོར་ལ། སྨིན་བྱེད་ཀྱི་དབང་དང་། ལུང་ལ། བསམ་ཡས་བརྩིག་དུས་ལྷ་སྲིན་ཁ་ལངས་པར་གུ་རུ་དྲེགས་པ་ཁ་ཆིངས་སྡེ་བརྒྱད་ཟིལ་གྱིས་མནན་པའི་རྟ་མགྲིན་དྲེགས་པ་དབང་སྡུད་གཡས་གཟུགས་ཁམས་བརྡེག་ཅིང་གཡོན་འདོད་ཁམས་གནོན་པའི་སྒྲུབ་ཐབས་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། དྲེགས་པ་དབང་སྡུད་ཀྱི་ཕྲིན་ལས། དབང་ཆོག་བསྟོད་


GLG003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབང་ཆེན་ལས་རྔམས་མ། སྡེ་བརྒྱད་གནད་འབེབས། མན་ངག་རྩ་བའི་ཐེམས་བྱང་། ཆོ་འཕྲུལ་སྟོན་པ། བཀའ་ཉན་པ། གང་བཅོལ་བྱེད་པའི་རྟགས། མཚན་མ་བརྟག་པ། དགྲ་ལ་རྦད་བ། དམ་འགོང་འདུལ་བ། སྲིའུ་གསོ་བ། ཕྱག་རྒྱ་མ་འགུགས་པ། ཚེ་འགུགས་པ། ཟས་ནོར་སྤེལ་བ། དྲོད་ཚད། དཔའ་བོ་ཕོ་ཚོགས་མོ་ཚོགས་ཀྱི་སྒྲུབ་པ་རྣམས། འོད་དཔག་མེད་ཀྱི་ལས་མཁན་ལྷ་ཆེན་དབང་ཕྱུག་ཆེན་པོ་སྟོབས་འདུས་ནག་པོའི་སྐོར་ལ། ལྷ་ཆེན་དབང་ཕྱུག་ལ་ནོར་ལྷ་བརྒྱད་ཀྱིས་བསྐོར་བའི་དབང་ལེགས་པར་མནོས་ནས། ལུང་ལ། གཉེན་པོ་སྟོབས་ཀྱི་སྒྲུབ་པ་ཞེས་པ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྒྲུབ་པ། ནོར་ལྷ་དགུའི་ཕྲིན་ལས་སུམ་ཅུ་རྩ་གསུམ་མ། ནོར་ལྷ་དགུའི་དབང་བསྐུར་གྱི་ཡི་གེ །འདོད་ཁམས་ཀྱི་བདག་པོ་དབང་ཕྱུག་ཆེན་པོས་འོད་དཔག་མེད། རྒྱལ་བ་ཤཱཀྱ་ཐུབ་པ། སློབ་དཔོན་ཆེན་པོ་གསུམ་གྱི་ཆོས་སྲུང་མཛད་པ་དང་། སློབ་དཔོན་ཆེན་པོས་མུ་སྟེགས་དབང་ཕྱུག་བཏུལ་བ་སོགས་ཀྱི་ལོ་རྒྱུས་ཆེན་མོ་རྫོགས་བྱང་གི་མཐའ་ཅན། བསམ་ཡས་མཆིམས་ཕུར་སློབ་དཔོན་ཆེན་པོ་དང་མཆིམས་ཀྱི་རྡོ་རྗེ་སྤྲེ་ཆུང་ལྷན་ཅིག་ཏུ་བཞུགས་པའི་ལོ་རྒྱུས་ལས་འཕྲོས་ནས་བསྙེན་སྒྲུབ་དྲིལ་བ་སྐྱོན་སྤོང་ཡོན་ཏན་སོགས་བསྟན་པ། མ་ཧཱ་དེ་ཝས་ཐམས་ཅད་དབང་དུ་སྡུད་པའི་རླུང་ཞགས་ལ། སྲིད་པའི་མེས་པོ་བླ་རྡོ་གཏོར་མ་སོགས་ཕྱི་ནང་གསང་གསུམ་དུ་དབྱེ་བའི་སྤྱི་སྒྲུབ། ཡབ་ཡུམ་གྱི་འཁོར་ལོ་རྐྱང་པ། ཡབ་ཡུམ་གྱི་འཁོར་ལོ་ལྟོ་འཁོར་མ། ཟླ་གམ་ཤོག་དམར་མ། ཕུར་མོའི་མེའི་སྦྱིན་སྲེག་འདིའི་སྔགས་འགོར་ཨོཾ་དེ་ཝ་ཤ་ར་ཟེར་བ་འདུག །རྒྱལ་པོ་དབང་སྡུད། འདིའི་སྔགས་


GLG003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགོར་ཨོཾ་དབང་ཕྱུག་ལྷ་ཆེན་ཟེར་བ་ཡོདམི་བརྟག་ཐོག་མར་རྔ་ཆེན་བརྡུང་བ་འདུག་ཡབ་ཡུམ་གྱི་འཁོར་ལོ་ཆུང་བ། དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་ཀྱི་སྔགས་བྱང་། དབང་ཕྱུག་ཡབ་ཡུམ་གྱི་སྲོག་འཁོར། རྒྱལ་པོ་དབང་སྡུད། འདིའ་ིསྔགས་འགོར་ཨོཾ་རཱ་ཛ་ཁུག་ཟེར་བ་འདུག །སེང་གེ་དཀར་མོའི་རྫས་ཐོད་ལ་བརྟེན་ནས་ཡུལ་ཁམས་དབང་སྡུད། ཕུར་མོའི་སྦྱིན་སྲེག་འདིའི་སྔགས་འགོར་ཨོཾ་དབང་ཕྱུག་ཆེན་པོ་ཟེར་བ་འདུག །རྨི་ལྟས། ཐོག་མར་རི་ལ་འཛེག་པ་འདུག །ཕ་ཝང་ལོང་བུ་ལ་བརྟེན་པའི་བླ་རྡོ་བཅང་ཐབས། འཇིག་རྟེན་དབང་སྡུད། སྲིད་པའི་མེས་པོ་ལ་བརྟེན་པའི་ཡུལ་ཁམས་དབང་སྡུད། མཆིལ་བའི་ཀླད་པ་ལ་བརྟེན་ནས་བཙུན་མོ་དབང་སྡུད། མདའ་བྱ་རྒོད་མ་ལ་བརྟེན་པའི་དབང་སྡུད། ཙན་དན་གྱི་སྲིད་མེས་ལ་བརྟེན་པའི་བླ་རྡོ། དབང་གི་ཞལ་གདམས་དང་པོ། སྔགས་རྐང་པ་ཐུང་ལ་སྒྲུབ་ཐག་ཉེ་བ། སྔགས་རིང་ལ་དབྱིངས་ཆེ་བ། སྔགས་རིང་ལ་བརྟེན་ནས་ཁྲོམ་དབང་དུ་བསྡུ་བ། སྔགས་ཐུང་ལ་བརྟེན་ནས་ཁྲོམ་དབང་དུ་བསྡུ་བ། གནམ་སྐས་ཅན་གྱི་བྲག་ལ་སྦས་པ། ཕྱི་རབས་སྔགས་འཆང་རྣམས་ལ་ཞལ་ཆེམས་སུ་བཞག་པའི་སྲིད་མས་སྐེད་འཆིང་མ། ལས་གྲུབ་ནས་རྟེན་དེ་གཞན་ལ་རེག་པའི་ཐབས། ཡི་གེ་གཅིག་འདོན་འཇུག་གིས་དབང་ཕྱུག་གཏན་ལ་དབབ་པ་མྱུར་མགྱོགས་སྔགས་ཀྱི་སྒྲུབ་པ། ལྷ་ཆེན་གནད་ལ་བོར་བ། བྱི་བ་ཁ་སྤྲོད་ཀྱི་འཁོར་ལོ་ཟབ་མོ། རྒྱལ་པོ་བཙུན་མོ་བློན་པོ་རྣམས་དབང་དུ་སྡུད་པ། འཁོར་ལོ་ལ་བརྟེན་ནས་ཡུལ་ཁམས་དབང་དུ་སྡུད་པ། ཐོད་པ་ཚད་ལྡན་ལ་བརྟེན་ནས་འདོད་ཁམས་དབང་དུ་སྡུད་པ། གསང་བ་ལག་བསྒུལ་གྱི་འཁོར་ལོ་ལ་བརྟེན་ནས་


GLG003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་མི་ནོར་ལོངས་སྤྱོད་དབང་དུ་བསྡུ་བ། གསང་བ་སྙིང་བསྒུལ་གྱི་འཁོར་ལོ་ལ་བརྟེན་ནས་མི་ནོར་སྡུད་པ། ཟངས་ཀྱི་སྲིད་མེས་ལ་བརྟེན་ནས་ཁྲོམ་དབང་དུ་བསྡུ་བ། རིལ་བུ་ལ་བརྟེན་ནས་ཁྲོམ་དང་བུད་མེད་དབང་དུ་སྡུད་པ། ཟས་ནོར་རི་ལྟར་སྤྲུངས་པའི་དམིགས་སྔགས། ལྷ་ཆེན་དབང་ཕྱུག་དང་མུ་སྟེགས་དབང་ཕྱུག་གི་སྒྲུབ་སྐོར་གཏེར་དུ་སྦས་ཚུལ། རྒྱལ་མཚན་ལ་བརྟེན་ནས་མི་ནོར་ཟས་གསུམ་དབང་དུ་སྡུད་པ། སྔགས་ཀྱི་ཐེམས་ཡིག་མཆིམས་ཀྱིས་དབྲི་བསྣན་མ་བྱས་པར་གཏེར་དུ་སྦས་པ་རྣམས་རིགས་འཛིན་པདྨའི་བཀའ་ཉན་འཇིག་རྟེན་དབང་ཕྱུག་གམ་མུ་སྟེགས་དབང་ཕྱུག་བསོད་ནམས་དཔལ་འབར་གྱི་སྐོར་ལ། གོང་གནོན་ཨོ་རྒྱན་པདྨའི་རྗེས་གནང་། མུ་སྟེགས་དབང་ཕྱུག་ཆེན་པོའི་རྗེས་གནང་། དབང་ཕྱུག་ནོར་བུ་བསམ་འཕེལ་གྱི་རྗེས་གནང་། དབང་ཕྱུག་སྣང་བ་དབང་སྡུད་ཀྱི་རྗེས་གནང་། མུ་སྟེགས་དབང་ཕྱུག་མཁའ་འགྲོ་བཞིས་བསྐོར་བའི་སྤྱི་དབང་རྣམས་མནོས་ནས། ལུང་ལ་སྔོན་འགྲོ་རྣམ་གསུམ་གྱི་བྱིན་རླབས་ཞེས་པ་སྤྱན་རས་གཟིགས་རྟ་མགྲིན། དབང་ཕྱུག་གསུམ་ཕྱི་ནང་གསང་གསུམ་གྱི་ཚུལ་དུ་སྒྲུབ་པ། དབང་ཆེན་མཆོད་པའི་ཕྲིན་ལས་འཇིག་རྟེན་དབང་དུ་བྱ་བའི་ཐུན་མོང་གི་དངོས་གྲུབ་འདི་ལས་མྱུར་བ་མེད་པ་སློབ་དཔོན་ཆེན་པོས་མཆིམས་ལ་གསུངས་པ། གོང་གནོན་དང་དབང་ཕྱུག་ཕྱི་ནང་གསང་གསུམ་གྱི་རྗེས་གནང་གི་ཡི་གེ་དབང་གི་རྫས་དང་དུས་བསྟན་པའི་རྫོགས་བྱང་གི་མཐའ་ཅན། དབང་ཕྱུག་ཆེན་པོ་ཡང་ཁོལ་གྱི་སྒྲུབ་པ་གཏེར་ཁ་བདུན་ལས་ལྷ་བྲག་གི་བསེ་སྒྲོམ་ནས་བྱོན་པ། སྙིང་བྱང་ཞལ་


GLG003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིགས་སྐོར་ལ་ཕྱི་ནང་གསང་གསུམ་ནོར་བུ་བསམ་འཕེལ་དང་བཅས་པའི་སྒྲུབ་པའི་ཞལ་ཁྲིགས་རྒྱ་བོད་གཞན་ན་མེད་པའི་ཁྱད་ཆོས། སྙིང་པོ་སྔགས་ཀྱི་ཐེམས་ཡིག་རྐྱང་འདེད་བྱས་ནས་འགུགས་ཐབས། སྔགས་གསུམ་སྦྲེལ་ནས་བཟླ་ཚུལ། གསང་བ་ཡང་ཁོལ་གྱི་སྒྲུབ་པའི་རིལ་བུ་རྡེག་པའི་མན་ངག །ཟངས་ཀྱི་ཕོ་ཚན་ཀླད་ལ་བསྐོར་ནས་གཟིར་བའི་མན་ངག་ཞལ་ཁྲིགས་རྫོགས་སོའི་མཐའ་ཅན། བླ་རྡོ་གཟུང་བ་གནད་ཀྱི་མན་ངག་རྗེ་པདྨས་མཆིམས་ཀྱི་རྡོ་རྗེ་སྤྲེ་ཆུང་ལ་གནང་བའི་མཐའ་ཅན། བླ་རྡོ་མལ་འོག་བཅུག་པའི་གནད་འབེབས། ནོར་རྫས་མི་འཛད་ཅིང་འཕེལ་བར་འགྱུར་བའི་ཐབས། མི་འདུ་འཕྲོ་ལ་ཚད་ན་གེགས་སེལ་བྱ་བ། རིག་པ་མི་གནས་པའམ་སྙིང་མི་དགའ་ན་གེགས་སེལ་མན་ངག་སྙིང་གི་ནོར་བུ། མཆིམས་ཀྱི་རྡོ་རྗེ་སྤྲེ་ཆུང་ཤིན་ཏུ་དབུལ་བ་ལ་གདམས་པ་རྫོགས་པར་གནང་བའི་ལོ་རྒྱུས། དབང་ཕྱུག་བསམ་རྒྱུད་དུ་གྲགས་པ་མཇུག་ན་པདྨ་ངའི་དབང་ཕྱུག་ཐུན་མོང་སྒྲུབ་ན་འདི་ལས་ལྷག་པ་མེད་པར་བསྟན་པ། གསང་བ་ཡང་ཁོལ་གྱི་ཞལ་གདམས་སློབ་དཔོན་པདྨའི་བཀའ། མཆིམས་ཀྱི་རྡོ་རྗེ་སྤྲེ་ཆུང་གིས་ཞུས་པ་རླུང་ཞགས་སྙིང་བྱང་གི་མཐའ་ཅན། སྔགས་བྱང་འཕྲུལ་གྱི་ཞལ་ཁྲིགས་སྙིང་གི་བྱང་བུ་བསེ་སྒྲོམ་དུ་སྦས་པའི་མཐའ་ཅན། སྔགས་ཐེམས་མཆིམས་ཀྱིས་གསང་ནས་མ་ཐུབ་པར་རྗེ་ལ་གཏད་པས་བསེ་སྒྲོམ་དུ་སྦས་པའི་མཐའ་ཅན། གནད་ཀྱི་ཏི་ཀ་གསལ་བྱེད་དམ་སྤོགས་ཆོག་ཏུ་གྲགས་པ། ཨུ་མ་དེ་ཝའི་རླུང་འཛིན་ནོར་བུ། ཨུ་མ་དེ་ཝའི་དབང་སྡུད་ཡིད་བཞིན་ནོར་བུ། འདིའི་ལོ་རྒྱུས་རྒྱ་གར་ན་སྐར་མ་ཙམ་


GLG003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱང་མན་ངག་ཉི་ཟླ་ཙམ་ལས་མེད་སྐད་དོ། །གཞན་ཡང་གཏེར་ལྷ་ནོར་བདག་གི་སྒྲུབ་སྐོར་སྒྲུབ་པ་ཕྱི་ཐག་སྲིང་པ་ཞལ་གདམས་ཡིན་ཞེས་པའི་མཐའ་ཅན་རྣམས་ལས་རྟ་མགྲིན་གྱི་སྐོར་མ་གཏོགས་པའི་དབང་ལུང་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། དཔལ་རྟ་མགྲིན། ཨོ་རྒྱན་ཡབ་ཡུམ། མཆིམས་རྡོ་རྗེ་སྤྲེ་ཆུང་། གཏེར་སྟོན་རིགས་འཛིན་ཆེན་པོ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་ངག་དབང་གྲགས་པ། དྲིན་ཅན་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། རིགས་འཛིན་ངག་དབང་རྒྱ་མཚོ། སྔགས་འཆང་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ངག་དབང་ཕུན་ཚོགས། རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སངས་རྒྱས་དཔལ་བཟང་ནས། སྔགས་འཆང་ཆོས་རྒྱལ་བསོད་ནམས། རིགས་འཛིན་སངས་རྒྱས་བསྟན་པ། འཁྲུལ་ཞིག་དཀོན་ཅོག་བཟང་པོ། བྱམས་པ་རིན་ཅེན་རྡོ་རྗེ། ཚེ་རིང་དབང་པོ་མན་གོང་འདྲ། སྤྱན་རས་གཟིགས་མཐོང་གྲོལ་གྱི་བརྒྱུད་ལུགས་གཅིག་ལ། སྔགས་འཆང་ཆོས་རྒྱལ་བསོད་ནམས། ཆོས་སྐྱོང་བསོད་ནམས་བཀྲ་ཤིས། སྤྲུལ་སྐུ་ཤཱཀྱ་བཟང་པོ། རིགས་འཛིན་བདུད་འཇོམས་རྡོ་རྗེ། ཆོས་རྒྱལ་དབང་པོའི་སྡེ། གཞོན་ནུ་སྟོབས་ལྡན་འོད་ཟེར། ཚེ་རིང་དབང་པོ་མན་གོང་བཞིན་ནོ། །རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་དབང་དེའི་ཡི་གེ་ཕྲིན་ལས། ཕོ་ཚོགས་མོ་ཚོགས་དང་བཅས་པའི་བརྒྱུད་པ་ནི། གཏེར་སྟོན་ཡབ་སྲས་ནས། བསོད་ནམས་བཟང་པོ། ཆོས་ཀྱི་རྒྱལ་མཚན། ནམ་མཁའ་གྲགས་


GLG003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ། དཀོན་ཅོག་བློ་གྲོས། བློ་གྲོས་དབང་པོ། ཤཱཀྱ་དཔལ་བཟང་། བྱམས་པ་ཆོས་རྒྱན། དབང་པོའི་སྡེ། ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ། ངག་དབང་ཕུན་ཚོགས། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །སྒྲུབ་སྟོད་འཕྲིན་ལས་ལ་བརྟེན་པའི་ལས་ཚོགས་ནི། ཟུར་ཐམས་ཅད་མཁྱེན་པས་ཡོལ་མོ་སྤྲུལ་སྐུ་དངོས་ལ་གསན་ནོ། །ཐུན་མོང་རྟེན་འབྲེལ་སྒྲིག་བྱེད་ལྷ་རྣམས་མཉེས་པར་བྱ་བ་སངས་མཆོད་ཀྱི་བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། སྣ་ནམ་པ། རིགས་འཛིན་ཡབ་སྲས། རྡོ་རྗེ་དཔལ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། ཡོལ་མོ་རྗེ། ལེགས་ལྡན་རྗེ། དབང་པོའི་སྡེ། ངག་གི་དབང་པོ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །གཞན་ཡང་མན་ངག་ཁ་འཐོར་ཤིང་བརྒྱད་ཀྱི་སྒོ་ནས་སྡེ་བརྒྱད་སྒྲིབ་པ་གཟུགས་སྒྲིབ་པའི་བསྲུང་བར་གྲགས་པ་མཇུག་ན་ཁྱིམ་དུ་རྒྱལ་འགོང་ཆགས་པ་འདོན་ཐབས་དང་བཅས་པའི་སྒྲིབ་ཤིང་ནག་པོ། རྫོགས་བྱང་གི་མཐའ་ཅན། སྐྱེ་བ་བདུན་གྱི་བར་ཀླུས་མི་ཚུགས་པའི་རྫས་བསྲུང་མི་གཙང་བ་དང་དམ་སེལ་གྱི་གྲིབ་བསྲུང་བའི་མན་ངག་གྲིབ་བསྲུང་བསམ་གཏན་ཁང་བུ། མངའ་བདག་ལ་ཀླུས་ཕུལ་བའི་དྲེགས་བཅོས་རྣམས་ཀྱི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཁྲག་འཐུང་ནག་པོ། ཨོ་རྒྱན་ཆེན་པོ། མུ་ཁྲི་བཙན་པོ། གཏེར་སྟོན་ཡབ་སྲས། སེ་སྟོན་ཉི་བཟང་། སེ་སྟོན་མགོན་བཟང་། ཟུར་སྟོན་ཉི་མ་རྒྱལ་མཚན། ཟུར་བདེ་ལེགས་རྒྱལ་མཚན་རྟིང་མ། བླ་མ་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ལུང་བསྟན་དང་སྦས་ཡུལ་ལམ་ཡིག་སྐོར་


GLG003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མ་འོངས་ལུང་བསྟན་པདྨའི་བསྐུལ་བྱང་ཆེན་པོ་ལུས་ཀྱི་གཞུང་ཤིང་འདྲ་བ་བོད་ཀྱི་སྔགས་བན་རྒྱལ་བློན་འབངས་རྣམས་ཀྱི་ངན་སྤྱོད་དར་བ་དང་དེ་ལ་བརྟེན་ནས་སྡུག་བསྔལ་འབྱུང་ཚུལ་དང་ཐེམས་བྱང་བདུན་ཡོད་ཚུལ་སོགས་བསྟན་པ། མ་འོངས་པའི་ལུང་བྱང་ཐེམས་བྱང་བདུན་པ་ཞེས་པ་བདུད་དམག་སྡེ་དགུ་གཡོ་བའི་དུས་སུ་མི་བརྟག་བསྐུལ་བའི་ཐེམས་བྱང་། རྩ་བ་བརླག་པའི་བདུད་གསུམ་གཡོ་བའི་ཚེ་ཟློག་བསྒྱུར་བསྲུང་བའི་ཐེམས་བྱང་། ནང་འཁྲུག་གཡོ་བའི་ཚེ་བཙན་ས་བསྙེན་པའི་ཐེམས་བྱང་། ཚེ་ཐུང་བདེ་སྐྱིད་མེད་པའི་དུས་འཁོར་བར་སྐྱུག་ལོག་གི་ཐེམས་བྱང་། བདུད་ཀྱི་བྱིན་གྱིས་བརླབས་པའི་ཚེ་ཆོས་དང་ཆོས་མིན་འབྱེད་པའི་ཐེམས་བྱང་། མཐའ་དམག་དང་པོ་གསུམ་གྱི་དུས་རོང་སྒོ་བསྙེགས་ནས་སོ་མཚམས་བཟུང་བའི་ཐེམས་བྱང་། མཐའ་དམག་ཆུ་ལྟར་ལུག་པའི་ཚེ་སྦས་ཡུལ་དུ་འགྲོ་དོན་བྱ་བའི་ཐེམས་བྱང་། མ་འོངས་ལུང་བསྟན་གུ་རུ་པདྨའི་ཞལ་ཆེམས་བརྗོད་དོན་གྱི་གཙོ་བོར་མཐའ་དམག་བཟློག་ཐབས་རྒྱས་པར་བསྟན་པ་རེ་ཞིག་རྫོགས་སོའི་མཐའ་ཅན། སློབ་དཔོན་ཆེན་པོ་ལ་མངའ་བདག་གིས་བསྟན་པ། དམ་ཆོས་གཙུག་ལག་ཁང་། རྒྱལ་ཁྲིམས་རྣམས་ཀྱི་གནས་ཚད་ཞུས་པའི་ལན་དུ་སྐྱེ་འགྲོ་རྣམས་ཀྱི་ངན་སྤྱོད་ལ་བརྟེན་ནས་རྒྱལ་ཁྲིམས་ཆོས་ཁྲིམས་འཇིག་པ་དང་། དུས་ངན་ཉེར་བརྒྱད་འཆར་བ་དང་མཐའ་དམག་བཟློག་ཚུལ་སོགས་ཀྱི་ཞལ་ཆེམས་རྣམས་སྤ་གྲོ་བྲག་དམར་ཁྲུལ་ཁུར་སྐུ་གཤེགས་ཁར་སྦས་ནས་སྨོན་ལམ་བཏབ་པ། དུ་རུ་ཁའི་རྒྱ་ཐེམས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་གུ་རུ་པདྨ་ལ་བསམ་ཡས་མཆིམས་


GLG003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་ཞུས་པ། ཨོ་རྒྱན་ཆེན་པོས་བོད་ཀྱི་མི་རྣམས་མི་དགའ་གསུངས་ནས་གཤེགས་པར་བརྩམས་པའི་དུས་མངའ་བདག་གིས་བཞུགས་པར་གསོལ་ནས་གདམས་པ་བརྒྱ་རྩ་བརྒྱད་དང་ལུང་བསྟན་ཆེ་འབྲིང་ཆུང་གསུམ་སོགས་གསུངས་པའི་དུས་ཚོགས་མཆོད་བརྒྱ་རྩ་མཛད་པའི་ཚེ་མཐའ་དམག་སྡེ་དགུས་བོད་འཇོམས་པའི་དུས་འབྲོས་པའི་ཡུལ་གྱི་སྦས་ཡུལ་རྣམས་དོན་བསྡུས་ཏེ་བསྟན་པ་ལེ་གྲངས་མེད་ཀྱང་མཇུག་ཏུ་ལེའུ་དྲུག་པ་ཟེར་བ་ཡོད། གཏེར་ཆེན་འདི་གདོན་པའི་དུས་བོད་ཀྱི་རྒྱལ་པོ་དང་དགེ་འདུན་འབངས་རྣམས་ཇི་ལྟར་འབྱུང་དང་བདེ་སྡུག་སོགས་ཀྱི་ལུང་བསྟན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ། ཟབ་གཏེར་འདི་ཉིད་ཀྱིས་བོད་ལ་ཕན་པའི་རྟེན་འབྲེལ་དང་དུས་རྟགས་སོགས་བསྟན་པའི་ལུང་བྱང་བརྒྱད་ཅུ་པར་གྲགས་པ། བོད་རྣམས་སྦས་ཡུལ་དུ་འགྲོ་བའི་དུས་ལ་བབས་པའི་ལུང་བསྟན། སྦས་ཡུལ་སྤྱིའི་ཐེམས་བྱང་ཞེས་པ་སློབ་དཔོན་ཆེན་པོ་མཆིམས་ཕུར་ཏིང་ངེ་འཛིན་ལ་བཞུགས་པའི་སྐབས་མངའ་བདག་གིས་བསམ་ཡས་སུ་སྤྱན་དྲངས་ནས་ཚོགས་བརྒྱ་མཛད་པའི་དུས་གསུངས་པའི་སྦས་ཡུལ་དུ་འགྲོ་རན་པའི་ཕྱི་ནང་གི་དུས་རྟགས་བདུད་ཀྱི་དུག་མདའ་བསྲུང་བ་དང་སྦས་ཡུལ་ངེས་པར་རྙེད་པའི་ཐབས་སོགས་བསྟན་པའི་མཇུག་ཏུ་ཨོ་རྒྱན་རྒྱལ་པོ་པདྨ་ངས༔ ས་རོང་བཙན་པའི་ཡུལ་ཕྲན་རྣམས༔ ས་བཏུལ་བྱིན་བརླབས་གཏེར་ཆེན་སྦས༔ སྒོ་བ་སྒོ་སྲུངས་བཀའ་ཉན་བསྐོས༔ དེ་ཕྱིར་སྦས་པའི་ཡུལ་ཀུན་ན༔ སྒྲུབ་གནས་རེ་དང་གནས་ཆེན་རེ༔ བཀའ་རྟགས་ཡིན་པས་གཞག་


GLG003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ༔ ང་ཡིས་བྱིན་རླབས་སྒྲུབ་གནས་སུ༔ ང་ཡུལ་བུ་ཡིས་འཛིན་པ་ལྟར༔ ཐེ་ཚོམ་མེད་པར་འཛིན་དུ་བཞུད༔ སྐྱེ་བ་འདི་ཡི་ཕྱི་མ་ལ༔ ང་དང་ཕྲད་པར་ཐེ་ཚོམ་མེད༔ བཀའ་འདིའི་དུས་ན་བོད་ཀྱི་ལས་ངན་གྱི༔ ཤིས་ངན་གྲི་རུ་འཆི་བས་ལུང་འདི་ཉོན༔ ཞེས་སོགས་ཡོད་པ། སྦས་ཡུལ་འབྲས་ནོར་ལྗོངས་ཀྱི་ལམ་ཡིག་འདིས་གསང་བ་རྨད་བྱུང་གི་ཆ་ལག་ཏུ་གཏོགས་ཀྱང་ཐོབ་ཡིག་ཏུ་ཆོས་ཀྱི་སྡེ་ཚན་དུ་མི་འབྲི་འདུག །ལེའུ་དྲུག་པ་མཇུག་ཏུ་ཆོས་ཀྱི་བློན་པོ་བརྒྱད་ཀྱིས་ལུང་རྟགས་བཀའ་བགྲོས་པ་འཕགས་པ་ཟབ་མོའི་ལུང་བདུན་པར་ཡང་གྲགས་ལ། ལྷ་སྲས་མུ་ཁྲི་བཙན་པོས་སློབ་དཔོན་ཆེན་པོ་ལ་རིན་ཅེན་གའུ་འདི་རྣམས་ཀྱི་བརྡའི་ངོ་བོ་དཔེ་དོན་ཞུས་པའི་ལན་སྦས་ཡུལ་བདུན་གྱི་ཐེམས་བྱང་ཐེ་ཚོམ་མེད་པར་རྙེད་པར་འགྱུར་བའི་མཐའ་ཅན། འདི་ལ་ཡང་གསང་བ་རྨད་བྱུང་གི་ལྡེ་མིག་ཟེར། ཡུལ་གཏེར་དུ་སྦས་པ་སྐྱིད་མོ་ལུང་གི་ཁ་བྱང་ལེགས་པར་གྲུབ་པའི་མཐའ་ཅན། སྦས་ཡུལ་སྐྱིད་མོ་ལུང་ངམ་གུང་ཐང་སྐྱིད་དུ་གྲགས་པའི་ལམ་བྱང་རྫོགས་སོའི་མཐའ་ཅན། མཆིམས་ཕུ་བྲག་དམར་ལ་རྒྱལ་པོའི་བླ་གཏེར་སྦས་པའི་ཚེ་གུ་རུ་ཆེན་པོར་མངའ་བདག་གིས་ཞུས་པའི་སྦས་ཡུལ་སྐྱིད་མོ་ལུང་གི་སྙིང་བྱང་བསྟན་མ་བཅུ་གཉིས་དང་། གཉན་ཆེན་ཐང་ལྷ་ལ་བཅོལ་བའི་མཐའ་ཅན། སྐྱིད་ཀྱི་ཡུལ་གྱི་ནང་སྒོ་འབྱེད་པའི་ལྡེ་མིག་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། སྐྱིད་མོ་ལུང་གི་ལྡེ་མིག་གསལ་བའི་སྒྲོན་མེ། འདིའི་མཇུག་ན་ཁ་བྱང་རྫོགས་ཟེར་བ་ཡོད་ཀྱང་བརྗོད་དོན་ལ་གོང་མ་དང་མི་འདྲ་བ་སྐྱིད་ཡུལ་དཔལ་གྱི་ལུང་སྒྲོན་འབྱེད་རན་པའི་དུས་ཚོད་དང་སྐྱིད་མོ་ལུང་གི་ཡུལ་གྱི་གནས་ཚུལ་ཀུ་ཐང་གི་ཡུལ་གྱིས་བསྐོར་ཚུལ་བཤད། སྐྱིད་མོ་ལུང་གི་མིང་


GLG003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་གྲངས་བསྟན་པ་འགོར་སློབ་དཔོན་པདྨས་ཕྱི་རབས་ཀྱི་དོན་དུ་ཞེས་ཡོད་པ་གཞི་བདག་མ་དགའ་ན་རྙེད་དཀའོ་ཞེས་པའི་མཐའ་ཅན། སྐྱིད་མོ་ལུང་གི་གནས་ཀྱི་གེགས་སེལ་མ་འོངས་པའི་དུས་ན་སྒོ་འབྱེད་པར་འགྱུར་བའི་མཐའ་ཅན། ཡོལ་མོ་གངས་ཀྱི་ར་བའི་ལུང་བྱང་སྙིང་གི་ཏི་ཀ་མཛོད་གསུམ་གྱི་གབ་པ་བཀྲོལ་བ་དང་བཅས་པ་འགོར་སྤྱན་རས་གཟིགས་ལ་ཕྱག་འཚལ་བ་དང་མཇུག་ཏུ་ལོ་སུམ་བརྒྱ་བསྲིང་ནུས་པར་འགྱུར་བའི་མཐའ་ཅན། བུ་ལིའི་གངས་དང་རོང་ལ་འབྲོས་ས་རྩལ་བ་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། སློབ་དཔོན་པདྨ་འབྱུང་གནས་ལ་མངའ་བདག་བཙན་པོས་ཞུས་པའི་བསྟན་པ་དང་བོད་ཀྱི་དར་རྒུད་ཟབ་གཏེར་ཇི་ཙམ་གྱི་དུས་ལ་འདོན་དང་འདོན་པའི་གང་ཟག་དེའི་ཚེ་རྒྱལ་བརྒྱུད་གང་དུ་དར་བོད་ཀྱི་བདེ་སྡུག་ཞུས་པའི་ལན་གསུངས་པ་ལས་འཕྲོས་ཏེ་རི་ཀུན་ཏུ་གཟིགས་ཀྱི་ལུང་བསྟན་བོད་ཀྱི་སྡེ་ཁོལ་བུར་དར་བའི་ཐབས་བསྟན་པའི་མཐའ་ཅན། གཙང་གི་སྟོད་བདེ་བར་བྱེད་པའི་གནས་རི་ཀུན་ཏུ་གཟིགས་ཞེས་བྱ་བ་ལུང་བསྟན་པའི་སའི་གནད། སྒྲུབ་པའི་གནད། ལས་སྦྱོར་གྱི་གནད་གསུམ་གྱི་ཞུ་བ་ཞུས་ལན་ཟངས་མཛོད་དམར་པོར་སྦས་ཤིང་ཐང་ལྷར་བཅོལ་བའི་མཐའ་ཅན། མངའ་བདག་གིས་ཨོ་རྒྱན་ཆེན་པོར་གསེར་གྱི་པ་ཏྲ་བདུན་ཕུལ་ནས་ཞུས་པའི་རི་ཀུན་ཏུ་གཟིགས་ཀྱི་ས་གནད་དང་གང་ཟག་གི་གནད་ཏིག་གི་མན་ངག་ཐམས་ཅད་རྒྱས་པར་བསྟན་པའི་ལུང་གི་སྒྲོན་མ་རྫོགས་བྱང་གི་མཐའ་ཅན། སྦས་ཡུལ་མཁན་པ་ལུང་གི་ཐེམས་བྱང་དཀར་ཆག་ཡི་གེར་ཐོབ་ལས་ཞོག་གི་མཐའ་ཅན། སློབ་དཔོན་ཆེན་པོ་ལ་རྒྱལ་པོས་ཟ་འོག་


GLG003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་གཅིག་ཕུལ་ནས་ཞུས་པའི་རྒྱལ་གྱི་མཁན་པ་ལུང་གི་ཕྱོགས་མཚམས་འགྲོ་བའི་དུས་ཚོད་འགྲོ་བའི་ཐབས་རྣམས་སྟོན་པའི་ལམ་བྱང་རྫོགས་སོའི་མཐའ་ཅན། གཏེར་སྟོན་རིགས་འཛིན་ཆེན་པོས་འབྲས་གཤོང་གནས་སྒོ་ཕྱེ་བའི་གནས་ཀྱི་ཡོན་ཏན་ཡོངས་སུ་བསྟན་པ་རྡོ་རྗེ་ཐོད་པ་རྩལ་གྱིས་ཁ་བ་ཅན་ལྗོངས་པ་རྣམས་ལ་སྤྲིངས་ཡིག་བཏང་བ། རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་ཆུ་མོ་གླང་གི་ལོ་འབྲས་མོ་ལྗོངས་ནས་བཏང་བའི་སྤྲིངས་ཡིག་རྣམས་ཐོབ་པ་ལས་བསྐུལ་བྱང་ཆེན་མོ་དང་ཐེམས་བྱང་བདུན་པ་གཉིས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། མངའ་བདག་ཡབ་སྲས། གཏེར་སྟོན་ཆེན་པོ། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། རིགས་འཛིན་ཀུན་དགའ་ལྷུན་གྲུབ། ཡོལ་མོ་ཤཱཀ་བཟང་། ལེགས་ལྡན་རྗེ། དཔལ་བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །པདྨའི་ཞལ་ཆེམས་མན་ཆད་ཀྱི་བརྒྱུད་པ་ནི། སངས་རྒྱས་དཔལ་བཟང་ནས། ཐུགས་སྲས་རིན་པོ་ཆེ། གནུབས་ཆེན། སྐྱི་སྟོན་ཆེན་པོ། ཀླུ་སྒྲུབ་རྗེ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཆོས་སྐྱོང་གི་སྐོར་ལ། བཀའ་བརྒྱད་ཀྱི་བཀའ་སྲུང་མགོན་པོ་བསྟན་སྲུང་དྲེགས་པ་ཡོངས་རྫོགས་ཀྱི་དབང་ཆོག་ལ་བརྟེན་ནས། བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་དང་བཅས་པའི་དབང་བཞི་ཡོངས་རྫོགས། གཏོར་མ་ལ་བརྟེན་པའི་གཟི་བརྗིད་སྟོབས་ཀྱི་དབང་། མཐའ་རྟེན་དམ་བསྒྲག །ཕྱག་མཚན་གཏོད་པ་སོགས་མཚན་ལྡན་བྱམས་པ་བཤེས་


GLG003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྱི་ཕྱག་ལེན་ཇི་ལྟ་བ་བཞིན་མནོས། ལུང་ལ། དཔལ་ལྡན་མགོན་པོ་བསྟན་སྲུང་དྲེགས་པ་ཡོངས་རྫོགས་ཀྱི་རྒྱུད་ལེའུ་བརྒྱད་པ། དཔལ་ལྡན་མགོན་པོ་བསྟན་བསྲུང་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དཔལ་ལྡན་ཡེ་ཤེས་མགོན་པོ་བསྟན་སྲུང་ཡོངས་རྫོགས་ཀྱི་འཕྲིན་ལས། དཔལ་ལྡན་མགོན་པོ་བསྟན་སྲུང་དྲེགས་པ་ཡོངས་རྫོགས་ཀྱི་དབང་ཆོག །དབང་གི་ཟིན་ཐོ་སྔགས་འཆང་རྡོ་རྗེའི་མཚན་ཅན་གྱི་ཕྱག་ལེན། བྱམས་པ་བཤེས་གཉེན་གྱིས་བཀོད་པ། སྒྲུབ་ཆེན་བཀའ་བརྒྱད་ཡོངས་རྫོགས་ཀྱི་བཀའ་སྲུང་ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་བསྐང་བཤགས་དགོངས་ཤིག་མ་རྫོགས་བྱང་གི་མཐའ་ཅན། སྒྲུབ་ཆེན་བཀའ་བརྒྱད་ཡོངས་རྫོགས་ཀྱི་བཀའ་སྲུང་ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་བསྐུལ་གྱི་རིམ་པ་མ་གཡེལ་མ་དགྲ་བགེགས་སྒྲོལ་བའི་འཕྲིན་ལས་མཛོད་ཀྱི་མཐའ་ཅན། བསྟན་སྲུང་ཡོངས་རྫོགས་ཀྱི་སྲུང་བསྐུལ་བསྡུས་པ་མི་མངོན་དབྱིངས་བཞུགས་མ་རྫོགས་བྱང་གི་མཐའ་ཅན། ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་བླ་རྡོ་སྲོག་འཁོར་གསེར་ཆོས་སུ་བསླུས་ན་ཞུ་བའི་མཐའ་ཅན། ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་སྦྱིན་སྲེག །ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ཀྱི་གདབ་ལས་ཀྱི་རིམ་པ་དུས་གསུམ་མ་མཇུག་ཏུ་མནན་པ་བྱ་ཚུལ་དང་བཅས་ཐོབ་པ་ལས་དབང་གི་བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ །ཞི་ཁྲོ་རབ་འབྱམས། ཕྱག་ན་རྡོ་རྗེ། དབང་གི་མཁའ་འགྲོ། རྒྱལ་སྲས་ཨིན་དྲ་བྷཱུ་ཏི། སྤྲུལ་སྐུ་གྲུབ་ཆེན་བརྒྱད། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། ལས་ཅན་དག་པའི་འཁོར་ལྔ། སྤྲུལ་སྐུ་རིགས་འཛིན་ཡབ་སྲས། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས།
དྲིན་ཅན་སངས་རྒྱས་དཔལ་བཟང་། གློ་བོ་ཛར་པ་སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། རིགས་འཛིན་ལེགས་ལྡན་རྡོ་རྗེ། རིགས་འཛིན་ཀུན་བཟང་ཉི་མ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ཡང་ན་ཆོས་སྐྱོང་བསོད་ནམས་བཀྲ་ཤིས་ནས། གནུབས་ཆེན་ངག་དབང་རྒྱ་མཚོ། སྐྱི་སྟོན་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས་མན་གོང་བཞིན་ནོ། །དབང་ཆོག་ཟིན་ཐོ། སྒྲུབ་ཐབས་གསུམ་མ་གཏོགས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། གཏེར་སྟོན་ཡབ་སྲས་ནས། རྡོར་འཆང་བསོད་ནམས་བཟང་པོ། གུ་རུ་དབང་ཕྱུག་མགོན་པོ། བན་འགྲོག་རྡོར་གླིང་པ་རྡོ་རྗེ་རྒྱལ་མཚན། སྔགས་འཆང་ཆོས་རྒྱལ་བསོད་ནམས་ནས། བླ་མ་ངག་དབང་ཕུན་ཚོགས་ཡན་གོང་ལྟར་ལ། ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གོང་གི་དམིགས་བསལ་གསུམ་པོའི་ལུང་ནི་ཁྲ་ཚང་པ་ཆེན་པོས་བླ་མ་ངག་དབང་ཕུན་ཚོགས་ལ་གསན་ནོ། །འཕྲིན་ལས་དང་བསྐང་བཤགས་ལུགས་གཅིག །ལེགས་ལྡན་རྗེ་ནས། དབང་པོའི་སྡེ། ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིང་རང་གྲོལ། དེས་བདག་ལའོ། །

རྡོ་རྗེ་ཕུར་པའི་བཀའ་སྲུང་དཔལ་མགོན་ལེགས་ལྡན་ནག་པོ་སྟག་གཞོན་ལྕགས་ཁྲབ་ཅན་གྱི་སྐོར་སོགས།


GLG003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ལེགས་པར་ཐོབ་ནས། ལུང་ལ། མགོན་པོ་ནག་པོ་གསང་བ་ཐུགས་ཀྱི་སྤུ་གྲིའི་རྒྱུད་ལེའུ་བཅུ་པ། ལོ་རྒྱུས། རྗེས་གནང་གི་ཡི་གེ་སྒྲུབ་ཐབས་ཀྱི་ཐེམས་བྱང་། མགོན་པོ་ནག་པོ་ལས་ཀྱི་


GLG003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་སྤུ་གྲི་ནག་པོ་གསང་བའི་སྒྲུབ་ཐབས་སམ་གསང་བ་གིང་གི་སྒྲུབ་པ། སྤོགས་ཆོག །དྲག་པོ་ཐུན་གྱི་འཁོར་ལོ། དཔལ་ལྡན་མགོན་པོའི་སྒྲུབ་ཐབས་ཞེས་པ་སྟག་ཞོན་གྱི་སྒྲུབ་ཐབས་ཆིག་དྲིལ་སྔགས་ཀྱི་དོན་བསྟོད་དང་བཅས་པ། དཔལ་མགོན་པོའི་འཕྲིན་ལས་གསང་བའི་ལས་བྱང་དུ་གྲགས་པ། དཔལ་མགོན་པོའི་ཕྲིན་ལས་བསྡུས་པ་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད་ཀྱི་མཐའ་ཅན། དཔལ་ལྡན་མགོན་པོའི་བསྐང་བཤགས་རྫོགས་བྱང་གི་མཐའ་ཅན། མཆོད་འཕྲེང་ལེགས་ལྡན་ནག་པོ་མ། ལེགས་ལྡན་ནག་པོའི་དགྲ་བོ་སྒྲོལ་བའི་ལས་སྦྱོར། མོན་ནག་མཆེད་གསུམ་གྱི་སྒྲུབ་པ། སྟག་གཞོན་གྱི་བསྐུལ་ཆོས་སྐྱོང་མགོན་པོ་མ་རྣམས་ལེགས་པར་ཐོབ་པ་ལ་རྗེས་གནང་གི་བརྒྱུད་པ་ནི། དཔལ་རྡོ་རྗེ་གཞོན་ནུ། ཕྱག་ན་རྡོ་རྗེ། སློབ་དཔོན་ཤིནྟཾ་གརྦྷ། དྲན་མཆོག་ཨོ་རྒྱན་ཡབ་ཡུམ། རྡོ་རྗེ་བདུད་འཇོམས། རིགས་འཛིན་ཆེན་པོ། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ཐུགས་སྲས་རིན་ཅེན། གནུབས་ཆེན་ངག་དབང་རྒྱ་མཚོ། སྔགས་འཆང་ཚེ་རིང་དབང་པོ། རྗེ་ཀླུ་སྒྲུབ་པ། བཀྲ་བཟང་པ་ཐུགས་མཆོག་འོད་འབར། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བེནྡ་ལའོ། །ལུང་གི་བརྒྱུད་པ་ནི། རྗེ་ཀླུ་སྒྲུབ་པ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །ཆོས་སྡེ་སྤྱི་དང་ཁྱད་པར་རྫོགས་ཆེན་ཟང་ཐལ་གྱི་བཀའི་སྲུང་མ་དཔལ་སྔགས་ཀྱི་བདག་མོ་ཨེ་ཀ་ཛ་ཊིའི་སྐོར་ལ། གཏོར་མ་ལ་བརྟེན་པའི་རྗེས་གནང་། གཏོར་མ། ཕྱག་མཚན། རཀྟ། བླ་རྡོ། སྐུ་གཟུགས། བཀའ་གཏད་བཟླས་ལུང་ལ་བརྟེན་པའི་ཨེ་ཀ་ཛ་ཊིའི་སྲོག་དབང་ངམ་རྗེས་གནང་བར་མ། གཏོར་མ་ལ་བརྟེན་ནས་རིགས་གཏད་ཅིང་དམ་བསྲེ་བ་ཐོབ་ནས། ལུང་ལ། ཨེ་ཀ་ཛ་ཊི་གསང་


GLG003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་སྙིང་འདུས་པའི་རྒྱུད་ལེའུ་དགུ་པ། རྫོགས་ཆེན་སྐུ་གསུམ་གྱི་དབང་དང་རྗེས་གནང་གི་ཡི་གེ །ཨེ་ཀ་ཛ་ཊིའི་རྗེས་གནང་བར་མ་དང་ཀུན་བཟང་ཡབ་ཡུམ་གྱི་དབང་གི་ཡི་གེ །ཨེ་ཀ་ཛ་ཊི་གསང་བ་ཡང་སྙིང་འདུས་པའི་སྒྲུབ་ཐབས་མཇུག་ན་མཚན་གྱི་རྣམ་གྲངས། དུས་བཞིར་གནས་ཚུལ། མཁའ་བཞི་དབྱིངས་ལྔ་སོགས་བསྟན་པ། གཏོར་འབུལ་མ་ཀུན་ཏུ་བཟང་པོ་མ། བསྟོད་པ་བསྐལ་མེ་མ་དང་བཅས་པ། ཨེ་ཀ་ཛ་ཊི་གསང་བ་ཡང་སྙིང་འདུས་པའི་འཕྲིན་ལས་བསྐུལ་ཕྱོགས་ཕྱོགས་མ་དང་བཅས་པ། བཀའ་སྲུང་ཆེན་མོའི་བསྐངས་བཤགས་དགོངས་ཤིག་མ། བཀའ་སྲུང་ཆེན་མོའི་མདོས་དབུས་ཀྱི་བསེ་མཁར་མ། སྦྱིན་སྲེག །ཟོར། མནན་གཏད། སྨུག་ནག་འབར་མའི་ཕན་གནོད་ལས་ཕྲན་གསོལ་ཁ་མཆོད་བསྟོད་ལ་བརྟེན་ནས་ཁ་བསྒྱུར་ཆོག་པ་དང་བཅས་པ་ཐོབ་པའི་རིགས་གཏད་ལུང་དང་བཅས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔ་ཞི་ཁྲོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཨོ་རྒྱན་ཆེན་པོ། བི་མཱ་ལ། བཻ་རོ་ཙ་ན། ཁྲི་སྲོང་ལྡེ་བཙན། མཁར་ཆེན་བཟའ། སྣ་ནམ་པ། གཏེར་སྟོན། རྡོ་རྗེའི་མཚན་ཅན། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ལེགས་ལྡན་རྗེ། དབང་པོའི་སྡེ། ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། སངས་རྒྱས་བྱམས་བཟང་། སེ་སྟོན་ཆེན་པོ། སྤྱན་ཚབ་རྗེ། ནུབ་དགོན་པ། ཆོས་རྒྱལ་དབང་པོའི་སྡེ་མན་གོང་བཞིན་ནོ། །རྗེས་གནང་དང་སྲོག་གཏད་གཉིས་ཀྱི་བརྒྱུད་པ་ནི། སངས་


GLG003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དཔལ་བཟང་ཡན་གོང་ལྟར་ལ། དེ་ནས་ཆོས་རྒྱལ་བསོད་ནམས་ཡབ་སྲས་གཉིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་སངས་རྒྱས་དཔལ་བཟང་ནས། ཆོས་རྒྱལ་བསོད་ནམས་ཡབ་སྲས་གཉིས། འཇམ་དབྱངས་མཁྱེན་བརྩེ་མན་གོང་དང་འདྲ། དུར་ཁྲོད་མ་གསུམ་གྱི་གསོལ་ཁ་དུར་ཁྲོད་ཆེན་མོ་མ། རི་མ་ཏཱིའི་གསོལ་ཁ་ཕྱོགས་ཕྱོགས་མ་གཉིས་ཀྱི་ལུང་བརྒྱུད་ནི། ཆོས་རྒྱལ་དབང་པོའི་སྡེ་བཞུགས་པའི་ཨེ་ཀ་ཛ་ཊིའི་བརྒྱུད་པ་བཞིན་ནོ། །དུར་ཁྲོད་མ་གསུམ་གྱི་གསོལ་མཆོད་ཀྱི་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། དཔང་སྟོན་བདེ་ལེགས་རྒྱལ་མཚན། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། ནུབ་དགོན་བྱམས་པ་ཆོས་རྒྱན། ཆོས་རྒྱལ་མངྒའི་མཚན་ཅན་མན་སྔར་དང་འདྲ། གཏེར་བདག་སྐོར་ལ། ཤར་དུང་མཛོད་ཀྱི་གཏེར་སྲུང་བསྟན་མ་བཅུ་གཉིས་ཀྱི་སྐོར་ནི། གཏེར་བདག་བསྟན་མ་བཅུ་གཉིས་མཆོད་པའི་ལོ་རྒྱུས། སྐྱིན་མཐིང་གངས་སྨན་དཀར་མོའི་སྒྲུབ་ཐབས། སྐྱིན་མཐིང་མ་དམ་ལ་བརྟགས་པའི་སྒྲུབ་ཐབས། ལྟས་ངན་ཆོ་འཕྲུལ་གཏོང་བ་དྲག་སྔགས་ཀྱི་ཐེམས་དང་བཅས་པ། གཏེར་སྲུང་བསྟན་མ་བཅུ་གཉིས་མཆོད་པའི་ཕྲིན་ལས་ང་ནི་པད་འབྱུང་མ། གསང་སྒྲུབ་ཆེན་པོའི་བསྟན་པའི་ལས་ལྡེ། བསྟན་པ་བཅུ་གཉིས་ཀྱི་སྒོས་མདོས་རྣམས་ཐོབ་པའི་སྒོས་མདོས་མ་གཏོགས་པའི་བརྒྱུད་པ་ནི།


GLG003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ། ཨོ་རྒྱན་ཆེན་པོ། མངའ་བདག་རྗེ། གཏེར་སྟོན་ཆེན་པོ། སྔགས་འཆང་རྡོར་མགོན། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། ཆོས་སྐྱོང་བསོད་ནམས་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ། བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་རབ། སྔགས་འཆང་ཚེ་རིང་དབང་པོ། ཀླུ་སྒྲུབ་ཆོས་རྒྱན། སྤང་དབོན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །མདོས་ནི། བྱང་པ་རིགས་འཛིན་ཆེན་པོ་ལ་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱིས་གསན་ཞིང་གསོལ་མཆོད་ང་ནི་པད་འབྱུང་མ་ཡང་གསན་པ་བྱང་བདག་བརྒྱུད་པར་བཞུགས་པའི་ཨེ་ཀ་ཛ་ཊི་ལྟར་དང་ཡང་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། སྤང་སྟོན་བདེ་ལེགས་རྒྱལ་མཚན། སེ་སྟོན་རིན་ཅེན་རྒྱལ་མཚན། མགོན་པོ་ཟླ་བ། མཉམ་མེད་ནུབ་དགོན་པ། ཆོས་རྒྱལ་མངྒའི་མཚན་ཅན་མན་གོང་བཞིན་ནོར། ལྷོ་གསེར་མཛོད་སེར་པོའི་གཏེར་སྲུང་གིང་ཆེན་རྡོ་རྗེ་ལེགས་པའི་སྐོར་ལ། སྐུ་གཟུགས། བླ་རྡོ། ཕྱག་མཚན། གཏོར་མ་ལ་བརྟེན་པའི་སྲོག་དབང་མནོས་ནས། ལུང་ལ། སྲོག་གཟེར་ནག་པོ་སྤུ་གྲིའི་འཁོར་ལོ་གིང་གི་གསང་རྒྱུད་ལེའུ་དྲུག་པ། གིང་ཆེན་རྒྱལ་བློན་ལྔའི་སྒྲུབ་པ་དྲག་སྔགས་སུ་སྒྲུབ་ཐབས་མན་ངག་ཁྲིགས་ཆུག་ཟིན་པ་རྫོགས་བྱང་གི་མཐའ་ཅན། རྗེས་གནང་གི་རིམ་པ་བསྟན་པའི་ཡི་གེ །བླ་རྡོ་བཅའ་བའི་མན་ངག །དགེ་བསྙེན་རྡོ་རྗེ་ལེགས་པའི་ནོར་སྒྲུབ་མངོན་ཤེས་སྒྲུབ་པ་སྣང་སྲིད་གསལ་བའི་མེ་ལོང་། མངོན་ཤེས་གཏན་ལ་འབེབས་པ་རྒྱའི་གསང་སྒྲུབ་བམ་རྡོ་རྗེ་ལེགས་པའི་མིག་མཐོང་། གྲི་ཁྲག་གྲི་སྙིང་ལ་


GLG003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་མངོན་ཤེས་སྒྲུབ་པ། རྡོ་རྗེ་ལེགས་པ་དཀར་པོ་དུང་གི་མི་ཆུང་བདུན་གྱིས་བསྐོར་བའི་མངོན་ཤེས་སྒྲུབ་པ། མངལ་ཁྲག་འཛག་ཐབས། རྡོ་རྗེ་ལེགས་པ་གསང་བ་བཙན་ཐབས་ཀྱི་སྒྲུབ་པ། བསྟོད་པ་ཁམས་གསུམ་མ། གློ་བུར་ལས་བཅོལ། ཐེམས་སྦྱོར་བདུན་པ་ཞེས་པ་གསང་བའི་ཡང་སྙིང་རྡོ་རྗེ་ལེགས་པ་གསང་བ་གིང་གི་སྙིང་པོའམ་སྒྲུབ་པ། ཤ་ཟ་གྲི་ཐོགས། གིང་ཆེན་བཤན་པ་གྲི་ཐོགས། གིང་ཆེན་རྡོ་རྗེ་ལེགས་པའི་མན་ངག་མཐར་ཐུག །གསོལ་ཁ་དམ་ཅན་རྡོར་ལེགས་མ། དམ་ཅན་མགར་བ་ནག་པོ་བསྐུལ་བའི་ཕོ་ཉ་མ་གཡེལ་མ། དམ་ཅན་གྱི་གསོལ་ཁ་ཧཱུྃ་ཀ་ར། གུ་རུ་པདྨ་བྷོ་དྷི་ས་ཏྭ་གསུམ་གྱི་སྤྱན་སྔར་ཁས་བླངས་པའི་དམ་བསྒྲགས་དང་བཅས་ཏེ་སྤྱན་འདྲེན་པ། གསོལ་མཆོད་ཕྱག་རྡོར་མ། རྡོ་རྗེ་ལེགས་པའི་བསྐང་མདོས་ཀྱི་མདོས་བྱང་གུ་རུ་པདྨས་མཛད་པ་རྣམས་ཐོབ་པ་ལས་གསོལ་མཆོད་ཕྱག་རྡོར་མ་མ་གཏོགས་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཨོ་རྒྱན་ཆེན་པོ། ཆོས་རྒྱལ། རིགས་འཛིན་ཆེན་པོ། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ལྡོང་ཆོས་རྒྱལ་བསོད་ནམས་ཡབ་སྲས་གཉིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། ཁྱབ་བདག་དབང་ཕྱུག་རབ་བརྟན། འཇམ་མགོན་བསོད་ནམས་མཆོག་ལྡན། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གསོལ་མཆོད་ཕྱག་རྡོར་མའི་བརྒྱུད་པ་ནི། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་བཞུགས་པའི་ཨ་ཀ་ཛ་ཊིའི་བརྒྱུད་པ་བཞིན་དང་། ཡང་ན་གཏེར་སྟོན་ནས། སྤང་སྟོན་རྗེ། སེ་སྟོན་ཆེན་པོ། སྤྱན་ཚབ་རྗེ། མཉམ་


GLG003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཆེན་པོ། ཆོས་རྒྱལ་དབང་པོའི་སྡེ་མན་གོང་དང་འདྲ། ནུབ་ཟངས་མཛོད་ཀྱི་གཏེར་སྲུང་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའམ་གཉན་ཆེན་ཐང་ལྷའི་སྐོར་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དམ་བསྲེ་བ་དང་བཅས་པའི་རྗེས་གནང་ལེགས་པར་མནོས་ནས། ལུང་ལ། གཉན་ཆེན་ཐང་ལྷ་དང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྨོན་ལམ་དང་འབྲེལ་བའི་ལོ་རྒྱུས། གཉན་ཆེན་ཐང་ལྷའི་ཕྱི་སྒྲུབ་བམ་སྲོག་སྒྲུབ་ཏུ་གྲགས་པ། ལྷ་གཡག་དཀར་པོ་ལ་བརྟེན་ནས་སྨྱོ་འདུལ་རྒོད་ཀྱི་འགྲིམས་ཤུལ་མཇུག་ཏུ་ཟངས་མཛོད་ཀྱི་སྲུང་མར་བསྐོས་ཚུལ། སློབ་དཔོན་ཆེན་པོ་ལ་གཉན་ཆེན་ཐང་ལྷས་སྲོག་སྙིང་ཕུལ་བའི་ལོ་རྒྱུས་ལས་འཕྲོས་ཏེ་མཛད་པ་དྲི་ཟ་ཟུར་ཕུད་ལྔ་པའི་མཆོད་སྤྲིན་ཡེ་ཤེས་གཞལ་ཡས་མ། སློབ་དཔོན་ཆེན་པོས་གཉན་ཆེན་ཐང་ལྷ་དང་མངའ་བདག་གཉིས་ལྷན་ཅིག་པར་རྟ་མགྲིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་གསང་སྒྲུབ་ཀྱི་ལོ་རྒྱུས། སྒྲུབ་རྫས་བཤམས་པ། རྗེས་གནང་གི་ཡི་གེ །གསང་སྒྲུབ་ཀྱི་མངོན་རྟོགས་གཏོར་བསྔོ། བསྟོད་པ་དཔལ་ལྡན་ལྷ་ཡི་ལྷ་མཆོག་མ། ལས་ཆགས་ཡང་གསང་སྙིང་སྒྲུབ་སྐོར་ལ། པེ་ཧར་གྱིས་བོད་ཕུང་བའི་དུས་དེའི་གཉེན་པོ་ཡིན་ཚུལ་དང་བཅས་ནས་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་འབྱུང་ཐབས། སྡེ་བརྒྱད་དང་སྨྱོ་འདྲེ་གདུལ་བ། ནད་ཡམས་དང་རིམས་བསྲུང་བ། ནོར་ལོངས་སྤྱོད་རྒྱས་བྱེད། ལས་ཀྱི་ཕྱག་རྒྱ་དབང་དུ་བསྡུ་བ། དགྲ་བོ་འཇོམས་ཤིང་གཡུལ་ལས་རྒྱལ་ཐབས། ཚེ་སྒྲུབ། མཐུ་གཏད་བྱུར་ཕུང་སོགས་བཟློག་ཐབས། སྲིད་དང་རིགས་བརྒྱུད་སྤེལ་བ། ཐོག་སེར་ཆུ་འོད་གཏོང་བ། གཏད་ཁྲམ་བཅས་ཆོག་ནག་པོ། ལོག་ལྟ་འགྲན་སེམས་ཅན་ཟིལ་


GLG003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནོན་ཅིང་སྙན་གྲགས་དང་འཕྲིན་ལས་སྤེལ་བ། རྟེན་གཏོར་བླ་རྡོ་བཅའ་བ། པྲ་བརྟག །རྒྱལ་གཟེར་དང་གནམ་དགྲ་བསྲུང་བ། ལས་ཀུན་སྒྲུབ་པ་ལ་ཉེ་བར་མཁོ་བ་དུས་གཏོར་མངའ་གསོལ་གྱི་ཕྲིན་ལས་སྔོན་ཚེ་ཀ་དག་མ། ཟབ་ཆོས་འདི་ཉིད་ཆིག་བརྒྱུད་ལས་མང་པོར་མི་སྤེལ་བའི་བཀའ་རྒྱ་གསང་སྒྲུབ་ལས་ཚོགས་རྫོགས་སོའི་མཐའ་ཅན། གཏེར་སྟོན་གྱིས་མཛད་པའི་བསྐང་གསོ་བོད་ཡུལ་ཕྱོགས་བཞི་མ། རིགས་འཛིན་ཡོལ་མོ་བས་མཛད་པའི་ཐང་ལྷའི་མཆོད་སྤྲིན་ཡིད་བཞིན་སྤྲིན་ཕུང་དེས་མཛད་པའི་མངའ་གསོལ་ཡིད་བཞིན་རྒྱལ་མཚན་རྣམས་ཐོབ་པ་ལས་རྗེས་གནང་གི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཨོ་རྒྱན་སངས་རྒྱས་གཉིས་པ། པཎ་ཆེན་བི་མཱ་ལ། བཻ་རོ་ཙ་ན། ཁྲི་སྲོང་ལྡེ་བཙན། མུ་ཁྲི་བཙན་པོ། མཁར་ཆེན་བཟའ། གཏེར་སྟོན་ཡབ་སྲས། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། དྲིན་ཅན་སངས་རྒྱས་དཔལ་བཟང་། ལྡོང་སྟོན་ཆོས་རྒྱལ་བསོད་ནམས་ཡབ་སྲས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ཡབ་སྲས་ནས། བསོད་ནམས་བཟང་པོ། དབང་ཕྱུག་མགོན་པོ། དཔལ་ལྡན་བཟང་པོ། བདེ་ལེགས་རྒྱལ་མཚན། ཆོས་རྒྱལ་བསོད་ནམས་མན་འདྲ། ཡང་ན་ཆོས་རྒྱལ་བསོད་ནམས་ནས། སྤྲུལ་སྐུ་ཤཱཀ་བཟང་། ཆོས་སྐྱོང་བསོད་ནམས་མན་འདྲ། ཡང་ན་ཆོས་སྐྱོང་བསོད་ནམས་ནས། སྤྲུལ་སྐུ་ཤཱཀ་བཟང་། ཆོས་སྐྱོང་བསོད་ནམས་མན་འདྲ། ཡང་ན་ཆོས་སྐྱོང་བསོད་ནམས་ནས་ཚར་ཆེན་


GLG003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་མཁྱེན་བརྩེ་མན་གོང་བཞིན་ནོ། །ལུང་གི་བརྒྱུད་པ་ནི། གཏེར་སྟོན་ཡབ་སྲས་ནས་རྡོར་འཆང་བསོད་ནམས་བཟང་པོ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། དཔལ་ལྡན་ནམ་མཁའ་གྲགས་པ། རྗེ་དཀོན་ཅོག་བློ་གྲོས། རྗེ་བློ་གྲོས་དབང་པོ། རྗེ་ཤཱཀྱ་དཔལ་བཟང་། ནུབ་དགོན་པ་བྱམས་པ་ཆོས་རྒྱན། དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། གཏེར་སྟོན་ཡོལ་མོ་བ་ཆེན་པོ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། དབོན་རྡོ་རྗེ་དཔལ། ཆོས་རྗེ་སངས་རྒྱས་དཔལ་བ། རྗེ་ཆོས་དཔལ་འབྱོར། མཚུངས་མེད་རིན་ཅེན་གཞོན་ནུ། སྔགས་འཆང་ཤཱཀྱ་བཟང་པོ། ལྷ་བཙུན་བདུད་འཇོམས་རྡོ་རྗེ། ཆོས་རྒྱལ་དབང་པོའི་སྡེ་མན་གོང་འདྲ། ཡང་ན་དྲིན་ཅན་སངས་རྒྱས་དཔལ་བཟང་ཡན་རྗེས་གནང་ལྟར་ལ། དེ་ནས་ཐུགས་སྲས་རིན་པོ་ཆེ། སྔགས་འཆང་ཤཱཀ་བཟང་མན་གོང་བཞིན་ནོ། །དབང་གིས་མ་མོ་བདུན་གྱི་གསོལ་ཁ་དམར་ནག་མའི་བརྒྱུད་པ་ཡང་ཆོས་རྒྱལ་དབང་པོའི་སྡེ་བཞུགས་པའི་ཨེ་ཀ་ཛ་ཌིའི་བརྒྱུད་པ་ལྟར་རོ། །བྱང་ལྕགས་མཛོད་ནག་པོའི་བཀའ་སྲུང་སྲོག་བདག་བདུད་ཀྱི་རྒྱལ་པོའམ་ལེགས་ལྡན་ནག་པོ་དང་སྟོང་དཔོན་དུ་གྲགས་པ་དོན་དུ་པེ་ཧར་རྒྱལ་པོ་ལ་ངོས་འཛིན་པ་འདིའི་སྐོར་ལ། ལི་ཡུལ་ལྕང་ར་སྨུག་པོ་ནས་སྲུང་མ་སྤྱན་དྲངས་པའི་ལོ་རྒྱུས། སྲོག་བདག་བདུད་ཀྱི་རྒྱལ་པོའི་སྒྲུབ་ཐབས། བསྟོད་བསྐུལ་སྟེང་ཕྱོགས་རྣམ་དག་འཕུལ་གཞལ་མ། འཁོར་ལོའི་བྲི་ཡིག །མཆོད་འཕྲེང་སྟེང་ཕྱོགས་སྣང་འོད་མ་རྣམས་ཀྱི་བརྒྱུད་པ་ནི། གསང་བདག །པདྨ་འབྱུང་གནས། མངའ་བདག་ཡབ་སྲས། གཏེར་སྟོན་ཆེན་པོ། བསམ་གླིང་པ་


GLG003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་བསོད་ནམས། ཞལ་ཕུ་བ་ནམ་མཁའ་རྒྱལ་མཚན། རིན་ཅེན་ནམ་མཁའ་རྡོ་རྗེ། གྲུབ་མཆོག་ངག་དབང་ཆོས་རྒྱལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། འཁོན་སྟོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་བ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཆོས་སྡེ་སྤྱིའི་སྲུང་མ་བཀྲ་བཟང་ཞིང་སྐྱོང་གི་གསོལ་མཆོད་ཡུལ་མིང་བོད་ཡུལ་མའི་བརྒྱུད་པ་ནི་ལེགས་ལྡན་རྗེ་བརྒྱུད་པར་བཞུགས་པའི་ཐུགས་སྒྲུབ་དྲག་པོ་རྩལ་བཞིན་ནོ། །སྲོག་བདག་ཡམ་ཤུད་དམར་པོ་ནི་གཏེར་སྟོན་རིགས་འཛིན་ཆེན་པོའི་ཡབ་མེས་ཀྱི་ཆོས་སྲུང་ཡིན་པས་གཏེར་སྲུང་གི་ཁྲོད་དུ་མཆོད་པའི་གསོལ་མཆོད་སྲོག་གི་མངའ་བདག་གི་ལུང་རྒྱུན་ནི། གཏེར་སྟོན་ནས་ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི་བར་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་བཞུགས་པའི་ཨེ་ཀ་ཛ་ཊིའི་བརྒྱུད་པ་དང་གཅིག །འདིའི་ཆོས་སྐོར་ནི་སྤྲུལ་སྐུ་རྒྱ་ཞང་གི་གཏེར་མ་ཡིན་པས་གང་ཐོབ་རྣམས་དེ་སྐོར་གྱི་ཐོབ་ཡིག་ན་གསལ་ལོ། །སྤྲུལ་སྐུ་རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་བསམ་ཡས་རྟ་མགྲིན་གྱི་ཞབས་འོག་ནས་སྤྱན་དྲངས་པའི་དུག་དབང་རྡོ་རྗེའི་ཕ་ལམ་ལྕགས་ཡོས་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བདུན་གྱི་དགོངས་ཇ་སྔ་བསུའི་དུས་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་རབ་གསལ་དུ་ཚར་གསུམ་དང་། ཆུ་རྟ་ཧོར་ཟླ་བཞི་པའི་ཚེས་ལ་གཟིམས་ཆུང་མགོན་ཁང་དུ་ལན་ཅིག་རྣམས་ཐོབ་པའི་དབང་དང་། དེའི་དབང་ཆོག་ལག་ཏུ་བླང་བའི་རིམ་པ་སྙན་བརྒྱུད་ཡི་གེ་མེད་པ་ལ་བྱང་རི་ཁྲོད་དགོན་པར་ཞང་ཤེར་


GLG003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱིས་ཡི་གེར་བཏབ་པ། ལག་ལེན་གོ་བདེ་བར་བསྡུས་པ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཤྲཱི་གུང་ལང་། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། གཏེར་སྟོན་རིགས་འཛིན་རྒོད་ལྡེམ། ཞང་ཤེས་རབ་འབུམ། བྲག་ལུང་རྟོགས་ལྡན་གཞོན་ནུ་རིན་ཅེན། བྲག་ལུང་པ་སེམས་དཔའ་ཆེན་པོ་རིན་ཅེན་དཔལ་བཟང་། མཁན་ཆེན་བྱམས་པ་རིན་ཅེན། མཁན་ཆེན་བྱང་ཆུབ་སེང་གེ །འཕགས་པ་གཞོན་ནུ་བློ་གྲོས། བྲང་ཏི་དཔལ་ལྡན་འཚོ་བྱེད། བྲང་ཏི་དཔལ་ལྡན་རྒྱལ་མཚན། བྲང་ཏི་སྟག་རྒྱལ་རྡོ་རྗེ། ཆོས་རྗེ་བསོད་ནམས་སེང་གེ །གནུབས་ཉི་ཟླ་གྲགས་པ། ཐུགས་སྲས་བློ་གྲོས་རྒྱལ་མཚན། ཆོས་རྒྱལ་དབང་པོའི་སྡེ། རིགས་འཛིན་ངག་གི་དབང་པོ། སྤྲུལ་སྐུ་བསྟན་འཛིན་ནོར་བུ། སྤྲུལ་སྐུ་ཕྱག་རྡོར་ནོར་བུ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ཞང་ཤེར་འབུམ་ནས། སློབ་དཔོན་རང་བྱུང་རྒྱལ་པོ། རྡོ་རྗེ་རང་རིག་རྒྱལ་པོ། ཡེ་ཤེས་རྒྱལ་མཚན། དབུ་མཛད་བཀྲ་ཤིས་བཟང་པོ། སློབ་དཔོན་ཙིཏྟ་ཤྲཱི་བྷ་དྲ། སེམས་དཔའ་ཆེན་པོ་བྲག་དཀར་བ། མཁན་ཆེན་གཙུག་གི་ནོར་བུ། བྱ་བཏང་གྲགས་པ་རྒྱལ་མཚན། གནུབས་སྟོན་ཉི་ཟླ་གྲགས་པ། བྱམས་པ་བློ་གྲོས་རྒྱལ་མཚན་མན་གོང་ལྟར། ཡང་ན་སེམས་དཔའ་ཆེན་པོ་བྲག་དཀར་བ་ནས། བྲང་ཏི་དཔལ་ལྡན་འཚོ་བྱེད། བྲང་ཏི་དཔལ་ལྡན་རྒྱལ་མཚན། གནུབས་སྟོན་ཡབ། གདུང་སྲས་ཉི་ཟླ་བ། བྱམས་པ་བློ་གྲོས་རྒྱལ་མཚན་མན་གོང་བཞིན། སྤྲུལ་སྐུ་གཏེར་སྟོན་རྒོད་ཀྱི་ལྡེམ་ཕྲུ་ཅན་སྣ་མོ་ལུང་གི་གཟིམས་ཁང་དུ་མནལ་བའི་ཚུལ་


GLG003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྣང་ལ་རིགས་འཛིན་ཆེན་པོ་ལྔས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ཚེ་གུར་སྦྲགས་མའི་དབང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་ལྗགས་བསྒྲིགས་མ་དང་ཕྱག་ལེན་གསལ་འདེབས་གཉིས་ཀྱི་སྟེང་ནས་ལེགས་པར་མནོས་ཤིང་། ལྗགས་བསྒྲིགས་དབང་ཆོག་འགྲོ་མགོན་ཡིད་བཞིན་ནོར་བུ་འཆི་མེད་རྒྱ་མཚོའི་དཔལ་བྱིན་དང་ཕྱག་ལེན་དྲན་པའི་གསོལ་འདེབས་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་ཞི་ཁྲོ་ཡབ་ཡུམ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། ལྷ་ལྕམ་མནྡ་ར་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་རིགས་འཛིན་ཡབ་སྲས། མཚན་ལྡན་སྤྲུལ་པའི་ཡུམ་ཆེན། བྱང་སེམས་དགེ་བའི་བློ་གྲོས། གྲུབ་ཆེན་མ་བརྩོན་འགྲུས་བཟང་མོ། དྲན་མཆོག་དཔལ་ལྡན་བློ་གྲོས། ཁྲི་སྲོང་རྣམ་སྤྲུལ་བཀྲ་ཤིས་སྟོབས་རྒྱལ། ཐུགས་སྲས་རིགས་འཛིན་ངག་གི་དབང་པོ། བཀའ་དྲིན་མཚུངས་མེད་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །བརྡ་དོན་ལམ་ཟབ་པདྨའི་སྙིང་གཏམ་དངོས་གྲུབ་བྱིན་འབེབས་རྒོད་ལྡེམ་ཐུགས་ཏིག་ཏུ་གྲགས་པའི་བླ་མའི་རྣལ་འབྱོར་ཆོས་རྒྱལ་དབང་པོའི་སྡེས་མཛད་པའི་རྒྱས་འབྲིང་བསྡུས་གསུམ་གྱི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། རིགས་འཛིན་རྒོད་ལྡེམ། སྲས་རྣམ་རྒྱལ་མགོན་པོ། དབོན་རྡོ་རྗེ་དཔལ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། རིགས་འཛིན་ངག་དབང་གྲགས་པ། རྗེ་སངས་རྒྱས་དཔལ་བཟང་། མེ་སྟོན་ནམ་མཁའ་རྒྱལ་མཚན། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཁྲི་སྲོང་རྣམ་སྤྲུལ་དབང་པོའི་སྡེ། རིགས་འཛིན་ཆེན་པོ་ངག་གི་དབང་པོ། རྡོ་རྗེ་འཆང་ཆོས་དབྱིངས་


GLG003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་སྟོན་བ་མཁལ་སྨུག་པོའི་གཏེར་བྱོན་བར་ཆད་ལམ་སེལ་དང་སློབ་དཔོན་ཆེན་པོ་མངལ་སྐྱེས་ཀྱི་རྣམ་ཐར་གཉིས་ཀྱི་ལུང་གི་བརྒྱུད་པ་ནི། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། ཇོ་མོ་མཚོ་རྒྱལ། གཏེར་སྟོན་ནས་རིམ་པར་ཆོས་རྒྱལ་དབང་པོའི་སྡེ། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། སྤྲུལ་སྐུ་པདྨ་ཕྲིན་ལས། ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ལའོ། །རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱི་སྐུའི་སྐྱེ་བ་དཔལ་ལྡན་འཇམ་དབྱངས་བླ་མ་གནས་རྙིང་གི་གྲྭ་སར་བཞུགས་སྐབས་ཉང་སྟོད་ཁྲོ་སྒང་དུ་ཆོས་འཁོར་ལ་ཕེབས་ཏེ་གཙུག་ལག་གི་འགྲམ་གསེབ་ཏུ་སོ་ཕག་ཆེན་པོ་འདུག་པར་ཕ་གི་གཅོག་རྒྱུ་བྱུང་ན་དགོངས་ཏེ། གྲྭ་པ་གཞན་རྣམས་མེད་ཤུལ་དུ་སོ་ཕག་བཅག་པས་ནང་ནས་ཤོག་སེར་ཞིག་རྙེད་པར་བརྟེན་ནས། སྒྲོལ་བྱེད་ནག་པོའི་མཁར་གསང་མཛོད་མཁའ་འགྲོ་ཕུག་ནས་སྤྱན་དྲངས་པའི་རྩ་གསུམ་དྲིལ་སྒྲུབ་སྐོར་ལ། ལས་བྱང་རིགས་འཛིན་མཁའ་འགྲོ་འདུས་པ་དང་དབང་ཆོག་རྗེས་གནང་གི་ཡི་གེའི་སྟེང་ནས་ཚོམ་བུའི་དཀྱིལ་འཁོར་དུ་གསོལ་བཏབ་བགེགས་སྐྲོད་བྱིན་འབེབས་སྔོན་དུ་འགྲོ་བའི་གཏོར་མས་ལུས་སྤྲུལ་སྐུར་བྱིན་གྱིས་བརླབ་པ། བདུད་རྩིས་ངག་ལོངས་སྐུར་བྱིན་གྱིས་བརླབ་པ། མེ་ལོང་གིས་སེམས་ཆོས་སྐུར་བྱིན་གྱིས་བརླབ་པ། གསུམ་གྱིས་ཟུང་འཇུག་དབྱེར་མེད་དུ་བྱིན་གྱིས་བརླབ་པ་རྣམས་ཀྱི་རྩལ་དབང་། མེ་ལོང་། དྲིལ་བུ། ཤེལ། མདའ་གཞུ་རྣམས་ཀྱི་རྗེས་གནང་། དངོས་གྲུབ་བླང་བ་བཅས་པ་མནོས་ནས། ལུང་ལ། ལོ་རྒྱུས། ཆོས་ལ་རས་གཅོད་ཀྱི་ཉེས་སེལ། དབང་སྒྲུབ། ཁ་


GLG003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྐོང་བཀོལ་བྱང་། གཏེར་སྲུང་དང་ལྔ། དང་པོ་ནི། རྩ་གསུམ་དྲིལ་སྒྲུབ་གཏེར་ནས་སྤྱན་དྲངས་པའི་ལོ་རྒྱུས། གཉིས་པ་ཆོས་ལ་རས་གཅོད་ཀྱི་ཉེས་སེལ་ནི། སྒྲུབ་ལུང་ཡི་དམ་ལྷ་ལ་བླང་བའི་མན་ངག་ཁྱད་པར་ཅན་ཨོ་རྒྱན་པདྨས་མཛད་པ། གསུམ་པ་དབང་སྒྲུབ་ལ། རྩ་གསུམ་གསོལ་འདེབས་མཁའ་སྤྱོད་རིགས་འཛིན་མ། དབང་ཆོག་རྗེས་གནང་གི་ཡི་གེ་རྩ་གསུམ་དྲིལ་ནས་སྒྲུབ་པ་རིག་པ་རྩལ་གྱི་དབང་ཨོ་རྒྱན་ཆེན་པོའི་གསུང་བཞིན་མཁར་ཆེན་བཟས་ཡི་གེར་བཀོད་པ། འདི་ནང་སྒྲུབ་ཏུ་ངོས་འཛིན་པ་འདུག་པའང་དཔྱད། བླ་མ་ཕྱི་སྒྲུབ་སྤྲུལ་སྐུ་སྐུ་རྡོ་རྗེའི་ལས་བྱང་རིགས་འཛིན་གཙོ་བོ་མཁའ་འགྲོ་འདུས་པ། བླ་མ་སྐུ་གསུང་རྡོ་རྗེ་འཕྲིན་ལས་ཀྱི་ལས་བྱང་མཁའ་འགྲོ་ཀུན་འདུས་ཕྱི་ནང་གཉིས་འདྲ་རུང་བ་འདུག་ཀྱང་འདི་ལས་གཞན་པའི་ནང་སྒྲུབ་གསན་ཡིག་ཁུངས་བཙུན་ཚོར་མི་འདུག་ཅིང་ཡི་གེ་འདྲ་མ་རྙེད། བླ་མ་གསང་སྒྲུབ་ཆོས་སྐུ་ཐུགས་རྗེའི་ལས་བྱང་རིགས་འཛིན་བླ་མ་འདུས་པ། དེ་ཁོ་ན་ཉིད་ཀྱི་སྒྲུབ་པའང་ཟེར། ལམ་ཟབ་མོ་གུ་རུ་ཡེ་ཤེས་རྡོ་རྗེ་རིགས་འཛིན་གྱི་གསང་སྒྲུབ་བླ་མེད་བདུད་རྩིའི་ཐིགས་པ་གསང་མཆོག་ཀུན་བཟང་དོན་གྱི་འཕྲིན་ལས་རྣམས། བཞི་པ་ཁ་སྐོང་བཀོལ་བྱང་ལ། བྱིན་དབབ་བཀོལ་བ་གནས་མཆོག་ཨོ་རྒྱན་མ། བགེགས་བསྐྲད་བཀོལ་བ་བླ་མ་ཡི་དམ་མ། སྤྱན་འདྲེན་བཀོལ་བ་དབུས་ཕྱོགས་འཁོར་ལོ་མ། གཏོར་བྱང་བཀོལ་བ་སྣོད་ཀྱི་འཇིག་རྟེན་མ། བསྒྲལ་མཆོད་བཀོལ་བ་འཇིགས་ཚོགས་ལྟ་འཇོམས་མ། བསྟོད་བྱང་བཀོལ་བ་ཡུལ་མིང་ཆོས་དབྱིངས་མ། མར་མེ་བཀོལ་བ་བནྡྷ་རིན་ཅེན་མ། སྨོན་ལམ་བཀྲ་ཤིས་བཀོལ་བ་སྐུ་བཞིའི་དབང་ཕྱུག་མ་རྣམས། ལྔ་པ་གཏེར་སྲུང་ལ། གཏེར་


GLG003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་སྒྲོལ་བྱེད་ནག་པོའི་གཏོར་མའི་ཆོ་ག་ཆེ་མཆོག་བདེ་ཆེན་མ། གཏེར་སྲུང་གི་གཏོར་ཟོར་འཕེན་པ་རབ་འབྱམས་དབྱིངས་བཞུགས་མ་རྣམས་ཐོབ་པའི་དབང་ལུང་གཉིས་ཀའི་བརྒྱུད་པ་ནི། ཁྱབ་བདག་ཐུགས་ཀྱི་རྡོ་རྗེ། ཡུམ་ཆེན་འདི་རྗེ་མཁྱེན་བརྩེའི་གསན་ཡིག་ན་མི་འདུག །ཡེ་ཤེས་མཁའ་འགྲོ། གུ་རུ་མཚོ་སྐྱེས་རྡོ་རྗེ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། གཏེར་སྟོན་འཇམ་དབྱངས་བླ་མ། མཁས་གྲུབ་རྒྱལ་སྲས་ཆོས་རྗེ། གནུབས་སྟོན་རྒྱལ་སྲས་པདྨ། ནམ་མཁའ་ངག་དབང་གྲགས་པ། དགེ་སློང་བཀྲ་ཤིས་རྣམ་རྒྱལ། གཟུ་སྟོན་རྒྱལ་བའི་སྲས་པོ། རིགས་འཛིན་པདྨ་བདུད་འདུལ། བླ་མ་ཆོས་རྒྱལ་རྡོ་རྗེ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །དབང་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། མཚན་ལྡན་ཡེ་ཤེས་མཁའ་འགྲོ། ཕ་རྒོད་ཆོས་ཀྱི་རྒྱ་མཚོ། ལྕེ་པན་རིགས་འཛིན་རྡོ་རྗེ། ལྕེ་པན་བརྟན་པ་རབ་གསལ། ལྕེ་ཆོས་བཟང་བཀྲ་ཤིས་རྒྱ་མཚོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཞ་ལུ་བ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། གྲུབ་བརྙེས་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་མཚན་ལྡན་ཡེ་ཤེས་མཁའ་འགྲོ་ནས། སྤྲུལ་སྐུ་ཟིལ་གནོན་རྡོ་རྗེ། སྤྲུལ་སྐུ་ཆོས་ཀྱི་དབང་ཕྱུག །མེ་ཚོར་བ་རིན་ཅེན་ནམ་མཁའ་བཟང་པོ། ལྕེ་པན་བརྟན་པ་རབ་གསལ་མན་འདྲ། དབྱིགས་སྟོན་གྱི་ཆོས་སྐོར་མ་ཐོབ་ཅིང་། བྲག་རྡོ་རྗེ་ཚེ་བརྟན་གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱིས་སྤྱན་དྲངས་པའི་སྤོས་དཀར་ལ་བརྟེན་པའི་དབང་སྡུད། སྦྲང་རྩི་ལ་བརྟེན་ནས་སྨྲས་ཚད་


GLG003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱ་བའི་རྒྱུད་པ་ནི། སྣང་བ་མཐའ་ཡས། ཞི་ཁྲོ་རབ་འབྱམས། ཨོ་རྒྱན་ཆེན་པོ། གུ་རུ་རིན་པོ་ཆེ་ཡེ་ཤེས་ཁྱུང་གྲགས་ཡབ་སྲས། ཟུར་ཧྭཾ་ཤཱཀྱ་བཤེས་གཉེན། ཕ་ཇོ་ར་མོ་ནས་རིམ་པར་བརྒྱུད་དེ། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །སངས་རྒྱས་འབར་དང་གཡུང་སྟོན་མགོན་པོ་རྒྱལ་གཉིས་ཀྱི་གཏེར་ཆོས་ཀྱང་མ་འཚལ་ལོ། །གསོལ་འདེབས་ལས། མ་མོའི་མདོས་སོགས་མཁས་པའི་ར་ཤག་གཏེར། ཟླ་བ་རྡོ་རྗེ་བཛྲ་མ་ཏི་དང་། ཁྱུང་པོ་ཐིག་ལེ་བལ་པོ་བྷ་རོ་བ། ཤུད་བུ་དཔལ་གྲགས་རྣམས་ལ་གསོལ་བ་འདེབས། ཞེས་པའི་ར་ཤག་གཏེར་སྟོན་ནི། ཐང་ཡིག་ལས། མཆིམས་ཕུ་མཁོ་མཐིང་སྦས་པའི་གཏེར་ཁ་འདི༔ ཞེས་དང་། ར་ཤག་གཏེར་སྟོན་མདོས་ལ་མཁས་པ་འབྱུང༔ ཞེས་ལུང་གིས་ཟིན་པའི་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་སྐྱེ་བ་ཡར་འབྲོག་ཉན་གྱི་ར་ཤག་གཏེར་སྟོན་ཆོས་འབར་རམ་བསོད་ནམས་རྡོ་རྗེས་མ་མོ་སྒང་ཤར་སོགས་ཤོག་སེར་སྟག་སྒྲོམ་གང་གིས་མཚོན་པའི་མང་དུ་སྤྱན་དྲངས་ཀྱང་དེང་སང་ཆོས་རྒྱུན་དཀོན་པར་འདུག་པས་མ་རྙེད། ཐུགས་རྗེ་ཆེན་པོའི་ཐུགས་མདོས་ནི་མངའ་བདག་གི་འགྲོ་འདུལ་ཡིད་བཞིན་ནོར་བུའི་ཆོས་སྡེར་བཞུགས་པས་འདིར་མ་བཀོད། རང་གཏེར་དུ། ནག་ཕྱོགས་ཀླུ་གཉན་ཕྲ་མ་ལ་དགའ་བས༔ དམ་ལྡན་སྔགས་པ་དཀར་པོའི་ཆོས་སྐྱོང་ལ༔ མི་བསྲུང་བསམ་སྦྱོར་མཛེ་ནད་སྣ་ཚོགས་གཏོང༔ དེ་དག་དོན་དུ་ཟབ་ཁྱད་གདམས་པ་འདི༔ རྡོ་རྗེ་བྱ་ཁྱུང་ཀླུ་འདུལ་ནག་པོའི་རྒྱུད༔ གཏད་བཟློག་ནག་པོའི་རྒྱུད་ལས་ཁོལ་དུ་ཕྱུང་༔


GLG003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་གཏད་བཟློག་གི་མན་ངག་ཤིན་ཏུ་ཟབ་པ་ལྷོ་བྲག་རྣམ་སྣང་གདན་ཁྲའི་འོག་ནས་སྤྱན་དྲངས་པའི་གདམས་པ་ཐོབ་པའི་བརྒྱུད་པ་ནི། གསང་བའི་བདག་པོ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། འབྲོག་མི་དཔལ་གྱི་ཡེ་ཤེས། ར་ཤག་གཏེར་སྟོན་ཆོས་འབར། སྲས་གཡུང་དྲུང་རྒྱལ་མཚན་ནས་རིམ་པར་བརྒྱུད་དེ། སྔགས་ནག་ཁྲོ་རྒྱལ་འབར། ཉ་རི་བན་གྲོང་པ་སྔགས་ནག་གསང་སྔགས་རྡོ་རྗེ། གུར་ཕུག་པ་ཚེ་མཆོག་རྡོ་རྗེ། མངའ་བདག་དགེ་འདུན་ཆོས་གྲགས། ཟུར་གྱི་སྔགས་འཆང་བསྟན་འཛིན་འགྱུར་མེད། ཡུག་པ་མཐུ་ཆེན་ནོར་བུ་དབང་རྒྱལ། དེ་སྲས་མི་འགྱུར་རབ་བརྟན་དབང་པོ། རིགས་འཛིན་ངག་དབང་སྲི་གཅོད། བྱའི་སྔགས་འཆང་ཚེ་རིང་རྡོ་རྗེ། གཉོས་དར་སྡིངས་པ་རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཟླ་བ་རྡོ་རྗེའི་གཏོར་ཆོས་མ་རྙེད། རྒྱ་གར་གཏེར་སྟོན་བཛྲ་མ་ཏིས་བལ་ཡུལ་ལི་ཤནྟ་ནས་སྤྱན་དྲངས་པའི་རྫོགས་ཆེན་མཁའ་གློང་འོད་འཕྲོའི་ལས་ཚོགས་ཀླུ་དང་ས་བདག་གི་གཉེན་པོར་གྱུར་པ་ཨོ་རྒྱན་ཆེན་པོ་སྐུ་མདོག་མཐིང་ཁ་ཕག་ནག་ལ་ཆིབས་པའི་བཟླས་བསྒོམ་དང་། སྨན་སྔགས་བསྡེབས་ནས་རིམས་ཏྲེ་ཏྲེ་ཧོ་སོགས་སྙིགས་མ་ལྔ་བདོ་བའི་ནད་རིམས་རྣམས་བསྲུང་འཆོས་ཀྱི་གདམས་པ་ཟབ་མོ་ཞལ་ཤེས་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་དུས་གསུམ་སངས་རྒྱས། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་བཛྲ་མ་ཏི། གུང་ཐང་ཀུ་མཱ་ར། རླུང་བན་ལྷ་ལུང་པ། རིགས་འཛིན་བདེ་ཆེན་ལྷུན་གྲུབ། སྔགས་འཆང་བཀྲ་ཤིས་དཔལ། བྱང་བདག་


GLG003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཀྲ་ཤིས་སྟོབས་རྒྱལ། ཐུགས་སྲས་རིགས་འཛིན་འཕྲིན་ལས་རྣམ་རྒྱལ། རྡོ་རྗེ་འཛིན་པ་རིན་ཅེན་དར་རྒྱས། དྲན་པ་ནམ་མཁའི་རྣམ་སྤྲུལ་དར་སྡིངས་འཕྲིན་ལས་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཁྱུང་པོ་ཐིག་ལེ། བལ་པོ་བྷ་རོ་བ། ཤུད་ཕུ་དཔལ་གྱི་གྲགས་པ་གསུམ་གྱི་གཏེར་ཆོས་ནི་མ་འཚལ་ལོ། །གསོལ་འདེབས་ལས། རིགས་འཛིན་པདྨའི་རྣམ་སྤྲུལ་ཨ་ཏི་ཤ །ལྷ་བཙུན་བྱང་ཆུབ་རྡོར་འོད་འབྲོམ་ཆོས་སྙིང་། འབྲོག་མི་ལོ་ཙཱ་སྒྲ་པ་དར་ཡེ་དང་། ལྷ་བཙུན་སྔོན་མོར་གྲགས་ལ་གསོལ་བ་འདེབས། ཞེས་པའི་དཔལ་ཨ་ཏི་ཤ་ནི། རཏྣ་གླིང་པའི་བསྟན་པ་སྤྱི་ལུང་དུ། ང་ཡི་སྤྲུལ་པ་རྒྱལ་པོ་དགེ་བའི་སྲས༔ ཕལ་ཆེན་སྡེ་པ་དཱི་པཾ་ཀཱ་ར་ཞེས༔ བྱང་ཆུབ་སེམས་དཔས་བོད་རྣམས་དཀར་པོར་བྱེད༔ ཅེས་སློབ་དཔོན་ཆེན་པོ་རང་གི་སྤྲུལ་པར་ཞལ་གྱིས་འཆེས་པའི་མཉམ་མེད་ཇོ་བོ་ཆེན་པོ་ལྷ་སར་ཕེབས་པའི་ཚེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མིའི་གཟུགས་ཅན་གྱིས་ལུང་བསྟན་པ་ལྟར་ཀ་བ་བུམ་པ་ཅན་གྱི་གདུང་འདོམ་ཕྱེད་གསུམ་གཞལ་བའི་ས་ནས་སྤྱན་དྲངས་པའི་བློན་པོས་བཀོད་པའི་ལོ་རྒྱུས་ཟླ་བ་འདོད་འཇོ། བཙུན་མོས་བཀོད་པའི་དར་དཀར་གསལ་བ། བཀའ་ཆེམས་དངོས་དང་ཤོག་དྲིལ་གསུམ་བྱུང་བའི་བཀའ་ཆེམས་ཀ་བཀོལ་མའི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་སྲོང་བཙན་སྒམ་པོ། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་དཱིི་པཾ་ཀཱ་ར། དགེ་བཤེས་རྣལ་འབྱོར་པ། སྤྱན་སྔ་ཚུལ་ཁྲིམས་འབར། བཤེས་གཉེན་


GLG003_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡུལ་བ། འདིས་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་བུ་ཡིག་གདུང་རྟེན་དང་མ་ཕྱི་གློ་འབུར་གྱི་རྟ་མགྲིན་ལྡེར་སྐུ་ལ་བཅུག་སྐད། དེ་ནས་རིམ་བཞིན་རྗེ་སངས་རྒྱས་བརྩོན་འགྲུས། སངས་རྒྱས་བདེ་ཆེན། བྱེ་ཚང་པ་རིན་ཅེན་དཔལ་འབྱོར། པདྨ་སངས་རྒྱས། ཉི་ཟླ་སངས་རྒྱས། ཁྱབ་བདག་སྣང་མཛད་རྡོ་རྗེ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསམ་ཡས་ཀྱི་ཀ་བའི་ཆོལ་ནས་སྤྱན་དྲངས་པའི་མོན་བུ་པུ་ཏྲའི་སྒྲུབ་ཐབས་བོད་རྦད་གསད་གསུམ་གཅིག་ཏུ་དྲིལ་བ་ཀ་བཀོལ་མར་གྲགས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མགོན་པོ་ཀླུ་སྒྲུབ། ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ། གཏེར་སྟོན་ལྷ་བཙུན་བྱང་ཆུབ་འོད། ལོ་ཆེན་རིན་བཟང་། བླ་མ་བྲག་སྟེང་པ། མལ་ལོ་ཙཱ་བ། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། བཞི་ཐོག་མཁས་བཙུན་སྨྱོན་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། པདྨའི་རྣམ་སྤྲུལ་ནམ་མཁའ་རྒྱལ་མཚན། རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་རྡོ་རིང་པ་ཆེན་པོ། ཚར་པ་རྡོ་རྗེ་འཆང་། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྟ་ར་བ་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །རྡོ་རྗེ་འོད། འབྲོམ་ཆོས་ཀྱི་སྙིང་པོ། འབྲོག་མི་ལོ་ཙཱ་བ། སྒྲ་པ་དར་མ་ཡེ་ཤེས་རྣམས་ཀྱི་གཏོར་ཆོས་ནི་མ་ཐོབ།


GLG003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཙུན་བུ་དྷི་རཱ་ཛའི་སྲས་ལྷ་བཙུན་སྔོན་མོས་སྒྲགས་ཡང་རྫོང་གསང་ཕུག་ནས་ལྕགས་སྟག་ལོ་ལ་སྤྱན་དྲངས་པའི་ནད་རིམས་གདུག་ཅིང་ཤིན་ཏུ་དར་ན་གནོན་ཐབས་ཀྱི་མན་ངག་ཐོབ་པའི་བརྒྱུད་པ་ནི། གསང་བདག་ཕྱག་ན་རྡོ་རྗེ། ཨོ་རྒྱན་པདྨ་ཐོད་འཕྲེང་། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ལྷ་བཙུན་སྔོན་མོ་ལྷ་དབང་རྒྱ་མཚོ་བློ་གྲོས། དེ་ནས་རིམ་པར་བརྒྱུད་དེ་བླ་མ་ངག་དབང་ཕུན་ཚོགས། མཁས་གྲུབ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །གསོལ་འདེབས་ལས་དྲེགས་པའི་བཀའ་བབས་སུམ་པ་བྱང་ཆུབ་འོད། སེ་སྟོན་རིང་མོ་ཁ་ལ་མེ་འབར་དང་། རྒྱང་གྲགས་འོད་ཟེར་འོད་ཟེར་སྟོན་པ་དང་། མངའ་བདག་མོལ་མི་འཁྱིལ་རྣམས་ལ་གསོལ་བ་འདེབས། ཞེས་པའི་སུམ་པ་བྱང་ཆུབ་བློ་གྲོས་ནི་མདོ་ཁམས་སྒང་བརྒྱུད་རྣམ་གསུམ་ལས་དམར་ཁམས་ལྷོ་བརྒྱུད་སུམ་པ་ཞེས་བྱ་བའི་ཡུལ་དུ་སྐུ་འཁྲུངས་པས་ཡུལ་ལ་བཏགས་པ་སུམ་པ། མཚན་དངོས་བྱང་ཆུབ་བློ་གྲོས། བསྙེན་པར་རྫོགས་པའི་མཚན་བསོད་ནམས་རྒྱལ་མཚན་དུ་འབོད་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་སྤྲུལ་པ་ཟབ་གཏེར་གྱི་བདག་པོ་བཀའ་བབས་པས་གནོད་བྱེད་དགྲ་བགེགས་ཕྱེ་མར་འཐག་པའི་དྲེགས་པ་ཉི་ཤུའི་རླུང་འཁོར་ཆ་ལག་དང་བཅས་པ་རྣམས་དཔལ་བསམ་ཡས་ཀྱི་གསང་བའི་བདག་པོའི་ཞབས་ཀྱི་མཐེ་བོང་འོག་དང་ཡིག་ཕྲན་འགའ་ཞིག་གནས་དེའི་དབང་ཕྱུག་ཆེན་པོའི་སྐུའི་དཔྲལ་བ་ཐུགས་ཀ་སོགས་ནས་ཟངས་སྦུབས་སོར་བཞིའི་སྣོད་དང་བཅས་སྤྱན་དྲངས་པའི་སྐོར་ལ། མན་ངག་ཟབ་གནད་ཆ་ལག་ཚང་མ་ཚང་གི་དབང་


GLG003_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གི་བརྒྱུད་ཚུལ་ཕལ་ཆེར་ལ་ཡོངས་སུ་གྲགས་པ། ཟབ་གནད་ཆ་ཚང་བ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་བཞེད་པ། ཤིན་ཏུ་ཟབ་མྱུར་དྲེགས་པ་ཁམས་བྱོན་མར་གྲགས་པ་གསུམ་ལས། ཡོངས་གྲགས་ཀྱི་སྐོར་ལ། འབྱུང་བ་རླུང་ལ་ལས་འཆོལ་བ་ཉམས་པ་ཚར་གཅོད་པའི་ལས་སྦྱོར་དྲེགས་པ་ཉི་ཤུའི་རྩ་བ་གཞུང་གི་སྔགས་བྱང་དྲེགས་པའི་མཐར་ཐུག་རྫོགས་བྱང་གི་མཐའ་ཅན། སློབ་དཔོན་ཆེན་པོ་ལ་མངའ་བདག་གིས་བསྟན་སྲུང་ཞུས་པའི་ལོ་རྒྱུས་ལས་འཕྲོས་ཏེ་ཞལ་གྱི་གདམས་པ་སྤྱི་ཐེམས་ཕྱག་རྡོར་གྱི་ཞབས་མཐིལ་གཡོན་པར་སྦས་བྱང་གི་མཐར་ཚང་བ། བྱང་པའི་ཕྱག་དཔེར་འདྲ་མིན་ཅུང་ཟད་འདུག །མན་ངག་འདི་རྒྱུད་དགུ་ནས་བཏུས་ཚུལ། བྱང་པའི་ཕྱག་དཔེའི་ཐུམས་ཤན་ནམ་བམ་ལོག་ཏུ་གྲགས་པའི་མཇུག་ན་འདུག །ལྟས་ངན་སྲོག་གི་སྤུ་གྲི་ཞེས་བྱ་བ་འཁོར་ལོ་འདྲི་བའི་དུས། འདྲི་བ་དངོས། རྫས། རབ་གནས། གཏོར་མ། བསྐོར་པ། ལས་ཀྱི་མཐའ་སྡུད་པ་རྣམས་སྟོན་པ་ཞལ་གདམས་སྙིང་ལྟ་བུའི་མཚོན་ཆ་སྔགས་བཙུན་ཛྙཱ་ན་ཤྲཱིས་མཛད་པ། སྔགས་འགོ་གཏོད་ཕྱོགས་དང་བསྐོར་ལུགས་ཀྱི་ཟབ་གནད། མིང་གི་འདོན་འཇུག །སྐད་བརྟག་ཐབས། བསྐོར་བ་རྣམས་ཀྱི་གནད་བསྟན་པ་ཆིག་བརྒྱུད་ལས་མི་སྟོན་པའི་བཀའ་རྒྱ་སྦས་བྱང་གི་མཐའ་ཅན། དཔེ་རྒྱུན་འདིར་འདི་ག་ཆོས་ཚན་ཚང་བ་གཅིག་གི་ལུགས་སུ་འདུག་ནའང་བྱང་ལུགས་ཀྱི་མྱུར་མགྱོགས་གློག་གི་ཞགས་པ་གཅེས་པའི་ཡིག་ཆུང་གི་སྨད་ཆར་འདུག །སྡེ་བརྒྱད་ཀུན་འདུས་སྲོག་གི་སྤུ་གྲི་ཞེས་པ་ཐུམས་ཤུན་ནམ་བམ་ལོག་ཏུ་གྲགས་པའི་ཞལ་གདམས་རྫོགས་བྱང་གི་མཐའ་ཅན། བྱང་པའི་ཕྱག་དཔེར་འདིའི་མཇུག་ཏུ་གོང་གི་རྒྱུད་དགུ་ནས་བསྡུ་ལུགས་དེ་འཐུད་འདུག །ཞལ་གདམས་གབ་པ་མངོན་


GLG003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་། ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་ཡིག་བམ་ལོག་ཏུ་འབྱུང་བ་རླུང་ལ་བསྐོར་ནས་དགྲ་བོ་གྲི་ཐབས་སུམ་བརྒྱ་དྲུག་ཅུས་གསོད་པ་ཐོག་མངའ་རླུང་ཞོན་དུ་གྲགས་པ། བྱང་པའི་ཕྱག་དཔེར་བམ་ལོག་གི་སྔགས་རླུང་ཆུང་བ་ཟེར་མཇུག་ནས་ཡིག་འཕྲེང་གཅིག་ཙམ་ཞིག་མ་ཚང་། སྟེང་འཁོར་ཚེ་བདུད་མནན་པ་རླུང་བསྐོར་གྱི་བཀྲ་བརྟག་པ་རྒྱལ་པོ་ཤིན་ཏུ་དགྱེས་པའི་མཐའ་ཅན། རྫོགས་སོ་མན་ཆད་བྱང་པའི་ཕྱག་དཔེར་མི་འདུག །དགྲ་ལ་ལྟས་ངན་ཆར་དུ་འབབ་ངེས་པའི་ཞལ་ཤེས། འདི་བྱང་པའི་ཕྱག་དཔེར་སྒབ་འདྲེ་གནོན་པའི་མཇུག་ན་འདུག །རླུང་བསྐོར་སྒྲིབ་ཤིང་དང་བཅས་པ་ལས་ཐུམས་ཤུན་ཡན་ཐོབ་པའི་བརྒྱུད་པ་ནི། འདི་བྱང་བའི་ཕྱག་དཔེར་མི་འདུག །རྒྱ་གར་རམ་བུ་གུ་ཡ་ཙནྡྲ། བལ་པོ་བྷ་སུ་དྷ་ར། ཨོ་རྒྱན་སངས་རྒྱས་གཉིས་པ། གཏེར་སྟོན་སུམ་པ་བྱང་ཆུབ་བློ་གྲོས། རིགས་འཛིན་ཀུ་མཱ་སིདྷ། གཙང་པ་ལེགས་གྲུབ་བཟང་པོ། སྔགས་འཆང་ཤེས་རབ་དཔལ། བླ་མ་སངས་རྒྱས་འབུམ། བླ་མ་ཆོས་ཀྱི་རིན་ཅེན། བླ་མ་སངས་རྒྱས། རྗེ་ཏྲ་ཡ་བྷ་དྲ། བླ་ཆེན་ལེགས་པའི་ཤེས་རབ། གྲུབ་ཆེན་བློ་གྲོས། རིགས་འཛིན་སངས་རྒྱས་རིན་ཅེན། ལྷ་རིགས་འཇམ་དབྱངས་རིན་ཅེན་རྒྱལ་མཚན། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། གསང་བདག་རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཞལ་གདམས་གབ་པ་མངོན་ཕྱུང་མན་གྱི་ལུང་བརྒྱུད་ནི། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། མཐུ་སྟོབས་ཀྱི་དབང་ཕྱུག་གུང་རུ་དབྱངས་དཔོན་པ་དཔལ་ལྡན་གྲགས། ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །འདིའི་ཡིག་ཆ་དང་


GLG003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་གྱི་རྒྱུན་འབྲི་གུང་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ནས་བརྒྱུད་པའི་དཔེའུ་རིས་དབང་ཕྱུག །དྲག་པོ་སྡེ་གསུམ། རཱ་ཧུ་ལ། རྡོར་ལེགས། བདུད་ནག་རང་རྒྱུག །མགར་བ་བྱ་བཞོན། མོན་པ་སྒོ་བརྡུང་། བཤན་པ་ཁུས་འདེབས། རླུང་ནག་འཚུབ་མ། ཤ་མེད་ནག་མོ། མོན་པ་ཁྲོམ་རྒྱུག །གནོད་སྦྱིན་སྲོག་བདག །ཨཱ་ཙཪྻ་སྲོག་འཁོར། སེང་སྟག་སྤྱང་གསུམ། ཐེའུ་བྲང་ནོར་སྙེག །སྔགས་རྒོད་དུག་གི་ལྡེའུ་ཐུང་། ས་སྲིན་ཕོ་མོ། ཀླུ་བདུད་ནག་པོ། རྐུན་མ་མགོ་འཁོར། ལྐུགས་པ་ཁ་འཐམ། སྟེང་འོག་གི་འཁོར་ལོ། ཐོག་མདའ་རླུང་ཞོན། ཤ་སྟན། བམ་ལོག །ཐུམས་ཤུན་སོགས་དཔེའུ་རིས་ཀྱི་སྟེང་ནས་ཕྱག་ལེན་དམར་འཁྲིད་གནམ་ས་བར་གསུམ་དཀྲུག་པ་སོགས་ཀྱི་ཞལ་ཤེས་དང་བཅས་ཐོབ་པའི་རྒྱུད་པ་ནི། རྗེ་རིན་ཅེན་ཕུན་ཚོགས། སྣང་གསལ་བ་ཀུན་དགའ་ཚེ་མཆོག །ཟུར་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ་གྱིས་ཁོ་བོ་ཟ་ཧོར་སྔགས་སྨྱོན་གྱི་མཚོན་ཆར་བཏད་པ་ཡིན་ནོ། །ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་འཁྲུལ་སེལ་གནད་ཐེམས་ལས། དྲེགས་པ་ཉི་ཤུའི་རླུང་འཁོར་ཞེས་གྲགས་པ། །གནད་ཟབ་གདམས་སྐོར་འདི་འདོན་སྐྱེས་བུ་ནི། །བྱོན་གནས་མདོ་ཁམས་སྒང་བརྒྱུད་རྣམ་གསུམ་ལས། །དམར་ཁམས་ལྷོ་བརྒྱུད་སུམ་པ་ཞེས་ཡུལ་མིང་། །དང་པོ་རབ་བྱུང་བྱང་ཆུབ་བློ་གྲོས་དང་། །བསྙེན་པར་རྫོགས་ཚེ་བསོད་ནམས་རྒྱལ་མཚན་ནོ། །པདྨའི་རྣམ་སྤྲུལ་དེ་ཡིས་དཔལ་བསམ་ཡས། །གསང་བའི་བདག་པོའི་ཞབས་ཀྱི་མཐེབ་འོག་དང་། །ཡིག་ཕྲན་འགའ་ཞིག་གནས་དེའི་དབང་ཕྱུག་གི །སྐུ་ཡི་དཔྲལ་བ་ཐུགས་ཀའི་གསང་


GLG003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། ཞེས་པ་ལྟར། སུམ་པ་བྱང་ཆུབ་བློ་གྲོས་ཀྱི་གཏེར་མའི་དྲེགས་པ་ཉི་ཤུ་ཆོས་རྒྱལ་མངྒའི་མཚན་ཅན་གྱི་ཕྱག་ལེན་འཁྲུལ་མེད་འདི་ནི། འཁྲུལ་སེལ་ལས། དཔེ་རྒྱུན་མི་གཅིག་སྣ་ཚོགས་ལེགས་པར་བརྟག །གཅིག་ལ་མ་ཞེན་མང་པོའི་དགོངས་པ་བླངས། དགོངས་དོན་བསྡེབས་བསྙེམས་རྩ་བའི་དོན་མ་དོར། །ཞལ་བཞེས་ཡིན་ཞེས་དངོས་འགལ་ངོམ་པ་མིན། ཚིག་ལ་སྦས་དཀྲུག་སྤོམ་ཡོར་བཞེད་པ་མིན། །ཡི་གེ་ནག་པོའི་ཐུག་ཕྲད་འཇོག་པ་མིན། འཁྲུལ་མེད་རྟོགས་འགྱུར་བདག་གི་བཞེད་པ་འདི། །ཞེས་པའི་ཤིན་ཏུ་དཔྱད་བཟོད་པའི་མན་ངག་གསེར་ཞུན་ལྟ་བུ་ལ། གཏེར་ཁ་འདི་ལ་ཀླུ་གཏད་ཚུལ་བསྐོར་བ། བྱད་ཟློག་གཤིན་རྗེའི་རླུང་བསྐོར། བཤད་བྱ་དྲེགས་པའི་སྐོར་དང་གསུམ་ཡོད་པའི་ཕྱི་མ་དྲེགས་པའི་ཆོས་སྡེ་ནི། ཁྱད་པར་འདི་ལ་རྒྱུད་གཞུང་མན་ངག་གསུམ་ཞེས་པའི་ཨོ་རྒྱན་ཆེན་པོ་རྒྱ་གར་དུ་འབྱོན་ཁར་མངའ་བདག་གིས་གསེར་གྱི་ལྷུང་བཟེད་བདུད་རྩིས་བཀང་ནས་ཞུས་པའི་གླེང་གཞི་དང་བཅས་པའི་རྒྱུད་སྙིང་པོ་ཁ་བསྒྱུར་ཐུགས་ལ་གབ་པ་དང་མཁྱེན་སྣང་གཟིགས་ནས་སྟོན་པ་ས་མཱ་ཡའི་མཐའ་ཅན། སྐད་ཤན་སྦྱར་འབྱུང་བ་རླུང་ལ་ལས་བཅོལ་ནས་གསད་པའི་ལས་རྩ་བ་གཞུང་གི་སྔགས་བྱང་དབང་ཕྱུག་ཆེན་པོ་སྲོག་གི་སྲེགས་བརྡར་ནས་བཟུང་ལྐུགས་པ་ཁ་འཐམ་གྱི་འཁོར་ལོ་བསྟན་པ་ཉི་ཤུ་པོའི་མཐའ་ཅན། ཨོ་རྒྱན་ཆེན་པོས་ཁྲག་འཐུང་ནག་པོ་ལ་ཞུས་པའི་མན་ངག་མེ་དང་འདྲ་བའི་ཞལ་གདམས་གབ་པ་མངོན་ཕྱུང་ལོགས་སུ་གབ་པ་རྫོགས་སོའི་མཐའ་ཅན་རྣམས། བམ་ལོག་ཆེ་ཆུང་གློག་གི་ཞགས་པ་གསུམ། ཞེས་པ་སྐད་ཤན་སྦྱར་བའི་


GLG003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་སྲོག་གི་སྤུ་གྲིའི་རླུང་འཁོར་ཞེས་པ་མུ་སྟེགས་སྤུ་གྲི་རེག་གཅོད་ནས་རྟེན་འབྲེལ་སྙིང་པོ་བཟློག་པའི་བར་གྱི་རྒྱུད་དང་དགུའི་ཁུངས་དང་བཅས་པའི་ལས་མཁན་རླུང་ལ་བཅོལ་ནས་དགྲ་མྱུར་དུ་གསད་པའི་བམ་ལོག་ཆེན་མོ་མངའ་བདག་གིས་རྒྱ་ནག་རྒྱལ་པོ་ལ་བསྐོར་བས་རྒྱའི་གྲོང་ཁྱེར་མང་པོ་བརླག་པར་བརྟེན་ཟབ་པར་དགོངས་ཏེ་དབང་ཕྱུག་གི་དཔྲལ་བར་སྦས་པ། སྐད་ཤན་སྦྱར་ཡོད་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་ཡིག་བམ་ལོག་ཏུ་འབྱུང་བ་རླུང་ལ་བསྐུར་ནས་དགྲ་བོ་གྲི་འཐབ་སུམ་བརྒྱ་དྲུག་ཅུས་གསད་པའི་མན་ངག་ཅེས་པ་བམ་ལོག་ཆུང་བ། ཡུ་མོ་རྒྱུག་འགྱེལ། ཕོ་རོག་ལྡིང་ལྷུང་། མེ་ཁའི་སྦྲང་བུ་སོགས་མྱུར་བའི་དཔེར་མཚོན་པ་མྱུར་མགྱོགས་གློག་གི་ཞགས་པ་ཞེས་ལིངྒ་ལྷ་སྔགས་འདི་རྩ་གཏེར་ཉུང་ངུ་ཞིག་ལ་གཏེར་སྟོན་གྱིས་རྒྱས་པར་མཛད་པ་འདྲ་བའི་དོགས་སློང་འཁྲུལ་སེལ་ན་འདུག །ཚད། བྲིས། བསྐོར་ལུགས་སོགས་གནད་ཀྱི་ཏི་ཀ་ཤིན་ཏུ་གཅེས་པ་རྣམས། ཤ་གདན་སྒབ་འདྲེ་མནན་དང་རྟགས་ཡིག་གསུམ། ཞེས་སྐད་ཤན་སྦྱར་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་བམ་ལོག་ཏུ་དགྲ་བོ་རླུང་ལ་བསྐོར་ནས་གསོད་པ་ཤ་གདན་གྱི་འཁོར་ལོ་ཞེས་པ་མུ་ཁྱུད་གཉིས་པའི་སྔགས་ཕྲེང་བྲིས་སྐོར་བསྟན་པ། མྱུར་མགྱོགས་སྒབ་འདྲེ་མནན་པའི་འཁོར་ལོའི་གདམས་པ། དགྲ་ལ་ལྟས་ངན་ཆར་ལྟར་དབབ་པ་འཐན་སྲོག་དྲིལ་བའི་རླུང་འཁོར་གྱི་ཐེབས་ཟློག་རྟགས་ཡིག་རྣམས། ཤིང་བཅས་ས་བོན་ཞལ་ཤེས་ལག་ལེན་ཐེམས་ཞེས་ཤིང་ལྔའི་བཅས་ཀྱི་ངོས་འཛིན། ས་བོན་ཉི་ཤུའི་ཞལ་ཤེས། མྱུར་མགྱོགས་རླུང་ནག་འཚུབ་མ་ལག་ཏུ་བླང་བའི་རིམ་པའི་ལག་ལེན་གྱི་ཐེམས་ཞེས་འཐེན་སྲོག་གཙོ་བོར་གསལ་བ་སྤུ་གྲི་རེག་གཅོད་རྣམས། རང་བསྲུང་


GLG003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསུམ་བོད་རྦད་གསད་གཞུང་གསུམ། དྲེགས་པ་ཉི་ཤུའི་བླ་རྡོ་འཁོར་ལོའི་བྲི་ཡིག་ལ་བརྟེན་པའི་རང་བསྲུང་། རྡོ་རྗེ་རྣམ་འཇོམས་ཀྱི་རང་བསྲུང་། ཕྱག་རྡོར་འཁོར་ལོའི་རང་བསྲུང་རྣམས། དྲེགས་པ་ཉི་ཤུ་འབོད་པའི་འགུགས་པའི་འཕྲིན་ལས་ང་ནི་སྲིད་རྒྱུད་མ་དབང་ཕྱུག་ཐུགས་ཀ་ནས་སྤྱན་དྲངས་པ། དྲེགས་པ་ཉི་ཤུ་རྦད་པའི་འཕྲིན་ལས་སྔོན་བསྐལ་མ། དྲེགས་པ་ཉི་ཤུས་གསོད་པའི་འཕྲིན་ལས་སྔོན་བསྐལ་མ་རྣམས། ཆུ་ཀླུང་བསྐུལ་པ་གཉིས་དང་གནད་བཀང་གསུམ་ཞེས་ཆུ་ལྷའི་བསྐུལ་བདག་ཉིད་དཔལ་ལྡན་མ། དེའི་ཞར་བྱུང་གཤིན་རྗེ་ཆོས་རྒྱལ་དང་སྲིན་པོ་དྷ་ཤ་གྷྲི་བའི་བསྐུལ་བདག་ཉིད་དཔལ་ཆེན་མ། རླུང་ལྷའི་བསྐུལ་རི་རབ་ཆེན་མོ་དང་འཇིག་རྟེན་དྲེགས་པ་མ། ལྷ་འདྲེའི་གནད་བཀང་སྔོན་བསྐལ་མ་སློབ་དཔོན་པདྨས་མངའ་བདག་ལ་གདམས་པ་རྣམས། སྒྲིབ་འཚོལ་གཉིས་དང་ཚ་གསུམ་དཔེ་རིས་བཅས། ཞེས་པའི་དང་པོ་ནི་མེ་རླུང་གི་ལྷར་བརྟེན་པའི་སྒྲིབ་ཤིང་ཡིན་འདུག་པ་གཏེར་ཁ་འདི་ཁའི་ལུང་མ་ཐོབ་ཅིང་། ཕྱི་མ་གཉིས་ནི་སྔོན་ཆད་སྤྱོད་ཡུལ་དུ་མ་གྱུར་བས་སླར་ཁུངས་ལྡན་འདྲ་དང་ཕྲད་ན་འཚོལ་དགོས་ཡོད། དཔེ་རིས་ལ། དབང་ཕྱུག་ཆེན་མོ། དྲེགས་པ་སྡེ་གསུམ། རཱ་ཧུ་ལ། དམ་ཅན། བདུད་ནག་རང་རྒྱུག །མགར་བ་བྱ་བཞོན། མོན་པ་སྒོ་བརྡུང་། བཙན་དམར་ཁུ་འདེབས། མོན་པ་རླུང་འཚུབ། ཤ་མེད་མ། མོན་པ་ཁྲོམ་རྒྱུ། གནོད་སྦྱིན་དཀོར་བདག །ཨཱ་ཙཪྻ་སྲོག་འཁོར། སེང་སྟག་སྤྱང་གསུམ། ཐེའུ་བྲང་ནོར་བསྙེག །དུག་གི་མདེ་ཐུང་། ས་སྲིན་ཕོ་མོ། ཀླུ་བདུད་ཕོ་མོ། རྐུན་མ་མགོ་འཁོར། ལྐུགས་པ་ཁ་འཐམ། ཐུམས་ཤུན། གློག་ཞགས། རླུང་ལྷ་


GLG003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་མོ། ཤ་གྲི་ཤ་གདན། གཤིན་རྗེའི་ཡ་ཁེབས་མ་ཁེབས། ལིང་རྐྱང་། སྒབ་འདྲེ། རང་བསྲུང་། སྡིག་པ་དམར་ནག །ཕྱག་རྡོར་བརྡ་ཡིག་ཉི་ཤུ་པ་དང་བཅས་པ་རྣམས་ཏེ། དང་པོའི་ཡིག་རྙིང་ཁུངས་ཐུབ་དེར་འདུས་ལ། ཚེ་བདུད་མནན་དང་ལིང་ཡཾ་ལ་སོགས་པ། །མཐོང་ཐོས་ཀྱི་ཀྱང་འདི་ཡི་གཏེར་སྐོར་དུ། །མི་བཞེད་སྔགས་ནག་རལ་པ་ཅན་སྨྲའོ། །ཞེས་ཡིག་རྙིང་ཁུངས་ཐུབ་སྔར་བཤད་པ་ཁོ་ནར་ངོས་བཟུང་ཞིང་ཚེ་བདུད་མནན་པ་སོགས་འདིའི་སྐོར་མིན་པར་གསུངས་པ་དིང་སང་ལུང་རྒྱུན་དང་ཆོས་སྡེར་བཞུགས་ཤིང་ཕྱག་ལེན་དུ་ཡང་མཛད་པས་དགོངས་པ་ཅན་ཡིན་ནམ་སླར་ཡང་དཔྱད་དོ། །འཁྲུལ་སེལ་ཐེམས་སུ་མི་གསལ་བའི་ཆོས་སྐོར་ནི། མངའ་བདག་གིས་སློབ་དཔོན་ཆེན་པོ་ལ་རང་ལ་འཇམ་ཞིང་། དགྲ་ལ་རྩུབ་པ་བྱ་སླ་ཚེགས་ཆུང་བའི་རླུང་འཁོར་ཞིག་ཞུས་པས་རྒྱ་གར་དུ་བཞུད་ཁར་ངན་སྔགས་ཐམས་ཅད་ཀྱི་བཅུད་བཏུས་ནས་གནང་ཚུལ་དང་བཅས་པའི་ཞལ་གདམས་སྤྱི་ཐེམས་སུ་གྲགས་པ། སྔགས་འཆང་རཏྣ་ཤྭ་རས་མཛད་པའི་ལྟས་ངན་སྲོག་གི་སྤུ་གྲི་དོན་བདུན་གྱིས་བསྟན་པ། དྲེགས་པའི་འཁོར་ལོའི་སྔགས་བྱང་མུ་ཁྱུད་ཕྱི་ནང་གི་ཀ་རྟ་དྲག་པོ་གསུམ་དྲིལ་དང་བཅས་པ་མེད་དུ་མི་རུང་བ། བོད་རྦད་གསད་གསུམ་གྱི་སྔགས་བྱང་ལོགས་སུ་བཀོལ་བ། ལིངྒའི་ལྟོ་བར་འདྲི་བའི་སྔགས་རྟེན་འབྲེལ་བཅུ་གཉིས་བཅས་པ་མཇུག་ན་དམོད་ཚིག་ཡོད་པ་རླུང་འཁོར་རྩ་བའི་ལིང་སྔགས་ཐེམས་ཡིག །བླ་འགུགས་སྔགས་དང་གསད་སྔགས་ཧབ་གསོད་མ། སྲེག་ཐལ་གྱི་མན་ངག །ཀླུ་བདུད་ཀྱི་ས་བོན་འདྲི་བ་གསེར་སྲང་གི་བཀའ་རྒྱ་ཅན། དྲེགས་པ་ཉི་ཤུའི་འཁོར་ལོའི་གཟུགས་འབྲི་ཚུལ་དང་རྫས་ཀྱི་ཁྱད་པར་


GLG003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སོའི་མཐའ་ཅན། ལིངྒ་ལ་ལོ་སྐོར་བཅུ་གཉིས་ཀྱི་ཁ་བསྒྱུར་བྱ་ཚུལ། འབྱུང་བ་རླུང་གི་འཁོར་ལོའི་ཞལ་གདམས་རྫས་ཀྱི་གབ་ཡིག་མཇུག་ཏུ་འབྱུང་བ་ཆུ་ལ་ལས་འཆོལ་ཞལ་གདམས་རྒྱབ་ཡིག་གདབ་པ་དང་འཐན་སྲོག་ལ་བྱེད་པའི་དམོད་མོ་བཅས་པ་འདྲི་བར་བྱའོའི་མཐའ་ཅན་འཐན་སྲོག་སོ་སོ་དང་སྦྲགས་མའི་དབྱེ་བ་གབ་པ་གསུམ་གྱི་འདྲི་ལུགས་དང་བཅས་པའི་ཞལ་ཤེས་ཐ་རམ་འཕྲུལ་གྱི་ལྡེ་མིག །ཆོས་རྒྱལ་མངྒའི་མཚན་ཅན་གྱི་ཞལ་གདམས་ཟབ་པའི་མཐར་ཐུག །དེའི་ཕྱག་བྲིས་ལས་བྱུང་བའི་ལག་ལེན་བརྗེད་ཐོ། སྲོག་རྐྱང་དང་སྦྲགས་མའི་སྙིང་གའི་ས་བོན་གྱི་ཁྱད་པར། སྔགས་འདྲེན་ལུགས། ཕྱི་བལྟ་ནང་བལྟའི་འདྲི་ལུགས། ལྷའི་ཐུགས་སྲོག་གི་སྒོམ་དོན། སྤྱི་གནད། ལྷ་དབྱེ། ཚོན་སྐུད་འདྲེན་ལུགས་རྣམས་ཀྱི་ཟབ་གནད་སྟོན་པའི་ཞལ་ཤེས། རྩ་ཡིག་རང་འདྲ་མིན་གྱི་ལྷ་སྲིན་སྡེ་བརྒྱད་ཀུན་གྱི་སྲོག་གི་སྤུ་གྲི་ལས་མཁན་རླུང་ལ་ལས་བཅོལ་ནས་དགྲ་མྱུར་དུ་གསད་པའི་བམ་ལོག་ཐུམས་ཤུན་གྱི་ཞལ་གདམས། རྩ་ཡིག་དང་འདྲ་མིན་ཡོད་པའི་དགྲ་བོ་གྲི་འཐབ་སུམ་བརྒྱ་དྲུག་ཅུས་གསོད་པའི་བམ་ལོག་ཆུད་པ་ཐོག་མདའ་རླུང་ཞོན་གྱི་གདམས་པ། ཚེ་བདུད་མནན་པའི་འཁོར་ལོའི་སྔགས་བྱང་རྫོགས་སོའི་མཐའ་ཅན། སྔགས་འཆང་ཛྙཱ་ནས་མཛད་པའི་སྡིག་པ་དམར་ནག་གི་བཅས་ལ་བརྟེན་ནས་མི་ཟློག་བསྲུང་བའི་འཁོར་ལོའི་བྲི་ཡིག །བརྡ་ཡིག་ཉི་ཤུའི་རྗོང་མཁར་འདི་དང་མི་ལྡན་ན་གོ་མེད་གཡུལ་དུ་འཇུག་པ་ལྟ་བུ། དྲེགས་པ་དམ་ལ་འདུ་ཞིང་མི་འདའ་བའི་གནད་འབེབས་ཀྱི་འཁོར་ལོ་བུ་མ་གཏོགས་མི་སྟེར་བ། བླ་རྡོ་བཅུ་བདུན་གྱི་ངོས་འཛིན་ཞལ་ཤེས་ཁུངས་ཐུབ་མ། དྲེགས་པ་ཉི་ཤུའི་མན་ངག་བྲི་བ། རབ་


GLG003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གནས། བསྐོར་བ་གསུམ་བསྟན་པའི་གདམས་པ་གནད་ཡིག་མ། དྲེགས་པ་ཉི་ཤུའི་གནད་ཀྱི་མན་ངག་གཟེར་བུ་བཞི་པ་སྔགས་ཀྱི་ནུས་པ་སྟོན་པ་སྲོག་གི་སྙིང་པོ་བསྐོར་བ། དྲེགས་པའི་རྔུར་བཟློག་པའི་གཏོར་བསྔོ་ཆོས་རྗེ་དབང་ཆེན་ལྷུན་གྲུབ་ཀྱིས་བསྐུལ་ནས་མཐུ་ལྡན་དབང་པོའི་སྡེས་མཛད་པ་དགྲ་འཇོམས་དུག་གི་སྤུ་གྲི་སྔགས་ནག་གི་མཚོན་ཆ། སྔགས་བཙུན་རཏྣ་ཤྭ་རས་མཛད་པའི་བསྐང་བ་སྲིད་བརྒྱུད་མ། སོ་སོའི་སྲོག་སྙིང་བཟླ་དུས། མཐུན་རྫས་བཤམ་ཚུལ། དམིགས་པའི་ཟབ་གནད་གསུམ་སྟོན་པ་ཨོ་རྒྱན་རླུང་གི་ཤོག་དྲིལ་གཞན་ལ་མི་སྤེལ་བ་གསེར་གྱི་མཎྜལ་དང་ཚོགས་འཁོར་མེད་པར་ལུང་ཕྱག་འཁྲིད་མི་སྟོན་པའི་བཀའ་རྒྱ་ཅན། བཅའ་གཞི་རྣམ་པ་བཞི་རུ་བསྟན་པའི་ནང་གི་བཞི་པ་གཏོར་མ་བཟློག་པའི་ཟོར་འཕེན་སྔོན་དུས་མ་བསམ་ཡས་བྲག་དམར་གྱི་གཏེར་མ། རིགས་འཛིན་དབང་པོའི་སྡེས་མཛད་པའི་འཁྲུལ་སེལ་གནད་ཐེམས་དམར་འཁྲིད་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། རོམ་བུ་གུ་ཧྱ་ཙནྡྲ། བལ་པོ་བྷ་སུ་དྷ་ར། ཨོ་རྒྱན་པདྨ་ཐོད་འཕྲེང་། ཇོ་མོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་གསུམ་པ་བྱང་ཆུབ་བློ་གྲོས། རིགས་འཛིན་གཞོན་ནུ་སེང་གེ །གཙང་པ་ལེགས་གྲུབ་བཟང་པོ། སྔགས་འཆང་ཤེས་རབ་དཔལ། བླ་མ་སངས་རྒྱས་འབུམ། རྗེ་ཆོས་ཀྱི་རིན་ཅེན། གུ་རུ་སངས་རྒྱས། ཏྲ་ཡ་བྷ་དྲ། མཚུངས་མེད་ལེགས་པའི་ཤེས་རབ། གྲུབ་ཆེན་བློ་གྲོས། སངས་རྒྱས་རིན་ཅེན། འཇམ་དབྱངས་རིན་ཅེན་རྒྱལ་མཚན། རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ་ཐུགས་རྗེ་དབང་གྲུབ་རྩལ་བླ་མ་ངག་དབང་དོན་གྲུབ་རྒྱལ་མཚན། ཁྱབ་བདག་ཁྲ་ཚང་བ་ཆེན་


GLG003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པོ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སུམ་པ་བྱང་ཆུབ་བློ་གྲོས་ནས། ཉང་ཉི་མ་འོད་ཟེར། སྲས་མི་བསྐྱོད་རྡོ་རྗེ། བླ་མ་བསོད་ནམས་སེང་གེ །རྗེ་བསོད་ནམས་འོད་ཟེར། གུ་རུ་ཤཱཀ་འབྱུང་བ། བླ་མ་རྡོ་རྗེ་འབུམ། གུ་རུ་རྒྱལ་མཚན་རྡོ་རྗེ། བླ་མ་ཀུན་དགའ་བཀྲ་ཤིས། རིགས་འཛིན་ཀུན་དགའ་བསོད་ནམས། བླ་མ་དགེ་མཚམས་པ། བླ་མ་ཚུལ་ཁྲིམས་སེང་གེ །སློབ་དཔོན་རྣམ་རྒྱལ། ཀོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ། རིགས་འཛིན་ལེགས་ལྡན་རྗེ་མན་འདྲ། ཡང་ན་སྲས་མི་བསྐྱོད་རྡོ་རྗེ་ནས་གཉོས་སྒྲོམ་ཞིག་པོ། གཉོས་སྒོམ་རྡོ་རྗེ། རིན་ཅེན་རྒྱལ་མཚན། བློ་གྲོས་སེང་གེ །ཡོན་ཏན་རྡོ་རྗེ། བླ་མ་པད་འབྱུང་། རྗེ་རིན་ཅེན་གྲུབ། སྔགས་འཆང་བཀྲ་ཤིས་བཟང་པོ། ལེགས་ལྡན་རྗེ་མན་གོང་བཞིན་ནོ། །དྲེགས་པ་ཁམས་བྱོན་མར་གྲགས་པའི་ཤིན་ཏུ་ཟབ་པ་རིག་སྔགས་འཆང་ཕལ་ཆེར་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་རྣོ་མྱུར་ཅན་གྱི་སྐོར་ལ། སློབ་དཔོན་ཆེན་པོ་ལ་མངའ་བདག་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེ་བཙན་གྱིས་ཞུས་པའི་ལོ་རྒྱུས་ལས་འཕྲོས་པའི་ཞལ་གྱི་གདམས་པ་བསམ་ཡས་ཕྱག་རྡོར་གྱི་ཞབས་གཡོན་པའི་མཐིལ་དུ་སྦས་བྱང་གི་མཐར་ཚང་བ། མངའ་བདག་རྒྱལ་པོས་གུ་རུ་པདྨ་ལ་གསེར་གྱི་མཎྜལ་ཕུབ་ཙམ་གྱི་སྟེང་དུ་གཡུ་ཕུག་རོན་ཙམ་བརྒྱད་ཀྱི་ཚོམ་བུ་བཀོད་ནས་ཞུས་པའི་འབྱུང་བ་རླུང་ལ་ལས་བཅོལ་ནས་ཉམས་པ་ཚར་གཅོད་པའི་གདམས་པ་ཡང་གསང་བཅུད་དུ་ཕྱུང་བ་དྲེགས་པ་ཉི་ཤུའི་གཞུང་དངོས་གསེར་སྲང་རེའི་བཀའ་རྒྱ་ཅན། མྱུར་མགྱོགས་སྒབ་འདྲེ་གནོན་པ་དཔེའུ་རིས་འོག་ཏུ་གསལ་བའི་མཐའ་ཅན། མྱུར་མགྱོགས་ཤ་སྟན་འཁོར་ལོ་བསྟན་པ་བསྲུང་བའི་མཚོན་


GLG003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་མཐའ་ཅན། ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་གི་ཡི་གེ་བམ་ལོག་ཏུ་བསྐོར་ནས་དགྲ་བོ་གྲི་འཐབ་སུམ་བརྒྱ་དྲུག་ཅུས་གསོད་པ་པདྨའི་ཟབ་དོན་བསྡུས་པ་བཀའ་རྒྱས་བཏབ་པའི་མཐའ་ཅན། མུ་སྟེགས་ཡུ་མོ་རྒྱུག་འགྱེལ་ཕོ་རོག་ལྡིང་ལྷུང་དུ་གྲགས་པ་ཉམས་པ་རླུང་ལ་བསྐུར་ནས་མྱུར་དུ་གསོད་པ་ཀུན་ལ་གསང་ཞིང་རང་ཉིད་ལ་ནམ་དགོས་པའི་ཚེ་སྤྱད་དོ་ཞེས་པའི་མཐའ་ཅན། མྱུར་མགྱོགས་གློག་ཞགས་ཀྱང་ཟེར། འཐན་གཟུགས་བཅའ་ཚུལ་ཐན་སྲོག་ཆར་ལྟར་འབེབས་ཤིང་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་འགྱུར་རོའི་མཐའ་ཅན། ཞལ་གྱི་གདམས་པ་གནམ་ལྕགས་ཐོག་མདའི་བསྡུས་དོན་སྤུ་གྲི་རེག་ཆོད་ཁྲག་སྣ་ཚོགས་ཚལ་བསྲེ་དགོས་སོའི་མཐའ་ཅན། འཁོར་ལོ་ཉི་ཤུའི་རྫས་ཀྱི་མན་ངག །མིང་གི་འབྱིན་འཇུག །རླུང་ཁང་སྒྲོམ་ཤིང་བཅའ་ལུགས། རབ་གནས། མི་ཟློག་པའི་གནད། ལས་འགྱངས་ན་བྱ་ཚུལ་སོགས་བསྟན་པ་རླུང་ནག་འཁྲུག་པ་འཁོར་ལོ་ཆེན་མོའི་མན་ངག་ཕྱོགས་གཅིག་ཏུ་དྲིལ་ནས་བྲིས་པ་སྡེ་བརྒྱད་དྲེགས་པས་ཆད་པ་ཆོད་ཅིག་པའི་མཐའ་ཅན། རླུང་འཁོར་སྒྲིབ་ཤིང་ཨོ་རྒྱན་པདྨས་མངའ་བདག་རྒྱལ་པོ་ལ་གདམས་པ། འབྱུང་བཞིའི་འཁོར་ལོ་འདྲི་ཚུལ་མངའ་བདག་རྒྱལ་པོ་ལ་སློབ་དཔོན་གྱི་གདམས་ཏེ་གཡུ་རུ་ཁྲ་འབྲུག་གི་ཕུ་ན་གཏེར་དུ་སྦས་པ། ལྷ་ལིང་གི་ལྟོ་བར་སྦྱར་རྒྱུའི་སྣང་སྲིད་དྲེགས་པ་སྡེ་བརྒྱད་ཀྱི་མན་ངག་ས་བོན་དམ་པ་གུ་རུ་པདྨའི་སྲོག་ཐིག་དྲེགས་པ་རྣམས་ཀྱི་སྙིང་ཁྲག་དགྲ་བོའི་སྲོག་གཅོད་པར་བྱེད་པའི་མཚོན་ཆ་འཁོར་ལོ་ཉི་ཤུ་པའི་ས་བོན་རྫོགས་བྱང་གི་མཐའ་ཅན། འཁོར་ལོ་ཉི་ཤུའི་གནད་ཡིག་ཁྱད་པར་ཟབ་པའི་འཁོར་ལོ་འདི་ཀུན་ལ་ཡོད་པ་མ་ཡིན་པ་ཨོ་རྒྱན་པདྨས་ཕྱི་རབས་དོན་དུ་ལྷོ་བྲག་


GLG003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཆུའི་ཕུགས་སུ་གཏེར་དུ་སྦས་པ་མངའ་བདག་གིས་བཏོན་པ། དུ་ཏྲི་ཤ་མགོ་ཅན་གསེར་སྲང་གང་གི་བཀའ་རྒྱས་བཏབ་པ། གཟའ་གདོང་དམར་ནག་གི་འཁོར་ལོ་ལོ་བདུན་དུ་འགྲོགས་པའི་སློབ་མ་སྣོད་ལྡན་ལས་མི་སྤེལ་བའི་བཀའ་རྒྱ་ཅན། ཏྲིག་དམར་ནག་གི་རྒྱུད་ལས་བཏུས་པའི་གསོད་བྱེད་གནད་ཀྱི་འཁོར་ལོ། སྔགས་མ་ཚང་བའི་ཁ་སྐོང་བསྟན་པ་བསྲུང་བའི་མཚོན་ཆ། རང་གཤེད་དབབ་པ་སྲོག་ཐིག་དམར་ནག་ཉང་སྲས་ཀྱིས་བསམ་ཡས་མཆོད་རྟེན་ནག་པོ་ནས་བཏོན་པ་ས་བདག་གཏད་མནན་བྱེད་པའི་འཁོར་ལོ་ཉང་གིས་བསམ་ཡས་ནས་མཆོད་རྟེན་ནག་པོ་ནས་བཏོན་པ། འཁོར་ལོ་ཉི་ཤུའི་མྱུར་ཁྱད་བཤན་གྲི་འབར་བའི་གདམས་པ་ཁོལ་བུར་སྦས་པ་ཉང་གིས་བཏོན་པ། སྡེ་བརྒྱད་འདུས་པའི་རླུང་འཁོར་གྱི་ཐུམས་ཤུན་སྡེ་བརྒྱད་སྲོག་གི་བམ་ལོག་རྫོགས་བྱང་གི་མཐའ་ཅན། རླུང་འཁོར་ཉི་ཤུ་བརྩིག་པའི་མན་ངག་ཐུན་མོང་མ་ཡིན་པ་ཞར་བྱུང་དུ་འཁོར་ལོ་སྒྲུབ་པ་ཆུ་དང་རླུང་ལ་བསྐོར་བ་ལས་མཐའ་བསྡུ་ཚུལ་སོགས་རླུང་ནག་འཁྲུག་པ་འཁོར་ལོ་ཉི་ཤུ་པའི་གཞུང་མན་ངག་ལག་ལེན་དང་བཅས་པ་མངའ་བདག་ཉང་གིས་གཏེར་ནས་གདན་དྲངས་པ། རླུང་འཁོར་གྱི་བཀྲ་ལྟས་རྨི་ལམ་བརྟག་པ་རྒྱལ་པོ་ཡང་ཐུགས་ཤིན་ཏུ་དགྱེས་པའི་མཐའ་ཅན། ཐན་ལྟས་ཆར་ལྟར་དབབ་པ་དང་ཐན་སྲོག་མྱུར་དུ་འོང་བའི་ཡིག་ཆུང་། མངོན་རྟོགས་སྤྱན་འདྲེན། མཆོད་གཏོར་འཕྲིན་བཅོལ། བསྐང་བསྟོད་བསྐུལ་དང་བཅས་པ་ཚང་བའི་དྲེགས་པའི་ལས་བྱང་ཆོས་རྒྱལ་འབྲི་གུང་རིན་ཅེན་ཕུན་ཚོགས་ཀྱིས་མཛད་པ། དྲེགས་པ་ཉི་ཤུའི་སྒོ་ནས་དགྲ་བོ་དགུག་པའི་ལྕགས་ཀྱུ་ང་ནི་སྲིད་བརྒྱུད་མ་བསམ་ཡས་དབང་ཕྱུག་ཆེན་པོའི་ཐུགས་


GLG003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཏོན་པའི་གཏེར་མ། དྲེགས་པ་ཉི་ཤུའི་སྔོན་བྱུང་གི་དམ་དར་ཞེར་པ་གཏོར་མ་ཟློག་པ་རུ་བསྟན་པ་ཟོར་དུ་འཕང་བའི་མན་ངག་འཇིག་རྟེན་དྲེགས་པའི་གདུག་རྩུབ་དགྲ་ལ་བྷྱོ་ཟློག་གི་མཐའ་ཅན། དཔེའུ་རིས་ལ། རྣམ་འཇོམས་དང་སྣང་བརྒྱད་ཀྱི་འཁོར་ལོ། དབང་ཕྱུག་ཐན་གྱི་འཁོར་ལོ། སྲོག་གི་འཁོར་ལོ། ཐན་སྲོག་སྦྲགས་མ། དྲེགས་པ་སྡེ་གསུམ། རཱ་ཧུ་ལ། དམ་ཅན། བདུད་ནག་རང་རྒྱུག །མགར་བ་བྱ་ཞོན། མོན་པ་སྒོ་བརྡུང་། བཤན་པ་ཁུས་འདེབས། མོན་པ་རླུང་འཚུབ། ཤ་མེད། མོན་པ་ཁྲོམ་རྒྱུག །གནོད་སྦྱིན་དཀོར་བདག །ཨཱ་ཙཪྻ་སྲོག་འཁོར། ཧོ་ཤང་ནག་པོ། ཐེའུ་བྲང་ནོར་སྙེག །དུག་གི་མདེའུ་ཐུང་། ས་སྲིན་ཕོ་མོ། ཀླུ་བདུད་ནག་པོ། གནམ་ས་གོ་ལོག །ལྐུགས་པ་ཁ་འཐམ། སྒབ་འདྲེ་གནོན་པ། ཤ་སྟན། ཐོག་མང་རླུང་ཞོན། ཡུ་མོ་རྒྱུག་འགྱེལ། འབྱུང་བཞི། གནད་ཡིག །ཤ་མགོ། གཟའ་གདོང་། གནད་འཁོར། སྲོག་ཐིག་དམར་ནག །མནན་གཏད། ཤ་གྲི། སྒྲིབ་ཤིང་། ཐུམས་ཤུན་དང་བཅས་པ་མ་བུ་ངོ་སྤྲོད་ཟབ་གནད་ཉམས་མྱོང་དུ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དྲེགས་པ་ཟིལ་གནོན་པདྨ་ཐོད་འཕྲེང་རྩལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་ཏིག་བཙན་པོ། གཏེར་སྟོན་སུམ་པ་བྱང་ཆུབ་བློ་གྲོས། གནུབས་བྱང་ཆུབ་རྒྱལ་མཚན། ཁྲ་ཚང་པ་བྱང་ཆུབ་འོད་ཟེར། འུག་ལུང་རྡོ་རྗེ་དཔལ་བ། གནུབས་ནམ་མཁའ་རྒྱ་མཚོ། བླ་མ་ནམ་མཁའ་འོད་ཟེར། དྲིན་ཅན་ཡེ་ཤེས་རྒྱལ་མཚན། དྲིན་ཅན་བསོད་ནམས་ཕུན་ཚོགས། སྔགས་འཆང་ཉི་མ་འོད་ཟེར། སྔགས་འཆང་འཕགས་པ་རྒྱལ་པོ། བླ་མ་པདྨ་དབང་ཕྱུག །སྔགས་འཆང་དཀོན་ཅོག་སྐྱབས། འབྲི་གུང་རཏྣ་གཉིས་པ་ཆོས་ཀྱི་གྲགས་པ། བླ་མ་


GLG003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་རིན་ཅེན། སྤྲུལ་སྐུ་དཀོན་ཅོག་ངག་དབང་འཕྲིན་ལས། ཁྱབ་བདག་ཁྲ་ཚང་པ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ཟ་ཧོར་སྔགས་སྨྱོན་ལ་བསྟན་སྲུང་དུ་གནང་ངོ་། །དྲེགས་པའི་སྐོར་འདི་སུམ་པ་དང་མངའ་བདག་གཉིས་ཀའི་གཏེར་ཁ་ལ་ཡོད་ཅིང་མན་ངག་ཕྲན་བུ་མ་གཏོགས་ཞུས་དག་ཕེར་བས་མན་ངག་ཕྱོགས་གཅིག་ཏུ་བསྡེབས་དགོས་པའི་དབང་གིས་མངའ་བདག་གི་གཏེར་ཕྲན་འདུག་པ་རྣམས་འདི་ཀའི་དཀྱུས་སུ་བྲིས་པ་ཡིན་ཞིང་གཏེར་ཁ་གོང་མའི་བརྒྱུད་ལུགས་མི་གཅིག་པ་རྣམས་ནི་དེ་ཁར་ཡོད་དོ། །སེ་སྟོན་རིང་མོའི་གཏེར་ཆོས་ནི་མ་རྙེད། བལ་པོའི་ཡུལ་གྱི་ཚོང་འདུས་སུ་ཟངས་ཀྱི་གའུ་ནས་བླ་མ་ཁམས་སྟོན་ཁ་ལ་མེ་འབར་གྱིས་སྤྱན་དྲངས་པའི་རྒྱལ་པོ་སྒོ་གཅོད་ཀྱི་བསྲུང་བ་ཤིན་ཏུ་ཟབ་པ་རཱ་ཛ་རྒྱུ་མི་ནུས་པའི་གདམས་པ་སྙིང་གི་ཁྲག་ལྟ་བུ་མྱོང་གྲུབ་མ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་ཐོད་འཕྲེང་། མཁར་ཆེན་བཟའ། གཏེར་སྟོན་ཁ་ལ་མེ་འབར་ནས་རིམ་པར་རིགས་འཛིན་གནམ་ལྕགས་མེ་འབར། གྲུབ་བརྙེས་བཀྲ་ཤིས་རྒྱ་མཚོ། རྗེ་ཀུན་དགའ་ཚེ་མཆོག །ཕ་ཇོ་ལྷུན་གྲུབ་རྡོ་རྗེ། ཟུར་ཆེན་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །རྒྱང་གྲགས་འོད་ཟེར། འོད་ཟེར་སྟོན་པ། མངའ་བདག་མོལ་མི་འཁྱིལ་རྣམས་ཀྱི་གཏེར་ཆོས་མ་འཚལ་ལོ། །གསོལ་འདེབས་ལས། སྟོབས་ལྡན་བཀའ་བབས་དུ་གུ་རིན་ཅེན་སེང་། །དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད། །གཙང་གི་གཙང་རིང་ཤེས་རབ་ལ་སྟོད་ཀྱི། །སྤྲུལ་སྐུ་དམར་པོར་གྲགས་རྣམས་ལ་གསོལ་བ་འདེབས། ཞེས་པའི་དུ་གུ་རིན་


GLG003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ནི་སྤ་གོར་བཻ་རོ་ཙ་ནས་མངའ་བདག་རྗེ་འབངས་ལ་གདམས་པ། །བདག་གི་སྙིང་དང་འདྲ་བའི་གདམས་པ་རྣམས༔ མཁས་པ་ཤྲཱི་སིངྷའི་ཐུགས་གློང་དམ་པ་འདི༔ ལས་ཅན་རྒྱལ་བློན་བཅས་པ་ཁྱེད་ལ་གཏད༔ བསྟན་ནོ་བྱིན་ནོ་ཕྱི་མའི་ལས་ཅན་རྣམས༔ འདི་ཕྲད་གསང་ཞིང་ཀུན་ལ་བསྟན་མི་རུང་༔ ཅི་ཕྱིར་བདག་གཞན་ཐམས་ཅད་བརླག་པར་སྲིད༔ འདི་ནི་དུག་གི་སྤུ་གྲི་དག་དང་མཚུངས༔ ཞེས་བསྟན་པ་བསྲུང་བའི་མཚོན་ཆར་ཤིན་ཏུ་ཟབ་ཅིང་རྣོ་བ་དྲག་སྔགས་རྡོ་རྗེ་གཙུག་ལག་གི་ནང་ནས་ཀྱང་འཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་སྐོར་འདི་རྣམས། ཨེ་མ་ཧོ། ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དང་༔ དཔལ་གྱི་སེང་གེ་ལ་སོགས་ལྔ་པོ་ཡིས༔ ཕྱོགས་བཞི་མཚམས་བརྒྱད་གཙུག་ལག་ཁང་དག་ཏུ༔ བསྟན་པ་འཇིག་དུས་སྙིགས་མའི་དུས་སུ་ཡང་༔ ལས་དང་ལྡན་པས་རྙེད་པའི་སྨོན་ལམ་ཐོབ༔ གཏད་གཉེར་དམ་པོར་གྱིས་ལ་གཏེར་དུ་སྦོས༔ ཁོ་བོ་བདག་ནི་ད་འགྲོ་ལས་ཀྱིས་བདས༔ རྒྱལ་མོ་ཚ་བ་རོང་དུ། ཁྱེད་ལྔ་དག་གི་ཞལ་བགྲོས་ཞབས་ལ་མགོས་བཏུད་ནས༔ སངས་རྒྱས་ཞལ་བཞུགས་གདམས་ངག་གཏན་པར་བཅངས༔ ཞེས་པ་ལྟར་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་འབྱོན་ཁར་གདམས་པ་འདི་ཉིད་རྗེ་འབངས་ལྔ་ལ་གཏད་ནས་མ་འོངས་བསྟན་པའི་བཙས་སུ་གཏེར་དུ་སྦོས་ཤིག་པར་གསུངས་པ་བཞིན་མངའ་བདག་རྒྱལ་པོས་བྱང་སྤྲ་དུན་རྩེའི་གཙུག་ལག་ཁང་གི་བྱང་ཤར་ན་ལོ་པཎ་མཁས་པའི་མཆོད་རྟེན་ཡོད་པའི་བུམ་པར་སྦས་པ། ཇི་སྐད་དུ། ནམ་ཞིག་ལས་ལྡན་ད་ལྟའི་བག་ཆགས་ཀྱིས༔ འདི་དང་ཕྲད་དེ་བསྟན་པ་བསྲུང་བར་ངེས༔ སུ་ཕྲད་འདི་དོན་ཁོང་དུ་ཆུད་


GLG003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྔོན་ལས་སད་པའོ༔ དེ་ཕྱིར་ནན་ཏན་སྤྱོད་པར་སྨོན་ལམ་གདབ༔ ཅེས་པ་ལྟར་གཏེར་དུ་སྦས་ནས་ལོ་ཉིས་བརྒྱ་སྐོར་འདས་པ་ན་དབུས་པ་དུ་གུ་རིན་ཅེན་སེང་གེས་བསམ་ཡས་ནས་ཁ་བྱང་རྙེད་དེ་སྟག་ལོ་ལ་གནམ་ལྕགས་རྔུར་མོའི་ཡིག་ཆུང་དྲག་པོ་འཕྲིན་ལས་ཀྱི་རྒྱུད་དང་བཅས་པ་བྱང་སྤྲ་དུན་རྩེའི་མཆོད་རྟེན་གྱི་བུམ་པ་དང་། རྒྱུད་སྔ་ཕྱི་ཀུན་དང་དེའི་སྒྲུབ་ཡིག་བཅས་པ་མཆོད་རྟེན་གྱི་རྨང་ནས་སྤྱན་དྲངས་པའི་རྒྱུད་ལ་ལེའུ་དང་པོ་གླེང་གཞི། གཉིས་པ་སློབ་དཔོན་སློབ་བུ་བརྟག་པ་དང་དམ་ཚིག །གསུམ་པར་དབང་། བཞི་པར་ལས་གཞུང་དང་གསོད་པ་པོའི་གང་ཟག །ལྔ་པར་གསད་བྱ་དགྲ་བགེགས། དྲུག་པར་རྟེན་རྫས་དང་བླ་རྡོ། བདུན་པར་གནས། གཟའ་སྐར། ཐེབས་ཟློག །བརྒྱད་པར་འབྲུབ་ཁུང་། འཁོར་ལོ་ལིངྒ་བཅའ་ཐབས། དགུ་པར་བླ་རྡོ། གཟིར་རྫས། དུས་ཚོད། བཅུ་པར་སྔགས་ཀྱི་རྒྱུ། བཅུ་གཅིག་པར་ཤེས་བྱའི་སྔགས། བཅུ་གཉིས་པར་སྔགས་ཀྱི་སོ། བཅུ་གསུམ་པར་སྔགས་ཀྱི་སོ་ཀུན་འདོགས་ལུགས། བཅུ་བཞི་པར་སྔགས་དང་ཡིག་འབྲུ་དང་སྲོག་གི་གནས་ལུགས། བཅོ་ལྔ་པར་འཁོར་ལོ་དང་ལིངྒ་རང་གནད་ཀྱི་ཡི་གེ་དགོད་ལུགས། བཅུ་དྲུག་པ་བསྙེན་སྔགས་དང་གནོད་བྱེད་དྲེགས་པ་གཟིར་བ། བཅུ་བདུན་པར་སྔགས་བཟླ་ཐབས་དང་བན་དགྲ་རང་གཤེད་དབབ་པ། བཅོ་བརྒྱད་པར་རང་བཞིན་དྲག་པོ་བཙན་ཐབས་དཀྲུག་ཟློག་མེ་ཆུ་འགལ་བས་འུར་ལོང་། བླ་འགུགས། བཅུ་དགུ་པར་འབྱུང་ལྔའི་འཁོར་ལོ། ཡེ་ཤེས་ལྷའི་གནས་ཚུལ་ལྟ་སྤྱོད་རིགས་འཛིན་གྱི་དམ་བསྒྲག་པ། ཉི་ཤུ་པར་འབྱུང་བའི་འཁོར་ལོ་དང་དུག་ལྔ་གཤེད་དུ་དབབ་པ། ཉེར་


GLG003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པར་ཏིང་ངེ་འཛིན། ཉེར་གཉིས་པར་སྒྲུབ་པ་སྤྱིའི་སྐྱ་ཆོད། ཉེར་གསུམ་པར་བསྙེན་སྒྲུབ་དྲོད་ཚད། འཇིག་རྟེན་པའི་རྟགས། ཕར་ཟློག་ཅིང་གནད་ལ་འབེབས་པ། ཚུར་གནོད་པ། རང་དང་དམ་ཅན་དང་དགྲའི་བླ་རྟགས། ཉེར་བཞི་པར་ལྷ་བསྐྱེད་པ་ཏིང་ངེ་འཛིན། བསྟོད་པ་བསྐུལ། ཉེར་ལྔ་པར་ཕན་གནོད་གཉིས་ཀྱི་མདོས། ཉེར་དྲུག་པར་དྲེགས་པ་དབུགས་དབྱུང་མ། ཉེར་བདུན་པར་སྦྱིན་སྲེག །ཉེར་བརྒྱད་པར་ཟོར་འཕང་བ། ཉེར་དགུ་པར་ལྷ་སྲིན་ཡོངས་ལ་གཏད་པ། སུམ་ཅུ་པར་ཀླུ་ལ་གཏད་པ། རྗེས་གཅོད་བསྲུང་བ། སོ་གཅིག་པར་མནན་གཏད་ཀྱིས་དམིགས། སོ་གཉིས་པར་ཀླུའི་རྟགས་མཚན་སྨོད་ཚིག །ཐེབས་ཟློག་འབྱམས། འགོར་ན་གནད་འབེབས། ཐེབས་བཟློག་བརྩི་པ། སོ་གསུམ་པར་འཕོ་འཇུག་གནས་སྤོར། སོ་བཞི་པར་ཕན་གནོད་སྤྱིར་གཅེས། སྔོན་འགྲོ། དུག་དབྱུང་། རྒྱན་གདགས། སོ་ལྔ་པར་ཕྱག་ཆ་རང་ལ་བསྐོར་བ། གནོད་བྱེད་དྲེགས་པ་གདུལ་བ། དགྲ་བོ་གསད་པ། སོ་དྲུག་པར་ཡུལ་ཁམས་འཇོམས་པ་སེར་བ། སོ་བདུན་པར་ཐོག་དབབ་པ། སོ་བརྒྱད་པར་ཐོག་སེར་སྤྱིའི་ལོ་ཟླ་དུས་ཚོད། བསྙེན་སྒྲུབ་ལས་སྦྱོར། རྫས་སྔགས་ཏིང་འཛིན་སྐྱ་ཆོད། གཏའི་འཁོར་ལོ་ཟོར་སྒོ་ལམ་བསྟན། ཐོག་བསྲུང་། ར་རོག་གདམས་པ། དྲེགས་པ་གནད་དབབ། མདོ་སྦྱོར་ཚིག་བཅུ་སོགས་ཐོག་སེར་སྤྱིའི་གདམས་པ་རྣམས། སོ་དགུ་པར་ལྟས་ངན་ཆོ་འཕྲུལ་དབབ་པ། བཞི་བཅུ་པར་ཐོག་སེར་གཅོད་པ། ཞེ་གཅིག་པར་སྙིང་གཟེར་དྲག་པོ། ཞེ་གཉིས་པར་སྲོག་དམར་འབྱིན། ཞེ་གསུམ་པར་གནམ་ལྕགས་རྔུར་མོའི་སྤྱི་ཐེམས། ཞེ་བཞི་པར་མཆོད་རྟེན་གྱི་རྫས། ཚད་དང་འཁོར་ལོ། ཏོག་ནང་དུ་


GLG003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུའི་རྟེན་དང་བྱིན་རླབས་གཟུངས་སྔགས་གཞུག་ཚུལ། ཞེ་ལྔ་པར་བྲེལ་ལོངས་སྐུ་དགོད་པ། ཞེ་དྲུག་པར་བུམ་པར་སྤྲུལ་སྐུ་གཞུག་པ་བཙན་པོའི་མཁར་དུ་གཞུག་པ་བསྲུང་བའི་ལས། ཞེ་བདུན་པར་ཀ་ཎི་ལ་ཟློག་གསད་མནན་པ་དང་སྲོག་ཤིང་ཕུར་བུ་བཅའ་བ། ཞེ་བརྒྱད་པར་ཀ་ཎིའི་དགོངས་པ་བསྟན་པ་དང་འདྲ་བ་བཅུ་བདུན་དཔེ་དོན་དང་བཅས་པ། ཞེ་དགུ་པར་ཀ་ཎི་རབ་ཏུ་གནས་པ། ལྔ་བཅུ་པར་བསྲུང་ཟློག་གསད་མནན་བཞིའི་སྔགས་དང་། དེ་བཞི་པོའི་འཁོར་ལོ་བྲི་བ། ང་གཅིག་པར་རང་གཤེད་རྣམ་པ་དྲུག །ང་གཉིས་པར་སྔགས་ཀྱི་བརྡ་སྦྱོར་འཕྲུལ་ཡིག །རང་གཤེད་བྲིས་ཆོག །འཁོན་ཟས་བསྲུང་བ། ཁོ་རང་ལ་གཤེད་དུ་གཏང་བ། འཁོར་འདས་ཕན་གནོད་ཐམས་ཅད་སེམས་སུ་བསྟན་པ། སེམས་ཡེ་ནས་སྐུ་གསུམ་ལྷུན་གྲུབ་ཏུ་བསྟན་པ། ང་གསུམ་པར་ལྷ་དང་དབྱེ་བ། ང་བཞི་པར་དུག་གསུམ་གྱི་ངན་སྔགས། སྐྱེས་པ་དང་བུད་མེད་གསད་པ། ཆུ་མིག་སྐེམས་པ། རྨིག་ཟླུམ་དང་ཁ་དབྲག་གསོད་པ་སོགས་ལས་ཐོར་བུ། ང་ལྔ་པར་ཞི་བའི་ལས། ང་དྲུག་པར་རྒྱས་པའི་མདོས། ང་བདུན་པར་དབང་གི་ལས། ཞི་རྒྱས་དབང་གསུམ་གྱི་འཕྲིན་ལས། འབྱུང་བ་ལྔའི་སོ་གདགས་པ། ང་བརྒྱད་པར་བདུད་ཀྱི་སྐྱ་ཆོད། གཟིར་བ་པོ། གཟིར་བྱ། གཟིར་བྱེད་བསྟན་པ། དེ་གསུམ་གྱི་མཚན་ཉིད་བཤད་པ། ང་དགུ་པར་གཟིར་བྱེད་གྲོགས་ཀྱི་སྐྱ་གཅོད། དྲུག་ཅུ་པར་མན་ངག་སྤྱད་པའི་དུས་བསྟན་པ་དང་། གང་ཟག་བློ་ཆུང་བ་ལ་ཕན་གནོད་བསྟན་པ། དྲུག་ཅུ་རྩ་གཅིག་པར་རྒྱུད་ཡོངས་སུ་གཏད་པ། རེ་གཉིས་པར་སྐལ་ལྡན་ལ་བཀས་གནང་ཞིང་བྱིན་གྱིས་བརླབས་པ་དང་སྡོང་གྲོགས་


GLG003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་བསྟན་པ། རེ་གསུམ་པར་འཁོར་རྣམས་རྗེས་སུ་ཡི་རང་བ་དང་བཅོམ་ལྡན་འདས་ཆོས་སྐུའི་ངང་ལ་སངས་རྒྱས་པའི་ལེའུ་རྣམས་དང་། དཔེའུ་རིས་ཀྱི་སྐོར་ལ། སྟོབས་ལྡན་དྲག་པོའི་འཁོར་ལོས་རཱ་ཧུ་ལ་དབང་དུ་བསྡུ་བ། བཛྲ་ཀུ་མཱ་རའི་ཙ་ཀྲས་རཱ་ཧུ་ལ་དབང་དུ་བསྡུ་བ། བཛྲ་པཱ་ཎིའི་ཙཀྲས་རཱ་ཧུ་ལ་དབང་དུ་བསྡུ་བ། ཧ་ཡ་གྲཱི་ཝའི་ཙཀྲས་རཱ་ཧུ་ལ་དབང་དུ་བསྡུ་བ། ཡ་མནྟ་ཀའི་ཙཀྲས་རཱ་ཧུ་ལ་དབང་དུ་བསྡུ་བ། ག་རུ་ཌའི་ཙཀྲས་རཱ་ཧུ་ལ་དབང་དུ་བསྡུ་བ། ཡེ་ཤེས་ཀྱི་རཱ་ཧུ་ལས་འཇིག་རྟེན་པའི་རཱ་ཧུ་ལ་དབང་དུ་བསྡུ་བ། འཇིག་རྟེན་ལས་ཀྱི་རཱ་ཧུ་ལས་དྲེགས་པ་བཅོ་བརྒྱད་བྱེ་བྲག་ཐམས་ཅད་གཟིར་ཏེ་ལས་ལ་བསྐུལ་བ། དྲེགས་པ་བཅོ་བརྒྱད་ཀྱི་ཐོག་མར་འཆི་བདག་གཤིན་རྗེའི་འཁོར་ལོ་རྩིབས་མཆན་མ། ལས་ཀྱི་རཱ་ཧུ་ལའི་འཁོར་ལོ་སྤྱིལ་པོ་བྱ་ཚུལ། འཆི་བདག་གཤིན་རྗེའི་འཁོར་ལོ་སྤྱིལ་པོ་བྱ་ཚུལ། ལིངྒ་ལ་ཡང་སྤྱིལ་པོ་དང་རྩིབས་ཅན་འདམ་ཁ། ལིངྒ་སྤྱིལ་པོར་བྲི་བ། ཁྱབ་བྱེད་ནམ་མཁའ། གཏོར་བྱེད་རླུང་། སྲེག་བྱེད་མེ། རླན་བྱེད་ཆུ། གནོན་བྱེད་ས། འབྱུང་བ་སོ་སོའི་འཁོར་ལོའི་རྒྱབ་ཏུ་འབྲི་རྒྱུ། འབྱུང་བ་ལྔ་འདུས་ཀྱི་འཁོར་ལོ། མེ་འཁོར་ཆུང་བ། ཆུ་འཁོར་ཆུང་བ། ཚ་བ་མེ། གྲང་བ་ཆུ། སྟོབས་ལྡན་དྲེགས་པ་གཙོ་འཁོར་བསྙེན་སྒྲུབ་ཀྱི་རྩ་བའི་དཀྱིལ་འཁོར། རྟེན་གཏོར། བླ་རྡོ། མཆོད་གཏོར། གཏའ་གཏོར། སྨན་རཀ །མདོས། ཟོར། སྲེག་ཐབ། མནན་ལིང་གཏད་འཁོར། སེར་བ་དབབ་པའི་འཁོར་ལོ། ཐོག་དབབ་པའི་འཁོར་ལོ་ཐོག་སེར་ལྟས་ངན་གསུམ་གའི་ལིང་རྐྱང་། སེར་བའི་གཏའ་མའི་འཁོར་ལོ། ཐོག་གི་གཏའ་མའི་འཁོར་ལོ། ཐོག་བསྲུང་གོང་འོག །ལྟས་ངན་དབབ་པ། ཐོག་སེར་གཅོད་པ་


GLG003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་འཁོར། ཟློག་འཁོར། གསད་འཁོར། རང་གཤེད་དྲུག་གི་དང་པོ་རྡོ་རྗེ་སློབ་དཔོན་དགྲར་ལངས་ན་རྡོ་རྗེ་དམེ་འཐབ་ཏུ་གསོད་པ། དམ་ཚིག་གཅིག་པའི་སློབ་མ་དང་མཆེད་གྲོགས་གསོད་པ། བན་དགྲ་དང་སྔགས་པ་སྤྱི་གསོད་པ། བཙུན་པ་སྤྱི་གསོད་པ། མུ་སྟེགས་དང་བོན་གསོད་པ། སྡིག་སྤྱོད་རྒྱལ་པོ་གསོད་པ། བུད་མེད་གསོད་པ། ལྷ་དབྱེ། ཞི་བ་རྡོ་རྗེ་འཆང་གི་ཙཀྲ། རྒྱས་པ་ཚེ་དཔག་མེད། དབང་འདོད་རྒྱལ། ཞི་རྒྱས་དབང་གསུམ་གྱི་འཇུག་སྣོད། རྡོ་རྗེ་གཙུག་ལག་ནས་དངོས་སུ་མ་བསྟན་པའི་ཞར་བྱུང་བདེ་གཤེགས་ཞི་ཁྲོའི་རང་གཤེད། རིགས་དྲུག་རང་གཤེད། བྱད་མ་རང་གཤེད། སྒྲུབ་པའི་བཅའ་གཞིའི་དཔེ་རིས་དང་བཅས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་སྟོབས་ལྡན་ནག་པོ་ཞུ་བ་པོ་གསང་བདག་ཕྱག་ན་རྡོ་རྗེ། འཕུང་བྱེད་ཤིནྟཾ་གརྦྷ། སློབ་དཔོན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིངྷ། པཎ་ཆེན་བི་མཱ་ལ་མི་ཏྲ། སྦ་གོར་བཻ་རོ་ཙ་ན། ཡང་ན་འཇམ་དཔལ་བཤེས་གཉེན་ནས། གྲུ་གུ་ཡང་དབང་གསེར་སླག་ཅན། དེས་བཻ་རོ་ལ་གནང་། བི་མཱ་ལ་དང་བཻ་རོས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ་གནང་། གཏེར་སྟོན་དབུས་པ་དུ་གུ་རིན་ཅེན་སེང་གེ་རང་བསྲུང་དང་གཟའ་བདུད་ཁ་འཆིང་གི་འཁོར་ལོ་མ་བྱས་ཤིང་གཏེར་སྲུང་ལ་མཆོད་པ་ཞན་པས་འཚུབ་ཀྱིས་གཙང་གི་ལུམ་ཚོ་གྲུ་ཁར་འདི་གཉིས་མ་མཐུན་པར་གཅིག་གིས་གཅིག་གྲི་ཁར་བཀྲོངས། གཙང་པ་རིན་ཅེན་ཤེས་རབ། གཡས་རུ་ཤངས་ཀྱི་ཟླ་འོད་གྲགས། གནས་པོ་ཡིན་པས་གཏེར་སྟོན་དཔོན་སློབ་གཉིས་གྲོངས་ཤུལ་ཤོག་སེར་རྣམས་འདི་ལ་བྱུང་། དེའི་སྲས་མོའི་འོད་ལྡེ། ཇོ་སྲས་མ་འདི་ལས་འཕྲོ་སད་ཅིང་སྙིང་རུས་ཆེ་བས་གྲུབ་པ་ཐོབ་སྟེ་ཆོས་འདི་སྤེལ་ལོ། །


GLG003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བྲམ་ཟེ་སྨྱོན་པ། དམ་པ་བདག་པོ། གུར་མོ་ལོ་ཙཱ་བ་ཤེས་རབ་རྩེ་མོ། སློབ་དཔོན་བཀྲ་ཤིས་རྒྱལ་མཚན། ལྷ་སྒོམ་དམ་པ། དེ་གཉིས་ཀ་ལ་མཐུ་ཆེན་གངས་པ་ཤཱཀ་འབུམ་གྱིས་གསན། དེ་ནས་གྲ་ཕྱི་གཡུང་སྟོན་རྡོ་རྗེ་དཔལ། འགྲོ་མགོན་ཚེ་བདག་པ། སྤྲུལ་སྐུ་ཚེ་དབང་རྒྱལ་པོ། མངའ་རིས་ལྷ་བཙུན་ལེགས་ལྡན་རྡོ་རྗེ། མི་ཉག་བྱང་པ་གཏེར་སྟོན་དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ཆེན་པོ་ངག་གི་དབང་པོ། གྲུ་གུའི་སྔགས་འཆང་དོན་གྲུབ་བཀྲ་ཤིས། དྲིན་ཅན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་སྨྱོན་ཟིལ་གནོན་དྲག་པོ་རྩལ་གྱི་མཚོན་ཆར་གནང་བ་ནི་བྱང་ཆུབ་ཀྱི་བར་དུ་བཀའ་དྲིན་གཞལ་དུ་མེད་པའོ། །དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་དམ་ཤཱཀྱ་བཟང་པོར་གྲགས་པས་ར་ས་འཕྲུལ་སྣང་གི་གནོད་སྦྱིན་ཁང་པ་ནས་རྒྱལ་པོ་བཀའ་འབུམ་གྱི་ཆ་ལག་གབ་པ་མངོན་ཕྱུང་སོགས་མདོ་སྐོར་རྣམས་སྤྱན་དྲངས་པ་ནི་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་ཁ་གཙོ་ཆེ་བའི་དབང་དུ་བཏང་ནས་དེའི་ཆོས་སྡེར་བགྲངས་པས་འདིར་སྨོས་མ་དགོས། གཡུ་འོད་བྲག་གནས་སྤྱན་དྲངས་པའི་བླ་མ་སྐུ་གསུམ་རོལ་པའི་ལས་ཕྲན་རྣལ་འབྱོར་བ་གྲིབ་ཀྱིས་ཉེན་པ་ལ་ཤིན་ཏུ་ཟབ་པའི་ཡང་སྙིང་སྲོག་འཛིན་རྫས་ལ་རྟེན་པའི་གྲིབ་བསྲུང་ཟབ་མོ། ལྷ་ལྔ་དང་འགོ་བའི་ལྷ་སྲུང་རྣམས་མི་དགྱེས་པ་དགྱེས་པར་བྱེད་པའི་བསྲུང་འཁོར་འཁོན་གྲིབ་མི་གཙང་བ་སེལ་བྱེད། བལ། དུས་ཚོད། མདུད་པ་གསུམ་ལ་བརྟེན་ནས་བསྲུང་སྐུད་བརྟག་ཐབས་དང་བཅས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། ཇོ་མོ་འཚོ་རྒྱལ། གཏེར་སྟོན་ཤཱཀ་


GLG003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ནས་རིམ་པར་བརྒྱུད་དེ་ཟུར་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་སྟོན་ཤཱཀ་འོད་ཀྱིས་ར་ས་འཕྲུལ་སྣང་ནས་སྤྱན་དྲངས་པའི་དགྲ་བོ་ཕྱེ་མར་འཐག་པ་འཁྲུག་བྱེད་རྒྱལ་པོའི་རྒྱུད་ལས་བཏུས་པའི་སྲོག་མཆན་པ་ནག་པོའི་རླུང་འཁོར་མ་ཡིག་ལ་ནང་གསེས་ཀྱི་འབྱུང་ཁུངས་གླེང་གཞི། མཚན་གྱི་རྣམ་གྲངས། སྤྲ་འཁྲིད་ལག་ལེན། སྔགས་ཀྱི་སྤྲ་འཁྲིད་ཐེམས་ཡིག །ནང་རྟགས། ཕྱི་རྟགས། མ་འགྲུབ་ན་སྤོགས་ཆོག །འགྲུབ་ན་ལས་ཀྱི་མཇུག་བསྡུས་ཏེ་ལེའུ་བརྒྱད། མན་ངག་བུ་ཡིག་འཁྲུག་བྱེད་རྒྱལ་པོའི་ལེའུ་བཅོ་བརྒྱད་པ་ནས་རླུང་ལྷ་ལས་ལ་བཀོལ་བའི་དྲག་སྔགས་བཅུད་བོར། འཁྲུག་བྱེད་རྒྱལ་པོའི་རྒྱུད་ལས་ཟློག་པ་མཁན་གནད་ལ་འབེབས་པའི་མན་ངག །སྲོག་མཆན་པ་ནག་པོའི་ཞལ་གདམས་གནད་ཀྱི་མན་ངག་དོན་བདུན་པ། ལག་ལེན་མན་ངག་ཡིག་ཆུང་གསང་བ་སྙིང་གི་ཏི་ཀ །རླུང་འཁོར་གྱི་སྐད་བརྟག་པ། རྣལ་འབྱོར་རང་བསྲུང་ཐུན་མོང་མ་ཡིན་པའི་ཡིག་ཆུང་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ལྷ་ཆེན་དབང་ཕྱུག་ཆེན་པོ། མུ་སྟེགས་ཀྱི་སྟོན་པ་ཁ་འཕུང་ནག་པོ། གུ་རུ་པདྨ་འབྱུང་གནས། གཏེར་སྟོན་ཤཱཀ་འོད་ནས་རིམ་བཞིན་ལྷ་རིགས་འཇམ་དབྱངས་རིན་ཅེན་རྒྱལ་མཚན། པཎ་ཆེན་པདྨ་དབང་རྒྱལ། རིགས་འཛིན་ལེགས་ལྡན་རྡོ་རྗེ། རབ་འབྱམས་རིགས་འཛིན་ཆོས་དཔལ་བཟང་པོ། ཟུར་དང་མ་པ་བསྟན་འཛིན་འགྱུར་མེད། ཡུག་རླུང་རིགས་མི་འགྱུར་རྡོ་རྗེ། གུང་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་མངའ་རིས་
པཎ་ཆེན་ནས། ཉང་ཚ་ཆོས་ཀྱི་དབང་པོ། ཡུག་རྫོང་ནོར་བུ་དབང་རྒྱལ། ཟུར་བསྟན་འཛིན་འགྱུར་མེད་མན་གོང་ལྟར། རྗེ་བླ་མ་ཟུར་ཆེན་གྱིས་རླུང་འཁོར་འདི་ལ་བརྟེན་ནས་ཟླ་གཅིག་ཚུན་ལ་ཧོར་སྟོད་རྟའི་དཔོན་རྣམ་སྲས་དང་ལོ་ཁོངས་སུ་མི་གཅེས་དྲུག་ཅུ་ཙམ་འཇིག་རྟེན་ཕ་རོལ་ཏུ་སོང་བའི་རལ་གྲི་ཕྱུང་རྒྱ་མ་ཡིན་ནོ། །གཏེར་སྟོན་གཙང་པ་ལ་བ་རིང་མོའམ་གཙང་རིང་ཤེས་རབ་ཀྱི་གཏེར་མའི་གཏད་ཁྲམ་གྱི་ཚེ་དོན་དམ་པའི་བསྲུང་བ། ཀུན་རྫོབ་ལ་ཚེ་འདི་དང་ཕྱི་མ་ནམ་གཞག་གཏན་དུ་མི་ཟློག་པའི་ཐབས། ཀླུ་རིགས་ལྔའི་སྒྲིབ་ཤིང་། བསྐལ་པ་སྟོང་དུ་ཀླུ་ནད་བསྲུང་བ། མཛེ་འཕྲོ་གཅོད་ཅིང་གཏད་ཟློག་པ། གཏད་འདྲེ་དང་ཀླུ་གདོན་བསྲུང་བ། མ་ཧེ་གླང་རྒོད་ཀྱི་བསྲུང་བ། ལྷ་འདྲེའི་གནོད་པ་ཡོང་མི་སྲིད་པའི་ཐབས། ཀླུ་དང་ས་བདག་ཉེ་མི་ནུས་པའི་ཐབས། གཏད་ཀྱི་རྗེས་གཅོད་ཆུ་མིག་འདྲུ་ཐབས་རྣམས་ཆོས་ཚན་གཅིག་ཏུ་བྱས་པའི་གཏད་ཁྲམ་གྱི་བསྲུང་བ་རྡོ་རྗེའི་གོ་ཁྲབ་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཨོ་རྒྱན་ཆེན་པོ། གཏེར་སྟོན་ལྭ་བ་རིང་མོ་ནས་རིམ་པར་ཡབ་འཇམ་དབྱངས་ཆེན་པོ། སྤྲུལ་སྐུ་ཡེ་ཤེས་རོལ་པ་རྩལ། ལྷ་བཙུན་ཉི་ཟླ་འོད་ཟེར། རིགས་འཛིན་ཆོས་དཔལ་བཟང་པོ། ཟུར་བསྟན་འཛིན་འགྱུར་མེད། རླུང་མི་འགྱུར་རྡོ་རྗེ། དབྱངས་དཔོན་ཁྲག་འཐུང་ཡེ་ཤེས་རྡོ་རྗེ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །

སྤྲུལ་སྐུ་དམ་པ་དམར་པོས་སྦ་གྲོ་བཅལ་གྱི་བྲག་ནས་སྤྱན་དྲངས་པའི་བདུད་རྩི་ཆེན་པོའི་བཅུད་ལེན་སྐོར།


GLG003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་དམ་པ་དམར་པོས་སྤ་གྲོ་བཅལ་གྱི་བྲག་སེང་གེའི་ཁོག་པ་འདྲ་བའི་ཕ་བོང་སྡིག་རུ་ཅན་གྱི་རྩ་བ་ནས་སྤྱན་དྲངས་པའི་དངོས་གྲུབ་ཀུན་གྱི་རྩ་བ་བདུད་རྩི་ཆེན་པོའི་བཅུད་ལེན་གྱི་སྐོར་ལ། བདུད་རྩིའི་བྱིན་རླབས་


GLG003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་མནོས་ནས། ལུང་ལ། བདུད་རྩི་འབྱུང་བའི་རྒྱུད་ལེའུ་ཉེར་གཅིག་པ། འགོར་སློབ་དཔོན་ཆེན་པོའི་མཚན་གྱི་རྣམ་གྲངས་བསྟན་པའི་བདུད་རྩིའི་ལག་ལེན་རིན་ཅེན་འཕྲེང་སྦྱོར། བདུད་རྩི་དྲི་ཆེན་གྱི་སྒྲུབ་ཐབས་ཚེའི་གདམས་པ་ཁྱད་པར་འཕགས་པའི་མན་ངག་མི་ཤེས་འཕྲང་སྒྲོལ་གཅེས་པའི་ལག་ལེན་མདོར་བསྡུས་རྫོགས་སོའི་མཐའ་ཅན། བདུད་རྩི་ལུང་འབོགས་པ་ཞར་བྱུང་མཆོད་རྫས་དཀའ་ཐུབ་ཀྱི་དབྱེ་བ་སྦྱང་བྱ་རྫས་ཀྱི་སྒོམ་ཐབས་བཅས་སྟོན་པ་དོན་རྟོགས་ཤོག་གི་མཐའ་ཅན། བཅུད་ལེན་ལག་ཏུ་བླང་བའི་ཞལ་གདམས་དཀའ་ཐུབ་དང་བསྲུང་བའི་སྐྱོབས་ཀྱི་དབྱེ་བ་བསྲུང་བར་བགེགས་སྐྲོད་བྱ་ཚུལ་བླ་མ་དམ་པའི་གདམས་ངག་རྫོགས་སོའི་མཐའ་ཅན། བདུད་རྩི་མར་དུ་དྲངས་པའི་གདམས་པ་ཞེས་པ་འཇམ་དཔལ་ཟླ་གསང་ལས་རྫས་ཀྱི་བསྲུང་བ་དང་བཅུད་ལེན་བྱ་ཐབས་ཞར་བྱུང་ཕན་ཡོན་ནག་པོ་དགུ་ཐུབ་ལ་བརྟེན་ནས་བདུག་པ། བྱུག་པ། རིལ་བུ། འཕུར་མ་སོགས་ཀྱི་ཁ་བསྒྱུར་བསྟན་པ། བདུད་རྩི་མར་ཁུའི་གདམས་པ་རྣམ་པར་སྣང་མཛད་མར་ཁུ་བཅུད་འབྱུང་བའི་ཐབས་ཞེས་པ་ལག་ལེན། རྫས་སྔགས་ཀྱི་ཁ་བསྒྱུར། སྤང་བྱ། ཟ་བའི་ཚད། ཕན་ཡོན་མདོག་ལེགས་པར་བྱ་བ་དང་བཅས་སྟོན་པ། བདུད་རྩི་མར་ཁུའི་གདམས་པ་དོན་བདུན་གྱིས་བསྟན་པ་མཁས་ཁྱད་མན་ངག་གི་ཡིག་ཆུང་རྫོགས་སོའི་མཐའ་ཅན། གདོན་དང་ནད་སོགས་བརྟགས་ཏེ་གེགས་སེལ་བའི་ཐབས་སྨན་གྱི་འཕྲང་བསལ་རྫོགས་བྱང་གི་མཐའ་ཅན། ཞར་བྱུང་གནས་སྐབས་མཐར་ཐུག་གི་ཕན་ཡོན་སྐུ་གསུམ་གྱི་གྲོལ་ཚུལ་དང་བཅས་པ་གུ་


GLG003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རུ་པདྨས་མཛད་པ་འོའི་མཐའ་ཅན་རྣམས་ཀྱི་ལུང་མན་ངག་ཕྱག་ལེན་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རྒྱ་མཚོ། སྤྲུལ་སྐུ་ཤཱཀྱའི་དབང་པོ། འཇམ་དབྱངས་གཞོན་ནུར་གྱུར་པ། བདུད་རྩི་འབྱུང་བའི་ལྷ་མོ། རྒྱལ་བ་ཛི་ན་པ་ཏྲ། ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཀ་ལ་སིདྷི། སྤྲུལ་སྐུ་དམ་པ་དམར་པོ། རིགས་འཛིན་ཀརྨའི་མཚན་ཅན། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། བྱང་སེམས་དཔལ་འབྱོར་རྒྱ་མཚོ། སྤྲུལ་སྐུ་རིན་ཅེན་ཆོས་རྡོར། ཡོངས་འཛིན་ངག་དབང་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཆོས་དབང་ལྷུན་གྲུབ། རིགས་འཛིན་ཆེན་པོ་འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཨཱ་ཙཪྻ་ཧེ་ཝ་ནག་པོའི་ངན་སྔགས་བཅོམ་ལྡན་འདས་ཀྱིས་ཌཱ་ཀི་རྣམས་ལ་བཀའ་གནང་ནས་བྱས་པ་བཤིག་པའི་འཁོར་ལོས་གཏུམས་ཏེ་ལྕགས་ཀྱི་རྡོ་རྗེའི་བུམ་པར་བཅུག་ནས་རི་མ་ལ་ཡའི་ནུབ་དབང་ཕྱུག་ལྡེར་བཟོའི་འོག་ཏུ་སྦས་པས་མུ་སྟེགས་རྣམས་ཕུང་བ་ཙཪྻ་ཕྲ་བ་རི་མོས་རྙེད་དེ་སློབ་དཔོན་པདྨ་ལ་ཕུལ་བ་བསམ་ཡས་མཆོད་རྟེན་ས་འདིས་གཞན་ལ་གནོད་པ་ཡོང་བའི་རྒྱུ་མཚན་དེ་ཡིན། ནག་པོའི་འོག་ཏུ་སྦས་པ་ལ་སྟོད་སྤྲུལ་སྐུ་དམར་པོས་གདན་དྲངས་པའི་འཇིག་རྟེན་ཕུང་བྱེད་ནག་པོ་གྲི་ཐལ་མའི་སྐོར་ལ། རྩ་བ་གྲི་ཐལ་གྱི་རྒྱུད་ཆེན་པོའི་ལེའུ་དང་པོ་ལོ་རྒྱུས་འབྱུང་ཁུངས། གཉིས་པ་རང་བསྲུང་རྡོ་རྗེའི་གོ་གྱོན་པ་གསུམ་པ་བཅའ་གཞི་བསྟན་པ། བཞི་པ་འཁོར་ལོ་འདྲི་བ། ལྔ་པ་སྔགས་ཀྱི་རིམ་པ། དྲུག་པ་ལྷ་སྒོམ་


GLG003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླ། བདུན་པ་རྫས་བསྟན་པ། བརྒྱད་པ་རྫས་གཏོར་ཐབས་རྣམས། ལག་ལེན་གནད་འགག་གི་ཕྲེང་བ་ལ། མུ་སྟེགས་ཀྱི་སྟོན་པ་ཨཱ་ཙཪྻ་བནྡེ་ནག་པོ་དང་། སྟོན་པ་ཨ་ཝ་སེང་གེ་གཉིས་ཀྱིས་གསུངས་པའི་འཁོར་ལོ་དང་གནད་ཀྱི་ལག་ལེན་བསྟན་པ། སྟོན་པ་ཨ་ཝ་སེང་གེས་གསུངས་པའི་ལྷ་ལྔ་གཤེད་འབེབས་ཀྱི་འཁོར་ལོ། མུ་སྟེགས་ཨ་ཝ་སེང་གེ་དང་དེ་ཝ་ནག་པོ་གཉིས་ཀྱིས་གསུངས་པའི་ལྷ་འདྲེའི་ཕོ་བྲང་འདེབས་པའི་འཁོར་ལོ། མུ་སྟེགས་དེ་ཝ་བཟང་པོས་གསུངས་པའི་སྔགས་ཀྱི་དག་ཡིག །ལྷ་མིན་འདྲེ་མིན་མུ་སྟེགས་ཀྱི་མཁའ་འགྲོ་མ་ནག་མོས་ཨཱ་ཙཪྻ་དེ་ཝ་བཟང་པོ་ལ་གསུངས་པའི་རྨི་ལྟས་བརྟག་ཅིང་གཉེན་པོ་བསྟེན་པ། འཁོར་ལོ་འདྲི་བའི་གཟའ་སྐར། རང་བསྲུང་བྱ་ཐབས་རྣམས་ལ་དབང་ཕྱུག་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྒྱ་ཅན། ཞལ་གདམས་མཚོན་གྲི་ཆུ་གྲི་སོགས་རྫས་སྣ་བསགས་ཏེ་སྒྲུབ་ཅིང་སྦ་ཚུལ་བསྲུང་འཁོར་བསྒོམ་མོ་ཞེས་པའི་མཐའ་ཅན་རྣམས་ཐོབ་པའི་བརྒྱུད་པ་ནི། མུ་སྟེགས་ཀྱི་སྟོན་པ་བནྡེ་ནག་པོ། ཙཪྻ་ཕྲ་བ་རི་མོ། སློབ་དཔོན་པདྨ་འབྱུང་གནས། ཨཱ་ཙཪྻ་དྲ་བ་བཟང་པོ། སྤྲུལ་སྐུ་ལ་སྟོད་དམར་པོ་ནས་རིམ་བཞིན་མ་ཎི་ཨིནྡྲ་རཱ་ཛ། མཐུ་ཆེན་བླ་མེད་རྡོ་རྗེ་རྩལ། རླུང་མི་འགྱུར་རྡོ་རྗེ། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་སྨྱོན་ལ་ཕྱག་ལེན་ཞལ་ཤེས་དམར་འཁྲིད་དུ་སྩལ་ཏེ་བསྟན་པ་བསྲུང་བའི་མཚོན་ཆར་གདམས་སོ། །ཡེར་པ་བྱ་ར་ས་ནས་སྤྲུལ་སྐུ་ལ་སྟོད་དམར་པོས་སྤྱན་དྲངས་པའི་ལྷ་གཅིག་ཀོང་ཇོའི་ཕྱག་བྲིས་ཀྱི་ཡེར་པའི་དཀར་ཆག་
བསྟན་པ་དར་རྒྱས་མའི་ལུང་ཡང་སྤྲུལ་སྐུ་གཏེར་བདག་གླིང་པ་ལ་ཐོབ་བོ། །མང་མཁར་མུ་གུ་ལུང་ནས་གྲུབ་ཐོབ་དམར་པོས་སྤྱན་དྲངས་པའི་རྫས་བདུན་ལ་བརྟེན་ནས་བགེགས་འཇོམས་པ་སྲ་བའི་བྲག་ཀྱང་འགས་ནུས་པའི་བརྒྱུད་པ་ནི། གཏེར་སྟོན་ནས་རིམ་པར་སྔགས་འཆང་ལེགས་མཆོག་པ། ཟུར་ངག་དབང་ཕུན་ཚོགས། རྗེ་ཁྲ་ཚང་བ། དེས་བདག་ལའོ། །

རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་རྒྱུད་སྒྲུབ་ཐབས་མན་ངག་རྣམས་ཀྱི་སྐོར།


GLG003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལས། གྲགས་པ་གསུམ་པ་དབང་ཕྱུག་མཚན་མཐའ་ཅན། །འབྲེ་བན་ཚུལ་བཟང་རྣམ་གསུམ་ཚོགས་པའི་གཏེར། །བླ་མ་གྲུམ་དང་ཡོན་བདག་ནག་པོ་མཁར། གཉིས་ཚོགས་གཏེར་སྒོ་འབྱེད་རྣམས་ལ་གསོལ་བ་འདེབས། ཞེས་པའི་གཏེར་སྟོན་གསུམ་ཚོགས་ནི་རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་བྱང་ཆུབ་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་རྒྱུད་སྒྲུབ་ཐབས་མན་ངག་རྣམས་སྤྱན་དྲངས་ནས་འབྲུ་ཚང་གི་གཉགས་སྟོན་ལ་ཤོག་སེར་སྟེང་ནས་ཆོས་རྒྱུན་ལན་ཅིག་ཙམ་ལས་སྤེལ་རྒྱུ་མ་བྱུང་བར་གཏེར་རྔུར་གྱིས་རྐྱང་པོ་ལ་མཛེ་བྱུང་། སུམ་པ་འདས། འབྲེ་སྨྱོ་བས་ཤོག་སེར་རྣམས་རྟ་མགྲིན་གྱི་གྲུབ་ཐོབ་ཞུ་སྟོན་བྱ་བའི་ལག་ཏུ་བྱུང་ཡང་དེས་ཞུ་ས་རྩད་མ་ཆོད་པས་ལས་འཕྲོ་གཏེར་བརྒྱུད་ཀྱི་བྱིན་རླབས་བཀའ་མ་ཉམས་པ་ཡོངས་གྲགས་ལ་མེད་པར་ཡུན་རིང་འབྱམས། རིང་ཞིག་ན་གྲུབ་པའི་དབང་ཕྱུག་ཆེན་པོ་འདར་ཕྱ་རུ་བ་གཙང་ཇོ་མོ་ནགས་རྒྱལ་ན་བཞུགས་པའི་དུས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞང་ཚེ་ཟླ་གྲགས་བྱ་བའི་སྔགས་པ་ཞིག་ཏུ་སྤྲུལ་ནས་དབང་ལུང་རྣམས་རྫོགས་པར་གནང་


GLG003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཨོཾ་དེ་ཧྲཱིཿརུ་བསྒྱུར་ལ་སྒྲུབས་ཤིག་གསུངས། འདར་ཕྱར་གྱིས་བླ་མ་རྒྱ་ལ་གཏེར་བརྒྱུད་ཀྱང་རྩད་ཆོད་ནས་གསན་པའི་བཀའ་གཏེར་ཟུང་འཇུག་གི་ཆོས་སྐོར་ལ། ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་ཏུ་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པའི་དབང་ཆོག་བདེ་ཆེན་མྱུ་གུ་ལ་ལྷ་དབང་གི་ལྷན་ཐབས་སྦྱར་ཞིང་། བླ་ཆེན་ཆོས་དཔལ་བཟང་པོས་མཛད་པའི་དབང་ཆུ་མ་དག་པའི་དྲི་མ་འཁྲུད་བྱེད་ཀྱི་སྟེང་ནས་ཞིབ་ཆའི་ཕྱག་ལེན་དང་བཅས་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་གཏང་སྟེ་བུམ་པ་ལ་བརྟེན་ནས་ཁྲག་འཐུང་རིགས་ལྔའི་རིག་པའི་དབང་། ལྷ་དབང་། དུར་ཁྲོད་ཆོས་དབང་། གཏོར་དབང་། གསང་དབང་། ཤེར་དབང་། བཞི་པའི་དབང་དང་བཅས་པ་རིགས་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་བཀའ་སྲོལ་མ་ཉམས་པ་ཡིད་ཆེས་ཁུངས་བཙུན་དུ་མནོས། དབུས་སྟོན་པ་སོགས་ས་དགེའི་མཁས་རློམ་གཞན་དག་གིས་རིག་པའི་དབང་ལྔ་སོ་སོར་ཕྲལ་ནས་བསྐུར་བས་མཚོན་ཏེ་གསང་འདུས་དགྱེས་རྡོར་སོགས་རྒྱུད་སྡེ་གཞན་གྱི་རྒྱས་བཀབ་རང་བཟོའི་དྲི་མ་ཙམ་ཡང་མ་འདྲེས་པ་ཡིན་ནོ། །འཆི་མེད་ཚེའི་རྫོང་ཆུང་གི་དབང་ཀུན་མཁྱེན་ཆེན་པོའི་ཡིག་ཆ་དང་དེའི་གསལ་བྱེད་ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ནག་པོ་འགྲོ་ཤེས་ཀྱི་སྟེང་ནས་ཚེ་འགུགས་འཆིང་། བསྡུ་བ། དབང་དངོས། སྦ་བ། སྤེལ་བ། ཚེ་རྫས་མྱང་བ། བསྲུང་བ་རྣམས་སྨིན་རྒྱས། བདེ་གཤེགས་འདུས་པའི་བྱིན་རླབས་དབང་གི་ཆོ་གའི་སྟེང་ནས་བུམ་པ། རྟ་མགོ །དུར་ཁྲོད་ཆས། བཟླས་ལུང་། གཏོར་མ་ལ་བརྟེན་པའི་དབང་། བཀའ་སྲུང་གིང་ལྔ་གཟའ་གདོང་གི་སྲོག་གཏད་ཀྱི་རྗེས་གནང་


GLG003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་རྣམས་ཀྱང་ཡིད་བརྟན་དུ་རུང་བ་ཐོབ་ནས། རྒྱབ་རྟེན་ལུང་གི་སྐོར་ལ། སྤྱིར་རྩ་བ་རྒྱུད་ཀྱིས་སྟེང་དུ་དྲིལ་བ། སྒྲུབ་ཐབས་བྱང་བུའི་སྟེང་དུ་དྲིལ་བ། མན་ངག་ལས་ཚོགས་ཀྱིས་སྟེེང་དུ་དྲིལ་བའི་ཚུལ་དང་གསུམ། དང་པོ་ནི། རྒྱུད་ཀྱི་ལེའུ་དྲུག་པ་ཡན་གྱིས་སྟོད་ལས་བྱང་ཆུབ་སྒྲུབ་པ་རྣམས་སྟོན་པས། སྨིན་བྱེད་དབང་གི་སྐོར། སྒྲུབ་ཐབས་ལས་བྱང་། བསྟོད་བསྐུལ། རབ་གནས། སྦྱིན་སྲེག །ཟོར་སོགས་སྒྲུབ་པ་ཆེན་པོའི་ཆ་ལག་ཏུ་ངེས་པར་དགོས་པས་སྨད་ལས་ཀྱི་ཆར་གཏོགས་པ་འགའ་ཞིག་ཀྱང་དེར་ཚང་དགོས་ལ། རྒྱུད་ཀྱི་ལེའུ་བདུན་པ་ནས་བཅུ་གཉིས་པའི་བར་གྱི་སྨད་ལས་དགྲ་བགེགས་སྒྲོལ་བ་མངོན་སྤྱོད་དྲག་པོའི་སྐོར་ནི་སྒྲུབ་ཆེན་གྱི་ལེ་ལག་ཏུ་བྱུང་བའི་སྨོད་པ་ཁ་སྦྱོར་དབྱེ་བ་སོགས་མ་ཡིན་པ་མིན་ནའང་། གཙོ་བོར་སྦས་པ་མིག་འབྱེད་ཀྱི་ལེའུ་གསུམ་པ་མན་ཆད་ཀྱི་སྐོར་དང་། གཏོར་མའི་ལས་ཚོགས་བཅུ་བདུན་གྱི་ནང་གི་མངོན་སྤྱོད་ཀྱི་སྐོར་སོགས་འཕྲུལ་ཤེས་པར་བྱས་ནས་སྐབས་གང་དང་གང་དུ་དགོས་པ་དེ་དང་དེར་ལེན་པ་ཡིན། གཉིས་པ་ནི། སྒྲུབ་འཕྲིན་སྦྱོར་དངོས་རྗེས་ཚང་ལ་བརྟེན་ནས་རྒྱུད་དང་མན་ངག་ཤོག་དྲིལ་སོགས་སྐབས་ཐོབ་གང་དུ་དགོས་པ་དེ་བསྣན་ནས་ཉམས་སུ་ལེན། གསུམ་པ་ནི། སྦས་པ་མིག་འབྱེད་ཀྱི་སྐོར་ཏེ། དེ་ཡང་རྒྱུད་ལྟར་བྱེད་ན་ལེའུ་དང་པོ་དང་གཉིས་པས་སྟོད་ལས་རྒྱུད་ལེའུ་དྲུག་པ་ཡན་དང་སྦྱར། ལྷག་མས་སྨད་ལས་རྒྱུད་ཀྱི་ལེའུ་བདུན་པ་མན་དང་སྦྱོར། མན་ངག་ལྟར་བྱེད་ན་ཞལ་གདམས་ཤོག་དྲིལ་བྱང་བུ་སོགས་སྟོད་ལས་དང་ཐུན་མོང་གི་ལས་སྒྲུབ་རྣམས་སྨད་ལས་སུ་སྦྱོར། །མན་ངག་རང་རྐྱང་དུ་བྱེད་ན་སྨན་སྒྲུབ་དང་ལྷ་སྔགས་དམིགས་པའི་


GLG003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་བསྟན་པས་སྟོད་ལས། ལེའུ་གསུམ་པ་མན་ཆད་ཀྱི་སྨད་ལས་སུ་སྦྱོར་དགོས་པས་སྡོམ་འདི་ལྟ་བུ་ཤེས་ན་ཆོས་ལུགས་འདི་ལ་ནང་བྱན་ཆུད་པར་མངོན་ནོ། །དེ་ཡང་རྩ་བ་རྒྱུད་ཀྱི་སྐོར། སྡོང་བུ་བྱང་བུའི་སྐོར། སྨིན་བྱེད་དབང་གི་སྐོར། སྒྲུབ་པ་འཕྲིན་ལས་ཀྱི་སྐོར། སྦས་པ་མིག་འབྱེད་སྐོར། བདེ་གཤེགས་སྤྱི་དྲིལ་གྱི་སྐོར། ཐུན་མོང་ལས་ཕྲན་ཤོག་དྲིལ་གྱི་སྐོར། ཐུན་མོང་མ་ཡིན་པ་མཆོག་ལམ་གྱི་སྐོར་དང་བརྒྱད། དང་པོ་ལ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལེའུ་༼ཕ༽བཅུ་གསུམ་པ་རྫོགས་བྱང་གི་མཐའ་ཅན་སློབ་དཔོན་ཆེན་པོས་མངའ་བདག་རྗེ་ལ་གཏད་པ་ལོ་ཆེན་བཻ་རོས་བསྒྱུར་བ། དཔལ་ཨོ་རྒྱན་ཆེན་པོས་མཛད་པའི་རྒྱུད་ཀྱི་སྐོར་སྐབས་སྤྱོད་༼ཕ༽དོན་འགྲེལ་བཻ་རོ་ཙ་ནའི་འགྱུར། རྒྱུད་ཀྱི་ས་བཅད་དབང་ཆེན་ཞལ་གཟིགས་ཀུན་མཁྱེན་མུས་སྲད་པ་དཔལ་ལྡན་སེང་གེས་མཛད་པ་པིཎ་ཏ་ཐ་རྫོགས་བྱང་གི་མཐའ་ཅན་རྣམས། གཉིས་པ་སྡོང་བུ་ལྟ་བུ་བྱང་བུའི་སྐོར་ལ། ཨོ་རྒྱན་ཆེན་པོས་མཛད་པའི་དབང་གི་བྱང་བུ། འདི་རྒྱུད་ཀྱི་ལེའུ་གསུམ་པའི་དབང་བགྲོད་དམ་ལྡན་སློབ་དཔོན་ཁུར་ཞེས་པའི་སྐབས་དང་སྦྱོར། སྒྲུབ་པའི་བྱང་བུ། ལེའུ་གསུམ་པ་དང་སྦྱོར། ཚེའི་བྱང་བུ། སྦྱིན་སྲེག་གི་བྱང་བུ། ལེའུ་བཅུ་པ་དང་སྦྱོར། རབ་གནས་ཀྱི་བྱང་བུ། གསུམ་པ་དང་འབྲེལ། གནས་ལུང་གི་བྱང་བུ་རྣམས། གསུམ་པ་སྨིན་བྱེད་དབང་གི་སྐོར་ལ། རྩ་བའི་དབང་བྱང་མཛད་པ་པོ་སློབ་དཔོན་ཆེན་པོ་པདྨ་བཟང་པོ་ཡིན་པས་སློབ་དཔོན་པདྨ་བཟང་པོའི་རྣམ་ཐར་ལོ་རྒྱུས་ཞེས་པ་མཛད་པ་པོ། རྒྱུད། ཕྱོགས། དགོས་པ་བསྡུས་དོན་ཏེ་ལྔའི་སྒོ་ནས་གཏན་ལ་ཕབ་པ་གསལ་བའི་མཐའ་ཅན། ལེའུ་གསུམ་པ་དང་སྦྱོར། ཆོས་ཁུངས་བཙུན་པ་བརྒྱུད་


GLG003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་ཐར་ལ་གྲུབ་ཐོབ་འདར་ཕྱ་རུ་པ་རིན་ཅེན་བཟང་པོའི་རྣམ་ཐར་ཟུར་ཙམ་བྲིས་པ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོའི་མཐའ་ཅན། བོ་དོང་བརྩོན་འགྲུས་རྡོ་རྗེའི་རྣམ་ཐར་ཚིག་ཉུང་དོན་རྒྱས། ལེའུ་གསུམ་པ་དང་སྦྱོར། ཆོས་རྗེ་ཉན་ཆེན་པའི་རྣམ་ཐར་འགོར་འཁྲུངས་ཡུལ་དང་མཇུག་ན་གཤེགས་ཚུལ་བསྟན་པ་ལེགས་པར་གདའ་བོའི་མཐའ་ཅན། སྒྲུབ་ཆེན་གྱི་ཕྱིའི་སྔོན་འགྲོ་རྒྱན་མཆོད་པ་རྒྱལ་མཐོ། དམ་སྲི། སྒོ་བྱང་དང་བཅས་པ་སྒོ་གོང་དུ་གཞག་གོའི་མཐའ་ཅན། ལེའུ་གསུམ་པ་དང་སྦྱོར། རྒྱན་དགོད་པའི་ལས་བྱང་མདའ་བརྒྱད་མ་དང་བདེ་སྟོང་དབྱེར་མེད་པ། ཆག་ཆག་གདབ་པ་དྲིན་ཆེན་དྲི་ཆུ་མ། ལེའུ་གསུམ་པ་དང་སྦྱོར། ཐིག་འདེབས་སྟོང་གསུམ་འཇིག་རྟེན་མ། དབང་ཆེན་སྒྲུབ་པའི་ཐོ་ཡིག་བླ་མའི་ཕྱག་ལེན་བཞིན་རྡོ་རྗེ་འཛིན་པ་སེང་གེའི་མཚན་ཅན་གྱིས་བཀོད་པ། ལེའུ་གསུམ་པ་དང་སྦྱོར། དམ་རྫས་རྣམ་པ་ལྔའི་རྩ་བརྒྱད་སྟོང་སྦྱར་གྱི་ངོས་འཛིན། ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པའི་དབང་ཆོག་བདེ་ཆེན་མྱུ་གུ། ལེའུ་གསུམ་པ་དང་སྦྱོར། དབང་ཆོག་གི་ལྷན་ཐབས་ལྷ་དབང་དང་རྫས་དབང་གི་ཡི་གེ །ལེའུ་གསུམ་པ་དང་སྦྱོར། རྭ་བན་ཆོས་དཔལ་བཟང་པོས་མཛད་པའི་དབང་ཆུ་༼རྭ༽མ་དག་པའི་དྲི་མ་འཁྲུ་བྱེད། རྫོང་ཆུང་ཚེ་དབང་གི་ཡི་གེ་རྡོ་རྗེ་འཛིན་པ་དཔལ་ལྡན་སེང་གེས་བཀོད་པ། ལེའུ་གསུམ་པ་དང་སྦྱོར། ཚེའི་འགྲང་རྒྱས་ཀྱི་བཟང་ངན་བརྟག་པ། ཚེ་ཆང་གི་ཁ་ལ་བཟང་ངན་བརྟག་པ། ལེའུ་གསུམ་པ་དང་སྦྱོར། ཡང་གསང་ཁྲོས་པའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་ཐབས་ནག་པོ་འགྲོ་ཤེས་ཚར་ཆེན་གྱིས་མཛད་པ། དེས་མཛད་པའི་ཚེ་སྤེལ་བ་འདིར་ཚོགས་སྐལ་ལྡན་མ་རྣམས། ལེའུ་གསུམ་པ་དང་སྦྱོར། བཞི་པ་སྒྲུབ་པའི་འཕྲིན་ལས་སྐོར་ལ། དཔལ་


GLG003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་སེང་གེས་མཛད་པའི་བརྒྱུད་འདེབས་དངོས་གྲུབ་ཀྱི་གཏེར་མཛོད། ལེའུ་གསུམ་པ་བཞི་པ་ལྔ་པ་གང་དགོས་ལ་སྦྱོར། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ། རྟ་མགྲིན་དཔའ་གཅིག་ཕྱག་གཉིས་པའི་མངོན་རྟོགས་བླ་མའི་གསུང་ཇི་ལྟ་བ་བཞིན་བྲིས་པ། ལེའུ་གསུམ་པ་བཞི་པ་ལྔ་པ་གང་དགོས་ལ་སྦྱོར། ཡབ་ཡུམ་རྐྱང་སྒྲུབ་ཀྱི་མངོན་རྟོགས་བསྙེན་པ་དང་མཇུག་ཏུ་གདོན་བགེགས་སྐྲོད་པའི་སྔགས་དམིགས་དང་བཅས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཡབ་ཡུམ་རྐྱང་སྒྲུབ་༼དྷཱི༽ཀྱི་སྒྲུབ་ཐབས་རྒྱུན་འཁྱེར་དངོས་གྲུབ་མྱུར་རྩོལ། ལེའུ་གསུམ་པ་བཞི་པ་ལྔ་པ་གང་དགོས་ལ་སྦྱོར། ཡབ་ཡུམ་རྐྱང་སྒྲུབ་ཀྱི་མངོན་རྟོགས་འཇམ་དབྱངས་མཁྱེན་བརྩེས་མཛད་པ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་འཕྲིན་ལས་སློབ་དཔོན་ཆེན་པོ་པདྨས་མཛད་པ། ལེའུ་གསུམ་པ་ནས་དྲུག་པའི་བར་དང་བཅུ་གཉིས་པ་རྣམས་གང་དགོས་ལ་སྦྱོར། འཕྲིན་ལས་ཀྱི་བསྡུས་དོན་སྤྱི་དོན་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པ། ཁྲོ་བོའི་རྒྱལ་པོ་པདྨ་དབང་ཆེན་གྱི་འཕྲིན་ལས་ངག་འདོན་མཆན་བུར་བཏབ་པ་གཉགས་ཀྱི་བནྡེ་རྣམ་རྒྱལ་དཔལ་བཟང་གིས་མཛད་པ། ལེའུ་གསུམ་པ་ནས་དྲུག་པའི་བར་དང་བཅུ་གཉིས་པ་རྣམས་གང་དགོས་ལ་སྦྱོར། དུས་གསུམ་སངས་རྒྱས་ཀྱི་བསྟོད་པ་རྒྱལ་བ་ཀུན་བདག་མ། ལེའུ་གསུམ་པ་ནས་དྲུག་པའི་བར་གང་དགོས་ལ་སྦྱོར། རྟགས་བསྟོད་སློབ་དཔོན་པདྨས་མཛད་པ། ཁྱུང་བསྟོད་དབང་ཆེན་མ། ལེའུ་གསུམ་པ་ནས་དྲུག་པའི་བར་གང་དགོས་ལ་སྦྱོར། བཀྲ་ཤིས་ཚིགས་སུ་བཅད་པ་བརྒྱད་པ་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པ། བདུད་རྩིའི་བྱིན་བརླབ་ཀྱི་ཤོག་དྲིལ་འབྲུ་ལྔས་བྱིན་གྱིས་བརླབ་པ། ལེའུ་གསུམ་པ་དང་བཞི་པ་ལ་སྦྱོར། གཏོར་མ་བྱིན་


GLG003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་ཀྱི་ཤོག་དྲིལ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པ། ལེའུ་གསུམ་པ་དང་བཞི་པ་ལ་སྦྱོར། རཀྟ་བྱིན་བརླབ་ཀྱི་ཤོག་དྲིལ་འབྲུ་གཅིག་གིས་བྱིན་གྱིས་བརླབ་པ། བྱིན་འབེབས་ཀྱི་དམིགས་པ། ལེའུ་གསུམ་པ་ནས་དྲུག་པའི་བར་ལ་སྦྱོར། ཚོགས་མཐའ་མའི་ལག་ལེན་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པ། ལེའུ་དྲུག་པ་དང་བཅུ་གཉིས་པར་སྦྱོར། དེས་མཛད་པའི་རིགས་འཛིན་༼ཕ༽སྤྱི་བསྐུལ། ལེའུ་དྲུག་པ་བདུན་པ་ལ་སྦྱོར། དེས་མཛད་པའི་༼ཕ༽དཀོན་ཅོག་སྤྱི་བསྐུལ། དེས་མཛད་པའི་ཆོས་སྐྱོང་༼ཕ༽སྤྱི་བསྐུལ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། དེས་མཛད་པའི་གསེར་སྐྱེམས་མདོར་བསྡུས་ཚིགས་བཅད་མ། དེས་མཛད་པའི་གསེར་སྐྱེམས་རྒྱས་པ་ཚིག་ལྷུག །ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། གཉེན་པོའི་ཕོ་ཉ་དམ་༼ཕ༽ཚིག་ཆེན་པོ་མ། ཡུངས་ཀར་གྱི་ཕོ་ཉ་ཡུངས་༼ཕ༽ཀར་རྒྱལ་པོ་མ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། སྒྲོལ་གྱིང་༼ཕ༽སོགས་ཁྲོ་བོའི་ཕོ་ཉ། ཡུངས་ཐུན་དབབ་པ་གསེར་སྒོང་༼ཕ༽བསྒྲིལ་འདྲ་མ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། ལྷ་དང་༼ཕ༽དབྲལ་བ། ཁྲག་ཟོར་དགྲ་༼ཕ༽ལ་འཕེན་པ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། གཏོར་༼ཕ༽སྒོ་དབྱེ་བ། གཏོར་ཟོར་༼ཕ༽བྱ་བ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། དབང་པོ་རབ་ཀྱི་བྲོ་དམར་༼ཕ༽ནག་གྲུ་གསུམ་མ། འབྲིང་གི་བྲོ་ནུབ་༼ཕ༽ཕྱོགས་པདྨ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། མཐའ་མའི་༼ཕ༽བྲོ་ཡུངས་ཀར་མ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། རྟའི་བརྟུལ་བཞུགས་༼ཕ༽ཀྱི་བྲོ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། ཟློག་པ་རྣམ་པར་རྒྱལ་བའི་ལག་ལེན་མུས་སྲད་པ་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། ཟློག་པ་རྣམ་རྒྱལ་༼འདར༽སྟོབས་ཀྱི་མཚོན་ཆ་སངས་རྒྱས་བསྟན་པ་མ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། རྟ་མགྲིན་གྱི་ཡང་༼འདར༽མདོས་ནག་པོ་བསྔོ་


GLG003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བ། དགྲ་བགེགས་ལ་དམོད་པ་གདབ་པ་དུག་མཚོ་ཁོལ་མ། ལེའུ་དྲུག་པ་དང་བདུན་པ་ལ་སྦྱོར། པདྨ་དབང་ཆེན་གྱི་དྲག་པོའི་སྦྱིན་སྲེག་དོན་བཅུ་གཅིག་མ། ལེའུ་བཅུ་པ་ལ་སྦྱོར། གནས་བྱང་གི་ཊིཀྐཱ་ཉི་མའི་འོད་ཟེར་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པ། ལེའུ་གསུམ་པ་དང་བཞི་པར་སྦྱོར། དེས་མཛད་པའི་འཕྲིན་ལས་ཀྱི་གསལ་བྱེད་རིན་པོ་ཆེའི་འཕྲེང་བ། ལེའུ་གསུམ་པ་ནས་དྲུག་པའི་བར་སྦྱོར། སྒྲུབ་ཐབས་ཀྱི་སྒོམ་ཁོག་ཆེན་པོ་༼རྭ༽རྭ་བན་ཆོས་དཔལ་བཟང་པོས་མཛད་པ་རྣམས། ལྔ་པ་སྦས་པ་མིག་འབྱེད་༼ཕ༽སྐོར་ལ། སྒྲུབ་ཐབས་སྦས་པ་མིག་འབྱེད་དང་ལས་ཚོགས་སྦས་པ་མིག་འབྱེད་གཉིས་དཔེ་ཚན་སོ་སོར་འདུག་ཀྱང་ཕྱག་ལེན་ལྟར་གོ་རིམ་དུ་བཀོད་པ་ལ། འཕྲིན་ལས་ཀྱི་ཞལ་ཁྲིགས། ལེའུ་བཞི་པར་སྦྱོར། ཚོགས་མཐའ་མའི་ཞལ་ཁྲིགས། དྲུག་པར་སྦྱོར། ཕོ་ཉ་གཏོང་བའི་ཞལ་ཁྲིགས། བདུན་པར་སྦྱོར། བཀྲ་ཤིས་ཀྱི་ཞལ་ཁྲིགས། དྲུག་པར་སྦྱོར། དབང་པོ་རབ་ཀྱི་རྟ་བྲོའི་ཞལ་ཁྲིགས། རྟ་བྲོའི་དམིགས་རིམ་གྱི་ཞལ་ཁྲིགས། དྲུག་པར་སྦྱོར། དབང་གི་ཞལ་ཁྲིགས། གསུམ་པར་སྦྱོར། མངོན་རྟོགས་ཀྱི་ཞལ་ཁྲིགས་བདུད་རྩིའི་ཆར་རྒྱུན། གསུམ་པ་དང་བཞི་པར་སྦྱོར། སྒྲུབ་པའི་ཞལ་ཁྲིགས་རྟ་བདུན་ཚ་ཟེར། གསུམ་པ་དང་བཞི་པ་ལྔ་པ་ལ་སྦྱོར། བསྙེན་སྒྲུབ་ཀྱི་ཞལ་ཁྲིགས། གནས་བཙལ་བའི་ཞལ་ཁྲིགས། གསུམ་པར་སྦྱོར། ལྕགས་མཁར་འབྲུབ་ཁུང་གི་ཞལ་ཁྲིགས། བདུན་པར་སྦྱོར། རྟེན་བཅའ་བ་ལིངྒའི་ཞལ་ཁྲིགས། འགུགས་པའི་ཞལ་ཁྲིགས་ཉི་ཟེར་ལྕགས་ཀྱུ། བདུན་པ་དང་བཅུ་གཉིས་པར་སྦྱོར། མནན་པའི་ཞལ་ཁྲིགས་ཆུ་སྲིན་ལྟོ་བ། བརྒྱད་པར་སྦྱོར། དྲག་སྔགས་བདུན་པའི་ཞལ་ཁྲིགས་སྤུ་གྲི་མེ་འབར། ལེའུ་བརྒྱད་པར་སྦྱོར། ཟློག་པའི་ཞལ་ཁྲིགས་གནམ་


GLG003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་འབར་བ། སྐྱིན་ཐང་ཆུ་འཁྱགས་ཀྱི་ཞལ་ཁྲིགས། དགུ་པར་སྦྱོར། གནམ་ཐོག་གི་ཞལ་ཁྲིགས། གདོན་ཆེན་གཟིར་བའི་ཞལ་ཁྲིགས། བཅུ་པར་སྦྱོར། མེ་དཔུང་འབར་བ་མཛེ་ནད་འཇོམས་པའི་ཞལ་ཁྲིགས། རལ་གྲི་འབར་བ་ཆུང་སྲི་གསད་པའི་ཞལ་ཁྲིགས། བཅུ་པར་སྦྱོར། ཕྱུགས་ནད་གཅོད་པའི་ཞལ་ཁྲིགས། སྦྱིན་སྲེག་གི་ཞལ་ཁྲིགས་འཁོར་བའི་རྩ་ཚིག །བཅུ་པར་སྦྱོར། དངོས་གྲུབ་བསྡུ་བའི་ཞལ་ཁྲིགས་བདུད་རྩིའི་རྒྱ་མཚོ། དྲུག་པར་སྦྱོར། སྦྱིན་སྲེག་གི་ཞལ་ཁྲིགས་མེའི་སྦྱོར་བ། བཅུ་པར་སྦྱོར། གྱིང་ལྔ་དྲིལ་བའི་དྲག་སྔགས་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། ཤེལ་གྱིང་དཀར་པོའི་དྲག་སྔགས་ཞལ་ཁྲིགས། དེའི་ཆོ་འཕྲུལ་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། ཚངས་པ་དུང་ཐོད་ཅན་གྱི་དྲག་སྔགས་ཞལ་ཁྲིགས། དེའི་ཆོ་འཕྲུལ་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། རྡོ་རྗེ་ལེགས་པའི་དྲག་སྔགས་ཞལ་ཁྲིགས། དེའི་ཆོ་འཕྲུལ་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། རི་ནག་སྤུངས་པའི་དྲག་སྔགས་ཞལ་ཁྲིགས། དེའི་ཆོ་འཕྲུལ་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། ཡབ་ཤུད་དམར་པོའི་དྲག་སྔགས་ཞལ་ཁྲིགས། དེའི་ཆོ་འཕྲུལ་ཞལ་ཁྲིགས། གྱིང་ལྔ་མཆོད་པའི་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། གཟའ་རྒོད་ཀྱི་དྲག་སྔགས་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། དེའི་ཆོ་འཕྲུལ་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། དེའི་མཆོད་པའི་ཞལ་ཁྲིགས། དབང་སྡུད་འབྲུབ་ཁུང་གི་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། འགུགས་པ་ཏིང་འཛིན་གྱི་ཞལ་ཁྲིགས། གནོད་བྱེད་བགེགས་དབང་དུ་བསྡུ་བའི་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། གནོད་བྱེད་མི་དབང་དུ་བསྡུ་བའི་ཞལ་ཁྲིགས། ཡུལ་ཁམས་དབང་དུ་བསྡུ་བའི་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། ཟས་ནོར་དབང་དུ་བསྡུ་བའི་ཞལ་


GLG003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིགས། ལས་མཐའ་སྦྱིན་སྲེག་གི་ཞལ་ཁྲིགས། བཅུ་གཅིག་པར་སྦྱོར། དགྲ་ལྐུགས་པར་བྱེད་པའི་ཞལ་ཁྲིགས། བརྒྱད་པར་སྦྱོར། གཏེར་བདག་བདུད་ཀྱི་ཞལ་ཁྲིགས། གཏེར་བདག་དྲག་བཙན་གྱི་ཞལ་ཁྲིགས། གཏེར་བདག་ཀླུ་ལྕམ་གྱི་ཞལ་ཁྲིགས། མི་ཕྱུགས་ཐེམས་ཀྱི་ཞལ་ཁྲིགས་ཏེ་ལྔ་བཅུ་རྩ་གསུམ་རྣམས། དྲུག་པ་བདེ་གཤེགས་སྤྱི་དྲིལ་གྱི་སྐོར་ལ། རྟ་མཆོག་བདེ་གཤེགས་འདུས་པའི་འཕྲིན་ལས་ཀྱི་སྒོམ་རིམ་༼ཕ༽རྫོགས་བྱང་གི་མཐའ་ཅན། བྱིན་རླབས་དབང་བསྐུར་གྱི་ཆོ་ག་རྫོགས་བྱང་གི་མཐའ་ཅན། བྲག་དམར་འོམ་བུའི་ཚལ་དུ་གུ་རུ་ལ་རྗེས་ཞུས་པའི་ལོ་རྒྱུས་ལས་འཕྲོས་ཏེ་བསྲུང་བ་བདེ་གཤེགས་ཐམས་ཅད་ཀྱི་ནུས་པ་༼ཕ༽༼གནས༽གཅིག་དྲིལ་སྡེ་བརྒྱད་བཅུད་བོར་དྲེགས་པ་ཀུན་སྒྲོལ་ཤིན་ཏུ་གསང་བའི་མཐའ་ཅན། རླུང་མེའི་ས་བོན་ལ་བརྟེན་པའི་དམིགས་རིམ་དང་སེང་ལྡིང་༼ཕ༽༼གནས༽གི་ཕུར་པས་ཆུ་དང་ཡུངས་དཀར་ནག་ཐལ་ཆེན་གྱིས་སེར་བ་བསྲུང་གཏོར་༼ཕ༽༼གནས༽མའི་ལས། གཉེན་པོའི་རྫས་ལུས་ལ་༼གནས༽བཅངས་པས་ཀླུ་འགྲོས་ཤིང་སྡངས་བྲེད་བརྒྱལ་བར་འགྱུར་བ། བསྙེན་སྒྲུབ་ལས་གསུམ་གྱི་རྫས་བསྟན་པ། ཕུར་པ་སྦྱིན་སྲེག་མནན་པ་གསུམ་གྱི་སྒོ་ནས་ལས་ཀྱི་མཇུག་བསྡུ་བ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་སྲས་ལ་གཏད་ནས་གཏེར་དུ་སྦས་ཞིང་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། བསྲུང་ཟློག་གསོ་བའི་ལས་སྦྱོར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཁྲི་སྲོང་ལྡེ་བཙན་གྱི་ཕྱག་ཏུ་གཏད་པའི་མཐའ་ཅན། བདེ་གཤེགས་འདུས་པའི་དྲག་སྔགས་མན་ངག་བཅུད་ཀྱི་ཉིང་ཁུ་རྫོགས་བྱང་གི་མཐའ་


GLG003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། བདེ་གཤེགས་འདུས་པའི་ལས་རིམ་རྣམ་བརྒྱད་ལ་བསྙེན་པ། སྒྲིབ་པ་བསྲེག་པ། ཆོས་སྐྱོང་བསྐུལ་བ། སྡེ་བརྒྱད་བཀོལ་བ། ཀླུ་གཉན་གདུལ་བ། དགྲ་བགེགས་སྒྲོལ་བ། བགེགས་དཔུང་གཞོམ་པ། གཏོར་མ་དབུལ་པ་རྣམས། ཡང་དྲག་སྔགས་ལ་བསྙེན་པ་སྐྱེལ་བའི་དོན་སྒྲུབ་རྟགས་དངོས་གྲུབ་འགྲུབ་ཚུལ་ལས་ཅན་ལ་ཕྲད་ཤོག་རྫོགས་བྱང་གི་མཐའ་ཅན། དམ་ཅན་སྲོག་འཁོར་ལ་བརྟེན་ནས་ཆོས་སྐྱོང་བསྐུལ་ཏེ་དགྲ་བོ་སྒྲོལ་བ། གནད་འབེབས་ཀྱི་འཁོར་ལོ་ལ་བརྟེན་ནས་སྡེ་བརྒྱད་བྲན་དུ་བསྐུལ་བ། འཁོར་ལོ་ལ་བརྟེན་ནས་རིགས་བཞིའི་ཀླུ་གདོན་གདུལ་བ། འཁོར་ལོ་ལ་བརྟེན་ནས་དགྲ་བགེགས་དམ་སྲི་གདུལ་བ། འཁོར་ལོ་ལ་བརྟེན་ནས་རྦོད་གཏོང་ཟློག་པ། རང་བསྲུང་འཁོར་ལོ། ལྕགས་སམ་སེང་ལྡེང་གི་ཕུར་པ་ལ་བརྟེན་ནས་སྲིའུ་གསོ་བ། འཁོར་ལོ་ལ་བརྟེན་ནས་སྨྱོ་འབོག་གདུལ་བ། གུ་གུལ་དང་སྲིན་ལག་བསྡམས་པའི་འཁྲུལ་འཁོར་གྱིས་འདྲེ་ངན་གདུལ་བ། འཁོར་ལོ་དང་ལ་ཆའི་སྦལ་པས་ཞོ་ཆང་བསྲུང་བ། མུ་ཟི་བཅུ་པ་དང་གྷི་ཧཾ་དགུ་སྦྱོར་གྱིས་མཛེ་ལྷོག་སོགས་གདོན་རིམས་བསྲུང་བ་རྣམས། བདུན་པ་ཐུན་མོང་ལས་ཕྲན་ཤོག་དྲིལ་གྱི་སྐོར་ལ། ཆུའི་བཅུད་ལེན། འདི་གཙོ་བོར་བསྙེན་སྒྲུབ་དང་མཆོག་སྒྲུབ་ལ་སྦྱོར། ནས་ཕྱེའི་དཀའ་ཐུབ། གཏོར་མའི་ལས་ཚོགས་ལ་༼ཕ༽དངོས་གྲུབ་སྒྲུབ་པ། དགྲ་བགེགས་སྒྲུབ་པ། ཟློག་པ། མནན་པ། ཟོར་དུ་བྱ་བ། འདི་ཡན་སྒྲུབ་ཐབས་ལ་སྦྱོར། སྦྱིན་སྲེག་ཏུ་བྱ་བ། བྱབ་པར་བྱེད་པ། དབང་བསྐུར་དུ་བྱེད་པ། དངོས་གྲུབ་ཏུ་སྒྲུབ་པ། ཚེ་སྒྲུབ་པ། འདི་ཡན་སྒྲུབ་ཆེན་དང་ཚེ་སྒྲུབ་ལ་སྦྱོར། རིགས་བརྒྱུད་སྒྲུབ་པ། སྲིའུ་གསོ་བ། ནོར་དུ་སྒྲུབ་པ། ལྷ་འདྲེའི་མི་གསུམ་དབང་དུ་དབྱེ། འབྱུང་པོ་སྡུད་པ། སེར་བ་ཟློག་པ།


GLG003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་མེ་རིམས་སོགས་གང་གནོད་པར་བརྡེག་པ་སྟེ་བཅུ་བདུན། འདི་ཡན་གང་དགོས་སུ་ལེན་ནའང་གཙོ་བོར་སྒྲུབ་ཐབས་ལ་སྦྱོར། ལས་ཐོར་བུའི་སྐོར་༼ཕ༽ལ་འཁོར་ལོ་བསྲུང་བ། ལེའུ་བཅུ་པར་སྦྱོར། བསྙེན་ཚད། ལྔ་པར་སྦྱོར། གདོན་བརྟག་པ། བཅུ་པར་སྦྱོར། སྔགས་ཆུ། བསྲུང་སྐུད། བཅུ་པར་སྦྱོར། ཆུ་དང་བྱེ་མས་བསྲུང་བ་ནད་གདོན། བཅུ་པར་སྦྱོར། མི་མ་ཡིན་མནན་པ། བརྒྱད་པར་སྦྱོར། མིག་མཐོང་། དྲུག་པར་སྦྱོར། འཁོར་ལོ་ཁ་སྦྱོར་གྱི་བགེགས་གདུལ་བ། བཅུ་པར་སྦྱོར། རྒྱལ་འགོང་གདུལ་བ། བདུད་བཞི་གདུལ་བ། བཅུ་པར་སྦྱོར། ཞི་བས་མི་ཐུལ་ན་གཟིར་བ། བཅུ་པར་སྦྱོར། མནན་པ། བཅུ་པར་སྦྱོར། བྱུག་པ། བཅུ་པར་སྦྱོར། མཛེ་བརྟག་པ། བཅུ་པར་སྦྱོར། ཆུང་སྲི་གསད་པ། ཆུང་སྲི་ཁང་བུ་གཞུག་པ། བཅུ་པར་སྦྱོར། སྲིའུ་གསོ་བ། བཅུ་པར་སྦྱོར། གཤིན་པོའི་འདྲེ་རུ་མི་ཡོང་། བཅུ་པར་སྦྱོར། མཁའ་འགྲོ་མའི་བྱས་པ་བཤིག་པའི་ཕྲ་མེན་འཛུལ་ཆོག །བཅུ་པར་སྦྱོར། ལམ་བསྲུང་ལྕགས་ཁང་མ་རྣམས། ཞར་བྱུང་སེར་བསྲུང་བཀའ་རྒྱ་མ། དགུ་པར་སྦྱོར། མཐོ་ཕུར་གྱི་ཞལ་གདམས་བཀའ་རྒྱ་མ། སེར་བ་འོང་མི་འོང་། དགུ་པར་སྦྱོར། སེར་ལམ་གཅོད་པ། ཐུན་ཟོར་གཏའ་མའི་ལས་ཀྱིས་སེར་༼ཕ༽བ་དབབ་པ་ལ། ཀླུ་གནད་ལ་བོར་བས་དབབ་པ། སྦྱིན་སྲེག །ཐབས་གཞོབ། སེར་གཏའ། དབྱུག་པ། གཏོར་མ། གློ་བུར་དྲག་ཤུལ། རྫས་རྒོད། ཐོད་སྐམ། ཐོད་གཤེར། གཅེར་བུ་གཡང་བཞི། གྲོད་པས་དབབ་པ་དང་བཅུ་གཉིས་བཻ་རོའི་ཞལ་ཁྲིགས། དགུ་པར་སྦྱོར། རྒྱུད་དུ་གབ་པའི་སྔགས་ཀྱི་ཤམ་བུ་སྦྱོར་ཚུལ་མཛེ་དང་སྲིའུ་བསྲུང་བ་སོགས་ཞར་ལ་བསྟན་པ་རྒྱུད་ལྷ་སར་བསྒྱུར་ནས། ལྔ་པར་སྦྱོར། རྗེ་ལ་གཏད་པ་བཻ་རོའི་ཞལ་ཁྲིགས་ཟབ་པའི་གནད། ཁྱད་པར་གསད་ཐབས་གྱིང་ལྔ་སྲོག་གཅོད་ཀྱི་མན་ངག །བཅུ་གཅིག་པར་སྦྱོར། མན་ངག་འདི་


GLG003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་རྒྱ་གསུམ་བཏབ་པའི་མན་ངག་མངའ་བདག་གིས་བཻ་རོ་ལ་དུང་གཡས་འཁྱིལ་སོགས་ཕུལ་སྐད་དོ། །གྱིང་ལྔ་གཟའ་གདོང་གི་མངོན་༼ཕ༽༼འདར༽རྟོགས་ཡིག་རྙིང་། བཅུ་གཅིག་པར་སྦྱོར། དེའི་མདོས།༼ཕ༽༼འདར༽ཆོག །གྱིང་ལྔ་གཟའ་གདོང་གི་གཏོར་འབུལ། བཅུ་གཅིག་པར་སྦྱོར། འཕྲིན་ལས་མྱུར་འགྲུབ་ཚར་ཆེན་གྱིས་མཛད་པ། བཅུ་གཅིག་པར་སྦྱོར། དེས་མཛད་པའི་གཏོར་མའི་བཅའ་ཐབས་དང་ཕན་ཡོན། བཅུ་གཅིག་པར་སྦྱོར། གྱིང་ལྔ་གཟའ་གདོང་གི་རྗེས་གནང་གི་ཡི་གེ་རྣམས། བཅུ་གཅིག་པར་སྦྱོར། བརྒྱད་པ་མཆོག་ལམ་སྐོར་ལ། བུམ་དབང་གི་ལམ་ལྷ་༼ཕ༽འཁྲིད་སེམས་བཟུང་གི་ཤོག་དྲིལ། འདི་མན་ལེའུ་གསུམ་པའི་དབང་བགྲོད་དམ་ལྡན་སློབ་དཔོན་བཀུར༔ བརྩོན་འགྲུས་ལྡན་པས་བརྩེ་གཅིག་སྒྲུབ༔ ཅེས་པའི་ཤུགས་བསྟན་གྱི་དགོངས་པར་སྦྱོར་རོ། །ལྷ་འགྲུབ་མི་འགྲུབ་བརྟག་༼ཕ༽པའི་ཤོག་དྲིལ། གསང་དབང་དང་འབྲེལ་པ་དྲོད་ཀྱི་གདམས་པ་གཏུམ་མོའི་དམིགས་སྐོར་བཅོ་བརྒྱད། ཤེར་དབང་ཞལ་ལས་ཤེས་པར་བྱ། བཞི་པ་འབྲེལ་བ་རྟ་སྐད་ཐེངས་གཅིག་༼ཕ༽མའི་དགོངས་པ་དབུ་གཙུག་སྤྲུལ་པ་མ། དབང་བཞི་ཐུན་མོང་གི་ལམ་དང་འབྲེལ་པ་བསྐྱེད་༼ཕ༽རྫོགས་ཟུང་འཇུག་གི་ཤོག་དྲིལ། དངོས་གྲུབ་༼ཕ༽སྤྱོད་པ། དུག་གསུམ་༼ཕ༽ལམ་སློང་། སྡོམ་པ་༼ཕ༽དམ་ཚིག །དངོས་༼ཕ༽གྲུབ། ཡང་དག་ལྟ་བ་རྣམས། ༼ཕ༽ཀྱི་ཤོག་དྲིལ། པདྨ་དབང་ཆེན་གྱི་རྫོགས་རིམ་ཡེ་ཤེས་གསང་ལམ་ཟབ་མོ། རྫོགས་རིམ་པདྨ་གསང་ལམ་གྱི་ཉམས་ལེན་གུ་རུ་ཆོས་རྒྱལ་ལ་གསུངས་པ། དཔལ་རྟ་མགྲིན་གྱི་དབང་བཞིའི་འཁྲིད་འགོར་བློ་གྲོས་མཉམ་མེད་དང་ཞེས་ཡོད་པ་བླ་མ་མཁས་ལ་བཟོད་པར་མཛོད་ཅེས་པའི་མཐའ་ཅན་རྭ་བན་ཆོས་དཔལ་བཟང་པོའི་ཟིན་བྲིས་རྣམས་ལེགས་པར་ཐོབ་


GLG003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྱིང་ལྔ་གཟའ་གདོང་གི་དབང་ལུང་ལ། བདེ་གཤེགས་སྤྱི་དྲིལ་གྱི་གནས་ཀྱི་རྟགས་མེད་པ་རྣམས་དང་ས་བཅད་ལྔ་པ་ཡོངས་རྫོགས། རྭ། དྷཱི། འདར་གྱི་རྟགས་ཡོད་པ་རྣམས་མ་གཏོགས་པའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་དབང་ཕྱུག་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ། འབྲུག་ཚར་གྱི་ཞང་སྟོན་གཟི་བརྗིད་འབར། གསང་མཚན་དྲི་མེད་ཟླ་ཤར། རྟ་ནག་གི་བླ་མ་རྒྱ། དཔལ་ལྡན་གྲུབ་ཐོབ་འདར་ཕྱ་རུ་བ། ཆོས་རྒྱལ་བོ་དོང་རིན་ཅེན། ཉན་ཆེན་བསོད་ནམས་བརྟན་པ། བྲག་རམ་པ་ཆོས་རྒྱལ་དཔལ་བཟང་། ཀུན་མཁྱེན་དཔལ་ལྡན་སེང་གེ །རྣམ་གྲོལ་བ་རིན་ཅེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། མུས་སྲས་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། འཁྲུལ་ཞིག་དཀོན་ཅོག་བཟང་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིགས་བརྒྱའི་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ས་བཅད་ལྔ་པའི་བརྒྱུད་པ་ནི། འདི་སྐོར་མངའ་བདག་གཙོ་ཆེ་བ་ཙམ་མ་གཏོགས་གཏེར་སྟོན་གསུམ་ཚོགས་ལ་ཡང་བྱུང་བ་སྦས་པ་མིག་འབྱེད་གཏེར་དུ་སྦས་ཚུལ་གྱི་ལོ་རྒྱུས་ཀྱིས་ཤེས། མངའ་བདག་ཡན་གོང་ལྟར་ལ་གཏེར་སྟོན་ཉང་རལ། ཤེ་མ་འོད་འབྱུང་། གྲུབ་ཐོབ་འདར་ཕྱར། བརྩོན་འགྲུས་རྡོ་རྗེ། ཉན་ཆེན་པ། ཆོས་རྒྱལ་དཔལ་བཟང་། ཉེ་གནས་ཆོས་ཀྱི་རྒྱལ་མཚན། བླ་མ་བློ་གྲོས་སེང་གེ །བླ་མ་སིདྷི་སིངྷ། བླ་ཆེན་ཆོས་དཔལ་བ་མན་གོང་ལྟར་


GLG003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྭའི་རྟགས་ཅན་གྱི་བརྒྱུད་པ་ནི། བླ་ཆེན་ནས། ཆོས་རྗེ་ནོར་བུ་ཕུན་ཚོགས། སྔགས་འཆང་སངས་རྒྱས་གྲགས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་གོང་ལྟར་རོ། །དྷཱིའི་རྟགས་ཅན་གྱི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་བརྩེ་ནས། འཕགས་མཆོག་བྱམས་པ་སྐལ་བཟང་། རྗེ་དབང་རབ་མན་འདྲ། ཡང་ཉེ་བརྒྱུད་དུ་བྱེད་ན། སློབ་དཔོན་པདྨ་ལ་གྲུབ་ཐོབ་འདར་ཕྱར་གྱིས་དངོས་སུ་གསན་པས། སློབ་དཔོན་ཆེན་པོ་ནས་གྲུབ་ཐོབ་འདར་ཕྱར་གྱིས་ཀྱང་འཐུས། ཡང་དབང་དང་ལུང་ཕའི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་དཔལ་ལྡན་སེང་གེ་ཡན་གོང་ལྟར་ལ། ཆོས་རྗེ་བསོད་ནམས་བཟང་པོ། རྟོགས་ལྡན་ཡོན་ཏན་མགོན་པོ། རྗེ་ནམ་མཁའི་རྣལ་འབྱོར། མུས་སྲད་པ་བློ་གྲོས་རིན་ཅེན་སེང་གེ །གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཆོས་རྗེ་བདེ་ལེགས་ཉི་མ། ཤར་པ་ནམ་མཁའ་རྒྱལ་མཚན། ཆོས་རྗེ་རིན་ཅེན་བཤེས་གཉེན། བླ་མ་འཕྲིན་ལས་ལྷུན་གྲུབ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྗེ་བཙུན་ཆོས་རྒྱན་ནས། ཡང་དགོན་སྤྱན་སྔ་ངག་དབང་རྒྱ་མཚོ། བླ་མ་འཕྲིན་ལས་ལྷུན་གྲུབ་མན་འདྲ། བརྒྱུད་ལུགས་འདིའི་སྦས་པ་མིག་འབྱེད་ཀྱང་ཆོས་རྒྱལ་དཔལ་བཟང་ནས་དཔལ་ལྡན་སེང་གེ་ལ་བརྒྱུད་པས་ཆོག་གོ །རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་དབང་ལུང་ཡོངས་རྫོགས་དང་འདར་གྱི་རྟགས་ཅན་གྱིང་ལྔ་གཟའ་གདོང་གི་སྲོག་གཏད་ཀྱི་བརྒྱུད་པ་ནི། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་མཉམ་མེད་དཀོན་ཅོག་དཔལ་བཟང་། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བྱམས་པ་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། ནུབ་དགོན་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། འདར་ནག་རྒྱལ་སྲས་བདེ་བ་བཟང་པོ། དེས་


GLG003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལའོ། གྱིང་ལྔ་གཟའ་གདོང་གི་སྲོག་གཏད་བརྒྱུད་ལུགས་གཅིག་ནི། འཁྲུལ་ཞིག་དཀོན་ཅོག་བཟང་པོ་ཡན་གོང་ལྟར་ལ། དེ་ནས་ནུབ་དགོན་པ་ཉི་ཟླ་བཟང་པོ། སྔགས་འཆང་ཀུན་བཟང་ཉི་མ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ས་བཅུའི་དབང་ཕྱུག་འདར་ཕྱ་རུ་བ་རིན་ཅེན་བཟང་པོ་ལ་ཁྱབ་འཇུག་གིས་དངོས་སུ་ཕུལ་བའི་ལས་ཅི་བཅོལ་ཉན། མི་ཟློག །དུག་མི་ཕོག །ནད་པ་མྱུར་དུ་བསོས་པ་སོགས་ཕན་ཡོན་ཤིན་ཏུ་ཆེ་བའི་ཆོས་སྐྱོང་གཟའ་མཆོག་ཆེན་པོའི་གཏོར་དབང་ཟབ་ཁྱད་ཅན། དེ་ལ་དགོས་པའི་ཁྱབ་འཇུག་གཟའི་སྤུ་གྲི་ནང་ལྟར་བཀང་བའི་ལས་རིམ་ལ་སྤྱན་འདྲེན་གདུག་པ་ཚར་གཅོད། བཞུགས་གསོལ་སྲིན་ཁྲོས་མ། ཕྱག་འཚལ་འཇིག་རྟེན་མ། གཏོར་བསྔོ་ཕྱག་རྡོར་མ། སྨན་མཆོད་རྩ་བརྒྱད་མ། དམ་བསྲེ་འབྲུ་གསུམ་མ། མཆོད་བཀང་རཱ་ཧུ་ལ། བསྐུལ་ནམ་མཁའ་གཡུ་འོད། ལས་མཁན་བསྐུལ་བ་འཇིག་རྟེན་མཐུ་ཆེན། རྒྱུན་གྱི་གཏོར་བསྔོ་པདྨའི་རྒྱལ་པོ་མ་གཏོར་སྔགས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། གྲུབ་པའི་དབང་ཕྱུག་འདར་ཕྱ་རུ་བ་རིན་ཅེན་བཟང་པོ། བོ་དོང་བརྩོན་འགྲུས་རྡོ་རྗེ། ཉན་ཆེན་བསོད་ནམས་བརྟན་པ། མཁན་ཆེན་ཆོས་རྒྱལ་དཔལ་བཟང་། ཀུན་མཁྱེན་དཔལ་ལྡན་སེང་གེ །དཔལ་ལྡན་རཏྣ་ཀཱིརྟི། གུ་རུ་དུག་གསུམ་ནད་སེལ། སྔགས་འཆང་ཆོས་སྐྱོང་མགོན་ནེ། ཡར་འདྲེན་ནམ་མཁའི་མཚན་ཅན། རིག་འཛིན་ཚེ་དབང་རྒྱལ་པོ། རིག་འཛིན་གྲགས་པ་རྡོ་རྗེ། བླ་མ་གུ་རུ་རིན་ཅེན། རྒྱལ་སྲས་བདེ་བ་བཟང་པོ་རིག་པ་ཡེ་ཤེས། དེས་བདག་ལའོ། །ནགས་རྒྱལ་ལྷ་ཆུའི་བྲག་ཕུག་གོང་མར་གྲུབ་ཆེན་འདར་ཕྱ་རུ་བར་རཱ་ཧུ་ལས་མཛེས་པའི་གཟུགས་བསྟན་ནས་སྲོག་གི་སྙིང་པོ་ཕུལ་བའི་གསེར་ཆོས་འཁོར་ལོའི་


GLG003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ལ་ནང་གསེས་ཀྱི་བརྟག་པ། བསྲུང་འཁོར་རྒྱས་འབྲིང་བསྡུས་གསུམ་རབ་གནས་དང་བཅས་པ། རྒྱབ་བཅོས། སྨན་བཅོས། སྤུར་ཆོག །ཡིག་ཆུང་སྐོར་ལ་གསེར་ཆོས་མ་གཏོགས་པའི་འདི་ལ་ཕྱག་ལེན་ལས་ལུང་རྒྱུན་མེད། དོན་སྣོད་གང་ལ་བབས་ཀྱི་བཅོས། རང་བསྲུང་། སྤུ་གྲི་གློག་དམར། ལྐུགས་པ་ཁ་འབྱེད་གསུམ། གཟའི་རྦོད་གཏོང་བསྲུང་བ། སྤང་བྱ། བསྡུ་སྨན། སློང་སྨན། ཞུགས་ལྷུང་རྒྱབ་གསུམ་གྱི་དབྱེ་བ། རང་ལ་བརྟག་པ་དང་རྫས་ཀྱི་བརྟག་པ་རྣམས་ཀྱི་ལུང་དང་ཕྱག་ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། གྲུབ་ཐོབ་ཆེན་པོ་འདར་ཕྱར། འདར་མགོན་པ་ཆོས་ཀྱི་འབྱུང་གནས། གུ་རུ་དུག་གསུམ་ནད་སེལ། མཚུངས་མེད་བསོད་ནམས་ཡེ་ཤེས། མཁས་གྲུབ་གཞོན་ནུ་བཟང་པོ། སྔགས་འཆང་ཆོས་སྐྱོང་མགོན་ནེ། ཡར་འདྲེན་ནམ་མཁའི་མཚན་ཅན། འདར་སྟོན་གུ་རུ་རིན་ཅེན། རིག་འཛིན་ཚེ་དབང་རྒྱལ་པོ། རིག་འཛིན་གྲགས་པ་རྡོ་རྗེ། བླ་མ་གུ་རུ་རིན་ཅེན། འདར་ནག་བདེ་བ་བཟང་པོའམ་ཡི་དམ་ལྷས་ལུང་བསྟན་པ་རིག་པ་ཡེ་ཤེས། དེས་བདག་ཟ་ཧོར་བནྡེ་ལའོ། །ཀུན་མཁྱེན་མུས་སྲད་པ་དཔལ་ལྡན་སེང་གེ་ལ་ཁྱབ་འཇུག་གིས་དངོས་སུ་ཕུལ་བའི་སེར་བསྲུང་བསམ་གཏན་ཉལ་ཆོག་ལ་སྨར་ཟོང་གཉིས་ཡོད་པའི་སྨར་དང་ཐོག་བསྲུང་འབྲུག་སྐད་གཅོག་པ་ཟབ་ཁྱད་ཅན་གྱི་བརྒྱུད་པ་ནི། ཀུན་མཁྱེན་དཔལ་ལྡན་སེང་གེ །དཔལ་ལྡན་རཏྣ་ཀཱིརྟི། གུ་རུ་དུག་གསུམ་ནད་སེལ། མཚུངས་མེད་རིན་ཅེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། རྭ་ཆེན་ཆོས་དཔལ་བཟང་པོ། གབ་ཆག་པ་རྡོ་རྗེ་རྒྱལ་མཚན། མཐུ་ཆེན་དཀོན་ཅོག་བཟང་པོ། མཉམ་མེད་ནུབ་དགོན་པ། བྱམས་པ་བློ་གྲོས་རྒྱལ་མཚན། རྗེ་བྱམས་པ་བཟང་པོ་ནུབ་དགོན་སྤྲུལ་སྐུ། འདར་ནག་བདེ་བ་བཟང་


GLG003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པོ། དེས་བདག་ལའོ། །གཟའི་རྗེས་གཅོད་ལ། རྫས་སྔགས་ཆོག་གསུམ་གྱིས་གཅོད་པ། ཡུལ་དང་གང་ཟག་ལ་གཟའ་ལམ་གཅད་པ། དེ་དག་རྣམས་ཀྱི་སྟེང་འོག་གི་འཁོར་ལོ་མཆོད་རྟེན་ཕུར་པ་རྣམས་ཀྱི་དཔེ་རིས་བཅས་པ་དཔལ་ཨོ་རྒྱན་ཆེན་པོས་ཁྱུང་འདབ་ཀ་བ་སྦྲུལ་མགོར་གཏེར་དུ་སྦས་པ་ལོ་ཙཱ་བ་ཁམས་པ་ཁྲ་མོས་བཏོན་པ་དང་། གསེར་ཆོས་ལུགས་ཀྱི་ཁྱབ་འཇུག་འགྱུ་ལམ་གཅོད་པ་རིགས་གསུམ་མགོན་པོ་སོགས་དཔེ་རིས་བཞི་དང་བཅས་པ། རྒྱ་ནག་སྟོང་ཁུན་གྱི་ལུགས་སྲོལ་མི་ཉག་མཁས་པ་ཨཱ་ཙཪྻའི་གདམས་པ་ལོ་ཙཱ་བ་ཞྭ་སེར་ཅན་གྱིས་བསྒྱུར་བའི་གཟའ་མདོས་གསལ་བའི་སྒྲོན་མེ། ཡབ་ཡུམ་སྲས་གསུམ་གྱི་སྐུ་དང་བཅས་པའི་གཟའ་བསྲུང་ལ་ཧྲིལ་མ་རྣམས་ཀྱི་རྗེས་གཅོད་མན་ལ་ལུང་རྒྱུན་མི་འདུག །ཕྱག་ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ཡང་གསེར་ཆོས་བཞིན་ནོ། །རྒྱ་གར་ཀེའུ་ཚང་དགུའི་བདག་པོ་རིག་པ་གློང་དུ་ཤར་བ་སློབ་དཔོན་ཤྲཱི་སིངྷས་མཛད་པའི་གཟའ་རྒོད་སྤུ་གྲི་དྲག་སྔགས་བར་སྣང་ཧོམ་ཁུང་མར་གྲགས་པ་སློབ་དཔོན་ཆེན་པོ་པདྨ་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་གཤེགས་ཁའི་དུས་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་དུ་ཁྱུང་རུམ་སྨུག་པོའི་ཆུ་ནང་དུ་བསེའི་གའུར་བཅུག་ནས་སྦས་པ་བླ་མ་གྲུམ་དང་སྤ་གྲོའི་ཡོན་བདག་ནག་པོ་མཁར་གཉིས་ཀྱིས་ལྷན་ཅིག་ཏུ་སྤྱན་དྲངས་པའི་སྐོར་ལ། ཡིད་ཆེས་ཁུངས་བཙུན་པ་བྱུང་ཚུལ་དང་ཆེ་བའི་ལོ་རྒྱུས། གཟའ་རྒོད་དུག་གི་སྤུ་གྲིའི་མཱ་ར་ཡ་གསོད་པའི་སྦྱོར་བ་བར་སྣང་ཧོམ་ཁུང་མའི་སྒྲུབཐབས་ལ་ནང་གསེས་ཀྱི་བཅའ་གཞི། བཟླས་པ། རྟགས་རིམ། ལམ་དུ་ཞུགས་པ། ཨར་གཏད། མནན་བསྲེག་འཕང་གསུམ་དང་བཅས་པའི་དོན་ལྔ་


GLG003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ། བར་སྣང་ཧོམ་ཁུང་མའི་ཡིག་ཕྲན་ལ་དགྲ་ལ་རྦད་པ། ཐུགས་དམ་བསྐང་བ། རང་གི་ཧོམ་ཁུང་དགག་པ། དགྲའི་ཧོམ་ཁུང་དབྱེ་བ་སྟེ་དོན་བཞི་པ། དགྲ་གློ་བུར་དུ་བྱུང་ན་ཡེ་འབྲོག་དྲག་པོ་གཏོང་བ། གནད་ཀྱི་གདོང་གཏད་རྒྱུད་དོན་བཅུད་དུ་དྲིལ་བ་སྤུ་གྲི་རེག་ཆོད་ཕྲད་ཤོག་གི་མཐའ་ཅན། གཤིན་རྗེ་མི་ཡུལ་དུ་དངོས་སུ་རྒྱུ་བ་གབ་པའི་གདོང་གཏད་མངོན་སུམ་ཅོག་འགྱེལ་བུ་ལ་ཕྲད་ཤོག་གི་མཐའ་ཅན། ཨར་གཏད་ལམ་ཞུགས་ཀྱི་འཁོར་ལོ་ལིངྒ་དཔེ་ཆུང་བཅས་པའི་སྟེང་ནས་ཕྱག་ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རིན་ཅེན་སྙིང་པོ། རྡོ་རྗེ་འཆང་། ཐུབ་པའི་དབང་པོ། སློབ་དཔོན་ཤྲཱི་སིངྷ། ཨོ་རྒྱན་སངས་རྒྱས་གཉིས་པ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་བླ་མ་གྲུམ། ཡོན་བདག་ནག་པོ་མཁར། ཁྱུང་ལུང་གི་བྱ་ཙ་གནུབས་བན་སྟོན་པ། དགེ་བཤེས་གཉན་ཆད་པ་པུ་རང་གི་སྔགས་པ་སྤུན་དྲུག་གི་དཔོན་ཡིན་ཟེར། འདན་སྟོན་པ། གཉོས་འབུམ་ཁྲི་སྟོན་པ། སྐྱོག་བྱ་ཞུ་ཅན། རཏྣ་ཤྭ་ར། སྔགས་ནག་གསང་སྔགས་རྡོ་རྗེ། རིག་འཛིན་བདུད་འཇོམས་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། ལེགས་ལྡན་ཆེན་པོས་འདི་གཅིག་པུའི་དོན་དུའང་ལྷོ་བྲག་ཕྱོགས་སུ་དཀའ་བ་སྤྱད་ཚུལ་དང་བཅས་གནང་སྐད། རིག་འཛིན་ངག་གི་དབང་པོ་ནུས་མཐུའི་མངའ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་ནག་ལ་བསྟན་པ་བསྲུང་བའི་ཆོས་སྐྱོང་དུ་སྩལ་ཏོ། །ཡང་ན་རཏྣ་ཤྭ་ར་ནས། བླ་མ་མདོ་སྡེ་རྒྱ་མཚོ། རིག་འཛིན་པདྨ་དབང་ཕྱུག །མཚུངས་མེད་བཀྲ་ཤིས་དབང་ཕྱུག །བྱང་བདག་རིག་འཛིན་མན་གོང་བཞིན་ནོ། །གསོལ་འདེབས་ལས། སྐྱེ་བན་རྡོ་རྗེ་བནྡེ་ཆུང་ངུ་བཟུང་། ཁྱུང་རྒོད་མི་ཉག་
དབུ་མར་འགར་སྟོན་དཀར། །ཨ་ཝ་དྷཱུ་ཏི་པ་སོགས་ཐ་དད་བཞི། ཟུང་དུ་བཅས་པ་དེ་རྣམས་ལ་གསོལ་བ་འདེབས། ཞེས་པ་རྣམས་ཀྱི་གཏེར་ཆོས་ནི་སྔོན་ཆད་མཐོང་ཐོས་སུ་མ་གྱུར་ལ། མི་ཉག་གྲགས་འབྱུང་གིས་བུམ་ཐང་གཙུག་ལག་ཁང་ནས་བཏོན་པའི་ཐོག་རིས་ཟུར་ལྔ་པ་ལ་བརྟེན་པའི་ཐོག་བསྲུང་གི་བརྒྱུད་པ་ནི། གཏེར་སྟོན་ནས་རིམ་པར། འཕྱོང་རྒྱས་ཆོས་རྗེ་བྱ་དཀར་མ། ཟུར་ངག་དབང་ཕུན་ཚོགས། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །གསོལ་འདེབས་ལས། སྒོམ་ཆེན་འབྲུག་པ་གཉན་སྟོན་ཛམྦྷ་ལ། །དོན་གྲུབ་སེང་གེ་པདྨ་གྲགས་པར་བཅས། །ཐ་དད་གཉིས་འཛོམ་ཆོས་ཀྱི་དབང་ཕྱུག་གི །བཀའ་བཞིན་ཉེར་སྒྲུབ་དེ་དག་ལ་གསོལ་བ་འདེབས། ཞེས་པའི་སྒོམ་ཆེན་འབྲུག་པ་ནི་སྲས་མཁར་ཆོས་དྲུག་མ་གཏེར་ནས་འདོན་མཁན་དེ་ཡིན་པས་ཆོས་དབང་གི་གཏེར་ཁ་བཅུ་པར་ངོས་འཛིན་ཡང་ཁོ་བོས་མ་ཐོབ། གཉན་སྟོན་ཛམྦྷ་ལས་ནི་མཁོ་མཐིང་ལྷ་ཁང་གི་གཤིན་རྗེ་གཤེད་དམར་པོའི་ཐུགས་ཀ་ནས་འཇམ་དཔལ་རྫོགས་ཆེན་གྱི་སྐོར་སོགས་བཏོན་པ་ཆོས་དབང་རིན་པོ་ཆེའི་གཏེར་ཁ་བདུན་པ་ཡིན་པས་དེའི་གྲས་སུ་བཀོད་ཕྱིར་ལོགས་སུ་སྨོོས་མ་དགོས། དོན་གྲུབ་སེང་གེ་དང་པདྨ་གྲགས་པ་ནི་ཐ་དད་གཉིས་འཇོམ་ཞེས་པའི་ནུས་པས་གོང་མ་གཉིས་ཀྱི་འདོན་གྲོགས་ཡིན་པར་མངོན་ནོ། །

ཤར་གཏེར་སྤྲུལ་སྐུ་པད་མ་ལས་འབྲེལ་རྩལ་གྱིས་གཏེར་ནས་སྟོན་པའི་གཏེར་ཆོས་ཁག་གི་སྐོར།


GLG003_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལས། །ལྷ་ལྕམ་པདྨ་གསལ་ལས་འབྲེལ་བའི་རྩལ། ཤོ་བན་ལེགས་ལྡན་ཟངས་རི་རས་པ་དང་། །དབང་ཤཱཀ་ཉི་འབུམ་ཁྲི་དང་བྲན་དུན་པ། །ཉི་མ་ཤེས་རབ་གྲགས་རྣམས་ལ་གསོལ་བ་འདེབས། ཞེས་པའི་དང་པོ་དཔལ་ཨོ་རྒྱན་ཆེན་པོའི་ཟབ་


GLG003_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ལ་དབུས་གཏེར་ཟུག་པ་རྩ་བ་ལྟ་བུ། ལྷོ་གཏེར་དྲིལ་བ་སྡོང་པོ་ལྟ་བུ། ནུབ་གཏེར་གསལ་བ་མེ་ཏོག་ལྟ་བུ། བྱང་གཏེར་རྒྱས་པ་གལ་པ་ལྟ་བུ། ཤར་གཏེར་སྨིན་པ་འབྲས་བུ་ལྟ་བུ་ལྔ་ལས། ཤར་གཏེར་ལ་བཀའ་བབས་པའི་ལས་ལྡན་གྱི་གཙོ་བོ་ནི་འདས་པའི་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་གྱི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་ཞིང་མ་འོངས་སངས་རྒྱས་རྡོ་རྗེ་སྙིང་པོའི་ངོ་བོ་ཟབ་གཏེར་གྱི་མངའ་བདག་དཔའ་བོ་སྒང་པ་སྤྲུལ་སྐུ་རིན་ཅེན་ཚུལ་རྡོར་རམ་གསང་མཚན་སྤྲུལ་སྐུ་ལས་འབྲེལ་རྩལ་ནི། རང་གཏེར་སྙིང་ཏིག་ལུང་བསྟན་ལས། སྐྱེ་བ་དེའི་འོག་ཏུ་རྡོ་དང་མོན་བོད་མཚམས་འབྲིང་ཐང་ཞེས་བྱ་བར་སྐྱེས་ཏེ། སྔ་མའི་བག་ཆགས་ཀྱིས་རབ་ཏུ་འབྱིན་པར་འགྱུར་རོ༔ ཌཱ་ཀི་མ་རྣམས་ཀྱི་བར་ཆད་བསྲུངས་ཏེ༔ ངའི་ཟབ་གཏེར་དང་ཕྲད་དེ་གཏེར་སྒོ་གསུམ་འབྱེད་པར་འགྱུར་རོ༔ དེའི་དུས་སུ་འགྲོ་དོན་མི་འབྱུང་སྟེ༔ སྦས་པའི་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་ནོ༔ ངའི་ཟབ་ཆོས་ཀྱི་བདག་པོར་འགྱུར་རོ༔ འོན་ཀྱང་ཆོས་ཀྱི་འབྲེལ་པ་བདུན་ཅུ་འབྱུང་བར་འགྱུར་རོ༔ ཞེས་དང་། གཞི་ལམ་འབྲས་བུའི་མཇུག་གི་ལུང་བསྟན་ལས། ཀུ་སུ་ལུ་པའི་གདམས་པའི་སྐོར༔ ལྡང་ལྷུང་ལྡང་ལྷའི་བྲག་ལ་སྦེད༔ ད་ལྟ་སྟོན་པའི་དུས་མ་བབས༔ ཚེ་ལོ་དྲུག་ཅུ་ཁ་རལ་དུས༔ གསལ་རྗེ་གངས་ཀྱི་ཤར་ཕྱོགས་ངོས༔ ལྕགས་སྒྲོམ་ལྟ་བུའི་ཡུལ་གྱི་སྟོད༔ འབྲོང་པོ་ཉལ་འདྲའི་སྤྱི་སྟེང་དུ༔ མཁའ་འགྲོ་སྡེ་ལྔས་བྱིན་བརླབས་པས༔ ཆུ་ཁམས་འབྲུག་གམ་སྤྲེལ་ཡོས་ལོ༔ སྤྲོ་རིང་ཐེག་ཆེན་ཆོས་ལ་མོས༔ སྦས་ཚུལ་འཁོར་བའི་ཆ་ལུགས་འཛིན༔ མ་འགགས་སྤྱོད་པ་སྣ་ཚོགས་སྦྱོར༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ སྙིགས་མའི་དུས་


GLG003_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དེ་ལྟར་སྐྱེ༔ དེ་དུས་གདམས་པ་འདི་དང་ཕྲད༔ ཅེས་པ་ལྟར་མངའ་བདག་སྲས་མོའི་སྤྲུལ་པ་རིན་ཅེན་ཚུལ་རྡོར་གྱིས་དྭགས་པོ་ལྡང་ལྷའི་ཕྲ་མོ་བྲག་ནས་ཆུ་མོ་གླང་ལོ་སྟོན་ཟླའི་ཉེར་བརྒྱད་ལ་སྤྱན་དྲངས་པའི་ཟབ་ཆོས་མཁའ་འགྲོ་སྙིང་ཏིག་བླུན་སྒོམ་ཡིད་བྱེད་དང་ཕྲལ་ནས་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་རང་ཐོག་ཏུ་གཏན་ལ་འབེབས་པའི་གདམས་པ་ཟབ་མོ་འདི་བོད་མ་དག་པའི་སྣང་ངོར་སྦ་བཞེད་ལྟར་སློབ་དཔོན་གྱི་སྤྲུལ་པ་གཅིག་ཕྱིར་ལྡོག་པ་ལྟར་མཛད་ནས་སྐུ་དངོས་ཀྱིས་གཞོ་སྟོད་གཏེར་སྒྲོམ་དུ་བཞུགས་ནས་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ་གནང་བའི་སྐོར་ལ་ཐོག་མར་སྙིང་ཏིག་དང་ཡང་ཏིག་གཉིས་དོན་ལ་ཁྱད་པར་མེད་ཅིང་ཕྱག་ལེན་འཁྱེར་བདེ་བའི་དབང་དུ་བྱས་ནས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཡང་ཏིག་གི་དབང་ཆོག་རིན་པོ་ཆེ་དབང་གི་འཕྲེང་བའི་སྟེང་ནས་སྔོན་འགྲོ་སྣོད་ཁྱད་པར་ཅན་དུ་སྒྲུབ་ཅིང་སྡིག་སྒྲིབ་དག་བྱེད་སྤྱི་ཁྲུས་ཆེན་མོ་མདོ་ཙམ་སྔོན་དུ་བཏང་སྟེ། དབང་དངོས་ནི། དང་པོ་ཚོགས་གཏོར་ལ་བརྟེན་ནས་བྱིན་རླབས་དབང་གི་སྒོ་དབྱེ་བ་བར་གཅོད་སེལ་ཞིང་དངོས་གྲུབ་ཀུན་འབྱུང་མཁའ་འགྲོ་བརྡའི་དབང་། གཉིས་པ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ལུས་ཀྱིས་སྒྲིབ་པ་སྦྱོང་ཞིང་སྤྲུལ་པའི་སྐུར་གྲོལ་བར་བྱེད་པ་སྤྲོས་བཅས་བུམ་པའི་དབང་། གསུམ་པ་གསང་བ་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ངག་གི་སྒྲིབ་པ་སྦྱོང་ཞིང་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་བྱེད་པ་གསང་བའི་དབང་། བཞི་པ་མཚན་ལྡན་ཕྱག་རྒྱའི་དཀྱིལ་འཁོར་ལ་བརྟེན་ནས་ཡིད་ཀྱི་སྒྲུབ་པ་སྦྱོང་ཞིང་བདེ་བ་ཆེན་པོའི་སྐུར་གྲོལ་བར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། ལྔ་པ་བདུད་རྩི་མེ་ལོང་ཆོས་


GLG003_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྔགས་འཁོར་ལ་བརྟེན་ནས་སྒྲིབ་པ་ཀུན་སྦྱོང་ཞིང་ཆོས་སྐུ་རྫོགས་པ་ཆེན་པོའི་ཟབ་དོན་མཐར་ཐུག་པ་ཚིག་དབང་རིན་པོ་ཆེ། དྲུག་པ་འདབ་བརྒྱད་འོད་ར་བདུད་རྩིའི་དཀྱིལ་འཁོར་ལ་བརྟེན་ནས་སྲིད་ཞིའི་ལེགས་ཚོགས་མཐའ་དག་བསམ་པ་ཙམ་གྱིས་ལྷུན་གྱིས་གྲུབ་པར་བྱེད་པ་བྱིན་རླབས་བླ་མའི་དབང་། བདུན་པ་འོད་ར་བདུད་རྩིའི་དཀྱིལ་འཁོར་ལ་བརྟེན་ནས་ཡེ་ཤེས་ཀྱི་སྒོ་འབྱེད་ཅིང་སྣང་སྲིད་ཐམས་ཅད་ཆོས་སྐུར་འཆར་བར་བྱེད་པ་རིག་པའི་རྩལ་དབང་། བརྒྱད་པ་འོད་ར་བདུད་རྩིའི་དཀྱིལ་འཁོར་ལ་བརྟེན་ནས་བྱིན་རླབས་མཐར་ཕྱིན་པར་བྱེད་པ་མཁའ་འགྲོ་དོན་གྱི་དབང་། མཐའ་རྟེན་རིག་འཛིན་གཏོར་མ་ལ་བརྟེན་ནས་གཞན་དོན་ལ་གནང་བ་བྱིན་པ་གཞན་བཀའ་བཀྲོལ་བ། སྐུ་གསུང་ཐུགས་རྟེན་ལ་བརྟེན་ནས་བསྟན་པ་ཡོངས་རྫོགས་སུ་གཏད་པའི་གཏད་རྒྱ། བཀའ་རྒྱ། བཀའ་སྲུང་དཔལ་གཏོར་ལ་བརྟེན་ནས་བར་གཅོད་བསྲུང་བའི་བཀའ་བསྒོ། དེ་ཡང་མཁའ་འགྲོའི་དོན་དབང་མན་ཆད་ཀུན་ལ་མི་སྤེལ་བར་སྣོད་ལྡན་ལ་ཆིག་བརྒྱུད་དུ་མཛད་སྲོལ་བཞིན་དབང་ཡོངས་རྫོགས་ཀྱི་སྨིན་རྒྱས་དང་གྲོལ་བྱེད་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པས་མཛད་པའི་ཡི་གེ་སྟེང་ནས་ཐུན་མོང་གི་སྔོན་འགྲོ། རྫོགས་ཆེན་རང་སྐད་ཐུན་མོང་མ་ཡིན་པའི་སྔོན་འགྲོ། དངོས་གཞི་ཀ་དག་ཆོས་ཟད་དུ་ལ་ཟླ་བ་ཁྲེགས་ཆོད། ལམ་ལྷུན་གྲུབ་འོད་གསལ་དུ་འགག་བསྡམ་པ་ཐོད་རྒལ་དུ་ངོ་སྤྲོད་པ། བརྩོན་འགྲུས་འབྲིང་ལ་བར་དོ་བཞིའི་ངོ་སྤྲོད་དང་བཅས་ཉམས་འཁྲིད་དུ་མནོས་ནས། ལུང་གི་སྐོར་ལ། ཁ་བྱང་དང་དེ་ལས་འཕྲོས་པ། ལས་འཕྲོ་ཅན་མ་བསྒོམས་པར་འཚང་རྒྱ་བ་བཏགས་གྲོལ་གྱི་རྒྱུད་མ་བུ་ཡིག་ཕྲན་དང་བཅས་པའི་སྐོར། མ་སྨིན་པ་སྨིན་པར་བྱེད་


GLG003_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབང་སྒྲུབ་མ་བུའི་སྐོར། སྨིན་ཟིལ་གྲོལ་བར་བྱེད་པ་ཐོད་རྒལ་གྱི་འཁྲིད་ཡིག་མ་བུའི་སྐོར། ལམ་གྱི་ཁ་སྐོང་བར་བྱེད་པ་རྒྱབ་ཆོས་མ་བུའི་སྐོར། ལེ་ལོ་ཅན་སྲིད་པ་བར་མར་གྲོལ་བྱེད་བར་དོ་མ་བུ་ཆ་ལག་དང་བཅས་པའི་སྐོར། སྙིང་པོའི་བསྟན་པ་བསྲུང་བ་བཀའ་སྲུང་གི་སྐོར་དང་དྲུག །དང་པོ་ལ། མ་ཡིག་ཀུན་བཟང་ཡབ་ཡུམ་གློང་ནས་རང་བྱུང་བ་བཏགས་གྲོལ་སྙིང་པོའི་རྒྱུད་ཚིག་བདུན་པ། ཆོས་སྐུ་ཐིག་ལེ་ཉག་གཅིག་གློང་ནས་རང་བྱུང་བ་ཡང་སྙིང་བཅུད་ཀྱི་ཐིགས་པ་གཅིག་ཤེས་ཀུན་གྲོལ་གྱི་རྒྱུད། ཡང་ཏིག་སྙིང་པོ་གསེར་གྱི་འབྲུ་གཅིག་པའི་རྒྱུད། སངས་རྒྱས་སྲས་གཅིག་སྤྱོད་པ་ས་བོན་གྱི་རྒྱུད། རང་བྱུང་རིག་པའི་རྒྱུད། འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད། བུ་ཡིག་ལ་འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད་ཀྱི་ཏི་ཀ་གསལ་བྱེད་དོན་གྱི་སྙིང་པོ། ཡང་སྙིང་བཅུད་ཀྱི་ཐིགས་པ་ཀུན་གྲོལ་རྒྱུད་ཀྱི་ཏི་ཀ་གསལ་བྱེད་དོན་གྱི་མེ་ལོང་། འབྲས་བུ་ཡོངས་རྫོགས་ཡང་ཏིའི་རྒྱུད་ཀྱི་ཏི་ཀ་གསལ་བྱེད་ཤེལ་གྱི་སྙིང་པོ། སྲས་གཅིག་རྒྱུད་ཀྱི་ཏི་ཀ་གསལ་བྱེད་ནོར་བུའི་ཕྲེང་བ། འབྲས་བུ་ཡོངས་རྫོགས་རང་བྱུང་རིག་པའི་རྒྱུད་ཀྱི་ཏི་ཀ་གསལ་བྱེད་དུང་གི་སྦར་བཀབ། ཡོངས་རྫོགས་ཏི་ཀ་གསལ་བྱེད་དྲི་མེད་སྙིང་པོ། ཐེམས་མེད། འབྲས་བུ་ཡོངས་རྫོགས་བཏགས་གྲོལ་ཐུགས་ཀྱི་སྙིང་པོའི་དབང་ཐམས་ཅད་ཀྱི་རྩ་བ་རང་རིག་པའི་རྩལ་དབང་དུ་ངོ་སྤྲོད་པའི་ཏི་ཀ་རིག་པའི་སྒྲོན་མ། ཡིག་ཕྲན་ལ་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་བླ་མ་བརྒྱུད་པའི་ལོ་རྒྱུས་མདོ་ཙམ་བསྟན་པ། རིག་པའི་རྩལ་དབང་ཞེས་པ་འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད་དྲི་མེད་སྙིང་པོ་མཐར་ཐུག་དོན་གྱི་མཆོག་ཡང་གསང་ལེའུ་གཅིག་པ། བཏགས་གྲོལ་སྙིང་པོའི་རྒྱུད་ཀྱི་


GLG003_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཐབས་ལག་ལེན་བསྟན་པ། རྒྱུད་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེན་བྱ་བ། རྒྱུད་ཀྱི་རྟགས་དང་འབྲས་བུ་ཐོབ་ཚུལ། རྒྱུད་བཅངས་པ་ཙམ་གྱིས་ཡོན་ཏན་འབྱུང་ཚུལ། རྒྱུད་ཀྱི་ཆེ་བ། སངས་རྒྱས་ཀྱི་བྱིན་རླབས་ལས་རང་ཤར་བ་གསང་སྔགས་ཐམས་ཅད་ཀྱི་ཐུགས་ཡང་བཅུད་བསྟན་པ་ཐམས་ཅད་ཀྱི་སྙིང་གཟེར་རྡོ་རྗེ་འཆང་གིས་དགའ་རབ་རྡོ་རྗེ་ལ་གདམས་པ་སངས་རྒྱས་ཀྱི་འདས་རྗེས་དང་པོ་སུམ་ཅུ་རྩ་གསུམ་གྱི་ལྷོ་ཕྱོགས་འཚོ་བྱེད་གཞོན་ནུའི་ལྡུམ་རར་བབས་པ། བྱིན་རླབས་ཆེན་པོ་མཆོག་གི་ཡི་གེ་སངས་རྒྱས་ཀྱི་ཞལ་ཆེམས་གཉིས་པ་མེ་རི་འབར་བའི་ཤར་ཕྱོགས་ཌཱཀི་མ་འདུ་བའི་གནས་སུ་བབས་པ། བསྟན་པ་ཐམས་ཅད་ཀྱི་རང་རྩལ་རང་བྱུང་བྱིན་རླབས་མཆོག་གི་ཡི་གེ་སངས་རྒྱས་ཀྱི་འདས་རྗེས་མཐའ་མ་རྒྱལ་པོ་ཛ་བ་རིའི་ཁབ་ཀྱི་ལྷོ་ཕྱོགས་བྱ་རྒོད་ཕུང་པོའི་རིར་བབས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པར་བཀོད་པ་རྫོགས་སོའི་མཐའ་ཅན། འབྲས་བུ་ཡོངས་རྫོགས་བཏགས་གྲོལ་སྙིང་པོའི་དོན་འཁྲིད་མངོན་སུམ་སྙིང་ཏིག་གི་མན་ངག་རྫོགས་བྱང་གི་མཐའ་ཅན་རྣམས། དུམ་བུ་ཉི་ཤུ་རྩ་གསུམ་དག་གིས་བཏགས་གྲོལ་ཚང༔ དེ་ལས་མང་ཉུང་བྱུང་ན་ལྷག་ཆད་ཡིན༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ ཞེས་སོ། །གཉིས་པ་མ་སྨིན་སྨིན་པར་བྱེད་པ་དབང་སྒྲུབ་མ་བུའི་སྐོར་ལ། བདེ་བར་གཤེགས་པ་རིགས་ལྔ་ཕྱི་ལྟར་བསྒྲུབ་པར་རྫོགས་བྱང་གི་མཐའ་ཅན་རིགས་ལྔ་ནང་ལྟར་བསྒྲུབ་པ་སྦས་བྱང་གི་མཐའ་ཅན། ཕྱི་སྤྲོས་བཅས་སློབ་བུ་ཐུན་མོང་དུ་སྨིན་པར་བྱེད་པ་བུམ་དབང་དོན་གསལ་སྒྲོན་མེ། འདིའི་འོག་ཏུ་དཀར་ཆག་གིས་དངོས་སུ་མ་ཟིན་པའི་དབང་གོང་མ་གསུམ་གྱི་བསྐུར་ཐབས་དབང་བཞི་གནད་ཀྱི་འཕྲེང་བ་ཞེས་པ་དཔེ་མ་འབྱོར་བས་མ་ཐོབ།


GLG003_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གོང་མ་གསུམ་གྱི་ལག་ལེན་དབང་འཁྲིད་ནོར་བུ་སྒྲོན་གསལ། དེའི་ས་མ་འགྲེལ་ཞེས་པ་བསྡུས་དོན་ས་བཅད་སྐུ་གསུང་ཐུགས་ཀྱི་རྒྱ་ཅན། ཌཱ་ཀི་རིགས་ལྔ་ལུས་དཀྱིལ་ལ་དགོད་པའི་མངོན་རྟོགས་མཁའ་འགྲོ་མ་ཐོད་རྒལ་དུ་སྒྲུབ་པ་གཅིག་ལས་སྤེལ་ན་སྙིང་ཁྲག་ཐང་ལ་འཕོ་ཞིག་གི་མཐའ་ཅན། རིག་པ་ཡེ་ཤེས་ལྔ་ཚན་དུ་ངོ་སྤྲོད་པའི་གདམས་པ་དབང་གི་རྒྱབ་ཡིག་གསང་བའི་དུམ་བུ་བཀོད་པ། ཁྱད་པར་དབང་ལྔ་ཞེས་པ་དབང་བཞི་རིག་པའི་རྩལ་དབང་དང་བཅས་པ་བསྐུར་ཚུལ། བསོད་ནམས་ཚོགས་ཆེན་རྫོགས་ཕྱིར་བདེ་གཤེགས་རིགས་ལྔའི་མཆོད་འབུམ། རིགས་ཀྱི་མ་མོ་མཁའ་འགྲོའི་ལས་བྱང་སྤྱི་དོན་བཅུ་བཞི་པ། རྟ་ཕག་གི་ལུས་དཀྱིལ། ཐེམས་མེད། བུ་ཡིག་ལ། ཕྱི་ནང་གི་དབང་སྒྲུབ་རིན་ཅེན་དབང་གི་འཕྲེང་བ། བུམ་པ་བསྒྲུབ་པ་རིམ་པའི་མཐའ་ཅན། དཀྱིལ་འཁོར་གྱི་རྣམ་དག་བཤད་པ་ཅི་རིགས་སྤྲོས་སོའི་མཐའ་ཅན། རིགས་ལྔའི་ཚོགས་མཆོད་བསོད་ནམས་ཚོགས་ཆེན་གསོག་པ་ལག་ལེན་བསྡུས་པོའི་མཐའ་ཅན། ཌཱ་ཀི་ལ་གཏོར་མ་དབུལ་བའི་ལག་ལེན། ཡེ་ཤེས་ཌཱ་ཀི་ཡབ་ཡུམ་ཚོགས་མཆོད་དོན་བཅུ་མ། སྙིང་ཏིག་གསང་བ་བླ་མེད་ཀྱི་དབང་དོན་གསལ་བའི་རྒྱབ་ཡིག་ཐོ་ཡིག་ཏུ་བཀོད་པ། གསང་དབང་གི་ལྷན་ཐབས། ཤེར་དབང་གི་ལྷན་ཐབས། ཌཱ་ཀི་ཐོད་རྒལ་དུ་ལུས་དང་གྲིབ་མའི་ཚུལ་གྱིས་བསྒྲུབ་པ། ཐེམས་མེད། ཊཱ་ཀི་སྲོག་ཏིག་གམ་སྲོག་གི་སྙིང་པོའི་གནད་ཡིག་རྟེན་འབྲེལ་གྱི་གདམས་པ་ཇོ་མོའི་དོན་དུ་མཛད་པ། ཊཱ་ཀིའི་སྔགས་ཀྱི་ལྡེ་མིག །འདི་གཉིས་ཐེམས་མེད། འཁོར་བ་བློས་བཏང་གི་རྣལ་འབྱོར་པས་ཌཱ་ཀི་གནད་ལ་དབབ་ཅིང་ཤི་ས་


GLG003_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ། སྤྱི་གནད་གཅིག་ཏུ་བསྟན་པ། བླ་རྡོ་རིན་ཅེན་ཐིགས་པ། མཁའ་འགྲོའི་ནོར་སྒྲུབ་རིན་ཅེན་གཏེར་གྱི་བུམ་པ། གཏེར་སྟོན་ལ་འདུད་བྱེད་ཀྱི་དཔའ་བོ་མཁའ་འགྲོའི་སྤྲུལ་པ་འབྱུང་ཚུལ་གྱི་ལུང་བསྟན་གསང་ཞིང་སྦ་བའི་མཐའ་ཅན་རྣམས། ཐེམས་མེད། དེ་ལྟར་ཉི་ཤུ་རྩ་གསུམ་ལག་ལེན་མ་བུ་འགྲུབ༔ དེ་ལས་མང་ཉུང་བྱུང་ན་ཆད་ལྷག་ཡིན༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ ཞེས་སོ། །གསུམ་པ་སྨིན་ཟིན་གྲོལ་བར་བྱེད་པ་ཐོད་རྒལ་གྱི་འཁྲིད་ཡིག་མ་བུའི་སྐོར་ལ། སྙིང་ཏིག་གསང་བའི་ཡང་བཅུད་ཐོད་རྒལ་ལམ་གྱི་དོན་འཁྲིད་ནོར་བུའི་སྙིང་པོ། སྐུ་གསུམ་དོན་འཁྲིད་ཅེས་བྱ་བ་དོན་འཁྲིད་ནོར་བུའི་སྙིང་པོའི་ཏི་ཀ་གསལ་བྱེད་སྒྲོན་མེ་སློབ་དཔོན་པདྨས་མཁར་ཆེན་བཟའ་ལ་གདམས་པ། འཁྲིད་རྒྱབ་ལུང་གི་འཕྲེང་བ། སྐུ་གསུམ་ལམ་གྱི་འཁྲིད་ཀྱི་ལག་ལེན་སྤྲ་ཁྲིད་དམ་ཉམས་སུ་ལེན་པའི་ཞལ་ཁྲིགས་སུ་གྲགས་པ། ཐེམས་མེད། སྐལ་ལྡན་གྱི་རྣལ་འབྱོར་པ་འཁོར་བ་བློས་བཏང་ནས་ཡང་གསང་བླ་མེད་མཁའ་འགྲོ་སྙིང་ཏིག་ཉམས་སུ་ལེན་པ་རྣམས་ཀྱིས་འབྱུང་གནས་འགྲོ་གསུམ་ལ་བལྟ་བའི་སྐུ་གསུམ་ངོ་སྤྲོད་ཡང་གསང་མཐར་ཐུག་མཁའ་འགྲོ་སྙིང་ཏིག །ཐེམས་མེད། ཉམས་སུ་ལེན་པའི་རྟགས་ཡིག་ཟུར་ཙམ་བཀོད་པ་རྫོགས་བྱང་གི་མཐའ་ཅན། ཉམས་སུ་ལེན་པ་རྣམས་ཀྱི་དོན་དུ་ཚད་ཀྱི་ཡི་གེ་ཟུར་ཙམ་བཀོད་པ་འོའི་མཐའ་ཅན་རྣམས། མ་གསུམ་བུ་གཉིས་ལྔ་ཡིས་འཁྲིད་ཀྱི་ལག་ལེན་རྫོགས༔ དེ་ལས་མང་ཉུང་བྱུང་ན་གདམས་པ་འཆལ༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ ཞེས་སོ། །བཞི་པ་ལམ་གྱི་ཁ་སྐོང་རྒྱབ་ཆོས་མ་བུའི་སྐོར་ལ། འགོར་སྐད་ཤན་སྦྱར་


GLG003_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཁའ་འགྲོ་སྙིང་ཏིག་ཅེས་པ་ཡོད་པའི་སྙིང་ཏིག་ཆེན་མོ་དོན་མཆོག་མན་ངག་སྙིང་བཅུད། ༼གཏེར༽དབུ་ནས་ཞབས་སུ་དོན་བཅུས་གཏན་ལ་དབབ་པ་རྒྱ་བོད་གཉིས་ན་མེད་པའི་གདམས་པ་ཁྱད་པར་ཅན་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པ། ཡང་གསང་རྫོགས་པ་ཆེན་པོ་སྙིང་ཏིག་གི་གནད་ཐམས་ཅད་གཞི་ལམ་འབྲས་བུ་གསུམ་དུ་གཏན་ལ་དབབ་པ་བསྟན་པ་ཐམས་ཅད་ཀྱི་ཁོང་སྙིང་༼གཏེར༽ལོང་བའི་སྣ་འཁྲིད་དང་འདྲ་བ་མྱ་ངན་ལས་འདས་པ་དངོས་ལ་སྐད་ཅིག་གིས་སྦྱོར་བར་བྱེད་པ་མཁའ་འགྲོ་སྙིང་ཏིག་གསང་བའི་ཡང་བཅུད་སྙིང་པོ་གསལ་བའི་མེ་ལོང་། ལྟ་སྒོམ་སྤྱོད་འབྲས་ཀྱི་ལམ་འཁྱེར་རྣལ་འབྱོར་བཞིའི་མན་ངག་གི་གདམས་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞུས་ལན་གསེར་གྱི་འཕྲེང་བ། ཌཱ་ཀིའི་ཞལ་གདམས་གསང་བའི་དུམ་བུ། ཆོས་འདི་ཐེག་དགུ་མཐའ་དག་ལས་ཁྱད་པར་འཕགས་ཚུལ་ཨེ་མ་སྐལ་ལྡན་མ། ཐེམས་མེད། སྐལ་ལྡན་ལམ་དུ་འཇུག་པའི་གནད་ཀྱི་ཞལ་གདམས་ཁྲེགས་ཆོད་ཀྱི་ངོ་སྤྲོད། རིག་པ་ལྔ་ཚན་དུ་ངོ་སྤྲོད་པའི་ཏི་ཀ །ཐེམས་མེད། ཌཱ་ཀི་ལམ་འབྲས་སམ་ཞལ་གདམས་ཡང་ཟབ་གནད་ཀྱི་དུམ་བུ། རིགས་བརྒྱུད་གཞག་པའི་ཞལ་གདམས་གནད་ཀྱི་མན་ངག །ཐེམས་མེད། ཕྲལ་བདེ་བ་ལ་ལམ་མྱུར་བ་ཕྱག་རྒྱ་དང་ཐིག་ལེ་ལ་སྤང་བྱ་དང་བསྒྲུབ་བྱའི་མཚན་ཉིད་བསྟན་པ། རིགས་བརྒྱུད་གཞག་པ་ལ་ཉེས་པ་མི་འབྱུང་ཚུལ་ཞལ་གདམས་གནད་ཀྱི་འཕྲེང་བ། ཐེམས་མེད། ཌཱ་ཀི་གནད་ཀྱི་མན་ངག་གནད་ཏི་ཀ་སྤྱི་དོན་རྣམ་པ་ལྔས་བསྟན་པ། ཕྱག་རྒྱ་མ་ལམ་དུ་བྱེད་པ་རྡོ་རྗེ་ཆུ་འདྲེན་ཆུ་འཐུང་གི་མན་ངག །སྙིང་དུ་སྡུག་པ། དབང་


GLG003_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་བ། འབྲལ་མི་ཕོད་པ་དང་གསུམ་གྱི་དབང་སྡུད་སྙིང་བསྒུལ་གྱི་གདམས་པ། ཐེམས་མེད། གེགས་སེལ་མོ་གདོན་བསྲུང་བ། བུད་མེད་ཀྱིས་སྐྱེས་པ་དབང་དུ་བསྡུ་བ། ཐེམས་མེད། ཟིལ་གནོན་སེང་གེའི་ཙཀྲ། འདུ་བྱེད་ཕོ་དུང་གི་ཙཀྲ། མཛེས་བྱེད་རྨ་བྱའི་ཙཀྲ་གསུམ་ལ་བརྟེན་པའི་དབང་དུ་སྡུད་པ་ཡང་ཁོལ་གྱི་གདམས་པ་རྣམས། ཐེམས་མེད། མ་ལྔ་བུ་བཞིས་ཆོས་ཀྱི་རྒྱབ་ཡིག་ཚང༔ དེ་ལས་མང་ཉུང་བྱུང་ན་གདམས་པ་འཆལ༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ ཞེས་སོ། །ལྔ་པ་ལེ་ལོ་ཅན་སྲིད་པ་བར་མར་གྲོལ་བ་བར་དོ་མ་བུ་ཆ་ལག་དང་བཅས་པའི་སྐོར་ལ། རྡོ་རྗེ་ལམ་གྱི་མཚན་ཉིད་༼གཏེར༽ཅེས་པ་ཞི་བའི་བར་དོ། བར་དོ་གནད་ཀྱི་སྒྲོན་མ་༼གཏེར༽ཞེས་པ་ཁྲོ་བོའི་བར་དོ། བར་དོའི་ཞལ་གདམས་འབྱུང་བ་འདུས་༼གཏེར༽པ་དང་བྲལ་བའི་རྟགས་རིམ། བར་དོའི་ཞལ་གདམས་༼གཏེར༽གནད་ཀྱི་དུམ་བུ། བདག་ལ་སྐྱེ་གནས་བར་དོ་ཤར་དུས་འདིར་ཞེས་༼གཏེར༽སོགས་ཀྱི་བར་དོ་ལམ་འཁྱེར་གྱི་གནད་ཡིག་ཚིགས་བཅད་མ། ཕྱི་ནང་གསང་བའི་འཆི་བ་བརྟག་ཐབས། ཐེམས་མེད། ཕྱི་ནང་གསང་གསུམ་གྱི་འཆི་བ་བླུ་ཐབས། ཚེ་གཟུགས་བརྟག་ཅིང་ཚེ་སྒྲུབ་བྱ་བ། ཐེམས་མེད། ཕྱག་རྒྱ་མཚན་ལྡན་ཚེ་ལམ་ཅན་ལ་བརྟེན་ནས་འཆི་བ་བླུ་བ། བྱ་སླ་དོན་ཆེ་ཚེ་སྒྲུབ་བདུད་རྩིའི་བུམ་ཆུང་། ཐེམས་མེད། བདེ་བ་ལམ་དུ་འཁྱེར་བ་མཁའ་འགྲོའི་གཏུམ་མོ་༼གཏེར༽གསང་འཁྲིད་རྫོགས་བྱང་གི་མཐའ་ཅན། ཀུ་སུ་ལུའི་ཆ་རྐྱེན་རྡོའི་སྙིང་པོ་བདུད་རྩིའི་བཅུད་ལེན་ཁྱད་པར་ཅན་རྣམས། མ་གཉིས་བུ་གསུམ་


GLG003_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་བར་དོ་འགྲུབ༔ དེ་ལས་ཆད་ལྷག་བྱུང་ན་གདམས་པ་འཆལ༔ དེ་ཡི་ཕྱིར་ན་གསང་བའི་ཁ་བྱང་གཅེས༔ དེ་ཡི་ཆ་ལག་གཏུམ་མོའི་གདམས་པ་དང་༔ རྡོ་རྗེའི་བཅུད་ཀྱི་བདུད་རྩིའི་བཅུད་ལེན་གཉིས༔ ལྟོ་དང་གོས་ལ་ཞེན་པ་གཅོད་ཕྱིར་དགོས༔ ཞེས་སོ། །དྲུག་པ་སྙིང་པོའི་བསྟན་པ་བསྲུང་བ་བཀའ་སྲུང་གི་སྐོར་ལ། མུ་སྟེགས་སྲོག་སྒྲུབ་ནག་མོའི་རྒྱུད་ལེའུ་བཅུ་གཅིག་པ། གསོད་བྱེད་སྲོག་སྒྲུབ་ནག་མོའི་སྒྲུབ་ཐབས། སྲོག་སྒྲུབ་གནད་ཀྱི་སྤུ་གྲི་འགྱུ་དུས་ཐུན་དྲུག་སོགས་སྤྱི་དོན་ལྔས་བསྟན་པ། མུ་སྟེགས་ཁྲོས་མ་ནག་མོའི་མན་ངག་ལོགས་སུ་གབ་པ་བླ་རྡོ་ཆོ་འཕྲུལ་དང་བཅས་པ། གཞན་ཡང་འབྲོམ་བཟའ་བྱང་ཆུབ་སྨན་ལ་འཁྲུངས་པའི་ལྷ་ལྕམ་པདྨ་གསལ་ལོ་བརྒྱད་པའི་སྟེང་དུ་གཤེགས་པའི་ཚེ་མངའ་བདག་གིས་སློབ་དཔོན་ལ་ཞུས་པའི་གཏེར་སྟོན་གྱི་ལུང་བསྟན་ཞར་ལ་ཀུན་མཁྱེན་ཀློང་ཆེན་པ་དང་པདྨ་གླིང་པའང་ཟུར་ཙམ་བསྟན་པ། སྙིང་ཏིག་སྦྱིན་ཞིང་སྤེལ་བའི་གནང་བ་བྱིན་པའི་ལུང་བསྟན་ཅི་ཕྱིར་དེ་ཡི་ཐུགས་རྗེས་ངེས་པར་སྐྱོབ་ཀྱི་མཐའ་ཅན། ཐེམས་མེད། འོད་གསལ་རྫོགས་པ་ཆེན་པོ་ཉམས་སུ་ལེན་ཚུལ་སྙིང་ཏིག་ཀུན་གྱི་དགོངས་པ་གཅིག་ཏུ་བཏུས་ནས་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱིས་ཟིན་བྲིས་ཐེམས་མེད། སྦར་བཅངས་སུ་བཏབ་པ་རྡོ་རྗེ་སེམས་དཔའི་གསང་ལམ་དང་བཅས་པ་རྣམས་ཐོབ་པ་ལས་གཏེར་གྱི་རྟགས་ཡོད་པ་མ་གཏོགས་པའི་དབང་འཁྲིད་ལུང་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས།


GLG003_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། ཡང་སྤྲུལ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་ཤྲཱི་སིངྷ། ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། ལྷ་ལྕམ་པདྨ་གསལ། སྤྲུལ་སྐུ་པདྨ་ལས་འབྲེལ་རྩལ། ཤོའི་རྒྱལ་སྲས་ལེགས་ལྡན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། མཁས་གྲུབ་ཐར་པ་གླིང་པ། སྟག་མགོ་བྱ་བྲལ་ཆོས་རྗེ། ཆོས་རྗེ་སངས་རྒྱས་དབོན་པོ། སྟག་མགོ་ཡོན་ཏན་དཔལ། བླ་མ་སངས་རྒྱས་ཡེ་ཤེས། རྗེ་སངས་རྒྱས་རྒྱལ་མཚན། མི་འགྱུར་ལས་འཕྲོ་གླིང་པ། མཚུངས་མེད་བཀྲ་ཤིས་རྒྱ་མཚོ། རིག་འཛིན་ཀུན་དགའ་ཚེ་མཆོག །རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ལུང་བརྒྱུད་ལུགས་གཅིག་ནི། ཀུན་དགའ་ཚེ་མཆོག་ནས། ཕ་ཇོ་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། རྒྱལ་སྲས་ལེགས་ལྡན་ནས། ཀརྨ་པ་རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ་བ། རྗེ་རོལ་པའི་རྡོ་རྗེ། སྤྲུལ་སྐུ་ཆོས་ཀྱི་རྡོ་རྗེ། གུ་རུ་ནམ་མཁའ་རྡོ་རྗེ། བླ་མ་ཚུལ་ཁྲིམས་འབུམ། བླ་མ་ཚུལ་ཁྲིམས་རྒྱལ་མཚན། རྗེ་འཕྲིན་ལས་འབུམ། པཎ་ཆེན་ཡེ་ཤེས་རྒྱལ་མཚན། བླ་མ་སྤྱན་རས་གཟིགས་དབང་། བྱང་ཆུབ་སེམས་དཔའ་ཆེན་པོ། རྫ་ཡིག་པ་ཀུན་མཁྱེན་ཆེན་པོ། རྩེ་ལེ་རིག་འཛིན། ཐུགས་སྲས་རྒྱལ་བ་མཆོག་དབྱངས། རྗེ་འཕྲིན་


GLG003_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཚན་ཅན། རྗེ་ཀུན་བཟང་དཔལ་འབྱོར། མཚུངས་མེད་མདོ་སྔགས་བསྟན་འཛིན། རིག་འཛིན་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་ཀུན་མཁྱེན་ཀློང་ཆེན་པ་ནས། ཡེ་ཤེས་རབ་འབྱམས། བསམ་གཏན་པ། སྦྱིན་པ་བཟང་པོ། ཟབ་ལུང་སྤྲུལ་སྐུ། རྫོགས་ཆེན་པ་བསོད་ནམས་རིན་ཅེན། རྩེ་ལེ་རིག་འཛིན་ཆེན་པོ་མན་གོང་བཞིན་ནོ། །མངའ་བདག་སྲས་མོའི་སྐྱེ་བ་རིན་ཅེན་ཚུལ་རྡོར་གྱིས་ཕྲ་མོ་བྲག་ནས་སྤྱན་དྲངས་པའི་གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་གྱི་སྐོར་ལ་གཏུམ་པོ་ཐུགས་ཀྱི་སྒྲུབ་པའི་ལས་བྱང་དབང་བཀའ་རིན་ཅེན་འཕྲེང་བ་གཉིས་ལ་བརྟེན་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་སྐུའི་དབང་ལ། དབུ་རྒྱན་གྱིས་རིགས་ལྔའི་དབང་། བུམ་དབང་གིས་སྣ་དྲངས་པའི་ལྷ་དབང་། དཔལ་གྱི་ཆས་དབང་། ཕྱག་མཚན་གྱི་དབང་། ཞབས་ཀྱི་དབང་། ཀླུ་ཆེན་བརྒྱད་ཀྱི་དབང་། གླེགས་བམ་ལ་བརྟེན་ནས་བསྲུང་དབང་ཏིང་ངེ་འཛིན་གྱི་ཐུགས་དབང་། མཚན་ལྡན་ཕྱག་རྒྱ་ལ་བརྟེན་ནས་ཡོན་ཏན་གྱི་དབང་། སྐུ་གསུམ་ངོ་སྤྲོད་ལ་བརྟེན་ནས་ཏིང་འཛིན་རྣམ་གསུམ་སངས་རྒྱས་ཀྱི་དབང་། འཕྲིན་ལས་གཏོར་མའི་དབང་དང་བཅས་པ་ལེགས་པར་མནོས་ནས། ལུང་གི་སྐོར་ལ། ཐེམས་བྱང་ལས། ཀུན་འདུལ་རྒྱུད་དང་སྒྲུབ་ཐབས་དང་༔ ལས་ཚོགས་རྣམས་ཀྱི་ཐོ་བྱང་བསྟན༔ ཞེས་དང་། ཡི་དམ་ཁྱད་འཕགས་དྲེགས་པ་ཀུན་འདུལ་ལ༔ འཆལ་གྱིས་དོགས་ནས་ཐེམས་བྱང་བསྟན་པ་འདི༔ མ་འོངས་ལས་ཅན་གཅིག་དང་ཕྲད་པར་ཤོག༔ ཅེས་པ་ལྟར་ཐོག་


GLG003_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཐེམས་བྱང་དེ་ལས་འཕྲོས་པ་རྩ་བ་རྒྱུད་ཀྱི་སྐོར། སྒྲུབ་ཐབས་ལས་ཚོགས་ཀྱི་སྐོར་དང་གཉིས། དང་པོ་ནི། ནཱ་ག་བདུད་འདུལ་ནག་པོའི་རྒྱུད་ལེའུ་བཅུ་གཅིག་པ་རྫོགས་བྱང་ཕྲད་ཤོག་གི་མཐའ་ཅན། གཉིས་པ་ལ་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། སྐུ་སྒྲུབ། གསུང་སྒྲུབ། ཐུགས་སྒྲུབ། འཕྲིན་ལས་ཀྱི་སྒྲུབ་པ། ཡོན་ཏན་གྱི་སྒྲུབ་པ། ཁ་སྐོང་། ཐེམས་མེད་སྐོར་དང་བཅུ། དང་པོ་ལ་རྩ་སྒྲུབ་དང་ལས་ཚོགས་གཉིས། དང་པོ་ནི། དཔལ་ཕྱག་ན་རྡོ་རྗེའི་བསྙེན་སྒྲུབ་སྦྲེལ་བ་མན་ངག་གི་སྒྲུབ་ཐབས་སམ་ཕྱི་སྒྲུབ་གནད་ཀྱི་གདམས་པ་ཕྲད་ཤོག་རྫོགས་བྱང་གི་མཐའ་ཅན། གཉིས་པ་ལས་ཚོགས་ལ་ཁྱད་པར་དང་ཐུན་མོང་གཉིས། དང་པོ་ལ་གློ་བུར་སྐྱིན་ཐང་འབེབས་པ། གཞན་གྱི་རྦོད་གཏོང་ཟློག་པ། ཙི་ཙི་ཛྭ་ལ་བསྲུང་བ་གསུམ་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། གཉིས་པ་ཐུན་མོང་ལ། ལས་བཞིའི་སྦྱིན་སྲེག །ས་བདག་ཀླུ་གཉན་གདུལ་བ། ལིངྒ་ལ་བརྟེན་ནས་ས་བདག་ཀླུ་གཉན། རྒྱལ་པོ། གཟའ་རྣམས་གསོད་པ། དྲག་པོའི་ཐུན་བདུན་གྱིས་གསོད་པ། དྲག་པོའི་ཟོར་བདུན་གྱིས་གསོད་པ། མི་མཐུན་ཟློག་པའི་ལས་མཐའ། རྟ་རྨིག་ལ་བརྟེན་ནས་གནོད་བྱེད་དགུག་ཅིང་གསོད་པ། དྲག་པོའི་ཐོ་སར་འབེབས་པའི་ལས་མཐའ། ཐོག་སེར་ཟློག་པའི་ལས་མཐའ། གདུག་པ་ཀླུའི་གཏད་ཁྲམ། རྡོ་རྗེའི་ལས་རིམ་ཞེས་པ་ཀླུ་གཟིར་བ། མི་འགུལ་བ། འབྲོས་པ། དབང་དུ་བྱ་བ། སད་སེར་དང་རླུང་ཟློག་པ། གདོན་བརླག་པ། བསྲུང་བ། ས་རྡོ་ན། ཤིང་འབྲུ་གཅོད། གང་གིས་ཀྱང་མི་ཚུགས་པ་རྣམས། གཉིས་པ་ནང་སྒྲུབ་ལ་རྩ་སྒྲུབ་དང་ལས་ཚོགས་གཉིས། དང་པོ་ནི། གཏུམ་པོའི་ནང་


GLG003_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྙིང་གི་དུམ་བུ་རྫོགས་བྱང་གི་མཐའ་ཅན། གཉིས་པ་ལ། བུམ་པའི་ལས་མཐའ། ཁྱད་པར་ནད་པ་གསོ་བ། གཏོར་སྒྲུབ་དབང་བསྐུར་གྱི་ལས་མཐའ། གནམ་ལྕགས་སྤུ་གྲི་རེག་གཅོད་ཅེས་མན་ངག་ཁོལ་ཆུང་ལྷ་འདྲེ་ཀུན་གྱི་སྙིང་གཟེར་དྲེགས་པའི་སྲོག་ཐིག་ལས་མཁན་བསྐུལ་བའི་ལྕགས་དུག་ཅན་བཅུད་ཕུར་སྔགས་ཟློག་ལ་ནང་གསེས་ཀྱི་བཙོན་བུ་དོང་དུ་གསད་པ། ངག་འབྱེད་གྱི་ལིང་སྒྲོག་འགྲོལ། སྒྱོགས་རྡོ་ལམ་དུ་གཅག་པ། སྡིག་ཕྲུག་མ་ལ་ཤེད་འབེབས། གཞན་ཡང་ཕར་ཐེབས་ཚུར་མི་ཟློག་པ། ཉུང་ལ་ཚང་བ། ལག་ལེན་བདེ་བ། ལྟ་བ་མཐོ་བ། གདེང་གསུམ། ཚད་གསུམ། གསལ་བ་གསུམ། གནད་གསུམ། དཔའ་བ་བཞི། འཁོར་ལོ་དང་བཅས་པ་སྟེ་སྤྱི་དོན་བཅུ་བཞིས་བསྟན་པ། གཟའ་རྒོད་འཇིག་རྟེན་པའི་སྒྲུབ་ཐབས་གསང་བ་དུག་གི་སྤུ་གྲི་ལ། ལོ་རྒྱུས་བཅའ་གཞི། དམིགས་བཟླས། རྟགས་སྦྱོར། འཆི་དུས་བཏབ་པ། ཞར་བྱུང་ཆོ་འཕྲུལ། ཐོག་སེར། རྒྱུན་གཏོར། བླ་རྡོ་དང་བཅས་པ། དྲག་སྔགས་འདུས་པའི་མཚོན་ཆ་སྡེ་བརྒྱད་ཝ་ཐོད་ནག་པོ་སྤྱི་དོན་རྣམ་དྲུག་གིས་བསྟན་པ་མཇུག་ཏུ་ལོ་རྒྱུས། ཙཀྲ་འདྲི་ཚུལ། གོང་གནོན་དང་བཅས་པ། བསྐྲད་པའི་འཁྲུལ་འཁོར་དོམ་ལག་མ་ཞར་བྱུང་དུས་ཚོད་འཇུག་ཐབས་བསྟན་པ། ཉེ་འབྱེད་སེ་ཤིང་སྤུ་གྲི་ཞེས་པ་མིར་མ་ཟད་ལྷ་མི་དབྱེ་བ། ཛཾ་དམར་ཐུགས་སྒྲུབ་སྤྱི་དོན་གསུམ་གྱིས་བསྟན་པ་ཞར་ལ་དབང་སྡུད་འཁོར་ལོ། ཟས། ནོར། སློབ་མ། བུ། བུད་མེད། མལ་གོས། ཁྲོམ་རྣམས་དབང་སྡུད་དང་རྟ་ཕྱུགས་སྤེལ་བ། གོད་ཁ་བསྲུང་བ་དང་བཅས་པ་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། འགོམ་ཆོག་ཕྲ་


GLG003_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མེན་འཁོར་ལོ་གསུམ་མ་བསོད་ནམས་རྒྱུན་གཅོད། དེའི་འཁོར་ལོའི་ཞལ་ཁྲིགས་སྤྱི་དོན་དྲུག་གིས་བསྟན་པ་དང་བཅས་པ། ཕུང་བྱེད་ཁང་སེལ་ར་དོམ་ནག་པོ་རྫོགས་བྱང་གི་མཐའ་ཅན། དམ་ལོག་སྔགས་པ་ངག་གནོན་རང་འོག་མ། རང་གཤེད་སྡེ་བརྒྱད་གནད་འཁོར་རྫོགས་བྱང་གི་མཐའ་ཅན་རྣམས། གསུམ་པ་གསང་སྒྲུབ་ལ་རྩ་སྒྲུབ་དང་ལས་ཚོགས་གཉིས། དང་པོ་ནི། གཏུམ་པོ་མཆོག་གི་སྒྲུབ་ཐབས་གསང་བ་ཞར་བྱུང་དངོས་གྲུབ་བསྒྲུབ་པ་དང་བཅས་པ། གཉིས་པ་ལ། ལས་བཞིའི་མེ་མཆོད་རྫོགས་བྱང་གི་མཐའ་ཅན། བསྟོད་པ་དམར་ནག་གྲུ་གསུམ་མ། ལས་བཞིའི་སྦྱིན་སྲེག་གི་ཞལ་གདམས་འདི་འཕྱོང་རྒྱས་ཀྱི་འཆིང་བར་སྟག་རྩེའི་མཆོད་རྟེན་ནག་པོ་ནས་བཏོན་ཟེར་བ་འདུག །བཞི་པ་སྐུའི་སྒྲུབ་པ་ལ་རྩ་སྒྲུབ་དང་ལས་ཚོགས་གཉིས། དང་པོ་ལ། གཏུམ་པོ་ཀླུ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་རྫོགས་བྱང་ཕྲད་ཤོག་གི་མཐའ་ཅན། དེའི་འཕྲིན་ལས་རྡོ་རྗེ་གཏུམ་པོའི་ལས་བྱང་རྫོགས་སོའི་མཐའ་ཅན། གཉིས་པ་ནི། གསང་ཕུར་ལས་ཚོགས་ཉེར་གཅིག་པ་བཞེད་པ། ཀླུ་བསྲུང་། སད་བསྲུང་། ཤྭ་ཟློག །ལྡུམ་ཞིང་གི་སེམས་ཅན་གསོད་པ། འབུ་བཙའ་བསྲུང་བ། ཞིང་ལ་ལོ་མི་སྐྱེ་བ། རྟ་ཕྱུགས་འཆི་བ། དགྲ་འཆི་བ། ས་བཀྲ་ངན་པ་བསྲུང་བ། ལྷ་འདྲེ་ཟིལ་གནོན། སྨྱོ་བོག་གདུལ་བ། མཛེ་གསོ་བ། ཟློག་པ། སྲིའུ་གསོ་བ། ནད་པ་གསོ་བ། གདོན་གདུལ། ཞོ་ཆང་བསྲུང་བ། ངག་གནོན། མཛེས་འཛིན་པ། ཁ་ཕུང་དུ་གཏོང་བ། རབས་གཅོད་པ་རྣམས་ཀླུ་གཏེར་གཞུག་པ། ཀླུའི་རྟེན་སྤོ་ཐབས། ཀླུ་བྱད་དགྲོལ་བ། ཀླུ་གཏའ་སྡོམ་པ། དེ་བཞི་པའི་བུམ་གཏེར་བཅའ་ཐབས་ཐེམས་མེད་ཞི་དྲག་པོ་ཤིན་ཏུ་དྲག་པོ་གསུམ་གྱི་སྒོ་ནས་འབེབས་པའི་ཆར་ཆོག་ཕྲད་ཤོག་གི་མཐའ་ཅན། ཀླུའི་གདོན་དགྲོལ་བའི་ཆོ་ག་


GLG003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་ས་འདུལ་གྱི་དོན་དུ་སློབ་དཔོན་ཆེན་པོས་མཛད་པ་རྫོགས་བྱང་གི་མཐའ་ཅན་རྣམས། ལྔ་པ་གསུང་གི་སྒྲུབ་པ་ལ་རྩ་སྒྲུབ་དང་ལས་ཚོགས་གཉིས། དང་པོ་ནི། རྡོ་རྗེ་གཏུམ་པོ་ནཱ་ག་བདུད་འདུལ་གསུང་གི་སྒྲུབ་ཐབས་རྫོགས་བྱང་ཕྲད་ཤོག་གི་མཐའ་ཅན། གཉིས་པ་ལ། དྲག་པོ་ཐུན་གྱི་ཀླུ་གསོད་པ། ཡུངས་དཀར་གྱི་ལས་མཐའ་ལ། སད་སེར། རླུང་ཆར། མཛེ་གདོན་བསྲུང་བ། ཆར་འབེབས། ཀླུ་འདུལ། རལ་གྲིའི་ལས་མཐའ་ལ་ཀླུ་དང་འབྱུང་པོ་གདོན་གདུལ་བ། སད་བསྲུང་། སེར་འབེབས། རྫས་ངན་ལས་མཐའ་ལ། གདོན་བགེགས་འབྲོས་པ། སེར་འབེབས། རང་བསྲུང་། སྲིའུ་དང་སྨྱོ་བོག་གསོ་བ། ཞོ་ཆང་། རིམས། ལྷོག་སྐྲངས། ཤུ་འབྲས་བསྲུང་བ། འཁོར་ལོའི་ལས་མཐའ་ལ་བརྟེན་ནས་བསྐམས་ནས་འཆི་བ། ཕ་ཚན་འཐབ་པ། མཛེས་འཛིན་པ། ལྐུགས་པ། གྲོང་ཁྱེར་འཁྲུག་པ། སྐྲོད་པ། སྨྱོ་བྱེད། དབང་དུ་བྱ་བ། གསོད་པ། ཟས་ནོར་སྤེལ་བ། གདོན་བསྲུང་གཉིས། རྦོད་གཏོང་ཟློག་པ། སྲིའུ་གསོ་བ། ལྷོག་བསྲུང་། ངན་ཐབས་ལས་མཐའ་ལ། མཛེས་འགས་པ། དབུགས་མ་བདེ་བར་འགུམ་པ། རྒྱུ་ཞགས་འཁོལ་ནས་འཆི་བ། མཚན་མ་སྐྲངས་ནས་འཆི་བ། མཛེས་ཁྱེར་བ། དམ་ལོག་སྔགས་པ་ངག་གནོན་རྣམས་འདི་ཐེམས་ལ་ནང་སྒྲུབ་ལ་ཡང་འདུག་པ་གཉིས་ཀའི་ལས་མཐར་འདས་དགོས་པ་ཞིག་ཡིན་ནམ་འདི་དང་མི་འདྲ་བའི་ངག་ནོན་ཡོད་དཔྱད་དོ། །དྲུག་པ་ཐུགས་སྒྲུབ་ལ་རྩ་སྒྲུབ་དང་ལས་ཚོགས་གཉིས། དང་པོ་ནི། གཏུམ་པོ་ཆེན་པོ་ཁྲོ་རྒྱལ་འདུས་པའི་ཐུགས་སྒྲུབ་བམ་ཧཱུྃ་སྒྲུབ་རྒྱ་བདུན་བཏབ་པའི་མཐའ་ཅན། གཉིས་པ་ལ། རྡོ་རྗེ་གསང་བ་ཐུགས་ཀྱི་ཕུར་གཅིག་མ་ཞེས་པ་གདབ་ལས་ཀྱི་


GLG003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བསམ་ཡས་བཞེང་དུས་ལྷ་འདྲེ་འདིས་བཏུལ་བ་མངའ་བདག་ལ་གདམས་པའི་མཐའ་ཅན། རྡོ་རྗེ་གཏུམ་པོ་ཁྲོ་བོ་བཅུའི་ལས་བྱང་དོན་གསུམ་པ། ཚོགས་མཆོད་རྒྱལ་པོ་དང་འཚོ་རྒྱལ་གཉིས་ལ་གདམས་པ་ཕྲད་ཤོག་གི་མཐའ་ཅན། བདུན་པ་འཕྲིན་ལས་ཀྱི་སྒྲུབ་པ་ནི། དྲེགས་པ་ཀུན་འདུལ་འཕྲིན་ལས་གཏད་ཀྱི་གདམས་པ། བརྒྱད་པ་ཡོན་ཏན་གྱི་སྒྲུབ་པ་ནི། གསང་སྔགས་སྒྲུབ་པའི་རྫས་ཆེན་རྒས་པ་སྲ་ཞིང་ཚེ་ཉི་ཟླ་ལྟར་འགྱུར་བ་ཕྲད་ཤོག་གི་མཐའ་ཅན། དགུ་པ་ཁ་སྐོང་སྐོར་ལ། སྒྲུབ་ཆེན་གྱི་ཁོག་ཕུབ་ལས་ཅན་ལ་ཕྲད་ཤོག་དང་རྫོགས་བྱང་གི་མཐའ་ཅན། དབང་བཀའ་རིན་ཅེན་འཕྲེང་བ་ཕྲད་ཤོག་རྫོགས་བྱང་གི་མཐའ་ཅན། དྲེགས་འདུལ་ཁྱུང་རྒོད་ཀྱི་གདམས་པ་ལ། སྔགས་ལ་བརྟེན་ནས་རང་བསྲུང་། རྫས་ལ་བརྟེན་ནས་ཀླུ། རྒྱལ་བཙན། མ་མོ། འགོང་པོ། རིམས་རྣམས་གཞན་ལ་བསྲུང་བ། འཁོར་ལོ་ལ་བརྟེན་ནས་བསྲུང་བ། གདོན་བསྐྲད། གཟེར། གསོད་པ། བསྲེག་མནན། གདོན་བཏུལ་ནས་གསོ་བ། སེར་ཟློག་རྣམས་ཕྲད་ཤོག་གི་མཐའ་ཅན། བཅུ་པ་ཐེམས་མེད་སྐོར་ལ། དྲེགས་པ་ཀུན་འདུལ་ཁྲོས་པའི་དྲིལ་སྒྲུབ་ཞར་བྱུང་སྔགས་དང་རྫས་ལ་བརྟེན་ནས་སྡེ་བརྒྱད་བརླག་པ། ལྷ་འདྲེ་མི་གསུམ་གནོན་པ། དྲེགས་པ་ཀུན་འདུལ་སྙིང་པོ་བསྡུས་པའི་སྒྲུབ་པ་རྟགས་ཡིག་ལས་སྦྱོར་བསྟོད་པ་དང་བཅས་པ་རྫོགས་བྱང་གི་མཐའ་ཅན། བུདྡྷའི་ངག་འབྱེད་ཁྱད་འཕགས་ཕྲད་ཤོག་གི་མཐའ་ཅན། མཁའ་འགྲོ་གསང་བ་ཡེ་ཤེས་ཕྱི་ནང་གསང་གསུམ་དུ་སྒྲུབ་པ། གཅིག་ཆོད་གནད་ཀྱི་སྤུ་གྲི་གཏད་ཁྲམ་ཀུན་གྱི་ཡང་སྙིང་ཟློག་མེད་གསེར་ཕུག་གི་ལས་རང་ལ་མི་ལྡོག་པ་འཁོར་ལོའི་བྲི་ཡིག་ཕྲད་


GLG003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་གི་མཐའ་ཅན། གཏེར་བདག་ལྡང་ལྷའི་སྒྲུབ་པ་ཕྲད་ཤོག་གི་མཐའ་ཅན། ལྷ་བཙན་གྱིང་གི་ཆོ་འཕྲུལ་ཕྲད་ཤོག་གི་མཐའ་ཅན་རྣམས། དཔེའུ་རིས་སྐོར་ལ། ཕྱི་སྒྲུབ་ལ། དཀྱིལ་འཁོར་གྱི་རྟེན་དང་སེར་འབེབས་ཀྱི་བཅས་ལས་བཞིའི་སྦྱིན་སྲེག་གི་དཀྱིལ་འཁོར། ཀླུ། ཀླུ་བཙན། ཀླུ་བདུད། ས་བདག །ཀླུ་སྲིན། གཉན། རྒྱལ་པོ། གཟའ་རྣམས་གསད་པའི་ལིངྒ་། དགུག་ཟད་གི་བཅས། ཐོག་སེར་དབབ་པའི་བཅས། ཐོག་བསྲུང་། ཀླུ་གཏད་འཁོར་ལོ། སྦལ་པའི་གསོན་གཏད་རྡོ་རྗེའི་དཔེའུ་རིས། ནང་སྒྲུབ། བུམ་པའི་དཀྱིལ་འཁོར། གཏོར་མའི་དཀྱིལ་འཁོར། བཙོན་བུ་དོང་དུ་གསོད་པའི་འཁོར་ལོ། རྦོད་གཏོང་ཟློག་པའི་འཁོར་ལོ། རང་བསྲུང་འཁོར་ལོ། སྤུ་གྲི་རེག་གཅོད་ཀྱི་ཟློག་གསད་ཁ་བསྒྱུར། དཀྱིལ་འཁོར་ལིངྒ། གཟའ་རྒོད་དུག་གི་སྤུ་གྲིའི་བཅས་རྣམས་གཞུང་གི་དངོས་བསྟན་དང་། གསང་རྟེན་བླ་རྡོ། ཨོལ་དགག །རང་བསྲུང་སྟོད་གནོན་སྒབ་འདྲེ་གནོན་པ་སོགས་གཞུང་གི་ཚིག་ཟིན་ལ་མེད་ཀྱང་གཟའ་རྒོད་དུག་གི་སྤུ་གྲི་ནས་ཁ་བསྐངས་པའི་ལག་ལེན་འཕྲུལ་ཤེས་པར་འདུག །སྡེ་བརྒྱད་ཝ་ཐོད་མའི་བཅའ་གཞི་ལིངྒ་ནང་འགྲས་ངག་གནོན། དོམ་ལག་མའི་བཅས། སེ་ཤིང་མའི་ལིངྒ་། ཛཾ་དམར། འགོམ་ཆོག །ཁང་སེལ་གྱི་བཅས། ངག་གནོན་གྱི་ལིང་འཁོར། སྡེ་བརྒྱད་གནད་དབབ། ལྷ་སྲིན་སྲོག་གཟིར་གྱི་དཀྱིལ་འཁོར། རྒྱལ་པོ་དང་འགོང་པོ་གནད་དབབ། བདུད་དམ་གཏད། བསེ་རག་ཁ་འཆིང་། བཙན་གནད་དབབ། གཙང་བཙན་རེངས་པ། གཟའ་བརྒྱད་ཀླད་ཀོར། འགོང་པོ་བརྡུང་བ། གནོད་སྦྱིན། བགེགས། ཡུལ་ལྷ། སྲིན་པོ། ཀླུ་བདུད། མ་མོ་གནད་དབབ། གནད་དབབ་


GLG003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་གཞུང་གི་ཚིག་ཟིན་མེད་ཀྱང་གཉེན་པོ་ལྷ་གསུམ་ནས་འཕྲུལ་ཤེས་པ་ཡིན། སྐུ་སྒྲུབ་ལ། སེང་ཕུར། ཀླུ་གཏེར། ཆར་འབེབས་སྐོར་གྱི་བཅས། བསྲུང་སྒྲུབ། རལ་གྲི། འབྱུང་པོ་ཞོ་ཆང་བརྐུ་བའི་གཟུངས། ལུས་སྐམས་པ་རུས་སྦལ་འཁོར་ལོ། འཐབ་པ་བསྒྲུབ་བྱའི་འཁོར་ལོ་མཛེས་ཁྱེར་བ་སྦྲུལ་འཁོར། ལྐུགས་པ་ལུག་འཁོར། གྲོང་ཁྱེར་འཁྲུག་པ་རྟ་དྲེལ་འཁོར་ལོ། ཡུལ་འདོན་རྔ་མོའི་འཁོར་ལོ། སྨྱོ་བ་ཕུག་རོན་འཁོར་ལོ། དབང་སྡུད་བྷ་གའི་འཁོར་ལོ། འཆིང་བ་སྤྲེའུའི་འཁོར་ལོ། ཟས་ནོར་འཕེལ་བ་གླང་འཁོར། གདོན་ཞི་བ་ཟླ་བའི་འཁོར་ལོ། བགེགས་ཞི་བ་རྒྱ་གྲམ་འཁོར་ལོ། རྦོད་གཏོང་ཟློག་པ་སེང་འཁོར། སྲིའུ་གསོ་བ་སྲེ་མོ་འཁོར་ལོ། གདོན་ཐུབ་རྨ་བྱའི་འཁོར་ལོ། ལྷོག་བསྲུང་ཕག་འཁོར། ངན་ཐབས་ཀྱིས་མཇལ་བསྐུར་བ། དབུགས་མི་བདེ་བར་འགུམ་པ། རྒྱུ་ཞབས་འཁོལ་བ། མཚན་མ་བསྐྲངས་པ་རྣམས་ཀྱི་བཅའ་གཞི། འཕྲིན་ལས་སྒྲུབ་པའི་བཅའ་གཞི་འཁོར་ལོ། ཁྱུང་སྒྲུབ་བསྲུང་འཁོར། མཁའ་འགྲོ་སྒྲུབ་པའི་དཔེ་རིས། གཅིག་ཆོད་གནད་ཀྱི་སྤུ་གྲིའི་བཅའ་གཞི་འཁོར་ལོའི་དཔེའུ་རིས་དང་བཅས་པ་ལེགས་པར་ཐོབ་པའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་དགའ་རབ་རྡོ་རྗེ། དྲིན་ཅན་ཨོ་རྒྱན་ཆེན་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། ལྷ་ལྕམ་པདྨ་གསལ། གཏེར་སྟོན་རིན་ཅེན་ཚུལ་རྡོར། ཤོ་བན་རྒྱལ་སྲས་ལེགས་ལྡན། སྤྲུལ་སྐུ་ཀློང་ཆེན་རབ་འབྱམས། མཁས་གྲུབ་ཆོས་རྗེ་གཏེར་སྟོན་པདྨ་གླིང་པ། དེ་ལ་དྲིན་ཅན་གསང་སྔགས་རྡོ་རྗེ་དང་སྤྲུལ་སྐུ་ཆོས་ཀྱི་དབང་པོས་གསན། གཉིས་ཀ་ལ་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ་


GLG003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་རིན་ཅེན་ཕུན་ཚོགས། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། མི་འགྱུར་ཀུན་དགའ་དཔལ་བཟང་། བཀྲ་ཤིས་རྒྱ་མཚོ་མན་གོང་ལྟར། ཡང་ན་རྗེ་རིན་ཅེན་ཕུན་ཚོགས་ནས། ཆོས་རྗེ་ཉི་ཟླ་སངས་རྒྱས་དཀར་ཆེན་ལན་པུ་ཨ་མི། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལའོ། །ལུང་གི་བརྒྱུད་པ་ནི། རྗེ་ཀུན་དགའ་ཚེ་མཆོག་ནས། རིག་འཛིན་གཞོན་ནུ་དོན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ཤོ་བན་ནས་རིམ་པར། གུ་རུ་ནམ་མཁའ་རྡོ་རྗེ། རྒོད་འབྲུག་སྙན་བརྒྱུད་རས་པ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ་མན་གོང་བཞིན་ནོ། །སྤྲུལ་སྐུ་ལས་འབྲེལ་རྩལ་གྱིས་ཕྲ་མོ་བྲག་ནས་སྤྱན་དྲངས་པའི་རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་སྐོར་ལ། བྱིན་རླབས་དབང་གི་འཕྲེང་བའི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། ལྷ་དབང་། ཀླུ་ཆེན་བརྒྱད། སྔགས། གཏོར་མ། ཁྲུས། ཡུངས་དཀར་སོགས་རྟེན་འབྲེལ་རྫས་དབང་དང་བཅས་པ་ལེགས་པར་མནོས་ནས། ལུང་ལ། རྩ་བརྒྱུད། དེ་ལས་འཕྲོས་པའི་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། སྒྲུབ་པ་གསུམ་གྱི་ཆ་ལག །སྨིན་བྱེད་དབང་། བསྲུང་བརྟག་ཕན་བྱེད། གནོད་བྱེད་གཏད། མན་ངག་ཐོར་བུ། གཏེར་སྲུང་། ཆོས་བདག་ལུང་བསྟན་དང་བཅུ་གཅིག །དང་པོ་ནི། ནཱ་ག་ཀླུ་འདུལ་གྱི་རྒྱུད་ལེའུ་སོ་བདུན་པ། གཉིས་པ་ཕྱི་སྒྲུབ་ལ། ཕྱི་སྒྲུབ་ཀླུ་དགུས་བསྐོར་བའི་སྒྲུབ་ཐབས་བུ་ལ་སྤེལ་ཡང་མནའ་ལན་གསུམ་བྱ་བའི་མཐའ་ཅན། དེའི་ལས་བྱང་ཕྲད་ཤོག་གི་མཐའ་ཅན། སེང་ལྡེང་ཕུར་


GLG003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་ཚོགས་ཉི་ཤུ་རྩ་གཅིག་པ། འདི་དྲེགས་འདུལ་ན་ཡོད་པ་དང་གཅིག་ཀྱང་ཚིག་ཞུས་དག་མི་ཕེར། གསུམ་པ་ནང་སྒྲུབ་ལ། སྒྲུབ་ཐབས་རིན་པོ་ཆེའི་འཕྲེང་བ་འཕྲད་ཤོག་གི་མཐའ་ཅན། རྟ་མགྲིན་ལྷ་གསུམ་ལ་གཏོར་མ་གཏོང་བའི་རིམ་པ་རྫོགས་བྱང་གི་མཐའ་ཅན་གཟའ་ཀླུ་གདུལ་བའི་སྒྲུབ་པ་བསམ་ཡས་ས་འདུལ་དུས་སློབ་དཔོན་ཆེན་པོས་མཛད་པ། གསད་པ་ལས་ཀྱི་མན་ངག་དྲག་པོ་ཐུན་བདུན་གྱིས་ལས་བསྟན་པ། འགོ་མཇུག་ཙམ་མ་གཏོགས་དྲེགས་འདུལ་དང་མཐུན། དྲག་པོ་གསུམ་དྲིལ་གྱི་སྦྱིན་སྲེག་གི་ལས་རིམ་བསྟན་པ། མནན་པ་མཚོ་ནང་རྡོ་སྐྱུར། འཕུང་བྱེད་སེར་བའི་ལས་མཐའ་སྤེལ་བར་མ་ཕོད་པ་སྦས་བྱང་གི་མཐའ་ཅན། གཏད་ཀྱི་ལས་མཐར། མཛེ་ནད་འཁོར་ལོ། བསྲུང་འཁོར་རྡོ་རྗེའི་གོ་གྱོན། བསྲུང་སྐུད་འཇིགས་པ་བརྒྱད་སྐྱོབ། སེང་ལྕགས་ཙནྡན་གསུམ་ལ་བརྟེན་པའི་ཕུར་བསྲུང་ཕྲད་ཤོག་གི་མཐའ་ཅན། བགེགས་དཔུང་ཟིལ་གནོན་བསྲུང་བ་ཀུན་མཆོག་རྣམས། བཞི་པ་གསང་སྒྲུབ་ལ། སྒྲུབ་ཐབས་ཀླུ་རིགས་བཞིས་སྐོར་བ་དྲག་སྔགས་གནད་ཀྱི་ཕྲེང་བ་རྫོགས་སོའི་མཐའ་ཅན། བུམ་པའི་ལས་ཚོགས་རྫོགས་བྱང་གི་མཐའ་ཅན། ཡུངས་ཀར་ལས་མཐའ་གང་བྱེད་ལས་ལ་ཙམ་ཆོག །དྲེགས་འདུལ་དང་དོན་འདྲ་ཡང་ཚིག་ཞུས་ཅུང་མི་ཕེར། སེང་ཕུར་ལས་མཐའ་ལས་ཀུན་འགྲུབ་བྱེད། རལ་གྲིའི་ལས་མཐའ་ནད་གདོན་ཀུན་ལས་ཐར་བྱེད། དྲེགས་འདུལ་ན་ཡོད་པ་དང་དོན་འདྲ་ཡང་ཞུས་དག་མི་ཕེར། རྡོ་རྗེའི་ལས་མཐའ་འཛམ་གླིང་བོད་ཡུལ་ན་དཀོན་པ། ལྕུགས་མའི་ལས་མཐས་སད་སེར་དང་སྲིའུ་བསྲུང་བ། ཀླུ་དབང་དུ་བསྡུ་བ། ཀླུ་ནད་གསོ་བ། རྒྱལ་འགོང་སྨྱོ་འབོག་བགེགས་ཀུན་གདུལ་བ་བསམ་པ་ཀུན་འགྲུབ། གུ་གུལ་ལས་མཐའ་གདོན། དྲེགས་འདུལ་དང་ཕལ་ཆེར་


GLG003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་དག་ཕེར། རིམས། སྲིའུ་ཞོ་ཆང་བསྲུང་བ་ཀུན་ལ་མེད་པ། འཁོར་ལོའི་ལས་མཐའ་ལས་བཞི་སྒྲུབ་པའི་ཁ་བསྒྱུར་ཅན། དྲེགས་འདུལ་ན་ཡོད་པ་དང་ཚིག་ཞུས་མི་ཕེར། ངན་ཐབས་ལས་མཐའ་ཟབ་མོ་ཐུན་མོང་མ་ཡིན་པ། དྲེགས་འདུལ་དང་ཚིག་ཞུས་མི་ཕེར། ལས་མཐའ་དེ་རྣམས་ཀྱི་གནད་ཡིག་རྫོགས་བྱང་གི་མཐའ་ཅན་རྣམས། ལྔ་པ་སྒྲུབ་པ་གསུམ་གྱི་ཆ་ལག་ལ། ལུང་བསྟན་གླེང་བསླངས་མ་ཏི་སྒོམ་པ་དང་ཕྱི་ནང་གསང་བའི་རྟགས་རིམ་བཅས་པའི་བསྐྱེད་རིམ་ལེའུ་བཞི་པ། ཏིང་འཛིན་ཁྱད་པར་འཕགས་པ་ལས་ཅན་འཕྲད་ཤོག་གི་མཐའ་ཅན། གནས་ཀྱི་མཚན་ཉིད་བསྟན་པ་སྔོན་དུ་འགྲོ་བའི་གཉེན་པོ་ལྷ་གསུམ་གྱི་སྒྲུབ་ཐབས་བསྙེན་པའི་ཆོ་ག །བཟླས་པ་བྱ་ཐབས་མཇུག་ཏུ་ལྷ་ཐམས་ཅད་གཅིག་ཏུ་བསྡུ་བའི་མན་ངག །ལས་བྱང་ཚོགས་མཆོད་དང་བཅས་པ། ཞལ་གདམས་ལོགས་སུ་གབ་པ་ཀུན་ལ་མི་སྟོན་པའི་བཀའ་རྒྱ་ཅན་རྣམས། དྲུག་པ་སྨིན་བྱེད་དབང་ནི། ཁྲོ་བོ་ལྷ་གསུམ་གྱི་བྱིན་རླབས་དབང་གི་འཕྲེང་བ་ཕྲད་ཤོག་གི་མཐའ་ཅན། བདུན་པ་བསྲུང་བརྟགས་ཕན་བྱེད་ལ། དྲག་པོ་སྔགས་ཀྱི་འཕྲེང་བ་ཕྲད་ཤོག་གི་མཐའ་ཅན། ཁྲ་བོ་བསྲུང་བའི་འཕྲེང་བ་ཞེས་པ་དགོངས་པ། ཕྱག་རྒྱ། སྔགས། འཁོར་ལོ། རྟེན་འབྲེལ་རྫས། མི་མཐུན་རྫས་རྣམས་ཀྱི་བསྲུང་བ། བརྟག་པ་གསལ་བའི་འཕྲེང་བ་ལེའུ་བཅུ་གསུམ་པ་རྫོགས་སོའི་མཐའ་ཅན། དཀར་པོ་སྨན་༼གཏེར༽གྱི་འཕྲེང་བ། ནཱ་ག་ཀླུ་འདུལ་བའི་༼གཏེར༽ཉམས་ལེན་མན་ངག་གི་འཕྲེང་བ་ལེའུ་བཅུ་གསུམ་པ། ཀླུ་གདུལ་ཞིང་ལྷ་སྲིན་སྡེ་བརྒྱད་འགག་བསྡམས་པའི་ནག་པོ་རྫས་འཕྲེང་ཀུན་ཐུབ་རྒྱལ་པོ། ཟ་བ། བྱུག་པ། བཅང་པ། བདུག་པ། དུས་ཚོད་དང་སྦྱོར་བ། ཁ་ཡར་གྱི་བསྲུང་བ་སྟེ་ནག་པོ་རྫས་འཕྲེང་ལེའུ་


GLG003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ། སྤྱི་གནད་ལྔ་དང་སྲོག་གཟེར་གཅིག་གི་སྒོ་ནས་སྡེ་བརྒྱད་སྲོག་དང་དབྲལ་བ། རྒྱལ་པོ་གནད་ལ་བོར་བ། འགོང་པོ་གནད་ལ་དབབ་པ། བདུད་དམ་ལ་འདོགས་པ། བསེ་རག་ཁ་འཆིང་། བཙན་རྒོད་དྲུ་གུ་ཐུལ་དུ་གསད་པ། གཙང་བཙན་རེངས་སུ་གཞུག་པ་གཟའ་བརྒྱད་ཀླད་ལ་ཀོར་བ། འགོང་པོ་ཤི་ས་བསྟན་པ། གནོད་སྦྱིན་གནད་ལ་དབབ་པ། ཡུལ་ལྷ་གནད་ལ་དབབ་པ། སྲིན་པོ་གནད་ལ་དབབ་པ། ཀླུ་ཤི་ས་བསྟན་པ། ཐེའུ་བྲང་ཤི་ས་བསྟན་པ། མ་མོ་དབང་དུ་བསྡུ་ཞིང་རྫུ་འཕྲུལ་སྲོག་དང་དབྲལ་བ་རྣམས་ལ་ཕོ་གནད་བཅུ་གསུམ་དང་མོ་གནད་བདུན་པར་གྲགས་པ། གཉེན་པོ་ལྷ་གསུམ་གྱིས་གདོན་གྲོལ་བ་རྣམས། བརྒྱད་པ་གནོད་བྱེད་གཏད་གྱི་སྐོར་ལ། ས་བདག་གཟའ་ཀླུའི་གཉེན་པོ་སྒྲུབ་པ་ལེའུ་བསྲུང་བ་དྲག་པོ་གསུམ་དྲིལ་བསྟོད་པ་ཆུ་ཀླུང་རབ་འཁྲུག་དང་བཅས་པ། གཏད་རྒྱུད་གསལ་སྒྲོན་གྱི་ཐེམས་བྱང་། རྟ་མགྲིན་ནཱ་ག་ཀླུ་འདུལ་གཏད་རྒྱུད་གསལ་བའི་སྒྲོན་མེ་ལེའུ་བཅུ་གཉིས་པ། ཆུ་རླུང་རབ་ཏུ་འཁྲུག་བྱེད་བཙན་དུག་དྲག་༼གཏེར༽རེག་གཅོད་ཀྱི་ལེའུ་དྲུག་པ། ལས་སྦྱོར་གྱི་སྒྲུབ་པའི་ལེའུ། ཙཀྲ་དང་ལིངྒའི་བཅའ་གཞི་བསྟན་པ་ལེའུ་བདུན་པ། ༼གཏེར༽ཁོལ་དུ་ཕྱུང་བ་བཅའ་གཞིའི་ལེའུ་རྒྱ་གསུམ་མཐའ་ཅན། གསུར་གཏད་དྲན་ཕུང་ནག་པོ། གསུར་གཏད་དུག་སྦྲུལ་ཁུག་པ། གསུར་གཏད་ཀྱི་ཁ་གཟན་སྐྱུར། རྟགས་མཚན་མ་བྱུང་ན་ཀླུའི་རྩ་༼གཏེར༽སྔགས་སྲོག་སྙིང་བཟླ་ཐབས། གསུར་གཏད་ཀྱི་འགྲེལ་པ་སྙིང་གི་དུམ་བུ་ཞེས་པ་གཉེན་པོའི་ལྷ་མ་བསྒྲུབས་པར་གཏད་ན་རང་ཕུང་ཚུལ། བསྐམ་གཏད་གཤེད་གཏད་ཀྱིས་དམིགས་ཀྱི་ལེའུ། ལས་སྦྱོར་གཏད་ཀྱི་རིམ་པ་ཤིན་ཏུ་རྩུབ་པར་༼གཏེར༽གྲགས་པའི་ས་འཚོལ་ལེའུ་བརྒྱད་པ། དངོས་


GLG003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྨི་ལྟས་ཆུ་མིག་གི་མདོག །གཏད་ལེན་མི་ལེན། བཟློག་རྟགས་ལ་ཏིང་འཛིན་རྫས་ཀྱིས་ལམ་སྤྱོད་པ་ཀླུའི་སར་འགྲོ་དུས་ཀྱི་དམིགས་བཟླས་སོགས་སྟོན་པ་ཞལ་གདམས་༼གཏེར༽སྙིང་དང་འདྲ་བ་ལོགས་སུ་གབ་པ་ཉམས་ཀྱི་འཕྲེང་བར་གྲགས་པ། སྡེ་བརྒྱད་ཀྱི་༼གཏེར༽ཐུན་སྔགས། གསང་གཏད་ཀྱི་དུས་༼གཏེར༽ཀླུ་སློང་བའི་གདམས་པ། གཏད་ཀྱི་སྤྱི་ཐེམས་༼གཏེར༽གསལ་བའི་སྒྲོན་མེ་སྙིང་ལ་བསྟིམ་པའི་གདམས་པ། སློབ་དཔོན་ཆེན་པོ་ལ་སྤ་གོར་བཻ་རོ་ཙ་ནས་ཞུས་པའི་༼གཏེར༽གཏད་ཀྱི་སྤྱི་དོན་ཞུས་ལན་འཕྲུལ་གྱི་མེ་ལོང་རྫོགས་བྱང་གི་མཐའ་ཅན། གཏད་རྒྱུད་གསལ་སྒྲོན་གྱི་གནད་ཀྱི་སྤུ་གྲི་ཞེས་པ་བཅའ་བཞི་རང་ལ་མི་བཟློག་པ་འཁོར་ལོ་འདྲི་ཐབས་གསུམ་བསྟན་པ་ཤིན་ཏུ་གསང་བའི་མཐའ་ཅན། གཏད་རྒྱུད་གསལ་སྒྲོན་ནས་ལོགས་སུ་གབ་པ་ས་གསུར་དུར་དྲི་ནག་པོ་ཞེས་པ་མནན་གཏད་ཀྱི་ཐེམས་མེད་མི་རུང་། གཏད་ཀྱི་ཁོང་སྙིང་ལས་སྦྱོར་ཐམས་ཅད་ཀྱི་ཁ་སྐོང་ཅོག་བརྡུང་སྲོག་གི་སྤུ་གྲི་ཞེས་པ་གསལ་སྒྲོན་གྱི་འགྲེལ་པ་ལག་ཏུ་བླང་བའི་རིམ་པ། གཏད་བཟློག་ནག་པོའི་འཁོར་ལོ། གཏད་བཟློག་བནྡེ་ནག་པོའི་གཤེད་ཆེན། གཏད་བཟློག་གཤེད་ནག་ལས་ཀྱི་མཐར་ཐུག །གཞན་གྱི་ཚུར་གཏད་བཅུག་པ་༼གཏེར༽བཟློག་པ་དང་གཏད་མཁན་རང་གཤེད་༼གཏེར༽ལ་འབེབས་པ་གསལ་སྒྲོན་གྱི་ཞལ་གདམས་མ་བུ་མ་ལུས་པ། གསང་སྒོ་རྣམ་པ་བཅུ་བདུན། ༼གཏེར༽གྱི་ངོས་འཛིན་གཏད་བསྲུང་རྡོ་རྗེའི་གོ་ཆ། རྡོ་རྗེ་གཅིག་ཐུབ་བསྲུང་བ། མེད་ཐབས་མེད་པའི་རྫས་བསྲུང་། བསྐྱེད་རྫོགས་བཟླས་གསུམ་གྱིས་བསྲུང་བ། ལམ་བཅད་པའི་མན་ངག་གཞན་ལ་ཡོད་ན་དཀོན་ཅོག་དཔང་པོར་བཞུགས་པ། སྒོ་དགུ་འགག་པའི་བསྲུང་བ། རིགས་བཞིའི་


GLG003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ལ་ཉམ་ང་མེད་པའི་བསྲུང་བ། སྤྱི་མགྲིན་ལྟེ་བ་གསང་གནས་བཞི་རྫས་ཀྱིས་བསྲུང་བ། ཀླུ་གདོན་གྱིས་མི་ཚུགས་པའི་རྫས་སྦྱོར། དུས་མིན་འཆི་བ་བཟློག་པའི་རྫས་སྦྱོར། འདི་ཕྱི་གཏན་དུ་མི་བཟློག་པའི་གཏད་བསྲུང་། ལྒང་ཕུག་ནང་དུ་ཁྲག་སྣ་སོགས་ལྡུགས་པ། མཆོད་རྟེན། བསོད་ནམས་ཚོགས་གསོག །རྣམ་འཇོམས་ཀྱི་ཁྲུས་ཆོག་སོགས་སྟོན་༼གཏེར༽པའི་ཞལ་གྱི་གདམས་པ། རྡོ་རྗེ་སེམས་ལ་བརྟེན་པའི་ཁྲུས་༼གཏེར༽ཆོག་རྣམས། དགུ་པ་མན་ངག་ཐོར་བུ་ལ། ཨོ་རྒྱན་ཆེན་པོས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསེར་སྲང་བརྒྱ་ཕུལ་ནས། ཞུས་པའི་སྤུ་གྲི་ཅོག་བརྡུང་རང་གཤེད་འབེབས་པའི་ལས། སློབ་དཔོན་ཆེན་པོས་སོ་ས་གླིང་དུ་མཁའ་འགྲོ་མ་སུ་ཁ་སིདྡྷི་ལ་ཞུས་པའི་དྲག་པོ་ཅོག་བརྡུང་ཐོག་དང་འདྲ་བའི་སྤུ་གྲི། དབང་ཆེན་ལྟོ་འཁོར་སྡེ་བརྒྱད་ཀྱིས་བསྲུང་བ་ཡིད་བཞིན་ནོར་བུ། གཤིན་རྗེ་བསྲུང་བ། ཀླུ་དང་ས་བདག་བསྲུང་བ། བདུད་བསྲུང་། རྒྱལ་བསྲུང་། མ་མོ་བསྲུང་བ། སྡེ་བརྒྱད་སྤྱི་བསྲུང་། གོ་ལྡོག་འཁོར་ལོས་ཆུ་དང་སེར་བ་སྡེ་བརྒྱད་བཟློག་པ། ནད་འགྲས་བཟློག་པ་སྔགས་པ་སྟོང་དང་འགྲས་ཀྱང་ཉམ་ང་མེད་པ་གཟའ་བདུད་གཤོར་བ་ནག་པོའི་དྲགས་སེར་འབེབས་པའི་རྒྱུད་ལེའུ་དྲུག་པ་རྡོ་རྗེ་གདན་གྱི་ནུབ་བྱང་མཚམས་ནས་སློབ་དཔོན་ཆེན་པོས་སྤྱན་དྲངས་ཏེ་ཕྲ་མོ་བྲག་ཏུ་སྦས་པ། གཟའ་རྒོད་གཤོར་བ་ནག་པོའི་དྲག་སེར་གྱི་གདམས་པ་བསྐལ་པ་འཁྲུགས་ཀྱང་ཁར་མི་དབྱུང་བ་རྣམས། བཅུ་པ་གཏེར་སྲུང་ལ། ལྡང་ལྷ་སྤུན་གསུམ་གྱི་བསྙེན་སྒྲུབ་༼གཏེར༽ལས་གསུམ་གྱི་བསྙེན་སྒྲུབ་ལས་གསུམ་སྤུ་གྲི་ཅོག་བརྡུང་མ། བསྐུལ་ལྷ་ཡི་༼གཏེར༽དགེ་བསྙེན་མ། ལྷ་བཙན་༼གཏེར༽གིང་གི་ཆོ་འཕྲུལ། ལྷ་དང་ཕྲལ་བ་༼གཏེར༽བྱ་འུག་ལ་བརྟེན་པ།


GLG003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ལ་བརྟེན་པའི་༼གཏེར༽ལྷ་དབྱེ། སེལ་༼གཏེར༽གཏོང་བ། གསོལ་ཁ་བདུད་༼གཏེར༽ཡུལ་མ་རྣམས། བཅུ་གཅིག་པ་ལུང་བསྟན་ལ། ཆོས་བདག་ལུང་བསྟན་པདྨའི་ཐུགས་སྲས་ལ་སྤྲོད་པའི་མཐའ་ཅན་དང་བཅས་པ། དཔེ་རིས་ལ། ལྷ་གསུམ་གྱི་བསྲུང་འཁོར། ཟློག་འཁོར། གསལ་སྒྲོན་འཇམ་གཏད་ཀྱི་འཁོར་ལོ། སྦལ་པ་དཀར་ནག་གི་གཏད་འཁོར་རྒྱས་བསྡུས་གཉིས། ལིང་རྐྱང་མི་གཅིག་པ་གཉིས། ཆུ་རླུང་འཁྲུག་བྱེད་ཀྱི་ཕོ་འཁོར་མོ་འཁོར། སྒྲོམ་ཤིང་། གཏད་ཟློག་རང་གཤེད་དབབ་པའི་འཁོར་ལོ། མཆོད་རྟེན། འབྲུབ་ཁུང་གི་དཔེ། རང་བསྲུང་ལྟོ་འཁོར་མ། གསལ་སྒྲོན་ལས་སྦྱོར་ལེའུ་ལས་བྱུང་བའི་བསྲུང་འཁོར་རྣམས་ལེགས་པར་ཐོབ་པའི་གཏེར་གྱི་རྟགས་ཅན་རྣམས་དང་གདོན་དགྲོལ་མ་གཏོགས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། ཇོ་མོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། ལྷ་ལྕམ་པདྨ་གསལ། གཏེར་སྟོན་པདྨ་ལས་འབྲེལ་རྩལ། སྟོན་པ་ཤཱཀྱ་བྱང་ཆུབ། གུ་རུ་ཆོས་རྒྱལ་རྡོ་རྗེ། གྲུབ་ཆེན་ཀུན་དགའ་འབྱུང་གནས། བླ་མ་ནམ་མཁའ་སངས་རྒྱས། སྤྲུལ་སྐུ་ནམ་མཁའ་ལྷུན་གྲུབ། ཡོངས་འཛིན་ཤཱཀྱ་སྙིང་པོ། བླ་མ་ཤཱཀྱ་དོན་གྲུབ། གྲུབ་ཆེན་དགེ་འདུན་རྒྱ་མཚོ། ཐོག་ཡག་པ་བླ་མ་བརྩོན་འགྲུས་བཟང་པོ། སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར། རྫོགས་ཆེན་པ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ། དར་སྡིངས་རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་གྱི་རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། རིག་འཛིན་འཕྲིན་ལས་ལྷུན་གྲུབ་ནས།


GLG003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །གདོན་དགྲོལ་གྱི་བརྒྱུད་པ་ནི། གཏེར་སྟོན་ནས། རྒྱལ་སྲས་ལེགས་ལྡན། དྲི་མེད་འོད་ཟེར། ཐར་པ་གླིང་པ། པདྨ་གླིང་པ། སྔགས་འཆང་གསང་སྔགས་རྡོ་རྗེ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། འབྲི་གུང་གནམ་ལྕགས་མེ་འབར། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ་ཡབ་སྲས་ནས་བརྒྱུད་དོ། །གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱི་གཏེར་གྱི་གཏེར་མའི་ཐུགས་རྗེ་ཆེན་པོའི་འཇིག་རྟེན་དབང་ཕྱུག་དམར་པོ་སྒྲུབ་པ་དབང་ཕྱུག་རླུང་གི་ཞགས་པའི་ཆོས་སྐོར་གྱི་ལུང་མནོས་པ་ལ། དཀར་ཆག །མཛེས་མ་རྒྱན་འཁོར་གྱི་ལེའུ་བརྒྱད་པ། གཏོར་དབང་གི་ཡི་གེ །བསྟོད་པ་རྒྱ་མཚོ་ཆེན་པོ་མ། བསྐུལ་དབང་ཕྱུག་ཡབ་ཡུམ་མ། ན་རཱི་བསྟེན་པའི་སྐོར་ལ་ཟླ་བ་བརྩོན་འཛིན། ཨུ་མ་དེ་བའི་ཐབས་ལམ། གཞན་རྐྱེན་གྱི་ཐིག་ལེ་བསྲུང་བ། ནལ་བུ་སྒྲོལ་བ། ནུས་སྟོབས་བསྐྱེད་པའི་སྦྱོར་བ། མངལ་བསྲུང་མཚན་བརྗོད་སྐོར་ལ། མུ་སྟེགས་ཀྱི་དགྲ་བོ་གསོད་པའི་མཚོན་ཆ་རླིད་བུ་ཕུ་འདེབས། སྔགས་ཀྱི་དག་ཡིག །རྐྱལ་བུ་ཕུ་འདེབས། ལྟས་ངན་སྨྱོ་བོག་གཏོང་བ། སྒབ་འདྲེ་མནན་པ། མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གསུངས་པའི་ལོག་གནོན་གྱི་མན་ངག་བསྲུང་འཁོར་དང་བཅས་པ། ཉེ་བྱེད་སྣ་འབེབས་ཀྱི་སྐོར་ལ། མངལ་ཁྲག་མི་ཐུབ་པ། སྐྲ་བྱི་བ། དྲི་མི་ཞིམ་པ་གཏོང་བ། གཞན་ཡང་འཇིག་རྟེན་གསལ་མཐོང་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། མཆིམས་ཀྱི་རྡོ་རྗེ་སྤྲེ་ཆུང་གཏེར་སྟོན་རིན་ཅེན་ཚུལ་


GLG003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར། རྒྱལ་སྲས་ལེགས་ལྡན། མཁས་གྲུབ་དྲི་མེད་འོད་ཟེར། རྗེ་ཐར་པ་གླིང་པ། སྟག་མགོ་བྱ་བྲལ་ཆོས་རྗེ། རྗེ་སངས་རྒྱས་དབོན་པོ། གནས་བརྟན་ཡོན་ཏན་དཔལ་བ། རྗེ་སངས་རྒྱས་ཡེ་ཤེས། མཚུངས་མེད་སངས་རྒྱས་རྒྱལ་མཚན། རིག་འཛིན་ཀུན་དགའ་དཔལ་བཟང་། རྗེ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་དུ་མ་རང་གྲོལ། ཕ་ཇོ་གཞོན་ནུ་དོན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་སྟོན་ལས་འབྲེལ་རྩལ་གྱིས་ཕྲ་མོ་བྲག་ནས་སྤྱན་དྲངས་པའི་འཇམ་དཔལ་གཤིན་རྗེ་ཀིང་ཀང་ནག་པོ་གཤོར་གསང་ཉི་མ་ཁྲོས་ཀྱི་སྒོ་ནས་དགྲ་བགེགས་གནོན་པ་ལྟོ་ནག་ལས་ཀྱི་འབྲུབ་ཁུང་ཁ་ལ་རྒྱས་འདེབས་ཀྱི་སྐོར་ལ། ས་བདག་གདུག་པའི་སྲོག་འཁོར་མུ་ཁྱུད་བཅུ་གཅིག་པ་ཁ་ལ་རྒྱས་འདེབས་ཆེན་མོ་དགྲ་མནན་བར་གཅོད་ཀུན་འཇོམས་སུ་གྲགས་པ་ཚེ་འདི་ལ་དགྲ་ལྡང་མི་སྲིད་པའི་མཐའ་ཅན། མུ་ཁྱུད་བདུན་པ་ཁ་ལ་རྒྱས་འདེབས་འབྲིང་པོ་ཕྲ་མོ་བྲག་ནས་སྤྱན་དྲངས་པ་རྫོགས་སོའི་མཐའ་ཅན། ལིང་རྐྱང་ལ་བརྟེན་པའི་ཁ་ལ་རྒྱས་འདེབས་ཆུང་བ་ལག་ལེན་མ་བསྒྲིགས་པ་འོའི་མཐའ་ཅན། ཞོར་སྒྲུབ་གླང་རུ་ལ་བརྟེན་ནས་དགྲ་ཇག་འཆིང་བ་སྐབས་སུ་ཐུན་གསོའོའི་མཐའ་ཅན། དེའི་གསལ་བྱེད་ཀྱི་ཡི་གེ་གཏེར་ནས་གདན་དྲངས་པའི་མཐའ་ཅན། ཇག་འཆིང་གི་ཕྱོགས་དང་སྔགས་ཀྱི་མཐའ་བསྒྱུར་ལུགས། དགྲ་ཕྱེ་རུ་འཐག་པ་རང་འཐག་གི་འཁོར་ལོ། རང་འཐག་འཁོར་ལོ་འབྲི་ཚུལ་གྱི་ཡིག་ཆུང་། དགྲ་རླུང་ལ་འཕྱར་བ་འཕན་དར་གྱི་འཁོར་ལོ་རྫོགས་སོའི་མཐའ་ཅན། དེའི་ལག་ལེན་གྱི་ཡི་གེ་གཏེར་མ་ཡང་དག་པའི་མཐའ་ཅན། ཤོག་སེར་གྱི་ཞལ་གདམས་ཡིག་ཆུང་ཞེས་པ་བདག་


GLG003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཁོར་ལོའི་ཏིང་འཛིན་དང་རང་འཐག་གི་རྫས་སྔགས་སོགས་བསྟན་པ་ཤོག་སེར་གྱི་ཞལ་གདམས་ཟབ་མོ་ཕྲ་མོ་བྲག་ནས་བཏོན་པའི་མཐའ་ཅན། བདག་བསྐྱེད་ཀྱི་མངོན་རྟོགས། མདུན་བསྐྱེད་ཀྱི་གསོད་ཁང་ལིངྒ་གཙོ་བོ་ཡབ་ཡུམ་ལ་ཡ་མ་རཱ་ཛ། ཨེ་ཀ་ཛ་ཊི། བཙན་འགོང་ཡབ་ཤུད་དམར་པོ། བདུད་པོ་སྐོས་རྗེས་འབྲང་དཀར་རྣམས་ཀྱིས་བསྐོར་བའི་མངོན་རྟོགས་ཉ་བོ་འདྲི་པའི་སྤྱོད་ལམ། ལྷ་དབྱེ་གནད་ལྔ་མ། བླ་འགུགས། ལིངྒ་སྒྲིལ་བའི་དམིགས་པ་དང་མནན་པ་བྱ་ཚུལ་དུ་རུ་ཀའི་དམག་ཀྱང་བཟློག་པའི་མཐའ་ཅན། སྒབ་འདྲེ་གནོད་སྦྱིན་སྦྲང་ཆགས་སྤུན་གསུམ་གནོན་པ། ངག་གནོན་ལིངྒའི་བྲི་ཡིག །དགྲ་སྤྱིའི་ལིངྒ་འདྲི་ཚུལ། ཐོད་པའི་ཡི་གེ །ལྟེ་བའི་གནད། ལིང་ཁྲུས། འགྲོལ་མེད། རྫས་མིག་དགུ། མུན་གླིང་། རྗེས་གཅོད་དང་བཅས་པའི་ཞལ་གདམས། སྡེ་བརྒྱད་གང་ལ་གཏོད་ཀྱིས་དམིགས་ངོས་འཛིན། བླ་འགུགས་མནན་པ་གསད་པ་གསུམ་གྱི་སྔགས་བྱང་། མནན་བསྐུལ་དེ་རིང་མོ་དགྲ་བོ་མ་ལྡང་ཞིག་གི་མཐའ་ཅན། དམོད་བཅོལ་རིང་མོ་རྫོགས་བྱང་གི་མཐའ་ཅན། ཞལ་གདམས་ཆེན་མོ་ཞེས་པ་ལ་གོང་གནོན་གྱི་སྔགས། གསང་མནན་གཟིར་བའི་ཏིང་འཛིན། དབྱེ་རྫས་ཐུན་རྫས་དངོས་འཛིན། འགྲུབ་རྟགས། ས་དམིགས། འཇུག་སྣོད་ཐོད་པའི་དབྱེ་བ། རྒྱ་འབྲི་ཚུལ། བྱད་ཐག་ཚོན་རྡོ་ཆུའི་རྣོ་འདོན། འཁོར་ལོའི་སྤྲོད་ལུགས། གཏད་ལེན་གཤིན་རྗེའི་དམིགས་རིམ། རྒྱས་འདེབས་ལག་ལེན་སྔགས་འབྱིན་འཇུག །འཁོར་ལོའི་བྲི་གནད། ཤམ་བུ་བསྒྱུར་བ་དང་བཅས་པ་རྒྱ་གར་བྲམ་ཟེ་དུག་ནག་གི་གདམས་པ་པདྨ་འབྱུང་གནས་ཀྱི་སྙིང་ཁྲག་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། རྒྱས་འདེབས་ཆེན་མོའི་ཕོ་འཁོར་མོ་འཁོར་དང་ལིང་རྐྱང་། འབྲིང་


GLG003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕོ་འཁོར་མོ་འཁོར་དང་ལིང་རྐྱང་། ཆུང་བའི་ལིང་རྐྱང་། སྒབ་འདྲེའི་འཁོར་ལོ་དང་བཅས་པ་ཕྱག་ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། ཡ་མ་རཱ་ཛ། ཕྱག་ན་རྡོ་རྗེ། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ། དཔལ་ཨོ་རྒྱན་ཆེན་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་རིན་ཅེན་ཚུལ་རྡོར། གྲུབ་ཆེན་ལེགས་ལྡན་པ། མཚུངས་མེད་རང་བྱུང་རྡོ་རྗེ། མཁས་གྲུབ་ནོར་བུ་བཟང་པོ། སྤྲུལ་སྐུ་མཁའ་སྤྱོད་དབང་པོ། ཆོས་རྗེ་ཉི་ཟླ་སངས་རྒྱས། དེ་དབོན་ཉི་ཟླ་ཆོས་རྗེ། བླ་མ་ཉི་ཟླ་ཆོས་རྗེ། བླ་མ་ཉི་མ་ཟླ་བ། དྲིན་ཅན་ཀུ་མཱ་ར་ཐ། དྲིན་ཅན་ཡདྱ་བཛྲ། ལྷ་སྲས་རྣམ་སྤྲུལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས། རས་ཆུང་རྣམ་སྤྲུལ་བཀྲ་ཤིས་རྒྱ་མཚོ། གཡུ་སྒྲའི་སྤྲུལ་པ་ཀུན་དགའ་ཚེ་མཆོག །རིགས་འཛིན་ཀུ་མ་རཱ་ཛའི་རྣམ་སྤྲུལ་གཞོན་ནུ་དོན་གྲུབ། གཉགས་ཛྙཱ་ནའི་རྣམ་སྤྲུལ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་སྨྱོན་གྱི་མཚོན་ཆར་གནང་ངོ་། །ཡང་ཁ་ལ་རྒྱས་འདེབས་འབྲིང་པོ། ཆུང་བ། སྔགས་བྱང་། དམོད་པ་མངོན་རྟོགས་དང་བཅས་པའི་བརྒྱུད་ལུགས་གཅིག་ནི། འབྲི་གུང་ཟུར་པ་ནས། ལྷ་སྲས་རྒྱལ་པོའི་སྤྲུལ་པ་ཆོས་རྒྱལ་ཕུན་ཚོགས། གསང་བདག་རྗེ་དྲུང་བསྟན་པ་རྒྱ་མཚོ། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་རྣམ་སྤྲུལ་རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལའོ། །ཁྱབ་འཇུག་ཐེམས་བྱང་ལས། ཨེ་མ། དྲེགས་པ་ཀུན་གྱི་ནང་ནས་རྫུ་འཕྲུལ་ཅན༔ རྣོ་ངར་ལྡན་པའི་སྤུ་གྲི་ཅོག་བརྡུང་འདི༔ དུས་ཀྱི་སྙིགས་མ་བསྟན་པ་འཇིག་པའི་དུས༔ ཆོས་འཁོར་གཙུག་ལག་འཇིག་ཅིང་ཀུན་ལ་འཚེ༔ མ་རུངས་གདུག་པའི་རུ་ཏྲ་སྡིག་སྤྱོད་ཅན༔


GLG003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སྒྲོལ་ཕྱིར་བདག་འདྲ་པདྨས་བསྡེབས༔ ཞེས་དྲེགས་པའི་སྡེ་དཔོན་རྣམས་ཀྱི་ནང་ནས་མཐུ་དང་རྫུ་འཕྲུལ་ཤིན་ཏུ་ཆེ་ཞིང་མྱུར་བ་དྲང་སྲོང་ཁྱབ་འཇུག་རཱ་ཧུ་ལ་དུག་གི་སྤུ་གྲིའི་ཆོས་སྐོར་ཕྲ་མོ་བྲག་གི་ཀླུ་མོ་སྟག་གདོང་གི་ལྟོ་བ་ནས་སྤྲུལ་སྐུ་ལས་འབྲེལ་རྩལ་གྱིས་གདན་དྲངས་པའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པ་ལ་བརྟེན་པའི་སྐུ་གསུང་ཐུགས་དབང་། ཕྱག་མཚན་གྱི་དབང་། གཟའ་ཆེན་བརྒྱད་ཕྱག་མཚན་དང་བཅས་པའི་དབང་། རྣམ་དག་གི་དབང་། གཏོར་དབང་བཀའ་གཏད་བཅས་པས་སྨིན་རྒྱས་སུ་མནོས་ནས། ལུང་གི་སྐོར་ལ། ཐེམས་ཅན་དང་ཐེམས་མེད་གཉིས། དང་པོ་ནི། ཐོ་བྱང་དངོས། དེ་ལས་བྱུང་བའི་གདམས་སྐོར་རྩ་བ་སྒྲུབ་ཐབས་སྐོར། མན་ངག་གནད་ཀྱི་སྐོར། མཆོད་པ་བསྟོད་བསྐུལ་སྐོར། སྤ་བཀོང་ཆོ་འཕྲུལ་སྐོར། དག་ཡིག་འབྱིན་འཇུག་སྐོར། མངོན་སྤྱོད་ལས་སྦྱོར་སྐོར། སྒྲུབ་པའི་སྒབ་འདྲེ་མནན་ཐབས་དང་བདུན། དང་པོ་ནི། རྩ་བ་དྲང་སྲོང་ཁྱབ་འཇུག་རཱ་ཧུ་ལའི་གསང་སྒྲུབ་རྫོགས་བྱང་གི་མཐའ་ཅན། གཉིས་པ་མན་ངག་གནད་ཀྱི་སྐོར་ལ། འཁོར་ལོ་ལ་བརྟེན་ནས་གནད་འབེབས་ཤི་ས་བསྟན་པ་དང་རྩ་སྔགས་ལ་བརྟེན་ནས་གནད་འབེབས་ཤི་ས་བསྟན་པའི་གཟའ་བརྒྱད་ཀླད་ཀོར་མར་གྲགས་པ། གཟའ་བདུད་བླ་རྡོའི་ཙཀྲ་སྲོག་གི་གནད་ཡིག །གཅེས་པའི་གནད་དྲུག་ལ། ཤི་ས་བསྟན་པ། བླ་རྡོ་གཟུང་བ། ཞུད་ཁ་བླང་བ། ཐུགས་དམ་སྐོང་བ། རྫས་ཀྱི་སྟོད་མནོན། རྫས་ཀྱི་དུད་དབྱུང་སྟེ་ལོག་གནོན་དྲུག་ཅེས་དཔྲལ་བའི་མིག་དང་ཁོངས་པའི་སྙིང་ལྟ་བུ། བསྲུང་བ་ཡིད་བཞིན་ནོར་བུ་ཞེས་པ་ཁྱབ་འཇུག་བཀའ་ཉན་དང་བཅས་པས་སྲི་ཞུ་བྲན་བཞིན་བྱེད་པ། གནད་འབེབས་ཀྱི་འཁོར་ལོ་ཡང་ཟེར། རྟེན་དང་ཙཀྲ་གཉིས་ཀྱི་སྒོ་ནས་ཨོལ་སྒོ་དགག་པ་


GLG003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། གསུམ་པ་མཆོད་པ་བསྟོད་བསྐུལ་སྐོར་ལ། གསོལ་ཁ་དྲག་བསྐུལ་དང་བཅས་པར་བསྐང་གསོ་དུག་མཚོ་འཁྱིལ་བ། དུས་བརྒྱད་ཀྱི་བསྐུལ་ནུབ་ནས་ཤར་བསྐྱོད་མ། བསྟོད་པ་ཁྱབ་འཇུག་ཆེན་པོ་མ་རྣམས། བཞི་པ་སྤ་བཀོང་ཆོ་འཕྲུལ་སྐོར་ལ། ཆོ་འཕྲུལ་སྤྲེལ་ཐོད་མ་ལྷ་གཉིས་ལ་བརྟེན་ནས་ཕྲད་ཤོག་གི་མཐའ་ཅན། སྤྲེལ་ཐོད་ལྷ་གསུམ་མ་ཞེས་པ་འཁོར་ལོ་བཅའ་གཞི། བསྒོམ་བཟླས། བསྐུལ། དག་ཡིག །རྟགས། ཞལ་གདམས་ཡིག་ཆུང་བཅས་བསྟན་པ་རྫོགས་བྱང་གི་མཐའ་ཅན་རྣམས། ལྔ་པ་དག་ཡིག་འབྱིན་འཇུག་སྐོར་ལ། དག་ཡིག་སྔགས་ཀྱི་འབྲུ་ཐེམས་འབྱིན་འཇུག་དང་བཅས་པ། གསང་སྔགས་དྲག་སྔགས་ཀྱི་ཤམ་བུ་རྣམས། དྲུག་པ་མངོན་སྤྱོད་ལས་སྦྱོར་སྐོར་ལ། རཱ་ཧུ་ལའི་གདབ་ལས་དུག་གི་སྤུ་གྲི་ཞེས་པ་དྲག་པོ་ཕུར་པའི་ཐུན་བརྒྱད་དབབ་པ། བླ་གནས་བརྩི་བའི་གདམས་པ་འདི་མེད་མུན་པའི་མདའ་ལྟ་བུ་ཡིན་པར་གསུངས་པ། གཟའ་བདུད་གནད་ཀྱི་མན་ངག་ཞལ་དུ་བསྟབ་པའི་ལས་རིམ་འགྱུ་དུས་བརྒྱད་དང་སྦྱོར་བ། གཟའ་བདུད་ཆེན་པོའི་བསྲེག་ཟོར་གདུག་པའི་ལས་འགྱུ་དུས་བརྒྱད་དང་སྦྱོར་བ། གཟའ་བདུད་ཆེན་པོའི་དགྲ་བོ་མནན་པ་ལས་ཀྱི་རིམ་པ་རྡོ་རྗེ་འཛིན་པ་ཡང་འཇིག་ན་གཞན་ལྟ་ཅི་སྨོས་པ་རྣམས། བདུན་པ་སྒྲུབ་པའི་སྒབ་འདྲེ་གནོན་ཐབས་ནི། མེད་ཐབས་མེད་པ་སྒབ་འགྲེ་གནོན་པའི་མན་ངག་རང་དང་འདྲ་བ་ཅིག་ལས་ཤོར་རེའི་མཐའ་ཅན་ནོ། །གཉིས་པ་ཐེམས་མེད་ལ། མན་ངག་གནད་ཡིག་སྐོར། སྒྲུབ་ཐབས་ལས་བྱེད་མདོས་ཀྱི་སྐོར། སྨིན་བྱེད་དབང་གི་སྐོར། དྲག་པོ་ལས་སྦྱོར་སྐོར། ཟབ་གནད་ཞལ་གདམས་སྐོར། རང་གཞན་ཕན་


GLG003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སྐོར་དང་དྲུག །དང་པོ་ལ། མཚའ་ལུའི་སྙིང་དང་ཟངས་ཕུར་ལ་བརྟེན་པའི་གསང་རྟེན་བླ་རྡོའི་མན་ངག །གཟའ་རྒོད་སྟོད་ལ་མནོན་པའི་ཙཀྲ་ཕུ་ལས་ཉན་པའི་གདམས་པ། རང་ལུས་ཚགས་སུ་གཞུག་པའི་འཁོར་ལོ། གཟའ་བདུད་ཆེན་པོ་དྲང་སྲོང་བདུན་དང་བཅས་པའི་སྲོག་ཐེམས་གོ་ཆ་བགོ་བ། བཀྲ་ཤིས་སིདྡྷ་ཞུ་བའི་འཁོར་ལོ་དང་བཅས་ཏེ་རྫས་སྔགས་གསུམ་བཅོ་ལྔས་ཨོལ་དགག་པ་ཞར་བྱུང་ལྟོ་བར་ནོར་སྒྲུབ་འཁོར་ལོ་ལ་བརྟེན་པ་ལོངས་སྤྱོད་སྤེལ་བ། རྫས་ལྔ་གསུམ་བཅོ་ལྔ་ལ་བརྟེན་གྱི་རྒྱུར་བྱས་ཏེ་ཁ་ལྟེ་བ་ལྒང་པ་རྫས་སྔགས་ཀྱིས་དགག་པ་དང་ཡུམ་ཀླུ་མོ་ཡིན་པ་ལ་བརྟེན་ནས་དགག་པའི་ཐབས། ཆོ་འཕྲུལ་སྤྲེལ་ཐོད་མའི་བསྐུལ་གཟའ་མཆོག་ཆེན་མོ་མ། སྒབ་འདྲེ་ཐེའུ་བྲང་ལྔའི་འཁོར་ལོ་འདྲི་ཚུལ་དང་མནན་པ་བྱ་བའི་ལས་མཐའ་རྫོགས་སོའི་མཐའ་ཅན། གཟའི་ཐེའུ་བྲང་དང་དམ་སྲི་མནན་པ་རྟ་རྨིག་མ། ནོར་སྒྲུབ་རིན་ཅེན་འཕྲེང་བ། གབ་གནད་ཞལ་གདམས་སྐོར་ལ། དྲང་སྲོང་ཤིན་ཏུ་འཁུ་བཟློག་ཆེན་སྔགས་སྡེབས་ཀྱི་གནད་འབེབས་ཤི་ས་བསྟན་པ་རཱ་ཧུ་ལ་ཁྱི་བཞིན་འཁོར་བ། ཕྱག་རྡོར་ཞབས་འོག་ཏུ་སྙིང་ཁྲག་སྐྱུག་པའི་གནད་འབེབས། གོད་ཁ་བྱུང་ན་ནོར་ལ་མི་གནོད་ལོངས་སྤྱོད་ཆེ་བའི་ཐབས། རྦད་པའི་དུས་ཚུར་ལྡོག་པ་བྱུང་ན་དེའི་གཉེན་པོ་གནམ་ལྕགས་ཐོག་དང་འདྲ་བ་སྣང་སྲིད་སིལ་བུར་གཏོང་བ། སྤྲེལ་ཐོད་རི་ཏིའི་ཞལ་གདམས་རལ་གྲི་ཕྱུང་རྒྱག་མ། ཕྱག་རྡོར་ཡབ་ཡུམ་ལ་བརྟེན་ནས་ཁ་བཅིངས་ཏེ་མི་ནོར་གང་ལ་གནོད་མི་ཚུགས་པ། སྲིའུ་ལ་གཟའི་དུག་བསྲུང་བ། སྲིའུ་དང་བུད་མེད་ལ་ཆོ་འཕྲུལ་བསྲུང་བ། ནོར་སྒྲུབ་འཇིག་རྟེན་རྙེད་དཀའ་བ་ཞར་བྱུང་དབང་སྡུད་དང་བཅས་པ། སྔགས་ཆུ་


GLG003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་པའི་དུག་དབྱུང་། སྤུ་གྲིའི་སོ་བཞིན་ཚེ་སྲོག་གཅོད་པའི་སྔགས་བྱང་། བཟླས་པ་བརྒྱ་རྩ་ལ་བརྟེན་ནས་བྲན་བཞིན་འགྱུར་ཐབས། འཁོར་ནོར་ལ་གཟན་ན་གཉའ་གནོན་བསེ་རག་བའི་ཆིངས། རང་ལ་ལྡོག་ན་སྔགས་ལ་བརྟེན་ནས་ལྡོག་མི་སྲིད་པའི་ཐབས། ཅིས་ཀྱང་འཁུ་ན་གཟིར་བའི་གནད་འབེབས་ཚོད་ཟིན་པར་བྱ་བའི་མཐའ་ཅན། འཆུན་ན་གསོ་བའི་གདམས་པ་རྣམས་ཆོས་རྗེ་བྱ་བྲལ་བཟང་པོའི་གསུང་རྒྱུན། གཉིས་པ་སྒྲུབ་ཐབས་ལས་བྱང་མདོས་ཀྱི་སྐོར་ལ། གོང་གནོན་གསང་བདག་དང་རཱ་ཧུ་ལའི་མངོན་རྟོགས། སྤྱན་འདྲེན་བཞུགས་གསོལ། ཕྱག་འཚལ། སྨན་གཏོར། བསྐུལ། གསང་བ། གསོལ་འདེབས་ཏེ་དོན་བདུན་གྱིས་བསྟན་པའི་ལས་བྱང་། ལས་བྱང་དྲག་པོའི་ལས་ཀྱིས་གདུག་པཚར་གཅོད་མ་ཡང་དག་པ་རྫོགས་བྱང་གི་མཐའ་ཅན། ལས་བྱང་གཟའ་བདུད་ཆེན་མོ་མ། གསོལ་ཁ་བསྡུས་པ་ཆོས་ཉིད་ཞི་བ་མ། གསོལ་ཁ་སྐུ་གསུམ་ལྷུན་གྲུབ་མ། ཟི་སྟོན་རང་གྲོལ་ལྷུན་གྲུབ་ཀྱིས་མཛད་པའི་གསོལ་ཁ་སྐུ་གསུམ་ལྷུན་གྲུབ་མ། དེས་མཛད་པའི་བསྙེན་ཡིག་གཟའ་བདུད་ཀྱི་ཐུགས་དམ་བསྐང་མདོས་དབྱིངས་དང་ཡེ་ཤེས་མ། རིགས་འཛིན་ལེགས་ལྡན་རྡོ་རྗེས་ཁྱབ་འཇུག་ཞལ་གཟིགས་དུས་མཛད་པའི་གསང་བསྐུལ་དཔལ་ལྡན་མགོན་པོ་མ། བསྐང་མདོས་ནག་པོ་དགུ་སྐོར་ཞེ་སྡང་མེ་འབར་མ། ཀིང་གང་བུ་ཡུག་མའི་མདོས་སློབ་དཔོན་པདྨས་མཛད་པ་རྫོགས་བྱང་གི་མཐའ་ཅན་རྣམས། གསུམ་པ་སྨིན་བྱེད་དབང་གི་སྐོར་ལ། གཟའ་བདུད་ཀྱི་དབང་བསྐུར་སྤྱི་དོན་གསུམ་གྱིས་བསྟན་པ་རྫོགས་སོའི་མཐའ་ཅན། དེའི་གཏོར་དབང་གི་ཆ་ལག་བཀའ་


GLG003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ཆོས་བརྒྱུད་འཛིན་དེས་རེ་རེ་ལས་མི་བྱེད་པའི་མཐའ་ཅན་ནོ། །བཞི་པ་དྲག་པོའི་ལས་སྦྱོར་སྐོར་ལ། དྲག་བསྐུལ་དང་གདབ་ལས་ཆུ་འབབས་སུ་སྤེལ་བའི་ཕྱག་ལེན་གྱི་མཚམས་སྦྱར་དང་བཅས་པ་སློབ་དཔོན་ཆེན་པོ་ལ་བཻ་རོ་ཙ་ནས་ཞུས་པའི་ཞུ་ལན་འཕྲུལ་གྱི་མེ་ལོང་ཞེས་པ་གཟའ་གདོང་ལྕམ་དྲལ་སྡོང་པོ་ཧབ་ཤ་མའི་རྒྱུད་བསྡོམས་པ་བརྒྱ་ཐམ་པ་རྩལ་བའི་དཀར་ཆག་དང་དེ་རྣམས་སོ་སོར་ཟབ་པའི་ངོས་འཛིན། ཨོ་རྒྱན་ཆེན་པོ་ལ་བཻ་རོས་ཞུས་པའི་ཁྱབ་འཇུག་གླིང་བཞི། ཕྱི་ནང་གསང་གསུམ། ཐོད་རྒལ་ཡང་གསང་། ཡུམ་སྤྲུལ་པ། ཕོ་ཉ། ཕྱག་བརྙན། སྣ་འདྲེན་ལྟར་འགྱུ་ཚུལ། རྒྱུ་འཇུག་གནས་གསུམ། དྲག་བཟློག །འགྱུས་ཆེན། ཚེས་གྲངས། དུས། ཕྱོགས། དུམ་བུ། གདོང་ཟླ། འཁོར་དང་ལས་བྱ་ཚུལ། སེར་བ། ལས་སྦྱོར། སྤྲིན། རྫས། སྔགས་ཀྱི་ངོས་འཛིན་གདོང་གཏད་བྱ་བ། འཇུག་གདོན་དབང་གསུམ། ཟླ་བ། ཕྱོགས་སྐར་མ། ཚེས་གྲངས་དུས་ཚོད་ཀྱི་གཟའ་གཟུང་བ། ཕྱི་ནང་གསང་གསུམ། ཕྱོགས་ཆོས་ལ་དབང་བ་དང་དངོས་སུ་འགྱུ་བ། གཟའ་ཆེན་བརྒྱད་ཀྱི་ངོས་འཛིན། ལུས་ཚད། གནམ་ས་བར་གསུམ་གྱི་བདག་ཚུལ་སོགས་ཀྱི་བླང་དོར་སྟོན་པ་ཞུས་ལན་རིན་ཅེན་གསལ་བའི་སྒྲོན་མེ། ལྔ་བརྒྱ་མཐའ་མ་བསྙེན་སྒྲུབ་ཀྱི་ལོང་མེད་པའི་དུག་ལྔ་ཧྲགས་པའི་དུས་རཱ་ཧུ་ལའི་གདོང་གཏད་ཅོག་བརྡུང་གིས་དགྲ་བོ་གསོད་པ་པདྨའི་སྙིང་བཅུད་ཀྱི་མཐའ་ཅན་སྡིག་ཅན་བསྒྲལ་ནས་གནས་སྤོར་བ་རྫོགས་བྱང་གི་མཐའ་ཅན། ཨོ་རྒྱན་པདྨའི་བརྣག་པ་རཱ་ཧུ་ལའི་ཕུང་ལས་གདོང་གཏད་ལས་སྦྱོར་གྱི་ཏི་ཀ་སྦས་བྱང་ཕྲད་ཤོག་གི་མཐའ་ཅན། འགྱུ་དུས་ཟབ་མོ་འདིའི་དུས་ཚོད་ལ་བརྟེན་ནས་དགྲ་བོ་བམ་ལོག་གཅོག་འགྱེལ་


GLG003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོད་པ། བདུད་པོ་ལྕགས་གཞུག་འགྲོལ་བ་དང་བསྡམས་པ་ཕན་ཡོན་དང་བཅས་པ་གཤོག་སེར་མ། ཁྱབ་འཇུག་གཤོར་དུ་འཛིན་པ་ཚིག་བརྒྱུད་ལས་མི་སྤེལ་བར་གདམས་པ་ཕྲད་ཤོག་གི་མཐའ་ཅན། འགྱུ་བཟློག་རྫས་ཀྱི་དུས་འཛིན་གཟའ་བདུན་འཛིན་ཐབས་ཟབ་མོ་རྫོགས་སོའི་མཐའ་ཅན་ཤོག་སེར་མ། ཕྱི་ནང་གསང་བ་ཐོད་རྒལ་ཡང་གསང་གབ་པ་དང་བཅས་པར་དྲང་སྲོང་འགྱུ་དུས་ཀྱི་ངོས་འཛིན་དུས་ཚོད་མཚོན་ཐོགས། གྲི་རྩིབ་ཀྱི་གཞུ། ཚེར་ཅན་གྱི་མདའ། གྲི་ལྕགས་ཀྱི་མདེའུ་ལ་བརྟེན་པའི་གདོང་གཏད་ཐེ་ཚོམ་སོམ་ཉི་མ་བྱེད་ཅིག་གི་མཐའ་ཅན། དེའི་ཞལ་གདམས་ཡི་གེར་བཀོད་པ། ལོ་སྐོར་བཅུ་གཉིས་ལ་བརྟེན་པའི་བླ་བརྩི་ལུགས། སྤྱང་ཀིའི་མཆེ་བས་མདེའུ་བྱས་པའི་མུ་སྟེགས་སྲོག་གི་སྤུ་གྲི། འགྱུ་བཟློག་གི་དུས་དང་དུས་རྟགས་རྫས་ལ་བརྟེན་ནས་དུས་ཚོད་འཕྱུག་མེད་ངོས་བཟུང་ནས་མདའ་གཞུའི་གདོང་གཏད་ཕོ་རོག་ལྡིང་ལྷུང་ཤ་བ་རྒྱུག་འགྱེལ་ཤིན་ཏུ་ཟབ་པ་ཞོར་ལ་ལས་སྦྱོར་དུས་ལྕགས་འགྲོལ་བ་དང་ཟིན་ནས་བསྡམ་པའི་སྔགས། གདོང་གཏད་གནམ་གྱི་གའུ་དམར་པོ་རང་བསྲུང་ལག་ལེན་དང་བཅས་ཤིན་ཏུ་ཟབ་པ་དགྲ་བོ་གསོད་པའི་ལག་དམར། དེའི་ཐུན་སྔགས་ལྕགས་རྒྱག་འཕྲོལ་དང་བཅས་པ། གདོང་གཏད་མདའ་གཞུའམ་ཕུར་པ་ལ་བརྟེན་པའི་གཤོར་འཛིན་ལིང་བཅས་གནམ་གྱི་གའུ་སོགས་དང་འདྲ་བའི་མཐའ་ཅན། ལས་འགྲུབ་པའི་རྫས། རང་བསྲུང་། ལྷ་དབྱེའི་རྫས་སྔགས་ཟབ་ཁྱད་ཅན། ཡང་གསང་སྡིག་པ་ནག་པོའི་བསྲུང་བ། རྫས་བཅུ་གསུམ་ལ་བརྟེན་ནས་གཟའ་ཐང་ལ་འབེབས་པ། རྫས་བདུན་ལ་བརྟེན་ནས་གཟའ་ཐང་ལ་འབེབས་པ། རྫས་བཞི་


GLG003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་གཟའ་ཐང་ལ་འབེབས་པ། གཟའ་རྒོད་ཁྲོས་པའི་དྲག་སེར་ལས་ཅན་འགའི་དོན་བྱེད་ཤོག་གི་མཐའ་ཅན། རྫས་ཀྱི་སྒོ་ནས་སེར་བ་གཅོད་ཐབས། གཟའ་རྒོད་འཇིག་རྟེན་པའི་སྒྲུབ་ཐབས་དུག་གི་སྤུ་གྲི་ཞེས་པ་ལོ་རྒྱུས་བཅའ་གཞི། དམིགས་བཟླས། ལས་སྦྱོར། དགྲ་ལ་འཆི་དུས་བཏབ་པ་སྟེ་དོན་ལྔས་བསྟན་པ། དེའི་ཆ་ལག་གསང་བ་དུག་གི་ཐོག་སེར། རྟེན་གཏོར་བཅའ་བ། བླ་རྡོ་འཁོར་ལོ་རྩིབས་བདུན་མ་དང་བཅས་པ། གཟའ་རྒོད་དྲག་པོའི་སྒྲུབ་པ་མཆོག་ཏུ་གསང་བ་རྒྱ་གར་མཚོན་ཐུང་ངན་སྔགས་ཟབ་མོ་རྣམས། ལྔ་པ་ཟབ་གནད་ཞལ་གདམས་སྐོར་ལ། འཁོར་འདས་ལམ་གསུམ་རིག་རྩལ་དུ་ཤེས་པའི་དངོས་གྲུབ་བསྒྲུབ་ཕྱིར་དྲེགས་པའི་སྲོག་བཙན་ཐབས་སུ་འཕྲོག་པའི་མན་ངག་སྙིང་པོ། ལྟ་བ་ཆོས་ཉིད། གཉེན་པོ་སྟོབས་ཀྱི་ལྷ་སྒོམ་པ་དགུག་གཞུག་ལྷ་དབྱེ། མཆོད་པ། དམ་བསྲེ། གདབ་ལས་སོགས་ཀྱི་མན་ངག་དྲང་སྲོང་སྒྲུབ་པའི་ཞལ་གདམས་ཟབ་མོ་ཤོག་སེར་མ། གཟའ་བདུད་སྒྲུབ་པའི་སྦྱོར་དངོས་མཇུག་གསུམ་ཚང་བ་ལག་ལེན་དུམ་བུ་ཁྲིགས་སུ་བཀོད་པ་ཊཱི་ཀ་ཉམས་འོག་ཏུ་ཆུད་པའི་ཡིག་ཆུང་ཟབ་མོའི་ཚིགས་བཅད་མ། གཟའ་བདུད་སྒྲུབ་པའི་གདམས་པ་ཁྲིགས་སུ་བཀོད་པ་རྫོགས་བྱང་གི་མཐའ་ཅན་ཤིན་ཏུ་ལེགས་པ། འཁོར་ལོ་གཞུང་དུ་མ་འདུས་པ་དང་འདྲ་མིན་ཡོད་པ་རྣམས་ཀྱིས་འབྱེད་ཕ་ཇོ་ལྷུན་གྲུབ་རྡོ་རྗེའི་ཟིན་བྲིས། དྲུག་པ་རང་གཞན་ཕན་བྱེད་སྐོར་ལ། དྲང་སྲོང་གི་བཅོས་ཐབས་ཞེས་པར་ནང་གསེས་ཀྱི་ཕྱི་ནང་གསང་བ་བྱེ་བྲག་གི་བརྟག་ཐབས། སྤང་བྱ། རྟེན་འབྲེལ་གྱི་བཅོས་ཐབས། སྤྱི་དང་བྱེ་བྲག་དཀར་ནག་གི་རྟགས། བཅོས་ལུགས་སྤྱིར་


GLG003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་བཅུ་པ། ཕྲ་མོ་བྲག་དང་བློན་མཁར་བྲག་གི་གཏེར་མའི་གཟའ་བཅོས་ཟབ་བསྡུས་ལ། རྩལ་བྱེར་སྡུད་ཀྱི་སྔགས་མ་ཎི་མ། དོར་རྟ། དར། སྤོས་དཀར་གསུམ་ལ་བརྟེན་ནས་ལྐུགས་པ་ཁ་འབྱེད། མེ་ཆུ་རླུང་ས་ནམ་མཁའི་གཟའ་འཇོམས་པའི་སྔགས། མགོ་བོ། མིག །རྣ་བ། སྙིང་། ཡན་ལག་རྣམས་གསོ་སྔགས། སླ་ང་ཆུ་འབད་ཀྱི་གདམས་པ། འཆི་གསོས་ཀྱི་ཟ་ཡིག་ལ་གཞོགས་གཡས་ལ་ཐེབས་ན་འགོར་ཁ་བ་མཇུག་ན་ཧ་ཡོད་པའི་གླིང་བཞི་མ། གཡོན་ལ་འགོར་ཁ་བ་མཇུག་ན་བ་ཡོད་པའི་གླིང་གསུམ། དཔུང་པ་གཡོན་ལ་འགོར་རྒ་སོགས་འབྲུ་བཞི་འཕྲེད་བྲིས། དེ་ནས་འགོར་འ་ཊ་མཇུག་ན་ཤ་ཡོད་པའི་གླིང་གསུམ། གཡས་ལ་འགོར་ཏྱ་དང་མཇུག་ན་ཊ་ཡོད་པའི་གླིང་གསུམ། མགོ་ལ་འགོར་ཥ་ཥ་མཇུག་ན་ད་ཡོད་པའི་གླིང་གསུམ། སྲོག་རྩར་འགོར་ར་ན་མཇུག་ན་ཧ་ཡོད་པའི་གླིང་གཉིས། ལུས་སྤྱིར་འགོར་ཨ་ཧེ་དང་མཇུག་ན་ཏྱ་ཡོད་པའི་གླིང་བཞི། གདོང་ཟླ་རྒྱལ་པོར་འགོར་བ་པ་མཇུག་ན་མ་ཡོད་པའི་གླིང་གཉིས། གདོང་བཟློག་ཆ་ཏ་ན་རོ་གསུམ་བརྩེགས་ཡོད་པ་གླིང་གཉིས། ཉི་མར་འགོར་ཙ་དང་མཇུག་ནརྦྷྲ་ཡོད་པ་འཕྲེང་གཅིག །ཟླ་བར་འགོར་རྦྲ་མཇུག་ཏུ་རྦ་ཡོད་པའི་འཕྲེང་གཅིག །མིག་དམར་ལ་འགོར་རྦ་དང་མཇུག་ན་བ་བྷ་ཡོད་པའི་འཕྲེང་གཅིག །ལྷག་པར་འགོར་རྦྷ་མཇུག་ན་བ་བྷ་ཡོད་པའི་འཕྲེང་གཅིག །ཕུར་བུར་འགོར་རྐུ་དང་མཇུག་ན་རྦྷ་ཡོད་པའི་འཕྲེང་གཅིག །པ་སངས་ལ་འགོར་བ་བུ་དང་མཇུག་ན་བ་བྷ་ཡོད་པའི་འཕྲེང་གཅིག །སྤེན་པར་འགོར་ཤད་མེད་ཀྱི་ཨ་མཇུག་བ་བྷ་ཡོད་པའི་འཕྲེང་གཅིག །མཇུག་རིང་ལ་འགོར་ཤད་མེད་ཨ་མཇུག་ན་དྷ་ཡོད་


GLG003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཕྲེང་གཅིག །སྤྱི་འཇོམས་ལ་འགོར་རྦ་མཇུག་ན་ར་ཡོད་པའི་འཕྲེང་གཅིག །ཉིན་ཕྱེད་ལ་འགོར་སཱ་གྷ་མཇུག་ན་ཨཱ་མ་ཡོད་པའི་འཕྲེང་གཉིས། དགོངས་མོ་འགོར་གྷ་ན་མཇུག་ན་ཤ་ན་ཡོད་པའི་འཕྲེང་གཅིག །ཐོ་རེངས་འགོར་ཧ་མཇུག་ན་ཧཱ་ཡོད་པའི་འཕྲེང་གཅིག །ནམ་ལངས་འགོར་ཕ་དང་མཇུག་ན་ར་ཡོད་པའི་འཕྲེང་གཅིག །ཉི་ཤར་ལ་འགོར་ཨ་དང་མཇུག་ན་ཧཱ་ཡོད་པའི་འཕྲེང་གཅིག །ཉི་དྲོས་ལ་འགོར་ས་དང་མཇུག་ན་ཧཱ་ཡོད་པའི་འཕྲེང་གཅིག །དེ་རྣམས་ཀྱི་འབྱུག་རྫས། གསང་སྨན་ལ་མེ་ཆུའི་ཁ་བསྒྱུར་སྦྱོར་བ། སྤྱིའི་ནད་ཀུན་སེལ་བའི་སྨན། བྱུག་བཅོས། དུད་བཅོས། མི་སྐྱོར་བའི་རྫས་བསྲུང་། ཡང་ལྕི་བརྟག་པ། རྫས་ཀྱི་ཁོག་བསྲུང་རྣམས། དུག་འབྱིན་གྱི་ཆོ་ག་ཐོག་མར་གཟའ་དང་རྒྱུ་སྐར་མཆོད་པ་ལྕང་ལོ་ཅན་གྱི་ཕོ་བྲང་མ། དུག་འབྱིན་གྱི་བཅའ་གཞི། དུག་འབྱིན་དངོས་གཞི་ཡབ་གཅིག་ཡ་མཱནྟ་ཀ་མ། བྱབ་ཅིང་བདེན་སྟོབས་བརྗོད་ནས་རྫས་བསྔོ་བ། གཏོར་དབང་ལ་བརྟེན་ནས་དུག་འབྱིན་པ་ནད་གདོན་ཀུན་དགྲོལ། གཟའ་བསྲུང་སྲ་བརྟན་རྡོ་རྗེའི་གོ་ཁྲབ། སྔགས་དམིགས་ཀྱི་བསྲུང་བ་ཟབ་མོ་མཆོད་རྟེན་ནག་པོའི་གཏེར་མ། གྲིབ་བསྲུང་ལྷ་རི་ཛ་ཏི་མ། གྲིབ་བསྲུང་བཀའ་རྒྱ་མ། འདི་ལ་དམིགས་པའི་གནད་དང་བཅས་ཏེ་སྣང་སྲིད་སིལ་བུར་གཏོང་བའི་གདམས་པ་ཞེས་གཉན་ཆད་པའི་ལུགས་ལ་ཡང་སྣང་ངོ་། །གཟའ་བསྲུང་གནམ་ཁྱི་པྲེ་དུ་མ། ཁ་ལ་བྲིས་པའི་ལོ་ཐུབ་མ། ཟླ་ཐུབ་མ། ཡིག་འབྲུ་ལྔ་བཅུ་ཡོད་པའི་བསྲུང་བ་ཀེ་ཏ་མ། གཟའ་བསྲུང་བཏགས་ཆོག་ཡིད་བཞིན་ནོར་བུ་མུ་ནྱ་མ། གཟའ་མཆོག་དཀར་པོའི་བུམ་པའི་དུག་ཁྲུས་ཤིན་ཏུ་ཟབ་པའི་ལག་ལེན། དུག་དབྱུང་གི་མདོས་ཆུང་བ་གཟའ་རྒོད་གནོད་


GLG003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་འབར་བ། དུག་དབྱུང་གི་མདོས་རྒྱས་པ་དོན་ལྔ་པ་ཨོ་རྒྱན་པདྨས་སྦྱར་བ་རྫོགས་བྱང་གི་མཐའ་ཅན་རྣམས། དཔེ་རིས་ལ། སྟོད་གནོན། བླ་རྡོ། རང་ལུས་ཚགས་གཞུག །དུག་དབྱུང་། བརྩོན་འཛིན། རང་བསྲུང་ཡིད་བཞིན་ནོར་བུ། གཡང་འགུགས། ཨོལ་དགག །ལོངས་སྤྱོད་སྒྲུབ་པ། གནད་འབེབས། གཤོར་ལ་དགོས་པ་བཏགས་ཆོག་མ། སྤྲེལ་ཐོད་ལྷ་གསུམ་མའི་བཅའ་གཞི་འཁོར་ལོ། ལིངྒ་། ཐེམས་བཟློག །འགྱུ་རྟགས་ཀྱི་དཔེའུ་རིས་དང་བཅས་པ་རྣམས་ཀྱི་ཕྱག་ལེན་དམར་འཁྲིད་བཅས་པ་ལེགས་པར་ཐོབ་པ་ལས་ཕ་ཇོ་ལྷུན་གྲུབ་རྡོ་རྗེའི་འཁོར་ལོའི་ཟིན་བྲིས་མ་གཏོགས་པའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། སློབ་དཔོན་པདྨ་ཐོད་འཕྲེང་། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་རིན་ཅེན་ཚུལ་རྡོར། ལོ་སྟོན་རྡོ་རྗེ་འབུམ། མཐིང་གི་བླ་མ་སངས་རྒྱས་གྲགས་འོད། སྐལ་ལྡན་རྡོ་རྗེ་རྒྱལ་པོ། རིགས་འཛིན་དྷརྨ་ཀེ་ཏུ། རིན་པོ་ཆེ་ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ། མཆོག་སྒྲུབ་མངའ་རིས་ལེགས་ལྡན་རྡོ་རྗེ། རིགས་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་དཔལ་བཀྲ་ཤིས་སྟོབས་རྒྱལ། མཁྱེན་བརྩེ་ནུས་པའི་མངའ་བདག་གིས་ངག་གི་དབང་པོ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་ཕ་མེས་བརྒྱུད་པའི་བསྟན་སྲུང་མཆོད་འདི་ཟ་ཧོར་སྔགས་སྨྱོན་ལ་སྩལ་ཏོ། །ཡང་ན་དཀོན་ཆེན་ནམ་མཁའ་དཔལ་ལྡན་ནས། ཞང་སྟོན་ཚེ་བདག་རྣམ་རྒྱལ། སྔགས་ནག་གསང་སྔགས་རྡོ་རྗེ། ལེགས་ལྡན་རྗེ་མན་གོང་ལྟར། ཡང་ན་ཀོང་ཆེན་པ་ནས། ཡོལ་


GLG003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྔགས་འཆང་ཤཱཀྱ་བཟང་པོ། ལེགས་ལྡན་རྗེ་མན་གོང་བཞིན་ནོ། །ཡང་ཐེམས་ཅན་རྣམས་དང་བཻ་རོའི་ཞུ་ལན་རིན་ཅེན་གསལ་སྒྲོན་བསྲུང་བ་བཀའ་རྒྱ། ཕ་བྲག་བློན་མཁར་བྲག་ནས་བསྡུས་པའི་གཟའ་བཅོས་བཅས་པའི་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། རྒྱལ་སྲས་ལེགས་ལྡན་པ། ཀློང་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་ཐར་པ་གླིང་པ། སྟག་མགོ་བྱ་བྲལ་ཆོས་རྗེ། རྗེ་སངས་རྒྱས་དབོན་པོ། སྟག་མགོ་ཡོན་ཏན་དཔལ། བླ་མ་སངས་རྒྱས་ཡེ་ཤེས། རྗེ་སངས་རྒྱས་རྒྱལ་མཚན། མི་འགྱུར་ལས་འཕྲོ་གླིང་པ། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། དེ་སྲས་ཀུན་དགའ་ཚེ་མཆོག །ཕ་ཇོ་གཞོན་ནུ་དོན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་གཏེར་བྱོན་རགས་རིམ་གྱི་ལུང་བརྒྱུད་ལུགས་གཅིག་ནི། རྗེ་ཐར་པ་གླིང་པ་ནས། རིགས་འཛིན་པདྨ་གླིང་པ། དེ་ལ་སྤྲུལ་སྐུ་ཆུ་བཟང་པ་དང་ཟབ་ཕུ་སྤྲུལ་སྐུ་པདྨ་དཀར་པོ་གཉིས་ཀས་ཞུས། གཉིས་ཀ་ལ་སྔགས་འཆང་གསང་སྔགས་རྡོ་རྗེ་མན་སྔར་བཞིན་ནོ། །འཁོར་ལོའི་གསལ་བྱེད་ནི་ཕ་ཇོ་ལྷུན་གྲུབ་རྡོ་རྗེ་ལ་དེ་སྲས་གཞོན་ནུ་དོན་གྲུབ་ཀྱིས་གསན། དེ་ལ་རྩ་བའི་བླ་མས་གསན་ནོ། །ཀོང་པོ་བྱ་ཁྱུང་པ་ངག་དབང་པདྨ་རྣམ་རྒྱལ་གྱིས་ཕྲ་བྲག་གཙོ་བོར་གྱུར་པའི་གཏེར་ཆོས་རྣམས་ལས་ཟབ་དགུ་བཏུས་པའི་གཟའ་བཅོས་སྐོར་ལ། གཟའ་ཡུམ་དབྱིངས་ཕྱུག་མུ་ཁ་ལེ་སྲིད་གསུམ་རྒྱལ་མོའི་བུམ་པ་དང་གཏོར་མའི་དབང་ལེགས་པར་མནོས་ནས། ལུང་ལ། འགྱུ་ཚུལ། བརྟག་པ། གསོ་ཐབས། མཐར་མི་ལྡོག་པ་སྟེ་དོན་ཚན་བཞིའི་སྒོ་ནས་དྲང་སྲོང་གི་ནད་བཅོས་ཐབས་ཀྱི་ལས་གཞུང་བདུད་རྩིའི་བུམ་བཟང་། དུག་དབྱུང་གི་གཏོར་ཆོག་


GLG003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་དྲི་མེད། གཟའ་འཕྱོང་གླུད་འཕྱོང་འོད་དཀར་འཕྲོ་བའི་གཉེན་གྱུར། བྱད་གྲོལ་རྣམ་གྲོལ་ཐུགས་རྗེའི་ཟླ་བ། གཟའ་ཡུམ་གྱི་བུམ་ཆོག་བདུད་རྩིའི་ཆར་རྒྱུན། གུད་དུ་སྦས་པའི་ཡིག་ཆུང་ངོ་མཚར་བདུད་རྩིའི་ཟླ་འོད། ཟླུམ་བཅོས་གསང་སྨན་གབ་པ། གཟའ་ཡུམ་གྱི་སྒྲུབ་ཐབས་རྗེས་གནང་བུམ་ཆོག་དུག་དབྱུང་དེའི་ཞར་བྱུང་དུ་ཁྲོ་བོ་སྨེ་བརྩེགས་ཀྱི་མངོན་རྟོགས་བཟླས་ལུང་གྲིབ་བསྲུང་གི་གདམས་པ་འབྲི་གུང་པ་ཆོས་ཀྱི་གྲགས་པས་མཛད་པ། ཟ་ཡིག་སྐོར་ལ། སྤྱི་འཇོམས་འགོར་ས་དང་མཇུག་ན་ཧཱ་ཡོད་པའི་བརྩེགས་མ། བཙོན་འཛིན་འགོར་བྷ་མཇུག་ན་ན་ཡོད་པའི་འཕྲེང་གཅིག །རྗེས་གཅོད་འགོར་གྷ་མཇུག་ན་ན་ཡོད་པའི་གླིང་བདུན། དམ་འདོགས་འགོར་ཐ་ན་མཇུག་ན་བ་ཡོད་པའི་གླིང་བརྒྱད། ཉི་མར་འགོར་གྲ་མཇུག་ན་ཐཾ་ཡོད་པའི་འཕྲེང་གཅིག །ཟླ་བར་འགོ་ན་ཙ་མཇུག་ན་བཾ་ཡོད་པའི་འཕྲེང་གཅིག །མིག་དམར་འགོར་རྦ་མཇུག་ན་ཐ་ཧ་ཡོད་པའི་འཕྲེང་གཅིག །ལྷག་པར་འགོར་རྦ་མཇུག་ན་ཐ་ཧ་ཡོད་པའི་འཕྲེང་གཅིག །ཕུར་བུར་འགོར་རྒུ་དང་མཇུག་ན་བྷ་ཡོད་པའི་འཕྲེང་གཅིག །པ་སངས་ལ་འགོར་འ་གུ་མཇུག་ན་འ་ཧ་ཡོད་པའི་འཕྲེང་གཅིག །སྤེན་པར་འགོར་ཐ་བྲུ་མཇུག་ན་ཐ་ཧ་ཡོད་པའི་འཕྲེང་གཅིག །རཱ་ཧུར་འགོར་རྟ་མཇུག་ན་བ་བྷ་ཡོད་པའི་འཕྲེང་གཅིག །ཁྱབ་འཇུག་ལ་༼རྣ༽མཇུག་ན་ཐ་ཧ་ཡོད་པའི་འཕྲེང་གཅིག །སྒྲ་གཅན་ལ་འགོར་ཀིུ་དང་མཇུག་ན་ཧཱ་ཡོད་པའི་བརྩེགས་མ། ཉི་མར་འགོར་ཨ་མཇུག་ན་ཧཱ་ཡོད་པའི་བརྩེགས་མ། ཟླ་བར་འགོར་ས་མཇུག་ན་ཧཱ་ཡོད་པའི་བརྩེགས་མ། མིག་དམར་ལ་འགོ་མཇུག་གཉིས་ཀར་ཧཱ་ཡོད་པའི་བརྩེགས་མ། ལྷག་པར་འགོར་ཀ་


GLG003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ན་ཧཱ་ཡོད་པའི་བརྩེགས་མ། ཕུར་བུར་འགོར་ར་མཇུག་ན་ཧཱ་ཡོད་པའི་བརྩེགས་མ། པ་སངས་ལ་འགོར་བྱུ་མཇུག་ན་ཧཱ་ཡོད་པའི་བརྩེགས་མ། སྤེན་པར་འགོར་ཀི་མཇུག་ན་ཧཱ་ཡོད་པའི་བརྩེགས་མ། མར་ལ་འགོར་ཨོཾ་དང་མཇུག་ན་ཧ་ཡོད་པའི་འཕྲེང་གཅིག །ཟན་ལ་འགོར་ཨོཾ་མཇུག་ན་ཧཱ་ཡོད་པའི་འཕྲེང་གཅིག །ཤ་ལ་འགོར་ཨོཾ་མཇུག་ན་ཧཱ་ཡོད་པའི་འཕྲེང་གཅིག །ཤིན་ཏུ་ཟབ་པ་འགོར་ཨ་མཇུག་ན་ལ་ཡོད་པའི་བརྩེགས་མ། ཉི་ཤར་འགོར་ཨ་ཧ་མཇུག་ན་ཟ་ཧྱ་འཕྲེང་གཅིག །མུན་རུབ་འགོར་ཧཱུྃ་མཇུག་ན་ཟ་ཡོད་གླིང་གསུམ། སྲོད་ལ་འགོར་ཊ་མཇུག་ན་ཟ་ཡོད་པའི་གླིང་གཉིས། མགོ་སྐོར་ལ་འགོར་ཤུ་མཇུག་ན་ཧཱ་ཡོད་པའི་བརྩེགས་མ། གཟའ་བརྒྱད་མགོ་སྐོར་ལ་འགོར་ཨ་མཇུག་ན་ཧྱ་ཡོད་པའི་གླིང་བཞི། སྲོག་གཅོད་ལ་འགོར་ཨོཾ་མཇུག་ན་མ་ཡོད་པའི་གླིང་གསུམ་མ་རྣམས་ཐོབ་པའི་སྨེ་བརྩེགས་སྐོར་གྱི་ལུང་མ་གཏོགས་པའི་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་གསང་བའི་བདག་པོ། སློབ་དཔོན་དགའ་རབ་རྡོ་རྗེ། སློབ་དཔོན་ཤྲཱི་སིངྷ། པཎ་ཆེན་བི་མཱ་ལ་མི་ཏྲ། དཔལ་ཨོ་རྒྱན་ཆེན་པོ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། སློབ་དཔོན་བཻ་རོ་ཙ་ན། མངའ་བདག་ཁྲི་སྲོང་ལྡེ་བཙན། ལྷ་ལྕམ་པདྨ་གསལ་སོགས་རྗེ་འབངས་མང་པོར་བཀའ་བབས་པ་ལས་སྤྲུལ་སྐུ་རིན་ཅེན་ཚུལ་རྡོར་སོགས་གཏེར་སྟོན་སོ་སོ་ནས་རིམ་པར་བརྒྱུད་དེ། བྱ་ཁྱུང་པ་ངག་དབང་པདྨ་རྣམ་རྒྱལ། དེ་སྲས་རྒྱལ་དབང་པདྨ་བསྟན་འཛིན། དཔལ་འབྲི་གུང་པ་རིགས་འཛིན་ཆོས་ཀྱི་གྲགས་པ། རིགས་འཛིན་དཀོན་ཅོག་ལྷུན་གྲུབ།


GLG003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཞར་བྱུང་ཁྲོ་མོ་སྨེ་བརྩེགས་ཀྱི་སྒོམ་བཟླས་ཀྱི་འདི་གསར་མ་ཡིན་འདུག་པས་འདིའི་སྡེབས་སུ་མ་འོས་ཀྱང་རྗེ་འབྲི་གུང་པས་གཟའ་བཅོས་ཀྱི་ཆ་ལག་ཏུ་མཛད་པ་ལྟར་བཀོད་པ་ཡིན། བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུ་སྤང་རྩ་བ། གྲུ་རྡོ་རྗེ་སེང་གེ །བྲག་ནག་པ་སེང་རྒྱན། མཁན་པོ་བསོད་སེང་། བླ་མ་རྒྱ་གར་རྒྱལ་མཚན། ཆོས་རྗེ་སེང་གེ་བ། གཞོན་ནུ་བློ་གྲོས། གཞོན་ནུ་དཀོན་ཅོག །གཞོན་ནུ་དོན་གྲུབ། གཞོན་ནུ་ཆོས་གྲུབ། རྗེ་གྲོལ་མཆོག །རྡོ་རིང་ཀུན་རྒྱན། མཁན་བྱམས་པ་ཆོས་རྒྱལ། རྗེ་འབྲི་གུང་པ་མན་གོང་བཞིན་ནོ། །ལྷ་ལྕམ་སྐྱེ་བ་པདྨ་ལས་འབྲེལ་རྩལ་གྱིས་ཤིང་ཕོ་སྟག་གི་ལོ་སྲས་ཕུ་བླ་རོ་བྲག་ནག་ནས་སྤྱན་དྲངས་པའི་ཕྱི་ལྟར་གནོད་སྦྱིན་སྤུ་གྲི་དམར་ནག །ནང་ལྟར་བདུད་བཀྲག་མེད། གསང་བ་གཟའ་རྒོད་མིག་དམར། ཡང་གསང་སྒྲོལ་གིང་གཤིན་རྗེ་བཤན་པ་མ་རུ་རྩེའི་སྐོར་ལ། ཐོག་མར་གཏོར་མ། ན་བཟའ། ཕྱག་མཚན། ཟོར་དབང་། བསྲེག་དབང་། མནན་པའི་དབང་དང་བཅས་པ་ལེགས་པར་མནོས་ནས། ལུང་ལ། ཐེམས་ཡིག །གནོད་སྦྱིན་སྤུ་གྲི་དམར་ནག་གི་རྒྱུད་ལེའུ་བདུན་པ། ལོ་རྒྱུས་བྱུང་ཚུལ། དྲག་པོ་མཐུའི་ལས་མཐའ་དམ་མེད་ལག་ཏུ་ཤོར་ར་རེའི་མཐའ་ཅན། སྟོང་གསུམ་ལོ་ཏོག་འཇོམས་བྱེད་སེར་བ་དབབ་པ། སྨྱོ་འབོག་ཆོ་འཕྲུལ་གཏོང་བ། རབ་དགྲ་བོ་མཚམས་ཁོངས་སུ་འཆི་བ་འབྲིང་དང་མཐའ་མ་འཆི་ལྟས་དང་བསྟུན་ནས་གསོད་པ་དྲག་པོའི་ལས་སྦྱོར། བསྲེག་པ་མེའི་ལས་སྦྱོར། མནན་པའི་ལས་མཐའ། ཟོར་གྱི་ལས་མཐའ། གནོད་སྦྱིན་ལ་སྲིའུ་འཆོལ་བ།


GLG003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གཏོར་དང་བྲིས་སྐུ་ལ་བརྟེན་བཅའ་བ། དམ་ཚིག་བསྲེ་བ་བདག་ཉིད་རྡོ་རྗེ་མ། ཆིག་བརྒྱུད་ལས་མི་སྤེལ་བའི་དབང་དང་རྗེས་གནང་གི་ཡི་གེ །གསོལ་ཁ་དད་པ་དམ་ཚིག་མ། བསྟོད་པ་སྔོན་ཚེ་བསྟན་སྲུང་མ། རྦད་བསྐུལ་སྔོན་གྱི་བསྐལ་པ་མ། བླ་རྡོ་གནད་འབེབས་གནོད་སྦྱིན་སྲོག་གི་གནད་ཏིག །བསྣལ་དཀྲུག་མཐའ་བསྒྱུར་ཕྱི་ནང་གསང་བའི་སྔགས་སྒྲོམ། ཐོག་མ་ནས་གནད་འབེབས་ལས་ཀུན་མྱུར་འགྲུབ། རུ་ཏྲ་ངག་གནོན་འཁོར་ལོ། ནོར་སྒྲུབ་འཛམ་གླིང་གི་ནོར་བདག་ཏུ་འགྱུར་བྱེད། མདོས་བདག་ནི་རིགས་འཛིན་མ། བསྐང་བཤགས་བདག་ནི་རིགས་འཛིན་མ། མདོས་བསྐུལ་གླིང་བཞི་རི་རབ་མ། གནོད་སྦྱིན་བཙན་དུ་སྒྲུབ་པ་ཅོག་བརྡུང་སྤུ་གྲི་ནག་པོ། དྲག་བསྐུལ་འཁོར་འདས་སོ་མཚམས་མ། དཔེ་རིས་ལ་སྒྲུབ་དཀྱིལ། གཏོར་མ། སྲོག་འཁོར། གནད་དབབ་འཁོར་ལོ། ངག་གནོན། ནོར་སྒྲུབ་ཀྱི་ཙཀྲ་མནན་བསྲེག་འཕང་གསུམ་གྱི་བཅའ་བཞི་སོགས་ཕྱག་ལེན་ཞལ་ཤེས་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། མུ་སྟེགས་ཀྱི་མཁན་པོ་རབ་སྣང་། སློབ་དཔོན་ཤིནྟཾ་གརྦྷ། དྲེགས་པའི་ཟིལ་གནོན་པདྨ་ཐོད་འཕྲེང་། ཇོ་མོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན་ལྷ་ལྕམ་པདྨ་གསལ། སྤྲུལ་སྐུ་རིན་ཅེན་ཚུལ་རྡོར། ལོ་སྟོན་རྡོ་རྗེ་འབུམ། མཐིང་མའི་བླ་མ་གྲགས་འོད། བླ་མ་གྲགས་པ་རིན་ཅེན། རྗེ་གྲགས་པ་བཟང་པོ། རིན་པོ་ཆེ་ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ། ལྷ་རིགས་གྲུབ་པའི་ཁྱུ་མཆོག་ལེགས་ལྡན་རྡོ་རྗེ། མཐུ་སྟོབས་དབང་ཕྱུག་དཔལ་བཀྲ་ཤིས་སྟོབས་རྒྱལ། དབོན་རིགས་


GLG003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འཕྲིན་ལས་རྣམ་རྒྱལ། གུ་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་འཆང་གི་བསྟན་པ་བསྲུང་བའི་ལག་ཆར་གདམས་སོ། །ཡང་ན་སངས་རྒྱས་གྲགས་འོད་ནས། རྡོ་རྗེ་རྒྱལ་པོ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་བློ་གྲོས་མན་གོང་ལྟར། ཡང་ན་ཀོང་ཆེན་པ་ནས། ཞང་སྟོན་ཚེ་བདག་རྣམ་རྒྱལ། སྔགས་ནག་གསང་སྔགས་རྡོ་རྗེ། ལེགས་ལྡན་རྗེ་མན་གོང་བཞིན་ནོ། །ཡང་ན་ཤོ་བན་ནས། རྒྱལ་སྲས་དྲི་མེད་འོད་ཟེར། བླ་མ་ཐར་པ་གླིང་པ། རིགས་འཛིན་པདྨ་གླིང་པ། ཟབ་ཕུ་སྤྲུལ་སྐུ་པདྨ་དཀར་པོ། སྔགས་འཆང་གསང་སྔགས་རྡོ་རྗེ། ལེགས་ལྡན་རྗེ་མན་འདྲ། ཡང་དབང་བརྒྱུད་ལུགས་གཅིག་ནི། ཐར་པ་གླིང་པ་ནས་བདེ་ལེགས་རྒྱ་མཚོ། སྟག་མགོ་བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སངས་རྒྱས་རྒྱལ་མཚན། མི་འགྱུར་ཀུན་དགའ་དཔལ་བཟང་། ལྷ་སྲས་རྣམ་སྤྲུལ་རིན་ཅེན་ཕུན་ཚོགས། གྲུབ་བརྙེས་བཀྲ་ཤིས་རྒྱ་མཚོ། སྲས་དུ་མ་རང་གྲོལ། དབོན་ངག་དབང་ཡེ་གྲུབ། ཟུར་ཆེན་རྩ་བའི་བླ་མ། དེས་བདག་ལའོ། །གནོད་སྦྱིན་དམར་ནག་འདི་གཟར་བསྒྲུབ་པ། བདུད་དུ་བསྒྲུབ་པ། བཙན་དུ་བསྒྲུབ་པ་སོགས་རྣམ་གྲངས་མང་ཞིང་འདི་ལ་གཟའ་གདོང་དམར་ནག་ཏུ་ཡང་གྲགས་པས་ལ་ལ་དག་ལྷ་འདི་ག་ལ་སྒྲུབ་སྐོར་རྒྱས་པ་གནུབས་ལུགས་སུ་ཡོད་པ་དེ། རྗེ་བཙུན་མི་ལས་བསྒྲུབ་པའི་དྲག་སྔགས་གཟའ་གདོང་དམར་ནག་ཏུ་ངོས་འཛིན་པ་དཔྱད་དགོས་ཤིང་། རིན་པོ་ཆེ་ཀུན་བཟང་རྩེ་པ་ཆོས་ཀྱི་དབང་ཕྱུག་གིས་ཡུལ་མ་བླ་མ་གྲགས་པའི་མཚན་


GLG003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སློབ་དཔོན་དུ་བསྟེན་ནས་ཕྱག་ལེན་དམར་འཁྲིད་མཛད་པའི་ཟིན་བྲིས་ཀྱང་མཐོང་ཞིང་དེ་དོན་ཁོང་དུ་ཆུད་དོ། །པདྨ་ལས་འབྲེལ་སྩལ་གྱིས་ཙ་རི་ཟིལ་ཆེན་གསང་བའི་ཕུག་ནས་སྤྱན་དྲངས་པའི་ཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་སྐོར་ལ། དབང་ཆོག་དྲེགས་པ་སྲོག་གི་བཅུད་ཕྱུང་བའི་སྟེང་ནས། བུམ་པ། སྐུ། བདུད་རྩི། གླེགས་བམ། ཐོད་པ། དཔའ་བོའི་ཆས་ལ་བརྟེན་ནས་དབང་བཞི། འཕྲིན་ལས་སྒྲོལ་དབང་། བྱིན་རླབས་བླ་མའི་གཏོར་དབང་། སྐུ་གསུང་ཐུགས་ཀྱི་རྗེས་གནང་བཀའ་གཏད་དང་བཅས་པ་མནོས་ནས། ལུང་ལ། བདུད་ནག་པོ་སེང་གེའི་གདོང་པ་ཅན་དང་ཌཱ་ཀི་མ་སེང་གེའི་གདོང་ཅན་གཉིས་ཀྱི་རྒྱུད་ལེའུ་བཅུ་བདུན་པ་རྫོགས་བྱང་གི་མཐའ་ཅན། མཇུག་ཏུ་དུར་ཁྲོད་ཨུ་ཙ་ལའི་ཕ་བོང་སྤྲེའུ་སྒུམ་པ་འདྲ་བའི་བྱང་ནས་ཨོ་རྒྱན་ཆེན་པོས་གདན་དྲངས་ནས་ཙ་རིར་སྦས་ཚུལ། བདུད་མགོན་སེང་གདོང་ཡབ་ཡུམ་གྱི་གསང་བའི་སྲོག་སྒྲུབ་རྫོགས་སོའི་མཐའ་ཅན། དབང་ཆོག་བཀའ་གཏད་དྲེགས་པ་སྲོག་གི་བཅུད་ཕྱུང་བ་པདྨས་བཀོད་པ་རྒྱ་གསུམ་གྱི་མཐའ་ཅན། མགོན་པོའི་བསྐང་བ་རྦ་རླབས་ཀྱི་འཕྲེང་བ། གསོལ་ཁ་བྱ་བའི་བཤོམ་དང་གོ་རིམ། བསྐང་མདོས་འཕྲིན་ལས་ཀུན་འགྲུབ་རྒྱལ་སྲས་ལེགས་ལྡན་པས་མཛད་པ། བསྟོད་པ་དུར་ཁྲོད་ཆེན་པོ་མ། དམ་བདར་ཚིག་ལྷུག་ཧོ་དགོངས་གསོལ་མ། ཁ་སྦྱོར་དབྱེ་བ་ཨོ་རྒྱན་པདྨ་དང་རོལ་པའི་རྡོ་རྗེའི་རྒྱ་གཞུང་ལ་བརྟེན་ནས་སྔགས་འཆང་ཆོས་ཀྱི་བཟང་པོས་མཛད་པ། སྒབ་འདྲེ་འགོང་པོ་མགོ་གསུམ་གནོན་པ་རྫོགས་སོའི་མཐའ་ཅན། སྒྲུབ་པ་ལ་ཉེ་བར་མཁོ་བའི་ཞལ་གདམས་སྐོར་ལ། བླ་རྡོ་སྲོག་འཁོར་བཅའ་ཐབས། སྒྲུབ་


GLG003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འཇུག་པའི་སྔོན་རོལ་ཏུ་སྒབ་འདྲེ་གནོན་པ། སྒྲུབ་པ་ལ་འཇུག་པའི་གནས་བཅའ་བཞི། རྟགས། དམ་ཚིག་བསྲུང་ཚུལ་རྣམས་བསྟན་པ་རྫོགས་སོའི་མཐའ་ཅན། བླ་རྡོའི་རྟ་མགོ་དང་སེང་ལྡེང་གི་བྱང་བུ་བཅའ་ཚུལ་མགོན་པོའི་འགྱུ་དུས། སྤོས་སྦྱོར་ལ་བརྟེན་ནས་མགོན་པོ་དང་བགེགས་བརྟག་པ། གནད་བདུན་སྙིང་གི་དུམ་བུ་ཞེས་པ་ཟླ་གཅིག་ལ་མི་འགྲུབ་པ་ཞག་གཅིག་ལ་འགྲུབ་པ། འཁུ་ལྡོག་མི་འོང་བ། ཁ་བསྒྱུར་བ། ཟ་ཁ་བསྟན་པ། སྙིང་ཆུ་བསྲེ་བ། འཁོན་ནག་ཟ་བ། བབས་བླང་བ་རྣམས། པར་བུ་ཐོད་པ་ཁ་སྦྱོར་གྱི་གདམས་པ། སྦྱིན་སྲེག་མེའི་སྤུ་གྲི། སྦྱིན་སྲེག་ཡང་ཟབ་མན་ངག །སྦྱིན་སྲེག་གི་རྩ་བ་ཚིགས་བཅད་མ་ཤོ་ལོ་ཀ་གཅིག་མ། ཞལ་གདམས་སྐོར་ལ། ནོར་རྙེད་ཅིང་སྟོར་བརླག་མི་འོང་བའི་གདམས་པ། ནོར་སྒྲུབ་འཁོར་ལོའི་རྫས། དབང་སྡུད་ཡིག་ཆུང་། སྦྱིན་སྲེག་གི་ལག་ལེན་དྲག་པོ་སྦྱིན་སྲེག་ཞལ་ཧོམ་ཁུང་བརྒྱའི་ལས་རིམ་མཇུག་ཟོར་དང་མནན་པའི་བར་ཞལ་ཤེས་ཡི་གེར་བཀོད་པ་རྣམས་གཞན་ལ་བསྟན་པའི་དོན་མེད་དོའི་མཐའ་ཅན། གནད་ཀྱི་ཞལ་གདམས་ཞེས་པ་མི་བསྲུན་ཡབ་ཡུམ་དབང་དུ་བསྡུ་བ། ཕ་རོལ་རྩོད་པ་བཟློག་པ། ལས་ཀྱི་སྐབས་དང་སྦྱར་བའི་ལྷ་བསྐྱེད་ཡུལ། སྔགས་པ་ནང་རྒྱས། གཡུལ་རྒྱལ་བ། རྦད་འདྲེ་བཟློག་པ། ཟས་ནོར་སྤེལ་བ། སེང་གདོང་མཁན་པོ་ནང་འགྲས་ན་སྤུ་གྲི་འཁོར་ལོ་ཐོད་པའི་མན་ངག །ནད་པ་དང་སྲིའུ་གསོ་ཚུལ་རྣམས་ཚིགས་བཅད་མ་མཇུག་ཏུ་སྔགས་ཀྱི་ཞལ་ཤེས་དང་བཅས་པ། བདུད་ཁྱི་ནག་པོའི་ཁ་གཏད། སེང་གདོང་དཀར་པོ་མགོན་པོ་ཡིད་


GLG003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར་བུའི་སྒྲུབ་པ། དེའི་སྒོ་ནས་ཚེ་སྒྲུབ་ཡིད་བཞིན་ནོར་བུ། བསྲུང་འཁོར་ཡིད་བཞིན་ནོར་བུ། ཟློག་པ་ཡིད་བཞིན་ནོར་བུ། སེང་གདོང་དམར་མོའི་སྒོ་ནས་འགྲོ་བ་དབང་སྡུད། ཟ་ཡིག་བཅས་ཆོག་མའི་སྐོར་ལ་མཚོན་བསྲུང་། ཐོག་བསྲུང་ནད་ངན་བསྲུང་བ། བྱད་ཕུར་བཟློག་པ། ཁྱི་བསྲུང་། སྒྲིབ་ཤིང་། དུག་བསྲུང་། མཛེས་བསྲུང་། སྒྲུབ་དུས་མྱུར་དུ་འགྲུབ་ཐབས། ཡུགས་སས་བསྒྲུབས་ཀྱང་འགྲུབ་པ། འཁུ་ལྡོག་བསྲུང་བ། མི་གཙང་ཕུད་ཉམས་བསྲུང་བ། རྦད་ན་ཚུར་མི་ལྡོག་པའི་ཟ་ཡིག་རྣམས་བསྟན་པ་ལས་ཅན་སྙིང་རྗེ་ཅན་ལ་ཕྲད་ཤོག་གི་མཐའ་ཅན། དཔེ་རིས་སྐོར་ལ། སྒྲུབ་པའི་དཀྱིལ་འཁོར། ལས་བུམ། གཏོར་མའི་འཁོར་ལིང་། བླ་རྡོའི་ལྟོ་འཁོར། རང་བསྲུང་ལྟོ་འཁོར། རྟ་མགོ་སེང་བྱང་། སྒབ་འདྲེ། སྦྱིན་སྲེག །པར་བུའི་ཐོད་པ། མེ་རླུང་འཁོར་ལོ། ནོར་སྒྲུབ། དབང་སྡུད་དང་བཅས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བདག །ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་རིན་ཅེན་ཚུལ་རྡོར། ཤོའི་རྒྱལ་སྲས་ལེགས་ལྡན། རིགས་འཛིན་ཀུ་མ་རཱ་ཛ། ཀུན་མཁྱེན་པ། བྱ་བཏང་བསོད་ནམས་འོད་ཟེར། བླ་མ་དྷརྨ་པ་ལ། བླ་མ་ག་ག་ཀེ་ཏུ། རྟོགས་ལྡན་བསོད་ནམས་བཟང་པོ། གུ་རུ་རྣམ་འཇོམས། བླ་མ་དྲི་མེད་སངས་རྒྱས། རྗེ་པུ་ཎྱ་ཤྲཱིི། གུ་རུ་ཛམྦྷ་ལ། བླ་མ་བྷ་དྲ་ཤྲཱི། རིགས་འཛིན་བསམ་གྲུབ་རྒྱལ་པོ། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་དུ་མ་རང་གྲོལ། ཟུར་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་རིན་ཅེན་ཚུལ་རྡོར་གྱིས་སྤྱན་དྲངས་


GLG003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲང་སྲོང་ཤེ་ལ་རུ་ཙེའི་སྙིང་ཁྲག་དམ་ཉམས་ཕུང་བྱེད་ས་བདག་ཧལ་ཁྱི་ནག་པོའི་གཏད་ཀྱི་གཞུང་གི་སྐོར་ལ། སྔགས་པ་བདུན་བརྒྱུད་རྩད་ནས་གཅོད་པ། ལུས་སེམས་དབྲལ་བ། ཙི་ཙི་ཛྭ་ལར་བསྐུར་བ། རིགས་བརྒྱུད་གཅོད་པ། ཞིང་ལ་ལོ་མི་སྐྱེ་བ། ནོར་ཕྱུགས་བརླག་པ། སྒྲུབ་པའི་བཅའ་གཞི་མནན་གཏད་རྗེས་གཅོད་བཅས་པ། ཧལ་ཁྱིའི་མངོན་རྟོགས། གཏོར་འབུལ། བསྟོད་པ། དམོད་མོ། སྔགས་བྱང་བཅས་པ་སྤེལ་ན་རང་སྲོག་འཚིག་པར་འགྱུར་རོའི་མཐའ་ཅན། ཞལ་གདམས་ལ་ཕོ་མོའི་འཁོར་ལོ། གསད་འཁོར། སྟེང་འབུབས། རྔ་མོ། སྡིག་པ། རྗེས་གཅོད་ཀྱི་འཁོར་ལོ་རྣམས་ཀྱི་ཞལ་གདམས་གབ་པ་མངོན་ཕྱུང་ཤིན་ཏུ་གསང་བའི་གནས། དཔེ་རིས་ལ། ཕོ་འཁོར། མོ་འཁོར། གསད་འཁོར་ཕུང་བྱེད་རྔ་མོ། སྡིག་འཁོར། ཧལ་ཁྱི་དང་རཱ་ཧུ་ལའི་གཟུགས། རྐང་འདྲུད། ཁྱུང་། རྨ་བྱའི་འཁོར་ལོ་དང་བཅས་པའི་ལུང་ཕྱག་ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། དྲང་སྲོང་ཤེ་ལ་རུ་ཙེ། ཨོ་རྒྱན་དུས་གསུམ་སངས་རྒྱས། མཁར་ཆེན་བཟའ་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་ལས་འབྲེལ་རྩལ་ནས་རིམ་པར། ཟུར་ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། དེ་སྲས་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལས་འབྲེལ་རྩལ་གྱི་གཏོར་མའི་ཀུན་ཐུབ་ཆེན་མོ་ཞེས་པ་ལ། སྤར་སྨེ། གཟའ་རྒྱུ་སྐར། ས་བདག །ལོ་སྐོར་བཅུ་གཉིས་ཀྱི་ཀུན་ཐུབ་ཆེན་མོ། ལྷ་གདོན་བཟློག་པ་ཤཱཀ་ཐུབ་སྐུ་འཁོར། གནོད་སྦྱིན་བཟློག་པ་ཚེ་བདག་བསྲུང་འཁོར། ཀླུ་བཟློག་པ་ཕྱག་རྡོར་ཐུགས་འཁོར། གཟའ་བཟློག་རྣམ་འཇོམས་


GLG003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་བཟློག་པ་གཤིན་རྗེ། བདུད་བཟློག་རྟ་མགྲིན། རྒྱལ་པོ་བཟློག་པ་ལོ་ཀེ་ཤྭ་ར། བཙན་བཟློག་བདུད་རྩི་འཁྱིལ་པ། མ་རིག་པ་སེལ་བ་ཡུམ་ཆེན་མོ། འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ། ཆོམ་རྐུན་བསྲུང་བ་འོད་ཟེར་ཅན་མ། བྱད་བཟློག་གདུགས་དཀར། དཔལ་བསྐྱེད་སོར་འབྲང་། རིམས་བསྲུང་ལོ་མ་གྱོན་མ། ཚེ་བསྲིང་རྣམ་རྒྱལ་མ། དགྲ་དང་ལྟས་ངན་བཟློག་པ་ལྷ་མོ་རོལ་པ། རླུང་ནད་སེལ་བ་ཡུལ་འཁོར་བསྲུང་། མཁྲིས་ནད་སེལ་བ་འཕགས་སྐྱེས་པོ། བད་ཀན་སེལ་བ་སྤྱན་མི་བཟང་། འདུས་པ་སེལ་བ་རྣམ་སྲས་ཀྱི་འཁོར་ལོ་གཞུང་དཔེ་རིས་བཅས་ཐོབ་པའི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ། དྲན་མཆོག་ཨོ་རྒྱན་ཆེན་པོ། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་རིན་ཅེན་ཚུལ་རྡོར། སྤྲུལ་སྐུ་ལེགས་ལྡན་པ། ཀུན་མཁྱེན་དྲི་མེད་འོད་ཟེར། རྗེ་ཐར་པ་གླིང་པ། བྱ་བྲལ་རྗེ། སངས་རྒྱས་དབོན། ཡོན་ཏན་དཔལ་བ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། མི་འགྱུར་ཀུན་དགའ་དཔལ་བཟང་། གྲུབ་ཆེན་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་དུ་མ་རང་གྲོལ། ཕ་ཇོ་གཞོན་ནུ་དོན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཕྲ་མོ་བྲག་ནས་སྤྲུལ་སྐུ་ཚུལ་རྡོར་གྱིས་སྤྱན་དྲངས་པའི་མི་ཐུབ་པ་ཅི་ཡང་མེད་པའི་ཟ་ཡིག་སྐོར་ལ། རང་གི་ངག་འགྲོལ་འགོར་ཨོཾ་འཇུག་ན་ན་ཡོད་པའི་གླིང་བདུན། གསེར་གྱི་ཀླད་ཀོར་མ་འགོར་བི་མཇུག་ན་ན་ཡོད་པའི་གླིང་བཞི། རང་གི་ནུས་པ་སྤར་ཏེ་གཞན་གྱི་ནུས་པ་བཤིག་པའི་འགོར་ཁྱབ་མཇུག་ན་མཱ་ཡོད་པའི་གླིང་བདུན། རང་གཤེད་རང་ལ་འབེབས་པ་འགོར་ཕྱི་མཇུག་ན་འུ་


GLG003_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་གླིང་བདུན། བྱད་མ་སྲོག་གཅོད་འགོར་ཁྲི་མཇུག་ན་ཁྭཱ་ཡོད་པའི་གླིང་བདུན། སྡེ་བརྒྱད་བྱད་མར་གནད་འབེབས་འགོར་གྭ་མཇུག་ཏུ་ཁྭ་ཡོད་པའི་གླིང་བདུན། བྱད་མ་གནོད་བྱེད་བདུད་འབེབས་འགོར་ཨོཾ་མཇུག་ན་ཀྭ་ཡོད་པའི་གླིང་བདུན་མ། གཤིན་རྗེ་གནད་བསྐུལ་འགོར་སྲ་མཇུག་ན་ཤྭ་ཡོད་པའི་གླིང་བདུན། ཀླུ་བྱད་མར་དབབ་པ་འགོར་དེ་མཇུག་ན་གྲྭ་ཡོད་པའི་གླིང་བདུན་མ་རྣམས་དང་། གཟའ་བསྲུང་ཡིག་འབྲུ་ལྔ་བཅུ་ཡོད་པ་ཀེ་ཏ་མ་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཧེ་རུ་ཀ །རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་དགའ་རབ་རྡོ་རྗེ། སློབ་དཔོན་ཤྲཱི་སིངྷ། ཨོ་རྒྱན་སངས་རྒྱས་གཉིས་པ། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་ལས་འབྲེལ་རྩལ་ནས་རིམ་པར། བླ་མ་ལེགས་པ་ཤེས་རབ། རྗེ་ནམ་མཁའ་རྣམ་རྒྱལ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེ་བདག་ལའོ། །དཔའ་བོ་སྒང་པ་རིན་ཅེན་ཚུལ་རྡོར་གྱི་གཏེར་སློབ་རྒྱལ་སྲས་ལེགས་ལྡན་པས་ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ཟིལ་ཆེན་གསང་བའི་ཕུག་ནས་ཡང་གཏེར་གྱི་ཚུལ་དུ་སྤྱན་དྲངས་པའི་ཞིང་སྐྱོང་སེང་གེའི་གདོང་ཅན་གྱི་སྐོར་ལ། ཞིང་སྐྱོང་ཆེན་པོའི་དྲེགས་པ་སྲོག་གི་དབང་རྗེས་གནང་བཀའ་གཏད་དང་བཅས་མནོས་ནས། ལུང་ལ། རྒྱུད་ལེའུ་བཅུ་བདུན་པ། ཞིང་སྐྱོང་གི་མཚན་ཉིད་བསྟན་པའི་གསང་བའི་སྲོག་སྒྲུབ། མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་པ། ཚེ་སྒྲུབ། བསྲུང་འཁོར། ཟློག་པ། སེང་གེ་གདོང་དམར་མོའི་དབང་སྡུད། གསོལ་ཁ་གནད་ཡིག་


GLG003_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། བསྐང་བ་རྦ་རླབས་འཕྲེང་བ། བསྟོད་པ་དམ་བདར་དམོད་བྱང་། བསྐང་མདོས་གཏེར་སྟོན་གྱིས་མཛད་པ། བླ་རྡོ། སྒབ་འདྲེ་མནོན་པ། སྤོས་སྦྱོར། འགྱུ་དུས། ཁ་སྦྱོར། དབྱེ་བ། སྒྲུབ་པ་ལ་ཉེར་མཁོའི་ཞལ་གདམས། གནད་བདུན་སྙིང་གི་དུམ་བུ། པར་བུའི་གདམས་པ། སྦྱིན་སྲེག །གནད་ཀྱི་ཞལ་གདམས་ཚིགས་བཅད་མ། བདུད་ཁྱི་ནག་པོའི་ཁ་གཏད། སྟོར་བརླག །ནོར་སྒྲུབ། དབང་སྡུད། སྦྱིན་སྲེག །ཟོར་མནན་རྣམས་ཀྱི་ཞལ་ཤེས། ཟ་ཡིག་དགོས་འདོད་ཀུན་འབྱུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། གསང་བའི་བདག་པོ། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་རྒྱལ་སྲས་ལེགས་ལྡན། ཀུ་མ་རཱ་ཛ། ཚུལ་ཁྲིམས་བློ་གྲོས། པུ་ཎྱ་རསྨི། བླ་མ་ཆོས་བཟང་། ནམ་མཁའ་རྒྱལ་མཚན། པུ་ཎྱ་བྷ་དྲ། བླ་མ་རྣམ་འཇོམས། དྲི་མེད་སངས་རྒྱས། བསོད་ནམས་དཔལ། ཛམྦྷ་ལ། བཟང་པོ་དཔལ། བསམ་གྲུབ་རྒྱལ་པོ། བཀྲ་ཤིས་རྒྱ་མཚོ། ཀུན་དགའ་ཚེ་མཆོག །ཕ་ཇོ་གཞོན་ནུ་དོན་གྲུབ། ཐུགས་སྲས་རྩ་བའི་བླ་མ། དེས་བདག་ལའོ། །ཟངས་རི་རས་པ། དབང་ཤཱཀ་ཉི་འབུམ་ཁྲི། པྲ་དུན་པ་གསུམ་གྱི་གཏེར་ཆོས་ནི་མ་འཚལ་ལོ། །ཞང་ལྷ་བཟང་ཀླུ་དཔལ་གྱིས་སྐུ་འབག་དང་ལྷ་དུ་བྱ་རྒོད་གཤོངས་སུ་སྦས་པ་གཏེར་སྟོན་གཉལ་པ་ཉི་མ་ཤེས་རབ་ཀྱིས་སྤྱན་དྲངས་པའི་རྣམ་ཐོས་སྲས་ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པའི་རྗེས་སུ་གནང་བ་མནོས་ནས། ལུང་ལ། གནོད་སྦྱིན་དབྱུག་ཐོ་ཅན་གྱི་རྒྱུད་ལེའུ་བདུན་པ་གཉགས་ཛྙཱ་ན་ཀུ་མཱ་རའི་འགྱུར། དེའི་ལེའུ་མཐའ་མའི་ཚེ་སྒྲུབ་ཀྱི་གསལ་བྱེད་སློབ་དཔོན་བི་མཱ་ལས་


GLG003_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་གནུབས་ལོ་ཙཱ་བ་བྱམས་པ་དཔལ་གྱིས་བྱ་རྒོད་གཤོངས་ནས་གདན་དྲངས་པ། རྣམ་སྲས་དམར་པོའི་སྒྲུབ་ཐབས་དགོས་འདོད་ཀུན་འབྱུང་། བླ་རྡོ། སྲོག་འཁོར། སྣང་བ་དབང་སྡུད། གཏོར་མའི་འཁོར་ལོའི་བྲི་ཡིག་རྣམས་ལས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། སློབ་དཔོན་དགའ་རབ་རྡོ་རྗེ། མཁས་པ་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ཞང་ལྷ་བཟང་ཀླུ་དཔལ། གཏེར་སྟོན་གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ། དབུས་པ་དམར་སྟོན། སློབ་དཔོན་བཅུད་སྟོན། འོད་ཟེར་བླ་མ། ཛྙཱ་ན་ལཀྵ། སློབ་དཔོན་ཐབས་ཀྱི་བློ་གྲོས། མཁན་པོ་དགེ་འདུན་རྒྱལ་མཚན། སློབ་དཔོན་ནམ་མཁའ་གྲགས་པ། བླ་མ་བསོད་ནམས་རིན་ཅེན། བླ་མ་དཔལ་ལྡན་པ། གཉག་ཕུ་པ་བསོད་ནམས་བཟང་པོ། མཁན་ཆེན་པདྨ་བཟང་པོ། མཁན་ཆེན་ཆོས་ཀྱི་དབང་ཕྱུག །མཁན་ཆོས་གྲུབ་སེང་གེ ཐུགས་སྲས་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། བོད་མཁར་བ་མེ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་འཆང་དང་དབང་ཕྱུག་རབ་བརྟན། མཁན་རིན་ཆེན་བསོད་ནམས་མཆོག་གྲུབ་འཇམ་མགོན་གྲུབ་པའི་དཔའ་བོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་བརྒྱུད་ནི་རྗེ་དབང་རབ་ནས། ས་སྐྱ་པ་ཡབ་སྲས་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །གསོལ་འདེབས་ལས། ཤུད་བུའི་སྐྱེ་བརྒྱུད་གྲ་པ་མངོན་ཤེས་དང་། ར་མོ་ཤེས་སྨན་སུམ་སྟོན་ཡེ་ཤེས་ཟུང་། །བྲང་ཏི་ཁར་བུ་ཉང་རི་ཤེས་རབ་གྲགས། །གཙང་སྟོན་ཆོས་


GLG003_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞེས་རྣམས་ལ་གསོལ་བ་འདེབས། ཞེས་ཤུད་བུའི་སྐྱེ་བ་གྲ་པ་མངོན་ཤེས་དབང་ཕྱུག་འབར་ནི་ཐང་ཡིག་ལས། སྐབས་སུ་གཅིག་ལས་གཅིག་ཉིད་སྡུག་པ་ཡོང་༔ ཇིང་དང་རྒྱ་རྣམས་གྲོག་མ་ཚང་ཞིག་འདྲ༔ དབུ་རྩེ་གསོ་རིག་རྒྱུད་ཀྱི་གཏེར་ཁ་དང་༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་གཞག་གདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་གྲ་པ་མངོན་ཤེས་ཞེས་བྱ་འབྱུང་༔ ཞེས་གསུངས་པའི་ལུང་བསྟན་ལྟར་ཨོ་རྒྱན་གྱི་ཡུལ་ལྟ་ན་སྡུག་པའི་གྲོང་ཁྱེར་དུ་སྟོན་པ་ཤཱཀྱའི་རྒྱལ་པོ་སྨན་གྱི་བླ་མའི་སྐུར་སྤྲུལ་ནས་བྱིན་གྱིས་བརླབས་པའི་བཀའི་ཚུལ་དུ་དྲང་སྲོང་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་གཉིས་ཀྱིས་ཞུ་བ་ཞུ་ལན་གྱི་སྒོ་ནས་ཡིད་ལས་སྐྱེས་ཀྱིས་གསེར་གྱི་ལྗང་ཤོག་ལ་བཻཌཱུཪྻ་ཞུན་མའི་ཁུ་བས་བྲིས་པའི་གླེགས་བམ་བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཁ་ཆེའི་ཡུལ་ནས་པཎ་ཆེན་ཟླ་བ་མངོན་པར་དགའ་བ་དང་ལོ་ཆེན་བཻ་རོ་གཉིས་ཀྱིས་བསྒྱུར་ཏེ་ཆོས་རྒྱལ་ལ་ཕུལ། སློབ་དཔོན་ཆེན་པོ་དང་མངའ་བདག་ཡོན་མཆོད་ཀྱིས་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བའི་ནང་དུ་གཏེར་དུ་སྦས། ཆོས་སྐྱོང་ཞང་བློན་དང་གཏེར་སྲུང་རྒྱལ་པོ་ཤིང་བྱ་ཅན་ལ་གཏད་པ་གཏེར་སྟོན་གྲ་པ་མངོན་ཤེས་ཀྱིས་སྤྱན་དྲངས་པའི་སྐོར་ལ། ས་བོན་ལྟ་བུ་རྩ་བ་ཐུགས་ཀྱི་རྒྱུད་མདོའི་གནས་གཅིག་ལེའུ་དྲུག་པ་གང་ཟག་དབང་པོ་རབ་ཀྱི་དོན་དུ་གསུངས་པ། ཚིག་དོན་མ་ལུས་སྒྲིབ་མེད་གསལ་བར་སྟོན་པ་བཤད་པ་སྐུའི་རྒྱུད་ལ་ཆ་དཔྱད་ཀྱི་གནས་ལེའུ་གཅིག །ཐ་མལ་ནད་མེད་ཀྱི་གནད་ལ་ལེའུ་གཅིག །བྱ་བྱེད་སྨན་པའི་གནས་ལ་ལེའུ་གཅིག །བྱ་


GLG003_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

་སྤྱོད་ལམ་གྱི་གནས་ལ་ལེའུ་གསུམ། འཚོ་བ་ཟས་ཀྱི་གནས་ལ་ལེའུ་གསུམ། སྦྱོར་བ་སྨན་གྱི་གནས་ལ་ལེའུ་གསུམ། ངོས་འཛིན་རྟགས་ཀྱི་གནས་ལ་ལེའུ་གསུམ། གསོ་བྱེད་ཐབས་ཀྱི་གནས་ལ་ལེའུ་བཞི། འཕེལ་འགྲིབ་ནད་ཀྱི་གནས་ལ་ལེའུ་ལྔ། གྲུབ་པ་ལུས་ཀྱི་གནས་ལ་ལེའུ་དྲུག །སྡོམས་ཚིགས་ལ་ལེའུ་གཅིག་སྟེ་བསྡོམས་པས་གནས་བཅུ་ལེའུ་སུམ་ཅུ་རྩ་གཅིག་པ་གང་ཟག་དབང་པོ་འབྲིང་གི་དོན་དུ་གསུངས་པ། དགོས་པ་མ་ཚང་བ་མེད་པ་ཡིད་བཞིན་ནོར་བུ་མན་ངག་ཡོན་ཏན་གྱི་རྒྱུད་ལ་ཉེས་གསུམ་གསོ་བའི་སྐབས་ལ་ལེའུ་བཞི། ཁོང་ནད་གསོ་བའི་སྐབས་ལ་ལེའུ་དྲུག །ཚད་པ་གསོ་བའི་སྐབས་ལ་ལེའུ་བཅུ་དྲུག །ལུས་སྟོད་གསོ་བའི་སྐབས་ལ་ལེའུ་དྲུག །དོན་སྣོད་གསོ་བའི་སྐབས་ལ་ལེའུ་བརྒྱད། གསང་ནད་གསོ་བའི་སྐབས་ལ་ལེའུ་གཉིས། ཐོར་བུའི་ནད་གསོ་བའི་སྐབས་ལ་ལེའུ་དགུ། ལྷན་སྐྱེས་རྨ་གསོ་བའི་སྐབས་ལ་ལེའུ་བརྒྱད། བྱིས་པ་གསོ་བའི་སྐབས་ལ་ལེའུ་གསུམ། མོ་ནད་གསོ་བའི་སྐབས་ལ་ལེའུ་གསུམ། འབྱུང་པོའི་ནད་གསོ་བའི་སྐབས་ལ་ལེའུ་ལྔ། མཚོན་གསོ་བའི་སྐབས་ལ་ལེའུ་ལྔ། དུག་ནད་གསོ་བའི་སྐབས་ལ་ལེའུ་གསུམ། རྒས་པ་གསོ་བའི་སྐབས་ལ་ལེའུ་གཅིག །རོ་རྩ་གསོ་བའི་སྐབས་ལ་ལེའུ་གཉིས། ཞུས་པའི་ལེའུ་གཅིག་རྣམས་བསྡོམས་པས་སྐབས་བཅོ་ལྔ་དང་ལེའུ་དགུ་བཅུ་རྩ་གཉིས་པ་གང་ཟག་དབང་པོ་མཐའ་མའི་དོན་དུ་གསུངས་པ། ནད་ཀྱི་སྟེང་དུ་ཕ་ལམ་ལྟར་ཐོགས་པ་མེད་པ་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ལ། བརྟག་པ་ཆུའི་མདོ་ལ་ལེའུ་གཉིས། ཞི་བྱེད་སྨན་གྱི་མདོ་ལ་ལེའུ་བཅུ། སྦྱོང་བྱེད་ལས་ཀྱི་མདོ་ལ་ལེའུ་བདུན། འཇམ་རྩུབ་དཔྱད་ཀྱི་མདོ་ལ་ལེའུ་དྲུག་སྟེ་བསྡོམས་པས་མདོ་བཞི་ལེའུ་ཉེར་ལྔ་པ་ལ་ལག་ལེན་ཁོ་ནར་དྲིལ་ཏེ་གསུངས་པ། རྒྱུད་བཞིའི་མཇུག་དོན་བསྡུས་པའི་ལེའུ།


GLG003_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བསྡོམས་པས་ལེའུ་བརྒྱ་དང་ལྔ་བཅུ་རྩ་དྲུག་གི་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་སྟོན་པ་སྨན་གྱི་བླ། གསུང་བ་པོ་དྲང་སྲོང་རིག་པའི་ཡེ་ཤེས། སྡུད་པ་པོ་དྲང་སྲོང་ཡིད་ལས་སྐྱེས། དེས་འཚོ་བྱེད་གཞོན་ནུ་དང་དྲང་སྲོང་རྒྱུན་ཤེས་གཉིས་ལ་གནང་། འཚོ་བྱེད་གཞོན་ནུ་ནས། མགོན་པོ་ཀླུ་སྒྲུབ། དཔལ་ལྡན་དཔའ་བོ། ཁ་ཆེའི་པཎ་ཆེན་ཟླ་བ་མངོན་པར་དགའ་བ། ལོ་ཆེན་བཻ་རོ་ཙ་ན། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་གྲ་པ་མངོན་ཤེས་དབང་ཕྱུག་འབར། དགེ་བཤེས་དབུས་པ་དར་གྲགས། རོག་སྟོན་དཀོན་ཅོག་སྐྱབས། རིགས་འདུས་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ། སུམ་སྟོན་ཡེ་ཤེས་ཟུང་། འཚོ་བྱེད་གཞོན་ནུ་ཡེ་ཤེས། གཡུ་ཐོག་མཁས་པ་འབུམ་སེང་། གཙང་སྟོན་སངས་རྒྱས་རིན་ཅེན། མཁས་པ་དོན་གྲུབ་རིན་ཅེན། བསྟན་འཛིན་དོན་གྲུབ་རྒྱལ་མཚན། བྲང་ཏི་དཀོན་ཅོག་རྒྱལ་མཚན། བྲང་ཏི་དཔལ་ལྡན་འཚོ་བྱེད། དགེ་སློང་ཚལ་པ་དབང་གྲགས། མཁས་མཆོག་ཕུན་ཚོགས་བཟང་པོ། ཟུར་མཁར་མཉམ་ཉིད་རྡོ་རྗེ། ལག་ལེན་མཐར་ཕྱིན་ཚེ་འབུམ། བྱར་པོ་པཎ་ཆེན། མཁས་པ་ཟླ་བའི་དབང་པོ། སེམས་དཔའ་ཆེན་པོ་རིན་ཅེན་སྡིངས་པ་བློ་བཟང་རྒྱ་མཚོ། གཡུ་ཐོག་རྣམ་སྤྲུལ་བྱང་ངོས་དྲང་སྲོང་བསྟན་འཛིན་རྒྱལ་པོ། གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ། སྨན་སྒོམ་ངག་དབང་དོན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བྲང་ཏི་དཔལ་ལྡན་འཚོ་བྱེད་ནས། ཟུལ་བུ་སྨན་མོ་ཆེ་བ། སྨན་སྟོན་དབང་ཕྱུག་བཟང་པོ། ཟུར་མཁར་ཐམས་ཅད་མཁྱེན་པ་མན་གོང་ལྟར། ཡང་ན་པཎ་ཆེན་མཉམ་ཉིད་རྡོ་རྗེ་ནས། ཀོང་སྟོན་མཁས་པའི་དབང་པོ། མཚོ་སྨད་མཁན་པོ་སྨན་བླ་ཤཱཀྱ་དབང་ཕྱུག །མཁས་མཆོག་


GLG003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་རྒྱལ་པོ། རིན་ཅེན་སྡིངས་པ་སེམས་དཔའ་ཆེན་པོ་མན་གོང་བཞིན་ནོ། །རྩ་རྒྱུད་ཀྱི་ལུང་ཞིག་མཁན་པོ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ཞུས། རྗེ་ཉིད་ཀྱི་མེས་པོ་དྲུང་འཚོ་བར་གསན་གསུང་། དེ་ཡན་གྱི་བརྒྱུད་པ་མ་རྙེད། བཤེས་གཉེན་གྲ་པས་བསམ་ཡས་ནས་སྤྱན་དྲངས་པའི་འཕགས་པ་ཛམྦྷ་ལ་དམར་པོ་གསུང་གི་སྒྲུབ་སྐོར་ལ། ཐོད་པ་ལ་བརྟེན་ནས་ཁམས་གསུམ་སྙིང་ཁྲག་སྡུད་པའི་དབང་། གཏོར་མ་རིན་ཅེན་འབར་བས་འདོད་དགུ་ཆར་འབེབས་ཀྱི་དབང་། ཆུ་བྱིན་དང་ལྷ་སྒོམ་སྔགས་བཟླས་ཀྱི་དབང་མནོས་ནས། ལུང་ལ་འཕགས་པ་ཛམྦྷ་ལ་དམར་པོ་གསུང་གི་སྒྲུབ་ཐབས། ཆུ་སྦྱིན་གཏོར་མ་ལ་བརྟེན་ནས་སྒྲུབ་པ། ཐོད་པ་ལ་བརྟེན་ནས་བསྒྲུབ་པ། ཛམྦྷ་ལའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་དབང་དུ་བྱ་བའི་འཕྲིན་ལས། སྦྱིན་སྲེག་ལ་བརྟེན་ནས་བསྒྲུབ་པ། ཚོགས་མཆོད། བསྟོད་པ་བདེ་གཤེགས་མ། འཁོར་ལོའི་བྲི་ཡིག །ཛམ་དམར་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་པ། ཛམ་ལ་དམར་པོའི་དབང་བསྐུར་གྱི་ཡི་གེ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཛམྦྷ་ལ། ཨོ་རྒྱན་དུས་གསུམ་སངས་རྒྱས། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་གྲ་པ་མངོན་ཤེས་དབང་ཕྱུག་འབར། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཤེས་རབ་རྒྱལ་བ་ཟེར་བ་འདུག །གྲ་པ་ཐུགས་རྗེ་འབུམ། སློབ་དཔོན་ཤུ་ལ་ཙནྡྲ། སློབ་དཔོན་ཚུལ་རྒྱལ་བ། མཁན་པོ་ཉི་མ། སློབ་དཔོན་དོན་བཟང་དབུ་མ་པ་གྲུབ་པ་བརྩོན་འགྲུས། ལ་ལར་དབུ་གྲུ་བཙུན་ཟེར་བ་འདུག་ཀྱང་རྡོ་རྗེ་རིན་པོ་ཆེའི་གསན་ཡིག་ན་འདི་བཞིན་སྣང་། དཀའ་བཅུ་གཞོན་ནུ་སེང་གེ །བླ་མ་ཤཱཀྱ་གྲུབ་པ། རྡོ་སྟོན་བསོད་ནམས་བཟང་པོ། རྗེ་རྒྱལ་བ་དཔལ། ཡ་མ་ལག་པ་ཡེ་ཤེས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་


GLG003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། གུར་རྫོང་པ་ཆོས་འབྱོར་དཔལ་བཟང་། རིགས་འཛིན་གཞོན་ནུ་དོན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། ལྕེ་སྟོན་གསལ་བའི་ཤེས་རབ། ཚེ་དོན་གསལ། འུ་ཡུག་དམ་པ་ཤག་པོ། དམ་པ་ཤར་རྡོར། བླ་མ་བསོད་ནམས་རིན་ཅེན། གཞོན་ནུ་སེང་གེ་མན་གོང་ལྟར། ཡང་ན་གཏེར་སྟོན་ནས། གཞུང་པ་རྒྱན་ལེགས། རོང་པ་ཆོས་མགོན། བླ་མ་དབང་ཕྱུག་གྲགས། གྲ་དུར་བ། མཁན་པོ་ཀུན་དགའ་རིན་ཅེན། རྗེ་རིན་ཆེན་མཆོག །དབུ་མ་པ་གྲུབ་བརྩོན་མན་གོང་བཞིན། སློབ་དཔོན་བཻ་རོ་ཙ་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དབུ་རྩེར་གཏེར་དུ་སྦས་པ་གྲ་པ་མངོན་ཤེས་ཀྱིས་གདན་དྲངས་པའི་ལྷ་འཁོན་སྦྱོང་བའི་འཁོར་ལོ་རྫས་འགོ་བའི་ལྷ་ལྔ་མཆོད་ཐབས་ཕན་ཡོན་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། སློབ་དཔོན་བཻ་རོ་ཙ་ན། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་གྲ་པ་མངོན་ཤེས། ཉེ་གནས་རྒ་བྲན་ནག་པོ། སྤྲུལ་སྐུ་ཉི་མ་འོད་ཟེར། མངའ་བདག་མི་བསྐྱོད་རྡོ་རྗེ། གཏེར་སྟོན་སངས་རྒྱས་འབར། བླ་མ་ཉི་མའི་སྙིང་པོ། མཚུངས་མེད་འོད་ཟེར་རྒྱལ་མཚན། རྗེ་ཆོས་ཉིད་ཤེས་རབ། བླ་མ་མཁས་གྲུབ་བསོད་ནམས། སྤྲུལ་སྐུ་ཡོན་ཏན་སེང་གེ །ཀུན་མཁྱེན་ཤེས་རབ་རྣམ་རྒྱལ། སྔགས་འཆང་བཟང་པོ་རྒྱལ་མཚན། རྗེ་སངས་རྒྱས་སྐྱབས། སྤྲུལ་སྐུ་ཤཱཀྱ་བཟང་པོ། རིགས་འཛིན་བདུད་འཇོམས་རྡོ་རྗེ། རིགས་འཛིན་ཆོས་དཔལ་བཟང་། སྔགས་འཆང་ཚེ་རིང་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །


GLG003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་གྲ་པ་མངོན་ཤེས་ཀྱིས་བསམ་ཡས་ཀྱི་ཀ་བ་བུམ་པ་ཅན་ནས་གདན་དྲངས་པའི་སྐོར་ལ། མཁན་ཆེན་པདྨ་བཟང་པོའི་ཡི་གེའི་སྟེང་ནས་ཞང་བློན་རྡོ་རྗེ་བདུད་འདུལ་ཕྱི་ལྟར་གནོད་སྦྱིན་དུ་སྒྲུབ་པ་ལྷ་དྲུག །ནང་མགོན་པོ་ལྟར་སྒྲུབ་པ་ལྷ་དགུ། གསང་བ་བདུད་ལྟར་སྒྲུབ་པ་ལྷ་ལྔའི་རྗེས་གནང་གསུམ་མནོས་ནས། ལུང་ལ། གནོད་སྦྱིན་ཡིད་བཞིན་གཏེར་གྱི་རྒྱུད་ཆེན་པོ་རྩ་བའི་རྒྱུད་དུ་གྲགས་པ་ལེའུ་བཅོ་བརྒྱད་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསང་བའི་བདག་པོ་བྱིན་གྱིས་བརླབས་ཏེ་གནོད་སྦྱིན་རྒྱལ་པོ་ཡཀྴ་ཀུ་བེ་ར་ལ་བཤད་པ་སློབ་དཔོན་པདྨ་འབྱུང་གནས་དང་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་ཏེ་གཏེར་དུ་སྦས་པ། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རིན་ཅེན་སྦྱིན་རྡོ་རྗེ་བདུད་འདུལ་གསང་བའི་རྒྱུད་ཆེན་ལེའུ་བཅོ་བརྒྱད་རྫོགས་ཚིག་རྟོག་པ་ཉི་ཤུ་རྩ་དྲུག་པ་སངས་རྒྱས་ཀྱིས་གསང་བདག་བྱིན་གྱིས་བརླབས་ནས་ཀུན་དགའ་བོ་ལ་གསུངས་པ་བསམ་ཡས་སྟེང་ཁང་གི་སེང་ལྡེང་ཀ་གཞུ་ནས་སྤྱན་དྲངས་པ། ཞང་བློན་ཆེན་པོ་ཕྱི་དར་ལ་བརྟེན་ནས་གནོད་སྦྱིན་ནོར་དུ་སྒྲུབ་པ་ཀུན་ལ་ཁ་ལོ་བསྒྱུར་བ་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། ལས་ཕྲན་ལ་ཕ་རོལ་གྱི་གནོད་པ་ཞི་བ། ཚེ་དང་དཔལ་རྒྱས་པ། འཁོར་གནོད་སྦྱིན་མོ་བཅུ་དྲུག་གིས་གང་ལ་བྱ་བ་དབང་དུ་བསྡུ་བ། ཡུམ་གྱི་ཐུན་སྒྲུབ་ཀྱི་ལས་མཐའ་ཟོར་གྱི་སྦྱོར་བ། རྗེ་གྲོགས་བྲན་ལྟ་བུའི་བསྟེན་ཐབས་གསུམ། ཕྱི་ནང་གསང་བའི་དམ་ཚིག་གི་རིམ་པ་དང་བཅས་པ། གནོད་སྦྱིན་ཆེན་པོ་ནད་དམ་རྫས་ལ་བརྟེན་ནས་མགོན་པོར་སྒྲུབ་པ་གདམས་པ་རྫོགས་སོའི་མཐའ་ཅན། གནོད་སྦྱིན་གསང་བ་བདུད་དུ་བསྒྲུབས་ནས་དགྲ་བོའི་སྲོག་རྩ་གཅོད་པ་རུ་དྲ་སྒྲོལ་བར་སྨོན་ལམ་


GLG003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པའི་མཐའ་ཅན། ཕྱི་ཟས་སྣ་ཚོགས་ཀྱི་གསོལ་ཁས་མཆོད་པ། ནང་མདོས་ཀྱིས་མཆོད་པ། གསང་བ་ཤ་ཁྲག་ལ་བརྟེན་པའི་གསོལ་ཁ་བྱ་ཐབས། སྒྲུབ་སྐོར་གསོལ་ཁ་འདི་རྣམས་བསམ་ཡས་བར་ཁང་གི་ཀ་བ་བུམ་པ་ཅན་ནས་བཏོན་པར་གྲགས་ཀྱང་སྒྲུབ་ཐབས་རང་གི་མཇུག་ན་བྲག་རིའི་ལོགས་ལ་གཏེར་དུ་སྦས་ཟེར་བ་འདུག་པས་སླར་ཡང་ཁུངས་དཔྱད་པར་བྱའོ། །འགོར་རྡོ་རྗེ་འཛིན་དང་དབྱེར་མེད་ཞེས་ཡོད་པའི་ཞང་བློན་ཕྱི་སྒྲུབ་ཀྱི་གཏོར་ཆོག་མཆོད་བསྟོད་དང་བཅས་པ་གཏེར་སྟོན་གྲ་པས་མཛད་པའི་ལས་བྱང་དགོས་འདོད་ཀུན་འབྱུང་དུ་གྲགས་པ། འདི་དཔེ་ལ་ལར་སློབ་དཔོན་ཆེན་པོས་མཛད་ཟེར་བའང་སྣང་། ལོ་ཆེན་བསོད་ནམས་རྒྱ་མཚོས་མཛད་པའི་ལས་བྱང་དངོས་གྲུབ་རྒྱ་མཚོ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱིས་མཛད་པའི་རྗེས་གནང་གི་ཡི་གེ་དང་བཅས་པ་རྣམས་ཐོབ་པ་ལས། ཕྱི་ནང་གསང་གསུམ་གྱི་རྗེས་གནང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། དཔལ་ཕྱག་ན་རྡོ་རྗེ། མགོན་པོ་ཀླུ་སྒྲུབ། ཨོ་རྒྱན་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་གྲ་པ་མངོན་ཤེས་དབང་ཕྱུག་འབར། དེས་ཉེ་གནས་རྒ་བྲན་ནག་པོ་དང་པུ་རང་པ་བསོད་ནམས་རིན་ཅེན་གཉིས་པ་ལ་གནང་། གསན་ཡིག་སྒོ་མཐུན་པར་འདི་བཞིན་འདུག་ཀྱང་རྣམ་སྲས་ཀྱི་བརྒྱུད་པར་ཡོད་པའི་བཅུར་བསོད་ནམས་རིན་ཅེན་ཡིན་ནམ་དཔྱད། དེ་གཉིས་ལ་གུང་ཐང་གི་སྒོམ་ཆེན་སྨོན་ལམ་འབར། རིམ་བཞིན་སྲས་གུང་ཆུང་སྟོན་པ། ཤ་མི་སྒོམ་ཆེན་རྡོ་རྗེ་རྒྱལ་མཚན། ཤེ་སྟོན་ཡང་ཟེར། དོལ་པ་བཛྲ་པཱ་ཎི། རྒྱ་བྱང་ཆུབ་སེམས་དཔའ། ཉང་བྱང་ཆུབ་སེམས་དཔའ། བྲག་དཀར་སྨན་བླ་བ། ཇོ་སྲས་དཀོན་


GLG003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་གཞོན་ནུ། སྲས་མགར་སྟོན་ཚུལ་ཁྲིམས་གཞོན་ནུ། རྭ་ཆེན་ཆོས་དཔལ་བཟང་པོ། དཔལ་སྦས་གྲགས་པ་རྒྱལ་མཚན། པཎ་ཆེན་རིན་ཅེན་པདྨ་དབང་རྒྱལ། སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ། བླ་མ་ཨོ་རྒྱན་རྒྱལ་པོ། གོང་དཀར་བ་པཎ་ཆེན་ཀུན་དགའ་བཀྲ་ཤིས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བླ་ཆེན་ཆོས་དཔལ་བཟང་པོ་ནས། བྱམས་པ་བསྟན་པའི་མངའ་བདག །མངའ་རིས་པཎ་ཆེན་མན་གོང་བཞིན་ནོ། །ཡང་ན་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་ནས། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་ཕྱི་སྒྲུབ་ཀྱི་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། བླ་ཆེན་ཆོས་དཔལ་བཟང་པོ་ཡན་གོང་ལྟར་ལ། དེ་ནས་རྗེ་སངས་རྒྱས་རིན་ཅེན། རྟ་ནག་སྒྲོལ་མ་བ་ཡིན་ནམ་དཔྱད། འགོས་ལོ་ཡིད་བཟང་རྩེ་པ་གཞོན་ནུ་དཔལ། པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ། མཁན་ཆེན་ངག་དབང་གྲགས་པ། སློབ་དཔོན་བློ་གྲོས་འཕེལ། སློབ་དཔོན་མཁས་མཆོག་རྒྱ་མཚོ། ཆོས་རྗེ་དགེ་འདུན་ལྷུན་གྲུབ། ལྷ་ཆོས་རྗེ་ངེས་ལེགས་དཔལ་འབྱོར་ལྷུན་གྲུབ། འཁོན་སྟོན་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ཡང་ན་ཕ་གྲ་པ་ནས། གྲ་པ་ཐུགས་རྗེ་འབུམ། ཤུ་ལ་ཙནྡྲ། སློབ་དཔོན་དོན་བཟང་། སློབ་དཔོན་ཚུལ་རྒྱལ། མཁན་པོ་ཉི་མ། དབུ་གྲུ་བརྩོན་སེང་། དཀའ་བཅུ་པ་བཀྲ་ཤིས་བཟང་པོ། བླ་མ་ཡེ་ཤེས་དཔལ། རྗེ་ཆོས་གྲགས་དཔལ། མཁན་ཆེན་སེང་གེ་དཔལ་བཟང་། པཎ་ཆེན་བྱམས་གླིང་པ་མན་འདྲ།


GLG003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཆེན་གྱིས་མཛད་པའི་ལས་བྱང་དང་རྗེས་གནང་གི་ཡི་གེ་མ་གཏོགས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་ནས། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ལོ་ཆེན་གྱིས་མཛད་པའི་ལས་བྱང་གི་ལུང་བརྒྱུད་ནི། ལོ་ཆེན་བསོད་ནམས་རྒྱ་མཚོ་ནས། སོ་དཔལ་མགོན་རྒྱལ་མཚན། སོ་བསོད་ནམས་རིགས་འཛིན། སོ་བདུད་དུལ་ཚེ་དབང་བཀྲ་ཤིས། དབུ་མཛད་ངག་དབང་བཀྲ་ཤིས། རྫོགས་ཆེན་པ་ཀློང་ཡངས་འོད་གསལ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱིས་མཛད་པའི་རྗེས་གནང་གི་ཡི་གེའི་ལུང་ནི་རྗེ་ཉིད་ལ་བདག་གིས་མནོས་སོ། །ར་མོ་ཤེས་སྨན། སུམ་སྟོན་ཡེ་ཤེས། བྲང་ཏི་མཁར་བུ་གསུམ་གྱི་གཏོར་ཆོས་ནི་མ་འཚལ། ཁུ་ཡུག་འབུམ་ཐང་གི་སྲིན་ཕུག་གྲོག་པོ་ནས་ཉང་སྟོན་ནམ་ཉང་རིང་ཤེས་རབ་གྲགས་ཀྱིས་གདན་དྲངས་པའི་དགྲ་བོ་དམ་ཉམས་གཟའ་བདུད་ལ་གཏོང་པའི་གདོང་གཏད་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་ཉང་རིང་ཤེས་རབ་གྲགས་ནས་རིམ་པར། ཆོས་རྒྱལ་དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཙང་སྟོན་ཆོས་འབར་གྱི་གཏེར་མའི་མཆོད་རྟེན་སྟོན་པོ་ལ་བརྟེན་ནས་སེར་བ་བསྲུང་བ་ནི་གཏེར་སྟོན་ནས་རིམ་པར་བརྒྱུད་དེ། ཀུན་དགའ་བསྟན་འཛིན། ཀུན་དགའ་རྡོ་རྗེ། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །གསོལ་འདེབས་ལས། ཐོ་ལིང་གནས་ནས་ངོ་


GLG003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་བསྟན་སྲུང་སྐོར། སྤྱན་དྲངས་སྟག་སྡེའི་གུ་རུ་ཧཱུྃ་འབར་དང་། །གུ་གེ་འདམ་གྲོག་མཁར་ནས་ཆིག་དྲིལ་སྐོར། །རྙེད་མཛད་སྐལ་ལྡན་བྱིས་པ་ལ་གསོལ་བ་འདེབས། ཞེས་གསུངས་པ་ལྟར། གུ་རུ་པདྨ་འབྱུང་གནས་ཀྱིས་མངའ་རིས་ཐོ་ལིང་གི་གཙུག་ལག་ཁང་གི་དཔལ་རྟ་མགྲིན་གྱི་ཐུགས་ཀར་གཏེར་དུ་སྦས་པའི་གཟའ་མོན་པ་ཀེ་ཏའི་གདམས་པ་རྣམས་ལས་ཅན་བོན་སྟོན་ཧཱུྃ་འབར་གྱིས་སྤྱན་དྲངས་པའི་སྐོར་ལ། གནས་བསྲུང་གི་གདམས་པའི་བརྒྱུད་པ། ཁུངས་བཙུན་པའི་ལོ་རྒྱུས། རྫས་དང་གཏོར་མ་ལ་བརྟེན་ནས་བསྙེན་པ། འཁོར་ལོ་ལིང་ག་ལ་བརྟེན་ནས་སྒྲུབ་པ། རྫ་སྦལ་ལ་བརྟེན་ནས་ལས་སྦྱོར། བསམ་བསྒྱུར་ཆེན་མོའི་ཞལ་གདམས་ཟབ་པའི་མཐའ་ཅན། སྒྲུབ་པའི་བཅས་དང་མདུན་བསྐྱེད་ཀྱི་དམིགས་གཞུང་ལས་བྱང་དུག་ལྔ་ལས་གྲུབ་མཐུ་རྩལ་མ་དང་བཅས་པ། གང་ཞིག་འགྲས་ཆེ་བ་ལ་གསོད་པའི་ལས་སྦྱོར་བྱུག་པ་ཡང་ཟོར་རོའི་མཐའ་ཅན། ཙཀྲའི་འགྲེལ་པ་གཏེར་སྟོན་གྱིས་ལོགས་སུ་གབ་པ་གདམས་པ་འདིའི་འཁོར་ལོ་འདྲི་བ་ལག་ལེན་སློབ་པ་ལ་གལ་ཆེ་བའི་མཐའ་ཅན། སྒྲུབ་ཐབས་ཀྱི་ཏིང་འཛིན། གཉེན་པོ་གཏོར་མའི་གནད། བླ་རྡོ། རྟགས་དང་སྦྱར་ནས་ལས་ལ་སྦྱོར་ཚུལ་གབ་གསོའི་གནད་ཕྲན་རྟགས་ཡིག་ཏུ་གྲགས་པ་ཟབ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་གདམས་ལོགས་སུ་སྦས་པ་རྫོགས་སོའི་མཐའ་ཅན། རང་བཞིན་གྱི་འཁོར་ལོ་ན་གནས་པའི་སྡེ་བརྒྱད་བསྐྱེད་ལུགས་མཇུག་ན་གནང་ཚུལ་ཡོན་ཕུལ་བའི་ལོ་རྒྱུས་དད་གུས་དང་བཅས་ཞུས་པའི་མཐའ་ཅན། བཅས། ས་མ་ཏི། སྔགས། ལྷ་དབྱེ། འཁོར་ལོ། བསྐུལ། རྗེས་དང་བཅས་པའི་


GLG003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གབ་གསོ་བདུན་པ་པུ་རང་གི་གཙང་པོས་བོད་ཕུང་གི་དོགས་ནས་ལོགས་སུ་སྦས་པ་རྫོགས་སོའི་མཐའ་ཅན། ལྷ་དབྱེའི་གབ་གསོ་ཤིན་ཏུ་གསང་བ། ནང་རྒྱས་ཀྱི་གབ་གསོ། ལྷ་དབྱེའི་བསྐུལ་དུག་ལྔ་ལས་གྲུབ་དྲེགས་རྩལ་མ། འགོ་བའི་ལྷ་ལྔ་འདྲི་ཚུལ། མདུན་བཤིག་ཆུང་བའི་ཞལ་ཤེས། བསྙེན་སྒྲུབ་ལ་འཇུག་པའི་སྒོམ་རིམ་ཁྲིགས་སུ་བསྡེབས་པ་བསྒྲལ་བར་བྱའོའི་མཐའ་ཅན། བོད་སྔགས་རྦད་གསད་ཅིག་ཅར་བཟླ་བ། འཁོར་ལོ་གསུམ་སོ་སོའི་སྒྲུབ་སྔགས། ཉིན་མཚན་གྱི་ཁྱད་པར། སོ་མན་ངག །ལག་འཁྲིད། ཞལ་ཤེས་རྣམས་ཡི་གེར་བཀོད་པ་གཞན་ལ་བསྟན་ན་གཟའ་བདུད་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧིའི་མཐའ་ཅན། བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་བྱང་མི་མཁྱེན་པ་མེད་ལགས་སོའི་མཐའ་ཅན། མི་རྒོད་ཁ་བསྡམ། སེར་བསྲུང་། བསྲུང་བ། དམག་དཔུང་རྒྱལ་བྱེད། མོན་པ་འཕྲིན་ལས་ལ་བཀོལ་པ་ལྔའི་ཡིག་ཆུང་། མོན་ཐོད་ལ་བརྟེན་ནས་ཁྱིམ་བསྲུང་བ། ཆོ་འཕྲུལ་གཏོང་བ། དགྲ་ཡུལ་དུ་སྤྲེལ་དམག་གཏོང་བ། སྦོས་རིར་གསོད་པ། བསྐྲད་པ་རྔ་མོའི་གབ་གསོ། ལྐུགས་པ་ལུག་གི་གབ་གསོ། སྒྲིབ་པ་རུས་སྦལ་གབ་གསོ། མངོན་རྟོགས་ཀྱི་གབ་གསོ། དཔེ་རིས་སྐོར་ལ། འབྱུང་བཞིའི་དཀྱིལ་འཁོར། ཧོམ་ཁུང་། སྐུ་གཟུགས། གཏོར་མ། ཕྱག་རྡོར། གཟའི་ཡབ་ཡུམ། ཁྱུང་གི་སྐུ། ཁྱབ་འཇུག་སྦྲུལ་མཇུག་དང་ཞབས་ཅན་གྱི་སྐུ། ཝ་སྤྱང་སྟག་མགོ་ཅན། དཀྱིལ་འཁོར་གྱི་བཅས། བླ་རྡོ། ལྷ་ལྔའི་གཟུགས། ལྷ་དབྱེའི་ཤོག་བྱང་། སྡེ་བརྒྱད་ཀྱི་གཟུགས། རྔ་མོ། ལུག །རུས་སྦལ་གསུམ་གྱི་ཙཀྲ། ལྟས་ངན་གཏོང་བ་དང་གྲོད་པ་ཕུ་འདེབས་ཀྱི་དཔེ་དང་བཅས་པ་རྣམས་ཀྱི་ལུང་ཕྱག་ལེན་དམར་འཁྲིད་ཞིབ་རྒྱས་ལན་གཉིས་ཀྱི་བར་དུ་ཞུས་པའི་བརྒྱུད་


GLG003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཌཱ་ཀི་མ་ཉི་མའི་སྤྱན། བྲམ་ཟེ་བྷུ་གུ། དྲེགས་པ་ཟིལ་གནོན་པདྨ་འབྱུང་གནས། གཏེར་སྟོན་སྟག་སྡེའི་བོན་སྟོན་ཧཱུྃ་འབར། སྟག་སྡེ་གྲགས་པ་རྒྱལ་མཚན། པུ་རང་གི་བཙད་པོ་ལྷ་བླ་མ་ཡེ་ཤེས་འོད། སྒྱེར་ཕུའི་ཀློག་སྟོན། དཔལ་དར། ཇོ་བདུད། གྲོམ་པ་ལྷ་མགོན། དྲན་པ་ཟེར་བའང་འདུག །ཞང་སྟོན་མཐུ་ཅན་གངས་པ་ཤཱཀ་འབུམ། གནུབས་ཡེ་ཤེས་རྒྱ་མཚོ། ཕྱི་མ་ཡིན། གླན་འཇམ་དཔལ་སེང་གེ །གནུབས་ཀུན་དགའ་བཀྲ་ཤིས། མཁས་གྲུབ་རྒྱལ་སྲས་ཆོས་རྗེ། སྔགས་འཆང་ལེགས་པ་དཔལ། ལྷ་རིགས་འཇམ་དབྱངས་རིན་ཅེན་རྒྱལ་མཚན། མངའ་རིས་གློ་བོ་མ་ཐང་པ་རིགས་འཛིན་ལེགས་ལྡན་རྡོ་རྗེ། མི་ཉག་སྟོང་འཁུན་རྒྱལ་རིགས་བཀྲ་ཤིས་སྟོབས་རྒྱལ། དེ་སྲས་རིགས་འཛིན་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། མཁྱེན་བརྩེ་ནུས་པའི་མངའ་བདག་ཆོས་དབྱིངས་རང་གྲོལ། དེས་ཟ་ཧོར་སྔགས་སྨྱོན་གྱི་ཆོས་སྲུང་དུ་གདམས་སོ། །ཡང་ན་གྲོམ་པ་ལྷ་མགོན་ནས། སུ་ཙནྡྲ་བཛྲ་ཡོ་གི་ནི་དེ་བ་ཀུ་ཤི །ཤེའུ་བནྡེ་བློ་བདེ། ཤེའུ་སྔགས་པ། གཡུའི་སྟོན་རྡོ་རྗེ་དཔལ། རིགས་འཛིན་ཚེ་དབང་རྒྱལ་པོ། རྒྱལ་སྲས་ཆོས་རྗེ་མན་འདྲ། ཡང་ན་ཞང་སྟོན་ནས། འབྲི་མཚམས་པ་བསོད་ནམས་གྲུབ། བླ་མ་ཀུན་དགའ་འབུམ། འཇག་མ་ལུས་པ་སངས་རྒྱས་ཡོན་ཏན་རྒྱ་མཚོ། གནས་རྙིང་པ་རྟོགས་ལྡན་ཤེར་གཞོན། དམུ་སྟོན་པདྨ་རྒྱལ་པོ། སྔགས་འཆང་སའི་སྙིང་པོ། ཉང་སྟོན་ཚེ་བརྟན་རྡོ་རྗེ། སྔགས་འཆང་དཀོན་ཅོག་སྐྱབས། འདིས་རྒྱལ་རྩེ་ཐུན་ཁང་དུ་ཞུས། མངའ་རིས་རིགས་འཛིན་མན་གོང་ལྟར། ཡང་ན་བླ་མ་ཀུན་དགའ་འབུམ་ནས། རི་ནང་པ་སློབ་དཔོན་རྣམ་རྒྱལ། རྟོགས་ལྡན་བྲག་ཏོག་པ། ཇོ་གདན་


GLG003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་གཞོན་ནུ། དམུ་སྟོན་པདྨ་རྒྱལ་པོ་མན་གོང་ལྟར། ཡང་ན་གངས་པ་ཤཱཀ་འབུམ་ནས། གཡུང་སྟོན་རྡོ་རྗེ་དཔལ། རིགས་འཛིན་ཚེ་དབང་རྒྱལ་པོ། བརྒྱུད་འཛིན་ལེགས་པ་དཔལ། གྲོ་སྟོན་རྡོ་རྗེ་རྒྱལ་མཚན། རྔོག་སྟོན་བསོད་ནམས་ཤེས་རབ། དམུ་སྟོན་ཀུན་ཏུ་བཟང་པོ། དམུ་སྟོན་དཀོན་ཅོག་སྐྱབས་མན་གོང་བཞིན་ནོ། །མངའ་རིས་གུ་གེ་འདམ་གྲོག་མཁར་ནས་སྐལ་ལྡན་བྱིས་པས་སྤྱན་དྲངས་པའི་གག་ལྷོག་གཟེར་གསུམ་སོགས་འགོ་ནད་ཐམས་ཅད་ཐུབ་ངེས་པའི་ཟབ་ཁྱད་མ་གཅུན་འཁོར་ལོ་ནག་པོ་གུ་གེ་ཆིག་དྲིལ་དུ་གྲགས་པའི་སྐོར་ལ། བརྒྱུད་པའི་ལོ་རྒྱུས་བྱུང་ཁུངས། བསྲུང་བྱའི་ངོ་བོ། རྫས་ཀྱི་རིམ་པ། རྟ་མགྲིན། ཁྱུང་ནག །ཕག་ནག །གཉའ་གནོན་པདྨ་ཀྲོ་ཏི་མ་རཀྵའི་མཐའ་ཅན། འཁོར་ལོ་མུ་ཁྱུད་གསུམ་པ་རྩིབས་བརྒྱད་སྔོན་པོ། ཁྱུང་སེར། གསེར་རྡོར། གཡུའི་རལ་གྲི། ཞང་ཞུང་དམོད་སྔགས། ཏདྱ་ཐཱ་སྭཱ་ཧཱའི་མཐའ་ཅན། ཁྱུང་དམར། བྲམ་ཟེ་དཀར་པོ། ཅེ་སྤྱང་། ཁྱུང་སྔགས་ལྷང་ལྷང་མ་སྭཱ་ཧཱའི་མཐའ་ཅན། འཁོར་ལོ་མུ་ཁྱུད་བཞི་པའི་རྩིབས་བརྒྱད་སེར་པོ། བྲམ་ཟེ་དམར་ནག །བྲམ་ཟེ་ལྕེ་ལྡུར་རཀྵའི་མཐའ་ཅན། ཁྱུང་ནག །ཨཱ་ཙཪྻ། བྲམ་ཟེ་དཀར་པོ། ཅེ་སྤྱང་། ཁྱི་དམར། བྲམ་ཟེའི་དྲག་སྔགས་ཧཱུཾ་ཞི་ནན་རཀྵའི་མཐའ་ཅན། འཁོར་ལོ་མུ་ཁྱུད་བཞི་པ་རྩིབས་བཞི་སྔོན་པོ། མིའི་དྲང་སྲོང་། རྡོ་རྗེ་རྒྱ་གྲམ། མུ་སྟེགས་ཐལ་མདོག །བྷོ་དྷེ་སྲུངས་ཤིག་གི་མཐའ་ཅན། ཕག་གདོང་བཞི་པ་ཁྱུང་ནག །བྲམ་ཟེ་ནག་པོ། ཁྱུང་སྔགས་ལྷང་ལྷང་མ་སྐྱོབས་ཤིག་གི་མཐའ་ཅན། འཁོར་ལོ་མུ་ཁྱུད་བཞི་པ་རྩིབས་བརྒྱད་སྔོན་པོ། ཕག་དཀར། ཕུར་པ། བྱ་རོག །བྱ་རོག་ལྐོག་སྔགས་ཨོཾ་ཧ་ལ་ཡ་སྭཱ་ཧཱའི་མཐའ་ཅན། ཁྱུང་ནག །ཁྲོས་ནག །རྩེ་གསུམ། སྔགས་ཧབ་ཏ་སྭཱ་


GLG003_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱའི་མཐའ་ཅན། མུ་སྟེགས་ཐལ་མདོག །རྩེ་གསུམ། ཁྱུང་དམར། མུ་སྟེགས་དྲག་སྔགས་ཨཱོཾ་དུ་དུ་སྲུངས་ཤིག་གི་མཐའ་ཅན། ག་བུར་གྱི་ཕག །ནོར་བུ། ཁྱུང་སེར། ཨཱོཾ་བྷི་ཤ་རཀྵའི་མཐའ་ཅན། ཁྱུང་སེར་གཡུ་ཤེལ་ལས་གྲུབ་པ། ཕག་རོག །ལྷང་ལྷང་ཙེར་ཙེར་སྭཱ་ཧཱ༔མཐའ་ཅན། ཆེ་བརྗོད་རྫོགས་བྱང་གི་མཐའ་ཅན་དང་བཅས་པ། འདིའི་ལེ་ལག་ལ་གསོ་བ་གཞན་དུ་ཞལ་འཕང་བའི་འདི་ལ་ངོས་འཛིན། གཉན་ནད་གག་ལྷོག་གཟེར་ཐུང་བཅོས་ཐབས་༼༽ལ་ནང་གསེས་ཀྱི་འབྱུང་ཁུངས། ངོ་བོ་ངོས་བཟུང་བ་རང་གཞན་བསྲུང་བ། གསོ་བའི་ཐབས་དང་བཞིས་བསྟན་པ། རྨ་དང་སྐྲངས་པ་ལ་བཏབ་པོའི་མཐའ་ཅན་རྣམས་ཀྱི་ལུང་ཕྱག་ལེན་ཐོབ་པ་ལས་གཡུང་དྲུང་གི་རྟགས་ཅན་མ་གཏོགས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་གསུམ་མགོན་པོ། སློབ་དཔོན་པདྨ་ཐོད་འཕྲེང་། ཇོ་མོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་སྐལ་ལྡན་བྱིས་པ་དབུས་པ་བརྡ་སྒོམ། ཇོ་སྲས་བདེ་བ་འབར། གཉན་སྟོན་རི་གོང་པ། མགར་སྒོམ་དཔོན་ཤེ་སེ་རྒོད་མགོན་པོ། དོ་སྨན་པ། བླ་མ་ཤེས་རབ་མགོན་པོ་ནས་རིམ་པར། ཆོས་རྒྱལ་མངྒའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཡུང་དྲུང་གི་རྟགས་ཡོད་པའི་བརྒྱུད་པ་ནི། ཡུག་རྫོང་པ་ནོར་བུ་དབང་རྒྱལ། དངས་མ་བ་བསྟན་འཛིན་འགྱུར་མེད། འཇམ་དཔལ་འོད་ཟེར། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །གསོལ་འདེབས་ལས། རྡོ་རྗེ་སྤྲེ་ཆུང་སྨོན་ལམ་ཆུ་གླང་རྩེ། གཉལ་ཞིག་ཉི་མ་སེང་གེ་གཉལ་སྟོན་ནག །ཤེས་རབ་མེ་འབར་ཁམས་པ་མེ་ཟོར་དང་། །སྣ་ནམ་ཐུབ་རྒྱལ་ཞེས་རྣམས་ལ་གསོལ་བ་འདེབས། ཞེས་པའི་ཆུ་གླང་རྩེ་མོའི་གཏེར་སྐོར་ལ། དབང་ཕྱུག་ཚངས་པ་ཆེན་པོའི་སྒྲུབ་ཐབས་ལས་ཕྱུང་བའི་མུ་སྟེགས་ནག་པོ་ཚེ་འཕེལ་གྱི་མན་ངག་


GLG003_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཅུད་ལྷ་ཆེན་སྟོབས་འདུས་ནག་པོའི་སྒྲུབ་ཐབས་དབང་སྡུད་ལས་ཀྱི་འཁོར་ལོ་ཞེས་པ་གནུབས་སངས་རྒྱས་ཡེ་ཤེས་རྒྱ་གར་ནས་འཁོར་དུས་དཔལ་ཨོ་རྒྱན་ཆེན་པོར་སྐྱེས་ཀྱི་ཚུལ་དུ་ཕུལ་བ་ཟངས་ཡག་བྲག་ལ་སྦས་པ་གཏེར་སྟོན་གུ་རུ་ཇོ་རྩེའམ་ཆུ་གླང་རྩེ་མོར་གྲགས་པས་སྤྱན་དྲངས་པའི་དབང་ཕྱུག་ནག་པོའི་གདམས་པ་རྫོགས་བྱང་གི་མཐའ་ཅན། འཁོར་ལོའི་དཔེའུ་རིས་ཞལ་ཤེས་དང་བཅས་ཐོབ་པའི་བརྒྱུད་པ་ནི། ལྷ་ཆེན་མ་ཧཱ་དེ་ཝ། མུ་སྟེགས་ཀྱི་པཎྜི་ཏ་ནག་པོ་ཚེ་འཕེལ། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཨུ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། མཆིམས་རྡོ་རྗེ་སྤྲེ་ཆུང་། གཏེར་སྟོན་གུ་རུ་ཇོ་རྩེ་ནས། སྐལ་ལྡན་རྡོ་རྗེ་རྒྱལ་པོ། རྡོ་རྗེ་འཆང་ཆོས་ཀྱི་རྒྱལ་མཚན། རིགས་འཛིན་ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ། མཁའ་སྤྱོད་རྣམ་རྒྱལ་གྲགས་པ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་གནས་དེ་ཉིད་ནས་གཏེར་སྟོན་གུ་རུ་ཇོ་རྩེས་གདན་དྲངས་པའི་ཤ་བརྒྱ་ཟན་བརྒྱའི་ལུང་ཕྱག་ལེན་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། ཇོ་མོ་འཚོ་རྒྱལ། གཏེར་སྟོན་གུ་རུ་ཇོ་རྩེ་ནས་རིམ་གྱིས་བརྒྱུད་དེ་དཀར་ཆེན་ཀུན་དགའ་གྲགས་པ། དབོན་པོ་ཡོན་ཏན་བཟང་པོ། བྱ་ལྷ་མཆོག་བཟང་པོ། རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལ་བསྩལ་ཏོ། །གཉལ་ཞིག་ཉི་མ་སེང་གེའི་སྐོར་མ་ཐོབ། བྲམ་ཟེའི་སྔགས་རྒོད་མུ་སྟེགས་ཀྱི་སྟོན་པ་ཨ་མོ་ལི། ཀོར་གྱིས་གདམས་པ་ཨོ་རྒྱན་ཆེན་པོས་བསམ་ཡས་མཆོད་རྟེན་ནག་པོའི་མགུལ་འབུམ་དུ་གཏེར་དུ་སྦས་པའི་རྟེན་གསུམ་འདྲིལ་སྒྲུབ་བམ་གཙང་ཤུག་མར་གྲགས་པ་དབང་སྡུད་ནོར་བུ་གཅིག་པ་གཉལ་པ་ཇོ་སྲས་ཀྱིས་སྤྱན་དྲངས་པའི་སྐོར་ལ། ལས་ཀྱི་ཕྱག་རྒྱ་དབང་དུ་བྱེད་པ་བྲམ་ཟེའི་སྔགས་


GLG003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་ཀྱི་ལོ་རྒྱུས་༼ཟུར༽སྔགས་རྒོད་རླུང་ཞགས་རྣོ་མྱུར་མེ་དང་འདྲ་བའི་གཞུང་ལ་རྟེན་བཅའ་༼ཟུར༽ཐབས། བླ་རྡོ་གཟུང་༼ཟུར༽བ། སྒོམ་བཟླས་བསྙེན་པ་དང་༼ཟུར༽བཅས་པ། བསྙེན་པ་ཐེངས་ནས་སྔགས་དང་རྫས་ལ་བརྟེན་པའི་ལས་སྦྱོར། རིག་པ་མི་བརྟན་པ་འགྲོལ་ཐབས། རང་དང་འབྲལ་མི་ཕོད་པ། བཅུན་ཐབས། གནད་འབེབས། མི་ཁ་གནོན་པ། སྦང་བླང་ཞལ་ཤེས་དང་བཅས་པའི་ལུང་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པ་ནི། དབང་ཕྱུག་མ་ཧཱ་དེ་ཝ། མུ་སྟེགས་ཀྱི་སྟོན་པ་ཨ་མོ་ལི་ཀོར། མུ་སྟེགས་ཀྱི་སྟོན་པ་མི་ཕམ་མགོན་པོ། དཔལ་ཨོ་རྒྱན་ཆེན་པོ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་གཉལ་བ་ཇོ་སྲས་ནག་པོ། སྟོན་མི་སྟོན་བཟང་། ཚ་བོ་དོན་བཟང་། ཞབས་དྲུང་བདག་པོའི་ཕྱག་བྲིས་མར་སྟོན་བསངས་ཟེར་བའང་འདུག །སྨན་ལུང་ཤཱཀྱ་འོད། སྨན་ལུང་པ་ཤཱཀ་གཞོན། སྨན་ལུང་པ་བསོད་ནམས་རྒྱལ་མཚན། སྨན་ལུང་པ་སངས་རྒྱས་རིན་ཅེན། སྨན་ལུང་པ་བློ་གྲོས་རྒྱ་མཚོ། ཀོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ། མངའ་རིས་པཎ་ཆེན་རིན་ཅེན་པདྨ་དབང་རྒྱལ། མཆོག་སྤྲུལ་ལེགས་ལྡན་བདུད་འཇོམས་རྡོ་རྗེ། ཁྲི་སྲོང་རྣམ་སྤྲུལ་བཀྲ་ཤིས་སྟོབས་རྒྱལ། དཔང་སྟོན་རིགས་འཛིན་ཀརྨ་གུ་རུ། གྲུབ་མཆོག་ཆོས་དབང་བསྟན་འཛིན། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཟུར་གྱི་རྟགས་ཡོད་པའི་ལུང་དང་ཕྱག་ལེན་ཞལ་ཤེས་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། དཔལ་བཀྲ་ཤིས་སྟོབས་རྒྱལ་ནས། རིགས་འཛིན་ངག་གི་དབང་པོ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་དཔལ་བཀྲ་ཤིས་སྟོབས་རྒྱལ་ནས། གསང་བདག་རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། རྗེ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་


GLG003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ནས་རིམ་པར། གཉགས་སྟོན་ནམ་མཁའ་རྒྱལ་མཚན། གླན་སྟོན་རྡོ་རྗེ་མགོན་པོ། ཟུར་བསྟན་འཛིན་འགྱུར་མེད། རླུང་མི་འགྱུར་རྡོ་རྗེ། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །རྗེ་ཕ་བོང་ཁ་པ་མན་གོང་བཞིན་ནོ། །ལོ་རྒྱུས་རིན་ཅེན་ལྡེ་མིག་ལས། ཨོ་རྒྱན་ང་ཡི་བྱིན་བརླབས་ཀྱིས༔ བུ་གཅིག་ལྔ་བཅུ་ཁ་རལ་གྱི་དུས༔ དབུས་གཙང་མཐའ་དབུས་འཁྲུག་ཅིང་རྒྱལ་ཁམས་ཆུ་ལྟར་འཁོལ༔ ལས་མི་དགེ་བ་ལ་སྤྱོད༔ སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར་ཞིང༔ བདུད་སྤྲུལ་བཅུ་གསུམ་དུས་གཅིག་འཛོམ་པས་སེམས་ཅན་གྱི་བདེ་སྐྱིད་འཇའ་ལྟར་ཡལ༔ གཏི་མུག་གི་ངོ་བོ་ནད་ཡམས་དར༔ འདོད་ཆགས་ཀྱི་ངོ་བོ་མུ་གེ་དར་བའི་དུས༔ སྐྱེས་བུ་ཤེས་རབ་ཀྱི་མིང་ཅན་ཞབས་ལ་འཁོར་ལོ་པདྨ་འདབ་བརྒྱད་པས་བརྒྱན་པ༔ སྙིང་གར་ཕག་མོ་རང་བྱུང་དུ་བཞུགས་པ༔ རྩའི་རྩེ་ན་ཡེ་ཤེས་ཀྱི་སོར་གཉིས་སུ་ནར་རེ་ཡོད་པ༔ དམ་ཚིག་ཚུལ་བཞིན་བསྲུང་བ༔ མཁའ་འགྲོ་མ་ལྔས་ཉེ་གནས་བྱེད་པ་ཞིག་སྐྱེ་བར་འགྱུར་རོ། །དེས་དེ་ཉིད་འདོན༔ ཞེས་པ་ལྟར་ཀོང་པོ་སྦ་གདོང་ནས་སྤྲུལ་སྐུ་ཤེས་རབ་མེ་འབར་གྱིས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་འཁོར་འདས་རང་གྲོལ་གྱི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྔོན་འགྲོ་གསལ་བའི་མེ་ལོང་ནས་སྟ་གོན་དང་འཇུག་པ། དབང་མཆོག་མུ་ཏིག་ཕྲེང་བའི་སྟེང་ནས་བུམ་དབང་གསང་དབང་ཤེར་དབང་ཐོད་རྒལ་རིག་པའི་རྩལ་དབང་རྣམས་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། ཐེབས་ཡིག་རིན་ཆེན་ལྡེ་མིག་གསེར་གྱིས་མཎྜལ་ལ་གཡུ་ཡི་ཕྲ་བཅུག་པ་འདྲ་བ་ཡིན་པས་སྤེལ་ཞིག་གི་མཐའ་ཅན་ལོ་རྒྱུས་རིན་ཆེན་ལྡེ་མིག་མིག་འབྱེད་ཆེན་མོ་ལེའུ་བརྒྱད་རྫོགས་བྱང་གི་མཐའ་ཅན༔ རྒྱུད་ཀྱི་རྒྱལ་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོར་གྱུར་པ་སྣང་སྟོང་དབྱེར་མེད་སྐུ་གསུམ་སྟོན་པའི་སྒྲ་ཚིགས་འཁོར་འདས་རང་གྲོལ་རྩ་བ་


GLG003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ཀྱི་རྒྱུད་མཁའ་འགྲོའི་སྲོག་སྙིང་ལེའུ་བརྒྱ་དང་བརྒྱད་པ་རྫོགས་བྱང་གི་མཐའ་ཅན། དབང་བཞིའི་སྔོན་འགྲོའི་རིན་ཅེན་གསལ་བའི་མེ་ལོང་རིན་ཅེན་སྦར་བཀབ་ཅེས་བྱ་བ་གསལ་བའི་སྒྲོན་མེ་རྫོགས་བྱང་གི་མཐའ་ཅན། ཐེག་མཆོག་དབང་གི་དངོས་གཞིའི་རིམ་པ་དབང་མཆོག་དང་བཅས་པ་བཞི་རྫོགས་ཆེན་མོ་ཡིག་རིགས་བརྒྱ་རྩ་བརྒྱད་གཏན་ལ་ཕབ་པ་རྫོགས་སོའི་མཐའ་ཅན། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བ་བར་དོ་གསལ་བ་ཀུན་གྱི་ལས་བྱང་ཁ་སྐོང་སྟོན་པ་སངས་རྒྱས་མྱུར་དུ་ཐོབ་ཤོག་གི་མཐའ་ཅན། ཆོས་སྤྱོད་གསོལ་འདེབས་རིག་པའི་ངོ་བོ་མ་མུ་ཏིག་འཕྲེང་བར་གྲགས་པ་རྣམས། ཐེམས་བྱང་དུ། ལྷ་དབང་། གཏོར་དབང་། ཁྲེགས་ཆོད། གསང་སྐོར། འཆི་བ་བརྟག་པ། བཏགས་གྲོལ་སོགས་འདུག་པ་བརྒྱུད་ནས་ཐོན་པས་དེ་གར་དགོངས་སམ། ཆོས་ཚན་ལོགས་སུ་ཡོད་དཔྱད་དོ། །དེ་ལྟར་གོང་གསལ་དབང་ལུང་གི་བརྒྱུད་པ་ནི། ཆོས་དབྱིངས་དབྱེར་མེད་ཀུན་བཟང་ཡབ་ཡུམ། བདེ་སྟོང་དབྱེར་མེད་རྟ་ཕག་ཡབ་ཡུམ། རིག་སྟོང་དབྱེར་མེད་མཁའ་འགྲོ་གཙོ་མོ། སྐྱེ་འཆི་མི་མངའ་པདྨ་ཐོད་འཕྲེང་། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་ཤེས་རབ་མེ་འབར། གཏེར་སྟོན་རྡོ་རྗེ་གླིང་པ། གཏེར་སློབ་སྟག་ཚང་རལ་པ། ཐུགས་སྲས་ཡེ་ཤེས་རྒྱལ་མཚན། གུ་རུ་སེང་གེ་དབང་ཕྱུག །དྲན་མཆོག་ནམ་མཁའི་མཚན་ཅན། བླ་མ་སེང་གེ་རྒྱལ་མཚན། སྨན་ཚ་བླ་མ་ཤཱཀྱ་སེང་གེ །གཡའ་བཟང་དགེ་སློང་བཤེས་གཉེན་ཕུན་ཚོགས། སྔགས་འཆང་རིན་ཆེན་དར་རྒྱས། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། དྲིན་ཆེན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རིན་ཆེན་དར་རྒྱས་ནས། ཟབ་ལུང་མི་འགྱུར་དབང་གི་རྒྱལ་པོ། རྫོགས་


GLG003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པ་ནམ་མཁའ་འཇིགས་མེད། རྗེ་འཕྲིན་ལས་ལྷུན་གྲུབ་མན་འདྲ། དེ་ཡང་བླ་རྒྱུད་དུ་རྡོ་རྗེ་གླིང་པ་ཡོད་པའི་རྒྱུ་མཚན་སྦ་གདོང་གི་གཏེར་མའི་རྫོགས་ཆེན་དྲག་པོ་གསུམ་དྲིལ་གྱི་ཤོག་སེར་བོད་ཡིག་ཡིན་ཡང་འཁོར་འདས་རང་གྲོལ་སྒྲ་རིག་དང་ཡིག་རིགས་མི་གཅིག་པ་བརྒྱ་རྩ་ཡོད་པས་འགོར་བོད་ཡིག་ཏུ། སྤྲུལ་སྐུ་རྣམ་མཁྱེན་གཅིག་དང་ཕྲད་པར་ཤོག༔ དེ་མིན་སྙིགས་དུས་གཞན་གྱིས་ཁྲོལ་རི་ཀན༔ ཞེས་པ་ཡོད་ཅིང་གཏེར་སྟོན་རང་གིས་ཀྱང་ཤོག་སེར་མ་ཁྲོལ། སྟག་ཚང་རལ་པས་ཀརྨ་རང་བྱུང་བ་སོགས་མཁས་གྲུབ་མང་པོར་བསྟན་ཀྱང་འགྲོལ་མ་ཐུབ། ཡིག་རིགས་བཅུ་དྲུག་དང་སྒྲ་རིགས་སུམ་ཅུ་ཙམ་མཁྱེན་པའི་གཏེར་སྟོན་བླ་མ་ཀུན་དགའ་བྱ་བས་ཀྱང་མ་འགྱུར། དེའི་ཚེ་གཏེར་སྟོན་རྡོ་རྗེ་གླིང་པ་བཻ་རོའི་བག་ཆགས་སད་ནས་སྒྲ་ཡིག་གང་ལའང་ཐོགས་པ་མེད་པས་ཤོག་སེར་ལས་ཕབ་པའི་རྒྱུ་མཚན་གྱིས་ཡིན་ནོ། །གཏེར་སྟོན་ཤེས་རབ་མེ་འབར་གྱིས་སྟག་རྩེེ་བྲག་ནས་བྱི་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལ་སྤྱན་དྲངས་པའི་གཟའ་བདུད་རཱ་ཧུ་ལ་དང་ལྷ་མོ་རེ་མ་ཏཱི་གཉིས་ཀྱི་ཆོ་འཕྲུལ་གནམ་ལྕགས་རྒྱལ་པོ་ལ་གཅའ་བཞི། སྒྲུབ་པའི་རིམ་པ། རྟགས་ཡིག །ལས་སྦྱོར་དགུ་པ། བསད་པ། མན་ངག་ཞལ་གདམས། དཔེ་རིས་ཕོ་འཁོར་མོ་འཁོར། བར་འཁོར། སྤྲེལ་ཐོད། ཕ་ཝང་ལོང་བུ་དང་བཅས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རིན་ཆེན་སྙིང་པོ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཕྱག་ན་རྡོ་རྗེ། གུ་རུ་པདྨ་ཐོད་ཕྲེང་རྩལ། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་ཤེས་རབ་མེ་འབར། སྨན་ལུང་ཤཱཀྱ་གཞོན་ནུ། མཚར་སྟེང་པ་རང་གྲོལ་རིན་ཅེན། ཙ་རི་བ་བསོད་ནམས་བཟང་པོ། ལྷོ་པ་རྡོ་རྗེ་རྒྱལ་མཚན། ཀོང་ཆེན་ནམ་མཁའ་དཔལ་ལྡན། རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་མངྒའི་མཚན་ཅན། དེ་


GLG003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ངག་གི་དབང་པོ། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་སྟོན་ཁམས་པ་མེ་ཟོར་གྱིས་བྲག་རྒྱ་བོ་ནས་སྤྱན་དྲངས་པའི་ཕྱུགས་ནད་བསྲུང་བའི་སྐོར་ལ། ཙཀྲ་བྲི་བ། རྫས། རབ་གནས། འདོགས་ཚུལ་ཏེ་བཞིའི་སྒོ་ནས་བསྟན་པ། ཡང་མང་ཡུལ་སྤྱི་ལྡིང་ལྷ་ཁང་ནས་སྤྱན་དྲངས་པའི་བྲེས་སུ་སྦ་བ། སྒོ་ཁྱིའི་འཇུག་མར་འདོགས་པ། ཁྱུ་མཆོག་གི་མགུལ་དུ་འདོགས་པ། རྫས་བསྲུང་བ། སྔགས་བསྲུང་བ་དང་བཅས་པའི་ལུང་དཔེ་རིས་ཕྱག་ལེན་བཅས་ཞིབ་མོར་མནོས་པའི་བརྒྱུད་པ་ནི། རིགས་གསུམ་མགོན་པོ། ཨོ་རྒྱན་པདྨ་ཐོད་ཕྲེང་། མཁར་ཆེན་བཟའ་འཚོ་རྒྱལ། གཏེར་སྟོན་མཁས་པ་མེ་ཟོར་ནས་རིམ་པར། ཕ་ཇོ་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །འབྲོག་པ་སྣ་ནམ་ཐུབ་རྒྱལ་གྱི་གཏེར་མའི་འཕགས་པ་འཇམ་དཔལ་གྱིས་གསུངས་པའི་གཙུག་ལག་གི་འཁོར་ལོ་ལ། ཉེས་པ་ཐམས་ཅད་བསྲུང་བའི་འཁོར་ལོ་གསུམ། འབྱུང་བ་ལྔའི་འཁོར་ལོ་ལྔ། གཉན་པའི་ལས་བྱེད་ན་འདོགས་པའི་འཁོར་ལོ་དྲུག །གདོན་ལྔ་བསྲུང་བའི་འཁོར་ལོ་ལྔ། རུས་སྦལ་འབྱུང་ལྔའི་འཁོར་ལོ། འབྱུང་བ་དྲུག་འདུས་ཀྱི་འཁོར་ལོ་ལྔ། སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་ན་བསྲུང་བའི་འཁོར་ལོ། རིགས་གསུམ་མགོན་པོའི་འཁོར་ལོ། རྒྱལ་བ་རིགས་ལྔའི་འཁོར་ལོ། ཡུམ་ལྔའི་འཁོར་ལོ། ཁྲོ་བཅུའི་འཁོར་ལོ། ཕན་དར་གྱི་འཁོར་ལོ་བཞི། འགྲོ་བ་ལས་བཞིའི་འཁོར་ལོ། རྣལ་འབྱོར་པ་རང་ལ་འདོགས་པའི་འཁོར་ལོ་ལྔ། ལོ་སྐོར་བཅུ་གཉིས་ཀྱི་འཁོར་ལོ། མཐུ་བཟློག་པའི་འཁོར་ལོ་ལྔ། ས་བདག་ཀླུ་གཉན་བཟློག་པའི་འཁོར་ལོ་གཉིས། སྲོག་ལུས་དབང་ཐང་རླུང་རྟ་གུད་ན་འདོགས་པའི་འཁོར་ལོ་བཞི། ཁ་འཆིང་གི་འཁོར་ལོ་


GLG003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་འཁོར་ལོ། ངན་པ་ཐམས་ཅད་བསྲུང་བ། ཀླུ་དང་རྒྱལ་བསེན་བསྲུང་འཁོར་གསུམ། འབྱུང་བ་བསྐྱེད་པའི་འཁོར་ལོ་ལྔ། ཕྱོགས་ངན་བསྲུང་བ། ནད་རིམས་བསྲུང་བ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ། ཨོ་རྒྱན་དུས་གསུམ་མཁྱེན་པ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་སྣ་ནམ་ཐུབ་རྒྱལ་ནས་རིམ་པར། ཆོས་རྒྱལ་མངྒའི་མཚན་ཅན། ངག་དབང་རིགས་འཛིན་རྡོ་རྗེ། ཟུར་ཐམས་ཅད་མཁྱེན་པ་པདྨ་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །གོང་གི་གསོལ་འདེབས་ཚིག་སྣ་ཐུངས་པས་ངོ་མ་འཕྲོད་པའམ། མེད་པ་གང་ལྟར་ཡང་གཏེར་ཕྲན་འགའ་ཞིག་འདུག་པ་ལས་རྡོ་རྗེ་ནག་པོ་གདོང་བཞི་པའི་སྒྲུབ་བསྐོར་པདྨ་ཐོད་འཕྲེང་རྩལ་གྱི་དཔལ་མོ་དཔལ་ཐང་གི་བྱང་ཕྱོགས་བྲག་ནག་བྱ་སྐྱིབས་ཅན་དུ་སྦས་པ་བླ་མ་གཉན་ལོ་ཙཱ་བས་གདན་དྲངས་པའི་སྐོར་ལ། གཡས་ཞལ་བྲམ་ཟེའི་ཞལ་ཅན་དཔལ་མགོན་གདོང་བཞི་པའི་གསང་སྒྲུབས་ལ་ནང་གསེས་ཀྱི་བསྙེན་པ། སྒྲུབ་པ་ལས་སྦྱོར་དང་བཅས་པ་པདྨ་འབྱུང་གནས་ཀྱི་མཚོན་ཆ། སིང་ག་ལའི་དུར་ཁྲོད་དུ་པདྨ་ཐོད་འཕྲེང་ལ་ནག་པོ་ཆེན་པོ་སྲིང་མོ་བཞིའི་ཚོགས་ཀྱིས་དངོས་སུ་གསུངས་པའི་ཡང་སྙིང་བཅུད་ཀྱི་ཉིང་ཁུ་ལ་ནང་གསེས་ཀྱི་བོད་སྔགས། ཞི་བའི་ལས། རྒྱས་པའི་ལས། དྲག་པོའི་ལས་སྦྱོར་དང་བཅས་པ་གནད་ཀྱི་མན་ངག །གསང་ལས་དོན་བཞི་མ། དཔལ་མགོན་ཞལ་བཞི་པ་དར་ཁྲ་ཅན་གྱི་གསང་སྒྲུབ་གཏོར་མར་བརྟེན་པ། བསྟོད་པ་དཔལ་ལྡན་ནག་པོ་མ། བསྟོད་པ་དེའི་སྒྲུབ་ཐབས་རྩ་བའི་ཤོག་དྲིལ། གུ་རུའི་དྲུང་དུ་གདོང་བཞི་པས་སྨྲས་པས་སྔགས་བྱང་གར་ཕོག་ཐུགས་འགྱེལ་གྱི་གནད་དང་བཅས་པ། སྲོག་ལེན་སྤུ་གྲིའི་སྔགས་རྒོད་གུ་རུ་པདྨ་ལ་ཕུལ་བ། སྟེང་ཞལ་བྲམ་ཟེའི་ཞལ་ཅན་ནག་པོ་ཆེན་པོ


GLG003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་བཞི་པ་དང་ཞི་བ་བྲམ་ཟེའི་ཆ་ལུགས་ཅན་ཐུན་མོང་སྒྲུབ་པ་ལས་སྦྱོར་སློབ་དཔོན་ཆེན་པོར་གདོང་བཞི་པས་དངོས་སུ་གསུངས་པ། སྟེང་ཞལ་བྲམ་ཟེའི་ཞལ་ཅན་ནག་པོ་ཆེན་པོ་གདོང་བཞི་པའི་གཏེར་མཆོག་བསྡུས་པ་གསད་པ། ཆོ་འཕྲུལ་འགྱེད་པ། སྤྲ་རྟགས། གུར་སོགས་ཆོས་སྐྱོང་གཞན་རྣམས་ཀྱིས་སྲོག་སྙིང་ཕུལ་ཚུལ་བཅས་པ་སྐལ་ལྡན་ཅིག་ལ་ཕྲད་ཤོག་གི་མཐའ་ཅན། བྲམ་ཟེ་དཀར་པོའི་སྒྲུབ་ཐབས་གུ་རུ་པདྨ་རྒྱལ་པོའི་དྲུང་དུ་བྲམ་ཟེ་གཟི་ལྡན་གྱི་ཕུལ་བ་རྣམས་ཐོབ་པ་ལས་བྲམ་དཀར་གྱིས་སྒྲུབ་ཐབས་མ་གཏོགས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་པ་བཟང་པོ། དཔལ་དེ་བ། བི་མཱ་ལ་གུཔྟ། རིན་ཅེན་རྡོ་རྗེ། རིན་ཅེན་གྲགས་པ། རི་སུལ་གྱི་རྣལ་འབྱོར་མ། གནམ་ཁའུ་པ། གཉན་ལོ་ཙཱ་བ་དར་མ་གྲགས་པ། ལྷོ་བྲག་ཤར་གྱི་གཏེར་སྟོན་ར་ཤག་ཆོས་འབར། གཉན་ཀུ་མཱ་ར། མཁས་གྲུབ་པ། ཀུན་མཁྱེན་པ། ཤེས་རབ་རྩེ་མོ། འོད་འབར་བ། དཔལ་ལྡན་པ། བླ་བྲང་པ་བཟང་པོ་དཔལ། བླ་བྲང་བ་ཉི་མ་རྒྱལ་མཚན་ནས་རིམ་པར། ཆོས་རྒྱལ་མཾ་གའི་མཚན་ཅན། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །བྲམ་ཟེ་དཀར་པོའི་སྒྲུབ་ཐབས་ནི། རིགས་འཛིན་ངག་གི་དབང་པོ་ནས། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། རྗེ་ཁྲ་ཚང་པ། དེས་བདག་ལའོ། །ཉེ་བརྒྱུད་ནི། རྡོ་རྗེ་འཆང་། ནག་པོ་ཆེན་པོ། པདྨ་ཐོད་འཕྲེང་། གཉན་ལོ། ར་ཤག་མན་འདྲ། འདི་དེང་སང་ར་ཤག་གཏེར་མར་གྲགས་ནའང་གཉན་ལོས་གཏེར་འདི་རྙེད་པའི་རྐྱེན་གྱིས་རྒྱ་གར་དུ་རི་སུལ་གྱི་རྣལ་འབྱོར་མ་ལ་གསན་པར་བྱོན། ཚུར་ཕེབས


GLG003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཀའ་མ་རྣམས་གནམ་ཁའུ་པ་དང་གཏེར་མ་ར་ཤག་ལ་གནང་ཞེས་ལོ་རྒྱུས་སུ་འདུག །འོན་ཀྱང་ར་ཤག་གི་གཏེར་མ་མེད་པའི་མཐའ་མ་ཆོད་དོ། །རང་གཏེར་ལས། ཨོ་རྒྱན་པདྨ་བདག་འདྲ་ཡིས༔ བོད་ཡུལ་དབུས་སུ་བསམ་ཡས་བཞེངས་གསོལ་མཆིས༔ བོད་ན་དམ་ཚིག་བསྲུང་བའི་མི་མེད་ན༔ དམ་ལ་མི་གནས་བླུན་པོ་གདུག་པ་ཆེ༔ དྲག་སྔགས་ཅོག་བརྡུངས་ཐུགས་ཀྱི་རེག་གཅོད་འདི༔ བོད་དུ་མ་སྤེལ་བལ་པོའི་ཡུལ་དུ་ཁྱེར༔ ལན་ཅིག་ཆོས་འཁོར་འཇིགས་ལ་ཕན་གདགས་ཕྱིར༔ དཔེ་གཅིག་བོད་ཀྱི་ཡི་གེར་བསྒྱུར་ནས་ནི༔ སྤྲ་དུན་རྩེ་ཡི་ལྷ་ཁང་དེ་རུ་སྦས༔ ཞེས་པ་ལྟར་བྱང་སྤྲ་དུན་རྩེའི་ལྷ་ཁང་ནས་གཏེར་སྟོན་གཡས་བན་ཡ་བོན་གྱིས་སྤྱན་དྲངས་པའི་རླུང་འཁོར་སྲོག་གི་སྤུ་གྲི་སྲིན་མོ་ཕྱིར་འཐག་མ་འཁོར་ལོ་ལྟོ་བཤགས་ནག་པོ་དྲག་སྔགས་ཅོག་བརྡུང་ཞེས་པ། བྲི་དུས་བྲི་གཞི། འདྲི་ཚུལ། རབ་གནས། སྐོར་བ། ཚད། རྟགས། ངར་བསྐྱེད། ཐུན་བསྐུལ། རང་བསྲུང་། སྤོགས་ཆོག་རྣམས་བསྟན་པ། ཡིག་ཆུང་ལ། རྩུབ་པ་འཇམ་དུ་གཏོང་པ། འདོགས་ལིང་། ངར་གླུད། ཐུན། སོ་བརྡར། གནས་འབེབས་ཀྱི་ཞལ་ཤེས། དཔེ་རིས་ལ། སྟེང་འཁོར། འོག་འཁོར། ལིང་བརྐྱང་། རང་བསྲུང་། སྣལ་མའི་བཅས། གནད་འབེབས་ཀྱི་བཅའ་གཞི་དང་བཅས་པའི་ལུང་ཕྱག་ལེན་དམར་ཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་གཡས་བན་ཡ་བོན། ལྕགས་གཏུན་ནག་པོ། གནུབས་སྟོན་ཆོས་གྲགས། གནུབས་བྱ་བྲལ། སྐལ་ལྡན་རྡོ་རྗེ་རྒྱལ་པོ། དྷརྨ་ཀེ་ཏུ། ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན། པཎ་ཆེན་པདྨ་དབང་རྒྱལ།


GLG003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། དྲིན་ཆེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ལྷ་ཆེན་མ་ཧཱ་དེ་བ། མུ་སྟེགས་ཀྱི་སྟོན་པ་ཁ་འཕུར་ནག་པོ། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་གཡས་བན་ཡ་བོན་ནས་རིམ་པར། སྔགས་འཆང་འཇམ་དབྱངས་རྒྱལ་མཚན། སྤྲུལ་སྐུ་པདྨ་དབང་རྒྱལ། རིགས་འཛིན་བདུད་འཇོམས་རྡོ་རྗེ། རབ་འབྱམས་ཆོས་དཔལ་བཟང་པོ། ཟུར་བསྟན་འཛིན་འགྱུར་མེད། ཡུག་མི་འགྱུར་རྡོ་རྗེ། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །རྗེ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་སྤྲུལ་སྐུ་པདྨ་དབང་རྒྱལ་ནས། ཉང་ཚ་ཆོས་ཀྱི་དབང་པོ། ཡུག་ནོར་བུ་དབང་རྒྱལ། དར་མ་བ་བསྟན་འཛིན་འགྱུར་མེད་མན་གོང་བཞིན་ནོ། །སྤ་གྲོ་བཅལ་གྱི་བྲག་དམར་ནས་འབྲུག་ལོ་སྟོན་ཟླ་ར་བའི་ཉ་ལ་བམ་པོ་ཨ་ཧཱུྃ་གིས་སྤྱན་དྲངས་པའི་ཛམ་ནག་སྲོག་གི་འཁོར་ལོ་རིག་པས་ནོར་བསྡུས་བཅས་ཆོ་ག་ཡིད་བཞིན་ནོར་བུ་མི་ནོར་ཟས་གསུམ་དབང་དུ་སྡུད་པའི་མན་ངག་ལོ་རྒྱུས་ཞལ་གདམས་གནད་ཡིག་འཁོར་ལོ་གསུམ་གྱི་འཁོར་ལོ་དཔེ་ཆུང་དང་བཅས་པ། དགོས་འདོད་མ་ལུས་པ་འབྱུང་བ་གླང་པོ་ཆེ་ལ་ནོར་བསླང་བ་ཟས་ནོར་རིན་ཅེན་ཆར་འབེབས་ཞེས་བྱ་བ་བཅས་ཆོག་མ་ཟས་ནོར་སྤྲིན་ལྟར་བསྡུ་ཞིང་འབྱོར་པ་དམུ་ཡང་གི་མཚོ་དང་སྤྲོད་ཐབས་ཁྱད་པར་ཅན་གྱི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཌ་ཀི་མ་ག་ག་ན་སིདྡྷི། དྷ་ན་སཾ་གོ །རྒྱལ་པོ་གུ་རུ་ཀ་དེ་ཝ། ཨོ་རྒྱན་པདྨ་ཐོད་འཕྲེང་། མཁར་ཆེན་གཟའ་འཚོ་རྒྱལ། གཏེར་སྟོན་བམ་པོ་ཨ་ཧཱུྃ། དཔལ་དགའ་བོ་ལུང་པ། གར་སྟོན་འབུམ་དར། ལྕེ་སྟོན་སྲས་པོ། ཞང་སྟོན་བརྩོན་སེང་། ཟུར་ཟིལ་གནོན་རྡོ་རྗེ། རིན་ཅེན་རྒྱལ་མཚན།
ཡོལ་མོ་སྔགས་འཆང་ཤཱཀྱ་བཟང་པོ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་སྔགས་འཆང་ཚེ་རིང་དབང་པོ། ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་ཀླུ་གཏེར་སྟོན་འགྱུར་མེད་རྡོ་རྗེ། དེ་བདག་ཟ་ཧོར་བནྡེ་ལའོ། །

ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའི་སྨན་རྟག་ཏུ་ངུ་དང་འབྲེལ་བའི་སྨན་གྱི་སྐོར།


GLG003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ཉང་རོ་བརྒྱ་བན་རྡོ་རྗེ་འོད་ཀྱི་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་མདའ་སྒྲོ་ཅན་ནས་གདན་དྲངས་པའི་སྨན་རྟག་ཏུ་ངུའི་བཅུད་ལེན་པ། ལོ་རྒྱུས། བརྟག་པ། བཏུ་བ། རབ་གནས། རིལ་བུ། བསྟེན་ཐབས་ཏེ་སྨན་རྟག་ཏུ་ངུ་ཟ་ཐབས་ལྔའི་སྒོ་ནས་བསྟན་པ་རྟག་ཏུ་ངུ་ལྔ་སྦྱར་གྱི་སྒོ་ནས་ཟ་ཐབས། རྟག་ཏུ་ངུ་བཅུད་ལེན་སྦྱོར་བའི་རྒྱལ་པོ་ཞེས་པ་སྐྱེ་ས་དང་རྩ་བརྟག་པ། སྦྱར་ཐབས་ཏེ་གསུམ་གྱི་སྒོ་ནས་བསྟན་པ་འཕགས་པ་འཇམ་དཔལ་དབྱངས་ཀྱིས་མཛད་པ། སློབ་དཔོན་པདྨས་མཛད་པའི་རྩ་མཆོག་མདངས་ལྡན་བཅུད་ལེན་མཁོ་མཐིང་ལྷ་ཁང་གི་སྣང་བ་མཐའ་ཡས་ཀྱི་ཕྱག་ལ་སྦས་པ། རྩ་རྟག་ཏུ་ངུ་རིགས་གསུམ་གྱི་ངོས་འཛིན་བླ་མའི་ཞལ་ཤེས་མ། ནས་དཀར་མོ་ལ་སྦྱར་བའི་བཅུད་ལེན། མར་དང་བུ་རམ་ལ་སྦྱར་བའི་བཅུད་ལེན། རློན་སྦྱོར་དུ་གྲགས་པ། འབྲས་བུ་གསུམ་ལ་སྦྱར་བའི་བཅུད་ལེན་མཆོག་ཏུ་ཟབ་པ་རྫོགས་སོའི་མཐའ་ཅན་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་ཤྲཱི་སིངྷ། དྲན་མཆོག་ཨོ་རྒྱན་ཆེན་པོ། མཁར་ཆེན་བཟའ་འཚོ་རྒྱལ། གཏེར་སྟོན་རྒྱབ་ན་རྡོ་རྗེ་དབང་ཕྱུག །ཚ་མོ་ཀུན་དགའ་བཟང་མོ། གནུབས་ཡེ་ཤེས་རྡོ་རྗེ། ཉང་སྟོན་ཤེས་རབ་དཔལ་ལྡན། བླ་མ་སེང་གེ་རྫོང་པ། མཁར་ཆུ་ཀུན་འཚལ་ཀུན་དགའ་གླིང་པ། ཆོས་རྗེ་ཤེས་རབ་བཟང་པོ། སྤྱན་སྔར་ཞྭ་དམར་བཞི་བ་ཆོས་ཀྱི་གྲགས་པ། མངའ་བདག་


GLG003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་ལྷུན་གྲུབ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིགས་འཛིན་ཀརྨ་གུ་རུ། རང་གྲོལ་ནམ་མཁའ་ཆོས་དབང་། ཁྱབ་བདག་བློ་མཆོག་རིག་པའི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་བསྩལ་ཏོ། །ཡང་ན་སངས་རྒྱས་ཐུབ་པ་ཆེན་པོ། ཡེ་ཤེས་མཁའ་འགྲོ་སྡེ་ལྔ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། ཨོ་རྒྱན་ཡབ་ཡུམ་མན་གོང་བཞིན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གསན་ཡིག །དཀའ་བ་དུ་མས་བསྒྲུབས་པའི་དད་རྫས་དང་། །སྡུག་བསྔལ་ཉམ་ཐག་ཅན་གྱི་གཤིན་ཟས་དང་། འབུལ་སྡུད་གཞོགས་སློང་བརྐམ་ཆགས་ཅན་གྱི་ཟས། །དེ་འདྲ་སྤངས་ནས་དབེན་པའི་བྲག་ཕུག་ཏུ། །འདི་འདྲའི་འཚོ་བའི་ལུས་འདི་བརྟས་བྱས་ནས། །བསྐྱེད་རྫོགས་ཟབ་མོའི་ནོར་ལ་སྤྱོད་པར་ཤོག །ཅེས་གསུངས་པ་སྙིང་ལ་བཅངས་བར་བྱའོ། །ཟུང་མཁར་གྱི་ཨ་ཇོ་དཔལ་བོས་མོན་བུམ་ཐང་གི་ཀ་བ་ནས་སྤྱན་དྲངས་པའི་བསོད་ནམས་མེ་ལྟར་འབར་བྱེད་གླང་པོའི་སྟོབས་བསྐྱེད་མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་བསྲུང་བ་ཟབ་མོའི་དཔེ་རིས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས། ཨོ་རྒྱན་ཆེན་པོ། ཇོ་མོ་འཚོ་རྒྱལ། ཚངས་པ་ལྷའི་མེ་ཏོག །གཏེར་སྟོན་ཨ་ཇོ་དཔལ་བོ་ནས་རིམ་པར། ཟུར་གཞོན་ནུ་དོན་གྲུབ། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །བསམ་ཡས་མཆིམས་ཕུའི་དགེའུའི་བྲག་ནས་ཟུང་མཁར་གྱི་ཨ་ཇོ་དཔལ་པོས་སྤྱན་དྲངས་པའི་ཇོ་མོ་ཡང་གྷ་བཟའ་མ་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ་གྱི་སྒྲུབ་སྐོར་ལ། གནས་རྫས། ཏིང་འཛིན། སྔགས། ལས་སྦྱོར། ལས་ཚོགས་དང་བཅས་སྟོན་པའི་སྒྲུབ་ཐབས། མདོས་བཅའ་བཞི་བསྔོ་བ། ཡང་གྷ་པ་ཟའི་སྒྲུབ་ཐབས་སྨན་གྱི་མེ་ལོང་ཞེས་པ་རྫས་སྔགས་འཁོར་ལོ་ཁ་སྒྱུར་བཅས་སྟོན་


GLG003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྒྲུབ་པའི་ཤོམ། སྲོག་འཁོར། མདོས་ཀྱི་དཔེ་རིས་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། དཔལ་ཧེ་རུ་ཀ །ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། མཁར་ཆེན་བཟའ་འཚོ་རྒྱལ། གཏེར་སྟོན་ཨ་ཇོ་དཔལ་པོ་ནས་རིམ་པར། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། རྗེ་འཕྲིན་ལས་ལྷུན་གྲུབ། མཚུངས་མེད་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོ་དམར་གྲགས་པ་བླ་མ་ཟངས་རི་བས་ཡེར་པ་གསོ་བའི་དུར་ཁྲོད་ནག་པོའི་སྤྲེའུ་སེར་པོའི་བར་ཁང་གི་རྩ་བ་ནས་རྙེད་པའི་ཤོག་སེར་རྒྱ་ཡིག་དང་བོད་ཡིག་སྤེལ་ཅན་གྱི་ལུང་ཡང་སྤྲུལ་སྐུ་གཏེར་བདག་གླིང་པར་ཐོབ། གཏེར་སྟོན་སྔགས་འཆང་དབང་ཆེན་བཟང་པོས་བྱང་སྤྲ་དུན་རྩེའི་ཀ་གཞུ་ནས་སྤྱན་དྲངས་པའི་སྤུ་གྲི་ནག་པོ་དྲང་སྲོང་ཁྱབ་འཇུག་དགྲ་བོ་ཟས་སུ་གཏོད་པའི་གདོང་གཏད་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རིན་ཅེན་སྙིང་པོ། རྡོ་རྗེ་འཆང་། རྒྱལ་བ་ཤཱཀྱ་ཐུབ་པ། ཕྱག་ན་རྡོ་རྗེ། ཨོ་རྒྱན་རིན་པོ་ཆེ། མཁར་ཆེན་བཟའ། གཏེར་སྟོན་སྔགས་པ་དབང་ཆེན། སྟོན་པ་ནམ་མཁའ་བཟང་པོ་ནས་རིམ་པར། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེར་བདག་ཟ་ཧོར་བནྡེ་ལའོ། །ཤངས་ཀྱི་སྐྱེ་ཀ་ཐང་ཤིང་བྲག་ནས་གཏེར་སྟོན་བེམ་པོ་དྲག་རྩལ་གྱིས་གདན་དྲངས་པའི་རཱ་ཧུ་ལ་ཤི་ས་བསྟན་པ་རུས་སྦལ་ནག་པོའི་སེར་བསྲུང་བཅས་ཆོག་མ་ཟ་བའི་བཀའ་རྒྱ་སྲོག་གི་རྒྱ་ཅན་སྲིད་པ་གསུམ་ན་དཀོན་པར་གྲགས་པའི་རྫའི་རུས་སྦལ། ཁྱབ་འཇུག་གི་ལྟོ་འཁོར་མུ་ཁྱུད་བཅུ་པ། རྫས་རབ་གནས་གཅའ་གཞི་དམ་ཚིག་རྣམས་ཆོས་ཚན་ཅིག་ཏུ་ཚང་བའི་ལུང་ནོས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་གསང་བའི་བདག་པོ།


GLG003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་ཤིཏྣཾ་གརྦྷ། གུ་རུ་ཁྲག་འཐུང་ནག་པོ། གནུབས་སངས་རྒྱས་ཡེ་ཤེས། གཏེར་སྟོན་བོན་པོ་དྲག་རྩལ། རོང་སྟོན་ཀེག་དཔལ། རྔོག་རྡོ་རྗེ་རྒྱལ་པོ། དེ་སྲས་རྡོ་རྗེ་དབང་ཕྱུག །རྔོག་ཤཱཀྱ་སེང་གེ །ཕ་སྟོན་ཤཱཀྱ་སྟོན་པོ། སྦུག་སྟོན་དཔལ་ལྡན་མགོན་པོ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། ཟུར་བདེ་ལེགས་རྒྱལ་མཚན། སེ་བརྒྱ་མཁར་བ་རིན་ཅེན་རྒྱལ་མཚན། སྤྱན་ཚ་བ་མགོན་པོ་ཟླ་བ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཁྲི་སྲོང་རྣམ་སྤྲུལ་བཀྲ་ཤིས་སྟོབས་རྒྱལ། །སྔགས་འཆང་རྡོ་རྗེ་གྲགས་པ། མང་ཐོས་དམ་ཆོས་བཟང་པོ། རྗེ་འཕྲིན་ལས་ལྷུན་གྲུབ། མཆོག་སྤྲུལ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་སྟོན་སྐྱེས་བུ་ཟངས་གླིང་དབང་ཕྱུག་གི་གཏེར་མའི་སྐམ་གཏད་བརླན་གཏད་རུལ་བར་བྱེད་པའི་འཇམ་དཔལ་གཤིན་རྗེའི་ལས་མཐའ་ཟབ་མོའི་ལུང་ཕྱག་ལེན་ཞལ་ཤེས་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་གཙུག་ལག་དཔལ་དགེ །ཨོ་རྒྱན་སངས་རྒྱས་གཉིས་པ། གཏེར་སྟོན་ཟངས་གླིང་དབང་ཕྱུག་ནས་རིམ་པར། ཆོས་རྒྱལ་དབང་པོའི་སྡེ། ངག་དབང་རིག་འཛིན་རྡོ་རྗེ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །རང་གཏེར་ལས། པདྨ་འབྱུང་གནས་བདག་གི་ཀྱང༔ ཕྱི་རབས་བསྟན་པ་བསྲུང་ཆེད་དུ༔ སྲོག་མཆན་ནག་པོའི་འཁྲུལ་འཁོར་འདི༔ རྟ་མགྲིན་རྒྱལ་པོ་ཉིད་ལ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག །ཅེས་པ་ལྟར་བུམ་ཐང་དགེ་གནས་ལྷ་ཁང་གི་ཁྲོ་བོ་རྟ་མགྲིན་གྱི་མཆན་མ་ནས་སྦུར་པོ་བྱའུ་མགོན་གྱིས་སྤྱན་དྲངས་པའི་སྲོག་མཆན་ནག་པོ་བུམ་ཐང་སྲོག་འཁོར་ལ། སྲོག་མཆན་པ་ནག་པོ་ལེའུ་


GLG003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་རྫོགས་བྱང་གི་མཐའ་ཅན། འཁྲུགས་བྱེད་རྒྱལ་པོའི་ལེའུ་བཅོ་བརྒྱད་པ་ནས་རླུང་ལྷ་ལས་ལ་བཀོལ་བ་ལ་དོན་གཉིས་ཡོད་པའི་དྲག་སྔགས་བཅུ་བོར་ཞེས་པ་རྫས་དང་བཅས་བཞི། སྔགས་དང་ཏིང་འཛིན། རྟགས་དང་མཇུག་བསྡུད། གནད་དབབ། བཟློག་པ་མཁན་གནད་ལ་དབབ་པ་སྟེ་དོན་ལྔས་བསྟན་པ། མགྱོགས་པ། རྣོ་བ། གཟུང་བ། གནད་དབབ། སྒྲིབ་ཤིང་། འཇམ་རྩུབ་སྟེ་ཞལ་གདམས་དོན་བདུན་མ། མི་ཐེབས་མི་སྲིད་པ། ཚུར་མི་ལྡོག་པ། འཇམ་རྩུབ། སྣ་འདྲེན་ཏེ་དོན་ལྔའི་ཡིག་ཆུང་གསང་བ་སྙིང་གི་ཏིག །ལིང་འཁོར་གྱི་ཞལ་གདམས། འཁོར་ལོའི་འབྲི་ཐབས་ཕུལ་དུ་བྱུང་བ། སྐད་བརྟག་པ། རྣལ་འབྱོར་རང་སྲུང་དང་བཅས་པ། དཔེ་རིས་ལ། ཕོ་མོའི་འཁོར་ལོའི་ལྟོ་འཁོར་ཡོད་མེད་གཉིས། སྤོགས་མཆོག །བཟློག་པ་མཁན་གསད་པའི་ལིང་འཁོར། ལིང་རྐྱང་། བཅའ་གཞི་དང་བཅས་པའི་ལུང་ཕྱག་ལེན་ཞལ་གདམས་ཞིབ་མོར་ཐོས་པའི་བརྒྱུད་པ་ནི། ལྷ་ཆེན་དབང་ཕྱུག་ཆེན་པོ། མུ་སྟེགས་ཀྱི་སྟོན་པ་ཁ་འཕུང་ནག་པོ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་སྤུར་པོ་བྱའུ་མགོན་ནས་རིམ་བཞིན། ལྷ་བཅུ་རིན་ཆེན་རྒྱལ་མཚན། སྤྲུལ་སྐུ་ཡོན་ཏན་འོད་ཟེར། མྱང་ཚ་ཆོས་ཀྱི་དབང་པོ། ཡུང་རྫོང་ནོར་བུ་དབང་རྒྱལ། ཟུར་བླ་མེད་རྡོ་རྗེ་རྩལ། རླུང་མི་འགྱུར་རྡོ་རྗེ། ཁྲག་འཐུང་ཡེ་ཤེས་རྡོ་རྗེ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སྤྲུལ་སྐུ་ཡོན་ཏན་འོད་ཟེར་ནས། རིག་འཛིན་བདུད་འཇོམས་རྡོ་རྗེ། རིག་འཛིན་ཆོས་དཔལ་བཟང་པོ། ཟུར་བླ་མེད་རྡོ་རྗེ་རྩལ་མན་གོང་བཞིན་ནོ། །ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་ཡང་བོན་རི་ཁྲོད་པ་སེང་གེས་སྤྱན་དྲངས་པའི་ཤེས་རབ་ཕ་རོལ་ཕྱིན་པ་ལ་བརྟེན་ནས་བསྟན་དགྲ་ཚར་གཅོད་པའི་སྐོར་ལ། བསྲུང་བ་ཡི་དམ་


GLG003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཞེ་གཅིག་མདུན་རྒྱལ་བའི་དཀྱིལ་འཁོར་བསྒོམ་པ། བཟློག་པ་དུག་གི་སྤུ་གྲི་ཞེས་པ་འཁོར་ལོ་ལ་བརྟེན་ནས་ནང་རྒྱལ་བྱད་མ་བམ་བཟློག་ཏུ་གསོད་པ། གསོད་པ་ཕར་ཕྱིན་རྒྱལ་བའི་བཀའ་མཐུ་ཞེས་པ་ལིང་ག་ལ་བརྟེན་ནས་ལུས་སེམས་བླ་ཚེ་སྲོག་དང་ཕྲལ་བའི་གདམས་པ་ཟབ་མོ། དེའི་བསྲུང་འཁོར་བསྒོམ་པའི་མན་ངག་བཀའ་གཏེར་ཟུང་འཇུག་སྒོམ་དོན་ངག་བསྒྲིགས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་མགོན་པོ་ཀླུ་སྒྲུབ་སྙིང་པོ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་རི་ཁྲོད་སེང་གེ །འགྲོ་མགོན་མཛེས་པ། སྲས་དེ་སྟོན་ནས་རིམ་པར། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཕར་ཕྱིན་རྒྱལ་བའི་བཀའ་མཐུ་སྙིང་པོ་བསྡུ་བ་ཤོག་ཅིག་མའི་ལུང་བརྒྱུད་ནི། སྲས་དེ་སྟོན་ནས། བླ་མ་ནམ་མཁའི་རྣལ་འབྱོར། རྗེ་དབུས་པ་རྟོགས་ལྡན། འབྲི་གུང་པ་གནམ་ལྕགས་མེ་འབར། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་ཀུན་དགའ་ཚེ་མཆོག །ཟུར་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་དབུས་པ་རྟོགས་ལྡན་ནས། སྔགས་འཆང་དབུས་པ་བཀྲ་ཤིས། དགེ་སློང་ཀུན་དགའ་དཔལ་བཟང་། ཟུར་གཞོན་ནུ་དོན་གྲུབ་མན་གོང་བཞིན་ནོ། །རང་གཏེར་ཀུན་གསལ་ཉི་འོད་ལས། མི་ཉག་རིགས་འཛིན་མདོང་གི་བུ༔ སྐྱེས་བུ་ལྕགས་ཁམས་གླང་ལོ་པ༔ ཞེས་དང་པདྨ་གླིང་པའི་གཏེར་ལུང་ལས། ཨོ་རྒྱན་སྤྲུལ་པ་ཐང་སྟོང་པ་ཞེས་འབྱུང་༔ དེ་དུས་བོད་ཁམས་སེམས་ཅན་ཅུང་ཟད་བདེ༔ ཞེས་ལུང་གིས་ཟིན་པའི་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་བསམ་ཡས་མཆིམས་ཕུ་


GLG003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཟབ་གཏེར་ལྔ་ཙམ་སྤྱན་དྲངས་པ་ལས་ཚེ་དཔག་མེད་འཆི་མེད་དཔལ་སྟེར་གྱི་ཚེ་དབང་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཁྲོ་རྒྱལ་རྟ་མགྲིན། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། གཏེར་སྟོན་ཐང་སྟོང་རྒྱལ་པོ། རྗེ་བཙུན་ཀུན་སྤངས་ཆེན་པོ་རྡོ་རིང་པ། འཇམ་དབྱངས་ཀུན་དགའ་གྲོལ་མཆོག །སྤྲུལ་སྐུ་བསྟན་འཛིན་ཉི་ཟླ་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། མཁྱེན་བརྩེ་ནུས་ལྡན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བསྟན་འཛིན་ཉི་བཟང་ནས། སྒེར་པ་བ་ངག་དབང་ཉི་མ་བཟང་པོ། སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །འཇམ་མགོན་བསོད་ནམས་མཆོག་ལྡན་མན་གོང་ལྟར་རོ། །ཡང་ན་བསྟན་འཛིན་རིན་པོ་ཆེ་ནས། སྔགས་འཆང་ཚེ་རིང་དབང་པོ། ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། བཀའ་འགྱུར་བ་བསོད་ནམས་མཆོག་ལྡན་མན་གོང་བཞིན། ཡང་ན་བསྟན་འཛིན་རིན་པོ་ཆེ་ནས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཁྱབ་བདག་སྨན་ལུང་པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །གཉལ་སྨད་བྲག་ནག་མདའ་སྒྲོ་ནས་ལྕང་སྨན་དྲང་སྲོང་དོན་གྲུབ་དར་གྱིས་གདན་དྲངས་པའི་མཚོན་ཆ་ལས་ཀྱི་འཁོར་ལོ་བརྒྱའི་དུག་མཚོ་འཁོལ་མ་ཕུང་འདྲེ་ངན་ཐབས་ཀྱི་རྒྱུད་ཆེན་པོ་གསལ་ཤིང་ནག་པོ་ལས་རང་གཞན་བསྲུང་ཞིང་གསོ་བྱེད་ཀྱི་བཅུད་ཕྱུང་བ་བདུད་རྩི་འཆི་གསོས་རྟ་རི་མའི་སྦྱོར་སྡེ་ཁོལ་དུ་ཕྱུང་བའི་ལུང་བརྒྱུད་ནི། སངས་རྒྱས་སྨན་གྱི་བླ། གུ་རུ་པདྨ་འབྱུང་གནས། དྲང་སྲོང་དོན་གྲུབ་དར། འཚོ་བྱེད་བསྟན་བསྲུང་དར། བྱར་པོ་པཎ་ཆེན་ཟླ་བའི་དབང་པོ། མཁས་དབང་འགྲོ་དོན་འཕྲིན་ལས། འཚོ་བྱེད་ཀརྨ་དར་རྒྱས། རྗེ་བཙུན་འཕྲིན་ལས་ལྷུན་གྲུབ།
རྩ་བའི་བླ་མ་འགྱུར་མེད་རྡོ་རྗེ་རྩལ། དེས་བདག་ལའོ། །

ཡར་རྗེ་ཨོ་རྒྱན་གླིང་པས་སྤྱན་དྲངས་པའི་པད་མ་བཀའ་ཐང་སོགས་བཀའ་ཐང་སྡེ་ལྔའི་སྐོར།


GLG003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལས༔ ཨོ་རྒྱན་སངས་རྒྱས་རྡོ་རྗེ་ཀུན་སྐྱོང་གླིང་༔ རིན་ཅེན་རཏྣ་པདྨ་ཀརྨ་གླིང་༔ ལས་འཕྲོ་བསམ་གཏན་བསྟན་གཉིས་གླིང་པ་སོགས༔ འཁྲུལ་མེད་གླིང་པ་བཅུ་གཅིག་ལ་གསོལ་བ་འདེབས༔ ཞེས་པའི་གཏེར་སྟོན་ཨོ་རྒྱན་གླིང་པའི་ཐང་ཡིག་ལས། རྒྱལ་སྲས་ལྷ་རྗེ་སྔོན་དུ་ཁྲིད་ཤོག་གསུངས། སྲས་འདིའི་སྐྱེ་བ་ཡང་སྔ་ད་བར་དུ༔ བདག་གིས་བྱིན་གྱིས་བརླབས་པའི་སྲས་ཡིན་གསུངས༔ ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག་དང་༔ ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་༔ བླ་མ་བསྟན་གཉིས་སྐོར་གསུམ་ལ་སོགས་པ༔ རྩིས་སྨན་ཀུན་གྱི་བདག་པོ་འདི་ཡིན་པས༔ ཡར་ཀླུང་གཏེར་ཁ་འདི་ལ་གཏད་དོ་གསུངས༔ གསང་མཚན་སྔགས་པ་མཆོག་གྲུབ་རྒྱལ་པོར་གསོལ༔ ཞེས་དང་། སྐྱེ་བ་གཅིག་ནི་བོད་ཡུལ་གྲ་ནུབ་མདའ༔ རྒྱལ་སྲས་ལུང་པ་འདི་ན་ནུབ་ཏུ་སྐྱེ༔ སྔགས་པ་མཐུ་མཁན་སྔགས་རྩིས་སྨན་སྐྱོང་རིགས༔ ཆོས་དབྱིངས་མདངས་ཅན་ཡེ་ཤེས་ཁ་དོག་ཅན༔ ཡར་རྗེ་ཨོ་རྒྱན་གླིང་པ་ཞེས་བྱ་བ༔ མེ་ཁམས་ཆུ་མོ་ཕག་གམ་ཁྱི་ལོ་པ༔ སྤྲུལ་པའི་སྲས་ནི་འདམ་སྐྱེས་པདྨ་འདྲ༔ ཞེས་ལུང་གིས་ཟིན་པ་ལྟར་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་དང་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་སངས་རྒྱས་བླ་མ་སོགས་གཏེར་སྟོན་བརྒྱད་པའི་སྐྱེ་བ་བཅུ་གསུམ་གྱི་མཐའ་མ་སྤྲུལ་སྐུ་ཨོ་རྒྱན་གླིང་པ་མཆོག་གྲུབ་རྒྱལ་པོས་གཏེར་གཡོག་ཧོར་བསྒོམ་ཤཱཀྱ་བཟང་པོ་དང་ལྷན་ཅིག་པར་ཡར་ཀླུང་ཤེལ་གྱི་བྲག་རྫོང་པདྨ་བརྩེགས་པའི་ངོགས་པདྨ་ཤེལ་ཕུག་གི་སྒོ་སྲུངས་ཁྱབ་འཇུག་ཆེན་པོའི་ཐུགས་ཀ་ནས་སྤྱན་དྲངས་པའི་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེ་རབས་རྣམ་པར་ཐར་པ་པདྨ་བཀའ་ཐང་དུ་གྲགས་པ་ལེའུ་བརྒྱ་དང་བརྒྱད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་


GLG003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ཉང་ཏིང་འཛིན་བཟང་པོ། རྒྱལ་སྲས་ལྷ་རྗེ། གཏེར་སྟོན་ཡར་རྗེ་ཨོ་རྒྱན་གླིང་པ། མཁས་གྲུབ་ཡེ་ཤེས་རབ་འབྱམས། བླ་མ་དཔལ་འབྱོར་པ། དགྱེར་དཔོན་ཀུན་དགའ་དཔལ་མཆོག །སྔགས་འཆང་ཤཱཀྱ་རིན་ཅེན། ཤེའུ་ཀུན་དགའ་ཆོས་དབང་། སྔགས་འཆང་ལེགས་པ་ཤེས་རབ། རིགས་འཛིན་ནམ་མཁའ་རྣམ་རྒྱལ། དེ་ལ་ཕ་ཇོ་ལྷུན་གྲུབ་རྡོ་རྗེ་དང་། དེ་སྲས་གཞོན་ནུ་དོན་གྲུབ་གཉིས་ཀས་གསན། སྔགས་འཆང་གཞོན་ནུ་དོན་གྲུབ་ལ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱིས་གསན། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཨོ་རྒྱན་གླིང་པ་ནས། ནན་གྷྲིཪྱ། བླ་མ་ཡོན་ཏན་འབུམ། བླ་མ་ཆོས་ཀྱི་རྡོ་རྗེ། རིགས་འཛིན་ཀུ་མ་རཱ་ཛ། རྒྱལ་སྲས་དྲི་མེད་འོད་ཟེར། མཁས་གྲུབ་ཐར་པ་གླིང་པ་ནས་རིམ་པར། སྔགས་འཆང་ནམ་མཁའ་ལེགས་གྲུབ། དྲིན་ཅན་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། དེ་དབོན་ཡེ་ཤེས་གྲུབ་པ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །གཏེར་སྟོན་ཨོ་རྒྱན་གླིང་པས་བསམ་ཡས་དགེ་རྒྱས་ལི་མ་གླིང་གི་ལྷ་ཁང་ནས་གདན་དྲངས་པའི་རྒྱལ་པོ་བཀའི་ཐང་ཡིག་གམ་སྣང་སྲིད་གཏན་ལ་འབེབས་པའི་ལེའུ་བཅུ་དགུ་པ། དཔེ་ལ་ལ་ནི་དབུ་རྩེ་དང་ལ་ལར་རྡོའི་མཆོད་རྟེན་དང་རྡོའི་སེང་གེས་ནས་བཏོན་ཟེར་བ་འདུག་པས་བརྟག །ཁམས་གསུམ་ཟངས་ཁང་གླིང་གི་ཀ་གཞུ་ནས་གདན་དྲངས་པའི་བཙུན་མོ་བཀའ་ཐང་ལེའུ་ཉེར་གཅིག་པ། ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་སྤྱན་དྲངས་པའི་བློན་པོ་བཀའ་ཐང་ལེའུ་སུམ་ཅུ་པ། དགེ་རྒྱས་ལི་མ་གླིང་ནས་སྤྱན་དྲངས་པའི་ལོ་པཎ་བཀའི་ཐང་ཡིག་ལེའུ་སུམ་ཅུ་སོ་ལྔ་པ། བུ་ཚའི་གསེར་ཁང་གི་སྒོ་མདུན་རུས་སྦལ་འོག་ནས་སྤྱན་དྲངས་པའི་ལྷ་འདྲེ་བཀའ་ཐང་ལེའུ་གསན་ཡིག་ལ་ལར་ཉེར་བཞི་འདུག་པ་བརྟག །


GLG003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གསུམ་པ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རྒྱལ་སྲས་ལྷ་རྗེ། གཏེར་སྟོན་ཨོ་རྒྱན་གླིང་པ། རིན་ཅེན་གླིང་པ་བདེ་ལེགས་རྒྱ་མཚོ། བླ་མ་བློ་གྲོས་རྒྱ་མཚོ། བྱང་སེམས་པ་སྤྲུལ་སྐུ་བསམ་གྲུབ་རྒྱལ་པོ། རྗེ་མཁའ་གློང་ཡངས་པ། སྨན་རྩེ་བ་བློ་གྲོས་རྒྱ་མཚོ། ཁྱུང་ཚང་པ་བློ་གྲོས་དཔལ་ལྡན། མཚུངས་མེད་ཀརྨ་གུ་རུ། གྲུབ་མཆོག་ཆོས་དབང་བསམ་གྲུབ། ཉེ་གནས་དགེ་སློང་ཀུན་བཟང་། རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། སྔགས་འཆང་ཧཱུྃ་ནག་མེ་འབར། ཙེ་ལེ་སྤྲུལ་སྐུ་པདྨ་ལེགས་གྲུབ། བསོད་སྙོམས་པ་གྲུབ་པ་རྡོ་རྗེ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །གཏེར་སྟོན་ཨོ་རྒྱན་གླིང་པས་སྤྱན་དྲངས་པའི་རྫོང་ཆེན་ཚེ་དབང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་མགོན། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རྒྱལ་སྲས་ལྷ་རྗེ། གཏེར་སྟོན་ཨོ་རྒྱན་གླིང་པ། སྨན་ལུང་པ་ཤཱཀྱ་གཞོན་ནུ། འཁྲུལ་ཞིག་བསོད་ནམས་རྒྱལ་མཚན། དེས་བླ་མ་ཤཱཀྱ་དཔལ་བ་དང་སངས་རྒྱས་རིན་ཆེན་གཉིས་ལ་གནང་། སངས་རྒྱས་རིན་ཅེན་ནས། དེ་སྲས་བློ་གྲོས་རྒྱ་མཚོ། སྨད་མགོན་ལྷུན་གྲུབ་མཚན་ཅན། རྨ་དགོན་ནམ་མཁའི་མཚན་ཅན། བདེ་གཤེགས་སྤྲུལ་སྐུའི་མཚན་ཅན། སློབ་དཔོན་རིན་ཅེན་མཆོག་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་སྨན་ལུང་པ་ཤཱཀ་གཞོན་ནས། རྨ་མགོན་པ་ཤཱཀྱ་སེང་གེ །སྤྲུལ་སྐུ་བྱང་ཆུབ་རྡོ་རྗེ། བླ་མ་ཐར་པ་རྒྱལ་མཚན། སྨན་ལུང་བློ་གྲོས་རྒྱ་མཚོ། རྨ་དགོན་པ་སྨོན་ལམ་རྒྱ་མཚོ། རྨ་དགོན་པ་ནམ་མཁའི་མཚན་ཅན། དཔལ་འབར་མཚན་


GLG003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། སློབ་དཔོན་རིན་ཅེན་མཆོག་གྲུབ་མན་གོང་བཞིན་ནོ། །སྤྲུལ་སྐུ་ཨོ་རྒྱན་གླིང་པས་གྲ་ཟར་པོའི་ཟངས་མཚོ་བྲག་རི་རིན་ཅེན་གཏེར་སྒྲོམ་ནས་སྤྱན་དྲངས་པའི་རྟེན་འབྲེལ་ཡང་སྙིང་འདུས་པའི་སྐོར་ལ། རི་ཁྲོད་འགྲིམ་དུས་གཟུང་འཛིན་གྱི་ཞེན་པ་ཆེ་ན་ཏིང་འཛིན་གྱི་ཉམས་འཕེལ་ཐབས། བྱིང་ཞིང་སྙིང་མི་དགའ་འགྲོ་འདོད་ཅིང་དགེ་སྦྱོར་ལ་འཚེར་ན་ཏིང་འཛིན་རྣལ་དུ་ཕེབས་ཐབས། དུར་ཁྲོད་སོགས་གཉན་སར་འཇིགས་པ་སེལ་བ། ཟས་འཆག་ནད་སྡང་འགྲོ་འདོད་ན་ཤེས་པ་རྣལ་དུ་འབེབས་ཐབས། མེ་ཤིང་མེད་པར་ཤ་ཐུག་བརྩེ་བ། གཉིད་སེལ་བ། ཟས་གོས་ཚེགས་མེད་དུ་འབྱུང་བ། འཆི་བླུ། སྤྲེའུ། སད་པ། ཁྱི་སྨྱོན། སྦྲང་བུ་སོགས་ཀྱིས་སོ་བཏབ་པའི་དུག་སེལ་ཐབས། སྐྱེས་པ། བུད་མེད། ཁྲོམ། རྒྱལ་པོ། བཙུན་མོ། དམངས་རྣམས་དབང་དུ་བསྡུ་ཐབས། བུ་ཆུང་། དར་མ། བུད་མེད། རྒན་འཁོགས་རྣམས་ཀྱི་ནད་གསོ་བ། ཟས་འདུ་བ། འཐབ་རྩོད་མི་འོང་བ། ཆུས་མི་འཁྱེར་བ། དགྲ་ཁྱི། སྟོར་བརླག་མི་འོང་བ། ཅི་སྨྲས་ལ་ཉན་པ། གྲོགས་དང་མི་བྲལ་བ། སྨྱོ་བ། བུ་ཚ་བརླག་པ། ལུས་ལ་སེར་ཁ། དྲི། སྲོག་ཆགས་མི་འབྱུང་བ། སྤུ་བྱི་བ། འབྲུམ་བུ། ངོས་ཤིག་སྦྲེ། ནོངས་པ་སེལ་བ། ལྷ་འདྲེ་དབང་དུ་བསྡུ་བ། ཐིག་ལེ་འཛག་པ་གཅོད་པ་གསུམ། ལྷ་འདྲེ་གནོད་པ་བཟློག་པ། འབྱུང་པོ་འབྲོས་པ། ཇག་ཆིངས། ཉམས་གྲིབ་སེལ་བ། ཡམས་ནད་གཅོད་པ། ཟས་ནོར་འདུལ་བ། རྐང་མགྱོགས། ཆུ་ཆེར་གཏོང་བ། ཁ་ཆར་གཅོད་པ། ཁྱི་བསྲུང་། གོས་མི་དགོས། བཟའ་བཏུང་ཞེན་པ་གཅོད་པ། ཕྱག་རྒྱ་འགུགས་པ། རྨ། རྣ་བ། མིག །སྣ་ཁྲག །སོ། ཨིག་གུ། བྲང་རྒྱབ་གཟེར་པ། མ་ཞུ་བ། འཁྲུ་བ། གླང་ཐབས། མགོ་ན་བ་རྣམས་གསོ་བ། བྱི་བ་བསྲུང་བ། ཆུ་གདོན་པ་


GLG003_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གནོན། ཤིག་བསྲུང་། མཐུ་བཟློག །འཆི་བ་བཟློག་པ། ལུས་ཀྱི་སྲོག་ཆགས་བསྲུང་བ། མེ་ལྕགས་བཟོ་བ། གོ་ཆས་མི་ཐུབ་པ། སེར་བསྲུང་། མི་མ་ཡིན་བསྲུང་བ། རྨི་ལམ་གསལ་བ། བློ་རྣོ་བ། སྐད་སྙན་པར་བྱེད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། མཁར་ཆེན་གཟའ། རྒྱལ་སྲས་ལྷ་རྗེ། ཡར་རྗེ་ཨོ་རྒྱན་གླིང་པ་ནས་རིམ་པར། རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་སྟོན་ཨོ་རྒྱན་གླིང་པས་ཟུང་མཁར་རྡོའི་མཆོད་རྟེན་ནས་སྤྱན་དྲངས་པའི་སྲོག་གཅོད་སྤུ་གྲི་འདུས་པའི་དཔལ་མགོན་སྟག་ཞོན་ནག་པོའི་ཆོས་སྐོར་ལ། ཐུབ་དབང་གི་ཡི་གེའི་སྟེང་ནས་ཅོད་པན། བུམ་པ་ལ་བརྟེན་ནས་ལྷ་ཚོགས་ཡོངས་རྫོགས་ཀྱི་བུམ་གསང་ཤེས་རབ་ཚིག་དབང་དང་བཅས་པའི་མཐུ་དབང་ཡོངས་རྫོགས། གཏོར་མ། ཕྱག་མཚན། ལིང་ག་སོགས་ལ་བརྟེན་པའི་མཐུ་གཏད་སེར་གསུམ་གྱི་རྗེས་གནང་མནོས་ནས། ལུང་ལ། ཐེམ་བྱང་འཛོམ་ཡིག །མགོན་པོའི་སྐྱེ་རྒྱུད་སྲོག་གཅོད་སྤུ་གྲི་འདུས་པའི་ལོ་རྒྱུས། བཀའ་བབས་སྒོ་འབྱེད་མཐུ་དབང་གི་ཡི་གེ །འཕྲིན་ལས་ཀྱི་རིམ་པ་དོན་བརྒྱད་ལ། དཔལ་མགོན་ནག་པོ་སྤུ་གྲི་གསང་བ་སྲོག་གཅོད་འདུས་པའི་སྒྲུབ་ཐབས། ལས་ཚོགས་གཟེར་ཁ་བཅུ་གསུམ་ལ། ཀླུ་དང་རྒྱལ་བསེན། སེར་བ། ལམ་གྱི་འཇིགས་པ་རྣམས་བསྲུང་བ། རྦོད་གཏོང་བཟློག་པ། ངག་གནོན། ལྟས་ངན་ཆོ་འཕྲུལ། མངོན་ཤེས་པྲ་སྒྲུབ། ཟས་ནོར་སྒྲུབ་པ། རིག་མ་དབང་སྡུད་ཀྱི་ནང་གསེས་ལ་ལྷ་མོ་སྟངས་སྟབས་ཀྱི་ཚུལ་དུ་འགུགས་པ། ཕྲ་མེན་མན་ངག་གི་ཚུལ་དུ་སྒྲུབས་པ། སྨྱོ་འབོགས་ལྟས་ངན་ཚུལ་དུ་བསྒྲུབ་པ་གསུམ། སྲིའུ་གསོ་བ། སེར་བ་


GLG003_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པ། རང་གཤེད་འབེབ་པ། གཡུལ་བཟློག་པ་རྣམས། ཉམས་ཆགས་སྐོང་བའི་བཀང་གསོ་ཆོས་སྐྱོང་མགོན་པོ་མ། དྲག་པོའི་བཟློག་པ་སྤུ་གྲི་འདུས་པའི་གཏེར་ཆེན། སྦས་པའི་མན་ངག་གནད་ཀྱི་གཟེར་དྲུག་ཅེས་པར་ཀླུ་གཏད། ཡུལ་འབྱུང་རྩབས་གཅོད་ངག་གནོན། ཉེ་འབྱེད། དབང་སྡུད། གསོད་བཟློག །ཁ་མཆུ་རྒྱལ་བ་དྲུག་ལ་ཁ་བསྒྱུར་ཆོག་པའི་སྒྲོག་འགྲོལ་མན་ངག །སེར་བསྲུངས། ཆར་འབེབས། ཧོམ་གྱི་གསད་པ་རྣམས། དཔལ་ནག་པོ་ཆེན་པོ་མགོན་པོ་གསང་བ་སྲོག་གཅོད་སྤུ་གྲིའི་རྒྱུད་ལེའུ་ཉི་ཤུ་པ། སྤུ་གྲི་འདུས་པའི་གཡུལ་བཟློག་གསང་མདོས་ཆེན་མོ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བདག་ཕྱག་ན་རྡོ་རྗེ། བྲམ་ཟེ་ཁ་ནས་མེ་འབར། བི་ཀ་མ་ཤཱི་ལའི་སློབ་དཔོན་ཨཱཪྱ་དེ་བ། འཕུང་བྱེད་ཤིནྟཾ་གརྦྷ། ཨོ་རྒྱན་སངས་རྒྱས་གཉིས་པ་རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། རྒྱལ་སྲས་ལྷ་རྗེ། སྤྲུལ་སྐུ་ཨོ་རྒྱན་གླིང་པ་ཡེ་ཤེས་མཆོག་གྲུབ་རྒྱལ་པོ། སྨན་ལུང་པ་ཤཱཀྱ་གཞོན་ནུ། སྨན་ལུང་པ་བསོད་ནམས་རྒྱལ་མཚན། སྨན་ལུང་པ་སངས་རྒྱས་རིན་ཆེན། སྨན་ལུང་པ་བློ་གྲོས་རྒྱ་མཚོ། ཀོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། མཁས་ཤིང་གྲུབ་པའི་དབང་ཕྱུག་ཉང་སྟོན་རྡོ་རྗེ་མི་རྟོག་རྩལ། དེས་བདག་ཟ་ཧོར་བནྡེའི་བསྟན་བསྲུང་དུ་སྩལ་ཏོ། །ཡར་རྗེ་ཨོ་རྒྱན་གླིང་པའི་གཏེར་བྱོན་རཱ་ཧུ་ལ་གནད་ལ་ཕབ་ནས་དགྲ་བོ་ཞག་གཅིག་ལ་གསོད་པ་གཉིད་ལོག་ན་རང་འཆི་ཞིང་མ་ལོག་ན་དགྲ་འཆི་བའི་གདམས་པ་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། གསང་བའི་བདག་པོ། ཨོ་རྒྱན་ཆེན་


GLG003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཇོ་མོ་འཚོ་རྒྱལ། གཏེར་སྟོན་མཆོག་གྲུབ་རྒྱལ་པོ་ནས་རིམ་པར། ནམ་མཁའ་དཔལ་ལྡན་རྒྱ་མཚོ། རིགས་འཛིན་བདུད་འཇོམས་རྡོ་རྗེ། ཆོས་རྒྱལ་དབང་པོའི་སྡེ། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་སྟོན་སངས་རྒྱས་གླིང་པ་ནི། རང་གཏེར་ལུང་བསྟན་བཀའ་རྒྱ་ལས། ལྷ་སྲས་ཉིད་ནི་ཆོས་ཀྱི་བདག་པོ་སྟེ༔ གཙོ་བོ་རྡོ་རྗེ་རྒྱལ་པོར་མངའ་གསོལ་བས༔ མ་འོངས་དུས་ཀྱང་རྡོ་རྗེ་རྒྱལ་པོར་འབྱུང༔ ཞེས་དང་། འདི་ཕྲད་དུས་ཀྱི་ཚུལ་ལུགས་ཇི་ལྟར་ན༔ ལུས་ངག་ཡིད་གསུམ་སྨྱོ་ཐབས་ཞིག་ཚུལ་ལམ༔ དགེ་སྦྱོང་ཚུལ་ལ་རིག་པའི་ངར་དང་ལྡན༔ ཞུམ་པ་མེད་པར་སྣང་བ་ཟིལ་གྱིས་གནོན༔ ཆར་ཆོད་བར་དོའི་རྣམ་ཤེས་ལྟ་བུའི་ཚེ༔ གསང་གཏེར་འདི་ཕྲད་ཌཱ་ཀིས་ལས་བྱེད་འགྱུར༔ ཐོགས་བརྡུགས་མེད་པར་རྫུ་འཕྲུལ་སྣ་རེ་སྟོན༔ མ་དག་སྐྱེ་བོས་གཤེ་ལོག་སྐུར་པ་འདེབས༔ སྨོན་ལམ་གང་འབྲེལ་དད་ཅིང་འདུན་པར་འགྱུར༔ ཞེས་དང་། ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་ལུང་བསྟན་ལས། ལན་ཅིག་དུས་ཀྱི་མཐའ་ལ་འབབ་པའི་ཚེ༔ ཨོ་རྒྱན་གསུང་གི་སྲས་མཆོག་གདུང་ཤུགས་ཅན༔ སྙིང་སྨི་དམར་མཚན་བུདྡྷ་ཞེས་བྱ་འབྱུང༔ དེ་ལ་བཀའ་འདི་ཐོད་ལ་སྟོང་གྲོགས་གྱིས༔ ཞེས་དང་། དོན་ཏིག་ལས། རྡོ་རྗེ་བྲག་ནས་སྐལ་ལྡན་སྐྱེས་བུ་ནི༔ འབྲུག་གི་ལོ་པ་བུདྡྷ་ཞེས་པའི་མིང་༔ ཙིཏྟ་སྨེ་བ་རཱ་གའི་མདོག་དང་ལྡན༔ སྐལ་ལྡན་དེ་ལ་དོན་ཏིག་རྫོགས་པར་སྟོན༔ ཞེས་གཏེར་ཁ་མང་པོ་ནས་ལུང་བསྟན་པ་ལྟར་དཔལ་ཨོ་རྒྱན་ཆེན་པོའི་གསུང་གི་སྤྲུལ་པ་ལྷ་སྲས་མུ་རུབ་བཙན་པོའམ། དམ་འཛིན་སྐྱེ་བ་སྤྲུལ་སྐུ་སངས་རྒྱས་གླིང་པའམ་སངས་རྒྱས་རྡོ་རྗེ་གྲགས་པས་སྤྱན་དྲངས་པའི་ཟབ་གཏེར་ཕལ་ཆེར་ནི་ཡུལ་རིགས་


GLG003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕྱོགས་གང་དུ་སྐྱེ་ཞེ་ན༔ དེ་དུས་ལྷ་སྲས་གདུག་རྩུབ་དབང་ཆེ་པས༔ བླུན་པོའི་བུ་བཀུམས་བྱང་ཀོང་ཕྱོགས་སུ་སྤྱུགས༔ མ་འོངས་བསྐལ་བ་དུས་ཀྱི་སྙིགས་མར་ཡང་༔ ལས་ཀྱི་འཕེན་པས་ས་ཕྱོགས་དེར་སྐྱེ་ཞིང་༔ གདུལ་བྱ་དག་ཀྱང་ཕལ་ཆེར་དེ་ཕྱོགས་སྐྱོང་༔ ཞེས་པའི་དོན་ཐོག་ཏུ་བབ་ཏེ། ཀོང་ཡུལ་བླ་དཀར་དུང་གི་སྒོ་མོ་ནས་བརྒྱུད་རྣམས་དང་པུ་རི་རིན་ཅེན་འབར་བའི་སྒྲུབ་ཕུགས་ཡངས་པ་ཅན་ནས་ཆོས་སྡེ་གཞན་རྣམས་སྤྱན་དྲངས་པའི་བླ་མ་དགོངས་འདུས་ཞེས་པ་ཐེག་པ་ཕྱི་ནང་གོང་འོག་ཐམས་ཅད་ཀྱི་འགག་དོན་སྙིང་པོར་བསྡུས་ཏེ་མན་ངག་དབང་པོ་རབ་འབྲིང་མཐའ་མ་ཀུན་གྱི་སྤྱོད་ཡུལ་དུ་མང་ཉུང་རན་ཞིང་གབ་སྦས་མེད་པས་གཞན་ལ་ལྟོས་མི་དགོས་པའི་གོ་བདེ། བསྒྲུབས་ན་མྱུར་ཞིང་བཅངས་པ་ཙམ་གྱིས་བྱིན་བརླབས་ཀྱི་ཚན་ཁ་ཆེ་བ་དཔལ་ཨོ་རྒྱན་ཆེན་པོའི་དགོངས་པའི་བཞེད་ཕུགས་སྒྲ་རང་བསྒྱུར་དོན་དགོངས་བསྒྱུར། མན་ངག་གནད་བསྒྱུར། ཕྲད་ཆོག་བློ་བདེ། དགོས་འདོད་འབྱུང་བའི་ཡང་གསང་རིན་པོ་ཆེ་གཏེར་གྱི་མཛོད་དེའི་ཆོས་སྐོར་ལ། ཐོག་མར་རས་བྲིས་གྱིས་དཀྱིལ་འཁོར་ལ་བརྟེན་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་སྒོ་ནས། བུམ་པའི་དབང་བཅུ། རྡོ་རྗེ་རྒྱལ་པོའི་བཀའ་རབ་འབྱམས་སྐུ་ལྷ། རབ་འབྱམས་གསུང་སྔགས། རབ་འབྱམས་ཐུགས་ཕྱག་མཚན། རབ་འབྱམས་ཡོན་ཏན་དུར་ཁྲོད་ཀྱི་ཆས་སོགས་རྒྱན། འཕྲིན་ལས་གཞན་དོན་དང་བཅས་པའི་དབང་། རྡོ་རྗེ་སློབ་དཔོན་རབ་འབྱམས་ཀྱི་དབང་དངོས་དང་དེ་དང་འབྲེལ་བར་ཀུན་ཏུ་བཟང་པོའི་དབང་། ཕྱག་རྒྱ། བརྡ། དོན། དམ་ཚིག།མཐའ་རྟེན་བཅས་པའི་དབང་། ཞར་ལ་དབང་ཕྱི་མ་གསུམ། རྡོ་རྗེའི་བརྟུལ་བཞུགས། ལུང་བསྟན། རྗེས་གནང་། དབུགས་དབྱུང་། ཆོས་རྫས་དབང་། དྲེགས་པའི་དབང་དང་བཅས་པ་


GLG003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྤྲོས་མེད་གསང་བ་དོན་གྱི་དབང་། ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་། ཉི་མའི་ཟེར་ལ་བརྟེན་ནས་རབ་ཏུ་སྤྲོས་མེད་ཐོད་རྒལ་རིག་པའི་རྩལ་དབང་། སྐུ་གསུམ་གྱི་བཞུགས་སྟངས་ལ་བརྟེན་ནས་ཡོངས་སུ་སྤྲོས་མེད་འཁོར་འདས་བཞི་རྫོགས་རང་བྱུང་དོན་དབང་། མཁའ་འགྲོའི་དཀྱིལ་འཁོར་ལ་བརྟེན་ནས་ཆགས་ཅན་ལམ་ལོངས་ཌཱ་ཀིའི་སྲོག་དབང་། བཤད་མ་ཐག་པའི་དཀྱིལ་འཁོར་དེ་རྣམས་ལ་བརྟེན་ནས་བུམ་གསང་ཤེས་རབ་ཚིག་དབང་། རྩལ་དབང་། རྟགས་གྲོལ་གྱི་དབང་། དངོས་གྲུབ་བཅུད་དབང་། དྲེགས་པའི་སྲོག་དབང་། བཀའ་གཏད་རྗེས་དབང་རྣམས་ཚང་བའི་རང་བྱུང་དོན་དབང་། ཌཱ་ཀིའི་དཀྱིལ་འཁོར་ལ་བརྟེན་ནས་བུམ་གསང་ཤེས་རབ་ཚེ་དབང་བཅས་ཡོངས་སུ་ཚང་བའི་སྤྱོད་པ་ནམ་མཁའ་སྒོ་འབྱེད། སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་མེ་ལོང་། ཐོད་བུམ། རྡོར་དྲིལ། འདོད་ཡོན། མར་མེའི་རྗེས་གནང་རྣམས་སྔོན་དུ་འགྲོ་བའི་གཏུམ་མོའི་མེ་དབང་། རྩ་གསུམ་གྱི་གཏོར་མ་གནས་ལྔ་དང་ལག་ཏུ་བསྐུར་བའི་བྱིན་རླབས་གཏོར་མའི་བརྡ་དབང་། གླེགས་བམ་ལ་བརྟེན་ནས་པོ་ཏིའི་ལུང་གི་དབང་དང་། དྲེགས་པའི་དཀྱིལ་འཁོར་དང་རྫས་ལ་བརྟེན་ནས་དམ་ལ་གནས་པའི་སྐུ། བཀའ་གཉན་པར་བྱེད་པ་གསུང་། སྲོག་གཏའ་མར་གཟུང་བ་ཐུགས། དངོས་གྲུབ་སྩོལ་བ་ཡོན་ཏན། བྲན་དུ་བསྐུལ་པ་འཕྲིན་ལས། གྲོགས་ལྟར་བརྩེ་བ་དམ་ཚིག །རང་གཤེད་དབབ་པའི་ལས་གནོན། མི་འབྲལ་བ་ཉེར་གཏད་བཅས་པ་རྣམས་ཀྱི་དབང་། བཀའ་གཉན་གསུང་བསྟོད་ཡོངས་རྫོགས་རྗེས་གནང་། ཞལ་ཟས། སྣང་གསལ། སྔགས་ལ་བརྟེན་པའི་འཇམ་དཔལ་ཤེས་རབ་བློ་འཕེལ་རལ་


GLG003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གྲིའི་རྗེས་གནང་། འཆི་མེད་ཚེའི་དབང་། ཆོས་འབྱུང་བསྣོལ་མའི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། ཕྱག་མཚན་ལ་བརྟེན་ནས་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་རིགས་ལྔའི་བུམ་དབང་། གསང་བ། ཤེས་རབ་ཡེ་ཤེས། མཐའ་རྟེན་རྗེས་གནང་དང་བཅས་པ་རྣམས་ལེགས་པར་མནོས། ལུང་ལ། ཀུན་རྫོབ་ལ་ཨ་འཐས་ཀྱི་ཞེན་པ་བཟློག་བྱེད་བསྐྱེད་རིམས་ཀྱི་སྐོར། བྱེ་བྲག་ལ་ཐུན་མོང་དུ་དགོས་པའི་སྐོར། ཁྱད་པར་ཡང་ཟབ་མཁའ་འགྲོའི་སྐོར། རྩ་གསུམ་སྤྱི་དྲིལ་གནད་དུ་གདམས་པའི་ལས་ཚོགས་དབང་སྡུད་སྐོར། ཡེ་ཤེས་དབྱིངས་སུ་སྐྱེད་བྱེད་རྫོགས་རིམ་གྱི་སྐོར། བཀའ་དང་བསྟན་པ་བསྲུང་བྱེད་ཆོས་སྐྱོང་གཏེར་བདག་གི་སྐོར། མཐའ་བརྟེན་འགག་བསྡོམས་རྩ་བའི་ཆིངས་ཀྱི་སྐོར་དང་བདུན། དང་པོ་ལ་སྒྲུབ་པའི་སྒྲོམ་དྲུག །ཡན་ལག་བདུད་རྩིའི་སྒྲུབ་པ་དྲུག །ཁོག་འབུབ་སྤྱི་དོན་གྱི་གཟེར་དྲུག །ཁ་སྐོང་འཕྲིན་ལས་ཀྱི་རྒྱན་དྲུག །ཚོགས་གསོག་སྒྲིབ་སྦྱང་གི་ཐེམས་དྲུག །བྱང་ཆུབ་བསྒྲུབ་པའི་ལམ་དྲུག །ལག་ལེན་འཁྲུལ་གྱི་ལས་དྲུག །སྤྲོས་བཅས་ཡིག་ཆུང་གི་དམར་འཁྲིད་དྲུག །དེ་ཉིད་གསལ་བའི་འགག་དྲུག་དང་དགུ །དང་པོ་ལ་དགོངས་འདུས་རྩ་བའི་སྒྲུབ་པ་ནོར་བུ་དཔལ་འཕྲེང་། དེའི་ལྷན་ཐབས་ཡིག་ཆུང་དཔེའུ་རིས་དང་བཅས་པ། ཐེམས་མེད། རྩ་བ་གསུམ་གྱི་སྒྲུབ་པ་ཐུགས་རྗེའི་ལྕགས་ཀྱུ། ཕྱི་ནང་གསང་གསུམ་གྱི་སྒྲུབ་པའི་ནོར་བུའི་སྙིང་པོ། ཡང་གསང་ཐུགས་ཀྱི་སྒྲུབ་པ་ཉི་ཟླ་ཁ་སྦྱོར་ཞེས་པ་ཨ་ནུ་དང་ཨ་ཏི་ལྟར་སྒྲུབ་པའི་མངོན་རྟོགས། ཐམས་ཅད་སྤྱི་དྲིལ་གྱི་སྒྲུབ་པ་ཡིད་བཞིན་ནོར་བུ། དེའི་སྔགས་ཀྱི་ཡིག་ཆུང་གུད་དུ་སྦས་པ། ཐེམས་མེད། བྱེ་བྲག་སོ་སོར་སྒྲུབ་པ་འཕྲུལ་གྱི་དུམ་བུ། གུད་དུ་སྦས་པ་རྩ་བ་གསུམ་ཡང་གསང་རྩ་བའི་བསྙེན་པ་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་


GLG003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཐེམས་མེད། དེའི་སྒྲུབ་པ་དང་ལས་སྦྱོར་ཚ་བ་དམར་ཐལ། དེའི་དཔེའུ་རིས། ཐེམས་མེད། རྩ་གསུམ་སྲོག་འཁོར་དཔེའུ་རིས། འཕྲིན་ལས་ལམ་འཁྱེར་བསྡུས་པ་མེ་ཏོག་ཕྲེང་མཛེས། ཐེམས་མེད། བསྲུང་བཟློག་བསད་གསུམ་བྱད་མ་སྟོབས་འཇོམས། དཔེའུ་རིས་དང་བཅས་པ་རྣམས། གཉིས་པ་ཡན་ལག་བདུད་བརྩིའི་སྒྲུབ་པ་དྲུག་ལ། ཚེ་སྒྲུབ་ཀྱི་སྒྲུབ་པ་བདུད་རྩིའི་སྙིང་པོའི་ཡང་ཞུན། གཞན་དོན་སྤྲོས་བཅས་ཀྱི་ཚེ་སྒྲུབ་དབང་དང་བཅས་པ། ཐེམས་མེད། སྨན་སྒྲུབ་བདུད་རྩིའི་རྒྱ་མཚོ། དེའི་གེགས་སེལ་གྱི་མན་ངག་ཡིག་ཆུང་། ཐེམས་མེད། བམ་སྒྲུབ་བདུད་རྩིའི་ཡང་ཞུན། དེའི་དཔོགས་ཆོག་ཡིག་ཆུང་། ཐེམས་མེད། གཏོར་སྒྲུབ་བདུད་རྩིའི་འདོད་འཇོ། གཏོར་སྒྲུབ་བདུད་རྩིའི་ཞུན་མར། གཟུངས་སྒྲུབ་བདུད་རྩི་ཆུ་རྒྱུན་རྣམས། གསུམ་པ་ཁོག་འབུབས་སྤྱི་དོན་གྱི་གཟེར་དྲུག་ལ་སྒྲུབ་ཆེན་གྱི་སྤྲ་འཁྲིད་གསལ་བའི་མེ་ལོང་། དཀྱིལ་འཁོར་ཡོངས་རྫོགས་ཀྱི་མངོན་རྟོགས་རིན་ཅེན་འཕྲེང་བ་མ་ཧཱ་ཡོ་ག་ལྟར་བསྟན་པ། ལམ་ཁྲིད་གབ་པ་མངོན་བྱུང་མུན་སེལ་སྒྲོན་མེ། སྐོངས་ཀྱི་ཆོ་ག་ཉོན་མོངས་སྲེག་བྱེད། ལས་བྱེད་རླུང་འཁོར་ཕོ་ཉ་མྱུར་མགྱོགས། སྒྲོ་འདབས་བཞིའི་འདྲི་ཚུལ། ཐེམས་མེད། དེའི་ཤམ་བུའི་ཡིག་ཆུང་དཔེ་རིས་ལ་རླུང་ཁང་རྐྱང་པ། ཐེམས་མེད། གསུམ་བརྩེགས། བྱང་ཆུབ་རླུང་འཁོར། ཕོ་འཁོར་མོ་འཁོར། ལས་བྱེད་ཙཀྲ །སྒྲོ་འདབས་ཀྱི་ལིང་ག་དང་བཅས་པ། སྦྱིན་སྲེག་ཆོ་ག་མེ་འོད་འབར་བ། དགང་བླུགས་ཀྱི་བྱིན་བརླབས་དབང་བསྐུར་དཔེ་རིས་དང་བཅས་པ་ཐེམས་མེད། རྣམས། བཞི་པ་ཁ་སྐོང་འཕྲིན་ལས་ཀྱི་རྒྱན་དྲུག་ལ། ལས་བྱང་ཚངས་པའི་སྒྲ་དབྱངས་བདུད་རྩིའི་འཕྲེང་བ། བསྟོད་འབུམ་ཆེན་པོ་ཚངས་པའི་དྲ་བ། བསྐུལ་འབུམ་མྱུར་མགྱོགས་གློག་གི་ཕྲེང་བ། མདངས་


GLG003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་རིན་ཅེན་འཕྲེང་བ། སྨན་རག་གཏོར་གསུམ་བདུད་རྩིའི་རྒྱ་མཚོ། ཀུན་ཁྱབ་ཆོས་འཕྲེང་མེ་ཏོག་ཆར་རྒྱུན་རྣམས། ལྔ་པ་ཚོགས་གསོག་སྒྲིབ་སྦྱོང་གི་ཐེམས་དྲུག་ལ། རབ་གནས་ཆོ་ག་བཀྲ་ཤིས་བརྩེགས་པ། ཆོས་བཤད་གདམས་པ་དྲང་དོན་དགེ་བསྐུལ་གཤིན་ཆོག་སྒྲིབ་སྦྱོང་ཡེ་ཤེས་འོད་འཕྲོ། དེའི་ལྷན་ཐབས་ཕུང་པོ་སྦྱང་བའི་ཡིག་ཆུང་། ཐེམས་མེད། སཱཙྪ་འདེབས་ཆོག་བསོད་ནམས་རི་བོ། དམ་ཚིག་རྣམ་བཤད་བསྲུང་བསྡོམས་རྒྱལ་མདུད། བསྔོ་བའི་རིམ་པ་ནོར་བུ་བསམ་འཕེལ་རྣམས། དྲུག་པ་བྱང་ཆུབ་སྒྲུབ་པའི་ལམ་དྲུག་ལ། སྔོན་འགྲོའི་ཡན་ལག་བདུན་པ་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག །ཉམས་ལེན་སྐྱབས་འགྲོ་སེམས་བསྐྱེད་རིན་ཅེན་གསེར་གྱི་གཞི། མཎྜལ་འབུལ་བའི་ཆོ་ག་ཡིད་བཞིན་ནོར་བུ། འཚོ་བ་ཟས་ཀྱི་རྣལ་འབྱོར་བདུད་རྩིའི་ཐིགས་པ། བསྐོར་བ་སྤྱོད་ལམ་རྒྱུན་འཁྱེར། གཏོར་ཆོག་བདུད་རྩིའི་ཀུན་ཁྱབ་རྣམས། བདུན་པ་ལག་ལེན་འཕྲུལ་གྱི་ལས་དྲུག་ལ། དཀྱིལ་འཁོར་བྲིས་ཐིག་ཚངས་པའི་དྲ་བ། དཀྱིལ་འཁོར་རྣམ་དག་རབ་གསལ་ཉི་འོད། སྐུ་གཟུགས་ཕྱག་ཚད་རིན་ཆེན་དྲ་མིག །གར་འཆམ་རིམ་པ་འཕྲུལ་གྱིས་པ་ཏྲ། དཀྱིལ་འཁོར་བློས་སློང་རིན་ཆེན་ཐེམ་སྐས། དབྱངས་བྱང་སྤྲ་འཁྲིད་དཔེ་དོན་ཟུང་འབྲེལ་རྣམས། རིགས་འཛིན་རྗེའི་གསན་ཡིག་ན་གསལ་བའི་མེལོང་ཟེར་བ་འདུག །བརྒྱད་པ་སྤྲོས་ཆས་ཡིག་ཆུང་དམར་འཁྲིད་དྲུག་ལ། དཀྱིལ་འཁོར་ལག་ལེན་དམར་འཁྲིད། མཆོད་པའི་ལག་ལེན་དམར་འཁྲིད། གཏོར་མའི་ལག་ལེན་དམར་འཁྲིད། བརྡ་རྟགས་ལག་ལེན་དམར་འཁྲིད། རྣམ་འབྱེད་འཕྲུལ་གྱི་འཁོར་ལོ། རྟེན་འབྲེལ་རྒྱུན་འཁྱེར་དམར་འཁྲིད། སྣང་སྟོང་གསལ་བའི་གབ་རྩེ། ཆོས་སྤྱོད་ཉམས་ལེན་དམར་འཁྲིད་མེ་ལོང་འཕྲེང་བ་ནོར་བུའི་མདོ་འཛིན་རྣམས་དགུ་


GLG003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་གསལ་བའི་འགག་དྲུག་ལ། ཁ་སྐོང་གཏོར་མའི་དེ་ཉིད་གསལ་བ་བདུད་རྩིའི་དཀོར་མཛོད། སྒྲུབ་བརྟེན་འཕྲེང་བའི་དེ་ཉིད་གསལ་བ་སྔགས་ཀྱི་སྒྲོལ་མ། དཔལ་སྐྱེས་ཞྭ་གོས་ཀྱི་དེ་ཉིད་གསལ་བ་ཐར་པའི་འཕྲུལ་སྐས། ལོངས་སྤྱོད་སྤྱད་པའི་དེ་ཉིད་གསལ་བ་རྣམ་རོལ་སྤྲིན་གྱི་རྒྱན། གསོ་བསྐྱེད་ཟས་ཀྱི་དེ་ཉིད་གསལ་བ་བྱང་ཆུབ་ལམ་གྱི་བདུད་རྩི། སྒོ་གསུམ་སྤྱོད་ལམ་གྱི་དེ་ཉིད་གསལ་བ་འགག་དོན་བསྡུས་པའི་སྙིང་པོ་རྣམས། གཉིས་པ་སྤྱི་བྱེ་བྲག་ཐུན་མོང་དུ་དགོས་པའི་སྐོར་ལ། བསྐྱེད་རྫོགས་སྤྱི་ལ་གཅེས་པའི་སྐོར། བྱེ་བྲག་བསྐྱེད་རིམས་ལ་དགོས་པའི་ལས་ཚོགས་སྐོར་དང་གཉིས། དང་པོ་ལ་རྩ་བའི་རྒྱུད་དྲུག །སྤྱི་གཅེས་ཀྱི་པར་བཀབ་དྲུག །འགག་དོན་གྱི་མདོ་འཛིན་དྲུག །སྨིན་བྱེད་ཀྱི་དབང་ཆེན་དྲུག །གནས་སྐབས་ཀྱི་དབང་ཕྲན་དྲུག །སྐོར་ཚེ་ཐེམས་དྲུག་སྟེ་སྡེ་ཚན་དྲུག །དང་པོ་ལ། སྤྱི་རྒྱུད་པད་སྡོང་བརྩེགས་པའི་ལེའུ་ཉེར་གཅིག །སྐུ་རྒྱུད་ཤེལ་གྱི་རི་བོ་ལེའུ་སུམ་ཅུ་པ། གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལེའུ་བཅུ་གསུམ་པ། ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལེའུ་དྲུག་ཅུ་པ། ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལེའུ་བརྒྱ་དང་རྩ་བརྒྱད་པ། འཕྲིན་ལས་ཀྱི་རྒྱུད་དྲག་སྔགས་སྤུ་གྲི་རེག་གཅོད་ལེའུ་ལྔ་པ་དང་། དེ་རྣམས་ཀྱི་ཞར་བྱུང་བླ་མ་གསང་རྒྱུད་བཀའི་བང་མཛོད་ལེའུ་དྲུག་པ། ཐེམས་མེད། ཡི་དམ་གསང་སྒྲུབ་བཀའི་ཐ་རཾ་ལེའུ་ལྔ་པ། ཐེམས་མེད། མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་ལེའུ་བརྒྱད་པ། དད་ཐེམས་མེད། བརྩོན་ལྡན་པའི་སྐྱེས་བུས་རྒྱུད་འཆང་ཐབས་དང་ཆེ་བ་བསྟན་པ་རྣམས། གཉིས་པ་སྤྱི་གཅེས་པའི་པར་བཀབ་དྲུག་ལ། སྤྱི་རྒྱུད་འགྲེལ་པ་མེ་ཏོག་རྒྱན་སྐབས་ཉེར་གཅིག་པ། བསྐྱེད་རྫོགས་དོན་བསྡུས་ཐུགས་ཀྱི་སྙིང་པོ་འགག་དོན་དགུ་པ་སྨིན་གྲོལ


GLG003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་སྤོང་ལུང་གི་བང་མཛོད། ཐེག་པ་སྤྱིའི་རྣམ་བཤད་རྒྱན་གྱི་འཁོར་ལོ་རྒྱབ་མཆོད་པར་བཀབ་མདོ་འཛིན་སྤྲོས་པ་གཅོད་པ་སྣང་གསལ་སྒྲོན་མེ། ཡིན་མིན་འདྲ་མིན་ཤན་འབྱེད་སུན་འབྱིན་རིན་ཅེན་གསལ་བ་གབ་རྩེ་རྣམས། གསུམ་པ་འགག་དོན་མདོ་འཛིན་དྲུག་ལ། ཡིད་ཆེས་ཤིང་ཁུངས་བཙུན་པ་ལོ་རྒྱུས་ཤེལ་གྱི་མེ་ལོང་། ངེས་ཤེས་སྤྲོ་བ་སྐྱེད་པ་གཏམ་རྒྱུད་ཀྱི་འཕྲེང་བར་གདམས་པ། ཐེག་དགུའི་ཆོས་སྤྱོད་འཁྲིད་རིམ་འོད་ཀྱི་འཕྲེང་བ། ཁ་སྐོང་ཕྱག་འཚལ་བརྒྱ་རྩ་མཆོད་འབུལ་བཤགས་པ་སྨོན་ལམ་དང་བཅས་པ། འཛབ་དགོངས་དམིགས་པའི་འཁྲུལ་འཁོར་ཚངས་པའི་ང་རོ། བསྐྱེད་རིམ་ཉིན་མཚན་ཚོགས་དྲུག་གི་ལམ་འཁྱེར་རྣམས། བཞི་པ་སྨིན་བྱེད་དབང་ཆེན་དྲུག་ལ། སྤྲོས་བཅས་བུམ་དབང་ཆེན་མོ། སྨིན་བྱེད་སྙིང་གི་མེ་ལོང་། སྤྲོས་མེད་གསང་བ་དོན་དབང་སྲོག་རྩ་དམར་འབྱིན་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་མཆོག་བདེ་སྟོང་རབ་འབྱམས། རབ་ཏུ་སྤྲོས་མེད་ཐོད་རྒལ་རིག་པའི་རྩལ་དབང་བརྡ་དོན་ཟུང་འབྲེལ། ཡོངས་སུ་སྤྲོས་མེད་འཁོར་འདས་གཞི་རྫོགས་རང་བྱུང་དོན་དབང་རྒྱས་འདེབས་ཆེན་མོ། ཆགས་ཆེན་ལམ་སློང་ཌཱ་ཀི་གནད་ཀྱི་སྲོག་དབང་རྣམས། ལྔ་པ་གནས་སྐབས་ཀྱི་དབང་ཕྲན་དྲུག་ལ། དོན་དབང་བསྡུས་པའི་སྨིན་བྱེད་བདུད་རྩིའི་ཐིགས་པ། རིགས་གཏད་སྤྱོད་དབང་ནམ་མཁའ་སྒོ་འབྱེད། བརྡ་དོན་གཏུམ་མོའི་མེ་དབང་བདེ་བའི་གསང་མཛོད་དགའ་འཁྱིལ། དྲེགས་པ་ལས་ལ་བཀོལ་བ་དྲེགས་པའི་སྲོག་དབང་ཆེན་མོ་གནམ་ལྕགས་འབར་བའི་རྒྱ་ཅན་ཆིག་བརྒྱུད་མ། བྱིན་བརླབས་འཇུག་པ་རྩ་གསུམ་གཏོར་མའི་བརྡ་དབང་། བཀའ་གཏད་གླེགས་བམ་པོ་ཏིའི་ལུང་དབང་རྣམས། དྲུག་པ་སྐོར་ཚོའི་ཐེམས་དྲུག་ལ། ཤན་འབྱེད་


GLG003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་ཀྱི་སྐོར་སྤྱི་དོན་བརྒྱད་པ། ཞལ་གདམས་དམར་འཁྲིད་ཀྱི་སྐོར་དོན་བསྡུས་ཐུགས་ཀྱི་འཕྲེང་བ། ཐོར་བུ་ལས་ཚོགས་སྐོར་ནོར་བུ་བསམ་འཕེལ་ལས་ཕྲན་གྱ་བརྒྱད་པ་ལ་ཞི་བའི་ལས། དཔེར་ན་ཞོ་ཆང་ཉེས་བསྲུང་སོ་སོར་ཕྱེ་བ་ལྟ་བས་མཚོན་པའི་ནང་གསེས་དབྱེ་ན་མ་གཏོགས་དངོས་བསྟན་བརྒྱད་ཅུ་ལས་མི་འདུག །དབང་གི་ལས། དྲག་ལས། གནོད་པ་བཟློག་པ། ནད་གདོན་བར་ཆད་བསྲུང་བ། རྦོད་གཏོང་རྦད་འདྲེ་རང་བཟློག །སེར་གཅོད། བྱིས་པ་བསྐྱེད་དང་འདྲེ་བསྲུང་། ནད་རིམས་ལས་འགྲོལ་བ། ནད་གདོན་སེལ་བ། གཉིད་ལོག་གནོད་བསྲུང་། ཟས་སྐོམ་འདུ་བ། ནོར་འདུ་བ། སྐྱེས་ཕོ་མོ་འདུ་བ། མངོན་ཤེས་རྟེན་འབྲེལ་འཆར་བ། བླ་མའི་བྱིན་བརླབས་དང་རྟེན་འབྲེལ་འཆར་བ། སྐྱེ་བོ་དགའ་ཞིང་ཤེས་རབ་འཕེལ་བ། བློ་རྣོ་བ། གཞན་སེམས་ཤེས་པ། རྨི་ལམ་གསལ་བྱེད། བུད་མེད་ཀྱི་ཡིད་དུ་འོང་བ། མི་རྣམས་བྱམས་པ། ཟས་རྙེད་པ། མི་རྣམས་བཀར་ཉན། དགྲ་དབང་བསྡུད། རྒྱན་རྒྱལ་བ། ཞལ་ལྕེ་རྒྱལ་བ། དབྱངས་སྙན་པ། དོན་གྲུབ། གྲུ་མི་བྱིང་བ། ཆུས་མི་འཁྱེར་བ། མིས་གསང་ཚིག་སྨྲ་བ། ལྷ་འདྲེ་མཐོང་སྨྲ། ས་འོག་གཏེར་མཐོང་། ནམ་མུན་མེད་པར་མཐོང་བ། འཁོར་བཀྲ་ཤིས་པ་དང་མི་ལྟོགས་པ། སྐྱེ་བོ་ཀུན་དབང་སྡུད། མགྲིན་སྙན་དབང་སྡུད། ཟས་བཅུད་ལེན། བདག་གཞན་གནས་བསྲུང་། དགོན་དང་ལམ་དུ་ཇག་པ་རེངས་པ། གཅན་གཟན་འཇིགས་བསྲུང་། དུག་སྦྲུལ་གནོད་བསྲུང་། ལམ་གྱི་དགྲ་བསྲུང་། རི་དྭགས་ཁྱི་བསྲུང་། སྤྱང་ཀི་ཁ་འཆིང་། བྱི་བ་ཁ་འཆིང་། ཞིང་ལ་སྦྲང་བུ་བསྲུང་བ། ཞིང་གི་བཙའ་བསྲུང་། ཞིང་ལ་རི་བོང་གནོད་བསྲུང་། སེར་བསྲུང་། ཁ་ཆར་གཅོད་པ། སད་བསྲུང་། ཆར་འབེབས། ཐིག་ལེ་གདོན་འཕྲོག་


GLG003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ། བུད་མེད་ཟླ་མཚན་འཛག་བསྲུང་། སྐྱེ་སྒྲོ་བསྐྲངས་བཞི་བྱེད། བུད་མེད་ནུ་མ་བསྐྲངས་ཞི། བུད་མེད་སྐྱེས་པ་བསྲུང་བ། སྐྱེས་པ་དབང་སྡུད། བུད་མེད་དབང་སྡུད། བུད་མེད་བུ་ཐོན། རྡེལ་ནད་འདོན་པ། ཆུ་འགགས་དབྱུང་པ། ནད་ཚ་བགྲང་བྱ་བྱེད། ཚད་ནད་ཞི་བྱེད། ཕོ་གླང་ངམ་སྐྲན་དམུ་ཆུ་སེལ་བྱེད། ལྟོ་བ་སྦོས་པ་དང་མ་ཞུ་བ་སེལ་བྱེད། གློ་སྙིང་ནད་སེལ། བྲང་ཚ་སེལ་བ། རླུང་མི་སྐྱེ་བ། མིག་གསལ་བ། རྣ་འོན་སེལ་བྱེད། སྲིད་འཕེལ། ཡིད་འོངས་གྲོགས་འཕྲད། ཞོ་ཆང་ཉེས་བསྲུང་། སྲིས་རྨེ། ཕྱུགས་ཀྱི་ཞོ་སྟེར། གནོད་བྱེད་སྦྱོར་ངན་བཤིག་པ་རྣམས། སྤྱི་ཆིངས་གལ་མདོའི་སྐོར་ཕྱིའི་དཀར་ཆག་ཐེམས་བྱང་ཉི་ཟླའི་པར་བཀབ། མ་འོངས་ལུང་བསྟན་བཀའ་རྒྱའི་སྐོར་ལ་སྤྱི་དོན་དང་པོ་མངའ་བདག་རྒྱལ་པོས་ཞུས་པའི་བསྟན་པ་སྤྱིའི་ལུང་བསྟན། གཉིས་པ་ལྷ་སྲས་ཀྱིས་ཞུས་པའི་གང་ཟག་སྒོས་ལུང་། གསུམ་པ་འཚོ་རྒྱལ་གྱིས་ཞུས་པའི་གནས་སྐབས་ཟིན་ཏིག་དང་། རྗེ་འབངས་ཀུན་གྱི་ཞུས་པའི་འབྲས་ལྗོངས་ཟབ་ལུང་གི་གནད་ཡིག །བཞི་པ་བར་གཅོད་དང་འདྲ་མིན་བདུད་སྤྲུལ་འབྱུང་ཚུལ་ཐོར་བུ་དང་བཅས་པ། ཁྱད་པར་དུ་ལྷ་སྲས་ལ་གལ་པོ་ཆེ་ལ་ཞལ་གདམས་སུ་གནང་བའི་ལུང་བྱང་བྱིན་རླབས་གནས་འགྱུར་གཏེར་གྱི་སྒྲུབ་པའི་སྐོར་གུད་དུ་སྦས་པ། ཐེམས་མེད། དཀར་ཆག་ཐེམས་བྱང་གི་སྐོར་ནང་གི་ཐེམས་བྱང་དཀར་ཆག་པདྨའི་འཕྲེང་བ། གསང་བ་དོན་བསྡུས་ཀྱི་དཀར་ཆག་གུད་དུ་སྦས་པ་རྣམས་སོ། །ཐེམས་མེད། གཉིས་པ་བྱེ་བྲག་བསྐྱེད་རིམ་ལ་དགོས་པའི་ལས་ཚོགས་སྐོར་ལ། རང་གཞན་སྤྱི་ལ་གཅེས་པའི་ཆོས་དྲུག །དངོས་གྲུབ་ལོངས་སྤྱོད་ཀྱི་འབྱུང་གནས་དྲུག །འབྱོར་པ་སྤེལ་བྱེད་ཀྱི་ནོར་སྒྲུབ་དྲུག །རྨང་


GLG003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྲིད་སྤེལ་གྱི་གདམས་པ་དྲུག །རྣོན་པོ་ངར་གདགས་ཀྱི་ཡིག་ཆུང་དྲུག །གནས་སྐབས་རྟེན་འབྲེལ་གྱི་མངོན་ཤེས་དྲུག །འབྲས་བུ་ལོ་ཏོག་ལ་ཕན་བྱེད་དྲུག །ཕན་བྱེད་ལས་ཕྲན་ཀྱི་ཀུན་ཐུབ་དྲུག །སྐྱོབ་བྱེད་བསྲུང་བའི་འཁོར་ལོ་དྲུག །དྲག་པོ་བསྲུང་བཟློག་གི་ལས་དྲུག་དང་བཅུ། དང་པོ་ལ། ཞྭ་ཆོས་རིན་ཅེན་སྤུངས་པ་དཔེ་རིས་དང་བཅས་པ། བསྲུང་འབུམ་རྡོ་རྗེའི་འཕྲེང་བ་ལ་ནང་གསེས་ཀྱི། སྡེ་བརྒྱད་བསྲུང་བ། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་འཛིན་པར་བྱེད་པ། དབང་པོ་གསལ་བ། རིམས། མཚོན། ལྷ་ཁྲོས། ཀླུ། སྐྱེས་བུ། མཛེ། གནོད་སྦྱིན། མ་མོ། སྲིན་པོ། གཤིན་རྗེ། ཐེའུ་བྲང་། མོ་འདྲེ་རྣམས་བསྲུང་བ། སྲིད་འཕེལ། བུར་བསྒྱུར་བ། གསོན་འདྲེ་ཕོ་མོ། གྲེ་བོ་ཕོ་མོ། རེ་འདྲེ། མཛེ་འདྲེ། བཙན། གཟའ། འབྱུང་པོ། རྒྱལ་བསེན། ལྟོགས་འདྲེ། མ་ཡམས། དམ་སྲི། གྲིབ་གནོན། གཏད། བདུད་ཕོ་མོ། ཤ་ཟ། གཉན། ཐབ་གཞོབ། ས་སྲིན། འབྲོག་སྲིན། གག་ལྷོགས་གཟེར་གསུམ། འཐབ་མཁོན། རྒན་སྲི། གཞོན་སྲི། དར་སྲི། དཔེ་ཧར། ཐེའུ་བྲང་སྤུན་དགུ །སྡེ་དཔོན་སུམ་ཅུ། དྲེགས་པ་བཅོ་བརྒྱད། ནད་འཐབ། མནའ། ས་རྡོ་ཤིང་གཉན་གྱི་ཉེས་པ། དུག །མི་ན་དགུ་ན། རྨི་ལམ་ངན་པ། ལྟས་ངན། བསམ་སྦྱོར་ངན་པ། འགོམ་ཆོག །མནན་པ། དབྱེ་བསྐྲད། འདྲེ་ངན། ཁྱིམ་རྐུན། སྲིས་རྐུན། གོད་འདྲེ། འདྲེ་རྒྱུ་སྲད། མེ། ལོ་ཏོག་ལ་འཚེ་བའི་སེམས་ཅན། བྱིས་པ་ངུ་བ། སོ་ནད་ཐོག །སོ་དུག་ཅན། གཅན་གཟན། འབྲུམ་བུ། སྨྱོ་འདྲེ། མི་ཁ། ཁྱི། རྐུན་པོ། ཇག་ཆོམ། བླ་རྡོལ། སང་ལངས། ཕྱུགས་ཀྱི་དགྲ་ཀུན་གཅན་གཟན། ཁམས་འཛག །གཟའ་སྐར་དང་ཚེས་གྲངས་ངན་པ། ཕྱོགས་ངན། འདྲེ་ལྔ། བདུད་


GLG003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད། ཆུ་འདྲེ། ཤྭ་བུང་། འགྲུལ་རྡུར། རེངས་ཤུ་གུད་པ་རྣམས་བསྲུང་བ། སྲོག་ལུས་དབང་ཐང་རླུང་རྟ་བསྐྱེད་པ། དོན་གྲུབ་ཚོང་རྒྱལ། གཡུལ་རྒྱལ། ནོར། གཟའ་བཏུང་། ཞྭ་གོས་རྣམས་འཕེལ་བ། མཛེས་མ་རྒྱན་འཁོར། ས་འོག་ས་སྟེང་ས་བླའི་འབྱུང་པོ་ཀུན་བསྲུང་བ། འབྱུང་བཞིའི་འཁོར་ལོ་རེ། འབྱུང་བཞི་ཀུན་འདུས། རང་བསྲུང་ཏེ་བརྒྱད་རྩ་བརྒྱད། གཞན་དོན་སྒྲོན་མེ་དྲུག་སྐོར་ལ་ནང་གསེས་ཀྱི་ས་དཔྱད་རིན་ཆེན་སྒྲོན་མེ། འཛེ་འཇོམས་སྟོབས་ཀྱི་སྒྲོན་མེ། དུག་འཇོམས་བདུད་རྩིའི་སྒྲོན་མེ། གཟའ་བསྲུང་ཐུགས་ཀྱི་སྒྲོན་མེ་དཔེ་རིས་དང་བཅས་པ། སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ། ཉེས་པ་ཀུན་སེལ་བྱིན་བརླབས་ཀྱི་སྒྲོན་མེ་དང་དྲུག །སྔགས་འབུམ་དགོས་འདོད་ཀུན་འབྱུང་ཞེས་པར་ནང་གསེས་ཀྱི་དྲུག །གཉན་རྒོད་སྤྱི་དང་ཁྱད་པར་འབྲས་བསྐྲངས་ལྷོག །ཡ་མ། གག་ལྷོག་གཟེར་གསུམ་འཇོམས་པ་གཉིས། ཧོན། ཕོ་ནད་མ་ཞུ་བ། གློ་ནད། ནད་བརྒྱ་སྔགས་གཅིག །འབྲས་གནད་གཉན་རིགས་གསོད་ཅིང་སླར་མི་ལྡོག་པ། ཤ་དུག །ཁྱི་རྨུགས་པ། མེས་ཚིག་པ། རྨ་མི་བསྐྲང་བ། ཁྲག་གཅོད། སྤྱང་ཀི་དང་གཅན་གཟན་ཁ་འཆིང་། མེས་ཚིག་པའི་རྨ་གསོ་བ། ཆུ་འགགས། བན་ཀན་སྐྲན་སྲིན་འབུ། གཞང་སྲིན། འབྲུམ་གནད། དྲེག་གནད། རྒྱུ་གཟེར། དམར་བཤལ། དགྲ་ཇག་ཆོམ་རྐུན་རྣམས་བསྲུང་གསོ། རིགས་གསུམ་མགོན་པོའི་བསྲུང་བ། དམག་ཇག་བསྲུང་བ། ཉེས་པ་ཤུན་བསྲུང་། སྔགས་ཀྱི་ནུས་བསྐྱེད་དེ་ལས་རིམ་སུམ་ཅུ། ཟླ་ཚེས་ཀྱི་རེའུ་མིག་ལིང་ཚེ་སུམ་བརྒྱ་དྲུག་ཅུ་པ། ཚེས་གྲངས་གཟའ་སྐར་དུས་རྩིས་ཀྱི་དང་པོ་ཌཱ་ཀི་དུས་སྦྱོར་གྱི་རྩིས་དཔེ་རིས་དང་བཅས། ཐེམས་མེད། ལྡན་འབྲས་བཟང་ངན་ཤན་འབྱེད་རིན་པོ་ཆེའི་སྤུར་ལེན་རྣམས། གཉིས་


GLG003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པ་དངོས་གྲུབ་ལོངས་སྤྱོད་འབྱུང་གནས་དྲུག་ལ། བཅུད་ལེན་སྙིང་པོ་བསྡུས་པ་ལ་ནང་གསེས་ཀྱི་གཏུམ་པོ། ཅུང་ཞི་གཟའ་ཐབས་ལས་ཚོགས་དང་བཅས་པ། ས་ཞག །ཚན། བྱེ་མ། དབང་ལག །འོམ་བུ། དྲི་ཆེན། ཨུཏྤལ། ཆུ། རྡོ། གླང་སྣ། སྤང་རྒྱན། བདུད་རྩི་ཝ་ཆུ་འཇིབ་པའི་བཅུད་ལེན་རྣམས། དཀའ་ཐུབ་གདམས་པ་རོ་སྙོམས་ཁྱབ་གདལ། ཐོད་པ་བརྟག་ཚུལ་གནོད་སྦྱིན་ནོར་ལེན་དཔེ་ཆུང་དང་བཅས་པ། ཐོད་པ་བརྟག་ཚུལ་ཡིད་བཞིན་བང་མཛོད། འཆི་བརྟག་རྣམ་གསུམ་དུས་ཀྱི་སྒྲོན་གསལ་ཤོག་ཁྲ་དང་བཅས་པ། འཆི་མེད་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་རྣམས། གསུམ་པ་སྦྱོར་བ་སྤེལ་བྱེད་ནོར་སྒྲུབ་དྲུག་ལ། ལྷའི་ནོར་སྒྲུབ་མཛད་མེད་གཏེར་འབུམ། ཀླུའི་ནོར་སྒྲུབ་ཆུ་བོ་ལག་འགུལ། གནོད་སྦྱིན་གྱི་ནོར་སྒྲུབ་ནེའུ་ལེའི་རྐྱལ་བ། གཞི་བདག་གི་ནོར་སྒྲུབ་སྙིང་འགུལ་ལྕགས་ཀྱུ། སྐྱེས་བུའི་ནོར་སྒྲུབ་རྐུན་མ་ངོས་ལེན། རྫས་ཀྱི་ནོར་སྒྲུབ་དབང་གི་རྒྱལ་པོ་རྣམས། བཞི་པ་རྨང་པོ་སྲིད་སྤེལ་གྱི་ལས་དྲུག་ལ། སྲིད་འབེབས་ལྷའི་བུ་ལོན་དཔེ་རིས་དང་བཅས་པ། སྲིད་འཚོ་ལྕགས་ཀྱི་བུམ་པ་དཔེ་ཆུང་དང་བཅས་པ། སྲིད་ཀྱི་བགེགས་སོ། མདུང་གྲོལ། སྲིད་བསྲུང་གཡུང་དྲུང་འཁྱེར་བ་དཔེ་རིས་དང་བཅས་པ། སྲི་གནོན་བཅོག་བརྡུངས་ནག་པོ་སྲིའུ་ཚང་བཟློག་ཤ་ཟ་གཅིག་རྒྱུགས་རྣམས། ལྔ་པ་རྣོན་པོ་ངར་འདོགས་ཀྱི་ཡིག་ཆུང་དྲུག་ལ། བློ་འཕེལ་ཤེས་རབ་རལ་གྲི་དཔེའུ་རིས་རྗེས་གནང་གི་ཡི་གེ་དང་བཅས་པ། སྐད་སྨན་པདྨ་དཀར་པོ་ཚངས་པ་ལྷའི་གནྡྷ་ལོག་གནོན་དང་བཅས་པ། མིག་སྨན་ལོང་བ་རྒྱུན་གཅོད་ལས་ཁ་བསྒྱུར་དང་བཅས་པ། ངག་གྲོལ་ཡེ་ཤེས་འོད་འཕྲོ། གཉིད་སྐྲོག་མ་རིག་མུན་སེལ། བཟླས་བརྗོད་ནུས་པ་སྟོབས་འབྱིན། ཞར་བྱུང་


GLG003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་མནན་ལས་གྲོལ་བ། བཅིངས་པ་འགྲོལ་བ། བསྡམས་པ་གཅོད་པ། ངག་དབང་། མཐུ་བསྐྱེད། དཔལ་གསོ། ངར་བླུད། སྤུ་གྲི་གདགས་པ། དུག་བསྐུ་བ། ཐོག་མར་བྱ་བ། ནོར་འཁྲུལ་སྐྱོན་སེལ། ངག་འགྲོལ་འཛུལ་ཆོག་སྟེ་བཅུ་གཉིས་ཡིག་སྣ་དཔེ་ཆུང་དང་བཅས་པ་རྣམས། དྲུག་པ་གནས་སྐབས་རྟེན་འབྲེལ་མངོན་ཤེས་དྲུག་ལ། རྨི་ལམ་བཟང་ངན་བརྡ་བརྟག །རྣ་སྒྲོགས་ཁྱེའུ་ཆུང་དཀར་པོའི་སྒྲུབ་ཐབས་ཡིག་ཆུང་དཔེ་རིས་དང་བཅས་པ། སྨན་གྱི་ལྷ་མོའི་སྒྲུབ་ཐབས་གསལ་བྱེད་འཕྲུལ་གྱི་མེ་ལོང་། མིག་མཐོང་མིག་གི་སྣང་གསལ་ཉི་ཟླའི་སྒྲོན་མེ། སྣང་གསལ་མར་མེའི་བརྟག་པ་འོད་འབར། པྲ་འབེབས་རྐུན་མ་ངོས་འཛིན་རྣམས། བདུན་པ་འབྲས་བུ་ལོ་ཏོག་ལ་ཕན་བྱེད་དྲུག་ལ། ཆར་འབེབས་བདུད་རྩིའི་བུམ་ཆུང་། དེའི་ལྷན་ཐབས་ཡིག་ཆུང་། ཐེམས་མེད། འཕགས་པ་སྤྲིན་ཆེན་མོའི་མདོ་དང་བཅས་པ། རླུང་གནོན་རི་རབ་འོད་འཕྲོ། སད་བསྲུང་ནཱ་ག་འབྲུག་སྒྲོག །སེར་གཅོད་མེའི་པྲ་ཏྲ། བཙའ་བསྲུང་རྡོ་རྗེ་ཕ་ལམ། འབུ་བསྲུང་གདུག་པ་ཁ་སྒྱུར་རྣམས། བརྒྱད་པ་ཕན་བྱེད་ལས་ཕྲན་གྱི་ཀུན་ཐུབ་དྲུག་ལ། ཕྱོགས་ངན་གནོད་བྱེད་ཀུན་ཐུབ། སྡེ་བརྒྱད་འདྲེ་ངན་ཀུན་ཐུབ། འགོ་ནད་ཡམས་རིམས་ཀུན་ཐུབ། ངན་སྔགས་ཡིག་སྣ་ཀུན་ཐུབ། གུད་དུ་སྦས་པ་ངན་སྔགས་བཤིག་པའི་འཁོར་ལོ། ཐེམས་མེད། ཐོད་ངན་ནག་པོ་ཀུན་ཐུབ། སྣ་ཚོགས་རྫས་ངན་ཀུན་ཐུབ་རྣམས། ཀུན་ཐུབ་དྲུག་གི་འཁོར་ལོ་བྲི་བའི་ཡིག་ཆུང་དཔེ་རིས་དང་བཅས་པ། ཐེམས་མེད། དགུ་པ་སྐྱོབ་བྱེད་བསྲུང་བའི་འཁོར་ལོ་དྲུག་ལ། སྡེ་བརྒྱད་ཀྱི་གདོང་གཏད་བསྲུང་བ། ལུས་ཕྱི་ནང་གི་སྲོག་ཆགས་བསྲུང་བ། རྟ་ཕྱུགས་ཀྱི་འཚེ་བ་བསྲུང་བ། གཡུལ་ངོའི་མཚོན་ཆ་བསྲུང་བ། འཇིགས་པ་བརྒྱད་ལས་བསྲུང་བ། གནོད་བྱེད་གོད་ཁ་བསྲུང་


GLG003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་དཔེའུ་རིས་རེ་དང་བཅས་པ། ཐེམས་མེད། བཅུ་པ་དྲག་པོ་བསྲུང་བཟློག་གི་ལས་དྲུག་ལ། བསྲུང་བ་རྡོ་རྗེའི་གོ་ཆ། འཁོར་ལོ་ལ་བྲི་བའི་སྔགས་རྣམས་གཏེར་སྟོན་གྱིས་དཀྱུས་སུ་བཀོད་པ་གུད་དུ་སྦས་པ། ཐེམས་མེད། བཟློག་པ་རལ་གྲིའི་འཁོར་ལོ། དེའི་ཡིག་ཆུང་དཔེ་རིས་དང་བཅས་པ། ཐེམས་མེད། གསད་པ་ལས་ཀྱི་སྤུ་གྲི། མནན་པ་འཁོར་ལོ་ནག་པོ། དེའི་ཡིག་ཆུང་དཔེ་རིས་དང་བཅས་པ། ཐེམས་མེད། སྨྱོ་བྱེད་སྙིང་འཆུས་དམར་པོ། གཤིན་རྗེ་ཆར་ཀ་ནག་པའི་བྱོལ་ཟོར་དགྲ་འདུལ་ཟོར་ལས་གནམ་ལྕགས་ཐོག་མདའ་ཡེ་ཤེས་ལྷ། ཐེམས་མེད། ཕོ་བརྒྱུད་མོ་བརྒྱུད་ཀྱི་ཆད་པ་བཟློག་པའི་འཁོར་ལོ། དུག་གསུམ་འཁོར་ལོ། ཐེམས་མེད། དཀྱིལ་འཁོར་གྱི་དཔེ་རིས་དང་བཅས་པ་རྣམས། གསུམ་པ་ཁྱད་པར་ཡང་ཟབ་མཁའ་འགྲོའི་སྐོར་ལ་སྒྲུབ་པ། ལས་ཚོགས། རྒྱབ་ཆོས་དང་གསུམ། དང་པོ་སྒྲུབ་པ་ལ་དྲུག །ཕྱི་སྒྲུབ་ལུས་དཀྱིལ་འཁོར་ལོ། སྲོག་སྒྲུབ་རྩ་བའི་འཁོར་ལོ། རྐྱང་སྒྲུབ་ལས་ཕྲན་ཐོར་བུ། དེའི་ཡིག་ཆུང་གཉིས་མེད་ཞལ་སྦྱོར་གྱི་འཁོར་ལོ་བྲི་ཐབས། ཐེམས་མེད། ཐོད་རྒལ་ཡབ་ཡུམ་དྲིལ་སྒྲུབ། ཐུགས་སྒྲུབ་གའུ་ཁ་སྦྱོར། མཐར་ཐུག་དོན་གྱི་སྒྲུབ་པ་རྣམས། གཉིས་པ་ལས་ཚོགས་ལ། གསུམ་ཚན་དྲུག་དང་། སྐོར་ཚོ་དྲུག་སྟེ་གཉིས། དང་པོ་ནི། མཚན་འབུམ་ཕྱི་ནང་གསང་གསུམ་སྐུ་གསུམ་ལམ་གྱི་སྒྲོན་གསལ། འགུགས་སྔགས་ཕྱི་ནང་གསང་གསུམ་པདྨའི་ཞགས་པ། བསྟེན་ལུགས་ཕྱི་ནང་གསང་གསུམ་པདྨའི་སྲོག་འཛིན། རྡོ་རྗེའི་ཞགས་པ། འདྲ་མིན་ཕྱི་ནང་གསང་གསུམ་གསལ་བྱེད་འཕྲུལ་གྱི་གབ་རྩེ། སྐྱོན་སྤོང་ཕྱི་ནང་གསང་གསུམ་སྙིང་གི་ཐུར་མ། དེ་ཉིད་ཕྱི་ནང་གསང་གསུམ་འགག་དོན་བསྡུས་པ་གསལ་བའི་མདོ་འཛིན་རྣམས། གཉིས་པ་སྐོར་ཚོགས་དྲུག་ལ། ཌཱ་ཀིའི་སྲོག་འདྲེན་


GLG003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གནད་འབེབས་ཀྱི་སྐོར། འབྱུང་བཞི་དབང་སྡུད་གྲུབ་རྟགས་སྐོར། གནས་སྐབས་རྟེན་འབྲེལ་མོ་རྩིས་སྐོར། བར་གཅོད་རྐྱེན་སེལ་བསུན་བཟློག་སྐོར། སྡིག་སྒྲིབ་ནད་སེལ་སྐོར། དགྲ་བགེགས་བདུད་འདུལ་ཡིག་སྣའི་སྐོར་དང་དྲུག །དང་པོ་ལ། ནང་གསེས་ཀྱིས་འགྱངས་པ་འཁུ་བ། ལས་མི་གྲུབ་པ། ཆོ་འཕྲུལ། འབྱམས་པ། ཕར་དབང་དུ་གྱུར་པ། ཐུན་མོང་གི་དངོས་གྲུབ་ལ་ཤོར་བ། ཉམས་ཆགས་ཀྱིས་འཁྲུག་པ། འཇིག་རྟེན་མཁའ་འགྲོས་འཚེ་བ། ཕར་བསྔགས་པ་ཚུར་བཟློག་པ། ལས་ལོག་གི་རྐྱེན། འགྲུབ་འགྲུབ་འདྲ་ལ་གཡེལ་བ། རྒྱུག་རྒྱུག་འདྲ་ལ་འགྱངས་པ། གཏོར་ཚོགས་ལ་མི་འདུ་བ། དངོས་གྲུབ་སྟེར་སྟེར་འདྲ་ལ་སྦེད་པ། ནང་དུ་མཆོག་གི་ལྟས་ལ་ཐུན་མོང་ཙམ་ཡང་མི་འགྲུབ་པ། འགྲོ་བ་མི་འདུ་བྱུར་ཁ་གཡོགས། འཁོར་དང་ཕྱག་རྒྱ་ཕྱིར་འགྱེས་པ། བསམ་པ་མི་གྲུབ་ཅིང་ཉེས་པ་སྣ་ཚོགས་འབྱུང་བ། ལས་གང་སྒྲུབ་འགགས་པ། འཁུ་འཁྲིག་དང་ཉེར་གཅིག །གཉིས་པ་འབྱུང་བཞི་དབང་སྡུད་སྒྲུབ་རྟགས་སྐོར་ལ། ནམ་མཁའ་དབང་དུ་བསྡུས་ནས་གྲུབ་རྟགས་རང་སེམས་ལ་དབང་འབྱོར་བ། འབྱུང་བ་གཞན་བཞི་སྤྱི་མཉམ་དང་བཅས་པར་ཕྱི་དངོས་ཅན་རྫས་ནང་དངོས་མེད་དམིགས་པ། གསང་བ་ཟུང་འཇུག་སྔགས་གསུམ་ལ་བརྟེན་ནས་སའི་གྲུབ་རྟགས་མི་གཡོ་བ། ས་འདུལ་བ། མི་ཤིས་པ་ཤིས་པར་བསྐྱུར་བ། ས་རྡོའི་ལས་ཐམས་ཅད་བགེགས་མེད་དུ་འགྲུབ་པ། གདོན་འབྲོས་ཤིང་ནད་གསོ་བ་སོགས་པའི་དངོས་གྲུབ། ཆུ་བརྟོལ། ཤྭ་བུད་བཟློག་པ། འཚེ་བ་མེད་ཅིང་ལུས་སྟོབས་རྒྱས་པ། ནད་གསོ་བ། དོན་འགྲུབ་པ། ཆུའི་ལས་གང་ཡང་ཡིད་བཞིན་འགྲུབ་པའི་དངོས་གྲུབ། མེའི་གནོད་པ་བཟློག་པ། ལས་ལ་བཀོལ་བ། སྒྲིབ་པ་སྦྱར་བ། དབང་དུ་འདུ་བ་སོགས་མེའི་དངོས་གྲུབ། རླུང་གིས་གནོད་པ་བཟློག་པ།


GLG003_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པ། བཀོལ་བ། རླུང་གིས་བྱིན་གྱིས་བརླབས་པ་སོགས་རླུང་གིས་དངོས་གྲུབ། འབྱུང་བ་སྤྱི་མཉམ་ལ། ཡུལ་ཁམས་བདེ་ཞིང་འཚེ་བ་དང་བྲལ་བ། ཁ་འཐོར་གྱི་ལས། འཆི་བར་ཉེ་བའི་ཚེ་རིག་པ་མཆོག་གི་གདུང་སྒྲུབ་པ་རེག་གྲོལ། མིག་གིས་མངོན་ཤེས། ཡེ་ཤེས་ལྔའི་མཐོང་སྣང་འཆར་བ། གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་སྣ་ཚོགས་འཆང་བ། བྱེ་བྲག་གཟུང་མར་བརྟེན་པའི་འདོད་ཡོན་ལྔ། འཁོར་བ་མི་འཕེལ་བ། གཉེར་མ་མེད་པ། གཞོན་ཤ་ཆགས་པ། སྲིའུ་སྐྱེ་བ། བདེ་དྲོད་འབར་བ། སྐུ་གཟུགས། མཆོད་རྟེན། འཇའ་ཚོན་བྱུང་བ། དུད་འགྲོས་སྐོར་བ་བྱེད་པ། ཁྱི་མི་ཡོང་པ། ཇག་འཆིང་། མཚོན་བསྲུང་། སྒྲིབ་ཤིང་། ནོར་འདུ་བ། ཆར་འབེབས་རྣམས་དཔེ་རིས་དང་བཅས་པ། གསུམ་པ་གནས་སྐབས་རྟེན་འབྲེལ་མོ་རྩིས་ཀྱི་སྐོར་ལ། རིན་ཅེན་སྒྲོམ་བུ་ཞེས་པ་རྟེན་འབྲེལ་བརྟག་པ་དང་མཁའ་འགྲོ་ལྔ་སྐོར་གྱི་མོ་དང་བཅས་པ། བཞི་པ་བར་གཅོད་རྐྱེན་སེལ་བསུན་བཟློག་གི་སྐོར་ལ། བསུན་བཟློག་ཆེན་པོ་སྤྱི་དོན་བརྒྱད་པ། འབྲིང་པོ། བསྡུས་པ། ཤིན་ཏུ་བསྡུས་པ་དང་བཅས་པ། ལྔ་པ་སྡིག་སྒྲིབ་ནད་སེལ་གྱི་སྐོར་ལ། གྲིབ་སིལ་ཆེན་མོ་སྤྱི་དོན་བདུན་པ། བསྡུས་པ་དང་། ཤིན་ཏུ་བསྡུས་པ། གྲིབ་བསྲུང་འཁོར་ལོ། དེ་རྣམས་ཀྱི་དཔེ་རིས། དེ་དག་ལ་གནད་དུ་ཆེ་བ་ལྷན་ཐབས་མདོས་ཀྱི་གླུད་འཕྱོང་དང་བཅས་པ། དྲུག་པ་དགྲ་བགེགས་བདུད་འདུལ་ཡིག་སྣའི་སྐོར་ལ། དགྲ་དཔུང་བཤིག་པའི་ལས་སྲོག་འཕྲོག །འཁུ་འཁྲིག་སློང་བ། དབྱེ་བ། བསྐྲད་པ། གཏད་པ། དབང་པོ་ཉམས་པ། མངའ་ཐང་ལོངས་སྤྱོད་འཛོམས་པ། སྟོབས་དང་གཟི་བརྗིད་བསོད་ནམས་འཕྲོག་པ། ནུས་པ་བཤིག་པ། བརྡབ་བསྣོལ་གཏོང་བ་སྟེ་བཅུ། བརྡབ་བསྣོལ་འདི་ལ་


GLG003_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ང་གསེས་ཀྱིས་ལུས་རེངས་བྱེད། ངག་ལྐུགས་བྱེད། ཡིད་རྨུགས་བྱེད། མིག་ལོང་བ། རྣ་བ་འོན་པ། ཡན་ལག་འགུམ་པ། དགྲ་ཕྲད། གཉེན་འབྲལ། དོན་མི་འགྲུབ་པ། མི་ཁ་སྡང་བ། ཟས་མི་རྙེད་གོས་དང་བྲལ་བ། རྐུན་སྣ་ཟུག་པ། ཡིད་དུ་མི་འོང་བ། རྒྱུན་དུ་བོར་སྟོར་འོང་བ། ངག་ཅལ་ཅོལ་སྨྲ་བ། ཟག་པ་མི་ཐུབ་པ། རྨི་ལམ་འཁྲུགས་པ། རྒྱུན་དུ་གཉིད་འཐེབ་བླ་རྡོལ་སྨྲ་བ། མ་ཉེས་ཁ་གཡོགས་འོང་བ། གོད་ཁ་འོང་བ་སྟེ་ཉེར་གཅིག །བགེགས་འཇོམས་ཀྱི་ཡིག་སྣ་འདུལ་བ། བསྒྲལ་བ། བསྐྲད་པ། ཁ་སྤོ་ཞིང་ཟ་ལམ་བསྟན་པ། ཉེར་མི་འཇུག་པ། དགུག་ཅིང་བརྡུང་པ། བྲན་ཏུ་འཁོལ་བ་སྟེ་བདུན། བདུད་ཚོགས་འདུལ་བར་དངོས་དང་སྤྲུལ་པ་གཉིས་སུ་འབྱུང་བའི། སྤྱིར་བསྟན་པའི་བདུད། གཟུགས་སྒྲ་དྲི་རོ་རེག་བྱའི་སྒོ་ནས་འདུལ་བ། བྱེ་བྲག་རྣལ་འབྱོར་པའི་ཆོས་སྤྱོད་ལ་འཚེ་བའི་བདུད་དྲན་ཤེས་ཀྱིས་འདུལ་བ། ཁྱད་པར་སྒྲུབ་པ་སོགས་གང་དང་གང་ལ་གནོད་པའི་བདུད་རྐུན་པོ་ངོས་གཟུང་གི་སྒོ་ནས་འདུལ་བ། གནོད་བྱེད་ལན་ཆགས་བདུད་གཏོར་མ་སྔགས་དང་ཏིང་འཛིན་གྱིས་འདུལ་བ་དང་བཞི། དེ་དག་ལ་གནད་ཆེ་བ་ལས་ཀྱིས་ཌཱ་ཀིའི་རྗེས་གནང་གི་ཡི་གེ་རྣམས། ཐེམས་མེད། གསུམ་པ་རྒྱབ་ཆོས་དྲུག་ལ། བྱིན་བརླབས་དབང་གིས་ཆོ་ག་བདུད་རྩིའི་ཐིགས་པ། དམ་ཚིག་བསྲུང་ཚུལ་རྣམ་བཤད་ལས་རིམ་བཅུ་པ། ཌཱ་ཀིའི་འགྱུ་གནས་བཤད་པ། འཕྲིན་ལས་ཚོགས་མཆོད་བསྡུས་པ་ལས་བྱང་པདྨོའི་ཟེའུ་འབྲུ། སྐྱོན་ཡོན་རྣམ་བཤད་དྲ་བ་རྒྱན་གྱི་འཁོར་ལོ། བཟང་ངན་བརྟག་ཚད་རྣམ་གཉིས་འཕྲུལ་གྱི་མེ་ལོང་རྣམས། བཞི་པ་རྩ་གསུམ་སྤྱི་དྲིལ་གནད་དུ་གདམས་པའི་ལས་ཚོགས་དབང་སྡུད་ཀྱི་སྐོར་ལ། རྩ་བ་དང་ཡན་ལག་གཉིས་


GLG003_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི་དབང་སྡུད་ཐམས་ཅད་ཀྱི་ཐོག་མར་རང་ཉིད་དབང་དུ་བྱ་བ། གཉིས་པ་ཡན་ལག་ལ། ཁྱད་པར་དང་ཐུན་མོང་གཉིས། དང་པོ་ལ། དར་སྣ་ལ་བརྟེན་ནས་ཡི་དམ་དབང་དུ་བྱ་བ། རྐང་གླིང་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བྱ་བ། གྲི་སྙིང་ལ་བརྟེན་ནས་ཆོས་སྐྱོང་དབང་དུ་བྱ་བ། ཤེལ་འཕྲེང་ལ་བརྟེན་ནས་ཡུལ་ལྷ་དབང་དུ་བྱ་བ། ཉ་ཕྱིས་ལ་བརྟེན་ནས་ཀླུ་དབང་དུ་བྱ་བ། ཕ་ཝང་ལོང་བུ་ལ་བརྟེན་ནས་མི་མ་ཡིན་དབང་དུ་བྱ་བ་དང་དྲུག །གཉིས་པ་ཐུན་མོང་ལ། བླ་མཆོད། སྦྱིན་བདག །ལོངས་སྤྱོད་དབང་དུ་བྱ་བ་དང་གསུམ། དང་པོ་ལ། རྡོ་རྗེ་དྲིལ་བུ་ལ་བརྟེན་ནས་བླ་མ་དབང་དུ་བསྡུ་བ། ལྷུང་བཟེད་ལ་བརྟེན་ནས་དགེ་བཤེས་དབང་དུ་བསྡུ་བ། ལྕགས་ཕུར་ལ་བརྟེན་ནས་སྔགས་པ་དབང་དུ་བསྡུ་བ། གའུ་ལ་བརྟེན་ནས་རིག་བྱེད་པ་དབང་དུ་བསྡུ་བ། འཕྲེང་བ་ལ་བརྟེན་ནས་བཙུན་པ་དབང་དུ་བསྡུ་བ། གླིང་བུ་ལ་བརྟེན་ནས་བོན་པོ་དབང་དུ་བསྡུ་བ་དང་དྲུག །གཉིས་པ་སྦྱིན་བདག་དབང་དུ་བསྡུ་བ་ལ། འཁོར་ལོ་ལ་བརྟེན་ནས་རྒྱལ་པོ་དབང་དུ་བསྡུ་བ། གཡུ་འཕྲེང་ལ་བརྟེན་ནས་བཙུན་མོ་དབང་དུ་བསྡུ་བ། འབྲུ་སྣ་ལ་བརྟེན་ནས་བློན་འབངས་དབང་དུ་བསྡུ་བ། འཕྱར་དར་ལ་བརྟེན་ནས་མི་དཔོན་དབང་དུ་བསྡུ་བ། མདའ་དར་ལ་བརྟེན་ནས་སྐྱེས་པ་དབང་དུ་བསྡུ་བ། མེ་ལོང་ལ་བརྟེན་ནས་མོ་བཙུན་དབང་དུ་བསྡུ་བ་དང་དྲུག །གསུམ་པ་ལོངས་སྤྱོད་དབང་དུ་བསྡུ་བ་ལ། སྦ་ལྕགས་ལ་བརྟེན་ནས་ཡུལ་ཁམས་དབང་དུ་བསྡུ་བ། ཅང་ཏེའུ་ལ་བརྟེན་ནས་ཁྲོམ་དབང་དུ་བསྡུ་བ། ཚོང་དཔོན་གྱི་སྲིན་ལག་ལ་བརྟེན་ནས་ནོར་བུ་དབང་དུ་བསྡུ་བ། ཐོད་པ་ལ་བརྟེན་ནས་ཟས་དབང་དུ་བསྡུ་བ། རིན་པོ་ཆེའི་ཟ་མ་ཏོག་ལ་བརྟེན་ནས་ལོངས་སྤྱོད་དབང་དུ་


GLG003_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བ། གླང་པོ་ཆེའི་མཆེ་བ་ལ་བརྟེན་ནས་དུད་འགྲོ་དབང་དུ་བསྡུ་བ་དང་དྲུག་རྣམས། ལྔ་པ་ཡེ་ཤེས་དབྱིངས་སུ་བསྐྱེད་བྱེད་རྫོགས་རིམ་གྱི་སྐོར་ལ། དབང་པོ་རབ་ཀྱི་དོན་དུ་མན་ངག་རྫོགས་པ་ཆེན་པོ་གསེར་གྱི་ཡང་ཞུན་ཤེལ་གྱི་བུམ་པ་ཐེག་དགུའི་ཡང་རྩེ་གྲུབ་མཐའ་ཐམས་ཅད་ཀྱི་ཞེ་ཕུགས་གཏན་ལ་དབབ་པ། དབང་པོ་འབྲིང་གིས་དོན་དུ་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོ་སྐུ་གསུམ་ལྷུན་གྲུབ་ཐེག་པ་ཀུན་གྱི་དོན་གཏན་ལ་ཕབ་པ། དབང་པོ་ཐ་མའི་དོན་དུ་ཤེར་ཕྱིན་གྱི་ཟབ་དོན་ཁུལ་དུ་ཕྱུང་བ་རྣམ་རྟོག་ཐོག་རྫས་བདུད་ཀྱི་སྤྱོད་ཡུལ་ཉོན་མོངས་ལམ་སློང་གི་གདམས་པ། གང་ཟག་ཆགས་ཆེན་གྱི་དོན་དུ་སྔགས་བླ་མེད་ཀྱི་དགོངས་བཅུ། བསྐྱེད་རྫོགས་ཟུང་འཇུག་གི་ལམ་འབྲས་བུར་བཅས་པའི་གྲོལ་བྱེད་མཁའ་འགྲོའི་སྲོག་སྙིང་རྩ་རླུང་རྡོ་རྗེའི་དྲ་མིག །རྫོགས་རིམ་ཐོར་བུའི་སྐོར་དང་ལྔ། དང་པོ་ལ་མ་བུ་གཉིས། དང་པོ་མ་ལ་ལྔ་སྟེ། འཁྲིད་གཞུང་ཆེན་མོའི་དོན་གསལ་སྒྲོན་མེ། རིགས་དྲུག་གནས་སྦྱོར་འཁོར་བ་དོང་སྤྲུག །འཁྲིད་གཞུང་གི་རྒྱབ་ཡིག་ཁྲེགས་ཆོད་གདམས་པ་རྒྱ་མཚོ་གློང་ཡངས། ཐེམས་མེད། དགའ་རབ་རྡོ་རྗེའི་དགོངས་དོན་རྡོ་རྗེ་སེམས་དཔའི་དམིགས་དྲུག །ངོ་འཕྲོད་ལག་འཁྲིད་གབ་པ་མངོན་འཕྱུང་མུ་སྟེགས་ཕྲེང་བ། བར་དོའི་གདམས་པ་ཉོན་མོངས་འཇིགས་སྐྱོབ། ཚོད་འཛིན་རྟགས་ཚད་ཉམས་མྱོང་དམར་འཁྲིད། གུད་དུ་སྦས་པ་རྟགས་ཀྱི་ཡི་གེ་དམར་ཆུར་སྙིང་ཚིལ་རྣམས། ཐེམས་མེད། གཉིས་པ་བུ་ལ་དྲུག །ཉམས་ལེན་རྒྱུན་ཁྱེར་ཉིན་མཚན་རྣལ་འབྱོར་བསྟན་པ། དེའི་ལྐོག་ཡིག་ཚ་བ་དམར་ཐག་མུན་པའི་རྣལ་འབྱོར་ཨར་གཏད་གནད་ཡིག་དང་འབྲེལ་བ། ཐེམས་མེད། གསང་སྐོར་སྙིང་དགོངས་ལུས་ཀྱི་རྣམ་གཞག་སྤྱི་སྡོམ་དམར་འཁྲིད་དང་བཅས་པ། གོལ་


GLG003_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཅོད་པ་བགེགས་སེལ་སྙིང་བྱང་། རང་གྲོལ་བཏགས་གྲོལ་དཀར་པོ་ཆིག་ཐུབ་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་གསང་བར་སྤྱོད་པ་ས་བོན་གྱི་རྒྱུད་ལེའུ་བདུན་པ་དབང་དང་བཅས་པ། དེའི་ཙཀྲ་བྲི་བའི་ཡིག་ཆུང་དཔེའུ་རིས་དང་བཅས་པ། ཐེམས་མེད། བཏགས་གྲོལ་གྱི་མན་ངག་སྟོན་པ་རྡོ་རྗེ་འཆང་གིས་གསུངས་པའི་དུས་གནད་ངེས་པ་ཨོ་རྒྱན་རིན་པོ་ཆེས་མཛད་པའི་སྤྱི་དོན་བཅུ་པ། ཐེམས་མེད། གཞན་དོན་མཐོང་གྲོལ་འཁོར་བ་སུན་འབྱིན། དེའི་ཙཀྲ་བྲི་བའི་ཡིག་ཆུང་དཔེའུ་རིས་དང་བཅས་པ། ཐེམས་མེད། རྒྱབ་ཆོས། སྤྱི་སྡོམ་དགོངས་དོན་འདུས་པ་རྣམས། གཉིས་པ་དབང་པོ་འབྲིང་གི་དོན་དུ་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོ་སྐུ་གསུམ་ལྷུན་གྲུབ་ཐེག་པ་ཀུན་གྱིས་དོན་གཏན་ལ་ཕབ་པའི་སྐོར་ལ་མ་བུ་གཉིས། དང་པོ་མ་ལ་བཞི། སྔོན་འགྲོ་ཚོགས་གཉིས་མཐར་ཕྱིན་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག །སྔོན་འགྲོའི་ལྷན་ཐབས་ཉི་ཟླའི་བར་བཀབ། ཐེམས་མེད། དངོས་གཞི་ཉམས་ལེན་མཁན་པོ་རྩད་གཅོད་སྤྲ་འཁྲིད་དོན་གསལ་སྒྲོན་མེ། དེའི་ལྷན་ཐབས་ལྐོག་ཡིག་ཚ་བ་དམར་ཐག །ཐེམས་མེད། རྗེས་ཀྱིས་གདམས་པ་ངོ་སྤྲོད་གསལ་འདེབས་སྣ་ཚོགས་རང་གྲོལ། གཞི་རྫོགས་གཅིག་དྲིལ་སྐུ་གསུམ་ངོ་སྤྲོད་སྣང་སྲིད་རྒྱས་འདེབས་རྣམས། གཉིས་པ་བུ་ལ་བདུན། ལྟ་སྒོམ་སྤྱོད་འབྲས་འཛིན་པ་རང་ཡན། དེའི་ཡིག་ཆུང་ལྷན་ཐབས། ཐེམས་མེད། རྒྱུན་ཁྱེར་ཉམས་ལེན་དཔེ་དོན་ཟུང་འབྲེལ་གོལ་ས་སུན་འབྱིན། ངོ་སྤྲོད་བགེགས་སེལ་བདུད་རྩིའི་ཟིལ་པ། བོགས་འདོན་ལ་ཟླ་ཤེལ་མཆོད་རྟེན། མཐར་ཐུག་བསྲེ་འཕོ་སྒྱུ་མ་གསུམ་ཁུག །རྒྱབ་ཆོས་ལུང་རིག་རིན་ཅེན་སྒྲོམ་བུ། སྤྱི་སྡོམ་གྲུབ་མཐའ་གནད་ཀྱི་ཟིན་ཏིག་དོན་གསལ་ཐུགས་ཀྱི་ནོར་བུ། ཀློངས་ཡངས་མཐའ་བྲལ་གྱི་


GLG003_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་རིམ་གསུང་རྒྱུན་རྣམས། ཐེམས་མེད། གསུམ་པ་དབང་པོ་ཐ་མའི་དོན་དུ་ཤེར་ཕྱིན་གྱི་ཟབ་དོན་ཁོལ་དུ་བྱུང་བ་རྣམ་རྟོག་ཐོག་བརྫིས་བདུད་ཀྱི་གཅོད་ཡུལ་ཉོན་མོངས་ལམ་སློང་གི་སྐོར་ལ་མ་བུ་གཉིས། དང་པོ་མ་ལ་ལྔ། སྔོན་འགྲོ་ཤན་འབྱེད་བྱེ་བྲག་རྣམ་སེལ་ནམ་མཁའི་དཀོར་མཛོད། དངོས་གཞི་ཉམས་ལེན་སྟན་ཐོག་གཅིག་མ་འོད་གསལ་ནམ་མཁའི་སྙིང་པོ། རྫས་ཀྱིས་གདམས་པ་ལོག་གནོན་གཟེར་བུ་ནམ་མཁའི་མེ་ཏོག །ལྷོངས་ཚད་ཚར་ཚད་ཚོད་འཛིན་ཤན་འབྱེད་ནམ་མཁའི་རྒྱན། བདུད་བཞི་ངོས་འཛིན་ཐུགས་ཕྲད་རང་གྲོལ་ནམ་མཁའི་རླུང་། དེའི་ལྐོག་ཡིག་བདུད་བཞི་ངོས་འཛིན་དང་བཅས་པ་རྣམས། ཐེམས་མེད། གཉིས་པ་བུ་ལ་བདུན། ངོ་སྤྲོད་ལམ་འཁྱེར་འཕྲུལ་གྱི་དུམ་བུ་ནམ་མཁའི་བཅུད་ཕུར། གང་ཤར་རོ་སྙོམས་རྟོགས་པ་ལམ་འཁྱེར་ནམ་མཁའི་མེ་ལོང་། ཉམས་མྱོང་རྒྱུན་འཁྱེར་ནམ་མཁའི་སྙིང་པོ། དགའ་དྲོད་གོལ་ས་བདུད་འཁྱེར་གེགས་སེལ་ནམ་མཁའི་ཐོག་ཅན། སྤྱོད་ཀྱི་གཟའ་གཏད་ཟབ་མོ། ཐེམས་མེད། མན་ངག་ཐོར་བུ་དམིགས་སྐོར་གནད་གདམས་ནམ་མཁའི་ཆར་རྒྱུན། སྒྱུ་ལུས་མཆོད་སྦྱིན་བདུད་རྩི་ཀུན་ཁྱབ་ནམ་མཁའི་མཆོད་སྤྲིན། རྒྱབ་སྐྱོར་སྙིང་པོ་ཁོག་དོན་སྤྱི་དོན་སྤྱི་ཕུགས་ནམ་མཁའི་བླ་རེ་རྣམས། བཞི་པ་གང་ཟག་ཆགས་པ་ཅན་གྱིས་དོན་དུ་སྔགས་བླ་མེད་ཀྱི་དགོངས་བཅུད་བསྐྱེད་རྫོགས་ཟུང་འཇུག་ལམ་འབྲས་བུར་བཅས་པའི་གྲོལ་བྱེད་མཁའ་འགྲོའི་སྲོག་སྙིང་རྩ་རླུང་རྡོ་རྗེའི་དྲ་མིག་སྐོར་ལ། མ་དང་བུ་གཉིས། དང་པོ་མ་ལ་བཞི། སྔོན་འགྲོ་སྦྱང་བ་རྣམ་གསུམ་མུན་སེལ་སྒྲོན་མེ། དངོས་གཞིའི་བར་གྱི་ཉམས་ལེན་རྣམ་གསུམ་དམར་མོའི་བཅུད་སྡུད་རྡོ་རྗེའི་ཞགས་པ། མཐའ་མ་ཚོད་འཛིན་དྲོད་རྟགས་རྣམ་གསུམ་ཡེ་ཤེས་སྤྱན་


GLG003_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མེ་ལོང་། མན་ངག་གནད་ཀྱི་གབ་ཡིག་རྣམ་གསུམ་རིན་ཅེན་གསེར་གྱི་སྒྲོམ་བུ་རྣམས། གཉིས་པ་བུ་ལ་བདུན། རྒྱབ་སྐྱོར་འཕྱུག་མེད་ཐག་ཆོད་རྣམ་གསུམ་གསེར་གྱི་པར་བཀབ། རྟག་ཏུ་ལམ་འཁྱེར་བོགས་འདོན་རྣམ་གསུམ་རིན་ཆེན་གསེར་གྱི་ཟམ་པ། ཁྱད་པར་འཕགས་པའི་གཏུམ་མོ་རྣམ་གསུམ་མེ་ལོང་རྡོ་རྗེའི་འཕྲེང་བ། གོལ་ས་སྐྱོན་འཛིན་གེགས་སེལ་རྣམ་གསུམ་བདུད་རྩིའི་རྒྱ་མཚོ། མདོ་འགག་དོན་གྱི་བཀའ་རྒྱ་རྣམ་གསུམ་གསང་བའི་ཐ་རམ་རྡོ་རྗེའི་ལྕགས་སྒྲོག །མན་ངག་འཕྲུལ་གྱི་དུམ་བུ་གསང་བའི་ལྡེ་མིག །ཟབ་དོན་གནད་ཀྱི་རྒྱབ་ཡིག་རྣམ་གསུམ་སྙིང་གི་ཐུར་མ་འཕྲུལ་གྱིས་ཞགས་པ་གསལ་བའི་གབ་རྩེ། གུད་དུ་སྦས་པའི་ཡིག་ཆུང་ཟབ་མོའི་སྐུ་གསུང་ཐུགས་ཀྱི་རྒྱ་ཅན་ཌཱ་ཀི་གསང་བའི་པར་བཀབ་རྣམས། ཐེམས་མེད། ལྔ་པ་རྫོགས་རིམ་ཐོར་བུའི་སྐོར་ལ་བཅུ་གཅིག །ལྔ་ཚན་ལྔའི་ངོ་སྤྲོད་སྤྱི་དོན་གསུམ་པ། ཚོགས་དྲུག་ལམ་འཁྱེར་སྤྱི་དོན་གསུམ་པ། ཉིན་མཚན་རྣལ་འབྱོར་ལམ་འཁྱེར་གདམས་པ། རྨི་ལམ་ལམ་འཁྱེར་འོད་གསལ་དང་བཅས་པ། སྐྱིད་སྡུག་ལམ་དུ་འཁྱེར་བའི་གདམས་པ། གདམས་པ་ཀུན་གྱི་བོགས་འདོན་དམར་འཁྲིད། བསྐྱེད་རྫོགས་ཀྱི་སྒྲུབ་པའི་ལམ་འཁྱེར། ཐུན་མོང་མ་ཡིན་པ་ཟབ་མོའི་འཕགས་ཆོས་ཡེ་ཤེས་རལ་གྲི་མེ་འབར། དེའི་འགྲེལ་པ་ཉོན་མོངས་འཇོམས་པའི་ཐོ་བ། ཐེམས་མེད། དེའི་གནད་ཡིག་དོན་སྐོར་དགུ་པ། ཟབ་མོ་ཧཱུྃ་ཆོས་སྤྱི་དོན་དགུ་པ། དེའི་གནད་ཡིག་གོང་དུ་སྦས་པའི་ཡིག་ཆུང་། ཐེམས་མེད། ཉིན་མཚན་བསྲེ་བའི་གདམས་པ། ཡང་ཟབ་འཕོ་བའི་གདམས་པ་རྣམས་སོ། །དྲུག་པ་བཀའ་དང་བསྟན་པ་སྲུང་བྱེད་ཆོས་སྐྱོང་གཏེར་བདག་གི་སྐོར་ལ། རྟ་ནག་དྲེགས་པ་སྡེ་བརྒྱད་དང་བཙན་


GLG003_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་གཉིས། དང་པོ་ལ་རྩ་བ་སྒྲུབ་སྐོར། ཡན་ལག་ལས་ཕྲན་དང་གཉིས། དང་པོ་རྩ་བ་སྒྲུབ་སྐོར་ལ་བཅུ་གཉིས། གཏོར་མ་ལ་བརྟེན་ནས་ལུས་ཀྱི་གྲིབ་མ་ལྟར་འགྲོགས་པ་ཕྱི་སྒྲུབ། དཀྱིལ་འཁོར་ལ་བརྟེན་ནས་འདུ་འབྲལ་མེད་པ་ནང་སྒྲུབ། རྟ་ནག་གི་ཙིཏྟ་ལ་བརྟེན་ནས་སྲོག་དང་བསྲེ་བ་གསང་སྒྲུབ། ལས་ལ་མངགས་པ་ལས་སྦྱོར། འགྱུར་མེད་དུ་བྱེད་པ་གནད་འབེབས། སྲོག་ལྟར་བཟུང་བ་སྲོག་འཁོར། དབང་མེད་གནད་གཟིར་བླ་རྡོ་བཅང་ཐབས། ཐུགས་དམ་སྐོང་ཞིང་དགྱེས་པར་བྱེད་པ་ལས་བྱང་། དབང་འབྱོར་ཐོབ་པར་བྱེད་པ་རྗེས་གནང་གི་ཡི་གེ སྔགས་དག་པར་བྱེད་པ་སྔགས་ཐེམས། ལས་མྱུར་བར་བྱེད་པ་ལོག་གནོན། སྡང་བྱེད་བརླག་པར་བྱེད་པ་སྲོག་འདྲེན་རྣམས། གཉིས་པ་ཡན་ལག་ལས་ཕྲན་ལ་བཅུ། དགྲ་སྲོག་འཕྲོག་བྱེད་བཤན་པ་རྒྱུག་འགྱེལ། མཐུན་པ་འབྱེད་པ་ཕུང་བྱེད་ཁ་འཐབ། ལྟས་ངན་ཐན་འགྱེད་ཨཱ་ཙཪྻ་ནག་པོ། བསྐྲད་པའི་འཁོར་ལོ་ནག་པོ་ལྷམ་ཀྲད། ངན་གནོན་ལས་སྦྱོར་ལྐུགས་པ་ཁ་ཐམ། ཡུལ་མཁར་རླག་བྱེད་མཛེ་ལག་ནག་པོ། ལོ་ཏོག་གཞོམ་བྱེད་སྐྱིན་ཐང་ཁྲག་མཚོ། དགྲ་ཇག་འཆིང་བྱེད་གཟའ་རྒོད་སྒྱིད་རེངས། འགོམ་ཆོག་གདམས་པ་མུན་པ་ནག་པོ། གཏད་ཁྲམ་ནག་པོ་དུག་མཚོ་ཁོལ་མ་རྣམས། རྗེས་གནང་། ཐེམས་མེད། ཉེ་འབྱེད། བསྐྲད་འཁོར། ཐེམས་མེད། ངག་གནོན། ཕུང་སེལ། ཐེམས་མེད། འགོམ་ཆོག་རྣམས་ཀྱི་དཔེ་རིས་དང་བཅས་པ། གཉིས་པ་བཀའ་སྲུང་བཙན་རྒོད་ཀྱི་སྐོར་ལ། ཕྱི་གཏོར་མ་ལ་བརྟེན་ནས་ཀླུ་བཙན་དུ་སྒྲུབ་ཅིང་དགྲ་ལ་རྦད་པ། ནང་རང་གཟུགས་ལ་བརྟེན་ནས་དགེ་བསྙེན་དུ་སྒྲུབ་ཅིང་ཆོ་འཕྲུལ་འགྱེད་པ། གསང་བ་སྲོག་འཁོར་ལ་བརྟེན་ནས་གནོད་སྦྱིན་དུ་སྒྲུབ་ཅིང་ཟས་ནོར་བླང་བ། དེ་རྣམས་


GLG003_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྲོག་འཁོར་དཔེ་རིས། ཐེམས་མེད། ལས་བྱང་དང་བཅས་པ་རྣམས། བདུན་པ་མཐའ་རྟེན་འགག་སྡོམས་རྩ་བའི་ཆིངས་ལ་ལྔ། མཁའ་འགྲོ་ཐུགས་ཁྲག་ཡིན་ཕྱིར་མཁའ་ལ་འགྲོ་གཏད་རྒྱའི་ཆིངས། སྔགས་སྲོག་དམ་ཚིག་ཡིན་ཕྱིར་དམ་ཚིག་གནང་བཀག་གི་ཆིངས། བཤད་པ་རྒྱ་ཆེ་ཡང་འགག་དོན་ཉམས་ལེན་ལ་འདུས་ཕྱིར་བསྲུང་སྡོམ་ཉམས་ལེན་གྱི་ཆིངས། འགལ་རྐྱེན་བར་ཆད་གཞོམ་ཕྱིར་ཆོས་སྐྱོང་གཉེར་གཏད་ཀྱི་ཆིངས། ཟབ་གཏེར་བསྲུང་བར་སྔགས་ཕྱིར་གཏེར་བསྲུང་བཀའ་སྒོའི་ཆིངས། མཇུག་ཏུ་གཏེར་སྟོན་ལ་ཞལ་གདམས་ལུང་བསྟན་དང་བཅས་པ་རྣམས། འདིའི་ནང་དུ་ལས་ཀྱི་དབང་གི་དགོངས་འདུས་དར་བའི་ཚེ༔ དཔེ་ཧར་སྙིང་བཞུགས་འདྲ་མིན་གཏེར་ཆོས་རྩོམ༔ ཞེས་འདུག་པ་ནི་རྒྱལ་བ་འདུས་པ་སོགས་གཏེར་ཞབས་སུ་གྲགས་པ་རྣམས་ཡིན་པར་མངོན་ནོ། །དེ་ལྟར་ཐེམས་ཅན་རགས་པའི་དབང་དུ་བྱས་ནས་ཆོས་སྡེ་ཉིས་བརྒྱ་གྱ་གཉིས་དང་ཐེམས་མེད་ཡིག་ཆུང་གུད་དུ་སྦས་པ་དང་བཅས་ཕྲ་མོར་ཕྱེ་ན་སུམ་བརྒྱ་དང་བཞི་བཅུ་བཞུགས་པ་ཡོངས་སུ་རྫོགས་པ་ཐོབ་པའི་བསྐྱེད་རྫོགས་གཉིས་ཀའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་སྤྱན་རས་གཟིགས་དབང་། ཨོ་རྒྱན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་རིག་འཛིན་ཆེན་པོ་སངས་རྒྱས་གླིང་པ། དགོངས་འདུས་རྩ་བའི་ཆོས་བདག་བྱ་ཁྱུང་པ་དཔལ་ལྡན་སེང་གེ་བྱ་ཁྱུང་པ་བྱམས་ལྡན་ཆོས་རྒྱལ་བཀྲ་ཤིས། བྱ་ཁྱུང་པ་མཉམ་མེད་དཔལ་འབར་དབང་ཕྱུག །བྱ་ཁྱུང་པ་ངག་དབང་པདྨ་རྣམ་རྒྱལ། གསུང་སྙན་སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར། ལྷ་བཙུན་ཀུན་བཟང་རྣམ་རྒྱལ།


GLG003_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ལུགས་གཅིག་ལ་གཏེར་སྟོན་ནས་སྲས་ཡེ་ཤེས་རྡོ་རྗེ། དེ་སྲས་སྙིང་བུ་པ་སངས་རྒྱས་བློ་གྲོས། བྱ་ཁྱུང་པ་ཆོས་རྒྱལ་བཀྲ་ཤིས་མན་སྔར་ལྟར་ཡང་ན་སྲས་ཡེ་ཤེས་རྡོ་རྗེ་ནས། ཆོས་བདག་གཞོན་ནུ་སེང་གེ །མཁས་གྲུབ་གུ་རུ་འོད་ཟེར། ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན། རིགས་འཛིན་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་སྒྲོན་མ། རིགས་འཛིན་མཐུ་སྟོབས་རྣམ་རྒྱལ། གྲུབ་མཆོག་གསང་སྔགས་གཏེར་མཛོད། སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར་མན་སྔར་ལྟར་རོ། །འཁྲིད་ཆེན་བཞི་ལས་རྫོགས་ཆེན་གྱི་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། འཕགས་པ་སྤྱན་རས་གཟིགས། རིགས་འཛིན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིངྷ། ཨོ་རྒྱན་སངས་རྒྱས་གཉིས་པ། ལྷ་ལྕམ་མནྡ་ར་བ། མངའ་བདག་མན་གོང་བཞིན། ཕྱག་ཆེན་གྱི་ལུང་བརྒྱུད་ནི། ཀུན་བཟང་། རྡོ་རྗེ་འཆང་། རིགས་ལྔ། རྡོར་སེམས། སྤྱན་རས་གཟིགས། ཨོ་རྒྱན་ཆེན་པོ་མན་སྔར་ལྟར། སྤྱོད་ཡུལ་གྱི་ལུང་བརྒྱུད་ནི། ཀུན་བཟང་། ཡུམ་ཆེན་ཤེར་ཕྱིན། ཐུབ་པའི་དབང་པོ། ཀུན་དགའ་བོ། བྱམས་པ་མགོན་པོ། འཕགས་པ་ཀླུ་སྒྲུབ། པདྨ་ཐོད་འཕྲེང་རྩལ་མན་གོང་བཞིན། ལམ་འབྲས་ཀྱི་ལུང་བརྒྱུད་ནི། ཀུན་བཟང་། སྣང་མཐའ། སྤྱན་རས་གཟིགས། པདྨ་ཐོད་འཕྲེང་མན་སྔར་ལྟར། པོ་ཏི་ལུང་དབང་གི་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། སྲས་ཡེ་ཤེས་རྡོ་རྗེ། བཤེས་གཉེན་གཞོན་ནུ་སེང་གེ །ཀུན་མཁྱེན་གུ་རུ་འོད་ཟེར། མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་སྒོམ་


GLG003_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་པ་པདྨ་སེང་གེ །གྲུབ་ཐོག་ནམ་མཁའ་གྲགས་པ། བླ་མ་ཤེས་རབ་རྡོ་རྗེ། གར་དབང་པདྨ་རྒྱལ་མཚན། ཀ་ཐོག་པ་པདྨ་བློ་གྲོས། ཟུར་ཀུན་མཁྱེན་ཆེན་པོ། དེས་བདག་ལའོ། །རླུང་འཁོར་ཕོ་ཉ་མྱུར་མགྱོགས་ཀྱིས་བརྒྱུད་པ་ལུགས་གཅིག་ལ། བྱམས་ལྡན་ཆོས་རྒྱལ་བཀྲ་ཤིས་ནས། སློབ་དཔོན་བཀྲ་ཤིས་དབང་ཕྱུག །གནམ་གོང་བླ་མས་སངས་རྒྱས། བླ་མ་བཀྲ་ཤིས་དར་རྒྱས། སྔགས་འཆང་ཆོས་རྒྱལ་ཕུན་ཚོགས། སྔགས་འཆང་ནོར་བུ་དབང་རྒྱལ། ཟུར་བསྟན་འཛིན་འགྱུར་མེད། རླུང་བསྟན་འཛིན་མི་འགྱུར་རྡོ་རྗེ། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཡང་རླུང་འཁོར་ཕོ་ཉ་མྱུར་མགྱོགས་དང་བསྲུང་འབུམ་རྡོ་རྗེའི་འཕྲེང་བའི་བརྒྱུད་ལུགས་གཅིག་ལ། སྲས་ཡེ་ཤེས་རྡོ་རྗེ་ནས། འཇམ་དབྱངས་ཤཱཀྱ་རིན་ཅེན། ཤེའུ་ཀུན་དགའ་ཆོས་དབང་། སྔགས་འཆང་ལེགས་པ་ཤེས་རབ། རྗེ་ནམ་མཁའ་རྣམ་རྒྱལ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཡང་བསྲུང་འབུམ་བརྒྱུད་པ་གཅིག་ནི། གནམ་གོང་བླ་མ་སངས་རྒྱས་ནས། ཀོང་ཆེན་ནམ་མཁའ་དཔལ་ལྡན། བ་ལམ་བདེ་ཆེན་གཉེར་ཚང་སྡེ་པ་ཆོས་རྗེ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ་མན་གོང་ལྟར། ཡང་ན་སྙིང་ཕུ་བ་སངས་རྒྱས་བློ་གྲོས། དེ་སྲས་སངས་རྒྱས་རྡོ་རྗེ། སློབ་དཔོན་བཀྲ་ཤིས་དབང་ཕྱུག་མན་འདྲ། ཡང་ན་བྱ་ཁྱུང་པ་ངག་དབང་རྣམ་རྒྱལ་ནས། དེ་སྲས་པདྨ་བསྟན་འཛིན། འབྲི་གུང་པ་རིགས་འཛིན་ཆོས་ཀྱི་གྲགས་པ། སྣང་གསལ་པ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཀུན་མཁྱེན་ཆེན་པོ། དེས་བདག་ལའོ། །ཡང་ན་ཟུར་ཆེན་གྱིས་འབྲི་གུང་ཆོས་ཀྱི་གྲགས་པ་ལ་ངོས་ཀྱིས་


GLG003_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ནོ། །བཟླས་བརྗོད་ནུས་པ་སྟོབས་འབྱིན་གྱི་བརྒྱུད་ལུགས་གཅིག་ནི། འབྲི་གུང་ཆོས་ཀྱི་གྲགས་པ་བཞུགས་པའི་བརྒྱུད་ལུགས་དེ་ག་ལ་རྩ་བའི་བླ་མས་འབྲི་གུང་པ་དངོས་ལ་གསན་ནོ། །བཟླས་བརྗོད་ནུས་པ་སྟོབས་འབྱིན་དང་མཁའ་འགྲོའི་ལས་ཚོགས་དགྲ་བགེགས་བདུད་བདུལ་གྱི་ཡིག་སྣའི་ལུང་བརྒྱུད་གཅིག་ནི། ཀོང་ཆེན་ནམ་མཁའ་དཔལ་ལྡན་ཡན་སྔར་ལྟར་ལ། དེ་ནས་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། འབྲི་གུང་པ་ཆོས་རྒྱལ་རིན་ཅེན་ཕུན་ཚོགས། དེ་སྲས་ཆོས་རྒྱལ་ཕུན་ཚོགས། ཆབ་མདོ་རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལའོ། །ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱིས་མཛད་པའི་འཆར་ཀའི་ཟོར་ལས་གནམ་ལྕགས་ཐོག་མདའི་བསྒྲལ་ལས་བདུད་དཔུང་ཐལ་བར་བརླག་བྱེད་གནམ་ལྕགས་སྤུ་གྲིའི་ལུང་ནི་མཛད་པ་པོ་ཉིད་ལ་བདག་གིས་ནོས་སོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་ཀོང་པོ་རི་ཤོད་ཀྱི་བུ་རྫོང་རི་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོའི་སྙིང་པོ་བསྡུས་པའི་སྐོར་ལ། འབྲུ་ལྔའི་སྒོམ་བཟླས། མན་ཤེལ། མེ་ལོང་། སྐུ། བུམ་པ། རོལ་མོ། གླེགས་བམ། བརྡ་སྤྲོད་དང་བཅས་པས་དབང་བཞི། རྒྱལ་ཐབས་སྤྱི་བླུགས། ལྷུན་གྲུབ་ངོ་སྤྲོད་ཐེག་དགུ་མཐའ་རྫོགས་ཀྱི་དབང་དང་བཅས་པ་ནོས་ནས། ལུང་ལ། འཇམ་དབྱངས་ཤེས་རབ་བློ་གྲོས་ཀྱིས་མཛད་པའི་སྔོན་འགྲོ་གསོལ་འདེབས་འཁོར་འདས་དབྱེར་མེད་མ། སྤྲོས་བཅས་སྤྲོས་མེད་རབ་ཏུ་སྤྲོས་མེད་རྩལ་དབང་དང་བཅས་པ་གཅིག་ཏུ་དྲིལ་བའི་དབང་ཆོག །སངས་རྒྱས་ཀྱིས་འདས་རྗེས་དང་པོ་འཚོ་བྱེད་གཞོན་ནུའི་ལྡུམ་རར་འབབ་པ་གདེང་དང་ལྡན་པར་འགྱུར་རོ་མཐའ་ཅན། འདས་རྗེས་གཉིས་པ་མེ་རི་འབར་བའི་ཤར་ཕྱོགས་ཌཱ་ཀི་སྣ་ཚོགས་འདུལ་བའི་གནས་སུ་འབབ་པ་བུ་གཅིག་པར་བསྟན་པའོའི་མཐའ་
ཅན། འདས་རྗེས་གསུམ་པ་བྱ་རྒོད་ཕུང་པོ་རིར་འབབ་པ་བུ་གཅིག་པར་བཀོད་པའི་མཐའ་ཅན། འདིའི་འོག་ཏུ་དགའ་རབ་རྡོ་རྗེའི་འདས་རྗེས་འཁྲིད་གཞུང་དམ་རྫས་རོལ་ཆེན་གྱི་སྒྲུབ་པ་གནད་ཀྱི་ཕུར་གཅིག་གསུམ་དཔེ་མ་བྱུང་བས་མ་ཐོབ། ཌཱ་ཀི་གསང་བའི་གནད་ཀྱི་ཕུར་གཅིག་མ་ཡང་དྲིལ་རུ་གདམས་པ་སྲོག་ཏིག་གབ་པ་མངོན་ཕྱུང་ཞར་བྱུང་ཕན་ཡོན་སྤེལ་ཚུལ་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིངྷ། སློབ་དཔོན་སངས་རྒྱས་གཉིས་པ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རིགས་འཛིན་སངས་རྒྱས་གླིང་པ། བྱ་ཁྱུང་དཔལ་ལྡན་སེང་གེ །འཇམ་དབྱངས་ཤཱཀྱ་རིན་ཅེན། ཁྱབ་བདག་ཀུན་དགའ་ཆོས་དབང་། ཆོས་བདག་ཉི་མ་རྒྱལ་མཚན། རབ་འབྱམས་དགེ་བའི་བློ་གྲོས། དཀར་ཆེན་བསྟན་འཛིན་ནོར་བུ། མཚུངས་མེད་དཀོན་ཅོག་རྡོ་རྗེ། རིགས་འཛིན་ངག་དབང་གྲགས་པ། ཟབ་ལུང་མི་འགྱུར་དབང་རྒྱལ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་སྟོན་འགྱུར་མེད་རྡོ་རྗེ་རྩལ། དེས་བདག་ཟ་ཧོར་བནྡེ་ལའོ། །

སྤྲུལ་པའི་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གདམས་ཟབ་ཅིང་རྒྱ་ཆེ་བའི་སྐོར།


GLG003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གདམས་ཟབ་ཅིང་རྒྱ་ཆེ་བའི་སྐོར་ལ། ཕྱི་རབས་དོན་དུ་དཔལ་ཨོ་རྒྱན་ཆེན་པོས་ཁྲིམས་སུ་ཕྱེ་སྟེ་གསལ་བར་ཕྱུང་བ་ཕྱིའི་རྒྱལ་པོ་ལུས་སུ་གདམས་པ་བསམ་ཡས་མཆིམས་ཕུར་འགྲོ་བའི་ལམ་ཁ་བྲག་སྣ་སེང་གེའི་གདོང་དུ་སྦས་པ་སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པས་སྤྱན་དྲངས་པའི་ཆོས་སྡེ་ལ། གླེགས་བམ། སྐུ། ཡེ་གེ་དྲུག་པ་ལ་བརྟེན་ནས་ཆོས་ཀྱི་བདག་པོར་མངའ་གསོལ་རྗེས་སུ་གནང་སྟེ། ཡོངས་སུ་གཏད་པ། རྟ་ནག་གི་ཐོད་


GLG003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྟེན་ནས་གནོད་སྦྱིན་རྟ་མགྲིན་ནག་པོ་སྲུང་མར་བསྐོས་ཏེ་འཕྲིན་ལས་རྣམ་བཞི་སྒྲུབ་པའི་བཀའ་གཏད་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། ལོ་རྒྱུས་དཀར་ཆག །དེ་ལས་བཤད་པའི་ཆོས་སྐོར་ལ། མདོ་སྐོར། སྒྲུབ་སྐོར། ཞལ་གདམས་སྐོར་ཏེ་གསུམ་དུ་གསུངས་པའི་དང་པོ་གཉིས་བཏང་སྙོམས་སུ་བཞག་སྟེ་ཕྱི་མ་ཞལ་གདམས་ལ། རྒྱ་ཆེ་བ་གཞན་དོན་དུ་གདམས་པ། ཟབ་པ་རང་དོན་དུ་གདམས་པ། ཐོར་བུའི་སྐོར་དང་གསུམ། དང་པོ་ལ། ཞུ་ལན། ངོ་སྤྲོད། བཀའ་ནན། གསུང་གི་ཞལ་གདམས། ལམ་ཁྱེར་ཞལ་གདམས། ཞལ་གདམས་ཐོར་བུ། ལམ་རིམ། མཚང་གི་ཞལ་གདམས། ཕྱི་ནང་ཆོས་ཀྱི་ཞལ་གདམས། བསླབ་བྱའི་ཞལ་གདམས། འཆི་ཁའི་ཞལ་གདམས། ཐུན་མོང་དང་ཁྱད་པར་ཞལ་གདམས། སྲང་དུ་བཞུགས་པའི་ཞལ་གདམས། གཞན་དོན་བྱ་བའི་ཞལ་གདམས་ཏེ་བཅུ་བཞི། དང་པོ་ལ། སྤྲུལ་པའི་རྒྱལ་པོས་ཐུགས་རྗེ་ཆེན་པོ་ལ་ཞུས་པའི་ཐུགས་རྗེ་ཆེན་པོ་དངོས་ཀྱི་ཐུགས་རྒྱུད། རྒྱལ་པོ་ལ་ཡུམ་ལྷ་གཟའ་གུང་བཙོན་མས་ཞུས་པའི་ལན་གྱི་རྗེས་སུ་ཡི་རང་བ། ཞལ་གདམས་འདིའི་སྐོར་རྒྱལ་པོ་བཀའ་འབུམ་ཆེན་མོ་ཤིན་ཏུ་ཟབ་པ་ནང་སྐོར་དགུའི་ཁྲོད་དུ་ཡོད་ཀྱང་ད་ལམ་གཏེར་ཁ་འདི་ཁའི་དཀར་ཆག་སོར་གནས་ལྟར་ཡིན། ཡབ་གནམ་རི་སྲོང་བཙན་གྱིས་ཞུས་ལེན་སྒོ་གསུམ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་འགྱུར་བ། ཁབ་ཀྱི་ཆེན་མ་བལ་བཟའ་ཁྲི་བཙུན་གྱིས་ཞུས་ལེན་བསྐྱེད་རྫོགས་གསུམ་དང་བསྟུན་པ། ཁབ་ཀྱི་ཆུན་མ་རྒྱ་བཟའ་ཀོང་ཇོའི་ཞུས་ལན་ཀྲྀ་ཡོག་སྡེ་གསུམ་དང་བསྟུན་པ། ཕྱི་བློན་ནང་བློན་རྣམས་ཀྱིས་ཞུས་ལན་དགའ་དགུ་ཡི་རང་བ་རྣམས། གཉིས་པ་ངོ་སྤྲོད་ལ། ཡབ་ལ་གདམས་པ་ཉམས་ལེན་ཐུན་མོང་མ་ཡིན་པ། ཡུམ་ལ་གདམས་པ་ཉམས་ལེན་


GLG003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་དུ་བཞུགས་པ། བལ་བཟའ་ལ་གདམས་པ་དོན་གྱི་ངོ་སྤྲོད། རྒྱ་མོ་བཟའ་ལ་གདམས་པ་དོན་གྱི་ངོ་སྤྲོད། སྲས་གོང་རི་གུང་བཙན་ལ་སྐུ་གསུང་ཐུགས་ཀྱི་ཞལ་གདམས། སྲས་མོ་ལྷ་ལྕམ་ཁྲོམ་པ་རྒྱན་ལ་མཛད་སྤྱོད་ཞལ་གདམས། སམྦྷོ་ཊ་སོགས་ནང་བློན་རྣམས་ལ་ངོ་སྤྲོད་དུ་གདམས་པ། ཕྱི་བློན་རྣམས་ལ་གདམས་པའི་ངོ་སྤྲོད་རྣམས། གསུམ་བཀའ་ནན་ལ། ཡབ་ཡུམ་ལ་འཁོར་བའི་ཉེས་དམིགས་གདམས་པ། སྲས་ལ་རྒྱལ་སྲིད་ཆོས་དང་བསྟན་པར་གདམས་པ། སྲས་མོ་ལ་རང་དོན་འཆལ་བར་མི་གཏོང་བར་གདམས་པ། བལ་བཟའ་ལ་ཐུགས་དཀའ་རྒྱས་གདམས་པ། རྒྱ་བཟའ་སྙིང་གཏམ་གལ་པོ་ཆེར་གདམས་པ། ནང་བློན་རྣམས་ལ་ཐུགས་རྗེ་ཆེན་པོ་ཉམས་སུ་ལོང་ཞིག་པར་གདམས་པ། ཕྱི་བློན་རྣམས་ལ་སྙིགས་དུས་སུ་ཐུགས་རྗེ་ཆེན་པོ་སྒྲུབ་པར་གདམས་པ། བོད་འབངས་སྤྱི་ལ་ཡིག་དྲུག་ལས་ལྷག་པ་མེད་པར་གདམས་པ། བོད་ཀྱི་སྐྱེས་པ་རྣམས་ལ་ཡི་གེ་དྲུག་པས་འགྲོ་དྲུག་སྐྱེ་སྒོ་གཅོད་པར་གདམས་པ། ནང་འཁོར་བུད་མེད་རྣམས་ལ་ལོངས་སྤྱོད་ཀྱི་སྙིང་པོ་ཡི་གེ་དྲུག་པར་གདམས་པ། ཕྱི་འཁོར་བུད་མེད་རྣམས་ལ་བྱང་ཆུབ་ཀྱི་ལམ་སྣ་ཡི་གེ་དྲུག་པས་འཛིན་པར་གདམས་པ། བུད་མེད་སྤྱི་ལ་ཡིག་དྲུག་ལས་ལྷག་པས་སྒྲིབ་སྦྱོང་མེད་པར་གདམས་པ་རྣམས། བཞི་པ་གསུང་གི་ཞལ་གདམས་ལ། ཐུགས་རྗེ་ཆེན་པོའི་གསང་འགྲེལ་ཞེས་པ་སྤྲོས་ན་དྲུག་དྲུག་སུམ་ཅུ་རྩ་དྲུག་ཏུ་སྤྲོ་ཞིང་བསྡུ་ན་ཡི་གེ་དྲུག་ཏུ་འདུས་པ་ཐུགས་རྗེ་ཆེན་པོ་རང་བྱུང་གི་ཡི་གེ །ལྔ་པ་ལམ་འཁྱེར་ཞལ་གདམས། ཉིན་མོ་སྣང་བ། ཚོགས་དྲུག །རྐྱེན་སྣང་། མཚན་མོའི་རྨི་ལམ། གཉིད་བསད་པ་ལ་བརྟེན་ནས་ཉིན་ནུབ་ལམ་འཁྱེར། ཕྱིན་དྲུག །མདོ་སྡེ་གཟུངས་ལྟར་ཁ་ཏོན་


GLG003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ། ཆོས་སྤྱོད་ལམ་འཁྱེར། རང་གི་དགེ་བ། བདུན་ཚིགས། རོ་སྲེག །རོ་རྫོང་རོ་གཟན། རོ་ཁུར་ཏེ་རང་དོན་ཁྱད་འཕགས་ཀྱི་ལམ་ཁྱེར། ཕྱི་ནང་གསང་བ་དོན་རྟགས་མཚོན་པའི་སྣང་བ་རྣམས་ལ་བརྟེན་པའི་སྣང་བ་རིན་ཅེན་ཚོགས་ཀྱི་ལམ་ཁྱེར། ལྟ་སྒོམ་སྤྱོད་གསུམ་གྱི་གཏོར་མ་ལ་བརྟེན་ནས་གཏོར་མའི་ལམ་ཁྱེར་རྣམས། དྲུག་པ་ཞལ་གདམས་ཐོར་བུ་ལ། ཞལ་གདམས་གཅིག་ཚན་དྲུག །གཉིས་ཚན་དྲུག་པ། གསུམ་ཚན་དྲུག་པ། བཞི་ཚན་དྲུག་པ། ལྔ་ཚན་དྲུག་པ། དྲུག་ཚན་དྲུག་པ། བདུན་ཚན་དྲུག་པ། བརྒྱད་ཚན་དྲུག་པ། དགུ་ཚན་དྲུག་པ། བཅུ་ཚན་དྲུག་པ་སྟེ་ཞལ་གདམས་དྲུག་ཅུ་པ། མགོ་གསུམ། རྙེད་པ་གསུམ། རྨང་རྡོ་གསུམ། རྩ་བ་གསུམ། སྙིང་པོ་གསུམ། བྱིན་བརླབས་གསུམ་ལ་སྣ་གསུམ། ལས་འགྱུར་གསུམ། ཉལ་ཆོག་གསུམ། འཐོབ་བྱ་གསུམ་སྟེ་བློ་སྦྱོང་བདུན་པར་གྲགས། འགོལ་བ་གསུམ། བདུད་ཀྱི་བཅོས་པ་གསུམ། དོན་ལ་འདྲེས་པ་གསུམ། བཀའ་ལས་འགལ་བ་གསུམ། གོལ་ས་མེད་པ་གསུམ། ལུང་མཐུན་གསུམ། རྨངས་བརྙེགས་པ་གསུམ། མཐོ་བརྙེགས་པ་གསུམ། རྩེ་མོར་ཕྱིན་པ་གསུམ། ངོ་སྤྲོད་གསུམ་སྟེ་སྤངས་བླང་གི་ཆོས། བློ་དམན་ལ་གདབ་པ་གསུམ། ཀུན་ལ་དགོས་པ་གསུམ། དམ་པའི་ཆོས་གསུམ། དགོས་པའི་ཆོས་གསུམ། ལོ་ཟླ་གསུམ། འཕགས་པ་གསུམ། རང་བྱུང་གསུམ། མ་བཅོས་པ་གསུམ། ཉི་མ་ཤར་བ་གསུམ། གསལ་ལ་དག་པ་གསུམ་སྟེ་ཞལ་གྱིས་གདམས་པ། འཁྱེར་སོ་གསུམ། གསལ་བ་གསུམ། གདེངས་གསུམ། དཔའ་བ་གསུམ། བརྟུལ་བཞུགས་གསུམ། ཤར་བ་གསུམ། སྨིན་པ་གསུམ། གྲོལ་བ་གསུམ། གུད་པ་གསུམ། རྫོགས་པ་གསུམ་སྟེ་ཐུགས་རྗེ་ཆེན་པོའི་ཆོས་བཅུ་རྣམས་དྲིལ་བས་སུམ་


GLG003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་བཞི་བཅུ་པར་གྲགས་པ་ཕྱོགས་ཀུན་གྱི་གནད་བསྡུས། གནད་ཀྱི་གདམས་པ་བཞི། ལྟ་བ་བཞི། ལ་གཅད་བཞི། ཤེས་པ་བཞི། ལམ་ཁྱེར་བཞི། རང་གྲོལ་བཞི། སྒོམ་པ་བཞི། སྤྱད་པ་བཞི། ཉམས་བཞི། རྟགས་བཞི། འཁྲུལ་པ་བཞི། ཐབས་བཞི། འདུག་པ་བཞི། གནད་བཞི། མ་ཡེངས་པ་བཞི། མཐའ་གྲོལ་བཞི། མཐར་ཐུག་བཞི། སྐུ་བཞི། མཚན་མ་དཔེའི་ངོ་སྤྲོད་བཞི་སྟེ་ཞལ་གདམས་བཞི་ཚན་བཅུ་དགུ་པ། གསར་གྲོགས་སུ་མ་སོང་བ་བཅུ། མི་ལྟོ་བ་བཅུ། བླུན་པ་བཅུ། ནོར་པ་བཅུ། བྱ་བ་བཅུ། ཡིད་ཆེས་བཅུ། འདུས་པ་བཅུ། འདས་པ་བཅུ། ཡོད་པ་བཅུ། འདུག་པ་བཅུ། ཤར་བ་བཅུ། ནུས་པ་བཅུ། ལུང་བཅུ། མྱང་འདས་བཅུ། མཛད་པ་བཅུ། མི་མཛད་པ་བཅུ། རྟོགས་པ་བཅུ། མཉམ་པ་བཅུ། མེད་པ་བཅུ། ཡིན་པ་བཅུ། མེད་པ་བཅུ། འགྲོ་བ་བཅུ། སྐྱོན་བཅུ་སྟེ་བཅུ་ཚན་ཉི་ཤུ་རྩ་གསུམ་པ་ལྟ་སྒོམ་ཕུགས་གཏིབ་ཀྱི་ཞལ་གདམས་སུ་གྲགས་པ་རྣམས། བདུན་པ་ལས་རིམ་ལ། དང་པོར་རང་ལ་དགོངས་པ། བར་དུ་གཞན་ལ་དགོངས་པ། མཐའ་མ་ཉམས་ལེན་ལ་དགོངས་པ་གསུམ་གྱིས་དབང་པོ་འབྲིང་གི་ལམ་རིམ། རབ་ལ་རིག་རྩལ། གབ་པ་མངོན་བྱུང་། རང་གཞན་ཐལ་བྱུང་གི་ཆོས་གསུམ། འབྲིང་ལ་མ་བཅོལ་ཅོག་བཞག །མཚོ་ལ་རྗེས་མེད། དམིགས་པ་ཡུལ་མེད་ཀྱིས་ཆོས་གསུམ། མཐའ་མ་ལ་གཏོད་ཕུར། ཐུག་ཕྲད། ཉམས་ཀྱི་ཆོས་གསུམ་གྱི་སྒོ་ནས་དབང་པོ་རབ་ཀྱིས་ལམ་རིམ་རྣམས། བརྒྱད་པ་མཚང་གིས་ཞལ་གདམས་ལ། སྐྱེ་བོ་མ་རིག་པ་ཆོས་ལ་འཛུད་པ་ཞེས་པར་འཆི་བ་མི་རྟག་པ་བསམ་པ། འཕགས་ནོར་བདུན་བླང་བ། ཉོན་མོངས་རང་གར་མི་གཏོང་བ། བཤེས་གཉེན་བསྟེན་


GLG003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལས་འབྲས་བསམ་པ། ངན་སོང་སྡུག་བསྔལ་དང་ཞར་བྱུང་ཆོས་བྱེད་ལུང་བསྟན་པ་དང་བཅས་པ། ཆོས་པ་ཆོས་དང་མི་ལྡན་པ་ཆོས་ལ་འཛུད་པར་འཆད་ཉན་བྱེད་པ། གཞུང་གཞན་སྤྱོད་པ། བློ་ཆོས་དང་སྦྱར་ནས་སྟོན་པ། ཆོས་སུ་འགྲོ་མི་འགྲོ་ཆོས་མ་ནོར་བར་བྱས། ཐུགས་རྗེ་ཆེན་པོའི་ཆོས་ཉམས་སུ་ལེན་ཐབས་དང་བཅས་པ། སྔགས་པ་སྔགས་དང་མི་ལྡན་པ་ཆོས་ལ་འཛུད་པ་ལ། གསང་སྔགས་ཕྱི་ནང་གཉིས་ཀར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གཏོགས་པར་ཡིད་ཆེས་པ། འབྲས་བུ། ཁེ་ཉེན་ཆེ་ཚུལ། སྔགས་པ་ཐེག་པ་འོག་མར་སྨོད་པ། འོག་མས་གོང་མར་སྨོད་སྐུར་འདེབས། སྔགས་དང་དུ་མི་ལེན་པ། སྔགས་ལ་སྐུར་བཏབ། གཞུང་གཞན་མ་སྤྱད་པ། འཆལ་པར་བསྟན་པ། ནོར་ཕྱེད་འཆོང་བ། ཀྲྀ་ཡ། ཡོ་ག །མ་ཧཱ་དང་ཨ་ནུ། རྫོགས་ཆེན། ཕྱག་རྒྱ་ཆེན་པོ་རྣམས་ཀྱི་དམ་ཚིག །ཉམས་སྐྱོན། དམ་ཚིག་གཙོ་ཆེ་ཚུལ། གསང་སྔགས་རིགས་སྔགས་གཟུང་སྔགས་རྣམས་ཡི་གེ་དྲུག་པར་འདུ་ཚུལ་དང་བཅས་པ། ཆོས་པ་ཆོས་དང་མི་ལྡན་པ་ཆོས་ལ་བསྐུར་བ་རྣམས། དགུ་པ་ཕྱི་ནང་ཀྱི་ཆོས་ཀྱི་ཞལ་གདམས་ལ། སྦྱིན་པ་ལ་གནས། རྫས། དུས། ཡོན་ཏན། སྐྱོན། བསྔོ་བ་དྲུག །ཚུལ་ཁྲིམས་ལ་དགེ་བ་ཆོས་སྡུད། ཉེས་སྤྱོད་སྡོམ་པ། སེམས་ཅན་དོན་བྱེད། བཟོད་པར་བྱེད་མི་སྙམ་པ། སྡུག་བསྔལ་དང་ལེན། ཆོས་ཉིད་དོན་ལ་མི་སྐྲག་པ། བརྩོན་འགྲུས་ལ་གོ་ཆ། དོན་སྦྱོར། མི་ལྡོག་པ། བསམ་གཏན་མི་གཡོ་བ། མ་ནོར་བར་བསྒྲུབ་པ། སེམས་ཅན་དོན་བྱེད། ཤེས་རབ་ལ་རང་སྤྱི། རྒྱུ་འབྲས། མི་དམིགས་པ། ཐབས་ལ་མ་ནོར་བ། བདག་གཞན་གྱིས་དོན་བསྒྲུབ་པ། སྨོན་ལམ་ལ་མ་ཞུམ་པ། མི་དམིགས། སེམས་ཅན་དོན་ལ་བརྩོན་པ། སྟོབས་ལ་བདུད་


GLG003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ། ཚོགས་གཉིས་རྫོགས་པ། རྒོལ་བ་ཚར་གཅོད་པ། ཡེ་ཤེས་ལ་ཆོས། གང་ཟག །རྣམ་པར་མི་རྟོག་པ་དང་བཅས་པ། བཤད་ཐབས་དྲུག་གིས་ཞལ་གདམས་ཞེས་པར་ཕྱི་དབྱི་མོང་གཡོ་འགུལ་ནང་རམ་པའི་རྩ་བ། གསང་བ་ཁྲོམ་ཆེན་པོ། ཡང་གསང་བྱ་རྒྱ་འུར་རྡོ་གཅིག་གིས་འདེད་པ། དེ་ཁོ་ན་ཉིད་རོལ་བརྒྱ་གཤལ་བ་གཅིག་གིས་མནན་པ། གནད་དྲིལ་ལྕུག་མ་གཅིག་གིས་བཅིངས་པ་ལྟ་བུ་རྣམས། བཅུ་པ་བསླབ་བྱའི་ཞལ་གདམས་ལ། སྐྱབས་འགྲོ་ལ་ཕྱི་སངས་རྒྱས་ཆོས་དང་དགེ་འདུན། ནང་བླ་མ་ཡི་དམ་མཁའ་འགྲོ། གསང་བ་ལྟ་སྒོམ་སྤྱོད་གསུམ་སོ་སོར། ངོ་བོ་མཚན་ཉིད། རང་བཞིན། ཁྱད་པར། བསླབ་བྱ། ཕན་ཡོན་ཏེ་དྲུག་གི་སྒོ་ནས་བསྟན་པ། སྡོམ་པ་ལ་ལུས་ངག་ཡིད་གསུམ་ཆུད་ཟོས་སུ་མི་གཏོང་བར་སོ་ཐར་གྱི་སྡོམ་པ། དད་རྫས། ཆོས། གདམས་ངག་གསུམ་ཆུད་ཟོས་སུ་མི་གཏོང་བ་བྱང་སྡོམ། སྒོམ། བརྩོན་འགྲུས། ཡིད་ཆེས་གསུམ་ཆུད་ཟོས་སུ་མི་གཏོང་བར་སྔགས་སྡོམ། བླ་མ་ལ་སྐྱེ་མེད། འགག་མེད། རིག་མེད། སྤྲོས་བྲལ། སྟོང་གསལ། རིག་པ་རང་ཤར་ཏེ་དོན་གྱི་བླ་མ་དྲུག །སྣང་བ་རང་ཤར། རྣམ་རྟོག་ལམ་ལོང་། དུག་ལྔ་རྣམ་དག །རྐྱེན་སྣང་ཐོག་འགེལ། རང་སྣང་རིག་མེད། འཁོར་བ་རྒྱས་འདེབས་ཏེ་རྟགས་ཀྱི་བླ་མ་དྲུག །རྩ་བ། དབང་བསྐུར། བྱིན་བརླབས། ལུང་འབོགས། བརྒྱུད་པ་འདྲེན་པ་སྟེ་མཚོན་གྱི་བླ་མ་དྲུག །བླ་མ་ལ་ལུས་ངག་ཡིད་གསུམ་གྱིས་བཀུར་བ་དང་དམ་ཚིག །བསྲུང་བའི་ཕན་ཡོན་དང་། མ་བསྲུང་པའི་ཉེས་དམིགས་བསྟན་པ། དོན་གྱི་ཐུགས་རྗེ་ཆེན་པོའི་དམ་ཚིག་དྲུག །རྟགས་ཀྱི་ཐུགས་རྗེ་ཆེན་པོའི་དམ་ཚིག་དྲུག །མཚོན་གྱི་ཐུགས་རྗེ་ཆེན་པོའི་དམ་ཚིག་དྲུག་རྣམས། བཅུ་གཅིག་པ་འཆི་ཁའི་ཞལ་གདམས་ལ། བར་དོ་


GLG003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མུན་གསལ་སྒྲོན་མེ་ཞེས་པ་རང་བཞིན་གནས་པའི་བར་དོ། སྐྱེ་ཤི་བར་དོ། ཤེས་པ་སྔ་ཕྱིའི་བར་དོ། རྨི་ལམ་བར་དོ། འཆི་ཁའི་བར་དོ། སྲིད་པའི་བར་དོ་རྣམས། བཅུ་གཉིས་པ་ཐུན་མོང་ཁྱད་པར་གྱི་ཞལ་གདམས་ལ། ཐུན་མོང་གི་ཞལ་གདམས་སུམ་ཅུ་རྩདྲུག་པ་ཞེས་པ་སྔོན་འགྲོ་བཞིའི་ཡན་ལག་དྲུག །གཞན་རྗེས་སུ་འཛིན་པའི་ཡན་ལག་དྲུག །ཐུགས་རྗེ་ཆེན་པོ་དང་ཚུལ་མཐུན་པའི་ཡན་ལག་དྲུག །རང་ལ་བཞེང་བསྐུལ་གདམས་པའི་ཡན་ལག་དྲུག །ཐུགས་རྗེ་ཆེན་པོ་མྱུར་དུ་གྲུབ་བྱེད་ཀྱི་ཡན་ལག་དྲུག །ཐུགས་རྗེ་ཆེན་པོ་ཆོས་བློ་ཐག་ཆོད་པའི་ཡན་ལག་དྲུག་དང་བཅས་པ། ཞལ་གདམས་དྲུག་གསུམ་པ་ལ། རང་བྱུང་གི་ཉམས་དྲུག །ཐབས་མཁས་པའི་ཡན་ལག་དྲུག །རང་ལུས་བསྲང་ཞིང་གནོད་པ་སེལ་བའི་ཡན་ལག་དྲུག་རྣམས། བཅུ་གསུམ་པ་སྲང་དུ་བཞུགས་པའི་ཞལ་གདམས་ལ། བརྗོད་བྱའི་དོན་ལ་དཔེ་དོན་རྟགས་གསུམ། རྗོད་བྱེད་ཚིག་ལ་རྨོངས་པ་ལམ་གཞུག །དད་ཅན་སྤྲོ་བསྐྱེད། བརྩོན་འགྲུས་ཅན་ཆོས་ལ་གཟུད་པ། གསུམ་གྱི་དྲང་དོན། ཡར་ལྟ་བ་ལ་འབྱམས་སུ་མི་གཞུག །མར་རྒྱུ་འབྲས་ལ་འཐས་སུ་མི་གཞུག །བར་བཏང་སྙོམས་ལ་ལྡིང་དུ་མི་གཞུག་པ་གསུམ་གྱི་ངེས་སྟོན། ལྟ་སྒོམ་སྤྱོད་གསུམ་གྱིས་སྙིང་པོ་བསྟན་པ། གནད་ཀྱི་ཞལ་གདམས་ཞེས་པ་ཉམས་ལེན་སྤོང་བའི་འདྲེ་དྲུག །ཁར་མི་གཏོང་བའི་བདུད་དྲུག །ཐར་བར་བྱ་བའི་འཕྲང་དྲུག །མཚན་ཉིད་དང་ལྡན་པའི་འབྲེལ་བ་དྲུག །ཐེ་ཚོམ་མེད་པའི་ཡིད་ཆེས་དྲུག །ཡང་དག་ལྟར་སྣང་གི་འདྲ་མིན་དྲུག་རྣམས། བཅུ་བཞི་པ་ཞལ་གདོན་བྱ་བའི་ཞལ་གདམས་ལ། སྦྱོར་དངོས་འཇུག་གསུམ་གྱི་སྒོ་ནས་སྐྱབས་སེམས་འབོལ་ཆོག །སློབ་དཔོན་དང་རྟེན་གྱི་དྲུང་


GLG003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡོམ་པ་ལེན་པ། རྗེས་དྲན་དྲུག་གིས་བསྲུང་བ་སྟེ་བསྙེན་གནས་འབོགས་ཆོག །བསྔོ་བ་ལ། ཡོ་བྱད་ལ་སྤྱོད་པ། ཡོན་ཏན་བཤད་པ། ཡོན་སྦྱང་བ། བསྔོ་བ་བཞིའི་སྒོ་ནས་བཤད་པ་རྣམས་སོ། །གཉིས་པ་ཟབ་པ་རང་དོན་དུ་གདམས་པ་ལ། འཁོར་ལ་གདམས་པ། ཟབ་པ་ཐུན་མོང་མ་ཡིན་པ། ཁྱད་པར་གྱིས་ཟབ་དོན། དོན་བཤད་པའི་ཞལ་གདམས་དང་ལྔ། དང་པོ་ལ། རྒད་པོ་ལ་གདམས་པ་ཞང་བློན་སྣ་ཆེན་པོར་གསུངས་པ་བྱང་ཆུབ་གནས་སུ་བློ་བདེ་བར་འགྱུར་བ། རྒན་མོ་ལ་གདམས་ལ་ཞང་ཞུང་བཟའ་ལི་དི་སྨན་ལ་གསུངས་པ་མདའ་ཁ་འཆི་བྲོད། བུད་མེད་ལ་གདམས་པ་རུ་ཡོངས་བཟར་གསུངས་པ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་འཚང་རྒྱ་བ། སྲས་ཀྱི་ཡུམ་ཚེ་སྤོང་བཟའ་ཁྲི་ལྕམ་ལ་གདམས་པ་སངས་རྒྱས་དང་ཞལ་མཇལ་བ། ཕྱི་བློན་བསྲུང་བཏང་གཟུངས་ལ་གདམས་པ་རྒས་ནས་ཆོས་དང་ཕྲད་པ། ནང་བློན་མགར་སྟོང་བཙན་ཡུལ་བཟུང་ལ་གདམས་པ་སྡིག་ཟད་པའི་རྟགས་ཐོན་པ། འབྲི་བསེ་རུ་གུང་སྟོན་ལ་གདམས་པ་ཐུགས་རྗེ་ཆེན་པོ་དང་མི་འབྲལ་བར་འགྱུར་བ། སྦས་འབྲོངས་གཤོར་མདོ་བཙན་ལ་གདམས་པ་སྡིག་པོ་ཆེ་ཅིག་ཅར་འཚང་རྒྱ་བ་རྣམས། གཉིས་པ་ཟབ་པ་ཐུན་མོང་མ་ཡིན་པ་ནི། ལྟ་བ་གསུམ་གྱི་ཞལ་གདམས་བཞེད་པ་ཐག་རིང་དུ་འགྲོ་ན་འཁྱེར་རྒྱུ། གཅིག་པུར་འདུག་ན་སེམས། མང་པོའི་ཁྲོད་དུ་ངག་ལ་བལྟ་བ་རྣམས། ཞལ་གདམས་དོན་གསུམ་ཞེས་པའི་རིགས་དྲུག་འཁོར་བའི་གཡང་ལ་བསྐྱུར་བ། མི་རྟག་པའི་དཔེ་གསུམ་གྱིས་ལེ་ལོ་ཅན་བརྩོན་འགྲུས་བསྐྱེད་པ། ཐུགས་རྗེ་ཆེན་པོའི་ཡོན་ཏན་གྱིས་སྐལ་ལྡན་གྱི་སྤྲོ་བ་བསྐྱེད་པ་རྣམས། ཕར་ཕྱིན་དྲུག་གི་ཞལ་གདམས། ཚད་མེད་དྲུག་ཅེས་པ་འགྲོ་དོན། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས། ཐུགས་རྗེ་དང་


GLG003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། སྒྱུ་མའི་དཔེ་བརྒྱད་ཅེས་པ་ལུས་སྤྲུལ་པ། ཁྱིམ་དྲི་ཟའི་གྲོང་། འཁོར་གཡོག་རྨི་ལམ། ལོངས་སྤྱོད་སྒྱུ་མ། སྣང་སྲིད་ཆུ་ཟླ། སྙན་གྲགས་བྲག་ཅ། ཟས་སྐོམ་རྨིག་རྒྱུ། སེམས་ནམ་མཁའ་ལྟ་བུ་རྣམས། གསུམ་པ་ཁྱད་པར་གྱིས་ཟབ་དོན་ལ། སྤང་བླང་དྲུག་གི་སྒོ་ནས་འཁོར་འདས་ཀྱི་འབྲེལ་པ་གཅོད་པ་ཉམས་སུ་བླང་བའི་ཞལ་གདམས། སྤྱི་བོར་བླ་མ། དེའི་བཀའ་དྲིན། གདམས་པ་དྲན་པ་གསུམ་གྱི་སྒོ་ནས་བྱིན་བརླབས་ལམ་གྱི་བླ་སྒྲུབ། རྣམ་པ། མོས་པ། ང་རྒྱལ་གསུམ་གྱིས་ལྷ་ལམ་དུ་བླང་བ། སོ་ཐར། བྱང་སེམས། སྔགས་སྡོམ་གསུམ་ཡར་ལྡན་གྱི་ཞལ་གདམས། སྐྱེས་བུ་འདོད་ཆགས་ཅན་ལ་ཐབས་ལམ་རྩ་རླུང་ཐིག་ལེ་གསུམ་གྱི་ཞལ་གདམས། བསྐྱེད་རྫོགས་ལ་བརྟེན་ནས་མཚན་བཅས་མཚན་མེད་ཀྱིས་ཞལ་གདམས། བདག་འཛིན་འགོང་པོ་སྒོར་དབྱུང་བ་བདག་མེད་ཟུང་འཇུག་གི་ཞལ་གདམས་རྣམས། བཞི་པ་གནད་ཀྱི་ཁྱད་པར་ཟབ་དོན་ལ། སྒོམ་པ་གནད་ཀྱི་ངོ་སྤྲོད་ཅེས་པ་ཐབས་ཀྱི་སྒོ་ནས་སྒོམ་བྱའི་ཡུལ། ཤེས་རབ་ཀྱི་སྒོ་ནས་སྒོམ་བྱེད་སེམས། གཉིས་མེད་སྒོ་ནས་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པ། ཟུང་འཇུག་གསུམ་ཞེས་པ་བསྐྱེད་རྫོགས། ཐབས་ཤེས། དབྱིངས་དང་ཡེ་ཤེས་ཀྱི་ཞལ་གདམས། བར་དོ་ལ་དབང་པོ་རབ་ལ་བར་དོ་མེད་པ་ཆོས་སྐུའི་ལམ་ཁྱེར། འབྲིང་ལ་བར་དོར་འཚང་རྒྱ་བའི་ལམ་ཁྱེར། ཐ་མ་ལ་འདའ་ཁ་འཆི་བྲོད་ཀྱི་ལམ་ཁྱེར། མཚན་ཐོས་པ། སྙིང་པོ་བཟླས་པ། འཁོར་ལོ་བཏགས་པ་གསུམ་གྱིས་འཚང་རྒྱ་བ་རྣམས། ལྔ་པ་དོན་བཤད་པའི་ཞལ་གདམས་ལ་ཐུགས་རྗེ་ཆེན་པོའི་དོན་བཤད་པའི་ཞལ་གདམས་ཞེས་པར་ཐུགས་རྗེས་གཟིགས་ཚུལ། ཡུལ། སྤྱན། ཆེ་བ་རྣམས་དྲུག་དྲུག་ཏུ་ཕྱེ་བ་དང་ཐུགས་རྗེ་ལ་ཡང་སྐུས་འདུལ་བའི་ལྷ་དྲུག །གསུང་གིས་འདུལ་བའི་སྔགས་དྲུག །ཐུགས་ཀྱིས་འདུལ་བའི་དགོངས་པ་འབྲས་སོའི་རྟགས་


GLG003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག །དགོངས་པ་དྲུག །ཉམས་ལེན་དྲུག །མཐར་དབྱུང་དྲུག །ལ་ཟླ་དྲུག་རྣམས། གསུམ་པ་ཐོར་བུའི་སྐོར་ལ། ཆོས་ཐམས་ཅད་ཐུགས་རྗེ་ཆེན་པོར་འདུས་ཚུལ་སྙིང་པོར་དྲིལ་བ་སྤྲོ་ན་མདོ་རྒྱུད་ལ་ལྟ་བར་བྱའི་མཐའ་ཅན། ལི་ཡུལ་གྱིས་དགེ་སློང་གིས་ཆོས་རྒྱལ་མཇལ་བའི་ལོ་རྒྱུས་ལས་འཕྲོས་ཏེ་རྒྱལ་པོ་སྤྱན་རས་གཟིགས་དངོས་སུ་བསྟན་པ། གྱེ་རེ་ཡས་འཕྲང་གིས་ཡིག་དྲུག་རང་བྱོན་ལ་བརྟེན་ནས་གསུང་སྐྱེ་བ་མེད་པའི་སྒྲར་བསྟན་པ། སྲས་ཀྱི་ཞུས་ལན་ར་སའི་གཙུག་ལག་ཁང་གི་ཆེ་བ་བསྟན་པ། ཐུ་མིས་ཞུས་ལན་གཙུག་ལག་ཁང་གནས་འཇིག་གི་སྐོར། རྒྱལ་པོ་ལུགས་ཀྱི་གཟུང་སྔགས་ཀྱི་ལོ་རྒྱུས་ཆེ་བརྗོད། བཅུ་གཅིག་ཞལ་གྱི་གཟུངས་རིན་ཅེན་འབྲུག་སྒྲ། ཕྱི་རྒྱལ་པོ་ལུགས་ཀྱི་གཏམ་རྒྱུད། བཀའ་ཆེམས་དྲི་མེད་ཟླ་བ་ལེའུ་བཅུ་དྲུག་པ། རྒྱལ་པོ་ཡབ་ཡུམ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་ཞིང་ཡར་ཀླུངས་སུ་བང་སོ་བཏབ་ཚུལ། ལྷ་ས་ཆུ་དང་བསམ་ཡས་མེ་དང་བྱེ་མས་འཇིག་ཚུལ། དེའི་གཉེན་པོར་ཀླུ་འཇོག་པོས་ཕུལ་བའི་རིན་པོ་ཆེའི་ཆུ་ཤེལ་བསམ་ཡས་ཀྱི་སྲོག་ཤིང་དང་། ཚངས་པ་ཕུལ་བའི་རིན་པོ་ཆེ་སའི་སྙིང་པོ་ལྷ་སའི་ཆུ་བཟློག་དོན་དུ་ཧལ་པོ་རིར་སྦས་པ། གཙུག་ལག་ཁང་གཉིས་འཇིག་པའི་སྔ་ལྟས་ལུང་བསྟན། ཆུ་བཟློག་ལྷ་ཁང་བརྩིགས་ཚུལ། མེས་སྲོང་བཙན་གྱིས་སྦས་པའི་གཏེར་རྣམས་སློབ་དཔོན་ཆེན་པོས་མངའ་བདག་ལ་བསྟན་པ། ཨ་མྲྀ་ཏའི་ཆེ་བརྗོད། བཀའ་གཏད་ཀྱི་ཡི་གེ །ཆུ་བཟློག་དང་ཇོ་བོའི་རྟེན་བཞུགས་གནས་བརྟན་གྱི་གསོལ་འདེབས། གཏེར་སྟོན་འདྲ་མིན་བརྟག་པའི་ལུང་བསྟན། ལྡེ་མིག་གསལ་བའི་འཁྲུལ་ཞུམ་ཞེས་པ་བུ་ཆུ། མཆོད་རྟེན་བཀྲ་ཤིས་མཛེས་ལྡན། གཤིན་རྗེ་དོང་ཁ། ནེའུ་ར་གཡུ་མཚོ་རྣམས་ཀྱི་གཏེར་བྱང་། བརྒྱུད་འདེབས་བདེ་བ་ཅན་གྱི་ཞིང་ཁམས་མ་


GLG003_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །དཀར་ཆག་དང་རིག་འཛིན་ཆེན་པོའི་གསན་ཡིག་སོགས་ལ་དཔགས་ན་ཆོས་ཚན་ཁ་ཤས་མ་ཚང་ཞིང་དབང་ཞིག་ཀྱང་ཡོད་ཚོད་དུ་འདུག་རུང་ཆོས་རྒྱུན་དཀོན་པར་སྣང་བས་ཆད་དམ་སྙམ། ཡོད་སྲིད་ཀྱང་ཁོ་བོའི་མངོན་སུམ་གྱི་སྤྱོད་ཡུལ་ནི་དེ་ཙམ་མོ། །གོང་སྨོས་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་སྲོང་བཙན་སྒམ་པོ། ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། སྲས་མཆོག་ཡེ་ཤེས་རྡོ་རྗེ། གུ་རུ་སངས་རྒྱས་བློ་གྲོས། མཚན་ལྡན་བསོད་ནམས་ལྷུན་གྲུབ། དྲིས་ཆེན་དྷརྨ་དྷ་ཛ། རིག་འཛིན་ཀརྨ་བཟང་པོ། མཚུངས་མེད་གྲུབ་མཆོག་བཟང་པོ། རྒྱལ་སྲས་པདྨ་རིག་འཛིན་སྙིང་པོ། རྩེ་ལེ་སྤྲུལ་སྐུ་པདྨ་ལེགས་གྲུབ་རྩལ། རྫོགས་ཆེན་པ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་གྱི་སྔགས་དཀར་མ་ཎི་པ་ལ་བསྩལ་ཏོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་སྤུ་རི་ཕུག་མོ་ཆེ་ནས་སྤྱན་དྲངས་པའི་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་རྒྱས་པ་གསེར་གྱི་འཕྲེང་བ་ཐར་ལམ་གསལ་བྱེད་ཅེས་བྱ་བའི་པདྨ་བཀའི་ཐང་ཡིག་ལེའུ་བརྒྱ་དང་བཅུ་བདུན་ཡོད་པའི་ལུང་ནོས་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། སློབ་དཔོན་སངས་རྒྱས་གཉིས་པ། བཀའ་སྡུད་པོ་ཡེ་ཤེས་འཚོ་རྒྱལ། རིག་འཛིན་སངས་རྒྱས་གླིང་པ། སྲས་ཛྙཱ་ན་བཛྲ། འོད་གསལ་ཀློང་ཡངས། དྷརྨ་མ་ཏི། བསོད་ནམས་རིན་ཆེན། ཐ་ཆུང་དབོན་པོ། གནམ་གོང་བསོད་ནམས་བཟང་པོ། རབ་འབྱམས་པ་དགེ་བའི་བློ་གྲོས། དཀར་ཆེན་བསྟན་འཛིན་ནོར་བུ། རྒྱལ་སྲས་བསྟན་པའི་འབྱུང་གནས། རྗེ་པདྨ་འཕྲིན་ལས། བོན་ལུང་གར་གྱི་དབང་པོ། ཆོས་གཏེར་འཕྲིན་ལས་


GLG003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་རོལ་པ་རྩལ་གྱིས་ཀླུ་བཙན་གནས་པའི་ས་རྩེ་ཆེན་བྲག་དམར་ནས་སྤྱན་དྲངས་པའི་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུའི་སྐོར་ལ། རས་བྲིས་ཀྱིས་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཐུན་མོང་རིག་པའི་དབང་ལྔ། ཐུན་མོང་མ་ཡིན་པའི་རྡོ་རྗེ་སློབ་དཔོན་གྱི་དབང་། མཐའ་རྟེན་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་། སྔགས། དཔལ་གྱི་ཆས། ཕྱག་མཚན། ཆོས་འཆད་པ། སྲས་མཆོག་རྣམས་ཀྱི་རྗེས་གནང་། རྫས་ཀྱི་དཀྱིལ་འཁོར་དུ་གསང་དབང་། མཐའ་རྟེན་ལུང་བྷ་གའི་དཀྱིལ་འཁོར་དུ་ཤེར་དབང་། མཐའ་རྟེན་དབུགས་དབྱུང་། སེམས་ཀྱི་དཀྱིལ་འཁོར་དུ་ཚིག་དབང་མཐའ་རྟེན་གཟེངས་བསྟོད། མཇུག་ཏུ་གཞན་དོན་ཡོངས་རྫོགས། དྲག་པོས་འགྲོ་འདུལ་ཕྱག་མཚན་འབར་བ། རྒྱན་དང་ལོངས་སྤྱོད་རྫོགས་པ། འཆི་མེད་ཚེ། ཞལ་ཟས་ཚོགས། མར་མེ། སྤྱོད་པ། བར་གཅོད་འདུལ་བ། དངོས་གྲུབ་མྱུར་ཐོབ། ཕྱིར་མི་ལྡོག་པ། ལུང་བསྟན་དབུགས་དབྱུང་དང་བཅས་དབང་ཡོངས་རྫོགས་མནོས་ནས། ལུང་ལ། དཔག་བསམ་ལྗོན་པའི་སྡོང་བུ། ཡན་ལག །ལོ་འདབ། ལག་ཕྲན། མེ་ཏོག །འབྲས་བུ། གྲིབ་མ། པགས་པའི་ཚུལ་དང་བརྒྱད། དང་པོ་ལ། རྡོ་རྗེ་ཕུར་པའི་སྒྲུབ་ཐབས་རྩ་བ་མན་ངག་ལག་ལེན་ཐུགས་ཀྱི་སྙིང་ཁུ་སྤྱི་དོན་གསུམ་གྱིས་བསྟན་པ་སྟོད་ལས་ཀྱི་རིམ་པ་རྫོགས་སོའི་མཐའ་ཅན། དེའི་བཤད་འགྲེལ་དྲི་མེད་ཤེལ་འཕྲེང་ཞེས་པ་གསང་མཆོག་བདུད་འདུལ་ཕུར་པའི་མངོན་རྟོགས་ཀྱི་ལས་རིམ་གསལ་བར་སྟོན་པ་ལྷ་ཉེ་བར་བསྙེན་པ་འོའི་མཐའ་ཅན། དེའི་རྩ་བརྒྱུད་རྣམས་དྲིལ་བ་རྩ་ཐུང་


GLG003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཞེས་པ་རྩ་བ་རྡོ་རྗེ་ཁྲོས་པ་རྫོགས་སོའི་མཐའ་ཅན། དེའི་འགྲེལ་པ་ཐུགས་ཀྱི་མེ་ལོང་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོའི་མཐའ་ཅན་རྣམས། གཉིས་པ་དཔག་བསམ་ལྗོན་པའི་ཡན་ལག་ལ། ལས་བྱང་ཁྲིགས་བྱས་ཞེས་པ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་འཁོར་སྲུང་མ་དམ་ཅན་དང་བཅས་པའི་ཕྱག་འཚལ་མཆོད་བསྟོད་ཀྱི་ལས་རིམ་ཕུར་བུའི་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད་ཀྱི་མཐའ་ཅན། དེའི་མཇུག་ལྷན་ཐབས་ལ་རྟགས་བསྟོད། སྨད་ལས་ཀྱི་བསྐུལ། ཆད་མདོ། བསྟན་སྐྱོང་། རྟ་བྲོ་དང་བཅས་པ་ལས་བྱང་གི་གོ་རིམ་ཨོ་རྒྱན་གྱི་དགེ་སློང་པདྨ་འབྱུང་གནས་ཀྱིས་མཛད་པ་འཚོ་རྒྱལ་གྱིས་ཟིན་བྲིས་སུ་བཏབ་པའི་མཐའ་ཅན། སློབ་མ་སྨིན་བྱེད་དབང་གི་ལས་ཁྲིགས་པདྨ་འབྱུང་གནས་ཀྱིས་ཕྱི་རབས་ཀྱི་དོན་དུ་ཕྱེ་བ་ཐུགས་ཀྱི་སྲས་དང་ཕྲད་ཤོག་དང་སྲུང་མ་བཀའ་སྒོ་མཱ་ར་ཡའི་མཐའ་ཅན་རྣམས། གསུམ་པ་དཔག་བསམ་ལྗོན་པའི་ལོ་འདབ་ལ། གདབ་ལས་ཁ་ཀློང་དོན་རབ་ཏུ་གསལ་བ་ཞེས་པ་དབྱེ་བ། བཅིང་བ། སྨྱོར་འཇུག་པ། གསད་པ། བསྟབ་པ། མནན་པ་སྟེ་ལས་དྲུག་དང་། ཐེམས་བྱང་འདི་ལྟར་འདུག་ཀྱང་བཞུགས་ཚུལ་ཆོས་དབང་བྱང་གཏེར་སོགས་དང་མཐུན་པའི་མནན་པ་ལོགས་སུ་འདུག་གོ །དྲག་པོའི་སྦྱིན་སྲེགམནན་པ། ཟོར་རྣམས་ཨོ་རྒྱན་པདྨས་ཕྱི་རབས་དོན་དུ་མཛད་པ་འཚོ་རྒྱལ་གྱིས་ཟིན་བྲིས་སུ་བཏབ་པ། དམ་ཅན་ཉེ་བར་བསྙེན་པའམ་མཚན་མ་འབྱིན་པའི་བཟླས་པ། ངན་སྔགས་ཉེ་བར་བསྙེན་པ་ཞེས་པ་ལྷ་དང་ཕྲལ་བ། གཟུགས་ལ་དབབ་པ། ཡན་ལག་བཅིང་བ། སྨྱོར་འཇུག་པ། གཏུན་དུ་བརྡུང་བ། ཞལ་བཏབ་དང་དྲུག་འདི་གཏེར་ཁ་འོག་མ་སོགས་དང་མཐུན། དབྱེ་བ་སོགས་ངན་སྔགས་དྲུག་གི་འཁོར་ལོའི་འདྲི་༼གཏེར༽ཐབས་གྲོལ་བར་འགྱུར་རོའི་མཐའ་ཅན། ལྷ་དང་དགྲ་ལ་དངོས་གྲུབ་ཀྱི་


GLG003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་བླང་བ་རྟག་ཆད་གཉིས་ཀ་གོང་དུ་བཀག་པོ་འོའི་མཐའ་ཅན། གོང་གི་ཁ་སྦྱོར་ཞེས་པ་ངན་སྔགས་ཉེ་བར་བསྙེན་པའི་གདབ་ཁ་དྲུག་གི་འཕྲིན་ལས། དཀྱུས་ན་ཨོཾ་ལཾ་ཧཱུྃ་ལཾ་ཞེས་པའི་དོན་མནན་པ་ལས་ཀྱི་སྦྱོར་བ་བསྟན་པ། ཚར་གཅོད་པ་དྲག་པོའི་སྦྱིན་སྲེག །ཕན་གདགས་ཞི་བ་རོ་སྲེག་གི་ཆོ་ག་རྣམས། དྷ་ཏི་༼གཏེར༽གསུམ་གྱི་རང་རྟགས་སྲོག་གི་སྙིང་པོ་ཕུར་པ་སྲོག་གི་སྤུ་གྲི་འོའི་མཐའ་ཅན། བཞི་པ་དཔག་བསམ་ལྗོན་པའི་ལག་ཕྲན་ལ། ཀླུ་འདུལ་ལས་ཀྱི་ཁ་ཚར། སེང་ཕུར་ལ་བརྟེན་པའི་ཆར་༼གཏེར༽འབེབས། ཁྲོ་བཅུའི་རྟ་མགྲིན་དུ་བསྐྱེད་པ་དང་རུས་སྦལ་ལ་བརྟེན་པའི་སེར་༼གཏེར༽འབེབས། ཁྲོ་བོ་རིགས་ལྔ་ཕུར་པ་༼གཏེར༽སྲས་མཆོག་ཧཱུྃ་མཛད་སྒོ་མ་བཞི་ལ་བརྟེན་པའི་ཚེ་སྒྲུབ། རོ་བམ་དང་རྫས་ལ་དངོས་གྲུབ་ཏུ་བསྒྲུབ་པའི་བམ་སྒྲུབ། ཐུན་གྱི་ལས་སྦྱོར་དོན་གསུམ་༼གཏེར༽གྱིས་བསྟན་པས་སྐབས་དང་སྦྱར་བར་བྱ་འོའི་མཐའ་ཅན། རྨད་པོ་གསོ་བའི་ཐབས་༼གཏེར༽བྲི་ཞིང་བཟླས་སོའི་མཐའ་ཅན་རྣམས། ལྔ་པ་དཔག་བསམ་ལྗོན་པའི་མེ་ཏོག་ལ་དཀྱིལ་འཁོར་རྣམ་དག་ལ་དགོངས་ཏེ་བསྐྱེད་༼གཏེར༽པ་འཚང་རྒྱ་བར་འགྱུར་རོའི་མཐའ་ཅན། བདུད་རྩི་ལྔའི་ཆག་ཆག་གདབ་༼གཏེར༽པ་བདུད་རྩི་དྲི་ཆེན་མ། འཛབ་བསྟོད་སྤྲོས་མེད་༼གཏེར༽ཐིག་ལེ་མ། རྡོ་རྗེ་གཞོན་ནུའི་སྐུ་མདོག་ཕྱག་མཚན་འཁོར་སོགས་སྟོན་པ་༼གཏེར༽ཕུར་པ་ལུང་གི་ཆིངས་གལ་ཐོ་གསེར་འཕྲེང་། སྨན་ཕུད་གལ་ཐོ་བདུད་རྩི་བུམ་པའི་ས་མ་ཐི་གསད་༼གཏེར༽ནན་གྱི་མཚམས་ཞེས་བྱའོའི་མཐའ་ཅན། རྟོགས་པས་བདག་གྲོལ་བའི་ལས་༼གཏེར༽ཁ་ཚར་སྟོན་པ་རྣམས། དྲུག་པ་དཔག་བསམ་ལྗོན་པའི་འབྲས་བུ་ལ། མན་ངག་གནད་ཀྱི་བྱང་གཅིག་གམ། དམར་བྱང་སྙིང་འགྲེལ་དུ་བཀོལ་བ་


GLG003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྒྲུབ་པ་ལུས་དཀྱིལ་ལ་བརྟེན་ནས་གསུམ་དྲིལ་གྱི་གདམས་པ་ངད་ལྡན་བྱུང་ན་སྦྱིན་པར་རིགས་པའི་མཐའ་ཅན། བདག་འཇུག་སྤྲ་འཁྲིད་དོན་དབང་ནོར་བུའི་སྙིང་པོ་འཚོ་རྒྱལ་གྱི་དོན་དུ་གསུངས་པ། འཕྲིན་ལས་ལམ་འཁྱེར་བསྡུས་པ་འཚོ་རྒྱལ་གྱིས་མཁར་རྫོང་ཤེལ་གྱི་བྲག་ཕུག་ཏུ་མཛད་པ། ཨོ་རྒྱན་གྱི་ཞལ་གདམས་དམར་བྱང་དུ་བཀོད་པའམ་གནད་དོན་དུ་གདམས་པར་གྲགས་པ་རྣམས། བདུན་པ་དཔག་བསམ་ལྗོན་པའི་གྲིབ་མ་ལ། རི་ཏི་མཆེད་བཞི་སྒྲོལ་གིང་ཅན་གྱི་དྲག་སྔགས་བརླག་པར་གདོན་མི་ཟ་འོའི་མཐའ་ཅན། བསེ་མོ་གནད་གཅོད་ཅན་གྱི་སྔགས་༼གཏེར༽བརླགས་པར་གདོན་མི་ཟ་འོའི་མཐའ་ཅན། སྡེ་བརྒྱད་སྤྱི་དྲིལ་གྱི་སྲོག་སྙིང་གསེར་ཕུར་དུ་ཕྱུང་བ་ཞེས་པ། སྟོན་པ། འབྱུང་ཁུངས་སྐྱེ་རྒྱུད། དབྱེ་བ། རྒྱུ་མཚན། ལས། ངོ་བོ། སྒྲུབ་པའི་ཐབས། ལས་ཀྱི་འཕྱོང་སྟེ་བརྒྱད་ཀྱི་སྒོ་ནས་བསྟན་པ་སྦས་བྱང་གི་མཐའ་ཅན་རྣམས། རྫས་བསྲུང་ནག་པོ་དགུ་༼གཏེར༽སྦྱོར་ཞེས་པ་རྫས་སྣ་ཉི་ཤུ་རྩ་ལྔ་ལ་བརྟེན་པ། དྲག་པོ་རྫས་ཀྱི་རྭ་བསྲུང་༼གཏེར༽བྱུག་པ་རྒྱན་འཁོར་དུ་གྲགས་པ་དངོས་གྲུབ་རྣམས་དབེན་པའི་མཐའ་ཅན་རྣམས། བརྒྱད་པ་དཔག་བསམ་ལྗོན་པའི་པགས་པ་ནི། ཐོག་ཡིག་པར་བཀབ་སྙིང་བྱང་གལ་ཐོའོ། །ཐེམས་མེད་བསྲུང་བ་རྡོ་རྗེའི་གོ་ཁྲབ་སྙིང་ཕུར་དུ་གདམས་པ། བསྟན་སྲུང་ཤོ་ན་སྤུ་གྲི་ཅན་སྒྲུབ་པ་རྦད་བསྐུལ་བྱོའི་མཐའ་ཅན། བདུད་ནག་པོ་སྒྲོ་སྙིང་ཅན་གྱི་སྒྲུབ་ཐབས་འགྲུབ་པར་འགྱུར་རོའི་མཐའ་ཅན། དགྲ་བླ་ལྕགས་ཀྱུ་ཅན་གྱི་དྲག་༼གཏེར༽སྔགས་ཕྲད་ཤོག་གི་མཐའ་ཅན་རྣམས། དཔེ་རིས་ལ། དབང་བསྐུར་བའི་དཀྱིལ་འཁོར། ཨེ་ཁྲམ། ལྷ་དང་ཕྲལ། གཟུགས་ལ་དབབ་པ། ཡན་ལག་བཅིང་བ། སྨྱོར་འཇུག་པ། གཏུན་བརྡུང་། ཞལ་བསྟབ། དམར་པོ་སྲོག་འཁོར། གནད་


GLG003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་གཞོན་ནུ། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་གར་གྱི་དབང་ཕྱུག །ཐུགས་སྲས་ཡེ་ཤེས་རྡོ་རྗེ་གུ་རུ་སངས་རྒྱས་བློ་གྲོས། མཚན་ལྡན་བསོད་ནམས་ལྷུན་གྲུབ། སློབ་དཔོན་ཆོས་རྒྱལ་མཚན། སྙིང་ཕུག་ཀརྨ་བཟང་པོ། སྙིང་པོ་གྲུབ་མཆོག་བཟང་པོ། སྙིང་ཕུ་རིགས་འཛིན་དབང་པོ། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། བྱ་ཁྱུང་པ་དཔལ་ལྡན་སེང་གེ །བྱ་ཁྱུང་པ་ཆོས་རྒྱལ་བཀྲ་ཤིས། བྱ་ཁྱུང་པ་བསོད་ནམས་རྒྱལ་པོ། བྱ་ཁྱུང་པ་པདྨ་རྣམ་རྒྱལ། སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་བྱ་ཁྱུང་པ་པདྨ་རྣམ་རྒྱལ་ནས། དེ་སྲས་པདྨ་བསྟན་འཛིན། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་མན་འདྲའོ། །ལྷ་སྲས་སྐྱེ་མཐའ་སྤྲུལ་སྐུ་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་གིས་ཀོང་པོ་རྒྱ་ལ་ལྦ་དོང་བར་པ་ཚེ་བདག་ནག་པོའི་ཐུགས་ཀ་ནས་སྤྱན་དྲངས་པའི་འཇམ་དཔལ་དཀར་ནག་ཁྲ་གསུམ་གྱི་སྐོར་གྱི་ཟབ་རྒྱ་དང་པོ་ཞི་བ་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་གཞོན་ནུ་ཆུ་སྐྱེས་སྦྲགས་པའི་སྒོ་ནས་དུག་ལྔ་རང་གྲོལ་སྐུ་ལྔ་ཡེ་ཤེས་སུ་རྗེས་སུ་གནང་བ། ལུས་ངག་ཡིད་གསུམ་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་སུ་རང་བཞིན་དུ་རྗེས་སུ་གནང་བ། མཐའ་རྟེན་གླེགས་བམ། གདུགས། ཕྱག་མཚན། དུང་། འཁོར་ལོ། སྒྲུབ་པོད། བརྒྱུད་མར་གྱི་རྗེས་སུ་གནང་བ་རྣམས་མནོས་ནས། རྒྱབ་རྟེན་ལུང་ལ། འཇམ་དཔལ་དཀར་


GLG003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ཐུན་མོང་གི་སྐོར། ཡེ་ཤེས་སེམས་དཔའི་སྐོར། གཞོན་ནུ་ཆུ་སྐྱེས་ཀྱི་སྐོར་དང་གསུམ། དང་པོ་ནི། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་མ་རིག་མུན་སེལ་གསལ་བའི་སྒྲོན་མེ་ཞེས་པ་སྟོད་ཆའི་ཚུལ་དང་རྗེས་གནང་གི་ཡི་གེ་སྨད་ཆར་བྱས་པ་སྒྲུབ་ཐབས་དང་རྗེས་སུ་གནང་བ་རྫོགས་སོའི་མཐའ་ཅན། གཉིས་པ་ཡེ་ཤེས་སེམས་དཔའི་སྐོར་ལས་དང་པོ། བྲིས་སྐུ་ལ་བརྟེན་པའི་རྩ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའི་གསང་སྒྲུབ། བྲིས་སྐུའི་བསྐྱེད་ཆོག །གཉིས་པ་ལས་འཕྲིན་ལ། མཚན་ཡང་དག་པར་བརྗོད་པ་ལ། བརྟེན་ནས་ཐར་པ་དོན་དུ་གཉེར་ཞིང་གནས་སྐབས་དང་བར་དོ་གཤིན་རྗེའི་འཇིགས་སྐྱོབ། རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་ཕ་རོལ་ཆོམ་རྐུན་འཆིང་ཞིང་གནོད་པ་ལས་གྲོལ་བ། ཨཱ་ལི་བཅུ་དྲུག་ལ་བརྟེན་ནས་གཞན་དབང་དུ་བྱ་བ། ཀཱ་ལི་སོ་ལྔ་ལ་བརྟེན་ནས་ཚེ་བསྲིང་བ། རེའུ་མིག་ཞེ་དགུའི་སྦྱོར་བ་ལ་བརྟེན་ནས་ཕ་རོལ་གྱི་རིགས་སྔགས་བཟློག་པ། དེ་རྣམས་ཀྱི་དངོས་དང་མཚན་མའི་བརྟག་པ་དང་བཅས་པ། གསུམ་པ་གཞོན་ནུ་ཆུ་སྐྱེས་ཀྱི་སྐོར་ལ། རྩ་བའི་སྒྲུབ་པ། ཉེས་བྱས་འཇོམས་པ། ཡོན་ཏན་སྒྲུབ་པ། ངག་འགྲོལ་བ། གཞན་དང་རྩོད་པ་བྱ་བ། མ་ཤ་ལ་བརྟེན་པའི་ལས་སྦྱོར་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། འཕགས་པ་འཇམ་དབྱངས། དྲན་མཆོག་ཨོ་རྒྱན་ཆེན་པོ། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་གར་གྱི་དབང་ཕྱུག །བྱ་ཁྱུང་པ་དཔལ་ལྡན་སེང་གེ །གུ་རུ་ཆོས་རྒྱལ་བཀྲ་ཤིས། བླ་མ་དཔལ་འབར་དབང་ཕྱུག །བྱ་ཁྱུང་པ་ངག་དབང་པདྨ་རྣམ་རྒྱལ། རྒྱལ་དབང་པདྨ་བསྟན་འཛིན། རྒྱལ་བའི་སྲས་པོ་དཀོན་ཅོག་ཆོས་དབང་གྲགས་པ། ཟུར་ཁྱབ་བདག་ཆོས་དབྱིངས་


GLG003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཟབ་རྒྱ་གཉིས་པ་འཇམ་དཔལ་ཞི་དྲག་ཕྱེད་མའམ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་སྐོར་ལ། བཀྲ་ཤིས་ཚེ་གཟན། ཚེ་རྟེན་རྡོ་རྗེ། སྲོག་རྟེན་མདའ། སྲོག་ལུས་དབང་ཐང་རླུང་རྟའི་རྟེན་བུམ་པ། དངོས་གྲུབ་ཀྱི་རྟེན་བདུད་རྩི། དངོས་གྲུབ་བླང་བ་དང་བཅས་པའི་དབང་ལེགས་པར་མནོས་ནས། ལུང་ལ། ཚེ་བདག་དམར་པོའི་ཚེ་སྒྲུབ་བདུད་རྩིའི་ལྗོན་ཤིང་ཞེས་པ་བཅའ་གཞི། སྒྲུབ་པ་དངོས། ཚེ་འགུགས། བསྟོད་པ། དངོས་ཉམས་ཀྱི་རྟགས་དང་། ཞར་བྱུང་ཚེ་དབང་བསྐུར་བའི་ཆོ་ག་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་ཚེ་དབང་རྩལ་མན་གོང་ལྟར་རོ། །ཟབ་རྒྱ་གསུམ་པ་འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཚལ་བུ་བསྲུང་བཟློག་དོན་གྱི་མཐར་ཐུག་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གསང་བའི་ཡང་ཞུན་སྐོར་ལ། སྒོ་གསུམ་དྲི་མ་འདག་པ་བུམ་དབང་། ལྷ་འགྲུབ་བྱེད་སྐུ་དབང་། ལོག་འདྲེན་འདུལ་བ་ཕྱག་མཚན། ཡོན་ཏན་གཏེར་འབྱུང་ཕུར་དཔེ། འཕྲིན་ལས་ཀུན་འགྲུབ་འཕྲེང་ཐུན། སྒྲུབ་པ་ལས་སྦྱོར་གཏོར་མ་འབྲུབ་ཁུང་། འཕྲིན་ལས་བདག་པོར་འགྱུར་བ་རྡོར་དྲིལ་གྱི་བྱིན་རླབས་རྗེས་སུ་གནང་བ་མནོས་ནས། ལུང་ལ། གཏེར་གནས་གོང་མཚུངས་དངོས་བསྟན་དང་གཏེར་གནས་གཞན་ནས་སྤྱན་དྲངས་པའི་ཡིག་སྣ་སྟེ་གཉིས། དང་པོ་ལ། བསྙེན་པ། སྒྲུབ་པ། ལས་སྦྱོར་དང་གསུམ། དང་པོ་ནི། རང་ལུས་དཀྱིལ་འཁོར་ལ་བརྟེན་ནས་བསྙེན་པའི་ལས་རིམ། གཉིས་པ་སྒྲུབ་པ་ནི། བཅའ་གཞི་ལས་བྱང་ཞར་བྱུང་རྟགས་མཚན་དང་བཅས་པ་འཇམ་དཔལ་ནག་པོའི་ཐུགས་སྒྲུབ་ཨོ་རྒྱན་


GLG003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་སྲས་ལ་གཏོད་པའི་མཐའ་ཅན། གསུམ་པ་ལས་སྦྱོར་ལ། བསྲུང་བ་རྡོ་རྗེའི་གོ་ཁྲབ། ཟློག་པ་རལ་གྲིའི་འཁོར་ལོ། གསད་པ་ལས་ཀྱི་སྤུ་གྲི། ལས་ཚོགས་རྡོ་རྗེའི་ཕ་ལམ་ཞེས་པ་ལྟས་བརྟག་པ་དང་རྫས་བརྒྱད་ཅུ་རྩ་གཅིག་ལ་བརྟེན་ནས་སྟོབས་ལྡན་གྲིབ་འཇོམས་སྤྱི་དྲིལ་བསྲུང་བ། བྱེ་བྲག་གྲིབ་བསྲུང་། གྲིབ་འགོས་སེལ་བའི་གདམས་པ་དང་བཅས་པ་ཚེ་བདག་གསང་ཡིག་གི་གཞུང་ནས་བཏུས་པ། གསང་བ་གནད་ཀྱི་ཡིག་ཆུང་ལ། ཟློག་པ། གསད་པ། གྲིབ་བསྲུང་གི་འཁོར་ལོ་དང་། དམིགས་པའི་གདམས་པ་ཟབ་པའི་ཡང་སྙིང་ཡིག་ཆུང་དམར་བྱང་ཅན། བསྲུང་བཟློག་གསད་གསུམ་གྱི་གཤོར་བཅས་ཆོག་མ་གསང་བ་ཡང་ཕུར་དུ་གདམས་པ་ཞེས་པར་གཤོར་དཀར་པོ་བསྲུང་བ་སྐུ་གདུང་ལྔ་མ། གཤོར་ནག་པོ་བཟློག་པ་ཐོད་པ་བཞི་པ། གཤོར་ཁྲ་བོ་གསད་པ་ཕུར་བུ་གསུམ་པ། བྱད་མ་འབུམ་བཟློག་ཅེས་པ་བཅའ་བ་ཏིང་འཛིན་སྔགས་གསུམ་ཞར་བྱུང་རང་བསྲུང་སྒྲིབ་ཤིང་དང་བཅས་པ་རང་གཤེད་དབབ་པའི་བཟློག་ཡིག་གཤོར་གྱི་གདམས་པ་སྙིང་གི་དཀྱིལ་དུ་འཆང་བ་རྣམས། དཔེ་རིས་ལ། བསྲུང་བ་སྐུ་གདུང་ལྔ་པའི་འཁོར་ལོ། ཟློག་པ་ཐོད་པ་བཞི་པའི་འཁོར་ལོ། །གསད་པ་ཕུར་བུ་གསུམ་པའི་འཁོར་ལོ། །བནྡེ་དང་དབོན་པོ་གསོད་པའི་ལིང་ག་རེ། སྐུ་གདུང་། གཏོར་མ། ཐོད་པ་རྣམས་ཀྱི་ཤོག་ཁྲ་བཅས་པ། གཉིས་པ་གཏེར་གནས་གཞན་ནས་བྱོན་པ་ཡིག་སྣའི་སྐོར་ལ། དགྱེའོ་རོང་ཀླུ་བདུད་ཁ་གནོན་ནས་གདན་དྲངས་པ་ལ། གདོང་གི་གཤོར་དཀར་ནག་ཁྲ་གསུམ་གྱི་ཡིག་ཆུང་གསང་བ་ཐུགས་ཕུར་གྱི་གདམས་པ་གསང་བ་དཀྲུག་ཡིག་གི་ལྡེ་མིག་གསལ་བ་སྒྲ་རང་བསྒྱུར་དུ་


GLG003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ། རྒྱལ་དོང་ཁ་བར་མའི་གཏེར་མའི་བྱད་མར་རང་གཤེད་རང་ལ་དབབ་པ་ཙཀྲ་གཤིན་རྗེ་རྟ་རུ་ཞོན་ཅིང་གདན་དུ་འདིང་བའི་ཟབ་ཐིག་བཤན་པ་དམེ་རུ་ཙེ་ཞེས་པར་རྫས། དུས་ཚོད་ཚེས་གྲངས། ཙཀྲ་འདྲི་ཐབས། རབ་གནས། ལྟེབ་ལུགས། བཅང་ཐབས་ལས་སྦྱོར། མན་ངག་ཁ་བསྒྱུར། ལག་ལེན་དམར་ཁྲིད་དེ་དོན་བརྒྱད་ཀྱིས་བསྟན་པ་ཕྲད་ཤོག་གི་མཐའ་ཅན། དེའི་ཡིག་ཆུང་ཕ་རོལ་ཁྲག་ཏུ་སྐྱུག་པར་འགྱུར་བ། དམེ་རུ་ཙའི་གཤོར་དམར་ཆུང་རྣོ་ལ་ཟབ་པ། གཤིན་རྗེ་རྟ་ཞོན་གྱི་དཔེ་རིས། དེའི་རྒྱབ་ཏུ་དྲི་བའི་ཙཀྲ་བཅས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན། ལག་ན་རྡོ་རྗེ། བདེ་བ་མཆོག་ལྡན། མཁའ་འགྲོ་མ་ཟླ་བའི་འོད་ཟེར། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་གཙུག་ལག་དཔལ་དགེ །འཕུང་བྱེད་ཤིནྟཾཾ་གྷརྦྷ། དྷ་ན་དྷ་ལ། ཨོ་རྒྱན་ཆེན་པོ་མན་གོང་བཞིན་ནོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་ཀོང་པོ་རྒྱལ་དོང་ཁ་ནས་སྤྱན་དྲངས་པའི་གཤིན་རྗེ་ཁ་ལ་མེ་འབར་བྱད་མའི་གཤེད་མ་དམ་ཉམས་ཕུང་བྱེད་ཀྱི་མཚོན་ཆའི་སྐོར་ལ་ནང་གསེས་ཀྱི་ཕྱག་ལེན་བཅའ་གཞི། མངོན་རྟོགས་ལས་བྱང་སངས་རྒྱས་བསྟན་བསྲུང་མ། བསྙེན་སྔགས། མདུན་བསྐྱེད་ལས་སྦྱོར། བསྐུལ་ཕྱོགས་ཕྱོགས་མ་དང་བཅས་པ་ཨོ་རྒྱན་གྱི་དགེ་སློང་པདྨ་འབྱུང་གནས་ཀྱིས་གཤིན་རྗེ་ཐམས་ཅད་ཀྱི་ལས་རྒྱ་མཚོའི་ནང་ནས་མན་ངག་གསེར་ཕུར་དུ་ཕྱུང་བ། དྲག་པོ་མེའི་ལས་མཐའ་གཅིག་གཤོར་ནག་པོ་འགྱུར་མེད་ལོག་རྡུགས་འཁྱམས་གསུམ་མི་སྲིད་པ་སྙིང་གི་དཀྱིལ་དུ་འཆང་བའི་མཐའ་ཅན། གཤིན་རྗེའི་སྐུ། ཐབ་ཁུང་། ལིང་ག །གཏོར་མའི་དཔེ་རིས་དང་བཅས་པ། ཡང་གཏེར་གནས་


GLG003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ནས་སྤྱན་དྲངས་པའི་གཤིན་རྗེའི་གཤོར་ཕུང་བཤིག་བྱང་ཤིང་དམར་པོ་ལོ་མ་འགྱངས་པར་གྲོང་ཕུང་བར་འགྱུར་བ་དཔེ་རིས་དང་བཅས་པ་རྣམས་ཀྱི་ལུང་ཕྱག་ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེའི་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་གཙུག་ལག་དཔལ་དགེ །འཕུང་བྱེད་ཤིནྟཾ་གརྦྷ། དྷ་ན་དྷ་ལ། ཨོ་རྒྱན་པདྨ་ཐོད་འཕྲེང་། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། བྱ་ཁྱུང་པ་དཔལ་ལྡན་སེང་གེ །བདུད་འདུལ་སྔགས་པ། མི་འགྱུར་ཀུན་དགའ་དཔལ་བཟང་། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྗེ་ཀུན་དགའ་ཚེ་མཆོག་ནས། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་བསམ་ཡས་བྲག་དཀར་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པའི་མཁའ་འགྲོ་ལས་བརྒྱ་རྩའི་སྐོར་ལ། ཆོས་ལོངས་སྤྲུལ་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས། གཏོར་མ་དང་རིགས་ལྔའི་ཕྱག་མཚན་གྱིས་འགྲོ་བ་འདུལ་བའི་དབང་མནོས་ནས་ལུང་ལ། སྒྲུབ་པ་དང་ལས་སྦྱོར་གཉིས། དང་པོ་ལ། མཁའ་འགྲོ་སྡེ་ལྔ་རྩ་བའི་སྒྲུབ་པ། ལྟ་སྒོམ་སྤྱོད་གསུམ་འབྲས་བུ་དམ་ཚིག་རྣམས་སྟོན་པའི་རྫོགས་རིམ་མདོར་བསྡུས། བྱིན་རླབས་བྱ་ཚུལ་རྣམས། གཉིས་པ་ལས་སྦྱོར་ལ། བརྒྱ་རྩ་བརྒྱད་ཡོད་པའི་དང་པོ་མཁའ་འགྲོ་དབང་སྡུད། གཉིས་པ་འཆི་སླུ། གསུམ་པ་ཚེ་སྒྲུབ། བཞི་པ་གཟི་བརྗིད་བསྐྱེད་པ། ལྔ་པ་ལུས་སྟོབས་འཕེལ་


GLG003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པ། དྲུག་པ་བདེ་དྲོད་སྦར་པ། བདུན་པ་ལུས་མཉེན་པ། བརྒྱད་པ་ལུས་ཡངས་ཐབས། དགུ་པ་རྐང་མགྱོགས། བཅུ་པ་མིག་གསལ་བྱེད། བཅུ་གཅིག་པ་མིག་མི་ཕྱིད་པ། བཅུ་གཉིས་པ་རྐང་ལག་མི་ཕྱིད་པ། བཅུ་གསུམ་པ་ལྷམ་མི་དགོས་པ། བཅུ་བཞི་པ་ལུས་ལ་དྲི་བཟང་མནམ་པ། བཅོ་ལྔ་པ་མཆན་འོག་གི་དྲི་ངན་དབྱུང་བ། བཅུ་དྲུག་པ་སྣང་བ་དབང་སྡུད། བཅུ་བདུན་པ་རྒྱལ་པོ་དང་ཡུལ་ཁམས་དབང་སྡུད། བཅོ་བརྒྱད་པ་ཁྲམ་དབང་སྡུད། བཅུ་དགུ་པ་མ་དད་པ་དབང་སྡུད། ཉི་ཤུ་པ་བུད་མེད་དབང་སྡུད། ཉེར་གཅིག་པ་དེ་དག་འགྲོལ་བ། ཉེར་གཉིས་པ་ཕོ་དབང་སྡུད། ཉེར་གསུམ་པ་ནོར་དབང་སྡུད། ཉེར་བཞི་པ་ཟས་དབང་སྡུད། ཉེར་ལྔ་པ་སྲིས་རྨེ་བ། ཉེར་དྲུག་པ་ཟས་ཀྱི་སྦྱིན་སྲེག །ཉེར་བདུན་པ་ཌཱ་ཀི་ལག་བསྒུལ། ཉེར་བརྒྱད་པ་དོན་གཉེར་འགྲུབ་པ། ཉེར་དགུ་པ་རྨི་ལམ་བརྟག་པ། སུམ་ཅུ་པ་ལོངས་སྤྱོད་ཕུན་ཚོགས། སོ་གཅིག་པ་མཛེས་མ་རྒྱན་འཁོར། སོ་གཉིས་པ་མི་བྱམས་པ་བྱམས་པ། སོ་གསུམ་པ་གོས་དབང་སྡུད། སོ་བཞི་པ་མི་ཁ་མི་འབྱུང་བ། སོ་ལྔ་པ་སྐད་བདེ་བ། སོ་དྲུག་པ་སྙན་གྲགས་སྒྲུབ་པ། སོ་བདུན་པ་རང་འདོད་གྲོགས་ཕྲད། སོ་བརྒྱད་པ་རྩོད་པ་རྒྱལ་བ། སོ་དགུ་པ་ཚོང་རྒྱལ་བ། བཞི་བཅུ་པ་ཤོ་རྒྱན་རྒྱལ་བ། ཞེ་གཅིག་པ་སྡིག་ཅན་ཆོས་ལ་འཛུད་པ། ཞེ་གཉིས་པ་ཁྲོམ་གཡོ་བ། ཞེ་གསུམ་པ་ཁྲོམ་བསྲུང་བ། ཞེ་བཞི་པ་རླུང་གཡོ་བ། ཞེ་ལྔ་པ་རླུང་གནོན། ཞེ་དྲུག་པ་ཆར་འབེབས། ཞེ་བདུན་པ་ཆར་གཅོད། ཞེ་བརྒྱད་པ་སེར་བསྲུང་། ཞེ་དགུ་པ་ཐོག་བསྲུང་། ལྔ་བཅུ་པ་བསྲུང་སྐུད་གདགས་པ། ང་གཅིག་པ་མཚོན་བསྲུང་། ང་གཉིས་པ་སྡེ་བརྒྱད་བསྲུང་བ། ང་གསུམ་པ་སྨྱོ་འདྲེ་བསྲུང་བ། ང་བཞི་པ་འདྲེ་


GLG003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བསྐྲད་པ། ང་ལྔ་པ་འདྲེ་གདོན་གཟིར་བ། ང་དྲུག་པ་བགེགས་ཆེན་བསྲུང་བ། ང་བདུན་པ་མནའ་ཆད་བཟློག་པ། ང་བརྒྱད་པ་ཕྱོགས་ངན་བསྲུང་བ། ང་དགུ་པ་སྟེང་གདོན་བསྲུང་བ། དྲུག་ཅུ་པ་འོག་གདོན་བསྲུང་བ། རེ་གཅིག་པ་གཏད་འགྲོལ། རེ་གཉིས་པ་ཐེའུ་བྲང་བསྲུང་བ། རེ་གསུམ་པ་གཉན་ནད་བསྲུང་བ། རེ་བཞི་པ་འགོ་ནད་བསྲུང་བ། རེ་ལྔ་པ་རིགས་སྔགས་བཟློག་པ། རེ་དྲུག་པ་བསམ་སྦྱོར་ངན་བཟློག །རེ་བདུན་པ་ཞོ་ཆང་བསྲུང་བ། རེ་བརྒྱད་པ་རྐུན་མ་བསྲུང་བ། རེ་དགུ་པ་གཅན་གཟན་བསྲུང་བ། བདུན་ཅུ་པ་གདོང་སར་འགྲུལ་བསྲུང་། དོན་གཅིག་པ་ཤྭ་བཟློག །དོན་གཉིས་པ་ནད་པ་བྱིན་རླབས། དོན་གསུམ་ཇག་འཆིང་། དོན་བཞི་པ་གསོན་འདྲེ་ཁ་འཆིང་། དོན་ལྔ་པ་ཤི་འདྲེ་མནན་པ། དོན་དྲུག་པ་ཤ་ཟ་ཌཱ་ཀི་གནད་འབེབས། དོན་བདུན་པ་གྲིབ་སེལ། དོན་བརྒྱད་པ་གྲིབ་བསྲུང་། དོན་དགུ་པ་ངག་འགྲོལ། བརྒྱད་ཅུ་པ་ཤེས་རབ་འཕེལ་བ། གྱ་གཅིག་པ་སྲིད་སྤེལ། གྱ་གཉིས་པ་ལྟེ་བསྒྱུར། གྱ་གསུམ་པ་སྐྱེ་བ་དགག་པ། གྱ་བཞི་པ་ཡེ་ཤེས་ཌཱ་ཀི་བརྟག་པ། གྱ་ལྔ་པ་པྲ་འབེབས། གྱ་དྲུག་པ་ལ་ཉེ་བརྟག་པ། གྱ་བདུན་པ་ཡེ་ཤེས་དབབ་པ། གྱ་བརྒྱད་པ་ཡེ་ཤེས་གཤེགས་གསོལ། གྱ་དགུ་པ་ཁྱིས་མི་རྨུག་པ། དགུ་བཅུ་པ་མངོན་ཤེས་སྒྲུབ་པ། གོ་གཅིག་པ་རྡོ་ལ་རང་འབྱོན། གོ་གཉིས་པ་གཏོར་མ་འཁོལ་བ། གོ་གསུམ་པ་བུམ་ཆུ་མི་འཁྱགས་པ། གོ་བཞི་པ་གཏོར་མ་ཁྲག་སྒྱུར། གོ་ལྔ་པ་གྲུ་མི་འཇིག་པ། གོ་དྲུག་པ་དགྲ་བོ་སྲོག་འཕྲོག་པ། གོ་བདུན་པ་དགྲ་བོ་བསྐྲད་པ། གོ་བརྒྱད་པ་མཛའ་བོ་དབྱེ་བ། གོ་དགུ་པ་སྨྱོར་བཞུག་པ། བརྒྱ་ཐམས་པ་དེ་དག་འགྲོལ་བ། བརྒྱ་གཅིག་པ་མྱོས་པར་བྱེད་པ། བརྒྱ་གཉིས་པ་ཆོ་འཕྲུལ་གཏང་བ། བརྒྱ་གསུམ་པ་དེ་


GLG003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོལ་བ། བརྒྱ་བཞི་པ་བསོད་ནམས་ཉམས་བྱེད། བརྒྱ་ལྔ་པ་དགྲ་ངག་ལྐུགས་བྱེད། བརྒྱ་དྲུག་པ་མི་ཁ་གཏོང་བ། བརྒྱ་བདུན་པ་སྤྲུལ་པ་འདུལ་བ། བརྒྱ་བརྒྱད་པ་མཛེ་ནད་གཏོང་བ་དང་འགྲོལ་ཐབས་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་མོ། ལོངས་སྐུ་མཁའ་འགྲོ་སྡེ་ལྔ། སྤྲུལ་སྐུ་པདྨ་རྒྱལ་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རྒྱལ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ། གྲུབ་ཆེན་དར་མ་བཟང་པོ། འཕགས་དཔོན་དཔལ་འབྱོར་རྒྱ་མཚོ། ཀོང་ཆེན་ནམ་མཁའ་དཔལ་ལྡན། མཁས་གྲུབ་ཀུན་དགའ་དཔལ་བློ། གྲུབ་ཆེན་དཔལ་འབྱོར་བློ་གྲོས། བླ་མ་སངས་རྒྱས་བློ་གྲོས། གྲུབ་མཆོག་ཀརྨ་གསང་སྔགས། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །སྤྲུལ་པའི་གཏེར་སྟོན་གར་གྱི་དབང་ཕྱུག་གིས་པུ་རི་རིན་ཅེན་འབར་བའི་ལོགས་མཁའ་འགྲོ་མངོན་སྤྱོད་རྣམ་པར་གནས་པའི་ཕོ་བྲང་བྲག་རི་འབར་བ་རལ་གྲི་གཤིབས་པ་ལྟ་བུ་བུ་རི་ཕུག་མོ་ཆེ་ནས་ལ་ཆས་གཏུམས་པའི་སྨྱུག་སྦུབས་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལྷ་ཆེན་རླུང་གི་ཞགས་པ་ཁམས་གསུམ་དབང་སྡུད་སྐོར་ལ། རྩ་བསྙེན་སྒྲུབ་པ། དམིགས་བསལ་རྫས་སྔགས་ལས་ཕྲན། སྒོས་སྒྲུབ་དང་གསུམ། དང་པོ་ལ། ལྷོ་ཕྱོགས་གྱད་ཡུལ་མེ་རི་འབར་བའི་རྩེར་དབང་ཕྱུག་ཡབ་ཡུམ་གྱིས་ཨོ་རྒྱན་ཆེན་པོ་ལ་སྲོག་སྙིང་ཕུལ་བའི་ལོ་རྒྱུས་ཐོ་ཡིག །བསམ་ཡས་མངའ་གསོལ་གྱི་ཚེ་གཟའ་མིག་དམར་གྱི་སྤྲུལ་པ་མཆིམས་རྡོ་རྗེ་སྤྲེ་ཆུང་གིས་སློབ་དཔོན་ཆེན་པོར་གདམས་པ་ཞུ་པའི་ལོ་རྒྱུས། དབང་སྡུད་ལས་ཀྱི་འཁོར་ལོ་ཞེས་པར་རྣམ་གྲངས་ལྔ་ཚན་གཉིས་གསུངས་པའི་


GLG003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་ཕོ་དབང་སྡུད་ཀྱི་བསྙེན་པ་ཐམས་ཅད་དབང་དུ་འགྱུར་རོའི་མཐའ་ཅན། མོ་དབང་སྡུད་བུད་མེད་ལྟ་བུ་ལྟ་ཅི་སྨོས་པའི་མཐའ་ཅན། དབང་སྡུད་འཁོར་ལོ་དྲག་པོ་ཞེས་པ་མ་གྲོགས་བྲན་གསུམ་ལས་མ་ལྟར་བསྟེན་པའི་གདམས་པ་སྙིང་དང་འདྲ་བ་གཅིག་ལ་གཏོད་པའི་མཐའ་ཅན། ཕྱི་རྒྱ་སྐྱེགས། ནང་ཙནྡན། གསང་བ་ཟངས་ཀྱི་སྲིད་མེས་སོ་སོར་བཅའ་ཐབས་ཕྱི་ནང་གསང་སྒྲུབ་ཟབ་རྒྱའི་མཐའ་ཅན། རྟེན་གསུམ་གཅིག་ཏུ་དྲིལ་ནས་ལྷ་སྒོམ་བསྙེན་པ་བྱ་བ་དབང་ཕྱུག་ལ་མུ་སྟེགས་ཌཱ་ཀི་བཞིས་བསྐོར་བ་གར་བྱེད་འཁྲབ་པར་བྱུང་བའི་མཐའ་ཅན། གཏོར་མ་རི་རབ་ནོར་བུ་མིག་གསུམ་པའི་དཔེ་རིས། རྟེན་གསུམ་གྱི་སྙིང་པོ་ཕྱི་ཉི་ཟླ་རླུང་གི་འཁོར་ལོ་ལ་བརྟེན་ནས་གྲགས་པ་བསྒྲུབ་པ། ནང་ནོར་བུ་བསམ་འཕེལ་གྱི་འཁོར་ལོས་ཟས་ནོར་བསྒྲུབ་པ། གསང་བ་སྣང་བ་དབང་སྡུད་ཀྱི་འཁོར་ལོས་ཕོ་མོ་བསྡུ་བ། དེ་གསུམ་གྱི་འཁོར་ལོ་དང་དབང་རྟེན་གྱི་དཔེ་རིས། ཕོ་མོ་རྐྱང་འདེད་ཀྱི་སྒྲུབ་པ། ཏིང་ངེ་འཛིན། རྫས། སྔགས་གསུམ་བརྟེན་ནས་སྐྱེས་པ་བྲན་ལྟར་བཀོལ་བ། རྫས་སྔགས་ཏིང་འཛིན་གསུམ་གྱིས་བུད་མེད་དབང་དུ་བསྡུ་བ། རཏྣའི་གཏེར་མར་འདི་ལན་རི་འཕར་དུ་འཇུག་ཟེར་བ་འདུག །རྫས་དང་འཁོར་ལོར་བརྟེན་པའི་ནོར་བུ་བསམ་འཕེལ་ཕྱི་སྒྲུབ་དཔྲལ་བའི་མིག་ལས་གཅེས་པ། སྲེག་པའི་སྦྱོར་བས་ནོར་བུ་བསམ་འཕེལ་ནང་ལྟར་སྒྲུབ་པ་དངོས་གྲུབ་སྣ་ཚོགས་སྟེར་པ། ལྷ་སྔགས་རྟེན་གསུམ་གྱིས་ནོར་བུ་བསམ་འཕེལ་གསང་བ་ལྟར་བསྒྲུབ་པ། སྣང་སྲིད་བྲན་དུ་འགྱུར་བ་ཞར་བྱུང་རྟགས་དང་བཅས་པ། མུ་སྟེགས་རླུང་གི་ཞགས་པ་མ་ཧཱ་དེ་ཝ་ཡབ་ཡུམ་གྱི་གསང་བའི་རྟེན་བཅའ་བ། རིན་ཅེན་གཏེར་གྱི་སྒྲུབ་པའི་པཱུ་ཛ་དབུལ་བ། ཞལ་ཟས་དུས་གསུམ་ཕུལ་ནས་སིདྡྷི


GLG003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བ། བསྟོད་པ་བྱ་ཞིང་ང་རྒྱལ་བསྐྱེད་པ། རྩ་བའི་སྔགས་བཟླ་བ་སྟེ་དོན་ལྔས་བསྟན་པ། ཞར་བྱུང་དབང་ཕྱུག་ཡབ་ཡུམ་གྱི་མངོན་རྟོགས། ཡབ་ཡུམ་གྱི་སྐུ་འབག །དབང་རྟེན། ཟངས་གཞོང་བཅས་པའི་དཔེ་རིས། རྩ་སྔགས། ནོར་སྒྲུབ། དབང་སྡུད་སྤྱི། འཇིག་རྟེན། གྲོགས་ལྟར་བརྩེ་བ། བྲན་དུ་བཀོལ་བ། སྐྱེས་པ་སྲོག་འཕྲོག །མཆོད་གཏོར། དངོས་གྲུབ་ཞུ་བ། ལས་སྦྱོར་རྣམས་ཀྱི་སྔགས་ཀྱི་ཏི་ཀ་ཞལ་གདམས་གབ་ཡིག་མ། ཕ་ཝང་ལོང་བུ་དང་སྲེ་མོའི་ཐོད་པར་བརྟེན་པའི་མི་འགྲུབ་མི་སྲིད་པའི་གདམས་པ། དམངས་རྣམས་དབང་དུ་བསྡུ་བའི་ཏི་ཀ་གསལ་བྱེད་ཁོལ་དུ་བྱུང་བ་ཚངས་པ་ཆེན་པོས་གསུངས་པ་རྣམས། གཉིས་པ་མིག་གསལ་རྫས་སྔགས་ལས་ཕྲན་ལ། དབང་སྡུད་འཁོར་ལོ་དྲག་པོ་རྣམ་པ་དྲུག་གིས་བསྟན་པ་ཞེས་པར་ནང་གསེས་ཀྱི་སྐྱེས་པ་དབང་དུ་བསྡུ་བ་ལ་གྲོགས་ལྟར་བརྩེ་བ། བྲན་ལྟར་བཀོལ་བ། སྲོག་འཕྲོག་པ་གསུམ། དེའི་ལིང་འཁོར་སྤྲེལ་ཐོད། གཡག་རུ་རྣམས་ཀྱི་དཔེ་རིས། ཡུལ་ཁམས་དབང་དུ་བསྡུ་བ་སོ་ཕག་ཤི་ཐམ་གྱི་མཐའ་ཅན། དེའི་འཁོར་ལོའི་དཔེའུ་རིས། གཞན་ཡང་ནོར། རྒྱལ་པོ། བློན་པོ། དམངས། བུད་མེད་སོགས་གང་འགུགས་ལ་གོང་གི་ཕོ་དབང་སྡུད་གསུམ་ཁ་བསྒྱུར་བ་དང་མ་འགྲུབ་ན་ཡུལ་ཁམས་དབང་སྡུད་ཀྱི་འཁོར་ལོ་བསྐོར་ཞིང་སྒྲུབ་པ་ཐམས་ཅད་ལ་དབང་རྟེན་ལིངྒ་བྱེད་ཚུལ་སྒྲུབ་པའི་རྟགས་དང་བཅས་པ་རིན་ཅེན་གཏེར་དུ་སྦས་པའི་མཐའ་ཅན་དཔེ་རིས་དང་བཅས་པ། མུ་སྟེགས་རླུང་ཞགས་ཀྵེ་ཏྲ་པཱ་ལའི་སྒོ་ནས་ནོར་དབང་སྡུད། གང་འགུགས་ལིངྒ་བཅའ་བ། རྒྱལ་པོ། བློན་པོ། རྗེ་བཙན། བནྡེ། བོན་པོ། ཕྱུག་པོ། དམངས། བུད་མེད་སོགས་


GLG003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔགས་ཀྱི་གྲངས་བསྟན་པ་དང་། རྟེན་ལུས་ལ་བཅང་ཞིང་རྒྱུན་སྔགས་འདྲེན་ཚུལ་སོགས་བསྟན་པ་དུས་མཐའི་འགྲོ་བ་དམུ་རྒོད་བདེ་ལ་དགོད་པའི་མཐའ་ཅན། དབང་རྟེན་དང་ལིངྒའི་དཔེ་རིས། མཛེ་ནད་གསོ་བ་ཀླུ་དང་ས་བདག་གི་ནད་ལས་ཐར་བྱེད། དུང་ལ་བྲག་གི་གཏེར་མ་ཡིན་ཟེར་བ་འདུག །ཐུན་རྫས་ཀྱིས་ཡུལ་ཁམས་དབང་དུ་བསྡུ་བ་གསང་བའི་ཡང་ཁོལ་གསེར་ཕུར་ལག་ལེན། རྒྱལ་པོ་དབང་དུ་སྡུད་པའི་མན་ངག་གསེར་ཕུར་མཆོག་ཏུ་གདམས་པ་རྣམས། གསུམ་པ་སྒོས་སྒྲུབ་ལ། ནོར་དང་བསོད་ནམས་འཕེལ་བ་གནོད་སྦྱིན་གང་བ་བཟང་པོའི་སྒྲུབ་པ། འབྲུ་ནོར་དབང་དུ་བྱེད་པ་ཛམྦྷ་ལའི་སྒྲུབ་པ་སྙིང་གི་ནོར་བུ། ཟས་ནོར་བསོད་ནམས་ལོངས་སྤྱོད་དབང་བྱེད་ཨ་པ་ར་ཙིཏྟའི་སྒྲུབ་པ། ནོར་དང་ཡོ་བྱད་དབང་དུ་བྱ་བ་སོགས་མ་མེད་ཁྱེའུ་སྔོན་པོའི་སྒྲུབ་པ། ཟས་ནོར་དབང་དུ་བྱ་བ་ཁྱེའུ་ཆུང་ནོར་རྒྱུན་གྱི་སྒྲུབ་པ། དེ་རྣམས་ཀྱི་བཅའ་གཞི་དཔེ་རིས། གདམས་པའི་ཆེ་བ་སྐལ་ལྡན་སྐྱེས་བུའི་ལུང་བྱང་གོང་འོག་གཏེར་སྲུང་གི་གཏད་རྒྱ་དང་བཅས་པ་རྣམས་སོ། །རྩེ་ཆེན་བྲག་ནས་སྤྱན་དྲངས་པའི་འཇིག་རྟེན་དབང་ཕྱུག་དམར་པོའི་གདམས་པ་ཡང་ཟབ་གུད་དུ་ཕྱུང་བ་ལྷ་ཆེན་འོ་མའི་རྒྱ་མཚོ་ལས་མར་གྱི་སྙིང་པོ་ལྟ་བུ་མེ་ལྕེའི་ལྕགས་ཀྱུའི་སྐོར་ལ། དབང་རྟེན་གྱིས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་དབང་། ཕྱག་མཚན་གྱིས་སྲིད་པ་གསུམ་ལ་དབང་སྦྱོར་ཐོབ་པའི་དབང་། སྔགས་དང་གཏོར་མའི་རྗེས་གནང་རྣམས་མནོས་ནས། ལུང་ལ། རྩ་བ་ལག་ལེན་ལས་སྦྱོར་གསུམ། དང་པོ་ལ། དབང་སྡུད་ཡང་ཟབ་མྱུར་མགྱོགས་མའི་ལྕགས་ཀྱུས་གཞུང་སྒྲུབ་གབ་པ་མངོན་ཕྱུང་མུ་ཏིག་འཕྲེང་བ། ལྷ་ཆེན་དྲག་པོ་འཇིག་རྟེན་དབང་ཕྱུག་གི་རྗེས་སུ་གནང་བ་གཏད་པའི་


GLG003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག །གཉིས་པ་ལག་ལེན་ནི། འཇིག་རྟེན་དབང་ཕྱུག་དམར་པོའི་ལས་ཕྲན་ལག་འཁྲིད་མངོན་དུ་ཕྱུང་བ་རྒྱུན་འཁྱེར་གྱི་གདམས་པའོའི་མཐའ་ཅན། དེའི་ཕོ་མོའི་ལིང་ག་དབང་རྟེན་བཅས་པའི་དཔེ་རིས། གསུམ་པ་ལས་སྦྱོར་ལ། དབང་སྡུད་ལས་ཀྱི་མདེའུ་ཐུང་། ཡང་ཟབ་གནད་དུ་དྲིལ་བ་རླུང་འཁོར་གྱི་ལས་སྦྱོར། དབང་ཕྱུག་ཆེན་པོའི་ལས་རླུང་སྲོག་གི་འཁོར་ལོའི་ཕྱི་ནང་གསང་བའི་བྲི་ཡིག་ལེགས་པར་གྲུབ་པར་བྱའོའི་མཐའ་ཅན། རླུང་འཁོར་ཕྱི་ནང་གསུམ་གྱི་འཁོར་ལོའི་དཔེ་རིས། དབང་ཕྱུག་ཆེན་པོའི་སྲོག་གནད་བླ་རྡོའི་མན་ངག །དེའི་དཔེ་རིས། གནད་འབེབས་དབང་ཕྱུག་སྲོག་རྩ་དམར་འབྱིན། འཁྲུལ་འཁོར་དམིགས་པའི་ལས་སྦྱོར་མདེའུ་ཐུང་ཟབ་རྒྱ། དབང་སྡུད་གཏོར་མའི་ལས་སྦྱོར། རི་རབ་ནོར་བུ་མིག་གསུམ་དང་། དབང་རྟེན་དུ་འཇུག་རྒྱུའི་འཁོར་ལོའི་དཔེ་རིས། བྱིན་རླབས་ལག་བསྒུལ་གྱི་ལས་སྦྱོར། དཔུང་པ་གཡས་གཡོན་དུ་གདགས་རྒྱུའི་འཁོར་ལོའི་དཔེའུ་རིས། དབང་སྡུད་རྫས་ཀྱི་ལས་སྦྱོར། རྟེན་འབྲེལ་རྒྱུན་གྱི་ལས་སྦྱོར། དབང་ཕྱུག་དྲག་པོའི་མཚོན་ཆ། སྡིག་ཅན་སྒྲོལ་བའི་ངན་སྔགས་སྲོག་གི་སྤུ་གྲི། སྒྲུབ་པའི་སྒབ་འདྲེ་གནོད་བྱེད་ཤནྟ་རཀྴ་གནོན་པ། བསྐྲད་པ། ལིང་འཁོར་གྱི་དཔེ་རིས་དང་བཅས་པ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་ཐོད་འཕྲེང་། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། མཆིམས་རྡོ་རྗེ་སྤྲེ་ཆུང་། གཏེར་སྟོན་སངས་རྒྱས་གླིང་པ། བྱ་ཁྱུང་པ་དཔལ་ལྡན་སེང་གེ །བླ་མ་ཆོས་རྒྱལ་བཀྲ་ཤིས། རིགས་འཛིན་དཔལ་འབར་དབང་ཕྱུག །ངག་དབང་པདྨ་རྣམ་རྒྱལ། རྒྱལ་དབང་པདྨ་བསྟན་འཛིན། འབྲི་གུང་པ་རིགས་


GLG003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དཀོན་ཅོག་ཕུན་ཚོགས། དེ་གཉིས་ཀ་ལ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ཀྱིས་གསན། དེ་ལ་ཁྱབ་བདག་ཁྲ་ཚང་བ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་སྟོན་སངས་རྒྱས་གླིང་པས་འོད་ཤོད་རླུང་སྒྲོམ་ནས་གདན་དྲངས་པའི་རྫས་སྔགས་སྐུ་གཟུགས་ལ་བརྟེན་ནས་གཟའ་རྒོད་ཐང་ལ་འབེབས་པའི་གདམས་པ་གསེར་ལས་དཀོན་པ་ཞུ་རྟེན་མེད་པར་མི་སྦྱིན་པའི་མནའ་རྒྱ་ཅན། ཡང་དེ་དང་འདྲ་མིན་གཅིག་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། གསང་བའི་བདག་པོ། སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། སྤྲུལ་སྐུ་སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ་ནས་རིམ་པར། སློབ་དཔོན་ཚེ་དབང་ནོར་རྒྱས། ཁྱབ་བདག་དཔལ་འབྱོར་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །གཏེར་སྟོན་སངས་རྒྱས་གླིང་པས་ཀོང་པོ་རྩེ་ཆེན་བྲག་ནས་སྤྱན་དྲངས་པའི་རྣམ་སྲས་སེང་ཆེན་གྱི་སྐོར་སོགས། ཚོམ་བུའི་དཀྱིལ་འཁོར་དུ་རྗེས་གནང་། རིགས་གཏད་ཀྱི་ཡི་གེའི་སྟེང་ནས་སྔོན་འགྲོ་སྣོད་དུ་རུང་བ་སྐུ་གསུང་ཐུགས་ཀྱི་རྗེས་གནང་། དངོས་གཞིའི་བུམ་དབང་། རྡོ་རྗེ། རིན་ཅེན། པདྨ། འཁོར་ལོ། རྒྱལ་མཚན། ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་རྣམས་ཀྱིས་སྣང་སྲིད་ཐམས་ཅད་ཀྱི་བདག་པོར་འགྱུར་བའི་དབང་། མཐའ་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་བརྒྱད། ཁྱེའུ་ཕོ་མོ། ལྷ་བཤོས། འདོད་ཡོན་ལྔ། རིན་ཅེན་ལྔ་རྣམས་ཀྱིས་རྒྱལ་པོ་ཆེན་པོ་དང་མངའ་ཐང་ལོངས་སྤྱོད་མཉམ་པ། ལྷ་དབང་གིས་བྱིན་གྱིས་བརླབ་པ། གླེེགས་བམ་འཕྲེང་བའི་བཟླས་ལུང་ལ་བཀའ་གཏད་དང་བཅས་ལེགས་པར་མནོས་ནས་ལུང་ལ་


GLG003_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཐེམས་བྱང་དཀར་ཆག་ཡིད་བཞིན་ནོར་མཆོག །རྩ་བའི་རྒྱུད་ལེའུ་བཞི་པ་པཎྚི་ཏ་པདྨ་འབྱུང་གནས་ཀྱིས་བསྒྱུར་བ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུའི་རྒྱུད་ཀྱི་རྒྱུད་དམ་བཤད་པའི་རྒྱུད་ལེའུ་བརྒྱད་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུའི་རྒྱུད་ཕྱི་མའི་ཕྱི་མ་ཉེ་བར་བསྡུས་པའི་ལེའུ་གསུམ་པ། ཕྱི་དཀར་གསུམ་མངར་གསུམ་དང་རྒྱལ་མཚན། ནང་གཏོར་མ་ཐང་སྐུ། གསང་བ་སེང་ལྡེང་གི་སེང་གེ་དང་ཁྱི་དཀར་གྱི་སྙིང་ལ་བརྟེན་ནས་བསྒྲུབ་པའི་རྣམ་ཐོས་སྲས་སམ་གནོད་སྦྱིན་ནོར་འཛིན་གྱི་རྩ་བའི་སྒྲུབ་ཐབས་པཎྜི་ཏ་པདྨ་འབྱུང་གནས་ཀྱིས་བསྒྱུར་བ། དར་འདམ་ལ་བརྟེན་ནས་སྐུ་བཞེངས་པའི་མན་ངག་ཨོ་རྒྱན་སྙིང་གི་ཚལ་པ། རྫའི་གའུ་ལ་བརྟེན་ནས་རྒྱལ་པོ་རྣམ་ཐོས་སྲས་ཞི་བ་ནོར་དུ་བསྒྲུབ་པ། ཁྱི་དཀར་ཐོད་ལིང་ལ་བརྟེན་ནས་དྲག་པོ་མཐུ་རུ་བསྒྲུབ་པ། དེའི་ལས་ཕྲན་ལྟས་ངན་གཏོང་བ་ཕོ་ཉ་བྱ་མགོ་མ། བཟློག་གསད་ལྷ་འདྲེ་ཁ་འཆིང་། གྲོང་ཁྱེར་རླུང་ལ་བསྐུར་བའི་ཁང་སེལ་བླ་གཞིས་རླག་བྱེད། ཕུང་གཏད་ཕག་ཐོད་མ། གོང་གི་ཞི་བ་ནོར་སྒྲུབ་ཀྱི་ལས་ཕྲན་དུ་གཏོགས་པའི་གའུ་ལ་བརྟེན་ནས་རྣམ་ཐོས་སྲས་གནོད་སྦྱིན་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་རིན་ཅེན་གཏེར་འབུམ། རྐུན་ལག་ལ་བརྟེན་ནས་ནོར་སྒྲུབ་སྲིན་པོ་ནོར་ལེན། སྲེ་མོའི་རླིད་བུ་ལ་བརྟེན་ནས་ནོར་སྒྲུབ་ནེའུ་ལེ་རྫས་ཀྱི་ནོར་བུ། སྲེ་མོའི་སྙིང་ལ་བརྟེན་ནས་སྙིང་སྒྲུབ་རིག་པའི་ནོར་ལེན། གོང་དུ་བཤད་པའི་གདམས་པ་རྣམས་ཀྱི་ལོ་རྒྱུས་ཐེབས་ཀྱི་ཁོག་འབུབས། ལྟེ་བསྒྱུར་སྲིད་པའི་སྐྱེ་གནས་ཀྱི་སྲོག་ཤིང་། རྟེན་འབྲེལ་གྱི་ཆེ་བས་སྲིད་ཆགས་ཤིང་དེ་ཡང་ཕོར་འགྱུར་བའི་ལྟེ་བསྒྱུར། བསེན་མོ་སྲོག་མོ་འདྲེ་འདུལ་བ། ཕོ་འདྲེ་རྒྱལ་འགོང་བསྲུང་འདུལ། དབང་སྡུད་ཀྱི་ནང་ཚན་འཁོར་


GLG003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་ཕོ་མོ་དབང་དུ་བསྡུ་བ། ཐིག་ལེས་ཕོ་མོ་དབང་དུ་བསྡུ་བ། ཕུག་རོན་གྱི་རྫས་ཀྱིས་བུད་མེད་དབང་དུ་བསྡུ་བ། མོ་གཤམ་ལ་བུ་སྐྱེ་བ་ཡུར་བསྐམ་ཆུ་འབེབས། བུ་དང་ཤ་མ་འབྱིན་པ་ནད་ཐམས་ཅད་ཞི་བ། འགོ་ནད་ཞི་བ། མིག་ནད་སེལ་བ། རྒྱུ་ནད་སེལ་བའི་སྨན་སྔགས། ལྷོག་སྔགས། བགེགས་ལས་རྒྱལ་བ། འབྱུང་པོའི་འཚེ་བ་འཇོམས་པ། རྣམ་ཐོས་སྲས་ཀྱི་འཕྲིན་ལས་དོན་བརྒྱད་མ་སངས་རྒྱས་གསང་བས་མཛད་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་རིགས་གཏད་པའི་ཆོ་ག་དོན་བདུན་གྱིས་བསྟན་པ། རྣམ་ཐོས་སྲས་ཀྱི་ཕྱི་ནང་གསང་གསུམ་གཏེར་གྱི་བང་མཛོད་ཅེས་པ་ཕྱི་གའུ་ལ་བརྟེན་ནས་སྒྲུབ་པ། ནང་གཏོར་མ་ལ་བརྟེན་ནས་བསྒྲུབ་པ། གསང་བ་ཙཀྲ་ལ་བརྟེན་ནས་བསྒྲུབ་པ། སྲོག་འཕྲོག་པར་བྱེད་པའི་འདྲི་བ་དང་སྒོམ་པའི་འཁོར་ལོ། དམ་ཚིག་བསྟན་པ། གནད་དབབ་ལ་ནང་གསེས་ཀྱི་འཁོར་ལོ་བསྐོར་བ། བླ་རྡོ་བཅང་བ། སྦྱིན་སྲེག་བྱ་བ། གཏོར་མས་འགུགས་པ། མདེ་ཐུང་སྐོར་ལ། བྲིས་སྐུའི་ལས་མཐས་གཡུལ་རྒྱལ་བ། ཡམས་ནད་རྒྱུན་གཅོད། མུ་གེ་ཞི་བ། འཁྲུག་པ་ཞི་བ། ཆར་འབེབས། ཤྭ་བུད་བསྲུང་བ། ཇག་པ་ཆོམ་རྐུན་བསྲུང་བ། སེང་ལྡེང་བེ་ཅོན་གྱིས་འདོད་དོན་བསྒྲུབ་པ། དངོས་གྲུབ་ཀྱི་བར་གཅོད་སྒབ་འདྲེ་ཤེས་པ་དཀར་པོ་གནོན་པ། རྟ་སྔོན་པོའི་རྟེན་གཞུག་པ། ཕྱི་བླ་རིའི་རྟེན། བླ་རྡོ་བཅའ་བ། ཐི་གུ་དཀར་པོ་ལ་བརྟེན་ནས་འཁུ་ལྡོག་བསྲུང་བ་རྣམས་ནོས། ལས་རིམ་བཅུ་གསུམ་དང་ལས་བརྒྱད་མའི་ལས་མཐའ་སོགས་ཁ་ཤས་དཔེ་མ་འབྱོར་བས་མ་ཐོབ། བྱ་རྒོད་གཤོངས་ནས་སྤྱན་དྲངས་པའི་གསང་བའི་ལས་མཁན་མདུང་དམར་ཅན་གསང་སྒྲུབ་ཀྱི་སྐོར་ལ། རྩ་བའི་སྒྲུབ་པ། ལས་སྦྱོར་ནང་གསེས་ལ་ཉི་


GLG003_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་ཁ་སྦྱོར་གྱིས་ཡུལ་ཁམས་དབང་དུ་བསྡུ་བ། ལྟ་བྱེད་མིག་གི་དབང་པོས་ཁྲོམ་དབང་དུ་བསྡུ་བ། ཙིཏྟ་སྙིང་གི་དབང་པོས་འགྲོ་བ་དབང་དུ་བསྡུ་བ། གསང་བ་རྫས་ཀྱི་སྦྱོར་བས་གང་འདོད་དབང་དུ་བསྡུ་བ་རྣམས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཤཱཀྱའི་དབང་པོ། གསང་བདག་ཕྱག་ན་རྡོ་རྗེ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་ཏིག་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ། མཉམ་མེད་སངས་རྒྱས་བློ་གྲོས། རིགས་འཛིན་བསོད་ནམས་ལྷུན་གྲུབ། སྔགས་འཆང་ཆོས་རྒྱལ་མཚན་ཅན། བླ་མ་ཀརྨ་བཟང་པོ། གྲུབ་མཆོག་བཟང་པོ། མཁས་གྲུབ་རིགས་འཛིན་སྙིང་པོ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་དགྱེ་བོ་རོང་བུ་རི་ནག་པོའི་ཀླུ་བདུད་ཁ་གནོན་གྱི་མཆོད་རྟེན་ནས་སྤྱན་དྲངས་པའི་གཏད་ཁྲམ་རུས་སྦལ་ནག་པོ་ཞེས་པ་སྡིག་ཅན་ཕུང་བའི་ངན་སྔགས་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་སྙིང་རྣོ་ངར་ཅན་གྱི་སྐོར་ལ། གཏད་ཁྲམ་རུས་སྦལ་ནག་པོའི་རྒྱུད་ལེའུ་གསུམ་པ། གཏད་ཁྲམ་གྱི་རྩ་བ། ཚིགས་བཅད་མ་གཏད་ཁྲམ་རུས་སྦལ་ནག་པོ་པདྨས་འཚོ་རྒྱལ་ལ་གདམས་པ། གཏད་ཁྲམ་རུས་སྦལ་ནག་པོའི་བསྲུང་བའི་རྒྱུད་ལེའུ་གསུམ་པ། རྒྱུད་ཀྱི་འཕྲོས་ལས་གཏད་ཁྲམ་ཙཀྲ་བསྒྲུབ་པའི་དུས་དང་ཉམས་ལེན་གྱི་དུས་ལྷ་རྣམས་ལ་མཆོད་གཏོར་འབུལ་བ་ཡེ་ཤེས་འཁོར་ལོ་མ། སེལ་ནག་ཀུན་ཐུབ་རང་བསྲུང་གཏད་བཟློག་སྦྱོར་བ་བཤིག་པའི་མན་ངག །ལེའུ་གསུམ་པ་ཐིག་སྐོར་དགུ་པའི་འཁོར་ལོའི་བྲི་ཡིག་གཞན་རྒྱུད་ལྟར་རོའི་མཐའ་ཅན། གཏད་ཁྲམ་རུས་སྦལ་ནག་པོའི་ཞལ་གདམས་ཟབ་པའི་ཡང་ཟབ་སྙིང་དང་


GLG003_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་རྫོགས་སོའི་མཐའ་ཅན། སྔགས་བྱང་ཟབ་པའི་རྒྱ་རུ་གདམས་པ་རྗེས་མེད་ཐོང་ལ་ཤོག་གི་མཐའ་ཅན། གཏད་ཁྲམ་གྱི་དྲག་སྔགས་ཙཀྲ་འདྲི་ཚུལ་དང་བདག་བསྐྱེད། དགུག་དབྱེ། ཐུན་བརྡེག །དམོད་པ་ཁྲམ་འདབས་བཅས་པ་དྲག་པོ་ལས་ཀྱི་ཡང་ཁོལ་བསྟན་པ་བསྲུང་བར་ཤོག་གི་མཐའ་ཅན། གཏད་ཁྲམ་རུས་སྦལ་ནག་པོའི་མན་ངག་ཡང་ཁོལ་དུ་ཕྱུང་བ། དུག་གི་འཁོར་ལོ་དུག་གསུམ་གནད་ལ་དབབ་པ། ཁྲམ་མཐའ་གདུག་པའི་སྔགས་ཀྱིས་བསྐོར་བའི་དྲག་སྔགས་ཞེས་པར་འཆི་བདག་མགོ་དགུ །གཤིན་རྗེ་མ་མོ་གཟའ། ལྷ་ཀླུ་བདུད། རྒྱལ་པོ། བཙན། སྲིན་པོ། མ་ཡམས། ཐེའུ་བྲང་། གཟེད། ཡ་བདུད། མ་བདུད། འགོང་པོ། ཡུལ་འདྲེ། མུ་སྟེགས། མི་མ་ཡིན། རྒྱུ་སྐར། ཕོ་འདྲེ། མོ་འདྲེ། བྱུར་འདྲེ། གཉན། ས་བདག་དང་བཅས་པའི་ཁྲམ་སྔགས་ཉེར་ལྔ་པ། ཕྱི་འཐུམས་ཁྲམ་གྱི་ལིང་ག་ཞེས་པ་དགྲ་བོའི་གནས་ཉི་ཤུ་རྩ་ལྔར་ཁྲམ་འདེབས་པ་དང་རྒྱབ་ཏུ་འདྲི་བའི་ཁྲ་གཙོ་བོར་བྱས་ཏེ་གོང་གི་ལྷ་འདྲེ་ཉེར་ལྔ་སོ་སོར་ཐོད་པ་སོགས་འཇུག་སྣོད་ཀྱི་ངོས་འཛིན་དང་བཅས་པ་པདྨའི་སྙིང་ཚིལ་མང་པོར་སྤེལ་ན་བཀའི་ཆད་པ་འབྱུང་བའི་མཐའ་ཅན། འཆི་བདག་གཏད་ཁྲམ་ནག་པོའི་ཕུང་བྱེད་ལས་ཀྱི་སྤུ་གྲིའི་སོ་འཆི་བདག་ཐུགས་ཀྱི་ལེའུ་གཅིག་པ། གཏད་ཁྲམ་རུས་སྦལ་ནག་པོའི་གདམས་པ་ཁྱད་པར་ཅན་གུད་དུ་སྦས་པ། མགྱོགས་པའི་བྱ་གསུམ་ཞེས་པ་གནམ་ས་བར་གསུམ་གྱི་ཕུང་བྱེད་ཀྱི་འཁོར་ལོ། མྱུར་མགྱོགས་སྤྱོད་བྱེད་རླུང་གི་འཁོར་ལོ། དཔེའུ་རིས་ལ། རུས་སྦལ་འཁོར་ལོ། གཏི་མུག་གླང་། ཞེ་སྡང་སྦྲུལ། འདོད་ཆགས་བྱ། ཕོ་འཁོར། མོ་འཁོར། གནད་འཁོར། ཁྲམ་ལིང་། ཁྲམ་རིས་སོགས་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། ཨོ་རྒྱན་


GLG003_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། བྱ་ཁྱུང་པ་དཔལ་ལྡན་སེང་གེ །བླ་མ་བྱང་ཆུབ་ལྷུན་གྲུབ། གནམ་གོང་པ་བཀྲ་ཤིས་དབང་ཕྱུག །མཚུངས་མེད་བསོད་ནམས་བཟང་པོ། དེ་ས་ཀུན་དགའ་རྒྱལ་མཚན། རིགས་འཛིན་ཚུལ་ཁྲིམས་བློ་གྲོས། སྔགས་འཆང་བཀྲ་ཤིས་མགོན་པོ། དབང་དྲག་འགྲོ་དོན་རབ་འཕེལ། རིགས་འཛིན་འཇའ་ཚོན་སྙིང་པོ། སྤྲུལ་སྐུ་ནོར་བུ་རྒྱན་པ། རཏྣ་གཉིས་པ། ཆོས་ཀྱི་གྲགས་པ། རིགས་འཛིན་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་དགྱེ་བོ་རོང་ཀླུ་བདུད་ཁ་གནོན་མཆོད་རྟེན་ནས་གདན་དྲངས་པའི་རྒྱལ་སེལ་ཕུང་བྱེད་ལྷ་ཁང་ནག་པོའི་སྐོར་ལ་ངན་སྔགས་དུག་གི་སྤུ་གྲི་ཡང་ཁོལ་དུ་གསལ་བར་བཀོད་པ་འཁོར་ལོ་སྒྲུབ་པ་ལས་སྦྱོར་བཅས་པ་བསྟན་པ་བསྲུང་བའི་མཚོན་ཆ། གསུམ་སྦྱོར། བཞི་སྦྱོར། ལྔ་སྦྱོར། དྲུག་སྦྱོར་རྣམས་ཀྱི་རྫས་ལ་བརྟེན་ནས་རབས་གཅོད་ཅིང་གྱང་རོལ་དུ་གཏོང་བ། རྫས་དགུ་དང་སྔགས་ལ་བརྟེན་ནས་ཁང་སེལ། དུར་སེལ། ནོར་སེལ། མི་བརྒྱུད་གཅོད་པ། རྫས་བཅུ་གཅིག་ལ་བརྟེན་ནས་ཞིང་ཟངས་སྔར་ལྟར་གཏོང་བ་ཞིང་སེལ་སྐྱེ་བ་རྒྱུན་གཅོད། ལྷ་ཁང་མའི་ལག་ལེན་ཞེས་པ་རང་བསྲུང་། སྒྲུབ་པ། འཇུག་སྣོད་ཀྱི་ཁ་བསྒྱུར་ལ་བརྟེན་ནས་ཁ་ཕུར་དུ་འགྲོ་བ། ལོ་མི་སྐྱེ་བ། མི་རྣམས་འཁྲུགས་པ། གྲོང་སྟོངས་པ། ཡུལ་འབུད་པ། བདུན་བརྒྱུད་གཅོད་པ། འཐབ་འཁྲུག་འབྱུང་བ། ནོར་ལ་གོད་ཁ་འོང་བ། དམོད་རིང་བཀའ་བསྒོ་ཉེར་གཏད་དགྲ་རྟགས་སྒྲུབ་རྟགས་དང་བཅས་པ་ཞལ་གྱི་གདམས་


GLG003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐའ་ཅན། རཱ་ཛའི་ངན་སྔགས་བཅས་ཆོག་ཅེས་པ་འཁོར་ལོ་ལ་འགོད་པའི་སྔགས་རྣམས་གསལ་བར་བཀོད་པ་དམ་ཤི་དམར་ནག་གི་སྔགས་འབུམ། སེལ་འབུད་ནག་པོ་བཅས་ཆོག །མ་རུངས་གདུག་པའི་བཅས་ཆོག །རང་བསྲུང་ནག་པོ་དགུ་སྦྱོར། གྲོང་ཁྱེར་ཕུང་བྱེད་གཡོ་བའི་སྦྱོར་བའི་འཁོར་ལོ་བྲི་ཡིག་སྒྲུབ་པའི་ལག་ལེན་འཇུག་སྣོད་ཐོད་པའི་ཁ་བསྒྱུར་ལ་བརྟེན་ནས་ཡུལ་སེལ། གྲོང་སེལ། ཁྱིམ་སེལ། དུར་སེལ། མི་སེལ། ཞིང་སེལ་དང་བཅས་པ། ལྷ་ཁང་མའི་སྔགས་འབུམ་ཆེན་མོ་དཔེ་རིས་དང་བཅས་པ་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཁྲོ་རྒྱལ་རྟ་མགྲིན། སྤྲུལ་སྐུ་པདྨ་འབྱུང་གནས། མཁར་ཆེན་བཟའ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ། དེ་སྲས་སངས་རྒྱས་བློ་གྲོས། རིགས་འཛིན་བསོད་ནམས་རྒྱལ་པོ། བླ་མ་ཆོས་ཀྱི་རྒྱལ་མཚན། མཁས་གྲུབ་ཀརྨ་བྷ་དྲ། རྗེ་གྲུབ་མཆོག་བཟང་པོ། སྙིང་ཕུ་རིགས་འཛིན་སྙིང་པོ། རྩེ་ལེ་སྤྲུལ་སྐུ་པདྨ་ལེགས་གྲུབ། རིགས་འཛིན་འཇའ་ཚོན་སྙིང་པོ་མན་གོང་ལྟར། ལྷ་སྲས་སྐྱེ་མཐའ་སྤྲུལ་སྐུ་གར་གྱི་དབང་ཕྱུག་གིས་དགྱེ་བོ་རོང་ཀླུ་བདུད་ཁ་གནོན་གྱི་མཆོད་རྟེན་ནག་པོ་ནས་སྤྱན་དྲངས་པའི་ནཱ་ག་ཀླུའི་གསུར་གཏད་ཅེས་པ་འཁོར་ལོ་བཅའ་གཞི་སྒྲུབ་པ། ལས་སྦྱོར་དང་བཅས་པ་ཀླུའི་དྲག་གཏད་སྙིང་དང་འདྲ་བ་རྫོགས་སོའི་མཐའ་ཅན། དེའི་མན་ངག་གི་བཅས་ཐབས་ལས་ཅན་ལ། ཕྲད་ཤོག་དང་ཀླུ་བདུད་མགོ་དགུ་ལ་གཉེར་གཏད་ཀྱི་མཐའ་ཅན། འཁོར་ལོའི་དམོད་པ་ཟུར་དུ་ཕྱུང་བ། འཁོར་ལོ། ལིང་རྐྱང་། འབྲུབ་ཁུང་། སྡིག་པ་རྣམས་ཀྱི་དཔེའུ་རིས། ཡང་གཏེར་གནས་དེ་ཉིད་ནས་ཁྱི་སྤུ་ར་བལ་ལ་བརྟེན་ནས་མཐུན་


GLG003_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དཀྲུག་པ། ཁྱི་ཕག་གི་ཆེ་བ་ལ་བརྟེན་ནས་མཁར་སྒྱེལ་བ། འཁོར་ལོ་བུམ་པ་མཆེ་བའི་དཔེ་རིས་དང་བཅས་པ། ཡུངས་ཀར་ལ་བརྟེན་ནས་སྨྱོ་འགྱེད། ཡུགས་སའི་སྒྲ་བཤད་ལ་བརྟེན་ནས་དུད་འགྲོ་གསོད་པ། ཁྱི་སྤུ་ར་བལ་གྱི་ཞལ་གདམས་རྣམས། ཡང་གཏེར་གནས་དེ་ཉིད་ནས་སྲོག་མཐུ་ཡུད་ཙམ་མ་རྣོ་ངར་དང་ལྡན་པ། སེང་གདོང་མར་བརྟེན་པའི་རྗེས་གཅོད་ཞལ་ཤེས། ཡང་གཏེར་གནས་དེ་ཉིད་ནས་མུ་སྟེགས་ཀྱི་རྫས་སེར་ནག་པོ་སྐྱིན་ཐང་དཀར་པོ་ལུག་འདེད། ཕྲ་མེན་ཁྱི་སོགས་མ་ཞེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡང་སྒྲོལ་བར་བྱེད་པའི་འགོམས་ཆོག་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། དཔལ་ཨོ་རྒྱན་ཆེན་པོ། ཇོ་མོ་འཚོ་རྒྱལ། ལྷ་སྲས། གཏེར་སྟོན་གར་གྱི་དབང་ཕྱུག །བྱ་ཁྱུང་པ་དཔལ་ལྡན་སེང་གེ །ཆོས་རྒྱལ་བཀྲ་ཤིས། དཔལ་འབར་དབང་ཕྱུག །ངག་དབང་པདྨ། པདྨ་འཛིན། འབྲི་གུང་དབུར་སྨྱོན། བླ་མ་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །མཁར་སྒྱེལ་བའི་བརྒྱུད་ལུགས་གཅིག་ནི་བྱ་ཁྱུང་པ་དཔལ་ལྡན་སེང་གེ་ནས། བདུད་འདུལ་སྔགས་པ། རྗེ་མི་འགྱུར་བ། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། ཕ་ཇོ་གཞོན་ནུ་དོན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ཡབ་སྲས། ཤཱཀྱ་རིན་ཅེན། ཀུན་དགའ་ཆོས་དབང་། ལེགས་པ་ཤེས་རབ། ནམ་མཁའ་རྣམ་རྒྱལ། ལྷུན་གྲུབ་རྡོ་རྗེ། གཞོན་ནུ་དོན་གྲུབ་མན་གོང་བཞིན་ནོ། །སངས་རྒྱས་གླིང་པའི་ཕུང་ཐལ་ནག་པོའི་སྦྱོར་བའི་ལུང་ནི་ཟུར་རྩ་བའི་བླ་མར་ནོས། བརྒྱུད་པ་ཞུ་བ་མ་བྱུང་། སྤྲུལ་སྐུ་སངས་རྒྱས་གླིང་པས་བྱ་རྒོད་གཤོངས་ཀྱི་བྲག་རི་ལྗོན་པ་རྟ་


GLG003_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཅན་ནས་གདན་དྲངས་པའི་དྲག་པོ་རྫས་ཀྱི་ཡང་ཟབ་མཐོང་བ་དུག་སྦྱོར་མེ་ལོང་གི་གདམས་པ་ཞེས་པ་ཁ་སྒྱུར་གྱི་སྒོ་ནས་མཁར་སྒྱེལ་བ། ནོར་དབུལ་བ། ལོ་མི་སྐྱེ་བ། འགོམས་ཆོག །སྲོག་ལས། བག་མའི་སྐབས་ཁྱོ་འཆི་བ་རྣམས་བསྟན་པ་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། ལྷ་སྲས། གཏེར་སྟོན། དཔལ་སེང་བ། ཆོས་རྒྱལ་བཀྲ་ཤིས། དཔལ་འབར་དབང་ཕྱུག་ངག་དབང་པདྨ་ཡབ་སྲས་གཉིས་རྗེ་ཆོས་ཀྱི་གྲགས་པ། དཀོན་ཅོག་ལྷུན་གྲུབ། ཉང་སྟོན་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །སྤྲུལ་སྐུ་སངས་རྒྱས་གླིང་པས་ཙ་རིའི་གནས་སྒོ་རྐྱེན་དུང་ལ་བྲག་སྲིན་མོའི་རོ་བཅིངས་པ་འདྲ་བ་བདུད་པོ་རོང་བཙན་སྤུན་གསུམ་གནས་ས་ནས་སྤྱན་དྲངས་པའི་སྐོར་ལ། ཀླུ་བསྲུང་དཀར་པོ་གཅིག་ཐུབ་མེའི་འཁོར་ལོ་ཞེས་པ་ལ། འཁོར་ལོ། རྫས། རབ་གནས། ལྟེབ་ལུགས། ཕན་ཡོན་རྣམས་བསྟན་པ་ལས་ཅན་བུ་ལ་གཏེར་རྒྱ་བཀྲོལ་བའི་མཐའ་ཅན། བརྒྱུད་པའི་ལོ་རྒྱུས། ཙཀྲ་འདྲི་བའི་གསལ་བྱེད། རབ་གནས། ཐུམས་དང་བསྲུང་བ་འདོགས་པ་སྟེ་དོན་བཞིའི་སྒོ་ནས་བསྟན་པ་དཔེའུ་རིས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་ཐོད་འཕྲེང་། ཇོ་མོ་འཚོ་རྒྱལ། ལྷ་སྲས། གཏེར་སྟོན་གར་གྱི་དབང་ཕྱུག །བྱ་ཁྱུང་པ་དཔལ་ལྡན་སེང་གེ་བླ་མ་ཆོས་རྒྱལ་བཀྲ་ཤིས། རིགས་འཛིན་དཔལ་འབར་དབང་ཕྱུག །བྱ་ཁྱུང་པ་ངག་དབང་པདྨ། རྒྱལ་དབང་པདྨ་བསྟན་འཛིན། རྒྱལ་སྲས་དཀོན་ཅོག་ཆོས་དབང་གྲགས་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །སངས་རྒྱས་གླིང་པའི་གཏེར་མའི་འབྲུམ་བསྲུང་ར་གྲོད་མ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། རྒྱལ་བ་རིགས་ལྔ། ཐུགས་རྗེ་ཆེན་པོ། ཨོ་རྒྱན་ཡབ་
ཡུམ། མངའ་བདག་ཡབ་སྲས། གཏེར་སྟོན་སངས་རྒྱས་གླིང་པ། དཔལ་ལྡན་སེང་གེ །ཆོས་རྒྱལ་བཀྲ་ཤིས། དཔལ་འབར་དབང་ཕྱུག །ངག་དབང་པདྨ་ཡབ་སྲས། འབྲི་གུང་དབུར་སྨྱོན། ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ཡབ་སྲས། ཤཱཀྱ་རིན་ཅེན། ཤེའུ་ཀུན་དགའ་ཆོས་དབང་། ལེགས་པ་ཤེས་རབ། རྗེ་ནམ་མཁའ་རྣམ་རྒྱལ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་སྟོན་སངས་རྒྱས་གླིང་པས་དགྱེ་བོ་རོང་ཀླུ་བདུད་ཁ་གནོན་གྱི་མཆོད་རྟེན་ནས་སྤྱན་དྲངས་པའི་སློབ་དཔོན་ཆེན་པོས་མངའ་བདག་གི་སྐུ་བསྲུང་དུ་གནང་བའི་རྫས་བསྲུང་ཉེར་གཅིག་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་ཡབ་ཡུམ། མངའ་བདག་ཡབ་སྲས། གཏེར་སྟོན་ཡབ་སྲས། ཆོས་བདག་དཔལ་ལྡན་སེང་གེ །བདུད་འདུལ་སྔགས་པ། གཏེར་སྟོན་མི་འགྱུར་བ། གྲུབ་ཆེན་བཀྲ་ཤིས་རྒྱ་མཚོ། དེ་སྲས་ཀུན་དགའ་ཚེ་མཆོག །ཕ་ཇོ་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ་དེས་བདག་ལའོ། །

གཏེར་སྟོན་རྡོ་རྗེ་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།


GLG003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་དུས་གསུམ་མཁྱེན་པས། གཏེར་སྟོན་ཆེན་པོ་ལྔ་ལ་བྲན་བརྒྱས་བསྐོར༔ ཞེས་གསུངས་པའི་ལྔ་ནི་གཏེར་ཁ་གོང་འོག་གཉིས། རྡོ་རྗེ་གླིང་པ། པདྨ་གླིང་པ། མདོ་སྔགས་གླིང་པ་རྣམས་ཡིན་པར་སྤྱི་བྱེ་བྲག་གི་ལུང་བསྟན་མང་པོ་ནས་བཤད་པའི་ནང་ཚན་རྒྱལ་བའི་སྲས་པོ་རྡོ་རྗེ་གླིང་པ་ནི། རིགས་འཛིན་རྡོ་རྗེ་ཆོས། སློབ་དཔོན་དགའ་རབ་རྡོ་རྗེ། འཕགས་པ་ཀུན་དགའ་བོ། ཐོན་མི་སམྦྷོ་ཊ། ལོ་ཆེན་བཻ་རོ་ཙ་ན་སོགས་མཁས་ཤིང་གྲུབ་པའི་སྐྱེས་རབས་ཀྱི་འཕྲེང་བ་ཚར་དུ་མངར་བའི་བག་ཆགས་ཀྱིས་གཏེར་སྟོན་


GLG003_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་གསུང་ལས། ཡིག་རིགས་མི་འདྲ་དྲུག་ཅུ་རྩ་བཞི་ཤེས། སྒྲ་རིགས་མི་འདྲ་སུམ་བརྒྱའི་སྐད་འགྱུར་ཤེས། སྐད་སྣ་མི་འདྲ་སྟོང་དང་དྲུག་བརྒྱ་ཤེས། ད་ལྟའི་དུས་ན་ཀུན་མཁྱེན་སྤྲུལ་སྐུ་ཡིན། ཞེས་ཞལ་གྱིས་བཞེས་པ་དོན་ལ་གནས་པའི་སྐྱེས་བུ་ཆེན་པོ་འདི། རང་གཏེར་ལས། མ་འོངས་ལྔ་བཅུ་ཁ་རལ་ཚེ༔ བསམ་ཡས་འདི་ཡི་ལྷོ་ནུབ་མཚམས༔ ལུང་པ་དོར་མ་བརྒྱངས་འདྲའི་ནང་༔ གྲ་ཞེས་བྱ་བའི་ཕུ་མདའ་རུ༔ རིགས་ལྡན་སྔགས་འཆང་བྱ་ཁྱི་ལོ༔ ཆུ་ཁམས་པདྨ་རྡོ་རྗེ་གླིང༔ ཨོ་རྒྱན་ང་རང་དངོས་གཅིག་བྱུང་༔ སྐལ་ལྡན་དེ་དང་འདི་ཕྲད་ཤོག༔ ཅེས་དང་། ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ལས། དགེ་གོང་ཕུག་པའི་ལྷོ་ནུབ་གྲར༔ ཨོ་རྒྱན་ང་དངོས་བྱ་ཁྱི་ལོ༔ རྒྱུད་འཇམ་སྦས་ཚུལ་ཐེག་ཆེན་སྤྱོད༔ ཅེས་དང་། ཟ་ཡིག་ནོར་བུའི་བང་མཛོད་ལས། མདོང་རུས་རྣལ་འབྱོར་སྤྱོད་པ་མ་ངེས་སྐྱོང་༔ དྲི་མེད་བཛྲ་དྲུག་ཅུ་ཁ་རལ་དུས༔ པདྨའི་ཐུགས་སྤྲུལ་ལྕགས་ཕོ་སྤྲེའུའི་ལོ༔ ལས་ཅན་གཏེར་ལ་དབང་བའི་སྐྱེས་བུ་འབྱུང་༔ ཞེས་ཟབ་གཏེར་རྒྱ་ཆེར་སྤྱན་དྲངས་པའི་ཐོག་མ་ནི་ཁ་བྱང་ཆེན་མོ་ལས། བསམ་ཡས་འདི་ཡི་ལྷོ་ཡི་ཕྱོགས༔ གནམ་ལྕགས་འབར་བའི་བྲག་ལོགས་ལ༔ རྟ་མགྲིན་སྒྲུབ་ཕུག་སྒོ་འབྱེད་བུ༔ གུ་རུ་རྡོ་རྗེ་གླིང་པ་ཞེས༔ ང་སྤྲུལ་དེ་ཡིས་འདི་སྤྱོད་དོ༔ ཞེས་གནམ་ལྕགས་འབར་བའི་བྲག་གམ་ཡོངས་གྲགས་དམ་ཤོག་བྱིང་ཨོ་དཀར་བྲག་གི་རྟ་མགྲིན་ཕུག་པའི་དཀྱིལ་འཁོར་དབུས་ནས་རྒྱལ་སྲས་རྡོ་རྗེ་གླིང་པས་ལོ་བཅུ་དྲུག་ལོན་པ་ལྕགས་གླང་སྟག་གི་ཟླ་བའི་ཚེས་བཅུ་ལ་ཐོག་མར་གཏེར་སྒོ་ཕྱེ་བའི་ཨོ་རྒྱན་ཆེན་པོས་དངོས་སུ་ཤོག་དྲིལ་ཆེ་ཆུང་བརྒྱ། བླ་དཔེ་པོ་ཏི་བཞི། ཚ


GLG003_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། མན་ངག་ཐམས་ཅད་ཀྱི་ངེས་དོན། ཐེག་པའི་ཡང་རྩེ། ཕ་རྒྱུད་ལྟ་བ་ཀློང་ཡངས་ཞེས་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བའི་སྐོར་ལ། ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་དུ། དབང་ཁྲིགས་རིན་ཅེན་འཕྲེང་བའི་སྟེང་ནས། གསོལ་གདབ། སྡོམ་བཟུང་། དམ་ཚིག་བྱིན་དབབ་རྣམས་སྔོན་དུ་འགྲོ་བའི་འཇིག་རྟེན་ལྷ་མི། རྟག་ཆད་མུ་བཞི་བསལ་པ། ཉན་ཐོས། རང་རྒྱལ། ཀྲྀ་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུ། ཨ་ཏི་སྟེ་ཐེག་པ་བཅུ་གཅིག་གི་དབང་། བྷྲོམ་སྟོན་ཆོས་རྗེས་མཛད་པའི་བུམ་དབང་རྩལ་འཕྲེང་གི་སྟེང་ནས་ཞུ་འབུལ། དམ་བསྒྲག །སྐྱབས་སེམས། སྡོམ་གཟུང་། བསྲུང་སྐུད་སོ་ཤིང་། ཀུ་ཤ་དང་བཅས་པའི་སྟ་གོན་སྔོན་དུ་འགྲོ་བའི། ཞི་བའི་བུམ་དབང་རིན་ཅེན་ཐེམས་སྐས་ནས་དངོས་གཞིའི་ལེའུ་དང་པོ་ནས་བརྒྱད་པའི་བར་བཞིན་གྱི་འཇུག་པ་དང་། ཞི་བའི་དབང་གི་ཕྲ་ཐིག་ནས་གཙོ་བུམ་གྱིས་སྣ་དྲངས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་དབང་། རིན་ཅེན་ཐེམས་སྐས་ནས། བུམ་པ། མདའ་དར་མེ་ལོང་། རལ་གྲི། མེ་ལོང་། རྨ་བྱ། གཏོར་དབང་། ཡེ་ཤེས་སྤྱན་གསལ་བའི་སྨོན་ལམ། དཀྱིལ་འཁོར་ངོ་སྤྲོད་དང་བཅས་པ། ཁྲོ་བོ་རིན་ཅེན་ཐེམས་སྐས་ཀྱི་ལེའུ་བརྒྱད་པ་ནས་བཅུ་བཞི་པ་ཡན་ལྟར་གྱིས་སྔོན་འགྲོ་འཇུག་པའི་རིམ་པ་དང་། ལྷ་དབང་ཆེན་མོའི་ཕྲ་ཐིག་ནས་རྟགས་གསུམ་བཏབ་རྗེས་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ཀྱི་དབང་། རིན་ཅེན་ཐེམ་སྐས་ནས་གྲི། མདའ་དར། ཕུར་པ། བཀྲ་ཤིས་རྟགས་བརྒྱད། མར་མེ། ཐོད་པ། ཕུར་པ། ཐོད་ཚིལ། མེ་ལོང་རྨ་བྱ། རྒྱལ་སྲིད་སྣ་བདུན། ཁྲོ་བོ། བུམ་པ། དམ་རྫས། དཀྱིལ་འཁོར་གྱི་རྣམ་དག་དང་བཅས་པ། གསང་


GLG003_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རིན་ཅེན་འཁོར་ལོའི་སྟེང་ནས། ཞུ་གསོལ། ལས་རྒྱ་དབུལ་བ། མནའ་ཆུ། སྒོམ་བཟླས། བྱིན་འབེབས། མཎྜལ་རྣམས་སྔོན་དུ་བཏང་བའི། དངོས་གཞི་དཔའ་བོའི་ཕྱག་རྒྱ་དང་མཁའ་འགྲོ་བརྡ་རྟགས་ཀྱི་དབང་། བྱང་ཆུབ་སེམས་དབང་། ཡབ་ཡུམ་གཉིས་མེད་ཀྱི་དབང་། རྗེས་ཀྱི་རིམ་པ་ངོ་སྤྲོད་དང་བཅས་པ། པདྨ་འབར་བ་ཡེ་ཤེས་བརྩེགས་པའི་སྟེང་ནས་ཞུ་འབུལ། དམ་ཚིག །སྒོམ་པ། ཡོན་ཏན། ཕྱག་རྒྱ་ངོ་སྤྲོད། བརྡ་རྟགས་ཕྱག་རྒྱའི་དབང་། དངས་མ་ཡར་འདྲེན། གེགས་སེལ་ངོ་སྤྲོད་དང་བཅས་པ། ཚིག་དབང་གི་ཡི་གེའི་སྟེང་ནས། གསོལ་གདབ། དམ་ཚིག །མཎྜལ། སྡོམ་བཟུང་། བྱིན་འབེབས། སྔོན་དུ་འགྲོ་བའི་ཚོམ་བུའི་ཞིང་ཁམས་དང་། འདོད་ཡོན་ལྔ་སོགས་ལ་བརྟེན་པའི་ཚིག་དབང་ངོ་སྤྲོད། དབང་གི་ཆུ་བོ་བཞི་བབས་ཚུལ་གྱི་ཡི་གེའི་སྟེང་ནས་ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་གྱི་དབང་ལ། གསོལ་གདབ། ཕྱག་འཚལ། གཟེངས་བསྟོད་ནས་དངོས་གཞི་རྡོར་དྲིལ། ཟེ་ཁབ། སྟོད་གཡོགས་སྨད་གཡོགས་ཆོས་གོས། ཡོལ་བ་བླ་བྲེ། རྒྱལ་མཚན་གདུགས་ཀྱི་དབང་། རྗེས་བུམ་པ། ཤིས་བརྗོད། མཆོད་པ་སྨོན་ལམ་དང་བཅས་པ། བཀའ་པོ་ཏི་གླེགས་བམ་གྱི་དབང་ལ། ཕྱག་མཎྜལ། དྲི་བ། དྲི་ལན། ལོངས་སྐུའི་ཆས་སུ་བཅུག་ནས། རྡོ་རྗེ་སློབ་དཔོན། རྡོ་རྗེ་རྒྱལ་ཚབ། འདོད་ཡོན་ལྔ། གླེགས་བམ། ས་ལམ་མ་འདྲེས་རེག་བྱ། འགྲོ་འདུལ་འཕྲིན་ལས་ཀྱི་དབང་། རྗེས་དང་བཅས་པ། རིག་པ་རྩལ་དབང་ལ། སྔོན་འགྲོ་ཁྲིགས་ཆགས་སོང་ནས། དངོས་གཞི་ཤེས་བྱ་རིག་བྱེད་ཀྱི་རྫས། ནོར་བུ། ཚེ་རྫས། ཕྱག་རྒྱ། བམ། སྨན། བྷནྡྷ། ཚིགས་དབང་།


GLG003_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་རྒྱ་ཆེན་བྱེད་པའི་དབང་། ཡོངས་རྫོགས་ཕྱག་རྒྱ་ཆེན་པོའི་དབང་ལ། ཚོགས་ཆས། མེ་ལོང་། སྒོ་བྱང་། སྟ་གོན་གྱི་ཆས། དཀྱིལ་འཁོར་གྱི་ཆས། ལས་ཀྱི་ཆས། སྦྱོར་བའི་ཆས། ཕྱག་རྒྱ་གར་ཆས། སྟངས་སྟབས་གིང་ཆས། རོལ་མོའི་ཆས་དབང་རྣམས། ལྟ་བ་སྤྱི་འབྱམས་ཀྱི་དབང་ལ། དབང་རྟེན་ལ་བརྟེན་ནས་སྤྱི་བླུགས་ལྟ་བའི་དབང་དང་བཅས་པ། རས་བྲིས་ཀྱི་དཀྱིལ་འཁོར་དུ་ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲ་བའི་སྟེང་ནས། འཇུག་པ་སྔོན་དུ་འགྲོ་བའི། རལ་གྲི །ཚེ་འགུགས། རིགས་ལྔའི་ཕྱག་མཚན། ཚེ་གཟན། བུམ་པ། ཚེ་རིལ། ཚེ་ཆང་། སྤྱི་དྲིལ། རྫོགས་རིམ་མཐའ་རྟེན་རྟགས་བརྒྱད་ཀྱི་དབང་དང་བཅས་པ། པདྨ་འདབ་བཞིའི་དཀྱིལ་འཁོར་ལ་བརྟེན་ནས་མཁའ་འགྲོ་སྡེ་བཞིའི་ཟབ་དབང་ལ། བུམ་པ། ཐོད་པ། གཉིས་མེད་མཉམ་སྦྱོར། མེ་ལོང་རྨ་བྱའི་མདོངས་རྣམས་ལ་བརྟེན་དབང་བཞི་ཆིག་རྫོགས་སུ་བསྐུར་བ། རས་བྲིས་ཀྱི་དཀྱིལ་འཁོར་དུ་བྱིན་རླབས་སྤུངས་པའི་ཡི་གེའི་སྟེང་ནས། མཁའ་འགྲོ་ཀུན་འདུས་ཀྱི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་བུམ་པ་གཟུགས་ལ་བརྟེན་ནས་བུམ་དབང་། ཐོད་ཆང་ཕྱག་མཚན་གྱིས་གསང་དབང་། མེ་ལོང་སིནྡྷུར་ཐིག་ལེ་དཀར་དམར་བཅས་པས་ཤེར་དབང་། ངོ་སྤྲོད་ཚིག་དབང་། འཇིག་རྟེན་ཕྱེད་འདས་ཕྱེད་མ་འདས་ཀྱི་མཁའ་འགྲོའི་དབང་ནི། མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱི་ལྷ་དབང་། ཆས་དབང་ལྟ་སྒོམ་སྤྱོད་པ། ཡོན་ཏན་ཐོབ་ཚུལ། དབུགས་དབྱུང་། ཅོད་པན་གྱི་དབང་རྣམས་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། ཐོག་མར་ལྟ་བ་ཀློངས་ཡངས་ཀྱི་ཐེམས་ཡིག་རིན་ཅེན་སྒྲོན་མ། དེ་ལས་བྱུང་བའི་ཆོས་སྐོར་ལ། ལུས་ལྟ་བུ་བརྒྱུད་ཀྱི་སྐོར། མགོ་བོ་ལྟ་བུ་


GLG003_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་སྐོར། ནང་ཁྲོལ་ལྟ་བུ་དབང་གི་སྐོར། ཡན་ལག་ལྟ་བུ་གཞན་དོན་སྐོར། དབང་པོ་ལྟ་བུ་བློ་འཕེལ་སྐོར། དོན་སྙིང་ལྟ་བུ་འཁྲིད་སྐོར། སྙིང་ཤུན་ལྟ་བུ་ཁ་སྐོང་སྐོར། ལྟོ་ཚིལ་ལྟ་བུ་མཁའ་འགྲོའི་སྐོར། སོར་མོ་ལྟ་བུ་མན་ངག་སྐོར། སྙིང་ཁྲག་གི་དངས་མ་ལྟ་བུ་འདས་རྗེས་དོན་འཁྲིད་མཐར་ཐུག་སྐོར། ལུས་བསྲུང་གི་གོ་མཚོན་ལྟ་བུ་ཆོས་སྐྱོང་སྐོར་དང་བཅུ་གཅིག །དང་པོ་ནི། ཐེག་པ་ཐམས་ཅད་ཀྱི་སྤྱི་ཕུད་ལྟ་བ་ཀློང་ཆེན་ཡངས་པ་ཆེན་པོའི་རྒྱ་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁོལ་དུ་ཕྱུང་བ་ལེའུ་ལྔ་བཅུ་རྩ་གསུམ་པ། གཉིས་པ་མགོོ་བོ་ལྟ་བུ་ལོ་རྒྱུས་སྐོར་ལ། ཡིད་ཆེས་ཤིང་ཁུངས་བཙུན་པ་རྫོགས་ཆེན་བབས་ལུགས་ཀྱི་རབ་འབྱེད་ཆེན་མོའི་ལོ་རྒྱུས་དོན་གྱི་ལྡེ་མིག་ཏུ་གྲགས་པ། ལོ་རྒྱུས་རིན་པོ་ཆེའི་མདོ་བྱང་དྲི་མེད་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་པ་ཤྲཱི་སིངྷ་དང་འཇམ་དཔལ་བཤེས་གཉེན་ཕྱི་མ་ཨོ་རྒྱན་བཻ་རོ་བི་མཱ་ལ་དང་ཛྙཱ་ན་སུ་ཏྲ་མཇལ་བ་ཡན་ལ་ལེའུ་བཅུ་དགུ་དེ་མན་ལ་ལེའུའི་པར་བཀབ་མེད་པ་རྫོགས་བྱང་གི་མཐའ་ཅན། གསུམ་པ་ནང་ཁྲོལ་ལྟ་བུ་དབང་གི་སྐོར་ལ། དབང་བཞིའི་སྔོན་འགྲོ་པདྨའི་ལྗོན་ཤིང་ལེའུ་བརྒྱད་པ། དབང་བཞིའི་སྤྱི་ཆིངས་ཁྱུང་ཆེན་ལྡིང་བ་ཨོ་རྒྱན་པདྨས་བཀོད་པ་ལེའུ་སུམ་ཅུ་པ་རྫོགས་སོའི་མཐའ་ཅན། འགོར་བགེགས་འདུལ་ཁྲ་བོ་ཆེན་པོ་བཅུས་ཞེས་ཡོད་པའི་ཁྱུང་ལྡིང་གི་དབང་བྱང་གུད་དུ་བཀོལ་བ་དཔེ་ཆུང་དུ་གྲགས་པ་འབར་བ་མེའི་སྐོལ་སྦྱོང་ཀྱི་མཐའ་ཅན། ཐེག་པ་བཅུ་གཅིག་དབང་གི་ཁྲིགས་རིན་པོ་ཆེའི་འཕྲེང་བ་རྫོགས་བྱང་གི་མཐའ་ཅན། ཕྱི་སྤྲོས་བཅས་ཞི་བ་བྱང་ཆུབ་སེམས་ཀྱི་བུམ་དབང་ཆེན་མོ་རིན་ཅེན་ཐེམ་སྐས་བསམ་ཡས་མཆིམས་ཕུ་དགེ་གོང་པདྨ་ཕུག་གི་ལྷོ་ཕྱོགས་གནམ་


GLG003_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་འབར་བར་གཏེར་དུ་སྦས་པ། ཞི་བའི་ལྷ་དབང་ཆེན་མོའི་ཕྲ་ཐིག་ལོ་པཎ་གཉིས་ཀྱིས་ཤྲཱིའི་གསུང་བཞིན་ལྷག་ཆད་མེད་པར་བཀོད་པ་ཡིག་ཆ་དང་ལག་ལེན་འཐོར་བ་ཕྱོགས་གཅིག་ཏུ་བསྒྲིགས་ནས་བྷྲོམ་སྟོན་ཆོས་རྗེས་མཛད་པའི་ཞི་བ་བྱང་ཆུབ་སེམས་ཀྱི་བུམ་དབང་རྩལ་འཕྲེང་། ཐེམས་མེད། ཕྱི་ལྟར་ཞི་བ་བཞི་བཅུ་རྩ་གཉིས་སུ་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན། ནང་ལྟར་ཞི་བ་ཀུན་བཟང་རིགས་ལྔར་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན། གསང་བ་ལྟར་ཞི་བ་རྡོ་རྗེ་སེམས་དཔའི་གསང་བ་ཆིག་དྲིལ་དུ་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། འདིའི་ཤོག་སེར་གྱི་ཡིག་མཁན་ལྷ་ལྕམ་ནུས་འབྱིན་རྩལ་ཡིན་ཟེར་བ་སྣང་། ཕྱི་སྤྲོས་བཅས་བུམ་པའི་དབང་ཁྲོ་བོ་རིན་ཅེན་ཐེམ་སྐས་ལེའུ་ཞེ་དྲུག་པ་རྗེས་ཀྱི་ལེའུ་གཉིས་དང་ཞེ་བརྒྱད་པའོའི་མཐའ་ཅན། ཁྲོ་བོ་རྫོགས་པའི་དབང་མོ་ཆེ་རིག་པའི་ངོ་སྤྲོད་ཅེས་པ་ལྷ་དབང་ཆེན་མོའི་ཕྲ་ཐིག་པད་འབྱུང་བཻ་རོ་ཙ་ནས་ཤྲཱིའི་ལུང་བཞིན་ལྷག་ཆད་མེད་པར་བྲིས་པ། ཡི་གེ་དང་ཕྱག་ལེན་འཐོར་བ་ཕྱོགས་གཅིག་ཏུ་བྷྲོམ་སྟོན་ཆོས་རྗེས་བསྡེབས་ནས་བཀོད་པའི་ཁྲོ་བོའི་བུམ་དབང་ལག་ལེན་གསལ་བའི་སྒྲོན་མ་མུ་ཏིག་འཕྲེང་བ། ཐེམས་མེད། ཕྱི་ལྟར་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དུ་སྒྲུབ་པ་ལོ་པཎ་བཀའ་བགྲོས་ནས་ཡི་གེར་བཏབ་པ། འདིའི་འོག་ཏུ་ནང་ཁྲོ་ཆེན་འདུས་པ་རྩལ་དུ་སྒྲུབ་ཐབས་ཡང་གསང་ཆིག་དྲིལ་དགའ་རབ་རྡོ་རྗེའི་ཐུགས་བཅུད་ཅེས་པ་དཔེ་མ་འབྱོར་བས་མ་ཐོབ། ཞི་ཁྲོ་དམ་པ་རིགས་བརྒྱ་རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པར་དྲིལ་ཏེ་བསྒྲུབ་པ་བྱ་སླ་ཚེགས་ཆུང་ཁྱད་པར་ཅན། དབང་རྣམས་ལ་དགོས་པའི་བྱིན་འབེབས་ཆེན་མོ་གདོད་མ་ཀ་དག་མ་བྱིན་འབེབས་འཕྲིན་ལས་སོའི་མཐའ་ཅན། བྱིན་འབེབས་ཀྱི་ཕྲ་ཐིག་བཀའ་སྲུང་གཏེར་བདག་གི་མཐའ་ཅན།


GLG003_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དབང་གི་ཕྲ་ཏིག་རིག་པ་མདུང་ཚུགས་སུ་ངོ་སྤྲོད་པ་དགའ་རབ་རྡོ་རྗེའི་ཕྱག་བཞེས། དབང་དུ་སུ་མྱུལ་ལེ་སྐྲོད་པའི་གིང་བསྐུལ་བསྟོད་པ་དང་བཅས་པའི་ཕྲ་ཏིག་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་མ། གིང་བསྐུལ་གྱི་ཡིག་ཆུང་ཞེས་པ་རྟགས་དང་བསྐུལ་ཕྱོགས་བཅུ་དུར་ཁྲོད་མ། ཐེམས་མེད། སྤྲོས་མེད་ནང་གི་གསང་དབང་རིན་པོ་ཆེ་འཁོར་ལོ་ལེའུ་བཞི་པ། དེའི་ཕྲ་ཏིག་བླ་ན་མེད་པ་དོན་གྱི་འཁོར་ལོ། འགོར་གསང་སྔགས་དབང་གི་ངོ་སྤྲོད་སྐབས་ཞེས་པའི་གསང་དབང་ཕྲ་ཐིག་གི་ལྷན་ཐབས་མིག་ཚགས་རྫོགས་བྱང་གི་མཐའ་ཅན། གསང་དབང་གི་གནད་བྱང་ཕྱག་རྒྱ་མ་སྨིན་བྱེད་རིགས་གསོ་བའི་དབང་ཆོག་བདུད་རྩི་དྲི་མེད། འགོར་དགའ་བཞིའི་བདེ་སྟོང་སྩོལ་མཛད་པའི་ཞེས་ཡོད་པའི་གསང་བ་དགྱེས་བསྟོད་ཀྱི་ཕྲ་ཏིག །ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་གསང་བའི་དབང་པདྨ་འབར་བ་ཡེ་ཤེས་བརྩེགས་པ་ལེའུ་བརྒྱད་པ་དགའ་རབ་རྡོ་རྗེས་མཛད་པ། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་ཕྲ་ཏིག་གསལ་བའི་སྒྲོན་མེ། འགོར་ཏིལ་ཉག་གཅིག་མཐའ་དབུས་བྲལ་ཞེས་ཡོད་པའི་རབ་ཏུ་སྤྲོས་མེད་རིག་པའི་རྩལ་དབང་ཚིག་དབང་རིན་པོ་ཆེས་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་མཐའ་ཅན། གུད་དུ་སྦས་པ་བསམ་ཡས་དབུ་རྩེ་སྟེང་ཁང་ཀ་བའི་ཁོང་གསེང་ནས་བཏོན་པའི་རབ་འབྱམས་བཀའི་དབང་གི་སྐོར་ལ་ནང་གསེས་ཀྱི་རྡོ་རྗེ་རྒྱལ་པོའི་བཀའ་གཏད་རབ་འབྱམས་རྒྱུད་ཀྱི་རྒྱལ་པོ། དབང་གི་ཆུ་བོ་བཞི་བབས་ཚུལ་གྱི་ལོ་རྒྱུས། དེའི་རྒྱུད་ལས་ཕྱུང་བ་ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་གྱི་དབང་ལ་བརྟེན་ནས་ཕྱིའི་ཆས་བརྒྱད་སྤྲུལ་པའི་སྐུར་བསྐུར་ཐབས། བཀའ་པོ་ཏི་གླེགས་བམ་གྱི་དབང་ལ་བརྟེན་ནས་ནང་གི་ཆས་བརྒྱད་ལོངས་སྤྱོད་རྫོགས་སྐུར་


GLG003_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཐབས། རིག་པའི་རྩལ་དབང་ལ་བརྟེན་ནས་གསང་བའི་ཆོས་བརྒྱད་ཆོས་ཀྱི་སྐུར་བསྐུར་ཐབས། ཡོངས་རྫོགས་ཕྱག་རྒྱ་ཆེན་པོ་མཆོག་གི་དབང་ལ་བརྟེན་ནས་དབང་གི་ཆས་བཅུ་མི་འགྱུར་རྡོ་རྗེར་བསྐུར་ཐབས། སྐུ་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ལྟ་བ་སྤྱི་འབྱམས་ཀྱི་དབང་བསྐུར་ཐབས། དེ་དག་གི་རྒྱབ་ཆོས་སུ་འགོར་ཀུན་ཏུ་བཟང་པོ་དགོངས་པའི་ཚིག་འདི་ལྟར་ཞེས་ཡོད་པའི་མཁས་པ་ཉི་ཤུ་རྩ་ལྔ་དང་བཻ་རོའི་གླུ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་མོ་ཆེ་གླུར་བླངས་སོའི་མཐའ་ཅན་རྣམས། བཞི་པ། ཡན་ལག་ལྟ་བུ་འཕྲིན་ལས་གཞན་དོན་སྐོར་ལ། ཞི་བའི་ལས་བྱུང་ཡང་དག་དོན་གྱི་འཕྲིན་ལས་ལེའུ་གསུམ་པ། ཁྲོ་བོའི་ལས་བྱང་རིན་ཅེན་ཟེར་འཕྲོ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་རྫོགས་བྱང་གི་མཐའ་ཅན། འགོར་བསྒྲལ་ཆོག་གི་ལས་རིམ་ནི་ཞེས་ཡོད་པའི་བསྒྲལ་ཆོག་གི་ཕྲ་ཐིག་མ་བཅོས་ལྷང་ངེར་ཞོག་གི་མཐའ་ཅན། ཐེམས་མེད། འགོར་འདིར་སྒྲོལ་བའི་དགོས་པ་ཚེ་ལུང་དང་ཞེས་ཡོད་པའི་ཚེ་ལུང་ཁྲུས་ལུང་གི་དགོས་པ་སློབ་བུ་ཤངས་པ་རྒྱ་ཚོ་པས་བསྐུལ་ངོར་གཏེར་སྟོན་གྱིས་ལུང་ནག་ཕུགས་སྟོད་དགེ་བའི་གནས་སུ་ཡི་གེར་བཀོད་པ། ཐེམས་མེད། ཞི་ཁྲོ་གཉིས་ཀྱི་ཚེ་སྒྲུབ་འོད་ཟེར་དྲ་བ་ལས་རིམ་བཅུ་གཉིས་པ་དབང་དང་བཅས་པ། དེའི་ལག་ལེན་ཕྲ་ཏིག་ཚེ་དབང་རིན་པོ་ཆེའི་འཁོར་ལོ་འབར་བའི་རྒྱུད་ཆུང་ལེའུ་བཞི་པ། མཐའ་རྟེན་བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་བསྐུར་ཐབས། ཐེམས་མེད། རྟེན་གསུམ་རབ་ཏུ་གནས་པར་བྱ་བའི་གདམས་པ་ཡེ་ཤེས་གསུམ་ལྡན་གྱི་ཆོ་ག་རྒྱས་པར་བསྟན་པ། སྤྲོས་པ་ཉེ་བར་བསྡུས་པ། སྤྲོས་མེད་དོན་གྱི་རབ་ཏུ་གནས་པ་བྱ་ཚུལ་གསུམ་ཆོས་སྡེ་གཅིག་ཏུ་བཞུགས་པ། འགོར་རྡོ་རྗེ་འཆང་གི་བཀའ་


GLG003_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཞེས་ཡོད་པའི་རོ་སྲེག་ཕུང་པོ་འདུལ་སྦྱང་རྒྱུད་ལས་བཀོལ་བ་ཤེས་པར་བྱའོའི་མཐའ་ཅན། ཚེ་འདས་གནས་འདྲེན་གྱི་མན་ངག་གནས་ལུང་ཆེན་མོ་ཐུགས་རྗེའི་ལྕགས་ཀྱུ་རྒྱལ་སྲས་ཆོས་རྗེའི་གསུང་བཞིན་རིན་པོ་ཆེ་བཀྲ་ཤིས་མཚན་ཅན་གྱིས་བསྡེབས་པ་གནས་ལུང་གི་ཆ་ལག་གཤིན་པོ་ཟས་གཏད་ཀྱི་ཆོ་ག་རིམ་པ་ཉི་ཤུ་པ་རྣམས། ལྔ་པ་དབང་པོ་ལྟ་བུ་བློ་འཕེལ་སྐོར་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ལོ་གསུམ་ལ་ཤོ་ལོ་ཀ་དྲུག་ལས་མ་ཟིན་པར་འདི་བསྒྲུབས་པས་ཆོས་སྒོ་ཀུན་ལ་མཁས་ཚུལ་གྱི་ལོ་རྒྱུས་ཡོད་པའི་འཇམ་དཔལ་བློའི་མུན་སེལ་གྱི་སྒྲུབ་ཐབས་བླ་རྡོ་གནད་ཡིག་དང་བཅས་པ། དྲུག་པ་དོན་སྙིང་ལྟ་བུ་འཁྲིད་ཀྱི་སྐོར་ལ། སྔོན་འགྲོ་རིགས་དྲུག་དོང་སྤྲུགས་ཀྱི་འཁྲིད་ཡིག་མ་རིག་མུན་སེལ་སྒྲོན་མེ། རིགས་དྲུག་ཏུ་ཤན་དབྱེ་བའི་སྤྱོད་པ་ལ་བསླབ་པའི་ལག་འཁྲིད་རིགས་དྲུག་དོང་སྤྲུགས། ཐེག་པ་བཅུ་གཅིག་གི་འཁྲིད་ཡིག་འོད་ཟེར་དྲ་བ། ལུས་ངག་ཡིད་གསུམ་སྐྱེ་མེད་དུ་གྲོལ་བའི་འཁྲིད་ཡིག་གསལ་བྱེད་མེ་ལོང་། ལམ་འཁྲིད་སེམས་ཀྱི་རྩ་བ་གཅོད་བྱེད་ཨ་ཏིའི་འཁྲིད་ཡིག་འོད་ཟེར་དྲ་བ་ལེའུ་དགུ་པ། རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཡང་བཅུད་ལག་འཁྲིད་ཅིག་ཅར་བ་དབང་པོ་ཡང་རབ་གྲོལ་བྱེད་ཨར་གཏད་ལག་འཁྲིད་ཉི་མའི་སྙིང་པོ་མ་རིག་མིག་འབྱེད། སྐུ་གསུམ་གྱི་ངོ་སྤྲོད་ཨ་ཏིའི་ཁོང་སྙིང་གསལ་བའི་མེ་ལོང་ལག་ལེན་མྱོང་བས་ཐེབས་པར་མཛོད་ཕྲད་ཤོག་གི་མཐའ་ཅན་རྣམས། བདུན་པ་སྙིང་ཤུན་ལྟ་བུ་ཁ་སྐོང་སྐོར་ལ། ཚོགས་ཀྱི་འཁོར་ལོའི་མཆོད་པའི་བྱ་བའི་རིམ་པ་ནོར་བུ་བསམ་འཕེལ་སློབ་དཔོན་ཆེན་པོས་ཀུ་སུ་ལུའི་དོན་དུ་མཛད་པ། དེས་ལོ་ཆེན་བཻ་རོ་ཙ་ན་ལ་གདམས་


GLG003_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཕྲུལ་གྱི་དཔེ་བརྒྱད་ཀྱི་ཞལ་གདམས། རིགས་ཆད་ཐུགས་རྗེའི་བཟུང་བ་བཏགས་གྲོལ་འཁོར་ལོའི་རྒྱབ་ཡིག་ཕྲད་ཤོག་རེག་པ་དོན་ལྡན་བསྟན་པའི་སྒྲོན་མེ་གཅིག་དང་ཕྲད་ཤོག་གི་མཐའ་ཅན། དབང་པོ་ཡང་རབ་ཀྱི་ཉམས་ལེན་འབྱུང་བཞིའི་སྒྲ་ལ་གོམས་པར་བྱམས་ནས་སྤྲུལ་སྐུ་སྣང་རིག་བསྲེ་ཐབས་ཀྱི་འཁྲིད་ཡིག །ཚེ་འདིར་མ་གྲོལ་ན་བར་དོར་ཉམས་སུ་བླང་ཚུལ་བར་དོ་བཞིའི་འཆར་ཚུལ་ངོ་སྤྲོད་ཀྱི་གདམས་པ་ངེས་པའི་འབྲས་བུ་འདོད་པ་ལ་ལེགས་པར་སྟོན་པ། སྐུ་གསུམ་གྱི་འབྲས་བུ་མངོན་དུ་གཏན་ལ་འབེབས་པའི་ཐབས་མཆོག་རིན་ཅེན་རྒྱབ་ཡིག་ངོ་སྤྲོད་ཉི་ཤུ་རྩ་ལྔ་པ་ཉི་མ་དང་འདྲ་འབག་གལ་ཆེའོའི་མཐའ་ཅན་རྣམས། འདི་ལ་ངོ་སྤྲོད་ཉི་ཤུ་རྩ་ལྔ་བར་གྲགས་ཀྱང་ཉེར་ལྔ་ཉེར་གཅིག་སོགས་ནང་གསེས་སུ་སྣ་ཚོགས་སྣང་། བརྒྱད་པ་ལྟོ་ཚིལ་ལྟ་བུ་མཁའ་འགྲོའི་སྐོར་ལ། མཁའ་འགྲོའི་སྐོར་འདི་རྣམས་ཀྱི་གཏེར་གནས་སྤ་གྲོ་སྟག་ཚང་ཡིན། མཁའ་འགྲོ་ཡིད་བཞིན་ནོར་བུའི་ལོ་རྒྱུས། མཁའ་འགྲོ་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་མན་ངག་གི་སྒྲུབ་ཐབས་ཞེས་བྱ་བ། མཁའ་འགྲོ་ཐམས་ཅད་གཅིག་ཏུ་དྲིལ་ནས་སྒྲུབ་པ་དངོས་གྲུབ་སྤུངས་པ། མཁའ་འགྲོ་ཕག་ལྔ་ནང་ལྟར་སྒྲུབ་པ་ལ་བྱེ་བྲག་ཏུ་ཉམས་རྟོགས་བརྒྱད་ལ་སྤར་བ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ་སྐུའི་སྒྲུབ་པ། ཟས་ནོར་དངོས་གྲུབ་སྤེལ་བ་རིན་ཅེན་མཁའ་འགྲོ་སེར་མོ་ཡོན་ཏན་གྱི་སྒྲུབ་ཐབས། ལུས་ཀྱི་བདེ་དྲོད་འབར་ཞིང་བུད་མེད་དབང་དུ་བསྡུ་བ། པདྨ་མཁའ་འགྲོ་མ་དམར་མོ་གསུང་གི་སྒྲུབ་པ། རྟེན་འབྲེལ་སྣ་ཚོགས་སྒྲུབ་པ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ་འཕྲིན་ལས་ཀྱི་སྒྲུབ་པ་མཆོག་གི་དངོས་གྲུབ་སྒྲུབ་པ་སངས་རྒྱས་མཁའ་འགྲོ་ནག་མོ་ཐུགས་སུ་སྒྲུབ་པ་དང་ལྔ། གསང་བ་རྡོ་རྗེ་མཁའ་འགྲོ་ཕག་མ་ོ


GLG003_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོ་མོ་རྐྱང་ཆིག་དྲིལ་དུ་སྒྲུབ་པ། དེའི་ལས་ཚོགས་ལ་རྟོགས་པ་རྒྱུད་ལ་སྐྱེ་བ། ཟས་ནོར་འདུ་བ། བདེ་དྲོད་འཕེལ་ཞིང་བུད་མེད་འདུ་བ། དགྲ་བགེགས་འདུལ་བ། དབང་ཆེན་རྟ་མགྲིན་ཕོ་རྐྱང་དུ་སྒྲུབ་པ། དེའི་ལས་ཚོགས་ལ་མི་རྟོག་པ་སྐྱེ་བ། ལོངས་སྤྱོད་རྒྱས་པ། བུད་མེད་འདུ་བ། དྲེགས་པ་འདུལ་བ་རིགས་བཞིའི་ལས། མཁའ་འགྲོ་ཡབ་ཡུམ་བསྒྲུབ་པའི་ཞལ་གྱི་གདམས་པ། མོ་རྐྱང་འཁོར་ལོ་ལྔའི་གསང་སྒྲུབ་ཀྱི་ཞལ་གདམས། འཁོར་ལོ་བཞིའི་ལྷ་རྣམས་རེ་རེ་གཙོ་བོར་སྟོན་པ་ནང་སྒྲུབ་ཀྱི་ཞལ་གདམས། ཕོ་རྐྱང་འཁོར་ལོ་ལྔའི་ལྷ་ལྔ་གཅིག་དང་སོ་སོར་བསྒྲུབ་པའི་ཞལ་གདམས། རིགས་ལྔ་ཁོལ་བུར་བསྒྲུབ་པ། སྤྱིའི་གནད་ཡིག །རིགས་བཞི་སོ་སོའི་རྟགས་ཚད་མན་ངག །འབྱུང་ལྔ་གཤེད་འབེབས། སྲོག་འཁོར་དང་སྔགས་ཀྱི་གཤེད་འབེབས་སྒྲུབ་པའི་ཁོང་སྙིང་བླ་རྡོའི་མན་ངག་དང་བཅས་པ་གསེར་ལ་གཡུ་ཡིག་བརྒྱད་པ་འདྲ་བ། མཁའ་འགྲོའི་སྔགས་ཀྱི་ལྡེ་མིག་མཁའ་འགྲོ་མ་ནུས་པ་མེད་པའི་མན་ངག །མཁའ་འགྲོ་སྡེ་ལྔའི་དབང་ཆོག་ཟབ་མོ་ཉི་ཟླའི་འོག་ན་འདི་འདྲའི་གདམས་པ་རྙེད་པར་དཀའ་བ། མཁའ་འགྲོ་ཀུན་འདུས་ཀྱི་ཟབ་དབང་སྤྱི་དྲིལ་ཆེན་མོ་རྫོགས་བྱང་གི་མཐའ་ཅན། རྩ་རླུང་བདེ་དྲོད་ཆེན་མོ་མཆོག་ཐུན་དངོས་གྲུབ་སྤངས་པ་རྫོགས་བྱང་གི་མཐའ་ཅན། ལྟོ་གོས་ཀྱི་ཞེན་པ་གཅོད་པ་བཅུད་ལེན་གྱི་ནོར་བུ་རྒྱ་མཚོ་ལ་ནང་གསེས་ཀྱི་རླུང་གི་བཅུད་ལེན། རྩ་རླུང་ཆེན་མོ་ནས་ལེན། ཅུང་ཞི། ས་ཚན། བྱེ་མ། དབང་ལག །འོམ་བུ། དྲི་ཆེན། ཨུཏྤལ། ཆུ། རྡོ། གླང་སྣ། སྤང་རྒྱན། ལྕེ་བྱུང་གི་སྦྱོར་བ་རྣམས་མཇུག་ཏུ་སྔོན་འགྲོ་དངོས་གཞི་རྗེས་ཡོན་ཏན་དང་བཞིས་བསྟན་པ་རྣམས། དགུ་པ་སོར་


GLG003_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལྟ་བུ་མན་ངག་སྐོར་ནི། འཇིག་རྟེན་པ་ཏྲའི་གདམས་པ་མེ་སྒྱོགས་མདའ་དཔག་ཆེན་དཔག་ཆུང་སོགས་ཀྱི་སྦྱོར་བ་གཞན་སྣང་སྒྱུར་བྱེད། བཅུ་པ་སྙིང་ཁྲག་གི་དངས་མ་ལྟ་བུ་འདས་རྗེས་དོན་འཁྲིད་མཐར་ཐུག་སྐོར་ལ། བརྒྱུད་པ་གསུམ་གྱི་ཞལ་ཆེམས་བསྟན་པའི་སྙིང་པོ་བདེ་གཤེགས་སྲས་གཅིག་མཁའ་འགྲོའི་སྲོག་སྙིང་ཡང་ཏིག་ཆེན་མོའི་སྐོར་ལས་དགོངས་རྒྱུད་འདས་རྗེས་ལ། རང་བྱུང་གི་ཆོས་ཚིག་ཐམས་ཅད་རང་ཤར་པའི་གླེགས་བམ་ཤོ་ལོ་ཀ་བདུན་པ་བསྟན་པ་ཀུན་གྱི་ཐོག་མ་ཀུན་བཟང་དགོངས་པའི་རྒྱུད་བཅངས་པས་དྲན་འཆང་རྒྱ་པའི་ཏནྟྲ། སྐུ་ལྔ་དབྱེར་མེད་རང་ཤར་གྱི་གླེགས་བམ་ལོངས་སྐུའི་དགོངས་སྤྱོད་སྲས་གཅིག་པའི་རྒྱུད་ཤོ་ལོ་ཀ་བཞི་པ། སྟོང་པའི་སྒྲ་རུ་རང་བྱུང་བ་ཤོ་ལོ་ཀ་བཞི་པ་སུ་ཕྲད་གདོང་མར་གྲོལ་བ་ལྔ་ལྡན་བུ་ལ་སྟོན་ཅིག་པ། སྟོན་པ་རྡོ་རྗེ་སེམས་པའི་འདས་རྗེས་ཆོས་ཐམས་ཅད་ཀྱི་གནད་འཁོར་བ་དོང་ནས་སྤྲུག་པ་གསེར་གྱི་འབྲུ་གཅིག །སྟོན་པ་ཁྱེའུ་རྣམ་རོལ་གྱི་འདས་རྗེས་རིགས་དྲུག་རང་གྲོལ། སྟོན་པ་རྡོ་རྗེ་འཆང་ཆེན་པོའི་འདས་རྗེས་སངས་རྒྱས་ཀྱི་ཞལ་ཆེམས་དང་པོར་གྲགས་པ་བསྟན་པ་ཀུན་གྱི་སྲོག་ཏིག །སྟོན་པ་འོད་མི་འཁྲུག་པའི་འདས་རྗེས་ཡང་ཏིག་སྲོག་གཟེར་གྱི་རྒྱུད་ཐུགས་རྗེ་གཅེར་གྲོལ་སྟོན་པ་འཇམ་དཔལ་འཇིག་སྐྱོབས་ཀྱི་འདས་རྗེས་གསེར་གྱི་འབྲུ་གཅིག །སྟོན་པ་དཔའ་བོ་སྟོབས་ལྡན་གྱི་འདས་རྗེས་སངས་རྒྱས་ཀྱི་ཞལ་ཆེམས་གཉིས་པ་བསྟན་པ་ཀུན་གྱི་བུ་གཅིག་བུ། སྟོན་པ་དྲང་སྲོང་ཁྲོ་རྒྱལ་གྱི་འདས་རྗེས་སངས་རྒྱས་ཀྱི་ཞལ་ཆེམས་གསུམ་པ་ཐུགས་ཀྱི་སྙིང་པོ་འབྲུ་གཅིག་པ་བསྟན་པ་ཀུན་གྱི་སྲོག །སྟོན་པ་གསེར་འོད་དམ་པའི་འདས་རྗེས་ཤོ་ལོ་ཀ་


GLG003_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཐུགས་རྗེ་དྲན་པས་འཚང་རྒྱ་པའི་གདམས་པ། སྟོན་པ་བརྩེ་བའི་བློ་གྲོས་ཀྱི་འདས་རྗེས་རྡོ་རྗེའི་ཚིག་དྲུག་པ། སྟོན་པ་འོད་སྲུངས་བགྲེས་པོའི་འདས་རྗེས་དེ་བཞིན་གཤེགས་པའི་དགོངས་ཚིག་འཁོར་བ་དོང་སྤྲུགས། སྟོན་པ་མངོན་རྫོགས་རྒྱལ་པོའི་འདས་རྗེས་སངས་རྒྱས་ཀུན་གྱི་གནད་ཐེམས། སྟོན་པ་ཤཱཀྱ་ཐུབ་པའི་འདས་རྗེས་རིན་ཅེན་ཐིག་ལེ། རིགས་འཛིན་བརྡ་བརྒྱུད་ཀྱི་འདས་རྗེས་ལ། དགའ་རབ་རྡོ་རྗེའི་ཞལ་ཆེམས་ཚིག་གསུམ་གནད་རྡེག །འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་དགོངས་ཉམས་དྲུག་པ། འཇམ་དཔལ་བཟང་པོའི་ཞལ་ཆེམས་གཞག་ཐབས་བཞི་པ། ཤྲཱི་སིངྷིའི་ཞལ་ཆེམས་གཟེར་བུ་བདུན་པ། ཨོ་རྒྱན་གྱི་དགོངས་པའི་ཞལ་ཆེམས་ཤོ་ལོ་ཀ་བཞི་པ། སྙན་བརྒྱུད་གྱི་ཞལ་ཆེམས་ལ། བཻ་རོ་ཙ་ནའི་ཞལ་ཆེམས་ཀློང་ཡངས་རིན་ཅེན། ཨེ་མ་བཞུགས་སྟངས་སོགས་ལྷུག་པ་གཉིས་བཅས་བསྡོམས་པར་སྲོག་ཏིག་གསུངས་པ་རྫོགས་སོའི་མཐའ་ཅན། དབང་འཁྲིད་སྐོར་ལ་ཀུན་བཟང་འཁོར་བ་རྩད་གཅོད་ཀྱི་ལོ་རྒྱུས་དབང་འཁྲིད་དང་བཅས་པ་དྲན་པས་འཚང་རྒྱ་བའི་གདམས་པ། རྣམ་སྣང་ལོངས་སྐུའི་དགོངས་པ་ལྷུན་གྲུབ་སྣང་བ་རང་གྲོལ་མཐོང་བས་འཚང་རྒྱ་བའི་གནད་འདས་རྗེས་ཀྱི་ལོ་རྒྱུས་དབང་དོན་འཁྲིད་དང་བཅས་པ། རྡོ་རྗེ་འཆང་གི་དགོངས་པ་རག་པས་འཚར་རྒྱ་བའི་ལོ་རྒྱུས་དབང་དོན་འཁྲིད་དང་བཅས་པ། སྟོན་པ་རྡོ་རྗེ་སེམས་དཔའི་དགོངས་པ་རིག་པ་འཚང་ཐོག་ཏུ་ངོ་སྤྲོད་པའི་གནད་གཞི་སྣང་རང་གྲོལ་ལོ་རྒྱུས་དང་བཅས་པ། སྟོན་པ་འོད་མི་འཁྲུག་པའི་དགོངས་པ་ཐུགས་རྗེ་གཅེར་གྲོལ་གྱི་འཁྲིད་ལོ་རྒྱུས་དབང་དང་བཅས་པ་མཁའ་འགྲོ་འབུམ་སྡེའི་མཆོག་


GLG003_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། སྟོན་པ་འཇམ་དཔལ་འཇིགས་སྐྱོབ་ཀྱི་དགོངས་པ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་གི་མནོག་ཆོས་ཐུགས་རྗེ་རེག་གྲོལ་གྱི་ལོ་རྒྱུས་དབང་དོན་འཁྲིད་དང་བཅས་པ། སྟོན་པ་ཁྱེའུ་རྣམ་རོལ་གྱི་དགོངས་པ་རིགས་དྲུག་རང་གྲོལ་གྱི་འཁྲིད་གནོད་སྦྱིན་སྲིན་པོའི་མནོག་ཆོས་ལོ་རྒྱུས་དབང་དོན་འཁྲིད་དང་བཅས་པ། སྟོན་པ་རྡོ་རྗེ་འཆང་ཆེན་པོ། གཞོན་ནུ་དཔའ་བོ་སྟོབས་ལྡན། དྲང་སྲོང་ཁྲོ་རྒྱལ་གསུམ་གྱི་དགོངས་པ་འདས་རྗེས་གསུམ་གྱི་དོན་འཁྲིད་དུ་གྲགས་པ་ཀློང་ཡངས་ཀྱི་འཁྲིད་ཡིག་དངོས་གཞི་ལམ་ཟབ་མཐར་ཐུག་པདྨ་ཐོད་འཕྲེང་དང་བཻ་རོ་བཀའ་བགྲོས་ཏེ་ཡི་གེར་བཏབ་པ། སྟོན་པ་གསེར་འོད་དམ་པའི་ཐུགས་འཁྲིད་རེག་པས་འཚང་རྒྱ་བའི་གདམས་པ། སྟོན་པ་བརྩེ་བའི་བློ་གྲོས་ཀྱི་འདས་རྗེས་དོན་འཁྲིད་འཁྲུལ་པ་ཕུགས་འདེད་ལོ་རྒྱུས་དང་བཅས་པ། སྟོན་པ་འོད་སྲུང་བགྲེས་པོའི་འདས་རྗེས་དོན་འཁྲིད་ལོ་རྒྱུས་དང་བཅས་པ། སྟོན་པ་མངོན་རྫོགས་རྒྱལ་པོའི་འདས་རྗེས་དོན་འཁྲིད་བསྟན་པ་ཀུན་གྱི་ཉིང་ཁུ་ལོ་རྒྱུས་དང་བཅས་པ། སྟོན་པ་ཤཱཀྱ་ཐུབ་པའི་འདས་རྗེས་དོན་འཁྲིད་ཆེན་མོ་ཞེས་བྱ་བ། ལོ་པཎ་རྣམ་གཉིས་ཀྱི་རྗེས་སྐོར་གྱི་ཐེམས་ཡིག་བསྟན་པ་རྣམས། བཅུ་གཅིག་པ་ལུས་བསྲུང་གི་གོ་མཚོན་ལྟ་བུ་བསྟན་སྲུང་སྐོར་ལ། ཁྲོས་མ་ནག་མོའི་ཕྱི་སྒྲུབ་ལུས་དང་འདྲ་བ་གཙོ་མོ་བཞིའི་འཕྲིན་སྒྲུབ་གབ་པ་ཙིཏྟ་སྙིང་གི་རྒྱ་ཅན། སྔགས་སྲུང་ནག་མོ་ཨེ་ཀ་ཊིའི་ནང་སྒྲུབ་སྤྱི་དོན་གསུམ་གྱིས་བསྟན་པ་དོན་སྣོད་གསང་བའི་ཡང་གསང་དམ་པ། བཀའ་སྲུང་གཟའ་བདུད་ནག་པོའི་ཕྱི་སྒྲུབ་ལོ་ནད་སེར་བའི་ཅོག་བརྡུང་ལས་བྱང་དང་བཅས་པ། བཀའ་སྲུང་གཟའི་གསང་སྒྲུབ་བསྙེན་སྒྲུབ་


GLG003_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་གསུམ་གྱིས་བསྟན་པ་དངར་གསུམ་ལ་སོགས་པ་མཆོད་པ་ཤིས་སོའི་མཐའ་ཅན། གཟའ་བདུད་གསང་སྒྲུབ་མེ་རླུང་འཁྱིལ་བ་ཞེས་པ་སྐུ་བཞེང་ཐབས་ལས་སྦྱོར་དང་བཅས་གཅིག་གིས་སྒོ་འབྱེད་ཤོག་གི་མཐའ་ཅན། དམ་ཅན་རྡོ་རྗེ་ལེགས་པ་ཐིག་ལེ་རྩ་སེར་སྐྱ་རྩ་བའི་སྒྲུབ་ཐབས་ཀྱི་ཕྱི་སྒྲུབ་ཆེན་མོ་གནད་ཡིག་གསོལ་ཁ་དང་བཅས་པ་ངོ་བོ་གཅིག་པ་སོ་སོར་བསྟན་པའོའི་མཐའ་ཅན། དམ་ཅན་རྡོ་རྗེ་ལེགས་པའི་ནང་སྒྲུབ་འདི་ལྟར་མ་འཆུན་ན་ཉམས་སུ་བླང་བ། དམ་ཅན་བཛྲ་སཱ་དྷུའི་གསང་བ་ཡང་དག་སྒྲུབ་པ་ཞལ་ཆེམས་དང་བཅས་པ་རྫོགས་སོའི་མཐའ་ཅན་རྣམས་ཀྱི་དབང་ལུང་རྫོགས་པར་ཐོབ་པའི་བརྒྱུད་པ་གསུམ་ལས། དང་པོ་རྒྱལ་བ་དགོངས་བརྒྱུད་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྣམ་པར་སྣང་མཛད། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། གཉིས་པ་འོད་མི་འཁྲུག་པ། གསུམ་པ་འཇམ་དཔལ་འཇིགས་སྐྱོབ། བཞི་པ་གཞོན་ནུ་རྣམ་རོལ། ལྔ་པ་རྡོ་རྗེ་འཆང་ཆེན། དྲུག་པ་གཞོན་ནུ་དཔའ་བོ་སྟོབས་ལྡན། བདུན་པ་དྲང་སྲོང་ཁྲོ་རྒྱལ། བརྒྱད་པ་གསེར་འོད་དམ་པ། དགུ་པ་བརྩེ་བའི་བློ་གྲོས། བཅུ་པ་འོད་སྲུང་བགྲེས་པོ། བཅུ་གཅིག་པ་མངོན་རྫོགས་རྒྱལ་པོ། བཅུ་གཉིས་པ་ཤཱཀྱ་ཐུབ་པ། གཉིས་པ་རིགས་འཛིན་བརྡ་བརྒྱུད་ནི། རིགས་འཛིན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིདྷ། སློབ་དཔོན་འཇམ་དཔལ་བཟང་པོ། འཇམ་དཔལ་བཤེས་གཉེན་ཕྱི་མའང་ཟེར། ཨོ་རྒྱན་སངས་རྒྱས་གཉིས་པ། གསུམ་པ་གང་ཟག་སྙན་བརྒྱུད་ནི། ལོ་ཆེན་བཻ་རོ་ཙ་ན། རྒྱལ་བའི་སྲས་པོ་རྡོ་རྗེ་གླིང་པ། ཐུགས་སྲས་བཀྲ་ཤིས་འབྱུང་གནས། རྟོགས་ལྡན་ཆོས་དབྱིངས་རང་གྲོལ།


GLG003_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་ཆོས་རྗེ་རྣམ་གསུམ། ཀུན་མཁྱེན་བསོད་ནམས་མཚན་ཅན། འགྲོ་མགོན་བདེ་གཤེགས་མཆེད་གཉིས། ཆོས་རྗེ་འཛམ་གླིང་གྲགས་པ། སྲས་པད་མ་གྲགས་པ། ཀརྨ་ལུང་རིག་རྒྱ་མཚོ། བུམ་ཐང་ཨོ་རྒྱན་ཆོས་གླིང་པ་ཀརྨ་གར་དབང་བཟང་པོ། སྤྲུལ་སྐུ་གར་དབང་བསྟན་འཛིན་རྣམ་རྒྱལ། གྲུབ་པ་མཆོག་བརྙེས་ཆོས་དབང་ལྷུན་གྲུབ། རིགས་འཛིན་ཆེན་པོ་འཕྲིན་ལས་ལྷུན་གྲུབ། རྡོར་གླིང་སྤྲུལ་སྐུ་འགྲོ་འདུལ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །རྒྱལ་བའི་སྲས་པོ་རྡོ་རྗེ་གླིང་པས་སྤ་གྲོ་སྟག་ཚང་བྲག་ནས་སྤྱན་དྲངས་པའི་བླ་མ་དྲག་པོའི་སྐོར་ནི། རང་གཏེར་ལས། དེ་དུས་རྡོ་རྗེ་དྲག་པོ་རྩལ༔ ཨོ་རྒྱན་ང་ཡི་སྒྲུབ་ཐབས་འདི༔ སུ་འཆང་འཛིན་པ་ང་རང་དངོས༔ དེ་ལ་བར་གཅོད་ག་ལ་ཚུགས༔ རྡོ་རྗེ་ཕ་ལམ་རལ་གྲི་འདྲ༔ དཔལ་རི་འོད་ཀྱི་རྩེ་མོ་ནས༔ དེ་ལ་གཡེངས་པ་མེད་པར་སྐྱོབ༔ ཅེས་ཐུགས་སྒྲུབ་དྲག་པོའི་ཆོས་སྐོར་ཀུན་གྱི་ནང་ནས་ཤིན་ཏུ་ཟབ་པ་བྱིན་རླབས་ནུས་ལྡན་གྱི་སྐོར་ལ་ཐོག་མར་དབང་ཆོག་རྡོ་རྗེ་སྤྱི་བླུགས་ཀྱི་སྟེང་ནས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བས་བུམ་པ་ལ་བརྟེན་ནས་དྲག་པོ་ཐོད་འཕྲེང་རྩལ་གྱི་དབང་བཞི། ཐོད་པ་བདུད་རྩིས་སྤྲུལ་སྐུའི་དབང་། རྡོར་དྲིལ་གྱིས་ལོངས་སྐུ་རིགས་ལྔ། འཇམ་དཔལ་གྱིས་ཆོས་སྐོར་ཀུན་གྱི་སྒོ་འབྱེད་པ། རྟ་མགྲིན་གྱིས་སྡེ་བརྒྱད་ཟིལ་གནོན། ཕྱག་རྡོར་གྱིས་ཀླུ་དང་ས་བདག་གཟའ་རྣམས་ཟིལ་གནོན། ཡཀྵ་མེ་དབལ་གྱིས་དྲེགས་པ་ཚར་གཅོད་པ། མཁའ་ལྡིང་རིགས་ལྔས་སྣ་ཚོགས་འཕྲིན་ལས་བསྒྲུབ་པ་རྣམས་ཀྱི་དབང་། འཆི་མེད་ཚེ་དབང་། བགྲང་འཕྲེང་དང་ལྷ་སྐུས་བསྐྱེད་རིམ་སྔགས་དབང་ཅང་ཏེ་བྷནྡྷས་སྣང་བ་དབང་དུ་བསྡུད་


GLG003_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མཁའ་འགྲོ་སྲོག་རྟེན། དམ་རྫས་གཏོར་མའི་དབང་དང་བཅས་པ་སྨིན་རྒྱས་སུ་མནོས་ནས། ལུང་ལ། ལོ་རྒྱུས། སྤྱི་སྒྲུབ། སྒོས་སྒྲུབ། ཀུན་ལ་གཅེས་པ། ལས་ཚོགས། དཀའ་སྲུང་གི་སྐོར་དང་དྲུག །དང་པོ་ནི། གུ་རུའི་ལོ་རྒྱུས་ཆེན་མོ་ཞེས་པ་པདྨ་དྲག་པོ་རྩལ་གྱི་ཐུགས་སྒྲུབ་ལ་ལོ་རྒྱུས་སྒྲུབ་པ་ལས་ཚོགས་གསུམ་གྱིས་ཕྱེ་བའི་ཨོ་རྒྱན་ཆེན་པོས་བསམ་ཡས་ཀྱི་གཙུག་ལག་ཁང་འགྲུབ་པར་མཛད་ནས་བོད་ཀྱི་གནས་ཆེན་རི་བྲག་རྣམས་བྱིན་གྱི་བརླབས་ཚུལ་དང་ཁྱད་པར་དཔེ་ཧར་བཏུལ་བའི་ལོ་རྒྱུས་འབྲས་མོ་ལྗོངས་ཀྱི་བྲག་དཀར་བཀྲ་ཤིས་སྡིངས་སུ་ལོ་ཙཱ་བ་བཻ་རོ་ཙ་ན་དང་ཇོ་མོ་ལ་ཐུགས་སྒྲུབ་དྲག་པོ་ཐུགས་ཀྱི་སྒྲུབ་པ་གནང་ཞིང་གཏེར་དུ་སྦས་ཚུལ་བཅས་བསྟན་པ་སྙིང་སྟོབས་ཅན་དང་ཕྲད་པར་ཤོག་གི་མཐའ་ཅན། གཉིས་པ་སྤྱི་སྒྲུབ་ལ། ཕྱི་སྒྲུབ་ཡིད་བཞིན་ནོར་བུ་བླ་མ་ཞི་བ་ལ་མཁའ་འགྲོ་རིགས་བཞིས་བསྐོར་བ། ནང་སྒྲུབ་ཉི་ཟླ་གའུ་གུ་རུ་དྲག་པོ་ཐོད་འཕྲེང་རྩལ་ལ་ཡུམ་བདེ་ཆེན་ཛྙཱ་ན་འཁྲིལ་བ། གསང་བ་དྲིལ་སྒྲུབ་རྩ་བའི་སྒྲུབ་པ་དྲག་དམར་རིགས་བདག་གསུམ་བརྩེགས་ལུས་དཀྱིལ་གྱི་ལྷ་འཇམ་དཔལ། རྟ་མགྲིན། ཕྱག་རྡོར། མེ་དཔལ། ཁྱུང་རིགས་ལྔ། བསྲུང་འཁོར་སྔགས་འཕྲེང་ཅན་བསྟན་པ། ཡང་གསང་ཐུགས་བཅུད་དང་འབྲེལ་བ་བླ་མ་དྲག་པོ་རྩལ་སྤྱན་མང་ཧཱུྃ་གི་སྒྲུབ་པ་རྣམས། གསུམ་པ་སྒོ་སྒྲུབ་ལ། ཚེ་དཔག་མེད་གུ་རུ་ཚེའི་སྒྲུབ། འཇམ་དཔལ་སྐུ་སྒྲུབ་ཤེས་རབ་ཕྱོགས་མེད་འབར་བ། རྟ་མགྲིན་དབང་ཆེན་གསུམ་སྒྲུབ་དཔེ་ཧར་དམ་སྲི་དྲེགས་པ་བརྒྱལ་འབྲོས་དངས་པ། ཕྱག་རྡོར་ཐུགས་སྒྲུབ་མཆོག་ཐུན་དངོས་གྲུབ་ཐོབ་པ། མེ་དབལ་སྒྲུབ་པ་སྡེ་བརྒྱད་མ་རུངས་གཟིར་བ། དྲག་པོ་ཁྱུང་ལྔའི་སྒྲུབ་པ་མཛེས་


GLG003_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཐུ་ལུམ་དུ་སོང་བ་ཡང་བསོས་པ། ལྕགས་སྡིག་ནག་པོའི་སྒྲུབ་པ་གནོད་བྱེད་གཏན་ནས་བརླག་པ། དེའི་འཁོར་ལོའི་བྲིས་ཡིག ། ཐེམས་མེད། བསྟོད་པ་ཆོས་ཉིད་སྐྱེ་མེད་མ་རྣམས། ཐེམས་མེད། བཞི་པ་ཀུན་ལ་གཅེས་པ་ལ། བརྡ་རྟགས་གསལ་བའི་ལྡེ་མིག་ཅེས་པ་བླ་མའི་རྟགས། མཁའ་འགྲོའི་རྟགས། སྤྱིའི་བཟང་རྟགས་ངན་རྟགས་གཉེན་པོ་དང་བཅས་སྟོན་པ༔ གུ་རུ་དྲག་པོ་རྩལ་གྱི་དབང་མོ་ཆེ་རྡོ་རྗེ་སྤྱི་བླུགས། བླ་མ་དྲག་པོའི་ལས་གཞུང་དོན་གསུམ་མ་མ་རིག་མུན་སེལ་གང་མོས་སུ་བཀོལ་ཆོག་པའི་མཐའ་ཅན་རྣམས། ལྔ་པ་ལས་ཚོགས་ལ། དང་པོ་ཞི་བའི་སྦྱིིན་སྲེག །གཉིས་པ་རྒྱས་པའི་སྦྱིན་སྲེག །གསུམ་པ་དབང་གི་སྦྱིན་སྲེག །བཞི་པ་དྲག་པོའི་མེ་མཆོད། ལྔ་པ་མེ་ཧོམ་རང་འབར། དྲུག་པ་ཆོམ་རྐུན་ཇག་པ་འཆིང་བ། བདུན་པ་ལས་རྒྱ་རིགས་མ་འགུགས་པ། བརྒྱད་པ་བསྲུང་བའི་འཁོར་ལོ། དགུ་པ་རྒྱལ་བསེན་སྲོག་འཁོར། བཅུ་པ་སྲིད་པའི་རིགས་བརྒྱུད་སྤེལ་བ། བཅུ་གཅིག་པ་གེགས་ཆེན་ཤི་ས་བསྟན་པ། བཅུ་གཉིས་པ་སྡེ་བརྒྱད་སྤྱི་བསྲུང་། བཅུ་གསུམ་པ་རྦོད་གཏོང་བཟློག་འཁོར། བཅུ་བཞི་པ་དམ་སྲི་རྒྱལ་བསེན་གསོད་པ། བཅོ་ལྔ་པ་སྲིའུ་གསོ་བ། བཅུ་དྲུག་པ་ཙི་ཙི་ཛྭ་ལ་གསོ་བ། བཅུ་བདུན་པ་ཆུ་འཁྱགས་སེར་བ་བསྲུང་བ། བཅོ་བརྒྱད་པ་ཆར་འབེབས། བཅུ་དགུ་པ་ཟས་ནོར་བསྒྲུབ་པ། ཉི་ཤུ་པ་གཏོར་མས་དགྲ་བགེགས་སྒྲོལ་བ། ཉེར་གཅིག་པ་དགྲ་བོ་ཀླུ་ལ་གཏོད་པ། ཉེར་གཉིས་པ་ཆུ་འཁྱགས་སེར་བ་འབེབས་པ། ཉེར་གསུམ་པ་དྲག་པོ་ཐོག་གིས་དགྲ་གསོད། ཉེར་བཞི་པ་ཀུན་གྱི་སྔོན་འགྲོ་ཆབ་གཏོར། ཉེར་ལྔ་པ་བྱབ་གཏོར་ནད་པ་གསོ་བ། ཉེར་དྲུག་པ་དྲག་པོ་མཐའ་འདུལ་སྦྱོར་བ། ཉེར་བདུན་པ་ཚེའི་


GLG003_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་སྒྲུབ་པ། ཉེར་བརྒྱད་པ་རང་དང་ལྷའི་དགྲ་གྲོགས་བརྩི་པ། ཉེར་དགུ་པ་ཞོ་ཆང་བསྲུང་བ་རྣམས། དྲུག་པ་བཀའ་བསྲུང་སྐོར་ལ། ནང་གསེས་ཀྱི་ཡབ་བཀའ་སྲུང་དུང་གི་ཐོར་ཚུགས། སྲས་རྡོ་རྗེ་ལེགས་རྩལ། ཡུམ་ཙན་ཏི་དམར་མོ་གསུམ་གྱི་བཅའ་གཞིའི་བསྙེན་སྒྲུབ། གནད་འབེབས། གསོ་བ། བསྐུལ་དང་བཅས་པ། དྲག་སྒྲུབ་ཐེམས་ཀྱི་དཀར་ཆག་རྣམས། དེ་ཡང་ཐེམས་བྱང་ལ། དུམ་བུ་བཞི་བཅུ་ཞེ་དྲུག་གིས༔ དྲག་པོ་སྒྲུབ་པའི་བསྐོར་རྣམས་ཚང༔ དེ་བས་མང་བར་གྱུར་ན་ཡང༔ ཨོ་རྒྱན་ཐུགས་སྒྲུབ་བཀའ་འཆལ་ཞིང་༔ དེ་བས་ཉུང་བར་གྱུར་ན་ཡང་༔ ཨོ་རྒྱན་ཐུགས་སྒྲུབ་ཚང་བ་མིན༔ ཞེས་པ་ལྟར་གོང་གི་ཐེམས་མེད་གཉིས་མ་གཏོགས་པའི་གྲངས་འགྲིག་ཅིང་༔ ལས་ཚོགས་ཀྱི་གོ་རིམ་ཐེམས་བྱང་དང་མི་མཐུན་པ་འགའ་རེ་འདུག་ཅིང་སྲིད་པའི་རིགས་བརྒྱུད་སྤེལ་བ་དང་གཏོར་མས་དགྲ་གསད་པ་གཉིས་ཐེམས་ཡིག་ན་མི་འདུག་པ་ཆད་ལྷག་གི་སྐྱོན་ཞིག་བྱུང་ངམ་སྙམ་པས་ལས་ཚོགས་ལེའུ་ཉེར་དགུ་པ་འདིར་ནི་ཆོས་སྡེའི་བཞུགས་ཚུལ་ལྟར་བཀོད་པ་ཡིན་ནོ། །དེ་ལྟར་དབང་ལུང་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། རྒྱལ་སྲས་རྡོ་རྗེ་གླིང་པ། འགྲོ་མགོན་ཆོས་དབྱིངས་རང་གྲོལ། སྤྲུལ་སྐུ་བསྟན་པའི་རྒྱལ་མཚན། ལྷོ་བྲག་བསམ་གྲུབ་དགོན་པ་བ་མཚུངས་མེད་བོ་དྷི་བྷ་དྲ། འདི་ལ་དྲག་པོའི་ཞལ་གཟིགས་བྱུང་བའི་གཙོ་བོའི་ཞལ་ནས་ཁྱོད་ཀྱི་ཡི་དམ་ལྷ་ང་ཡིན། རྡོ་རྗེ་གླིང་པའི་ལུགས་སུ་བསྒྲུབ་བར་གྱི། མི་རབས་ལྔའམ་བདུན་གྱི་བར་ལ་ཁྲོམ་དབང་བ་དང་འགྲོ་འདུལ་གྱིས་ཞེས་གནང་སྩལ་ཏོ། །དེ་སྲས་དཔལ་ལྡན་བྱང་ཆུབ། དེ་སྲས་འགྲོ་བའི་མགོན་པོ། དེ་སྲས་ངག་དབང་


GLG003_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན། གཏེར་སྟོན་བདེ་ཆེན་གླིང་པའི་སྤྲུལ་སྐུ་ཀརྨ་ཆོས་དབང་རྒྱ་མཚོ། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །རྒྱལ་སྲས་རྡོ་རྗེ་གླིང་པས་ཤམ་པོ་གངས་སྨན་ཤེལ་ཕུག་ནས་སྤྱན་དྲངས་པའི་མཁའ་འགྲོའི་ཡི་གེ་ཉེར་གཅིག་ཅེས་པ་བཟློག་བསྲུང་གི་མཐར་ཐུག་པའི་ཟ་ཡིག་ལ། རང་བསྲུང་བ་འགོར་ཨཱོཾ་མཇུག་ཏུ་ན་ཉ་ཡོད་པའི་གླིང་བདུན། གཞན་གྱི་ནུས་པ་འཇོམས་པ་འགོར་ཐ་མཇུག་ན་ར་ལཱ་ཡོད་པ་གླིང་བདུན། སྔགས་ཀྱི་བདག་པོར་དབང་བསྐུར་བ་འགོར་བ་མཇུག་ན་ཉ་ཡོད་པའི་གླིང་བདུན། ཕན་ཡོན་རྫས་ཟ་ཚུལ་དང་བཅས་བསྟན་པ་མཆོག་ཏུ་བསྔགས་པའི་མཐའ་ཅན། ཡང་རྡོ་རྗེ་གླིང་པས་གསལ་རྗེ་བྲག་ནས་སྤྱན་དྲངས་པའི་མཁའ་འགྲོ་གསང་བ་སྐུ་གསུང་ཐུགས་ཀྱི་ཟ་ཡིག་ཅེས་པ། སྐུ་གསང་བའི་ལས་རྡོ་རྗེ་བདེ་ལྡན་མ་འགོར་ཨཱོཾ་མཐར་ཐ་ཐ་ཡོད་པའི་གླིང་བདུན། གསུང་གི་གསང་བའི་ལས་བྱེད་འགོར་ཨ་མཐར་གྱཱ་གཅིག་ཡོད་པའི་གླིང་བདུན་མ། ཐུགས་རྗེ་གསང་བའི་ལས་འགྲུབ་འགོར་ཧཱུྃ་མཐར་གར་ཡོད་པའི་གླིང་བདུན་མ་ཕན་ཡོན་རྫས་སྔགས་ཏིང་འཛིན་དང་བཅས་པ་སྐལ་ལྡན་གྱི་སྤྱོད་ཡུལ་གྱི་མཐའ་ཅན། རྡོ་རྗེ་གླིང་པའི་གཏེར་མའི་བསྲུང་བ་ཉི་ཟླ་གོ་ཆ། བཟློག་པ་མེའི་སྤུ་གྲི། གསད་པ་ལས་ཀྱི་ཤམ་བུ་ཞེས་པ་ལྷ་སྒོམ་སྔགས་བཟླས་མེད་པ། བསྒྲུབ་མི་དགོས་པའི་ཟ་ཡིག་ལ་མཁའ་འགྲོའི་ཡི་གེ་འབྲུ་དྲུག་གི་འོག་ཏུ་འགོར་དཱ་དང་མཇུག་ན་སྒྲིལ་ཡོད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་ཐོད་འཕྲེང་། མཁར་ཆེན་བཟའ། གཏེར་སྟོན་དྲི་མེད་བཛྲ་ནས་རིམ་པར། རྗེ་ནམ་མཁའ་རྣམ་རྒྱལ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་


GLG003_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་སྟོན་རྡོ་རྗེ་གླིང་པས་ཀོང་པོ་དགྱེ་བོ་རོང་ཀླུ་བདུད་ཁ་གནོན་གྱི་མཆོད་རྟེན་ནས་སྤྱན་དྲངས་པའི་ཟ་ཡིག་ནོར་བུའི་བང་མཛོད་ཅེས་པ་ལ་ཚེ་རིང་བསོད་ནམས་རྒྱས་ཤིང་ཟས་ནོར་ལོངས་སྤྱོད་དགོས་འདོད་འགྲུབ་པ། ཤེས་རབ་མེ་ལྟར་འབར་བ། རྩོད་པ་ཀུན་ལས་རྒྱལ་བ། འགྲོ་བ་དབང་དུ་འདུ་བ། གཏད་མནན་བྱད་ཀྱིས་མི་ཚུགས་པ། ས་བདག་གི་ནད་ལས་ཐར་བ། གཟའ་ནད་ལས་གྲོལ་བ། ངག་བཅིངས་ངག་གནོན་བསྲུང་བ། ཕུལ་ཁ་ཟོར་ཁ་སོགས་མཐུ་གཏད་བཟློག་པ། སྙིང་གཟེར་སྨྱོ་འབོག་སེལ་བ། འབྲུམ་པ་ལྷོག་པ་རྒྱུ་གཟེར་སོགས་འགོ་ནད་བསྲུང་བ། རྨི་ལམ་ངན་པ་བསྲུང་བ། མཚོན་བསྲུང་བ། ཇག་འཆིང་སྒྲིབ་ཤིང་གཉན་སར་འགྲོ་བ་ལ་ཚེ་སྲོག་གི་བར་གཅོད་སེལ་བ། བུད་མེད་ལ་བུ་འབྱུང་བ། ཆུང་སྲི་དང་འཁྲུ་སྐྱུག་གདོན་རིམས་བསྲུང་བ། ཉམས་གྲིབ་བར་གཅོད་བསྲུང་བ། བཤལ་སྐྱུགས་མགོ་འཁོར་གྱིས་འཆི་བ། ངན་བྱེད་གསུམ་པོ་དཔེ་རྒྱུན་ལ་བར་འདིར་འདུག་པ་ཤོག་སེར་པ་དེ་ཀ་ཡོད་དམ་འབེབས་དུས་གོང་འོག་འཁྲུགས་པ་ཡིན་དཔྱད་དོ། །བུད་མེད་མཛེ་མོ་དང་ཞ་བོར་འགྱུར་བ། མཚོན་གྱིས་འཆི་བ་དང་ལྟས་ངན་སྣ་ཚོགས་འོང་བ། དེ་གསུམ་རང་ལ་མི་ལྡོག་པ་རྫས་ལ་བརྟེན་པ། མནའ་བསྲུང་བ། རྩོད་པ་དང་རྒྱན་ལས་རྒྱལ་བ། གཉན་གྱི་གྲོང་ཁྱེར་འཇོམས་པ། མི་གཙང་གྲིབ་བསྲུང་། ཤུ་སྐོམ་དང་ཤ་ཁྲ་བལ་ལྡག་མེ་དབལ་བསྲུང་བ། ལག་གཡང་རྒྱལ་ཞིང་ལོངས་སྤྱོད་སྲིས་རྨེ་བ་སྟེ་ཟ་ཡིག་ཉི་ཤུ་རྩ་བཞི་འགོ་མཇུག་ཏུ་ཕན་ཡོན་ཆེ་བརྗོད་དང་བཅས་པ། ཡང་རྒྱལ་སྲས་རྡོ་རྗེ་གླིང་པས་གདན་དྲངས་པའི་མཁའ་འགྲོ་སེང་གདོང་མའི་ཟ་ཡིག་ལམ་བུ་ཡན་ལག་དང་གསུམ། བ་རི་བས་རྒྱ་གར་ནས་བསྒྱུར་བ་འདི་དང་འདྲ་རུང་ཞིག་ཡོད་པར་


GLG003_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །དང་པོ་མ་ལ། སྐུའི་ཟ་ཡིག་འགོར་ཨཱོཾ་མཐའ་གྱཱ་ཨཱ་ཡོད་པའི་གླིང་ལྔ། གསུང་གི་འགོར་ཨ་མཐར་ང་ནཱ་ཡོད་པའི་གླིང་དྲུག །ཐུགས་ཀྱི་འགོར་ཧཱུྃ་མཐར་ཧ་རཱ་ཡོད་པའི་གླིང་ལྔ། གཉིས་པ་བུ་ཡིག་ལ། ལུས་ངག་ཡིད་གསུམ་བདེ་ལེགས་སུ་བསྐྱེད་པ་འགོར་ཕོ་མཐར་ཉ་ཁ་ཡོད་པའི་གླིང་བདུན། བདེ་གཤེགས་ཀུན་གྱིས་ཁུར་ཞིང་བྱིན་གྱིས་བརླབ་པ་འགོར་ཨཱོཾ་མཐར་ཨ་ཧཱུྃ་ཡོད་པ་གླིང་བདུན། སྙན་གྲགས་རྒྱས་པ། ལུས་སྟོབས་བསྐྱེད་པ། ལོངས་སྤྱོད་རྒྱས་པ། ཚེ་རིང་བ། ཕྱུག་པ། བཟའ་བཏུང་ཞོར་ལ་འབྱུང་བ་འབུལ་སྟེར་མང་བས། རྒྱུ་ནོར་མི་ཟད་པ། འཁྲུག་རྩོད་ལས་རྒྱལ་བ། ཚོང་རྒྱལ་བ། རྐུས་ན་ཐོབ་པ། འབྱུང་བ་ལྔའི་ལུས་སྟོབས་བསྐྱེད་པ་རྣམས་མཁའ་འགྲོའི་ཡིག་རྒོད་འབྲུ་རེ་མ། གསུམ་པ་ཡན་ལག་ལ། ནད་ཞི་བ། གདོན་ཞི་བ། གཟའ་སྐར་དུས་ཚོད་ཕྱོགས་ངན་བདུད་གཅོད་དགྲ་བྱང་རྣམས་བཟློག་པ། དགྲ་བྱང་ཕུང་བསད། ཞར་བྱུང་ཐོར་བུ་དང་ལྔ། དང་པོ་ལ། ལུས་ངག་ཡིད་གསུམ་གྱི་ནད་ཞི་བ་འགོར་བྷི་མཇུག་པཱུ་ཡོད་པའི་གླིང་བདུན། སྒོ་གསུམ་གྱི་ནད་བཟློག་པ་འགོར་ན་མཐར་ཛ་ཡོད་བརྩེགས་མ། སྒོ་གསུམ་གྱི་ནད་དང་སྡུག་བསྔལ་ཞི་བ། སྨྱོ་འབོག་རླུང་ནད་ཞི་བ། གྲང་རླུང་ཞི་བ། ལུས་ཀྱི་ནད་ཀུན་ཞི་བ། འཛེར་པ་ཞི་བ། མིག་ནད་བསྲུང་བ་རྣམས་ཡིག་རྒོད། དུག་བསྲུང་འགོར་ང་མཐར་བ་ང་ཡོད་པ་གླིང་གསུམ། དུག་རིགས་བསྲུང་བ་ཡིག་རྒོད། ཡ་མ་ཞི་བ་འགོར་ཨ་མཐར་ཧཱ་འ་ཡོད་པ་གླིང་བཞི། གཉིས་པ་གདོན་ཞི་བ་ལ། ལུས་གདོན་ཞི་བ་ཤ་ཨ་ཥ་འཕྲེང་བྲིས་ཀྱི་འོག་མ་ནས་ནཱའི་བར་བརྩེགས་ཤིང་ཕའི་གཡས་གཡོན་དུ་ཊ་ཏ་ཡོད་པ། ངག་འདོན་ཞི་བ་འཕྲེད་བྲིས་ག་ད་གའི་འོག་ཏུ་ཧ་ནས་བའི་བར་བརྩེགས་མ་རའི་གཡས་གཡོན་དུ་


GLG003_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་ངའི་གཡས་གཡོན་དུ་མ་ཡོད་པ། ཡིད་གདོན་ཞི་བ་འཕྲེང་བྲིས་མ་ས་མའི་འོག་ཏུ་ལ་ནས་ཐའི་བར་བརྩེགས་མ་ཛའི་གཡས་གཡོན་དུ་ཛ། སའི་གཡས་གཡོན་དུ་ཧ་ཡོད་པ། གདོན་རིགས་ཀུན་ཞི་བ་འགོར་ཀ་མཐར་ནྱ་ཡོད་པ་བརྩེགས་མ། ཡང་འགོར་བ་འཐར་མྱ་ཡོད་པ་བརྩེགས་མ། དྲེགས་པ་བཅོ་བརྒྱད། ལྷ་འདྲེ་ཐམས་ཅད། ཁྱིམ་དུ་འདྲེ་གདོན་ཞི་བ་ཡིག་རྒོད། གཟའ་ཡབ་ཀྱི་གནོད་པ་ཞི་བ་འབྲུ་གསུམ། ཀླུའི་གནོད་པ་དང་མཛེ་བརྒྱུད་ཞི་བ་ཡིག་རྒོད། ཀླུ་ནད་ཞི་བ་འགོར་མ་མཐར་ཨ་ཡོད་པ་གླིང་ལྔ། ཡང་འགོར་ང་མཐར་ཨ་ཡོད་པའི་གླིང་ལྔ། རྒྱལ་པོ་ཁ་བསྒྱུར་ཡིག་རྒོད། གཞན་དུ་སྐྲོད་པ་འགོར་ཀ་མཐར་ཕ་ཡོད་པ་འཕྲེང་གཉིས་མ། བསྲུང་བ་འགོར་བ་མཐར་ལ་ཡོད་པ་འཕྲེང་གཅིག །ཁ་འཆིང་བ་ཡིག་རྒོད་སྲོག་རྩ་གཅོད་པ་འགོ་མཇུག་ཏུ་བ་ཉིས་བརྩེགས་ཡོད་པ་འཕྲེང་གཅིག །རྒྱལ་པོ་ཐམས་ཅད་ཀྱི་སྙིང་འགས་པ་ཚེག་བར་སོ་གཅིག་མ། འདྲེ་མོ་ཡུལ་འབུད་དམ་འདོགས་ཡིག་རྒོད། དེའི་གནོད་པ་ཞི་བ་འགོར་ཨཱོཾ་མཐར་མ་ཡོད་བརྩེགས་མ། འདྲེ་མོ་དམ་འདོགས་འགོར་མ་མཐར་ཛ་ཡོད་བརྩེགས་པ། རྒྱལ་བསེན་བསྲུང་བ་འགོར་ཁ་མཇུག་ན་ཤ་ཡོད་པ་གླིང་གཉིས། འདྲེ་དམ་འདོགས་འགོར་ཐ་མཇུག་ན་ཤ་ཡོད་བརྩེགས་པ། ཐེའུ་བྲང་དམ་འདོགས་དང་། བདུད་ཞི་བ་ཡིག་རྒོད། བདུད་དམ་འདོགས་འགོར་ཨཱོཾ་མཐར་ཤ་ཡོད་པ་ཚེག་བར་བཞི་པ། ཐེའུ་བྲང་སྲོག་འབྲལ་འགོར་ཐོ་མཐར་ནྱ་ཡོད་བརྩེགས་པ། བདུད་དམ་འདོགས་དང་། གཉན་དམ་འདོགས་ཡིག་རྒོད། གཉན་སྲོག་འབྲེལ་འགོར་(྅)མཐར་ཧུ་ཡོད་བརྩེགས་པ། ས་བདག །བཙན། འདྲེ་གནོན། གསོན་འདྲེ་ཕོ་མོ། གཤིན་འདྲེ་ཕོ་མོ། རྒན་སྲི། གཞོན་སྲི། ཆུང་སྲི་རྣམས་ཀྱི་གནོད་པ་ཞི་བ་ཡིག་རྒོད།


GLG003_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་གཟའ་སྐར་དུས་ཚོད་ཕྱོགས་ངན་བདུད་གཅོད་དགྲ་བྱད་རྣམས་བཟློག་པ་ལ། གཟའ་ངན། དུས་ཚོད་ཚེས་གྲངས་ངན་པ། ཕྱོགས་ངན། བདུད་གཅོད། འདྲེ་ལྔ། ལྟས་ངན་རྣམས་ཀྱི་གནོད་པ་བཟློག་པ་ཡིག་རྒོད། ཉམས་གྲིབ་བསྲུང་བ་འགོར་ཁ་མཐར་ཧཱ་ཡོད་བརྩེགས་མ། ལྟས་ངན་བཟློག་པ་འགོར་ཀོ་མཐར་ན་ཡོད་བརྩེགས་མ། ཆུང་སྲི་བསྲུང་བ་ཨ་ཀ་མ་འཕྲེང་བྲིས་ཀྱི་འོག་ཏུ་ལ་ནས་བརྩེགས་མཐར་ཡིག་རྒོད་ཡོད་པ། གྲིབ་དང་གདོན། མི་ཤིས་པ། རྨི་ལམ་ངན་པ། ཐོག་ལབ་ཆོལ། སང་ལངས། གོད་ཁ། དགྲ། རྐུན་མ། མང་བསྡེབས་བསམ་སྦྱོར་དྲག་པོ། ནད་རིམས། མི་ཁ་ཁྲམ་ཁ་ཁ་སྨྲས། མནའི་ཉེས་པ་རྣམས་བཟློག་པ་ཡིག་རྒོད། སྨན་དཔྱད་ཀྱི་གནོད་པ་བཟློག་པ་འགོར་ཀ་མཐར་ལ་ཡོད་པ་གླིང་གཉིས། མཛེ་བརྒྱུད། ཕོ་འདྲེ། མོ་འདྲེའི་གནོད་པ་བཟློག་པ་ཡིག་རྒོད་རྣམས། བཞི་པ་དགྲ་བྱད་ཕུང་གསད་ལ། ངག་བྱད་དབང་དུ་འདུས་ནས་ཕུང་ཞིང་སྲོག་དང་དབྲལ་བ་འགོར་ཐ་མཐར་ར་ན་ཡོད་པའི་གླིང་བདུན། ནུས་པ་ཟད་ནས་སྲོག་དང་དབྲལ་བ་འགོར་ཨཱོཾ་མཐར་བ་གསུམ་ཡོད་པ་གླིང་དྲུག །རང་སྲོག་བཅས་ནས་ཕུང་ཞིང་བརླག་པ་འགོར་ཨཱོཾ་མཐར་ཡིག་རྒོད་ཡོད་པ་བརྩེགས་མའི་ཐ་ལ་འགོ་བསྟན་པའི་འགོར་ཨ་དང་མཐར་བརྡ་ཡིག་ཡོད་པ་འཕྲེང་བརྩེགས། འཁྲུག་ཅིང་ཕུང་ནས་སྲོག་དང་དབྲལ་བ་འགོར་ཉ་མཐར་ཐ་ཏ་ཡོད་པའི་གླིང་བདུན། འགོར་ཆོག་པར་བཟློག་འགོར་ཁ་མཐར་པ་ཡོད་འཕྲེང་གཉིས། དགྲ་བྱད་ཐམས་ཅད་བཟློག་པ་ཡིག་རྒོད། འཛུལ་ཆོག་ཕར་བཟློག་ཆོག་པར་བཞི་པ། འཛུལ་ཆོག་དང་འབྱེད་ཕྲལ་ཕར་བཟློག་ཡིག་རྒོད། དགྲ་བྱད་ཐམས་ཅད་ཕུང་གསད་བྱེད་པ་


GLG003_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འགོར་ཕོ་མཐར་མ་བེ་ཡོད་པ་གླིང་བདུན། བསྐྲད་པའི་རིགས་ཕར་བཟློག་པ། སྦྱོར་བ་ངན་པས་མི་ཚུགས་པ། མནའ་གཏད་ཕར་བཟློག་གསུམ་ཡིག་རྦོད། བན་བོན་སྔགས་གསུམ་གྱི་རྫས་སྔགས་འཁོར་ལོ་ཕར་བཟློག་འགོར་པ་མཐར་ཤ་ཡོད་པ་བརྩེགས་མ། མུ་སྟེགས་ཀྱི་རྫས་སྔགས་འཁོར་ལོ་ཕར་བཟློག་འགོར་ཨཱོཾ་མཐར་གྲ་བ་ཡོད་པ་གླིང་ལྔ། རྫས་ངན་གྱིས་མི་ཚུགས་པ་འགོར་ཧྱ་མཐར་ཛ་ཡོད་པ་གླིང་ལྔ། དགྲ་བྱད་ཐམས་ཅད་འཆི་བ་འགོར་ཨཱོཾ་མཐར་ཕཊ་ཡོད་བརྩེགས་མ་མཐའ་གཉིས་གཏེར་ཚེག་གིས་བསྐོར་བ་རྣམས། ལྔ་པ་ཐོར་བུ་ལ། རང་ཉིད་བསྲུང་བ་འགོར་ཨཱོཾ་མཐར་ཨ་ཧཱུྃ་ཡོད་པ་གླིང་བདུན་པ། གཞན་གྱི་ནུས་པ་བཤིག་པ་འགོར་ཐ་མཐར་ད་ལ་ཡོད་པ་གླིང་བདུན། སྔགས་ཀྱི་བདག་པོར་དབང་བསྐུར་བ་འགོར་ཕ་མཐར་ར་ནཱ་ཡོད་པ་གླིང་བདུན། ཤེས་རབ་བསྐྱེད་པ། སྲིད་བུར་བསྒྱུར་བ། སྦྲུམ་ནས་ཟླ་གཉིས་ཚུན་ལ་བུ་སྐྱེ་བ་བསམ་པ་འགྲུབ་པ་རྣམས་ཡིག་རྒོད། ཉིན་གཉིད་མ་ལོག་ན་ཉིན་རེའི་མཚོན་བསྲུང་། ཁྱི་བསྲུང་འགོར་ས་མཐར་པ་ཡོད་འཕྲེང་གཉིས། མཚོན་བསྲུང་ཨཱོཾ་དྲུག་མ་གླིང་དྲུག་ལས་མེད་པ། མཚོན་སྤྱི་དང་ཁྱད་པར་རྡོ་རུས་ཤིང་སྨྱུག་ཐུབ་པ་འགོར་ཨཱོཾ་མཐར་ད་ཧཱུྃ་ཡོད་པའི་གླིང་ཧྲ་དགུ་མ་འདི་ཐད་འགོར་ར་མཐར་ཛུ་ཡོད་འཕྲེང་བྲིས། སྡེ་བརྒྱད་ཡབ་འགོར་ཐི་མཐར་བ་ཡོད་པའི་གླིང་བདུན། ཡུམ་འགོར་ད་མཐར་ས་ཡོད་འཕྲེང་གཉིས། ཡབ་ཡུམ་འགོར་ཐེ་མཐར་ཤ་ཡོད་པའི་གླིང་བདུན། ཀླུ་ལས་བྱེད་འགོར་མ་མཐར་ཧ་ས་ཡོད་པའི་གླིང་དྲུག་རྣམས་གྲིབ་བསྲུང་བ་འབྲུ་བཞི་བཞི་སྒྲོམ་དུ་བྲིས་པ། གྲིབ་རིགས་ཀུན་བསྲུང་བ་འགོར་དེ་མཐར་ཐ་ར་ཡོད་པ་འཕྲེང་བྲིས། ཟ་འཕྲུག་ཞི་བ་འགོར་ཀ་མཐར་བ་བ་ཡོད་པ་
འཕྲེང་བྲིས། སོ་བསྲུང་འགོར་སོ་མཐར་སོད་ཡོད་པ་འཕྲེང་བྲིས། མཁལ་རྩ་གྲང་ནད་ཞི་བ་འགོར་ཨཱོཾ་མཐར་ཧ་ཡོད་བརྩེགས་པ། མི་ཕྱུགས་ཀྱི་ཆུ་འགགས་ཞི་བ་འགོར་ཨཱོཾ་མཐར་ཧ་ཡོད་པ་འཕྲེང་གཉིས་མ། གཉན་ལྷོག་ཞི་བ་ག་བཞི་མ། མི་ཁ་གཏམ་ངན་བསྲུང་བ་འགོར་ཨ་མཐར་ལ་ཡོད་འཕྲེང་གཉིས། དམར་བཤལ་བསྲུང་བ་འགོར་ཀ་མཐར་ཕཊ་ཡོད་པ་བརྩེགས་མ། ཕན་ཡོན་རྫས་མ་བུ་ཡན་ལག་གི་གྲངས་རབ་གནས་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། ཡེ་ཤེས་ཀྱི་མཁའ་འགྲོ། ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་རྡོ་རྗེ་གླིང་པ། འགྲོ་མགོན་ཆོས་དབྱིངས་རང་གྲོལ་ནས་རིམ་པར། ཟུར་ཆེན་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། །རྒྱལ་སྲས་རྡོ་རྗེ་གླིང་པའི་རྩ་གསུམ་བཀང་གསོ་མ་བཅོས་སྤྲོས་བྲལ་མ། གཟའི་དུག་དབྱུང་གིས་དབང་བསྐུར་ཤིན་ཏུ་ཟབ་པ་ལག་ལེན་པདྨས་སྦྱར་རོའི་མཐའ་ཅན། གཏེར་སྟོན་གྱི་ཕྱག་ལེན་མའི་གཟའི་གཏོར་དབང་བར་གཅོད་ཀུན་སེལ་གྱི་ཡི་གེ་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། གསང་བའི་བདག་པོ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་དྲི་མེད་བཛྲ་ནས་རིམ་པར། རིགས་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །

གཏེར་སྟོན་པད་མ་ཀུན་སྐྱོང་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གིས་སྐོར།


GLG003_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཀུན་སྐྱོང་གླིང་པ་ནི། ཐང་ཡིག་ལས། སྣ་བོ་ལ་ཁར་སོ་པ་རེ་མོས་བྱེད༔ མཆོད་རྟེན་དཀར་པོར་སྦས་པའི་གཏེར་ཁ་ནི༔ མི་གཞག་


GLG003_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་པའི་ལྟས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཀུན་སྐྱོང་གླིང་པ་ཞེས་བྱ་འབྱུང་༔ ཞེས་དང་། རང་གཏེར་ལས། བཻ་རོ་ཁྱོད་ཀྱི་སྤྲུལ་པ་ནི༔ ཆུ་ཁམས་བྱའམ་ཁྱི་ལོ་པ༔ ཡབ་མེད་ཡུམ་བྲལ་སྔགས་འཆང་རིགས༔ ཨོ་རྒྱན་མིང་འཛིན་ཤེས་རབ་ཅན༔ མ་ངེས་སྤྱོད་པ་འགྲོ་བ་འདུལ༔ གནས་མེད་རླུང་བཞིན་ཀུན་ཏུ་རྒྱུ༔ མོན་བལ་རྩེ་ལྔ་ཕྱོགས་སུ་འདའ༔ ཐུགས་གཏེར་དགོངས་གཏེར་མང་ཞིག་འབྱེད༔ ཅེས་པ་ལྟར་ལོ་ཆེན་བཻ་རོའི་རྣམ་སྤྲུལ་རྒྱལ་བའི་སྲས་པོ་རྡོ་རྗེ་གླིང་པའི་སྐུ་སྐྱེ་པདྨ་ཀུན་སྐྱོང་གླིང་པས་མི་ཚོར་རྡོ་རྗེ་སྐྱེ་བྲག་ནས་ཁྲོ་ལས་གྲུབ་པའི་གཏེར་སྒྲོམ་རཱ་ཧུ་ལའི་གཟུགས་མདའ་གང་པ་སྤྱན་དྲངས་པའི་ཐུགས་ཀ་ནས་བྱོན་པའི་ཐེག་དགུའི་ཡང་རྩེ་རྡོར་སེམས་སྙིང་ཐིག་ནི། རང་གཏེར་ལས། རྒྱུད་མཆོག་འདི་ཉིད་ལ་བརྟེན་ནས༔ སྤྲོས་མེད་མྱ་ངན་འདས་དོན་དུ༔ སྤྲོས་པའི་ཚིག་མཆོག་ཀུན་བསྡུས་ནས༔ ཉམས་ལེན་གནད་ཀྱི་གདམས་པ་བརྩམས༔ འདི་ཉིད་བཻ་རོ་ཁྱོད་ལ་གཏད༔ ད་ལྟ་སྤེལ་བའི་གནས་མེད་དེ༔ ཕྱི་མ་སྙིགས་མ་ལྔ་བདོའི་དུས༔ ཁྱོད་ཀྱི་སྤྲུལ་པ་ཤེས་རབ་ཅན༔ སྐལ་ལྡན་གཅིག་གི་དོན་དུ་སྦེད༔ ཅེས་སྙིང་ཏིག་བཅུ་གསུམ་གྱི་དོན་བཏུས་པ་དགའ་རབ་རྡོ་རྗེས་ཨོ་རྒྱན་ཆེན་པོ་ལ་གནང་བའི་རྫོགས་པ་ཆེན་པོ་ཚིག་ཉུང་དོན་རྒྱས་གནད་ཀྱི་གདམས་སྐོར་ལ། ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་སྤྲོས་བཅས་བུམ་དབང་ལུས་ལ་བསྐུར་བ། སྤྲོས་མེད་གསང་དབང་ངག་ལ་བསྐུར་བ། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་སེམས་ལ་བསྐུར་བ། རབ་ཏུ་སྤྲོས་མེད་རིག་པ་རྩལ་དབང་བར་སྣང་ལ་བསྐུར་བ་རྣམས་སྨིན་རྒྱས་སུ་མནོས་ནས། རྒྱབ་རྟེན་ལུང་ལ། རྡོ་རྗེ་སྐྱེ་བྲག་དང་བསམ་ཡས་ཀྱི་གཏེར་བྱུང་། ཐེམས་མེད། སྤྲུལ་སྐུ་


GLG003_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྐྱོང་གླིང་པའི་ལུང་བསྟན་གསང་ཡིག་ལེའུ་བཅུ་གསུམ་མ། ཐེམས་མེད། བོད་ཀྱི་བདེ་སྡུག་དུས་རྟག་ལུང་བསྟན་པདྨ་དྲན་པར་གྱིས་ཀྱི་མཐའ་ཅན། ཐེམས་མེད། རྡོ་རྗེ་སེམས་དཔའི་སྙིང་ཐིག་གི་རྒྱུད་ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ལེའུ་བཅུ་གསུམ་པ་རྫོགས་སོའི་མཐའ་ཅན། ཁུངས་བཙུན་ཡིད་ཆེས་བསྐྱེད་པ་རྒྱལ་བ་དགོངས་བརྒྱུད། རིགས་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། ཐུགས་རྗེ་བྱིན་རླབས་བརྒྱུད་པ། མཁའ་འགྲོ་གཏད་རྒྱ་བརྒྱུད་པ། ལས་འཕྲོ་གཏེར་བརྒྱུད་དེ་བརྒྱུད་པ་དྲུག་ལྡན་རྡོ་རྗེ་སེམས་དཔའི་སྙིང་ཐིག་གི་ལོ་རྒྱུས་ཨོ་རྒྱན་ཐུགས་སྲས་དངོས་ལ་སྤྲོད་པའི་མཐའ་ཅན། མཉམ་མེད་ཆོས་ལེགས་མཚན་ཅན་གྱིས་མཛད་པའི་དབང་ཆོག་བདུད་རྩིའི་དགའ་སྟོན། སྐལ་ལྡན་སྨིན་པར་བྱེད་པའི་ཨ་ཏིའི་ཡང་རྩེ་ཐེག་པའི་ཡང་བཅུད་དབང་ཞེས་པ་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད། དམ་ཚིག །ཐོབ་པའི་ཕན་ཡོན། མ་ཐོབ་པའི་ཉེས་དམིགས་རྣམས་སྟོན་པ་སྙིང་ཐིག་དབང་བཞིའི་རིམ་པ་རྫོགས་སོའི་མཐའ་ཅན། ཐེམས་མེད། རྡོར་སེམས་སྙིང་ཏིག་ཉམས་སུ་ལེན་ཐབས་ཞེས་པ་སྔོན་འགྲོའི་སྐོར་ཕྱོགས་གཅིག་ཏུ་གསལ་བར་བསྒྲིགས་པ། འཕྱུག་མེད་ལམ་ལ་འཛུད་པ་འཁྲིད་ཆོག་འཁོར་བ་དོང་སྤྲུག་གི་སྔོན་འགྲོའི་གནད་ཉམས་སུ་བླང་པ་ཕྲད་ཤོག་གི་མཐའ་ཅན། གྲོལ་བྱེད་འཁོར་བ་དོང་སྤྲུག་གི་དངོས་གཞིའི་གནད་རྣམས་ཉམས་སུ་བླང་པ་ཕྲད་ཤོག་གི་མཐའ་ཅན། རྫས་ཀྱི་རྟགས་ཚད་འབྲས་བུ་དང་བཅས་སྟོན་པ་ཕྲད་ཤོག་གི་མཐའ་ཅན། བྱིན་རླབས་འཇུག་བྱེད་རྩ་གསུམ་དྲིལ་སྒྲུབ་རྒྱུད་ནས་ཕྱུང་བ་ལས་འཕྲོ་ཅན་ལ་སྤྲོད་པའི་མཐའ་ཅན། ཚོགས་གསོག་བར་གཅོད་སེལ་བ་རྩ་གསུམ་ལས་བྱང་སྔོན་འགྲོ་དངོས་


GLG003_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་རྗེས་གསུམ་གྱིས་བསྟན་པ་དོན་གྱི་གསལ་འདེབས་རྫོགས་སོའི་མཐའ་ཅན། ལས་བྱང་ཆོག་བསྒྲིགས་མ་འགོར་ང་ནི་ཡེ་ནས་རྡོ་རྗེ་སེམས་དང་མཇུག་ཏུ་སླར་ཡང་སྐྱེ་མེད་གླིང་དུ་བསྡུ་ཞེས་ཡོད་པ། ཐེམས་མེད། ཚོགས་མཆོད། རིགས་ཆད་ཐུགས་རྗེས་གཟུང་བ་འདའ་ཁ་འཆི་དྲོད་རང་གྲོལ་གནད་ཀྱི་ཡི་གེ་གཏགས་གྲོལ་རེག་པ་དོན་ལྡན་ཕྲད་ཤོག་གི་མཐའ་ཅན། རང་བཞིན་སྐྱེ་གནས་བར་དོ། འཆི་ཁ་སྡུག་བསྔལ་གྱི་བར་དོ། ཆོས་ཉིད་འོད་གསལ་བར་དོ། སྲིད་པ་ལས་ཀྱི་བར་དོ་རྣམས་སྟོན་པ་བར་དོ་གནད་ཀྱི་གདམས་པ། བཀའ་སྲུང་གཟའི་གསང་སྒྲུབ་ལ་ནང་གསེས་ཀྱི་བསྙེན་པ། སྒྲུབ་པ། རྟགས། ལས་སྦྱོར། དམ་ཚིག །འཕྲིན་ལས་བསྐུལ་བ་གཟའ་མཆོག་ཆེན་མོ་མ། གཏོར་བསྔོ། གཟའ་ནད་གསོ་བའི་བུ་མཆོག་དང་བཅས་པ། གཏེར་སྟོན་གྱིས་མཛད་པའི་བཀའ་སྲུང་གཟའི་གཏོར་བསྔོ་བ་བདེ་ལེགས་ཀུན་འབྱུང་། ལྷག་ཆད་ཐེ་ཚོམ་སེལ་བ་འཛོམ་ཡིག་ཆོས་བདག་ལུང་བསྟན་དང་བཅས་བསྟན་པ་སྟེ་དངོས་བསྟན་འཛོམ་ཡིག་ཏུ་གསལ་བ་ཆོས་ཚན་བཅུ་གཉིས་དང་ཐེམས་མེད་ཁ་སྐོང་ཆོག་བསྒྲིགས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིག་འཛིན་པདྨ་འབྱུང་གནས། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། གཏེར་སྟོན་ཀུན་སྐྱོང་གླིང་པ། ཐུགས་སྲས་ཉི་ཟླ་བཟང་པོ། སྐྱེས་མཆོག་བསོད་ནམས་རྒྱལ་མཚན། མཁས་གྲུབ་ཆོས་ལེགས་མཚན་ཅན། རྒྱལ་སྲས་ཆོས་དབང་རྒྱལ་མཚན། གུ་རུ་ནམ་མཁའ་རྡོ་རྗེ། རྒོད་ཕྲུག་སྙན་བརྒྱུད་རས་པ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། རིགས་འཛིན་འཁོར་ལོའི་དབང་ཕྱུག་གཞོན་ནུ་དོན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་


GLG003_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། དེས་བདག་ཟ་ཧོར་བནྡེ་གང་ཤར་རང་གྲོལ་ལ་བཀའ་དྲིན་དུ་སྩལ་ཏོ། །པདྨ་ཀུན་སྐྱོང་གླིང་པས་གནས་མཆོག་དཔལ་གྱི་ཟ་ཕུ་ལུང་གི་མགོན་པོའི་བླ་མཚོ་ནག་མཐིང་མའི་དབུས་ཕ་བོང་རུས་སྦལ་ཁོག་པ་ནས་སྤྱན་དྲངས་པའི་འཇམ་དཔལ་གཤིན་རྗེ་འཇོམས་བྱེད་ཐོག་མཐའ་ནག་པོ་རབ་ཏུ་ཁྲོས་པའི་རྒྱལ་པོའི་གཤོར་ཐོད་པ་བརྡབས་ཆོག་སྤུ་གྲི་རེག་ཆོད་ཀྱི་སྐོར་ལ། ལྷ་དང་ལྷ་མིན་གྱི་རྩོད་པ་སོགས་ལོ་རྒྱུས་ཕྲད་ཤོག་གི་མཐའ་ཅན། གཤོར་སྤུ་གྲི་རེག་ཆོད་ཀྱི་འཁོར་ལོ་འདྲི་བ་སོགས་གདམས་སྐོར་དངོས་གཞི་རི་གཟར་གྱི་རྦབ་དང་འདྲ་བ། བདག་སྲུང་ལིང་གའི་ཞལ་གདམས་ཡིག་ཆུང་། རབ་གནས་ཟ་ཡིག་གི་ཡིག་ཆུང་། ཕོ་འཁོར་མོ་འཁོར་གྱི་དཔེ་རིས། ལིང་ག །གྲི། ཕུར་བ། ཐོག་མེད། ཐོད་པ། རྒྱ་གྲམ་རྣམས་ཀྱི་དཔེ་རིས་དང་བཅས་ལེགས་པར་མནོས་པའི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་སངས་རྒྱས་གཉིས་པ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། སྤྲུལ་སྐུ་ཀུན་སྐྱོང་གླིང་པ། བྲག་མི་ར་ཕུ་རྩ། སྔགས་འཆང་ཀྱུ་ཁ་སྤྱོད་པ། དྲུང་པ་ཚ་བོ། བླ་མ་ཨའོ་སངས་རྒྱས། དགེ་འདུན་རྒྱལ་མཚན། གཙང་པ་སྔགས་འཆང་དགྲ་ཕུང་ནག་པོ། བྱ་ཁྱུང་པ་ངག་དབང་པདྨ། རྒྱལ་དབང་པདྨ་བསྟན་འཛིན། དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པ། དཔལ་རི་སློབ་དཔོན་བསོད་ནམས་རིན་ཅེན། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་སྟོན་ཀུན་སྐྱོང་གླིང་པས་བསམ་ཡས་མཆོད་རྟེན་དཀར་པོ་ནས་གདན་དྲངས་པའི་ནག་པོ་བཀའ་བཟློག་ཐུགས་ཀྱི་རེག་ཆོད་རྦོད་གཏོང་ཁ་འཆིང་འཁོར་ལོ་ཡང་བཟློག་ལྕགས་ཀྱི་སྤུ་གྲི་ཞེས་པ་གནུབས་


GLG003_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྙིང་པོས་ཨྱོན་ཆེན་པོ་ལ་གསེར་སྲང་ཉི་ཤུ་རྩ་ལྔའི་མནྜལ་ཕུལ་ནས་ཞུས། དེ་ལ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་གསེར་བ་མེན་གྱི་རྭ་གང་ཕུལ་ཏེ་ཞུས་པའི་རྒྱ་གར་མཁས་པ་མི་ལྔའི་ཡང་བཅུད་ཟབ་མོའི་ལུང་། འཁོར་ལོ་འདྲི་བའི་ཞལ་ཤེས་བཅས་མནོས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། གསང་བའི་བདག་པོ། ཨྱོན་སངས་རྒྱས་གཉིས་པ། གནུབས་ནམ་མཁའ་སྙིང་པོ། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་ཀུན་སྐྱོང་གླིང་བ། སྲས་ཉི་ཟླ་བཟང་པོ། གུ་རུ་ནམ་མཁའ་དོན་གྲུབ། སྔགས་འཆང་བདེ་ལེགས་རྒྱལ་མཚན། མདོངས་སྟོན་ཆོས་རྒྱལ་བསོད་ནམས། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། གུ་རུ་ནམ་མཁའ་རྡོ་རྗེ། རྒོད་ཕྲུག་སྙན་བརྒྱུད་རས་པ། མཐུ་ལྡན་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་སྨྱོན་གྱི་བསྲུང་བཟློག་གི་གོ་ཆར་གདམས་སོ། །སྤྲུལ་སྐུ་ཀུན་སྐྱོང་གླིང་པའི་གཏེར་བྱོན་རུ་ཏྲ་རླག་པར་བྱེད་པའི་ཐབས་རྒྱ་ནག་སྟོང་གསུམ་དཀྲུག་པ་ཞིང་སྐྱོང་གི་ལས་ཚོགས་མི་ཧྲེང་ནག་པོའི་ལུང་ཕྱག་ལེན་ཞལ་ཤེས་བཅས་ཐོབ་པའི་རྒྱུད་པ་ནི། རྡོ་རྗེ་འཆང་། གསང་བདག །པདྨ་ཐོད་འཕྲེང་། བཻ་རོ་ཙ་ན། གཏེར་སྟོན་ཀུན་སྐྱོང་གླིང་པ། ཐུགས་སྲས་ཀྱི་ཉི་ཟླ་བཟང་པོ། བསོད་ནམས་རྒྱལ་མཚན། ཆོས་ལེགས་མཚན་ཅན། ཆོས་དབང་རྒྱལ་མཚན། ནམ་མཁའ་རྡོ་རྗེ། སྡེ་པ་ཡུག་པ་ནོར་བུ་དབང་རྒྱལ། དེ་སྲས་མི་འགྱུར་རྡོ་རྗེ། གུང་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གུ་རུ་ནམ་མཁའ་རྡོ་རྗེ་ནས། རྒོད་ཕྲུག་སྙན་རྒྱུད་


GLG003_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རས་པ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ་ཡབ་སྲས་མན་གོང་བཞིན་ནོ། །གཏེར་སྟོན་རིན་ཅེན་གླིང་པ་ནི། རང་གཏེར་ལས། གཏེར་འདི་དབང་བའི་ལས་ཅན་སྐྱེས་བུ་དེ༔ ད་ལྟ་ཨྱོན་ང་ཡི་འཁོར་གྱི་མཆོག༔ རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་འདི༔ སྐྱེ་བ་ལྔ་ཡི་མཐའ་མ་རྡོ་བོད་མཚམས༔ ཐ་མལ་འགྲོ་བ་འདྲེན་ཕྱིར་མི་ལུས་ལེན༔ གཟུགས་བཟང་སྐྱེས་མཐའི་བྱང་ཆུབ་སེམས་པ་ཆེ༔ དེ་ནས་ཚེ་འཕོས་ཕྱིར་མི་ལྡོག་པའི་རྟགས༔ ཚེ་ཡི་མཇུག་ལ་དབང་པོ་གང་རུང་འགྲིབ༔ སྐྱེ་བ་མི་ལེན་བདེ་བ་ཅན་དུ་སྤྱོད༔ ཅེས་དང་། ཨོ་རྒྱན་ང་ཡི་ཐུགས་སྲས་རཏྣའི་མཚན༔ ཐོས་བསམ་འཛིན་པ་རྐྱང་ནི་དོན་ལྡན་འགྱུར༔ སྤྲུལ་པའི་སྲས་ནི་མཚོ་སྐྱེས་མེ་ཏོག་འདྲ༔ སྐལ་ལྡན་བུ་སློབ་བུང་བ་རྩི་འཚོལ་འདྲ༔ ཉམས་གྲིབ་དམ་སེལ་དུས་མིན་སད་དང་འདྲ༔ མཁའ་འགྲོའི་གདན་འདྲེན་དབང་ཆེན་སྣག་རྒྱུག་འདྲ༔ ལོག་ལྟ་ཅན་རྣམས་རླུང་ནག་འཚུབ་མ་འདྲ༔ དེ་ཕྱིར་འབྲེལ་ཚད་འཕྲིན་ལས་རྫོགས་བྱའི་དོན༔ གསོལ་བ་གང་བཏབ་དེ་ཡིས་དོན་ཀུན་འགྲུབ༔ དེ་ལ་སོགས་པའི་མཚན་ཉིད་ཡོན་ཏན་རྣམས༔ ཡི་གེར་བཀོད་པས་མི་ལང་ཨོ་རྒྱན་སྲས༔ རིན་ཅེན་གླིང་པ་ཞེས་སུ་གྲགས་པ་ཡི༔ ལས་ཅན་སྐྱེས་བུ་དེ་དང་འདི་ཕྲད་ཤོག༔ ཅེས་ལུང་བསྟན་པའི་ཨོ་རྒྱན་ཐུགས་སྤྲུལ་ལྷ་སྲས་སྐྱེ་བ་ལྔ་མཐར་སྐུ་འཁྲུངས་པ་གཏེར་སྟོན་རིན་ཅེན་གླིང་པས་རྒྱ་གར་གྱི་ཕ་བོང་ཀླུ་བདུད་རུས་སྦལ་ནག་པོའི་ལྟོ་བ་ནས་སྤྱན་དྲངས་པའི་ལྟ་བའི་ཡང་རྩེ། སྒོམ་པའི་རྒྱལ་པོ། སྤྱོད་པའི་ཉིང་ཁུ། དམ་ཚིག་གི་རྩ་བ། འབྲས་བུའི་མཐར་ཐུག་དམ་ཆོས་རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ཞེས་པ་ཡོ་ག་རྣམ་གསུམ་ལས། ཨ་ཏི། དེ་ལ་རྒྱུད་ལུང་མན་ངག་གསུམ་ལས་མན་ངག །དེ་ལ་སེམས་


GLG003_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གློང་གནད་གསུམ་ལས་གནད་སྡེ། དེ་ལ་ཕྱི་ནང་གསང་བ་བླ་མེད་ཡང་གསང་ལྔ་ལས་ཡང་གསང་། དེ་ལ་ཐིག་ལེ་དང་ཡང་བཅུད་ལས་ཡང་བཅུད་སྙིང་གི་ནོར་བུའི་སྐོར་ལ། པདྨ་འདབ་བརྒྱད་འཇའ་རིས། བུམ་པ་དང་ཚོགས་འཁོར་ལ་བརྟེན་ནས་སྤྲོས་བཅས་སྣང་བའི་བརྡ་དབང་། མེ་ལོང་འཇའ་ཤེལ་རྨ་བྱའི་མདོངས་ལ་བརྟེན་ནས་སྤྲོས་མེད་སྟོང་པའི་བརྡ་དབང་། ཏིང་འཛིན་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་བརྟེན་ནས་གཉིས་མེད་རང་གྲོལ་གྱི་བརྡ་དབང་། ཆོས་ཉིད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རང་གྲོལ་ལྷུན་གྲུབ་ཀྱི་བརྡ་དབང་རྣམས་སྨིན་རྒྱས་སུ་མནོས་ནས། རྒྱབ་བརྟེན་ལུང་ལ། གང་ཟག་ཡིད་ཆེས་བསྐྱེད་པ་ཁོག་དབུབ་སྟོང་ཐུན་མན་ངག་ཅེས་པ་རྒྱལ་བ་དགོངས་བརྒྱུད། རིགས་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་ཀྱི་ལོ་རྒྱུས། རྩ་བ་དོན་གྱི་བཤད་པ། ཐེག་པ་རིམ་དགུའི་འབྱུང་ལུགས། རྫོགས་ཆེན་དགོས་ཆེད་དོན་གྱི་བཤད་ཐབས། ཉམས་སུ་བླང་བའི་བཤད་ཐབས། ཆེ་བ་དོན་གྱི་བཤད་ཐབས་རྣམས་སྟོན་པ་བདེ་བ་ཆེན་པོར་འཚང་རྒྱ་པར་ཤོག་གི་མཐའ་ཅན། སྤྱི་ཁྱད་རྩ་བ་རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ཞེས་པའི་རྒྱུད་ལེའུ་བཅུ་གཉིས་པ་ཨོ་རྒྱན་གྱི་སྐད་ལས་བོད་སྐད་དུ་རང་བསྒྱུར་ཐུགས་ཀྱི་སྲས་དང་ཕྲད་ཤོག་གི་མཐའ་ཅན། ཆོས་ཀྱི་གནད་ཚང་སྟོན་པ་མན་ངག་ཐེམས་བྱང་ཞེས་པ་སྤྱི་ཐེམས་སྒོས་ཐེམས་ཕྲད་ཤོག་གི་མཐའ་ཅན། དུས་ཚོད་གནང་བཀག་སྟོན་པ་གཏེར་སྟོན་ལུང་བསྟན་ཆོས་སྤེལ་བའི་དུས་རྟག །སྣོད་བརྟག་པ། གཏད་རྒྱ་དང་བཅས་པ་འགྲོ་དོན་རྫོགས་པར་ཤོག་གི་མཐའ་ཅན། མི་རྟག་པ། བྱམས་སྙིང་རྗེ། བླ་མའི་རྣལ་འབྱོར། འཁོར་འདས་རུ་ཤན་འབྱེད་པ་བཞིའི་སྒོ་ནས་ཐུན་མོང་སྔོན་འགྲོའི་མན་ངག་ཕྲད་ཤོག་གི་


GLG003_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཅན། བྱིན་རླབས་བརྡས་སྨིན་པར་བྱེད་པ་སྤྲོས་བཅས་སྣང་བ། སྤྲོས་མེད་སྟོང་པ། གཉིས་མེད་རང་གྲོལ། ཆོས་ཉིད་ལྷུན་གྲུབ་བཞིའི་བརྡ་དབང་གི་ཡི་གེ་ཞག་བདུན་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་མན་ངག་དགའ་རབ་རྡོ་རྗེས་མཛད་པ་ཙིཏྟར་བསྟིམ་པའི་མཐའ་ཅན། ཆོས་ཉིད་སྔོན་དུ་རྟོགས་པའི་ཐབས་རིགས་པ་མངོན་སུམ་གྱི་རང་ངོར་རང་ཐོག་ཏུ་སྤྲོད་པ། མངོན་སུམ་ཉམས་མྱོང་གིས་ཐག་གཅིག་ཐོག་ཏུ་གཅོད་པ། ཉམས་མྱོང་ཚད་འབེབས་ཀྱི་རྩལ་དྲོད་ཐོག་ཏུ་སྦྱང་བ། ཚད་ཟད་སར་འཁྱོལ་བས་སྐུ་གསུམ་ལྷུན་གྲུབ་ཏུ་ངོ་སྤྲོད་པ་རྣམས་སྟོན་པའི་གསང་ཆེན་གནད་ཀྱི་དོན་འཁྲིད་ཤྲཱི་སིངྷས་མཛད་པ་ཕྲད་ཤོག་གི་མཐའ་ཅན། དང་པོར་འཁྲུལ་ལུགས། བར་དུ་རྟོགས་ལུགས། མཐར་གྲོལ་ལུགས་གསུམ་སྟོན་པའི་བརྡ་དོན་སྙིང་ཐིག་གསང་བའི་ངོ་སྤྲོད་དམ་གསང་སྐོར་སྙིང་ཐིག་ཕྲད་ཤོག་གི་མཐའ་ཅན། ཐ་མལ་པ་ཐབས་ཀྱིས་འཁྲིད་པར་བྱེད་པ་ལས་བཟང་ངན་མེད་པར་འགྲོ་བའི་ཚིག་འཁྲིད་གནད་ཀྱི་སྒྲོན་མེ་ཕྲད་ཤོག་གི་མཐའ་ཅན། ཉམས་ལེན་མཐའ་རུ་འདོན་པ་རྩལ་སྦྱོང་རྗེས་ཀྱི་མན་ངག་གང་ཟག་རབ་འབྲིང་ཐ་མ་དང་ཐ་མའི་ཐ་མ་འཚང་རྒྱ་ལུགས་སྟོན་པ་ཕྲད་ཤོག་གི་མཐའ་ཅན། འབྲས་བུ་འབྱིན་པའི་དུས་ཚོད་ངེས་པར་སྟོན་པ་ལམ་གྱི་རྟགས་ཚད་ཤྲཱི་སིངྷས་ཨོ་རྒྱན་ལ་གཏད་པ་བཀའ་སྲུང་ལ་གཉེར་གཏད་ཀྱི་མཐའ་ཅན། རྩོལ་མེད་སངས་རྒྱས་ལག་བཅངས་ཨ་ཏི་གསང་བའི་སངས་རྒྱས་སྲས་གཅིག་གི་རྟགས་གྲོལ་གསང་རྒྱ་གཏད་དོའི་མཐའ་ཅན། ཐུན་མོང་ལམ་གྱི་ཆ་རྐྱེན་དུག་ལྔ་རང་གྲོལ་ལམ་འཁྱེར་ཕྲད་ཤོག་མཐའ་ཅན་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་འཆང་ཆེན། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། སློབ་དཔོན་དགའ་རབ་རྡོ་རྗེ། རིགས་འཛིན་ཤྲཱི་


GLG003_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སིངྷ། ཨོ་རྒྱན་སངས་རྒྱས་གཉིས་པ། མངའ་བདག་ཁྲི་སྲོང་ལྡེ་བཙན། ལྷ་སྲས་བཙན་པོ། མེ་བན་གཏེར་སྟོན་རིན་ཅེན་གླིང་པ། བླ་མ་བསོད་ནམས་རྒྱལ་བ། ཆོས་རྗེ་བདེ་ཆེན་ལྷུན་གྲུབ། རྟོགས་ལྡན་ཉི་མའི་མཚན། རྗེ་བཙུན་སཱུཪྱ་ཙནྡྲ། མཚུངས་མེད་སངས་རྒྱས་འོད་ཟེར། འཁྲུལ་ཞིག་ཏིང་འཛིན་འོད། རྗེ་བཙུན་སངས་རྒྱས་བརྩོན་འགྲུས། བྱེ་ཚང་པ་རིན་ཅེན་དཔལ་འབྱོར། རིགས་འཛིན་དཔལ་ལྡན་གྲགས་པ། རྒྱལ་དབང་སངས་རྒྱས་རྣམ་རྒྱལ། མཁས་གྲུབ་ཀརྨ་གུ་རུ། རང་གྲོལ་ནམ་མཁའ་ཆོས་དབང་། ཁྱབ་བདག་ཉང་སྟོན་བློ་གྲོས་མཆོག་གི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཆོས་རྒྱལ་རིན་ཅེན་གླིང་པས་འབྲིང་ཐང་ཀོ་རོ་བྲག་དཀར་ནས་སྤྱན་དྲངས་པའི་གུ་རུ་དྲག་དམར་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་སྐུ། བདུད་རྩི། མེ་ལོང་། བུམ་པ་ལ་བརྟེན་པའི་རྩ་བའི་དབང་། ཕྱག་རྡོར། འཇམ་དཔལ། རྟ་མགྲིན། མེ་དབལ་གྱི་དབང་། མཐའ་རྟེན་དམ་རྫས་གཏོར་མའི་དབང་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་རིན་ཅེན་གླིང་པ། མཁས་གྲུབ་བྱང་འཛིན་པ། རྗེ་དཀོན་ཅོག་རྒྱལ་མཚན། མཁས་གྲུབ་བསོད་ནམས་བཟང་པོ། དཔང་སྟོན་ཆོས་ཀྱི་རྒྱལ་པོ། དཔང་སྟོན་བསོད་ནམས་རྒྱལ་མཚན། དཔང་སྟོན་བློ་གྲོས་རྒྱལ་མཚན། ནེ་རིང་མཁན་ཆེན་མཚོ་སྐྱེས་རྡོ་རྗེ། སྤྲུལ་སྐུ་ཤཱཀྱ་བཟང་པོ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་དབང་པོའི་སྡེ། རྗེ་གཞོན་ནུ་སྟོབས་ལྡན། སྐྱི་སྟོན་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་བློ་མཆོག་རྡོ་རྗེ་


GLG003_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བདག་ཟ་ཧོར་བནྡེ་ལའོ། །ཆོས་རྒྱལ་རིན་ཅེན་གླིང་པས་འབྲིན་ཐང་ཀོ་རོ་ཆོས་འབྱུང་བྲག་ནས་གདན་དྲངས་པའི་འཇམ་དཔལ་ཁྱབ་བདག་ནཱ་ག་རཀྵའི་ཆོས་སྐོར་ལ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསན་ཡིག་ན་ཕ་བོང་རུས་སྦལ་ནག་པོ་ནས་ཆེན་པོ་བཞིའི་ནང་ཚན་ཞི་ཁྲོ་བདེ་བ་ཆེན་པོའི་བཀའ་བསྲུང་ཀླུ་བདུད་ཀྱི་སྐོར་ཟེར་བ་འདུག་པས་གཏེར་གནས་ལ་དཔྱད་དོ། །སྨིན་བྱེད་སྐུ་གསུང་ཐུགས་ཀྱི་བྱིན་གསར་མའི་དབང་འདྲ་རུང་བ་ཀླུ་ཆེན་བརྒྱད་ཀྱི་ཙཀ་ལི་སོགས་འདུག་པ་དེ་ནི་བོ་དོང་པདྨ་གར་དབང་གི་བརྩམས་ཆོས་ལས་གཏེར་གཞུང་གི་ཁུངས་དང་ཟིན་སོ་མེད་སྐད་དོ། །རླབས་མཐའ་རྟེན་གཏོར་དབང་དང་བཅས་པ་མནོས་ནས། ལུང་ལ་མལ་གྲོ་གཟི་ཆེན་དང་མངའ་བདག་གྲགས་མཛད་ཚུལ་སོགས་ལོ་རྒྱུས་གཏེར་སྲུང་རྣམས་ཀྱིས་མགོ་བོ་ཁོས་ཀྱི་མཐའ་ཅན། ཀླུ་རྒྱུད་འབུམ་གྱི་ཏི་ཀ་གསང་བའི་རྒྱུད་ལེའུ་དགུ་པ་རྫོགས་སོའི་མཐའ་ཅན། ཀླུ་བདུད་ནཱ་ག་རཀྴའི་རྗེས་གནང་གི་ཡི་གེ་ཉམ་བག་ཚ་མེད་པར་ལོངས་སྤྱོད་པའི་མཐའ་ཅན། བརྟག་པ་རིན་ཅེན་ཉི་མའི་སྒྲོན་མ་ལེའུ་བཅུ་གཅིག་པ་རྫོགས་བྱང་གྲོལ་ཤོག་གི་མཐའ་ཅན། ཁྱུང་ནག་མེའི་འཁོར་ལོ་འདི་ལས་ཟབ་པ་ཡོད་རི་སྐན་གྱི་ཆེ་བ་ཅན། བྱུག་པ་རྒྱན་གྱི་འཁོར་ལོ་ས་བདག་ཀླུའི་གཤེད་མ། མཛེ་གསོ་བའི་མན་ངག་ནག་པོ་འདྲེན་སྐེམས་སྨན་གྱི་འཁོར་ལོ། གསང་བ་སྒོམ་བཟླས་ཀྱི་སེལ་བ་ཞེས་པ་སྒྲུབ་ཐབས། བསྙེན་པ་དང་གསང་བའི་རྒྱས་ཐེམས་རྣམས་སྟོན་པ་སློབ་དཔོན་གྱིས་རྒྱལ་པོར་གདམས་ཤིང་མངའ་བདག་སྙུན་ནད་ལས་གདངས་ནས་སྐུ་ཁམས་བདེ་བ་དང་ལྡན་པ་བསྟོད་པ་འཁོར་འདས་མ་དང་བཅས་པ་རྫོགས་བྱང་ཕྲད་ཤོག་གི་མཐའ་ཅན། སྲིན་པོ་ནཱ་ག་རཀྴ་ཏི་པ་ཙ་ཤིན་ཏུ་དྲག་པོ་ཀླུ་བདུད་མགོ་དགུའི་སྒྲུབ་ཐབས། ལས་ཚོགས་དགུ་པ་ཞེས་པ་སྨན་གྱི་སྦྱོར་བས་ནད་ཞི་བ། བྷནྡྷའི་སྦྱོར་


GLG003_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བས་ནོར་འཕེལ་བ། རྐུན་མའི་ལག་པས་དབང་དུ་སྡུད་བ། མཛེ་ཐོད་ཀྱིས་བསྟན་དགྲ་ཉམ་ཐག་གཅོད་པ་དུམ་པའི་སྔགས་ཀྱིས་ཆར་འབེབས་པ། རྫས་ངན་སྦྱོར་བས་སྐྱིད་ཐང་དྲག་པོ་འབེབས་པ། ཁྱུང་ལ་བརྟེན་ནས་སེར་བ་བསྲུང་བ། ཆེ་འབེབས་ཀྱི་སྔགས་བྱང་། གཙང་མ་ཁྲུས་ཀྱི་བརྟག་པ་རྣམས། སྤྲུལ་དཀར་དམར་ཕོ་མོ་ལ་བརྟེན་པའི་ཆར་དབབ་ཐབས། ཆིངས་གསུམ་ཕྱག་རྒྱ་དགྲ་དང་བགེགས་ལ་སྤྲོད་ཐབས། གཏད་ཀྱི་ཚེ་སྔགས་དང་རྫས་ལ་བརྟེན་པའི་རང་བསྲུང་སྒྲིབ་ཤིང་ཟབ་མོ། གཏད་ཀྱི་ཚེ་ཕོ་འཁོར་མོ་འཁོར་ལ་བརྟེན་པའི་བསྲུང་བ། རབ་གནས། སྔགས་བྱང་། ལྷ་བསྒོམ་སྔགས་བཟླས་པ་འཁོར་ལོ་འདོགས་པ་གསུམ་གྱི་ཞལ་གདམས། རྒྱ་མཚོ་དུག་རི་ཀླུའི་སྲིན་པོ་ཞེས་བྱ་བའི་སྒྲུབ་པ་ཙཀྲ་བསྐོར་བའི་ལེའུ་རྫོགས་བྱང་གི་མཐའ་ཅན་རྣམས་ཐོབ་པ་ལས་ཀླུ་བདུད་མགོ་དགུའི་སྒྲུབ་ཐབས་མ་གཏོགས་པའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། སངས་རྒྱས་འོད་སྲུངས། འཇམ་དཔལ་ཡེ་ཤེས་སེམས་དཔའ། བཅོམ་ལྡན་འདས་ནཱ་ག་རཀྵ། གསང་བའི་བདག་པོ། དགེ་སློང་རྨི་ལམ་མཐར་གཟིགས། རྒྱལ་པོ་རཏྣ་འབར་བ་གཙུག་གི་ནོར་བུ། སྲས་རྒྱལ་པོ་མཐའ་ཡས་འོད། སློབ་དཔོན་པདྨ་འབྱུང་གནས། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་རིན་ཅེན་གླིང་པ། བླ་མ་ནམ་མཁའ་འོད་ཟེར། རྗེ་ཆོས་དབྱིངས་པ། བླ་མ་དཔལ་བཟང་པ། རིན་པོ་ཆེ་ནམ་མཁའ་ལེགས་པ། སློབ་དཔོན་ཕུན་ཚོགས། བླ་མ་རྡོ་རྗེ་རིན་ཅེན། རྗེ་ཡོན་ཏན་རྡོ་རྗེ། རིགས་འཛིན་གཡང་དྲུང་རྒྱལ་མཚན། ཏེ་སེ་བ་བསོད་ནམས་བློ་གྲོས། རྩེ་ལེ་རིགས་འཛིན་ལྷ་དབང་རྣམ་རྒྱལ། དཔལ་ཀརྨ་གུ་རུ། གྲུབ་མཆོག་ཆོས་དབང་བསམ་གྲུབ། བྱ་བཏང་ཆོས་དབང་ཀུན་བཟང་། རིགས་
འཛིན་འཕྲིན་ལས་ལྷུན་གྲུབ། གྲུབ་ཆེན་ཀརྨ་གསང་སྔགས། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ན་རྩེ་ལེ་རིགས་འཛིན་ཆེན་པོ་ནས། བྱང་སེམས་ཆོས་དཔལ། བླ་མ་ཆོས་ཀྱི་རྒྱལ་མཚན། རྗེ་བཙུན་ནམ་མཁའ་དཔལ་འབྱོར། མཚུངས་མེད་དྲན་འཛིན་རྒྱ་མཚོ། མང་ཡུལ་བ་གུ་རུ་རྡོ་རྗེ། སྤ་གྲོ་བ་ཆོས་དབང་ལྷུན་གྲུབ། དར་སྡིངས་འཕྲིན་ལས་ལྷུན་གྲུབ་མན་གོང་ལྟར་རོ། །ཡང་ན་ཀརྨ་གུ་རུ་ནས། སྔགས་འཆང་ཀུན་བཟང་དཔལ་འབྱོར། སྦ་གྲོ་བ་ཆོས་དབང་ལྷུན་གྲུབ་མན་གོང་བཞིན། ཡང་ན་སློབ་དཔོན་ཕུན་ཚོགས་ནས་བླ་མ་རིན་ཅེན་རྒྱལ་མཚན། ཡོན་ཏན་དཔལ། ནམ་མཁའ་རྒྱལ་པོ། བླ་མ་རིན་ཅེན། འཇམ་དབྱངས་ཆོས་རྗེ། ཟུར་མཁར་མཉམ་ཉིད་རྡོ་རྗེ། གནམ་གོང་བཀྲ་ཤིས་དབང་ཕྱུག །མཚུངས་མེད་བསོད་ནམས་བཟང་པོ། རྗེ་དབུས་པ་རྟོགས་ལྡན། བཀྲ་ཤིས་མཚན་ཅན། སྔགས་འཆང་རྡོ་རྗེ། རིགས་འཛིན་འཇའ་ཚོན་སྙིང་པོ། རྩེ་ལེ་སྤྲུལ་སྐུ་པདྨ་ལེགས་གྲུབ། གྲུབ་ཆེན་ཀརྨ་གསང་སྔགས་མན་གོང་བཞིན། ཀླུ་བདུད་མགོ་དགུའི་སྒྲུབ་ཐབས་ཀྱི་རྒྱུད་པ་ནི། ཀརྨ་གུ་རུ་ཡན་གོང་ལྟར་ལ། དེ་ནས་བྲག་སྣ་བ་ཀུན་མཁྱེན་དབང་ཕྱུག །ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་རྗེས་གནང་གི་བརྒྱུད་པ་ལུགས་གཅིག་ལ། གཏེར་སྟོན་ནས་རིམ་པར་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །

གཏེར་སྟོན་ཆོས་རྒྱལ་རཏྣ་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།


GLG003_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་གླིང་པ་ནི། མངའ་བདག་ཉང་གི་ཐུགས་གཏེར་གྱི་ལུང་བསྟན་གཏད་རྒྱ་ལས། ལོ་ནི་ལྔ་བཅུ་ཁར་ལ་དུས༔ ཉི་མ་ཤར་ལྷོའི་ཕྱོགས་དག་ཏུ༔ ཆོས་ཀྱི་རྒྱལ་པོ་རཏྣ་གླིང་༔ འཕྲིན་ལས་བཞི་ལ་མངའ་བརྙེས་པ༔ འཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པའམ༔ བྱིན་གྱིས་བརླབས་པའི་


GLG003_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་འབྱུང་༔ ཞེས་དང་། གཏེར་ཁ་འོག་མའི་སྐུ་གསུམ་སྒུབ་པའི་ལུང་བྱང་ལས། འདི་ནས་བྱང་ཕྱོགས་ཤིང་སྒོའི་མཚམས༔ རི་བོ་ཁྱུང་ཆེན་འདྲ་བའི་བར༔ ལུག་ལོ་པདྨ་དབང་ཆེན་རྩལ༔ བསྐྱེད་རྫོགས་དོན་ལ་མཁས་པ་འབྱུང་༔ ཞེས་དང་། གུ་རུ་ངོ་རྩེའི་གཏེར་ལུང་ལས༔ མོན་བུ་སྤྱི་རིང་སྐྲ་ཡི་ལ་བ་ཅན༔ རི་བོ་ཁྱུང་ཆེན་ལྡིང་པའི་ཞོལ་དུ་འབྱུང་༔ ཞེས་སོགས་གཏེར་ཁ་མང་པོ་ནས་ལུང་གིས་ཟིན་པའི་གཏེར་སྟོན་རིན་ཅེན་དཔལ་བཟང་ཞེས་ལང་འགྲོ་ལོ་ཙཱ་དཀོན་ཅོག་འབྱུང་གནས་ཀྱི་སྐྱེ་བ་འདི་ཉིད་ནི། རང་གཏེར་བསྟན་པ་སྤྱི་ལུང་ལས། ལྔ་བཅུ་ཁ་རལ་དུས་ཀྱི་མཐའ་མ་ལ༔ ད་ལྟའི་ལོ་ཙཱ་ལང་འགྲོ་དཀོན་ཅོག་འདི༔ སྨོན་ལམ་དབང་གིས་སྐྱེ་བ་འགའ་བརྒྱུད་ནས༔ དེ་དུས་རི་བོ་ཁྱུང་ཆེན་ལྡིང་བའི་ལྷོར༔ ལྕགས་ཁམས་ལུག་ལོ་པདྨའི་རིགས་ཅན་འབྱུང་༔ ཁྱུང་ཆེན་རི་དང་མཁར་ཆུའི་ཟབ་གཏེར་འདོན༔ གསང་བའི་མཚན་ཡང་ཞིག་པོ་གླིང་པ་ཡིན༔ གུང་ཐང་དགེ་རེ་རྫོང་གསུམ་གཏེར་ཁ་འདོན༔ གསང་བའི་མཚན་ཡང་རཏྣ་གླིང་པར་གྲགས༔ བསམ་ཡས་གནས་སྐས་བུམ་ཐང་གཏེར་ཁ་འདོན༔ གསང་བའི་མཚན་ཡང་འགྲོ་འདུལ་གླིང་པར་གྲགས༔ སྟོབས་ལྡན་སྐྱེས་བུ་ཤེས་རབ་བློ་གྲོས་ཅན༔ དོན་གྱི་རྟགས་ལྡན་གདུལ་བྱའི་བཀའ་བབས་པ༔ འབྲེལ་ཚད་དོན་ལྡན་པདྨའི་རིགས་ཅན་དེ༔ བུ་མཆོག་དེ་ཡིས་དོན་གཉིས་སྤྱོད་པར་འགྱུར༔ ཞེས་གཏེར་གནས་སོ་སོའི་དབང་གིས་གཏེར་སྟོན་གཅིག་ལ་གླིང་པ་གསུམ་གྱི་མཚན་དུ་ལུང་གི་ཟིན་ཞིང་རྟེན་འབྲེལ་མ་འགྲིག་པའི་བར་གཅོད་ཀྱི་དབང་དུ་སོང་ན་སྤྲུལ་སྐུ་ཚུལ་རྡོར་ལྟར་གླིང་པ་སོ་སོའི་མཚན་ཅན་གྱི་སྐྱེ་བ་རིམ་པར་བརྒྱུད་དགོས་རྒྱུ་ལ། ལུང་བསྟན་བཀའ་རྒྱ་ཆུང་བ་ལས། བློ་གྲོས་དོན་ལྡན་


GLG003_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་དེ༔ སོ་བདུན་སྐེག་ལ་མ་འདས་ན༔ གཏེར་ཁ་ཉི་ཤུ་རྩ་ལྔ་དབང་༔ ཞེས་སོགས་ཀྱི་ཚེ་འཕྲེང་རྣམས་གྲོལ་ཏེ་སྐུ་ཚེ་མཐར་ཕྱིན་པས་གཏེར་ཁ་ཉི་ཤུ་རྩ་ལྔ་པ་ཞེས་པའི་གཏེར་སྟོན་རྒྱལ་པོ་ཆོས་རྒྱལ་རཏྣ་གླིང་པས་རོང་གསུམ་འདུས་པའི་ར་བ་གུང་ཐང་མཁར་རམ་བཙན་མཁར་རི་མོ་ཅན་ནས་གདན་དྲངས་པའི་ཟབ་གཏེར་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ་ཐེག་མཆོག་སྙིང་པོའི་ཡང་ཞུན། ཐེག་པ་རིམ་དགུའི་རྩེ་རྒྱལ། རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྩ་བ། རྒྱུད་ལུང་མན་ངག་ཀུན་གྱི་ཁོང་བཅུད། སྙིང་ཏིག་ཀུན་གྱི་ནང་ནས་ཟབ་ཏིག །གཞི་ལམ་འབྲས་བུའི་གནད་འགག །ལྟ་སྒོམ་སྤྱོད་པའི་མཐར་ཐུག །དུས་གསུམ་རྒྱལ་བའི་དགོངས་བཅུད། མ་མོ་མཁའ་འགྲོའི་སྲོག་སྙིང་། གྲུབ་ཐོབ་ཡོངས་ཀྱི་གསང་ལམ། འོད་གསལ་རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཏིག་གི་སྐོར་ལ། ཐོག་མར་གཏོར་མ་ལ་བརྟེན་ནས་དབང་བཞི་རྫོགས་སུ་༼ཀ༽བསྐུར་བ་ཆོས་སྒོ་འབྱེད་པའི་དབང་། རས་བྲིས་ཀྱི་དཀྱིལ་འཁོར་དུ་རིན་པོ་ཆེ་དབང་གི་༼ཕ༽འཁོར་ལོའི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་དག་བྱེད་ཉན་ཐོས་ཀྱི་དབང་། གསང་སྔགས་ནང་གི་དབང་ཞེས་པ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ་བརྟེན་ནས་གསང་བ་ཡེ་ཤེས་ལྔ་རྫོགས། ཀུན་བཟང་ཡབ་ཡུམ་ལ་བརྟེན་ནས་ཡེ་རྫོགས་ལྷུན་གྲུབ་ཀྱི་དབང་། རིགས་ལྔ་ཡབ་ཡུམ་གྱི་སྤྲོས་མེད་དམ་རྫས་གསང་དབང་། བྲིས་སྐུ་ལ་བརྟེན་ནས་བརྡ་དབང་ངོ་སྤྲོད། དབང་ཕྱི་མ་གཉིས་ཀྱི་ཡི་གེའི་སྟེང་ནས་ངག་སྒྲིབ་འདག་པ་གསང་དབང་། ཡིད་སྒྲིབ་འདག་པ་ཤེར་དབང་། གཏོར་དབང་བཞིན་ནོར་བུའི་མཇུག་ལས་འབྱུང་བའི་རིག་པའི་རྩལ་དབང་། བླ་མ་ཚེ་དཔག་མེད་རྟ་མགྲིན་གསུམ་གྱི་སྟ་གོན་


GLG003_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འགྲོ་བའི་བླ་མའི་གཏོར་མ་བརྟེན་ནས་ཕྱི་སྒྲུབ་པདྨ་ཐོད་འཕྲེང་རྩལ་༼ཀ༽གྱི་དབང་བཞི་ཡིད་བཞིན་ནོར་བུ། གཏོར་མ། གསང་རྫས། གཟུང་མ། ངོ་སྤྲོད་ལ་བརྟེན་ནས་ནང་༼ཀ༽སྒྲུབ་རྟ་ཕག་ཡབ་ཡུམ་གྱི་དབང་བཞི། བུམ་པ། ཚེ་ཆང་། སྔགས། ཚེ་དགུག་བསྟིམ་རྒྱས་བཏབ་བཅས་པར་བརྟེན་ནས་གསང་བ་ཚེ་དཔག་༼ཟུར༽མེད་ཀྱི་ཚེ་དབང་། བླ་མའི་སྐུ་གཏེར་ཁ་འདི་གའི་དངོས་བསྟན་དང་རྟ་མགྲིན་ཚེ་དཔག་མེད་ཀྱི་སྐུ་གཞན་ལ་བརྟེན་ནས་ཁྲུས་གསོལ་བ་སོགས་སྐུ་རྟེན་གསུམ་༼ཀ༽གྱི་དབང་། ཉི་ཟེར་དང་མན་ཤེལ་ལ་བརྟེན་ནས་ཞིང་ཁམས་ངོ་སྤྲོད་དང་། ཤེལ་དང་ཉི་ཐིག་ལ་བརྟེན་ནས་༼ཀ༽ཐོད་རྒལ་གྱི་སྒོས་དབང་། ཤེལ་དང་སྐུ་ལ་བརྟེན་ནས་རྡོ་རྗེ་སེམས་པའི་གསང་ལམ་༼ཀ༽ངོ་སྤྲོད་བར་དོའི་སྒོས་དབང་། གླེགས་བམ་ལ་བརྟེན་ནས་སྐུ་གསུང་༼ཀ༽ཐུགས་ཡོན་ཏན་འཕྲིན་ལས་སུ་གྲོལ་བར་བྱེད་པ་བཏགས་གྲོལ་གྱི་དབང་རྣམས་སྨིན་རྒྱས་དང་། གྲོལ་བྱེད་ཐུན་མོང་གི་སྔོན་འགྲོ་བརྒྱད། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཕྱི་ནང་གསང་བའི་རུ་ཤན་འབྱེད་པ། འབྱུང་ཁམས་འཁྲུགས་པ་སེལ་བ་ལ་རྣལ་དུ་དབབ་ཅིང་གསོར་གཞུག་པ། གསོལ་གདབ་བཀའ་བབས། བསྲེ་བ། རང་རིག་དོན་གྱི་བླ་མ་དང་མཇལ་ཐབས་བཞིའི་སྒོ་ནས་བླ་མའི་རྣལ་འབྱོར། འབྱུང་གནས་འགྲོ་གསུམ་རྩད་གཅོད། ངོ་སྤྲོད་བཙན་ཐབས། རླུང་རིག་དབྱེ་ཞིང་མཚང་བཙལ་བ། ཞི་གནས་ཀྱིས་ཁྲེགས་ཆོད་ཀྱི་གཞི་བརྩམས། ལྷག་མཐོང་གིས་གནས་ལུགས་ཀྱི་ངོ་བོ་བལྟ། རྗེས་སྤྲོས་བྲལ་མཐར་སྐྱེལ་བ་སྟེ་དོན་དྲུག་ལ་བརྟེན་ནས་ཁྲེགས་ཆོས་ཀྱི་ངོ་སྤྲོད། རྩ་བ་དང་ཡན་ལག་གི་འདུག་སྟངས་ཀྱིས་ལུས་གནད་གཟིར་བ། ལྐུགས་པ་དང་མི་སྨྲ་བས་ངག་གནད་གཟིར་བ། ཕྱི་ནང་གསང་བའི་


GLG003_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་བརྟེན་ནས་ཡིད་གནད་ཟིར་བ། མཐའ་རྟེན་མི་འགུལ་བ། སྡོད་པ། ཐོབ་པ་གསུམ་གྱི་ཐོད་རྒལ་གྱི་ངོ་སྤྲོད་བཅས་ཉམས་འཁྲིད་དུ་བསྟན་ནས། རྒྱབ་རྟེན་ལུང་ལ། རྒྱ་མཚོ་མུན་འཁྲིད་ལས། མཁའ་འགྲོའི་གསང་གཏེར་སྙིང་པོའི་བཅུད་འདི་ལ༔ སྙིང་དང་སྙིང་ཁྲག་དངས་མའི་སྐོར་གསུམ་མཆིས༔ གློང་གསལ་སྙིང་ཐིག་ཐུགས་སྲོག་སྙིང་གི་ཚུལ༔ ཐེམས་ཡིག་མེད་རྣམས་གསང་བའི་སྙིང་ཁྲག་སྟེ༔ སྦས་ཆོས་ལྔ་པོ་སྲོག་གི་དངས་མའི་ཚུལ༔ ཞེས་སྙིང་དང་སྙིང་ཁྲག་དངས་མའི་ཚུལ་གསུམ་དུ་གསུངས་པ་ལྟར། ཡིད་ཆེས་ཁུངས་བཙུན་པ་ཁ་བྱང་ལོ་རྒྱུས་དང་ཐེམས་ཀྱི་སྐོར་སྐུ་རྟེན་གསུམ་དང་འབྲེལ་བ་བླ་མ་ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར། སྙིང་དང་འདྲ་བ་ཀློང་གསལ་སྙིང་ཏིག་གདམས་པ་གཞུང་གི་སྐོར། སྙིང་ཁྲག་དང་འདྲ་བ་བརྗོད་པར་དཀའ་བ་ཡང་ཟབ་ཐེམས་མེད་ཀྱི་སྐོར། སྲོག་གི་དངས་མ་ལྟ་བུ་སྦས་ཆོས་གསང་བ་ཡང་ཏིག་སྐོར། གདམས་སྐོར་ཡོངས་རྫོགས་སྤྱིའི་ཁ་སྐོང་བ་ཡིག་ཕྲན་གྱི་སྐོར། བཀའ་དང་བསྟན་པ་བསྲུང་བ་ཆོས་སྐྱོང་སྐོར་དང་བདུན། དང་པོ་ལ། མངའ་བདག་ཉང་གིས་སྲིན་པོ་སྤར་རྗེས་ནས་སྤྱན་དྲངས་པའི་ཀློང་གསལ་སྙིང་ཏིག་ཁ་༼པ༽བྱང་ལྡེ་མིག་འདི་ལྟ་སྟེ་ལུང་ཕྲན་གྲོ་ཤུལ་ཞེས་སོགས་ཁ་བྱང་ལས་བྱུང་བ་བཞིན་གདན་དྲངས་པའི་མཐའ་ཅན། ཡང་གཏེར་ཁ་དེ་ཉིད་ལས་གཟེར་འདེབས་ཀྱི་ཊཱི་ཀ་༼ཕ༽ནི་བྲག་མཐའ་རྒྱ་ཡིག་འབྲུ་གསུམ་ཞེས་སོགས་ཡུལ་ཕྱོགས་བཀྲ་ཤིས་པའི་མཐའ་ཅན་འདི་དར་སྡིངས་པའི་གསན་ཡིག་ན་གོང་གི་ཁོངས་སུ་བསྡུས་ནས་བཀོད་པ་ལས་ཟུར་དུ་མེད། རང་གཏེར་མཐའ་མཚམས་མོན་གྱི་རོང་གསུམ་མདོ་བྲག་དམར་བཙན་མཁར་རི་མོ་ཅན་གྱི་གནས་༼ཕ༽ཡིག་ལུང་བྱང་གསལ་བ་སྨོན་ལམ་བཙན་པས་དེ་ལ་གཏོད་


GLG003_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐའ་ཅན། གློང་གསལ་སྐོར་གསུམ་གྱི་སྤྱི་ཐེམས་གསང་བ་བཀའ་རྒྱ་ཅན་ལོ་ལྔ་༼ཀ༽འགྲོགས་ནས་བརྟག་ཐུབ་སྙིང་གི་བུ་མ་གཏོགས་ཀུན་ལ་མི་སྤེལ་བ། བསྟན་པ་རིན་པོ་ཆེའི་བརྒྱུད་པའི་ལོ་རྒྱུས་ཞེས་༼ཕ༽པ་རྒྱལ་བ་དགོངས་བརྒྱུད། རིགས་འཛིན་བརྡ་བརྒྱུད་གང་ཟག་སྙན་བརྒྱུད་གསུམ་གྱི་བྱང་ཚུལ་རྫོགས་སོའི་མཐའ་ཅན། ལོ་རྒྱུས་ཆུང་བ་བརྒྱུད་པ་རིམ་༼ཕ༽པར་བབས་ཚུལ་སྟོང་ཐུན་ཁོག་འབུབ། གློང་གསལ་ཉི་མའི་རྒྱུད་ཀྱི་སྙིང་པོའི་ལོ་རྒྱུས་ཞེས་པ་༼ཕ༽སློབ་དཔོན་ཆེན་པོས་ཤྲཱི་སིངྷ་ལ་རྒྱུད་བཅུ་྄བདུན་གྱི་ཁོང་སྙིང་གློང་གསལ་ཉི་མའི་རྒྱུད་ཞུས་པའི་བྱུང་ཁུངས་མནྡྷ་ར་བས་ཡི་གེར་བཏབ་པ་རྒྱ་བོད་ཀྱི་སྐད་ཤན་སྦྱར་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། ཟབ་གཏེར་གཉན་གྱི་ཐེམས་༼ཕ༽ཡིག་སྙིང་གི་དུམ་བུ་ཉི་མའི་སྙིང་པོ། འདིའི་སྐེད་པར་ཕྲད་ཤོག་གི་མཐར་ཡང་གཅིག་བཀའ་རྩིས་ཐེམས་བྱང་བསྟན་ཞེས་མ་གཅིག་པ་གསལ་བར་འདུག་ཀྱང་དེ་རྣམས་སྦྲེལ་ནས་གཅིག་ཏུ་བྱས་པ་ལྟ་བུ་ཡོད་པ། དེ་ནས་ཤོག་ལོག་གཅིག་ཙམ་ན་འདི་ཡིས་ཟབ་གཏེར་གཉན་གྱི་ཐེམས་བྱང་རྫོགས་ཞེས་པའི་ཚིག་ནུས་ཤིག་བྱུང་རུང་དོན་དུ་ཐེམས་བྱང་གསུམ་ཞེས་བྱུང་བའི་སྐབས་འདི་གཉིས་སོ་སོར་བརྩི་ཞིང་། ད་ནས་ཀྱང་འཕྲོ་འཐུད་དེ་སྐུ་གསུང་ཐུགས་རྟེན་སྒྲུབ་པའི་ཆ་རྐྱེན་དང་བཅས་བསེ་སྐམ་དམར་པོར་སྦས་པ་གཏེར་སྟོན་གྱིས་ཆོས་བཀའ་འཆལ་བར་མི་སྟོན་པ། ལ་བསེ་ནག་པོའི་གའུ་འཆི་མེད་ལྕགས་སྲོག་འགྲུབ་པའི་རིལ་བུ་སྦས་ཚུལ་དང་བཅས་པ་མཐར་ལས་དང་སྐལ་བ་ལྡན་པར་གཏད་དོ་ཞེས་དོན་མི་གཅིག་པ་ཡོད་པས་ཀྱང་ཤེས་ནུས་སོ། །ཐེམས་བྱང་ལས་བྱུང་བའི་ས་བཅད་གཉིས་པ་སྐུ་རྟེན་གསུམ་དང་འབྲེལ་བའི་བླ་མ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་ནི། སྐུ་རྟེན་པདྨ་མཐོང་གྲོལ་ནོར་བུའི་སྐུ༔ སྐུ་རྟེན་


GLG003_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་ཐུགས་སྒྲུབ་ཆ་རྐྱེན་ཚང་༔ གང་ཟག་གཅིག་གི་ཆ་རྐྱེན་འདི་ཡིས་རྫོགས༔ ཤིན་ཏུ་ཡང་ཟབ་སྐལ་ལྡན་སྙིང་ལ་གཏད༔ ཅེས་པ་ལྟར། དངོས་གྲུབ་ཀུན་འདུས་བླ་མ་ཕྱི་སྒྲུབ་པདྨ་འབྱུང་གནས་ཀྱི་གཏོར་དབང་༼ཕ༽ཡིད་བཞིན་ནོར་བུ་འགྲོ་དོན་རྒྱས་པར་འགྱུར་གྱི་མཐའ་ཅན། འགོར་ཀྱེ་ཧོ་མ་འོངས་ཆོས་འདིའི་དཀའ་བབས་ཞེས་ཡོད་པའི་ཆོས་བདག་ལུང་བསྟན་སྙིང་རྗེ་ཅན་དང་ཕྲད་ཤོག་གི་མཐའ་ཅན། གུ་རུའི་ཐུགས་སྒྲུབ་ཆེན་མོ་ཕྱི་ལྟར་པདྨ་ཐོད་འཕྲེང་རྩལ་དུ་༼ཕ༽སྒྲུབ་པ་བཀའ་འདི་ཆེད་དུ་གཉེར་རོ་སྲུངས་ཀྱི་མཐའ་ཅན། གསུང་རྟེན་རྟ་ཕག་གསང་སྒྲུབ་ནང་གི་སྐུ༔ སྐུ་རྟེན་འདི་དང་གསང་སྒྲུབ་ཆ་རྐྱེན་ཚང་༔ བློ་ལྡན་གཅིག་གི་ཉམས་ལེན་འདི་ཡིས་རྫོགས༔ ཞེས་པ་ལྟར་རྟ་ཕག་གསང་བའི་དབང་ཆོག་༼ག༽པདྨའི་འཕྲེང་བ་གནུབས་ནམ་མཁའི་སྙིང་པོས་ཡེ་གེར་བཀོད་པ། གདུལ་བྱའི་རེ་བ་བསྐོང་ཕྱིར་བླ་མ་ནང་ལྟར་སྒྲུབ་པ་རྟ་མགྲིན་གསང་བའི་ཐུགས་༼ཕ༽སྒྲུབ་སྤྱི་བོར་སློབ་དཔོན་པདྨ་རྟ་མགྲིན་ཡབ་ཡུམ་གྱི་རྣམ་པར་བཞུགས་པར་མཚན་བརྒྱད་ཀྱི་སྒོ་ནས་གསོལ་བ་གདབ་པ་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། སློབ་དཔོན་ཆེན་པོའི་དགོངས་པའི་བཞི་ཕུགས་རྟ་ཕག་ཡང་གསང་༼ཕ༽གནད་ཀྱི་སྒྲུབ་ཐབས་གཟེར་བཞིས་གནདལ་འབེབས་པ་ལས་འཕྲོ་ཅན་རྣམས་སྨིན་པར་བྱེད་པར་ཤོག་གི་མཐའ་ཅན་འདི་དར་སྡིངས་པའི་གསན་ཡིག་ན་གོང་གི་ཁོངས་སུ་བསྡུས་འདུག །རྟ་མགྲིན་གསང་བ་དབང་གི་ལས་༼ཕ༽བྱང་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་རྒྱུན་སྤྱོད་བྱའོའི་མཐའ་ཅན་མོན་ཁ་ནེ་རིང་གསང་ཕུག་ནས་སྤྱན་དྲངས་པ། ཐུགས་རྟེན་རིགས་བདག་མགོན་པོ་ཚེ་ཡི་སྐུ༔ སྐུ་རྟེན་འདི་དང་ཚེ་སྒྲུབ་ཆ་རྐྱེན་ཚང་༔ ལས་ཅན་རེ་རེའི་ཆ་རྐྱེན་འདི་ཡིས་


GLG003_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ༔ དེ་ལྟར་ཕྱི་ནང་གསང་བའི་སྒྲུབ་སྐོར་ལ༔ བྱིན་རླབས་ཐོག་འབེབས་ཏིང་འཛིན་དམིགས་པའི་གནད༔ ལམ་ཟབ་དབང་གི་ཊཱིཀ་རེ་རེ་བཞུགས༔ དམ་ལྡན་རྣམས་ཀྱི་ལམ་འདི་གས་བགྲོད༔ ཅེས་པ་ལྟར། བླ་མ་གསང་བ་ལྟར་སྒྲུབ་པ་མགོན་པོ་ཚེ་དཔག་ཏུ་མེད་པའི་དབང་༼ཕ༽ཆོག་བདུད་རྩིའི་བུམ་པ་ཞེས་པ་ཨྱོན་ཆེན་པོས་ནང་གི་སྙིང་པོར་བསྐུར་བ་རྫོགས་སོའི་མཐའ་ཅན། དེའི་བུ་ཡིག་ཚེ་བྱང་བཀོལ་པའི་དབང་༼ཕ༽སྒྲུབ་ཤོག་གི་མཐའ་ཅན། ཨྱོན་མཁན་པོ་པདྨའི་དགོངས་པའི་བཞེད་ཕུགས་ཚེ་དཔག་མེད་ཀྱི་གསང་༼ཕ༽སྒྲུབ་འཆི་མེད་རིགས་འཛིན་ཐོབ་པར་ངེས་ཤེས་སྐྱེད་དོའི་མཐའ་ཅན་ཞར་བྱུང་དུ་རྒྱུན་འཁྱེར་ཚེ་སྒྲུབ་༼ཕ༽སྐལ་ལྡན་ལག་ཏུ་གཏད་རྒྱ་ཅན། ཕྱི་ནང་གསང་བ་གསུམ་པའི་དབང་གི་སྔོན་འགྲོ་དང་ཡེ་ཤེས་༼ཀ༽དབབ་པའི་ཡིག་ཆུང་བཀོལ་བ་རྗེས་རིམ་དང་བཅས་པའི་དབང་འཁྲིད་མཁར་ཆེན་བཟས་བཀོད་པ། དབང་གསུམ་གྱི་དཀྱིལ་འཁོར་གྱི་དཔེའུ་ཆུང་༼ཀ༽བསྟན་པ་ཕུག་རིང་དུ་བཀོད་པ། བླ་མའི་གཏོར་ཆེན་རིན་ཅེན་འབར་བའི་སྤྲ་༼ཕ༽འཁྲིད་ལག་ལེན་གི་བྱང་བུ་ཅན། སྟེང་འཁོར་སྐུ་གསུམ་སྲོག་འཁོར་ཆེན་མོ་ལ༔ འོག་འཁོར་གནད་འབེབས་བར་གཅོད་ཀུན་སེལ་ཡིན༔ རྒྱལ་ཆེན་སྒོ་བ་ཕྱོགས་བསྲུང་སྒྲོམ་གྱི་ཚུལ༔ སྒྲུབ་ཐབས་གོང་མ་གསུམ་གྱི་ཆ་རྐྱེན་ཡིན༔ རྡོ་རྗེའི་གུར་ཆེན་གནམ་ལྕགས་མཁར་དང་འདྲ༔ ཤིན་ཏུ་ཡང་ཟབ་སྐལ་ལྡན་སྙིང་ལ་གཏད༔ ཅེས་པ་ལྟར། སྐུ་གསུམ་གའི་སྟེང་འཁོར་༼ཕ༽བླ་རེ་བྲིས་ཡིག་ཟབ་གཏེར་གཉན་གྱི་ཆ་རྐྱེན་དུ་སྦས་པ། བར་གཅོད་ཀུན་སེལ་འོག་གི་གནད་༼ཕ༽འཁོར་འདྲེན་པའི་དཔལ་དུ་ཤོག་གི་མཐའ་ཅན། སྒྲུབ་ཐབས་གསུམ་གྱི་ཁ་སྐོང་གི་མེ་༼ཀ༽མཆོད་སྙིང་རྗེ་ཅན་དང་ཕྲད་ཤོག་གི་མཐའ་ཅན་རྣམས། གསུམ་པ་སྙིང་དང་འདྲ་བ་གློང་གསལ་སྙིང་ཐིག་གདམས་པ་


GLG003_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་སྐོར་ལ། རྩ་བ་དང་རྒྱབ་ཆོས་གཉིས། དང་པོ་ནི། མཁའ་འགྲོའི་ཟབ་གཏེར་གློང་གསལ་སྙིང་ཐིག་ལ༔ སྔོན་འགྲོའི་ཆོས་སྐོར་བླ་མའི་གཏོར་དབང་དང་༔ ལུས་ངག་སྒྲིབ་སྦྱོངས་འཁོར་འདས་རུ་ཤན་འབྱེད༔ ཁྲེགས་ཆོད་དམར་འཁྲིད་ནོར་བུའི་སྙིང་པོ་དང་༔ ཐོད་རྒལ་ལམ་འཁྲིད་མུན་སེལ་སྒྲོན་མེ་སྟེ༔ དེ་ལྟར་མ་བཞི་རྩ་བའི་སྒྲོམ་ཤིང་ཡིན༔ ཞེས་པ་ལྟར། ཆོས་སྒོ་འབྱེད་པ་བྱིན་རླབས་བླ་མའི་གཏོར་དབང་༼ཕ༽ནོར་བུའི་སྙིང་པོ་ཚིག་དབང་རིན་པོ་ཆེ་བསྐུར་ཐབས་བཅས་པ་རྫོགས་སོའི་མཐའ་ཅན། འཁྲིད་ཀྱི་སྔོན་འགྲོ་འཁོར་འདས་རུ་ཤན་འབྱེད་པ་གང་ཟག་སྒྲོམ་དུ་འཇུག་༼ཀ༽པའི་གདམས་པ་ལས་འཕྲོ་ཅན་དང་སྤྲོད་ཅིག་པའི་མཐའ་ཅན། མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ་གཅེར་མཐོང་རིག་པའི་མན་ངག་སྙིང་གི་ནོར་བུའི་དོན་༼ཕ༽འཁྲིད་དམ་དམར་འཁྲིད་ནོར་བུའི་སྙིང་པོ་ཞེས་རྫོགས་བྱང་བཀའ་འདི་སྲུངས་ཤིག་པའི་མཐའ་ཅན། མངོན་སུམ་རང་ཐོག་ཏུ་དབབ་པའི་མན་ངག་ཐོད་རྒལ་གྱི་འཁྲིད་༼ཕ༽ཡིག་མུན་སེལ་སྒྲོན་མེའམ་དོན་འཁྲིད་ནོར་བུ་རྩ་བ་རྫོགས་སོའི་མཐའ་ཅན། སྙིང་ཏིག་གི་མཐའ་རྟེན་རྗེས་ཀྱི་མན་ངག་ཅེས་༼ཕ༽པ་གཞི་བཅའ་ཚད་བཟུང་། གཟེར་བཏབ། རྟགས་བཅུ་གཉིས། དེས་ཐོབ་གསུམ་རྣམས་སྟོན་པ་གློང་གསལ་སྙིང་བཅུད་ལག་འཁྲིད་གསལ་བའི་སྒྲོན་མེ། ལུས་ཀྱི་འདུག་སྟངས་གསུམ། གོང་མ་དང་འདི་གཉིས་ཆོས་ཚན་སོ་སོ་དང་གཅིག་པ་གང་དུ་བརྩིས་ཀྱང་ཆོག་པའི་འཐེན་ཕྱོགས་ཤིག་འདུག་པ་ཐེ་ཚོམ་གྱི་གཞིར་སྣང་བ་ཁྲ་ཚང་པ་དང་ཆོས་རྗེ་དབང་ཆེན་ལྷུན་གྲུབ་གཉིས་ཀའི་ཕྱག་དཔེར་སྦྲེལ་འདུག་གོ །སྤྱན་གྱི་གཟིགས་སྟངས་གསུམ། གནད་བཅུ་དགུ། བརྡ་གསུམ། བོགས་འདོན་གསུམ་དང་བཅས་སྟོན་པ་ཨྱོན་སྙིང་བཅུད་བླ་མེད་ཕྲད་ཤོག་གི་མཐའ་ཅན། འཁྲིད་ཡིག་ཡིད་བཞིན་ནོར་བུ་༼ཀ༽གཏེར་སྟོན་


GLG003_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྨན་རྩེའི་རི་ཁྲོད་དུ་མཛད་པ། ཐེམས་མེད། དེས་མཛད་པའི་ཆོས་སྤྱོད་ཡིད་བཞིན་ནོར་བུ་འགོར་བླ་མ་ལ་སྐྱབས་སུ་འཆིའོ་ཞེས་ཡོད་པ། དེས་མཛད་ཐེམས་མེད། པའི་གསོལ་འདེབས་ཡིད་བཞིན་ནོར་བུ་དམིགས་མེད་སྤྲོས་བྲལ་མ་རྣམས། གཉིས་པ་རྒྱབ་ཆོས་ལ། རང་རིག་བླ་མའི་རྣལ་འབྱོར་༼ཀ༽གསང་སྒྲོགས་སུ་འགྱུར་བས་སྦས་པར་བྱའོའི་མཐའ་ཅན། ཐེམས་མེད། ངོ་སྤྲོད་བཙན་ཐབས་འཛུབ་༼ཀ༽བཙུགས་སུ་གདབ་པ་སྙིང་རྗེ་ཅན་དང་ཕྲད་ཤོག་གི་མཐའ་ཅན། ཐེམས་མེད། རླུང་བུམ་པ་ཅན་ལ་བརྟེན་ནས་ཞི་གནས་ལྷག་མཐོང་གི་ངོ་སྤྲོད་གང་ཟག་གི་ཤེས་རྒྱུད་བླ་མའི་རྟོགས་པས་དམིགས་པ་འཁྲིད་པ། ཐེམས་མེད། མཁས་པ་ཤྲཱི་སིངྷ་ལ་སློབ་དཔོན་ཆེན་པོ་པདྨས་ཞུས་ལན་སྙིང་གི་མེ་ལོང་༼ཕ༽གློང་གསལ་སྙིང་ཏིག་ཁྲེགས་ཆོད་ཀྱི་རྒྱབ་ཆོས་ཚུལ་དུ་བཀོད་པ་ཕྲད་ཤོག་གི་མཐའ་ཅན། ཐེམས་མེད། སྐལ་ལྡན་སྨིན་བྱེད་བུམ་པའི་དབང་ཆོག་རིན་པོ་ཆེའི་དབང་༼ཕ༽གི་འཁོར་ལོ་ཡིད་བཞིན་ནོར་བུ་ཕྲད་ཤོག་གི་མཐའ་ཅན། དེ་དག་ཀུན་ལ་བུ་ཡིག་རྒྱབ་ཆོས་ནི༔ གཏོར་ཆེན་སྤྲ་འཁྲིད་སྒྱུ་མའི་གར་མཆོད་དང་༔ སྤྱུགས་པ་ཀླུ་མཆོད་བདུད་བཞི་མནན་པའི་བྲོ༔ ཕྱི་ནང་སྒྲུབ་ཐབས་གསུམ་གྱི་རྒྱབ་ཆོས་ཡིན༔ ཞེས་པ་ལྟར། དབང་དང་སྒྲུབ་པའི་ཆ་རྐྱེན་གར་མཆོད་༼ཕ༽མཁའ་འགྲོའི་འགྱིང་གླ྄ུ་ཕྲད་ཤོག་གི་མཐའ་ཅན། སྤྱུགས་པ་བརྡའི་གླུ་༼ཕ༽མཆོད་དངོས་གྲུབ་བརྙེས་པའི་མཐའ་ཅན། ངག་སྒྲིབ་དག་བྱེད་སྤྲོས་མེད་༼ཕ༽གསང་བའི་དབང་ཆོག་མཐའ་རྒྱས་ཤོག་གི་མཐའ་ཅན། ཡིད་སྒྲིབ་དག་བྱེད་བདེ་སྟོང་དགའ་བཞིས་སྐྱེད་པ་༼ཕ༽ཤེས་རབ་ཡེ་ཤེས་ཀྱི་དབང་ཆོག་སྒྲོལ་བར་ཤོག་གི་མཐའ་ཅན། ཡོངས་སུ་སྤྲོས་མེད་ཚིག་དབང་ནི་ཆོས་སྒོ་འབྱེད་པའི་བླ་མའི་གཏོར་དབང་གི་གཤམ་ན་ཡོད་པ་དེ་


GLG003_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལེན་པ་ཕྱག་ལེན་ནོ། །སྐུ་རྟེན་གསུམ་གྱི་དབང་དང་དེའི་འཕྲོས་ལས་དེ་ཁོ་ན་ཉིད་ཀྱི་རིག་པའི་རྩལ་༼ཕ༽དབང་ཁྲིགས་ཆོ་ག་ཀ་དག་ཕྱག་རྒྱ་ཆེན་པོར་བསྐུར་ཐབས་ཕྲད་ཤོག་གི་མཐའ་ཅན། དབང་ལྔ་པ་མངོན་སུམ་ཐོད་རྒལ་ལྷུན་གྲུབ་ཀྱི་སྒོས་༼ཕ༽དབང་ངོ་སྤྲོད་གནད་ཀྱི་མན་ངག་ཕྲད་ཤོག་གི་མཐའ་ཅན། དབང་བཞིའི་བསྙེན་ཡིག་ནོར་བུའི་འཕྲེང་བ་ཞེས་པ་དབང་སྒྲུབ་ཀྱི་རྩ་བ་༼ཕ༽ཕྱི་ནང་གསང་བ་ཡང་གསང་བླ་མེད་དང་བཅས་པའི་གནད་ཡིག་ཤིན་ཏུ་ཟབ་པ་ཆོས་བདག་བུ་ལ་གཏད་པའི་མཐའ་ཅན། དབང་གསུམ་པ་ཉམས་ལེན་གསང་སྔགས་བླ་མེད་ཨ་ཏིའི་ཡང་ཞུན་བདེ་སྟོང་ཟུང་འཇུག་ཉི་ཟླ་ཁ་སྦྱོར་ཆགས་ཅན་ཆགས་པས་འགྲོལ་བ་ཡིད་བཞིན་ནོར་བུ་ལྟ་བུ་དྲི་མེད་བདུད་རྩིའི་ཐིགས་པ་རྫོགས་བྱང་ཕྲད་ཤོག་གི་མཐའ་ཅན། དེའི་ཡིག་ཆུང་འཁྲུལ་འཁོར་རྩ་༼ཕ༽ཚིག་གནད་ཀྱི་ཟིན་བྲིས་ཕྲད་ཤོག་གི་མཐའ་ཅན། རྡོ་རྗེ་ལུས་ཀྱི་ཀ་བ་རང་བྱུང་དབུ་མའི་སྦས་བཤད་ཀྱི་གསང་༼ཕ༽ཚིག་བསྟན་པ་སྙིང་གི་དུམ་བུ་ཡི་གེར་བཀོད་པ་ཕྲད་ཤོག་གི་མཐའ་ཅན། ཐེམས་མེད། མཚན་ལྡན་རིག་མ་བརྟག་ཐབས་མཚན་བྱང་བདེ་ལེགས་འདུས་པ་མཁོ་མཐིང་ལྷ་༼ཀ༽ཁང་གི་ཀ་བའི་བསམ་ལེ་ནས་སྤྱན་དྲངས་པ། འཚོ་རྒྱལ་གྱི་གནད་ཀྱི་ཞུས་ལན་མན་ངག་༼ཕ༽ཟབ་མོ་སངས་རྒྱས་ལ་ཉིན་ཁུགས་ཐུབ་པར་གདའ་བར་གསུངས་པ། ལམ་ཟབ་གློང་གསལ་འཁྲིད་ཀྱི་རྒྱབ་ཆོས་ལ༔ གནད་གྱི་མན་ངག་ཞུས་ལན་ཆེན་མོ་དང་༔ སྐུ་གསུམ་ངོ་སྤྲོད་གནད་ཀྱི་ཞལ་གདམས་ཡིན༔ ངེས་ཤེས་ཅན་ལ་བཏགས་གྲོལ་བཏགས་ཆོག་དང་༔ ལས་འཕྲོ་ཅན་ལ་འོད་གསལ་བར་དོའི་ཆོས༔ འཁྲིད་རྒྱབ་ཆེན་མོ་མུན་སེལ་སྒྲོན་མེ་དང་༔ འཆི་བ་བརྟག་བླུ་བརྩོན་


GLG003_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་བསྐུལ་བའི་ཆོས༔ དེ་ལྟར་མ་བུའི་རྐང་གྲངས་ཆེ་ལོང་ཙམ༔ གློང་གསལ་སྙིང་ཐིག་གསང་བའི་ཁ་བྱང་རྫོགས༔ ཞེས་པ་ལྟར། འཚོ་རྒྱལ་དང་ནམ་མཁའ་སྙིང་པོས་མཆིམས་ཕུ་དང་མཁར་ཆུར་ཞུས་པའི་༼ཕ༽འཁྲིད་ཀྱི་རྒྱབ་ཆོས་ཟབ་པའི་མཐར་ཐུག་ཐུགས་ཀྱི་ཞུས་ལན་སྙིང་གི་མེ་ལོང་འགྲོ་དོན་འཕེལ་བར་འགྱུར་རོའི་མཐའ་ཅན། ངོ་བོ་ཀ་དག་དང་ཀུན་གཞི་དྲི་བཅས་ཀྱི་ངོ་སྤྲོད་ཅེས་༼ཕ༽པ་མ་དག་པ་ཉོན་མོངས་པའི་གནས་ཚུལ། དག་པ་སྐུ་བཞི་ཡེ་ཤེས་འདུ་འབྲལ་མེད་པའི་གནས་ཚུལ་སྟོན་པ་ལེའུ་བཞི་ལྔ་དྲུག་གསུམ་ཡོད་པ་རིན་ཅེན་སའི་འོག་ཏུ་གཏེར་སྦས་པའི་མཐའ་ཅན། ངོ་སྤྲོད་མཛུབ་བཙུགས་སངས་རྒྱས་ལག་བཅང་མ་༼ཕ༽ཞེས་པ་འདུག་གསུམ་ལམ་ལོང་། སྐུ་གསུམ་ངོ་སྤྲོད། འདོད་ཡོན་རྒྱན་ཤར། འདའ་ཁ་འཆི་བྲོད། འབྲས་བུ་ཕྱོགས་ལྷུང་མེད་པ་སྟེ་ལྔས་སྟོན་པ་ཤྲཱི་སིངྷའི་ཐུགས་བཅུད་ཕྲད་ཤོག་གི་མཐའ་ཅན། ལེ་ལོ་ཅན་སྒོམ་མི་དགོས་པ་བཏགས་པས་གྲོལ་བའི་མན་ངག་ངོ་མཚར་ཅན་བསྟན་པ་༼ཕ༽ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་གཏེར་སྟོན་གྱིས་གུ་རུ་ཆོས་དབང་དང་རང་གི་ཤོག་སེར་ལས་འབྲུ་ལན་གྱིས་ཞུས་དག་པ་ཚེ་འདིར་གཡེང་བས་ཁྱེར་ནས་སྙིང་ཏིག་ཉམས་སུ་མ་ལོན་ན་བར་དོར་སྐད་༼ཕ༽ཅིག་མའི་ཤེས་པ་ངོས་བཟུང་སྟེ་འཚང་རྒྱ་བའི་གདམས་པ་བར་དོ་མུན་སེལ་སྒྲོན་མེ་གཏད་རྒྱའི་མཐའ་ཅན། དེའི་བུ་ཡིག་བར་དོ་གནད་ཀྱི་ཉམས་༼ཕ༽འཁྲིད་དབང་པོ་ཐ་མའི་འོའི་མཐའ་ཅན། ཐེམས་མེད། གློང་གསལ་སྤྱིའི་རྒྱབ་ཡིག་གེགས་སེལ་༼ཕ༽གྱི་མན་ངག་བདུད་རྩིའི་བུམ་པ་སྒྲོན་མེར་ཤོག་གི་མཐའ་ཅན། ཐོད་རྒལ་གྱི་འཁྲིད་རྒྱབ་མུན་སེལ་ལུང་གི་སྒྲོན་མེ་ཞེས་པ་༼ཕ༽གཞི་ལམ་འབྲས་གསུམ་ལ་ལྔ་ལྔར་ཕྱེ་སྟེ་གཞུང་དོན་བཅོ་ལྔར་བཤད་པ་བཀའ་འདི་སྲུངས་ཤིག་གི་


GLG003_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཅན། བརྩོན་འགྲུས་བསྐུལ་ཕྱིར་འཆི་བ་བརྟག་པ་དང་བླུ་༼ཀ༽བའི་གདམས་པ་འགྲོ་དོན་མཐར་ཕྱིན་ཤོག་གི་མཐའ་ཅན་རྣམས། བཞི་པ་སྙིང་ཁྲག་དང་འདྲ་བ་བརྗོད་པར་དཀའ་བ་ཡང་ཟབ་ཐེམས་མེད་ཀྱི་སྐོར་ལ། ས་བཅད་གསུམ་པ་ཡན་ཐེམས་ཡིག་ཉི་མའི་སྙིང་པོ་གཙོ་ཆེ་བར་བྱས། འདིར་སྤྱི་ཐེམས་གསང་བ་དཀའ་རྒྱ་ཅན་ལས། མ་འོངས་དུས་ན་གདམས་པ་འཐོར་དོགས་ནས༔ ཐེམས་ཡིག་མེད་ཀྱང་འདི་རུ་གུད་དུ་བཀོལ༔ ཐོག་མར་ཆོས་སྡེ་སྐྱེད་པར་བྱེད་པའི་མ༔ གློང་གསལ་འབར་མ་ཉི་མའི་གསང་རྒྱུད་འདི༔ ཤིན་ཏུ་གཉན་པས་བཀའ་རྒྱ་དམ་དུ་བྱ༔ ཞེས་པ་ལྟར། དོན་རྒྱུད་ཀུན་གྱི་སྙིང་པོ་ཆོས་འདི་སྐྱེད་པར་བྱེད་པའི་མ་ལྟ་བུ་ཀུན་ཏུ་བཟང་༼ཕ༽མོ་གློང་གསལ་ཐིག་ལེ་སྙིང་པོ་གསང་བའི་རྒྱུད་ལེའུ་བཅོ་བརྒྱད་པ་རྫོགས་བྱང་ཕྲད་ཤོག་གི་མཐའ་ཅན། དེའི་གསང་རྒྱུད་ཀྱི་འགྲེལ་པ་ཆེན་པོ་གློང་གསལ་༼ཀ༽སྒྲོན་མའམ་ལམ་འབྲས་གསེར་གྱི་མེ་ལོང་པདྨ་འབྱུང་གནས་ཀྱིས་མཛད་དར་རྒྱས་ཆོས་སྡིངས་པའི་གསན་ཡིག་ན་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཟེར་བ་འདུག་པ་དཔྱད། པ་རྫོགས་སོའི་མཐའ་ཅན། ཐེམས་མེད། འོད་གསལ་གསང་ལམ་འཕོ་བའི་གདམས་པ་གཉིས༔ དད་ལྡན་གཏོང་ཕོད་ངེས་ཤེས་ཅན་ལ་བྱིན༔ ཟབ་པའི་མཐར་ཐུག་ཚེ་སྒྲུབ་བཀའ་རྒྱ་འདི༔ བུ་ལ་སྟེར་ཡང་བཀའ་རྒྱ་ལན་གསུམ་ཐོབ༔ ཅེས་པ་ལྟར། མངོན་སུམ་གྱི་གནད་ལ་བརྟེན་ནས་རྡོ་རྗེ་སེམས་དཔའི་འོད་གསལ་གསང་༼ཕ༽ལམ་འོད་ཀྱི་སྣ་ཐག་སྐད་ཅིག་མའི་མཐུས་འཚང་རྒྱ་བར་བྱེད་པའི་ངོ་སྤྲོད་བར་དོའི་སྒོས་དབང་ཕྲད་ཤོག་གི་མཐའ་ཅན། གཡེང་བས་ཁྱེར་བའི་རྣལ་འབྱོར་བ་སྙིང་ཏིག་འདི་ཉམས་སུ་ལེན་ལོང་མ་བྱུང་ན་སྐད་ཅིག་གིས་འཚང་རྒྱ་༼ཕ༽བ་རྡོ་རྗེ་སེམས་དཔའི་གསང་ལམ་འཕོ་བའི་མན་


GLG003_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ངག་འདི་ཁོ་ནའོའི་མཐའ་ཅན། ཟབ་པའི་མཐར་ཐུག་ཚེ་སྒྲུབ་བཀའ་རྒྱ་༼ཕ༽མ་གསང་བའི་སྙིང་པོ་ཙིཏྟའི་གའུར་སྤོས་ཤིག་པའི་མཐའ་ཅན། ཞར་བྱུང་ཚེ་སྒྲུབ་ཤིན་ཏུ་༼ཕ༽ཟབ་པའི་ཡང་ཟབ་དང་བཅས་པ། ཡེ་ཤེས་དབབ་རྫས་རྩ་ཡི་སྦས་བཤད་དང་༔ ཟབ་ལམ་རྒྱབ་ཡིག་བཅུད་སྐྱེད་ཤ་སྦྱོར་དང་༔ རྡོ་རྗེ་ཐེམ་སྐས་རིགས་བརྒྱུད་བརྟགས་ཐབས་དང་༔ དབང་བསྐུར་སྙིང་བསྒུལ་གསང་བ་ཡང་གཅེས་དང་༔ བདེ་སྐྱིད་རྫས་སྦྱོར་སྲིད་གཅོད་བཀའ་རྒྱ་རྣམས༔ ལོ་བདུན་འགྲོགས་པའི་བརྟག་ཐུབ་སྙིང་གི་བུ༔ ཚེ་འདི་བློས་བཏང་སྙིང་ནས་ཆོས་བྱེད་པའི༔ སྙིང་གི་བུ་ཆེན་ལྔ་ལས་སྤེལ་མི་རུང་༔ ཞེས་པ་ལྟར། ཡེ་ཤེས་དངོས་སུ་དབབ་པའི་མན་ངག་མཁའ་འགྲོ་གསང་བའི་རྫས་༼ཕ༽སྦྱོར་བརྒྱུད་འཛིན་གཅིག་ལས་མི་སྤེལ་བའི་མཐའ་ཅན། ཟབ་ལམ་ཉི་ཟླ་ཁ་སྦྱོར་གྱི་རྒྱབ་ཡིག་སྦས་ཆོག་གསང་བའི་མན་ངག་༼ཕ༽རྩ་རིགས་ལྔའི་སྒོ་ནས་མཚན་ལྡན་ཕྱག་རྒྱ་བརྟག་པ་ཕྲད་ཤོག་གི་མཐའ་ཅན། བདེ་བ་ལམ་དུ་བྱེད་པ་ཤ་སྦྱོར་རྡོ་རྗེ་གསོ་ཐབས་གཅིག་ལས་མང་དུ་མ་སྤེལ་ཞིག་གི་མཐའ་ཅན། རང་ལུས་ཐབས་ལྡན་གྱི་བདེ་སྟོང་ཉམས་སུ་བླང་བ་༼ཕ༽ཚེ་གཅིག་རྡོ་རྗེའི་སྐུ་འགྲུབ་ཟབ་ལམ་རྡོ་རྗེའི་ཐེམ་སྐས་སྙིང་གི་ཡང་ཞུན་རྒྱ་ལྔའི་མཐའ་ཅན། དབང་སྡུས་སྙིང་བསྒུལ་གྱི་གདམས་པ་སྙིང་ལ་བཅང་བའི་༼ཀ༽མཐའ་ཅན། ཞར་བྱུང་མོ་གདོན་བསྲུང་བ་དང་བུད་མེད་ཀྱིས་སྐྱེས་པ་དབང་དུ་བསྡུ་ཐབས། གསང་བའི་ཡང་འཁོལ་༼ཀ༽འཁོར་ལོ་གསུམ་གྱི་དྲི་ཐབས། ཟབ་ལམ་ཡིད་བཞིན་ནོར་བུ་མཁས་པ་རྣམ་ལྔས་༼ཀ༽ཉམས་སུ་བླངས་ཚུལ་དྲ་མིག་འཁོར་ལོ། འཁོར་བ་རྩད་གཅོད་རྫས་སྦྱོར་ཟབ་༼ཀ༽མོ་སྲི་གཅོད་ཡིད་བཞིན་ནོར་བུ་ཕྲད་ཤོག་གི་མཐའ་ཅན། སྦྲུལ་ཤ་སོགས་རྫས་ལ་བརྟེན་པའི་སྲིད་གཅོད་


GLG003_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྒྱ་མ། ལུས་གྱི་དྲོད་སྐྱེད་རྫས་ཀྱི་སྦྱོར་བ་དང་༔ སྟོབས་སྐྱེད་པ་དང་ས་རྡོའི་བཅུད་ལེན་དང་༔ ཚེ་འདིར་ལྟོ་གོས་གཡེང་བ་སེལ་བའི་ཕྱིར༔ སྙིང་ནས་ཆོས་བྱེད་དད་ལྡན་དགའ་ལ་སྦྱིན༔ ཚེ་ཡི་བཅུད་དུ་རླུང་གི་སྦྱོར་བ་དང་༔ མཆོག་ཏུ་ཟབ་པ་འབྱུང་བའི་འཆི་བླུ་གཉིས༔ དམ་ཆོས་ཚུལ་བཞིན་སྤྱོད་པ་འགའ་རེ་ལས༔ མང་དུ་མ་སྤེལ་རང་གི་སྙིང་ལ་ཆོངས༔ ཞེས་པ་ལྟར། གཏུམ་མོའི་རྒྱབ་ཡིག་ལུས་ཀྱི་དྲོད་སྐྱེད་རྫས་༼ཀ༽སྦྱོར་རིགས་མི་གཅིག་པ་ལྔས་གོས་ཀྱི་གཡེང་བ་སེལ་བ་ཞར་བྱུང་ཞབས་རྗེན་བྱ་ཐབས། ལུས་སྟོབས་བསྐྱེད་ཅིང་ཟས་ཀྱི་སྲེད་པ་སྤོང་བ་རིན་ཅེན་སའི་བཅུད་ལེན་༼ཀ༽གཏེར་ཁ་གསུམ་ལས་རི་མོ་ཅན་དུ་སྦས་པ། ཅུང་ཞི་སོགས་རྡོའི་བཅུད་ལེན་ལ་༼ཀ༽བརྟེན་ནས་ཚེ་འདིར་རྡོ་རྗེ་འཛིན་པར་འགྱུར་པ། ཚེ་བཅུད་བསྡུ་བའི་ཚེ་སྒྲུབ་བཀའ་འདི་གོང་མ་དང་ཕལ་ཆེར་འདྲ་འདུག་པས་གཞན་ཡོད་མེད་བརྟག །རྒྱ་ཤིན་ཏུ་ཟབ་པའི་མཐར་ཐུག་པ། ཤིན་ཏུ་ཟབ་༼ཀ༽པ་འབྱུང་པའི་འཆི་བླུ་བསེ་སྒམ་ནག་པོར་གཏམས་པ། ལུང་བསྟན་བཀའ་རྒྱ་གཏེར་བདག་སྤྲུལ་སྐུའི་ལུང་༔ ལུང་བྱང་སྐོར་གསུམ་ཆོས་བདག་སློབ་མའི་ལུང་༔ བསྟན་པ་སྤྱི་ལུང་གང་ཟག་སྒོས་ལུང་དང་༔ མཐའ་དབུས་འཁྲུགས་ཚུལ་གཏེར་སྟོན་སློབ་མའི་ལུང་༔ ལུང་སྐོར་དེ་རྣམས་རབ་ཏུ་གཅེས་ན་ཡང་༔ བརྟག་ཐུབ་སྙིང་གི་བུ་རྣམས་མ་གཏོགས་པ༔ མང་དུ་སྤེལ་ན་གཤེ་སྐུར་སྒྲོག་གཞི་དང་༔ ལོག་ལྟ་ཅན་རྣམས་སྡིག་གསོད་རྐྱེན་དུ་འགྱུར༔ ཞེས་པ་ལྟར། གཏེར་བདག་སྤྲུལ་སྐུའི་སྐྱེས་རབས་ལུང་བསྟན་༼ཕ༽གསལ་བའི་སྒྲོན་མའམ་ལུང་བསྟན་བཀའ་རྒྱ་མ་ཕྲད་ཤོག་གི་མཐའ་ཅན། ལུང་བསྟན་བཀའ་རྒྱ་ཆུང་བ་༼ཕ༽སྙིགས་དུས་འགྲོ་བའི་དཔལ་དུ་ཤར་བའི་མཐའ་ཅན། བསྟན་པ་སྤྱི་དང་གང་ཟག་སྒོས་


GLG003_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མཐའ་དབུས་འཁྲུག་པ་གཏེར་བརྫུས་ཟོག་པོ་བརྟག་ཚུལ་སོགས་རྒྱས་པར་གསལ་བར་༼ཟུར༽སྟོན་པའི་ལུང་བསྟན་ཆེན་མོ་ཕྲད་ཤོག་གི་མཐའ་ཅན་རྣམས། ལྔ་པ་སྲོག་གི་དངས་མ་ལྟ་བུ་སྦས་ཆོས་གསང་བ་ཡང་ཏིག་སྐོར་ལ། རྒྱུད་བཅུ་བདུན། གློང་གསལ་ཉི་མའི་རྒྱུད་མཉམ་སྦྱོར་རྒྱུད་རྣམས་ཀྱི་བཅུད་དྲིལ་༼ཕ༽བ་ཟབ་ཆོས་གསང་བ་ཡང་ཏིག་ཐེམས་ཡིག་བཀའ་རྒྱ་མ་ཕྲད་ཤོག་གི་མཐའ་ཅན། ཐབས་ཕ་དང་འདྲ་བ་ཁྲེགས་ཆོད་ཀ་དག་གི་ངོ་སྤྲོད་དོན་གསལ་སྙིང་པོའི་གསང་འཁྲིད་༼ཕ༽ལོ་གསུམ་གྱི་གོང་ནས་ཞུ་བ་ཕུལ་ཏེ་གསེར་དང་སྨན་གྱི་མཎྜལ་ཚོགས་འཁོར་དང་བཅས་དགོས་པ་བཀའ་འདི་ཐུབ་པར་སྲུངས་ཤིག་གི་མཐའ་ཅན། ཤེས་རབ་མ་དང་འདྲ་བ་རྒྱ་མཚོ་འོད་གསལ་མུན་འཁྲིད་༼ཕ༽གསེར་གྱི་མཎྜལ་ཚོགས་འཁོར་ཞུ་བ་ལན་གསུམ་རེ་ཕུལ་རྗེས་སྟོན་པ་ཕྲད་ཤོག་གི་མཐའ་ཅན། གཅེས་པ་བུ་དང་མཚུངས་པ་དུས་བཞི་མཉམ་སྦྱོར་༼ཕ༽དང་འབྲེལ་བར་ཁོར་ཡུག་ཏུ་ཉམས་སུ་ལེན་པ་ཕྱི་ནང་གསང་གསུམ་གྱི་གདམས་པ་འགྲོ་བ་དཔག་མེད་གྲོལ་བར་ཤོག་གི་མཐའ་ཅན། མཐོང་བས་གྲོལ་བའི་གདམས་པ་བར་དོའི་ངོ་སྤྲོད་སངས་རྒྱས་ལག་བཅངས་སྤྲ་འཁྲིད་སྲོག་གཟེར་དུ་བསྟན་པའི་སྦས་༼ཕ༽ཆོས་དོན་བཞི་པ་ཡང་གཅེས་སྲོག་གི་དངས་མ་ཇོ་མོ་འཚོ་རྒྱལ་དང་གནུབས་ནམ་སྙིང་ལ་གནང་བ་ཚོགས་འཁོར་དང་གསེར་དང་འབྲུའི་མཎྜལ་ལན་གསུམ་རེ་དབུལ་དགོས་པ། དཔྲལ་བའི་མིག་ལས་གཅེས་པ་སྤྲ་འཁྲིད་བར་དོའི་ཞལ་༼ཕ༽གདམས་ཉམས་སུ་བླང་ཐབས་གསུམ་གྱི་སྒོ་ནས་བར་དོ་བཞིའི་ལམ་འཁྱེར་བསྟན་པ་ཕྲད་ཤོག་གི་མཐའ་ཅན། མཐོང་བས་གྲོལ་བའི་གདམས་པ་གསང་བ་ཐིག་ལེའི་ཡང་ཞུན་༼ཕ༽མངོན་སུམ་སྙིང་ཏིག་


GLG003_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གི་མན་ངག་བར་དོ་གནད་ཀྱི་མེ་ལོང་དམ་མེད་ལ་ཤོར་ར་རེའི་མཐའ་ཅན། དེའི་བུ་ཡིག་ཡང་གཅེས་སྦས་པ་ཞི་ཁྲོའི་ངོ་སྤྲོད་༼ཕ༽ཐུག་ཕྲད་སངས་རྒྱས་ལག་འཁྲིད་སྙིང་གི་དུམ་བུ་བསྟན་པ་མཐའ་རྒྱས་ཤོག་གི་མཐའ་ཅན། རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི་༼ཕ༽རྒྱུད་རྫོགས་བྱང་ཕྲད་ཤོག་གི་མཐའ་ཅན། རྒྱུད་ཀྱི་རྒྱལ་པོ་གཏེར་གྱི་ཡང་སྙིང་༼ཕ༽མངོན་ཤེས་རང་བྱུང་རིག་པ་རྒྱལ་པོའི་རྒྱུད་རྫོགས་སོའི་མཐའ་ཅན། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པ་གསང་བ་སྤྱོད་པ་ས་བོན་གཅིག་ཤེས་༼ཕ༽ཀུན་གྲོལ་གྱི་རྒྱུད་རྫོགས་སོའི་མཐའ་ཅན་ཞར་བྱུང་དུ་གླེགས་བམ་བྲི་བ། བཅང་པ། བཀླག་པ། ཕན་ཡོན་བཅས་བསྟན་པ། མངོན་ཤེས་རིག་པ་རྒྱལ་པོའི་རྒྱུད་ཀྱི་དོན་འགྲེལ་ཆེན་༼ཕ༽མོ་གཏེར་གྱི་ཡང་སྙིང་སྲོག་གི་དང་མ་ཐུགས་ཀྱི་སྒྲོན་མེ་གནུབས་ནམ་མཁའི་སྙིང་པོས་མཁར་ཆུ་གསང་ཕུག་ཏུ་བྲིས་པ། རིག་པ་གནད་དགུའི་བཏགས་གྲོལ་ཤིན་ཏུ་ཟབ་༼ཕ༽པ་ཞལ་གདམས་དང་བཅས་པ་བསྟན་པ་དར་བ་དང་ཕྲད་ཤོག་གི་མཐའ་ཅན། བཏགས་གྲོལ་རབ་ཏུ་གནས་ཤིང་རྒྱུད་བཅང་༼ཕ༽བ་དབང་བསྐུར་དང་བཅས་པ་ལས་ཅན་མང་པོ་གྲོལ་བར་ཤོག་གི་མཐའ་ཅན། རྒྱུད་བཅངས་པ་ཙམ་གྱིས་གང་ཟག་རབ་འབྲིང་མཐའ་དག་༼ཕ༽གྲོལ་བྱེད་རང་བྱུང་གི་རྒྱུད་བཅང་ཐབས་པདྨའི་བཀའ་རྟགས་མེ་ཡིག་མ། རྒྱུད་བཅངས་པའི་སྐྱེས་བུ་དེ་འདས་ཚེ་གདུང་འབྱུང་བ་༼ཕ༽དང་འབྲས་བུ་ཐོབ་ཚུལ་ཕྲད་ཤོག་གི་མཐའ་ཅན། འགྲོ་དོན་རྒྱ་ཆེན་བྱ་བའི་ཕྱིར་ཇི་ལྟར་བཀླག་པའི་ཐབས་༼ཕ༽བསྟན་པ་གསང་བར་གྱིས་ཀྱི་མཐའ་ཅན་ཞར་ལ་དགའ་རབ་རྡོ་རྗེས་ཤྲཱི་སིངྷ་ལ་རྒྱུད་ཆེ་བ་བདུན་དང་བཅས་གཏད་ཚུལ། མུན་འཁྲིད་གསང་བ་མངོན་སུམ་འོད་


GLG003_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་མཆོག་སྒོམ་པའི་གནད་ལ་༼ཕ༽ཟབ་པ་བཙན་ཐབས་སུ་རྩ་བཅིང་བ་དང་རླུང་། བཅིང་བ་གུད་དུ་ཕྱུང་སྟེ་སྦེད་པར་བྱའོའི་མཐའ་ཅན། སུ་ཡིས་མཐོང་ཡང་གདོད་མའི་རང་བཞིན་མངོན་དུ་རྟོགས་པ་སྣོད་བཅུད་༼ཕ༽གསལ་བ་མུན་པར་སྒྲོན་མེ་འདེགས་པ་དང་འདྲ་བ་ཕྲད་ཤོག་གི་མཐའ་ཅན། ངེས་ཤེས་འཕྲལ་དུ་སྐྱེ་བ་རྟགས་༼ཕ༽ཡིག་གསལ་བའི་སྒྲོན་མེ་སྲིད་མཚོ་སྒྲོལ་བའི་གྲུར་ཤོག་གི་མཐའ་ཅན། ལམ་དང་འབྲས་བུའི་གསད་གཟེར་དུས་ཚོད་མི་འགྱུར་བ་༼ཕ༽ཚད་ཀྱི་ཡི་གེ་མ་ནོར་གསལ་བའི་སྒྲོན་མེ་ལེགས་པར་དཔྱད་དགོས་ཡོད་དོའི་མཐའ་ཅན། ཡང་གཅེས་སྦས་པའི་ཡང་སྙིང་ཚ་བ་དམར་ཐག་གི་གདམས་པ་ཀ་དག་ལྷུན་གྲུབ་ཟུང་༼ཕ༽འཇུག་གི་ངོ་སྤྲད་སངས་རྒྱས་ལག་བཅངས་སུ་སྟོན་པའམ་སྐུ་གསུམ་གཞི་ལམ་འབྲས་གསུམ་དུ་ངོ་སྤྲོད་པ་ཐུགས་ཀྱི་ཡང་ཞུན་མཁར་ཆེན་ཐེམས་མེད། བཟས་བྲིས་པའི་མཐའ་ཅན། ཆོས་སྐུ་འོད་མི་འགྱུར་གཏན་ལ་དབབ་པ་༼ཕ༽གསལ་བྱེད་མིག་གི་ལག་ལེན་ཕྲད་ཤོག་གི་མཐའ་ཅན། ཞར་བྱུང་མ་འོངས་ཆོས་འདི་བཀའ་བབས་ཀྱི་ལས་ཅན་རྗེས་འཇུག་སློབ་མའི་ཞལ་གདམས་ཕྱོགས་དང་ལོ་རྟེན་འབྲེལ་དུས་ཚོད་བརྟག་པ། ཉིན་མཚན་ཁ་སྦྱོར་འོད་དཀར་ཨར་གཏད་དང་། གནད་འབེབས་དང་འཇུག་སྒྲ་ཡི་ཆོས་དང་ལྔ༔ དམ་གཙང་བཀའ་ཉན་ལུས་དང་ལོངས་སྤྱོད་དབུལ༔ ཉམས་ལེན་སྒྲུབ་ལ་མནའ་རྒྱ་ནུས་པ་ཡི༔ བུ་མིན་གཞན་ལ་བསྟན་ན་དམ་ཚིག་ཉམས༔ གསང་བའི་གནད་ཡིག་འོད་གསལ་འཁོར་ལོ་འདི༔ དམ་མེད་ལུས་ཀྱི་བུ་ལ་སྦྱིན་མི་རུང་༔ ཞེས་པ་ལྟར། ཟབ་པའི་ནང་ནས་ཡང་ཟབ་ཐུགས་ཀྱི་བཅུད་སྦས་པའི་ནང་ནས་སྦས་པ་སྙིང་གི་ནང་ནས་ཀྱང་སྙིང་སྲོག་ཐིགས་པ་གསང་བའི་གཟེར་ཐིག་ཡང་༼ཕ༽གཅེས་བདུན་པ་ཕྲད་


GLG003_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་གི་མཐའ་ཅན་ཆིག་བརྒྱུད་ལས་མི་སྤེལ་ཞིང་སྒྲུབ་པའི་དམ་བཅའ་ལོ་གསུམ་གསེར་གཡུའི་མནྜལ་ལན་གསུམ་ཕུལ་ནས་རྟེན་འབྲེལ་བརྟག་དགོས་པ། མཚན་མ་རྨི་ལམ་སྦུབས་སུ་འཇུག་པའི་གསང་བའི་གནད་༼ཕ༽ཡིག་འོད་གསལ་འཁོར་ལོ་གབ་པ་གསལ་བྱེད་བདེ་ཆེན་སར་བགྲོད་པར་ཤོག་གི་མཐའ་ཅན། གསང་བའི་གེགས་སེལ་བདུད་རྩིའི་རྒྱ་མཚོ་དང་༔ བོགས་འདོན་ཟབ་མོ་གནད་ཀྱི་ཡིག་ཆུང་རྣམས༔ བུ་ལ་སྟེར་བར་མནའ་རྒྱ་ལན་གསུམ་ཐོབ༔ ཅེས་པ་ལྟར། རྒྱ་མཚོ་མུན་འཁྲིད་གསང་བའི་གཅེས་གནད་༼ཕ༽གེགས་སེལ་བདུད་རྩིའི་རྒྱ་མཚོ་རྒྱ་ལྔའི་མཐའ་ཅན། མུན་འཁྲིད་ཀྱི་ཡང་གཅེས་བོགས་འདོན་གནད་༼ཕ༽ཀྱི་ཡིག་ཆུང་ཕྲད་ཤོག་གི་མཐའ་ཅན་རྣམས། དྲུག་པ་གདམས་སྐོར་ཡོངས་རྫོགས་སྤྱིའི་ཁ་སྐོང་ཡིག་ཕྲན་གྱི་སྐོར་ལ། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་གྱི་ལོ་རྒྱུས་མདོར་བསྡུས་དང་བྲག་དམར་རི་མོ་ཅན་དུ་༼ཀ༽སྦས་ཚུལ་གྱི་ལོ་རྒྱུས་གསལ་སྒྲོན་ཆུ་ཡིག་ཅན། ཞལ་གདམས་སྙིང་གི་དུམ་༼ཀ༽བུ་ཞེས་པ་ཆོས་རྒྱལ། འཚོ་རྒྱལ། བཻ་རོ་ཙ་ན། གནུབས་ནམ་སྙིང་། གནུབས་སངས་རྒྱས་ཡེ་ཤེས། ངན་ལམ་རྒྱལ་བ་མཆོག་དབྱངས། རླངས་དཔལ་གྱི་སེང་གེ །དཔལ་གྱི་ཡེ་ཤེས། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ལང་འགྲོ་དཀོན་ཅོག་འབྱུང་གནས་རྣམས་ལ་གདམས་པ། སྐུ་རྟེན་པདྨ་ཐོད་གྲོལ། གསུང་རྟེན་རྟ་ཕག །ཐུགས་རྟེན་ཚེ་དཔག་མེད་གསུམ་གྱི་ལོ་རྒྱུས་༼ཀ༽རྒྱས་པ་གསལ་བའི་སྒྲོན་མེ་ཁྱད་པར་ཅན། ཚེའི་བར་གཅོད་པ་བཟློག་ཕྱིར་གསང་བ་སྲོག་༼ཕ༽གི་ཙཀྲའི་བྲི་ཡིག་ཕྲད་ཤོག་གི་མཐའ་ཅན། ལྟ་སྒོམ་སྤྱོད་འབྲས་དབང་དམ་ཚིག་གི་ངོ་སྤྲོད་ཉི་མའི་སྙིང་པོ་ཞེས་པ་སྤྲོས་གཅོད་ཞུས་ལན་གྱི་གདམས་པ། ཛམྦྷ་


GLG003_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱི་ནང་གསང་གསུམ་དུ་སྒྲུབ་པ་ཙིཏྟ་རིན་པོ་ཆེ་སྲོག་གི་སྒྲུབ་ཐབས་ཞེས་པར་ནང་གསེས་ཀྱི་ཕྱི་ཆུ་སྦྱིན་ལ་བརྟེན་ནས་ཛཾ་སེར་དུ་བསྒྲུབ་པ། ནང་རྫས་ལ་འཁོར་ལོ་བསྙེན་སྒྲུབ་ལ་བརྟེན་ནས་ཛཾ་དམར་དུ་སྒྲུབ་པ། གསང་བ་བཅས་གོང་ལྟར་གྱིས་ལས་ལ་བཀོལ་བ་ཛཾ་ནག་དུ་བསྒྲུབ་པ། དབང་སྡུད་ལས་ཀྱི་ཡང་ཁོལ་ཞར་བྱུང་ཐབས་ལམ་པདྨ་བཅུད་བསྡུས་ཀྱི་དབང་སྡུད་དང་བཅས་པ་རྣམས། བདུན་པ་བཀའ་དང་བསྟན་པ་བསྲུང་བ་ཆོས་སྐྱོང་གི་སྐོར་ལ། ཐེམས་བྱང་དུ་གསལ་བ་དཔལ་མགོན་མ་ནིང་ནག་པོ། གཟའ་རྒོད་དུག་གི་སྤུ་གྲི །དམ་ཅན་སྐྱེས་བུ་ཆེན་པོ་བཛྲ་ཐིག་ལེ་རྩལ། ཕུང་བྱེད་ལས་ཀྱི་རླུང་དམར། སྲིད་གསུམ་དབང་སྡུད་ལྷ་ཆེན་གུ་ལང་རླུང་གི་ཞགས་པ། ཕན་གནོན་གདམས་པ་ཁ་འཐོར་སྐོར་དང་དྲུག །དང་པོ་ནི། སངས་རྒྱས་བསྟན་པ་འཛིན་སྐྱོང་བསྲུང་བའི་ཕྱིར༔ བཀའ་བསྲུང་དམ་ཅན་ཕན་གནོད་ལས་ཚོགས་སྐོར༔ མ་འོངས་དོན་དུ་ཨྱོན་བདག་གི་སྦས༔ མ་ནིང་ནག་པོ་དྲིལ་སྒྲུབ་སྤུ་གྲི་འདི༔ གཏེར་ཁ་འདི་ཡི་སྤྱི་སྲུང་ཆེན་པོ་སྟེ༔ བཀའ་རྫོགས་ལུང་ཟིན་བུ་མཆོག་མ་གཏོགས་པ༔ སྤེལ་དུ་མི་རུང་གཅེས་པའི་སྲོག་བཞིན་བཅང་༔ ཞེས་པ་ལྟར་གཏེར་ཁ་འདིའི་ཆོས་བཀའ་སྤྱིའི་སྲུང་མ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་དྲིལ་སྒྲུབ་སྤུ་གྲིའི་སྐོར་གཏེར་གནས་ཀྱི་དབང་དུ་བྱས་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཆོས་སྡེར་འོས་ནའང་། ཐེམས་ཀྱི་ཟིན་སོས་སྐབས་འདིར་གཙོ་ཆེ་བར་སྣང་བས་འདམ་ཁར་འདུག་པ་ནས་རྫོགས་ཆེན་འདི་རཏྣའི་གཏེར་ཆོས་ཀྱི་ཡང་རྩེའི་དབང་དུ་བྱས་ཏེ་བཀོད་པ་ནི། སྤྲུལ་སྐུ་རཏྣ་གླིང་པས་གཉལ་སྨད་དག་རི་སྤྱང་དམར་ཆོས་རྫོང་ནས་སྤྱན་དྲངས་པའི་མཐུ་སྟོབས་ནུས་པ་འགྲན་ཟླ་བྲལ་བའི་བསྟན་བསྲུང་


GLG003_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་དྲིལ་སྒྲུབ་སྤུ་གྲིའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ། ཞུ་འབུལ། གནང་བ་བྱིན་ནས། གོང་གནོན་ཕྱག་རྡོར་གྱི་དབང་། བུམ་པར་བརྟེན་པའི་དབང་བཞི། སྐུ་བདུད་རྩི། རྡོ་རྗེ་གྲི་གུག །དར་སྐུ་བླ་རྡོ། ཕྱག་མཚན་དང་བཅས་པས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་། བསྒྲལ་དབང་། གཏོར་དབང་། བྱིན་འབེབས། རྩལ་དབང་། སྔགས་དབང་། ཞལ་གདམས་ལུང་དབང་རྣམས་དང་བཅས་པ། གཏོར་མ་ལ་བརྟེན་པའི་སྲོག་དབང་བསྡུས་པ་དབང་བཞིའི་ཚུལ་དུ་མནོས་ནས། ལུང་ལ། དབང་སྒྲུབ། མཆོད་འཕྲིན། ཡང་གཅེས་སྐོར་དང་གསུམ། དང་པོ་ལ། མ་ནིང་དྲེགས་པའི་སྲོག་དབང་དཀྱིལ་འཁོར་བུམ་པ་སོགས་ལ་བརྟེན་ནས་རྒྱས་པར་བསྐུར་བ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པའི་ཡི་གེ །དེའི་དཀྱིལ་འཁོར། བུམ་པ། དབང་གཏོར། བདུད་རྩི། ཐུགས་ཡིག །དར་ནག །བླ་རྡོ། ཕྱག་མཚན། ལིངྒ། གཏའ་གཏོར། རྒྱུན་གཏོར་རྣམས་ཀྱི་དཔེ་རིས། སྲོག་དབང་གཏོར་མར་བརྟེན་ནས་བསྡུས་པར་བསྐུར་བའི་ཡི་གེ །དཔལ་མགོན་མ་ནིང་ནག་པོའི་ཕྱི་སྒྲུབ་དར་ནག་ལ་བརྟེན་ནས་སྣང་སྲིད་ཟིལ་གནོན་ལྷ་འདྲེ་མི་གསུམ་དབང་སྡུད་དགྲ་བགེགས་ཚར་གཅོད་པའི་གདམས་པ་དར་ནག་རྟེན་སྐུའི་དཔེ་རིས་དང་བཅས་དཔལ་མགོན་སྲོག་བདུད་ནག་པོའི་གསང་བ་རྩ་བའི་སྒྲུབ་ཐབས་སྲོག་གི་སྤུ་གྲི་ཡང་གཅེས་གནད་ཡིག་དང་བཅས་པ། འཇིགས་བརྒྱད་ཞི་ཞིང་དགོས་འདོད་ཆར་ལྟར་དབབ་པ་སྐུའི་མགོན་པོ་དཀར་པོ་ཞི་བར་སྒྲུབ་པ་བར་གཅོད་ཀུན་སེལ། སྣང་སྲིད་དབང་སྡུད་གསུང་གི་མགོན་པོ་དམར་པོ། དབང་དུ་སྒྲུབ་པའི་གསང་བའི་ཡང་བཅུད། ཚེ་བསོད་ནམས་དཔལ་འབྱོར་སྤེལ་བ་ཡོན་ཏན་གྱི་


GLG003_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་སེར་པོ་རྒྱས་པར་སྒྲུབ་པ་ཡིད་བཞིན་ནོར་བུ། བསྟན་པའི་རུ་ཏྲ་སྒྲོལ་བ་འཕྲིན་ལས་ཀྱི་མགོན་པོ་ལྗང་གུ་དྲག་པོར་སྒྲུབ་པ་སྲོག་རྩ་དམར་འབྱིན། གཅེས་པའི་ནང་ནས་ཡང་གཅེས་མ་ནིང་གསང་བའི་དྲིལ་སྒྲུབ་སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ། རྣལ་འབྱོར་པའི་དབུལ་བ་སེལ་ཞིང་དགོས་འདོད་ཆར་ལྟར་དབབ་པ་མ་ནིང་ཛཾ་ནག་ནོར་སྒྲུབ་ཤིན་ཏུ་ཟབ་ཅིང་གནད་ཆེ་བ། དེའི་དཀྱིལ་འཁོར། གཏོར་མ་རིན་ཅེན་འབར་བའི་དཔེ་རིས་བཅས་པ་རྣམས། གཉིས་པ་མཆོད་འཕྲིན་ལ། དཔལ་མགོན་མ་ནིང་གཙོ་འཁོར་གསུམ་པ་ཕྱིའི་ཡང་ཁོལ་བརྒྱད་དང་བཅས་པའི་ལས་བྱང་དད་པ་དམ་ཚིག་མ་འགྲུབ་པའི་མཐའ་ཅན། དཔལ་ལྡན་མགོན་པོའི་ཐུགས་དམ་བཀང་བའི་རིམ་པ་བདག་ནི་རྣལ་འབྱོར་དམ་ཚིག་མ། སྲོག་བདུད་མ་ནིང་ནག་པོའི་དམ་བདར་བཅོལ་དམ་དགོངས་གསོལ་མ་ཚིག་ལྷུག་ཕུན་ཚོགས་མཛོད་ཀྱི་མཐའ་ཅན། བསྐུལ་བྱང་ལོགས་སུ་བཀོལ་བ་ལྷ་ཆེན་དཔལ་འབར་མ་བདེན་པ་བདར་དང་བཅས་པ་རྣམས། གསུམ་པ་ཡང་གཅེས་སྐོར་ལ། གསང་ཏིག་བླ་རྡོའི་མན་ངག་ཁོང་ནང་གི་སྙིང་དང་འདྲ་བ། ནང་འགྲས་རྦོད་གཏོང་ལྷ་སྲིན་གནད་ལ་འབེབས་པ་སྟོབས་ལྡན་ཟབ་མོའི་འཁོར་ལོ། དམ་ཉམས་ཀྱི་ཚེ་བསོད་ནམས་ནུས་པ་རྫུ་འཕྲུལ་འཕྲོག་པ་སྟག་པའི་སྒམ་བུ་སོར་བཞི་པར་བརྟེན་པ་གསང་བ་གནད་ཀྱི་ཡང་གཅེས། རྒྱ་ཡིག་འབྲུ་བདུན་ཅུ་དོན་གསུམ་མར་བརྟེན་པའི་འཁུ་ལྡོག་བསྲུང་བ་གསང་བའི་ཡང་གཅེས། ཡང་གཅེས་གནད་ཀྱི་ལྡེ་མིག་དྲག་པོ་རང་གཤེད་གནད་ལ་དབབ་པའི་མན་ངག །སྔགས་ཀྱི་འབྲུ་ཐེམས་ཞར་བྱུང་སྔགས་ཀྱི་འབྱིན་འཇུག་དང་བཅས་པ་འཆི་ཐེབས་གཅིག་ལས་སྤེལ་མི་རུང་བ། དཔལ་མགོན་མ་ནིང་གནས་ལ་ཆགས་པ་དང་གཏའ་རུ་བརྟེན་ཅིང་གཟུང་བའི་ཐབས། དཔལ་


GLG003_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་མ་ནིང་གི་ཕྱི་ནང་གསང་བའི་རྟེན་བཅའ་ཐབས་ལང་འགྲོ་ལོ་ཙྭ་བར་གཏད་པ། ཡང་གཅེས་གནད་ཀྱི་ཞལ་གདམས་ཆིག་བརྒྱུད་བཀའ་རྒྱ་མ། ཡང་གཅེས་གནད་ཡིག་སྙིང་དང་འདྲ་བ་ཆིག་བརྒྱུད་གཅིག་ལས་མི་སྤེལ་བ་པདྨའི་ཞལ་གདམས་ཤིན་ཏུ་ཟབ་པ། ཡང་གཅེས་གནད་ཀྱི་སྤྱི་རྒྱུད་སྦས་པའི་ཟབ་གནད་ཅེས་པར་ནང་གསེས་ཀྱི་རྒྱ་ཡིག་གིས་བསྲུང་བ། བླ་རྡོ། གནད་འབེབས། ལས་མི་འགྲུབ་པའི་དོགས་པ་མ་མཆིས་པའི་གནད་ཡིག །རྦད་པའི་གནད་ཡིག །སྤོས་སྦྱོར། གཤེད་འབེབས་ཀྱི་དམོད་པ། གསང་སྔགས་ཀྱི་གནད་རྣམས་སྟོན་པ་དཔྲལ་བའི་མིག་དང་ཁོང་པའི་སྙིང་ལྟ་བུ། ཙནྡན་གྱི་བེང་ལ་བརྟེན་ནས་ལྷ་སྲིན་འཁུ་ལྡོག་སྤོང་བ་དང་སྙིང་དང་འདྲ་བའི་མན་ངག་རྟེན་འབྲེལ་གནད་ཡིག་བཅུ་གཉིས་མར་གྲགས་པ། མ་ནིང་བཤན་ནག་སྤུ་གྲི་ཕུང་བྱེད་ལས་ཀྱི་རླུང་དམར་གནམ་སྐས་བྲག་ནས་གདན་དྲངས་པ་འབྲུབ་ཁུང་། སྤྱང་ཐོག །ཐུན་སྣོད། ཕུར་པ། ལིངྒའི་དཔེ་རིས་དང་བཅས་པ། སྲོག་བདུད་མ་ནིང་ནག་པོའི་ལས་མཐའ་དམ་སྲི་ཁ་བཅིང་ཤིན་ཏུ་ཟབ་ཕྱིར་གུད་དུ་སྦས་པ་རྣམས། གཉིས་པ་གཟའ་རྒོད་དུག་གི་སྤུ་གྲིའི་སྐོར་ནི། གཟའ་རྒོད་ནག་པོ་དུག་གི་སྤུ་གྲི་འདི༔ ཡང་གསང་སྙིང་གི་བཀའ་ཡི་སྲུང་མ་ལས༔ ཁྱད་པར་གློང་གསལ་རྒྱུད་ཀྱི་བཀའ་སྲུང་ངོ་༔ ཞེས་པ་ལྟར། སྲོག་དབང་གི་ཡི་གེ་ལས་བྱུང་བ་ལྟར་གཏོར་མའི་རྗེས་གནང་ཕྱག་མཚན། སྐུ། བླ་རྡོ། མེ་ལོང་། རྟག་གཏོར། བཀའ་སྡོད། རྩལ་དབང་། དམ་བསྲེ། ཞལ་གདམས་ལུང་དབང་དང་བཅས་པ་ལེགས་པར་མནོས་ནས། ལུང་ལ། རྩ་བའི་སྒྲུབ་པ་རང་བསྲུང་གནད་འབེབས༔ སྲོག་ཏིག་ཨོལ་དགག་འཁོར་གྱི་ཐེའུ་བྲང་གསུམ༔ དུག་འབྱིན་གསོལ་ཁ་བཀང་


GLG003_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་ལ་སོགས་པ༔ བརྒྱུད་འཛིན་བུ་མཆོག་བསྟན་པ་བསྲུང་བ་ལ༔ འགའ་རེ་ཙམ་ལས་མང་དུ་སྤེལ་མི་རུང་༔ དེ་ལས་གསལ་ཁ་བཀང་གསོ་རང་བསྲུང་རྣམས༔ ཆོས་བཀའ་འདི་ཡིས་བརྒྱུད་འཛིན་འགའ་ལ་སྤེལ༔ ཞེས་པ་ལྟར་གཟའ་བདུད་ཆེན་པོའི་གསང་༼བྱང༽སྒྲུབ་དུག་གི་སྤུ་གྲི་དྲག་པོ་ལས་ཀྱི་མཐར་ཐུག་པ། རང་ལུས་ཚགས་སུ་གཞུག་པ་རང་བསྲུང་༼བྱང༽ཟབ་པའི་མཐར་ཐུག་འདི་མེད་སྡིག་པའི་ཕྲུ་གུ་གསོ་བ་འདྲ་བ། རང་གཤེད་གནད་ལ་དབབ་པའི་ཡང་གཅེས་སྲོག་ལས་༼བྱང༽གཅེས་པ་ས་མཱ་ཡའི་མཐའ་ཅན། ཡང་གཅེས་གུད་དུ་སྦས་པ་གསང་བའི་གནད་ཡིག་གཅེས་པ་དམ་ཚིག་གི་དམིགས་གནད། སྟོད་མནན། གནད་དབབ་ཤིས་བཞིའི་སྲོག་ཏིག་སློབ་དཔོན་རོམ་བུ་གུ་ཧྱའི་ཐུགས་བཅུད། ཡང་གཅེས་སྙིང་གི་གདམས་པ་ཨོལ་དགག་གི་མན་ངག་ལོངས་སྤྱོད་ལྡན་ཞིང་བཀྲ་ཤིས་པའི་མཐའ་ཅན། དམ་ཅན་སྲོག་ཕུར་བཅའ་ཐབས་ཙིཏྟར་ས་མཱ་ཡའི་མཐའ་ཅན། སྒབ་འདྲེ་ཐེའུ་བྲང་ལྔའི་མནན་ཐབས་གཅེས་འཕང་རྒྱས་བཏབ་ས་མཱ་ཡའི་མཐའ་ཅན། ཞུད་སེལ་གྱི་གནད་༼བྱང༽ཡིག་ཤིན་ཏུ་གསང་བའི་མཐའ་ཅན། གཅེས་གནད་དུག་དབྱུང་གི་ཐབས་༼བྱང༽བུ་མཆོག་གཅིག་ལས་མི་སྤེལ་བའི་མཐའ་ཅན། གཟའ་བདུད་ཆེན་པོའི་བཀང་བ་དབྱིངས་དང་ཡེ་ཤེས་མ་མཚོན་ཆར་ཤོག་གི་མཐའ་ཅན། མཆོད་བསྟོད་ཁྲག་མཚོ་ཁོལ་མའི་རྒྱུད་ལས་ཕྱུང་བ་སངས་རྒྱས་བསྟན་སྐྱོང་མ། བླ་རྡོ་ཡང་གཅེས་སྟོད་གནོན་ཤི་ས་བསྟན༔ གནད་ཐིག་ལས་སྦྱོར་ཡང་གཅེས་ནོར་སྒྲུབ་དང་༔ ཁྱད་པར་གཅེས་གནད་སྲོག་དབང་བཀའ་ཐེམས་བཅས༔ པང་དུ་སྦྲུལ་བྱུང་ཁ་ནས་མེ་འབར་ཡང་༔ ཆིག་བརྒྱུད་ཡིན་ཕྱིར་ཤི་བའི་ཁ་བཞིན་སྡོམས༔ ཚུལ་བཞིན་མ་བཤད་རང་


GLG003_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ངེས་པ་གཅོད༔ ལས་ཅན་བུ་མཆོག་ལྔ་ཡིས་འདི་བཟུང་ལ༔ སངས་རྒྱས་བསྟན་པའི་དོན་དུ་བག་ཡོད་སྤྱོད༔ ཅེས་པ་ལྟར། ལུས་དང་གྲིབ་བཞིན་འགྲོགས་པ་བླ་༼བྱང༽རྡོའི་མན་ངག་ཤིན་ཏུ་གསང་བའི་མཐའ་ཅན། སྟོད་ལ་གནོན་པ་༼བྱང༽སྙིང་འདྲ་གཅིག་ལས་མང་བ་རིའི་མཐའ་ཅན། གཅེས་པ་སྙིང་དང་འདྲ་བ་ལོག་གནོན་ཤི་ས་བསྟན་པའི་གདམས་པ་སྙིང་ལ་ཆོངས་ཤིག་ས་མཱ་ཡའི་མཐའ་ཅན། གཡང་དུ་བཀུག་སྟེ་ནོར་སྒྲུབ་པའི་ཟབ་གནད་ཙིཏྟའི་གའུར་ས་མཱ་ཡའི་མཐའ་ཅན། མཆོག་ཏུ་གཅེས་པའི་ཟབ་གནད་སྲོག་དབང་ཆེན་མོ་བཀའ་ཐེམས་གནད་ཡིག་དང་བཅས་པ་ཆིག་བརྒྱུད་བཀའ་རྒྱ་མ་སྙིང་ཁྲག་གི་དངས་མ་ལྟ་བུ། སྔགས་ཀྱི་འབྱིན་འཇུག་ཤི་ས་བསྟན་པ་ལས་ཅན་གཅིག་ལ་གཏད་རྒྱའི་མཐའ་ཅན། འབྱིན་འཇུག་སྔགས་ཀྱི་འབྲུ་ཐམས་གུད་དུ་བཀོལ་བ་ཆིག་བརྒྱུད་བཀའ་རྒྱ་མ། མདོས་ཆེ་༼བྱང༽ནག་མོ་དགུ་སྐོར་རྣམས། གསུམ་པ་དམ་ཅན་སྐྱེས་བུ་ཆེན་པོ་བཛྲ་ཐིག་ལེའི་སྐོར་ནི། དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་འདི༔ རྣོ་མྱུར་དྲག་རྩལ་ཐོག་དང་འདྲ་བའི་ཕྱིར༔ སྒྲུབ་ཐབས་མན་ངག་ལས་ཚོགས་སྤྱི་སྲུང་ལས༔ ཁྱད་པར་ཡང་ཏིག་སྙིང་པོའི་བཀའ་བསྲུང་ཡིན༔ ཞེས་པ་ལྟར། སྒོས་ཐེམས་ནས་ཟིན་པའི་སྒྲུབ་སྐོར་ལ། སྤྱི་ཐེམས་ལས། རྩ་བའི་སྒྲུབ་ཐབས་གསོལ་ཁ་བསྟོད་བསྐུལ་དང་༔ བཀང་གསོ་ལ་སོགས་ལས་ལྡན་འགའ་ལ་སྤེལ༔ ཞེས་པ་ལྟར། རྡོ་རྗེ་ལེགས་པའི་གསང་སྒྲུབ་སྲོག་གི་སྤུ་གྲི་ཞེས་པ་དང་པོར་འབོད་པ། བར་དུ་རྦད་པ། མཐའ་མར་ལས་ལ་སྦྱོར་བ་གསུམ་བསྟན་པ་ཞར་བྱུང་ཤི་ས་གནད་དབབ་བཅས་པ་གནུབས་ནམ་སྙིང་གིས་ཡི་གེར་བཀོད་པ། བཀང་གསོ་གསོལ་ཁ་ཆེན་མོ་ཕུད་སྐོང་


GLG003_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་འདོད་རེ་སྐོང་འཕྲིན་ལས་ཀྱི་སྤུ་གྲི་ལ་༼ཟུར༽ནང་གསེས་ཀྱི་གསོལ་ཁ་དགོས་གསོལ། བཀང་བ་ཀྱེ་གསན་མ། བསྟོད་པ་རྒྱལ་བ་ཤཱཀ་ཐུབ་མ། བསྐུལ་ལྷོ་ནུབ་མདངས་བཅས་པ་གནུབས་ནས་སྙིང་གི་ཡི་གེར་བཀོད་པ། གནད་འབབས་ཤི་ས་ཨར་ལ་གཏད་པ་དང་༔ ནོར་སྒྲུབ་མངོན་ཤེས་ནད་པ་བརྟག་པ་དང་༔ སློབ་མ་དང་ནི་ཡོན་བདག་དམ་འགལ་བསྒྲལ༔ དམར་ནག་ལ་སོགས་ཤིན་ཏུ་ཟབ་པའི་ཕྱིར༔ སྙིང་གི་བུ་ལ་ཆིག་བརྒྱུད་སྤེལ་བ་ལས༔ དམ་མེད་ལུས་ཀྱི་བུ་ལ་འདི་མི་བསྟན༔ སྙིང་ཀྱི་དཀྱིལ་དུ་སྦོས་ཤིག་ས་མཱ་ཡ༔ ཁྱད་པར་ཡང་ཟབ་གསང་བའི་ནོར་སྒྲུབ་དང་༔ ཆོ་འཕྲུལ་ལ་སོགས་ཟབ་ཆོས་མཐར་ཐུག་པ༔ བུ་ལ་ཆིག་བརྒྱུད་ཡིན་ཕྱིར་ཨ་ཐཾ་རྒྱ༔ ཞེས་པ་ལྟར། དམ་ཅན་སྲོག་གི་གནད་འབེབས་ཤི་ས་ཨར་ལ་གཏོད་ཐབས་༼ཟུར༽སྙིང་གི་བུ་གཅིག་ལས་སྤེལ་མི་རུང་བ། དམ་ཅན་གྱི་ནོར་སྒྲུབ་རིན་ཅེན་གཏེར་མཛོད་༼ཟུར༽ཕྲད་ཤོག་གི་མཐའ་ཅན། པྲ་མོ་ལ་བརྟེན་པའི་མངོན་ཤེས་༼ཟུར༽སྒྲུབ་པ་དང་དགྲ་ལ་༼ཟུར༽རྟགས་ནམ་ཡོང་གསལ་སྟོན། ནད་པ་འཚོ་འཆི་བརྟག་པ། སློབ་མ་སྙིང་རིང་བསྒྲལ་༼ཟུར༽བ། ཡོན་བདག་དམ་ལོག་༼ཟུར༽བསྒྲལ་བ། ཐག་རིང་དུ་འགྲོ་ན་དོན་ཆེན་འགྲུབ་མི་འགྲུབ་བརྟག་པ། ཐེམས་མེད། དགྲ་ལ་ཁྲག་གཟེར་དམར་༼ཟུར༽ནད་གཏོང་བ། ནོར་སྒྲུབ་སྙིང་གི་དུམ་བུ་ཅི་བསམ་གྲུབ་པར་ཐེ་ཚོམ་མེད་པའི་མཐའ་ཅན། ཐེམས་མེད། ནོར་སྒྲུབ་གནད་ཡིག་ཡང་གཅེས། ཐེམས་མེད། ཇག་འཆིང་ཟབ་མོ། ཐེམས་མེད། མདོས་གཞུང་ཆེན་༼ཟུར༽མོ་ཞེས་པ་སྲིའུ་གསོ་བ། ཐེམས་མེད། རྦོད་གཏོང་བཟློག་པ། དགྲ་ལ་རྦད་པ་སོགས་ཀྱི་ཁ་བསྒྱུར་དང་བཅས་པ་རྫོགས་སོའི་མཐའ་ཅན་སྒོས་ཐེམས་དང་བཅས་པ་རྣམས། བཞི་པ་ངན་སྔགས་ཀུན་གྱི་མཐར་ཐུག་ཕུང་


GLG003_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལས་ཀྱི་རླུང་དམར་ནི༔ ཐེམས་ཡིག་ལས། ཀྱེ་མ་ཕུང་བྱེད་ལས་ཀྱི་རླུང་དམར་འདི༔ ངན་སྔགས་ཀུན་གྱི་མཐར་ཐུག་འདི་ཡིན་ཏེ༔ རྒྱུད་དང་གདམས་པ་སྤྲ་འཁྲིད་མན་ངག་བཞི༔ འབྱེད་པའི་ལས་དང་དཀྲུག་བྱེད་མཛེ་རྐང་མ༔ བསྐྲད་པ་དང་ནི་སོ་སོའི་དཔེ་ཆུང་དང་༔ གནད་ཀྱི་མན་ངག་བསྲུང་བ་ལ་སོགས་ཏེ༔ སྣ་རེས་འཇིག་རྟེན་ཕུང་ལས་འགྲུབ་པའི་ཕྱིར༔ སྙིང་བུ་ལྔ་ལས་འདི་ཉིད་སྤེལ་མི་རུང་༔ ཐམས་ཅད་རྫོགས་ན་རྒྱལ་ཁམས་རླུང་ལ་བསྐུར༔ སྙིགས་མའི་སེམས་ཅན་ཉལ་ཐག་འདིས་གཅོད་པས༔ བསམ་མེད་ཞེ་སྡང་ཅན་ལ་འདི་སྤེལ་ན༔ པདྨ་ང་བསླུས་བཀའ་ཆད་སྣ་དགུ་འབྱུང་༔ བསྟན་འཛིན་སྙིང་གི་བུ་གཅིག་མ་གཏོགས་པ༔ སྤེལ་དུ་མི་རུང་དམ་ཚིག་ས་མཱ་ཡ༔ ཞེས་པ་ལྟར། རླུང་དམར་གྱི་སྒོས་ཐེམས་བཀའ་རྒྱ་ཅན། དེ་ལས་བྱུང་བའི་གདམས་སྐོར་ལ། ཕུང་བྱེད་ནག་པོ་འཁྲུགས་བྱེད་ལས་ཀྱི་རླུང་དམར་གྱི་རྒྱུད་ལེའུ་གསུམ་པ། འཁྲུགས་བྱེད་ལས་ཀྱི་རླུང་དམར་གྱི་གདམས་པ་འཁོར་ལོ་ཆེན་པོ་རྒྱལ་ཁམས་ཕུང་བྱེད། འཁོར་ལོ་འབྲིང་པོ་གྲོང་ཁྱེར་དཀྲུག་བྱེད། འཁོར་ལོ་ཆུང་བ་བཟའ་ཚང་དཀྲུག་བྱེད། དུས། སྦྱོར་ལུགས། སྲོག་ཤིང་། སྔགས་བྱང་སྐད། ཐུན། ལྟས་རྣམས་སྟོན་པའི་ཞལ་གདམས་སྤྲ་འཁྲིད་གསལ་བ། བསྲུང་འཁོར། མི་རྡུག་པ། ཁྱད་པར་གྱི་རྫས་རྣམས་སྟོན་པ་ཡང་གཅེས་གབ་སྦས་གནད་ཀྱི་མན་ངག །ལྷ་དབྱེ་གཏོར་སྔགས་དམོད་བཅོལ་བཅས་པ་ཟུར་དུ་བཀོལ་བ། སྤྱན་འདྲེན་ནུབ་བྱང་མ། བསྐུལ་རི་རབ་ཆེན་མོ། འཁོར་ལོའི་བསྐུལ་ཤར་ནས་ནུབ་བསྐྱོད་མ་རྣམས་བསྡོམས་པར་རླུང་ལྷའི་ལས་བྱང་སྤུ་གྲིར་གྲགས་པ། གནམ་ཐེ་དང་འགོང་པོའི་བསྐུལ་ཨོ་རྒྱན་ཐུགས་ཀྱི་བརྣག་པ། འདི་ཡན་གྱིས་ཀྱང་སྒྲུབ་ནུས་


GLG003_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྒོམ་ཐེམས་སུ། རྒྱུད་དང་གདམས་པ་སྤྲ་འཁྲིད་མན་ངག་དང་༔ སོ་སོའི་དཔེ་ཆུང་འབྱེད་པའི་ལས་ལྔ་ཡིས༔ ཕུང་ལས་འགྲུབ་པོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་པས་སོ། །ལོག་གནོན་གབ་པའི་སྤྲ་འཁྲིད་ཁྱད་པར་ཅན། ཁ་བསྒྱུར་ལས་ཚོགས་ལ་ནང་གསེས་ཀྱི་ཕོ་རོག་འུག་པའི་ཉེ་འབྱེད་ཉི་ཟླ་ཐལ་རྡེབ་བམ་རྒྱལ་པོ་ཉེ་འབྱེད་འབྲུ་བརྒྱད་མ། གྲོང་ཁྱེར་ཕུང་བྱེད་གཙོ་བོ་ཉེ་འབྱེད་གཟོང་མཆུ་མ། གཟའ་ཚང་ཉེ་འབྱེད་ཉིན་གཅིག་མ། མཛའ་གཉིས་འབྱེད་པ་འཐབ་འཛིངས་མ། དཀྲུག་བྱེད་མཛེ་རྐང་ནག་པོ་བསྐྲད་པ་རྟ་རྒྱུགས་མ། བསྐྲད་པ་མཁའ་ལྡིང་ནག་པོ་རྣམས་ནི་ཤིན་ཏུ་གསང་བའི་གནས་ཡིན་པས། འཁྲུག་བྱེད་བསྐྲད་པ་གནད་ཀྱི་མན་ངག་གསུམ༔ གབ་པའི་གནད་ཡིག་གཅེས་གནད་བཞི་འཛོམ་ན༔ འདི་རྣམས་ཡོངས་རྫོགས་རྒྱལ་ཁམས་རླུང་ལ་བསྐུར༔ ཞེས་སོ། །དཔེའུ་རིས་ལ། གནམ་ས་ཆུ་རླུང་མེའི་འཁོར་ལོ། ཕོ་རྒྱུད་མོ་རྒྱུད། སྡེ་བརྒྱད། ལྷ་སྲིན་ཙིཏྟ་དཀྲུག་པ། འཁྲུག་བྱེད་བསྐྲད་པ་ནག་པོ། ཡབ་ཡུམ། བུ། བུ་མོ། ཕོ་ཉའི་འཁོར་ལོ། རང་བསྲུང་། མཛེ་རྐང་། བསྐྲད་པ། ཉི་ཟླ་ཐལ་རྡེབ། དོམ་དྲེད་འདྲེའི་ཁང་བུ། རླུང་སྒོམ་དང་བཅས་པ་རྣམས། ལྔ་པ་སྲིད་གསུམ་དབང་བསྡུད་ལྷ་ཆེན་གུ་ལང་རླུང་གི་ཞགས་པ་ནི། ལྷ་ཆེན་གུ་ལང་སྲིད་པ་གསུམ་ལ་དབང་༔ དབང་སྒྲུབ་ལ་སོགས་མ་བུར་བཅས་པ་རྣམས༔ བསྟན་འཛིན་སྙིང་གི་བུ་མཆོག་རེ་འདོད་མེད༔ བྱམས་དང་སྙིང་རྗེ་འབྲེལ་ཚད་དོན་ལྡན་པའི༔ བུ་ལ་ཆིག་བརྒྱུད་ཡིན་ཕྱིར་ཨུ་ཁ་ཐམ༔ ཞེས་པ་ལྟར་ལས་སྤྱི་ཐེམས་དང་སྒོས་ཐེམས་སུ་ཆོས་སྡེ་གསལ་ཁ་མི་འདུག་ཅིང་། དེ་ལ་བརྟེན་ནས་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་དང་རྟེན་གསུམ་བཅའ་ཐབས་སོགས་ལས་འབྲེལ་


GLG003_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་གྱི་གཏེར་མ་ནས་ཁ་བསྐངས་པའི་བསྲེ་བསླད་རྣམ་གྲངས་མང་བས་མཐུན་མི་མཐུན་སྣ་ཚོགས་ཡོང་འདུག་པ་དོན་ལ་སྐྱོན་ཆེ་བ་མི་སྣང་ཡང་། ལྷ་རི་བ་ལྕེ་བཙུན་ངག་དབང་བསོད་ནམས་རྒྱ་མཚོས་མཛད་པའི་དཀར་ཆག་ནང་བཞིན་ཕལ་ཆེར་ཐོབ་པ་ལ། སྲིད་མེད་ཀྱི་སྣང་སྲིད་དབང་དུ་སྡུད་པའི་སྐུ་དབང་། ཕྱག་མཚན་གྱིས་རིག་པས་ཁྱབ་ཚད་དབང་དུ་འདུ་བའི་ཐུགས་དབང་། བདུད་རྩིས་སྙན་གྲགས་ཁམས་གསུམ་ཁྱབ་པའི་གསུང་དབང་། ཞགས་པས་ལྷ་འདྲེ་མི་གསུམ་སྡུད་པའི་འཕྲིན་ལས་ཀྱི་དབང་གླེགས་བམ་གྱིས་མི་ནོར་ཟས་གསུམ་གྱི་དངོས་གྲུབ་ཐོབ་པའི་ཡོན་ཏན་གྱི་དབང་རྣམས་ལེགས་པར་མནོས་ནས། ལུང་ལ། ལྕེ་བཙུན་ངག་དབང་བསོད་ནམས་རྒྱ་མཚོས་ཐུགས་སྲས་ངག་དབང་གྲགས་པར་གསན་དུས་ལྟར་བཀོད་པའི་དཀར་ཆག །ཆག་ལོ་རིན་ཅེན་ཆོས་རྒྱལ་གྱིས་གཏེར་ཁ་འདི་དང་ལས་འབྲེལ་རྩལ་གྱི་རླུང་ཞགས་གཉིས་ཞུས་དག་ཐུབ་པར་སྣང་གསུངས་པར་བརྟེན་ནས་དཔྱད་པའི་ཡི་གེ་ལྕེ་བཙུན་གྱིས་མཛད་པ། ལྷ་ཆེན་མ་ཧཱ་དེ་ཝའི་རྗེས་སུ་གནང་བའི་དབང་གི་ཆོ་ག་སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ། ཡང་གསང་གི་སྒྲུབ་པ་འཁོར་ལོ་རླུང་གི་ལས་ཚོགས་ཞེས་པ་ནང་གསེས་ཀྱི་སྲིད་པའི་མེས་པོའི་རྟེན་གཅིག་ལ་བརྟེན་ནས་བསྙེན་པ་བྱ་ཐབས་དང་རྟགས་ཡིག་གསང་རྟེན་གྱི་ནང་བཞུགས་བཅའ་ཐབས་བཅས་པ་སྣོད་མིན་ལ་ཤོར་ན་ས་མཱ་ཡའི་མཐའ་ཅན། དེའི་གནད་ཀྱི་ཡི་གེ་གཅེས་པ་རྟེན་གྱི་ཡོན་ཏན། ལས་ལ་སྦྱོར་ལུགས། གཏོར་མ། དཀྱིལ་འཁོར། བཟླས་པའི་གྲངས། རྟེན་གྱི་གནད། དམ་ཚིག་བཅས་བསྟན་པ་སྙིང་གི་བུ་ལ་ཕྲད་ཤོག་གི་མཐའ་ཅན། བསྙེན་པ་ཐེངས་པས་ཞག་ཉེར་གཅིག་ཏུ་སྒྲུབ་པ་


GLG003_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དང་འདྲའོ་སེམས་ལ་བརྣག་གི་མཐའ་ཅན། ཐུགས་ཀའི་འཁོར་ལོ་ལ་བརྟེན་ནས་བསོད་ནམས་རྒྱས་པར་བྱེད་པ། འཁོར་ལོ་དེའི་བཅའ་ཐབས་ཡིག་ཆུང་། འཕྲིན་ལས་ཁ་བསྒྱུར་ལ་བརྟེན་ནས་མི་མཐུན་ཕྱོགས་ཞི་ཞིང་ཚེ་བསྲུང་བ། ཐོད་པ་རྒྱ་གྲམ་ལ་བརྟེན་ནས་ཚེ་བསོད་ནམས་རྒྱས་པ། སེང་ལྡེང་གི་ཌཱ་མ་རུ་ལ་བརྟེན་ནས་དབང་དུ་བྱ་བ། སྔགས་ཀྱི་ཁ་བསྒྱུར་ཏེ་རླུང་འཁོར་གྱི་རྩ་བ་ལྟ་བུའི་གདམས་པ་ཉུང་ངུ་། གལ་ཏེ་མ་འགྲུབ་འགྱངས་ན་གནད་ལ་དབབ་པ། རླུང་འཁོར་ཙཀྲའི་བྲི་ཡིག་ཡང་གསང་ཙཀྲ་དབང་ཕྱུག་ལྟོ་འཁོར་གྱི་བྲི་ཡིག་རྣམས་དབང་ཕྱུག་མཐར་ཐུག་སྲོག་རྩ་སྙིང་གི་མེ་ལོང་ཞེས་པར་ནང་གསེས་ཀྱི་སྔགས་ཐེམས་གསང་བའི་མན་ངག་གབ་པའི་གནད་ཡིག་འདུ་ལོང་འདོད་ན་འདི་ཉིད་སྒྲུབ་པའི་མཐའ་ཅན། ཕྱི་ཉི་ཟླ་རླུང་ཞགས་ཀྱིས་རྒྱལ་ཁམས་བསྡུ་བའི་སྔགས་རྒོད། མོ་ཆགས་དབང་སྡུད་ཀྱི་རྫས་སྔགས་ཏིང་ངེ་འཛིན། གསང་བ་ལག་བསྒུལ་གྱི་འཁོར་ལོ་ལ་བརྟེན་ནས་ལག་པ་བསྒུལ་བ། གསང་བ་སྙིང་བསྒུལ་གྱི་སྒྲུབ་པ། ལས་མཐའ་ཤིན་ཏུ་ཟབ་པའི་སྐོར་ལ། རྒྱལ་བུ་ཕུ་འདེབས་ལ་བརྟེན་ནས་དྲག་པོའི་སྔགས་རྒོད་དམ་ཉམས་བསྒྲལ་བའི་མཚོན་ཆ། བཟའ་མི་འབྱེད་པའི་ཤོག་དྲིལ། བུད་མེད་ཟླ་མཚན་འཛག་ཐབས། དགྲ་བོ་བུ་ཆུང་བསྒྲལ་བ། བུད་མེད་ཀྱི་སྟུ་མཐུ། ནོར་ལ་མེ་སྤར་ནས་བསྲུང་བ། འཇིག་རྟེན་གསལ་མཐོང་། བུད་མེད་ཟླ་མཚན་འགུགས་པ་རྣམས་གཏེར་ཁ་གཞན་ནས་འདིའི་ཆ་ལག་ཏུ་མཛད་པ། བསྟོད་བསྐུར་རྒྱ་མཚོ་གློང་དཀྱིལ་མ། སྒབ་འདྲེ་མནན་ཐབས། དཔེ་དཀར་བསྲུང་བ་ཆུ་གླང་རྩེ་མོའི་གཏེར་མ་རྣམས། དཔེ་རིས་ལ། སྒྲུབ་རྟེན་གྱི་བཅང་གཞི། སྒོམ་པའི་དབང་སྡུད་འཁོར་ལོ། གནད་


GLG003_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་འཁོར་ལོ་རླུང་འཁོར། རླུང་ཁང་རླུང་གཡབ། གསང་བའི་འཁོར་ལོ་བཅས་པ་རྣམས། དྲུག་པ་ཕན་གནོད་གདམས་པ་ཁ་འཐོར་སྣ་ཚོགས་ཀྱི་སྐོར་ནི། སྐྱིན་ཐང་སེར་བ་དབབ་དང་བསྲུང་བ་དང་༔ ཆར་པ་འབེབས་བསྲུང་མི་རྒོད་ཇག་འཆིང་དང་༔ ཛཾ་ལའི་ནོར་སྒྲུབ་ལག་བསྒུལ་སྒྲུབ་པ་དང་༔ རྣལ་འབྱོར་ལུས་བསྲུང་རྫས་རྒོད་སྦྱོར་བ་རྣམས༔ ཤིན་ཏུ་ཟབ་ཕྱིར་སྣོད་ལྡན་བུ་ལ་གཏད༔ ཅེས་པ་ལྟར། དམར་འཐབ་སྐྱིན་ཐང་གི་དྲག་སྔགས་སེར་བ་འབེབས་ཐབས་གཟའ་བདུད་ལ་གཉེར་དུ་གཏད་བ། སེར་བ་བསྲུང་པའི་གདམས་པ་སྤུ་གྲི་ཐོག་གཅོད་གནད་ཀྱི་གདམས་པ་དོན་བདུན་པ། ཆར་འབེབས་ཡིད་བཞིན་ནོར་བུ་ཞར་བྱུང་ཡང་ཟབ་ཆར་བསྲུང་གོང་གི་ཆར་འབེབས་ཞལ་ཤེས་དང་བཅས་པ། ཕུང་བྱེད་ཁ་འཆིང་ཇག་པ་འཆིང་བའི་མན་ངག་བསྟན་པ་འཛིན་པའི་བཙས་སུ་བཞག་པ། གནོད་སྦྱིན་ཛམྦྷ་ལ་སེར་པོ་ནོར་སྒྲུབ་རིན་ཅེན་གཏེར་བུམ་རྣམས། རྫས་སྦྱོར་དང་གཞན་ཡང་མཛེ་པོའི་ཁ་གཏད་སོགས་ཡིག་སྣ་ལྔ་ཙམ་ཐེམས་ཀྱིས་ཟིན་ཀྱང་རྒྱུན་མ་རྙེད་པ་སླར་ཡང་ཕྱོགས་འདི་ལ་མཁས་ཤིང་གྲུབ་པ་བརྙེས་པ་དག་ལས་འབད་པས་བཙལ་བར་བྱའོ། །དེ་ཡང་ཐེམས་ཡིག་རྣམས་དང་ཞིབ་ཏུ་བསྟུན་པ་ནི། དེ་ལྟར་བླ་མེད་བརྗོད་དཀའ་གདམས་པའི་ཚོགས༔ བརྗོད་པར་འཕང་ཡང་གསང་ཐེམས་འདི་རུ་བཀོད༔ ཅི་ཕྱིར་མ་འོངས་ལས་ཅན་བུ་ཉིད་དང་༔ དེ་ཡི་བརྒྱུད་འཛིན་བཀའ་བབས་བུ་རྣམས་དོན༔ ཟབ་གཏེར་གཉན་གྱི་བཀའ་རྒྱ་འཇིགས་པ་དང་༔ མན་ངག་ཟབ་མོ་འཁྲུགས་ཤིང་འཐོར་དོགས་ནས༔ གཞན་དུ་གབ་ནས་འདི་རུ་སྦས་ཏེ་བཞག༔ ཅེས་སོ། །དེ་ལྟར་རྩ་བའི་དབང་བཞི་


GLG003_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྲན་བརྒྱད་དང་ས་བཅད་དྲུག་པ་ཡན་གྱི་ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། ལོངས་སྐུ་རྡོ་རྗེ་སེམས་དཔའ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིགས་འཛིན་ཤྲཱི་སིངྷ། དྲན་མཆོག་ཨྱོན་ཆེན་པོ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལང་འགྲོ་ལོ་ཙཱ་བ་དཀོན་ཅོག་འབྱུང་གནས། གཏེར་སྟོན་ཆོས་རྒྱལ་རཏྣ་གླིང་པ། དེས་རྒྱལ་སྲས་ཚེ་དབང་གྲགས་པ་དང་འཁྲུལ་ཞིག་དོན་གྲུབ་རྒྱལ་པོ་གཉིས་ལ་གནང་། དེ་གཉིས་ལ་མཚུངས་མེད་ངག་དབང་གྲགས་པ། དེ་ནས་རྟོགས་ལྡན་སངས་རྒྱས་གྲགས་པ། རྗེ་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་འདིའི་མཚན་ལ་ནོར་བུ་ཚེ་དབང་ཡོངས་གྲགས་དང་ཡོངས་གྲགས་རྣམ་རྒྱལ་ཡང་ཟེར། གྲགས། དེ་སྲས་འཕྲིན་ལས་རྒྱ་མཚོ། འཁྲུལ་ཞིག་ནོར་བུ་ཆོས་བརྟན། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ཀའི་རྟགས་ཡོད་པའི་དབང་ལུང་གི་བརྒྱུད་པ་ལུགས་གཅིག་ནི། རིགས་འཛིན་འཕྲིན་ལས་ལྷུན་གྲུབ་ནས། རང་གྲོལ་ཀརྨ་གསང་སྔགས། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཡང་ན་ཡོངས་གྲགས་རྣམ་རྒྱལ་ནས། རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། ཀརྨ་གསང་སྔགས་མན་འདྲ། ཡང་ཕའི་རྟགས་ཡོད་པའི་དབང་ལུང་གི་བརྒྱུད་ལུགས་གཅིག་ནི། རྗེ་ངག་དབང་གྲགས་པ་ནས། རྗེ་བཙུན་སངས་རྒྱས་བརྩོན་འགྲུས། མཚུངས་མེད་སངས་རྒྱས་བདེ་ཆེན། ནམ་མཁའི་སྙིང་པོའི་སྤྲུལ་པ་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་རྩལ་བ་ཐེག་མཆོག་ཨ་ཏིའི་ཟབ་ཆོས་དང་


GLG003_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་བའི་ཐོག་མའོ། །ཟུར་གྱི་རྟགས་ཡོད་པའི་དབང་ལུང་གི་བརྒྱུད་ལུགས་གཅིག་དང་ཉམས་འཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཕ་བོང་ཁ་པ་ནས། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །དཔལ་མགོན་མ་ནིང་ནག་པོའི་སྲོག་དབང་བསྡུས་པ་གཏོར་མ་ལ་བརྟེན་པ་དང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་ཐོད་འཕྲེང་རིགས་ལྔ། ཐུགས་སྲས་རྗེ་འབངས་གྲོགས་ལྔ། ཆོས་རྒྱལ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། ཐུགས་སྲས་ངག་དབང་གྲགས་པ། གུ་རུ་ཀུན་དགའ་གྲགས་པ། བརྒྱུད་འཛིན་ཀུན་དགའ་བསྟན་འཛིན། ཀ་ཐོག་པ་དབང་གྲགས་རྡོ་རྗེ། རིགས་འཛིན་དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ་པ། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྲོག་དབང་རྒྱས་པའི་བརྒྱུད་པ་ནི། ནོར་བུ་ཡོངས་གྲགས་ནས། མཁས་གྲུབ་འཕྲིན་ལས་རྒྱ་མཚོ། ཉང་ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། རྩ་བའི་བླ་མ་གཏེར་བདག་གླིང་པ། དེས་བདག་ལའོ། །གཟའ་རྒོད་དུག་གི་སྤུ་གྲིའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། གསང་བའི་བདག་པོ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། ཨོ་རྒྱན་རིན་པོ་ཆེ། ཡེ་ཤེས་འཚོ་རྒྱལ། ལང་འགྲོ་ལོ་ཙཱ་བ། གཏེར་སྟོན་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། ཐུགས་སྲས་ངག་དབང་གྲགས་པ། རྗེ་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། སྔགས་འཆང་དབང་ཆེན་ལྷུན་གྲུབ། སྤེལ་ལྕོག་སངས་རྒྱས་ཕུན་ཚོགས། ཆོས་ལྡན་པ་འཕྲིན་ལས་བསྟན་འཛིན། གཏེར་སྟོན་རིགས་འཛིན་འགྱུར་མེད་རྡོ་རྗེ་རྩལ། དེས་བདག་ལའོ། །ཡང་བྱང་གི་རྟགས་ཡོད་པའི་ལུང་


GLG003_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ལུགས་གཅིག་ནི་རྒྱལ་སྲས་ཚེ་དབང་གྲགས་པ་ནས། དཔའ་བོ་མཐའ་ཡས་གྲགས་པ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །རྡོ་རྗེ་ལེགས་པའི་ཆོས་སྐོར་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། གསང་བའི་བདག་པོ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། པདྨ་ཐོད་འཕྲེང་། མཁར་ཆེན་བཟའ། ལང་འགྲོ་ལོ་ཙཱ་བ། སྤྲུལ་སྐུ་རཏྣ་གླིང་པ། གཅེན་ཚེ་དབང་གྲགས་པ། གཅུང་ངག་དབང་གྲགས་པ། གར་དབང་ལས་འཕྲོ་གླིང་པ། གུ་རུ་འཇིག་རྟེན་མགོན་པོ། སྤེལ་ལྕོག་སངས་རྒྱས་ཕུན་ཚོགས། བྱ་བཏང་ནོར་བུ་ཆོས་བརྟན། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཐུགས་སྲས་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་རྗེ་འཕྲིན་ལས་ལྷུན་གྲུབ་ནས། རང་གྲོལ་ཀརྨ་གསང་སྔགས། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཟུར་གྱི་རྟགས་ཡོད་པའི་བརྒྱུད་པ་ལུགས་གཅིག་ནི། རྒྱལ་སྲས་ཚེ་དབང་གྲགས་པ་ནས། དཔའ་བོ་མཐའ་ཡས་གྲགས་པ། རྗེ་ངག་དབང་ལྷུན་གྲུབ། མི་འགྱུར་ལས་འཕྲོ་གླིང་པ། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་ཀུན་དགའ་ཚེ་མཆོག །སྔགས་འཆང་གཞོན་ནུ་དོན་གྲུབ། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གསོལ་ཁ་ནི་ཀུན་དགའ་ཚེ་མཆོག་ནས། ངག་དབང་ཡེ་གྲུབ། ཟུར་རྩ་བའི་བླ་མ་ལས་བརྒྱུད་དོ། རླུང་དམར་གྱི་བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ །གསང་བདག་དྲེགས་པ་ཀུན་འདུལ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་རོམ་བུ་གུ་ཧྱ། གུ་རུ་པདྨ་འབྱུང་གནས། ལང་འགྲོ་ལོ་ཙཱ་བ་དཀོན་ཅོག་འབྱུང་གནས། གཏེར་སྟོན་རཏྣ་གླིང་པ། དེ་སྲས་ཚེ་དབང་གྲགས་པ།


GLG003_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གཅུང་ངག་དབང་གྲགས་པ། རྗེ་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། ཆོས་སྡིངས་སྔགས་འཆང་དབང་ཆེན་ལྷུན་གྲུབ། རཏྣ་སངས་རྒྱས་ཕུན་ཚོགས། ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། རྩ་བའི་བླ་མ་གཏེར་བདག་གླིང་པ། དེས་བདག་ལའོ། །ལྷ་ཆེན་གུ་ལང་རླུང་ཞགས་སྐོར་གྱི་དབང་། གསང་བ་སྙིང་བསྐུལ་ཡན་གྱི་ལུང་དང་བཅས་པའི་བརྒྱུད་པ་ནི། ཡེ་ཤེས་མཁའ་འགྲོ་མ། མགོན་པོ་ཀླུ་སྒྲུབ། སློབ་དཔོན་པདྨ་འབྱུང་གནས། མཁར་ཆེན་བཟའ། ལང་འགྲོ་ལོ་ཙཱ་བ། སྤྲུལ་སྐུ་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ། རྗེ་ངག་དབང་གྲགས་པ། ལྕེ་བསོད་ནམས་རྒྱ་མཚོ། བླ་མ་པདྨ་གར་དབང་། གཉག་གི་སྤྲུལ་པ་ཀུན་དགའ་བཀྲ་ཤིས། ངག་དབང་ཡེ་ཤེས་གྲུབ་པ། ཟུར་རྩ་བའི་བླ་མ། དེ་བདག་ལའོ། །མེ་ལོང་དགོན་པ་པདྨ་གར་དབང་གིས་ལྷ་རི་བ་བསོད་ནམས་རྒྱ་མཚོ་ལ་ལྷ་ཆེན་གྱི་སྐོར་ཞུས་ནས་ཚུར་བྱོན་པས་འབྲི་གུང་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་ཀྱི་གཟིགས་སྣང་ལ་མི་མ་གིས་ཟངས་ཀྱི་སྲིད་མེས་ཐོག་ཚད་ཅིག་ཁུར་འགྲོ་གྱི་འདུག་ཅེས་གསུངས་ཤིང་བླ་མ་དེ་ལ་ལྷ་ཆེན་ཤིན་ཏུ་འགོ་བ་ཡིན་སྐད། དེའི་རྗེས་སུ་བཀྲ་ཤིས་རྒྱ་མཚོ་དང་། དུ་མ་རང་གྲོལ་སོགས་གསན་ཡིག་མང་པོར་འདུག་པ་ནི། དཔྱད་པ་མ་བྱུང་བའི་དཀྱུས་ཤོར་མ་གཏོགས་འདིའི་བརྒྱུད་པར་མེད། པདྨ་གར་དབང་ལ་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱི་སྐུ་སྐྱེ་གོང་མ་ཀུན་དགའ་བཀྲ་ཤིས་སམ་དྲུང་པ་དཀོན་ཅོག་པར་གྲགས་པས་གསན་པ་ཡིན་ནོ། །ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། རྗེ་ངག་དབང་གྲགས་པ་ནས། མཚུངས་མེད་ངག་དབང་ནོར་བུ། བི་མཱའི་སྤྲུལ་པ་ནོར་བུ་ཡོངས་གྲགས། དེ་སྲས་ཀརྨ་འཕྲིན་ལས་རྒྱ་མཚོ།


GLG003_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་འཕྲིན་ལས་བསྟན་འཛིན། གཏེར་སྟོན་མི་འགྱུར་རྡོ་རྗེ་རྩལ། དེས་བདག་ལའོ། །ཡང་ན་རྒྱལ་སྲས་ཚེ་དབང་གྲགས་པ་ནས། འཁྲུལ་ཞིག་དོན་གྲུབ་རྒྱལ་པོ། རྗེ་ངག་དབང་གྲགས་པ་མན་འདྲ། ཡང་ན་ངག་དབང་གྲགས་པ་ནས། རྟོགས་ལྡན་སངས་རྒྱས་གྲགས་པ། དྲིན་ཅན་ངག་དབང་ནོར་བུ་མན་གོང་བཞིན་ནོ། །ཡང་སྤྲུལ་པའི་སྐྱེས་མཆོག་རིགས་འཛིན་ཞིག་པོ་གླིང་པས་དགུང་ལོ་སུམ་ཅུ་པ་ལ་རི་བོ་ཁྱུང་ཆེན་ལྡིང་བ་ནས་ཟབ་གཏེར་ཀུན་གྱི་ཐོག་མར་སྤྱན་དྲངས་པའི་སྐུ་གསུམ་ཡོངས་རྫོགས་རྩ་བ་གསུམ་གྱི་གདམས་པ་འབྲས་བུའི་དོན་འཁྲིད་ཀྱི་སྐོར་ལ། ཐང་ཡིག་གི་ཁྱུང་ཚང་བྲག་ལ་སྦས་པའི་གཏེར་ཁ་ནི་ཞེས་པའང་འདི་ཉིད་དོ། །གཏོར་མ་ལ་བརྟེན་ནས་བླ་མའི་དབང་། བུམ་པ་ལ་བརྟེན་ནས་ཡི་དམ་གྱི་དབང་། མེ་ལོང་ལ་བརྟེན་ནས་མཁའ་འགྲོའི་དབང་། བདུད་རྩི་ལ་བརྟེན་ནས་རྩ་བ་གསུམ་གྱི་བྱིན་རླབས་ཀྱི་དབང་རྣམས་ལེགས་པ་མནོས་ནས། རྒྱབ་རྟེན་ལུང་ལ། ཟབ་གཏེར་སྙིང་གི་གདམས་པའི་ཁ་བྱང་ཐེམས་ཀྱི་ལྡེ་མིག །དེ་ལས་བྱུང་བའི་ཆོས་སྡེ་ལ་ཡང་གཏེར་རྩ་གསུམ་སྒྲུབ་པའི་སྐོར། རང་གཞན་གྲོལ་བྱེད་དོན་འཁྲིད་ཀྱི་སྐོར། ཀུན་ལ་གཅེས་པ་རྒྱབ་ཆོས་ཀྱི་སྐོར་དང་གསུམ་ལས། དང་པོ་ནི། རྩ་གསུམ་ཡང་གཏེར་གདམས་སྐོར་དང་པོ་ལ༔ སྲོག་གི་དངས་མ་བླ་མའི་གསང་སྒྲུབ་དང་༔ ཀུན་གྱི་མཐར་ཐུག་ཡི་དམ་བུམ་སྒྲུབ་དང་༔ འགྲོ་འདུལ་དབང་སྡུད་དྷ་ཀི་གནད་དྲུག་དང་༔ དབང་སྒྲུབ་ལག་ལེན་བཞི་ཡིས་གདམས་པ་ཚང་༔ སྐུ་གསུམ་རྒྱ་ཡིས་བཏབ་ཡོད་ས་མཱ་ཡ༔ ཞེས་པ་ལྟར། དངོས་གྲུབ་ཀུན་འབྱུང་སྲོག་གི་དངས་མ་ཕ་དང་འདྲ་བ་བླ་མའི་ཐུགས་སྒྲུབ་དོན་བཅུ་གཅིག་གིས་བསྟན་པ་ཐུགས་སྲས་ཁྱོད་དང་འདི་ཕྲད་ཤོག་གི་མཐའ་ཅན།


GLG003_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མཐར་ཐུག་བདག་གཞན་ཀུན་གྲོལ་ཐུགས་རྗེ་ཆེན་པོའི་ཆོས་ཡི་དམ་བུམ་སྒྲུབ་སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ་ཐང་ལ་ཕོ་ཞིག་རྡོ་རྗེ་ལེགས་ཞེས་པའི་མཐའ་ཅན། འགྲོ་འདུལ་དབང་སྡུད་མ་དང་འདྲ་བ་ཌཱ་ཀི་ཐོད་རྒལ་གནད་ཀྱི་སྒྲུབ་ཐབས་རྣལ་འབྱོར་གསུམ་ལྡན་སྒོ་ནས་སྒྲུབ་པ་ཁྱུང་ཆེན་བྲག་ལ་ཨ་ཐམ་རྒྱའི་མཐའ་ཅན། གདུལ་བྱ་སྨིན་པར་བྱེད་པ་དབང་ཆོག་བདུད་རྩི་བུམ་པ། དེའི་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དབང་དོན་དུ་དྲིལ་བའི་ལག་ལེན་གནད་ཡིག་ཕྲད་ཤོག་གི་མཐའ་ཅན་རྣམས། གཉིས་པ་རང་གཞན་གྲོལ་བྱེད་དོན་འཁྲིད་ཀྱི་སྐོར་ནི། རང་གཞན་གྲོལ་བྱེད་འབྲས་བུའི་དོན་འཁྲིད་ལ༔ མཐའ་རྟེན་ཉམས་ལེན་གོལ་ས་བཅད་ཐབས་དང་༔ དཀྱིལ་འཁོར་གསུམ་དང་རྣལ་འབྱོར་བཞི་ལ་སོགས༔ ལམ་མཆོག་འཁྲིད་ཀྱི་གདམས་པ་དེ་ཡིས་ཚང་༔ ཞེས་པ་ལྟར། དབང་པོ་རབ་འབྲིང་ཐ་མ་གསུམ་ག་ཚེ་གཅིག་གིས་མངོན་འཚང་རྒྱ་བ་ལམ་མཆོག་སྐུ་གསུམ་འབྲས་བུའི་དོན་འཁྲིད། མཐའ་རྟེན་གྱི་མན་ངག་ཇི་ལྟར་ཉམས་སུ་བླང་བའི་གོལ་ས་གཅོད་ཐབས་སངས་རྒྱས་ལག་བཅང་མཁར་ཆེན་བཟས་སློབ་དཔོན་ལ་ཞུས་པ། སྐལ་ལྡན་ཡང་རབ་ཐུག་ཕྲད་ཐེམས་མེད། དུ་འཚང་རྒྱ་བའི་དོན་འཁྲིད་ལག་བཅང་ཞེས་པ་བུ་ཚལ་གསེར་ཁང་དུ་ལྷ་སྲས་ཀྱིས་ཞུས་ཏེ་གནང་བ་འཚོ་རྒྱལ་གྱིས་དཀར་ཆག་ཡི་གེར་བཏབ་པ། རྫོགས་ཆེན་འབྲས་བུ་དོན་གྱི་འཁྲིད་གཞུང་ཚེ་གཅིག་སངས་རྒྱས་ལག་བཅང་གཏེར་བདག་གཙང་བཙན་བྲག་བཙན་ལ་གཏད་པ། ཡང་བཅུད་སྙིང་པོ་སྒྲིལ་བ་དོན་བསྡུས་ནོར་བུའི་གསང་ཐེམས་མེད། འཁྲིད་བཅུད་ཀྱི་ཡང་བཅུད་སྙིང་པོ་ཕྱུང་བ་གཏེར་སྟོན་གྱི་མཛད་པ། དེས་མཛད་པའི་


GLG003_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་གསོལ་འདེབས་བྱིན་རླབས། ཐེམས་མེད། ཆུ་རྒྱུད་ནང་དམིགས་མེད་སྤྲོས་བྲལ་མ། དཀྱིལ་འཁོར་གསུམ་གྱི་སྒྲུབ་ཐབས་ཟབ་མོ་སྲོག་གི་དངས་མ། ལྟ་སྒོམ་སྤྱོད་འབྲས་རྣལ་འབྱོར་བཞིའི་ཞལ་གདམས་འཕྲད་ཆོག་མཐོང་བས་རང་གྲོལ་ཨོ་རྒྱན་ངའི་སྙིང་ཚོགས་ཆུང་དོན་ཆེ་ཚིག་ཚོགས་ཉུང་ངུར་བསྡུས་པ་རྣམས་ནི། གསུམ་པ་ཀུན་ལས་གཅེས་པ་རྒྱབ་ཆོས་ཀྱི་སྐོར་ནི། དེ་དག་ཀུན་ལ་གཅེས་པའི་རྒྱབ་ཆོས་ནི༔ ཚེ་སྒྲུབ་འཕོ་བ་བར་དོ་ངོ་སྤྲོད་དང་༔ སྤྱི་གནད་བླ་རྡོ་ལ་སོགས་གནད་འབེབས་དང་༔ ལག་ལེན་ཐོ་ཡིག་གཏེར་སྟོན་སྐྱེས་རབས་དང་༔ དམ་ཅན་རྡོར་ལེགས་དུག་གི་རེག་གཅོད་དང་༔ བྲག་བཙན་དམར་པོ་ཅོག་བརྡུང་སྤུ་གྲི་སོགས༔ གདམས་སྐོར་བཅོ་བརྒྱད་དག་གིས་ཆོས་ཀ་ཚང་༔ ཞེས་པ་ལྟར། གཤིན་རྗེའི་ཟིན་ཀྱང་བཟློག་པར་ནུས་པ་ཚེ་སྒྲུབ་གཤིན་རྗེའི་གདོང་བཟློག་འདི་ལས་ཟབ་པ་ཡོད་རེ་རྐན་ཞེས་བྲོ་བོར་བ་གསེར་ཁང་གླིང་དུ་ཡི་གེ་བཏབ་པ། དྲན་པས་འཚང་རྒྱ་བ་འོད་གསལ་འཕོ་བའི་གདམས་པ་འཁོར་བ་ལྡོག་མེད། གཏེར་སྟོན་གྱིས་མཛད་པའི་འཕོ་བའི་ཡེ་ཤེས་གསང་ལམ། ལེ་ལོ་ཅན་གྲོལ་བར་བྱེད་པ་བར་དོ་གནད་ཀྱི་ཞལ་གདམས། ཌཱ་ཀི་སྤྱི་གནད་བླ་རྡོའི་འཁོར་ལོ་པདྨའི་སྙིང་ཁྲག །མཁའ་འགྲོའི་གནད་འབབས་བཅུད་ཀྱི་དུམ་བུའི་ཐིགས་པ། མ་འོངས་སྐལ་ལྡན་འདྲེན་ཕྱིར་ཡང་གཏེར་ཞལ་གདམས་སྙིང་གི་དུམ་བུ། ཞལ་གདམས་ཐོར་བུ་འཚོ་རྒྱལ་གྱིས་ཞུས་པའི་ཚིག་གསུམ་མ། ཐེམས་མེད། ཞལ་གདམས་གནད་ཀྱི་ཐོར་བུ་སྨོན་ལམ་འཆལ་བའི་མཐའ་ཅན། ཐེམས་མེད། སྙིང་གཏམ་བཅས་སུ་བཞག་པ་རིགས་ཀྱི་བུ་ལ་དང་དུ་ལོང་ཞིག་པ། ཐེམས་མེད། མཐོང་བས་ཡིད་ཆེས་བསྐྱེད་པ་གཏེར་སྟོན་གྱི་སྐྱེས་རབས་གསལ་བའི་སྒྲོན་མེ་ལུང་བསྟན་ལྡེ་མིག །


GLG003_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་རྡོ་རྗེ་ལེགས་པའི་སྒྲུབ་ཐབས་རེག་གཅོད་དུག་གི་སྤུ་གྲི །བྲག་བཙན་དམར་པོ་སྲོག་གི་ཅོག་བརྡུང་། ཡབ་ཡུམ་གསང་བ། ཐེམས་མེད། བཅུད་ཐིག་གི་རིལ་བུའི་དཀར་ཆག་རྣམས་ལེགས་པར་མནོས་ལ་ལས་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལང་འགྲོ་ལོ་ཙཱ་བ་དཀོན་ཅོག་འབྱུང་གནས། ཆོས་རྒྱལ་ཞིག་པོ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། གཅུང་ངག་དབང་གྲགས་པ། རྗེ་ངག་དབང་ནོར་བུ། རིགས་འཛིན་ནོར་བུ་ཡོངས་གྲགས། མཚུངས་མེད་ནོར་བུ་ཡོངས་གྲགས། པདྨ་གསུང་གི་སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། རིགས་འཛིན་ཆེན་པོ་འཕྲིན་ལས་ལྷུན་གྲུབ། གྲུབ་ཆེན་ཀརྨ་གསང་སྔགས། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་གང་ཤར་རང་གྲོལ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་ནོར་བུ་ཡོངས་གྲགས། ཆོས་སྡིངས་དབང་ཆེན་ལྷུན་གྲུབ། སྤེལ་ལྕོག་སངས་རྒྱས་ཕུན་ཚོགས། ཆོས་ལྡན་འཕྲིན་ལས་བསྟན་འཛིན། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །ལུང་གི་བརྒྱུད་པ་ནི། རིགས་འཛིན་འཕྲིན་ལས་ལྷུན་གྲུབ་ནས། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །རིགས་འཛིན་ཆེན་པོ་ཞིག་པོ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིངས་ཀྱི་བྱང་ངོས་ཟླ་གམ་སྟེང་ནས་ཡར་གཞལ་བའི་གཡས་ཕུག་བྲག་ནས་གདན་དྲངས་པའི་ཕྱག་རྒྱ་ཆེན་པོ་མུན་སེལ་ཉི་མའི་སྙིང་པོ་ཆོས་སྐོར་ལ། ཐེམས་ཡིག་གསེར་གྱི་ཐུར་མ་ཞེས་པ་གབ་འཁྲུགས་མེད་པའི་བཀའ་རྩིས་ཐེམས་བྱང་། དེ་ལས་བྱུང་བའི་ཆོས་སྐོར་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ལ། ལོ་རྒྱུས་


GLG003_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་སྒྲོན་མེ་འཚོ་རྒྱལ། ཤེལ་དཀར་རྡོ་རྗེ་འཚོ། ཤེལ་དཀར་མགོན་སྐྱིད། ལྷ་སྲས་རྣམས་ལ་ཆོས་འདི་གདམས་པའི་མཐའ་ཅན། བརྒྱུད་པའི་གསོལ་འདེབས་ཆོས་ཉིད་སྤྲོས་བྲལ་མ། ཐེམས་མེད། སྔོན་འགྲོ་རིན་པོ་ཆེའི་སྒྲོན་མེ་ཞེས་པ་བླ་མ་སློབ་མ་མན་ངག་གི་མཚན་ཉིད་གསུམ་དང་ལས་འབྲས། སྐྱབས་འགྲོ་སེམས་བསྐྱེད། མནྜལ། བླ་མའི་རྣལ་འབྱོར་དབང་སྟེ་སྤྱི་དོན་དྲུག་གིས་གཏན་ལ་དབབ་པའི་མན་ངག་རྣམས། གཉིས་པ་དངོས་གཞི་ལ་དུས་གསུམ་སངས་རྒྱས་ནམ་མཁའི་སྐར་ཚོགས་ལྟ་བུའི་དགོངས་པ་གཅིག་ཏུ་དྲིལ་བ་ཉི་མ་དང་ཟླ་བ་ལྟ་བུ་ཕྱག་རྒྱ་ཆེན་པོར་མུན་སེལ་ཉི་མའི་སྙིང་པོའི་འཁྲིད་གཞུང་ཆེན་མོ་ཨོ་རྒྱན་པདྨའི་ཐུགས་བཅུད་ཡང་དག་པ། གནད་ཀྱི་གེགས་སེལ་ལྷན་ཐབས་གསལ་སྒྲོན་ཞལ་གྱི་གདམས་པ་དོན་གསུམ་མ་རྣམས། ཐེམས་མེད། གསུམ་པ་རྗེས་ལ། འཁྲིད་ཡིག་གི་རྗེས་ཀྱི་གདམས་པ་ཞེས་པ་སྐྱོང་ཐབས། དམ་ཚིག །བཀའ་རྒྱ། བསྔོ་བ་སྟེ་དོན་བཞིས་སྟོན་པ་རིན་ཅེན་རྒྱན་འཕྲེང་། ཞུ་ལན་ལུང་བྱང་གསལ་བ་འམ་ཟབ་མོ་སྙིང་བྱང་ཞལ་གདམས་རྣམས་ཐོས་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་འཆང་ཆེན། སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ། སློབ་དཔོན་སངས་རྒྱས་གཉིས་པ། ཇོ་མོ་མཁར་ཆེན་བཟའ། ཤེལ་དཀར་རྡོ་རྗེ་འཚོ། ཤེལ་དཀར་རྡོ་རྗེ། ཤེལ་དཀར་མགོན་སྐྱིད། ལྷ་སྲས་མུ་ནེ་བཙན་པོ། ལང་འགྲོ་ལོ་ཙཱ་བ་དཀོན་ཅོག་འབྱུང་གནས། སྤྲུལ་སྐུ་ཞིག་པོ་གླིང་བ། རྒྱལ་སྲས་ཚེ་དབང་གྲགས་པ། མཉམ་མེད་ངག་དབང་གྲགས་པ། དེ་སྲས་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། ཀརྨ་འཕྲིན་ལས་རྒྱ་མཚོ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། དར་སྡིངས་རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཁྱབ་


GLG003_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཆོས་རྒྱལ་རཏྣ་གླིང་པས་གཉལ་སྨད་དགེ་རི་སྤྱང་དམར་ཆོས་རྫོང་གི་གསང་ཕུག་དམར་པོ་གླང་རུའི་དབྱིབས་འདྲ་བ་ནས་སྤྱན་དྲངས་པའི་ཟབ་ཆོས་ནི། བཀའི་རྒྱ་ཐེམས་རིན་ཅེན་སྒྲོམ་བུ་ལས། འདི་ནི་རྗེས་འཇུག་སུ་དང་སུས་བསྒྲུབས་ཀྱང་རྔ་ཡབ་གནས་ནས་གུ་རུ་པདྨ་ཡིས༔ རྒྱུན་ཆད་མེད་པར་ཐུགས་རྗེས་མི་འཛིན་རེ༔ ཐེ་ཚོམ་མེད་དང་དམ་ཚིག་གཙང་བ་གཅེས༔ གསོལ་བ་ཐོབ་ཅིག་རྗེས་འཇུག་རིགས་ལྡན་རྣམས༔ བུ་ལ་དུངས་པའི་མ་ལྟར་བདག་གིས་སྐྱོབ༔ ཉམས་དང་རྨི་ལམ་དངོས་ཀྱི་ཚུལ་དུ་ཡང་༔ ཚུལ་བཞིན་སྒྲུབ་པའི་བུ་དང་ཞལ་མཇལ་ནས༔ ངོ་སྤྲོད་དབང་བསྐུར་ཆོས་འཆད་ལུང་ཡང་སྟོན༔ བསླུས་ན་པདྨ་ཞལ་ནོ་རྗེས་འཇུག་རྣམས༔ ཞེས་པའི་བརྗོད་དོན་ལྟར་ཐུགས་སྒྲུབ་ཀུན་གྱི་ནང་ནས་ཟབ་ཅིང་རྒྱ་ཆེ་བ་དོན་འདྲིལ་བ་བཀའ་གསང་སྙིང་པོའི་ཡང་ཞུན། རིགས་འཛིན་གྲུབ་ཐོབ་རྣམས་ཀྱི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ། ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡིད་བཞིན་གྱི་སྙིང་པོ་བསམ་འཕེལ་ལྟ་བུའི་ཆོས་སྐོར་ལ། ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བ། རྩ་བའི་དབང་ལྔ་རྣམ་པ་ཉི་ཤུས་བྱང་ཆུབ་པ། རྗེས་གནང་གི་དབང་རིམ་བརྒྱད། རིགས་ལྔ་སྐུའི་དབང་། ལྷ་དབང་། སྐུ་གསུང་ཐུགས་ཀྱི་རྗེས་གནང་། རང་ལུས་ནང་གི་དཀྱིལ་འཁོར་ལ་བརྟེན་ནས་གསང་དབང་། བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་། སེམས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཚིག་གི་དབང་། རྗེས་སུ་གནང་བ་འཕྲིན་ལས་བརྒྱད་ཀྱི་དབང་། དམ་ཚིག་བསྒྲགས་ཅིང་ཐེ་ཚོམ་


GLG003_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་དང་བཅས་སོ། །དབང་ཆོག་ཡིད་བཞིན་ནོར་བུའི་སྟེང་ནས་༼ཁྲ༽བརྒྱུད་འཛིན་འགྲོ་དོན་ནུས་པའི་བུ་ལ་གདམས་པ་གཏད་རྒྱའི་དབང་རྣམས་སྨིན་རྒྱས་སུ་མནོས་ནས། རྒྱབ་རྟེན་ལུང་ལ། ཐུགས་སྒྲུབ་ཡོངས་རྫོགས་ཡང་སྙིང་འདུས་པའི་བཀའ་རྒྱ་ཐེམས་བྱང་རིན་ཅེན་སྒྲོམ་བུ། དེ་ཉིད་ལས། གདམས་པ་འདི་ལ་ཆོས་སྐོར་རིམ་གསུམ་སྟེ༔ སྒྲུབ་བ་སྒྲུབ་ཆེན་ཁ་སྐོང་ལས་ཚོགས་སྐོར༔ ཞེས་གསུངས་པ་ལྟར། སྤྲོས་མེད་རང་དོན་ཚེ་གཅིག་སངས་རྒྱས་སྒྲུབ་པ་བླ་མ་སྐུ་གསུང་སྒྲུབ་པའི་སྐོར། སྤྲོས་བཅས་གཞན་དོན་དུ་འཁོར་ཚོམ་བུ་དང་བཅས་བྱང་ཆུབ་བསྒྲུབ་པ་སྒྲུབ་པ་ཆེན་པོའི་སྐོར། དེ་དག་གི་མ་ཚང་བའི་ཁ་སྐོང་ཞིང་འཕྲིན་ལས་གཞན་ཕན་སྒྲུབ་པ་ལས་སྣ་ཚོགས་པའི་སྐོར་དང་གསུམ། དང་པོ་ལ། བསྙེན་སྒྲུབ་དམར་འཁྲིད་སྒྲུབ་པའི་ཁོག་འབུབས་དང་༔ སྐུ་གསུམ་རང་རང་སྒྲུབ་པའི་སྐོར་ལ་གསུམ༔ སྙིང་པོའི་གདམས་པ་གསང་འཁྲིད་རིམ་ལྔ་དང་༔ སྐུ་གསུམ་ཐུགས་འཁོར་སྒྲུབ་པའི་ཁ་སྐོང་ཡིན༔ དེ་བས་མང་ཉུང་བྱུང་ན་ལྷག་ཆད་དེ༔ མཐར་ཐུག་སྙིང་པོའི་དོན་ཡིག་སྙིང་ལ་ཆོངས༔ ཞེས་པ་ལྟར། བླ་མ་སྐུ་གསུམ་སྒྲུབ་པའི་ཁོག་ཕུབ་སྦྱོར་བ་སྤྲ་འཁྲིད་ཆེན་མོ་དོན་གསུམ་གྱིས་བསྟན་པ་བསྙེན་སྒྲུབ་ཁོ་ནའི་སྒྲུབ་ཁོག །བླ་མ་སྤྲུལ་སྐུར་སྒྲུབ་པ་བསྙེན་སྒྲུབ་ལས་སྦྱོར་གསུམ་ཚང་བ་ཟབ་པའི་མཐར་ཐུག །བླ་མ་ལོངས་སྐུའི་སྒྲུབ་པ་བསྙེན་སྒྲུབ་ལས་སྦྱོར་ཚང་བ་མཐར་ཐུག་དོན་གྱི་སྙིང་པོ་ཨོ་རྒྱན་གསུང་བཞིན་ནམ་མཁའི་སྙིང་པོས་བྲིས་པ། བླ་མ་ཆོས་སྐུའི་སྒྲུབ་ཐབས་སྒྲུབ་པ་ཀུན་གྱི་སྙིང་མཆོག་ཨོ་རྒྱན་ཐུགས་ཀྱི་ཡང་བཅུད་གསང་སྒྲུབ་རྗེས་ཀྱི་ལས་སྦྱོར་དང་བཅས་པ། གུ་རུ་སྐུ་ལྔའི་གསང་འཁྲིད་རིམ་པ་ལྔ་པ་ཞེས་པ་འདོད་ཆགས་ཀྱི་ངོ་བོ་སྦྱང་བ་བདེ་སྟོང་གཏུམ་མོའི་འཁྲིད། ཞེ་སྡང་


GLG003_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་སྦྱང་བ་སྒྱུ་ལུས་བར་དོའི་འཁྲིད། གཏི་མུག་གི་ངོ་བོ་སྦྱང་བ་རྨི་ལམ་འོད་གསལ་གྱི་འཁྲིད། ང་རྒྱལ་གྱི་ངོ་བོ་སྦྱང་བ་མཉམ་ཉིད་ཕྱག་ཆེན་གྱི་འཁྲིད། ཕྲག་དོག་གི་ངོ་བོ་སྦྱང་བ་བོགས་འདོན་གསང་སྤྱོད་ཀྱི་འཁྲིད་རྣམས་སྟོན་པ་མཁར་ཆེན་བཟས་ཡི་གེར་བཀོད་པ། སྒྲུབ་པ་ལ་བར་གཅོད་མི་འབྱུང་ཞིང་དངོས་གྲུབ་ཆར་ལྟར་འབེབས་པ་སྟེང་འཁོར་གསང་འོག་འཁོར་རྣམས་ཀྱི་བྲི་ཡིག །རྩ་གསུམ་རང་དང་འདུ་འབྲལ་མེད་པའི་གཅེས་གནད་བླ་རྡོ་སྲོག་འཁར་བྲི་ཡིག་དང་བཅད་ཐབས་བསྟན་པ། གསང་འཁྲིད་གཏུམ་མོའི་ཆ་ལག་ལུས་སྦྱོར་འཁྲུལ་འཁོར་རྩ་ཚིག ། ཐེམས་མེད། རྩ་རླུང་ཐིག་ལེའི་ཟབ་མོའི་གནད་ཀྱི་གེགས་སེལ་ཆིག་བརྒྱུད་མ་གཏོགས་མི་སྤེལ་བར་པདྨའི་ཤངས་ཚལ་ལས་སྣག་ཚ་བྱས་ཏེ་བྱིན་རླབས་ཀྱི་ཡི་གེར་བཀོད་པ། ཐེམས་མེད། ཟབ་མོ་ཐབས་ལམ་ཟུང་འཇུག་རྡོ་རྗེ་གསང་བའི་ཐེམ་སྐས་སྤྱི་དོན་ལྔས་བསྟན་པ་རིགས་འཛིན་པདྨས་སྦྱར་བ། ཐེམས་མེད། དེའི་བུ་ཡིག་མཚན་ལྡན་ཕྱག་རྒྱའི་མཚན་དཔྱད་དྲི་མེད་ཤེལ་གྱི་མེ་ལོང་ཨྱོན་པདྨ་སམ་བྷ་ཝས་བཀོད་པ་རྣམས། ཐེམས་མེད། གཉིས་པ་སྤྲོས་བཅས་གཞན་དོན་དུ་འཁོར་ཚོམ་བུ་དང་བཅས་བྱང་ཆུབ་བསྒྲུབ་པ་སྒྲུབ་པ་ཆེན་པོའི་སྐོར་ལ། རྩ་བ་ཡན་ལག །ཁ་སྐོང་དང་གསུམ། དང་པོ་ལ། གསང་སྒྲུབ་ཆེན་པོའི་ཐེམས་བྱང་བསྟན་པ་ནི༔ སྒྲུབ་ཁོག་ཆེན་མོ་ཀུན་གྱི་སྐྱེ་བྱེད་མ༔ དབང་གི་རྫོང་ཆེན་གསང་དབང་སྐོར་དང་གསུམ༔ དབང་བྱང་བཀའ་བ་དེ་བཞི་མ་ཡིག་ཡིན༔ དེ་ཡི་བུ་ཡིག་འཛབ་དགོངས་མེ་མཆོད་དང་༔ གཞལ་ཡས་དོན་བསྟོད་དེ་གསུམ་བུ་ཡིག་གོ༔ ཞེས་པ་ལྟར། སྒྲུབ་པ་ཆེན་པོའི་ཁོག་འབུབས་སྤྲ་འཁྲིད་དབང་གི་གྲུ་བོ་ཞེས་པ་ཇོ་མོ། གནུབས་ནམ་སྙིང་


GLG003_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག །གནུབས་སངས་རྒྱས་ཡེ་ཤེས། ལང་འགྲོ་དཀོན་ཅོག་འབྱུང་གནས་ལྔའི་དོན་དུ་མཛད་པ། ཐུགས་སྒྲུབ་ཆེན་མོའི་དབང་གི་རྫོང་ཆེན་དོན་བདུན་གྱི་སྒོ་ནས་བསྟན་པ། དབང་གོང་མ་གསུམ་གྱི་བསྐུར་ཐབས་གསང་དབང་གསེར་གྱི་ཐེམ་སྐས་ཨྱོན་གྱིས་མཛད་པ། སྟ་གོན་གྱི་ལྷན་ཐབས་མན་ངག་དབང་བྱང་བཀོལ་བ་ཨོ་རྒྱན་ཆེན་པོས་མཛད་པ་རྣམས། གཉིས་པ་ཡན་ལག་ལ། འཛབ་བསྟོད་གསལ་བའི་འཕྲེང་བ། འཕྲིན་ལས་བཞི་མྱུར་འགྲུབ་མེ་མཆོད་སྦྱིན་སྲེག་གི་ཆོ་ག་ཟབ་མོ་ཨོ་རྒྱན་གསུང་བཞིན་གནུབས་བན་ནམ་མཁའི་སྙིང་པོས་བཀོད་པ། གཞལ་ཡས་དོན་བསྟོད་མ་བཅོས་རང་བཞིན་མ་འཚོ་རྒྱལ་གྱིས་བཀོད་པ་རྣམས། གསུམ་པ་ཁ་སྐོང་ལ། འཁོར་བ་དོང་སྤྲུག་མྱོང་གྲོལ་སྐྱེ་བདུན་ཀྱི་སྒྲུབ་པའི་མན་ངག་བསམ་ཡས་དབུ་རྩེ་བྱང་ཆུབ་ཆེན་པོ་སྐུ་རྒྱབ་ནས་སྤྱན་དྲངས་པ། ཐེམས་མེད། བདུད་རྩི་སྨན་གྱི་ཕོ་བྲང་ལ་རིགས་འཛིན་བྱིན་འབེབས་ཆེན་པོ་ཨྱོན་གསུང་བཞིན་མཁར་ཆེན་བཟས་བཀོད་པ། གྲུབ་ཆེན་གསང་བའི་ལས་སྦྱོར་གཏོར་མ་ཟོར་དུ་འཕང་བའི་བསྐུལ་བྱང་དམ་བདར་འོག་མིན་ཆོས་དབྱིངས་མ་ལན་ཅིག་ནི་ཐེམས་མེད། བརྗོད་པས་དམ་ཅན་ལས་ལ་རྒྱུགས་པ་བསྟན་པ་བསྲུང་བའི་མཚོན་ཆ་རྣམས། གསུམ་པ་དེ་དག་གི་མ་ཚང་བ་ཁ་སྐོང་ཞིང་འཕྲིན་ལས་གཞན་ཕན་སྒྲུབ་པ་ལས་ཚོགས་ཀྱི་སྐོར་ལ། གསང་སྔགས་སྤྱི་སྡོམ། སྒྲུབ་དབང་ཀུན་གྱི་ཁ་སྐོང་རྣལ་འབྱོར་མནོག་ཆོས་སྒྲུབ་པའི་རང་གཞུང་། གདམས་སྐོར་ཡོངས་རྫོགས་ཀྱི་ཁ་སྐོང་། རྣལ་འབྱོར་རྐྱེན་བཟློག་ཉམས་ཆག་ཀྱི་ཁ་སྐོང་། གསང་སྔགས་བརྒྱུད་འཛིན་སྤྱི་ལ་གཅེས་པའི་ཆོས། འཕྲིན་ལས་ཁ་བསྒྱུར། གང་འདུལ་གདུལ་བྱའི་རེ་བ་སྐོང་བའི་ཆོས། སྒྲུབ་པ་མཐར་འདོན་


GLG003_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་བ་འདོར་བའི་ཆོས། ངོ་མཚར་བསྐྱེད་པ་དང་གནས་སྐབས་ཉེར་མཁོའི་ལས་ཕྲན་དང་བཅུ། དང་པོ་ནི། ཁ་སྐོང་ལས་ཚོགས་སྐོར་ལ་རྒྱ་ཐེམས་ནི༔ ཆོས་སྤྱོད་ལམ་རིམ་གསང་སྔགས་སྤྱི་ཡི་སྡོམ༔ ཞེས་པ་ལྟར། གསང་སྔགས་སྤྱི་ཆིངས་ཆོས་སྤྱོད་ལམ་གྱི་རིམ་པ་ཆེན་མོ་ཨྱོན་ཆེན་པོས་མཛད་པ། གཉིས་པ་སྒྲུབ་དབང་ཀུན་གྱི་ཁ་སྐོང་ནི། ལས་བྱང་སྒྲུབ་མཆོད་ཀུན་གྱི་ཁ་སྐོང་ཡིན༔ ཞེས་པ་ལྟར། བསོད་ནམས་ཚོགས་ཆེན་རྫོགས་ཤིང་བླ་མེད་འབྲས་བུ་ཐོབ་པར་བྱེད་པ་ལས་བྱང་རིན་ཅེན་འཕྲེང་བ་སློབ་དཔོན་གྱིས་གསུང་བཞིན་གནུབས་ནམ་མཁའི་སྙིང་པོས་བཀོད་པ། ལས་བྱང་སྒོམ་ཁོག་འབྲུ་འགྲེལ་མུན་སེལ་སྒྲོན་མེ་གཏེར་སྟོན་གྱིས་མཛད་པ། ཐེམས་མེད། ལས་བྱང་གི་ཁ་སྐོང་བླ་སྒྲུབ་ཕྱི་ནང་གསང་གསུམ་གྱི་མཆོད་འཕྲེང་གནུབས་ནམ་སྙིང་གིས་བཀོད་པ་རྣམས། ཐེམས་མེད། གསུམ་པ་རྣལ་འབྱོར་མནོག་ཆོས་སྒྲུབ་པའི་རང་གཞུང་ནི། བདུད་རྩི་སྨན་སྒྲུབ་དྲག་པོའི་ཧཱུྃ་སྒྲུབ་གཉིས༔ རྣལ་འབྱོར་མནོག་ཆོས་སྒྲུབ་པའི་རང་གཞུང་ཡིན༔ ཞེས་པ་ལྟར། ཡོན་ཏན་ཀུན་འབྱུང་བདུད་རྩི་སྨན་གྱི་གསང་སྒྲུབ་ཆེན་མོ་མདོ་དོན་རིམ་པ་གསུམ་གྱིས་བསྟན་པ་ཨྱོན་མཁན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ། ཐུགས་བཅུད་གསང་བ་བླ་ན་མེད་པ་དྲག་པོ་ཐུགས་ཀྱི་ཧཱུྃ་སྒྲུབ། རྩ་བརྒྱད་ཡན་ལག་སྟོང་གི་རྣམ་པར་དབྱེ་བའི་ལྡེ་མིག་བདུད་རྩི་སྨན་གྱི་སྒྲུབ་པའི་ཡིག་ཆུང་སློབ་དཔོན་ཉིད་ལ་ཞུས་ཏེ་འཚོ་རྒྱལ་གྱིས་ཡི་གེར་བཀོད་པ། ཐེམས་མེད། བདུད་རྩི་སྨན་སྒྲུབ་ཀྱི་གནད་བྱང་སྤྲ་འཁྲིད་ལག་ལེན་ཡིག་ཆུང་བཀོལ་བ། དམ་སྲི་མྱུལ་ལེ་བརྟག་པ་དང་འདུལ་རྫས་སྨན་གྱི་སྲུང་མ་ཀུན་ཐུབ་རྒྱལ་མོའི་བསྐུལ་དང་བཅས་པ། ཐེམས་མེད། སྲུང་མ་རྣམས་ཀྱིས་དངོས་གྲུབ་སྐྱེལ་བའི་རྟགས་དང་དངོས་གྲུབ་བསྐུལ་ཆོག་


GLG003_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གནད་འཕྱོང་ཟབ་མོ་སིདྡྷི། ཐེམས་མེད། བདུད་རྩི་སྨན་གྱི་མན་ངག་ཡིག་ཆུང་བཀོལ་བ་ལྷ་དང་རྨུ་ཐག་སྦྲེལ་བའི་ལག་ལེན་ཟབ་མོ། ཐེམས་མེད། སྒྲུབ་པའི་ཡོ་བྱད་ཕུན་སུམ་ཚོགས་པ་གསོག་ཐབས་ལེའུ་གསུམ་པ་གུད་དུ་བཀོལ་བ་རྣམས། ཐེམས་མེད། བཞི་པ་གདམས་སྐོར་ཡོངས་རྫོགས་ཀྱི་ཁ་སྐོང་ནི། ས་དཔྱད་གཏེར་ལུང་གཏད་རྒྱ་གསང་བ་གསུམ༔ གདམས་སྐོར་ཡོངས་རྫོགས་ཀུན་གྱི་ཁ་སྐོང་ཡིན༔ ཞེས་པ་ལྟར། སྒྲུབ་པའི་གནས་ཀྱི་ས་དཔྱད་འཕྲིན་ལས་བཞི་སྤྱི་མཐུན་དང་བྱེ་བྲག་ཏུ་རྒྱས་པར་བསྟན་པ་གསེར་གྱི་ལྡེ་མིག་པདྨས་མ་འོངས་དོན་དུ་བརྩམས་པ། གཏེར་ལུང་གསལ་བའི་མེ་ལོང་ཞེས་པ་བྲམ་ཟེ་པྲ་ཆེན་ཧསྟིའི་ཐུགས་ཀྱི་ཞུན་ཐིགས་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྱན་དྲངས་པ་སོགས་ངོ་མཚར་རྟེན་དང་དམ་རྫས་ཀྱི་ལོ་རྒྱུས། ཐུགས་སྒྲུབ་སྤེལ་བའི་གསང་བའི་ཞལ་གདམས་རྒྱ་ཐེམས་གཏད་རྒྱ་གསང་བ་རྣམས། ལྔ་པ་རྣལ་འབྱོར་རྐྱེན་བཟློག་ཉམས་ཆགས་ཀྱི་ཁ་སྐོང་ནི། བཀང་བཤགས་དང་ནི་གཏོར་བཟློག་ཆེན་མོ་གཉིས༔ རྣལ་འབྱོར་རྐྱེན་བཟློག་ཉམས་ཆགས་བཀང་མདོས་ཡིན༔ ཞེས་པ་ལྟར། བླ་མ་ཡི་དམ་མཁའ་འགྲོའི་བཀང་བཤགས་དྲི་མེད་རབ་གསལ་སློབ་དཔོན་ཆེན་པོས་མཁར་ཆེན་བཟའ་ལ་གདམས་པ། མཁའ་འགྲོ་གསང་བའི་གཏོར་བཟློག་ཆེན་མོ་ཟོར་ཅོག་༼སྤེ༽དང་བཅས་པ་ཤིན་ཏུ་ཟབ་པ་སྙིང་ཁྲག་གི་དངས་མ་ལྟ་བུ། མཁའ་འགྲོ་གསང་བའི་ལས་བྱང་ཆེན་མོ་ཚོགས་མཆོད་དང་༼ཀ༽བཅས་པ་སྦྱོར་དངོས་འཇུག་གསུམ་གྱིས་བསྟན་པ། མཁའ་འགྲོ་འབུམ་ཚོ་ཉི་ཤུའི་བསྐུལ་དུར་ཁྲོད་རབ་༼ཀ༽འཇིགས་མ་བྲོ་བརྡུང་དང་བཅས་པ། མཁའ་འགྲོ་གླིང་བཞི་སྲིད་པ་སྤྱི་མདོས་རྫས་བསག་པ། འཕྲིན་ལས་གྱེར་པ་ཟོར་འཕང་སྟེ་གསུམ་གྱིས་བསྟན་པ་ཤིན་ཏུ་བཀའ་གཉན་པ་སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་གིས་མཛད་པ། མཁའ་འགྲོ་གསང་བའི་གཏེར་


GLG003_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་གི་ལས་ཚོགས་ཞེས་པ་དལ་ཡམས། དམག་འཁྲུག་བཟློག་པ། གདོན་ཆེན། སྨྱོ་བོག་འདུལ་བ། ལྟས་ངན་བཟློག་པ། རུ་ཏྲ་བསྒྲལ་བ། རྦོད་གཏོང་བཟློག་པ་སྟེ་ཁ་བསྒྱུར་བདུན་གྱིས་བསྟན་པ། མཁའ་འགྲོ་བསུ་བཟློག་གི་ལག་ལེན་འཕྱོང་དང་བཅས་པ། མཁའ་འགྲོའི་བསུ་བཟློག་དར་ལམ་ཞུས་ལན་བདུན་པ་གོང་མ། སློབ་དཔོན་གྱི་བྱ་བའི་ཞུས་ལན་བདུན་རྟིང་མ་ཞར་བྱུང་མཁའ་འགྲོ་རྣམས་ཀྱིས་མགྲིན་གཅིག་ཏུ་བཞུགས་པར་གསོལ་བ། བསུ་བཟློག་གི་མདོས་གཞུང་འོག་མ་བཟློག་བསྒྱུར་རྣམས། དྲུག་པ་གསང་སྔགས་བརྒྱུད་འཛིན་སྤྱི་གཅེས་ཀྱི་ཆོས་ནི། ཞལ་ཐེམས་གསང་བ་རྒྱུད་གཏད་ཆོ་ག་གཉིས༔ གསང་སྔགས་བརྒྱུད་འཛིན་སྤྱི་ལ་གཅེས་པ་ཡིན༔ ཞེས་པ་ལྟར། རྗེ་འབངས་ལྔས་གསང་འཁྲིད་རིམ་ལྔ་ཞུས་དུས་གསུངས་པའི་བསྐྱེད་རྫོགས་གཉིས་ཀའི་ཞལ་གདམས་གནད་ཀྱི་འཕྲེང་བ་མཁར་ཆེན་བཟས་ཡི་གེར་བཀོད་པ། སྐལ་ལྡན་གྱི་བུ་ལ་བརྒྱུད་པ་གཏད་པའི་རྗེས་གནང་ངམ་གདམས་པ་གཏད་རྒྱའི་དབང་ཆོག་ཡིད་བཞིན་ནོར་བུ་པདྨ་ཐོད་འཕྲེང་གིས་དགེ་བ་མཐའ་རྒྱས་ཀྱི་གཙུག་ལག་ཁང་དུ་མཛད་པ། བདུན་པ་འཕྲིན་ལས་ཁ་བསྒྱུར་ནི། སྟོབས་ལྡན་རླུང་འཁོར་འཕྲིན་ལས་སྒྲུབ་པའི་སྐོར༔ ཞེས་པ་ལྟར། འབྱུང་བ་རླུང་ལ་ལས་བཅོལ་ནས་འཕྲིན་ལས་བཞི་མྱུར་དུ་འགྲུབ་བྱེད་སྟོད་ལྡན་དྲག་པོ་རླུང་གི་འཁོར་ལོ། དེའི་ཆ་རྐྱེན་འབྱུང་བ་རླུང་གི་འཁོར་ལོའི་གནད་ཐེམས་སམ་མན་ངག་ཞལ་ཤེས་ལས་བྱེད་རླུང་འཁོར། ཐེམས་མེད། གཞུང་དུ་མ་ཐུས་པའི་སྔགས་བྱང་རླུང་འཁོར་གྱི་མན་ངག་ཞལ་ཤེས་གུད་དུ་སྦས་པ་བཅུ་བཞི་རྣམས། ཐེམས་མེད། བརྒྱད་པ་གང་འདུལ་གདུལ་བྱའི་རེ་བ་སྐོང་བའི་ཆོས་ནི། རྟེན་གསུམ་རབ་གནས་བདུན་ཚིགས་གཤིན་དོན་སོགས༔ གང་འདུལ་རེ་སྐོང་


GLG003_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱའི་དོན་ཆེན་ཡིན༔ ཞེས་པ་ལྟར། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་དྲི་མེད་རབ་ཏུ་གསལ་བའི་སྒྲོན་མེད་སློབ་དཔོན་པདྨ་སཾ་བྷ་ཝས་མཛད་པ། གཤིན་དོན་བདུན་ཚིགས་ཀྱི་རིམ་པ་འཁོར་བ་དོང་སྤྲུག་སློབ་དཔོན་ཆེན་པོ་པདྨས་མཛད་པ། དེས་མཛད་པའི་རོ་བསྲེག་གི་ཆོ་ག་མདོར་བསྡུས་གནས་ངན་བག་ཆགས་ཕྱིར་མི་ལྡོག་པ། སྐུ་གདུང་སཱཙྪའི་རིམ་པ་ཞེས་པར་ནང་གསེས་ཀྱི་དངོས་གཞི་དང་ལས་ཚོགས་ལ་འབྱུང་བཞིའི་སཱཙྪ། བྱང་ཆུབ་སྒྲུབ་པ། སྒྲིབ་སྦྱོང་། ཚེ་སྒྲུབ། ནོར་སྤེལ། སྲིའུ་གསོ་བ། ཕུར་ཁ་ཟོར་ཁ་བཟློག་པ། འདུལ་ཁྲིམས་ཉམས་གསོ། དམ་ཚིག་ཉམས་གསོ། ཞི་རྒྱས་དབང་དྲག་གི་ཁ་བསྒྱུར་བསྟན་པ་ཨྱོན་ཆེན་པོའི་གསུང་བཞིན་མཁར་ཆེན་བཟའ་ཆོས་འབྱུང་ཀོ་རོ་བྲག་ཏུ་བཀོད་པ་རྣམས། དགུ་པ་སྒྲུབ་པ་མཐར་འདོན་གཡེང་བ་འདོར་པའི་ཆོས་ནི། བཅུད་ལེན་ཟབ་མོ་སྟོབས་བསྐྱེད་ཚེ་སྒྲུབ་རྣམས༔ སྒྲུབ་པ་མཐར་འདོན་གཡེང་བ་འདོར་ཆོས་ཡིན༔ ཞེས་པ་ལྟར། ཤིན་ཏུ་ཟབ་པ་འོད་ལྡན་རྟག་ཏུ་ངུའི་བཅུད་ལེན་ཞེས་པ་རྟག་ཅིང་འཐུ་བ། བསྐམས་ཏེ་འཐག་པ། བརྡུང་ཞིང་བྱིན་གྱིས་བརླབ་པ་རིལ་བུ་སྦྱར་བ། ལས་སྣ་ཚོགས་ཀྱི་སྒོ་ནས་ཟ་ཐབས་ཏེ་དོན་ལྔས་བསྟན་པ། ཚེ་སྒྲུབ་གསང་བའི་བཀའ་རྒྱ་མ་ཞེས་པ་ཕྱག་རྒྱ་མ་ཚེ་ལམ་ཅན་མཚན་ལྡན་ལ་བརྟེན་ནས་བསྒྲུབ་པ་དང་དམིགས་བཟླས་ལ་བརྟེན་ནས་བསྒྲུབ་པ། བྱ་སླ་ཚེགས་ཆུང་ཡོན་ཏན་ཆེ་བ་གསང་ཆེན་བདུད་རྩིའི་བཅུད་ལེན་རྣམས་ཐེམས་མེད། བཅུ་པ་ངོ་མཚར་བསྐྱེད་པ་དང་གནས་སྐབས་ཉེར་མཁོའི་ལས་ཕྲན་ལ། དཔལ་བསམ་ཡས་སུ་རྗེ་འབངས་ལྔས་ཐུགས་སྒྲུབ་ཞུས་དུས་ལང་འགྲོ་དཀོན་ཅོག་འབྱུང་གནས་ཀྱིས་གསེར་གྱི་མནྜལ་གཡུའི་ཕྲ་ཅན་ཕུལ་ནས་ཞུས་པའི་ཞུ་ལན་ཆེན་མོ་གནད་ཀྱི་ལྡེ་མིག་ཞལ་གདམས་


GLG003_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྒྱ་མ་ཐེམས་མེད། ཇོ་མོ་དང་ལོ་ཙཱ་བ་གཉིས་བསྡུར་ནས་བསམ་ཡས་དབུ་རྩེ་བར་མའི་ཤར་སྒོར་ཡི་གེར་བཀོད་པ། སྔོན་འགྲོ་ཐོད་པ་བརྟག་ཅིང་བཅས་བཤམ་པ། དངོས་གཞི་སྒྲུབ་ཅིང་རྟགས་དང་ལས་སྦྱོར་དམ་ཚིག །ལོ་རེ་བཞིན་བསྐྱར་སྒྲུབ་ཕན་ཡོན། རྗེས་འབྲས་བུ། ཞར་བྱུང་འཁོར་ལོའི་བྲིས་ཡིག་བསྟན་པའི་ཐོད་སྒྲུབ་རིན་ཅེན་འབར་བ། ཐེམས་མེད། གུད་དུ་སྦས་པའི་ལས་ཚོགས་བཅོ་ལྔ་ཞེས་པ་སྒྲིབ་ཤིང་། ཐེམས་མེད། རྫས་ཀྱི་རས་རྐྱང་བྱ་བ། ཕྱག་རྒྱ་དབང་བསྡུད། གདོན་ཆེན་འདོན་པ། རིམས་ནད་དྲག་པོ་དམར་ནད་རྒྱུ་གཟེར། ཞོ་ཆང་། ཕྱུགས་ནད་གློ་གོར་བསྲུང་བ། མེ་ཏོག་ནམ་མཁར་སྡོད་པ། གཏོར་མ་དང་བུམ་ཆུ་ཁོལ་བ། མངོན་ཤེས་བསྒྲུབ་པ། བསྐྲད་པ་དང་དཀྲུག་པ། རྦོད་གཏོང་བྱད་བཟློག་དང་བཅས་པ་རྣམས་རྫོགས་པར་ཐོབ་པ་ལས་སྤེལ་ཀ་ཁྲའི་རྟགས་ཡོད་པ་མ་གཏོགས་པའི་དབང་ལུང་གཉིས་ཀའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་ཐོད་འཕྲེང་རྩལ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གནུབས་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས། བཙུན་པ་རྒྱལ་བ་མཆོག་དབྱངས། མངའ་བདག་ཁྲི་སྲོང་ལྡེ་བཙན། ལང་འགྲོ་དཀོན་ཅོག་འབྱུང་གནས། ཤེལ་དཀར་རྡོ་རྗེ་འཚོ། གཏེར་སྟོན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། ཐུགས་སྲས་ངག་དབང་གྲགས་པ། མཚུངས་མེད་ངག་དབང་ནོར་བུ། རིགས་འཛིན་ཚེ་དབང་ཡོངས་གྲགས། ཀརྨ་འཕྲིན་ལས་རྒྱ་མཚོ། མང་ཐོས་དྷརྨའི་མཚན་ཅན། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་གྱི་བནྡེའི་མནོག་ཆོས་སུ་སྩལ་བའི་བཀའ་དྲིན་ནི་བྱང་ཆུབ་


GLG003_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་ཡང་གཞལ་བར་དཀའོ། །དབང་། ལས་བྱང་། ཆོས་སྤྱོད་ལམ་རིམ་ཆེན་པོ་གསུམ་གྱི་བརྒྱུད་ལུགས་གཅིག་ནི། ཐུགས་སྲས་ངག་དབང་གྲགས་པ་ནས། རྗེ་སངས་རྒྱས་བརྩོན་འགྲུས། རྗེ་སངས་རྒྱས་བདེ་ཆེན། མཁས་གྲུབ་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ལའོ། །སྟོབས་ལྡན་རླུང་འཁོར་གྱི་གཞུང་། དེའི་ཞལ་ཤེས་ལས་བྱེད་རླུང་འཁོར། ཕོ་འཁོར་མོ་འཁོར་བར་འཁོར། ཞི་དྲག་གི་སྒྲོ་འདབ། རླུང་ཁང་གི་དཔེ་རིས་དང་ཕྱག་ལེན་ཞལ་ཤེས་དམར་འཁྲིད་བཅས་ཐོབ་པའི་བརྒྱུད་པ་ནི། རིགས་འཛིན་ཚེ་དབང་ཡོངས་གྲགས་ནས། སྡེ་བ་ཡུག་པ་ནོར་བུ་དབང་རྒྱལ། ཟུར་བླ་མེད་རྡོ་རྗེ་རྩལ། རླུང་མི་འགྱུར་རྡོ་རྗེ། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ཐུགས་སྲས་ངག་དབང་གྲགས་པ་ནས་བླ་མ་བསོད་ནམས་རྒྱ་མཚོ། མེ་ལོང་དཀོན་པ་པདྨ་གར་དབང་། སྣང་གསལ་བ་དྲུང་དཀོན་ཅོག་པ། རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཀུན་མཁྱེན་རྩ་བའི་བླ་མ། དེས་བདག་ལའོ། །ཀའི་རྟགས་ཡོད་པའི་བརྒྱུད་པ་ནི། དར་སྡིངས་རིགས་འཛིན་འཕྲིན་ལས་ལྷུན་གྲུབ་ནས། གྲུབ་ཆེན་ཀརྨ་གསང་སྔགས། ཁྱབ་བདག་ཁྲ་ཚང་བ་ཆེན་པོ། དེས་བདག་ལའོ། །སྤེའི་རྟགས་ཡོད་པའི་བརྒྱུད་པ་ནི། ཀརྨ་འཕྲིན་ལས་རྒྱ་མཚོ་ནས། སྤེ་ལྕོག་བླ་མ་དགེ་སློང་སངས་རྒྱས་ཕུན་ཚོགས། ཐུགས་སྲས་ཆོས་རྗེ་ཆོས་བཟང་། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཁྲའི་རྟགས་ཡོད་པའི་གདམས་གཏད་དབང་བརྒྱུད་ནི། རྒྱལ་སྲས་ཚེ་དབང་གྲགས་པ་ནས། བླ་མ་ཀུན་དགའ་གྲགས་པ། རྗེ་ཀུན་དགའ་བསྟན་འཛིན། གུ་རུ་ཨྱོན་བསྟན་འཛིན། རིགས་འཛིན་
འཇའ་ཚོན་སྙིང་པོ། རྩེ་ལེ་སྤྲུལ་སྐུ་པདྨ་ལེགས་གྲུབ་རྩལ། སྔགས་འཆང་ཀརྨ་གསང་སྔགས། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །

སྤྲུལ་པའི་གཏེར་སྟོན་ཞིག་པོ་གླིང་པས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།


GLG003_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་གཟིམས་ཁང་རྟ་རྒྱུན་བྱང་ཕྱོགས་ཀྱི་དཀྱིལ་འཁོར་ཟླ་གམ་སྟེང་གི་བྲག་ལ་རིན་པོ་ཆེའི་དོང་ཙེ་ཀླུའི་ནོར་བུར་རྒྱ་རིམ་བདུན་བཏབ་པའི་བླ་མ་དྲག་པོ་ཐུགས་སྒྲུབ་མེའི་འཁོར་ལོའི་ཆོས་སྒོར་སྤྲུལ་པའི་གཏེར་སྟོན་ཞིག་པོ་གླིང་པས་བྱི་བའི་ལོ་ལ་སྤྱན་དྲངས་པ་ནི། ཐེམས་ཡིག་རིན་ཅེན་གཏེར་མཛོད་ལས། འོན་ཀྱང་གུ་རུ་དྲག་པོའི་གཏེར་ཁ་འདི༔ མཐའ་དབུས་ཀུན་ཏུ་ལྔ་ལས་སྦས་པ་མེད༔ དེ་རྣམས་ནང་ནས་ཡང་ཟབ་སྙིང་ལྟ་བུ༔ མཐར་ཐུག་ཐུགས་བཅུད་སྙིང་པོའི་ཡང་ཞུན་འདི༔ ཞེས་དང་། དེ་ལྟར་ཐུགས་སྒྲུབ་དྲག་པོའི་རྒྱ་ཐེམས་བཅས༔ ལྷོ་གཏེར་རིན་ཅེན་འབྲས་བུའི་ཚུལ་དུ་སྦས༔ ཞེས་གསུང་པའི་བོད་ཡུལ་དྲག་སྒྲུབ་ཀུན་གྱི་ནང་ནས་གཉན་ལས་ཆེས་གཉན། ཟབ་ལས་ཆེས་ཟབ། ཁ་ཚང་དོན་འདྲིལ། ཐུགས་ཀྱི་ཡང་བཅུད་གསེར་སྦྱངས་ཞུན་མ་ལྟ་བུའི་སྐོར་ཐོབ་པ་ལ། གཏོར་མ་ལ་བརྟེན་ནས་ཆོས་སྒོ་འབྱེད་པ། དྲག་པོ་ཐུགས་སྒྲུབ་ཀྱི་གཏོར་དབང་བསྡུས་པ། གཏོར་མས་བུམ་དབང་། ཕྱག་མཚན་གྱིས་འཕྲིན་ལས། བདུད་རྩིས་གསང་དབང་། གོ་ཆའི་ལྷས་མཐུ་སྟོབས་ཡོངས་རྫོགས། སྐུ་གཟུགས་ཀྱིས་ལྷ་དབང་། སྐུ། དམ་རྫས། སྒྲུབ་ཡིག །བཟླས་པ། འཕྲེང་བ་རྣམས་ཀྱིས་རྒྱས་ཐེབས། རྗེས་གཏད་རྒྱ་དམ་ཚིག་དང་བཅས་པའི་དོན་དབང་ནོར་བུ་ལུགས། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་བཏང་བའི་ཅོད་པན་གྱི་དབང་། བུམ་པས་སྐུ་གསུང་ཐུགས་ཡོངས་རྫོགས། བྷནྡྷ་བདུད་རྩིས་བདེ་ཆེན་ལོངས་སྤྱོད་རྫོགས་སྐུ། དཔལ་


GLG003_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ཕྱག་མཚན་གྱིས་འཕྲིན་ལས་བཞི། དབུ་རྒྱན་གྱིས་ཁམས་གསུམ་སྲིད་གསུམ་ཆོས་ཀྱི་རྒྱལ་པོའི་དབང་། དུར་ཁྲོད་ཆས་དབང་། ལྷ་དབང་གིས་རབ་འབྱམས་ཡོངས་རྫོགས། འཆི་མེད་ཚེའི་དབང་། སྔགས་དབང་། རང་གཟུགས་ཀྱིས་སྡེ་བརྒྱད་དྲེགས་པའི་སྲོག་དབང་དམར་ནག །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་། ཕྱག་རྒྱའི་དཀྱིལ་འཁོར་དུ་ཤེར་དབང་། ངོ་སྤྲོད་ལ་བརྟེན་ནས་ཚིག་དབང་། ཞར་བྱུང་། མེ་ལོང་མན་ཤེལ་ཨ་ལ་བརྟེན་ནས་རིག་པའི་རྩལ་དབང་རྣམས་སྨིན་རྒྱས་སུ་མནོས། རྒྱབ་བརྟེན་ལུང་ལ། བྱང་དང་འཁོར་གྱི་རྟགས་མེད་པ་རྣམས་གཏེར་སྟོན་དངོས་ཀྱི་ཕྱག་དཔེ་མཁས་གྲུབ་ཉང་པོ་དོན་གྲུབ་རྒྱལ་པོའི་ཕྱག་བྲིས་མའི་སྟེང་ནས་ཚར་གཅིག་དང་སྤེའི་རྟགས་མེད་པ་རྣམས་གླེགས་བམ་གཞན་ཞིག་ལས་ཚར་གཅིག་སྟེ་ཚར་གཉིས་ཐོབ་པ་ལ། གཏེར་བྱུང་ལས་ཟུར་དུ་བཀོད་པའི་ཕུག་༼བྱང༽རིང་གཏེར་ཁ་ཕྱི་མ་བཏོན་པའི་ལོ་རྒྱུས། ཐུགས་སྒྲུབ་དྲག་པོའི་ཐེམས་ཡིག་ལྡེ་མིག་རིན་ཅེན་གཏེར་མཛོད། དེ་ལས་བྱུང་བའི་གདམས་སྐོར་ལ། ཁུངས་བཙུན་ཆེ་བ་བསྐྱེད་པ་ལོ་རྒྱུས། མ་སྨིན་པ་སྨིན་པར་བྱེད་པ་དབང་། ལུས་ངག་ཡིད་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་བསྒྱུར་བ་སྒྲུབ་པ། སྨིན་ཟིན་གྲོལ་བར་བྱེད་པའི་འཁྲིད་ཡིག །ཀུན་གྱི་ཁ་སྐོང་ཞིང་ཚད་བསྟན་པ་འཕྲིན་ལས་དང་རྟགས་ཡིག །བྱེ་བྲག་རྐྱང་པར་སྒྲུབ་པ་གོ་ཆའི་ལྷའི་སྒོས་སྒྲུབ། ལྷ་བསྙེན་གྱད་དུ་བསྒྱུར་ནས་འཕྲིན་ལས་ཀྱི་ཁ་བསྒྱུར་ལས་ཚོགས། བཀའ་དང་བསྟན་པ་བསྲུང་བ་དམ་ཅན་གཏེར་སྲུང་། གུད་དུ་སྦས་པའི་ཡང་གཅེས་གསང་བ་ཐུགས་ཏིག་དམར་ནག་


GLG003_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམས་མེད་སྐོར་དང་དགུ །དང་པོ་ནི། ཐེམས་ཡིག་ལས། ཆོས་ཀྱི་ཁུངས་བཙུན་ཆེ་བ་བསྐྱེད་པའི་ཕྱིར༔ ལོ་རྒྱུས་མན་ངག་སྙིང་གི་ཏི་ཀ་འདི༔ ཡིད་ཆེས་བསྐྱེད་ཕྱིར་འགའ་ལ་བསྟན་ཀྱང་རུང་༔ ཞེས་པས་ཁུངས་བཙུན་ཡིད་ཆེས་བསྐྱེད་པ་ལོ་རྒྱུས་གསང་བ་སྙིང་གི་ཏི་ཀ་འཚོ་རྒྱལ་མི་བརྗེད་གཟུངས་ཀྱི་བཏུས་ཏེ་ཨཱ་ཙཪྻ་ཡེ་ཤེས་ཀྱིས་བཀའ་ཤོག་ལ་བཏབ་པ། གཉིས་པ་མ་སྨིན་པ་སྨིན་པར་བྱེད་པ་དབང་ནི། ཆོས་ཀྱི་སྒོ་འབྱེད་ལུས་ངག་ཡིད་གསུམ་སྨིན༔ བྱིན་རླབས་རྩ་བ་དབང་གི་རིམ་པ་གསུམ༔ བསྡུས་པ་གཏོར་དབང་བྱིན་རླབས་སྤྲིན་ཕུང་དང་༔ འབྲིང་པོ་དོན་དབང་ནོར་བུའི་ལུགས་སུ་བསྐུར༔ རྒྱས་པ་དྲེགས་པའི་སྲོག་ཏིག་དམར་ནག་ལ༔ གསང་དབང་བདེ་ཆེན་འཁོར་ལོ་རིམ་པ་གསུམ༔ ཕ་རོལ་བློ་དང་གང་འཚམ་བསྐུར་བར་བྱ༔ འོན་ཀྱང་དབང་བཞི་ཡོངས་སུ་རྫོགས་པར་རུ༔ བསྐུལ་བའི་ལས་ཅན་འགའ་རེ་མ་གཏོགས་པ༔ རང་གི་སྲོག་ལས་གཅེས་སོ་ཞིབ་ཏུ་དཔྱོད༔ ཅེས་པ་ལྟར་ཆོས་སྒོ་འབྱེད་པ་དྲག་པོ་ཐུགས་སྒྲུབ་ཀྱི་གཏོར་དབང་བྱིན་རླབས་ཀྱི་སྤྲིན་ཕུང་ངམ་ཏིང་ངེ་འཛིན་གྱི་གཏོར་དབང་ནོར་བུ་ལུགས་སུ་བསྐུར་པ། གང་ཟག་སྤྲོས་པ་ལ་མི་འགའ་བ་སྨིན་བྱེད་དབང་ཆོག་འབྲིང་པོ་དབང་བཞི་ནོར་བུ་ལུགས་སུ་བསྐུར་བ་དོན་དབང་དངོས་གྲུབ་བྱིན་རླབས་ཀྱི་རྩ་བ། དེའི་དཀྱིལ་འཁོར་གཏོར་མ་རིན་ཅེན་འབར་བ། སྨན་རཀ །ཚོགས་གཏོར། ཕྱག་མཚན་གྱི་དཔེའུ་རིས། གང་ཟག་སྤྲོས་པ་ལ་དགའ་བ་སྨིན་བྱེད་དབང་ཆོག་ཆེན་མོ་རྡོ་རྗེའི་འཕྲེང་བ་དྲེགས་པའི་སྲོག་ཏིག་དམར་ནག་སློབ་དཔོན་གསུང་བཞིན་གཟུང་མ་འཚོ་རྒྱལ་གྱིས་སྐྱེན་པར་བཤུས་པ་གསང་བའི་བཀའ་རྒྱ་ཅན། མཆོག་དབང་གོང་མ་གསུམ་བསྐུར་ཐབས་བདེ་ཆེན་


GLG003_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གུ་རུའི་ཕྱག་ལེན་དང་གསུང་བཞིན་ཨཱ་ཙཪྻ་ཡེ་ཤེས་ཀྱིས་དཔལ་གྱི་ཕུག་རིང་ཤར་གྱི་ཡང་ཐོག་ཏུ་ཤུར་ཏེ་བྲིས་པ་རྣམས། གསུམ་པ་ལུས་ངག་ཡིད་གསུམ་ལྷ་སྔགས་ཆོས་ཀྱི་དཀྱིལ་འཁོར་དུ་བསྒྱུར་བར་སྒྲུབ་པ་ནི། ཕྱི་སྒྲུབ་ཁྲོ་འདུས་མེ་ཡི་འཁོར་ལོ་དང་༔ ནང་སྒྲུབ་ཡང་སྙིང་རྡོ་རྗེའི་འཕྲེང་བ་དང་༔ གསང་སྒྲུབ་ཡང་གསང་བླ་མེད་གསུམ་པོ་ནི༔ སྒྲུབ་པའི་རྩ་བ་སྙིང་པོ་ཡིན་པའི་ཕྱིར༔ ལས་ཅན་བུ་མཆོག་འགའ་ལ་སྤེལ་ཡང་རུང་༔ དེ་ཡང་གསང་སྒྲུབ་རང་གི་སྙིང་ལྟར་གཅེས༔ ཡང་གསང་བླ་མེད་དོན་གྱི་སྙིང་པོ་དང་༔ བླ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་འདི༔ སུ་ལ་མི་སྤེལ་སྙིང་ལ་མནོག་ཆོས་ཡིན༔ ཀུན་ལ་གཅེས་པའི་གནད་ཡིག་གཟེར་ཐིག་དང་༔ ཀུན་གྱི་ཁ་སྐོང་ཁྲོ་རྒྱལ་སྟོབས་འདུས་འདི༔ སྲོག་ལྟར་བཅའོ་སྣོད་མིན་ཤོར་ར་རེ༔ ཞེས་པ་ལྟར་ཕྱི་སྒྲུབ་བྱིན་རླབས་ཀྱི་རྩ་བ་ཁྲོ་འདུས་མེའི་འཁོར་ལོ་དོན་གསུམ་གྱིས་བསྟན་པ་དབྱངས་ཅན་མས་ཕྱི་རབས་དོན་དུ་བཀོད་པ། དེའི་གཏོར་མ་རིན་ཅེན་འབར་བའི་དཔེ་རིས། ནང་སྒྲུབ་ཡང་སྙིང་རྡོ་རྗེའི་འཕྲེང་བ་ཨྱོན་གསུང་བཞིན་འཚོ་རྒྱལ་གྱིས་མཁར་ཆུ་དཔལ་ཕུག་ཏུ་བྲིས་པ། དེའི་དཀྱིལ་འཁོར། བུམ་པ། གཏོར་མ་རིན་ཅེན་འབར་བ། སྨན་གཏོར་རཀྟའི་དཔེ་རིས། གསང་སྒྲུབ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་མཁར་ཆེན་བཟས་གུ་རུའི་གསུང་བཞིན་ལ་ཡག་མོན་མཁར་སྟེང་ནས་མཁར་ཆུ་ཕེབས་ཚེ་བཀོད་པ་དེའི་དཀྱིལ་འཁོར། བུམ་པ། གཏོར་མ་རིན་ཅེན་འབར་བ། བནྡྷ། མེ་ལོང་། ཚེ་ཆང་། ཚེ་རིལ། ཚེ་འགྲང་གི་དཔེ་རིས། ཡང་གསང་བླ་མེད་དོན་གྱི་སྙིང་པོ་ཡིད་བཞིན་ནོར་བུར་སྒྲུབ་པ་ཨྱོན་ཆེན་པོའི་གསུང་བཞིན་འཚོ་རྒྱལ་གྱིས་སྐྱེན་པར་བྲིས་པ། བླ་མ་ཀུན་


GLG003_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཡིད་བཞིན་ནོར་བུར་སྒྲུབ་ཐབས་སྙིང་ལ་མནོག་ཆོས་གུ་རུའི་གསུང་བཞིན་དབྲི་བསྣན་མེད་པར་མཁར་ཆེན་བཟས་སྐྱེན་པར་བྲིས་པ། དེའི་དཀྱིལ་འཁོར། བུམ་པ། གཏོར་མར་རིན་ཅེན་འབར་བ། སྨན་རཀ་གཏོར་མའི་དཔེ་རིས། སྤུ་གྲི་སྲོག་གཅོད་ཀྱི་ལས་ཚོགས་ཞེས་པ་ཕན་གནོད་ལས་སྦྱོར་གང་བྱེད་ཀྱང་ཀུན་ལ་གཅེས་པའི་མན་ངག་ལས་ཀྱི་འཕྱོང་དུ་བཏགས་པ་གནད་ཀྱི་གཟེར་ཐིག་ཞར་བྱུང་ཤིན་ཏུ་ཐུ་ན་གདུལ་ཐབས་ཀྱི་ལས་མཐའ་དང་བཅས་པ། སྒྲུབ་ཐབས་ཀུན་གྱི་ཁ་སྐོང་ཁྲོ་རྒྱལ་སྟོབས་འདུས་གནམ་ལྕགས་མེའི་འཁོར་ལོ་མཁར་ཆེན་བཟས་སློབ་དཔོན་གསུང་བཞིན་མཁར་ཆུ་རྟ་རྒྱུན་དུ་བྲིས་པ་རྣམས། བཞི་པ་སྨིན་ཟིན་གྲོལ་བར་བྱེད་པའི་འཁྲིད་ཡིག་ནི། བླ་མའི་ཐུགས་འཁྲིད་ཡིད་བཞིན་ནོར་བུ་དང་༔ སྙན་བརྒྱུད་ཡིད་བཞིན་ནོར་བུ་གཉིས་སྦྲེལ་བ༔ ཡང་ཟབ་སྙིང་པོ་ཡིན་ནོ་སྙིང་ལ་ཆོངས༔ ཞེས་པ་ལྟར་སྲོག་རྩའི་དངས་མ་ལྟ་བུ་ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཉེ་ལམ་ཐུགས་སྒྲུབ་དྲག་པོའི་ཡང་གཅེས་བླ་མའི་རྫོགས་རིམ་ཐུགས་འཁྲིད་ཡིད་བཞིན་ནོར་བུ། རྣལ་འབྱོར་རྒྱུན་གྱི་ཉམས་ལེན་སྤྲོས་མེད་དོན་གྱི་སྒྲུབ་པ་སྙན་བརྒྱུད་ཡིད་བཞིན་ནོར་བུ་ཐུགས་སྒྲུབ་ཀུན་གྱི་ཡང་སྙིང་བྱིན་རླབས་རྩ་བ། གཏེར་སྟོན་གྱིས་མཛད་པའི་གསོལ་༼བྱང༽འདེབས་མི་དམིགས་ཆོས་དབྱིངས་མ་རྣམས། ཐེམས་མེད། ལྔ་པ་ཀུན་གྱི་ཁ་སྐོང་ཞིང་ཚད་བསྟན་པ་འཕྲིན་ལས་དང་རྟགས་ཡིག་ནི། ཀུན་གྱི་ཁ་སྐོང་ལས་བྱང་མེ་རླུང་འཁྱིལ༔ བསྟོད་བསྐུལ་རྣམ་རྒྱལ་རྟགས་ཡིག་ཉི་ཟླའི་འཕྲེང་༔ འཕྲིན་ལས་མྱུར་བྱེད་མེ་ཡི་འཕྲེང་བ་རྣམས༔ ཀུན་ལ་གཅེས་སོ་སྤེལ་ཚོད་རིག་པར་རྟོགས༔ ཞེས་པ་ལྟར་ཀུན་གྱི་ཁ་སྐོང་ལས་བྱང་མེ་རླུང་འཁྱིལ་


GLG003_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། དུས་འཁྲུག །དལ་ཡམས་གདོན་འདུལ། ལྟས་ངན་བཟློག་པ་སྲེག་ཟོར་སོགས་ཀྱི་སྐབས་བྱ་བ་བསྟོད་བསྐུལ་རྣམ་རྒྱལ་༼བྱང༽འབར་བའམ་དུར་ཁྲོད་མེ་དཔུང་མ། སྒྲུབ་པའི་བཟང་ངན་རྟགས་རིམ་རྣམ་པར་གསལ་བ་སྟོན་པ་ཉི་ཟླའི་འཕྲེང་བ་ཨོ་རྒྱན་ཆེན་པོའི་གསུང་བཞིན་མཁར་ཆུ་དཔལ་ཕུག་ཏུ་བྲིས་པ། བྱ་སླ་འཕྲིན་ལས་མྱུར་འགྲུབ་རྒྱས་པའི་ལས་སྒྲུབ་མེ་མཆོད་ཁ་སྐོང་སྦྱིན་སྲེག་ཕོ་ཉ་མྱུར་མགྱོགས། དེའི་ཐབས། དགང་བླུགས་ཀྱི་དཔེ་རིས། རཏྣ་ཤྭ་རས་མཛད་པའི་དྲག་པོའི་སྦྱིན་སྲེག་༼བྱང༽གདུག་པ་ཚར་གཅོད་རྣམས། ཐེམས་མེད། དྲུག་པ་བྱེ་བྲག་རྐྱང་པར་སྒྲུབ་པ་གོ་ཆའི་ལྷའི་སྒོས་སྒྲུབ་ནི། བྱེ་བྲག་སྒོས་སྒྲུབ་རྐྱང་པར་སྒྲུབ་པ་ཡང་༔ འཇམ་དཔལ་སྒྲུབ་པ་རྡོ་རྗེ་ཐོད་བརྩེགས་དང་༔ ཚེ་དཔག་མེད་པ་རྡོ་རྗེའི་འཕྲེང་འཛིན་དང་༔ རྟ་མགྲིན་སྒྲུབ་པ་མེ་རླུང་དམར་ནག་དང་༔ གསང་བདག་སྒྲུབ་པ་དྲག་པོ་ཐོག་འབེབས་དང་༔ ཁྱུང་ནག་སྒྲུབ་པ་གནམ་ལྕགས་སྤུ་གྲི་དང་༔ མཁའ་འགྲོའི་སྒྲུབ་པ་སྙིང་པོའི་ཡང་ཞུན་དང་༔ སྡིག་པའི་སྒོས་སྒྲུབ་གནམ་ལྕགས་ཐོག་རྒོད་དང་༔ ཡཀྵ་མེ་དཔལ་ཁྲོ་རྒྱལ་སྟོབས་འདུས་ཏེ༔ འདི་དག་རྣམས་ཀྱང་བྱིན་རླབས་མཐུ་རྩལ་ལྡན༔ ཞེས་པ་ལྟར་འཇམ་དཔལ་སྐུའི་སྒྲུབ་པ་རྡོ་རྗེ་ཐོད་བརྩེགས། དེའི་དཀྱིལ་འཁོར། ཕུར་པ། སྨན་རཀ་གཏོར་མའི་དཔེ་རིས། མགོན་པོ་ཚེ་དཔག་མེད་ཀྱི་སྒྲུབ་པ་རྡོ་རྗེའི་འཕྲེང་འཛིན། དེའི་དཀྱིལ་འཁོར། ཚེ་བུམ་སྟེང་དུ་འགྲང་རྒྱས་རྟ་མགོ་ཅན་ཡོད་པའི་དཔེ་རིས། རྟ་མགྲིན་གསུང་གི་སྒྲུབ་པ་མེ་རླུང་དམར་ནག་གུ་རུའི་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། ཤོག་སེར་གྱི་ཚིག་དབང་ཞིག་ན་ཤེལ་དཀར་བཟའ་ཡི་གེ་མ་ལགས་ཁོ་མོས་བྲིས་ཞེས་པའང་དཀྱུས་སུ་བཅུག་


GLG003_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་། དཀྱིལ་འཁོར། རྟ་ཕུར། སྨན་རཀ་གཏོར་མའི་དཔེ་རིས། ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་རྡོ་རྗེའི་ཐོགས་འབེབས་སློབ་དཔོན་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། དཀྱིལ་འཁོར། ཕུར་པ། སྨན་རཀ་གཏོར་མའི་དཔེ་རིས། ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པ་གནམ་ལྕགས་སྤུ་གྲི། །དཀྱིལ་འཁོར། ཕུར་པ། སྨན་རཀ་གཏོར་མའི་དཔེ་རིས། མཁའ་འགྲོ་གསང་སྒྲུབ་སྙིང་པོའི་ཡང་ཞུན་མཆོག་ཐུན་དངོས་གྲུབ་ཐོབ་པར་ཐེ་མི་ཚོམ་པ་འཚོ་རྒྱལ་གྱི་དབུ་སྙུང་མ། སྡིག་པའི་སྒོས་སྒྲུབ་གནམ་ལྕགས་ཐོག་རྒོད་གུ་རུའི་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། ལྡན་མ་རྩེ་མང་ཚུལ་ཐོང་ཁོ་མོས་བྲིས་ཀྱི་ཟེར་བའང་དཀྱུས་སུ་སྣང་། ཡཀྴ་མེ་དབལ་འཕྲིན་ལས་ཀྱི་སྒྲུབ་པ་ཁྲོ་རྒྱལ་སྟོབས་འདུས་དབྱངས་ཅན་མས་བཀོད་པ། དཀྱིལ་འཁོར། ཕུར་པ། སྨན་རཀ་གཏོར་མའི་དཔེ་དང་བཅས་པ་རྣམས། བདུན་པ་ལྷ་བསྙེན་གྱད་དུ་བསྒྱུར་ནས་འཕྲིན་ལས་ཁ་བསྒྱུར་ལས་ཚོགས་ལ། རྣལ་འབྱོར་རང་ལ་གཅེས་པ། གང་འདུལ་རེ་བ་སྐོང་བ། ཕན་བྱ་བསྲུང་བའི་འཁོར་ལོ། ལུང་བསྟན་ཕན་གནོད་ལས་ཕྲན་དང་བཞི། དང་པོ་ནི། སྣང་སྲིད་དྲེགས་པའི་སྲོག་དབང་དམར་ནག་འདི༔ གཏེར་ཁ་འདི་མིན་དྲག་སྒྲུབ་གཞན་དག་ཏུ༔ སྦས་པ་མེད་དོ་བསྟན་འཛིན་སྙིང་གི་བུ༔ ལུང་རྣམས་བསྟན་པའི་བུ་རྣམས་མ་གཏོགས་པ༔ བསྟན་ན་རང་སྲོག་ཆད་དོ་སྲོག་ལས་གཅེས༔ གཏོར་བཟློག་དྲག་པོ་མཚོན་ཆའི་འཁོར་ལོ་དང་༔ བསྐང་བཤགས་དྲི་མེད་ཤེལ་གྱི་འཕྲེང་བ་དང་༔ མཁའ་འགྲོའི་གྲིབ་སེལ་ཤེལ་གྱི་མེ་ལོང་གསུམ༔ རྣལ་འབྱོར་རྐྱེན་བཟློག་བྱེ་བྲག་སྤྱི་ལ་གཅེས༔ ཞེས་པ་ལྟར་དྲག་པོ་མེའི་འཁོར་ལོའི་བཀའ་དང་འབངས་སུ་གཏོད་པ་སྣང་སྲིད་དྲེགས་པའི་སྲོག་དབང་དམར་ནག་དོན་ལྔས་


GLG003_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བུ་མཆོག་ལྔ་ལས་སྤེལ་དུ་མི་རུང་བ། ནང་རྒྱས། རྦོད་གཏོང་ལྟས་ངན། ཡུལ་སྡིགས། ཆགས་ཉམས། རྨི་ལྟས། མཚན་ངན། ནད་འཁྲུག །མཐའ་དམག་སོགས་མི་འཐུན་ཕྱོགས་རྣམས་བཟློག་པ་གཏོར་བཟློག་དྲག་པོ་མཚོན་ཆའི་འཁོར་ལོ། བཟློག་གཏེར་གྱི་དཔེ་རིས། དམ་ཚིག་ཉམས་ཆགས་སྐོང་བ་བཀང་བཤགས་དྲི་མེད་ཤེལ་འཕྲེང་མཁར་ཆེན་བཟས་དཔལ་གྱི་ཕུག་རིང་དུ་བྲིས་པ། སྨན་གཏོར་རཀྟ། རོལ་མོ། རྟ་གཡག །ར་ལུག །བྱ་ཁྱིའི་དཔེ་རིས། མཁའ་འགྲོ་ཆོས་སྐྱོང་ཁྲོས་པ་སོགས་དམ་ཚིག་ཉམས་ཆགས་སྐོང་བ་བཤགས་སྐོང་གྲིབ་སེལ་ཤེལ་གྱི་མེ་ལོང་འཚོ་རྒྱལ་གྱིས་ཞུས་ཏེ་ཨཱ་ཙཪྻ་ཡེ་ཤེས་ཀྱིས་བྲིས་པ། འགྲང་རྒྱས་ཕྱེད་དཀར་ཕྱེད་ནག །གྲིབ་བདག །གྲིབ་བཤོས། བ་དན། ཟོར་གོང་། སྐྱུ་གུ། བུམ་པ། མེ་ལོང་། མདའི་དཔེ་རིས་བཅས་པ་རྣམས། གཉིས་པ་གང་འདུལ་རེ་བ་སྐོང་བ་ནི། རྣལ་འབྱོར་ཚོགས་ཀྱི་ལག་མཆོད་རབ་གསལ་དང་༔ བྱབ་ཆོག་གདོན་འགྲོལ་ཁྱུང་ནག་ཆར་འབེབས་གསུམ༔ གང་འདུལ་གདུལ་བྱའི་རེ་བ་ཀུན་སྐོང་ཡིན༔ ཞེས་པ་ལྟར། དམ་རྫས་ལ་བརྟེན་ནས་དངོས་གྲུབ་བླང་བ་བདུད་རྩི་ལག་མཆོད་དངོས་གྲུབ་ཀུན་འབྱུང་ཨྱོན་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། སྟེང་འོག་གི་གདོན་སྤྱི་དང་ཁྱད་པར་ཀླུ་གདོན་ལ་བྱབ་ཆོག་གདོན་འགྲོལ་ཞར་བྱུང་མན་ངག་གནད་འགྲོལ་དང་བཅས་པ། ཀུན་གྱི་རེ་སྐོང་ཁྱུང་ནག་གི་ཆར་འབེབས་དྲག་རྩལ་ཐོག་འབེབས་རྣམས། གསུམ་པ་ཕན་བྱ་བསྲུང་བའི་འཁོར་ལོ་ནི། ཕན་བྱའི་ལས་ཚོགས་བསྲུང་འཁོར་ཡོངས་རྫོགས་ནི༔ བྱིན་རླབས་ནུས་ལྡན་ཐོག་དང་འདྲ་ན་ཡང་༔ གདེང་དང་མི་ལྡན་འཁུ་ལྡོག་རང་ལ་ཡོང༔ ནོར་དང་ངོ་དགའ་མི་


GLG003_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕྱིར་གཏོང་ན༔ སྲོག་ལ་ཡོང་བས་རབ་ཏུ་འཚོ་ཤེས་བྱ༔ ཉེས་པ་ཀུན་སེལ་རྡོ་རྗེའི་གོ་ཆ་དང་༔ ངག་མནན་འགྲོལ་བ་རྡོ་རྗེ་རྣམ་འཇོམས་དང་༔ འཛུལ་ཆོག་རྡོ་རྗེ་གོ་ཆ་ལ་སོགས་པའི༔ ཟབ་གཅེས་འགའ་མཆིས་མིག་འབྲས་ལྟ་བུར་བཙའ༔ ཞེས་པ་ལྟར་དྲག་པོ་སྐུའི་བསྲུང་འཁོར་ཆེན་མོའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ། སྡེ་བརྒྱད་ཐམས་ཅད་བསྲུང་བ་མེ་ཆུ་རླུང་འཁྲུག་ཡོན་དུ་གསེར་ཞོ་རེ་མ་བྱུང་ན་མི་འདོགས་པ། བསྲུང་བཟློག་གནད་ཀྱི་ཙཀྲ་ཐུབ་ཆོད་ཆེན་མོ་འཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པ། འགོང་པོ་སྤུན་དགུ་བསྲུང་ཐབས་ཤིན་ཏུ་གཉན་པ་ཡོད་པ་ཙམ་གྱིས་འགོང་པོ་ཉེ་བར་མི་ནུས་པ་སྲོག་ལྟར་གཅེས་པ། བསེན་མ་བསྲུང་བ་བསེན་མོ་དང་གསོན་འདྲེ་མོའི་རིགས་ཀྱིས་གནོད་པ་མི་ནུས་པ། རྒྱལ་བསེན་ཤི་ས་བསྟན་པ་སྲོག་གི་འཁོར་ལོ་གསེར་ཞོ་རེ་མེད་པར་མི་འདོགས་པ་བྱུང་ན་མ་བཏགས་པ་རང་ལ་དགའ་བ། དམ་སྲི་དང་ཆུང་སྲི་གསད་པའི་སྲོག་འཁོར་ཤིན་ཏུ་གཉན་པ་སྲོག་ལྟར་གཅེས་པ། ཀུན་ཐུབ། ཆུ་ཀླུང་འཁྲུག་པ། ཐུབ་ཆོད་ཆེན་མོ། འགོང་པོ་སྤུན་དགུ་བསྲུང་བ། བསེན་མོ་བསྲུང་བ། རྒྱལ་བསེན་ཤི་སྲོག །དམ་སྲི་ཆུང་སྲི་གསད་པ་རྣམས་ཀྱི་དཔེ་རིས། ཉེས་པ་ཀུན་སེལ་གྱི་བསྲུང་འཁོར་རྡོ་རྗེའི་གོ་ཁྲབ་ཕྲ་མེན་རྒྱ་མཚོའི་རྒྱུད་ནས་བཏུས་པ་འདི་ལ་ནང་གསེས་ཀྱི་ངན་སྦྱོར་གྱི་རྟགས། དེ་ལས་འགྲོལ་ཐབས་གཤིན་རྗེ་ནག་པོའི་སྦྱོར་བ་ཡང་འཇིག་ན་བན་དགྲ་ཙམ་སྨོས་ཅི་དགོས་པ། གཏད་ཀྱི་ཉེས་པ་འགྲོལ་བ་ཀླུ་བདུད་མགོ་དགུའི་སྒོམ་བཟླས། ཕུང་སེལ་གྱི་ཉེས་འགྲོལ་སྟོབས་ལྡན་ནག་པོའི་སྒོམ་བཟླས་དང་བཅས་པ། ངག་མནན་འགྲོ་བ་རྡོ་རྗེའི་རྣམ་འཇོམས་ཀྱི་མན་ངག་གིས་


GLG003_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་ངག་གནོན་པ་དང་། རང་གི་ངག་འགྲོལ་བ་དཔེ་རིས་དང་བཅས་པ། ཉེས་པ་ཀུན་གྲོལ་གྱི་མན་ངག་འཛུལ་ཆོག་རྡོ་རྗེའི་གོ་ཆ་མཁའ་འགྲོ་མའི་སྙིང་ཐིག་དཔེ་རིས་དང་བཅས་པ་རྣམས། བཞི་པ་ལུང་བསྟན་ཕན་གནོད་ལས་ཕྲན་ནི། གཞན་ཡང་བྱེ་བྲག་ལུང་བསྟན་རིམ་པ་དང་༔ མན་ངག་ཁ་འཐོར་འགའ་རེ་ཡོད་པ་རྣམས༔ སྟོན་དང་སྤེལ་ཚོད་གཏེར་བདག་རང་གིས་རྟོགས༔ ཞེས་པ་ལྟར་རྒྱ་འདྲེ་འགོང་པོའི་ལུང་བསྟན་ཤཱཀྱ་མུ་ནེར་རྒྱབ་གཏད་པའི་ལྷ་ཆེན་གཉིས་བྱུང་བ་ལ་བརྟེན་ནས་བོད་སྡུག་བསྔལ་བ། དེའི་བཟློག་ཐབས་ལྷ་སའི་ས་དགྲ་འཆོས་ཐབས། འགོང་པོ་འདུལ་ཐབས་ཀྱི་མནན་པ་དང་བཅས་པ་འཚོ་རྒྱལ་གྱིས་ཕྱི་རབས་དོན་དུ་སྦས་པ། ལོགས་སུ་གབ་པ་འགོང་པོ་ས་ཐེ་ནག་༼བྱང༽པོའི་སྤྲུལ་པ་འབྱུང་བའི་ལུང་བསྟན། དྲག་པོའི་ལས་ཚོགས་ཁ་འཐོར་གྱི་ངན་སྔགས་རེག་ཕུང་ནག་པོ་ཞེས་པ་རྫས་ཀྱི་ཁ་བསྒྱུར་ལ་བརྟེན་ནས་རྒྱ་སྐད་སྨྲ་བ། ལྐུགས་པ། སྨྱོ་ནས་བཙུན་པ་མང་པོའི་དམག་འོང་བར་མཐོང་བ། ཁྲབ་ཅན་དུ་མཐོང་བ། བུད་མེད་དུ་མཐོང་བ། གཏན་དུ་སྨྱོ་བ། བླས་འཆོས་པ། དེ་རྣམས་གསོ་ཐབས། ལོ་ཏོག་བསྐམ་འགྲོ་བ། མཛེ་གཏད་ལོ་གསུམ་ལས་སུ་མི་རུང་བ། མཚན་གཏད་ཁྲག་འཛག །དེ་འགྲོལ་ཐབས། མཚན་གཏད་བསྐྲངས་ནས་འཆི་བ། ཞིང་ལ་ཤ་བ། དགོ་བ། རི་བོང་། བྱི་བ་བསྲུང་བ། འཇི་བ། རི་སྦུར། ཤིག་བསྲུང་། དུག་འགྲེད། གག་ལྷོག་ཟེར་གསུམ། འབྲུམ་བུ་གཉན་ནད། རྒྱལ་གནོད་འདྲེ་སྐྱོན་དང་ཆོ་འཕྲུལ། ལོ་ནད་རྩྭ་དང་སད། ཆམ་པ་སྲུང་ཐབས་རྣམས། བརྒྱད་པ་བཀའ་དང་བསྟན་པ་བསྲུང་བ་དམ་ཅན་གཏེར་བསྲུང་ནི། སྤུ་གྲི་སྐོར་གསུམ་གསང་


GLG003_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དྲིལ་སྒྲུབ་དང་༔ སྙོན་ཁའི་བསྟོད་པ་བསྐུལ་དང་བཅས་པ་རྣམས༔ གསང་གཏེར་འདི་ཡི་གཏེར་སྲུང་ཆེན་པོ་སྟེ༔ ཟབ་ཅིང་གཉན་པས་སྤེལ་ཚོད་རིག་པར་ལྟོས༔ ཞེས་པ་ལྟར་དྲག་པོ་མཆེད་གསུམ། འབར་བ་སྤུན་གསུམ། དམག་རྒྱལ་སྤུན་གསུམ། ལྡང་ལྷ་མཆེད་གསུམ། ལེགས་རྩལ་སྤུན་གསུམ་སོགས་གཞི་གཅིག་ལ་མིང་སྣ་ཚོགས་སུ་བཏགས་པ་དོན་དུ་བདུད་ནག་སྲོག་གི་སྤུ་གྲི། བཙན་དམར་ལས་ཀྱི་སྤུ་གྲི། ཀླུ་རྒྱལ་དུག་གི་སྤུ་༼བྱང༽གྲི་གསུམ་གྱི་བོད་རྦད་གསད་གསུམ་གཅིག་ཏུ་དྲིལ་བ། བསྟོད་བསྐུལ། མནན་སྲེག་གིས་མཇུག་བསྡུ་བ་དང་བཅས་པ། དེའི་གཏོར་མ། འབྲུབ་ཁུང་། རྟེན་རྫས། ལིང་ག །ཐོད་ངན་གྱི་དཔེ་རིས། གཏེར་སྲུང་དགེ་བསྙེན་སྙོན་ཁ་སྒྲུབ་༼བྱང༽ཅིང་བསྟོད་བསྐུལ་གྱི་རིམ་པ། ཀླུ་བདུད་ནག་པོ་འདི་བསྒྲུབ་པ་ནི་རྣལ་འབྱོར་པས་བཀང་༼བྱང༽གསོ་མཆོད་བསྟོད་གཏོང་དུས་ཀྱི་གསོལ་ཁ་བསྟོད་བསྐུལ་ཨྱོན་པདྨས་མཛད་པ། སྙོན་ཁའི་གནས་བརྒྱད་༼བྱང༽ཀྱི་བསྟོད་པ་རྣམས། དགུ་པ་གུད་དུ་སྦས་པའི་ཡང་གཅེས་གསང་བ་ཐུགས་ཏིག་དམར་ནག་ཐེམས་མེད་སྐོར་ལ། གུ་རུའི་ཐུགས་བཅུད་ཟིལ་གནོན་དྲག་པོའི་སྒྲུབ་པ་ཡང་གཅེས་གསང་བ་སྲིད་གསུམ་ཟིལ་གནོན་ཆེན་པོ་མཁར་ཆེན་བཟས་བཀོད་པ། དམ་ཚིག་ངེས་དོན་སྙིང་པོ་དོན་གྱི་ཧཱུྃ་སྒྲུབ་ཅེས་པ་རྡོ་རྗེ་གྲོ་༼བྱང༽ལོད་སྤྱན་མང་གི་སྒྲུབ་པ་འཚོ་རྒྱལ་གྱིས་དཀར་ཤོག་ལོགས་ལ་བཀོད་པ། བྱང་གཏེར་གྱི་གསང་བ་རིན་ཅེན་འདུས་པ་དང་བརྗོད་དོན་འདྲ་བ་འདུག །དྲག་པོ་བདེ་གཤེགས་འདུས་པ་ཡང་ཞུན་གསེར་གྱི་འབྲུ་གཅིག་༼གཏེར༽མི་གཞིག་གནམ་ལྕགས་རྡོ་རྗེའི་ཕ་ལམ་དང་འདྲ་བ་འཇིག་རྟེན་ན་དཀོན་པའི་


GLG003_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས། ཁྱུང་དམར་མེའི་འཕྲེང་བ་ཐོག་རྒོད་ཀྱི་སྒྲུབ་ཐབས་ཞེས་པ་སྒོམ་བཟླས། རྫས་སྦྱོར་གྱིས་སྡེ་བརྒྱད་བསྲུང་བ། འཁོར་ལོས་བསྲུང་བ། བསྐྲད་གཟིར། གསད་པ། གདོན། ནད་གསོ་བ། སེར་བ། ཤྭ་བུད་བཟློག་པ། ཞོ་ཆང་བསྲུང་བ། ལྟས་ངན་བཟློག་པ་དང་བཅས་སྟོན་པ། སྡེ་བརྒྱད་བསྲུང་བ་གནམ་ལྕགས་རྡོ་རྗེའི་འཁོར་ལོ་༼གཏེར༽འམ་ཡང་བཟློག་མེའི་འཁོར་ལོ། སྐུའི་ཙཀྲས་ཕྱོགས་ངན། གཟའ་འབྱུང་བའི་དགྲ། སྡེ་བརྒྱད་གནོད་པ། དཀར་ནག་ལས་ཐབས་བྱས་ཉེས་རྣམས་བསྲུང་བཟློག །གསུང་གི་ཙཀྲས་མནན་པའི་ཉེས་པ། ཀླུའི་བྱད། གཏད་སེར་གྱི་ཚེ་རང་ལུས། ས་དགྲ། གཟའ་སྐར་ངན་པ་རྣམས་བསྲུང་བཟློག །ཐུགས་ཀྱི་ཙཀྲས་མཐུ་གཏད། སླར་ཡང་གཉན་པོར་བཟློག་པ། རང་བསྲུང་རྨི་ལྟས་ངན་པ། ལྷ་བསྲུང་འཁུ་བ་རྣམས་བཟློག་པ་སྟེ་དོན་ཚན་བཅོ་ལྔ་པ་༼བྱང༽འཁོར་ལོའི་དཔེ་རིས་དང་བཅས་པ། དུག་བསྲུང་ངོ་མཚར་༼འཁོན༽བའི་མན་ངག་ཟབ་མོ་ཡིད་བཞིན་ནོར་བུ། མཚོན་བསྲུང་རྡོ་རྗེའི་གོ་ཁྲབ་ཅེས་པ་༼འཁོན༽འཁོར་ལོ་སྔགས་རྫས། ཏིང་འཛིན་བསྟན་པའི་དཔེ་རིས་དང་བཅས་པ། གཟའི་དགག་འཁོར་གནམ་ལྕགས་༼གཏེར༽གོ་ཆ་ཤིན་ཏུ་འཁུ་ལྡོག་ཆེ་བས་རེ་རེ་ཙམ་ལས་སྤེལ་དུ་མི་རུང་བ། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་སྙིང་གཟེར་བཟློག་པ་རང་གཤེད་དྲག་སྔགས་སྲོག་གཅོད་སྤུ་གྲི་རེག་གཅོད་མཚོན་ཆའི་འཁོར་ལོ་ཞེས་པ་བཙོན་བུ་དོང་དུ་གསོད་པ་ནས་ཙཀྲ་བཅའ་བའི་བར་ཏེ་དོན་བཅུ་གཉིས་ཀྱིས་བསྟན་པའི་ལས་ཚོགས་ཡིད་བཞིན་ནོར་བུ། གསང་བའི་དམ་རྫས་ཀྱི་ཡང་གཅེས་གནད་ཀྱི་མན་ངག་༼བྱང༽ཅེས་པ་མཁའ་འགྲོ་རིགས་འཛིན་ཐམས་ཅད་དབང་མེད་དུ་འདུ་


GLG003_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྟེན་འབྲེལ་གྱི་རྫས་བདུད་རྩི་སྦྱོར་ཐབས་དང་འབོད་རྫས་རྐང་གླིང་། གསང་བའི་རྔ་ཆུང་། ཡང་གསང་གི་རྫས་མཆོག་སེང་ལྡེང་གི་ཅང་ཏེའུ་གསུམ་བཅའ་ཐབས་དཔེ་རིས་དང་བཅས་པ། རྡོ་གཏོར་ཟབ་མོ་འཇིག་རྟེན་གསུམ་ན་དཀོན་པའི་མན་ངག་ཤིན་ཏུ་བཀའ་གཉན་ཅིང་ཟབ་པ་སྦྱོར་བ་ངན་པ་ཐམས་ཅད་བཟློག་པ་གནམ་ལྕགས་ཀྱི་དུག་མདའ་ལྟ་བུ་དོན་གསུམ་པ་དཔེ་རིས་དང་བཅས་པ། ལས་མཐའ་ཤིན་ཏུ་ཟབ་པ་གཏད་བཟློག་ནག་པོ་མཚོན་ཆའི་འཁོར་ལོ་༼སྤེ༽ལ་ནང་གསེས་ཀྱི་སྡེ་བརྒྱད་སྤྱི་འཆིང་ཆིག་ཆོག་གི་འཁོར་ལོ། བསིལ་བ་ཚལ་གྱི་སྒོ་སྲུང་དམ་སྲི་ནག་པོ་སྤྱང་མགོ་ཅན་བསྲུང་བ། ཤ་ཟའི་མཁའ་འགྲོ་ཙ་མུནྜི་ཞེས་པ་གསོན་འདྲེ་མོ་བསྲུང་བ། ལྷ་དང་རྫས་སྔགས་ལ་བརྟེན་པའི་བསྲུང་བ་ཆིག་ཆོག་རྒྱལ་པོ་གནམ་ལྕགས་རྡོ་རྗེའི་མཁར་ཆེན་རྣམས། རྒྱལ་བསེན་བསྲུང་འཁོར་དམ་ཚིག་སྲོག་གི་འཁོར་ལོར་གྲགས་པ་ལྟེ་བར་རཱ་ཛ་དང་ཅིག་ཤོས་ཀྱི་ཕྱི་ལ་༼སྤེ༽གསོན་འདྲེ་མོའི་གཟུགས་བྲིས་པའི་ཟབ་ཁྱད་ཅན། རྒྱ་འདྲེ་ནག་པོ་ཧ་ལ་ཞེས་བྱ་བའི་དམ་སྲིས་རྒྱལ་པོ་དང་འགོང་པོ་སྤུན་དགུ་བསྡོངས་ནས་ཀུན་ལ་གནོད་པ་བསྲུང་༼གཏེར༽བ་བསྐྲད་མནན་གནད་འཁོར་ཡང་ཟབ་མཐར་ཐུག །ལྕགས་སྡིག་དང་བསེ་སྡིག་ལ་བརྟེན་པའི་དམ་༼གཏེར༽སྲི་ནག་པོ་དང་རྒྱལ་པོའི་སྲོག་བཅུད་འབོར་བ། ངག་གནོན་རང་གཤེད་མནན་པའི་འཁོར་ལོ་ཤིན་ཏུ་ཟབ་པ་གུད་དུ་སྦས་པ། ཞེ་སྡང་ཅན་བསོད་ནམས་གཞིག་པར་བྱེད་པའི་ངན་༼བྱང༽སྔགས་འཁོར་ལོ། དགྲ་བོ་ཉེས་བྱས་དྲན་ཙམ་ལྟས་༼བྱང༽ངན་ནུབ་རེ་གཏོང་བའི་འདྲེ་གནོན། གཟའ་དང་རྒྱལ་པོ་གཉིས་ལ་བརྟེན་ནས་དྲག་


GLG003_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་ཀྱི་མཚོན་ཆ་༼གཏེར༽སྲིད་པའི་རྩ་བ་གཅོད་ཅིང་འབྱུང་བ་དཀྲུག་པའི་མན་ངག་དགྲ་བོའི་སྲོག་རྩ་གཅོད་པ་སྤུ་གྲི་ཨར་གཏད་ནག་པོ་རལ་གྲི་ཕྱུང་བརྡེག་མ། རྐྱལ་ནག་ཕུ་འདེབས་ཀྱིས་དགྲ་བོ་གསོད་པའི་གདམས་པ་༼གཏེར༽མཚོན་ཆའི་འཁོར་ལོ་གདུག་པའི་སྦྱོར་བ་སྒང་ཚལ་ནག་པོ། མོན་ནག་གི་བདག་པོ་ཚངས་པ་དུང་གི་ཐོར་ཚུགས་ཅན་གྱི་སྒྲུབ་པ་ལས་སྦྱོར་༼གཏེར༽བསྐུལ་ཉི་མ་ཤར་ཕྱོགས་མ་དང་བཅས་པ། ཞིང་སེལ་ནག་པོའི་སྦྱོར་བ་༼བྱང༽རྫས་ལ་བརྟེན་པའི་སྐྱེ་བ་རྒྱུན་གཅོད། འཁོར་ལོ་དང་ཐོད་པར་བརྟེན་༼བྱང༽པའི་ཞིང་སེལ། རྫས་སྔགས་ཀྱིས་ཞིང་ལ་རི་བོང་བསྲུང་བ། རི་ཕྱུགས་ལ་སྤྱང་ཀི་ཤིན་ཏུ་ཐུ་ན་སྔགས་ཀྱིས་བསྲུང་བ། བུ་འབྱུང་ཐབས་མངལ་གྱི་རྩ་མདུད་འགྲོལ་བ། ཆུང་སྲི་གནོན་པ་༼སྤེ༽ཟབ་གཅེས་སྙིང་དང་འདྲ་བ། ཕྱུགས་ཤེ་ལ་འགྲོ་བ། བེའུ་འཇུར་སྡོམ། འབྱུང་པོའི་རྒྱུ་ལམ་གཅོད་པ་༼འཁོན༽ཕྱག་རྟགས་རྡོ་རྗེ་རྒྱ་ཅན་རྣམས་རྫོགས་པར་ཐོབ་པ་ལས་སྤེ་འཁོན་གཏེར་གསུམ་གྱི་རྟགས་ཡོད་པ་རྣམས་མ་གཏོགས་པའི་དབང་རྒྱས་འབྲིང་བསྡུས་གསུམ་ལུང་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། གནུབས་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས། མངའ་བདག་ཁྲི་སྲོང་ལྡེ་བཙན། འབྲོམ་བཟའ་བྱང་ཆུབ་སྨན། ཤེལ་དཀར་བཟའ་རྡོ་རྗེ་འཚོ། དཔལ་གྱི་མཆོད་གནས་མ་བྲམ་ཟེ་དཱི་པཾ། མཁར་ཆེན་བཟའ་འཚོ་རྒྱལ། སྒྲུབ་པའི་མཆོད་གཡོག་ལང་འགྲོ་ལོ་ཙཱ་བ། གཏེར་སྟོན་ཆོས་རྒྱལ་ཞིག་པོ་གླིང་པ། སྲས་དཔའ་བོ་མཐའ་ཡས་གྲགས་པ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཁྲི་སྲོང་རྣམ་


GLG003_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། སྤྲུལ་སྐུ་ཀུན་བཟང་དབང་པོ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེའི་མནོག་ཆོས་སུ་སྩལ་ཏོ། །ཡང་ན་དཔའ་བོ་མཐའ་ཡས་གྲགས་པ་ནས། ལྷ་བྲོ་སྤྲུལ་སྐུ་ཆོས་ཀྱི་དབང་པོ། ལེགས་ལྡན་རྗེ་མན་གོང་ལྟར། ཡང་ན་གཏེར་སྟོན་ནས། རྒྱལ་སྲས་ཚེ་དབང་གྲགས་པ། སོ་ལ་མགོན་པོ་རྡོ་རྗེ། བླ་མ་རཏྣ་ཤྭ་ར། བླ་མ་མདོ་སྡེ་རྒྱ་མཚོ། རིགས་འཛིན་པདྨ་དབང་ཕྱུག །སྔགས་འཆང་བཀྲ་ཤིས་དབང་ཕྱུག །ཆོས་རྒྱལ་དབང་པོའི་སྡེ་མན་གོང་བཞིན། ཡང་བྱང་འཁོན་གཏེར་གསུམ་གྱི་རྟགས་ཅན་རྣམས་མ་ཡིན་པའི་དབང་རྒྱས་འབྲིང་བསྡུས་གསུམ་ལུང་དང་བཅས་པའི་བརྒྱུད་པ་ནི། གཏེར་སྟོན་ནས། རྒྱལ་སྲས་ཚེ་དབང་གྲགས་པ། ཐུགས་སྲས་ངག་དབང་གྲགས་པ། དྲིན་ཅན་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། གཙུག་རྒྱན་ནོར་བུ་དབང་རྒྱལ། ཀརྨ་འཕྲིན་ལས་རྒྱ་མཚོ། སྤེ་ལྕོགས་བླ་མ་དགེ་སློང་སངས་རྒྱས་ཕུན་ཚོགས། ཐུགས་སྲས་ཆོས་རྗེ་རིགས་འཛིན་ཆོས་བཟང་། ཁྱབ་བདག་བློ་མཆོག་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །གཏོར་དབང་བསྡུས་པ་ནོར་བུ་ལུགས་སུ་བསྐུར་བ་དང་བསྲུང་འཁོར་ཡོངས་རྫོགས་ཀྱི་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། སྟག་མགོ་ཡོན་ཏན་དཔལ། ཟིངས་པ་སངས་རྒྱས་རྒྱལ་མཚན། མི་འགྱུར་ལས་འཕྲོ་གླིང་པ། སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། རིགས་འཛིན་ཡེ་ཤེས་གྲུབ་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྒྱལ་སྲས་ཚེ་དབང་གྲགས་པ་ནས། གུ་རུ་ཀུན་དགའ་གྲགས་པ། བརྒྱུད་འཛིན་ཀུན་


GLG003_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བསྟན་འཛིན། ཀ་ཐོག་པ་དབང་གྲགས་རྡོ་རྗེ། དུ་མ་རང་གྲོལ་མན་གོང་ལྟར། ཡང་བསྲུང་འཁོར་ཡོངས་རྫོགས་ལུགས་གཅིག་ནི། ཀ་ཐོག་པ་དབང་གྲགས་རྡོ་རྗེ་ནས། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །འཁོན་གྱི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། རྒྱལ་སྲས་ཚེ་དབང་གྲགས་པ་ནས། རྗེ་བཙུན་སངས་རྒྱས་བརྩོན་འགྲུས། འཁྲུལ་ཞིག་པདྨ་སངས་རྒྱས། རིགས་འཛིན་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །གཏེར་གྱི་རྟགས་ཅན་རྣམས་ཀྱི་ལུང་བརྒྱུད་ནི། ཀརྨ་འཕྲིན་ལས་རྒྱ་མཚོ་ནས། ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ལའོ། །གུང་ཐང་མཁར་རམ་བཙན་མཁར་རི་མོ་ཅན་གྱི་ཤར་ལྷོར་ལྟ་བའི་དཀྱིལ་སྨད་བྲག་རྟ་སོ་འདྲ་བ་སུམ་བརྩེགས་ཀྱི་མཐའ་མ་ནས་སྤྲུལ་སྐུ་རཏྣ་གླིང་པས་སྤྱན་དྲངས་པའི་ཚེ་དཔག་མེད་རྡོ་རྗེ་འཕྲེང་བའི་སྐོར་ལ། ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། རྡོར་དྲིལ། རྡོ་རྗེ། ཅོད་པན། དྲིལ་བུས་ཚེ་དཔག་མེད་རིགས་ལྔའི་དབང་བུམ་པས་རིགས་བདག་ལྔའི་དབང་། གཟན་བུམ་གྱིས་ཡུམ་ལྔའི་དབང་དང་བཅས་པ་མནོས་ནས། ལུང་ལ། ཐེམས་བྱང་རྒྱ་བཅུ་གསུམ་གྱིས་སྤྲས་པ། དེ་ལས་འཕྲོས་པའི་ཆོས་སྐོར་ལ། ཚེ་སྒྲུབ་རྡོ་རྗེ་འཕྲེང་བ། སངས་རྒྱས་བསྒྲུབ་པའི་ཆོས་བརྒྱད། ཡིད་བཞིན་ནོར་བུའི་ཆོས་བཅུ་དང་གསུམ། དང་པོ་ལ་མ་ལྔ། ཐེམས་མེད་ལྔ། བུ་ལྔ་སྟེ་གསུམ། དང་པོ་ནི། སློབ་དཔོན་བྱོན་པའི་ལོ་རྒྱུས་གླེང་གཞི་དང་༔ དཀྱིལ་འཁོར་རྫས་བསག་སྟ་གོན་རིམ་


GLG003_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་༔ བདག་འཇུག་སློབ་དཔོན་རང་དབང་དང་༔ དངོས་གཞི་སློབ་བུའི་དབང་བསྐུར་དང་༔ དམ་ཚིག་ཆོ་གའི་རིམ་པ་སྟེ༔ མ་ལྔ་འཛོམས་པའི་ཐེམས་ཡིག་གོ༔ ཞེས་པ་ལྟར་ལས་རྒྱུན་ཡོད་པ་ནི། ཚེ་སྒྲུབ་རྡོ་རྗེ་འཕྲེང་བའི་ལོ་རྒྱུས་མདོ་ཙམ་བཤད་༼ཟུར༽པ་ཉི་མའི་སྙིང་པོ་རྫོགས་སོའི་མཐའ་ཅན། སྔོན་འགྲོ་དབང་བྱང་བཀོལ་བ་སྟ་གོན་གལ་༼ཟུར༽མཐོ་པདྨས་ཁྲིགས་སུ་བཀོད་པ་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། བདག་འཇུག་སློབ་དཔོན་གྱི་དབང་འགྲོ་དོན་མཐར་ཕྱིན་བཀྲ་ཤིས་ཤོག་གི་མཐའ་ཅན། གསང་བ་ཚེའི་དབང་ཆོག་རྡོ་རྗེ་འཕྲེང་བ་བསྐུར་ཐབས་༼ཟུར༽སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་རྣམས། གཉིས་པ་ཐེམས་མེད་ལྔ་ནི། གསང་བ་ཕྱིའི་སྒྲུབ་རྡོ་རྗེའི་འཕྲེང་༼ཟུར༽བ་ཨོ་རྒྱན་གྱི་ཐུགས་བཅུད་ཉིང་ཁུ་ཕྲད་ཤོག་མཐའ་ཅན། ཤིན་ཏུ་ཟབ་པ་ནང་སྒྲུབ་རྡོ་རྗེའི་འཕྲེང་བ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་༼ཟུར༽པ་ཨྱོན་གསུང་བཞིན་འཚོ་རྒྱལ་གྱིས་བྲིས་པ། མཆོག་ཏུ་གྱུར་པ་གསང་སྒྲུབ་རྡོ་རྗེ་འཕྲེང་བ་ཟབ་པའི་མཐར་ཐུག་༼ཟུང༽མ་ཆག་ན་རྡོ་རྗེ་ཚེའི་རིགས་འཛིན་ཐོབ་པར་དབུ་སྙུང་གི་མཐའ་ཚིག་ཅན། ཤིན་ཏུ་ཡང་ཟབ་སྙིང་པོའི་བཅུད་དུ་གྱུར་པ་གསང་བ་ཚེ་འཁྲིད་རྡོ་རྗེའི་འཕྲེང་བ་༼ཟུར༽ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག་གི་མཐའ་ཅན། རྫས་ཀྱི་ཚེ་སྒྲུབ་བཅུད་ལེན་རྡོ་རྗེའི་འཕྲེང་བ་ཚེའི་སྒྲུབ་པ་༼ཟུར༽ཡང་སྙིང་སྲོག་ཐིག་ཕྲད་ཤོག་གི་མཐའ་ཅན་རྣམས། གསུམ་པ་བུ་ལྔ་ནི། དབང་གི་མེ་མཆོད་རྣམ་བཞི་དང་༔ ཐབས་ལམ་ཚེ་ཡི་བཅུད་སྡུད་དང་༔ མ་འོངས་བསྟན་པའི་ལུང་བསྟན་དང་༔ སྤྱི་ཁྱབ་གཅེས་པའི་ཡིག་ཆུང་དང་༔ གཏེར་སྟོན་ཕྱག་རྒྱའི་ལུང་བསྟན་


GLG003_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ དེ་སྔ་མ་ལྔའི་བུ་ཡིག་ཡིན༔ ཞེས་པ་ལྟར། ཞི་རྒྱས་དབང་དྲག་གི་མེ་མཆོད་ལས་༼ཟུར༽ཅན་དང་ཕྲད་པར་སྨོན་པ། བུད་མེད་མཚན་ལྡན་ལ་བརྟེན་ནས་ཚེའི་རིགས་འཛིན་སྒྲུབ་པ་ཐབས་ལམ་པདྨ་བཅུད་སྡུད་གསང་བའི་སྙིང་བཅུད། ཐུགས་སྲས་ཉེ་བའི་འཁོར་བརྒྱ་དང་རྩ་བརྒྱད་ཀྱིས་རང་རང་གི་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས་ཞུས་པའི་བསྟན་པ་སྤྱི་ལུང་གང་ཟག་སྒོས་ལུང་མཐའ་དབུས་འཁྲུག་ཚུལ་གྱི་ལུང་བབསྟན། འདི་སྲོང་བཙན་བང་སོར་རྫོང་འབྱུང་བ་སོགས་ཡོད་པས་ལུང་བསྟན་ཆེན་མོ་དང་མི་གཅིག །སྒོས་སུ་གཏེར་སྟོན་དང་ཕྱག་རྒྱ་ཉི་ཤུ་རྩ་ལྔའི་ལུང་བསྟན། གཏེར་སྟོན་གྱིས་དང་སྤྲོ་བསམ་གཏན་གླིང་དུ་མཛད་པའི་སྔོན་འགྲོ་ཆོས་སྤྱོད་ཚེ་དབང་རིགས་འཛིན་མ། ཐེམས་མེད། ད་དུང་ཐེམས་དང་བསྟུན་ན་དམ་ཚིག་རྣམ་བཤད་དང་སྤྱི་ཁྱབ་ཅེས་པའི་ཆོས་གཉིས་མ་བྱུང་། གཉིས་པ་མཐར་ཐུག་སངས་རྒྱས་བསྒྲུབ་པའི་ཆོས་བརྒྱད་ལ་མ་བུ་གཉིས་ལས་དང་པོ་མ་བཞི་ནི། སྔོན་འགྲོ་སྤྱི་ཡི་བཅའ་ཐབས་དང་༔ དབང་བཞི་བླ་མའི་རྣལ་འབྱོར་རོ༔ དངོས་གཞི་ལྷ་ཡི་རྣལ་འབྱོར་དང་༔ བཟླས་པ་སྔགས་ཀྱི་རྣལ་འབྱོར་རོ༔ སེམས་ཉིད་སྟོང་པའི་རྣལ་འབྱོར་རོ༔ ཞེས་པ་ལྟར། ཐུགས་རྗེ་ཆེན་པོ་འཁོར་ལོ་ལྔའི་གསང་༼ཟུར༽འཁྲིད་ཅེས་པ་སྔོན་འགྲོའི་བཅའ་ཐབས། ལུས་བསྐྱེད་པ་ལྷའི་འཁོར་ལོ། ངག་བཟླས་པ་སྔགས་ཀྱི་འཁོར་ལོ། སེམས་དྲན་རྟོག་ཆོས་ཉིད་ཀྱི་འཁོར་ལོའོ། །གཉིས་པ་བུ་བཞི་ནི། འཚོ་རྒྱལ་ཞུས་པའི་སྤྲོས་གཅོད་དང་༔ མཚན་མ་མེད་པའི་རྫོགས་རིམ་དང་༔ ཟ་བ་བདུད་རྩི་འཁོར་ལོ་དང་༔ བག་ཡངས་སྤྱོད་པའི་འཁོར་ལོ་སྟེ༔ མ་བཞི་བུ་བཞི་རྣམ་བརྒྱད་དེ༔ ཞེས་པ་ལྟར་ལས་སྤྲོས་པ་གཅོད་པ་མ་རྙེད། མཚན་མ་མེད་པའི་རྫོགས་རིམ།


GLG003_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་བདུད་རྩི་སྨན་གྱི་འཁོར་ལོ། སྤྱོད་ལམ་བག་ཡངས་ཀྱི་འཁོར་ལོ་རྣམས། གསུམ་པ་ཡིད་བཞིན་ནོར་བུ་ལྟ་བུའི་ཆོས་བཅུ་ནི། ཀུན་ལ་གཅེས་ཤིང་ཟབ་པ་ཡི༔ ཡིད་བཞིན་ནོར་བུའི་ཆོས་བཅུ་ལ༔ འཚོ་རྒྱལ་ཞུས་པའི་ལོ་རྒྱུས་དང་༔ ཀུན་ལ་གཅེས་པའི་བརྗེད་ཐོའི་ཚུལ༔ སློབ་དཔོན་དངོས་འབྱོན་ཚེས་བཅུ་ཡི༔ ཇི་ལྟར་གཟུང་བའི་ཐབས་ལོ་རྒྱུས། ཞེས་སོགས་ཆོས་ཚན་བཅུའི་ནང་ནས། དུས་བཟང་ཚེས་བཅུ་གཟུང་ཐབས་ཕན་ཡོན་བསྐུལ་བྱང་དང་བཅས་པ་ཤ་མཚན་མཁའ་འགྲོའི་སྤྱན་འདྲའི་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན་ཙམ་ལས་སྤྱོད་ཡུལ་དུ་མ་གྱུར་ཏོ། །དེ་ཡང་ས་བཅད་སྔ་ཕྱི་གཉིས་ལ་ཆོས་ཚན་སོ་སོར་བཅུ་དང་བར་མ་ལ་བརྒྱད་དགོས་པའི་རྒྱུ་མཚན། རྡོ་རྗེ་འཕྲེང་བའི་མ་བུ་བཅུ༔ གསང་བ་འཁྲིད་ཀྱི་མ་བུ་བརྒྱད༔ ཀུན་ལ་གཅེས་པའི་ཡིག་ཆུང་བཅུ༔ ཉི་ཤུ་རྩ་བརྒྱད་ཆོས་བཀའ་ཚང་༔ ཞེས་པས་ཤེས་སོ། །དེ་ལྟར་དབང་ལུང་རྫོགས་པར་ཐོབ་པ་ལས། དབང་དང་ཟུར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་རིགས་ལྔ། སྤྲུལ་སྐུ་སྤྱན་རས་གཟིགས། ཨོ་རྒྱན་པདྨ་ཚེ་དབང་རྩལ། གྲུབ་ཆེན་རྗེ་འབངས་གྲོགས་ལྔ། ཆོས་རྒྱལ་རཏྣ་གླིང་པ། གཅུང་ངག་དབང་གྲགས་པ། རྗེ་ངག་དབང་ནོར་བུ། གཙུག་རྒྱན་ནོར་བུ་ཡོངས་གྲགས། ཆོས་དབང་ཡོངས་གྲགས་རྣམ་རྒྱལ། གསང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། མཁས་གྲུབ་ཀརྨ་གསང་སྔགས།


GLG003_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ལ་ཡག་མོན་མཁར་སྟེང་གི་ཕ་བོང་གཡུ་སྒྲོམ་གྱི་བྱང་། གནམ་སྐས་ཅན་གྱི་བྲག་རིའི་ཤར་ཕྱོགས་སྟག་ལྤགས་བརྒྱངས་འདྲའི་དཀྱིལ་ནས་སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པས་ཁྱི་ལོ་རྟ་ཟླའི་ཚེས་གཅིག་ལ་ཁྲོམ་གཏེར་དུ་སྤྱན་དྲངས་པའི་འདུས་པ་སྐོར་བཞི་ལས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཆོས་སྐོར་ལ། ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཕྱི་རྒྱུད་སྦྱང་པའི་དབང་། ཀྲྀ་ཡོག་བུམ་པའི་དབང་། ཞི་བའི་ཆས་བརྒྱད། རིགས་ལྔའི་ཕྱག་མཚན། མེ་ཏོག་འཕྲེང་བ། རྒྱལ་བ་རིགས་ལྔ། སྐུ་བཞི་ཡོངས་རྫོགས། སེམས་དཔའ་བརྒྱད། ལྷ་མོ་བརྒྱད། ཐུབ་པ་དྲུག །སངས་རྒྱས་སྟོང་། སྒོ་བ་ཡབ་ཡུམ་བརྒྱད། གསང་བ། རིག་རྩལ། སྐུ་གསུང་ཐུགས། རབ་ཏུ་གནས་པ། བཟའ་བཅའ། ཞལ་ཟས། བཀྲ་ཤིས་རྫས་བརྒྱད། བཀྲ་ཤིས་ཚེ། འགྲོ་བ་འདུལ་བ་རྣམས་ཀྱི་དབང་། གསང་དབང་ཤེར་དབང་། རང་བྱུང་དོན་དབང་རྣམས། གང་ཟག་སྤྲོས་པ་ལ་མི་དགའ་བའི་དོན་དུ་གཏོར་དབང་དུ་བསྡུས་ནས་དོན་དབང་ནོར་བུ་ལུགས་སུ་བསྐུར་བ་དང་བཅས་པ་ལེགས་པར་མནོས་ནས། ལུང་ལ། ཡིད་ཆེས་ཁུངས་བཙུན་པ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལོ་རྒྱུས་ཡིད་བཞིན་ནོར་བུ། ཐེམས་བྱང་གཏེར་གྱི་བུམ་པ། དེ་ལས་བྱུང་བའི་ཆོས་སྐོར་ལ། ཆོས་འདི་སྐྱེད་བྱེད་རྩ་བ་རྒྱུད། དེ་ལ་བརྟེན་པའི་བསྐྱེད་རིམ་སྒྲུབ་ཐབས་ཆེ་ཆུང་། ཁ་སྐོང་འཕྲིན་ལས་མ་བུ་ལས་ཚོགས། རྫོགས་རིམ་ཟབ་འཁྲིད་མན་ངག་མ་བུ། མཐར་ཐུག་ཟབ་མོ་ཁྱབ་པར་ཅན་ཚེ་སྒྲུབ། དེ་དག་ཕྱིའི་ཁ་སྐོང་རྒྱབ་ཡིག །བཀའ་དང་


GLG003_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བསྲུང་བ་ཆོས་སྐྱོང་སྐོར་དང་བདུན། དང་པོ་ནི། ཐེམས་བྱང་ལས། ཐོག་མར་ཆོས་འདི་སྐྱེད་བྱེད་མ་ཡི་ཚུལ༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད༔ ཅེས་པའི་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ཆེན་པོ་ལེའུ་བཅོ་ལྔ་པ་མཁའ་འགྲོའི་བརྡ་དཔེ་ལས་སྒྲ་རང་བསྒྱུར་དུ་མཛད་པ། གཉིས་པ་དེ་ལ་བརྟེན་པའི་སྐྱེད་རིམ་སྒྲུབ་ཐབས་ཆེ་ཆུང་ནི། རྒྱུད་མཆོག་དེ་ལ་བརྟེན་པའི་མན་ངག་སྐོར༔ སྒྲུབ་ཁོག་ཆེན་མོ་དབང་ཆོག་གཏེར་བུམ་དང་༔ གསང་བ་ཤེས་རབ་ཡེ་ཤེས་སྐོར་གསུམ་དང་༔ ཉེར་བསྡུས་གཏོར་དབང་ཡིད་བཞིན་ནོར་བུ་དང་༔ ནང་སྒྲུབ་གསང་སྒྲུབ་བཅས་པ་རྩ་བ་སྟེ༔ ཞེས་པ་ཚོམ་བུ་ཚོགས་སྒྲུབ་ཀྱི་ཁོག་ཕུབ་ཆེན་མོ་སངས་རྒྱས་ཐམས་ཅད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སུ་འདུས་པའི་སྒྲུབ་ཆེན། དབང་ཆོག་རིན་ཅེན་གཏེར་གྱི་བུམ་པ། དབང་གོང་མ་གསུམ་བསྐུར་ཐབས་མཁའ་འགྲོའི་གསང་དམ་ཅན། གང་ཟག་སྤྲོས་པ་ལ་མི་དགའ་བའི་དོན་དུ་གཏོར་མ་ལ་བརྟེན་ནས་དབང་བཞི་ནོར་བུ་ལུགས་སུ་བསྐུར་ཐབས། འཕགས་པ་ནང་བླ་མ་དང་དབྱེར་མེད་དུ་སྒྲུབ་པ་ལོངས་སྐུའི་སྒྲུབ་ཐབས་ཐུགས་བཅུད་ཡང་ཟབ་གནད་ཏིག །མཐར་ཐུག་སྒྲུབ་པའི་སྙིང་པོ་བསྟན་པ་གསང་སྒྲུབ་ཟབ་པའི་ཕུལ་ཕྱིན་རྣམས། གསུམ་པ་ཁ་སྐོང་འཕྲིན་ལས་མ་བུ་ལས་ཚོགས་ནི། དེ་ཡི་ཁ་སྐོང་ལས་བྱང་འཛབ་དགོངས་དང་༔ མཆོད་འབུམ་སྐྱེ་བདུན་སྒྲུབ་དང་ལས་ཚོགས་དྲུག །དེ་དག་རྩ་བའི་སྐོར་ཡིན་སྙིང་ལ་ཆོངས༔ ཞེས་པ་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ལས་བྱང་པདྨའི་འཕྲེང་བ། འཛབ་དགོངས་གནད་ཀྱི་གཟེར་ཐིག །མཆོད་འབུམ་རིན་ཅེན་འཕྲེང་བ། མཁའ་སྤྱོད་སྐྱེ་


GLG003_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་སྒྲུབ་པའི་ཆོ་ག་ཡིད་བཞིན་ནོར་བུ། འགྲོ་དོན་ལས་ཚོགས་དྲུག་པ་ཞེས་པ་ཐུགས་རྟེན་གའུ་མཁའ་འགྲོའི་འགྲོ་དོན། ཉི་མ་མཁའ་ཁྱབ་ཀྱི་འགྲོ་དོན། མེ་ལོང་མཐོང་གྲོལ་ལམ་གྱི་བྱ་ཐབས། དམིགས་གཏད་མཆོད་རྟེན་གྱི་འགྲོ་དོན། སྐུ་གསུམ་ཡོངས་རྫོགས་ཀྱི་འགྲོ་དོན། ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན་བྱ་ཐབས་རྣམས། བཞི་པ་རྫོགས་རིམ་ཟབ་འཁྲིད་མན་ངག་མ་བུ་ནི། རྫོགས་རིམ་གསང་འཁྲིད་ཐུགས་ཀྱི་སྙིང་པོ་དང་༔ བཏགས་གྲོལ་གཉིས་དང་རྒྱབ་ཡིག་མ་བུར་བཅས༔ ཚེ་ཚད་རྨི་ལམ་བརྟག་དང་བཅུད་ལེན་སྐོར༔ ཟབ་པའི་མན་ངག་གེགས་སེལ་དབྱུག་བཅོས་བཅས༔ ཡང་ཟབ་འཁྲིད་ཀྱི་མན་ངག་འདི་ཡིས་ཚང་༔ ཞེས་པ་རྫོགས་རིམ་ཟབ་དོན་གསང་འཁྲིད་ཐུགས་ཀྱི་སྙིང་པོ་ཊ་༼གཏེར༽ལ་ཡེ་ཤེས་རང་བྱུང་གི་གནས་སུ་ཐུགས་རྗེ་ཆེན་པོ་དངོས་ཀྱི་གུ་རུ་པདྨ་ལ་གསུངས་པ། གཏེར་སྟོན་གྱིས་མཛད་པའི་བརྒྱུད་པའི་གསོལ་འདེབས་༼གཏེར༽ཐུགས་རྗེའི་སྤྲིན་ཕུང་སྤྲོས་མེད་མཁའ་དག་མ། རང་བྱུང་རིག་པའི་མན་ངག་བཏགས་གྲོལ་སྙིང་པོའི་ཡང་༼གཏེར༽ཞུན་རབ་གནས་དབང་བསྐུར་དང་བཅས་པ་གྲོལ་ཤོག་གི་མཐའ་ཅན། བཏགས་གྲོལ་ཀྱི་རྒྱབ་ཡིག །སྤྱན་རས་གཟིགས་དང་འཇམ་དབྱངས་ཀྱི་སྒོ་ནས་ཚེ་དང་འཆི་བ་བརྟག་པ། འདིའི་འོག་ཏུ་འཆི་མེད་བདུད་རྩི་སྨན་གྱི་བཅུད་ལེན་འདུག་ཀྱང་དཔེ་མ་འབྱོར་བས་མ་ཐོབ། རྣལ་འབྱོར་ལུས་ཀྱི་གེགས་སེལ་བ་དབྱུག་བཅོས་རྣམས། ས་བཅད་ལྔ་པ་ནི་ཚེ་སྒྲུབ་གསང་འདུས་ཀྱི་སྐོར་ཏེ་ལོགས་སུ་གསལ། དྲུག་པ་དེ་དག་སྤྱིའི་ཁ་སྐོང་རྒྱབ་ཡིག་ནི། དེ་དག་སྤྱི་ཡི་མན་ངག་རྒྱབ་ཡིག་ལ༔ འཆི་བ་བརྟག་བསླུ་གསལ་བའི་སྒྲོན་མེ་དང་༔ སྐུ་གདུང་སཱཙྪ་རབ་གནས་རིན་ཅེན་འཕྲེང་༔ སྲེག་སྦྱངས་འོད་འཕྲེང་


GLG003_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཚིགས་ཐུགས་རྗེའི་འཕྲེང་༔ དེ་ཡི་ལྷན་ཐབས་ཟས་གཏད་གཏེར་མཛོད་དང་༔ སངས་རྒྱས་སྟོང་གི་མཚན་འབུམ་བཅས་པ་རྣམས༔ དེ་དག་ཕན་བྱེད་སྤྱི་ཡི་ཁ་སྐོང་ཡིན༔ ཞེས་པ་འཆི་བ་བརྟགས་སླུའི་མན་༼གཏེར༽ངག་གསལ་བའི་མེ་ལོང་། སྐུ་གདུང་སཱཙྪའི་རིམ་པ་ལ་དངོས་དང་ལན་ཕྲན་ལ་ཚེ་སྒྲུབ། རྨི་ལམ་ངན་པ་དང་རྦོད་གཏོང་བཟློག་པ། སྒྲིབ་སྦྱོང་། ཚེ་འདས་ཀྱི་དོན་དུ་འདེབས་པ། ཞི་རྒྱས་དབང་དྲག་གི་ཁ་བསྒྱུར་དང་བཅས་པ། རབ་ཏུ་གནས་པའི་ཆོ་ག་༼གཏེར༽རིན་ཅེན་འཕྲེང་བ། གཤིན་དོན་བདུན་ཚིག་ཐུགས་རྗེའི་འཕྲེང་བ། དེའི་ཞལ་གདམས་ལྷན་༼གཏེར༽ཐབས་གུ་རུའི་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། གཤིན་པོ་ཟས་གཏད་༼གཏེར༽ཀྱི་ཆོ་ག་རིན་ཅེན་གཏེར་མཛོད། དུས་གསུམ་༼གཏེར༽སངས་རྒྱས་སྟོང་རྩའི་མཚན་འབུམ་ཆེན་མོ་རྣམས། བདུན་པ་བཀའ་དང་བསྟན་པ་བསྲུང་བ་ཆོས་སྐྱོང་སྐོར་ནི། ཆོས་འདིའི་བཀའ་སྲུངས་མན་ངག་ལས་ཚོགས་སྐོར༔ དབང་ཆེན་གསང་སྒྲུབ་སྲོག་གི་སྤུ་གྲི་དང་༔ དབང་དང་ལས་ཚོགས་རིན་ཅེན་གཏེར་མཛོད་དང་༔ བླ་རྡོ་གནད་འབེབས་ཤི་ས་བསྟན་པ་དང་༔ ནོར་སྒྲུབ་ཡང་གཅེས་ཆོ་འཕྲུལ་ཟབ་མོ་དང་༔ ལས་བྱང་དང་ནི་མ་བུ་དེ་ཡིས་ཚང་༔ ཁ་རིའི་གསང་སྒྲུབ་ནོར་སྒྲུབ་ཟབ་མོ་དང་༔ དུར་ཁྲོད་བདག་མོ་ངན་ནེའི་སྒྲུབ་པ་དང་༔ ཡེ་ཤེས་གྲགས་ཀྱི་ཕྱི་ནང་གསང་སྒྲུབ་དང་༔ ཙིཏྟའི་གསང་སྒྲུབ་རྐུན་མ་ངོས་འཛིན་རྣམས༔ ཞེས་པ་ལྟར་གཏོར་སྐུ། བླ་རྡོ། ཕྱག་མཚན་ལ་བརྟེན་པའི་དམ་ཅན་སྐྱེས་བུ་ཆེན་པོའི་དབང་ནོས་ནས། ལུང་ལ། དམ་ཅན་སྐྱེས་བུ་ཆེན་པོའི་གསང་སྒྲུབ་སྲོག་གི་སྤུ་གྲི་ཕྲད་ཤོག་


GLG003_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཐའ་ཅན། དེ་དང་འདྲ་མིན་༼ཉང༽གཅིག་ཐེམས་མེད། བཅོམ་ལྡན་འདས་སྐུའི་སྤྲུལ་པ་སྲིད་གསུམ་སྒྲོལ་བྱེད་མགར་བ་ནག་པོ་རྡོ་རྗེ་ལེགས་པའི་ངན་སྔགས་གདུག་པའི་མཚོན་ཆས་དགྲ་བོ་མྱུར་དུ་སྒྲོལ་བའི་མན་ངག་བསྙེན་སྒྲུབ་ལས་གསུམ་དང་བཅས་པ་དུག་གི་སྤུ་གྲི་གནམ་ལྕགས་ངར་མ་དང་འདྲ་བ། ཐེམས་མེད། སྐྱེས་བུ་ཆེན་པོའི་རྗེས་གནང་དབང་གི་རིམ་པ། ལུས་ངག་གྲིབ་ལྟར་འགྲོགས་པ་བླ་རྡོ། ར་རོག་གི་པགས་༼ཉང༽པ་ལ་བརྟེན་པའི་བླ་རྡོ། རྡོ་རྗེ་ལེགས་པའི་ཤི་ས་༼ཉང༽བསྟན་པ། རྣོ་མྱུར་ཡང་ཟབ་དམ་ཚིག་ཅན་དམ་གྱི་ནོར་སྒྲུབ་རིན་ཅེན་གཏེར་མཛོད། བོད་རྦད་གསད་གསུམ་ཤམ་བུ་བླ་དབབ་རྣམས་ཀྱི་སྔགས་ཀྱི་འབྲུ་ཐེམས་སྐྱེས་བུ་དྲག་རྩལ་ཡིན་ནོའི་མཐའ་ཅན། དམ་སྲི་སྒབ་འབྲུ་བདུད་བཙན་ཐེའུ་བྲང་གསུམ་གནོན་ཐབས། དམ་སྲི་འགོང་པོ་སྤུན་༼ཉང༽གསུམ་འདྲི་བའི་ཕྱག་ལེན། དམ་སྲི་མནན་པའི་གསལ་བྱེད་༼ཉང༽འཁུ་ལྡོག་མི་འབྱུང་བའི་ཐབས། དམ་སྲི་ཕོ་མོའི་ཤི་ས་༼ཉང༽བསྟན་པ། ཁྱི་དཀར་སྣ་དམར་གྱི་ཐོད་པར་བརྟེན་ནས་ཆོ་འཕྲུལ་གཏོང་བ་དོན་ལྔས་བསྟན་པ། ར་རོག་པོའི་མགོ་ལ་བསྟན་ནས་ལྟས་ངན་བཙན་ཐབས་སུ་གཏོང་བ། ཐེམས་མེད། ལས་བྱང་གསོལ་ཁ་རྒྱལ་བ་ཤཱཀ་ཐུབ་མ་རྣམས། ཁ་རིའི་སྐོར་ནི་དཔེ་མ་འབྱོར་བས་མ་ཐོབ། མུ་སྟེགས་ཀྱི་ལྷ་མོ་སྲོག་༼ཉང༽སྒྲུབ་མ་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མ་དཀོར་སྲུང་གི་སྒྲུབ་པ། ནོར་བདག་ཐེའུ་བྲང་ཡེ་ཤེས་གྲགས་ཀྱི་སྒྲུབ་སྐོར་ལ། ཕྱི་སྐྱེས་བུ་དོན་གསལ་དུ་བསྒྲུབ་པ། ནང་དཀོར་བདག་ལྷ་རྒྱལ་དུ་བསྒྲུབ་པ། གསང་བ་དགེ་བསྙེན་ཡེ་ཤེས་གྲགས་སུ་བསྒྲུབ་པ་རྣམས། གནོད་སྦྱིན་ཨ་པ་ར་ཙིཏྟའི་ནོར་


GLG003_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་ནང་གསེས་ཀྱི་གནོད་སྦྱིན་སྒྲུབ་པ། ཡོན་བདག་བསྡུ་བ། མཁའ་འགྲོ་གནད་པོར་གསུམ་གྱིས་བསྟན་པ། རྡོ་རྗེ་ཐེམས་མེད། བསམ་གྲུབ་༼༽རྩལ་གྱི་ནོར་སྒྲུབ་རྣམས་རྫོགས་པར་ཐོབ་པ་ལས་ཐུགས་རྗེ་ཆེན་པོའི་དབང་བཞིའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། བཙུན་པ་རྒྱལ་བ་མཆོག་དབྱངས། ཤེལ་དཀར་རྡོ་རྗེ་འཚོ། ལང་འགྲོ་དཀོན་ཅོག་འབྱུང་གནས། ཨཱ་ཙཪྻ་ཡེ་ཤེས་། སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། གར་དབང་ལས་འཕྲོ་གླིང་པ། སྲས་འཇིག་རྟེན་མགོན་པོ། འདྲེན་མཆོག་སངས་རྒྱས་ཕུན་ཚོགས། ཐུགས་སྲས་རིགས་འཛིན་ཆོས་བཟང་། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་གྱི་སྔགས་དཀར་མ་ནི་བར་སྩལ་ཏོ། །ཡང་ན་ཚེ་དབང་གྲགས་པ་ནས། ངག་དབང་གྲགས་པ། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། དབང་ཆེན་ལྷུན་གྲུབ། སངས་རྒྱས་ཕུན་ཚོགས་མན་འདྲ། གཏེར་དབང་ཡིད་བཞིན་ནོར་བུའི་བརྒྱུད་པ་ནི། འདྲེན་མཆོག་སངས་རྒྱས་ཕུན་ཚོགས་ནས། ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །གཏེར་གྱི་རྟགས་མ་གཏོགས་པའི་ས་བཅད་དྲུག་པ་ཡན་དང་ཨ་པ་ར་ཙིཏྟའི་སྐོར་གྱི་ལུང་བརྒྱུད་ནི། རྒྱལ་སྲས་ཚེ་དབང་གྲགས་པ་ནས། མཚུངས་མེད་ངག་དབང་གྲགས་པ། ཐུགས་སྲས་ངག་དབང་ནོར་བུ། རྗེ་བཙུན་ནོར་བུ་ཡོངས་གྲགས། རྗེ་སྲས་ནོར་བུ་དབང་རྒྱལ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། འཕྲིན་ལས་ལྷུན་


GLG003_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མན་གོང་ལྟར། གཏེར་གྱི་རྟགས་ཡོད་པའི་ལུང་གི་བརྒྱུད་པ་ནི། ནོར་བུ་ཡོངས་གྲགས་ནས། རྒྱལ་སྲས་ཀརྨ་འཕྲིན་ལས་རྒྱ་མཚོ། ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། འགྲོ་འདུལ་གཏེར་བདག་གླིང་པ། དེས་བདག་ལའོ། །དམ་ཅན་གྱི་དབང་དང་གསོལ་ཁའི་བརྒྱུད་པ་ནི། རྒྱལ་སྲས་ཚེ་དབང་གྲགས་པ་ནས། དཔའ་བོ་མཐའ་ཡས་གྲགས་པ། གུ་རུ་ངག་དབང་ལྷུན་གྲུབ། མི་འགྱུར་ཀུན་དགའ་དཔལ་བཟང་། རིན་ཅེན་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ་པ། རྗེ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྒབ་འདྲེ་གནོན་ཐབས་དང་ཉང་གི་རྟགས་ཡོད་པ་རྣམས་མ་གཏོགས་པའི་དམ་ཅན་གྱི་ཆོས་སྐོར་རྣམས་གྱི་ལུང་བརྒྱུད་ནི། ཀུན་དགའ་ཚེ་མཆོག་ནས། ཕ་ཇོ་གཞོན་ནུ་དོན་གྲུབ། རྗེ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཉང་གི་རྟགས་ཡོད་པ་མ་གཏོགས་པའི་དམ་ཅན་གྱི་ལུང་ཡོངས་རྫོགས་ནི། རིགས་འཛིན་འཕྲིན་ལས་ལྷུན་གྲུབ་ཡན་ཐུགས་རྗེ་ཆེན་པོ་ལྟར་ལ། དེ་ནས་མཁས་གྲུབ་ཀརྨ་གསང་སྔགས། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཉང་གི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། ནོར་བུ་ཡོངས་གྲགས་ནས། ཀརྨ་འཕྲིན་ལས་རྒྱ་མཚོ། ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། འགྲོ་འདུལ་གཏེར་བདག་གླིང་པ། དེས་བདག་ལའོ། །གཡུང་དྲུང་གི་རྟགས་ཡོད་པའི་ལུང་ནི། ནོར་བུ་ཡོངས་གྲགས་ནས། ཡོང་རྫོང་ཡབ་སྲས། གུང་རུ་དཔལ་ལྡན་གྲགས། ཁྱབ་བདག་ཆོས་དབྱིངས་རང་གྲོལ། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཐེའུ་བྲང་ཡེ་ཤེས་གྲགས་ཀྱི་བརྒྱུད་པ་ནི། ནོར་བུ་ཡོངས་གྲགས་ནས། རླུང་གི་སྔགས་


GLG003_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་མ་ནི་ཨིནྡྲ་རཱ་ཛ། རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལའོ། །གནས་སྐབས་ཀླུ་བདུད་མགོ་དགུའི་ཕོ་བྲང་ནས་སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་འདུས་པ་སྐོར་བཞི་ལས་ཚེ་དཔག་མེད་གསང་བ་འདུས་པ་ལ་ཐེམས་བྱང་ལོགས་སུ་མེད་པ་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཐེམས་བྱང་ན་གསལ་བའི་ས་བཅད་ལྔ་པའི་སྐོར་རྣམས་ཡིན་ཞིང་། དབང་ཆོག་ཏུ་སྒྲུབ་ཁོག་ཅེས་ཞལ་འཕངས་མཛད་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཁོག་ལས་སྤྲོས་པའི་འདི་ལ་ཟུར་དུ་མེད་པས་ཤེས་པར་ནུས་ལ། ད་ལྟ་ཕྱག་ལེན་ལ་ཐོབ་ཡིག་ལོགས་སུ་མཛད་སྲོལ་ལྟར་ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་དུ། སྟ་གོན་སྔོན་དུ་འགྲོ་བའི་བུམ་པ། གཏོར་མ། ཚེ་ཆང་། ཚེ་རིལ། རྡོ་རྗེ་པདྨ། འཁོར་ལོ། པྲོག་ཞུ། རྒྱ་གྲམ། རྡོ་རྗེའི་གོ །སྙིང་པོ་ལྔ། བཀྲ་ཤིས་རྫས་བརྒྱད་དང་བཅས་པའི་བུམ་དབང་། བྱང་སེམས་ལ་བརྟེན་ནས་གསང་དབང་། ཕྱག་རྒྱ་ལ་བརྟེན་པའི་ཤེར་དབང་། སྤྲོས་མེད་ཚིག་དབང་། གཏོར་མ་བརྟེན་པའི་དོན་དབང་ནོར་བུ་ལུགས་དང་བཅས་པ་ལེགས་པར་མནོས་ནས། རྒྱབ་རྟེན་ལུང་གི་སྐོར་ནི། ཐུགས་རྗེ་ཆེན་པོ་ཐེམས་བྱང་ལས། མཐར་ཐུག་ཟབ་མོའི་ཚེ་སྒྲུབ་སྐོར་དག་ལ༔ ཚེ་སྒྲུབ་གསང་འདུས་དེ་ཡི་བསྟོད་བསྐུལ་དང་༔ ཚེ་སྒྲུབ་གསང་འདུས་ཡང་ཟབ་སྒྲུབ་པ་དང་༔ ཕྱི་ནང་གསང་གསུམ་སྤྲ་འཁྲིད་རྟགས་ཡིག་བཅས༔ འཆི་མེད་ཚེ་ཡི་བཅུད་ལེན་མཐར་ཐུག་གོ༔ ཞེས་པ་ལྟར། ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་ཆོ་གའི་རིམ་པ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་ཨྱོན་ཆེན་


GLG003_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གསུང་བཞིན་མཁར་ཆེན་བཟས་བཀོད་པ་རྫོགས་བྱང་གི་མཐའ་ཅན། ལས་བྱང་གི་བུ་ཡིག་བསྟོད་པ་བཅོམ་ལྡན་ཚེ་བདག་མ་དང་། ཐུགས་དམ་གནད་ནས་བསྐུལ་བ་གསང་འདུས་ཚེས་དཀྱིལ་མ་གཉིས་བསྡོམས་པར་བསྟོད་བསྐུལ་རྒྱས་པར་བདག་མཁར་ཆེན་བཟས་བཀོད་པ་འོའི་མཐའ་ཅན། གསང་འདུས་དམིགས་རིམ་འགོར་དེ་ནས་གཟུངས་ཐག་འཐེན་ལ་ཞེས་པ་དང་རྡོ་རྗེའི་ཚེ་ཐོབ་པར་གདེངས་བསྐྱེད་དོའི་མཐའ་ཅན། ཐེམས་མེད། ཡང་ཟབ་སྒྲུབ་པ་ཡང་གཅེས་སྙན་བརྒྱུད་གསང་བ་ཐུན་མོང་མ་ཡིན་པ་གུད་དུ་སྦས་པ་བཀའ་བཞིན་བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར་རོའི་མཐའ་ཅན། ཕྱི་སྒྲུབ་ཟབ་པའི་ཕུལ་དུ་ཕྱིན་པ་གསང་སྒྲུབ་ཚེའི་སྒྲུབ་པ་ཟབ་མོ་རྒྱུད་ཀྱི་ཁུངས་དང་འབྲེལ་བ་དུས་ཀྱི་མཐའ་ཕྲད་པར་ཤོག་གི་མཐའ་ཅན། ནང་གི་ཚེ་སྒྲུབ་ཐུགས་ཀྱི་ཡང་ཞུན་གཅེས་པའི་ལུས་དང་འདྲ་བ་འདི་ཡིས་རང་གཞན་དོན་ལ་སྤྱོད་པར་འགྱུར་གྱི་མཐའ་ཅན། ནང་སྒྲུབ་དམིགས་རིམ་ཁོལ་དུ་ཕྱུང་བ་འགོར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་ཞིང་ཞེས་དང་སྒྲ་དིར་རི་རི་དབང་བསྐུར་བར་བསྒོམ་གྱི་མཐའ་ཅན། ཐེམས་མེད། གསང་སྒྲུབ་སྙིང་དང་སྲོག་གི་དངས་མ་ལྟ་བུ་གཏེར་སྲུང་མཆེད་གསུམ་ཐུབ་པར་སྲུངས་ཀྱི་མཐའ་ཅན། སྤྲོས་མེད་དོན་དབང་ནོར་བུ་ལུགས་སུ་བསྐུར་བ་གུ་རུའི་གསུང་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་ཡི་གེར་བྲིས་པའི་མཐའ་ཅན། ཐེམས་མེད། བུམ་པའི་དབང་ཆོག་ཆེན་མོ་ཐུགས་ཀྱི་ཡང་ཞུན་རིན་པོ་ཆེའི་གསེར་ལྟ་བུ་དེས་ཀྱང་བཀའ་རྒྱ་སྤེལ་ཚོད་རིག་པར་ལྟོས་ཀྱི་མཐའ་ཅན། ཐེམས་མེད། དབང་གོང་མ་གསུམ་རྡོ་རྗེའི་ཐེམ་སྐས་ཞེས་པ་ཨྱོན་ཆེན་པོའི་གསུང་བཞིན་མཁར་ཆེན་བཟས་ལ་ཡག་མོན་མཁར་དུ་བཀོད་པ། ཐེམས་མེད།
བརྒྱུད་པའི་ལོ་རྒྱུས་འོད་ཟེར་འཕྲེང་བ་དང་དབང་གི་ཕྱག་ལེན་གངས་རིའི་ཆུ་རྒྱུན་གཉིས་བསྡོམས་པའི་འཁོར་ནམ་མཁའ་དང་ཞེས་དང་བཀྲ་ཤིས་བརྗོད་དོའི་མཐའ་ཅན། ཐེམས་མེད། བདག་འཇུག་གཞན་དོན་དབུར་པོ་བ་མགོན་པོ་རྡོ་རྗེས་སྦྱར་བ་སྐྱེ་ཤི་འགྱུར་མེད་མ་ལས་འཇུག་གོའི་མཐའ་ཅན། ཚེ་གཏོར་གཡང་ཞག་འཁྱིལ་བའི་སྤྲ་འཁྲིད་ཡིག་ཆུང་བཀོལ་པ་ཟབ་མོའི་མཐའ་ཅན། བརྡ་རྟགས་གསལ་བའི་མེ་ལོང་ཞེས་པ་རྨི་ལམ་གྱི་ལྟས་དང་ཚེ་གཏོར་གྱི་བཀྲ་རྟགས་སྟོན་པ་ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་ཕྲད་ཤོག་གི་མཐའ་ཅན། འཆི་མེད་བདུད་རྩིའི་བཅུད་ལེན་ལོ་གཅིག་གི་བར་དུ་ཆག་མེད་དུ་ཟོས་ན་ལོ་བརྒྱ་ཐུབ་པར་འགྱུར་བ་དང་ཕྲད་ཤོག་གི་མཐའ་ཅན་རྣམས་ལེགས་པར་མནོས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་བདག་རིགས་ལྔ། སྤྲུལ་སྐུ་པདྨ་འབྱུང་གནས། ཐུགས་སྲས་རྗེ་འབངས་གྲོགས་ལྔ། སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། མཉམ་མེད་ངག་དབང་གྲགས་པ། མཚུངས་མེད་ངག་དབང་ནོར་བུ། དྲིན་ཅན་ནོར་བུ་ཡོངས་གྲགས། ཀརྨ་འཕྲིན་ལས་རྒྱ་མཚོ། ཉང་ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། གྲུབ་པའི་དབང་ཕྱུག་བློ་ཡངས་འོད་གསལ། སྤྲུལ་སྐུ་གཏེར་སྟོན་གཏེར་བདག་གླིང་པ། དེས་བདག་ཟ་ཧོ་བནྡེ་ལ་བཀའ་དྲིན་སྩལ་ཏོ། །

སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།


GLG003_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་སྐས་ཀླུ་བདུད་མགོ་དགུའི་བྲག་སྟག་ལྤགས་བརྒྱངས་འདྲའི་ངོས་ནས་སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་རྟ་མགྲིན་གསང་འདུས་ནི། ཐེམས་བྱང་ལས། ཁྱད་པར་ཡང་ཟབ་ང་ཡི་ཐུགས་དམ་བསྐོང་༔ གསང་བ་འདུས་པ་ཞི་དང་ཁྲོ་བོའི་སྐོར༔ གཉིས་ལས་རྟ་མགྲིན་


GLG003_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་འདུས་པ་ནི༔ པདྨ་ང་ཡི་ཐུགས་དམ་རྩ་བ་ཡིན༔ བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ༔ ཐུགས་བཅུད་སྙིང་པོ་འདི་ཉིད་མིན་རེ་སྐན༔ ཞེས་མཆོག་གི་དངོས་གྲུབ་མྱུར་དུ་བསྒྲུབ་པའི་ཞར་ལ་ཐུན་མོང་གི་དངོས་གྲུབ་འབད་མེད་སྩོལ་བ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་དབང་ཆེན་རྟ་མགྲིན་གསང་བ་འདུས་པའི་ཆོས་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ། དབང་ཆོག་ཆེན་མོ་དྲེགས་པ་སྲོག་གི་རྒྱ་ཅན་གྱི་སྟེང་ནས་དཔལ་རྟ་མགྲིན་གསང་བ་འདུས་པའི་དབང་ལ། སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་དབུ་རྒྱན་གྱིས་རྡོ་རྗེ་འཆང་དང་སྐལ་བ་མཉམ་པ། ཅོད་པན་གྱི་ཆོས་ཀྱི་རྒྱལ་པོར་འགྱུར་བ། གཏོར་མས་སྐུ་གསུང་ཐུགས། བུམ་པས་སྐུ་བཞིའི་སངས་རྒྱས་ཐོབ་པའི་དབང་། དུར་ཁྲོད་ཆས་ཀྱིས་ཟིལ་གནོན་རང་རྟགས་ཆེ་བཙན་དྲེགས་པ་ཀུན་འདུལ་མངོན་རྫོགས་རྒྱལ་པོའི་དབང་། ཕྱག་མཚན་གྱི་འཕྲིན་ལས་རྫོགས་ཤིང་ཉོན་མོངས་འཇོམས་པ་བདུད་བཞི་ཚར་གཅོད་པ། གཟིག་ཤམ་དང་རྒྱན་དྲུག་གིས་སྣང་སྲིད་ཟིལ་གྱི་གནོན་ཅིང་ཐེག་དགུ་ཡོངས་རྫོགས་ཀྱི་དབང་། ཕུར་པས་བསྒྲལ་དབང་། བྱང་སེམས་ཀྱིས་བདེ་སྟོང་། སྐུ་འབག་གིས་བསྐྱེད་རིམ། བཟླས་པ། རྫོགས་རིམ། ཞལ་ཟས་ཚེ་དང་གལ་གྱི་དབང་། དབང་མཆོག་ཡིད་བཞིན་ནོར་བུའི་སྟེང་ནས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་། བྷ་གའི་དཀྱིལ་འཁོར་དུ་ཤེར་དབང་། བརྡ་སྤྲོད་པ་ལ་བརྟེན་ནས་ཚིག་དབང་དོན་གྱི་ངོ་བོ། དབང་ཆོག་རིན་ཅེན་གཏེར་བུམ་གྱི་སྟེང་ནས་གཏོར་མ་རིན་ཅེན་དབང་གི་རྒྱལ་པོ་ལ་བརྟེན་ནས་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བ། སྐུ་གཟུགས་སྒྲུབ་ཡིག་ཕྱག་མཚན་ལ་བརྟེན་ནས་


GLG003_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་དབང་། རས་བྲིས་ཀྱི་དཀྱིལ་འཁོར་དུ། དབང་ཆོག་ཡིད་བཞིན་ནོར་བུའི་སྟེང་ནས་འཇིགས་བྱེད་མེའི་སྤུ་གྲིའི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་བུམ་པས་དབང་བཞི། བདུད་རྩི་མེ་ལོང་གིས་གསང་དབང་། རྡོར་དྲིལ་གྱིས་ཡེ་ཤེས་ལྔའི་དབང་། མེ་ལོང་དང་སྐུ་གཟུགས་ཀྱི་ཡེ་ཤེས་རྩལ་དབང་། ཕྱག་མཚན་གྱིས་འཕྲིན་ལས་བཞི་ཁམས་གསུམ་ཡོངས་སྒྲོལ་མངོན་རྫོགས་རྒྱལ་པོའི་དབང་། དུར་ཁྲོད་ཆས་ཀྱི་རབ་འབྱམས་རྒྱལ་པོའི་དབང་། སྒྲུབ་གཏོར་སྐུ་འབག་རྟེན་གཏོར་བཅས་པས་སྐུ་གསུང་ཡོངས་རྫོགས་དང་འཕྲིན་ལས་གང་འཚམ་གྲུབ་པའི་དབང་རྣམས། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཆོག་འོད་ཟེར་འཕྲེང་བའི་སྟེང་ནས་གསང་བདག་རྡོ་རྗེ་གཏུམ་པོའི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་བུམ་པས་ལྷ་དབང་། ཅོད་པན་གྱིས་ལྷ་དང་སྐལ་བ་མཉམ་པ། བདུད་རྩིས་གསང་ངག་ལ་ནུས་པ་བསྐྱེད་པ། ས་བོན་རྡོལ་དྲིལ་གྱིས་ཐུགས་དབང་། ཕྱག་མཚན་གྱིས་རྩལ་ཆེན་འགྲོ་བ་འདུལ་ཞིང་འཕྲིན་ལས་རྫོགས་པའི་དབང་། གཏོར་མ་སྐུ་འབག་དང་བཅས་པས་དབང་བཞི་ཡོངས་རྫོགས། ཁྱུང་དང་ཁྲོ་བཅུའི་ལྷ་དབང་གིས་འཕྲིན་ལས་དང་མཐུ་རྩལ་ཡོངས་རྫོགས། བརྡ་སྤྲད་པ་རབ་འབྱམས་བཀའི་དབང་རྣམས། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཆེན་དྲག་པོ་ལས་དྲག་པོར་ཁྲོས་པ་རྟ་ནག་ལྕགས་རལ་ཅན་གྱི་སྨིན་བྱེད་ལ། འཇུག་པ་སྔོན་དུ་འགྲོ་བའི་བུམ་པ་དང་གཏོར་མས་ཡོངས་རྫོགས་ཆེན་མོའི་དབང་བཞི། འཕྲིན་ལས་རྣམ་བཞི་འགྲུབ་པ་ཕྱག་མཚན་གྱི་དབང་། དཔལ་གྱི་ཆས་ཀྱི་རང་རྟགས་དྲེགས་པར་


GLG003_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྒྱུར་སྲིད་གསུམ་བྲན་འཁོལ་གྱི་དབང་། སྐུ་འབག །སྔགས། ཕྱག་མཚན། གླེགས་བམ་གྱིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་དངོས་གྲུབ་ཀྱི་མཐའ་ཅན་བཅས་པ་རྣམས་ལེགས་པར་མནོས་ནས། ལུང་ལ། ཐེམས་བྱང་རིན་ཅེན་གཏེར་མཛོད་དེ་ལས་བྱུང་བའི་གདམས་སྐོར་ལ། ཀུན་གྱི་རྩ་བ་རྒྱུད་ཀྱི་སྐོར། བསྐྱེད་རིམ་སྒྲུབ་པ་དབང་འཕྲིན་ལས་དང་བཅས་པའི་སྐོར། ཁ་བསྒྱུར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ལས་ཚོགས་སྐོར། སྐུ་གསུང་ཐུགས་ལས་སྤྲུལ་པའི་ཡི་དམ་སྒེར་སྒྲུབ་སྐོར། མ་ཚང་བ་ཁ་སྐོང་བའི་གདམས་ཕྲན་སྣ་ཚོགས་སྐོར། ཡིད་ཆེས་བསྐྱེད་པ་ཞལ་གདམ་ཁ་འཐོར་སྐོར། ཐེམས་མེད་ཡུམ་བཀའ་ཟབ་ཁྱད་ཅན་གྱི་སྐོར། སྒོས་ཀྱི་བཀའ་སྐྱོང་སྔགས་སྲུང་ཨེ་ཀ་ཛ་ཊིའི་སྐོར། སྤྱིའི་སྲུང་མ་གནོད་སྦྱིན་དྲག་པོ་བཤན་པ་དམར་ནག་སྐོར། ནོར་གྱི་དབང་ཕྱུག་རྒྱལ་ཆེན་རྣམ་སྲས་སྐོར། ངན་ཐབས་ལས་ཕྲན་སྐོར་དང་བཅུ་གཅིག །དང་པོ་ནི། ཐོག་མར་ཆོས་འདི་བསྐྱེད་པ་མ་ཡི་ཚུལ༔ དབང་ཆེན་གསང་བ་འདུས་པའི་རྒྱུད་ཆེས་ཡིན༔ ཞེས་པ། ཡང་གསང་སྤུ་གྲིའི་རྒྱུད་སྟོང་ཕྲག་ལྔའི་ནང་ནས་ཕྱུང་བའི་ཆོས་འདི་སྐྱེད་པར་བྱེད་པའི་མ་ལྟ་བུ་དབང་ཆེན་ཡང་གསང་ཁྲོས་པའི་དྲག་སྔགས་གནམ་ཐོག་མེའི་སྤུ་གྲི་གསང་བ་འདུས་པའི་རྒྱུད་ཆེན་ལེའུ་ཉེར་གཉིས་པ། གཉིས་པ་བསྐྱེད་རིམ་སྒྲུབ་པ་དབང་འཕྲིན་ལས་དང་བཅས་པའི་སྐོར་ནི། སྤྱི་སྒྲུབ་འཁོར་ལོ་རྣམ་གསུམ་སྒྲུབ་པ་དང་༔ ཡང་གསང་ནང་སྒྲུབ་བླ་མ་དབྱེར་མེད་སྒྲུབ༔ གསང་སྒྲུབ་ཁྱད་པར་ཡང་ཟབ་སྒྲུབ་པ་དང་༔ གཏོར་དབང་རིན་ཅེན་གཏེར་གྱི་བུམ་པ་དང་༔ དབང་ཆོག་རྒྱས་པ་དྲེགས་པའི་སྲོག་རྒྱ་ཅན༔ གསང་དབང་


GLG003_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གསུམ་ཡིད་བཞིན་ནོར་བུ་དང་༔ ལས་བྱང་བསྐྱེད་རིམ་བསྟོད་པ་འགེབས་དང་བཅས༔ དེ་དག་སྒྲུབ་སྐོར་རྩ་བའི་ཆོས་རྣམས་ཚང་༔ དེ་ཡི་ཁ་སྐོང་མེ་མཆོད་ཆེན་མོ་སྟེ༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་པ་ལྟར་ལང་འགྲོ་ལོ་ཙཱ་བས་སློབ་དཔོན་ཆེན་པོ་ལ་རྟ་མགྲིན་གྱི་ཞལ་མངོན་སུམ་དུ་མཐོང་བའི་གདམས་པ་ཞུས་ཚེ་གནང་བ་སྤྱི་སྒྲུབ་འཁོར་ལོ་རྣམ་གསུམ་ཞེས་པ་ཕྱི་རྟ་ཐོད་ལྷ་ཞལ་ལ་བརྟེན་ནས་དྲེགས་པ་ཅན་དབང་དུ་བསྡུ་བ། ནང་ཐོད་པ་ལྷ་ཞལ་ལ་བརྟེན་ནས་རང་ལུས་ལྷར་བསྒོམ་པ། གསང་བ་འཁོར་ལོ་ལྷ་ཞལ་ལ་བརྟེན་ནས་དགྲ་བགེགས་ཚར་གཅོད་པ་གསུམ་བསྟན་པ། རྟ་ཐོད། ཐོད་པ་ལྷ་ཞལ། གསང་བའི་འཁོར་ལོ་རྣམས་ཀྱི་དཔེ་རིས། ཐེམས་མེད། རྟ་ཕག་ཡབ་ཡུམ་ནང་བླ་མ་དང་དབྱེར་མེད་སྒྲུབ་པ་བདག་བྱིན་གྱིས་བརླབ་པའི་རིམ་པ་བླ་མ་ཡི་དམ་མཁའ་འགྲོ་སྤྱི་སྒྲུབ་བྱིན་རླབས་ཀྱི་རྩ་བ་འཚོ་རྒྱལ་གྱིས་སློབ་དཔོན་ལ་ལུང་ཞུས་ནས་ཡི་གེར་བཏབ་པ། ཡང་ཐེམས་མེད། གསང་གནས་ཀྱི་སྒྲུབ་ཐབས་དགོངས་པའི་ཞེ་ཕུགས་སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ་གསུམ་ལས་མི་སྤེལ་བ། ཡང་གསང་གནད་ཡིག་ཐེམས་སུ་མ་བསྟན་༼གཏེར༽གུད་དུ་སྦས་པ་རང་གི་བཅང་བར་བྱའོའི་མཐའ་ཅན། ཐེམས་མེད། དཔལ་རྟ་མགྲིན་གསང་བའི་སྒྲུབ་ཐབས་འཛབ་དགོངས་དམིགས་པ་རྟགས་དང་བཅས་པ་སློབ་དཔོན་ཆེན་པོའི་གསུང་བཞིན་ཤེལ་དཀར་བཟས་ལ་ཡག་མོ་མཁར་སྟེང་དུ་བྲིས་པ། རྟ་ཕག་ཡང་གསང་ལྟར་བསྒྲུབ་པའི་སྤྱི་༼༽སྒྲུབ་དམར་ནག་སྲོག་ཏིག་གུད་དུ་སྦས་པའི་ཆིག་བརྒྱུད་ལས་སྤེལ་མི་རུང་བ། ཡང་གསང་བསྒྲུབ་པའི་འཁོར་ལོ་སྙིང་༼༽བྱང་ལྐོག་ཡིག་ཅེས་པ་སྲོག་


GLG003_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བླ་རྡོའི་མན་ངག །ཐེམས་མེད། ཐོད་སྐུ། བླ་རྡོའི་སྣོད་དང་སྦ་ལྕགས་ཚིགས་གསུམ་དར་སྣ་ལྔ་པ། འཁོར་ལོ་སྙིང་བྱང་གི་དཔེ་རིས་དང་བཅས་པ། ཐེམས་མེད། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས་ཀྱི་འགྲེལ་པ་གསལ་བའི་མེ་ལོང་ཤིན་ཏུ་ཟབ་པ་སྤྱི་དོན་གསུམ་གྱིས་བསྟན་པ། གཏོར་མ་རིན་པོ་ཆེ་དབང་གི་རྒྱལ་པོ་ལ་བརྟེན་ནས་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བ་རིན་ཅེན་གཏེར་བུམ་སློབ་དཔོན་གསུང་བཞིན་རྒྱལ་བ་མཆོག་དབྱངས་ཀྱིས་བྲིས་པ། དབང་མཆོག་ཆེན་མོ་དྲེགས་པ་སྲོག་གི་རྒྱ་ཅན་ཞེས་པ་སྔོན་འགྲོ་དངོས་གཞི་རྗེས་རྐྱང་པ་དང་རྗེས་ཀྱི་ཟབ་རྒྱ་དམ་ཚིག་བཅས་པའི་དོན་བཞིས་བསྟན་པ། དབང་གོང་མ་གསུམ་བསྐུར་ཐབས་ཡིད་བཞིན་ནོར་བུ་ཆིག་བརྒྱུད་མ། དཀྱིལ་འཁོར་རྒྱས་བསྡུས། གཏོར་མ། བནྡྷ། ཅོད་པན། ཚེ་རིལ། བུམ་པ། དབུ་རྒྱན། དུར་ཁྲོད་ཆས་རྒྱན། རྒྱན་དྲུག །ཕུར་པ། ཚེ་བུམ། གསང་རྫས་ཁེབས་བཅས་རྣམས་ཀྱི་དཔེ་རིས། ཐེམས་མེད། གཏེར་སྟོན་གྱིས་མཛད་པའི་ལས་བྱང་རིན་ཅེན་འཕྲེང་བ་ཞེས་པ་གཏེར་བྱོན་གཞིར་བཞག་ལ་གསང་སྒྲུབ་དང་ཡང་གསང་ཁྲོས་པ་སོགས་ནས་ཁ་བསྐངས་པའི་མང་ཉུང་རན་ཞིང་སྐྱོང་བདེ་བ་ཤིན་ཏུ་ལེགས་པ། ཐེམས་མེད། ལྷ་བསྐྱེད་སྤྱན་འདྲེན་བསྟོད་པ་སོགས་ལས་བྱང་འགེབས་ཀྱི་རིམ་པ་གུ་རུའི་གསུང་བཞིན་བཙུན་པ་མཆོག་དབྱངས་ཀྱིས་བྲིས་པ། སྒྲུབ་པའི་ཁ་སྐོང་གི་ལས་བྱང་ནི་གློང་གསལ་སྙིང་ཏིག་ན་ཡོད་དེ་བཀོལ་དུ་རུང་ཟེར་བ་འདུག །དེ་དག་གི་ཁ་སྐོང་མེ་མཆོད་༼གཏེར༽སྦྱིན་སྲེག་ཕོ་ཉ་མྱུར་མགྱོགས་རྣམས། གསུམ་པ་ཁ་བསྒྱུར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ལས་ཚོགས་སྐོར་ནི། དེ་ཡི་ལས་ཚོགས་མན་ངག་བསྟན་པ་ནི༔ རྩ་བའི་ལས་ཚོགས་ཁྱུང་ལྔའི་སྒྲུབ་པ་དང་༔ སྐུ་སྒྲུབ་


GLG003_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་དགོས་འདོད་ཀུན་འབྱུང་དང་༔ གསུང་སྒྲུབ་ལས་ཚོགས་ཀུན་ཐུབ་བསྲུང་བའི་རྒྱལ༔ ཐུགས་སྒྲུབ་ལས་ཚོགས་བདུད་ཟློག་ཅོག་བརྡུང་དང་༔ ཡོན་ཏན་ལས་ཚོགས་ཡང་ཟློག་སྤུ་གྲི་དང་༔ འཕྲིན་ལས་ལས་ཚོགས་རྫས་སྦྱོར་རྭ་བསྲུང་བཅས༔ དབང་ཆེན་ཕྱི་ནང་གསང་གསུམ་སྐུ་གསུང་ཐུགས༔ ཡོན་ཏན་འཕྲིན་ལས་མ་ལུས་ཐམས་ཅད་ཚང་༔ དེ་ལས་མང་ཉུང་བྱུང་ན་ལྷག་ཆད་དེ༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཟབ་ཅིང་གཉན་པས་གདམས་པ་འཚོ་ཤེས་གཅེས༔ ཞེས་པ་ལྟར་རྩ་བའི་ལས་ཚོགས་དྲག་པོ་ཁྱུང་ལྔའི་སྒྲུབ་པ་གུ་རུའི་གསུང་བཞིན་ཨཱ་ཙཪྻ་ཡེ་ཤེས་ཀྱིས་བྲིས་པ། སྐུ་སྒྲུབ་ལས་ཚོགས་དགོས་འདོད་ཀུན་འབྱུང་ལས་ནང་གསེས་ཀྱི་རྨི་ལམ་ངན་པ་ཟློག་པ། ཁྱིམ་ནང་དམ་སྲི་གདོན་པ། གཏོར་མར་མེ་འབར་བ། སྨྱོ་འབོག་གདུལ་བ། ཁྱིམ་ནས་གདོན་ཆེན་གདོན་པ། རྫས་ཀྱི་གཏུམ་མོ། མི་ཕྱུགས་ཀྱི་ཕྲུག་གུ་ཁོང་པར་ཤི་བ་གདོན་པ། ཞོ་ཆང་བསྲུང་བ། ཕྱུགས་ཀྱི་གློ་གོར། ཆང་བསྲུང་ཟབ་པའི་མཐར་ཐུག །དེས་ཀྱང་མ་ཐུབ་ན་བསྲུང་བའི་ཟབ་གནད་ཅན་དང་བཅས་པ། གསུང་སྒྲུབ་ལས་ཚོགས་རིན་ཅེན་གཏེར་བུམ་ཀུན་ཐུབ་བསྲུང་བའི་རྒྱལ་པོ་ལ་སྔགས་དམིགས་ཀྱིས་འགོ་ནད་ཐམས་ཅད་བསྲུང་བ། ཙནྡན་དཀར་པོ་སོགས་སྨན་དྲུག་དང་སྔགས་ཀྱིས་རྒྱུ་གཟེར་བསྲུང་བ། ག་བུར་སོགས་སྨན་བཞི་དང་སྔགས་ཀྱི་རིམས་བསྲུང་བ། ཕག་རྒོད་ལ་བརྟེན་པའི་གཉན་སྔགས། ལྷོག་པ་གསོད་པ་བྲམ་ཟེ་སྤུན་དགུའི་མན་ངག །རྫས་བཞི་དང་གསང་སྔགས་ཀྱིས་རིམས་ཐམས་ཅད་བསྲུང་བ། གཉན་ལྷོག་འཆི་ངེས་པའི་སྔགས་དམིགས་ཟབ་མོ། ལིང་ཏོག་འཕྱག་པ། ཁྲག་


GLG003_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད། སྲིན་ནད་གསོ་བ། སོ་སྲིན་སྔགས་དང་སྔགས་རྫས་གཉིས་ཀས་གསོད་པ། མེས་ཚིག་པ་གསོ་བ། སྔགས་དང་རྫས་གཉིས་ཀྱིས་མི་ཕྱུགས་ཀྱི་ཕྲུ་གུ་དང་ཤ་མ་འདོན་པ་དང་སྔགས་དང་རྫས་གཅིག་གི་གདོན་པ། དུག་སྔགས། སྲིན་གང་ལ་ཡང་སླེབས་ཆོག་མ། ལུས་ཀྱི་སྲོག་ཆགས་བསྲུང་བ་ལན་ཆགས་སྦྱང་བ་སྔགས་རྫས་དང་རྫས་རྐྱང་གིས་བསྲུང་བ། འབྲུམ་བསྲུང་། གློ་ཆམ་བསྲུང་བ། དྲག་ལས་ཐམས་ཅད་གྱི་རང་བསྲུང་རྫས་སྔགས་ཀྱི་སྦྱོར་བ་ཁྱད་པར་ཅན། ཤུ་བ་གསོ་བ། གག་ལྷོག་གཟེར་གསུམ་གྱི་སྨན་སྦྱོར་ཁྱད་པར་ཅན་ལ་གག་ལྷོག་གཟེར་གསུམ་འཇོམས་པ། མཁའ་འགྲོའི་མེ་མདའ། རྡོ་རྗེ་གསུམ་སྦྱོར། མཉམ་སྦྱོར་སྟག་སེང་། སྨན་སྦྱོར་ཤིན་ཏུ་རྣོ་བ། ཐོག་ལྟར་འབིགས་པ། ནག་པོ་དགུ་སྦྱོར། ཐོག་འབིགས་དགུ་སྦྱོར་ཏེ་བརྒྱད་དང་བཅས་པ། ཐུགས་ཀྱི་ལས་ཚོགས་བདུད་བཟློག་ཅོག་བརྡུང་ནག་པོ་སློབ་དཔོན་རོམ་བུ་གུ་ཧྱའི་ཐུགས་ཀྱི་བརྣག་པ། ཡོན་ཏན་གྱི་ལས་ཚོགས་བྱད་མ་མཁན་རང་གཤེད་རང་ལ་དབབ་པ་ཡང་བཟློག་སྤུ་གྲི་ཕུར་ཐོགས་སྟོང་དང་འགྲས་ཀྱང་ཚུར་མི་གནོད་པ་རྡོ་རྗེའི་བྲག་དང་འདྲ་བ་རོམ་བུ་གུ་ཧྱ་ཙནྡྲའི་ཐུགས་བཅུད། འཕྲིན་ལས་ཀྱི་ལས་ཚོགས་དུག་ཁྲག་གི་སྒྲུབ་པ་གནམ་ལྕགས་རྡོ་རྗེའི་རྫས་རྒོད་སྦྱོར་བ་རྭ་བསྲུང་༼གུང༽ཞེས་པ་དྲག་པོའི་ལས་སྦྱོར་རྩུབ་སྤྱོད་ཅི་བྱས་ཀྱང་ཉམ་མི་ང་བའི་འཛམ་གླིང་བོད་ཀྱི་བསྲུང་མཆོག་གཅིག་པུ་མ་རྣམས། བཞི་པ་སྐུ་གསུང་ཐུགས་ལས་སྤྲུལ་བའི་ཡི་དམ་སྒྲུབ་སྐོར་ནི། ཀུན་འདུས་ཡི་དམ་པདྨ་ཧེ་རུའི་ཀའི༔ སྐུ་ནི་འཇམ་དཔལ་གཤིན་རྗེར་བསྒྲུབ་པ་སྟེ༔ འཇིགས་བྱེད་ནག་པོ་མེ་ཡི་སྤུ་གྲི་འདི༔ བྱིན་རླབས་མཐུ་སྟོབས་འགྲན་དང་བྲལ་བའི་ཡིན༔ འདི་ཡི་ལས་ཚོགས་ཚེ་བདག་ནག་པོ་ཡི༔


GLG003_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བཟློག་གསང་མནན་རྒྱས་བསྡུས་རིམ་པར་བཅས༔ སྣ་རེས་འཇིག་རྟེན་ཕུང་འཚེངས་ནུས་པའི་ཕྱིར༔ སྣོད་དང་མི་ལྡན་འཚོ་ཤེས་རབ་ཏུ་གཅེས༔ དེ་ཡི་དབང་མཆོག་ཡིད་བཞིན་ནོར་བུ་སྟེ༔ ཡང་ཟབ་མཐར་ཐུག་སྙིང་ལ་ཆོངས་ཤིག་རྒྱ༔ ཞེས་པ་ལྟར་བྱིན་རླབས་མཐུ་སྟོབས་འགྲན་ཟླ་དང་བྲལ་བ་ཚེ་བདག་ནག་པོའི་ཐུགས་བཅུད་སྐུ་མཆོག་འཇམ་དཔལ་གཤིན་རྗེའི་སྒྲུབ་ཐབས་རྡོ་རྗེ་༼འཁོན༽འཇིགས་༼གུང༽བྱེད་མའི་སྤུ་གྲི་ཞེས་པ་མངོན་རྟོགས། ལས་བྱང་། བསྙེན་པ། རྟགས། སྦྱིན་སྲེག །བསྟོད་པ་བཅས་ཚང་བ། ཨོ་རྒྱན་གསུང་བཞིན་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ལ་ཡག་མོན་མཁར་སྟེང་དུ་བྲིས་པ། དཀྱིལ་འཁོར། བུམ་པ། བླ་མ། གཤིན་རྗེ། བཀའ་བསྲུང་གི་གཏོར་མ། ཕུར་བ། ཐུན་དོང་། རལ་གྲི། ཐོ་བ། ལིང་ག་རྣམས་ཀྱི་དཔེ་རིས། ཐེམས་མེད། དེའི་ལས་མཐའ་བསྲུང་བཟློག་གསད་མནན་གྱི་མན་༼འཁོན༽ངག་དྲེགས་༼གུང༽པ་བཅད་ཆམ་ལ་འབེབས་པའི་སྐོར་གསུམ། མཚན་བཞི། གནད་གསུམ་དང་བཅས་པའི་ཡང་ཟློག་མེའི་སྤུ་གྲི །གུད་དུ་སྦས་པའི་མན་༼འཁོན༽ངག་ལ་ནང་༼གུང༽འགྲས། ཐེམས་མེད། ཐུན་ཞབས་ཀྱི་དམིགས་པ། ཙཀྲའི་གནད། ཤིང་བྱང་རླུང་འཁོར་དང་བཅས་པ། དཀྱིལ་འཁོར། པུ་རི་དཀར་ནག །ཐུན་གཏོར། རཀྟ། བསྲུང་བཟློག་གསད་པའི་འཁོར་ལོ། སྒོ་གསུམ་གནོན་འཁོར། རླུང་འཁོར་གྱི་བཅས་རྣམས་ཀྱི་དཔེ་རིས། འཇིགས་བྱེད་མེའི་སྤུ་གྲིའི་དབང་ཆོག་ཡིད་བཞིན་༼འཁོན༽ནོར་བུ་༼གུང༽ཨོ་རྒྱན་གསུང་བཞིན་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ཡི་གེར་བཀོད་པ། ལས་ཚོགས་སྡིག་པ་སྙིང་འཛིངས་༼གུང༽ཞེས་པ་གྲོང་ཁྱེར་བཤིག་པ། ཕ་ཚན་སྤུན་ཟླ་འབྱེད་པ། དམེ་འཁྲུག་གཏོང་བ་གསུམ་སྟོན་པ་ཟབ་ཁྱད་ཅན་མུ་སྟེགས་སྒྲོལ་བྱེད་ནག་པོའི་


GLG003_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག ། ཐེམས་མེད། དཀྱིལ་འཁོར། ཐེམས་མེད། ཕག་ཐོད། ཕུང་བཤིག །འབྱེད་པ། དམེ་འཁྲུགས་གསུམ་དང་བཅས་པའི་དཔེ་རིས། ཕ་རོལ་གྱི་རིགས་སྔགས་ཀྱི་སྦྱོར་བ་བཟློག་༼གུང༽༼རྡོ་རྗེ༽པ་ཏིང་འཛིན་རྫས་སྔགས་གསུམ་ལ་བརྟེན་པའི་གདམ་པ་སེང་གཟུགས་མ། ཐེམས་མེད། གཤིན་རྗེ་ཀིང་ཀང་གི་དགྲ་མནན་ལས་ཀྱི་རླུང་དམར་གནད་༼གུང༽ཐེམས་༼རྡོ་རྗེ༽གཤེད་བཞིའི་མན་ངག་བསྲུང་བཟློག་གསད་མནན་ཁ་བཅིང་། མནན་ལིང་། བྱེ་བྲག་ངག་མནན་ལིང་ག །འབྲུབ་ཁུང་། མཆོད་རྟེན། ཐོད་པ། རྭ་རུ། ཉི་ཟླའི་དཔེ་རིས་དང་བཅས་པ། ཐེམས་མེད། ཕྲ་མེན་རང་བསྲུང་གནམ་ལྕགས་རྡོ་རྗེའི་གོ་ཁྲབ།༼གུང༽ཅེས་པ་༼སྣང༽བསྲུང་འཁོར་ལུས་༼རྡོ་རྗེ༽ལ་གདོགས་པ། ཐེམས་མེད། ཕྲ་མེན་ཟས་སུ་ཟ་བ། སྐོམ་དུ་འཐུང་བ། གདན་དུ་གདིང་བ། ཞྭ་ལྟར་གྱོན་པ། རྒྱན་དུ་འདོགས་པའི་ཟབ་ཁྱད་ཅན་དཔེ་རིས་བཞི་དང་བཅས་པ་རྣམས། ཐེམས་མེད། ཐུགས་ནི་འགྱུར་མེད་གསང་བའི་བདག་པོ་སྟེ༔ འདི་ཡི་ཐུགས་སྒྲུབ་མེ་ཡི་འཁོར་ལོ་དང་༔ བྱིན་རླབས་དབང་མཆོག་འོད་ཟེར་འཕྲེང་བ་དང་༔ སྐུ་གསུང་ཐུགས་འཁོར་ཀུན་ཐུབ་ཆེན་པོ་སྟེ༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཟབ་ཅིང་གཉན་པས་གདམས་པའི་ཚོ་ཤེས་ཀྱིས༔ ཞེས་པ་ལྟར་ཐུགས་མཆོག་འགྱུར་མེད་གསང་བདག་ཕྱག་ན་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོ་ཡི་དམ་སྒྲུབ་ཐབས། བྱེ་བ་དཔག་མེད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བའི་གསང་བདག་གཏུམ་པོའི་ཡང་སྙིང་ཞེས་པ་དཀྱིལ་འཁོར་རྫས་དང་བསྙེན་སྒྲུབ་ལས་སྦྱོར། དངོས་གྲུབ་བླང་བ་གསུམ་གྱིས་བསྟན་པ། དེའི་དབང་ཆོག་འོད་ཟེར་འཕྲེང་བ་སློབ་དཔོན་གསུང་བཞིན་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་བྲིས་པ། དབང་གི་དཀྱིལ་འཁོར་དང་བུམ་པའི་དཔེ་རིས། ཐེམས་མེད། ལས་ཚོགས་གསང་བདག་


GLG003_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཏུམ་པོའི་ཚིག་ཆོག་ཐུགས་ཀྱི་འཁོར་ལོ་ཀུན་ཐུབ་ཆེན་པོ་དཔེ་རིས་དང་བཅས་པ། ཐེམས་མེད། ཀླུ་འཆི་བདག་ནག་པོའི་སྲོག་འཁོར་ཞེས་པ་ལོ་རྒྱུས། ཐེམས་མེད། འཁོར་ལོ། གནས་ཀྱི་ཡིག་ཆུང་གསུམ་གྱིས་བསྟན་པ། དེའི་དཔེ་རིས། ཐེམས་མེད། ཡང་གསང་ཁྲོས་པ་རྟ་མགྲིན་ནག་པོ་འདི༔ ནུས་མཐུ་བྱིན་རླབས་གློག་ལྟར་མྱུར་བའི་ཕྱིར༔ ལྕགས་རལ་སྒྲུབ་པ་མེ་ཡི་འཕྲེང་བ་དང་༔ ལས་ཚོགས་དུག་གྲི་སྲོག་གི་འཁོར་ལོ་དང་༔ ལས་མཐའ་ཕུང་གཏད་ཧུར་ཐུམས་ནག་པོ་སྟེ༔ ཞེས་པ་ལྟར་ནུས་མཐུ་བྱིན་རླབས་གློག་ལྟར་མྱུར་བ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་ཐབས་མེའི་འཕྲེང་༼སྣང༽བ་ཞེས་པ་༼གུང༽རྫས་གསང་སྒྲུབ་པ་ལས་སྦྱོར་གསུམ་བསྟན་པ་རྗེ་འབངས་གྲོགས་ལྔ་ལོ་ཙཱ་བ་ཆེན་པོ་བཞིས་དབང་ཆེན་དམར་ནག་རྒྱུད་དང་མན་ངག་ཏུ་བྱས་པའི་མཐར་ཐུག་ཨཱ་ཙཪྻ་ཡེ་ཤེས་ཀྱིས་ཡིག་མཁན་བྱས་ཏེ་གནམ་སྐས་བྲག་ལ་སྦས་པ། དབང་མཆོག་དྲེགས་པའི་སྲོག་གི་རྒྱ་༼སྣང༽༼གུང༽གུ་རུའི་གསུང་བཞིན་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་ཕ་བོང་གཡུའི་སྒྲོམ་གྱི་ཤར་དུ་ཡི་གེར་བཀོད་པ། ཐེམས་མེད། དཀྱིལ་འཁོར། གཏོར་མ། ཐེམས་མེད། བུམ་པ། མདའ། རལ་གྲི་རྣམས་ཀྱི་དཔེ་རིས་དང་བཅས་པ། ལས་ཚོགས་དུག་གྲི་སྲོག་གི་འཁོར་ལོ་༼སྣང༽༼གུང༽ཞེས་པ་རྒྱལ་བསེན་རྩད་ནས་གཅོད་པ། སེང་ཕུང་ལ་བརྟེན་ནས་ནད་གདོན་བསྲུང་བ། ནད་རིམས་ཐམས་ཅད་ཁྱད་པར་གྲིབ་དང་མི་གཙང་བ་བསྲུང་བ། སེར་རྒོད་ཕྲལ་བཟློག །རྒྱལ་པོ་མི་བསྲུན་བ་སུས་ཀྱང་ཐུལ་དཀའ་བ་གདུལ་བའི་མན་ངག་སྲོག་ཏིག་གུད་དུ་སྦས་པ་བཀའ་རྒྱ་དང་བཅས་པ། ལིང་ག །ཁྱི་ཐོད། ཕུར་པ། གུད་དུ་སྦས་པའི་འཁོར་ལོ་ཁ་སྦྱོར་དང་བཅས་པའི་དཔེ་རིས། ཐེམས་མེད། རྟ་


GLG003_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་ནག་པོའི་ལས་ཚོགས་གུད་དུ་སྦས་༼སྣང༽༼གུང༽པ་ནང་གསེས་ཀྱི་སྲིའུ་གསོ་བ། ཐེམས་མེད། བསྲུང་འཁོར་ཆེན་མོ། བཀྲུ་བ་ཁྲུས། དགྲ་བགེགས་སྲེག་པ། བདུག་ཅིང་གཟེར་བ། དགྲ་བགེགས་གནོན་པ། གདོན་ངོས་གཟུང་བ། རྟ་བྲོ་དང་བཅས་པ་རྟ་མགྲིན་ནག་པོའི་ཡིག་ཆུང་ཟབ་ཁྱད་ཐེམས་མེད། ༼སྣང༽༼གུང༽ཅན་ལ་ནང་གསེས་ཀྱི་དྲག་པོ་རྫས་ཀྱི་བསྲུང་བ། བསྐྱེད་པ་ཏིང་འཛིན་གྱི་བསྲུང་བ། དྲག་པོ་སྔགས་ཀྱི་བསྲུང་བ། དངོས་ཉམས་ཀྱི་རྟགས་ལ་བརྟེན་ནས་སྔགས་ཀྱི་ཁ་བསྒྱུར། གཏེར་འབུལ་བསྟོད་པ་མཐིང་ནག་གྲུ་གསུམ་མ་དང་བཅས་པ། རཀྵ་ནག་པོའི་རྒྱུད་ལས་སློབ་དཔོན་ཤནྟིཾ་གརྦྷས་ཕྱུང་བའི་ཕུང་གཏད་ཧུར་ཐུམས་ནག་པོ་དོན་གསུམ་གྱིས་བསྟན་༼སྣང༽༼གུང༽པ་ཤི་ཐེབས་སྙིང་གི་བུ་གཅིག་ལས་མི་སྤེལ་བ་དཔེ་རིས་དང་བཅས་པ། ཐེམས་མེད། ཕུང་བྱེད་ཁང་༼༽སེལ་ནག་པོ། ཐེམས་མེད། དུས་ཀྱི་སྙིགས་མ་ལ་དགྲ་སྲི་གནོན་པའི་མན་༼སྣང༽༼གུང༽ངག །ཐེམས་མེད། དེའི་ལིང་ག །ར་ཁྱི་ཕག་གསུམ་གྱི་ཐོད་པ། མཛོ་རུ་བཅས་པའི་དཔེ་རིས། ཐེམས་མེད། གཏད་གཅིག་གི་ནང་དུ་དགྲ་བོ་བརྒྱ་ཐམས་༼དར༽པ་ཤོང་པའི་འཇིག་རྟེན་ཕུང་ལས་ཀྱི་མེས་པོ་སྲོག་གི་སྤུ་གྲི། ཐེམས་མེད། དེའི་གནད་ཀྱི་མན་༼དར༽ངག་ཡིག་ཆུང་ཟུར་དུ་གབ་པ། ཐེམས་མེད། དགྲ་རུ་ཡོད་ལྷོག་པ་ནག་པོས་བཙན་ཐབས་༼དར༽གསད་པའི་ཟབ་པའི་མཐར་ཐུག་པ། དགྲ་བོ་འདྲེས་གནོན་པའི་མན་ངག་རྫས་བཅའ་གཞི་སྔགས་དང་གསུམ་གྱིས་བསྟན་པ། ཐེམས་མེད། པེ་དཀར་པེ་ནག་པེ་དམར་གསུམ་༼གཏེར༽གྱི་ཟ་ཡིག་སྙིང་ནང་གི་དངས་མ་རྣམས། ལྔ་པ་མ་ཚང་བ་ཁ་སྐོང་བ་གདམས་ཕྲན་སྣ་ཚོགས་སྐོར་ནི། སྤྱི་ཡི་ལས་ཚོགས་བཟློག་པ་དུག་གྲི་མ༔ མན་ངག་གཏེར་བུམ་གཟོ་ན་པ་ཏྲའི་སྐོར༔ ཐོད་


GLG003_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫས་ངན་ཡིག་སྣ་ཀུན་ཐུབ་སྐོར༔ མན་ངག་གཏེར་བུམ་དར་སོགས་ཆོས་ཀྱི་གནད༔ ཆར་འབེབས་ཡིད་བཞིན་ནོར་བུས་མ་བུ་ཚང་༔ ཞེས་པ་ལྟར་མཁའ་འགྲོ་སེང་གེ་གདོང་ཅན་གྱི་ལས་ཚོགས་བཟློག་པ་དུག་གྲི་ནག་པོ་ཞེས་པ་ལོ་རྒྱུས། བསྙེན་པ། གང་འདུལ་ལས་ཚོགས་ལ་ནང་གསེས་ཀྱི་ཡམས་ནད་དང་རྩུབ་སྦྱོར་ཀྱི་ཚེ་རང་བསྲུང་། རྨི་ལམ་ངན་བཟློག །ཕྱོགས་ངན། གདོན། ཕྱུགས་ཀྱི་གློག་གོར་བསྲུང་བ། བསྲུང་བཟློག་དང་བཅས་པ། མན་ངག་རིན་ཅེན་གཏེར་བུམ་ལ་ནང་གསེས་ཀྱི་ཞྭ་ཆོས་རིན་ཅེན་འབར་བ་གུ་རུའི་གསུང་བཞིན་རྒྱལ་བ་མཆོག་དབྱངས་ཀྱིས་བཀོད་པ། རྫས་དྲུག་ལ་བརྟེན་པའི་རིན་ཅེན་གསེར་གྱི་པ་ཏྲ་བཟོ་བ། རྫས་དགུ་ལ་བརྟེན་ནས་བཟོ་བ། །ཙི་མ་གི་ཏ་སོགས་དྲུག་ལ་བརྟེན་ནས་བཟོ་བ། གཡུ་རྙིང་འཆོས་པའི་པ་ཏྲ་དང་། གསར་པ་འཆོས་པའི་པ་ཏྲ། ཤེལ་བུམ་བཟོ་པའི་པ་ཏྲ། མུ་མེན་གྱི་བུམ་པ་བཟོ་བའི་པ་ཏྲ། དཀར་ཡོལ་གྱི་པ་ཏྲ། ཀོ་བསེད་དང་ཤིང་བསེའི་པ་ཏྲ། ཤིང་ཀུན། རྒྱ་ཚྭ་བཟོ་བ། ཁ་རུ་ཚྭ་རྫས་བཞིས་བཟོ་བ། རྫས་བདུན་གྱིས་བཟོ་བའི་སྨན་གྱི་པ་ཏྲ་དང་བཅས་པ། གཙུག་ལག་ཁང་དང་སྒྲུབ་གནས་སོགས་ལ་ཉེ་བར་༼གཏེར༽མཁོ་བའི་ཞལ་བའི་གདམས་པ། ཐེམས་མེད། ཀུན་ཐུབ་ལ། ངན་སྔགས་ཡིག་སྣ་ཀུན་ཐུབ། ངན་སྔགས་འཁོར་ལོ་ཀུན་ཐུབ། ཐོད་ངན་ཀུན་ཐུབ། སྣ་ཚོགས་རྫས་ངན་ཀུན་ཐུབ་རྣམས་གཤིན་རྗེ་གསལ་ཤིང་གི་རྒྱུད་ནས་བཏུས་པ། ཞྭ་ཆོས་ཀྱི་ཆ་ལག་དར་རས་ལ་ཚོས་དམར་སེར། སྔོན་པོ། ནག་པོ། ལྗང་ཁུ། ལྕགས་ནག་རྒྱག་ཐབས། འགྲོ་བའི་དགོས་འདོད་སྐོང་ཕྱིར་ཆར་འབེབས་ཡིད་བཞིན་ནོར་བུ་དོན་གསུམ་གྱིས་བསྟན་པ་


GLG003_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་བྱེད་ཤནྟིཾ་གརྦྷའི་མན་ངག་ཟབ་པའི་མཐར་ཐུག །གཞན་སྣང་དབང་དུ་སྡུད་༼གཏེར༽པ་ཚངས་དབྱངས་གསུང་གི་བཅོས་ཐབས། ཐེམས་མེད། རྔ་འཆོས་ཚངས་པའི་འབྲུག་སྒྲ་སྦྱོར་དངོས་མཇུག་གསུམ་གྱི་བསྟན་པ་ཐེམས་མེད། གུ་རུའི་གསུང་བཞིན་རྒྱལ་བ་མཆོག་དབྱངས་ཀྱི་བཀོད་པ། བསམ་ཡས་ཨཱཪྻ་པ་གླིང་དུ་གསུངས་༼གཏེར༽པའི་དབང་སྡུད་ལས་ཀྱི་ཡང་ཁོལ། དཔལ་རྟ་མགྲིན་གྱི་བཀའ་སྲུང་ལྕམ་དྲལ་གྱི་ལས་ཀྱི་མདེ་ཁ་ལ་བསྣོལ་གྲིའི་ཐོད་པ་བརྟེན་ནས་དགྲ་གསོད་པ། འབྲུབ་ཁུང་དམར་ནག་ཏུ་གསོད་པ། ཐུན་གྱི་གསོད་པ། ལྟས་ངན། རྨིན་ལམ་ངན་པ། སྨྱོ་བོག་གསུམ་གཏོང་བ། སེར་བ་དང་ཐོག་དབབ་པ། རང་བསྲུང་། ཆར་འབེབས། ཐོག་སེར་ཁ་ཆར་གཅོད་པ། རྦོད་གཏོང་རྦད་འདྲེ། རྨི་ལམ་ངན་པ། དུས་མིན་འཆི་བ་བཟློག་པ། ཚེ་བསྲིང་བ། ལོངས་སྤྱོད་དང་རིགས་བརྒྱུད་སྤེལ་བ། ཕས་ཀྱི་རྦོད་གཏོང་བཟློག་པ། ངག་གནོན་པ། ངག་འགྲོལ། ཀླུ་གཏད། ཅོག་འགྱེལ་དུ་གསོད་པ། ཇག་འཆིང་། ལྷ་དབྱེ། ཉེ་འབྱེད། ལྷ་འདྲེ་མི་གསུམ་དབང་སྡུད། དགྲ་ལ་ཁང་སེལ། ཞིང་སེལ། དུར་སེལ་གཏོང་བ་དང་བཅས་པ་སློབ་དཔོན་པདྨས་རྗེ་འབངས་ལ་གཏད་པ་རྣམས། དྲུག་པ་ཡིད་ཆེས་བསྐྱེད་པའི་ཞལ་གདམས་ཁ་འཐོར་སྐོར་ནི། གུ་རུའི་རྣམ་ཐར་གསེར་གྱི་འཕྲེང་བ་དང་༔ ཞལ་གདམས་ལུང་འཕྲེང་གནད་ཀྱི་ཞུ་ལན་རྣམས༔ ཡིད་ཆེས་བསྐྱེད་པ་སྤྱི་ཡི་ཁ་སྐོང་ཡིན༔ ཞེས་པ་ལྟར་གུ་རུའི་རྣམ་ཐར་མཐའ་༼གཏེར༽མ་ཞལ་གདམས་གསེར་ཀྱི་འཕྲེང་བ། ཞལ་གདམས་ལུང་གི་འཕྲེང་བ་ཞེས་པ་གཏེར་སྟོན་གྱི་སྐུ་ཚེའི་ཚད། གདུལ་བྱ། མཛད་ཚུལ། གསང་ཡུམ་ཕྱོགས་གང་ནས་འབྱུང་སོགས་ལང་འགྲོ་ལོ་ཙཱ་བར་གསུངས་པའི་གཏེར་བདག་ལས་


GLG003_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལུང་བསྟན་དུ་གྲགས་པ། ཞལ་གདམས་ཡང་ཞུན་གསལ་བའི་སྒྲོན་མེ་ཞེས་པ་ཐུགས་སྲས་ཉེ་བའི་འཁོར་བརྒྱད་ཀྱིས་སློབ་དཔོན་ལ་ཞུས་ལན་མ་འོངས་མཁས་བཙུན་བཟང་གསུམ་འཛོམ་པ་ཚུལ་ལྡན་དང་ལྟར་སྣང་འབྱུང་ཚུལ་དང་བསྙེན་སྒྲུབ་སྔགས་ཀྱི་རིང་ཐུང་དང་ཚད་སོགས་བསྟན་པ་མཁར་ཆེན་བཟས་ཤོག་སེར་ལ་བཏབ་པ། ཆོས་རྗེ་ཀརྨ་པའི་གང་ཟག་༼གཏེར༽སྒོས་ལུང་རྣམས། བདུན་པ་ཐེམས་མེད་ཡུམ་བཀའ་ཟབ་ཁྱད་ཅན་གྱིས་སྐོར་ལ། རས་བྲིས་དང་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་བུམ་པས་ཡེ་ཤེས་ལྔའི་དབང་། ཐོད་པས་མཁའ་འགྲོ་ལྔའི་དབང་། མེ་ལོང་གིས་གསལ་སྟོང་རིག་པའི་དབང་སྐུ་སྔགས་ངོ་སྤྲོད་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་དབང་རྣམས་མནོས་ཤིང་། ལུང་ལ། ཤེལ་དཀར་བཟའ་དང་མོན་མོ་བཀྲ་ཤིས་ཁྱེ་འདྲེན་གཉིས་ཀྱི་ཇོ་མོ་ལ་ཞུས་པའི་ཕྱི་ལྟར་ཡེ་ཤེས་འཚོ་རྒྱལ་ལཱ་སྱའི་སྐུར་སྒྲུབ་པ་ཤིན་ཏུ་བྱིན་རླབས་ཀྱི་རྟགས་མཚན་ཆེ་བ་མཁའ་འགྲོ་དངོས་ཀྱི་གསུང་ཤེལ་དཀར་བཟས་བཀོད་པ། མ་གཅིག་ཡེ་ཤེས་འཚོ་རྒྱལ་ནང་ལྟར་རྗེ་བཙུན་སྒྲོལ་མར་སྒྲུབ་པ་ལེའུ་བཅོ་བརྒྱད་པ་མོན་མོ་བཀྲ་ཤིས་ཁྱེ་འདྲེན་གྱིས་ཞུས་པའི་སྒྲུབ་མཆོག་ཡིད་བཞིན་ནོར་བུ། གསང་བ་ཡེ་ཤེས་འཚོ་རྒྱལ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོར་སྒྲུབ་པ་ཡིད་བཞིན་ནོར་བུ་དོན་གསུམ་གྱིས་བསྟན་པ། གཅེས་གནད་སྲོག་གི་བླ་རྡོ་ཚིག་གསང་བ་སྙིང་གི་ཡང་ཞུན་མཁའ་འགྲོ་འཚོ་རྒྱལ་ཕག་མོར་སྒྲུབ་པའི་དབང་ཡིད་བཞིན་ནོར་བུ་དཀར་བཟས་ཟིན་བྲིས་སུ་བཏབ་པ། བུམ་པ། དཀྱིལ་འཁོར་བདུད་རྩི། ཁ་ཁེབས། ཅང་ཏེའུ། རཀྟ། མཁའ་འགྲོ། ཡི་དམ། མ་མོ། ཆོས་སྐྱོང་གི་གཏོར་མ། བླ་རྡོ་དང་བཅས་པའི་དཔེ་


GLG003_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

རིས་རྣམས། བརྒྱད་པ་སྒོས་ཀྱི་བཀའ་སྐྱོང་སྔགས་སྲུང་ཨེ་ཀ་ཛ་ཊིའི་སྐོར་ལ། གཏོར་མ་སྐུ་འབག་ཕྱག་མཚན་ལ་བརྟེན་པའི་མངོན་སྤྱོད་དྲག་པོའི་ལྷ་དབང་ལུས་ལ་བསྐུར་བ། གཏོར་མ་དང་བདུད་རྩི་བརྟེན་ནས་དམ་བསྲེ་ཞིང་གཉེར་གཏད་དམ་ཚིག་བསྒྲག་བཅས་མནོས་ནས། ལུང་ལ། ཐེམས་བྱང་ལས། རྟ་མགྲིན་དབང་ཆེན་སྒོས་ཀྱི་བཀའ་སྲུང་ནི༔ སྔགས་སྲུང་གསང་སྒྲུབ་སྤུ་གྲི་བསལ་རྒལ་དང་༔ དབང་དང་ལས་བྱང་བསྐང་གསོ་གནད་ཡིག་གིས༔ མ་བུ་ཚང་བས་བྱིན་ཆེན་ཟབ་མཐར་ཐུག༔ ཅེས་པ་ལྟར་སྔགས་སྲུང་མའི་གསང་སྒྲུབ་༼གཏེར༽མ་མོ་སྲིན་པའི་ཐོག་རྒོད་སྲོག་རྩ་དམར་འབྱིན་སྤུ་གྲི་གསལ་རྒལ་མ། སྐལ་ལྡན་སྐྱེས་བུ་ལུང་རྫོགས་ཀྱི་བུ་༼གཏེར༽ལ་རྗེས་སུ་གནང་བའི་ཡི་གེ །དཔལ་སྔགས་ཀྱི་སྲུང་མའི་མཆོད་བསྟོད་བཀང་ཐབས་༼གཏེར༽གསང་འདུས་ཁྲོ་བོའི་བཀའ་སྲུང་དུ་མནམ་སྐས་བྲག་ལ་སྦས་པ་རྣམས། དགུ་པ་སྤྱིའི་སྲུང་མ་གནོད་སྦྱིན་དྲག་པོ་བཤད་པ་དམར་ནག་སྐོར་ལ། དབང་གི་ཡི་གེར་སྟེང་ནས་གཏོར་མ་ལ་བརྟེན་ནས་དགྲ་བགེགས་སྒྲོལ་བའི་མཐུ་དབང་། བགོ་བའི་གོས་གསུམ། ཕྱག་མཚན། ཐུན་རྫས་ཟོར་དབང་དང་བཅས་པ། རྗེས་གནང་གི་ཡི་གེ་ལྟར་དཔལ་གཏོར་སྐུ་འབག་ཕྱག་མཚན་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་དབང་། དབང་གཏོར། མཆོད་གཏོར། བདུད་རྩི་ལ་བརྟེན་པའི་བཀའ་གཏད་དམ་བསྲེ་རྣམས་མནོས་ནས། ལུང་ལ། དབང་ཆེན་ཐེམས་བྱང་ལས། ཨེ་མ་གནོད་སྦྱིན་དྲག་པོ་བཤན་པ་དམར་ནག་འདི༔ གཏེར་ཁ་འདི་ཡི་སྤྱི་སྲུང་ཆེན་པོ་སྟེ༔ རྣོ་མྱུར་དྲག་རྩལ་ཐོག་དང་འདྲ་བའི་ཕྱིར༔ པདྨ་ང་ཡི་བསྟན་བསྲུང་མཐར་ཐུག་སྟེ༔ ཞེས་རགས་རིམ་ཙམ་བསྟན་ཅིང་སྒོས་ཀྱི་ཐེམས་བྱང་བཀའ་


GLG003_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མ་ལས། རྩ་བའི་སྲོག་སྒྲུབ་སྲོག་རྩ་དམར་ལན་དང་༔ དྲག་པོའི་སྲོག་དབང་བརྟེན་གྱི་བཅའ་ཐབས་དང་༔ གནད་འབེབས་ཡང་གཅེས་ཤི་ས་བསྟན་པ་དང་༔ རྦད་བསྐུལ་བཅོམ་དམ་སྔགས་ཀྱི་འབྱིན་འཇུག་དང་༔ གཉེར་གཏད་བཅོལ་དམ་ནོར་སྒྲུབ་གཏེར་བུམ་དང་༔ ལྟས་ངན་བསྐུལ་བྱང་གནན་སྲེག་འཕྲང་གསུམ་དང་༔ རྟགས་ཡིག་བླ་རྡོ་ལས་བྱང་བཀང་གསོ་དང་༔ བཀང་མདོས་དག་གིས་ལྷག་ཆད་མེད་པར་ཚང་༔ ཞེས་པ་ལྟར་ཐེམས་བྱང་བཀའ་རྒྱ་མ་ཤིན་ཏུ་གཅེས་པའི་སྙིང་བྱང་། འགོར་ཨྱོན་བདག་གིས་བདུད་བློན་བསྒྲལ་ཏེ་ཞེས་ཡོད་པའི་ལོ་རྒྱུས། ཐེམས་མེད། ཕྱི་ལྷ་སྲིན་སྡེ་བརྒྱད། ནང་རྣམ་ཐོས་སྲས། གསང་བ་གཟའ་རྒོད་མིག་དམར་ཏེ་གནོད་སྦྱིན་༼གཏེར༽དམར་ནག་རྩ་བའི་སྲོག་སྒྲུབ་སྲོག་རྩ་དམར་ལེན། གནོད་སྦྱིན་དྲག་པོའི་སྲོག་དབང་སྤུ་གྲིའི་རྒྱ་ཅན་༼གཏེར༽ཤི་ཐེབས་སྙིང་གི་བུ་གཅིག་ལས་སྤེལ་དུ་མི་རུང་བ། གཏོར་མ་དང་ཕྱག་མཚན་ལ་བརྟེན་པའི་གནོད་༼གཏེར༽སྦྱིན་བཤན་པ་དམར་པོའི་དབང་ཤིན་ཏུ་གཉན་པར་གྲགས་པ་རྗེས་གནང་གི་ཡི་གེ ། ཐེམས་མེད། གསང་བ་གནས་ཁང་ལ་ཆགས་པ་ཕོ་བྲང་རྟེན་གྱི་བཅའ་ཐབས་༼གཏེར༽འཁུ་ལྡོག་མེད་ཅིང་ལས་འགྲུབ་པ། དམ་ཚིག་བསྲེ་བའི་མན་ངག་༼གཏེར༽ཤིན་ཏུ་གནད་ཆེ་བ། ཐེམས་མེད། ཤིན་ཏུ་མི་བསྲུན་པས་མ་འཆུན་ན་གནད་འབེབས་སྙིང་གི་བུ་གཅིག་ལས་བསྟན་དུ་མི་རུང་བ། དེ་དང་འདྲ་མིན་ཞིག །ཐེམས་མེད། ཡང་གཅེས་རྟེན་འབྲེལ་སྟོད་ལ་གནོན་པ་སྒྲུབ་པ་ཆུད་མི་ཟ་བ། ལྷ་དགྲ་རང་གསུམ་ཤི་ས་བསྟན་པ་ཆིག་བརྒྱུད་མ། རྦད་བསྐུལ་སྲོག་གི་སྤུ་གྲི་༼གཏེར༽དམ་ཚིག་ཆེན་པོ་མ། གསང་རྟགས་ཡིད་ཆེས་མ་བྱུང་ན་སྔགས་


GLG003_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབྱིན་འཇུག་སྔགས་སྒྲོལ་བསྣལ་དཀྲུག་མཐའ་བསྒྱུར་ཅན། གཉེར་གཏད་བཅོལ་དམ་ཆེན་༼གཏེར༽མོ་ཚངས་པའི་དམག་དཔོན་མ། ནོར་སྒྲུབ་གཏེར་གྱི་བུམ་པ་འཛམ་གླིང་གི་ནོར་བདག་ཏུ་འགྱུར་པ། ལྟས་ངན་གཏོང་བ་ཐོག་རྒོད་འབར་བ་༼གཏེར༽ལྟས་ངན་རྒྱུན་མི་ཆད་དུ་འབྱུང་བ། ལས་མཐའ་སྡུད་པ་མནན་སྲེགས་འཕང་གསུམ་བརྣག་པའི་མཐར་ཐུག །བོད་རྦད་གསད་གསུམ་གྱི་ཡང་༼གཏེར༽ཟབ་རྟགས་ཡིག་གུད་སྦས། ཡང་གཅེས་བླ་རྡོའི་མན་༼གཏེར༽ངག་སྲོག་འཕྲོག་བཙོན་དུ་བཟུང་བ་ལྟ་བུ། ལས་བྱང་གསོལ་ཁ་༼གཏེར༽སྔོན་བསྐལ་མ། བཀང་གསོ་འཕྲིན་ལས་སྤུ་༼ཉང༽གྲི་སྟེང་ཕྱོགས་ནམ་མཁའ་མ། བཀང་མདོས་འཕྲིན་ལས་གཏེར་མཛོད་༼ཉང༽བཀྲ་ཤིས་ཡོན་ཏན་དཔག་ཏུ་མེད་དེ་རྣལ་འབྱོར་པས་བརྩོན་པར་བྱའོའི་མཐའ་ཅན་རྣམས། བཅུ་པ་ནོར་གྱི་དབང་ཕྱུག་རྒྱལ་ཆེན་རྣམ་སྲས་སྐོར་ལ། གཏོར་མ་ལ་བརྟེན་ནས་འཕྲིན་ལས་བཞི་ལ་མངའ་བརྙེས་ཤིང་ཁམས་གསུམ་ལ་དབང་སྒྱུར་བའི་དབང་། ཕྱག་མཚན་བཞིའི་དབང་། གྲི་རྙིང་བླ་རྡོའི་དབང་། གཏོར་མ་དང་སྒྲུབ་ཡིག་ལ་བརྟེན་ནས་དམ་བསྲེ་བ། ཚེའི་དབང་། ཡིད་བཞིན་ནོར་གྱི་དབང་རྣམས་མནོས་ནས། ལུང་ལ། ཐེམས་བྱང་ལས། ནོར་གྱི་མངའ་བདག་རྒྱལ་ཆེན་རྣམ་སྲས་འདི༔ རྣལ་འབྱོར་ཆོས་དང་འཇིག་རྟེན་གང་སྒྲུབ་ཀྱང་༔ ལོངས་སྤྱོད་དགོས་པས་གསང་གཏེར་འདི་རུ་སྦས༔ གསང་བའི་སྒྲུབ་པ་རྗེས་གནང་ལས་གཞི་བཅས༔ སྙིང་དང་འདྲའོ་སྤེལ་ཚོང་ཞབས་ཏོག་ལྟོས༔ ཞེས་པ་ལྟར། གསང་སྒྲུབ་ཡིད་བཞིན་ནོར་བུ་ཞར་བྱུང་ཁྱད་པར་གནད་ཀྱི་ཞལ་གདམས་དང་བཅས་པ་ཡང་གསང་སྙིང་གི་སྒྲུབ་པ། དབང་ཆོག་ཡིད་བཞིན་


GLG003_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་མཛོད། ལས་བྱང་བཀང་གསོའི་རིམ་པ་དད་པ་དམ་ཚིག་མ། བླ་རྡོ་ཅེས་པའི་མན་ངག་བསམ་པ་ཡིད་བཞིན་འགྲུབ་པ། ཐེམས་མེད། ཁོང་པའི་སྙིང་དང་འདྲ་བ་ལུས་དང་གྲིབ་མ་བཞིན་འགྲོགས་ཐབས། སྲོག་རྩ་གནད་ཀྱི་འཁོར་ལོ་ཞར་བྱུང་སྒབ་འདྲེ་བསེ་རག་གནོན་ཐབས་དང་བཅས་པ། སྒབ་འདྲེ་བསེ་རག་གནོད་སྦྱིན་གཞན་གྱི་མི་ཐུབ་པ་དང་རྫི་བྷི་ཏྲིའུ་གནོད་པའི་ལག་ལེན་སྒྲུབ་པ་ཆུད་མི་ཟ་བར་བྱ་བ། ཙཀྲའི་བྲི་ཡིག་༼ཉང༽ཤེས་པར་གྱིས་ཀྱི་མཐའ་ཅན། ཐེམས་མེད། ཁྱད་པར་གནད་༼ཉང༽ཀྱི་ཞལ་གདམས། རྣམ་སྲས་རྟ་བདག་བརྒྱད་དང་བཅས་པའི་ཚེ་སྒྲུབ། ཐེམས་མེད། དེའི་ལས་ཚོགས་ཀྱི་ཆར་གཏོགས་པའི་ཛཾ་ནག་སྲོག་འཁོར་ཡིད་བཞིན་ནོར་བུ་ཞེས་པའི་ཡིད་ཆེས་ཀྱི་ཆེ་བ་ལོ་རྒྱུས། ཐེམས་མེད། རྟེན་འབྲེལ་གྱི་ཆེ་བ་རྫས། གནད་ཀྱི་ཆེ་བ་འཁོར་ལོ། ལག་ལེན་གྱི་ཆེ་བ་བཅོས་ཐབས་དང་རབ་གནས། མཐའ་རྒྱས་ཀྱི་ཆེ་བ་གཟུངས་དང་བཅོལ་བསྐུལ་ཏེ་ལྔས་བསྟན་པ། སྟེང་འཁོར་འདོད་པ་ཆར་འབེབས། ཐེམས་མེད། འོག་འཁོར་དངོས་གྲུབ་མཚོ་འཁྱིལ༔ ཛམྦྷ་ལ་ནག་པོའི་སྲོག་གི་འཁོར་ལོའི་གཟུངས། ཐེམས་མེད། གནོད་སྦྱིན་གཞན་གྱིས་མི་ཐུབ་པའི་གཟུངས་དང་བཅས་པ་རྣམས། ཐེམས་མེད། བཅུ་གཅིག་པ་ངན་ཐབས་ལས་ཕྲན་སྐོར་ནི། གཞན་ཡང་བསྟན་སྲུང་མན་ངག་ཟབ་མོའི་སྐོར༔ ཡང་བཟློག་ཟབ་མོ་རྡོ་རྗེའི་ཕ་ལམ་འདི༔ འཇིག་རྟེན་དཀོན་པས་སྤེལ་ན་རང་གཤེད་འོང་༔ མྱུར་བྱེད་མུ་སྟེགས་ཤ་ཟ་ཧོར་མོ་དང་༔ ངན་སྔགས་མཐར་ཐུག་བསེ་ཡི་ལྷ་མོ་དང་༔ སྲོག་རྩ་དམར་འབྱིན་ཁབ་མཐུ་རེག་མཆོད་དང་༔ ཕུང་བྱེད་ལས་སྦྱོར་རླུང་རྟ་ཁ་སྦུབ་ཐབས༔ འཁོར་ལོ་བཅས་མཆོག་རླུང་རྟ་རྟ་ཁོག་མ༔ མི་


GLG003_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་ཁ་འཆིང་གཅན་གཟན་ཁ་འཆིང་དང་༔ ཕུང་བྱེད་སྦྱོར་ནག་ཕུང་བྱེད་སྤུ་གྲིའི་སྐོར༔ ཕུང་བྱེད་སྦྱོར་བ་རཀྵ་ཧུར་ཐུམས་དང་༔ བྱ་རོག་འུག་པའི་ཉེ་འབྱེད་ཡུལ་སེལ་མ༔ ཆོ་འཕྲུལ་ལྟས་ངན་མྱུར་བྱེད་ལ་སོགས་པ༔ སྣ་རེས་བསྟན་བསྲུང་འཇིག་རྟེན་ཕུང་ལས་ནུས༔ ཞེས་པ་ལྟར་ཡང་བཟློག་རྡོ་རྗེ་ཕ་ལམ་༼གུང༽འཇིག་རྟེན་དུ་དཀོན་པའི་མན་ངག་བསྲུང་བའི་ཙཀྲ་འདྲི་ཐབས། ཟླ་བ་གཅིག་ནས་དགྲ་བོ་འཆི་བའི་རྣོ་མྱུར་དྲག་སྔགས་སྤུ་གྲི་འདྲ་བ་དང་བཅས་པ། དེའི་ཞལ་ཤེས་སྙན་བརྒྱུད་བཀའ་༼དར༽རྒྱ་མ་དམིགས་པའི་ཡང་གཅེས་གུད་དུ་སྦས་པ། ཐེམས་མེད། མུ་སྟེགས་ཤ་ཟ་༼དར༽ཧོར་མོའི་གསད་ལས། དེའི་སྒོ་ནས་ལྟས་༼དར༽ངན་གཏང་བ། བསེ་མོའི་དྲག་སྔགས་སྤུ་གྲི་སོ་གལ་༼དར༽རྡོ་རྗེའི་སྲོག་ཡོད་ཀྱང་ཐེ་ཚོ་མེད་པ། མི་ངན་བསོད་ནམས་དྲེགས་པས་ཁེངས་པ་བསོད་ནམས་བསྣབ་པའི་གདམས་པ་༼གུང༽ཕུང་གཏད་རྟ་དམར་འཁོར་ལོ། དྲེགས་པ་ཅན་གྱི་རླུང་རྟ་བསྣུབ་༼གུང༽ཐབས་ཞེས་པར་མི་མཉམ་མཉམ་དུ་གཞུག་པ། མཐོན་པོ་འབེབས་པ། དྲེགས་པ་བསྣུབ་པ། ནུས་པ་སྔོན་དུ་འབྱིན་པའི་ཟབ་ཁྱད་ཅན་རྣམས། དེའི་འཁོར་ལོ་ལིངྒའི་དཔེ་རིས་དང་བཅས་པ། ཐེམས་མེད། གཟའ་རྒོད་རེངས་བྱེད་ནག་པོའི་མན་ངག་༼དར༽མི་རྒོད་ཇག་འཆིང་ཞ་རེངས་མ། གདམས་པ་ཁྱད་པར་ཅན་གྱི་ཤོག་དྲིལ་བཀའ་རྒྱ་༼གུང༽མ་ཕུང་བྱེད་སྤུ་གྲི་ལ་མུ་སྟེགས་འདྲེ་འདུལ་ནག་པོའི་ངན་སྔགས་སེལ་ནག་ནག་པོ་དགུ་སྦྱོར་ཞེས་པ་མཁར་འཇིག་པ། སྟོན་ཐོག་གཏན་མི་སྐྱེ་བ། ཕ་ཚན་ཕུང་བ། ཕྱུགས་ཁ་དག་པ། རྟ་འཆིང་བ། བག་མ་བཀྲ་མི་ཤིས་པ། རབས་གཅོད་པ། ཁྱི་ཚོགས་ནས་ངུ་བ། བྱ་ཚོགས་ནས་སྐད་འདོན་པ། ཝ


GLG003_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འདུས་ནས་བརྒྱལ་བ། མི་ཐམས་ཅད་འཐབ་པ། ནོར་དང་དབྲལ་བ། ཁྲག་ཆར་ཞག་བདུན་འབབ་པ། ལྷ་དང་འབྲལ་བ། མཐུ་བྱད་ཁོ་རང་ལ་བཟློག་པ། དམག་བུབ་པར་བྱེད་པ་དང་བཅས་པ། མུ་སྟེགས་ཨ་ཚ་ཁ་ཆེའི་སེལ་རྒོད་དུག་མདའ་ནག་པོ་ཞེས་པ་ཁྱིམ་རི་རུལ་དུ་གཏོང་བ། མུ་སྟེགས་རིན་ཅེན་གོ་ཆའི་གདམས་པ་ཁང་རྨང་མི་ཕྱུགས་ཐལ་བ་རླུང་ཁྱེར། ངན་སྔགས་འཛུལ་ཁུང་གཏན་བརླག །ཕོ་མོ་འབྱེད་པ། བཟའ་མི་འཐབ་པ། ཐོག་སེར་དབབ་པ། ཕོ་མོར་གཏོང་བ། མི་ལྡང་བ། ན་བ། འཆི་བ་གསུམ་ཁ་བསྒྱུར་ཆོག་པའི་མཛེ་གཏད། སྟུ་གཏད་དམར་མོ་ཁྲག་འཛག །དམ་ཉམས་འདྲེས་གནོན་ཐབས་རང་བསྲུང་དང་བཅས་པ། ནཱ་ག་ཀླུའི་ཅོག་རྡུང་ཞེས་པ་བཟའ་ཚང་འབྱེད་པ། གསོད་པ། ངག་གནོན། མཛེས་ཁྱེར་གཏད་དུ་ཕུང་བ། ལྷ་བདུད་འབབ་དང་བཅས་པ། རྒྱའི་ཕུང་བྱེད་བཞིའི་གདམས་པ་ཁྱིམ་ཕུང་ནོར་གྱི་ཁྲོ་ཚགས། མེ་འབར་བའི་རྫུ་འཕྲུལ། ཆང་བསྲུང་། ཆང་གཏད། ཆར་བསྲུང་། ཞིང་གི་འབུ་བསྲུང་བ་རྣམས། བྱ་རོག་འུག་པའི་ཉེ་འབྱེད་ཕུང་སེལ་༼དར༽མ་ཇི་ལྟར་མཐུན་ཡང་མི་འགྱངས་པ། ཝ་ཐོད་ལ་བརྟེན་པའི་ལྟས་ངན་༼དར༽དམག་གི་རྒྱལ་པོ་སྤུན་གསུམ་གྱི་ཆོ་འཕྲུལ། འཇིག་རྟེན་ཕུང་བྱེད་བཟན་ཐབས་༼དར༽ཀྱི་སེར་པ་འབེབས་པ། ཐེམས་མེད། དེའི་ཆ་ལག་གསང་བ་༼དར༽རྫས་ཀྱི་དུད་པས་ཡུལ་ལྷ་བསྐྲད་པ། ཁྲག་འཐུང་ནག་པོ། གཙུག་ལག་དཔལ་དགེ སྤྲིན་གྱི་ཤུགས་འཆང་། ཤནྟིཾ་གརྦྷ་བཞིའི་ངན་སྔགས་ལས་སྦྱོར་སུམ་སྟོང་དྲུག་བརྒྱ་རྒྱ་གར་མཁས་པ་པདྨས་མཁྱེན་པས་མ་འོངས་སྔགས་ཆུང་གསར་བའི་དོན་དུ་སྤྱི་ལ་གཅེས་༼གུང༽པའི་སྲོག་ཁྱིམ་ཐེམས་མེད། ཟབ་མོ།


GLG003_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཚར་གཅོད་ཕྱིར་ཕོ་བརྒྱུད་མོ་བརྒྱུད་སྒྲུབ་པར་གཅེས་པའི་༼གུང༽ཕོ་གནད་ཟབ་མོ། ཐེམས་མེད། དགྲ་བོའི་རང་གཤེད་སྐོར་པ་༼གུང༽ལོ་ཟླ་ཞག་དུས་ཚོད་ཀྱི་ཁ་བྱང་གསལ་བའི་སྒྲོན་མེ་ཐེམས་མེད། དགྲ་བོའི་བླ་༼གུང༽ཁུགས་ཚད་བསྟན་པ་ཟླ་བ་དང་དུས་ཚོད་ནག་པོའི་ངོས་༼གུང༽འཛིན་དང་བཅས་པ་རྣམས་ཐོབ་པ་ལས། ཐེམས་མེད། རྟ་མགྲིན་གསང་བ་འདུས་པའི་དབང་བཞི་གཏོར་དབང་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ། སྤྲུལ་སྐུ་པདྨ་ཐོད་འཕྲེང་རིགས་ལྔ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། གནུབས་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས། ངན་ལམ་རྒྱལ་བ་མཆོག་དབྱངས། ལང་འགྲོ་ལོ་ཙཱ་བ་དཀོན་ཅོག་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན། ལེགས་སྦྱིན་ཉི་མ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཤེལ་དཀར་རྡོ་རྗེ་འཚོ། གཏེར་སྟོན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། མཚུངས་མེད་ངག་དབང་གྲགས་པ། གཙུག་རྒྱན་ངག་དབང་ནོར་བུ། བི་མའི་རྣམ་སྤྲུལ་ནོར་བུ་ཡོངས་གྲགས། ཆོས་སྡིངས་སྔགས་འཆང་དབང་ཆེན་ལྷུན་གྲུབ། སྤེལ་ལྕོག་རཏྣ་སངས་རྒྱས་ཕུན་ཚོགས། ཉང་ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། དྲིན་ཅན་སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེའི་ཡི་དམ་གྱི་ལྷར་སྩལ་ཏོ། །འཇིགས་བྱེད་མེའི་སྤུ་གྲིའི་དབང་གི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨྱོན་སངས་རྒྱས་གཉིས་པ། བལ་མོ་བ་སུ་དྷ་ར། གནུབས་ཆེན་སངས་རྒྱས་


GLG003_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས། ལང་འགྲོ་དཀོན་ཅོག་འབྱུང་གནས། ཆོས་རྒྱལ་རཏྣ་གླིང་པ་མན་གོང་ལྟར་རོ། །གསང་བདག་རྡོ་རྗེ་གཏུམ་པོའི་དབང་བརྒྱུད་ནི། ཀུན་བཟང་ཧེ་རུ་ཀ །གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་འབྱུང་གནས། མཁར་ཆེན་བཟའ་འཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་ཏིག་བཙན་པོ། ལང་འགྲོ་ལོ་ཙཱ་བ། གཏེར་སྟོན་མན་འདྲ། རྟ་ནག་གི་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁར་ཆེན་བཟའ། ཁྲི་སྲོང་ལྡེ་བཙན། ནམ་མཁའ་སྙིང་པོ། སངས་རྒྱས་ཡེ་ཤེས། རྒྱལ་བ་མཆོག་དབྱངས། བཻ་རོ་ཙ་ན། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུ་རྒྱལ་མཚན། ལང་འགྲོ་ལོ་ཙཱ་བ། སྤྲུལ་སྐུ་རཏྣ་གླིང་པ་ནས་ནོར་བུ་ཡོངས་གྲགས་བར་གོང་ལྟར་ལ། དེ་ནས་རྒྱལ་སྲས་ཀརྨ་འཕྲིན་ལས་རྒྱ་མཚོ། ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན་མན་འདྲ། ཡང་ན་རྒྱལ་སྲས་ཚེ་དབང་གྲགས་པ་ནས། བླ་མ་བསོད་ནམས་རྒྱལ་མཚན། གྲུབ་ཆེན་རིགས་འཛིན་དཔལ་འབར། སྔགས་འཆང་ཀུན་དགའ་རྡོ་རྗེ། མཁས་གྲུབ་མདོ་སྔགས་བསྟན་འཛིན། རྗེ་འཕྲིན་ལས་ལྷུན་གྲུབ། རིགས་འཛིན་གཏེར་བདག་གླིང་པ། དེས་བདག་ལའོ། ། ཡང་ན་ནོར་བུ་ཡོངས་གྲགས། ཡུག་རྫོགས་པ་མ་ནི་ཨིནྡྲ་རཱ་ཛ། ཟུར་དར་མ་པ་བསྟན་འཛིན་འགྱུར་མེད། མདོ་སྔགས་བསྟན་འཛིན་མན་འདྲ། ཡང་ན་རིགས་འཛིན་འཕྲིན་ལས་ལྷུན་གྲུབ་ནས། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། གཏེར་སྟོན་ནས་མི་འགྱུར་ཀུན་དགའ་དཔལ་བཟང་བར་ལ་དགེ་སློང་དཔལ་གྱི་རིན་ཅེན་ཟེར་བ་ལས་མེད་པ་གསན་ཡིག་འགར་སྣང་བ་སྟག་མགོ་ཡོན་ཏན་དཔལ་བའི་མཚན་གྱི་


GLG003_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་སུ་བྱས་པའི་ཉེ་བརྒྱུད་རིང་བརྒྱུད་ཀྱི་ཁྱད་ཡིན་ནམ་དཔྱད། སྟག་མགོ་ཡོན་ཏན་དཔལ། གུ་རུ་སངས་རྒྱས་ཡེ་ཤེས། བླ་མ་སངས་རྒྱས་རྒྱལ་མཚན། མི་འགྱུར་ཀུན་དགའ་དཔལ་བཟང་། མཚུངས་མེད་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་དུ་མ་རང་གྲོལ། རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །རྡོ་རྗེ་དང་གཏེར་གྱི་རྟགས་ཡོད་པ་མ་གཏོགས་པའི་ས་བཅད་དྲུག་པ་ཡན་གྱི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ནོར་བུ་ཡོངས་གྲགས་ཡན་གོང་གི་སྲས་བརྒྱུད་ལྟར་ལ། དེ་ནས་རྗེ་བཙུན་ནོར་བུ་དབང་རྒྱལ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། དར་སྡིངས་རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེལ་བཀའ་དྲིན་དུ་སྩལ་ཏོ། །དར་གྱི་རྟགས་མེད་པའི་རྟ་ནག་གི་ལུང་ལ་སྤྱི་བརྒྱུད་དུ་མ་ཟད་རྟ་ནག་སྒོས་དབང་གི་བརྒྱུད་ཚུལ་རིགས་མི་འདྲ་བ་བཞི་པོ་ཡང་ཚང་བར་ཡོད་དོ། །འཁོན་གྱི་རྟགས་ཡོད་པའི་ལུང་བརྒྱུད་ལུགས་གཅིག་ནི། ནོར་བུ་ཡོངས་གྲགས་ནས། ཡུག་སྔགས་འཆང་ནོར་བུ་དབང་རྒྱལ། དེ་སྲས་མི་འགྱུར་རྡོ་རྗེ། གསང་བདག་གཉིས་པ་རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ལའོ། །གཡུང་དྲུང་གི་རྟགས་ཡོད་པའི་ལུང་བརྒྱུད་ལུགས་གཅིག་ནི། རྗེ་འཕྲིན་ལས་ལྷུན་གྲུབ་ནས། དེ་སྲས་གཏེར་བདག་གླིང་པ། དེས་བདག་ལའོ། །ས་བཅད་དྲུག་པ་ཡན་གྱི་གཏེར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། གསུང་སྤྲུལ་ནས། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ས་བཅད་དྲུག་པ་ཡན་གྱི་གུང་དང་རྡོ་རྗེ་བཅུ་གཅིག་


GLG003_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གུང་གི་རྟགས་ཡོད་པའི་ལུང་བརྒྱུད་ནི། ཡུག་རྫོང་མི་འགྱུར་རྡོ་རྗེ་ནས། གུང་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་དྲིན་ཅན་རྩ་བའི་བླ་མ། དེས་བདག་ལའོ། །སྡིག་པ་སྙིང་འཛིངས་ཀྱི་ལུང་བརྒྱུད་ལུགས་གཅིག་ནི། ཚེ་དབང་གྲགས་པ་ནས་མཐའ་ཡས་གྲགས་པ། གྲགས་པ་མཆོག་ལེགས། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། འཕྲིན་ལས་ལྷུན་གྲུབ་མན་སྔར་བཞིན་ནོ། །ས་བཅད་དྲུག་པ་ཡན་གྱི་དར་དང་བཅུ་གཅིག་པའི་དར་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། གུ་རུ་དབྱངས་དཔོན་པ་ཡང་གོང་ལྟར་ལ། དེ་ནས་ཁྱབ་བདག་ཆོས་དབྱིངས་རང་གྲོལ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ས་བཅད་བདུན་པ་འཚོ་རྒྱལ་སྐོར་གསུམ་གྱི་དབང་བརྒྱུད་ནི། ཆོས་སྐུ་རྡོ་རྗེ་ཕག་མོ། ལོངས་སྐུ་རྡོ་རྗེ་སྒྲོལ་མ། སྤྲུལ་སྐུ་ཡེ་ཤེས་འཚོ་རྒྱལ། ཤེལ་དཀར་རྡོ་རྗེ་འཚོ། མོན་མོ་བཀྲ་ཤིས་ཁྱེ་འདྲེན། ལང་འགྲོ་དཀོན་ཅོག་འབྱུང་གནས། གཏེར་སྟོན་མན་ས་བཅད་དྲུག་པ་ཡན་གྱི་བརྒྱུད་པ་དངོས་གཞིའི་དར་སྡིངས་པ་ཡན་འདྲ་བ་ལ། དེ་ནས་གྲུབ་ཆེན་ཀརྨ་གསང་སྔགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ལུང་གི་བརྒྱུད་པ་ནི། དར་སྡིངས་པ་ནས། ཟུར་དྲིན་ཅན་བླ་མ། དེས་བདག་ལའོ། །ས་བཅད་བརྒྱད་པ་སྔགས་སྲུང་མའི་ལུང་གི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ་ཁྲོས་མ་ནག་མོ། པདྨ་ཐོད་འཕྲེང་། མཁའ་འགྲོ་འཚོ་རྒྱལ། ལང་འགྲོ་ལོ་ཙཱ་བ། ཆོས་རྒྱལ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། གར་དབང་ལས་འགྲོ་གླིང་པ།


GLG003_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་འཇིག་རྟེན་མགོན་པོ། སྤེལ་ལྕོགས་སངས་རྒྱས་ཕུན་ཚོགས། དབོན་རིགས་འཛིན་ཆོས་བཟང་། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ལུང་བརྒྱུད་ལུགས་གཅིག་ནི། ཚེ་དབང་གྲགས་པ་ནས། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། སྲས་ནོར་བུ་དབང་རྒྱལ། གསུང་སྤྲུལ། འཕྲིན་ལས་ལྷུན་གྲུབ་མན་འདྲ། ས་བཅད་དགུ་པ་གནོད་སྦྱིན་བཤན་པ་དམར་ནག་གི་རྗེས་གནང་དང་ཉང་གི་རྟགས་ཡོད་པ་མ་གཏོགས་པའི་དབང་ལུང་གཉིས་ཀའི་བརྒྱུད་པ་ནི་གསང་བའི་བདག་པོ། གུ་རུ་པདྨ། ཡེ་ཤེས་འཚོ་རྒྱལ། ལང་འགྲོ་ལོ་ཙཱ་བ། འགྲོ་འདུལ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། ངག་དབང་གྲགས་པ། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། ཡུག་རྫོང་མ་ནི་ཨིནྡྲ་ཛ། སྲས་མི་འགྱུར་རྡོ་རྗེ། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཡང་དབང་རྗེས་གནང་དང་གཏེར་དང་ཉང་གི་རྟགས་ཡོད་པའི་ལུང་བརྒྱུད་ནི། ནོར་བུ་ཡོངས་གྲགས་ཡན་གོང་ལྟར་ལ། དེ་ནས་རྒྱལ་སྲས་ཀརྨ་འཕྲིན་ལས་རྒྱ་མཚོ། ཉང་ཆོས་ལྡན་པ་རཏྣ་འཕྲིན་ལས་བསྟན་འཛིན། གྲུབ་པའི་དབང་ཕྱུག་ཀློང་ཡངས་འོད་གསལ་དམ་པ་འཛམ་གླིང་ཡང་ཟེར། སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ལའོ། །བཅུ་པ་རྒྱལ་ཆེན་རྣམ་སྲས་ཀྱི་ཉང་གི་རྟགས་མ་གཏོགས་པའི་དབང་ལུང་གཉིས་ཀའི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། གསང་བའི་བདག་པོ། ཨོ་རྒྱན་ཡབ་ཡུམ། ལང་འགྲོ་ལོ་ཙཱ་བ། འགྲོ་འདུལ་གླིང་པ། ཚེ་དབང་གྲགས་པ། ངག་དབང་གྲགས་པ། ཀུན་དགའ་གྲགས་པ། ཀུན་དགའ་
བསྟན་འཛིན། ཀ་ཐོག་པ་དབང་དྲག་རྡོ་རྗེ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། དེས་སྲས་རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་ངག་དབང་གྲགས་པ་ནས། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། ཡུག་རྫོང་བ་ཡབ་སྲས། དབྱངས་དཔོན་པ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཉང་གི་རྟགས་ཡོད་པའི་ལུང་བརྒྱུད་ནི། ནོར་བུ་ཡོངས་གྲགས་ནས། ཆོས་སྡིངས་པ་དབང་ཆེན་ལྷུན་གྲུབ། སྤེལ་ལྕོག་པ་སངས་རྒྱས་ཕུན་ཚོགས། ཆོས་ལྡན་པ་རནྟ་འཕྲིན་ལས་དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །ཛཾ་ནག་སྲོག་འཁོར་གྱི་ལུང་བརྒྱུད་ནི། གསང་བདག །ཌཱ་ཀི་མ་ག་ག་ན་སིདྡྷི། དྷ་ན་ཀོ་ཀ །རྒྱལ་པོ་པུཪྵ་དེ་ཝ། ཨོ་རྒྱན་ཆེན་པོ་མན་བརྒྱུད་པ་གོང་མ་གཉིས་ལྟར་རོ། །ས་བཅད་བཅུ་པའི་རྡོ་རྗེ་ཕ་ལམ་གྱི་ལུང་བརྒྱུད་ལུགས་གཅིག་ནི། ཟུར་བསྟན་འཛིན་འགྱུར་མེད་ཡན་རྟ་ནག་གི་ལུང་བརྒྱུད་ལྟར་ལ། དེ་ནས་གྲུབ་ཆེན་ཀུན་དགའ་རྡོ་རྗེ། བླ་མ་འཇམ་དཔལ་འོད་ཟེར། དར་སྡིངས་འཕྲིན་ལས་ལྷུན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །

གཏེར་སྟོན་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་སྐོར།


GLG003_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་དབང་ཆེན་ཞུས་དུས། ཆོས་སྐོར་འདི་དང་ལྷན་དུ་སྤྱན་དྲངས་པའི་རྟ་མགྲིན་གྱི་ཕུར་པ་ལག་ཏུ་འབྱོར་བས་ཀྱང་རྟེན་འབྲེལ་ལེགས་པར་འགྲིག་གོ །ལྷོ་བྲག་གནམ་སྐས་ཅན་གྱི་བྲག་ཀླུ་བདུད་མགོ་དགུའི་ཕོ་བྲང་ནས་སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་གླིང་པས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ཞི་དྲག་གི་ལམ་གྱི་ཆ་རྐྱེན་གསང་ཆེན་སྔགས་ཀྱི་ཉེ་ལམ་རྨད་དུ་བྱུང་བ་ཟབ་མོ་ཕོ་ཉའི་ལམ་མཆོག་གསང་བ་སྙིང་པོ་འདུས་པའི་སྐོར་ལ། ཀུན་རྫོབ་རྡོས་བཅས་ཨ་འཐས་ཀྱི་རྣམ་སྨིན་སྦྱོང་བར་བྱེད་པ་བསྐྱེད་རིམ་གྱི་སྐོར་


GLG003_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་ཟག་པ་མེད་པའི་བདེ་སྟོང་ལམ་དུ་འཁྱེར་བར་བྱེད་པ་གཞུང་འཁྲིད་ཀྱི་སྐོར། དེ་དག་གི་བོགས་འདོན་ཞིང་དམར་ཆའི་དངས་མ་བསྡུས་ཏེ་འཆི་མེད་སྒྲུབ་པའི་ཐབས་མཆོག་གསང་བ་བཅུད་ལེན་གྱི་སྐོར། གཞན་དོན་རྒྱུད་མི་ཆད་པ་རིགས་བརྒྱུད་སྤེལ་བའི་སྐོར། མཚན་ལྡན་ཤེས་རབ་མ་གྲོལ་བར་བྱེད་པ་མོ་འཁྲིད་གསང་བའི་སྐོར། དེ་དག་གི་ཁ་སྐོང་མན་ངག་སྣ་ཚོགས་པའི་སྐོར་དང་དྲུག །དང་པོ་ལ། རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་གུ་རུའི་གསུང་བཞིན་འཚོ་རྒྱལ་གྱིས་ཡི་གེར་བཀོད་པ། དབང་ཆེན་ཡང་གསང་ཁྲོས་པའི་སྒྲུབ་མཆོད་ཁྱད་པར་ཅན་གྱི་མནྡལ་ལ་གཡུའི་ཕྲ་བཀོད་པ་ལྟ་བུ་གུ་རུའི་གསུང་བཞིན་རྒྱལ་བ་མཆོག་དབྱངས་ཀྱིས་ཤོག་སེར་ལ་བྲིས་པ། སངས་རྒྱས་ཀུན་གྱི་ཡུམ་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་ཀྱི་མཁའ་འགྲོ་ཐོད་རྒལ་གྱི་སྒྲུབ་ཐབས་གསང་བ་སྙིང་གི་དུམ་བུ་ལ་ནང་གསེས་ཀྱི་བྱིན་རླབས་ཀྱི་རྩ་བ་སྙིང་དང་འདྲ་བ་བསྙེན་པའི་མན་ངག །དངོས་གྲུབ་ཀྱི་རྩ་བ་སྙིང་སྒྲུབ་ཐོད་རྒལ་ཚ་བ་དམར་ཐག་སྒྲུབ་པའི་རིམ་པ་དེའི་ཞལ་བསྒྲིགས་རྫས་ལ་བརྟེན་པའི་གནད་སྒྲུབ་བཅས་ཆོག་ཐོད་རྒྱལ་འཕྲུལ་གྱི་དུམ་བུ། འཕྲིན་ལས་ཀྱི་རྩ་བ་ལས་སྦྱོར་གསང་བ་ཡང་འཁོར་གནོད་སྦྱིན་མ་ཉི་མའི་འོད་ཟེར་ལས་ལ་བཀོལ་བའི་ཟབ་གནད། དེའི་ལས་ཕྲན་རྒྱལ་ཁམས་དབང་སྡུད། མཚན་ལྡན་ཕྱག་རྒྱ་འགུགས་པ། སྒྲུབ་ཐབས་འདིའི་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་ཞལ་ཤེས་རྣམས། གཉིས་པ་དོན་དམ་ཟག་པ་མེད་པའི་བདེ་སྟོང་ལམ་དུ་འཁྱེར་བ་བྱེད་པ་གཞུང་འཁྲིད་ཀྱི་སྐོར་ལ། ཟབ་ལམ་གསང་འདུས་ཡིད་བཞིན་ནོར་བུའི་གཞུང་འཁྲིད་


GLG003_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་ཟབ་པའི་མཐར་ཐུག་སྙིང་བཅུད་དམ་པ་ཡུན་གྱི་ཤེས་རབ་མཁར་ཆེན་བཟའ་འཚོ་རྒྱལ་གྱིས་དགུང་ལོ་ཉིས་བརྒྱ་བསྒྲུབས་པའི་ཚེ་ལུག་ལོ་ལྷོ་བྲག་མཁར་ཆུར་བྲིས་པ། རྩ་མདུད་འགྲོལ་ཞིང་རླུང་དབུ་མར་འཇུག་པ་འཁྲུལ་འཁོར་གྱི་རྩ་ཚིག་ཚིགས་བཅད་མ་མཁར་ཆེན་བཟས་མཁར་ཆུ་ཕུག་རིང་དུ་བཀོད་པ་དེའི་འགྲེལ་བ་རྩ་ཚིག་རྒྱས་པ་བཤད་པ་འཁྲུལ་ཞིག་ཉང་པོ་དོན་གྲུབ་རྒྱལ་པོས་མཛད་པ། རང་ལུས་བདེ་བའི་མཉམ་སྦྱོར་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། ཡང་གཅེས་འབྱུང་བའི་དུག་དབྱུང་ཟབ་མོ་གསེར་སྲང་རེའི་བཀའ་རྒྱ་མ། ལམ་འབྲས་ཡང་གཅེས་སྦས་པའི་གནད་ཡིག་ཐུགས་བཅུད་སྙིང་པོའི་མན་ངག་གསེར་ཞུན་མ་ལྟ་བུ། རྫས་ཀྱི་ཐབས་ལམ་ཟླ་བ་བཙོན་འཛིན་ཞེས་པ་འགྲོན་བུ་དང་རྨ་བྱའི་རྒྱུས་པ་རྡོ་ཁབ་ལེན་ལ་བརྟེན་པའི་རིགས་གསུམ། བདེ་བ་སྐྱེད་ཐབས་སྦྲང་རྒོད་དང་རྟག་ཏུ་ངུ་དང་། སྒོག་གཅིག་མ། རྡོ་ཁབ་ལེན་རྣམས་ལ་བརྟེན་པའི་རིགས་བཞི། བྷ་ག་དམ་པོ་བྱེད་པ། པདྨ་ཁ་ཟུམ་པ་དང་འབྱེད་ཐབས། རིགས་བརྒྱུད་མི་འཆོལ་བ། ཡིད་ཆེས་རྒྱས་གདབ་དང་བཅས་པ་རྣམས། གསུམ་པ་དེ་དག་གི་བོགས་འདོན་ཞིང་དམར་ཆའི་དངས་མ་བསྡུས་ཏེ་འཆི་མེད་སྒྲུབ་པའི་ཐབས་མཆོག་གསང་བའི་བཅུད་ལེན་གྱི་སྐོར་ལ། རྡོ་རྗེ་ཆུ་འཐུང་གི་མན་ངག་སྙིང་གི་དུམ་བུ་གུད་དུ་སྦས་པ། དངས་མ་དཀར་པོ་དང་པདྨའི་བཅུད་བསྡུས་པ་གསང་བའི་བཅུད་ལེན་གསང་བ་འདུས་པ་ཟབ་རྒྱ་ཅན། ཟབ་ལམ་སྙིང་པོ་འདུས་པ་ཞེས་འདོད་ཆགས་ལ་བརྟེན་ནས་གསང་


GLG003_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་སྒྲུབ་ཟབ་མོའི་མན་ངག་རྣམས། བཞི་པ་གཞན་དོན་རྒྱུན་མི་ཆད་པ་རིགས་བརྒྱུད་སྤེལ་བའི་སྐོར་ལ། རིགས་བརྒྱུད་སྤྲུལ་སྐུ་གཞག་པའི་མན་ངག་བཀའ་རྒྱ་མ་སྙིང་གི་དུམ་བུ། དེའི་བགེགས་སེལ་གསེར་སྲང་རེ་མེད་པར་སྦྱིན་དུ་མི་རུང་བ། ཤིན་ཏུ་ཟབ་པའི་ལྟེ་བསྒྱུར་གུད་དུ་སྦས་པ་རྣམས། ལྔ་པ་མཚན་ལྡན་ཤེས་རབ་མ་གྲོལ་བར་བྱེད་པ་མོ་འཁྲིད་གསང་བའི་སྐོར་ལ། ལས་ཀྱི་ཕྱག་རྒྱ་མ་གྲོལ་བར་བྱེད་པ་གསང་འཁྲིད་སྙིང་གི་དུམ་བུ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་ཤེལ་དཀར་བཟའ་རྡོ་རྗེ་འཚོ་སྒྲོན་གྱིས་ཨོ་རྒྱན་རིན་པོ་ཆེའི་གསུང་བཞིན་ལ་ཡག་མོན་མཁར་དུ་བཀོད་པ། དྲུག་པ་དེ་དག་གི་ཁ་སྐོང་མན་ངག་སྣ་ཚོགས་ཀྱི་སྐོར་ལ། དབང་སྡུད་ཐམས་ཅད་ཀྱི་རྒྱལ་པོ་ལས་ཀྱི་ཡང་ཁོལ་རིན་ཅེན་གཏེར་མཛོད། བུད་མེད་མཚན་ལྡན་འགུགས་ཐབས་མས་བུ་མཐོང་བ་ལྟ་བུ། མུ་དྲ་མཚན་ལྡན་དབང་དུ་བསྡུ་བ་ཉིན་གཅིག་གིས་འགྲུབ་པ་འགྲོལ་ཐབས་དང་བཅས་པ། མུ་དྲའི་ཏི་བ་དྲང་བ་རྫས་ལ་བརྟེན་པའི་ཐབས་ལམ་ཞར་བྱུང་རང་དང་འབྲལ་མི་ཕོད་པར་བྱ་བ། ཕྱག་རྒྱའི་སྲིད་གཏད་དུ་གཅོད་པ་དང་ཞར་བྱུང་གནས་སྐབས་སུ་གཅོད་པ། བུད་མེད་སྨ་དབབ་པ་མཚན་མ་ཁྲག་ཏུ་སྐྱུག་ཏུ་འཇུག་པ། ཟབ་ལམ་ཡིད་བཞིན་ནོར་བུའི་མན་ངག་ཁོལ་ཕྱུང་ཤ་སྦྱོར་བཛྲ་རྒྱས་པའི་རྫས་སྦྱོར་ལོག་གནོན་འབྲལ་མི་ཕོད་པའི་དབང་སྡུད་དང་བཅས་པ། རྟེན་འབྲེལ་དབང་སྡུད་ཀྱི་མན་ངག་མཁའ་འགྲོ་གསང་བ་ཡང་ཁོལ་གྱི་ཙཀྲ་ཁྱད་པར་ཅན། ཟབ་ལམ་ཡིད་བཞིན་ནོར་བུའི་ཡང་གཅེས་སྙིང་པོ་སྙིང་


GLG003_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལོགས་སུ་གབ་པ་རྡོ་རྗེ་ཆུ་འཐུང་གི་གནད་ཡིག་ཞར་བྱུང་གནས་སྐབས་ཀྱི་གེགས་སེལ། སྲིད་མི་ཆགས་པའི་ཐབས་བརྒྱད་ཡ་གའི་སྒྲོ་སྐུར་སྤང་ཕྱིར་རྫས་སྔགས་ཀྱི་སྒྲིབ་ཤིང་དང་བཅས་པ། སྲིད་གཅོད་སྟག་སྦྲུལ་གྱི་འཁོར་ལོ་ཟབ་མོ། བུད་མེད་ཀྱི་གཟུགས་ལ་བརྟེན་ནས་ཕྱག་རྒྱ་མ་དབང་དུ་བྱ་ཐབས་ཡང་ཟབ་ཡིད་བཞིན་ནོར་བུ་ཞར་བྱུང་འགྲོལ་ཐབས་དང་བཅས་པ། ལུས་ཀྱི་དངས་མ་སྟོབས་སྐྱེད་བཅུད་ལེན་གྱི་མན་ངག་ཅེས་པ་ཚེ་རིང་རྒས་སྲ་ནོར་འཕེལ་ཕྱིར་ཟླ་བ་བཙོན་འཛིན། གོང་གི་དེ་དང་འདི་གཉིས་དོན་མི་གཅིག །ཨུ་དུམ་སྙིང་གི་ལྕགས་ཀྱུ་ལས་རྡོ་རྗེ་ཁོང་སྐྱོང་མན་ངག །སྲིད་གཅོད་གཞོན་སྐྱོང་བསྲུང་བ། ལུས་སྟོབས་བསྐྱེད་པའི་བཅུད་སྦྱོར། ལྔ་སྦྱོར། བཞི་སྦྱོར། གསུམ་སྦྱོར། གཉིས་སྦྱོར་ལ་བརྟེན་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་རྟ་མཆོག་རྒྱལ་པོ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ཤེལ་དཀར་བཟའ་རྡོ་རྗེ་འཚོ་སྒྲོན། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གླིང་པ། དེ་སྲས་ཚེ་དབང་གྲགས་པ་དང་། འཁྲུལ་ཞིག་དོན་གྲུབ་རྒྱལ་པོ། དེ་གཉིས་ཀས་མཚུངས་མེད་ངག་དབང་གྲགས་པ། མཉམ་མེད་ངག་དབང་ནོར་བུ། ཡོངས་འཛིན་ནོར་བུ་ཡོངས་གྲགས། ཀརྨ་འཕྲིན་ལས་རྒྱ་མཚོ། མཉམ་མེད་ནམ་མཁའ་འབྲུག་སྒྲ། དར་སྡིངས་པ་ཆེན་པོ་འཕྲིན་ལས་ལྷུན་གྲུབ། ཟུར་ཀུན་མཁྱེན་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་


GLG003_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་གླིང་པས་རྡོ་བོད་མཚམས་ཀྱི་འབྲི་ཐང་ཀོ་རོ་བྲག་ནས་སྤྱན་དྲངས་པའི་རྟ་ཕག་གསང་སྒྲུབ་སྐོར་གསུམ་དུ་གྲགས་པའི་ཟབ་ཁྱད་ཅན་ནི། གསུང་གི་དབང་ཕྱུག་དཔའ་བོ་རྟ་མགྲིན་ཐབས་མཆོག་རྐྱང་པར་སྒྲུབ་པ། ཕག་ནག་ལྕགས་མཆེ་ཤེས་རབ་ཡུམ་རྐྱང་དུ་སྒྲུབ་པ། ཡབ་ཡུམ་ཟུང་འཇུག་བདེ་བ་རྒྱས་པའི་ཚུལ་གྱིས་དབྱེར་མེད་དུ་སྒྲུབ་པ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། སྣང་བ་མཐའ་ཡས། རྟ་ཕག་ཡབ་ཡུམ། སློབ་དཔོན་པདྨ་ཀ་ར། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལང་འགྲོ་དཀོན་ཅོག་འབྱུང་གནས། ཆོས་རྒྱལ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། དཔའ་བོ་མཐའ་ཡས་གྲགས་པ། རྗེ་ནོར་བུ་ཡོངས་གྲགས། ཀརྨ་འཕྲིན་ལས་རྒྱ་མཚོ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །སྤྲུལ་པའི་གཏེར་སྟོན་རཏྣ་གླིང་པས་དྭགས་པོ་ལྡང་ལུང་ཕྲ་མོ་བྲག་གི་པོ་ཏོ་འོག་མ་ནས་འབྲུག་ལོ་འབྲུག་ཟླའི་ཉའི་དུས་ལ་གདན་དྲངས་པའི་དཔལ་ཆེན་རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་ནི། ཐེམས་བྱང་ལས། ཡི་དམ་སྒྲུབ་པ་དཔག་མེད་ཀུན་ཐོབ་ཀྱང་༔ སྔོན་ལས་འབྲེལ་བའི་དཀྱིལ་འཁོར་མེ་ཏོག་ལྷ༔ ལྷག་པའི་ལྷ་མཆོག་རྡོ་རྗེ་ཕུར་པ་འདི༔ འཚོ་རྒྱལ་བདག་ལ་བཀའ་བབས་སྙིང་ཐིག་ཡིན༔ འདི་ལ་བརྒྱུད་རིམ་བཀའ་གཏེར་དཔག་མེད་ཀྱང་༔ ཡང་གསང་བླ་མེད་སྤུ་གྲིའི་སྐོར་འདི་དག༔ མོན་ཁ་ནེ་རིང་སེང་གེ་རྫོང་གསུམ་དུ༔ ཨྱོན་རྗེ་དང་བདག་འཁོར་ཉེར་གཅིག་གིས༔ བླ་མེད་གསང་བའི་དཀྱིལ་འཁོར་


GLG003_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཕྱེ་བསྒྲུབས༔ རྗེ་ལ་འཚོ་རྒྱལ་བདག་གིས་ཟླ་བ་བདུན༔ སེང་གེ་རྫོང་དུ་ཡི་དམ་བསྒྲུབ་པའི་ཚེ༔ ཕུར་པའི་ལྷ་ཚོགས་ཐམས་ཅད་མངོན་སུམ་མཇལ༔ གྲུབ་རྟགས་རྡོ་རྗེའི་བྲག་ལ་ཕུར་པ་བཏབ༔ སེང་གེ་རྫོང་དུ་ཚེ་ཆུའི་རྒྱུན་ཡང་བབས༔ མ་འོངས་དུས་མཐའི་བར་དུ་གནས་པ་ངེས༔ སུ་ཡིས་མཐོང་ཡང་ཚེ་ཡི་བར་གཅོད་སེལ༔ ཞེས་པ་ལྟར་ཁྱད་པར་འཕགས་པ་ཕུར་པ་ཡང་གསང་བླ་མེད་ཀྱི་ཆོས་སྐོར་ལ༔ དབང་ཆོག་འཕྲིན་ལས་ཀྱི་གཏེར་མཛོད་ལ་བརྟེན་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བའི་དབང་། ཅོད་པན་གྱིས་ཡེ་ཤེས་ལྔའི་དབང་། བུམ་པས་དབང་བཞི་ཡོངས་རྫོགས། བདུད་རྩིས་འཆད་ཉན། གཙོ་ཕུར་ཁྲོ་བཅུ་ས་གསོད་ཁྲ་ཐབས། ཕུར་བསྲུང་བཅུ་གཉིས། དགེ་བསྙེན་ཉེར་གཅིག །སྒོ་བ་བཞི། དབང་ཕྱུག་ཉེར་བརྒྱད་རྣམས་ཀྱི་ཕུར་སྒྲོམ་ལ་བརྟེན་ནས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་། འཕྲིན་ལས་བཞིའི་དབང་། སྒོམ་ཞིང་སྒྲུབ་པའི་དབང་། ཡོངས་རྫོགས་ཕྱག་མཚན་གྱི་དབང་། རྟགས་ཀྱི་དབང་། བསྙེན་སྒྲུབ་འཛབ་ཀྱི་དབང་། དཔལ་ཆེན་ཡོངས་རྫོགས་ཀྱི་དབང་། དྲག་པོ་སྒྲོལ་དབང་། གཏོར་དབང་། འཕྲིན་ལས་སྒྲུབ་ནུས་པའི་དབང་། ཚེ་དབང་ལོངས་སྤྱོད་ཀྱི་དབང་། ཕྱག་རྒྱ་ལ་བརྟེན་ནས་


GLG003_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་དབང་། བཞི་པ་རྩལ་དབང་རྣམས། ཡང་གང་ཟག་སྤྲོས་པ་ལ་མི་དགའ་བའི་དོན་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་བུམ་པས་སྐུ་གསུམ་ཐུགས་འགྱུར་མེད་ཀྱི་དབང་། ཕུར་པས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་། བདུད་རྩི་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་། ཕྱག་མཚན་གྱིས་འཕྲིན་ལས་རྣམ་བཞི་ལ་མངའ་བརྙེས་པའི་དབང་། ཡབ་ཡུམ་གྱི་ཆས་དབང་། འཆི་མེད་ཚེ་དབང་། བསྒྲལ་དབང་དང་བཅས་པ་སྨིན་རྒྱས་སུ་མནོས་ནས། ལུང་ལ། ཐེམས་བྱང་འཕྲིན་ལས་གཏེར་མཛོད། དེ་ལས་བྱུང་བའི་གདམས་སྐོར་ལ། རྩ་བ་རྒྱུད་ཀྱི་སྐོར། སྟོད་ལས་ཕྱི་ནང་གསང་སྒྲུབ་སྒོམ་ཁོག་ཞུ་ལེན་དང་བཅས་པའི་སྐོར། སྨིན་བྱེད་དབང་གི་སྐོར། འཕྲིན་ལས་གཞུང་སྲོང་སྨད་ལས་མངོན་སྤྱོད་དང་འབྲེལ་བའི་སྐོར། རྐྱེན་བཟློག་ཁྲོ་རོལ་གཏོར་བཟློག་གི་སྐོར། ལས་སྣ་ཚོགས་པའི་སྐོར། བསྟན་པ་བསྲུང་བ་བཀའ་སྲུང་སྐོར་དང་བདུན། དང་པོ་ནི། ཐོག་མར་ཆོས་འདི་སྐྱེད་བྱེད་མ་ཡི་ཚུལ༔ གསང་བ་སྙིང་པོ་འཕྲིན་ལས་རྒྱུད་འདི་ནི༔ བི་དྱོའི་རྒྱུད་ལས་རྩ་དུམ་ཁོལ་དུ་ཕྱུང་༔ མཐར་ཐུག་ཡིན་ནོ་རང་གི་ཡིད་ལ་རྣོགས༔ ཞེས་པའི་བི་དྱོཏྟ་མ་ལ་འབུམ་སྡེའི་རྒྱུད་ལས་ཁོལ་དུ་ཕྱུང་བའི་ཕུར་པ་གསང་བ་སྙིང་པོ་འཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་པ། གཉིས་པ་སྟོད་ལས་ཕྱི་ནང་གསང་སྒྲུབ་སྒོམ་ཁོག་ཞུ་ལན་དང་བཅས་པའི་སྐོར་ནི། སྒྲུབ་པའི་རྩ་བ་སྒྲུབ་ཁོག་ཆེན་མོ་དང་༔ སྤྲ་འཁྲིད་སྒོམ་ཁོག་རིན་ཅེན་འཕྲེང་བ་གཉིས༔ ཕྱི་ནང་སྒྲུབ་པ་


GLG003_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་གང་བྱེད་ཀྱང་༔ འདི་ཉིད་བློ་ལ་ངེས་ཤིང་འདྲིས་པར་བྱ༔ ཞེས་པའི་སྤྲོས་བཅས་འཁོར་ཚོམ་བུ་དང་བཅས་པ་མཆོག་ཐུན་མོང་གི་དངོས་གྲུབ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པར་བྱེད་པའི་ཕྱི་སྒྲུབ་ཀྱི་སྒྲུབ་ཁོག་ཆེན་མོ་གསེར་གྱི་ཡང་ཞུན་ལྟ་བུ་འཚོ་རྒྱལ་གྱི་དབུ་སྙུང་མ། སྒྲུབ་ཆེན་ཐེམས་མེད། གྱི་མཐའ་རྒྱས་མར་མེའི་སྨོན་ལམ་གུ་རུའི་གསུང་བཞིན་འཚོ་རྒྱལ་གྱིས་བཀོད་པ། ཇི་ལྟར་ཉམས་སུ་ལེན་པའི་སྤྲ་འཁྲིད་ལས་བྱང་གི་ཆོ་གའི་སྒོམ་ཁོག་ཆེན་མོ་རིན་ཅེན་འཕྲེང་བ་མཁར་ཆེན་བཟས་བཀོད་པ། རྩ་བའི་སྒྲུབ་པ་ནང་སྒྲུབ་ཟབ་མོ་འདི༔ ཀུན་གྱི་གནད་འདུས་རྩ་བ་འདི་ལ་ཐུག༔ གསང་སྒྲུབ་འདི་ནི་རྣལ་འབྱོར་སྙིང་ལ་ཆོངས༔ འདི་གཉིས་འབྲེལ་བས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་མ་ལུས་འབྱུང་ངོ་སྙིང་གི་བུ༔ ཞེས་པའི་ཀུན་གྱི་གནད་འདུས་བསྐྱེད་རྫོགས་ཟུང་འཇུག་སྤྲོས་མེད་ནང་ལྟར་སྒྲུབ་པའི་རྣལ་འབྱོར་བྱིན་རླབས་ཀྱི་རྩ་བ་ཡུན་གྱི་ཤེས་རབ་མ་མཁར་ཆེན་བཟས་ལྡང་ལུང་གསང་བའི་བྲག་ཕུག་ཏུ་བྲིས་པ། མོན་ཁ་ནེ་རིང་སེང་གེ་རྫོང་དུ་རྟགས་ཁྱད་པར་ཅན་ལ་བརྟེན་ནས་མཁར་ཆེན་བཟས་ཕུར་པའི་ཡང་ཟབ་སྙིང་པོའི་ཆོས་སྐོར་བཅུ་གསུམ་ཞུས་པའི་ནང་ཚན་གསང་སྒྲུབ་སྙིང་གི་ཏི་ཀ་རྣལ་འབྱོར་སྙིང་ལ་བཅང་བ། ཐུགས་ཀྱི་ཞུས་ལན་གསལ་བའི་སྒྲོན་མེ་འདི༔ གནད་འདུས་དོན་གསལ་ཀུན་ལ་གཅེས་པའི་ཕྱིར༔ ཤེས་རབ་ཟབ་མོས་ཁོང་དུ་ཆུད་པར་བྱ༔ ཞེས་པའི་ཞལ་གདམས་གབ་པ་གསལ་བྱེད་ཀྱི་མེ་ལོང་ཡང་ཟབ་ཐུགས་ཀྱི་ཞུས་ལན་གསལ་བའི་སྒྲོན་མེ་རྣམས། གསུམ་པ་སྨིན་བྱེད་


GLG003_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་སྐོར་ནི། དབང་ཆོག་རྒྱས་པ་འཕྲིན་ལས་གཏེར་མཛོད་དང་༔ སྲུང་མའི་དབང་ཆོག་གནམ་ལྕགས་འཁོར་ལོ་གཉིས༔ ཤེས་རབ་བློ་ལྡན་སྤྲོས་ལ་དགའ་བ་དང་༔ བརྒྱུད་འཛིན་བུ་ལ་གཏད་ཅིང་སྟོན་པ་དང་༔ དོན་དབང་བསྡུས་པ་ཡིད་བཞིན་ནོར་བུ་འདི༔ དབང་རྫོགས་བཀའ་དང་བྱིན་རླབས་འདུས་པའི་ཕྱིར༔ སྤྲོས་ལ་མི་དགའ་དད་ལྡན་བུ་ལ་བསྐུར༔ ཞེས་པའི་ཡང་གསང་བླ་མེད་གདམས་པའི་སྙིང་པོ་འདུས་པའི་དབང་ཆོག་འཕྲིན་ལས་གཏེར་མཛོད་དོན་གསུམ་གྱིས་བསྟན་པ། དེའི་བུ་ཡིག་ཁྲོ་བཅུ་ཟ་གསོད་བཅས་པའི་དབང་ཆོག་མཚོན་ཆའི་འཁོརལོ་བརྒྱུད་འཛིན་བུ་ལ་གཏོད་པའི་གཡར་དམ་ཅན། སྤྲོས་པ་ལ་མི་དགའ་བར་དོན་དབང་ཡིད་བཞིན་ནོར་བུ་བྱིན་རླབས་བཀའ་རྫོགས་དཀྱིལ་འཁོར་རྣམ་དག་དྲི་མེད་གསལ་བ་དང་༔ གཞལ་ཡས་དོན་བསྟོད་ཡིད་བཞིན་ནོར་བུ་གཉིས༔ དབང་གི་རྒྱབ་ཡིག་དོན་གྱི་དམིགས་གསལ་ཡིན༔ ཞེས་པའི་དབང་གི་རྒྱབ་ཡིག་དཀྱིལ་འཁོར་གྱི་རྣམ་དག་བཤད་པ་དྲི་མེད་གསལ་བ། གཞལ་ཡས་དོན་བསྟོད་ཡིད་བཞིན་ནོར་བུ་རྣམས། བཞི་པ་འཕྲིན་ལས་གཞུང་སྲོང་སྨད་ལས་མངོན་སྤྱོད་དང་འབྲེལ་བའི་སྐོར་ནི། ལས་བྱང་དང་ནི་སྲུང་མ་བསྟོད་བསྐུལ་བཅས༔ ཀུན་ལ་གཅེས་པའི་ཁ་སྐོང་མཐའ་རྒྱས་ཡིན༔ དུག་ཕུར་ནག་པོ་མཚོན་ཆའི་འཁོར་ལོ་དང་༔ ཟབ་པའི་གནད་འཕྱོང་སྲོག་གི་སྤུ་གྲི་གཉིས༔ སྲུང་མའི་བསྐུལ་བྱང་དུག་མདའ་ནག་པོ་སོགས༔ དགྲ་བགེགས་ཚར་གཅོད་བསྟན་པ་སྲུང་བྱེད་ཡིན༔ ཞེས་པ་ལས་བྱང་ཆོ་གའི་


GLG003_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་འཕྲིན་ལས་ཀྱི་སྤུ་གྲི་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་མཁར་ཆེན་བཟས་བཀོད་པའི་ཡི་གེ་བཻ་རོས་མཛད་པ། ལས་བྱང་ཟུར་འགེབས་ཀྱི་བསྟོད་པ་དམ་ཚིག་ཐུགས་དམ་མ། སྨད་ལས་དུག་ཕུར་ནག་པོ་མཚོན་ཆ་ལས་ཀྱི་འཁོར་ལོ་དོན་དྲུག་པ། དུག་ཕུར་ནག་པོའི་གནད་འཕྱོང་མཁའ་འགྲོས་ལུང་བསྟན་གསང་བ་སྲོག་གི་སྤུ་གྲི་པདྨའི་ཐུགས་ཀྱི་བཅུད་ཕྱུང་བ། ཤཱ་ན་མཆེད་བཞི། རི་མ་མཆེད་བཞི། བསེ་མོ་མཆེད་བཞི། སྐྱེས་བུ་གིང་ཆེན་བཞི། དབང་ཕྱུག་ཉེར་བརྒྱད་རྣམས་ཀྱི་བསྐུལ་བྱང་དུ་དུག་མདའ་ནག་པོ་མཁས་པ་བཻ་རོ་ཙ་ནས་ཤོག་སེར་ལ་བཀོད་པ་རྣམས། ལྔ་པ་རྐྱེན་བཟློག་ཁྲོ་རོལ་གཏོར་བཟློག་གི་སྐོར་ནི། གཏོར་བཟློག་ཁྲོ་རྒྱལ་སྟོབས་འདུས་འདི་ཉིད་དང་༔ རྡོ་གཏོར་དྲག་པོ་མཚོན་ཆའི་འཁོར་ལོ་གཉིས༔ རྣལ་འབྱོར་རྐྱེན་བཟློག་དགྲ་བགེགས་ཚར་གཅོད་ཅིང་༔ བསྟན་པ་སྲུང་བྱེད་ལས་ཀྱི་མདེ་ཁ་ཡིན༔ ཞེས་པའི་ཕུར་པ་ཡང་གསང་བླ་མེད་དྲག་སྔགས་གནམ་ལྕགས་སྤུ་གྲིའི་སྒོ་ནས་བཟློག་པའི་ལས་འཆོལ་བ་གཏོར་བཟློག་ཁྲོ་རྒྱལ་སྟོབས་འདུས་ཟབ་གཉན་དཀོན་པ་ལྡང་ལྷའི་བྲག་ལ་སྦས་པ། རྡོ་གཏོར་དྲག་པོ་མཚོན་ཆའི་འཁོར་ལོའམ་སྤུ་གྲིའི་འཁོར་ལོར་གྲགས་པ། གཏོར་བཟློག་ཁ་བསྒྱུར་མདེ་ཁ་བཅུ་གཉིས་ཞེས་པ་བྱད་ཁ་སོགས་མི་མཐུན་ཕྱོགས་ཀུན་བསྲུང་བ། སྡེ་བརྒྱད་དང་ཆོས་སྐྱོང་གི་འཁུ་ལྡོག་གནད་དབབ། དགྲ་བགེགས་གདུལ་ཞིང་གསང་བའི་ལས་མཐའ། གདོན་བགེགས་འདུལ། ཀླུ་གདུལ་བ། སྨྱོ་འདྲེ་གདུལ་བ། རྦོད་


GLG003_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བཟློག་པ། རྒྱལ་བསེན་གཏུམ་པོ་མ་རུངས་པ་གདུལ་བ། ཞོ་ཆང་བསྲུང་བ། དྲག་པོ་རྫས་ཀྱི་ལས་སྦྱོར། སྔགས་ནག་གི་སྦྱོར་ངན་བཟློག་པ། གནས་ཁང་བསྲུང་བ་རྣམས། དྲུག་པ་ལས་སྣ་ཚོགས་པའི་སྐོར་ནི། བཀྲ་ཤིས་རྟེན་འབྲེལ་སྒྲུབ་དང་ལས་ཚོགས་བརྒྱད༔ ཕན་གནོད་ལས་ཀྱི་མཐའ་རྒྱས་ཀུན་ལ་གཅེས༔ གསང་ཐུབ་དམ་ཚིག་ལྡན་པའི་བུ་ལ་བྱིན༔ ཞེས་པའི་ལས་ཆོགས་ཟབ་མོ་ཤིན་ཏུ་ཟབ་པའི་བཀའ་རྒྱ་ཅན་ལ་ནང་གསེས་ཀྱི་སྤྱི་ལ་གཅེས་པའི་གནས་ཀྱི་མཚན་ཉིད། བཀྲ་ཤིས་རྟེན་འབྲེལ་གྱི་ཆེ་བ་བུམ་གཏེར། དགྲ་ཇག་ཆོམ་རྐུན་གྱི་གནོད་པ་མེད་པར་བཀྲ་ཤིས་འདོད་དགུ་འགྲུབ་ཐབས། རྟ་དྲེལ་གནག་ཕྱུགས་ཀྱི་གོད་ཁ་གཅོད་ཅིང་སྒབ་འཕེལ་ཐབས། མི་ཤིས་པ་བཟློག་སྟེ་སྟོབས་ཆེན་བཀྲ་ཤིས་པའི་རྟེན་འབྲེལ་བསྒྲིག་པ། གནས་ཁང་གི་མི་མཐུན་པའི་ས་དགྲ་བཟློག་ཅིང་བསྲུང་བའི་རྟེན་འབྲེལ་རྣམས་བསྟན་པ། ལས་ཚོགས་བརྒྱད་ཅེས་པ་གག་ལྷོག་གི་ཟེར་གསུམ་བསྲུང་བ། འབྲུམ་ནད་བསྲུང་བ། མོན་དུག་བསྲུང་བ། གསོ་བ། གག་ལྷོག་གཟེར་གསུམ། རིམས། འབྲུམ་ནད་བསྲུང་བ། སྒོ་ལྕགས་དང་གཡག་ཤིང་འབྱེད་པ། ཀུན་རྫོབ་རྟེན་འབྲེལ་གྱི་པྲ། ལྕགས་འབྱེད་ཞལ་གདམས་རྣམས། བདུན་པ་བསྟན་པ་བསྲུང་བ་བཀའ་སྲུང་སྐོར་ནི། ལྡང་ལྷའི་སྒྲུབ་པ་ཅོག་བརྡུང་སྤུ་གྲི་དང་༔ བྲམ་ཟེའི་ངན་སྔགས་ཚལ་པ་ནག་པོ་གཉིས༔ དགྲ་ལྷའི་ཆོ་འཕྲུལ་དམ་ཅན་ལྔ་འདུལ་སོགས༔ གཏེར་ཁ་འདི་ཡི་བཀའ་སྲུང་མཐར་ཐུག་ཡིན༔ ཞེས་པའི་གཏེར་སྲུང་ལྡང་ལྷའི་སྒྲུབ་ཐབས་དུག་གི་སྤུ་གྲིའམ་སྲོག་


GLG003_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དམར་འབྱིན་དུ་གྲགས་པ། བྲམ་ཟེ་སྤུན་དགུའི་ངན་སྔགས་རལ་གྲི་ཕྱུང་རྡེག་མུ་སྟེགས་ཚལ་པ་ནག་པོ། དགྲ་ལྷ་རྡོ་རྗེ་ལེགས་པའི་ལྟས་ངན་ཆོ་འཕྲུལ་དམ་ཅན་ལྔ་འདུས་རྣམས་དང་བཅས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ །རྡོ་རྗེ་འཆང་། རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་འོད་ཟེར་གླང་པོ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། ལང་འགྲོ་ལོ་ཙཱ་བ་དཀོན་ཅོག་འབྱུང་གནས། ཆོས་རྒྱལ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། ཐུགས་སྲས་ངག་དབང་གྲགས་པ། གུ་རུ་ཀུན་དགའ་གྲགས་པ། གུ་རུ་ཀུན་དགའ་བསྟན་འཛིན། ཀ་ཐོག་དབང་དྲག་རྡོ་རྗེ། རྗེ་ཀུན་དགའ་ཚེ་མཆོག །སྔགས་འཆང་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལྷུན་གྲུབ་རྡོ་རྗེས་དབང་དྲག་རྡོ་རྗེ་ལ་ཡང་གསན་ནོ། །སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་རཏྣ་གླིང་པའི་ཟབ་གཏེར་ཁ་འཐོར་སྐོར་ལ། མཁར་ཆུ་གསང་ཕུག་བཞུགས་ཁྲིའི་སྟེང་ལོགས་ཀྱི་བྲག་ནས་སྤྱན་དྲངས་པའི་ཐུགས་སྒྲུབ་ཡང་གསང་སྙིང་གི་ནོར་བུ་བླ་མའི་གསང་སྒྲུབ་ཐུགས་བཅུད་དུ་གྲགས་པ་སྐུ་མཚལ་དང་སིནྡྷུ་རས་རིན་ཅེན་དངུལ་ཤོག་ལ་བཏབ་པ། དེའི་ལྷན་ཐབས་ནེ་རིང་སེང་རྫོང་གི་ཕུག་མོ་ཆེ་ནས་སྤྱན་དྲངས་པའི་སྨོན་ལམ་བཙན་པའི་བུ་གཅིག་གི་སྙིང་ལ་གཏད་པའི་མཐའ་ཅན། བསམ་ཡས་དབུ་རྩེའི་བྱང་ཆུབ་ཆེན་པོའི་སྐུ་རྒྱབ་ནས་སྤྱན་དྲངས་


GLG003_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། གཏེར་སྟོན་གྱི་སྐྱེས་རབས་ལུང་གི་ལྡེ་མིག་བཀའ་རྒྱ་མ། ཞུ་ལན་ལུང་གི་གཏེར་བྱང་འཚོ་རྒྱལ་གྱིས་དཀར་ཆག་དབུ་རྩེ་བར་མར་བཏབ་ནས་པེ་ཧར་ལ་གཉེར་དུ་གཏད་པ་ཤེས་རབ་བློ་ལྡན་གཅིག་ལ་སྤྲོད་པའི་མཐའ་ཅན། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་གསང་སྒྲུབ་དྲི་མེད་རྨ་བྱའི་རྒྱ་ཅན། ཤེས་བྱ་ཀུན་ལ་མི་རྨོངས་ཤིང་ནད་རིམས་རྒྱུ་གཟེར་དུག་གིས་མི་ཚུགས་པའི་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་མདུན་བསྐྱེད་འཇམ་དཔལ་རྣོན་པོར་བརྟེན་པའི་ཤེས་རབ་བློ་འཕེལ་རིག་པའི་གནས་ལྔ་མཁས་པར་ཤོག་གི་མཐའ་ཅན་དང་ལྔ། བསམ་ཡས་ཨཱཪྱ་པཱ་ལོའི་རྟ་མགྲིན་སྐུ་རྒྱབ་ནས་སྤྱན་དྲངས་པའི་འབྲུ་གསུམ་ལ་རྟེན་ནས་དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་ཐུགས་སྲོག་སྙིང་པོ་གཅིག་ཏུ་དྲིལ་བ་ཡང་སྙིང་ཐུགས་ཀྱི་གསང་སྒྲུབ་བམ་སྙིང་པོའི་ཡང་ཞུན་དུ་གྲགས་པ་འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག་གི་མཐའ་ཅན། ལྷོ་བྲག་མཁོ་མཐིང་ལྷ་ཁང་དབུ་རྩེའི་སེང་གེའི་ལྕམ་སྣ་ནས་སྤྱན་དྲངས་པའི་གུ་རུའི་བར་དམར་ཡིད་འོང་རི་དྭགས་ཅན། མནྟྲིའི་ཆོས་གོས་དང་འཚོ་རྒྱལ་གྱི་ན་བཟའི་ལོ་རྒྱུས་གསལ་བའི་སྒྲོན་མེ། སྐྱེ་བ་བདུན་པ་བྲམ་ཟེ་དྲི་མེད་སྙིང་པོའི་ཐུགས་ཀྱི་རིལ་བུའི་ལོ་རྒྱུས་གསང་བའི་སྒྲོན་མེ་གཉིས། གུང་ཐང་མཁར་གྱི་མེ་ལོང་འདྲ་བའི་བྲག་སྒོ་ནས་སྤྱན་དྲངས་པའི་ཇོ་མོ་ཡེ་ཤེས་འཚོ་རྒྱལ་གྱི་སྐུ་ཚབ་འགྲོ་བ་ཀུན་འདུལ་གྱི་རྣམ་


GLG003_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཐར། བསམ་གྲུབ་བདེ་བ་ཆེན་པོའི་རྟེན་གཙོའི་པད་འདབ་ནས་སྤྱན་དྲངས་པའི་ཆོས་དབང་རིན་པོ་ཆེ་ལོ་གཅིག་ཙམ་ནས་མྱ་ངན་ལས་འདའ་གོང་དུ་སྲས་པདྨ་དབང་ཆེན་སོགས་འཁོར་བདུན་གྱི་ཞུས་པའི་མ་འོངས་ལུང་བསྟན་སྲས་ཀྱིས་ཟིན་བྲིས་སུ་བཏབ་པ་ཉེ་མཁོར་ཞུ་ལན། དེ་རྣམས་ཀྱིས་ཞུས་པའི་མཉམ་སྦྱོར་བསྡུས་དོན་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་ཨྱོན་པདྨ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། རིགས་འཛིན་རཏྣ་གླིང་པ། ཐུགས་སྲས་ཚེ་དབང་གྲགས་པ། གཅུང་ངག་དབང་གྲགས་པ། རྗེ་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། ཀརྨ་འཕྲིན་ལས་རྒྱ་མཚོ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རྗེ་འཕྲིན་ལས་ལྷུན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཉེ་འཁོར་ཞུ་ལེན་བསྡུས་དོན་དང་བཅས་པ་ནི། འཚོ་རྒྱལ་ནས། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །སྲས་པདྨ་དབང་ཆེན། གཏེར་སྟོན་རནྟ་གླིང་བ་མན་གོང་བཞིན་ནོ། །ཆོས་རྒྱལ་རཏྣ་གླིང་པས་ཀོང་པོ་གསང་བ་ཡང་མཛོད་ནས་སྤྱན་དྲངས་པའི་སྨན་སྒྲུབ་ཆེན་མོ་གསང་བ་བདུད་རྩི་མཆོག་གི་དམ་རྫས་དངོས་གྲུབ་ཐམས་ཅད་འབྱུང་བ་བླ་མེད་མཆོག་གི་སྒྲུབ་པའམ་སྨན་སྒྲུབ་གསང་བ་ཡོངས་རྫོགས་སུ་གྲགས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། རིགས་འཛིན་བརྒྱད། ཨྱོན་ཆེན་པོ་དང་པན་ཆེན་བི་མཱ་ལ་གཉིས་ཀྱིས་གཉགས་ཛྙཱ་ན་ཀུ་མཱ་ར་དང་ཏྲག་ར་ལྷ་མཚོ་གཉིས་ལ་གནང་། གཉགས་ཀྱིས་ཕྱག་དཔེ་


GLG003_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་མཆོག་ཏུ་ཆེ་བ་གུ་རུ་རྣམ་གཉིས་ཀྱིས་སྨོན་ལམ་བཀྲ་ཤིས་མཛད་ནས་ཤར་གཏེར་གསང་མཛོད་དུ་སྦས་པ་ལང་འགྲོ་ལོ་ཙཱ་བར་བཀའ་བབས། རིམ་བཞིན་ཆོས་རྒྱལ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། ཐུགས་སྲས་ངག་དབང་གྲགས་པ། དྲིན་ཅན་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། གཙུག་རྒྱན་ནོར་བུ་དབང་རྒྱལ། ལྷུན་གྲུབ་ཕོ་བྲང་གདན་ས་པ་འཕྲིན་ལས་རྒྱ་མཚོ། ཨེ་ཆོས་ལྡན་པ་རིགས་འཛིན་རཏྣ་འཕྲིན་ལས། ཁྱབ་བདག་ཁྲ་ཚང་བ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མ་བྱ་ཁྱུང་གི་གཟུགས་ལ་བརྟེན་ནས་ལུག་ནད་གཅོད་པའི་གདམས་པ་ནི། ཨྱོན་ཆེན་པོ། མཁར་ཆེན་བཟའ། ལང་འགྲོ་ལོ་ཙཱ་བ། སྤྲུལ་སྐུ་རཏྣ་གླིང་པ་ནས་རིམ་པར། ཕ་ཇོ་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །རཏྣའི་གཏེར་མའི་རྒྱལ་བསེན་ཁ་སྦྱར་གྱི་བསྲུང་བ་དང་། ལྡང་ལྷ་ཕྲ་མོ་བྲག་ནས་སྤྱན་དྲངས་པའི་ཡང་བཟློག་སྲོག་གི་སྤུ་གྲི་འབྲུ་བཞི་མའི་བརྒྱུད་པ་ནི། པདྨ་ཧེ་རུ་ཀ །ཐུགས་རྗེ་ཆེན་པོ། པདྨ་ཐོད་འཕྲེང་། རྗེ་འབངས་གྲོགས་ལྔ། གཏེར་སྟོན་རིན་ཆེན་དཔལ་བཟང་། སྲས་སྐུ་མཆེད་གཉིས། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། ཡུག་མ་ནི་ཨིནྡྲ་རཱ་ཛ། ཟུར་བསྟན་འཛིན་འགྱུར་མེད། རླུང་མི་འགྱུར་རྡོ་རྗེ། མཐུ་ཆེན་དཔལ་ལྡན་གྲགས། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །རཏྣའི་གཏེར་མའི་ཐོག་བསྲུང་ཟབ་མོ་ཐོག་རིས་འཁོར་ལོ་མ་དང་། ཇག་འཆིང་ལྕགས་སྤྱང་མ་གཉིས། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་དྲིན་ལས་ཐོས། གཏེར་གནས་དང་བརྒྱུད་པ་གསན་ཡིག་ཁུངས་བཙུན་འདྲ་ལས་སླར་ཞིབ་


GLG003_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་དགོས་ཡོད། རཏྣའི་གཏེར་མའི་ཚེ་སྒྲུབ་ཅིང་བར་གཅོད་སེལ་བའི་ཟ་ཡིག་ཕྱོགས་བཅུ་ཀུན་གསལ་འགོར་ཨ་དང་མཇུག་ཏུ་ཛ་ཡོད་པའི་ཡིག་འབྲུ་བརྩེགས་མ་བཅུ་གཅིག་ལ་ཕན་ཡོན་རྫས་དམིགས་དང་བཅས་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་ཡབ་སྲས་གསུམ། ངག་དབང་ནོར་བུ། ཚེ་དབང་ཡོངས་གྲགས། ཡུག་པ་ཡབ་སྲས་གཉིས། དབྱངས་དཔོན་པ། ཟུར་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ། དེས་བདག་ལའོ། །སྤྲུལ་སྐུ་རཏྣ་གླིང་པའི་ཁྱུང་ནག་རྫོང་ནས་སྤྱན་དྲངས་པའི་ཡང་གསང་ཁྲོས་མ་ནག་མོ་ལས་ཡང་ཟབ་གསང་བའི་ཟ་ཡིག་ཅེས་པ་མཁའ་འགྲོ་གསང་བ་སྐུ་གསུང་ཐུགས་ཀྱི་ཟ་ཡིག་འགོར་ཨོཾ་མཇུག་ཏུ་ཐ་ཡོད་པའི་གླིང་བདུན་མ། འགོར་ཨཱ་མཇུག་ཏུ་གཅིག་ཡོད་གླིང་དྲུག་མ། འགོར་ཧཱུྃ་མཇུག་ཏུ་རཱ་ཡོད་གླིང་དྲུག་མ། རྫས་སྒོམ་བཟླས་ཕན་ཡོན་བཅས་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་པདྨ། རྗེ་འབངས་གྲོགས་ལྔ། གཏེར་སྟོན་ཡབ་སྲས་གསུམ། ཀུན་དགའ་གྲགས་པ། ཀུན་དགའ་བསྟན་འཛིན། དབང་གྲགས་རྡོ་རྗེ། དུ་མ་རང་གྲོལ་ཁུ་དབོན་གཉིས། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །སྤྲུལ་སྐུ་རཏྣ་གླིང་པས་བྲག་དམར་རི་མོ་ཅན་ནས་སྤྱན་དྲངས་པའི་བར་གཅོད་སེལ་ཞིང་བཟློག་པའི་ཟ་ཡིག་ཟ་དུས་ཀྱི་དམིགས་པ་བཅས་པའི་གདམས་པ་ཁྱད་པར་ཅན་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་རཏྣ་གླིང་པ། སྲས་མཐའ་ཡས་གྲགས་པ། མངའ་རིས་རིགས་འཛིན་ཆེན་པོ། མཁས་གྲུབ་རབ་འབྱམས་ཆོས་རྗེ། མ་ནི་ཨིནྡྲ་


GLG003_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཛ། གསང་བདག་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་བ། ཟུར་ཀུན་མཁྱེན། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་རཏྣ་གླིང་པས་རྣམ་ཐང་དགེ་གནས་ནས་སྤྱན་དྲངས་པའི་མཉམ་གཉིས་རྩལ་འགྲན་གྱི་གདམས་པའི་ལུང་བརྒྱུད་ནི། གཏེར་སྟོན་ནས་རིམ་པར། བྱའི་སྔགས་འཆང་བཀྲ་ཤིས་རྣམ་རྒྱལ། རྗེ་འཕྲིན་ལས་ལྷུན་གྲུབ། རིགས་འཛིན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་སྤྲུལ་པའི་གཏེར་སྟོན་ཆེན་པོ་རཏྣ་གླིང་པའི་མནལ་ལམ་དག་སྣང་སྙན་བརྒྱུད་མཛོད་ཁང་བཅུ་གསུམ་མའི་སྐོར་ལ། མཛོད་ཁང་དང་པོ་དག་སྣང་ཡིད་བཞིན་ནོར་བུ་ཞེས་བྱ་བ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་རིགས་འཛིན་འདུས་པའི་ཚོགས་དང་བཅས་མཇལ་ཞིང་སྒྲུབ་དབང་སྙན་བརྒྱུད་ཀྱི་ཆུ་བོ་མཐའ་དག་རྫོགས་ཚུལ་ལྷོ་བྲག་གངས་རིའི་ངོགས་དཔལ་ཆོས་རྫོང་གི་གནས་སུ་མཛད་པ་ཞར་བྱུང་ཁོ་བོ་བདག་འདྲ་སྤྲང་བན་རཏྣ་གླིང་ཞེས་སོགས་ཀྱི་ཚིགས་བཅད་ཡོད་པ། མཛོད་ཁང་གཉིས་པ་སྙན་བརྒྱུད་རིན་པོ་ཆེའི་འཕྲེང་བ་ཞེས་དག་སྣང་གོང་མའི་སྐབས་སུ་ཕུང་པོ་རི་བོ་ཆེར་སློབ་དཔོན་ཆེན་པོ་མཁའ་འགྲོ་ལྔ་དང་བཅས་པ་མཇལ་ནས་ངོ་སྤྲོད་གནང་བ་སྙིང་གི་བུ་བག་ཙམ་མ་གཏོགས་གསང་ཞིང་བསྡམ་པར་གསུངས་པ། མཛོད་ཁང་གསུམ་པ་དག་སྣང་ཡིད་བཞིན་ནོར་བུའི་སྐབས་གུ་རུ་ཉིད་ལ་ཞུས་པའི་སྙན་བརྒྱུད་འགའ་རེ་ལོགས་སུ་ཤེས་ཞེས་པ་ཟུར་དུ་བཀོལ་བ་སྤྲང་བན་རཏྣས་བཀོད་པར་མཁའ་འགྲོ་ཀོ་ལོང་མི་སྡོམ་ཞིང་བཀྲ་ཤིས་བདེ་ལེགས་མཐའ་ཡས་པ། མཛོད་ཁང་བཞི་པ་དག་སྣང་ཡིད་བཞིན་ནོར་བུའི་སྐབས་མ་གཅིག་འཚོ་རྒྱལ་ལ་ཞུས་པ་སྙན་བརྒྱུད་ཟབ་མོ་འགའ་ཞིག་


GLG003_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་གསལ་ཞེས་པ་ཕོ་བྲང་སྣེའུ་གདོང་རྩེར་དབུ་བཙུགས་ནས་མཛད་པ། མཛོད་ཁང་ལྔ་པ་དག་སྣང་ཡིད་བཞིན་ནོར་བུའི་སྐབས་གནུབས་ནམ་མཁའི་སྙིང་པོ། གནུམས་སངས་རྒྱས་ཡེ་ཤེས། ངན་ལམ་རྒྱལ་མཆོག །དཔལ་གྱི་ཡེ་ཤེས། རླངས་དཔལ་སེང་། སློབ་དཔོན་དཔལ་དབྱངས། ཨ་ཙ་ར་ས་ལེ། ལོ་ཆེན་བཻ་རོ་ཙ་ན། གཉགས་ཛྙཱ་ན་ཀུ་མཱ་ར། ཨ་ཙ་ར་ཡེ་ཤེས། འདན་མ་རྩེ་མང་། སྔགས་པ་རྡོ་རྗེ་བདུད་འདུལ་རྣམས་ལ་ཞུས་པའི་སྙན་བརྒྱུད་ཟུར་དུ་བཀོལ་བ། མཛོད་ཁང་དྲུག་པ་དག་སྣང་ཡིད་བཞིན་ནོར་བུའི་སྐབས་ཀྱི་སྒྲུབ་ཆེན་ཕྲ་ཏིག་ཕྱག་ལེན་འཕྱུག་མེད་དབེན་གནས་གླིང་ཆུང་གི་དགོན་པ་རཏྣ་གླིང་པས་བཀོད་པ། མཛོད་ཁང་བདུན་པ་མནལ་ལམ་མཁརཆུ་མ་ཞེས་སློབ་དཔོན་པདྨ་དང་མཇལ་ཞིང་དབང་བསྐུར་ངོ་སྤྲོད་ཐོབ་ཚུལ་གསལ་བ་མཁོ་མཐིང་ལྷ་ཁང་དུ་བླ་མ་ཆོས་དཔལ་བའི་མཁར་གྱི་ཡང་རྩེར་གཏེར་སྟོན་གྱིས་བཀོད་པ། མཛོད་ཁང་བརྒྱད་པ་དག་སྣང་དངོས་གྲུབ་ཀུན་འབྱུང་ཞེས་བསམ་གྲུབ་བདེ་ཆེན་དུ་རྒྱུད་འབུམ་གསན་པའི་དུས་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་དང་མཇལ་ཞིང་བསླབ་བྱ་ངོ་སྤྲོད་གསུང་ཚུལ་གཙུག་ལག་ཁང་དེ་ཉིད་དུ་བཀོད་པ། མཛོད་ཁང་དགུ་པ་ཞུ་ལན་སྙིང་གི་མེ་ལོང་ཞེས་འཕན་ཡུལ་རྒྱ་མ་སོགས་སུ་ཕེབས་སྐབས་བལ་ཡུལ་ཡང་ལེ་ཤོད་དུ་གུ་རུ་པདྨ་རིགས་འཛིན་གྱི་ཚོགས་བཅད་དང་མཇལ་ཚུལ་འཕན་ཡུལ་སྨན་རྩེའི་རི་ཁྲོད་དུ་བཀོད་པ། མཛོད་ཁང་བཅུ་པ་རྨི་ལམ་རང་སྣང་འཁྲུལ་གྲོལ་བར་དོ་གནདཀྱི་འཕྲེང་བ་ད་དུང་རྫུན་ལ་ནན་གྱི་དུས་དེར་ཡི་གེར་བཀོད་པ། མཛོད་ཁང་བཅུ་གཅིག་པ་འཁྲུལ་པའི་སྙན་བརྒྱུད་དོན་གསལ་མེ་ལོང་ཞེས་བྱ་བ་རྒྱལ་པོའི་ཕོ་བྲང་སྣེའུ་གདོང་དུ་བཞུགས་པའི་ཚེས་བརྒྱད་ཀྱི་ནུབ་
རང་གཤེད་ཀྱི་ཁྱིའུ་དང་མཁའ་འགྲོ་མཇལ་ཚུལ་དང་ཚེས་བཅོ་ལྔ་ལ་ཁྲ་འབྲུག་ཏུ་མཇལ་ཚུལ་གནས་ཆེན་དེ་ཉིད་དུ་བཀོད་པ། མཛོད་ཁང་བཅུ་གཉིས་པ་དག་སྣང་ལུང་གི་མེ་ཏོག་ཅེས་བྱ་བ་ཀོང་བཙུན་དེ་མོའི་སྤྱན་འདྲེན་བྱུང་ཚུལ་གཡུ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དུ་མི་བརྗེད་པའི་གཟུངས་ཀྱི་བྲིས་པ། མཛོད་ཁང་བཅུ་གསུམ་པ་དགུང་ལོ་ང་བཞི་པ་ལ་ཆིབས་རྡབས་ཀྱིས་ཟླ་བ་དགུའི་རིང་བསྙུན་པའི་ཚེ་གསུང་སྒྲོས་སྐྱོ་བ་བསང་བ་རྒྱན་གྱི་འཕྲེང་བ་ཞེས་རྩ་གསུམ་དང་མཇལ་ཞིང་གསོལ་བ་བཏབ་པས་སྐུ་ཁམས་གཞི་མེད་དུ་གདངས་ཚུལ་དང་འདུན་རྣམས་ཀྱི་ངོར་བདེ་ཆེན་གླིང་དུ་བཀོད་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་དྲན་མཆོག་ཨོ་རྒྱན། བདེ་ཆེན་བི་མཱ་ལ་མི་ཏྲ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། སྤྲུལ་པའི་རིགས་འཛིན་བཅུ་གཉིས་སྤྲུལ་སྐུ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། གཅུང་ངག་དབང་གྲགས་པ། དེ་སྲས་ངག་དབང་ནོར་བུ། ཆོས་རྫོགས་དཔོན་པོ་ཆོས་དབང་བཟང་པོ། རྗེ་གྲགས་པ་མཆོག་ལེགས། བླ་མ་དམ་ཆོས་བཟང་པོ། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྒྱལ་སྲས་ཚེ་དབང་གྲགས་པ་ནས། དཔའ་བོ་མཐའ་ཡས་གྲགས་པ། གདུང་སྲས་གྲགས་པ་མཆོག་ལེགས་མན་གོང་ལྟར་རོ། །

གཏེར་སྟོན་ཆེན་པོ་པདྨ་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་སྣ་ཚོགས་ཀྱི་སྐོར།


GLG003_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་གང་འདུལ་གྱི་འདྲེན་པར་བཞེངས་པའི་རིགས་འཛིན་ཆེན་པོ་པདྨ་གླིང་པ་ནི། རང་གཏེར་ལུང་བསྟན་འོད་ཀྱི་དྲ་བ་ལས། ད་ལྟའི་ལྷ་ལྕམ་པདྨ་གསལ༔ མ་འོངས་བུམ་ཐང་སྐྱེས་བའི་དུས༔ བདག་གི་ཐུགས་སྲས་སྙིང་སྟོབས་ཅན༔ པདྨའི་མིང་ཅན་སྐྱེས་བུ་དེ༔ ཟབ་མོའི་གཏེར་དང་ཕྲད་པའི་དུས༔ ལས་ལྡན་


GLG003_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ཇི་ལྟར་ཡོང་༔ ལས་ཀྱི་འབྲེལ་པ་ཁྲི་ཕྲག་གཅིག༔ སྨོན་ལམ་འབྲེལ་པ་སྟོང་རྩ་གཉིས༔ ཟབ་མོ་གནད་འབྲེལ་བུ་བཅུ་གཅིག༔ དཀྱིལ་འཁོར་འཛིན་པའི་བུ་བདུན་དང་༔ ཐུགས་ཀྱི་སྙིང་སྲས་གསུམ་དུ་འབྱུང་༔ ཞེས་དང་། ཚེ་སྒྲུབ་རྡོ་རྗེ་འཕྲེང་བ་ལས་ད་ལྟའི་ལྷ་ལྕམ་པདྨ་གསལ༔ དག་པའི་སྐྱེ་བ་ལྔ་ལེན་མཐའ༔ འདི་ནས་ལྷོ་ནུབ་བུམ་ཐང་ཕྱོགས༔ ལུང་པ་ཐལ་སྦྱར་འདྲ་བའི་དབུས༔ དབེན་གནས་གདུགས་ཀྱི་ཤམ་བུར་མཚུངས༔ ཧོམ་ཁུང་འདྲ་བའི་ཡུལ་ནང་དུ༔ ཕ་བཟང་མ་ནི་པདྨའི་བུ༔ ལྕགས་ཁམས་རྟ་སྦྲུལ་ལོ་པ་ཅིག༔ ང་ཡི་ཐུགས་སྲས་སྙིང་སྟོབས་ཅན༔ སྐྱེས་བུ་པདྨའི་མིང་ཅན་འབྱུང་༔ ཞེས་པ་ལྟར། ཆོས་རྒྱལ་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔའི་མཐའ་ལ་མོན་བུམ་ཐང་དུ་སྐུ་འཁྲུངས་ཏེ་ཟབ་གཏེར་གྱི་བདག་པོར་གྱུར་པའི་ཚེ་ཆོས་འཁོར་པ་དཔོན་ཐུབ་པས་ཁྲོམ་བསགས་ནས་གཏེར་ཐོན་ན་བྱ་དགའ་སྟེར་མ་ཐོན་ན་ཟོག་པོས་ལུང་པ་འགེང་བས་ཁྲིམས་ལ་བསྒྲལ་ཞེས་བསྡིགས་པའི་ཚེ་སྒྲོན་ཤིང་མེ་འབར་བ་ཞིག་བསྣམས་ནས་མཚོ་ནང་ལ་མཆོངས་པས་ཀུན་ཧ་ལས་པའི་མུས་ལ་མེ་མ་ཤི་ཞིང་གཏེར་སྒྲོམ་མཆན་ཁུང་དུ་བཅུག་ནས་ཟིལ་པ་ཁྲོམ་མེ་བྱོན་པར་བརྟེན་ངོ་མཚར་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པ་གང་དེས་ཟབ་གཏེར་མང་དུ་སྤྱན་དྲངས་པའི་ནང་ནས་བཀའ་རྫོགས་པ་ཆེན་པོ་ལ་ཕ་བརྒྱུད་དགོངས་པ་ཀུན་འདུས། མ་རྒྱུད་གློང་གསལ་འབར་བ། གཉིས་མེད་རྒྱུད་བུ་ཆུང་རྣམས་དེང་སང་ཡོངས་གྲགས་ཀྱི་ཕ་རྒྱུད་མ་རྒྱུད་ཀྱི་དབྱེ་བ་ལྟ་བུ་མིན་པའི་རྩ་བ་རྒྱུད་ཀྱི་མཚན་ལ་བརྟེན་ནས་སོ་སོར་བཞག་ཅིང་། དེ་གཉིས་སོ་སོར་དབྱེ་བ་མེད་པས་གཉིས་མེད་དུ་བཏགས་པ་ལས་དོན་དུ་གསུམ་ག་གཉིས་མེད་ཀྱི་རྒྱུད་དུ་དགོངས་པ་


GLG003_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་ཀྱི་ལོ་རྒྱུས་རིམ་པ་བདུན་པར། ཚིག་དང་ལེའུ་རྣམས་རྒྱུད་ཚིག་ཏུ་ཡོད་པ༔ དབང་དང་འཁྲིད་རྣམས་སྙིང་ཏིག་ཏུ་ཡོད་པ༔ དོན་ཐམས་ཅད་མན་ངག་ཏུ་ཡོད་པ༔ ཕ་རྒྱུད་མ་རྒྱུད་མེད་པ་ཞེས་པའི་ཚིག་གི་བསྟན་ནོ། །དེ་ཡང་བརྒྱུད་པའི་ལོ་རྒྱུས་ཆེན་མོ་ལས་དེ་འདྲའི་དུས་ངན་བྱུང་བ་དང་༔ པདྨ་ང་ཡི་སྨོན་ལམ་མཐུས༔ ལྷ་ལྕམ་ཁྱོད་ཀྱི་སྐྱེ་བ་ནི༔ ལྕགས་ཁམས་རྟ་སྦྲུལ་ལོ་པ་གཅིག༔ བུམ་ཐང་མཐིལ་དུ་འཁྲུང་བར་འགྱུར༔ བན་བོན་སྔགས་པའི་རིགས་འཆང་བ༔ པདྨའི་མིང་ཅན་ཤེས་རབ་ཅན༔ མ་ངེས་སྤྱོད་པ་སྣ་ཚོགས་བྱེད༔ ཚིག་རྩུབ་རྟ་སྐད་ཆོལ་ལེ་སྨྲ༔ ང་ཡི་ཐུགས་གཏེར་མངའ་བྱེད་ཅིང་༔ ཟབ་ཆོས་རྫོགས་ཆེན་བདག་པོར་འགྱུར༔ ཞེས་གསུངས་པའི་ལུང་བསྟན་དུས་བབས་ནས་གཏེར་སྟོན་པདྨ་གླིང་པས་བསམ་ཡས་འཆིམས་ཕུའི་མཆོད་རྟེན་ནས་གདན་དྲངས་པའི་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་འདུས་ཀྱི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཁྲུས་ལུང་དབང་གི་འཕྲེང་བ་ལེའུ་ཉི་ཤུ་ཐམ་པའི་སྟེང་ནས་མགོན་གྱི་དབང་ལ་འཇུག་པ། གསོལ་བདག་དམ་ཚིག །བྲོ། ཁྲུས་ལུང་རྣམས་སྔོན་དུ་འགྲོ་བའི་རྟ་མགྲིན་གྱི་བུམ་པ་གཏོར་མའི་དབང་། སོ་ཤིང་། དཔུང་སྐུད། ཀུ་ཤ་དང་བཅས་པ། རྫོགས་པར་རང་བྱུང་དབང་འཕྲེང་ལས་རིམ་སོ་གསུམ་པའི་སྟེང་ནས་ཐེག་དགུའི་དབང་ལ་གསོལ་གདབ། སྒྲིབ་སྦྱོང་། རིག་པ་ངར་སྐྱེད། དམ་ཚིག་རྣམས་སྔོན་དུ་འགྲོ་བའི་ཚོགས་བསག །དབུ་རྒྱན། བུམ་པ། ཅོད་པན་ཕྲེང་བ། གོ་ཆ། རྒྱལ་མཚན། གདུགས། རིགས་ལྔའི་ཕྱག་མཚན། བཟའ་བཏུང་། ཕུར་བ། ཚེ་དབང་། ཆོས་སྤྱིའི་ལུང་དབང་རྣམས་ཀྱིས་དབང་གི་སྒོ་ཕྱེ་ནས། ཉན་རང་། བྱང་སེམས། ཀྲི་ཨུ། ཡོ་ག །མ་ཧཱ། ཨ་ནུ། ཨ་ཏིའི་དབང་དང་བཅས་པ། དབང་ཆོག་དཔག་བསམ་ལྗོང་ཤིང་


GLG003_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བརྒྱད་པའི་སྟེང་ནས་ཞི་ཁྲོའི་དབང་ལ། དཀྱིལ་འཁོར་དུ་འཇུག་པ། དམ་ཚིག །བྱིན་དབབ། གསང་མཚན་སྔོན་དུ་འགྲོ་བའི་བུམ་དབང་། ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་དབང་། བུམ་པ་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་དབང་། བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་། རྗེས་ངོ་སྤྲོད་དང་བཅས་པ། དབང་ཆོག་རྡོ་རྗེའི་ཐེམ་སྐད་ལེའུ་བཅུ་བཞི་པའི་སྟེང་ནས་ཁྲོ་བོའི་དབང་ལ། དཀྱིལ་འཁོར་དུ་འཇུག་པ། སྤྱན་དབྱེ། ལྷ་ངོ་སྤྲད་པ། བྱིན་འབེབས། གསོལ་གདབ་མཎྜལ་སྔོན་དུ་འགྲོ་བའི་གྲི། མདའ། ཕུར་པ། བཀྲ་ཤིས་རྟགས་བརྒྱད་མར་མེ། གཏོར་མ། ཕུར་པ། ཐོད་པ། ཚིལ་ཅན། མེ་ལོང་། རྨ་བྱ། རྒྱལ་སྲིད་བདུན། ལྷ་དབང་། བུམ་དབང་། དམ་རྫས། རྗེས་ངོ་སྤྲོད་དང་བཅས་པ། སྨིན་གྲོལ་བདུད་རྩིའི་རྒྱ་མཚོ་ལེའུ་བདུན་པའི་སྟེང་ནས་སྤྲོས་བཅས་བུམ་པའི་དབང་ལ། དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། མདའ། གྲི། མེ་ལོང་། རྨ་བྱ། གཏོར་མ་རྣམས་ཀྱི་དབང་བསྐུར། རྗེས་ངོ་སྤྲོད་དང་བཅས་པ། གསང་དབང་རིན་ཆེན་འཁོར་ལོ་ལེའུ་དྲུག་པའི་སྟེང་ནས་སྤྲོས་མེད་གསང་བའི་དབང་ལ། རིག་མ་དབུལ་བ། ལྷ་སྒོམ་གསོལ་གདབ་སྔོན་དུ་འགྲོ་བའི་དབང་པོའི་ཕྱག་རྒྱ་དང་མཁའ་འགྲོའི་བརྡ་རྟགས་བུམ་པ། གསང་པ་བྱང་སེམས། དབང་ཞབས་གཉིས་མེད་བསྐུར་བ། རྗེས་ཀྱི་ངོ་སྤྲོད་དང་བཅས་པ་ཤེར་དབང་ལེའུ་བདུན་པའི་སྟེང་ནས་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། ཞུ་བ་ཞུ་ལན། དམ་ཚིག །ལྷ་སྒོམ་བྱིན་འབེབས། ལུང་གིས་བཀྲོལ་བ། ཕྱག་རྒྱ་སྤྲད་པ་རྣམས་སྔོན་དུ་འགྲོ་བའི་ཨྱོན་ཡབ་ཡུམ་གྱི་སྐུ་འབག །ཐོད་པ། གཏོར་མ། རྟ་ཕག །དམ་རྫས་ཀྱི་དབང་རྗེས་ངོ་སྤྲོད་དང་བཅས་པ། ཚིག་དབང་རིན་ཆེན་འཕྲེང་བ་ལེའུ་བཞི་པའི་སྟེང་ནས་རབ་ཏུ་སྤྲོས་མེད་ཚིག་དབང་ལ། ལུང་གིས་བཀྲོལ་བ། སྡོམ་པ་གཟུང་


GLG003_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བ་། མནྜལ། བྱིན་དབབ་སྔོན་དུ་འགྲོ་བའི། སྐུ། ཐིག་ལེ། ཚོམ་བུའི་ཞིང་ཁམས། འདོད་ཡོན་ལྔ་ལ་བརྟེན་ནས་ཚིག་དབང་ལུང་གིས་བཀྲོལ་བ་རྣམས། རྩལ་དབང་འཁོར་འདས་དབྱེར་མེད་ཀྱི་སྟེང་ནས་རིག་པ་རྩལ་གྱི་དབང་ལ། མནྜལ། གསོལ་གདབ། དམ་ཚིག །བྱིན་འབེབས་སྔོན་དུ་འགྲོ་བའི་ཀ་དག་རིག་པ་རང་ཐོག་དུ་ངོ་སྤྲོད་པའི་རྩལ་དབང་། བཏགས་གྲོལ་གྱི་དབང་རྣམས་ལེགས་པར་མནོས་ནས། རྒྱབ་རྟེན་ལུང་ལ། འགོར་གདོད་ནས་རང་བྱུང་གི་སངས་རྒྱས་ཞེས་ཡོད་པའི་ཁ་བྱང་གསང་བའི་ཤེལ་འཕྲེང་སྙིང་གི་བུ་དང་ཕྲད་ཤོག་གི་མཐའ་ཅན། ཁ་བྱང་གི་བཞུགས་ཚུལ་དང་སོ་སོའི་སྡེ་ཚན་བསྒྲིག་དཀའ་ཞིང་དེ་དང་མི་མཐུན་པར་བཀོད་ན། མ་འོངས་དུས་སུ་ཆོས་འདི་འཆལ་དོགས་ནས༔ པདྨ་ང་ཡིས་ཁ་བྱང་ཡི་གེར་བཏབ༔ ཅེས་གསུང་པས་འཆལ་པར་སྤྱད་པའི་ཉེས་པ་འབྱུང་བས་ས་བཅད་དུ་མ་ཕྱེ་ཞིང་ཆོས་སྡེ་རྣམས་ཀྱི་ཆོས་ཚན་སོ་སོའི་བརྗོད་དོན་ནང་གསེས་སུ་དབྱེ་འདུག་པས་ཁ་བྱང་གི་ཁུངས་དྲངས་ཚེ་མང་སྐྱོན་དང་བསྐྱར་ལྡབ་ལྟ་བུ་ནས་ལུང་ཁུངས་ཀྱི་སྤྲོས་པ་བཞག་སྟེ་བཀོད་པ་ལ། ཆོས་བདག་དང་གཏེར་འདོན་ཚུལ་བསྟན་པ་ལུང་བསྟན་མུ་ཏིག་འཕྲེང་བ་རྫོགས་བྱང་གི་མཐའ་ཅན། གློང་ཆེན་པའི་གཏེར་མ། ༡ བརྒྱུད་པའི་ལོ་རྒྱུས་ཆེན་མོ་ཞེས་པ་དགོངས་བརྒྱུད། བརྡ་བརྒྱུད། སྙན་བརྒྱུད། གཏད་རྒྱ། སྨོན་ལམ། བཀའ་བབས། གྲུབ་ཐོབ་རྣལ་འབྱོར་བརྒྱུད་པ་རྣམས་བསྟན་པའི་ལོ་རྒྱུས་རིམ་པ་བདུན་པ་པདྨ་འབྱུང་གནས་ཀྱིས་སྦྱར་བ་རྫོགས་སོའི་མཐའ་ཅན། ༢ འགོར་བཅོས་སླད་དང་བྲལ་བ་ཞེས་ཡོད་པའི་བརྒྱུད་པའི་ལོ་རྒྱུས་ཆུང་བ་ཀ་གདན་དབུས་མའི་འོག་ཏུ་སྦས་སོའི་མཐའ་ཅན། གློང་ཆེན་པའི་གཏེར་མ། ༣ ཞུས་པ། ཉམས་སུ་ལེན་པ་གསུམ་གྱི་སྒོ་ནས་བསྟན་པའི་ལྷ་ལྕམ་པདྨ་གསལ་གྱིས་ཞུས་ལན་


GLG003_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལའི་འཕྲེང་བ་རྫོགས་བྱང་གི་མཐའ་ཅན། ༤ སྐུ་གསུམ་སྐུ་ལྔའི་བདག་ཉིད་རིག་པ་རང་བྱུང་གི་སངས་རྒྱས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་རང་ལ་ཚང་ཚུལ་སྟོན་པ་ཀུན་ཏུ་བཟང་པོ་དགོངས་པའི་རྒྱུད་ལེའུ་བཞི་པ། ༥ ལྟ་སྒོམ་སྤྱོད་འབྲས་སྨིན་གྲོལ་མ་བུ་ཆ་ལག་ཚང་བར་སྟོན་པ་སྙིང་པོ་འདུས་པ་དོན་གྱི་རྒྱུད་ལེའུ་བཅུ་གློང་ཆེན་པའི་གཏེར་མ། གསུམ་པ་རྫོགས་ཆེན་རྒྱུད་འབུམ་ཕྲག་དྲུག་ཅུ་བསྡུས་པའི་ཡང་ཟབ་ཁོལ་དུ་ཕྱུང་བ་གདམས་པ་འདི་ཉིད་ཀྱི་རྩ་བ་ལྟ་བུ། ༦ གཞིའི་གནས་ཚུལ་གཏན་ལ་ཕབ་ནས་སྐུ་དང་ཡེ་ཤེས་ཀྱི་བཞུགས་ཚུལ་རྒྱས་པར་བཤད་པ་སྐྱེ་མེད་གློང་གྲོལ་ཞེས་བྱ་བའི་རྒྱུད་ལེའུ་ལྔ་པ། ༧ འཁྲུལ་གཞི་གཏན་ལ་ཕབ་ནས་ལྷུན་གྲུབ་ཐུགས་རྗེ་རིག་མ་རིག་སྣོད་བཅུད་ཆགས་ཚུལ་འཕོ་འགྱུར་རྣམས་གསལ་བ་སྟོན་པ་ཉི་ཟླ་རྒྱ་མཚོའི་རྒྱུད་ལེའུ་དྲུག་པ་པདྨ་ང་ཡིས་བཀོད་པ་རྫོགས་སོའི་མཐའ་ཅན། འདི་གཉིས་ཀ་ལ་འགོར་སྐད་ཤན་སྦྱར་མི་སྣང་། ༨ དེའི་རྒྱབ་སྐྱོར་དུ་ལུས་སེམས་ཆགས་ཚུལ་སོགས་འཁོར་བའི་མཚན་ཉིད་དང་རིག་པ་ལྷུན་གྲུབ་ཆེན་པོར་གྲོལ་ཚུལ་སྟོན་པ་རིག་པ་གློང་གྲོལ་གྱི་རྒྱུད་ལེའུ་ལྔ་པ་པདྨ་འབྱུང་གནས་ཀྱིས་རྒྱུད་རྣམས་ཀྱི་དགོངས་པ་བཏུས་ནས་བཀོད་པ། ༩ སྤྱི་ཆིངས་སྡོམ་བྱང་དབང་འགྲེལ་དམ་ཚིག་སྟོན་པ་ཁྱུང་ཆེན་གཤོག་རྫོགས་རྒྱུད་འགྲེལ་ལེའུ་བཞི་པ། སྐད་ཤན་སྦྱར་ཀྱི་བོད་སྐད་དུ་རྒྱུད་ཟེར་བ་ལས་མི་འདུག་ཀྱང་མཇུག་ཏུ་རྒྱུད་འགྲེལ་ཟེར་བ་སྣང་། ༡༠ དུས་ཚེས་གནས་མཚན་ཉིད་སྣོད་བཅུད་ས་ཆོག་སོགས་ལས་རིམ་བཅུ་དགུ་སྟོན་པ་སྟ་གོན་གྱི་དབང་ཆོག་ཁྲུས་ལུང་དབང་གྱི་འཕྲེང་བ་རིམ་པ་ཉི་ཤུ་པ་ཞེས་པ་བར་ཆད་སེལ་ཞིང་དབང་དངོས་གཞིའི་སྣོད་རུང་དུ་བྱ་ཐབས། ༡༡ སྤྲོས་བཅས་ཀྱི་སྔོན་འགྲོ་ཐེག་པ་རིམ་དགུའི་དབང་ཆོག་རྫོགས་པ་རང་བྱུང་ཞེས་པ་སྟ་གོན་གྱི་དབང་བཅུ་བཞི་ཐེག་དགུའི་


GLG003_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཅོ་བརྒྱད་དེ་བསྒྲིལ་བ་ལས་རིམ་སུམ་ཅུ་རྩ་གསུམ་པ། ༡༢ མཆོག་དམན་བར་གསུམ་གྱི་དབང་པོ་དང་བསྟུན་ནས་འཁྲིད་པའི་མན་ངག་ཐེག་པ་རིམ་དགུའི་སྤྱི་འཁྲིད་ཆེན་མོ་གསེར་གྱི་ཐེམ་སྐས་སྐད་ཤན་སྦྱར་གྱི་བོད་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཡོངས་སུ་བཤད་པ་ཐེག་པ་དགུའི་འཁྲིད་ཆེན་ཞེས་པ་འདུག །ལེའུ་བཅུ་གསུམ་པ། ༡༣ ཁྲོ་བོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་བསྐུར་ཐབས་བཞི་བཅུ་རྩ་དྲུག་ལེའུ་བཅུ་བཞི་པ། ༡༤ སྐད་ཤན་སྦྱར་གྱི་བོད་སྐད་དུ་ཀུན་ཏུ་བཟང་པོ་སྐུ་གསུང་ཐུགས་ཀྱི་དགོངས་པའི་རྒྱུད་ཅེས་བྱ་བ་གསང་སྔགས་ཀྱི་བབས་གཞུང་སྟོན་པ་དབང་ཐམས་ཅད་ཀྱི་སྤྱི་ཆིངས་ཕུན་སུམ་འདི་ཁ་བྱང་ན་མི་གསལ། ཚོགས་པ་ལྔ་དང་ལྡན་པ་དབང་ལུང་རྒྱ་མཚོ། ༡༥ ཞི་ཁྲོ་གསང་འདུས་སམ་ཡང་གསང་བླ་མེད་ཀྱི་ལས་བྱང་པདྨའི་འཕྲེང་བ་སྔོན་འགྲོ་དངོས་གཞི་རྗེས་སུ་སོ་སོར་ལས་རིམ་བརྒྱད་ཀྱི་བསྟན་པ་དགའ་རབ་རྡོ་རྗེས་གུ་རུ་པདྨ་ལ་གཏད་པ། ༡༦ ཞི་ཁྲོ་རྩ་བའི་དབང་ཆོག་དཔག་བསམ་ལྗོན་ཤིང་ལེའུ་བརྒྱད་པ་ཞི་བའི་དབང་སུམ་ཅུ་རྩ་གསུམ་ཁྲོ་བོའི་དབང་ལྔ་བཅུ་རྩ་བཞི་ཁ་སྐོང་རྫས་དབང་རྣམས་བསྡོམས་པས་དགུ་བཅུ་གོ་ལྔ་ཆོ་གའི་གོ་རིམ་སུམ་ཅུ་རྩ་དྲུག་ལ་བརྟེན་ནས་དབང་བཞི་དུས་གཅིག་ལ་རྫོགས་ཐབས་མཇུག་ན་དེ་ལྟར་ཞི་ཁྲོའི་དབང་ཆོག་འདི་ཞེས་སོགས་ཀྱི་དཀར་ཆག་ཡོད་པ། ༡༧ དེའི་གསང་འཁྲིད་རྡོ་རྗེ་སེམས་དཔའ་རིག་པ་མཆོག་གི་ལེའུ་ལྔ་པ། ༡༨ སྨིན་བྱེད་སྤྲོས་བཅས་བུམ་དབང་སྨིན་གྲོལ་བདུད་རྩིའི་རྒྱ་མཚོ་ཡོ་བྱད་མནྜལ་ཐིག་ཚོན་ལྷ་འགོད་འཇུག་པ་དབང་བསྐུར་ངོ་སྤྲོད་སྟོན་པ་ལེའུ་བདུན་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཡོན་ཏན་གསལ་བར་བྱེད་པ། ༡༩ དེའི་དོན་འཁྲིད་རྫོགས་ཆེན་འབུམ་ཕྲག་དྲུག་ཅུའི་བཅུད་སྙིང་པོ་གསལ་བའི་སྒྲོན་མེར་བསྡུས་པ་ལེའུ་དང་ལས་རིམ་བདུན་གྱིས་སྦྱོར་དངོས་


GLG003_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་གསུམ་ཚང་བ་བསྟན་པ། ༢༠ དེའི་བུ་ཡིག་ཉམས་ལེན་གནད་ཀྱི་མེ་ལོང་ཟབ་པའི་ཉམས་འཁྲིད་སྟོན་པར་བྱེད་པ་སྐྱེས་བུ་དེ་དང་ཕྲད་ཤོག་གི་མཐའ་ཅན། འདི་གཉིས་གློང་ཆེན་པའི་གཏེར་མ། ༢༡ སྤྲོས་མེད་གསང་བའི་དབང་ཆོག་གསང་བ་རིན་པོ་ཆེ་དབང་གི་འཁོར་ལོ་རྫས་རིག་མ་མནའ་ཆུ་སྒོམ་བཟླས་དབང་རྗེས་དང་བཅས་སྟོན་པ་ལེའུ་དྲུག་པ། ༢༢ དེའི་བུ་ཡིག་མཁའ་འགྲོ་བརྟག་འབུམ་ཕྱག་རྒྱ་བརྩལ་དགུག་བསྟེན་ཐབས་སྐྱོན་སྤང་ལས་རིམ་བཞི་པ། ༢༣ ཤིན་ཏུ་སྤྲོས་མེད་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ལེའུ་བདུན་པ་པདྨ་འབྱུང་གནས་ཀྱིས་སྦྱར་བ་ལས་ཅན་སྙིང་གི་བུ་དང་ཕྲད་ཤོག་གི་མཐའ་ཅན། ༢༤ དེའི་བུ་ཡིག་གསང་འགྲེལ་འཁོར་བ་དོང་སྤྲུགས་ཆགས་ལམ་བསྟེན་པའི་ལས་རིམ་ལེའུ་བཅུ་བཞི་པ་ཞར་བྱུང་ཕྱག་རྒྱ་འགུགས་བྱེད་ཀྱི་དཀར་ཆག་དང་བཅས་པ། ༢༥ རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེའི་འཕྲེང་བ་ལེའུ་བཞི་པ་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། ༢༦ དེའི་རྒྱབ་སྐྱོར་ཉི་མའི་སྙིང་པོ་ཁྲེགས་ཆོད་ཀྱི་ཐེམས་བྱང་ན་ཚིག་དབང་དང་བུ་ཡིག་བསྡོམས་པ་ལེའུ་བཞིར་བཤད་པ་དཔེ་རྒྱུན་གསན་ཡིག་རྣམས་དང་མ་འགྲིགས་པས་དཔྱད། གདམས་པ་ཨྱོན་པདྨས་སྦྱར་བ་རྫོགས་བྱང་ཕྲད་ཤོག་གི་མཐའ་ཅན། ༢༧ ཀུན་ཏུ་སྤྲོས་མེད་ཀ་དག་རིག་པའི་རྩལ་དབང་འཁོར་འདས་དབྱེར་མེད་ཁྲེགས་ཆོད་ཀྱི་རྩ་བ་པདྨས་བཀོད་པ་བརྡར་ཤ་བཅས་པ་རྫོགས་བྱང་གི་མཐའ་ཅན། ༢༨ དེའི་འགྲེལ་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་བཅུད་ཕྱུང་བའམ་ཁྲེགས་ཆོད་དོན་གྱི་སྙིང་པོ་ཉོན་མོངས་འབུར་འཇོམས་ཀྱི་གདམས་པ་ཡང་དག་པ་ཆེན་པོ་འོའི་མཐའ་ཅན། ༢༩ དེའི་ཡང་འགྲེལ་ཨྱོན་པདྨས་ཁྲེགས་ཆོད་ཐོད་རྒལ་གྱི་གདམས་པ་བཀོད་པ་རིག་པ་ཀློང་ཡངས་ཕྲད་ཤོག་རྫོགས་བྱང་གི་མཐའ་ཅན། ༣༠ ཁ་བྱང་དུ། དེ་གསུམ་


GLG003_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིལ་བས་ཁྲེགས་ཆོད་འཁྲིད་བཀའ་ཚང་ཞེས་སོ། །དབང་བཞི་ཚིག་རྫོགས་སུ་བསྐུར་བའི་ཆོ་ག་དབང་ཆོག་ནོར་བུའི་སྒྲོན་མ་ལེའུ་བརྒྱད་པ་སློབ་དཔོན་གློང་ཆེན་པའི་གཏེར་མ་ཁ་བྱང་ན་མི་གསལ། པདྨས་སྦྱར་བ་རྫོགས་བྱང་གི་མཐའ་ཅན། ༣༡ འདི་དབང་གོང་མ་རྣམས་ལ་བསྐུར་བའི་བསྡུས་པའི་སྐབས་མཛད་པ་ཡིན་པས་དབང་ཡོངས་རྫོགས་ཀྱི་སྐབས་འདི་མི་བསྐུར་ཡང་གོང་མ་ཐོབ་ཕྱིན་གཞན་ལ་བསྐུར་རུང་བ་ཡིན་ནོ། །སྒྲོན་བཞིའི་དབྱེ་གསལ་མེ་ལོང་གི་གདམས་པ་དུས་གནས་མཐའ་རྟེན་ལུས་ལམ་དབྱེ་ཚུལ་གྱི་ལས་རིམ་ལེའུ་དྲུག་པ་སྣང་བཞི་སྒྲོན་དྲུག་རྒྱས་པར་བཤད་པ། ༣༢ སྣང་བཞི་གཏན་ལ་འབེབས་པ་ཟབ་ཏིག་དགོངས་པ་རང་གྲོལ་ཞེས་བྱ་བའི་རྒྱུད་ལེའུ་བཞི་པ། འདི་གཉིས་གློང་ཆེན་པའི་གཏེར་མ། ༣༣ དེའི་བུ་ཡིག་སྣང་བཞི་འཆར་བྱེད་ཉི་མའི་འོད་ཟེར་ལེའུ་བཞི་པའི་ཁ་གསལ་མ་བྱུང་རུང་དོན་གྱིས་ཚང་བ་ལ་དགོས་སམ་སྙམ། ལེའུ་བཞི་པ་སྣང་ཉམས་ཤེས་ཉམས་ཀྱི་དབྱེ་བ་རྒྱས་པར་བཤད་པ། ༣༤ ཁ་བྱང་ལས། དེ་ཡིས་སྣང་བཞི་ཆོས་བཀའ་ཚང་བའོ༔ ཞེས་སོ། །ཐོབ་གསུམ་གདེངས་བརྒྱད་ཀྱི་གདམས་པ་སྐྱེ་མེད་དོན་སྦྱོར་མཐར་ཐུག་འབྲས་བུ་གློང་ཆེན་པའི་གཏེར་མ། ཐོབ་ཚུལ་རྒྱས་པར་བཤད་པ་དགའ་རབ་རྡོ་རྗེའི་ཐུགས་སུ་བརྒྱུད་ནས་ཨོ་རྒྱན་པདྨ་ལ་གནང་བ། ༣༥ དེའི་བུ་ཡིག་སྐུ་གསུམ་དབྱེར་མེད་འཁོར་བ་དོང་སྤྲུགས་ཞེས་བྱ་བ་ཡང་དག་རྫོགས་འཚང་རྒྱ་ཚུལ་དགའ་རབ་རྡོ་རྗེའི་ཉམས་བརྒྱུད་ཨོ་རྒྱན་པདྨས་ཡི་གེར་བཀོད་པ་རྫོགས་བྱང་གི་མཐའ་ཅན། ༣༦ དེའི་ཡང་བུ་ཡིག་འགོར་མངོན་པར་རྫོགས་པའི་རྟགས་ཚད་ནི་ཞེས་ཡོད་པའི་འཚང་རྒྱ་ཚུལ་སྐུ་གཉིས་གཏན་འབེབས་ལོངས་སྤྲུལ་གྱི་དབྱེ་བ་སྐུ་གསུམ་འཆར་བའི་རྟགས་ཚད་པདྨས་ཕྱི་རབས་དོན་དུ་བཀོད་པ། ༣༧ ཁ་བྱང་དུ། ཚང་བཟུང་འབྲེལ་བའི་ཆོས་རྣམས་


GLG003_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཚང་༔ ཞེས་སོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཚིག་ཉུང་ངུར་བསྡུས་པ་ཡང་གསང་རྡོ་རྗེའི་རྒྱུད་བུ་ཆུང་ངམ་རྡོ་རྗེ་སེམས་དཔའི་དགོངས་པའི་རྒྱུད་ཅེས་པ་ལེའུ་གཉིས་པ་ཡང་གསང་རྒྱུད་བུ་ཆུང་རྫོགས་བྱང་ཕྲད་ཤོག་གི་མཐའ་ཅན། ༣༨ དེའི་བུ་ཡིག་བར་དོ་བཞི་སྦྱོར་གྱི་གདམས་པ་ཡེ་ཤེས་གསང་ལམ་རྡོ་རྗེ་སེམས་དཔའི་དགོངས་པ་ལེའུ་བརྒྱད་པ་ཨོ་རྒྱན་པདྨས་སྦྱར་བའི་མཐའ་ཅན། ཁ་བྱང་ལས། དེ་ཡི་བར་དོའི་འཁྲིད་བཀའ་ཚང་བའོ༔ ཞེས་སོ། །༣༩ ངོ་སྤྲོད་རིན་ཅེན་དྲ་བ་འོད་ཀྱི་ཞིང་ཁམས་ཐམས་ཅད་བསྟན་པའི་རྒྱུད་ལེའུ་ཉི་ཤུ་རྩ་གཅིག་པ་མཇུག་ཏུ་ངོ་སྤྲོད་བདུན་དང་བཅས་པ་མ་བསྒོམ་པར་འཚང་རྒྱ་བའི་གདམས་ངག་དཔེ་དོན་རྟགས་གསུམ་ཚང་བ་ཨོ་རྒྱན་པདྨས་སྦྱར་བ་རྫོགས་བྱང་གི་མཐའ་ཅན། ༤༠ དེའི་བུ་ཡིག་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་མེ་ལོང་སྙིང་པོ་ཡང་ཟབ་ཁོལ་དུ་ཕྱུང་ནས་ལག་ལེན་མུ་ཏིག་འཕྲེང་བར་བསྒྲིལ་པ་ལེའུ་དྲུག་པ་ཞར་བྱུང་སྐུ་གསུམ་ངོ་སྤྲོད་དང་བཅས་པ། ༤༡ ཁ་བྱང་དུ། མ་བུ་གཉིས་ལ་ངོ་སྤྲོད་འཁྲིད་བཀའ་ཚང་༔ ཞེས་སོ། །མུན་འཁྲིད་གསལ་བའི་སྒྲོན་མེ་ཉིན་མོ་འོད་གསལ་དང་མཚན་མོ་ཨར་ལ་གཏད་པ་ཨ་ཏིའི་མཐར་ཐུག་གཅིག་དྲིལ་ལྷ་ལྕམ་སྐྱེ་མཐས་སྤྱོད་པས་ཤོག་གི་མཐའ་ཅན། ༤༢ དེའི་བུ་ཡིག་དབང་པོ་ཡང་རབ་གྲོལ་བར་བྱེད་པའི་ཐབས་ཨར་གཏད་ལག་འཁྲིད་ཉི་མའི་སྙིང་པོ་ལེའུ་བཅུ་གསུམ་པ་ཉིན་མཚན་ཆོས་ཀྱི་འདའ་བའི་རིམ་པ་རྫོགས་བྱང་གི་མཐའ་ཅན། ༤༣ ཆུའི་སྒྲ་ལ་དོན་གཉིས་ཀྱི་སྒོ་ནས་བསྒོམ་ཚུལ་ཤོག་གཅིག་མ་གློང་གསལ་གསུམ་གྱི་དགོངས་བཅུད་སྙིང་ཐིག་ཀུན་གྱི་རྩ་བ་མཐར་ཐུག །འདི་ལ་ཁ་བྱང་དུ་མི་གསལ། ༤༤ ཁ་བྱང་དུ། དེ་གཉིས་བསྒྲིལ་བས་མུན་


GLG003_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིད་ཚང་༔ ཞེས་སོ། །ལེ་ལོ་ཅན་མ་བསྒོམས་པར་འཚང་རྒྱ་བ་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པའི་རྒྱུད་ལེའུ་བདུན་པ་ཞར་བྱུང་གསང་འགྲེལ་བཟློག་དཀའ་དང་བཅས་པ། ༤༥ དེའི་བུ་ཡིག་བཏགས་གྲོལ་གནད་ཀྱི་གདམས་པ་བཅང་ཐབས་ཡིད་བཞིན་ནོར་བུ་ལེའུ་བདུན་པ། ༤༦ ཁ་བྱང་ལས། དེ་ཡིས་བཏགས་གྲོལ་ལག་ལེན་འཁྲིད་སྐོར་ཚང་༔ ཞེས་སོ། །དུས་མིན་རྐྱེན་ངན་བཟློག་པ་འཆི་བ་བརྟག་བསླུ་ཉི་ཟླའི་གའུ་ལས་རིམ་བརྒྱད་པ། ༤༧ དེའི་བུ་ཡིག་དུས་མིན་བར་ཆད་བྱུང་ན་འཕོ་བའི་གདམས་གློང་ཆེན་པའི་གཏེར་མ། པ་རྡོ་རྗེའི་ལྕགས་ཀྱུ་ལས་རིམ་ལྔ་པ་ཞར་བྱུང་གཞན་དོན་འཕོ་བའི་རིམ་པ་དང་བཅས་པ། ༤༨ དེའི་རྒྱབ་ཡིག་གང་ཟག་ཡིད་ཆེས་བསྐྱེད་ཕྱིར་རབ་ཟག་བཅས་ཕུང་པོ་མི་སྣང་བ་འབྲིང་བར་དོ་དང་མཐའ་མ་ཆོས་ཉིད་བར་དོར་གྲོལ་བའི་འབྲས་བུ་ཐོབ་ཚུལ་བསྟན་པ། ༤༩ ཁ་བྱང་དུ། དེ་ཡིས་འཕོ་བ་འབྲས་བུའི་ཐོབ་ཚུལ་ཚང་༔ ཞེས་སོ། །གདམས་པའི་ཆེ་བ་འབྱིན་པ་གསང་བ་རིང་བསྲེལ་སྒྲུབ་ཐབས་སྤྲུལ་སྐུ་དགའ་རབ་རྡོ་རྗེས་མཛད་པ། ༥༠ དུས་མིན་འཆི་རྐྱེན་སེལ་བའི་འཆི་མེད་ཚེའི་སྒྲུབ་པ་གསང་འདུས་རིན་པོ་ཆེ། ༥༡ ནད་ཀྱི་བར་གཅོད་བཟློག་པ་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་ཉོན་མོངས་ནད་འཇོམས། ༥༢ རླུང་མཁྲིས་བན་ཀན་ཚ་གྲང་འདོན་དུས་ཀུན་འཇོམས་གེགས་སེལ་སྨན་གྱི་མན་ངག་བདུད་རྩིའི་ཐིགས་པ། ༥༣ ལུས་ཀྱི་དར་གུད་སྙོམས་བྱེད་རླུང་འཁྲིད་གསང་བའི་ལྡེ་མིག་རྩ་ཚིག་ཉེར་གསུམ་པ། ༥༤ ཞར་བྱུང་རྩ་རླུང་གི་རྣམ་གཞག་སྲོད་ལ་གཏུམ་མོ་བསྒོམ་པ་ནམ་ཕྱེད་ཤེས་བྱ་བུམ་པར་མཇུག་པ་ཐོ་རེངས་རིག་པ་རང་སར་གཞག་པ་སོགས་ཉིན་མཚན་ཆོས་ཀྱིས་ཟླ་བ། བདེ་བ་ལམ་དུ་འཁྱེར་བ་གཏུམ་མོའི་


GLG003_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འཁྲིད་བདེ་ཆེན་ལམ་རྫོགས། ༥༥ སྒྲུབ་པ་སྙིང་པོར་བྱེད་པའི་བགེགས་གཡེང་བ་སྤང་ཕྱིར་དེའི་ཞེན་པ་གཅོད་ལ་བདུད་རྩི་མཚན་གྱི་བཅུད་ལེན་རྒྱུ་དུས་སྦྱོར་བ་ཟ་ཐབས་བཞིས་བསྟན་པ་ཞར་བྱུང་སྦོས་ཁྲག་གློ་ནད་སེལ་བ། མིག་ནད་སེལ་བ་གཞོན་ཤ་རྒྱས་པ། ལོ་བརྒྱ་ཐུབ་པ། དུག་རིགས་ཀྱིས་མི་ཚུགས་པ། མཛེ་སེལ་བ། ནད་རིམས་ཀྱིས་མི་ཚུགས་པ། མཁའ་འགྲོ་འདུ་ཞིང་ལུས་ཡང་སྟོབས་བཀྲག་མདངས་དང་ལྡན་པ་རྣམས་སྟོན་པ། ༥༦ གཏེར་བདག་རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་བླ་རྡོ་རྟེན་རྫས་བཅང་ཐབས་གསོལ་ཚིག་སྟེང་ཕྱོགས་དག་འཕྲུལ་མ་དང་བཅས་པ། པེ་ཧར་གྱི་གསོལ་ཁ་དགུང་སྔོན་མཐོན་པོ་མ། བཙན་གསོ་བོད་ཡུལ་དབུས་རྒྱལ་མ། ཀླུ་གསོལ་ནེའུ་སིང་སྔོ་མཐའ་མ་སྟེ་གཏེར་བདག་པོ་བཙན་ཀླུ་གསུམ་གྱི་གསོལ་ཁ་བསྐུལ་དང་བཅས་པ་པདྨ་ཐོད་འཕྲེང་གིས་སྦྱར་བ་རྫོགས་སོའི་མཐའ་ཅན། ༥༨ ཁ་བྱང་ལས། གཏེར་བདག་མཆོད་དང་དཔེ་ཚན་བདུན༔ དེ་ཡིས་འཁྲིད་ཀྱི་རྒྱབ་སྐྱོར་ཚང་༔ ཞེས་སོ། །ཁ་བྱང་ལས། སྤྱི་རུ་བསྒྲིལ་པས་ཆོས་ཚན་ནི༔ ལྔ་བཅུ་རྩ་གཅིག་གྲངས་སུ་ཡོད༔ ཅེས་པ་བྱུང་ཡང་ཁ་བྱང་དང་ངོ་འཕྲོད་པ་ལྔ་བཅུ་རྩ་ལྔ་བྱུང་བ་ཡིག་སྐྱོན་ཡིན་ནམ་བརྟག །ཁ་བྱང་ལས། ཨེ་ཀ་ཛ་ཊི་གཟའ་དང་རྡོར་ལེགས་དང་༔ རོ་སྲེག་སྐོར་གསུམ་ལུང་བྱང་མ་ཚང་ངོ་༔ ཤོག་དྲིལ་ལྔ་པོ་ཞོ་སྟོད་བྲག་ལ་ཡོད༔ དེ་རྣམས་བཏོན་ནས་ཆོས་འདི་ཚང་བའོ༔ ཞེས་པའི་ཤོག་དྲིལ་ལྔ་མང་རོང་གཏེར་སྟོན་འཇམ་དཔལ་རྡོ་རྗེས་བཏོན་པའི་རྒྱུན་འདུག་ཀྱང་བརྒྱུད་པ་གོང་ར་བ་ཉི་ཟླ་གྲགས་པ་འདུག་པས་མ་མནོས། ཆོས་ཀྱི་ཁ་སྐོང་གཏེར་འབྱུང་ཡིད་བཞིན་ནོར་བུའི་འཕྲེང་བ་ཞེས་པ་ནང་སོ་རྒྱལ་བ་དོན་གྲུབ་ཀྱིས་བསྐུལ་


GLG003_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཏེར་སྟོན་གྱིས་མཛད་པ། དེས་མཛད་པའི་སྔོན་འགྲོ་ཆོས་སྤྱོད་བྱིན་རླབས་སྤྲིན་ཕུང་སྣང་བ་མ་བཀོད་མ། གསང་དབང་གི་གསོལ་འདེབས་ཟུར་དུ་བཀོལ་བ་སྣང་སྟོང་དག་པ་མ། ཨོ་རྒྱན་ཟ་ཧོར་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ་གསོལ་འདེབས་མཁའ་དབྱིངས་རྣམ་དག་མ་དང་བཅས་པ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་གྲ་དར་རྒྱས་གླིང་དུ་མཛད་པའི་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྙིང་པོ་དོན་འཁྲིད་གསལ་བའི་སྒྲོན་མེ་མན་ངག་ཉམས་ལེན་སྙིང་པོ་བསྡུས་པ་མཁའ་འགྲོའི་གསང་ཚིག་མ་རྣམས། དེ་ཡང་མུ་ཏིག་འཕྲེང་བ་ལས། དེ་ཕྱིར་འཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབ༔ མཆིམས་ཕུ་དགེའུ་གོང་ཀ་གདན་འོག་ཏུ་སྦོས༔ རག་གདོང་ནག་མོ་ཨེ་ཀ་ཛ་ཊིར་གཏད༔ པདྨ་གསལ་ཁྱོད་སྐྱེ་བ་མང་བརྒྱུད་ནས༔ ཕྱི་མཇུག་གཏེར་སྟོན་སྐྱེ་བ་སྔ་ཕྱི་གསུམ༔ དྲི་མེད་མིང་ཅན་བུམ་ཐང་ཕྱོགས་སུ་སྐྱེ༔ དེ་དུས་གཏེར་འདི་བཏོན་ནས་གསང་ཞིང་སྦ༔ སྐྱེ་བ་ཕྱི་མ་འགྲོ་དོན་དཔག་མེད་འབྱུང་༔ ཞེས་སྤྲུལ་སྐུ་ཚུལ་རྡོར། ཀུན་མཁྱེན་གློང་ཆེན་པ། པདྨ་གླིང་པ་དང་གསུམ་འབྱུང་བའི་གོང་དུ་མཆན་གྱིས་གསལ་བའི་ཆོས་སྡེ་བཅུ་པོ་མཆིམས་ཕུ་དགེའུའི་གཙུག་ལག་ཁང་གི་ཀ་གདན་འོག་ནས་ཀུན་མཁྱེན་གློང་ཆེན་པས་སྤྱན་དྲངས་པ་ལུང་བསྟན་བཞིན་མ་སྤེལ་བར་གསངས་ཏེ་བུམ་ཐང་ཐར་པ་གླིང་དུ་ཡང་གཏེར་དུ་སྦས་པ་གཏེར་སྟོན་པདྨ་གླིང་པས་ཆོས་སྡེ་ཡོངས་རྫོགས་སུ་མ་ཟད། གློང་ཆེན་པའི་ཡང་གཏེར་རྣམས་ཀྱང་སྤྱན་དྲངས་ཏེ་གླེགས་བམ་གཅིག་ཏུ་བཞུགས་པ་དང་བཅས་པའི་དབང་ལུང་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་


GLG003_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཆེན་བཟའ་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་རིགས་འཛིན་ཆེན་པོ་པདྨ་གླིང་པ། དེ་ལ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་དབུ་མཛད་པ་ཀུན་འདུས་གཉིས་ཀས་མཁས་གྲུབ་ཆོས་རྗེ་རྣམ་གཉིས་ཟེར། གསན། གཉིས་ཀ་ལ་པད་གླིང་སྤྲུལ་སྐུ་བསྟན་འཛིན་གྲགས་པས་གསན། དེ་ནས་མཁས་མཆོག་མདོ་སྔགས་བསྟན་འཛིན། དེ་སྲས་གཉོས་སྟོན་མཁས་གྲུབ་འཕྲིན་ལས་ལྷུན་གྲུབ། དེ་སྲས་སྤྲུལ་སྐུ་གཏེར་སྟོན་འགྲོ་འདུལ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་བསྟན་འཛིན་གྲགས་པ་ནས། གདུང་བརྒྱུད་པདྨ་འཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རྗེ་འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ན་དབུ་མཛད་གྲུབ་པ་ཀུན་འདུས་ནས། ཡོངས་འཛིན་པདྨ་འཕྲིན་ལས་མན་འདྲ། ཚེ་སྒྲུབ་ཀྱི་ལུང་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། མི་འགྱུར་ཀུན་དགའ་དཔལ་བཟང་འབྲི་ཁུང་གནམ་ལྕགས་མེ་འབར། རིགས་འཛིན་བཀྲ་ཤིས་རྒྱ་མཚོ། མཁས་གྲུབ་དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ་པ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ།