cover

རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

གླེགས་བམ། ཆ༽

ངག་དབང་བློ་བཟང་རྒྱ་མཚོ།

Nitartha international
Images scanned by BDRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་མོའི་གསུང་འབུམ་པོད་ཆ་བའི་དཀར་ཆག


GLG006_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་མོའི་གསུང་འབུམ་པོད་ཆ་བའི་དཀར་ཆག་བཞུགས་སོ།


GLG006_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དབང་ཐམས་ཅད་མཁྱེན་པ་ཕྱག་ན་པདྨོ་ཀུན་གཟིགས་ལྔ་པ་ཆེན་པོའི་ཕྱིའི་རྣམ་པར་ཐར་པ་གསུངས་༼ཆ༽པ་དུ་ཀླུ་ལའི་གོས་བཟང་། ༼ཁ༽བ་དཀར་ཆག་དང་བཅས་པར་ཤོག་གྲངས་༢༨༢པ་བཞུགས།

བསྟན་སྲིད་བདེ་ཐབས་ཀྱི་རིམ་གྲོ་སོགས་དགུང་ལོ་ཞེ་དགུའི་སྐབས་ཀྱི་མཛད་རིམ་ཁག


GLG006_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ལས་གླེགས་བམ་གཉིས་པ་བཞུགས་སོ།།


GLG006_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་ལྔ་པའི་ཚེས་དགུ་ལ་ཡར་འབྲོག་སྡེ་སྲིད་རི་བོ་བྲག་པ་ཀུན་དགའ་ཚེ་བརྟན་སྟོབས་རྒྱལ་གྱིས་ཚོགས་ཆས་དངོས་པོ་ཚན་གྲངས་སུ་བསྟབ་པའི་སྦྱིན་བདག་མཛད་དེ། གྲ་ཚང་ནས་གྲ་པ་ཉི་ཤུ་སྐོར་གྱིས་འབྲས་ལྗོངས་དག་སྣང་མའི་མཁའ་འགྲོ་སྡེ་ལྔ་ལ་བརྟེན་རིང་པོར་གནས་པའི་རྟེན་འབྲེལ་བསྒྲིགས་སྐབས་གདན་ཁྲི་འགུལ་ངེས་ཤེས་པའི་ས་གཡོས་པ་པོ་ཏ་ལར་ཡོད་པ་གཞན་རྣམས་ཀྱིས་མ་ཚོར། འབྲས་སྤུངས་སུ་ཕལ་ཆེར་ཁ་མཐུན་པར་ཤེས་ཤིང་རོང་པོ་འདམ་དུ་ཡོན་ཆབ་སོགས་ཀྱང་བོ་བ་བྱུང་ཞེས་སེ་ཆེན་དབོན་པོ་གླེང་། མཆོད་དཔོན་དབུ་མཛད་གཉིས་ཀྱིས་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་ཁྲོ་དང་ཆུ་ཁྲོ་གསར་བླུག་རེ། གཉེར་པ་བློ་བཟང་སྦྱིན་པས་ཁུར་ཁུར་བའི་ཚོགས་ཁྲོ་གསར་བླུག་གཉིས་རྣམས་ཀྱི་ཞལ་བྱང་བྲིས། མེརྒན་ཇི་ནོང་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་མགྱོགས་བསྔོ་རྟེན་འབྱོར་ཞིང་བསྔོ་སྨོན་གྱི་རྒྱས་འདེབས་བྱས།


GLG006_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གླིང་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱིས་འཕྱོང་རྒྱས་སྐྱ་སེར་སྤྱི་ཚོགས་ཀྱི་ངག་འདོན་སྨོན་ལམ་དགོས་ཚུལ་བྲིས་ཤིང་རི་བོ་བདེ་ཆེན། སྤྱན་གཡས། ཐང་པོ་ཆེ། དཔལ་རི་སྒྲུབ་སྡེ། འཕྱོས་བཀྲ་ཤིས་བདེ་ཆེན། ལམ་རིམ་པ། ཆོས་འཁོར་སྟེང་པ། དྲུང་གཟིམས་སྐྱ་སེར་རྣམས་ལྷན་ཅིག་པས་སྣམ་ཕྲུག་གཙོ་བོར་གྱུར་པའི་སྟེར་ཆ་སྤམས་བསྟོད་དེ་རིང་འཚོའི་རྟེན་འབྱུང་བསྒྲིག་པར་འབྱོར། རི་བོ་བདེ་ཆེན་པས་བླ་མ་མཆོད་པ་དང་འབྲེལ་བའི་སྨོན་ལམ་ཤིས་བརྗོད་རྒྱས་པར་གསུངས། སང་ཉིན་ལྷ་ལྡན་རུ་བཞི་སྤྱི་ཚོགས་དང་རྨི་རུ་བས་གོས་དར་གཙོ་བོར་གྱུར་པའི་དངོས་པོ་བཏེག་ནས་བརྟན་པར་གནས་པའི་སྨོན་ལམ་དང་ཤིས་པ་བརྗོད། ཚེས་བཅུ་བ་དང་རྨི་རུ་བས་སོ་སོའི་ལུགས་ཀྱི་འཆམ་བརྒྱབ། བྲ་ཡག་སྤྲུལ་སྐུ་ཁམས་སུ་ཐོན་གདོང་རིགས་གསུམ་མགོན་པོ། གདུགས་དཀར། ཕྱག་དྲུག་པ། ལས་གཤིན་སོགས་ཉེར་མཁོའི་རྗེས་


GLG006_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ཁ་ཤས་དང་ལམ་རིམ་གྱི་འཁྲིད་གསར་རྩོམ་གྱི་ལུང་བཀླགས། ཐམས་ཅད་མཁྱེན་པ་བུས་མཛད་པའི་འདུལ་བའི་ལས་ཆོག་གི་ལུང་དགོས་ཚུལ་ནན་ཆེའང་མ་ཐོབ་པས་བྱེད་ཐེབས་མ་བྱུང་། རྗེས་སུ་ཁྱབ་བདག་ཞྭ་ལུ་བར་ཞུ་བའི་བསྐུལ་མར་སོང་ཐོན་གདོང་སྟེར་ཆ་ཆེར་མཛད་ཅིང་རྫོང་བའང་བཟབས། རྭ་བསྒྲེང་མཁན་པོ་མངའ་རིས་པ་བྱོན་པའི་ཟང་ཟིང་གི་དངོས་པོ་མང་དུ་བསྟབས། འཇིག་རྟེན་བདེ་ཐབས་སུ་བསམ་ཡས་ནས་ཆོས་སྐྱོང་ཆེན་པོས་རྟེན་བཞེང་དང་མཆོད་རྟེན་འོག་ཏུ་མནན་པ་རྒྱག་དགོས་ཚུལ་སྟག་རྩེ་ཐའི་ཇིར་བསླབ་སྟོན་མཛད་པས་བྱེད་ལུགས་ཀྱི་དྲི་བ་དང་གཟུངས་བཞུགས་ཀྱི་བྱིན་རླབས་རྟེན་ལེན་པར་བཏང་བྱུང་བ་སྟོད་ཧོར་སོགས་བོད་ཀྱི་བདེ་སྐྱིད་འཕྲོག་པའི་མཐའ་དམག་གནོན་ལུགས་དང་བྱིན་རླབས་རྟེན་བསྟན་པ་སྤྱི་བྱེ་བྲག་རིས་སུ་མ་ཕྱེ་བའི་གང་མང་ཕུལ། ཕུར་པ་དབུ་དགུ་བྱང་གཏེར་མ་གཏོགས་གཞན་ལ་མི་ཡོང་འདུག་ཅིང་གཏེར་གཞུང་ལ་ཞལ་གྱི་ཁ་དོག་མི་གསལ་བའི་གསུང་རྒྱུན་ལ་བལྟོས་དགོས་པ་སྣང་བས་ཐོ་དགོས་ན་བསྲིངས་ཆོག་ཚུལ་འཕྲིན་ལན་དུ་སོང་རུང་ཕུར་པ་དབུ་དགུ་སྤོ་བོ་འདུད་འདུལ་རྡོ་རྗེའི་ཟོག་ཆོས་དེ་ནས་བཞེངས་འདུག་པ་ལྷ་བཟོ་པ་རྣམས་མཛུབ་མོའི་གྲོན་ཁོ་ནར་སོང་། བཀྲ་ཤིས་ལྗོངས་ཆོས་རྗེ་དང་སེམས་དཔའ་ཆེན་པོའི་སྤྲུལ་སྐུ་ལ་འཇམ་དབྱངས་དམར་སེར་གཙོ་རྐྱང་གི་རྗེས་གནང་ཕུལ། འབྲས་སྤུངས་སྔགས་ཁང་གི་གྲ་ཁང་དུ་རྒྱལ་བ་བཙོང་ཁ་པ་ལ་འཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བ། གསང་བདེ་འཇིགས་གསུམ། རྒྱལ་བ་རིགས་ལྔ། ཀུན་རིག་རྣམ་པར་སྣང་


GLG006_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ཚེ་དཔག་མེད། མི་འཁྲུགས་པ། ཕྱག་དྲུག་པ། ལས་གཤིན་ཕྱིི་ནང་གསང་གསུམ། དམག་ཟོར་མ། དཔལ་ལྷ། ཡང་གྷ་བཟའ། གནས་ཆུང་ཆོས་རྒྱལ། སྒོ་གདོང་ལ་རྒྱལ་ཆེན་བཞི། སེང་གཡབས་ལ་གནས་བཅུ་རྣམས་འདྲི་བའི་ཤོག་ཁྲ་བཀོད། སྡེ་པས་དེ་ཐོག་འཁྲུངས་རབས་གྲ་ཚར་གྱི་ཞལ་བཀོད་མཛད་འདུགདོ་དམ་སྡེ་པ་འདར་གཞོན་ངག་དབང་འཕྲིན་ལས་དང་སྒོ་སྤེར་བ་བྱམས་པ་ཆོས་གྲགས་རྒྱ་མཚོ། རི་མོ་བ་སྤྲུལ་སྐུ་དགོས་ནོར་གྱིས་གཙོས་པའི་ཉི་ཤུ་ཐམ་པས་ཟླ་བ་གསུམ་གྱི་བར་ལེགས་པར་བསྒྲུབས། ཟླ་སྨད་དུ་བསྙེན་མཚམས་པ་རྣམས་ཀྱིས་སོ་སོའི་སྦྱིན་སྲེག་གི་ཆོག་ཁྲིགས་དགོས་ཚུལ་བྱུང་བ་ཕུར་པ་མཁན་པོ་བཀའ་བརྒྱད་དང་ལྷན་དུ་སྦྱིན་སྲེག་བྱེད་པའི་བརྩིས་ཀྱི་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིགས་འཛིན་ཀུནྡའི་འདོད་འཇོ། ཚེ་བདག་གི་ཞི་བའི་སྦྱིན་སྲེག་གངྒཱའི་ཆུ་རྒྱུན་དང་དྲག་པོའི་སྦྱིན་སྲེག་དུས་ཀྱི་མེ་ལྕེའི་འཕྲེང་བ། ཞར་བྱུང་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ། ལྷན་ཐབས་རིགས་འཛིན་ཞལ་གྱི་དྲོད་རླངས། དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ་རྣམས་ཀྱི་ཆོག་ཁྲིགས་བྱས། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་ཨ་པ་ལའི་གྱི་དཔོན་མོ་སའི་ཁན་ཇུས་དངོས་པོ་སྟོང་ཕྲག་ཏུ་ལོངས་པ་བྱིན། སྐམ་པོ་ཡུམ་པའི་གྲ་པ་ཞིག་དང་མདོག་ལྷུན་སྡིངས་སྨན་གྲོང་ནོར་གླིང་པའི་བུ་གཉིས་ཀྱི་གསོ་དཔྱད་རྒྱུད་བཞི། ཐོད་རི་དགའ་ལྡན་བཤད་སྒྲུབ་གླིང་གྲ་པ་བཞིས་ལམ་རིམ་ཆེན་མོ་དང་གསར་རྩོམ་དབུ་ཕར། གྲ་


GLG006_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཆོས་འཁོར་གླིང་གི་གྲ་པ་ཞིག་གིས་དབུ་མའི་རྒྱུགས་རྣམས་སྤྲད། སྤྱི་སྒོས་ཀྱི་རིམ་གྲོར་པུར་རྒྱལ་བོད་ཀྱི་ལྷ་སྡེ་མི་སྡེར་མཆོད་སྦྱིན་གྱི་གཏན་དེབ་བཀོད་པའི་འགོ་བརྗོད་བྲིས། རྒྱལ་པོ་དང་ཨོ་ཆིར་ཐུ་ཐའི་ཇི་གཉིས་ཀྱིས་བཀའ་འགྱུར་བཞེང་སྐབས་ནང་སོ་དཀོན་དར་བས་བསྐུལ་བའི་དཔོན་ཡིག་རྣམས་ཀྱི་ངག་འདོན་སྨོན་ལམ་བརྩམས། ལྷུན་གླིང་པ་བློ་བཟང་ནོར་བུས་པ་ཤི་ཚོར་སྙན་ངག་བསླབས་ཚུལ་གྱི་ཡིག་ལན་རྒྱན་གྱིས་སྤྲས་པ་བསྲིངས། ཧོར་ཟླ་བདུན་པའི་ཚེས་འགོར་བརྒྱུད་ལྡན་བླ་མ་རྡོ་རྗེ་འཆང་རྣམས་ཀྱི་ཞལ་ནས་སྙན་དུ་བརྒྱུད་པའི་ཆོས་སྐྱོང་གི་རྟེན་ཐུགས་རྫས་སྔགས་འཁོར་ལོ་བསྐྱེད་སྒྲུབ་ཀྱི་མན་ངག་ཁྱད་པར་ཅན་གྱི་སྒོ་ནས་རྡོ་རྗེ་སློབ་དཔོན་བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་དང་དོ་དམ་མཆོད་དཔོན་པས་བྱས་ཏེ་གསང་སྔགས་ཕོ་བྲང་གི་སྟེང་དུ་བཙུགས། སྲུང་མའི་ཚོགས་དགྱེས་ཉམས་ཀྱིས་བྱིན་ཆགས་ཤིང་ཁྱད་པར་ཐང་ལྷའི་རྟེན་ཐུག་གི་སྐབས་ཁ་ཆར་འདྲེས་མའི་བུ་ཡུག་འཚུབས་པས་རྟེན་འབྲེལ་ལེགས་པར་འགྲིག ། ཚེས་བཅུ་བཞི་ལ་དྲུང་འཁོར་སྐྱ་བོ་རྣམས་དང་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ལ་ཡར་སྟོད། ཕོ་བྲང་། གྲི་གུ་གསུམ་གྱི་ཚོགས་ཆས་བདོག་པ་དང་འགྱེད་ཆེར་བཏེག་སྟེ་གྲ་ཚང་གིས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་བརྟེན་ནས་ཚེ་ཆོག་དང་འབྲེལ་བའི་རིང་འཚོའི་རྟེན་འབྲེལ་རྒྱས་པར་བསྒྲིགས། གྲི་གུ་གཞིས་སྡོད་ཚེ་བདག་གིས་བསྐུལ་བའི་སྨོན་ལམ་ཚིགས་བཅད་བྲིས། སྔགས་རམས་པ་ནོར་བུ་ཆོས་འཕེལ་དང་ཡར་འབྲོག་པ་བློ་གྲོས་རྒྱལ་


GLG006_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་ལ་འཇམ་དཔལ་གཤིན་རྗེ་མེའི་སྤུ་གྲིའི་རྣོན་པོ་ནང་གཅོད་ཀྱི་སྨིན་བྱེད་དང་འཇམ་དཔལ་ཞི་དྲག་གི་བསྙེན་པ་སྒྲུབ་པ་ཆེན་པོ་ལས་སྦྱོར་དང་བཅས་པའི་བསྙེན་མཚམས་ཡོངས་སུ་རྫོགས་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་ཕྱག་བཞེས་ཐུན་མོང་མ་ཡིན་པ་བཞིན་ཞིབ་ཏུ་ཁྲིད་ཅིང་འཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་དུ་སྟོན་པའི་ལག་བཅངས་བརྩམས། དེ་དང་ལྷན་དུ་སྔགས་པ་བློ་བཟང་དོན་གྲུབ་ལ་གཏེར་ཁ་འོག་མའི་རྟ་ནག་གི་དབང་དང་ལས་བྱང་ཆོག་ཁྲིགས་ཉི་མའི་དཀྱིལ་འཁོར་བྱས་ནས་བསྙེན་མཚམས་བསྡམ་བཅུག ། བཅུ་གཅིག་ལ་གདན་ས་ཆེན་པོ་དགའ་ལྡན་ནས་ཁྲི་རིན་པོ་ཆེ་གདན་ཟུར། བྱང་རྩེ་ཆོས་རྗེ་རྣམས་ཀྱིས་དབུ་མཛད་གྲ་སློབ་བརྒྱ་སྐོར་ཕེབས་ཏེ་གོས་ཕྱི་ནང་གིས་གཙོས་པའི་དངོས་པོའི་མཎྜལ་བཤམས་ཏེ་མི་འགྱུར་བར་བརྟན་པའི་སྨོན་ལམ་དང་བཀྲ་ཤིས་བརྗོད་ཅིང་མེ་ཏོག་གི་ཆར་ཕབ། དཔོན་སློབ་ཚོར་དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་བླ་མ་མཆོད་པ་གསར་རྩོམ་གྱི་ལུང་ཕུལ། གོང་ནས་གསེར་ཡིག་ཏུ་མངགས་པའི་གདུགས་དཀར་ལྷ་ཁང་གི་སྦྱོར་ར་ཆི་དགེ་སློང་དང་། ཆ་གན་བླ་མའི་དབོན་པོ་བློ་བཟང་དཔལ་འབྱོར་གཉིས་ཀྱི་ཟླར་འགྲུལ་པ་མང་ཙམ་འབྱོར། ཉེར་གསུམ་ལ་བཀའ་ཤོག་གནང་སྦྱིན་སྤྲད། སང་ནས་རིམ་བཞིན་མི་སྣ་སོགས་འགྲུལ་པ་རྣམས་ཀྱིས་སྟེར་སྦྱིན་མང་དུ་བྱུང་། རྒྱལ་པོའི་སྐུ་ཞང་ཁོར་ཆིང་བིང་ཐུ་དབང་གི་བསྔོ་རྟེན་དབྱར་དགུན་གྱི་གོན་པ་ཆ་འགྲིག་ལྔ་དང་གསེར་དངུལ་གོས་དར་གསེར་སྒས་གཙོས་


GLG006_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདོག་པ་རྒྱ་ཆེར་བསྟབས་ཤིང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོས། གསང་སྔགས་ཕོ་བྲང་གི་སྦུག་ཏུ་རྒྱལ་པོ་དང་ཙེའུ་དམར་བའི་མདོས། མཚམས་ཁང་ཤོད་ཀྱི་གཟའ་ཁང་དུ་ཁྱབ་འཇུག་གི་མདོས་ནག་བཙུགས་པའི་ཚེ་ཁྱབ་འཇུག་དང་བཙན་ཡ་བ་སྐྱ་བདུན་གྱི་མདོས་ཀྱི་ཆོག་ཁྲིགས་བྱས་ཤིང་ཚུགས་པའི་ཁྱབ་འཇུག་ཆེན་པོའི་ལྷོངས་ཀྱིས་འབྲུག་དང་སེར་ཆོལ་གྱི་གནམ་ངོའི་རྣམ་པའང་ཆེ་བར་བྱུང་། འབྲུག་པ་སྤྲུལ་སྐུ་དཔོན་སློབ་དང་བདེ་ཆེན་ཆོས་འཁོར་བ་སྣུམ་རྩེ་སྤྲད་པ་འབྲུག་པས་མ་ཐོན་པའི་ཆགས་འཇིག་ལ་གྱར་བ་དངོས་གཞི་དགོངས་ཡངས་གནང་བའི་ཕྱི་བསྡོམས་ལ་ནང་རྟེན་ཁྲོད་ནས་ཆོས་དབང་རིན་པོ་ཆེའི་གཏེར་མའི་ཀརྨ་གུ་རུའི་ལྕགས་སྐུ་བྱ་སའི་ནང་རྟེན་ཁྱད་འཕགས་མེ་ཐུབ་མར་གྲགས་པ། གྲུབ་ཐོབ་རིན་དཔལ་གྱིས་ཨྱོན་དུ་བྱོན་སྐབས་ཤ་ཟ་མཁའ་འགྲོའི་རྡོ་ཆར་གྱིས་བཅག་དུས་རླུང་གིས་རང་འབྱར་དུ་སོང་བའི་དབུ་ཐོད། ཞྭ་དམར་ནག་གི་མཐོ་གང་ཙམ་གྱི་གནྡྷོ་ལར་ཁྱད་མཚར་དུ་བརྩི་བ་དེ་དག་གིས་བསྐྲུན་དུ་མེད་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ས་རྒྱ་ནག་ནས་གདན་དྲངས་པའི་གནྡྷོ་ལ་དང་དབང་གྲགས་པ་རྒྱལ་མཚན་དང་ཆོས་རྗེ་དེ་བཞིན་གཤེགས་པར་བྱུང་བའི་ཤེལ་ཐམ་ལས་ཁྱད་དུ་ཆེ་བའི་ཡེ་ཕའུ་ལས་གྲུབ་པའི་འཕགས་པའི་བཀའ་ཤོག་གཉིས་གཙང་རོང་ཟློས་མཚམས་ཀྱི་ལབ་གཏེར་འབྲུག་པས་པ་རྣམ་ལོ་ཤས་བཟུང་སྐབས་གདན་ས་གོང་ནས་དབང་ཤེད་ཀྱིས་བླངས་པ་སོགས་ནང་རྟེན་མང་ཙམ་བ་ཞེས་པ་ཕོ་བྲང་ཡས་མས་ཚོར་བཞུགས། དཔལ་འཁོར་ཆོས་སྡེའི་དཔོན་སློབ་ཁ་


GLG006_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཀྱི་བདོག་པ་དང་ཡན་ལག་བདུན་པ་སྔོན་དུ་འགྲོ་བའི་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྟེན་པ་རྒྱས་པར་མཛད། དབེན་ས་སྤྲུལ་སྐུས་བདོག་པའི་ཡོན་སྦྱར་བའི་གྲ་ཚང་ནས་ཉུང་བསྡུས་ཀྱིས་མཁའ་འགྲོ་སྡེ་ལྔའི་བསུ་ཟློག་ཚིགས་བཅད་མ་བཏང་། ཐར་གླིང་བླ་མ་མཚོ་སྨད་སྔགས་རམས་པས་དཀར་ཤཱཀྱ་གྲགས་ཀྱི་ཐུགས་དམ་རྟེན་གུར་ཞལ་གྱི་སྨན་སྐུ་བྱིན་རླབས་ཅན་རྗེས་སུ་སྨན་འདམ་ལས་གྲུབ་པའི་རྒྱན་དྲུག་གུར་མགོན་གྱི་ཞལ་འབག་བྱིན་ཅན་སོགས་རིམ་གྱིས་བྱུང་། ཧོར་ཟླ་དགུ་པའི་ཚེས་ལྔ་ལ་ཕན་བདེ་ལེགས་བཤད་གླིང་པར་གཤིན་རྗེ་ཐམས་ཅད་འདུས་པའི་སྔགས་རིང་བཟློག་པ་དང་བཅས་པ་བྱེ་བ། དེ་མཚུངས་འགོང་པོ་ཨར་ལ་གཏད་པའི་རིམ་གྲོ་བཙུགས། གོང་དཀར་རྡོ་རྗེ་གདན་པ་དང་རོང་དགའ་ལྡན་བྱམས་པ་གླིང་གཉིས་ནས་ཚན་གྲངས་དང་བཅས་མི་འགྱུར་བརྟན་པའི་སྨོན་ལམ་ཤིས་བརྗོད་མཛད་པར་གྲངས་བཅད་ཅིག་འབྱོར། ཨ་ཡོ་ཤིའི་ཕྱི་རྟེན་དུ་མི་འཁྲུགས་པ་དང་ཇི་ནོང་གི་དགེ་རྩར་མཆོད་རྟེན་བཞེངས་པའི་གཟུངས་ཕུལ། དབྱངས་ཅན་བྱ་ཀ་ར་ཎའི་རྩ་བ་ལྷ་མཐོངས་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་གྱིས་མིང་ལེའི་ཕྱེད་ཙམ་བསྒྱུར་བ་འཕྲོར་ལུས། རྗེས་སུ་རྟག་བརྟན་སྤྲུལ་སྐུ་ཀུན་དགའ་སྙིང་པོ་རྒྱ་གར་ཕལ་སྐད་ལ་བྱང་བས་པཎྜི་ཏ་བ་ལ་བྷ་དྲ་ལ་བརྟེན་ནས་རྩ་བར་འགྱུར་མཛད་པ་ལེགས་སྦྱར་ལ་སྦྱངས་སྟོབས་ཞན་པས་འགྱུར་སྐྱོན་མང་གཤིས། འདར་པ་ལོ་ཙཱ་བ་རྩ་བ་བསྒྱུར་དུ་བཅུག་ཅིང་རྟག་བརྟན་པའི་བོད་འགྲེལ་དེས་གྲུལ་མ་བཏུབ་པ་ནས་གཞན་མའི་བོད་འགྲེལ་ཁུངས་མ་


GLG006_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་བཅས་སློབ་དཔོན་ཨ་ནུ་བྷཱུ་ཏི་རཱུ་པ་ཙཪྻས་མཛད་པའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་ཡང་ཕྱོགས་མཚུངས་པར་གསར་འགྱུར་བྱེད་པར་བསྐུལ་པ་ལོ་འདིའི་ཟླ་བ་གསུམ་པའི་ཚེས་བཅུ་བདུན་ནས་འགོ་བཙུགས་པ་དགུ་པའི་ཚེས་བཅོ་ལྔ་པ་སངས་ནམ་གྲུའི་འགྲུབ་སྦྱོར་ཐོག་ཟིན་པར་དབྱངས་ཅན་བརྡ་སྤྲོད་བསྟན་པ་རྒྱས་པའི་བདེན་ཚིག་བརྗོད་པ། ཏྲེ་པོ་ཧོར་ཚང་ཏའི་སི་ཏུའི་ཐུགས་དམ་དུ་སྒྲོལ་དཀར་སྤྱན་བདུན་མའི་བརྒྱུད་འདེབས། མ་ཎི་རིལ་སྒྲུབ་གསར་མ་ཕྱོགས་ཀྱི་ཁུངས་མ་རྙེད་རུང་ཆོས་རྗེ་དོན་རྒྱམ་པའི་ངོ་མ་ཆོགས་པའི་ལག་ལེན་མཐོང་ཚོར་སྐྱོར་ཟློས། དགེ་སློང་འོད་ཟེར་གྱིས་བསྐུལ་བའི་ཆ་གན་ནོ་མོ་ཁན་གྱི་སྤྲུལ་སྐུའི་བརྟན་བཞུགས་རྣམས་བྲིས། བསྙེན་རྫོགས་བརྒྱ་ཞེ་དྲུག་དང་དགེ་ཚུལ་བརྒྱ་སོ་བདུན་བསྒྲུབས། བཅུ་དགུ་ལ་རིགས་ཀུན་བདག་པོ་ཞ་ལུ་མཁན་ཆེན་ཕེབས། ཧོར་ཟླ་བཅུ་པའི་ཚེས་དྲུག་གི་བར་བཅད་རྒྱའི་ཁོང་ནས་བསམ་གཏན་གླིང་པའི་ཨ་ཏི་དང་རྣམ་སྲས་ཀྱི་བེའུ་བུམ་སོགས་ཟབ་ཆོས་མང་དུ་ཞུས། མཁན་རིན་པོ་ཆེར་འཕྲང་འགོ་གཏེར་སྟོན་གྱི་ཚེ་རྟ་ཟུང་འབྲེལ་དང་བྱད་འགྲོལ་ཕུལ། གསོལ་ཕོགས་དང་བཅས་དགུན་གྱི་རིང་གོང་དཀར་ཆོས་སྡེར་སྐུ་མཚམས་ལ་ཕེབས། མཁན་ཆེན་རྡོ་རྗེ་འཆང་བསོད་ནམས་མཆོག་གྲུབ་ཀྱི་སྣག་དབོན་ཚངས་རིགས་འཛིན་པའི་དབང་པོ་ལེགས་སྦྱར་གྱི་བསྟན་བཅོས་པཱ་ཎི་བྱཱ་ཀ་ར་ཎ་སོགས་བསླབ་འདོད་འདུག་པ་བསྟན་རྒྱུན་ལ་ཕན་པར་བསམས་ཏེ་འདར་པ་ལོ་ཙཱ་བ་བསླབ་ཏུ་བཅུག་པའི་ལོ་ལྔའི་བར་གྱི་ཇ་ཐུག་ཕོགས་སོགས་ཀྱི་མཐུན་རྐྱེན་


GLG006_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། བར་ཁམས་དང་མཚོ་ཁ་ཕྱོགས་སུ་འབྲུམ་ནག་ཡོད་ཚུལ་བྱུང་བར་ངེད་རང་གིས་ནད་བདག་སྟོབས་འཇོམས་དང་བྲག་སྣ་ཆོས་རྗེས་གཙོས་པའི་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་ལྷ་ས་ནས་འདོད་ཁམས་དབང་ཕྱུག་མའི་བཟློག་པ་དང་འབྲེལ་བའི་ཟོར་འཕངས་པས་ནད་མཚམས་ཆོད་པའི་འཕྲོད་ལམ་ཆེ་བར་བྱུང་། དེས་མཚོན་སྔ་ཕྱི་དུ་མར་སྟོད་སྨད་ཚོར་མཆེད་པར་ཉེ་བའི་འབྲུམ་རིམས་ལ་འདི་ག་ནས་བཏང་བ་དང་ཕྱོགས་སོ་སོའི་སྔགས་འཆང་རྣམས་བྱེད་དུ་བཅུག་པའི་མདོས་ཟོར་ཁ་བསྒྱུར་ཚོས་ཕན་ཐོགས་ཙམ་བྱུང་བར་མངོན་གཏེར་སྒྲོམ་ནས་ཆུ་ཚན་བླངས་པའི་ཞག་བདུན་གྱི་བར་འཕྲོད་བསྟེན་བྱས་ཏེ་ཉི་ཤུའི་ཉིན་རྒྱ་ནག་གི་མི་སྣ་ཚོར་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། མ་ཏི་ལུགས་ཀྱི་འཇམ་དཀར། སྒྲུབ་ཐབས་རྒྱ་མཚོའི་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་རྣམས་ཀྱི་རྗེས་གནང་བྱས། ཕྱི་དྲོ་མི་སྣ་གཞོན་པས་གཙོས་པའི་བསྙེན་རྫོགས་སོ་ལྔ་དང་དགེ་ཚུལ་ཞེ་ལྔ་བསྒྲུབས། སང་ཉིན་གླིང་སྟོད་ཆོས་རྗེ་དཀོན་ཅོག་དཔལ་འབྱོར། ཚ་མིག་མཁན་པོ་བསོད་ནམས་རྒྱལ་མཚན། བྱ་གཤོངས་མཁན་པོ། འཆད་ཀ་སྤྱན་སྔ། ཆོས་རྗེ་ཤེལ་བྲག་པ། ཅོ་ནེ་མེརྒན་ཆོས་རྗེ། ལྡན་མ་ར་ཉག་སྐུ་སྐྱེ། ལྕམ་མདའ་བླ་མ་སོགས་ཕྲད་མི་མང་། གླིང་སྟོད་ཆོས་རྗེ་དེ་དགེ་བཤེས་ཆེ་བར་མ་ཟད་ཐུགས་དམ་སྨིན་པ་ཞིག་སྣང་། ཆོས་རྗེ་བཅོ་བརྒྱད་པར་གསར་རྩོམ་མཚར་ཆེན་གྱི་བླ་མའི་རྣལ་འབྱོར་དང་། འབྲི་གུང་ནག་ཤོད་བླ་མ་འཕྱོས་པ་སྐུ་སྐྱེར་རྒྱལ་གསོལ་འཕྲིན་ལས་དོན་བཅུ་མའི་ལུང་བཀླགས། བྲག་དབར་སློབ་


GLG006_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་པས་འཕེལ་གདུང་། ཁ་ཐུན་ཨེ་ཇེས་གོས་དར་ཇ་དངུལ་བསྟར་ཞིང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། ཟལ་དཀར་དབོན་པོས་གསེར་ཐུམས་ལག་མགོ་ཙམ། རྗེ་དགེ་འདུན་རྒྱ་མཚོའི་གསེར་སྐུ་རྒྱལ་གྱི་དངུལ་གདུང་གི་བཟོ་ཕུད་ལ་དྲུང་ནས་གསུང་རབ་པས་བཞེངས་པ་རྗེ་བསོད་ནམས་རྒྱ་མཚོས་ཨལ་ཐན་རྒྱལ་པོའི་བླ་མ་ག་རུ་འབུལ་དཔོན་ལ་བུམ་ཆུ་དང་སྦྲགས་གནང་། དེའི་ཚ་བོས་བྱང་གླིང་རབ་འབྱམས་པ་བདེ་མཆོག་བྱ་ཁྱུང་གདན་སར་ཡོད་སྐབས་བྱིན་པའི་ལོ་རྒྱུས་དང་བཅས་བྱིན། བསྙེན་རྫོགས་སོ་དྲུག་དང་དགེ་ཚུལ་ཕྱེད་ཉིས་བརྒྱ་བསྒྲུབས། མཚོ་ཁ་ནས་བདུད་འདུལ་དཀའ་བཅུ་འཇིགས་མེད་སྒྲ་དབྱངས་འབྱོར། ཉིན་མང་པོའི་བར་ཁམས་པ་གསར་རྙིང་གི་གླེང་མོ་ཞིབ་ཏུ་བྱུང་། ཉེར་བཞི་ལ་རིང་འཚོའི་བདོག་པ་སྤེལ་བར་སྡེ་དྲུག་སྤྱི་སོའི་གཉེར་པ་དང་མཁན་པོའི་དབོན་པོ། སྒམ་པོ་སྤྲུལ་སྐུའི་མགྲོན་གཉེར་རྣམས་འབྱོར། གོང་གི་མི་སྣ་གཞོན་པ་དང་བདུད་འདུལ་དཀའ་བཅུ་བ་གཉིས་ལ་སྒྲུབ་ཐབས་རྒྱ་མཚོ་ནས་གསུངས་པའི་གདུགས་དཀར་དང་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྗེས་གནང་བསྐུར། ཡར་འབྲོག་བསམ་སྡིངས་སྤྲུལ་སྐུ། འབྲི་གུང་ཕྱག་མཛོད་པ། ཀ་ཚལ་བླ་མ་རིགས་འཛིན་དཀོན་མཆོག་ལྷུན་གྲུབ། ནག་ཤོད་དབོན་ནག་བླ་མ་རྣམས་དང་ཕྲད། ཧོར་ལྷ་རྒྱལ་དར་གྱི་བུའི་སྐྲ་ཕུད་བླངས་ཤིང་མིང་བློ་བཟང་ཕུན་ཚོགས་སུ་བཏགས། ཤེལ་དཀར་ཆོས་སྡེའི་བླ་མ་གྲ་པ་ལྔ་བཅུ་སྐོར་དང་འབྲི་གུང་ཤག་རམ་བླ་མ་རྣམས་ཕྱོགས་མཐུན་དུ་བདོག་པ་བསྟར་བའི་རིང་པོར་འཚོ་བའི་སྨོན་ལམ་གྱི་གསོལ་འདེབས་བྱས།


GLG006_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་ཡིག་མཁན་སློབ་གཉེར་བ་སན་ཆག་པ་ཤིའི་ཁ་ཏོན་དུ་གསོལ་འདེབས་སྨོན་ལམ་བོར་ཁོ་པ་ཤིའི་ཡི་དམ་དུ་འཇམ་དཀར་གྱི་སྒྲུབ་ཐབས། དཔོན་མོ་སའི་ཁན་ཇུའི་ངག་འདོན་དུ་བདུན་རྣམ་དག་སྨོན་ལམ་དང་བཅས་པ། བསོད་ནམས་སྒྲོལ་མའི་ཁ་ཏོན་དུ་གསོལ་འདེབས་སྨོན་ལམ་རྣམས་བྲིས། ཞང་སྟོན་སྐུ་མདུན་ལྷུན་གྲུབ་དང་བསྟན་རྒྱལ་གཉིས་ཀྱིས་ཧོར་ནང་ནས་འཁོར་བའི་དཀོར་ཕུང་རྟ་ཉི་ཤུ་དང་གནག་ཕྱུགས་སུམ་ཅུ་ཙམ་བྱུང་། གནམ་གང་ལ་དཔོན་མོ་སའི་ཁན་ཇུ་དང་མི་སྣ་གཞོན་པར་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་རྒྱལ་པོ་འཁོར་བཅས་བྱང་ནས་ཕེབས་པ་དང་མཇལ། བསྙེན་རྫོགས་གསུམ་དང་དགེ་ཚུལ་ལྔ་བསྒྲུབས། ཇའི་སང་བི་ཆིའི་བསྔོ་རྟེན་ཇ་གོས་དར་རྟ་སོགས་འབྱོར་བར་བསྔོ་བས་རྒྱས་བཏབ། མི་སྣ་རྒན་པར་ཚེ་དབང་གདུགས་དཀར་གྱི་རྗེས་གནང་བྱས། ཚེས་གཉིས་ལ་གསེར་ཡིག་པ་གཉིས་ལ་རྫོང་བ་དང་གོང་དུ་ཞུ་ཡིག་འབུལ་བར་སྟར་སྡོང་དཀའ་བཅུ་བློ་བཟང་རབ་བརྟན་དང་དོགས་བདེ་ལྷོ་མོས་རྒྱབ་པ་བློ་བཟང་དར་རྒྱས་གཉིས་བཏང་། པ་ཤི་རྣམས་ཀྱི་ཡོན་ཏན་བསླབ་དགོས་གྲུབ་པའི་སོ་སོའི་འདོད་སྦྱར་གྱི་དཔེ་ཆ་དང་ཟང་ཟིང་གི་སྟེར་སྦྱིན་བཟབས་ཏེ་ཕྱོགས་མཐུན་དུ་སློག །ཤར་ཁང་ནོ་མོན་ཁན་ཁལ་ཁ་ནས་འཁོར་བ་ཕྱོགས་མེད་ཀྱི་འགྲོ་དོན་སྐྱོང་རྒྱུ་མ་བྱུང་འདུག་པས་རྙེད་པའང་དེ་དང་འདྲ། འོན་ཀྱང་ཁོང་རང་གི་འབྱོར་པ་དང་བསྟུན་པའི་བདོག་པའི་དངོས་པོ་དཔངས་བསྟོད་པ་བསྟབས་


GLG006_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ནོང་གི་བསྔོ་རྟེན་དུ་གོན་པ། ཁྲབ། རྨོགམདའ་གཞུ། སག་ཐག །མེ་མདའ། ཤལ་དཀར་དམར། གསེར་དངུལ། ཇ་གོས་དར། གུར། རྟ། རྔ་མོ་སོགས་ཚན་ཆེ་བར་བསྟར། སྐྱིད་ཤོད་ཀྱི་ལྕམ་ཨ་སྙིང་གི་སྐྲ་ཕུད་བླངས་དགེ་ཚུལ་དུ་བསྒྲུབས། ཇི་ནོང་གི་བྱང་བཞུ་བྱས་པའི་བརྟག་པར་ལྷར་སྐྱེ་བའི་མཚན་མ་ཤར། བཞི་ལ་ནོ་མོན་ཁན་གྱིས་སྦྱིན་བདག་མཛད་དེ་ཚོགས་འཁོར་སྟེར་ཆ་འགྱེད་དང་བཅས་གྲ་ཚང་གིས་ཚེ་ཆོག་བཏང་། དེ་ནས་ཞག་གསུམ་གྱི་བར་བཅད་རྒྱ་བྱས་ཨོ་རོད་ནས་ཨོ་ཆིར་ཐུ་ཐའི་ཇི་དང་གཡོན་རུ་ཆོ་ཁུར་ཨོ་བ་ཤི་དཔོན་ཆུང་སུམ་ཅུ་ཙམ་སེར་མོ་བ་དང་དམངས་བཅས་སྟོང་ཕྲག་བརྒལ་བ། སེ་ར་བྱེས་འཕྲིན་ལས་ལྷུན་གྲུབ་ཀྱི་སྐུ་སྐྱེ། ཨུ་རང་མཁན་གྱི་ཤི་ཏ་དྷ་ཨེར་ཁེའི་ནུ་བོ། བུ་ཐུག་སེན་ཁུ་ཐུག་ཐུ་ཅན་བརྒྱ་སྐོར་རྣམས་དང་ཕྲད། ཚེས་དགུ་ལ་ཁལ་ཁ་ནོམ་ཆི་ཨ་ཁའི་དང་དེའི་ནུ་བོ་བཀྲ་ཤིས་ལྷུན་པོ་དཀྱིལ་ཁང་བླ་མའི་སྐུ་སྐྱེ་གཉིས་ཀྱིས་སྟོང་འབུལ། སྐུ་སྐྱེའི་ཕྱག་མཛོད་གཉེར་པ་ཆོས་རྗེ་བསམ་གྲུབ་རྒྱ་མཚོའི་བརྒྱ་འབུལ། ཚ་བ་སྐུ་སྐྱེ། ཨེར་ཁེ་ཆོས་རྗེ། ཨུ་ཁེ་རེ་ཐའི་ཇི་གསུམ་གྱི་མི་སྣ། སྡེ་པ་ཐོབ་པ་བཀྲ་ཤིས་རབ་བརྟན་ཡུམ་སྲས། ཉིན་བྱེད་གླིང་པའི་བླ་མ་གཟུང་འཛིན། གྲ་ཐང་མཁན་པོའི་དབོན་པོ་དང་སྤྱི་པ། ཨ་ཆི་མགོན་པོ། བདེ་ཆེན་ཐའི་ཇི་ལྷའི་དབང་ཕྱུག་སྟོང་ཤོང་ཨའི་སོགས་བོད་སོག་མཆོག་དམན་དུ་མ་དང་ཕྲད། རྒྱལ་པོ་དང་ཨོ་ཆིར་ཐུ་ཐའི་ཇི་གཉིས་ཀྱིས་བཀའ་འགྱུར་ཐང་པོ་ཆེར་བཞེངས་པ་གྲུབ་པའི་བསུ་བ་སེར་སྦྲེང་། སྦྱིན་བདག་ཁག་གཉིས་དཔོན་གཡོག་ཉིས་བརྒྱ་སྐོར་དང་བཅས་པོ་


GLG006_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལའི་ཚོམས་ཆེན་དུ་གདན་དྲངས་པར་ཤིས་བརྗོད་རྒྱས་པར་བྱས། མཁན་པོ་སྐུ་སྐྱེས་ཨེར་ཏེ་ནི་གུ་ཤྲི། ཏ་འོན་བ་ག་བླ་མ། ཐོ་ཡོན་དགེ་སློང་རྣམས་ཀྱིས་ཟང་ཟིང་གི་བདོག་པ་བསྟབས། དཔོན་མོ་སའི་ཁན་ཇུ་དང་ཨ་ཡོ་ཤིའི་དཔོན་པོ་དགེ་ཚུལ་མ་གཉིས་ལ་འཕོ་འཁྲིད་ཀྱི་དམིགས་པ་ཕབ། དགེ་ཚུལ་མར་བཟང་སྤྱོད་དང་དམིགས་བརྩེ་མའི་བླ་མའི་རྣལ་འབྱོར་གྱི་ལུང་བྱས། བྱེས་པ་སྐུ་སྐྱེས་གསེར་གྱི་མདོང་མོ་དང་ཀ་ཏོ་ར་བཟང་གོས་ཀྱིས་ཐོག་གྲངས་སྟོང་འབུལ་བཏེག ། ཚེས་བཅུ་གཅིག་ནོམ་ཆི་ཨ་ཁའི་དང་དཀྱིལ་ཁང་སྐུ་སྐྱེ་གཉིས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཐུགས་རྗེ་ཆེན་པོ་གར་གྱི་དབང་ཕྱུག་གི་རྗེས་གནང་། སྐྱབས་འགྲོ་སེམས་བསྐྱེད། ཕྱག་འཚལ་ཉེར་གཅིག །རྒྱན་དྲུག་མ། ཐུབ་དབང་ཞལ་པད་མ། བློ་བཟང་རྒྱལ་བ་མ་རྣམས་ཀྱི་ལུང་བྱས། སྐུ་སྐྱེས་གཙོས་པ་བཅུ་སྐོར་དགེ་ཚུལ་དུ་བསྒྲུབས། ཤལ་དཀར་དམར་དང་སྣམ་ཕྲུག་སོགས་ཀྱི་རྫོང་བ་བསྟབས། སྐུ་སྐྱེ་རྒྱ་བོད་ཧོར་གསུམ་གང་དུ་འགྲོའང་ཕན་ཐོགས་ཀྱི་ལམ་ཡིག་སྤྲད། ཤེལ་དཀར་རྫོང་སྡོད་སྦྱར་ར་དངོས་གྲུབ་ལ་ནང་རྟེན་གྱི་བསེ་སྒམ་ཧོར་བསེ་ལུགས་གྲ་ཚར་བཟོ་བཅུག་པ་དངོས་གཙང་ཞིང་སྒོ་ལྕགས་དང་བཅས་གྲ་འགྲིག་པར་འབྱོར། དའི་ཆིང་ཁོ་ཤོ་ཆའི་དཔོན་མོ་དཔོན་ཆུང་ཤེས་རབ། མགོན་པོ་པཱ་ཐུར། ཤེའི་ཇིན་ནང་སོ་རྣམས་ཀྱིས་བདོག་པ་བཏེག །ཐའི་ཇི། ཨོ་པ་ཤི་དཔོན་མོ་བཅས་པར་སྟོབས་བཞིའི་བཤགས་པའི་ལུང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཤི་ཏ་དྷ་ཨེར་གེ །དཔོན་མོ་ཕུན་ཚོགས་སྒྲོལ་མ། དཔོན་ཆུང་བཅས་སྟོང་


GLG006_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ཕྱེད་གཉིས་ལྷག་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྗེས་གནང་བསྐུར། ཚེས་བཅོ་ལྔ་ལ་ཨུ་རང་ཁོན་གྱི་དའི་ཆིན་ཨོ་པ་ཤི་དེའི་ནུ་བོ་ཐུག་སེན་ཁུ་ཐུག་ཐུས་གོས་དར་གསེར་དངུལ་གྱིས་གཙོས་པའི་སྟོང་འབུལ་བྱས། བོ་ལོ་སུས་གཙོས་པའི་བཅུ་སྐོར་བསྙེན་པར་རྫོགས། ཨ་ཆི་མགོན་པོ་ས་ཁྱི་སྒོ་སྣ་ཤག་པའི་གཡོ་ཐབས་ཀྱིས་བདེ་སྐྱིད་པའི་བུ་མོ་ལེན་བཅུག་པ་ཕྲུག་གུ་གཉིས་ཙམ་དང་འབྲེལ་བ་བསྟན་གཞུང་ལ་བསམ་ནས་བཞག་པའི་སྔར་འགྱོད་ཕྱིས་སྡོམ་བསྟན་པའི་དོན་དུ་སྲོག་ལའང་འཕངས་པ་མི་ཕྱེད་ཅེས་ཁོ་རང་བློས་བཅད་ཀྱིས་བྲོ་བོར། དུ་རི་ཡལ་ཁོ་ཤོ་ཆིའི་དཔོན་མོ་རྒན་པ་དགེ་ཚུལ་མ་བྱང་ནས་འབྱོར་བ་དང་ཕྲད། སྦྱར་ར་དྲུང་འཚོ་དངོས་གྲུབ་ཀྱིས་བསྐུལ་བའི་བདག་བསྟོད་འགྲེལ་པ་དང་བཅས་པ། ཨོ་ཆིར་ཐུ་ཐའི་ཇི་སྐུ་ན་མཐོས་པའི་དཔེ་འཛིན་མང་པོ་དཀའ་བའི་སྟབས་ཚིག་ཉུང་ཞིང་དོན་ཚང་བ་ཞིག་དགོས་ཚུལ་དང་བསྟུན་པའི་སྟོབས་བཞིའི་བཤགས་པ། ཆོ་ཁུར་ཨོ་པ་ཤིས་བསྐུལ་བའི་བླ་མའི་རྣལ་འབྱོར་ཉུང་ངུ་། དྲུང་ཡིག་ལྕང་གསེབ་འཇམ་དཔལ་གྱིས་གུང་ཐང་ལྷ་མོ་ལྕགས་ཕུར་མ་དང་། དྲུང་ཡིག་དར་རྒྱས་བཀྲ་ཤིས་ཀྱིས་དུང་སྐྱོང་རྒྱལ་མོར་འབུལ་རྒྱུའི་སྙན་དར་ཞལ་ཡིག་དགོས་ཟེར་བ་རྣམས་བྲིས། ཁྲོ་ཕུ་སློབ་དཔོན་ངག་དབང་བསྟན་འཛིན་གྱིས་ཐུབ་པ་ཐོག་ཐུབ་མའི་རྟེན་དང་བཅས་སྙན་ངག་གི་འཕྲིན་ཡིག་བྱུང་བའི་དེ་ལན་བསྲིངས། ཉི་ལྡོག་གི་མཚམས་གྲོལ་ཉིན་སྤོང་རོང་བསོད་མགོན་གྱིས་འབྲས་ཟན་ཤ་མར་ཐུད་སོགས་སྟོད་འབྲོག་ལུགས་ཀྱི་སྟོན་མོ་བཏང་། མཚམས་ཁག་རྣམས་


GLG006_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཙུགས། སྤྱི་སྒེར་གྱི་རིམ་གྲོར་ཧོར་ཟླ་བཅུ་གཅིག་པའི་ནང་དུ་རྫོང་གཞིས་དགུ་བསྡོམས་པར་བཀའ་འགྱུར་ཚར་དྲུག་ཅུ། འབུམ་བརྒྱ་བཞི། བརྒྱད་སྟོང་པ། བསྐལ་བཟང་། ཐར་པ་ཆེན་པོ་གསུམ་སྟོང་རྩ་རེ། དཀོན་བརྩེགས་དང་ཏིང་འཛིན་རྒྱལ་པོ་བརྒྱ་རྩ་རེ། གྲ་ས་ཕན་ཚུན་དུ་ཇ་ཚུལ་བཅུ། ཕྱུགས་ལུག་བརྒྱའི་སྲོག་བླུ། རི་མགོ་བརྒྱ་ལ་དར་ལྕོག །ལ་བཙས་སུམ་ཅུ་ཁ་གསོས། ཕྱི་མཚམས་ཁོག་ནས་སྟག་རྩེ་ཐའི་ཇི་དང་མཇལ། ཁལ་ཁ་ནོམ་ཆི་ཨ་ཁའི་གཙང་ནས་འཁོར་བའི་ཐང་ཁ་ཞིག་དགོས་ཚུལ་སྡེ་པར་ཞུས་པ་ཐང་དམངས་ཁྲོད་དུ་འཚོལ་དགོས་ལུགས་བྱུང་བ་ལྟར་མཆོད་དཔོན་པ་བཏང་བས་རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཤངས་མཚལ་མའི་སྐུ་ཐང་རྒྱབ་ཏུ་དཀར་ཆག་བྲིས་པ་ཤིན་ཏུ་རྙིང་པའི་བྱིན་རླབས་ཅན་ནར་མ་ཉན་གྱི་གྲས་སུ་བྱས་ཏེ་ཐང་དམངས་ཁྲོད་དུའང་མ་ཆུད་པར་བསྐྱུར་ཏེ་བཞག་པ་ཞིག་རྙེད་ནས་ཁྱེར་བྱུང་བ་རིང་པོར་མ་ལོན་པར་དབང་གི་ཆུ་བོ་གསོས་པའི་རྟེན་འབྲེལ་ཡ་མཚན་པར་མངོན། དེའི་དུས་ནམ་མཁའ་དྭངས་པ་ལ་འཇའ་སྤྲིན་སྲབ་ཅིང་ཕྲ་བ་མང་དུ་འཁྲིགས་པ་བྱུང་། དཔོན་མོ་ཕུན་ཚོགས་སྒྲོལ་མ། ལོ་ཙཱ་བ་ཚུལ་ཁྲིམས་རྒྱ་མཚོ་ཅན་ལ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་གནང་བསྐུར་ཞིང་ཉེར་དགུའི་ཞོགས་སྨྱུང་གནས་ཀྱི་གསོ་སྦྱོང་ཕབ། ཟླ་མཚམས་ལ་ཁལ་ཁ་ཨོ་རོད་ཀྱི་འགྲུལ་པ་དྲག་རིམ་ཚོར་བྱིན་རླབས་དང་ཇ་གྲལ་བཏང་། ཧོར་ཟླ་བཅུ་གཉིས་པའི་ནང་དུ་ངལ་གསོ་དང་སྦྲགས་ཕྱི་མཚམས་བྱས། དིང་སང་འབྲུག་ཕྱོགས་སུ་དེ་རིགས་ལ་ཐུགས་བེད་སྤྱོད་མཁན་ཡོད་མདོག་མ་ཁ་ཡང་
བླ་མ་སྐུ་བསྲུངས་པས་བསྒྲུབས་པའི་འཆི་བདག་ཞལ་དབྱེ་དང་རང་ཐག་གཉིས་རྒྱལ་མེ་ཏོག་ཐང་དུ་གདན་དྲངས་ན་རྗེས་སུ་གླེང་བརྗོད་ཆུང་བར་མངོན་པས་སྔགས་རམས་པ་བྱམས་པ་གླིང་པ། ཡར་འབྲོག་པ་འཕྲིན་ལས་རྒྱ་མཚོ། རྡོ་པ་བློ་བཟང་མཐུ་སྟོབས་གསུམ་བཏང་བའི་རྩིས་སྒྲ་ཁང་དུ་བཞུགས་སུ་གསོལ།

དགུང་ལོ་ལྔ་བཅུ་པར་འབྲས་སྤུངས་སུ་བཞུགས་རིང་གི་གནས་ཚུལ་དང་། འཕན་པོ་ཁུལ་དུ་ཆབ་ཚན་ལ་ཕེབས་པ་བཅས་ཀྱི་སྐོར།


GLG006_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རིམ་ལེ་ཚན་དང་མེ་རྟ་ལོ་གསར་གྱི་དཔལ་ལྡན་དམག་ཟོར་མའི་རྟེན་འབུལ་ཐོག་སའི་ཁན་ཇུས་རིན་པོ་ཆེའི་ཕྲས་བརྒྱན་པའི་འཕན་ཆ་གཅིག་བྱུང་བ་དེ་འཕྲལ་སྤྱན་གཟིགས་སུ་ཕུལ། སོག་པོ་གཞི་བྱེས་བསྡོམས་པ་སྟོང་ཁྲག་བཞི་ཙམ་དང་བོད་པ་རྣམས་ལ་དགའ་སྟོན་གྱི་བཞུགས་གྲལ་བཤམས། གསར་སླེབས་བལ་པོ་ཁོ་ཁོམ་རྒྱལ་པོའི་མི་སྣ་ཡོད། ཚེས་གཉིས་ལ་ཐུགས་སྲས་ཟླ་བའི་སྤྲུལ་སྐུ། བཞད་བཀྲ་ཤིས་ཐུབ་བསྟན་གྱི་བླ་མ། བཀྲ་ཤིས་ཀྱི་དཔོན་མོ། ཟངས་མཚོ་བླ་མ་ཤེས་རབ་བཟང་པོ། དྭགས་པོ་སྒྲོམ་མདའ་བ། བྷྲུམ་པ། གྲ་བསམ་དར་བའི་ནང་མི་སོགས་བོད་སོག་མང་བ་དང་ཕྲད། དཔོན་ཚང་ཚ་རོང་པའི་སློབ་མ་གསུམ་གྱིས་རྒྱུད་བཞིའི་རྒྱུགས་སྤྲད། དར་རྒྱས་ཆོས་སྡིངས་ཀྱི་གདུང་བརྒྱུད་ཆེ་བས་གཡའ་མ་ལུང་ནས་གཏེར་ཁ་སྤྱན་དྲངས་པའི་ཤོག་སེར། དམ་རྫས་ལ་ཆེས་གཉིས་རྟིང་མར་རྟོག་པ་བཅུག་པས་ངེས་ཤེས་འདྲོངས་པར་བྱུང་། གླེགས་བམ་གྱི་བཀའ་གཏད་སྨོན་ལམ་གྱི་མཚམས་སྦྱོར་ཙམ་ཞིག་ཞུས་པའི་སྔ་འགྲོས་ཁྱབ་བདག་སྨན་ལུང་པར་དབང་ལུང་རྣམས་ཕུལ་བ་ནས་བརྒྱུད་དེ་ཞུ་དགོས་འདུག་ཅིང་སླར་ནས་གཏེར་ཁ་རིམ་གྱིས་བཞེས་པ་ཚོ་ནོད་འདུན་ཡོད་ཚུལ་གྱི་སྙན་གསན་ཕབ་སྟེ་ཕྱིར་


GLG006_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཆུ་བོ་རིར་ཕེབས་བཅུག ། ཚེས་གསུམ་ལ་དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་རྒྱལ་མཚན་ཕེབས་པ་དང་མཇལ། བུ་ཐུག་སན་ཁུ་ཐུག་ཐུ་ལ་བླ་མའི་རྣལ་འབྱོར་དང་ཕྱག་དྲུག་པའི་བཀའ་བསྒོ་ཟང་ཟིང་གི་སྟེར་ཆ་བྱས་ནས་བརྫངས། སྣ་དཀར་རྩེ་ཞབས་དྲུང་དང་མཇལ་ཞིང་གསུང་འཕྲོས་འཕེལ་བའི་ཆད་ཅིག་བྱུང་། བསམ་ཡས་ཆོས་སྐྱོང་ཆེན་པོས་མགོ་བརྙན་གྱི་ཏོག་ཡོད་པའི་རྒྱལ་མཚན་མང་ཙམ་བཟོ་རྩིས་ཡིན་པར་རྐེད་ཁྲར་འོས་པའི་གོས་ཆེན་དགོས་གསུང་བ་ཕུལ་ཞིང་ལས་བཅོལ་གྱི་འཕྲིན་ཡིག་ཚིགས་བཅད་དང་བཅས་ལྕང་གླིང་པ་བསོད་ནམས་དབང་པོ་བཏང་། ཚེས་བཞི་ནས་བཟུང་ཕྱི་མཚམས་ཁོག་གོང་དཀར་ནས་ཁྱབ་བདག་ཞ་ལུ་པ་ཆེན་པོ་ཕེབས་པའི་ཀྱེ་རྡོར་རྒྱུ་དབང་ལམ་དབང་སོགས་དབང་། བྱིན་རླབས། རྗེས་གནང་། ལུང་མན་ངག་མང་དུ་ཞུས། མཁན་རིན་པོ་ཆེའི་བཀས་བསྐུལ་བའི་ནཱ་རོ་མཁའ་སྤྱོད་དང་འཆི་མེད་དཔལ་སྟེར་གྱི་བརྒྱུད་འདེབས། གཤེད་དམར་གྱི་བརྒྱུད་འདེབས་ཐུགས་སྲས་ལོ་ཙཱ་བས་གནང་བའི་ཁ་སྐོང་རྣམས་སྦྱར། རྙེད་བཀུར་འབུལ་ནོད་གྱ་ནོམ་པ་བསྟབས་ཏེ་ཞ་ལུར་ཕེབས། བྱམས་པ་གདན་འདྲེན་གྱི་ཉིན་ཁ་བ་ཤིན་ཏུ་ཆེ་བས་སེར་སྦྲེང་བ་དང་ཆོས་སྐྱོང་གི་སྤྱན་གཟིགས་ཚོ་སྤངས་པའི་རི་ཀླུངས་ཀུན་དཀར་པོར་སོང་བ་ཞིག་བྱུང་བ་ཚང་མ་སྔར་འདི་འདྲ་ཡོང་མ་མྱོང་ཟེར་ཡང་དེ་ནས་བཟུང་ལོ་གཉིས་ཀྱི་བར་མཆོད་ཡོན་རྣམས་སྐུ་ཚེ་བརྟན་ཞིང་དུས་གཟིངས་མུ་གེ་ནད་ཡམས་འདྲ་ཆེར་མ་བྱུང་བས་མི་ལོད་དམ་སྙམ་ཡང་ཧ་ཅང་གི་ཡུན་མ་སོང་བས་ཐེ་ཚོམ་གྱི་གཞིར་སྣང་། དགེ་སློང་རྣམ་


GLG006_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དཔལ་བཟང་དང་སྙེ་ཐང་པ་བློ་གྲོས་རྣམ་རྒྱལ་གཉིས་ཀྱིས་གསང་བ་རིན་ཆེན་འདུས་པ་དང་རྒྱལ་དར་གོང་པ་བཤེས་གཉེན་དར་རྒྱས་ཀྱི་ལས་ཁྱུང་གི་བསྙེན་པ་བྱེད་པར་དམིགས་པ་དང་ཕྱག་ལེན་ཁྲིད་ཅིང་ཁྱུང་གི་ལས་བྱང་ཞིག་ཀྱང་བརྩམས། ཧོར་ཟླ་གཉིས་པའི་ཚེས་གསུམ་གྱི་མིག་དམར་དབྱུ་གུའི་འགྲུབ་སྦྱོར་གྱི་ཉིན་ཨོ་ཆིར་ཐུ་ཐའི་ཇི། ཆོ་ཁུར་ཨོ་བ་ཤི། དཔོན་མོ་སའི་ཁན་ཇུ། སྟག་རྩེ་ཐའི་ཇི་ཡབ་སྲས། བདུད་འདུལ་དཀའ་བཅུ། དཔོན་ཆུང་། མི་བཟང་། དྲུང་འཁོར་སོགས་བོད་སོག་བརྒྱར་ཉེ་བར་ནང་རྟེན་རགས་རིམ་གྱི་མཇལ་ཁ་བཏང་། དྲུག་བརྒྱ་བ་དཀོན་ཅོག་ཚེ་དབང་གིས་ངེད་རང་གི་འདྲ་འབག་བྲིས་པའི་ཐང་ཁའི་རྒྱབ་ཡིག་དང་དཔོན་པོ་གྲ་རིགས་རྣམས་ཀྱིས་བསྐུལ་ནས་བླ་མ་བཙན་པོ་དོན་གྲུབ་རྒྱ་མཚོ་སྐྱེ་སྲིད་མྱུར་འཛིན་གྱི་སྨོན་ལམ་བྲིས། ཚེས་ལྔ་ལ་ཆོ་ཁུར་ཨོ་པ་ཤིས་སྦུ་ལ་གས་ནང་བྱས་པའི་བེར་གྱིས་གཙོས་པའི་གོས་སྣ། མུ་ཏིག་ལས་བཟོས་པའི་སེ་རལ་ཁ། ཞྭ་ཕོད། གོས་དར། ཇ་དངུལ་སོགས་སྟོང་འབུལ་བཏེག་པའི་ཐོག་ཆོས་རྗེ་ཕ་བོང་ཁ་པ་དང་འཕན་ཡུལ་གསས་ཁང་དགོན་པའི་གྲ་པ་ཁ་ཤས་ཀྱིས་སྨོན་ལམ་གྱིས་མཚམས་སྦྱར་བའི་དཔོན་མོ་ཤེས་རབ་སྒྲོལ་མས་བསྐལ་བརྒྱར་བཞུགས་པའི་ཞལ་བཞེས་དགོས་ཞེས་ནན་དུ་སེ་ཆེན་དབོན་པོས་ལོ་ཙཱ་བྱས་ཟེར་བར་ངོ་འཛིན་ཙམ་དུ་ཁས་བླངས། སྣ་དཀར་རྩེ་ཞབས་དྲུང་། ལྷ་ཀང་ཀེ་རུའི་ཞབས་དྲུང་སྙིང་སྙིང་། གཉལ་ཤ་གཟུགས་སྐུ་སྐྱེ་ཆེ་ཆུང་། ཡང་དགོན་སྤྱན་སྔ། སང་སིང་བླ་མ། ཟངས་མཚོ་བླ་མ། འབྲི་གུང་ཡང་རི་བླ་མ། སྡེ་པ་ཐོན་པ་བཀྲ་ཤིས་རབ་


GLG006_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན། དཔལ་དེ་རས་ཆེན། ཡར་འབྲོག་གླང་ལུང་བླ་མ། འབའ་རྫོང་སྡོད་སྐྱིད་སྦུག་པ་དང་གསར་བྱུང་ལ་སོགས་རྫོང་སྡོད་ཁ་ཤས། འཕན་ཡུལ་རྒྱལ་སྨད་པ། རྒྱང་རོ་གསེར་སྡིངས་པ་རྣམས་དང་ཕྲད། གཟེར་ཆེན་ནས་ཀྱིས་གཙོས་གཙང་གི་ལྡིང་དཔོན་སུམ་ཅུ། ལྡིང་འོག་བརྒྱ་སྐོར་འོངས་པ་སྤྱི་བསྡུས་ཀྱིས་བདོག་པ་བསྟར་བའི་བརྟན་སྡོད་ཆབ་མདོ་འཕགས་པ་ལྷའི་དངོས་པོའི་ཚན་གྲངས་སྐྱེལ་བར་རྟགས་བརྒྱད་ཅན། ཨ་ཆི་མགོན་པོ་དཔོན་མོ་གཉིས་ཀྱིས་བརྒྱ་འབུལ་གྱིས་མཚོན་པའི་ཕྲད་མི་ཤིན་ཏུ་མང་། ཆོ་ཁུར་ཨོ་པ་ཤིའི་མི་ངོ་རྣམས་ལ་ཚེ་དབང་བརྒྱ་རྩ། ཨོ་ཆིར་ཐུ་ཐའི་ཇི་དཔོན་གཡོག་བརྒྱད་ཅུ་སྐོར་ལ་ཕྱག་རྡོར་འབྱུང་འདུལ། ཕུན་ཚོགས་སྒྲོལ་མར་ཕྱག་དྲུག་པའི་རྗེས་གནང་དང་བཟང་སྤྱོད་སོགས་ཆོས་སྤྱོད་ཐོར་བུའི་ལུང་། ཨུ་རང་ཁན་ཤི་ཏ་དྷ་ཨེར་ཁེ་སྤུན་ལ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ། དེའི་བུ་མོ་ཅན་བཅོ་ལྔ་ཙམ་དགེ་ཚུལ་དུ་བསྒྲུབས། ལྕོག་དཀར་ཏྲེ་བོ་སྤྲུལ་སྐུར་དགེ་ཚུལ་གྱི་སྡོམ་པ་ཕབ། གུང་ཐང་ཆོས་ཁྲི་བླ་མ་ཇོ་གདན་རབ་འབྱམས་པ། ཟུར་རི་བླ་མ། ཉི་ཐང་སློབ་དཔོན། མདོ་མཁར་ཆོས་སྡེའི་བླ་མ་རྣམས་དང་ཕྲད། ཚ་བ་སྐུ་སྐྱེའི་གྲ་པ་རབ་འབྱམས་པ་དགེ་འདུན་དར་རྒྱས་ཀྱིས་བརྒྱ་འབུལ་དང་སོལ་ཐོན་ཐའི་ཤིའི་དཀའ་བཅུ་བས་འཕེན་ལེགས་པ་བཅུས་གཙོས་པ་བྱིན། སེ་ར་བྱེས་སྐུ་སྐྱེས། ཇི་ནོང་གི་ནུ་མོ་ཤུ་ཁུ། ཐོན་བཀྲ་ཤིས་རབ་བརྟན་མིང་སྲིང་། གཡོན་རུ་ཚེ་རིང་གི་ཚ་མོ། ཁ་ཐུན་ཨེ་ཇེས་ཐོག་དྲངས་མི་གྲངས་བརྒྱ་སྐོར་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཐོན་པ་སྒེར་


GLG006_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇིགས་བྱེད་ཟ་མ་ཏོག་གི་ལུང་།ལྕམ་གྱི་སྐྲ་ཕུད་བླངས། ཚེས་དགུ་ལ་དཔོན་མོ་སའི་ཁན་ཇུར་འཕོ་བའི་འཁྲིད་བསྐྱར་ནས་ཕབ། ཧོར་དཔོན་བཙུན་ཆུང་གི་བུ་ལུས་བསྒྱུར་ཅིང་སྐྲ་ཕུད་བླངས། ཚེས་བཅུ་ལ་བྱེས་པ་སྐུ་སྐྱེ། དཔལ་དེ་རས་ཆེན། རྩེ་ཆེན་ནས། གཟེར་ཆེན་ནས། ལེགས་གླིང་ནས། བྱང་གླིང་རྒྱལ་པོ་རྣམས་ལ་ཉང་ལུགས་དྲག་པོ་མེའི་སྤུ་གྲིའི་དབང་། སྒོ་མངས་སློབ་དཔོན་ག་རུ་བ། ཚ་བ་སྐུ་སྐྱེའི་རབ་འབྱམས་པ་སངས་རྒྱས་བཀྲ་ཤིས། སོལ་ཐོན་ཐའི་ཤིའི་དཀའ་བཅུ། ཨ་ཆི་མགོན་པོ་སོགས་མི་གྲངས་ཕྱེད་ཉིས་བརྒྱ་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར། བསྙེན་རྫོགས་གོ་གསུམ་དང་། དགེ་ཚུལ་བརྒྱ་བདུན་བསྒྲུབས། སྟོད་རྒྱུད་གྲ་དམངས་ལ་བྱིན་རླབས་བྱས། ཧོར་ཟླ་གསུམ་པའི་ཚེས་གཅིག་ལ་ཨོ་ཆིར་ཐུ་ཐའི་ཇིས་ཝ་ནག་མཇིང་བསྒྲིགས་ཀྱི་ཐུལ་བས་གཙོས་གོས་སྣ། ཇ་གོས་དར། གསེར་དངུལ་གྱི་སྟོང་འབུལ་བཏེག །ཁྱབ་བདག་སྨན་ལུང་པ་ཕེབས་པའི་ཞག་ཁ་ཡར་གྱི་བར་སྟན་འཇགས། གཡའ་མ་ལུང་གི་གཏེར་གསར་རིགས་འཛིན་ཐུགས་ཏིག་གི་དབང་ལུང་སོགས་ཆོས་བཀའ་ཁ་ཤས་ཞུས། ཧོར་ཟླ་བཞི་པའི་སྒྲུབ་མཆོད་ཀྱི་སྟབས་ནས་ཆུ་བོ་རིར་ཕེབས། ཚོགས་གསོག་ཏུ་རྫོང་གཞིས་བཅུ་བཞི་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་དང་ལྔ། མཚན་བརྗོད་སུམ་འབུམ། ཚེ་ཆོག་བཞི། ལྷ་ས། བསམ་ཡས། ཁྲ་འབྲུག །ཡུམ་བུ་རྣམས་སུ་བརྒྱ་མཆོད་སྣ་ལྔ། གསེར་ཆབ། སྤྱན་འབྱེད། ཁྲུས་གསོལ། ཁྲོ་རོལ་གསུམ། འཆར་ཀའི་མདོས་གཅིག །མནན་པ་གཉིས།


GLG006_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བཙོན་དོང་ཐར་ལྔ། ཕྱུགས་ལུག་དྲུག་ཅུའི་སྲོག་བླུ། དགེ་འདུན། རྒན་རྒོན། སྤྲང་པོ། བྱིས་པ། ཉ། བྱ་རོག །ཁྱི་རྣམས་ལ་སྟོན་མོ། མཆོད་རྟེན་ལ་སྐུ་དཀར། ལམ་ཟམ་ཞིག་གསོས། ཚེ་དཔག་མེད་དང་། སྒྲོལ་དཀར་གྱི་སྟོང་ཐང་། གཏོར་མ་འབུམ་ཐེར། སྲོང་བཙན་དུ་བཀང་བརྒྱ། མ་མོ་གླིང་བཞི་དང་མ་ཏྲཾ་གི་མདོས། བོན་གྱི་གཏོ་ཆོག་སྣ་ཆགས་བཏང་། དགའ་ལྡན་དངུལ་གདུང་རིན་པོ་ཆེའི་གསེར་ཐོག་ཞིག་གསོས་རིམ་པར་འབྱུང་འདུག་ཀྱང་རི་མཐོས་པའི་རླུང་གཟན་སྐྱོན་བཞིན་ཡིན་ནམ་འཕྲལ་འཕྲལ་གོགས་པའི་གཤིས་ད་ལའི་ཧུང་ཐའི་ཇིས་ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་སྦྱིན་བདག་མཛད་པའི་གསེར་གཏོས་ཆེ་བ་བསྐུར་ནའང་ཅུང་ཟད་མ་ལྡངས་པར་གཞུང་ནས་གསེར་གྱི་སྣོན་མ་དང་མཆོད་ཁང་ལ་ཆུའི་ཐིགས་པས་མི་གནོད་པའི་ཁྱད་ཀྱིས་རྒྱ་བསྐྱེད་པའི་ཕྱོགས་རེར་རྒྱུག་མཐོ་དྲུག་ཅུ་རེ་གཉིས་པ་གྲུ་བཞི་དཔངས་ལ་རྒྱུག་མཐོ་ཞེ་གཉིས་ཡོད་པར་གསེར་ཐོག་བྱིངས་དང་མི་འདྲ་བའི་པདྨས་བཏེག་པའི་རྡོ་རྗེ་རྩེ་ལྔ་པ་གཉིས། ཤང་ཤང་གཉིས། བུམ་པ། འཁོར་ལོ། པདྨ། རྡོ་རྗེ་བཞི་བརྩེགས་པ་རྣམས་འཕྲལ་དུ་ལེགས་པ་དང་ཤེས་བྱེད་ཀྱི་ཁུངས་སོགས་མེད་འདྲ་ཡང་ཆོས་སྡེའི་རིགས་ལ་བསྒྱུར་བཀོད་མངས་ན་མི་ཤིས་པ་ཞིག་བྱུང་ཚེ་ཁག་ཡོད་གིན་འདུག་པའི་སྟབས་སྡེ་པས་ཀྱང་བཟོ་རྙིང་པ་སོར་བཞག་པའི་ཟངས་མཁར་རྒྱའི་ཁལ་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ། གསེར་དབུས་ཞོ་བཞི་སྟོང་བརྒྱད་བརྒྱ། དངུལ་ཆུ་ཞོ་ཉི་ཁྲི་སུམ་སྟོང་དྲུག་བརྒྱ། སྟར་བུ་མཁར་རྒྱའི་ཁལ་ང་དྲུག །དམར་


GLG006_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཚོས་སོ་གཉིས། ལྕགས་ཁལ་བརྒྱ་སོ་དྲུག །རླུང་དྲིལ་ལྔ་བཅུ་རྣམས་སོང་བའི་བལ་པོ་ཨ་མ་ར་སིདྷ་དང་ཟངས་མགར་དབུ་མཛད་སྲས་ལྷས་བྱིན་གྱིས་གཙོས་པའི་ལྔ་བཅུ་ང་ལྔ། དོ་དམ་བཀྲས་རབ་ཆོས་མཛད་དང་བླ་མ་མ་ཎི་བ། གྲ་ས་བས་ཐོག་དྲངས་ཤིང་བཟོ་བ་ཉི་ཤུ་རྩ་ལྔ། དོ་དམ་ཁྲོམ་ས་བ་དཔལ་འབྱོར་བཀྲ་ཤིས། གསེར་གསོལ་བ་རྩེ་ཆེན་པ། འདར་པ་ངག་དབང་འཕྲིན་ལས། མངའ་རིས་དྲུང་པ། ཟངས་བརྡུང་ལ་ཟླ་བ་དྲུག །ཤིང་བཟོ་ལ་ཟླ་བ་བཞི། གསེར་གསོལ་ལ་ཞག་ཉི་ཤུ་ལྷག་འགོར་བའི་ཕོགས་ཡོན་སྟོན་མོ་རྣམས་འབྲུ་ཐོག་ཏུ་དྲིལ་བ་མཁའ་རུའི་ཁལ་ཆིག་ཁྲི་ཆིག་སྟོང་སུམ་བརྒྱ་བརྒལ་བ་སོང་། ཞིང་སྐྱོང་དབང་པོའི་མཆོད་གཏོར་རྒྱས་པར་བཏང་ཞིང་ཕལ་ཆེར་ཕྱི་མཚམས་སུ་བསྡད། ཁྱབ་བདག་སྨན་ལུང་པའི་གསན་ཡིག་གི་མཆོད་བརྗོད་བྲིས་ཤིག་པར་གསུང་གིས་བསྐུལ་བ་ལྟར་སྙན་ངག་གི་ལམ་ནས་དྲངས། གོང་དཀར་རྡོ་རྗེ་གདན་གྱི་སྤྱི་ཚོགས་ཀྱིས་གསོལ་འདེབས་བརྟན་སྡོད་སྨོན་ལམ་ཇ་མཆོད་གང་ལའང་ཁ་བསྒྱུར་ཆོག་པའི་ཚིགས་བཅད་དགོས་ཚུལ་བྱུང་བ་རྒྱ་འབག་གི་མིག་ལྟར་འཕྲུལ་ཆོག་པ། ཕན་བདེ་ལེགས་བཤད་གླིང་པའི་གཏོར་སྒམ་ཟུར་ལྕགས་སྒོ་འཁོར་གྱི་ཚགས་ར་མ་ལུག་གི་དངུལ་གྲ་ཚང་སྤྱི་དང་གསེར་མཆོད་དབོན་དབུ་མཛད་གཉིས་ཀྱིས་བཏོན་དོ་དམ་གཉེར་པ་སྦྱིན་པས་བྱས་ནས་བསྒྲུབས་པའི་ཁ་བྱང་རྣམས་བྲིས། ཧོར་ཟླ་བཞི་པའི་ཚེས་བཅུ་གཉིས་ལ་རྒྱལ་པོ་གཏེར་ཁ་གོང་མའི་དྲག་དམར་གྱི་བྱིན་རླབས་ལུ་གུ་རྒྱུད། རྒྱལ་མོ་གཉིས། ཨོ་ཆིར་ཐུ་ཐའི་ཇི།


GLG006_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཇོང་གར་ཚེ་རིང་། ཨ་ཆི་མགོན་པོ་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། གཡོན་རུ་དའི་ཆེན་ཁོ་ལོ་ཆེའི་སྐྱེ་བ། བྲག་དབར་གྲ་ཚང་གི་སློབ་དཔོན། དུ་རི་ཡལ་ཁོན་ཇིན་གྱི་དར་ཁན་ཨེམ་ཆི། ལྷོ་པ་བླ་མ་ཀུན་ལེགས། ཤེལ་དཀར་ཆོས་སྡེའི་སློབ་དཔོན། གུང་ཐང་གཟིམས་ཁང་ཤར་བླ་མ་འཇམ་དབྱངས་རྒྱལ་མཚན། ཁྲོ་ཕུ་བླ་མ་ངག་དབང་བསྟན་འཛིན། ཀོང་པོ་བཀྲ་ཤིས་ཆོས་གླིང་པའི་བླ་མ། དེ་མོ་སྤྲུལ་སྐུའི་མི་སྣ་སོགས་ཕྲད་མི་མང་དུ་བྱུང་། སྔ་སོར་བརྒོ་རྒྱུ་བསྐུར་བ། ཐམས་ཅད་མཁྱེན་པ་ནོར་བཟང་རྒྱ་མཚོས་མཛད་པའི་གསང་འདུས་ཀྱི་བསྐྱེད་རྫོགས་གཉིས། དཔང་ལོའི་བརྡ་སྤྲོད་གསལ་བ་རྩ་འགྲེལ། རྒྱལ་བ་བཙོང་ཁ་པས་མཛད་པའི་འདུལ་བ་རྒྱ་མཚོའི་སྙིང་པོ་རྣམས་ཟིན་པའི་པར་འབྱོར། སྒྱུ་འཕྲུལ་རྩ་རྒྱུད། སྟག་ཚང་ལོ་ཙཱ་བའི་རིགས་གནས་ཀུན་ཤེས་དང་གྲུབ་མཐའ་ཀུན་ཤེས་ཀྱི་རྩ་འགྲེལ། ཀུན་མཁྱེན་གོ་བོ་དང་པཎ་ཆེན་ཤཱཀྱ་མཆོག་གི་ལན་འབྲས་སྤུངས་ཆོས་རྗེ་འཇམ་དབྱངས་ལེགས་ཆོས་པ་དང་སེ་ར་རྗེ་བཙུན་པ་གཉིས་ཀྱིས་མཛད་པ། ཐུགས་སྲས་ལོ་ཙཱ་བས་མཛད་པའི་བདེ་གཤེགས་སྙིང་པོའི་མཛེས་རྒྱན། གནས་རྙིང་བ་རིན་ཆེན་ཏོག་གིས་མཛད་པའི་དབང་པོ་རྡོ་རྗེ་དང་རྡོ་རྗེ་ཐོག་ཏོ་རྣམས་བརྐོ་བའི་པར་བྱང་བརྩམས་ཤིང་མ་དཔེ་དགའ་ལྡན་ཕུན་ཚོགས་གླིང་དུ་བསྐུར། གོང་གསལ་གྱི་པར་ཚོ་མཁོ་ཆེ་བར་མ་ཟད་རིན་ཅེན་ཏོག་གི་ཡིག་ཆ་རྣམས་ཤིན་ཏུ་དཀོན་པ་དང་རྟག་བརྟན་སྤྲུལ་སྐུས་གཞན་སྟོང་གི་ཕྱོགས་འཛིན་རྒྱུའི་རྨོངས་ཞེན་གྱིས་མགོན་པོ་ཀླུ་སྒྲུབ་རྗེས་འབྲང་ལ་སྐུར་པ་ཆེན་པོ་བཏབ་


GLG006_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་གི་ཞར་ལ་སྐྱེ་རྒུ་མང་པོ་ངན་སོང་དུ་འཁྲིད་པའི་སྒོ་འགེགས་པ་ལ་ཕན་ནམ་སྙམ། བཅུ་གསུམ་ལ་ཤ་ཁང་ནོ་མོན་ཁན་ཅན་ཟུང་དུ་མ་གྱུར་པའི་གྲངས་བཅད་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་མི་འཁྲུགས་པ་ལྷ་དགུའི་དབང་། ཤེལ་དཀར་བླ་མ། ལྷོ་པ་ཀུན་ལེགས། སྤྱི་དཔོན་སུམ་ཅུ། སའི་ཁན་དུ། བདུད་འདུལ་བཀའ་བཅུ། གཡོན་དུ་ཨུ་ར་ལུག་ཁོ་ཤོ་ཆིས་གཙོས་པའི་སུམ་ཅུ་ལྷག་ལ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་རྗེས་གནང་བསྐུར། ནོ་མོ་མཁན་དང་བཙན་པོའི་གདན་སར་སློབ་དཔོན་འཕྲིན་ལས་རྒྱ་མཚོ་འགྲོ་བར་རྫོང་བ་བྱས། བཅུ་བཞིའི་ཞོགས་སའི་ཁན་ཇུ། བདུད་འདུལ་དཀའ་བཅུ། ས་ཆེན་དབོན་པོ་གསུམ་ལ་སྨྱུང་གནས་ཀྱི་གསོ་སྦྱོང་ཕབ། གཡོན་རུ་སྐུ་སྐྱེ་རྒྱལ་བ་རྒྱ་མཚོ་ཅན་བསྙེན་རྫོགས་ཞེ་བརྒྱད་དང་དགེ་ཚུལ་ང་དགུ་བསྒྲུབས། ཧོར་ཟླ་ལྔ་པའི་ནང་དུ་སྦྱོར་ར་སྤྲུལ་སྐུ་ཡབ་སྲས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་བ་རི་ལུགས་ཀྱི་སྒྲོལ་དཀར་སྤྱན་བདུན་མའི་རྗེས་གནང་ཕུལ་ཞིང་ཁོང་དཔོན་སློབ་དང་སེ་ར་སྤྱི་སོས་དངོས་པོ་དང་བཅས་རིང་འཚོའི་རྟེན་འབྱུང་མཛད། བསམ་དར་ནས་ཀྱིས་བཀའ་འགྱུར་བཞེངས་པའི་སྡེ་ཚན་སོ་སོར་འདྲི་རྒྱུའི་སྨོན་ལམ་དང་དཀར་ཆག་ཆེ་བརྗོད། བྱང་གླིང་བསམ་གྲུབ་རྒྱལ་པོས་བཀའ་འགྱུར་བཞེངས་པའི་དབོན་ཡིག་ཚོའི་ཁ་ཏོན་བྱེད་རྒྱུའི་སྨོན་ལམ་དང་དཀར་ཆག་ཆེ་བརྗོད་རྣམས་བྲིས། གླིང་སྨད་ཆོས་རྗེ་བསྟན་འཛིན་རྒྱ་མཚོ། བྱམས་གླིང་མཁན་པོ་ཚུལ་རྒྱམ་པ། གྲ་ཐང་མཁན་པོ་འཕྲང་འགོ་ཆོས་རྗེ། སྡེ་པ་འབོག་གོང་པ་རྣམས་དང་ཕྲད། པོ་ཏ་ལའི་རྩེར་སྡེ་བས་མཁར་ལས་གསར་དུ་མཛད་


GLG006_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བརྩིས་ཀྱི་ཚེས་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་དྲུང་འཁོར་སྐྱ་སེར་གྱི་རྟ་པ་སུམ་བརྒྱ་སྐོར་དང་བཅས་ཕྱིན་པའི་བསུ་བར་འབྲས་སྤུངས་ནས་བླ་མ་གྲ་རིགས་ཕྱེད་ཉིས་བརྒྱ་བརྒལ་བ་འབྱོར། སྐྱེལ་མར་ཤར་པ་ཆོས་རྗེ། ཕ་བོང་ཁ་གདན་ས་པ། གཡོན་རུ་དང་ཨ་པ་ལའི་དཔོན་མོ་ཅན་སོག་པོ་བརྒྱ་ཟིན་རིན་ཆེན་སྒང་ཀླུ་སྡིངས་སུ་འབྲས་སྤུངས་སྤྱི་སོའི་ཐབ་བསུར་རྟ་གཞོལ་ཇ་སྦྱོར་གསུམ་བཏང་བའི་དགོན་པར་སླེབས་གདོང་ཚོགས་ཆེན་གྱི་ཕྱག་མཚན་བསྒྲེངས་པའི་སེར་སྦྲེང་གྱ་ནོམས་པ་དན་འབག་དང་སྟོད་ལུང་མདའི་བྲོ་གཞས་དང་ཁྲོམ་ཆེ་བར་སྣང་། ཆོས་སྐྱོང་ཆེན་པོའང་ཁོག་ཏུ་ཞུགས་ནས་ཟམ་སྣེར་ཕེབས། ཕོ་བྲང་དུ་སླེབས་ཐོག་ཆོས་རྗེ་དཀོན་གཉེར་དཔོན་པ་དགེ་སྟེང་པས་ད་ལམ་ཆོ་ག་དང་མ་འབྲེལ་རུང་མོས་གུས་བརྟན་བཞུགས་ཡིན་ཚུལ་དང་བཅས་སྣ་ཚོགས་རྡོ་རྗེའི་རེ་ཁཱ་ཅན་གྱི་རས་ཤིག་ལ་སྨོན་ལམ་བཏབ་ནས་སྟན་འོག་ཏུ་བཅུག །དེ་ཉིན་དང་ཚེས་དྲུག་ལ་སློབ་དཔོན་རྣམས་དང་གྲ་པ་མང་རབ་ལྟིར་ཇ་དང་སྦྲགས་ཕྲད་པར་བྱུང་ཞིང་རྒྱལ་སྒར་པ་གྲ་ཚང་བ་ཡོངས་རྫོགས་ཀོང་པོ་གཡུལ་རྒྱལ་རབ་བརྟན་གྱི་ཆོས་སྡེར་འདེགས་པའི་སྟ་གོན་ལ་འབྱོར་བ་དང་འགྲིག་སྟེ་ཡུན་དུ་གནས་པའི་སྨོན་ལམ་བཏབ། ཚེས་བདུན་གྱི་ཉིན་ཚོགས་ཆེན་དུ་ཕྱིན་ཆོས་སྡེ་ཆེན་པོའི་ཞབས་འཐུད་རྙིང་ཁུངས་ཉེ་སྐོར་རྣམས་ཀྱིས་བྱས་པའི་བདོག་པ་རྒྱ་ཆེར་སྤེལ་ཞིང་དགེ་འདུན་འདུས་པས་རིང་པོར་གནས་པའི་བདེན་པ་བརྗོད། དཔོན་མོ་ཤེས་རབ་སྒྲོལ་མས་ཚེ་དཔག་མེད་ཀྱི་དཀྱིལ་ཐང་ཐགས་གྲུབ་དང་རིན་པོ་ཆེའི་འོག་པག་བྱིན། ཆོས་སྐྱོང་ཆེན་པོའང་ཁོག་ཞུགས་སུ་


GLG006_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས། དགེ་འདུན་རྣམས་ལ་བྱིན་རླབས་བྱས། ཀུན་དགའ་ར་བར་བོད་སོག་གཞི་བྱེས་གཏོས་ཆེ་བར་འབྲས་སྤུངས་སྤྱི་སོ་ནས་དཀར་སྤྲོ་དམར་སྤྲོ་བཟབས་རྒྱས་དང་ཚན་གྲངས་བསྟར། སང་ཉིན་གྲྭ་ཐང་མཁན་པོ་དང་གོང་དཀར་ཆོས་སྡེ་བ་བླ་མ་གྲ་རིགས་བརྒྱ་ལྷག་གིས་ཀུན་དགའ་ར་བའི་ཚོམས་ཆེན་དུ་སྤྱི་སྒེར་གྱི་བདོག་པ་བཏེག་སྟེ་ཚེ་ཆོག་དང་འབྲེལ་བའི་རྟེན་འབྱུང་བསྒྲིགས། ཉིན་ཕྱི་མར་ཆོས་སྡེ་དང་དཔོན་སློབ་ལ་པཎྜི་ཏ་གསེར་གདུགས་ཅན་གྱི་འཇམ་དཀར། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ། དབང་གི་སྒྲོལ་མ་དམར་མོ། བྲམ་ནག་བཤན་པ་དྲུག་སྐོར་རྣམས་ཀྱི་རྗེས་གནང་ཕུལ། ཚེས་བཅུ་ལ་ལྷ་ས་སྤྱི་སོས་བདོག་པའི་དངོས་པོ་གྱ་ནོམ་པ་བསྟར་ཏེ་ཡུན་དུ་གནས་པའི་རྟེན་འབྱུང་བསྒྲིགས། ཀུན་དགའ་ར་བའི་ཚོམས་ཆེན་དུ་དྲུག་བརྒྱ་ཙམ་དང་དེར་མ་ཤོང་བ་བཅས་སྟོང་ལྷག་ལ་བྱིན་རླབས་དང་མདུད་པ་བྱིན། དན་འབག་ཕུ་མདའི་མ་ཎི་ཚེས་བཅུ་བ་རྣམས་ལ་ལེའུ་བདུན་མ། ནོར་བུ་པདྨའི་ལྗོན་ཤིང་། མ་ཎིའི་བཟླས་ལུང་རྣམས་བྱས། སྦྱོར་ར་ཆོས་སྡེའི་གྲ་པ་ཞིག་གིས་འབུམ་པོ་ཏི་བཅུ་དྲུག །དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་བཅུས་གསར་རྩོམ་དབུ་ཕར་མཛོད་ཀྱིས་གཙོས་པའི་ཁ་ཤས་ཀྱི་རྒྱུགས་སྤྲད། སང་ཉིན་སྒར་པ་གྲ་ཚང་པར་ནག་པོ་སྐོར་གསུམ་དང་དམག་ཟོར་མའི་གཏོར་ཆོག །བཀང་བའི་ལུང་ཕུལ། བསྙེན་རྫོགས་ཞེ་གཅིག་དང་དགེ་ཚུལ་ང་བདུན་བསྒྲུབས། ཆོས་སྐྱོང་ཆེན་པོའི་སྐུ་ཁོག་གིས་དཀར་སྤྲོ་རྒྱས་པར་བཏེག །སྔགས་བན་ངག་དབང་འཕྲིན་ལས་ཀྱིས་བཀྲ་ཤིས་ཆོས་ལྡན་གྱི་དགེ་བ་བསྒྲུབས་


GLG006_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫོགས་བྱང་དུ་བསྔོ་བའི་སྨོན་ལམ། ལྷ་ས་སྤྱི་ཚོགས་ཀྱིས་བསྐུལ་བའི་བསྟན་པ་རྒྱས་པ། མཆོད་ཡོན་གྱི་བརྟན་བཞུགས། འཇིག་རྟེན་བདེ་བའི་སྨོོན་ལམ་སོགས་གཅིག་ཏུ་འདུས་པ། གྲ་ལེགས་པ་གླིང་པས་ཅི་བཏབ་འགྲུབ་པའི་སྨོན་ལམ་དགོས་ཚུལ་རྣམས་བརྩམས། བཅུ་གཉིས་ལ་ཕན་བདེ་ལེགས་བཤད་གླིང་པས་བཀྲ་ཤིས་ཁང་གསར་དུ་བྱེས་པའི་ཐོག་འབྲས་སྤུངས་ཀྱི་ལས་ཚན་ཚོ་བསྣན་པར་དཀར་སྤྲོ་དམར་སྤྲོ་སྤེལ་མ་བཟབས་ཤིང་སྟེར་ཆ་རྒྱས་པར་བྱུང་། ཞང་སྟོན་སྐུ་མདུན་ལྷུན་གྲུབ། འབྲས་སྤུངས་སྤྱི་གཉེར། དགེ་སྐོས། ཆོས་སྐྱོང་སྐུ་ཁོག་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སའི་ཁན་ཇུར་གསར་རྩོམ་གྱི་སཱཙྪ་འདེབས་ཆོག་གི་ལུང་བྱས། རྗེས་གནང་གྲུབ་འཚམས་ཞང་སྟོན་པའི་སྤྱན་གྱིས་རབ་རིབ་གསལ་དུ་སོང་ཚུལ་བྱུང་བ་ཆ་མ་འཚལ། ཚེས་བཅུ་དྲུག་ལ་གསང་སྔགས་ཕོ་བྲང་དུ་མཆོད་དཔོན་དབུ་མཛད་གཉིས་ཀྱིས་བཀྲ་ཤིས་ཁང་གསར་དང་དབྱིབས་འདྲ་བའི་གཞི་བྱེས་ཚང་མར་གཞིས་ལེན་དང་གོས་དར་སྟག་སྒམ་གྱིས་སྣ་དྲངས་པའི་སྟེར་སྦྱིན་བཟབས། གླང་བུ་ནས་འགྱུར་མེད་ཀྱིས་ཕུན་སུམ་ཚོགས་པའི་བཤད་པ་ཚར་བཞི་ཙམ་འདབས་སོང་བ་འདུ་ཁང་གསར་པའི་ཁ་འབེབས་ལ་ཤིས་པ་འདྲ། ཆོ་ཁུར་ཨོ་པ་ཤིའི་ནང་མི་བཞི། ཇོང་གང་ཚེ་རིང་ཅན་ལ་ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ་བསྐུར། བདུད་འདུལ་དཀའ་བཅུ་ལ་ཕྱག་རྡོར་གོས་སྔོན་ཅན། རྣམ་སྲས་སྨད་ལུགས་སེར་ཆེན་ལྷ་དགུ། ལས་གཤིན་ཕྱི་སྒྲུབ་སོགས་འདོད་ཆོས་ཅི་རིགས་པ་བྱས་ཤིང་དེ་བཞིན་གཤེགས་པའི་འཕེལ་གདུང་གིས་གཙོས་པའི་


GLG006_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས། ཤལ་དཀར་དམར། འཇམ་ཕྲུག་གིས་ཐོག་དྲངས་པའི་རྫོང་བ་གྱ་ནོམ་པ་བསྟབས། དཀའ་བཅུ་བ་འདི་པ་དད་ཞེན་ཆེ་ཞིང་ཨ་རིག་བསམ་གྲུབ་ཅེས་བདུད་ཀྱིས་བརླམས་པ་ཞིག་འབད་པ་ཆེན་པོས་བཏུལ་བ་དང་ལྷག་ཏུ་ཧུང་ཐའི་ཇིས་གཙོས་པའི་དྲག་ཞན་ཐམས་ཅད་ལ་ཞང་ཚན་གཉིས་མ་འདྲ་ཚུལ་གྱི་གཏམ་ངོ་གཟུང་མེད་པར་བཏང་འཕྲོས་སྣང་། བཅུ་དགུ་ལ་གྲ་ཚང་དང་མཆོད་དཔོན་དབུ་མཛད་ཐུན་མོང་ནས་ཚོགས་འཁོར་བཟབས་རྒྱས། རུང་མཐུན་གྱི་གོས་སྣ་སོགས་སྟེར་ཆ་དཔངས་བསྟོད་དང་བཅས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་རྒྱས་པར་བཏང་། དེའི་ནུབ་ནས་ཞག་བཞིའི་བར་ཚེ་བསྙེན་དམ་པར་བཅད། ཉེར་བཞི་ལ་གཏེར་སྒྲོམ་གྱི་ཆུ་ཚན་བླངས་པའི་ཞག་བདུན་གྱི་བར་མཚམས་ཁོག་ཏུ་འཕྲོད་བསྟེན་བྱས། ཧོར་ཟླ་དྲུག་པའི་ཚེས་གསུམ་ལ་རྒྱལ་པོ། ཐའི་ཇི། ཨོ་པ་ཤི། ཨ་ཆི་མགོན་པོ་ཅན་དྲག་རིགས་ལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དང་ལས་གཤིན་ཕྱི་སྒྲུབ་ཀྱི་རྗེས་གནང་། སང་ཉིན་རྒྱལ་པོ་སྐུ་རྐྱང་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དགུང་གྲངས། ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་། ཀུན་དགའ་ར་བར་གསང་ཕུ་ཆོས་རྗེ་ཆེན་པོ་གཞུང་ལས་པ་རྣམས་ཀྱིས་ཟང་ཟིང་གི་མཎྜལ་དང་བཅས་བརྟན་པར་གནས་པའི་སྨོན་ལམ་མཛད་ཅིང་བཀའ་གདམས་ལྷ་བཞིའི་རྗེས་གནང་ཕུལ། དཔལ་ལྡན་དམག་ཟོར་མའི་བེའུ་བུམ་གྱི་ལུང་གུང་རུ་དབྱངས་དབོན་པ་ཞིང་བརྗེས་པ་ནས་བཟུང་རྒྱུན་ཆད་འདུག་པ་བོ་ལུགས་ལ་ཡོད་དུ་རེའི་རྩད་བཅད་ཀྱང་བསམ་སྡིངས་དང་མཚོ་སྣ་ཚོར་མེད་པའི་ཁུངས་ཆོད། སྤོང་རོང་རྗེ་


GLG006_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་ལ་ཡོད་འགྲོ་ཟེར་བས་ཞ་ལུ་མཁན་རིན་པོ་ཆེས་ཐབས་རྩོལ་གྱིས་ཞུ་བའི་ཁུར་བཞེས་གནང་། འགྲོན་གཉེར་དྲུང་པས་ངོས་སྦྱོར་གྱི་ཡི་གེ་དང་བཅས་གྲུབ་ཆེན་བཀྲས་རྒྱམ་པ་རྫོང་བདའ་མཛད་པར་བླ་མ་ནམ་མཁའ་དཀར་པོས་བཀང་བ་དང་མདོས་ཆོག་གི་ལུང་ཞིག་མཛད་ནས་བེའུ་བུམ་ཐམས་ཅད་དེ་ལ་ཚར་ཁུལ་ལས་ཆོས་བཀའ་གནང་བ་ལྟ་ཞོག་དཔེ་ཆའང་གཟིགས་ཚོད་དུ་མི་འདུག །བཀང་མདོས་ཀྱི་དཔེ་གཉིས་དང་སྦྲགས་གྲུབ་ཆེན་པ་མཁན་རིན་པོ་ཆེས་དཔོན་སློབ་སྨན་ལུང་པའི་སར་ཆུ་བོ་རིར་རྫོང་བདའ་མཛད། དཔོན་སློབ་ཀྱིས་ལུང་གསན་ཏེ་འབྲས་སྤུངས་སུ་ཕེབས་བྱུང་ཡང་དེ་གཉིས་ནི་སྔར་ཐོབ་ཟིན་པས་མ་ཞུས། ཞག་བཞི་ཙམ་གྱི་བར་གསུང་གླེང་ཞིབ་རྒྱས་དང་ཀུན་དགའ་ར་བའི་གཟིགས་མོ་གནང་ནས་ཕྱིར་ཕེབས། སྣ་དཀར་རྩེ་ཕྱོགས་ཀྱི་གནས་ཚུལ་ལ་བོ་དོང་པར་དིང་སང་མདོ་ཕྱོགས་ཀྱི་བཤད་གྲ་དགའ་མོ་འདུག་ཀྱང་གསང་སྔགས་ལ་འགོ་ན་ཨོཾ་དང་མཇུག་ན་སྭཱཧཱ་གང་ཡང་མེད་པ་གླེང་བ་ཤིན་ཏུ་བདེན་པར་སྣང་། དར་རྒྱས་ཆོས་སྡིངས་ནས་གཏེར་སྟོན་རིགས་འཛིན་ཆེན་པོའི་གསུང་གིས་བསྐུལ་ཏེ་དཔལ་ཨོ་ཌི་ཡཱ་ནའི་སློབ་དཔོན་པདྨ་ཐོད་འཕྲེང་གི་རྣམ་ཐར་ལ་བརྟེན་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ། གཡོན་རུ་དཔོན་པོ་ཨ་ནནྡའི་ཁ་ཏོན་ཏུ་སྨོན་ལམ། བྱེས་པ་སྐུ་སྐྱེ་བསོད་ནམས་ལྷུན་གྲུབ་ཀྱི་ངོར་རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་འཁྱེར་བདེ་བ་རྣམས་བརྩམས། རྒྱལ་མཚན་མཐོན་པོའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་འབྱོར་བ་དང་ཕྲད། ཚེས་བརྒྱད་ལ་ཐའི་ཇི། ཨོ་པ་ཤི། ཨ་ཆི་མགོན་པོ་སོགས་སོག་པོ་ཉིས་


GLG006_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཙམ་ལ་ཡན་ལག་བརྒྱད་པའི་ཁྲིམས་དང་ཕྱི་དྲོ་བསྙེན་རྫོགས་བཅུ་དགུ། དགེ་ཚུལ་ཉེར་བཞི། དགེ་བསྙེན་གསུམ་རྣམས་བསྒྲུབས། ཚེས་བཅུ་ལ་ཆོས་རྗེ་དཀོན་གཉེར་དཔོན་པ་སོགས་བོད་པ་ཁ་ཤས་དང་ཐའི་ཇི། ཨོ་པ་ཤིས་གཙོས་སོག་པོར་བཅས་པའི་དབང་ཆ་ཚར་གཉིས་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་མི་འཁྲུགས་པ་ལ་ལྷ་དགུའི་དབང་། སོག་དམངས་རྣམས་ལ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་རྗེས་གནང་། ཨོ་པ་ཤིར་སྣམ་ཕྲུག །ཤལ་དཀར་དམར་གྱིས་མཚོན་པའི་རྫོང་བ་བཟབས་ཤིང་བུ་གཞོན་པ་དགེ་ཚུལ་དུ་བསྒྲུབས། དཔོན་མོ་ཤེས་རབ་སྒྲོལ་མས་ཕ་ཁུན་འདུ་ལེན་ཨོ་པ་ཤིའི་སྡིག་སྦྱོངས་སུ་དམིགས་ནས་རྡོ་རྗེ་སེམས་དཔའི་དངུལ་སྐུ་བྱིས་པ་ལོ་བརྒྱད་ཙམ་བཞེངས་པ་ཕན་བདེ་ལེགས་བཤད་གླིང་པའི་གྲ་ཁང་དུ་ཕུལ། རྒྱལ་མཚན་མཐོན་པའི་ཕྱག་མཛོད་པ་དཔོན་གཡོག་ལ་ཚེ་དབང་གྲུབ་རྒྱལ་མ། རྟ་མགྲིན་སྐྱེར་སྒང་ལུགས། ཕྱག་རྡོར་འབྱུང་འདུལ། ཕྱག་དྲུག་པ་དང་ལས་གཤིན་ཕྱི་སྒྲུབ་ཀྱི་རྗེས་གནང་བསྐུར། ཆོས་རྗེ་དཀོན་གཉེར་དཔོན་པ་འགོར་རིང་ཉིན་གནངས་ཆག་གི་ཕྲད་ཅིང་ཞིབ་མོལ་ངོས་སྟེར་ཆ་རྒྱས་པ། ཁོ་རང་གི་ཚ་བོ་དགེ་སྟེང་གི་གདན་སར་བསྐོས་པའི་བསྐོ་འཇའི་ཡི་གེ་གོང་ནས་གནང་བའི་གསེར་ཐམ་ཆེན་མོ་དགོས་ཚུལ་ལྟར་རེ་བ་བཀང་། བཅུ་བཞི་ལ་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་ཚོགས་ཆེན་དུ་བོས་པའི་གོས་ཕྱི་ནང་དངུལ་སྤྱད་ཀྱིས་སྣ་དྲངས་པའི་དགུ་ཚན་སུམ་ཅུ་རྩ་ལྔ་དང་ཚོགས་ཆེན་དུ་སྤྱི་འགྱེད་བསྟར་ཞིང་དགེ་འདུན་རྣམས་ཀྱིས་རིང་པོར་གནས་པའི་སྨོན་ལམ་བཀྲ་ཤིས་རྒྱས་པར་མཛད།ཚེས་བཅོ་ལྔའི་ཉིན་ཨོ་ཆིར་ཐུ་ཐའི་ཇི་དཔོན་


GLG006_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་ལ་བཅུ་གཅིག་ཞལ་དང་ཁྲོ་མོ་སྨེ་བརྩེགས་ཀྱི་རྗེས་གནང་། ཕུན་ཚོགས་སྒྲོལ་མར་འཇམ་དབྱངས་ལུས་དཀྱིལ་གྱི་རྗེས་གནང་དང་བྱམས་པས་དམ་བཅས་པའི་ལུང་བཀླགས། ཨོ་རོད་ནས་དགའ་ལྡན་པའི་དཔོན་མོ་འདས་པའི་བསྔོ་རྟེན་རྟ་སྒ་མ་བཅུ་སྐོར། ཕྱིང་གུར་ཁ་ཤས་འབྱོར། འདིའི་སྡུག་བསྔལ་གྱིས་དཔོན་མོ་ཕུན་ཚོགས་སྒྲོལ་མས་ཁྲི་འདོན་སྐབས་མགོ་གཏུམས་ནས་ངུས་སོང་བ་དཔོན་མོ་རང་གི་རྗེས་ཀྱི་ངང་ཚུལ་གྱི་རྟེན་འབྲེལ་ལ་ལྟ་བ་འདྲ། ཕྱི་དྲོ་ཨོ་ཆིར་ཐུར་ཞྭ། གོན་པ་སོགས་ཚན་གྲངས་དང་བཅས་སེ་ཆེན་རྒྱལ་པོའི་ཆོ་ལོ་ལུང་ལས་ཀྱི་ཐམ་ཀ་བྱིན་ཏེ་ཁྲི་ཐོག་ཏུ་བཏོན། འབུལ་ལན་གྱི་རྫོང་བ་བཟབས། དཔོན་ཆུང་ཤེས་རབ་ཀྱི་བླ་མར་ཐར་གླིང་ཟུར་པ་བཏང་། ཆོས་རྗེ་གནས་གཞི་བ། ལྕམ་ནོར་བུ་ཁྲ་སྒོར། ཧོར་དཔོན་བཙུན་ཆུང་། ཨ་ཆི་ཐུ་ཆོས་རྗེའི་བུའི་བསྔོ་ཞུས་པ་སོགས་མང་དུ་འོངས། བཀྲ་ཤིས་ལྷུན་པོ་ཕྱག་མཛོད་ཀྱིས་དགོས་ཚུལ་བྱུང་བའི་སྡེབས་སུ་བློ་གསལ་གླིང་ཟུར་པ་ཞལ་སྔ་ནས་འབུར་ལྟག་པ། སྒོ་མངས་ཟུར་པ་ཞལ་སྔ་ནས་ག་རུ་བ་ཤངས་བཀྲ་ཤིས་རྩེ་པས་གཙོས་པ་ཁ་ཤས་ལ་བསྟན་པ་སྤྱི་བྲེ་བྲག་གི་ནང་མཇལ་རགས་རིམ། ནོར་སྣ་ཁྱད་མཚར་རྣམས་ཀྱི་མཇལ་ཀ་བཏང་། ཀ་ཚལ་བླ་མ་སྔགས་འཆང་དཀོན་ཅོག་ལྷུན་གྲུབ་ཀྱིས་སྙན་ངག་ནས་དྲངས་པའི་འཕྲིན་ཡིག་བྱུང་བའི་ལན་བསྲིངས། འབྲི་གུང་ཕྱག་མཛོད་དཀོན་ཅོག་རྒྱལ་མཚན་གྱིས་ཞབས་དྲུང་ཟུར་པ་དང་ཆོས་ཀྱི་གྲགས་པ་གཉིས་ཀྱི་མཚན་སྒྲ་དང་ངེད་རང་གི་མིང་སྒྲ་ཡོད་པའི་གསོལ་འདེབས་བསྐུལ་བ་བྲིས། ཕྱི་མཚམས་ཀྱི་ཁོག་ནས་ཉེར་བཞིའི་ཉིན་ཕྱག་མཛོད་


GLG006_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་རབ་བརྟན་དང་ཕྲད། སྤྲུལ་སྐུ་རིན་པོ་ཆེའི་ངོས་འཛིན་སྐོར་གྱི་གླེང་གཞི་བྱུང་བར་སྤྱིར་ཡང་སྐུ་སྐྱེའི་རིགས་འདི་འཁྲུལ་གཞི་ཆུང་བ་འགའ་འདུག་ཅིང་ལྷག་ཏུ་དཔོན་སློབ་ཞབས་དྲུང་རིན་པོ་ཆེ་གཞན་དང་མི་འདྲ་བའི་གཤིས་ནས་བརླིང་པོ་ཞིག་མ་བྱས་ན་སྤྱན་སྔ་ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས་པ་དང་འབྲུག་པ་པདྨ་དཀར་པོ་གཉིས་ཀྱི་སྤྲུལ་སྐུ་ལ་འཐེན་འཁྱེར་གླེང་གཞི་བྱུང་བ་ལྟ་བུའི་རྗེས་སུ་གན་མི་གཙང་བར་སོང་ན་བླ་མའི་ཞབས་འདྲེན་དུ་འགྲོ་བས་ད་ལམ་ཁྱེད་དགའ་ལྡན་གྱི་གནས་མཇལ་དང་སྦྲགས་ཁྲི་རིན་པོ་ཆེ་གདན་དྲངས་པའི་དངུལ་གདུང་རིན་པོ་ཆེའི་སྐུ་གཞོགས་སུ་ཟན་རིལ། དེ་མཚུངས་རྭ་བསྒྲེང་མཁན་པོས་ཇོ་བོ་འཇམ་པའི་རྡོ་རྗེ་དང་འདི་ནས་སློབ་དཔོན་དབུ་མཛད་པ་ལྟ་བུ་ཞིག་བཏང་བའི་ལྷ་སར་ཇོ་ཤཱཀ །ངེད་ཀྱིས་ཆུ་མིག་རྗེ་བཙུན་མའི་དྲུང་དུ་བརྟག་པ་དྲིལ་ན་འགབ་འདྲ་བའི་རྒྱུ་མཚན་མོལ་ཡང་ཐུགས་དམ་བརྟག་པར་གང་བབས་ལས་གཞན་མི་བྱེད་ཅེས་བློར་བབས་མདོག་ཁ་བ་ཞིག་བྱུང་མ་སོང་བར་ཐུགས་དམ་གྱི་ཉམས་ཡོད་ན་འཐུས་པ་འདུག་རུང་ཟན་རིལ་ལྟ་བུ་ཞིག་རང་ལའང་འགངས་ཆེས་པའི་ཁ་མཚོན་གཅོད་མ་ནུས་པས་ད་ཆ་སྐུ་ཆས་བསྐུར་ནས་དྲུང་འཁོར་རྒན་རིགས་རྣམས་བཏང་བའི་ངོས་འཛིན་འཁྲུལ་མེད་བྱུང་མ་བྱུང་བརྟག་པ་འགབ་བྱས་པར་རེ་ཞིག་དེ་གར་ཆ་བཞག་པའི་ཕྱག་མཛོད་པ་དགའ་ལྡན་རྭ་བསྒྲེང་གི་གནས་མཇལ་ལ་ཐོན། ཞོ་སྟོན་གྱི་གོས་སྐུ་ཞལ་འབྱེད། བྲོ་གཞས། རྩེད་སྣ་མང་བ་དང་ཁྲོམ་ཆེ་བར་འདུག །ཧོར་ཟླ་བདུན་པའི་ཚེས་གསུམ་ལ་ཤག་སྐོར་གྲ་ཚང་གི་རིགས་གྲའི་ཚོགས་དབུར་ཕྱིན། དེ་ཐོག་ཆབ་ནག་བླ་མ་མཚོ་སྨད་བློ་བཟང་


GLG006_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཕེལ་གྱིས་འཇམ་ཕྲུག་དང་རྟས་གཙོས་པའི་ཀོང་ལུགས་ཀྱི་བདོག་པ་བསྟར། ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱི་དངུལ་གདུང་གསར་པའི་གཙང་ཁང་རྒྱ་ཕིབས། མཆོད་རྫས། ཕྱག་མཛོད་སྔ་རྟིང་གཉིས་ཀྱིས་རིམ་པར་བསྒྲུབས་པའི་རྟོགས་བརྗོད་སྲུང་མ་ལ་བཞེས་སྒྲ་དང་བཅས་པ་དགོས་ཚུལ་བྱུང་བ་བྲིས། ཕྱི་དྲོ་ནས་ཕྱི་མཚམས་ཀྱི་མུ་མཐུད་མཚམས་ཁོག་ཏུ་དཔེ་ཆ་གསར་པ་མང་དུ་གསོག་པའི་ཐོ་བསྒྲིགས་དང་གཟིམས་ཆུང་མགོན་ཁང་ལྕང་ལོ་ཅན་དུ་ཐང་སྐུ་བྱིན་རླབས་ཅན་གསར་དུའང་མང་བར་བྱུང་བ་རྣམས་ལ་ཁ་བྱང་བཏབ་པའི་ཚེས་བཅོ་ལྔའི་ཉིན་གུང་ཡོལ་རྗེས་ལ་རྗེ་བསོད་ནམས་རྒྱ་མཚོའི་དུས་ཀྱི་གསང་སྔགས་ཕོ་བྲང་ཤོད་ཀྱི་གདོང་གས་མའི་ཤོག་ཐང་ཞལ་ནས་ཁྲག་འཛག་པ་ཨར་པོའི་སྐབས་མགོན་ཁང་ཟུར་རྒྱས་སུ་བསྐྱལ་འདུག་པ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་ཡར་ཁྱེར་ཡོངས་པ་སླེབས་པ་དང་དུས་མཚུངས་སུ་གཟིམས་ཆུང་མགོན་ཁང་ཁོལ་བུར་ས་གཡོས་ཤིན་ཏུ་ཆེ་བ་མཆོད་དཔོན་པ། ཆོས་རྗེ་ཁ་རག་པ། བཤེས་གཉེན་དར་རྒྱས། གནས་གསར་འཇམ་དབྱངས་བསྟན་འཛིན་རྣམས་ཀྱིས་ཤེས་པར་བྱུང་། དེའི་མདོ་སེར་རྩི་སྦུག་ཏུ་རི་ཁྲོད་དགའ་ལྡན་ཟུར་པས་ཚོར་བ་ཙམ་ཚོམས་ཆེན་དུ་མཆོད་རྫས་གར་འཆམ་ཆས་ཀྱི་དེབ་བསྒྲིགས་པ། ཞང་ཚ་དཀོན་ཅོག་རྣམ་རྒྱལ་ཆང་ཁྱིམ་པ་སོགས་ཀྱིས་རྣམ་རྟོག་ཟ་བ་ལས་ངེས་ཏིག་མ་བྱུང་ཟེར། གཞན་མ་འབྲས་སྤུངས། ལྷ་ས་གང་དུའང་བཤད་རྒྱུ་མི་སྣང་བས་མགོན་པོ་འདི་སྒྲུབ་པའི་གནས་བྲག་ཕུག་ལྟ་བུར་མ་བྱས་ན་འཇིག་ཉེན་ཡོད་ཅེས་བཤད་པ་ལྟར་ཆོས་སྐྱོང་གི་


GLG006_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འཚུབ་ཏུ་མངོན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཐུགས་དམ་རྟེན་ཡིན་ཟེར་བའི་ཞལ་གླང་གདོང་མའི་ཐང་སྐུ་བཀྲ་ཤིས་ལྗོངས་ཆོས་རྗེས་བྱིན་བྱུང་བ་དེ་གྲ་ཚང་ལ་ཡོད་ཀྱང་ཆོས་སྐྱོང་གི་གཙོ་བོར་སོང་གཤིས་དེའི་ཚབ་ཏུ་རྗེ་བསོད་ནམས་རྒྱ་མཚོའི་ཐུགས་དམ་རྟེན་རྡོ་ལག་བརྒྱུད་ཀྱིས་བསད་པའི་མགོན་པོ་ཞལ་ཁྲ་ཅན་གཟིམས་ཆུང་མགོན་ཁང་དུ་གཉིས་ཡོད་པའི་ནག་པོ་འཕུར་ཤེས་ཀྱི་ཡ་དང་བླ་མ་ཐུགས་ཀྱི་སྒྲུབ་པའི་རྣལ་འབྱོར་རྟེན་དུ་རིགས་འཛིན་རཏྣ་གླིང་པའི་གཏེར་བྱོན་བྱེ་མ་ཨ་ཀྲོང་ལས་གྲུབ་པའི་ཨོ་རྒྱན་པདྨ་གུ་རུ་དང་མཁར་ཆེན་བཟའ་འཚོ་རྒྱལ་གྱི་སྐུ་བརྙན་གཏེར་སྟོན་གྱི་གདུང་བརྒྱུད་ཆུ་མིག་དགོན་གསར་བ་ནས་བརྒྱུད་པའི་ཁུངས་བཙུན་དངུལ་གྱི་བཞུགས་ཁང་དང་བཅས་པ། འཕྱོངས་རྒྱས་སྟག་རྩེའི་རྟེན་གྲལ་གསེར་ཟངས་ལས་གྲུབ་པའི་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཕྲ་ཕྱག་སྒོ་མ་རྣམས་ཀྱི་ཕུར་ཆ་མཁྱེན་བརྩེ་ཆེན་མོས་སྤྲ་བཟོ་མཛད་པའི་དངོས་གཙང་སྣོད་རྒྱ་སྐམ་མཚལ་རྩི་རག་ཤན་མ། འཇིགས་བྱེད་ཡོངས་རྫོགས་ཀྱི་དངུལ་སྐུ་ཞལ་ཕྱག་ཟ་མ་ཏོག་དང་མཐུན་པ་རྒྱལ་བ་བཙོང་ཁ་པ་ཆེན་པོའི་ཐུགས་དམ་རྟེན་གནམ་རྩིབ་སྟེང་ནས་བདེ་ཆེན་ཡངས་པ་ཅན་དུ་གདན་དྲངས་པའི་ཁྱད་མཚར་མ། མགོན་པོ་ཕྱག་དྲུག་པ་གཙོ་འཁོར་གྱི་གོས་ཡོལ་ཚུལ་མདངས་གསེར་བཅད་རྣམས་ལེགས་ཤིང་མཐའ་ཧོར་གོས་མེ་རི་མ་དང་རྡོ་རྗེ་གསང་ལམ་མས་བྱས་པའི་དབུས་གཙང་གཙང་དུས་བཟོས་པ། གོས་ཐང་ཚམ་ལྷས་མ་ལ་གསེར་གཡུ་མུ་ཏིག་གི་རྒྱན་མཆོར་ཡོད་པའི་གསང་འདུས་མི་བསྐྱོད་པ། དགེ་ལུགས་འཇིགས་བྱེད། ཀུན་རིག །ཚེ་དཔག་


GLG006_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དགུ་རྣམས་ཀྱི་དཀྱིལ་ཐང་། དུས་འཁོར། འཇིགས་བྱེད། ལས་གཤིན་གསུམ་གྱི་གོས་ཐང་། ཕྱག་དྲུག་པ་ཚར་གཉིས་དང་བཅས་དཔོན་མོ་སའི་ཁན་ཇུས་བྱུང་བ་ལེགས་པ། བདག་ཆེན་མཐུ་སྟོབས་དབང་ཕྱུག་གིས་གདན་ས་གོང་དུ་གནང་བའི་སྦུག་ཆོལ་པུ་ཏྲ་ཚངས་དབྱངས་གཞིས་ཀ་རྩེ་བརྒྱུད་བྱུང་བའི་ཤུབས་བཅས་ལེགས་པ། གོས་ཁྲ་བསྒྲིགས་ཀྱི་ཕན་ཆ་བཞི་རྣམས་སྤྱི་རྫས་སུ་སྤྲད། དབུ་མཛད་ངོས་ཀྱིས་ཟེར་བ་འཚེར་ངད་ཆེ་གཤིས་རྟིང་བསྐུལ་གྱི་དྲན་པའི་གསལ་འདེབས་ཕལ་ཆེར་མཆོད་དཔོན་པས་བྱས། སྨན་སྒོམ་འབྲང་རྒྱས་པས་ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ་ཟུར་ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་མྱུར་འབྱོན་གྱི་ཆེད་དུ་དམིགས་པའི་ཨོ་རྒྱན་ཡབ་ཡུམ་མཚན་བརྒྱད་ཀྱི་སྨན་སྐུ་བསྐྲུན་པའི་གཟུངས་འབུལ་གྱི་སྨོན་ལམ་དང་། བཤེས་གཉེན་དར་རྒྱས་ཀྱིས་སིནྡྷུ་྄རྒྱ་མཚོའི་ཞིང་བཀོད་ཐང་ཁ་གཅིག་ལ་ཚང་བ་བཞེངས་པའི་རྒྱབ་ཡིག་ཚིགས་བཅད་བྲིས། བཅུ་དྲུག་ལ་བླ་མ་སྙིང་རི་བ་འདར་ནག་བདེ་བ་བཟང་པོ་ལ་གནོད་སྦྱིན་བེག་ཙེའི་རྗེས་གནང་དང་གིང་ལྔ་གཟའ་གདོང་གི་བཀའ་གཏད་ཞུས། ཕར་རས་བྲིས་ལ་བརྟེན་པའི་རིགས་འཛིན་གདུང་སྒྲུབ་ཀྱི་བདེ་གཤེགས་བཀའི་དབང་། རནྟ་གླིང་པའི་གཏེར་མའི་སྐུ་གསུང་ཐུགས་ཀྱི་ཟ་ཡིག་དང་བྱམས་པས་དམ་བཅས་པ་སོགས་གཟུངས་ཕྲན་འགའ་ཞིག་གི་ལུང་ཕུལ། རྟ་གོས་དར་གྱིས་གཙོས་པའི་བདོག་པ་བཟབས་རྒྱས་སུ་བསྟར་ཏེ་སྟོད་དུ་ཐེགས། ཕྱག་མཛོད་ཕུན་ཚོགས་རབ་བརྟན་དང་འདུལ་བ་སློབ་དཔོན་པ་ཅན་ཁ་ཤས་ལ་མངོན་རྟོགས་རྒྱན་དང་བྱང་སེམས་རྭ་


GLG006_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲེང་བས་མཛད་པའི་བློ་སྦྱོང་གཉིས་ཀྱི་ལུང་བྱས། ཕྱག་མཛོད་པར་གོས་དར་འཇམ་ཕྲུག་གིས་གཙོས་པའི་སྟེར་ཆ་གཟེངས་བསྟོད་པ་བྱིན་ཏེ་གཙང་དུ་ཐོན། བསྙེན་རྫོགས་པ་བདུན་དང་དགེ་ཚུལ་བཅུ་ལ་སྡོམ་པ་ཕབ། ལོ་ཙཱ་བ་ཚུལ་ཁྲིམས་རྒྱ་མཚོ་ཅན་ཁ་ཤས་ལ་སྨན་བླའི་མདོ་ཆོག་ཆེན་མོ་དང་གསར་རྩོམ་སཱཙྪ་འདེབས་ཆོག་གི་ལུང་བཀླགས། ཨོ་རོད་ནས་ཨ་པ་ལའི་འབྱོར་བའི་གཞི་བྱེས། འགྲུལ་ཟླ་དགེ་སློང་ཆོས་དར་རྒྱས་སྐོར་སོགས་སུམ་བརྒྱ་ལྷག་བཅས། ཐོན་ལེགས་ལྡན་དབང་པོ། སྤོང་རོང་གྲགས་པ། གཡོན་རུ་སེང་གེའི་དཔོན་མོ་ཚེ་དབང་རྒྱལ་མོ། ཤུ་གེ་ཇའི་སང་གིས་གཙོས་པའི་ཉིས་བརྒྱ་ཙམ་དང་ཕྲད། གུ་ཤྲི་བླ་མའི་ཚ་བོ་བཀྲ་ཤིས་ཚེ་རིང་གིས་ཕྱག་དྲུག་པའི་བེའུ་བུམ་དང་ཆོས་རྒྱལ་གྱི་ཞལ་ཐང་བྱིན། ཤངས་བཀྲ་ཤིས་རྩེ་པ་རྟ་ལོ་སྔ་མ་ཚོར་འཆི་བར་ཐུག་པའི་ནད་གཞི་བྱུང་འདུག་པས་འདི་རེས་འཚུབ་པ་མི་འདུག་ན་སྐོར་ཅིག་དགེ་ཚུལ་ཙམ་བྱེད། འབྱས་ལོད་ན་བསྙེན་རྫོགས་རང་སྒྲུབ་ཟེར་བ་མོ་རྩིས་ལ་ཆགས་ཆེ་ངེས་ཤར་བས་འདོད་པ་བཞིན་དགེ་སློང་གི་དངོས་པོར་བསྒྲུབས་པ་ཟླ་བ་དགུ་པའི་མཇུག་ཏུ་འདས་སོང་བས་སེམས་ལྷག་མི་ལུས་པའི་ལེགས་པ་བྱུང་བར་མངོན། ཉེར་བཞི་ནས་བཟུང་ཧོར་ཟླ་བརྒྱད་པའི་ཚེས་བདུན་གྱི་བར་ཀུན་དགའ་ར་བར་ཚོགས་པ་ཉིས་སྟོང་ལྷག་བཅས། ཨ་པ་ལའི་སའི་ཁན་ཇུ། ཚེ་དབང་རྒྱལ་མོས་གཙོས་པའི་སོག་པོ་ཉིས་བརྒྱ་སྐོར། སྡེ་པ་ཐོན་པ་དང་ཏྲེ་བོ་སྐུ་སྐྱེས་མཚོན་པའི་བོད་པ་སྐྱ་སེར་ཐོར་བུ་སོགས་སྟོང་ཕྲག་གསུམ་ཙམ་ལ་བྱང་ཆུབ་ལམ་རིམ་ཆེན་མོ་ནས་ཆོས་ཐུན་རིང་ཚད་བཟབས་བཤད་ཀྱི་


GLG006_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སྐྱབས་འགྲོའི་འགོར་སླེབ་པའི་བར་ཕུལ། ཆོས་ཚུགས་ཉིན་ཨུ་རང་ཁན་བསྟན་འཛིན་ཐོ་ཡོན་གྱིས་གོས་དར་དངུལ་ཇ། རྟ་སྒ་མས་སྣ་དྲངས་པའི་བརྒྱ་འབུལ། གསེར་ཁ་བླ་མ་འཇམ་དབྱངས་ཀྱི་ཚ་བོ་རབ་འབྱམས་པ་ཅན་གྱིས་གསེར་ཞོ་ཉིས་བརྒྱ་དང་བཟང་ཇའི་སྟེར་ཆ། མེརྒན་ཇ་སག་ཐུའི་བསྔོ་རྟེན་གོས་དར། གོན་པ། དམག་ཆས་ཀྱིས་གཙོས་པ་བུ་རབ་འབྱོར་ཅན་གྱིས་བསྟར་བར་བསྔོ་སྨོན་གྱི་རྒྱས་འདེབས་བྱས། བསྟན་པ་རྒྱ་མཚོས་བསྐུལ་ནས་གོང་དཀར་བཤད་སྒྲུབ་གླིང་སློབ་དཔོན་བཟོད་པ་རྒྱ་མཚོའི་གསོལ་འདེབས་དང་། ཨུ་རང་ཁན་བསྟན་འཛིན་ཐོ་ཡོན་གྱི་ཉམས་ལེན་སྙིང་པོ་བསྡུས་པ་བརྩམས། གཏེར་སྟོན་དར་རྒྱས་ཆོས་སྡིངས་པས་པདྨ་གླིང་པའི་གཏེར་མའི་པདྨ་གུ་རུའི་སྐུ་དང་གཏེར་གསར་གྱི་སློབ་དཔོན་ཆེན་པོའི་ན་བཟའ་སྟེར་བ་མཛད་པར་དངུལ་ལྔ་བཅུ་མ་ཡོན་དུ་ཕུལ། སྦྱོར་ར་སྤྲུལ་སྐུ་རྡོ་རྗེ་སྙིང་པོའི་རྟེན་ཁྲོད་དུ་རིགས་འཛིན་རཏྣ་གླིང་པའི་ཞབས་རྐང་ཡོད་ཚུལ་ཐོས་པས་དད་རྟེན་དུ་དགོས་མོལ་པ་ལྟར་ཁྱིད་གང་ལྷག་ཙམ་པའི་ཁ་དོག་དང་དྲི་ངད་ཕུན་སུམ་ཚོགས་པ་ཞིག་བསྐུར་བྱུང་བ་དེ་ལན་གྱི་སྐྱེས་བསྲིངས། ཏྲེ་བོ་སྐུ་སྐྱེ་ནམ་མཁའ་བསམ་གྲུབ་ལ་རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་མེ་ཏོག་བཅུད་ལེན་དང་གསར་རྩོམ་ཀླུ་གཏོར་འབྲས་སྤུངས་གྲ་ཚང་བདུན་གྱི་སློབ་དཔོན་ཁྲི་གདན་ཟུར་རྣམས་ལ་བྱམས་པས་དམ་བཅས་པའི་གཟུངས་ཕན་ཡོན་དང་བཅས་པའི་ལུང་བཀླགས། འབྲུག་པ་སྤྲུལ་སྐུ་དགོངས་དྭངས་ལ་སྡེ་པའི་སར་ཆེད་གཉེར་ཕེབས་ཞོར་དུ་འབྲས་སྤུངས་སུ་


GLG006_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་རིན་པོ་ཆེ་ལྷ་ཁང་ནས་སྐྱ་སེར་བཅས་པ་མཇལ་གླེང་ཞིབ་པར་བྱུང་། གནད་སྐྱེས་ཀྱི་བྲིས་འབུར་རྣམས་ཀྱི་ཁྲོད་དུ་སྲིང་མོ་པེ་ཏ་མགོན་སྐྱིད་ཀྱི་ཕྱག་བཟོའི་རྗེ་བཙུན་མི་ལའི་སྐུ་ཞིག་འདུག་པ་ལ་ལ་སྲིང་མོས་འཇིམ་བཟོ་བསླབས་འཕྲོས་མི་འདུག་པས་མི་བདེན་ནམ་ཞེས་ཐེ་ཚོམ་ཡང་བྱེད། ཐང་སག་དགའ་ལྡན་ཆོས་འཁོར་སློབ་དཔོན་བློ་བཟང་འཇམ་དབྱངས་ཀྱིས་གཙོས་བརྒྱ་སྐོར་གྱིས་བདོག་པ་དང་བཅས་ཡུན་མཚོའི་རྟེན་འབྱུང་བསྒྲིགས་ཤིང་བླ་མཆོད་ཟུང་འཇུག་སྒྲུབ་པའི་ཤིང་རྟའི་ལུང་བཀླགས། ཆམ་པ་ཅི་ཙམ་བརྒྱབ་པར་དར་མོ་སྨན་རམས་པས་བཅོས་ཀ་བྱས་པ་འཕྲོད་ངོ་ཆེ་བ་བྱུང་། ཤུ་གེ་ཇའི་སང་གིས་ཇ་དངུལ་གོས་དར་གྱིས་བདོག་པ་བཏེག །ཏྲེ་བོ་སྐུ་སྐྱེ། བསྟན་འཛིན་ཐོ་ཡོན། ལྷོ་བྲག་བསམ་གྲུབ་དགོན་གྱི་བླ་མ་སྤུན་གཉིས་སོགས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ལྟུང་བཤགས། རྒྱལ་བ་བཙོང་ཁ་པས་མཛད་པའི་སྟོབས་བཞིའི་བཤགས་པ། རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ནས་མཁའ་སྤྱོད་དཀར་མོ་དང་མགོན་པོ་སྙིང་ཞུགས་ཀྱི་འཕོ་བའི་ལུང་། གཡོན་དུ་དཔོན་མོ་སྐོར་ཉིས་བརྒྱ་ཙམ་ལ། ཚེ་དབང་གྲུབ་རྒྱལ་མ། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། སེང་ལྡེང་ནགས་སྒྲོལ། ཕྱག་རྡོར་འབྱུང་འདུལ་རྣམས་ཀྱི་རྗེས་གནང་། སློབ་དཔོན་བདུན་དང་དགེ་སྐོས་གཉིས་ལ་གསར་རྩོམ་བླ་མ་མཆོད་པ་དང་ཀླུ་གཏོར་གྱི་ལུང་བཀླགས།བཅུ་བཞི་ནས་ཞག་ལྔའི་བར་ནོར་བུ་གླིང་ཁར་བསྡད་པའི་ཆུ་ཞུགས་བྱས། ཨཱ་ཙཪྻ་འགའ་ཞིག་གིས་གཅིག་གིས་རྐང་མཐིལ་ས་དང་ཅིག་ཤོས་ཀྱི་གནམ་དུ་བསྟད་ཅིང་སྤྱི་གཙུག་སྤྲད་


GLG006_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འགྲོ་བ། ས་ལ་གྲི་ལྔ་བཙུགས་པའི་རྩེ་མིག་འབོར་ལ་གཉིས། སྣར་གཉིས། ལྕེ་ལ་གཅིག་བསྟད་དེ་མགོ་བོ་འགུལ་བསྐྱོད་མེད་པ་ལ་སྐེ་མན་གྱི་འཁྲུལ་འཁོར་ལ་བརྟེན་པའི་ལུས་ཀྱིས་མཚོན་ཆ་ལ་བསྐོར་བའི་ལྟད་མོ་ངོ་མཚར་བ་མིག་འཕྲུལ་ལྟ་བུ་རྩེད། གྲོང་སྨད་ནས་ཆུ་བཟང་དུ་ལྷ་ཁང་གསར་པ་བརྒྱབ་པར་ཚེས་བཅུ་བདུན་ལ་ཕྱིན་མེ་ཏོག་གཏོར་ཅིང་ཤིས་པ་བརྗོད་། དྲུང་འཁོར་སྐྱ་སེར་ཉིས་བརྒྱར་ཉེ་བར་ཞབས་ཏོག་བཟབས་རྒྱས་དང་ཚན་གྲངས་ཀྱི་དངོས་པོ་བསྟར། དེའི་ནུབ་འབྲས་སྤུངས་སུ་འཁོར། ཨ་མདོ་ནས་རྒྱལ་སྲས་ཤེས་འཕེལ་བའི་དབོན་པོ་འབྱོར་པའི་ཚོགས་ཆེན་དུ་མང་འགྱེད་དང་གོས་དར་གྱི་ཚན་གྲངས་བསྟར། གྲ་ཚང་དུ་དམག་ཟོར་མའི་སྒེར་བཀང་འབུམ་ཐེར་དང་གཤིན་རྗེ་འདུས་པའི་དྲག་སྔགས་བྱེ་བ་བཙུགས། སྡེ་པ་བསོད་ནམས་རབ་བརྟན་ལ་སྟག་ལུང་ཞབས་དྲུང་རིན་པོ་ཆེས་དྭགས་ཡུལ་ཆུ་ཚན་ཁྲག་དང་ཆུ་སེར་ལ་ཕན་པར་གཏེར་ཁ་ཞིག་ལུང་བསྟན་ལ་བརྟེན་པའི་ཆེ་བརྗོད་དང་ལྷ་རྗེ་བྱང་ངོས་པས་འཕྲོད་ངོ་ཡོད་ཚུལ་ལ་ཡིད་བརྟན་དུ་བཟུང་ཉེར་གཅིག་ལ་འབྲས་སྤུངས་ནས་བཏེག་པའི་ཉང་བྲན་གྱི་ལ་ཆེན་བརྒྱུད་གྲོ་སར་ཞག་གཅིག་བསྡད། སང་ཉིན་ལམ་ཞོར་དུ་དཔལ་ལྡན་རྩེའི་གུར་ཞལ་གྱི་མགོན་ཁང་མཇལ་ནང་རྟེན་རྣམས་ལ་གདན་ས་འོག་ནས་དམ་ཕྲུག་གནང་འདུག་ཀྱང་བཤིག་པ་དཀོན་གཉེར་བྱེད་མི་བསྟད་པའི་ཁྱད་ཀྱིས་རེ་ཞིག་འདི་གའི་ཐེལ་འབྱར་བྱས་དེར་ལམ་དུས་ཀྱི་དབང་བླངས་ཤིང་མཆོད་གཏོར་རྒྱས་པར་བསྔོས། སྙན་ཤལ་དང་གོ་མཚོན་གྱི་སྤྱན་གཟིགས་ཕུལ། གནས་འདི་ཁའུ་སྐྱེད་


GLG006_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལྷས་དང་ཁྱད་མེད་ཅེས་བདག་ཆེན་རྡོ་རྗེ་འཆང་ཐུགས་གཙིགས་ནན་ལྟར་ཆེ། དིང་སང་འཛིན་སྤྲས་ཆེར་མི་འདུག་ཀྱང་ཉམས་ལེན་འདྲ་སྐྱོང་བར་རེ་ཞིག་བསྡད་ན་སྙམ་པའི་བག་ཕེབས་པ་སྣང་། འདི་དང་རྩེས་དང་བསམ་གཏན་གླིང་གཉིས་སྲུང་མ་རང་བཞིན་གྱིས་འདུག་པའི་གནས་ཁྱད་པར་ཅན་དུ་གདའ། ཟ་དམ་ཀླུ་སྡིངས་སུ་གུང་གི་དྲོ་བསྟབས། རྒྱལ་པོ་དཔོན་གཡོག་བྱང་ནས་ཕེབས་པའི་དམངས་མ་གཞུང་ལམ་དུ་བཏང་ཉུང་བསྡུས་དཔོན་གཡོག་ལྔ་བཅུ་སྐོར་དང་ཕྱོགས་མཐུན་དུ་དེ་ནུབ་ཆུ་ཚན་ཁར་སླེབས། ཆུ་ཚན་དེ་གཟི་ཆེན་གྱིས་བདག་ཏུ་བཟུང་བ་ཞིག་ཡིན་པར་བྱེད་འདུག་པས་སླེབ་གདོང་འབྲུག་དང་སེར་ཆོལ་གྱི་གནམ་ངོའི་རྣམ་པ་ཡོད་ཙམ་དང་སྡོད་རིང་མི་ཚོགས་ཆེས་སྐྱོན་གྱིས་ནམ་མཁའ་ཧ་ཅང་ལེགས་པ་མ་བྱུང་། ཕར་ལམ་ཚུར་ལམ་གཉིས་ཀ་སྐྱ་སེར་གྱི་ཕྲད་མི་དང་ཐག་ཉེའི་དགོན་པ་ཚོ་ནས་སེར་སྦྲེང་ཀྱང་ཐོར་བུ་བསྒྲིགས། སྟག་ལུང་ཞབས་དྲུང་ཁྲི་ཐོག་པ་ངག་དབང་རྣམ་རྒྱལ་ལེགས་གྲུབ། སྤྲས་རིན་ཅེན་བྲག །རྭ་བསྒྲེང་། ཇོ་གདན་དགོན། ཉན་པ་དགོན། གསེར་མིག་དགོན། ལྕང་ལུང་ཆོས་སྡིངས། འཕན་ཡུལ་རྒྱལ་སྟོད་སྨད། ཐང་སག་དགའ་ལྡན་ཆོས་འཁོར། སྟོད་ལུང་ཁ་རག་སོགས་ཀྱི་བླ་མ། བླ་ཚབ་གྲ་རིགས། འབྲས་སྤུངས་སྤྱི་གཉེར་ངག་དབང་སྨོན་ལམ། གསེར་ཏོག་ཐོ་ཡོན། དགེ་སློང་དར་ཁན་ནང་སོ། ལྷ་ཁང་དབོན་ཆུང་། སྡེ་པ་དྲུག་བརྒྱ་པ། སེམས་དཔའ་ཆེན་པོའི་དབོན་པོ། མཁར་རྩེ་རྫོང་འོག་གི་དྲུང་འཁོར། བསམ་རྩེ་རི་ཁྲོད་པའི་གཙང་པ་རབ་འབྱམས་པ། ཟ་དམ་གྱི་རྟ་པ་བཅུ་སྐོར། ཀླུ་


GLG006_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྟོད། ཚོང་འདུས་རག་མ་པ་སོགས་ཕྲད་མི་ཤིན་ཏུ་མང་བས་རང་དབང་འདུ་བར་མ་བྱུང་རུང་ཉིན་སྟར་གྱིས་ཆུར་ནན་ཏན་གྱིས་ཞུགས་པས་ཁྲག་ལ་ཤིན་ཏུ་ཕན་པའི་ལོ་ཕྱེད་གཉིས་ལྷག་ཙམ་གྱི་བར་ཆམ་པ་ཡང་མ་བྱུང་། ལ་ལ་སྔར་ཆུ་ཚན་ཡོད་པ་ཕུ་ཆུ་ཆེས་པའི་དེ་དང་འདྲེས་པས་གྲང་མོར་སོང་བ་འདྲ་ཟེར་ཞིང་དཔོན་ཚང་ཚ་རོང་པ་སྨན་ཆུར་ངོས་འཛིན། གང་ལྟར་གནས་བརྟན་དམ་པས་ཤར་པ་ཆོས་རྗེ་ཡིན་ཟེར་བ་ཞིག་ནུབ་ནས་བྱུང་སྨྲས་པའི་དཔེ་ལྟར་ཆུ་ཚན་དུ་གྲགས་ཀྱང་རེག་བྱ་གྲང་བར་སྣང་། གྲང་བའི་རིགས་ལ་གནོད་པ་ཡོད་ཉམས་ཀྱིས་མ་འཕྲོད་པའི་ནད་བསླང་བའམ་ཁ་ཡར་བྱུང་སོང་། སྡེ་པ་ཕོན་མདོ་བན་གྲོང་པ་ཉན་པ་ཕྱུག་པ་གསུམ་གྱིས་གཞིས་ལེན་དང་སྟེར་ཆ་རྒྱས་པར་བཤམས། སྟག་ལུང་ཞབས་དྲུང་ཁྲི་ཐོག་པས་སྟག་ལུང་ངག་དབང་གྲགས་པའི་དུས་སུ་ཛོ་ཀིས་ཕུལ་བའི་མན་ངག་གི་དཔེ་ཆ་ཤོག་བུ་ཉི་ཤུ་སྐོར་ཡོད་པ་ཞིག་གནང་ཞིང་ཕར་ཚུར་དངོས་པོའི་སྐྱེས་དང་སྐྱེས་ལན་ཀྱང་བསྟར། ཆོས་རྗེ་དཀོན་གཉེར་དཔོན་པའི་བསྔོ་རྟེན་སྐྱེལ་མི་འབྱོར། གོང་དཀར་རྫོང་སྡོད་སྒེམ་བུ་བས་སྙེ་མདོ་བའི་གདུགས་དཀར་བཅུ་བདུན་མའི་དཀྱིལ་ཐང་སྐྱེལ་བར་དཀར་བྲག་པ་རྡོ་རྗེ་རྣམ་རྒྱལ་བཏང་། རྒྱལ་པོ་དཔོན་གཡོག་དང་གནངས་ཆག་གིས་མཇལ། དཔོན་པོ་བཀྲ་ཤིས་ཀྱིས་ཇ་གོས་དར་གྱི་བདོག་པ་བཏེག །རྭ་བསྒྲེང་མཁན་པོར་དམིགས་བརྩེ་མའི་བླ་མའི་རྣལ་འབྱོར་ཕུལ། ཧོར་ཟླ་དགུ་པའི་ཚེས་གཉིས་ལ་ཟ་དམ་དུ་འབྱོར། སང་ཉིན་ཆོས་རྗེ་བཅོ་བརྒྱད་པས་ཐོག་དྲངས་རོང་སྟན་ཤེས་བྱ་ཀུན་རིག་གི་ཆོས་སྡེ་ནཱ་ལནྡའི་ཚོགས་ཆེན་ལ་


GLG006_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པས་མཛད་པའི་ཀྱེ་རྡོར་མན་ངག་ལུགས་ཀྱི་མངོན་རྟོགས་ཡན་ལག་དྲུག་པའི་ལུང་ཕུལ། ཆོས་རྗེ་བཅོ་བརྒྱད་པས་དཔལ་ལྡན་རྩེའི་གནས་ཀྱི་ལོ་རྒྱུས་རྒྱས་པར་གསུང་། སྟག་ལུང་ཞབས་དྲུང་མ་ཆེན་རི་བོ་ཆེ་ནས་ཆིབས་ཁ་སྒྱུར་བའི་སྟག་ལུང་གི་ཉེ་སྐོར་དུ་ཕེབས་ཟིན་འདུག་པ་སྐོར་ཅིག་སྐྱིད་ཤོད་དུ་འགྲུལ་གནང་མ་དགོས་པའི་ཟ་དམ་དུ་མཇལ་ཕྲད་ཐུབ་ན་ཐག་རིང་ནས་བཤད་པའི་ཆིབས་ཁལ་རྣམས་ལ་མི་གཟན་ཞིང་ཐུགས་གཡེང་ཆུང་ཁྱད་ཀྱིས་ཚེས་ལྔ་ལ་ཟ་དམ་ཀླུ་སྡིངས་སུ་ཕེབས། ཇ་ཁོར་དྲུག་མ་བརྒྱ། རྟ་སུམ་བརྒྱ་ཙམ་གྱིས་གཙོས་པའི་སྐུ་སྐྱོས་སྩལ། ཉིན་ཁ་ཡར་གྱི་བར་མཇལ་ཞིང་གསུང་གླེང་ཤིན་ཏུ་འཕེལ། བ་རི་ལུགས་ཀྱི་སྒྲོལ་དཀར་སྤྱན་བདུན་མའི་རྗེས་གནང་ཕུལ། ཚེ་བདག་དང་ཁྲོ་ཆུ་སླར་ཉན་དགོས་པ་འདུག་ཅེས་སྙན་གསན་གནང་། སྟག་རྩེ་ཐའི་ཇི། རྒྱལ་སྟོད་གྲ་ཚང་། འབྲོམ་སྡིངས་འཚོ་བྱེད་ནམ་མཁའ་རྒྱལ་མཚན་སོགས་ཕྲད་མི་ཤིན་ཏུ་མང་ཞིང་རྒྱལ་ལྷ་ཁང་མི་སེར་གྱིས་མཚོན་པའི་སྐྱ་སེར་ཚོས་ཤ་མར་དང་མཛོ་གཡག་ལ་བརྟེན་པའི་སྟེར་ཆ་བྱས་པ་བཞིན་ཆུ་ཚན་ཁར་འོང་མི་ཐམས་ཅད་ཀྱིས་ཀྱང་བཟབས། རྒྱལ་སྟོད་པའི་གྲ་པ་རྣམས་ལ་དམིགས་བརྩེ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱས། སྔགས་རམས་པ་བསོད་ནམས་རྒྱལ་མཚན་དང་དགེ་སློང་ཆོས་འཕེལ་བཟང་པོ་གཉིས་དཔལ་ལྡན་རྩེར་གོ་མཚོན་སྤྱན་གཟིགས་དར་ཚོན་སྣ་ལྔའི་སྙན་ཤལ་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཚིགས་བཅད་བྲིས་པ་བསྐྱར་འབུལ་དུ་བཏང་། སྟག་ལུང་ཞབས་དྲུང་དཔོན་སློབ་ལ་དཀར་སྤྲོའི་སྟེང་ན་བཟའ་བཅའ་སྐོར། གོས་དར་དངུལ་སྤྱད་ཀྱིས་ཐོག་དྲངས་


GLG006_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་ལེགས་ཀྱི་སྐྱེས་བཟབས་རྒྱས་ཕུལ། ཕྱག་ཕྱིར་ཆད་དཀར་ལོ་ཙཱ་བ་འདུག་པར་སྒྲའི་སྐོར་གྱི་དྲི་བ་བྱས་པས་གོང་ར་ལོ་ཙཱ་བ། སྤྲུལ་སྐུ་གསུང་སྤྲུལ། ཁྲོ་ཕུ་དུས་ཞབས་པ། དབུ་མ་ལོ་ཙཱ་བ་སོགས་མང་པོར་གཏུགས་ནས་ཡུན་རིང་དུ་སྦྱངས་པའི་དིང་དུས་ལེགས་སྦྱར་ལ་མཁས་ཚད་དུ་སྣང་། ཚེས་བདུན་ལ་ཟ་དམ་ནས་ཐོན་པའི་གདོང་ཉལ་གཞུང་དུ་ལ་བསྒགས་བྱས། སང་ཉིན་སྐམ་ལ་བརྒྱུད་པའི་དོགས་བདེའི་ཕུར་ཕ་བོང་ཁ་གདན་ས་བ་དང་སེ་ར་ཐེག་ཆེན་གླིང་གི་དཔོན་སློབ་རྟ་བསུ་བ་བརྒྱར་ཉེ་བ་འབྱོར། དེ་ནུབ་ལྷ་མོས་གཞིས་ཀར་བསྡད་སང་ཉིན་གྲོང་སྨད་དུ་གུང་གི་དྲོ་བསྟབས། རིན་ཅེན་སྒང་ཀླུ་སྡིངས་སུ་ཐབ་བསུ་དང་བཅས་དཔལ་ལྡན་འབྲས་སྤུངས་པའི་རྟ་པ་ཕྱེད་ཉིས་བརྒྱ་ཙམ་གྱིས་མདུན་བསུས་ཏེ་དགའ་ལྡན་ཕོ་བྲང་དུ་སླེབས། སང་ཉིན་སྤོས་ཁང་མཁན་པོ་ཟུར་པ་འབུམ་རམས་པས་ཐོག་དྲངས་རིན་སྤུངས་ལྷ་སྡེ་མི་སྡེ་རྣམས་ཀྱིས་གོས་དར་ཇ་རས་ཀྱི་བདོག་པ་བསྟར་ནས་ཡུན་མཚོའི་རྟེན་འབྱུང་། སྐུ་མདུན་ལྷུན་གྲུབ། སྒར་པ་གྲ་ཚང་སློབ་དཔོན། བཙུན་མོ་ཚལ་བླ་མ། ཁ་ཐིག་ཁ་ནང་སོ། སྐུ་འབུམ་དབོན་པ། ཨ་པ་ལའི། སའི་ཁན་ཇུ། ཚེ་དབང་རྒྱལ་མོ་སོགས་སོག་པོ་ཉིས་བརྒྱ་ལྷག་བཅས་དང་ཀུན་དགའ་ར་བའི་ཚོམས་ཆེན་དུ་ཕྲད། དབྱར་སྟོད་དྲུང་འཚོ་བ་ལྷག་བསམ་གྱིས་ལོང་རྩ་གཏར་ཞིང་ཆུ་ཚན་ཀྱང་ཁྲག་ལ་ཕན་རུང་རྒྱུན་དུ་དལ་བར་འདུག་བཞིན་པའི་མུས་གློ་བུར་དུ་ལ་ཆེན་གཉིས་བསྟུད་མར་བརྒྱབ་པ་སོགས་སྤྱོད་ལམ་དམན་ལྷག་གི་སྐྱོན་ནམ་ལྷོ་མོས་སུ་ཕྲད་མིའང་སྣ་ཚོགས་པའི་གྲིབ་ལྟ་བུའི་ཡིན་གང་ལྟར་དེ་ནུབ་ནས་


GLG006_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་མི་བདེ་བའི་འགོ་བརྩམས་པ་རིམ་ལོད་དུ་སོང་བས་ཚེས་བཅུ་གཅིག་ནས་ཕྱི་མཚམས་བཅད་དེ་དགའ་ལྡན་ཕོ་བྲང་གི་རབ་གསལ་དུ་སྨན་སྒོམ་འབྲང་རྒྱས་པ་དང་དྲུང་འཚོ་ངག་དབང་ལྷག་བསམ་གཉིས་ཀྱིས་སྨན་དཀར་ཡོངས་གྲགས་དང་གསང་བའི་མན་ངག་གཉིས་རེ་མོས་ཀྱིས་རྔ་དང་དྲིལ་བུ་དཀྲོལ་བའི་ཚུལ་གྱིས་འཕྲོད་བསྟེན་བྱས། ནད་གཡོག་མཆོད་དཔོན་པས་རྐང་བརྡུངས་ཤིང་གཉིད་བསྲུང་བར་དགོས་དུས་ཆང་ཁྱིམ་ནས་བོས་དྲེག་ལ་སྔགས་རྒྱག་རྩིས་ཀྱི་ཆོས་རྗེ་ཁ་རེག་པས་ཉིན་འཁྱོངས་སུ་བཟླས་བརྗོད་བྱས། གྲ་ཚང་དུ་སྐོང་བཤགས་ཉིན་གསུམ་སོགས་རིམ་གྲོ་བཙུགས། སྤོས་ཁང་སྤྱི་ཚོགས་ཀྱི་བསྐུལ་བའི་མཁན་པོ་ངག་དབང་རྒྱ་མཚོའི་གསོལ་འདེབས་དང་། མཆོད་དཔོན་པས་རི་བོ་ཆོས་གླིང་གི་འདུ་ཁང་དུ་གནམ་རྒྱན་ཕུལ་བའི་ཁ་བྱང་བརྩམས། ཟླ་གཅིག་ཙམ་ལ་བདེ་བས་གཏེར་སྒྲོམ་གྱི་ཚུ་ཚན་བླངས་ཏེ་ཧོར་ཟླ་བཅུ་པའི་ཚེས་བཅུ་བདུན་ནས་ཞག་བདུན་གྱི་བར་བསྟེན། འུན་འདུ་སུ་ཆོས་རྗེས་རྒྱུ་ཆ་རྣམས་བཏོན་ལས་བྱེད་སྡེ་པ་ལྕང་ར་བས་བྱས་པའི་བཀའ་འགྱུར་བཞེངས་པའི་སྨོན་ལམ་སྡེ་པ་མིང་སྲིང་གཉིས་རང་ལ་སྦྱར་བ་ཞིག་དགོས་ཚུལ་བྱུང་ཡང་དབོན་ས་ཡིད་འཕྲོག་མ་སྨད་དང་འུན་འདུ་སུ་ཆོས་རྗེའང་ཆུད་པ་དགོས་རིགས་ཡིན་འདྲ་སྙམ་ཚང་མའི་བརྗོད་བྱ་ཐེབས་པ་བྱས། འབྲི་གུང་སྔགས་འཆང་དཀོན་ཅོག་ལྷུན་གྲུབ་ཀྱི་སྙན་འཕྲིན་གྱི་ལན་ཚིགས་སུ་བཅད་པ། འབྲས་སྤུངས་སྔགས་ཁང་དུ་ཁྲོམ་གོས་དམར་པོ་ཡུག་ཚང་གི་སྙན་ཤལ་གྱི་ཁ་ཡིག །གསང་སྔགས་དགའ་ཚལ་གྱི་སྦུག་མགོན་ཁང་བསིལ་པ་ཚལ་དུ་སྙན་དར་ལྔ་བརྒྱ་སྐོར་


GLG006_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གོ་མཚོན་སྤྱན་གཟིགས་གྱ་ནོམ་པ་ཕུལ་བའི་ཚེ་གོས་སྔོན་ཞིག་ལ་འདོད་གསོལ་གྱི་ཚིགས་བཅད་རྣམས་བྲིས། རྫོང་གཞིས་ཁག་བཅུ་དྲུག་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་དང་ལྔ། འབུམ་བརྒྱ། དཀོན་བརྩེགས་དང་ཏིང་འཛིན་རྒྱལ་པོ་སོ་སོར་བརྒྱ་རྩ། མཚན་བརྗོད་དང་གདུགས་དཀར་སོ་སོར་ལྔ་འབུམ་རེ། གཤིན་རྗེའི་སྔགས་རིང་འབུམ་ཕྲག་ཉི་ཤུ། མ་ཎི་དུང་ཕྱུར་གཉིས། བཛྲ་གུ་རུ་དུང་ཕྱུར་གཅིག །ཡིག་བརྒྱ་ཆིག་འབུམ། སཱཙྪ་ཆིག་འབུམ། ཚེ་ཆོག །ཇོ་ཤཱཀྱ་ལ་མཆོད་འབུལ། གྲ་ས་ཕན་ཚུན་ཇ་ཚུལ་སུམ་ཅུ་དང་དགའ་ལྡན་དུ་བཅོ་ལྔ་བཏང་། དཔལ་འཁོར་ཆོས་སྡེའི་མཁན་པོ་ཨེར་ཏེ་ནིའི་ལོ་མཆོད་ཐེབས་དགོས་ཚུལ་མཁན་པོ་ས་ཕག་ལོ་ཁུར་བསམ་ཆེ་བ་དང་བཅས་འདུས་བྱུང་ཁུངས་རྒྱལ་རྩེ་ཆོས་སྡེའི་བལ་ལྕགས་བྲང་ཁང་། གྲོག་ཁ་ཁུངས་གཡུ་ཤེལ་གཞིས་ཀ །ཐེམ་འཛིན་བརྒྱད། ལག་ཡོང་ཕྱེད་དྲུག་བརྒྱ་སྐོར། འཕྱོང་རྒྱས་མཁར་ལྡན་པར་རྒྱལ་མེ་ཏོག་ཐང་གི་མཆོད་གཞིས་རྙིང་པ་ཡར་ཀླུངས་བཀྲ་ཤིས་བདེ་ལེགས་པ་རྐང་གཅིག །ལག་ཡོང་བཞི་བརྒྱ་སྐོར། སངས་རྒྱམ་པའི་རིམ་གྲོ་སོགས་ཀྱི་ཐེབས་ལ་གྲོང་སྨད་དུ་འཕན་ཡུལ་གྲོ་ས་སྤེ་ནང་གཞིས་ཀ །སྨོན་མཁར་ཐེམ་འཛིན་ཉེར་ལྔ་ལག་འབབ་ཕྱེད་ཉིས་སྟོང་སྐོར། ལྷ་རྩེ་ལྷ་ཁང་པ་གྲུབ་མཐའ་གཙང་བའི་ཡུས་ཀྱང་ཆེ་བ་འདུག་པས་ས་བརྗེས་ས་སྣོན་དང་བཅས་པར་ལྡོག་སྤང་ཡུལ་གཞིས་ཀ །ཐེམ་འཛིན་དྲུག །ལག་ཡོང་སུམ་བརྒྱར་ཉེ་བ་རྣམས་སྤྲད།ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་ཨ་རིག་འ་ཤུར་རྒྱལ་མོ་རོང་པ་སོགས་ཐག་


GLG006_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ནས་ཡོང་མི་མང་བ་ངོས་ཕྲད་མ་ཐུབ་རུང་སྲུང་མདུད་དམ་རྫས་བཟའ་བཏུང་གིས་ཚིམ་པར་བྱས། བསམ་གཏན་གླིང་པའི་ཨ་ཏིའི་དཀར་ཆག་ཁྱབ་བདག་ཞ་ལུ་མཁན་ཆེན་པས་བྲིས་ཤིག་པར་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཆོས་ཀྱི་བཞུགས་ཚུལ་ཁོག་ཕུག་པ་ཞིག་བརྩམས། གནས་ཆུང་དུ་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་ཐོག་སྙན་ཤལ་ཚིགས་བཅད་བྲིས་པ། གསེར་སྐྱེམས། སྐུ་ཆས་ཆ་ཚང་། གོས་ཕྱི་ནང་། ཇ་ཁྲབ་ཀྱི་སྤྱན་གཟིགས་སྤྲོ་བར་མཆོད་དཔོན་པ་བཏང་། ས་སྐྱོང་རྡོ་རྗེ་རྣམ་རྒྱལ་གྱི་གསུང་གིས་བསྐུལ་བའི་འཁྲུངས་རབས་གསོལ་འདེབས་དང་། ཨུ་པ་སན་ཆའི་ཁ་ཏོན་དུ་བདག་བསྟོད་ཅིག་བྲིས། ཚེས་བཅུ་རྟིང་མ་ལ་ཀུན་དགའ་ར་བར་སྒོ་མངས་སློབ་དཔོན་ལུང་རིགས་རྒྱ་མཚོས་ཚ་བ་དང་ཧ་སྡོང་སྤྱི་པས་གུང་གི་བཞུགས་གྲལ་བཤམས་ཤིང་གོས་དར་ཇ་རས་ཀྱི་ཚན་གྲངས་བསྟར། བཞུགས་གྲལ་གཉིས་ལ་སྒོ་མངས་པའི་དཀའ་རབ་འབྱམས་འགའ་ཞིག་གིས་ཆོས་ཀྱི་འབེལ་གཏམ་གླེང་། ཆོས་ཕྱོགས་ལ་ཇོ་བོ་བཟང་གྲགས་ནས་གྲལ་པ་ཐམས་ཅད་གཉིད་ཆོག་འཐིབ་བེ་བ་ལས་རིགས་ལུང་གི་ཐ་སྙད་ཆེར་མ་བྱུང་མ་ནས་ཧོར་རབ་འབྱམས་པས་ཚག་ཁྲད་དང་ཁ་གཟན་པར་བརྟེན་བླ་མ་རྣམས་ཀྱིས་ཕུད་པས་ད་ཆ་སྟག་ལུང་ཆ་ལའི་བོང་བུ་རང་བྱས་དོགས་འདུག་གོ །སྔགས་པ་སེ་ཆེན་ཞབས་དྲུང་གི་སྐུ་སྐྱེ་བརྟག་པ་དང་མཐུན་པ་གསང་མདར་གསལ་བ་བྱུང་འདུག་པ་བཞིན་སྒོ་མངས་སློབ་དཔོན་ཟུར་པ་ག་རུ་པ་ཅན་གྱིས་ཁྲིད་འོངས་པ་སྐྲ་ཕུད་བླངས་ཤིང་ཕྱག་དྲུག་པའི་བཀའ་བསྒོ་བྱས། བླ་མ་བཙན་པོའི་བསྔོ་རྟེན་མ་ན་ཧོ། གཡང་ཊི། གསེར་དངུལ་སོགས་གཏོས་


GLG006_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་བྱིན་ཅིང་བསྔོ་སྨོན་གྱི་རྒྱས་བཏབ། བཞུགས་གྲལ་གྲོལ་ནས་བཀྲ་ཤིས་སྒོ་མངས་སྤྱི་སོས་རིང་འཚོའི་རྟེན་འབྱུང་གི་སྨོན་ལམ་མཛད། སྔགས་པ་གྲ་ཚང་ལ་རྒྱལ་གསོལ་གྱི་ལུང་དགོས་ཚུལ་བཞིན་བཀླགས། ཚེས་བཅུ་གཅིག་ལ་ཆོས་སྡེ་ཆེན་པོ་ནས་སྐྱེལ་མ་བ་བརྒྱ་སྐོར་དང་བཅས་རིན་ཆེན་སྒང་དུ་འབྱོར་ཐོག་དབེན་ས་སྤྲུལ་སྐུ། རྒྱལ་པོ། ཨ་པ་ལའི་གྱིས་གཙོས་པའི་སོག་པོ་སུམ་བརྒྱ་ཙམ། སེ་ར་ཐེག་ཆེན་གླིང་གི་རྟ་པ་ལྔ་བཅུ་ལྷག་དང་སྟག་ལུང་ཕྱག་མཛོད་པ་བཅས་བསུ་མི་རྣམས་འཛོམ་ཐོག་ཇ་སྦྱོར་སྦྲེལ་བཏང་། པོ་ཏ་ལའི་ཡང་ཐོག་ཏུ་སྡེ་པས་ཞལ་བཀོད་མཛད་ནས་སྡོད་གནས་ཤིན་ཏུ་སྤྲོ་བ་བྱུང་འདུག་པར་གུང་ཚིགས་ལ་སྒྱེད་བུ་ཁ་དྲོ་དང་སྦྲགས་དབེན་ས་སྤྲུལ་སྐུ། རྒྱལ་པོ། ཨ་པ་ལའི་སེ་ཆེན་དབོན་པོ། ཇའི་སང་མི་བཟང་དྲག་རིགས། སྟག་ལུང་ཕྱག་མཛོད། ནང་སོ་རྣམ་པ། མདའ་དཔོན་གསུམ་སོགས་བོད་སོག་ཚོགས་པར་གུང་གི་བཞུགས་གྲལ་རྒྱས་པར་བཤམས། ཕྱི་དྲོ་སྡེ་དྲུག་མཁན་པོ་རྨི་རུ་སློབ་དཔོན། དགའ་ལྡན་མཆོད་པ། སྐུ་མདུན་ལྷུན་གྲུབ། དྭགས་པོ་སྒྲོམ་མདའ་བ་ཅན་མི་གྲངས་དགུ་བཅུ་གོ་གྲངས་དང་ཕྲད། ལྷག་ཏུ་ལ་སྟོད་སྒམ་སྨྱོན་སྤྲུལ་སྐུའི་གདན་ས་ཕྱག་མཛོད་མངའ་བདག་པའི་སྲས་ཀྱིས་གཏེར་ཁ་གོང་མའི་པདྨ་བདུད་འདུལ་རིགས་འཛིན་ཆེན་པོ་ཡོལ་མོ་བ་ཐུགས་གཙིགས་ནན་ཏན་ཆེ་བའི་འཁྲུལ་མེད་དེ་དང་མཚུར་ཕུ་ཕྱག་མཛོད་རྣམ་རྒྱལ་གྱིས་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཐུགས་དམ་རྟེན་བྱུ་རུའི་གཤེད་དམར་རྒྱ་བཟོ་ཁྱད་མཚར་འཕྱོང་རྒྱས་ནས་དྲུང་པ་རྒྱལ་ཚབ་པར་ཕུལ་བ་དེ་


GLG006_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པ་གནས་ཁང་གི་ཐོག་མའི་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། གཙང་གི་གཟིམས་ཆུང་བ་སྤྱི་བསྡུས་ཀྱིས་དངོས་པོ་བཏེག་སྟེ་མདའ་དཔོན་གཟེར་ཆེན་པ་དང་གཟིམས་ཆུང་པ་བརྒྱ་སྐོར་གྱིས་རིང་འཚོའི་རྟེན་འབྱུང་བསྒྲིགས། ཚ་བ་དང་ཉང་རེའི་འགྲུལ་པ་གསར་སླེབས་རྣམས་ཀྱིས་ཇ་དང་འབའ་དར་ཁན་དཀའ་བཅུའི་ཚ་བོ་བསོད་ནམས་བཀྲ་ཤིས་ཀྱིས་ཇ་པགས་རིགས་རྟ་དྲེའུའི་དངོས་པོ་གཟེངས་བསྟོད། རྒྱལ་མོ་ཆེ་ཆུང་། གཡོན་རུ་དཔོན་མོ། མཁའ་འགྲོ་དགེ་ཚུལ་མ། ཟུར་རི་བླ་མ། ཨ་ཇོ་རྫོང་པའི་བླ་མས་མཚོན་པ་བརྒྱ་སྐོར་ལ་ཇ་གྲལ་བཏང་། རྒྱལ་མེ་ཏོག་ཐང་གི་མགོན་ཁང་བསིལ་བ་ཚལ་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་གདན་ས་གོང་ནས་པུ་ཏྲའི་བླ་མཚོའི་རྒྱུན་བཞེས་འདུག་པར་དེ་གའི་མིག་ལྟོས་ཀྱིས་འདར་པ་ལོ་ཙཱ་བ་འཁོར་ཞག་སྐབས་ཞབས་དྲུང་རིན་པོ་ཆེར་ཞུ་ཡིག་དང་བཅས་བླ་མཚོའི་རྒྱུན་དགོས་ཚུལ་ཞུས་པ་སྐུ་ངོས་ཀྱིས་པུ་ཏྲ་ཁང་དུ་ཕེབས་པའི་སྐྱོགས་ལྟ་བུས་བཅུ་ནི་མི་ནུས་ཇི་ལྟར་དྲག་གསུང་བའི་མུས་ལ་ཁྲོའི་སེར་ག་ནས་གློ་བུར་དུ་འཛགས་པས་ལེན་སྣོད་ཁེངས་པའི་རྟེན་འབྲེལ་འགྲིག་པ་ཆུ་གདན་དྲངས་ཏེ་འདར་ལོ་གཟའ་སྐར་ལེགས་ཐོག་ཏུ་འབྱོར། སྣེའུ་སྡོང་རྩེའི་ཞབས་དྲུང་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ཞལ་ངོ་གོང་མ་རྣམས་ཀྱི་སྤྱན་རྒྱུན་བཞིན་ཐུགས་ངེས་པར་འབྱུང་བའི་བསྙེན་རྫོགས་གནང་བ་དང་གདུང་བརྒྱུད་རིན་པོ་ཆེ་སྐུ་ལུས་བསྒྱུར་བར་ཕེབས་པ་ཚེས་བཅུ་གཉིས་ཀྱི་སྔ་དྲོ་མཇལ་ཞིང་དེ་ཐོག་སྡེ་པ་འདར་ལོ་མཆིས་བྲང་དང་བཅས་པ། སེ་རའི་དགེ་སྐོས་གསུམ། བཱ་ཐུར་ཁི་ཡ་སོགས་སོག་པོ་ལྔ་བཅུ་སྐོར་བཏང་། ཐོག་མར་བསྙེན་


GLG006_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་གནང་བཞེད་ལ་ནང་སོ་ཨ་ནོར་གྱིས་གཙོས་དྲུང་འཁོར་རྣམས་ཀྱིས་མཆོད་དཔོན་པ་བསྐུལ་བའི་ཞལ་ངོ་འཁྲོལ་ཆུངས་པས་རབ་ཏུ་སྡོམ་པ་བཞེས་རྒྱུ་འཐེན་ཙམ་དང་དེ་མིན་སྐོར་ཅིག་དགེ་ཚུལ་ཙམ་གནང་བ་བརྟན་པ་ཡོང་ཚུལ་གྱི་སྙན་སྒྲོན་ཞུས་འདུག་པར་བརྟེན་ཐུགས་འགྱུར་པའི་དགོངས་བསྟད་བཞིན་ཕྱི་དྲོ་ཞབས་དྲུང་མ་ཆེན་དགེ་ཚུལ་དུ་བསྒྲུབས། ཞབས་དྲུང་གདུང་བརྒྱུད་ཀྱི་གཙུག་ཕུད་བླངས་ཏེ་མཚན་ངག་གི་དབང་ཕྱུག་རིན་པོ་ཆེ་བཀྲ་ཤིས་དཔལ་འབར་ཕུན་ཚོགས་རྒྱ་མཚོའི་སྡེར་གསོལ། སྔར་གོང་མ་ཆོས་རྒྱལ་ཆེན་པོ་ལ་ལྷོ་བྲག་མཁན་ཆེན་ཕྱག་རྡོར་བས་སྐུ་ཚེའི་རྟེན་འབྲེལ་དུ་སྒྲོལ་དཀར་ལེགས་ཚུལ་གྱི་ལུང་བསྟན་པའི་དགོངས་བཞེད་དང་བསྟུན་པ་རི་ལུགས་ཀྱི་སྒྲོལ་དཀར་སྤྱན་བདུན་མའི་རྗེས་གནང་དང་གསར་རྩོམ་བསངས་དཔེ་བཀྲ་ཤིས་འཁྱིལ་བའི་ལུང་ཕུལ། དཔོན་མོ་ཚེ་དབང་རྒྱལ་མོས་གསེར་ལས་གྲུབ་པའི་གཏོར་ཆ་ཡ་མགུ་མ་མགུ་དང་བཅས་པ། ཙནྡན་གྱི་གཏོར་སྟེགས། དངུལ་གྱི་གཞོང་པ་རྣམས་ཀྱིས་གཙོས་པའི་གོས་དར་གསེར་དངུལ་རྟ་སོགས་བརྒྱ་འབུལ། སེ་ཆེན་རྒྱལ་པོའི་འབུལ་སྐྱེལ་བ་བཞི་བཅུ་ཙམ་འབྱོར་བའི་གོས་ཁྲེས། དར་ཁྲེས། ཇ་ཀོ་དྲ་ཁ་ཤས་བཅས་བསྟར། དཔོན་མོ་སའི་ཁན་ཇུར་ཚེ་རྟ་དང་། སྟག་རྩེ་ཐའི་ཇིར་ཚེ་མགོན་གྱི་བྱིན་རླབས་ཕུལ། བར་ཁམས་ནས་བླ་མ་རྒྱ་སྟོན་པ། ཧོར་སྨད་ཏ་ལྷ་རྒྱལ་དར་གྱི་ནུ་བོ། སྟོང་འཁོར་དབོན་པོ། བདེ་ཆེན་ཐའི་ཇི། ཚལ་སྡེ་པ་གྲགས་པ། དྭགས་པོ་བྷྲུཾ་པ། ལྕམ་ནོར་བུ་ཁྲ་སྒོར་སོགས་དང་མཇལ་ཕྲད་བྱས། བསྙེན་རྫོགས་བརྒྱ་ཞེ་གཅིག །དགེ་ཚུལ་བརྒྱ་སོ་


GLG006_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། དགེ་བསྙེན་བཞི་བཅུ་ཞེ་བཞི་རྣམས་བསྒྲུབས། སྟག་རྩེ་ནས་གསེར་སྐུ་གྲ་ཚར་བཞེང་བ་མཛད་འདུག་པར་མེ་ཏོག་གཏོར། ཚེས་བཅུ་དྲུག་ལ་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་གྱིས་སྦྱིན་བདག་མཛད་པའི་གྲ་ཚང་གིས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཆོག་བཏང་། ཚོགས་འཁོར་བཟབས་རྒྱས། རུང་མཐུན་གྱི་གོས་སྣ་ཇ་གོས་དར་སོགས་ཀྱི་སྟེར་ཆ། ཚོགས་ལ་འགྱེད་ཀྱིས་བསྙེན་བཀུར། ཞག་བདུན་གྱི་བར་མཚམས་བཅད་པུ་ཏྲའི་བླ་མཚོ་སྐྱེལ་བར་དྲ་མ་ཆས་བཟང་ཀ་ཕིབས་པའི་དགོས་འདོད། དཔལ་ཤག་བསོད་ནམས་དར་རྒྱས། ཞོལ་ཤར་དཀོན་ཅོག་གསུམ་དང་གྲ་ཚང་གི་གྲ་པ་ཡར་སྟོད་པ་ངག་དབང་ཚུལ་ཁྲིམས་བཏང་བར་རླུང་གཡོས་ཏེ་ནམ་མཁའ་འཚུབ་པའི་དམ་ཅན་འཁོར་ཉམས་ཆེ་བ་བྱུང་གྲ་ཁང་སྦུག་བསིལ་བ་ཚལ་དུ་ཁྲོ་སྣོད་ལ་བླུག་པའི་འདེགས་མཁན་ཟུར་ཁང་པ་རྒྱལ་པོ་དོན་གྲུབ་དང་དོ་དམ་མཆོད་དཔོན་པས་བྱས་རིན་པོ་ཆེའི་མཚོ་རྫས་ཕུལ་ཏེ་ཁ་བཅད་སྙན་དར་སྒྲོན་པའི་ལག་ཚགས་རུ་ང་བའི་རྒྱས་བཏབ། ཆད་དཀར་ལོ་ཙཱ་བའི་སློབ་མ་ཞིག་གིས་ལེགས་པར་སྦྱར་བ་ཀ་ལཱ་པའི་རྩ་བ་དང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཆེན་རིན་ཅེན་ཆོས་སྐྱོང་བཟང་པོའི་བཤད་སྦྱར་སྟེང་ནས་རི་མོ་ཡོངས་རྫོགས་ཀྱི་རྒྱུགས་སྤྲད་པ་འདར་པ་ལོ་ཆེན་གྱིས་བླངས། སྟག་ལུང་མཁས་པས་མི་འཛིན་པའི་ས་ནས་འདི་འདྲ་འོང་བའི་ཚོད་ན་ས་དགེ་སོགས་སུ་སྒྲ་ཆེར་མི་སྒྲག་གོ །ཉེར་གསུམ་ནས་མཚམས་གྲོལ་ཏེ་དབེན་ས་སྤྲུལ་པའི་སྐུར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་བླ་ཆས་འཇམ་ཕྲུག་གིས་ཐོག་དྲངས་པའི་རྫོང་བ་གང་ལེགས་བསྟན་


GLG006_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལ་ཕན་སླེབས་ཀྱི་དོ་དམ་གང་ཆེ་མཛད་དགོས་པའི་བསླབ་བྱ་བྱས་ཐོན་གདོང་མུ་ཏིག་གི་འཕྲེང་བ་ཞིག་ལག་གཏོད་དང་སྦྲགས་བསྟན་པའི་ཞབས་འདེགས་སུ་གང་འགྱུར་བྱེད་ཚུལ་འཕྲལ་ཡུན་གྱི་ཁེ་ཉེན་ཞིབ་པར་གསུང་། གདན་གཟོས་དང་སྐྱེལ་མ་བཏང་བས་མཚོན་པའི་གཟེངས་བསྟོད་ཅིང་བཀྲ་ཤིས་ལྷུན་པོར་གསར་དུ་བརྒྱབ་པའི་གྲང་ཁང་ཡང་གཞུང་དུ་སྤྲད་དེ་མགུ་བའི་རྣམ་འགྱུར་ལྷུར་བླངས། ཚེ་དབང་རྒྱལ་མོར་བཟང་སྤྱོད། བཀྲ་ཤིས་བརྩེགས་པ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་བཅུ་གཅིག་ཞལ་གྱི་ཆོ་ག །གསར་རྩོམ་སྒྲོལ་མ་དཀར་ལྗང་གི་མངོན་རྟོགས་རྣམས་ཀྱི་ལུང་། ཚེ་དབང་གྲུབ་རྒྱལ་མ་དང་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་རྗེས་གནང་། ཤལ་དཀར་དམར་སྣམ་ཕྲུག་སོགས་རྫོང་བ་བཟབས། ཤུ་གེ་ཇའི་སང་ཁྱོ་ཤུགས་གཉིས་ཀྱིས་གོས་དར་དང་རྣ་རྒྱན་གྱི་སལ་ཁེ་བཀྲོལ་ཏེ་བྱིན། རྣམ་སྲས་གླིང་པ་ཕུན་ཚོགས་དབང་པོ་གཞིས་རྩེ་དང་མཛེས་གྲོང་དཀའ་བཅུ་འབའི་རྫོང་སྡོད་ལ་འགྲོ་གདོང་ལྷན་དུ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར། མཚམས་ཁག་ལེ་ཚན་རྣམས་བཙུགས། ཉེར་ལྔ་ནས་ཕྱི་མཚམས་ངོས་གྲབས་ཡུལ་བྱས། ཟླ་བ་བཅུ་གཉིས་པ་སྔ་མའི་ཚེས་ཉི་ཤུ་ལ་གསང་སྔགས་ཕོ་བྲང་གི་མགོན་ཁང་སྦུག་ཏུ་ཆོས་སྐྱོང་རྣམས་ཀྱི་རྟེན་གཏོར་སོ་སོའི་མན་ངག་བཞིན་སྲོག་འཁོར། གཟུངས། རྫས་སོགས་ཕྱག་ལེན་དྭངས་གཙང་བ་འཛུགས་པར་མཆོད་དཔོན་པ་བཏང་། དབུ་མཛད་བློ་བཟང་བསྟན་འཛིན་དང་ཆོས་རྗེ་ཁ་རག་པ་ཅན་གྲ་པ་ཁ་ཤས་ཀྱིས་སྒྲུབ་པ་ཚུལ་བཞིན་བསྟར། དགོན་
པ་མང་པོར་གསེར་གཏོར་དུ་གྲགས་པའི་གཏོར་མ་འདི་ཡིན་མེད་པ། ལ་ལ་གནང་ཆེ་བས་དེ་ལྟར་གྲགས་ཟེར། འགའ་ཞིག་གསེར་མང་པོ་བསྲེས་པས་དེའི་གོང་བརྒྱབ་ཀྱི་གཟན་ཁུགས་པའི་དབང་དུ་བྱས་གཏོར་ཁ་གསོ་མི་དགོས་གསུང་མཁན་སྣང་བ་གདམས་པ་མཚར་པོ་དེ་འདྲ་བ་ནི་རྩད་མ་ཆོད་གཤིས་འཛུགས་མ་ཤེས་སོ། །གཏོར་འཛུགས་ཀྱི་བྲེལ་བ་ཙམ་མ་གཏོགས་ཟླ་བ་བཅུ་གཉིས་པ་ཕྱི་མ་མ་རྫོགས་བར་ཕྱི་མཚམས་ཁོག་ཏུ་ཐོབ་ཡིག་གི་འཕྲོ་བྲིས། རུ་ཐོག་དབང་པོ་ཐུགས་སེམས་ཐང་ཆད་ཉམས་ཀྱི་སྙན་འཕྲིན་བྱུང་བའི་ལན་ཐུགས་ཀྱི་གསོས་སྨན་དུ་འགྱུར་བ་བསྲིངས།

དགུང་ལོ་ང་གཅིག་པར་བོད་ཁམས་བདེ་ཐབས་དང་ཚོགས་གསོག་གི་ཆེད་དུ་རྫོང་གཞིས་ཁག་ནས་བཀའ་འགྱུར་སོགས་རིམ་གྲོ་བསྒྲུབས་པའི་སྐོར།


GLG006_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རིམ་ལེ་ཚན་དང་མེ་ལུག་གནམ་ལོ་ཚེས་པའི་མ་མོ་སྲིད་པའི་རྒྱལ་མོ་མཆོད་ཅིང་བོད་སོག་གི་ཚོགས་ལ་བཞུགས་གྲལ་གྱི་དགའ་སྟོན་བྱས། དེ་ཐོག་བལ་པོ་ཁོ་ཁོམ་རྒྱལ་པོ་དང་ལྭ་དྭགས་བདེ་ལྡན་གྱི་མི་སྣ་སོགས་ཆ་ལུགས་དང་སྐད་རིགས་མི་གཅིག་པ་འགའ་ཞིག་འབྱོར། ཚེས་གཉིས་ལ་ཨོད་ཁོན་གྱིས་བརྒྱ་འབུལ་བཏེག །དེ་དང་དཔོན་མོ་སའི་ཁན་ཇུ་འཁོར་བཅས་ལ་སྐྱབས་འགྲོ་སེམས་བསྐྱེད། ལྟུང་བཤགས། བྱམས་སྨོན། བཟང་སྤྱོད། གདུགས་དཀར། གསར་རྩོམ་སཱཙྪ་འདེབས་ཆོག་རྣམས་ཀྱི་ལུང་བྱས། སྡེ་པ་བྱིང་པ། ལྷོ་བྲག་བཀྲ་ཤིས་ཆོས་ལུང་དང་བཞད་བཀྲ་ཤིས་དགེ་འཕེལ་གྱི་བླ་མ། འབྲི་གུང་ཆོས་སྒོ་བ་མངའ་བདག་པའི་བླ་མ་མདོ་སྔགས་བསྟན་འཛིན་རྒྱ་མཚོ། ཞབས་དྲུང་སྙིང་སྙིང་། བྲ་ཡག་གཉེར་ཆུང་། རྩེ་ཆེན་ལྕམ། ལ་སྟོད་ནས་ལྕགས་ཟམ་འཛུགས་མཁན་ས་ལུགས་ཀྱི་བླ་མ་ཞིག་དང་བཅས་པར་ཇ་གྲལ་བཏང་། ལྕགས་ཟམ་འཛུགས་མཁན་


GLG006_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རྡོ་རིང་གི་འཁྲིས་ནས་ལུས་གཅེར་བུར་ཕྱུངས་ཏེ་ཇོ་བོར་ཕྱག་འཚལ་བའི་ཞིག་པོར་རློམ་པ་ཞིག་ཡོད་ཚོད་དུ་འདུག །གང་ལྟར་བསླངས་པའི་ཆས་མཐའ་དག་ལྕགས་ཟམ་ཁོ་ནའི་རྒྱུར་གཏོང་ཟེར་བས་ཟག་ཟོག་མཁན་རང་ནི་མིན་པ་འདྲ། སྐྱོར་ལུང་ཆོས་སྡེ་དགོན་ལག་མར་ཁུ་འབུལ་རྒྱུ་དང་བཅས་པས་ཟང་ཟིང་གི་ཚན་གྲངས་བཏེག་སྟེ་ཡན་ལག་བདུན་པ་དང་འབྲེལ་བའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། བསྙེན་རྫོགས་གྱ་དྲུག་དང་། དགེ་ཚུལ་བདུན་ཅུ་དོན་བཞི་བསྒྲུབས། ཚེས་བཞི་ལ་ཁྲི་རིན་པོ་ཆེ་བློ་བཟང་རྒྱལ་མཚན་དང་མཇལ་ཞིང་དཀར་སྤྲོ་བཤམས། སྟག་ལུང་ཕྱག་མཛོད་དང་གསེར་ཏོག་ཐོ་ཡོན་ལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། དེ་ནུབ་ནས་ཕྱི་མཚམས་བཅད། འཕན་ཡུལ་དྲུག་བརྒྱ་བ་དཀོན་ཅོག་ཚེ་དབང་ཆོས་བྱེད་པར་ཡོངས་ཆོག་པ་དགོས་པའི་ཡི་གེ་རིམ་པར་འབྱོར་བར་སྟག་རྩེ་ཐའི་ཇིར་ཞུས་པའི་བདེ་ཁྲོལ་བྱུང་ན་འདོད་སྦྱར་བྱས་ཆོག་ལབས་པར་བརྟེན་ཚེས་ལྔ་ལ་འབྱོར་བ་དགེ་ཚུལ་དུ་བསྒྲུབས་ཤིང་མིང་བློ་བཟང་དཀོན་ཅོག་ཏུ་བཏགས། ཕྱི་ནང་གི་ནོར་རྫས་གཏོས་ཆེ་བ་དང་དྲུག་བརྒྱས་གཙོས་པའི་ས་རིས་གཡོག་ཐེམ་འཛིན་བརྒྱ་དང་གཉིས་མཆོད་གཞིས་སུ་སྦྱར་བའི་དེབ་སྡེ་པར་ཕུལ་བ་ཐུགས་ལ་གཙང་སྐུར་གཉིས་ཀྱི་དུས་ཞྭ་དམར་ནག་ལ་དེ་རིགས་བྱེད་མཁན་བྱུང་བར་འཐེན་ཁྱེར་ཆེར་མི་ཡོང་འདུག་པས་དེ་དང་འདྲ་བའི་ཉམས་ཤིག་ཤར་བར་སྣང་ངེད་ཀྱིས་རང་ཕྱོགས་ཀྱི་སྦྱིན་བདག་རྣམས་ཁ་ཞུ་གཏིང་འཁྱགས་ཀྱི་ལོ་རྒྱུས་ཤིན་ཏུ་མང་བས་རྟ་པ་འགྲོས་སུ་སོང་ན་མཆོད་ཡོན་བར་དུ་གླེང་བརྗོད་མགོ་ན་བ་བྱུང་དོགས་དགོས་ཚུལ་མོལ་


GLG006_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཐང་སག་བླ་མ་ཅན་གྱིས་བཞེས་ཆོག་པ་ཡོད་པའི་གསེད་བཀྲོལ་གྱིས་ཀྱང་འཁྲུལ་གཞི་བྱས། རྩིས་ལེན་པ་སོང་བའི་སང་ཉིན་བསམ་ཡས་ནས་ཐའི་ཇིས་དྲུག་བརྒྱ་བ་བློ་ལོག་གིས་ཆོས་བྲོས་ལ་སོང་འདུག་པ་སློག་དགོས་ལུགས་ཀྱི་ཕྱག་བྲིས་བྱུང་རུང་དྲུག་བརྒྱ་བ་རང་གིས་སྔར་ཕུལ་བའི་ཞུ་ལན་ཚང་མར་ལམ་ལམ་ཞིག་ལས་ཆོས་བྱས་ན་མི་འཐུས་པའི་རྡོ་སྦྲགས་མི་འདུག་ཅིང་དགེ་ཚུལ་ཀྱང་བསྒྲུབས་ཟིན་པ་དང་སྣང་ཚལ་བས་འབྲུག་པར་ཁ་བལྟས་ནས་ཕྱིན་པ་ལས་ནག་ཆེ་རྒྱུ་མེད་པ་འདྲ་སྙམ་སློག་པ་མ་ཤར། ཚེས་བཅུ་གཅིག་གི་ཉིན་ཚངས་པ་དུང་ཐོད་ཅན་ལ་ཇ། གོས་ཕྱི་ནང་། རྟ། ཚོགས་ཆས་ཀྱི་མཆོད་སྤྲིན་སྤྲོས་ཏེ་དུས་རྟགས་ལྐོག་གྱུར་གྱི་ལུང་བསྟན་ཞུ་བར་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན། དེ་མཚུངས་གྲ་ཚོང་འདུས་སུ་ཆོས་སྐྱོང་བྱ་ཁྲིད་མིག་གཅིག་པར་སྤྱན་གཟིགས་གོང་གསལ་གྱི་ཐོག་དུང་རྒྱ་གླིང་དང་བཅས་འབུལ་བར་ཞང་ཚ་དཀོན་ཅོག་རྣམ་རྒྱལ། སང་ཉིན་བསམ་ཡས་གནོད་སྦྱིན་ཆེན་པོར་དམ་རྫས་ཚངས་པ་དང་དབྱིབས་མཚུངས་པ་སྤྲོས་ཏེ་མཆོད་དཔོན་པ་ཆུ་ཚན་དང་སྦྲགས་བཏང་བ་སོ་སོར་ལས་བཅོལ་གྱི་ཚིགས་སུ་བཅད་པའི་འཕྲིན་ཡིག་ཕུལ། ཉེར་གཅིག་ལ་སྐྱིད་ཤོད་ཆོས་རྗེ་བློ་བཟང་བསྟན་སྐྱོང་རྒྱ་མཚོ་སྐུ་གཤེགས་པའི་བསྔོ་རྟེན་རྣམས་བྱང་ཆུབ་ཀྱི་རྒྱུར་བསྔོས་ཤིང་དེ་དང་འབྲེལ་བའི་བདོག་པའི་སྐྱེས་ཀྱང་བསྲིངས། གནས་སྙིང་ཞབས་དྲུང་སྐུ་གཞོན་པའི་སྐུ་སྐྱེ་རབ་བྱུང་དུ་བསྒྲུབས། མཚན་ངག་དབང་ཀུན་དགའ་བདེ་ལེགས་སུ་བཏགས། འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་གྱིས་གྲ་ཚང་གང་དུ་བྱོན་པ་འགབ་དྲི་བར་ཁྱད་ཆེ་བ་མི་ཡོང་ཡང་ར་བ་སྟོད་སློབ་


GLG006_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་སྨྲ་ཚུལ་གླེངས་པ་བཞིན་བྱོན་སོང་པ་ཐུགས་གཉེར་ཀྱང་ཡོང་བའི་འཇལ་བྱུང་ཟེར། གནས་ཆུང་ཆོས་སྐྱོང་ཆེན་པོས་སྡེ་པ་བསོད་ནམས་རབ་བརྟན་གྱིས་ཕྱིའི་ལར་གྱ་རྣམས་མཛད། ད་ལམ་ནོར་བུ་འཛིན་པས་ནང་གི་ཞིབ་ཚགས་རྣམས་བྱུང་བ་དང་ཡོན་བདག་ཤཱཀ་མགོན་གྱི་སྐྱེ་བ་ཡིན་ཚུལ་སོགས་བསླབ་སྟོན་རྒྱས་པར་སྒེར་ལོགས་ཨ་དར་ལ་གསུངས་པར་སྣང་།ཧོར་ཟླ་གཉིས་པར་ཚོགས་གསོག་རིམ་གྲོ་བོད་ཁམས་ཀྱི་བདེ་ཐབས་སུ་རྫོང་གཞིས་ཁག་བཅུ་དགུ་བསྡོམས་པར་བཀའ་འགྱུར་ཚར་ཆིག་བརྒྱ་སུམ་ཅུ། འབུམ། བརྒྱད་སྟོང་པ། བསྐལ་བཟང་། ཐར་པ་ཆེན་པོ། གསེར་འོད། མདོ་མང་། པདྨ་བཀའ་ཐང་རྣམས་སོ་སོར་བརྒྱ་རྩ་རེ། དཀོན་ཅོག་བརྩེགས་པ་དང་ཏིང་འཛིན་རྒྱལ་པོ་སོ་སོར་ཉིས་བརྒྱ། མཚན་བརྗོད། གདུགས་དཀར། སྒྲོལ་མ། ཤེར་སྙིང་རྣམས་འབུམ་ཐེར། ཚེ་ཆོག་གསུམ། ཡིག་དྲུག་དུང་ཕྱུར་གཉིས། ལྷ་ས། བསམ་ཡས། ཁྲག་འབྲུག་གསུམ་ལ་མཆོད་པ་སྣ་ལྔ་བརྒྱ་རྩ། གསེར་ཆབ། དར་ཆེན། ཡུམ་བུ། མཆིམས་ཕུ། ཤེལ་བྲག་སོགས་སློབ་དཔོན་ཆེན་པོ་དང་ཆོས་རྒྱལ་གྱི་གནས་བསྡོམས་པ་བཅུ་བཞི་ལ་མཆོད་པ་སྣ་ལྔ་སུམ་ཅུ་རེ། སེར་འབྲས་སུ་ཇ་ཚུལ་ཉི་ཤུ་རྩ་དྲུག །ཁྲོ་རོལ་བརྒྱད། དགྲ་སྲིའི་མནན་པ་དགུ། འཆར་ཀའི་མདོས། ཕྱུགས་ལུག་བརྒྱའི་སྲོག་བླུ་རྣམས་བཏང་། བསམ་དར་ནས་ཀྱིས་ཞང་བློན་ལ་འབུལ་རྒྱུའི་སྙན་དར་ཞལ་ཡིག་དགོས་ཟེར་བ་བཀོད། བསམ་ཡས་ཆོས་སྐྱོང་ཆེན་པོས་རྡོ་རྗེ་བྲག །དཔལ་རི། དར་རྒྱས་ཆོས་སྡིངས་པ་གསུམ་གྱིས་གནས་ཆེན་གསུམ་དུ་བོད་


GLG006_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བདེ་ཐབས་ཀྱི་སྐུ་རིམ་དགོས་གསུང་བ་ལྟར་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེས་ལྷ་ས། དཔལ་རི་སྤྲུལ་སྐུས་བསམ་ཡས། གཏེར་སྟོན་རིགས་འཛིན་ཆེན་པོས་དབུ་རུ་ཀ་ཚལ་དུ་མཛད་པའི་གཏེར་སྟོན་དེ་ཞོར་པོ་ཏ་ལར་བྱོན་བྱུང་བར་གཤིན་རྗེ་དམར་པོ་རླུང་སྒྲུབ་ཀྱི་གཏེར་གཞུང་དང་ཆོས་རྒྱལ་བྱང་པའི་ལྗགས་བསྒྲིགས་ཀྱི་ལུང་ཕྱག་ལེན་མན་ངག །དམར་འཁྲིད། སྔར་བསྐུལ་མ་མཛད་པའི་འཕྲང་འགོ་གཏེར་སྟོན་པའི་སྨེ་བརྩེགས་ཀྱི་འཕྲིན་ལས་དང་ཨོ་རྒྱན་གྱི་གསོལ་འདེབས་གསར་རྩོམ་གཉིས་ཀྱི་ལུང་ཕུལ། ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་བཀྲ་ཤིས་ལྷུན་པོའི་མགྲོན་གཉེར་དཀའ་ཆེན་དགེ་འདུན་ཚུལ་ཁྲིམས་འབྱོར་བའི་ཕྱག་མཛོད་ཀྱི་ཡི་གེ་དང་དངུལ་གྱི་མཎྜལ། ཉེར་སྤྱད་ཆ་ཚང་། གོས་ཕྱི་ནང་སོགས་དངོས་པོ་དཔངས་བསྟོད་དང་བཅས་ཡུན་དུ་གནས་དགོས་པའི་རྒྱུ་མཚན་སྨེད། གམ་ཆུ་མཁར་གྱི་མི་དབོན་གྱིས་མའི་ད་རི་ཆོས་རྗེའི་གྲ་པ་རིན་ཆེན་དབོན་པོ་བཏང་བའི་ཇ་ཀོ་དྲ་ཉི་ཤུ་རྩ་གཉིས། ཆོར་ཡུག་ཉི་ཤུ། དངུལ་གྱི་ཐ་ཕག་རྣམས་བྱིན། བདེ་འབྱོར་གྲ་ཚང་སྤྱི་སོས་སློབ་དཔོན་ངག་དབང་དོན་གྲུབ་ཀྱི་གསོལ་འདེབས་བསྐུལ་བ་བཞིན་བྲིས། ཤེལ་དཀར་ཆོས་སྡེའི་གྲ་པ་གཉིས་ཀྱིས་གསར་རྩོམ་དབུ་ཕར་མཛོད་དང་ཐོད་རི་བཤད་སྒྲུབ་གླིང་པའི་གྲ་པ་གཉིས་ཀྱིས་དབུ་ཕར་གྱི་རྒྱུགས་སྤྲད། གོང་ནས་གསེར་ཡིག་པར་དེས་གེར་དགེ་སློང་དང་ཤེས་རབ་འོད་ཟེར་ཅན་བརྒྱ་ལྷག་ཅིག་འབྱོར། བཀའ་ཤོག་དང་གནང་སྦྱིན་སྤྲད། བཀའ་ཤོག་ཤུབས་བཅས་གཉིས་འདུག་པའི་གཅིག་རྒྱ་སོག་བར་གྱི་གཞུང་དོན་ལ་ཕེབས་པ་ཡིན་སྣང་། མཚོ་ཁ་ཕྱོགས་ནས་རྒྱའི་ས་མཚམས་སུ་མཁས་མི་མཁས་འདྲ་བྱུང་བའི་རྐྱེན་


GLG006_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྒྱ་དམག་ཚན་ཆེ་བ་གྲོང་ལང་དུ་སླེབས་པ་དང་ཕོ་བྲང་དུ་རབ་ཏུ་བྱུང་བར་ཁས་འཆེ་བ་འགའ་ཞིག་གི་སྤྱོད་པ་མ་དག་པ་ལ་བརྟེན་སེར་མོ་བ་མང་པོ་སོ་སོར་གནས་དབྱུང་སོགས་སྒོ་དུ་མ་ནས་འདི་ལོ་གསེར་ཡིག་པའི་ཟླར་འགྲུལ་པ་ཤིན་ཏུ་ཉུང་། འོན་ཀྱང་མི་སྣ་གཉིས་དང་འོར་དུས་སུ་ཚེ་རིང་ཐའི་ཇིའི་བུ་མོའི་བསྔོ་ཞུས། དོར་རྟ་ནང་སོའི་བསྐུར་མ། ཐ་ཡན་ཆིའི་མིས་མཚོན་གང་ཡོད་རྣམས་ཀྱིས་གོས་དར་དང་གསེར་དངུལ་གྱི་སྟེར་ཆ་བྱས། གནས་སྙིང་ཞབས་དྲུང་བློ་བཟང་བསྟན་འཛིན། དཔལ་འཁོར་ཆོས་སྡེའི་མཁན་པོ་ཡོན་ཏན་སེང་གེ་གཉིས་ཀྱིས་དབུ་མཛད་པའི་ལྷ་སྡེ། རྩེ་འབྲོང་གིས་ཐོག་དྲངས་པའི་དྲུང་འཁོར་སོགས་རྒྱལ་རྩེ་ཁུལ་གྱི་སྐྱ་སེར་རྣམས་ཀྱི་འགོ་མི་རྫོང་སྡོད་རྡོ་དགོན་པ་བ་རྟ་མགྲིན་རྣམ་རྒྱལ་གྱིས་བྱས་ཏེ་རིང་འཚོའི་རྟེན་འབྱུང་ལ་འབྱོར། གསེར། གོས་དར། རས་སྣམ། པགས་རིགས། བུ་རམ་གྱིས་གཙོས་པའི་བདོག་པ། རྔོ་ཐོགས་པ་བཏེག །ཚེ་དཔག་མེད་ཀྱི་བསྐྱེད་ཆོག་དང་གསོལ་འདེབས་བཀྲ་ཤིས་ཀྱི་མེ་ཏོག་གཏོར། རུ་ཐོག་དབང་པོའི་སྲས་རབ་བརྟན། གསུང་སྒྲོག་པ་གསས་ཁང་དགོན་པའི་དགེ་འདུན་བརྒྱ་སྐོར། གྲ་ལྕོག་གྲ་སྤྲུལ་སྐུ། དེ་མོ་སློབ་ཆུང་བློ་བཟང་བསམ་འཕེལ། འབའ་ར་སྐུ་སྐྱེས། ཀོང་པོ་རྒྱལ་སྐོར་བ་བསོད་ནམས་དབང་པོ་སོགས་ཕྲད་མི་མང་དུ་བྱུང་།གཏེར་སྟོན་དྲི་མེད་ལྷུན་པོའི་གདུང་རབས་དགུ་པ་ཆོས་འབྱུང་དབོན་པོས་གཏེར་སྐུ་ཞིག་དང་གཏེར་སྟོན་གྱི་གདུང་རུས་བྱིན། ཁོང་ཚོར་སྡེ་པ་གོང་མའི་དུས་ལྟོ་སྐལ་ཕྲན་བུ་གནང་བ་རྣམས་ལ་འདི་གའི་ཐེའུ་དང་ཆུ་སྟག་རྒྱལ་པོས་སྒར་ཐོག་ནས་གནང་བའི་ཕྱག་


GLG006_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཐམ་ཡོད་འདུག་རུང་གྲོག་ཁང་སྟེང་པའི་བླ་མ་སྐུ་སྐྱེ་ཟེར་བས་རྩི་འཇོག་ཡེ་མ་བྱས་པར་ཕྲོགས་པའི་དོན་སྨིན་ཡོང་ལ་རེ་བྱེད་ཀྱང་མགྲོན་གཉེར་བཀའ་བློན་ཚོར་རྔན་པ་སྟེར་རྒྱུ་མི་འདུག་པའི་སྟབས་སྟོང་ལོག་ཏུ་ཕྱིར་དེངས་སོང་། ངོར་མཁན་པོ་དཔལ་གླིང་ཆོས་རྗེ་གྲོངས་པའི་བསྔོ་རྟེན་སྐྱེལ་མི་སླེབས། ཁོང་པ་འཆད་ཉན་འཕེལ་བའི་མཁན་པོ་ལེགས་རབ་བྱུང་སོང་ཡང་ཀླུ་སྡིངས་པས་གནོད་པ་འབའ་ཞིག་བྱས་པའི་དུས་མི་བདེ་བའི་ངང་ལ་སོང་། གོང་དུ་འགྲོ་མི་སྟར་སྡོང་དཀའ་བཅུ་བ་དང་ལྷ་མོས་རྒྱབ་པ་གཉིས་ཀྱིས་སྟེར་ཆ་གཟེངས་བསྟོད། རྒྱལ་རྩེའི་བརྟན་བཞུགས་པ་སྐྱ་སེར་དང་གསང་ཕུ་གླིང་སྟོད་ཆོས་རྗེ། གཞི་བ་སློབ་དཔོན། འབྲས་སྤུངས་འདུལ་བ་ཟུར་པ། ཞང་སྟོན་པ། ཕ་བོང་ཁ་པའི་གདན་ས་པ། དྲུག་བརྒྱ་ཆོས་མཛད་ཅན་བརྒྱ་སྐོར་ལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། དཔལ་འཁོར་ཆོས་སྡེའི་མཁན་པོ། བྲག་ར་བླ་མ་ངག་དབང་པདྨ་དབང་ཕྱུག །དྲུག་བརྒྱ་ཆོས་མཛད་སོགས་མང་བར་རྒྱལ་སྲས་ཐོགས་མེད་པས་མཛད་པའི་བློ་སྦྱོང་དོན་བདུན་མ། ལྷ་སའི་ཚེས་བཅུ་པ་རྣམས་ལ་ལེའུ་བརྒྱད་མ་དང་ལེའུ་བདུན་མ་གཉིས་ཀྱི་ལུང་བཀླགས། ཚེས་བདུན་ལ་རྒྱལ་པོ། རྒྱལ་མོ། སྲས་མི་བཟང་། སྟག་རྩེ་ཐའི་ཇི། ཟངས་རི་དཔོན་ས། སྒྲོམ་མདའ་མཁན་པོ། སྒྲོམ་མདའ་སྡེ་པ། ལྷ་སའི་བསྙེན་གནས་མ་ཁག་གཉིས་སོགས་བྱིན་རླབས་ཞུ་མི་མང་བར་བྱུང་། ལེགས་ལྡན་ནག་པོ་གདོང་བཞི་པའི་དུས་ཀྱི་མཆོད་གཏོར་རྒྱས་པར་ཕུལ། མངའ་རིས་ལྭ་དགས་བདེ་ལྡན་གྱིས་རང་གོ་མ་ཆོད་པའི་ཡི་ཕྱོགས་བཞིར་མུག་པའི་དཔེ་ལྟར་ཁྱི་གུ་ཅན་ལ་རྒྱུ་མཚན་ལབ་མི་མཁས་མཛད་


GLG006_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འབྲུག་པ་ནང་མ་འཆམ་པའི་སྐྱོན་གྱིས་སེམས་ཀྱི་སོག་ལེ་ཤིང་ལ་མ་སོང་བར་རྒྱུ་སྡུག་ཡིན་ཁུལ་གྱི་ཁྲིག་སེ་དང་དཔེ་ཐུབ་པའི་མཆོད་གཞིས་པ་གཉིས་ཟླ་བཅས་བོང་བུ་མུན་ནག་ཏུ་འཕུལ་བའི་ཚུལ་གྱི་མི་སྣར་བཏང་འདུག་ཀྱང་དེ་གཉིས་ཀྱིས་ངག་མ་ལབ་ཤེས་རིགས་སུ་མི་སྣང་། མངའ་རིས་རྒྱལ་པོའི་མི་སྣ་ཡིན་ཞེས་གནས་སྐོར་བ་དང་དབྱིབས་མཚུངས་པ་དེས་རང་སྨ་རང་འབེབས་ཀྱི་ཐབས་ཁོ་ནར་སོང་། མི་སྣ་གཅིག་གིས་བསྙེན་རྫོགས་དང་ཅིག་ཤོས་ཀྱི་དགེ་བསྙེན་དུ་བསྒྲུབས་པའི་སྡེབས་སུ་ཀོང་པོ་ཆོས་འབྱུང་དགོན་དང་གཙང་བྱང་ཆུབ་གླིང་གི་བླ་མ་སོགས་བསྙེན་རྫོགས་ང་དྲུག །དགེ་ཚུལ་གོ་ལྔ། དྲུག་བརྒྱ་ཆོས་མཛད་ཀྱི་སྲིང་མོ་ཅན་དགེ་ཚུལ་མ་དྲུག་རྣམས་བསྒྲུབས། མི་སྣ་ཆོས་བྱས་ནས་ལོག་ལུགས་ལ་དཔགས་ན་དགེ་སློང་འཆར་ཀ་ལྟར་སྤྲུལ་པ་མིན་པའི་ངེས་པའང་མི་སྣང་། རྒྱལ་མོ་གཉིས། ཟངས་རི་དཔོན་ས། ལྕམ་ནོར་བུ་ཁྲ་སྒོར། སྒྲོམ་མདའ་མཁན་པོ། གསང་སྔགས་གླིང་དང་ཐར་པ་གླིང་གི་བླ་མ། བཀྲ་ཤིས་ལྷུན་པོའི་མགྲོན་གཉེར་བཅས་མང་རབ་ཅིག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་བསྐུར། བདེ་ཆེན་ཆོས་འཁོར་བ། ཚལ་ཐའི་ཇེ། དུ་རི་ཡལ་དགེ་ཚུལ་མས་གཙོས་ཕྲད་མི་ཕྱེད་སུམ་བརྒྱ་ཙམ་བྱུང་། ཚེས་བཅུ་ལ་རྡོ་རྗེ་བྲག་སྤྲུལ་པའི་སྐུ་དཔོན་སློབ་སུམ་ཅུ་སྐོར་གྱིས་བདོག་པའི་སྐྱེས་སྤེལ་ཏེ་རིང་པོར་འཚོ་བའི་བདེན་བརྗོད་མཛད། ཨ་པ་ལའི་དཔོན་མོ་མི་བཟང་དང་བཅས་པས་གོས་ཆེན་གྱི་ཀོ་དྲ་དང་ཇ་ཀོ་དྲ་སོགས་ཀྱི་བརྒྱ་འབུལ་བཏེག །སོག་དམངས་ལྔ་བརྒྱ་ལ་བྱིན་རླབས་དང་ཨེར་ཁེ་ཁོ་ཤོ་ཆིས་


GLG006_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་བསྔོའི་རྟེན་བྱུང་བར་བར་ཆད་སེལ་བའི་བསྔོ་སྨོན་བགྱིས། ཨ་པ་ལའི་དཔོན་གཡོག །སྒྲོམ་མདའ་མཁན་པོ། དེ་མོ་སློབ་ཆུང་། ཀོང་པོ་རྒྱལ་སྐོར་བ། གསང་གླིང་ཐར་གླིང་སློབ་དཔོན་པ། དྲུག་བརྒྱ་ཆོས་མཛད། མཁའ་འགྲོ་དགེ་ཚུལ་ནོ་གོན་དགེ་ཚུལ་སོགས་བརྒྱ་སྐོར་ལ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་རྗེས་གནང་བསྐུར། ཚེས་བཅུ་གཅིག་ལ་ཟངས་རི་དཔོན་སའི་ཞབས་དྲུང་གིས་སྦྱིན་བདག་མཛད་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་། ཚོགས་ཀྱི་ཡོ་བྱད་ཕྱུར་བུར་སྤུངས་ཤིང་གོས་སྣས་གཙོས་པའི་སྟེར་ཆ་རྔོ་ཐོགས་པར་མཛད། གནས་ཆུང་ཆོས་སྐྱོང་ཆེན་པོ་སླར་བུ་ལ་ཁོག་ཞུགས་བྱས་ནས་ཕས་ལྟད་མོ་བལྟ་མཁན་བྱེད་པ་ཡོངས་གསུངས་འདུག་རུང་སྐུ་ཁོག་གིས་མི་མཁས་པ་ཞིག་བྱུང་བ་ཡིན་ནམ་ཚངས་པ་དུང་ཐོད་ཅན་གྱིས་གནས་ཆུང་ཆོས་རྒྱལ་ལི་ཡུལ་དུ་འབྱོན་གསུང་བའི་དུས་བབས་ཡིན་སོགས་དགོས་དབང་ཇི་ལྟར་ཡང་སྲས་པོ་བསོད་ནམས་ན་ཡུན་ཧ་ཅང་མི་རིང་བས་མ་འཚོ་ཞིང་ཞེ་དགུ་ཐོན་ནས་སྡེ་པས་སྐུ་ཆས་ཀྱང་གསར་བཟོ་ཆ་ཆང་གཉིས་བཟོས་ཤིང་བུ་དབང་རྒྱལ་རྡོ་རྗེ་ལ་སྐུ་ཕེབས་ཀྱི་སྟ་གོན་མང་དུ་བྱས་རུང་འདི་ལོ་གསལ་བ་ཡེ་མ་བྱུང་། སློབ་དཔོན་འཕྲིན་རྒྱམ་པའི་ཁ་ཏོན་དུ་བདག་བསྟོད་དཔལ་ལྡན་འབྲས་སྤུངས་ཀྱི་དྲི་གཙང་ཁང་གི་མཆོད་རྫས་ཀྱི་དེབ་ཐེར་འགོ་བརྗོད་བི་ཝརྟ་ཅན་བྲིས། རོང་ནས་ཆུ་ཚན་བླངས་པའི་ཞག་བརྒྱད་ཀྱི་བར་འཕྲོད་བསྟེན་བྱས། ཟླ་འཕྲོས་དང་ཧོར་ཟླ་བཞི་པའི་ཚེས་བཅོ་བརྒྱད་བར་ངལ་གསོ་དང་ཐོབ་ཡིག་དྲི་བ་སྦྲགས་ཏེ་ཕྱི་མཚམས་བཅད། ལྷ་ས་བྱང་སྒོ་སྟེང་པའི་བགོས་


GLG006_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་ལ་ལྷོ་བྲག་མར་པའི་བཞེས་ཅན་བྱུང་བ་ནང་རྟེན་ཁྲོད་དུ་ཡོད། རྡོ་རྗེ་བྲག་སྤྲུལ་པའི་སྐུ་དང་གཞིས་ཀ་ཤར་སྤུན་ཕ་བུ་རྣམས་ལ་ཉང་གི་གཏེར་མའི་སྨིན་ལམ་དབང་གི་རྒྱལ་པོ་སྣང་སྲིད་ལྷ་འདྲེའི་སྲོག་དབང་། བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་། སྤྲུལ་སྐུ་སྒེར་དུ་དུག་ཁྲག་འབུམ་ལྕགས་སྐོར། བསམ་གཏན་གླིང་པའི་ཨ་ཏི། ཉང་གི་གཏེར་མའི་རྣམ་ཐར་ཟངས་གླིང་མ། གཏེར་ཁ་འོག་མའི་མཛད་པ་བཅུ་གཅིག་པ། པདྨ་བཀའ་ཐང་རཏྣ་གླིང་པའི་འཚོ་རྒྱལ་སྐོར་གསུམ། གཉལ་སྟོན་པའི་ལྷ་ཆེན་ནོར་བུ་གཅིག་པ་སོགས་ལུང་ཕྱག་བཞེས་ཁ་ཤས་བཞེད་པ་དང་སྦྱར། བཞི་པའི་འགོར་འདོད་ཁམས་དབང་ཕྱུག་མ་མདོས་མཆོད་འབུམ་གྱིས་བཀང་བའི་སྙན་དར་ལ་ཞལ་བྱང་བྲིས། མཚམས་ཁོག་ཏུ་རྒྱལ་པོར་ལྕགས་སྡོང་མའི་ཚེ་དབང་བརྒྱ་རྩ་ཕུལ། དཔོན་མོ་ཚེ་རིང་དང་ཨ་མི་དྷ་རས་བསྐུལ་བའི་གསོལ་འདེབས། དགེ་སློང་བློ་བཟང་དོན་གྲུབ། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན། དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོ། རྫོང་རི་ཆོས་རྗེ་བློ་བཟང་པདྨ་བཞིས་ཕུར་པའི་བསྙེན་ཆེན་གྱི་དུས་བསྐུལ་བའི་བརྒྱུད་འདེབས་བརྩམས་ཤིང་བཞི་པོ་དང་མཉམ་དུ་གནང་བྱུང་ཆོས་མཛད་ཀྱིས་ཀརྨ་གུ་རུའི་བསྙེན་པ་ཧོར་ཟླ་གཉིས་པའི་ནང་དུ་བཙུགས་པའི་ཕྱག་ལེན་དམིགས་པ་རྣམས་ཀྱང་ཞིབ་ཏུ་ཁྲིད། ངག་དབང་དཔལ་འབྱོར། ཐོད་རི་བཤད་སྒྲུབ་གླིང་སློབ་དཔོན་བཟོད་པ་རྒྱ་མཚོ་གྲ་དམངས་དང་བཅས་པ། ཡེར་པ་གྲ་ཚང་སྤྱི་ཚོགས་ཀྱིས་བསྐུལ་པའི་སྨོན་ལམ་བརྟན་བཞུགས། རྟ་དཔོན་རྣམས་འཇོམས་ཀྱི་ཁ་ཏོན་ཏུ་ཨོ་རྒྱན་རིན་པོ་ཆེ་


GLG006_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཨ་པ་ལའི་གྱི་ཉམས་ལེན་དུ་རྡོ་རྗེ་འཆང་ལ་བརྟེན་པའི་བླ་མའི་རྣལ་འབྱོར། མཆོད་དཔོན་པས་རི་བོ་ཆོས་གླིང་གི་འདུ་ཁང་ཞིག་གསོས་དུས་དཔལ་ལྡན་དམག་ཟོར་མར་ཕུལ་བའི་སྙན་དར་ཞལ་ཡིག །ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་དང་པུ་ཤུད་པ་བློ་བཟང་དར་རྒྱས་ཀྱིས་བསྐུལ་བའི་སྒྲུབ་ཐབས་རྒྱ་མཚོའི་ནང་གི་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྒྲུབས་ཐབས། སྡེ་པ་གདོང་ཁ་བའི་ཉམས་ལེན་དུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འཁྱེར་བདེ་བ་རྣམས་བྲིས། ཚེས་བཅུ་དགུ་ལ་འབྲུག་པའི་ཕྱག་མཛོད་ཆོས་དབང་། དྭགས་པོ་བྷྲུཾ་པ། འབྲོང་རྩེ་བ་སོགས་ཁ་ཤས་དང་ཕྲད། དཔལ་ལྡན་འབྲས་སྤུངས་ཀྱི་སློབ་དཔོན་དགེ་འདུན་བརྒྱ་ལྷག་གི་ཞབས་གྲ་བྱམས་པ་གླིང་པ་དང་རྒྱལ་གླིང་ཚོགས་པ་གཉིས་ཀྱིས་འཐུད་པའི་ཟང་ཟིང་གི་སྟེར་ཆ་སྤེལ་ཏེ་ཡུན་དུ་འཚོ་བའི་རྟེན་འབྲེལ་བསྒྲིགས། གསང་ཕུ་གླིང་སྨད་ཆོས་རྗེས་གཙོས་གསང་ནེའུ་ཐོག་གི་བླ་མ་ཁ་ཤས། ཁམས་ནས་འཁོར་བའི་གོང་དཀར་གནས་གསར་ཚེ་དབང་དང་ཁྲོམ་ས་པ། སྡེ་པ་ལྕང་ར་བ། སྒྲོམ་མདའ་མཁན་ཆེན་མཐུ་སྟོབས་དཔལ་འབྱོར། ཧོར་བར་ཏའི་དཔོན་བཙུན་ཆུང་རྣམས་ལ་ཇ་གྲལ་བྱས། ཨ་པ་ལའི་དཔོན་དཔོན་མོ་སྐོར་བཅས། ལྷ་བཙུན་ཆུང་པའི་སྲས་ཐུ་མེད་བསྟན་པ། རྨོག་ལྕོག་སྐུ་སྐྱེ་ངག་དབང་ཀུན་དགའ་ལྷུན་གྲུབ། བང་རིམ་ཆོས་སྡེའི་གཉེར་པ་གཉིས་ཀྱིས་གཙོས་མི་གྲངས་ལྔ་བཅུ་སྐོར་ལ་ཨ་པ་ལའི་གྱིས་བསྐུལ་བའི་གསོལ་འདེབས་གསར་རྩོམ་དང་བློ་བཟང་རྒྱལ་བ་མའི་ལུང་བཀླགས། སྒམ་པོ་གདུང་བརྒྱུད་སྒམ་སྨྱོན་དུ་གྲགས་པ་ནང་ཁུལ་དུ་མ་མཐུན་པར་གནས་དབྱུང་ལ་བརྟེན་ཀོང་པོ་སོགས་ཕྱོགས་མཐར་བགྲོད་


GLG006_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དྲག་སྔགས་ཀྱི་གདམས་པ་མང་པོ་ལ་ཞུན་ཐར་བཅད། དཔེ་རྣམས་བཤུས་ཏེ་ནང་མི་ཚོ་རྗེ་མི་ལའི་ཨ་ནེ་དང་ཨ་ཁུ་ལྟ་བུ་ཞིག་བཟོ་རྩིས་ལ་བསམ་པ་ལ་ཁར་ལས་ནས་བང་རིམ་ཆོས་སྡེར་གྲོངས་དཔེ་རྣམས་ཀྱང་དེར་ལུས་པ་གཉེར་པ་རབ་འབྱམས་པ་བློ་བཟང་ཆོས་དར་ཅན་རྒན་གཞོན་གཉིས་ཀྱིས་བྱིན་བྱུང་བ་ཁུངས་བཙུན་དངོས་གཙང་ཤ་སྟག་ཏུ་སྣང་། སྒྲོམ་མདའ་མཁན་པོ། བྱམས་གླིང་མཁན་པོ་ཅན་འགའ་ཞིག་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་མཁའ་སྤྱོད་མ་དཀར་མོའི་འཕོ་བ། བླ་མའི་རྣལ་འབྱོར། དབུ་མའི་ལྟ་ཁྲིད་རྣམས་ཀྱི་ལུང་ཕུལ། སྨོན་ལམ་ཆེན་མོའི་དགེ་འདུན་གྱི་ཞབས་ཏོག་རུང་ཁང་གལ་ཆེ་བར་བརྟེན་སྡེ་པས་ཞལ་བཀོད་ལེགས་པར་མཛད་ནས་གསར་བཟོ་གྲུབ་བསྟུན་ཚོགས་ཁྲོ་ལུང་བཅུ་མ་ཁ་སྐོར་ལ་མཐོ་ཉེར་བརྒྱད་རེ་ཡོད་པའི་ཆེ་ལེགས་ལྔ། ཇོ་ཤཱཀ་སྐུ་མདུན་དུ་མཆོད་ཀོང་ཁ་མཐོ་དྲུག་རེ་ཡོད་པ་བཅུ་དྲུག་རྣམས་ཀྱི་རྒྱུར་ཁྲོ་ཟངས་ལི་འདྲེས་པ་མཁར་རྒྱའི་ཁལ་ཆིག་སྟོང་ཕྱེད་བཞི་བརྒྱ། བཤའ་དཀར་ཁལ་དྲུག་ཅུ་རེ་དྲུག །དོ་དམ་བཀྲས་རབ་པ་ཅན་དང་ལོ་རོ་བ་བཅུ་དྲུག་གིས་ཟླ་བ་གསུམ་སོང་བའི་ཕོགས་ཡོན་སྟོན་མོ་འབྲུ་ཐོག་ཏུ་དྲིལ་བར་མཁའ་རུའི་ཁལ་ཉིས་སྟོང་བདུན་བརྒྱར་ཉེ་བ་སོང་། བསྙེན་རྫོགས་བརྒྱད་ཅུ་གྱ་གསུམ་དང་དགེ་ཚུལ་སོ་ལྔ་བསྒྲུབས། ཉེར་དགུའི་ཞོགས་ཨུ་ཁེ་རེའི་ཐའི་ཇིའི་བཙུན་པ། ཨོད་ཁོན་ཁྱོ་ཤུགས། དུ་རེ་ཡལ་དགེ་ཚུལ་མ། དཔོན་མོ་ཚེ་རིང་གིས་གཙོས་པའི་བཞི་བཅུ་སྐོར་དང་ཧོར་ཟླ་ལྔ་པའི་ཚེས་བཅུ་བཞི་ལ་ཨ་པ་ལའི་གྱི་དཔོན་མོ་གཞོན་པ་ཅན་སུམ་ཅུ་ལྷག་ལ་སྨྱུང་གནས་ཀྱི་གསོ་སྦྱོང་། བཅོ་ལྔ་ལ་


GLG006_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ཁན་ཇུ་དང་དཔོན་མོ་ཚེ་རིང་གིས་ཐོག་དྲངས་པ་བརྒྱ་སྐོར་ལ་བསྙེན་གནས་ཀྱི་སྡོམ་པ་དང་སྐྱབས་འགྲོའི་ཁྲིད་ཕབ། སྟག་ལུང་གི་ནང་རྟེན་ཇོ་བོ་ཆེན་པོ་ཨ་ཏི་ཤའི་ཕྱག་ཏིང་། ཆོས་རྒྱལ་བྱང་པས་ལྷང་ལྷང་བྲག་ནས་གདན་དྲངས་པའི་སློབ་དཔོན་ཆེན་པོས་བདུད་རིགས་དམ་ལ་བཏགས་པའི་རྡོ་རྗེ་ཆོས་དབང་གི་དུས་ཐུགས་ལ་དྲན་ནས་བོན་པོ་སྲུང་སྐྱོབ་ལ་གནང་བ་ཐོན་ཟིལ་གནན་པས་བྱིན། རྫིང་ཕྱི་མཁན་པོ་བྱམས་གླིང་སྐྱེས་མཆོག །ཆག་བྱང་ཆུབ་གླིང་གི་སྐུ་སྐྱེ། བྲག་དབང་སློབ་དཔོན། ཀྲེ་པ་ཁྲོ་བོ་དཀར་པོ། ངན་ཐུབ། ལྷ་འབུམ། ལྷ་རྒྱལ་དར་གྱི་ནུ་པོ་དཀོན་ཅོག་སོགས་བཞི་བརྒྱ་ཉེ་བ་དང་ཕྲད། སྡེ་པ་ཕོན་མདོ་བའི་སྲས་པོ་དགེ་བསྙེན་དུ་བསྒྲུབས། ཡེར་པ་དགའ་ལྡན་གསང་སྔགས་གླིང་པ་དགེ་འདུན་ཕྱེད་ཉིས་བརྒྱ་ཙམ་གྱིས་ཟང་ཟིང་གི་བདོག་པ་དང་བཅས་ཡུན་དུ་གནས་པའི་སྨོན་ལམ་མཛད་པ་དང་ཕྱོགས་མཐུན་དུ་འཇམ་དབྱངས་གོང་མའི་གསེར་ཡིག་པ་རྒན་གཞོན་འགྲུལ་བསྡེབས་རྣམས་ཀྱིས་གསེར་དངུལ་གྱི་མཎྜལ་དང་གོས་དར་བཏེག་ནས་གསོལ་བ་བཏབ། སྟོད་ལུང་ཚེར་གསེབ་དགོན་པ་བས་ཚན་གྲངས་དང་རྒོད་ཚང་པའི་གསང་ཡུམ་མཁའ་འགྲོ་མ་འགྲོ་བ་བཟང་མོའི་ཕྱག་ལེན་གྱི་རིང་འཚོའི་རྟེན་འབྲེལ་དང་དེ་མཚུངས་ཚེ་སྐྱབས་ཀྱིས་གཅོས་པའི་ནག་ཚང་པ་རྣམས་ཀྱིས་རྟ་ནོར་བརྒྱ་ཕྲག་གི་བདོག་པ་བསྟབས། གོང་གི་གསེར་ཡིག་པ་རྒན་གཞོན་གཉིས་སོགས་བསྙེན་རྫོགས་ཞེ་བཞི། དགེ་ཚུལ་གྱ་གཅིག །དགེ་བསྙེན་གཉིས་རྣམས་བསྒྲུབས། མི་སྣ་གཞོན་པར་མིང་བློ་བཟང་ཕུན་ཚོགས་སུ་བཏགས། གསེར་ཡིག་པ་གཉིས། ཨོང་ཁོན། ལྕང་ར་ནས། ཀྲེ་པའི་


GLG006_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གསུམ་གྱིས་གཙོས་པའི་ཕྱེད་ཉིས་བརྒྱ་ཙམ་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་གྲུབ་རྒྱལ་མའི་ཚེ་དབང་བསྐུར། མོན་འཛུམ་ལང་གི་རྒྱལ་པོའི་མི་སྣ་ཇེ་ཏུ་བྷཎྜ་རི། ཨཱ་ནནྡ་བྷཎྜ་རི། དཔོན་དྲུང་ཁྲོ་བོ་རྣམ་རྒྱལ་རྣམས་འབྱོར་བའི་རྟེན་བཅས་ཀྱི་གཙོ་བོ་དེ་བཞིན་གཤེགས་པ་གླང་པོ་ཆེ་ས་ལ་རབ་བརྟན་དུ་འཁྲུངས་པའི་མཆེ་བ་ཡིན་ཟེར་བ་འདོམ་པ་གང་ལྷག་པ་དང་སྲོག་ལྡན་མ་ཡཱུ་ར་གཉིས། རས་དཀར་པོ་ཤ་མི་སྒྲིབ་ཀྱིས་གཙོས་དངོས་པོ་གཏོས་ཆེ་བ་སྣང་། རྒྱ་ནག་ཏུ་གླང་པོ་ཆེ་གསོན་པོའང་མང་དུ་མཐོང་རུང་མཆེ་བ་དེ་འདྲ་ཡོད་པ་ཡེ་མི་འདུག་པས་ཁྱད་དུ་འཕགས་པ་ཞིག་ཡིན་པར་མངོན། མི་སྣ་རྣམས་ལ་བདག་རྐྱེན་གང་ལེགས་དང་འཕྲིན་ལན་ལྷུག་པ་སྐད་ཤན་སྦྱར་མ། གོས་ཆེན་དངུལ་གྱི་ཐ་ཕག་གི་རྟེན་ལན་དང་བཅས་བསྐུར། ཨ་པ་ལའི་སྐོར་བཅས་དྲག་རིགས་སུམ་ཅུ་ལྷག་ལ་ནང་རྟེན་རགས་རིམ་གྱི་མཇལ་ཀ །དཔོན་པོ་དང་སྲས་མོ་གཉིས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་རྡོར་འབྱུང་འདུལ། བན་ཆུང་དཔོན་མོ་གསུམ་དམངས་ཡོངས་རྫོགས་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་། སའི་ཁན་ཇུས་བསྐུལ་བའི་ཉམས་ལེན་ཉུང་ངུ་དོན་གསལ་གྱི་དམིགས་སྐོར་བཤད་པ་དང་བཅས་པ་བྱས། དཔོན་མོ་ཚེ་རིང་གི་ཁ་ཏོན་དུ་སྨོན་ལམ། དཔོན་མོ་བསོད་ནམས་སྒྲོལ་མའི་ངོར་གསོལ་འདེབས། ཆོས་འཁོར་ལྷ་ས་བ་སྤྱི་ཚོགས་ཀྱིས་བསྐུལ་པའི་བསྟན་པ་རྒྱས་ཤིང་དེ་འཛིན་རྣམས་བརྟན་པ་མི་བདག་གི་སྐུ་ཚེ་དང་མཚན་ཇུས་འཕེལ་བ། གནས་སྐབས་


GLG006_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐར་ཐུག་བདེ་བ་གྲུབ་པའི་སྨོན་ལམ་ཁྱབ་ཆེ་བ་གང་གི་སྐབས་སུའང་བཏོན་ཆོག་པ་རྣམས་བྲིས། ཨ་པ་ལའི་དཔོན་གཡོག་ལ་ཤལ་དཀར་དམར་སྣམ་ཕྲུག་གིས་གཙོས་ཡུལ་ལུགས་དང་བསྟུན་པའི་རྫོང་བ་བཟབས། སྦེ་སེར་བླ་མ། ཆོག་ཐུ་ཇའི་སང་། ཇའི་སང་ཁོ་ཤོ་ཆའི་དགེ་ཚུལ་མ་ཅན་ལ་ཇ་གྲལ་བཏང་། བྱང་ཆུབ་གླིང་སྐུ་སྐྱེས་འོན་གྱི་དགོན་པ་གསར་པར་གསང་སྙིང་གི་བཤད་པ་ཚུགས་ལ་རེ་ཡིན་པས་དགོས་ཚུལ་བྱུང་བ་ལྟར་རྩ་རྒྱུད་ཀྱི་ལུང་བྱས། ཧོར་ཟླ་དྲུག་པའི་ཚེས་བཅུ་གཉིས་ལ་རྒྱལ་མཚན་མཐོན་པོའི་ཕྱག་མཛོད་པས་ཚ་རོང་དཔོན་ཚང་དགེ་སློང་དང་གསོལ་དཔོན་གཉིས་བཀའ་འགྱུར་གསར་བཞེངས་ཀྱི་དཀར་ཆག་སྨོན་ལམ་དགོས་ཚུལ་ལ་བཏང་འདུག་པ་འཕྲལ་དུ་བརྩམས་ནས་བསྐུར། དེ་མཚུངས་མདའ་དཔོན་གཟེར་ཆེན་པས་བཀའ་འགྱུར་བཞེངས་པར་འདོད་སྦྱར་གནམ་རབ་གཞིས་གཉེར་དགོས་དགོས་ཀྱི་ངོར་ལྷ་ངག་དབང་དགའ་ལྡན་རབ་བརྟན་གྱི་བརྟན་བཞུགས། ཆོས་སྐྱབས་ཐ་ཡན་ཆིའི་ཉམས་ལེན་དུ་བདུན་རྣམ་དག་དང་འབྲེལ་བའི་སྨོན་ལམ་དང་སྡེ་བརྒྱད་ལ་སྤྲིངས་ཡིག །བྱིང་བསམ་གཏན་རྩེ་བླ་མས་བསྐུལ་བའི་བདག་བསྟོད་རྣམས་བྲིས། ཚེས་བཅུ་བཞི་ལ་གྲ་ཚང་སྤྱི་དང་མཆོད་དཔོན་དབུ་མཛད་གཉིས་ཀྱིས་ཚོགས་འཁོར་བདོག་པ་གྱ་ནོམ་པ་དང་བཅས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་། གསོལ་དཔོན་གེ་ར་བས་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དང་གོང་གི་མི་སྣ་གཉིས་ཀྱི་ཁ་ཏོན་ཏུ་གསོལ་འདེབས་བྲིས། འདི་ལོའི་སྟོད་སྨད་ཚོར་ཡན་ལག་རེས་བདེ་རེས་


GLG006_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མི་བདེའི་འཕྲོད་བསྟེན་ཕྲན་བུ་ཁ་ཡར་དགོས་པ་བྱུང་རུང་རྐང་འཐེང་ལག་ཁྱོག་གི་ངང་ནས་བྲེལ་བ་གཅོད་པ་ལས་ལུས་པ་མ་བྱུང་། ཧོར་ཟླ་བདུན་པའི་ཚེས་གཅིག་ལ་ལྕང་ར་ནས། བྷུཾ་ནས། རྣམ་སྲས་གླིང་ནས། འབྲོང་རྩེ་ནས། མགྲོན་གཉེར་དྲུང་པ། སྟག་རུ་ནས། མདའ་དཔོན་གཉིས་ཀྱིས་ཐོག་དྲངས་དྲུང་འཁོར་གཟིམས་བྱུང་བ་སྤྱི་བསྡུས་ཀྱིས་ཚོགས་ཆས་སྤྱི་འབྱེད་གོས་དར་སྣམ་ཕྲུག་སོགས་སྟེར་ཆ་དཔངས་མཐོ་བར་བཏེགས་ནས་ཚོམས་ཆེན་དུ་གྲ་ཚང་གིས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཆོག་རྒྱས་པར་བཏང་། འབུལ་ཡིག་ལེ་ཚན་ལ་ལྕང་ར་ནས་ཀྱིས་འགོ་བརྗོད་ཀྱི་རྩོམ་པའང་ནད་ཁྱག་བྱས། དྲུང་འཁོར་རྣམས་ལ་ཚོམས་ཆེན་དུ་བཞུགས་གྲལ་བཏང་བའི་དུས་སྦྱར་ར་དངོས་གྲུབ་ཀྱིས་གསོ་བ་རིག་པ་ལ་བརྟེན་པའི་འཕྲོས་གཏམ་བཏང་འདུག་པ་སྤོབས་པ་མཐོ་བར་གྲགས། ཤིང་རྟ་ཆོས་རྗེ་བྲག་སྣ་བས་གསང་སྔགས་གླིང་པ་རྣམས་སྙེ་ཐང་བདེ་བ་ཅན་དུ་སྤོ་བའི་ས་བཅད་ལ་བརྟེན་འཕགས་སྡེ་བ་དང་དགོན་བརྗེས་ཀྱི་སྒོ་དོད་པར་ཆོས་རྗེ་འགྱུར་བ་དང་ར་བ་སྟོད་པ་དོལ་ནས་འཕོ་དགོས་པ་གཉིས་འདོམ་པ་ལས་རྒྱུ་རྐྱེན་གཞན་མེད་པའི་ཤངས་སུ་དགོན་གནས་མི་འཛིན་ཀ་མེད་མ་འཕྲོད་པའི་ས་བརྗེས་ཀྱི་ཞུ་འབུལ་ལ་འདོད་སྦྱར་བཞིན་སྙེ་ཐང་བྲག་སྣ་དགོན་རྟེན་གསུམ་མཆོད་རྫས། ཐབ་གདན་ཆས་ཆ་འགྲིག །ཐེམ་འཛིན་ལྔ། ལག་ཡོང་མཁའ་རུའི་ཁལ་ཕྱེད་ཉིས་སྟོང་སྐོར། ཚེ་ཆུ་སྒྲུབ་སྡེ་འདི་སློབ་དཔོན་ཆེན་པོའི་གནས་ཁྱད་པར་ཅན་དུ་སོང་བས་ཚེ་ཆོག་གཏོང་བའི་ཁྱད་ནས་གོང་ར་ངེས་གསང་རྡོ་


GLG006_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གླིང་པར་སྤྲད། གཞི་བ་རྣམས་བསམ་གཏན་གླིང་ཏུ་སྤོས་པར་འཚོ་ཐབས་སུ་འབྲུ་ཁལ་ཕྱེད་ཉིས་བརྒྱ། ཡར་ཀླུངས་བཀྲས་རབ་པར་ལྗངས་ཁྲི་ཁང་གཞིས་ཀ །ཐེམ་འཛིན་བཅུ་གཅིག །ལག་ཡོང་ཆིག་སྟོང་ཆིག་བརྒྱ། འཕྱོང་རྒྱས་མཐོང་དགའ་བར་སྙེ་མོ་དགོན་འདོན་རྐང་ལྔ་བཅུ་སྐོར་ས་རིས་རྒྱ་ཁྱོན་ཆེ་བའི་མི་ནོར་ཚང་འགྲིག་གི་སྟེང་དུ་མག་པ་སྡེ་པ་ཡོལ་གདོང་པ་ནང་མཚམས་སུ་མ་མཐུན་པའི་རྒན་པའི་སྐལ་པའི་ཚབ་ཏུ་རྟ་ནག་རང་བྱོན་གཞིས་ཀ །ཐེམ་འཛིན་སོ་གསུམ། ལག་འབབ་ཉིས་སྟོང་ཕྱེད་སུམ་བརྒྱ་སྐོར། ཤངས་པ་ལྷ་དབང་ལ་ཕྱབ་སྤེལ་ཁུངས་གཞིས་ཀ །ཐེམ་འཛིན་གསུམ། ལག་འབབ་སྟོང་རྭ་ཅན། རྡོ་རྗེ་རྒྱལ་མཚན་གྱིས་ས་ཕག་རྒྱུས་མེད་པ་སོར་བཞག་གིས་ངེད་རང་ལ་མགོ་བསྐོར་བའི་མྱུག་སྦུབས་ཟོས་བྱས་པ་འཇགས་འོས་སུ་མ་སོང་། བསྒྲུབས་ཡུས་མེད་པའི་ཞུ་རེ་བྱེད་དོན་མི་འདུག་རུང་ཞུ་ནན་ལ་བརྟེན་སྤན་ཁུམ་བུ། ལུ་ལུང་གི་ལུད་ཁང་། ཐེམ་འཛིན་བཞི། ལག་ཡོང་དྲུག་བརྒྱ་རྣམས་སྤྲད་པར་དྲུང་འཁོར་འགས་ཁོ་སྔ་ཕྱི་བར་གསུམ་དུ་བསམ་སྦྱོར་མ་དག་པ་ཁོ་ན་བྱེད་པར་རྩད་གཅོད་མེད་པའི་ཁར་ངུས་པའི་མཆི་མར་དེ་འདྲ་ཡོད་ན་ངེད་ཕྱག་གཡོག་བྱེད་མཁན་ཚོར་ཁལ་བཞི་བརྒྱ་ཙམ་བྱུང་ན་བཀའ་དྲིན་སྐྱོང་པོར་རྩི་དགོས་འདུག་པས་བཀའ་བློན་དང་མགྲོན་གཉེར་ཚོར་རྔན་པ་ཐེབས་མ་ཐེབས་ལས་ཐ་སྙད་ཅི་ཡོད་ཅེས་གླེང་ཡང་མི་ཞིག་གིས་རྒྱ་རི་ཟད་ནས་ཟན་གཅིག་པུ་ཟོས་པར་གསོལ་སྐྲུམས་ཨེ་བསྐྱར་གྱི་ལན་དུ་ད་གིན་ནས་འདི་ག་ཡིན་བྱས་པའི་དཔེ་བཞིན་དགའ་ལྡན་ཕོ་བྲང་བར་སྔ་མོ་ནས་སྲོལ་དེ་འདྲ་ཡོད་དོ། །ཐོས་བསམ་དར་རྒྱས་གླིང་སློབ་དཔོན་འདུས་སྡེ་དང་བཅས་པས་བསྐུལ་བའི་རིང་འཚོའི་ཚིགས་


GLG006_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། བདེ་ཆེན་ཁང་གསར་སྟག་རུ་བ་ནོར་བུས་དད་རྟེན་དུ་གསེར་སྐུ་གསུམ་བཞེངས་པ་བསོད་ནམས་ཀྱི་ཡུལ་དུ་བྱས་པའི་གསོལ་འདེབས་སྨོན་ལམ། སྔར་གོ་ཆ་རྣམས་ལ་གྲ་སྒྲིག་པར་བཀབ་གཅིག་མི་འདུག་པ་སྡེ་པས་གོ་མཛོད་རྡོ་རྗེ་གླིང་གསར་བརྒྱབ་ཏུ་གཡུལ་ཆས་ཚོ་གྲ་བསྒྲིགས་པའི་ཚེས་བཅུ་དགུ་དམག་དཔོན་ཐ་སྐར་གྱི་འགྲུབ་སྦྱོར་ཐོག་སྤྱིའི་དེབ་ཐེར་གྱི་འགོ་བརྗོད་ལས་གསོལ་གོའི་སྐོར། རྟ་དམག་གི་གོ་ཆ་ཨངྐི་གཉིས་པ་བཟབས་མཆོར། རུ་མཚོན་དཀར་པོའི་ཚོ་ཆེན་གྱི་བཟབས་མཆོར་དང་ཐག་རིང་དུ་བགྲོད་པ་ཡང་ཆས་འཇུག་བདེ། དེ་བཞིན་དུ་རུ་མཚོན་སེར་པོ། དམར་པོ། མཐིང་ནག་སོ་སོར་རྒྱས་བསྡུས་ཁ་བསྒྱུར་ཆོག་པ། རྒྱ་གར། རྒྱ་ནག །ཧོར་སོག །ཁམས་འབྲོག་གི་གོ་མཚོན་རྣམས་ཀྱི་དེབ་ཐེར་འགོ་བརྗོད་བི་ཝརྟ་ཅན་ཐུགས་བཞེད་ལྟར་བྲིས་ཤིང་སྡེ་དཔོན་གྱི་ཚུགས་ཁ་འཛིན་པ་ལ་མེད་ཐེབས་མེད་པ་ཞིག་སྣང་། མཆོག་དམན་ཀུན་ལ་སྐྱེས་ལན་མཚར་ཁ། སྦྱིན་གཏོང་གི་དེབ་ཀྱི་འགོ་བརྗོད་སྟག་རུ་བ་ནོར་བུས་སྨེད་པ་རྣམས་བྲིས། ཉེར་གཅིག་ལ་ཆོས་འཁོར་ལྷ་ས་རུ་བཞི་ནས་རིང་འཚོའི་རྟེན་འབྲེལ་བདོག་པའི་སྐྱེས་བཅས་དཔངས་བསྟོད། གོང་གི་གསེར་ཡིག་པ་གཉིས། བྱམས་གླིང་མཁན་པོ། ལམ་པ་སྤྱན་སྔ། ས་ཆེན་དབོན་པོ། ཁང་གསར་རབ་བརྟན། བཀྲ་ཤིས་རྩེ་པ་བསོད་ནམས་མགོན་པོ། འབྲོང་རྩེ་ནས། བདེ་ཆེན་ཁང་གསར་བ་གནམ་གང་འབྲུག་རྒྱལ། སྐྱ་རིལ་ཅན་སུམ་ཅུ་སྐོར་ལ་ནང་མཇལ་རགས་རིམ་བཏང་། ཉེར་གཉིས་ལ་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་བཟང་ཇ་སྦྱོར་སྦྲེལ་ཚན་གྲངས་ཀྱི་ཐོག་གྲ་ཚང་གི་གྲ་པ་བཅུ་ཙམ་གྱིས་མཁའ་


GLG006_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྡེ་ལྔའི་བསུ་བཟློག་ཚིགས་བཅད་མ་གསུངས། ད་ལའི་ཧུང་ཐའི་ཇི་དང་མཁའ་འགྲོའི་མི་སྣ། མོན་སྒང་རྡོག་རྒྱལ་པོ། རྭ་བསྒྲེང་མཁན་པོ། ཐར་པ་མཁན་པོ་བྱམས་པ་བསོད་ནམས་དངོས་གྲུབ། སྒྲགས་སྔགས་ལྕོག་དང་སྤང་གཤོངས་ཧ་རི་ཁའི་བླ་མ། ཀྲེ་ནག་ཚང་གི་དཔོན་པོ་བདུན། རྫོགས་ཆེན་སྐུ་སྐྱེ། སྤུང་རི་སྐུ་སྐྱེ། སྐྱོར་ལུང་ཕུག་ཁང་པ་དང་དོལ་གསུང་རབ་གླིང་གི་བླ་མ། འབྲས་སྤུངས་ཀྱི་སློབ་དཔོན་ཁྲི་གདན་ཟུར་རྣམས་དང་ཕྲད། བསྙེན་རྫོགས་ཞེ་དགུ་དང་། དགེ་ཚུལ་གོ་གཉིས་བསྒྲུབས། བསམ་བློ་ལམ་པ་སྤྱན་སྔ་ལ་སྟེར་ཆ་བྱིན་ཏེ་རང་ཡུལ་དུ་ཐོན། རྒྱ་ནག་གི་མི་སྣ་འགྲུལ་སྡེབས་དང་བཅས་པ་ལ་ཡེ་ཤེས་ཁྱུང་ཁྲའི་རྗེས་གནང་བྱས། གསེར་ཡིག་པ་རྣམས་ཐོན་པ་དང་ལྷན་དུ་བྱམས་གླིང་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་དང་ཁང་གསར་རབ་བརྟན་གཉིས་གོང་དུ་ཞུ་ཡིག་འབུལ་རྟེན་དང་རྒྱ་སོག་བར་གྱི་གཞུང་ལ་སེལ་ཅུང་ཟད་བྱུང་བར་མཚོ་སྔོན་པོའི་དཔོན་པོ་ཁག་གིས་གོང་དུ་དགོངས་བསངས་ལ་རྟ་ནོར་གྱིས་གཙོས་པའི་དངོས་པོ་དཔངས་མཐོ་བར་ཕུལ། ས་མཚམས་རྣམས་ཀྱང་སོ་སོར་མ་འདྲེས་བར་དབྱེ། རྐུན་ཇག་གི་རིགས་མི་ཡོང་བའི་ཕན་ཚུན་ནས་ཁྲིམས་ཁ་བསྡམས། ཚོང་གི་ལས་སྒོ་མི་བསྡམ་པ་སོགས་རྒྱ་སོག་གཞུང་བཟང་པོ་དགོས་པའི་རྒྱུ་མཚན་འབུལ་བར་བཏང་། དེ་གའི་སྐོར་ལ་སྡེ་པ་དང་རྒྱལ་པོ་བཀའ་བགྲོས་ཤིང་ད་ལའི་ཧུང་ཐའི་ཇིས་ཀྱང་ཁུར་བསམ་བསྐྱེད་པའི་དཔོན་པོ་རྣམས་ཀྱིས་ཡ་ལའི་འབུལ་བ་ལའང་རྩེག་གཏམ་མ་བྱས་པས་དུས་འཁྲུག་ཞི་སྟེ་ལུས་ཅན་འབྱམ་ཀླས་པར་མི་འཇིགས་པ་བྱིན་པའི་འབྲས་བུ་གཅིག་ཏུ་དཀར་


GLG006_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཞུང་བསྟན་པ་མཐའ་དག་ལ་ཕན་བདེའི་གསོས་སྨན་བླ་ན་མེད་པར་གྱུར། ལྕགས་ཟམ་སྤྲུལ་པའི་སྐུ་མེ་ཏོག་འཐོར་བའི་ཐུགས་དམ་གསལ་འདེབས་པ་འབྱོར། རེ་ཞིག་སྐུ་ཚེ་བརྟན་ན་ཇོ་ཤཱཀ་གི་བརྟན་བཞུགས་སུ་ལྕགས་ཟམ་འཛུགས་པ་སོགས་བསྟན་འགྲོའི་ཕན་བདེའི་སྨན་ཡོན་དུ་འགྱུར་བ་ཞིག་ཡོང་འདུག་ཀྱང་དུས་ཀྱི་དབང་གིས་དེ་རིགས་ལ་བར་ཆད་མང་བར་སྣང་། སྟག་ལུང་ཞབས་དྲུང་ངག་གི་དབང་ཕྱུག་བར་ཁམས་ནས་ཕེབས་པར་བཀུར་གཟོས་ལྷ་སྡེ་མི་སྡེ་གང་རུང་གི་ལུགས་བཞིན་མ་ཐུབ་པས་མཐའ་གཉིས་སུ་མ་ལྷུངས་པའི་དབུ་མའི་ལམ་ལ་བརྟེན་ཅིང་ཞབས་དྲུང་དང་མོན་སྒང་རྡོག་པ། སྡེ་པ་ལྕང་ར་བ། མཁའ་འགྲོ་དགེ་ཚུལ་མ་རྣམས་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་། ཡིག་དྲུག་བཟླས་ལུང་། བཟང་པོ་སྤྱོད་པའི་སྨོན་ལམ་རྣམས་ཀྱི་ལུང་བཀླགས། ཉེར་བཞི་ནས་ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་ཞུགས། ཧོར་ཟླ་བརྒྱད་པའི་ཚེས་ལྔ་ལ་སྟག་རྩེ་ཐའི་ཇི་ཡབ་སྲས། དགའ་ལྡན་གསུང་རབ་གླིང་བླ་མ། མོན་མེ་རག་བླ་མ་གྲ་བཅས། ཁུ་ཐུག་ཐུ་བསྟན་འཛིན་སྐུ་སྐྱེ། བདུད་འདུལ་དཀའ་བཅུའི་མི་སྣ། བཀྲ་ཤིས་ཀྱི་དཔོན་མོ་རྣམས་དང་ཕྲད། སྟག་རྩེ་ཐའི་ཇི་ལ་ཕྱག་དྲུག་པའི་རྗེས་གནང་ཕུལ། འཕྱོས་ལམ་རིམ་པ་ལྔ་བཅུ་སྐོར་ཟང་ཟིང་གི་སྐྱེས་དང་བཅས་རིང་འཚོའི་རྟེན་འབྱུང་ལ་འབྱོར། བླ་མའི་རྣལ་འབྱོར་དང་རིང་འཚོའི་ཚིགས་བཅད། གདོང་ནས་དང་སྦྱར་ར་དངོས་གྲུབ་གཉིས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ལུང་བཀླགས། གྲ་རིགས་རྣམས་ཀྱིས་བསྐུལ་བ་ལྟར་གྲུབ་དབང་ལྕགས་


GLG006_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཟམ་པ་ཀུན་དགའ་བསོད་ནམས་དབང་ཕྱུག་སྐུ་སྐྱེ་མྱུར་འབྱོན་གྱི་སྨོན་ལམ། སྐྱར་པོ་བ་བློ་བཟང་ལེགས་ལྡན་གྱིས་ཕའི་དོན་དུ་དོན་གྲུབ་ཀྱི་སྐུ་བརྙན་དང་སྟག་ལུང་ངག་གི་དབང་ཕྱུག་གི་ཐུགས་དམ་ཐང་སྐུའི་རྒྱབ་ཡིག་རྣམས་བྲིས། ཚེས་དགུ་ནས་གྲ་ཚང་གིས་དམག་ཟོར་མའི་རྒྱུན་མདོས་བཏང་། ཚེས་བཅུ་བཞི་ལ་འབྲུག་པའི་བློན་པོ་བླ་མ་ལ་སྔོན་པ། ཁམས་བདེ་དགེའི་བླ་དཔོན་ཕུན་ཚོགས་གཉིས་འཇིག་རྟེན་ཕ་རོལ་གྱི་ལྟད་མོར་སོང་བར་ཚོམས་ཆེན་དུ་སྤྱན་གཟིགས་བཟབས་རྒྱས་སུ་བཤམས། གསར་དུ་དམར་བྱེ་གཤོག་མའི་ཁྲབ་གོས་གཤམ་མ་རྨོག་བཅས་ལེགས་པ། གཏོར་མའི་རི་བོ། སྨན་རག་གི་རྒྱ་མཚོ། མཆོད་པ་ཚོགས་ཀྱི་འཁོར་ལོ་བསྟར་ཏེ་ཉིན་བཞིའི་བར་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་གཏང་རག་གི་མཆོད་པ་རྒྱས་པར་ཕུལ་ཞིང་སྙན་དར་ལ་ལས་བསྒྲུབས་ཀྱི་ཚིགས་བཅད་བཀོད། དགའ་ལྡན་ཕུན་ཚོགས་གླིང་པའི་སྨྲ་སེང་ཅན་གྲ་པ་ལྔས་གསར་རྩོམ་དབུ་ཕར་མཛོད་རྣམས་ཀྱི་རྒྱུགས་སྤྲད། ཏ་འོན་ཆོས་རྗེ། བསྟན་འཛིན་སྐུ་སྐྱེ། དུ་རི་ཡལ་གྱི་ནུ་བོ་མོ་ཇ་རག་སོ་སོས་གོས་དར་ཇ་ཀོ་དྲ་སོགས་ཀྱི་བརྒྱ་འབུལ་བསྟར། ཤ་རི་ཐའི་ཇིའི་མ། སྒྲོམ་མདའ་མཁན་པོ། རི་ཁྲོད་དགའ་ལྡན་ཟུར་པ་སྤྱན་གཡས་བློ་བཟང་རྣམ་རྒྱལ། ཀོང་པོ་ནགས་ཕུ་བླ་མ། རྒྱལ་རི་ཁྲོད་པ་བཅུ་སྐོར། ཧོར་འབྲོག །ལྷོ་སོག་སྐད་དང་ཞྭ་གོས་རིགས་མི་གཅིག་པ་ཉིས་སྟོང་ཙམ་ལ་བྱིན་རླབས་བྱས། བསྟན་འཛིན་སྐུ་སྐྱེ་དང་ཤ་རི་ཐའི་ཇིའི་མ་སོགས་དགེ་ཚུལ་ཁ་ཤས་བསྒྲུབས། ཞིང་སྐྱོང་ནང་སོས་བསྐུལ་བའི་འཇམ་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་ཨེ་གཟིམས་


GLG006_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་བྱང་པ་མགོན་པོ་རབ་བརྟན་གྱི་ངོར་རིང་འཚོའི་ཚིགས་བཅད་བྲིས། རྒྱལ་རྩེ་བ་འཇམ་དབྱངས་དབང་པོ་དང་ངག་དབང་ཕུན་ཚོགས་སྤུན་གཉིས་ཀྱིས་འདི་ལོ་ནས་བཟུང་དཔེ་ཆ་འདྲི་བར་བཅར་སྡོད་བྱས། འཕགས་པ་ལྷ་སྤྲུལ་པའི་སྐུ་བར་ཁམས་ནས་ཕེབས་པའི་ཧོར་ཟླ་དགུ་པའི་ཚེས་གཅིག་མཇལ། ཇ་ཁོར་དྲུག་མ་སུམ་བརྒྱ། རྟ་དྲལ་མཛོ་གཡག་ཁྲབ་སོགས་སྟེར་ཆ་དངོམ་ཆེ་བ་མཛད། ཞབས་དྲུང་བྱམས་པའི་ཕྱག་མཛོད་ཛམྦྷ་ལ་ཆོས་རྗེའི་བསྔོ་ཞུས་པ་མཽ་ཇ་རག་ཨུ་རང་ཁ་ཨ་ཀིའི་བུ་དཀོན་ཅོག་གི་བསྔོ་ཞུས། ལྷུན་པོ་རྩེ་མཁན་པོ། ཉང་རོང་སློབ་དཔོན། དུང་དཀར་སྐུ་སྐྱེ། ཆོས་རྗེ་དཀོན་གཉེར་དཔོན་པ། ལོང་པོ་བཀྲ་ཤིས་ཆོས་གླིང་གི་བླ་མ། རག་ཤུལ་བླ་མ། ཚལ་ནས་ཞབས་དྲུང་གྲགས་པ། ལྡན་མ་ཟལ་དཀར་བླ་མ། དར་རྩེ་མདོས་ཡང་། ཏ་འོན་ཤི་རི་ཡེ་ཐུའི་མི་སྣ་རྣམས་དང་ཕྲད། སོ་སོས་གང་འཚམ་གྱི་སྟེར་སྦྱིན་དང་ཐ་ཤི་སྦོ་ལོད་ཀྱིས་གོས་དར་དང་ཇ་ཀོ་དྲའི་བརྒྱ་འབུལ་བཏེག །རི་ཁྲོད་དགའ་ལྡན་ཟུར་པ་སྤྱན་གཡས་པ། མཁར་སྐྱ་གྲུབ་ཆེན། ཉན་པོ་ཆོས་འཕེལ་སོགས་རི་ཁྲོད་པ་སུམ་ཅུ་སྐོར་ལ་གསར་རྩོམ་བླ་མ་མཆོད་པ་ལེ་ཚན་དང་ཀླུ་གཏོར་གྱི་ལུང་བྱས། མཁར་སྐྱ་གྲུབ་ཆེན་གྱིས་ལྟ་བ་ལ་དོགས་གཅོད་ཁ་ཡར་བྱེད་པར་དེ་གའི་ལན་བཏབ། རྫོང་གཞིས་བཅུ་དགུ་བསྡོམས་པར་བཀའ་འགྱུར་ཚར་ཆིག་བརྒྱ་སོ་བཞི། གདུགས་དཀར་ཆིག་འབུམ། མཚན་བརྗོད་སུམ་འབུམ། སྨན་བླ་ཉི་ཁྲི། སྒྲོལ་མ་ཆིག་འབུམ། ཤེར་སྙིང་བཞི་འབུམ། ཚེ་གཟུངས་ཆིག་འབུམ། ཚེ་ཆོག་གཉིས། གཤིན་རྗེའི་སྔགས་རིང་བྱེ་བ། མ་ཎི་


GLG006_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཕྱུར་གཉིས། བཛྲ་གུ་རུ་དུང་ཕྱུར་གཅིག །ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་ལ་བརྒྱ་མཆོད་སྣ་ལྔ། གསེར་ཆབ། སྙན་ཤལ། ལྷ་སར་འཕར་མཆོད་ཉིན་བདུན། ཕ་བོང་ཁ ཡེར་པ་ཡོམ་བུ་སོགས་གནས་ཆེན་བཅུ་ལ་མཆོད་འབུལ་སྙན་ཤལ། གྲ་ས་ཕན་ཚུན་དུ་ཇ་ཚུལ་སུམ་ཅུ་རེ། ཆོས་འཁོར་རྒྱལ་དུ་དམག་ཟོར་མ་དང་བེག་ཙེར་བཀང་བ་ཁྲི། གཞན་རྣམས་ལ་བརྒྱ་རྩ་བྱས། ཚེས་གཉིས་ལ་གེ་རེ་ལྷ་པ་ཡབ་སྲས་གསུང་རམ་པའི་བན་ཚང་པ་ཞིག་ཡོད་འདུག་པ་ཕྱག་ཕྱིར་ཁྲིད་པའི་གསུང་ཆོས་རྒྱས་པར་མཛད་ཁུལ་ལ་གྲ་པ་རྣམས་ཡོང་བའི་ཚེས་གྲངས་འཕྱུགས་ཏེ་ཐོར་བུ་ལས་འབྱོར་མ་སོང་ཡང་གང་ཡོད་ཀྱིས་ཐོག་མར་འཇིགས་བྱེད་ཀྱི་ཆོ་ག་དང་དངོས་གཞི་ཚེ་དཔག་མེད་ཀྱི་མངོན་རྟོགས་ལ་བརྟེན་ནས་རིང་འཚོའི་རྟེན་འབྱུང་གསུངས། ཤ་གཙོ་བོར་གྱུར་པའི་ཚོགས་འཁོར་ཤིན་ཏུ་རྒྱས་པ་རྫོང་གི་ཕྱི་ནང་ཐམས་ཅད་ཚིམ་པར་མཛད། རས་ལྕགས་འབྲས་སྟག་ལྤགས་ཀྱིས་མཚོན་པའི་སྟེར་ཆ་དང་གྲ་ཚང་དུ་ཁུམ་བུའི་འགྱེད་བཏང་། ཚེས་གསུམ་ལ་སེ་ར་ཐེག་ཆེན་གླིང་བླ་མ་གྲ་བཅས་ཉིས་བརྒྱ་ལྷག་བྱོན་པའི་བཞེས་སྤྲོ་བདོག་པ་དང་བཅས་ཡུན་དུ་གནས་པའི་བདེན་པ་བརྗོད། དེ་མཚུངས་རྒྱལ་མེ་ཏོག་ཐང་ཆོས་རྗེ་གྲ་པ་ཉི་ཤུ་སྐོར་གྱིས་ཞལ་འདོན་རྒྱས་པར་གསུངས། བསྙེན་རྫོགས་བརྒྱ་སོ་དགུ་དང་དགེ་ཚུལ་བརྒྱ་བཅུ་གཉིས་བསྒྲུབས། སྐྱོར་ལུང་ཁྱམས་པ་བླ་མས་གཙོས་པའི་གྲ་པ་ཉིས་བརྒྱ་སྐོར། སྟོད་རྒྱུད་སློབ་དཔོན། ཆོས་རྗེ་བཅོ་བརྒྱད་པ། མོན་མེ་རག་བླ་མ་གྲ་བཅས་ཕྱེད་སུམ་བརྒྱར་ཉེ་བའི་ཕྲད་མི་མང་པ་བྱུང་། གོང་དཀར་དཀོན་


GLG006_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་གྲ་ཚང་གིས་ཚན་གྲངས་སྤེལ་བའི་མ་གཅིག་འགྲོ་བ་བཟང་མོ་ལུགས་ཀྱི་བརྟན་བཞུགས་ཀྱི་ཕྱག་ལེན་བསྟར། རྩེ་ཚོགས་མཁན་ཆེན་ཏྲེ་བོ་བསོད་ནམས་རྒྱལ་མཚན་སྟེང་གྲིབ་ཀྱི་བསྙུན་པར་ས་དགེ་སྤྱི་ཚོགས་ཀྱིས་བསྐུལ་བའི་བརྟན་བཞུགས། ཐོད་རི་སློབ་དཔོན་བཟོད་པ་རྒྱ་མཚོ་དུས་ལས་འདས་པར་ཉེ་རིགས་ཀྱི་ངོར་སྨོན་ལམ། གཞིས་རྩེ་མངའ་ཁུལ་སྤྱིའི་ཁ་ཏོན་དུ་རིང་འཚོའི་བདེན་པ་བརྗོད་པ། བདུད་འདུལ་དཀའ་བཅུ་འཇིགས་མེད་སྒྲ་དབྱངས་ཀྱི་མཚོ་ཁ་ནས་དུས་སྦྱོར་གྱི་འཁོར་ལོ་རྒྱ་ནག་ལུགས་ངོ་མཚར་ཅན་བཟོས་ཏེ་བསྐུར་བའི་རྟོགས་བརྗོད་ཚིགས་བཅད་རྣམས་བརྩམས། སློབ་དཔོན་བློ་བཟང་རྒྱ་མཚོས་ཁུར་ཁུར་བའི་དགའ་ལྡན་གསང་སྔགས་གླིང་དུ་རྩེ་ལུགས་ཀྱི་ཚེས་བཅུ་རྒྱས་པར་བཙུགས་པའི་ཚེས་ལྔ་ལ་འཆམ་ཕུད་དང་གསང་གླིང་པ་རྣམས་ཀྱིས་ཚོགས་འཁོར་བདོག་པའི་སྦྱིན་བདག་བྱས། ཚེས་དྲུག་ལ་གྲ་ཚང་མ་བུ་ལྷན་དུ་འཆི་མེད་འོད་སྣང་གི་རྡུལ་ཚོན་ལ་བརྟེན་པའི་ཚེ་ཆོག་བཏང་། གཙང་སྟོད་ཞ་ལུའི་ཆོས་གྲ་ནས་མཁན་ཆེན་རྡོ་རྗེ་འཆང་ཕེབས། འཕགས་པ་འོད་ཟེར་དྲི་མ་མེད་པའི་གཟུངས་ལས་གསུངས་པའི་ཐུབ་པའི་དབང་པོ་ལྷ་བདུན་གྱི་རིག་གཏད། སེམས་ཉིད་ངལ་གསོའི་ཉམས་ཁྲིད་ཀྱིས་མཚོན་པའི་བྱིན་རླབས་རྗེས་གནང་ལུང་ཟབ་ཆོས་མང་དུ་ཞུས། ཐུགས་དམ་གཏོར་བསྔོའི་གྲས་སུ་རྒྱལ་པོའི་རྒྱུན་གསོལ་ཉུང་ངུ་ཞིག་བྲིས། དགུན་དཔྱིད་ཀྱི་རིང་གོང་དཀར་ཆོས་སྡེར་ཕེབས་པའི་གསོལ་ཕོག་ཕུལ། གཤིན་རྗེའི་སྒྲུབ་པ་དང་འགོང་པོ་ཨར་ལ་གཏད་པའི་ལས་སྦྱོར་བཙུགས། ཧོར་ཟླ་བཅུ་པའི་ཚེས་


GLG006_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཞལ་ཕུ་དཔོན་ས་ལྷ་སར་ཞབས་སྐོར་དུ་བྱོན་པའི་ཞལ་འདོན་གྱི་གསོལ་འདེབས་སྨོན་ལམ་བློ་བཟང་རིན་ཆེན་ལ་དགོས་ཚུལ་བྱུང་བ་བཞིན་བསླབ་བྱ། མཆོད་དཔོན་པས་བསྐུལ་ནས་འཕྲང་འགོ་ལྷ་རྩེ་བྲག་གི་སྲུང་མ་རྡོ་རྗེ་གཡུ་སྒྲོན་མའི་རྒྱུན་གསོལ་རྣམས་བྲིས། འཛིན་པ་ལག་མང་ཕོག་ཐུག་ཅུང་ཟད་ཙམ་ལའང་འཚུབ་ཆའི་རྣམ་པའང་ཁ་ཤས་ལ་བྱུང་སྣང་བས་ཀླུ་འདི་ས་གཞི་ཀུན་ལ་དབང་བའི་སྟབས་ཀྱིས་གཏོར་མ་ཕན་ཡོན་ཆེ་བས་དཀར་ཆ་བཞི་ལས་ཟུར་དུ་ཕྱུང་བའི་ཀླུ་གཏོར་ཞིག་གྲ་ཚང་གི་ཚོགས་སུ་བཙུགས། བོན་པོ་གྲུ་ཚང་པའི་སར་སྔགས་གྲ་སློབ་དཔོན་སྒང་ཆེན་པ། དཔོན་ཚང་ཚ་རོང་པ། དབུ་མཛད་ཆོས་དབྱིངས་ཅན་གྱི་རྗེ་གོང་མའི་སྐུ་ཆས་ཁྱེར་ནས་ངོས་འཛིན་ལ་ཕྱིན་པ་རྣམས་རིམ་པར་གསལ་བ་བྱུང་ཚུལ་ཕྱག་མཛོད་པས་སྨེད་པའི་མི་སྣའི་བསྐུལ་མར་མགྲོན་གཉེར་གཞོན་པ་དཀའ་བཅུ་ཆོས་འཕེལ་འབྱོར་དོན་བཞིན་རི་ཁྲོད་དགའ་ལྡན་སློབ་དཔོན་བྱམས་པ་རིན་ཆེན། སྐྱར་པོ་མགྲོན་གཉེར་རྡོ་རྗེ་དབང་ཕྱུག །མདའ་དཔོན་འོར་པ་གསུམ་བཏང་བའི་སྤྲུལ་སྐུ་རིན་པོ་ཆེའི་མཚན་བློ་བཟང་ཡེ་ཤེས་སུ་གསོལ་ཐོག་སློབ་དཔོན་བྱམས་རིན་པས་མེ་ཏོག་གཏོར། ལེགས་འབུལ་གཟེངས་བསྟོད། བཀྲ་ཤིས་ལྷུན་པོ་ཚོགས་ཆེན་དུ་ཁྲི་སྟོན་གྱི་ཚར་མང་འགྱེད་བཟབས་རྒྱས་བཏང་། དེ་མཚུངས་རྒྱལ་པོས་ཀྱང་མི་སྣ་མངགས་པའི་ལེགས་འབུལ་བཏེག །བརྒྱད་ལ་དགའ་ལྡན་ཁྲི་རིན་པོ་ཆེ། རྩེ་ཤར་གཉིས། སློབ་ཆུང་། ལྔ་མཆོད་པ། གྲ་པ་ཉིས་བརྒྱ་ཙམ་དང་ཤངས་དགའ་ལྡན་ཆོས་འཁོར་གྱི་བླ་མ་བསོད་ནམས་ཆོས་འཕེལ་གྲ་སློབ། རྫོང་སྡོད་ཁྲོ་


GLG006_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཕུ་བས་གཙོས་དྲུང་འཁོར་དམངས་བརྒྱ་སྐོར་འོལ་དགའ་རྫིང་ཕྱིའི་སྤྱི་པ་དང་བཅས་པ་ཕྱོགས་མཐུན་གྱིས་བདོག་པ་དཔངས་མཐོ་བ་བསྟར་བའི་ཡུན་དུ་གནས་པའི་རྟེན་འབྲེལ་བསྒྲིགས། ཤངས་དགའ་ལྡན་ཆོས་འཁོར་བ་རྣམས་ལ་སྨན་བླའི་མདོ་ཆོག་གི་ལུང་བཀླགས་ཤིང་བླ་མ་བརྒྱུད་པའི་ཕྱག་འཚལ་བསྐུལ་བའང་རྗེས་སུ་བསྐུར། བཞད་ཡངས་ཅན་མཁན་པོ། སླེ་རི། མདོ་མཁར་ཆོས་སྡེ། བཀྲ་ཤིས་ཆོས་གླིང་། སྤོས་ཁང་མཁན་པོ། བདེ་ཆེན་ཆོས་འཁོར་བ། ཞལ་བུ་ལྕམ་རྣམས་ལ་ཇ་གྲལ་བཏང་། ཉི་ལྡིང་དྲུང་འཚོ་ནམ་མཁའ་རྒྱལ་མཚན། ཐར་གླིང་བླ་མ། དགའ་གདོང་དཀའ་བཅུ་བློ་བཟང་བསྟན་འཛིན། རྒྱལ་པ་འཚོ་བྱེད་གཞན་ཕན་རྣམས་ལ་གསར་རྩོམ་གཡུ་ཐོག་སྙིང་ཐིག་གི་ལས་བྱང་། ཞང་བློན་གྱི་བཀང་གསོ། སྨྱུང་གནས་ཀྱི་ལག་ལེན་གསུམ་གྱི་ལུང་བྱས། ཚེས་བཅུ་ལ་རྒྱལ་པོ་འཁོར་བཅས་བྱང་ནས་ཕེབས་པ་དང་མཇལ། རྒྱལ་མོ་གཞོན་པར་ཕྱག་དྲུག་པའི་རྗེས་གནང་། རྨི་རུ་བླ་མ་མདོ་སྡེ་རྒྱ་མཚོ་དང་སྟར་སྡོང་དཀའ་བཅུ་གཉིས་ལ་རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་སྨྱུང་གནས་ཀྱི་ཆོ་ག་དང་གསར་རྩོམ་བླ་མ་མཆོད་པ་ཆེ་བ། བཀྲ་ཤིས་ལྗོངས་ཆོས་རྗེ་དང་ཐ་ཤི་སྦོོ་ལོད་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར། རྒྱ་རི་ཞབས་དྲུང་ངག་དབང་དགའ་ལྡན་རབ་བརྟན་ཕེབས་པར་བ་རི་ལུགས་ཀྱི་རྣམ་འཇོམས་དང་སྒྲོལ་དཀར། ཕྱག་རྡོར་གོས་སྔོན་ཅན། སེང་གདོང་མ་སྔོན་མོ། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནས་བརྒྱུད་པའི་ཚེ་དབང་རྣམས་ཕུལ། ཕྱག་བཞི་པ་བཀའ་


GLG006_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཆོས་སྐོར་གསན་བཞེད་འདུག་རུང་ངེད་རང་གིས་མ་ཐོབ་ཅིང་གཏེར་མགོན་གྱི་དབང་ལུང་ཆ་ཚང་བ་ཞིག་སླར་འབུལ་བའི་ཁས་ལེན་ཞུས། ཚུར་སྐྱེས་དང་བདའ་ལན་གྱི་བདོག་པ་གཞིས་ལེན་ཤངས་ལེན་རྒྱས་པར་བསྟར། བླ་མའི་རྣལ་འབྱོར་དང་ཚེ་དབང་འཆི་མེད་དཔལ་སྟེར་གྱི་རྒྱུན་ཁྱེར་དགོས་ཚུལ་ཕེབས་པའང་ཕུལ། བསྙེན་རྫོགས་བརྒྱ་བཅུ་བཞི་དང་། དགེ་ཚུལ་དོན་བདུན་བསྒྲུབས། རྒྱལ་མོ་ཆེ་བ་སྲས་བཅས་ལ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར། ཚེས་བཅོ་བརྒྱད་ལ་འཕགས་པ་ལྷས་ཚོགས་འཁོར་སྟེར་ཆ་འགྱེད་ཀྱི་སྦྱིན་བདག་མཛད་དེ་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་། སྟག་རྩེའི་རྒྱལ་བུར་སྣེའུ་སྡོང་རྩེའི་ལྕམ་བསུས་པའི་དགའ་སྟོན་དུ་མཆོད་ཡོན་ལྷན་བརྒྱས་གདན་དྲངས་པའི་ཞོར་ལམ་དགའ་ལྡན་དུ་ཕེབས་སྐབས་དངུལ་གདུང་རིན་པོ་ཆེར་འབུལ་རྒྱུའི་མཎྜལ་གྱི་ཞལ་བྱང་དང་རྡོ་དགའ་ལྡན་རྣམ་རྒྱལ་གྱི་ཀླུ་འཛིན་པ་ལག་མང་གིས་བསྐུལ་བའི་ཇ་མཆོད་བཀོད། ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔ་ནས་བཅུ་གཉིས་པའི་ཟླ་སྟོད་ཀྱི་རིང་རྐང་པའི་མགོའི་ནད་རོ་འཕར་བར་དྲང་སྲོང་ཆེན་པོ་བྱང་ངོས་པའི་ཕྱག་གཡོག་དར་མོ་བས་ཞུས་ཏེ་སྨན་དཔྱད་མཛད། དགའ་ལྡན་འོག་མིན་གླིང་གི་གྲ་པ་སྐྱི་ལུང་རབ་འབྱམས་པ་ཅན་བཅུས་གསར་རྩོམ་དབུ་ཕར་མཛོད་སོགས་ཁ་ཡར་གྱི་རྒྱུགས་སྤྲད། བྱང་ཆུབ་གླིང་སྐུ་སྐྱེ་དུས་ཀྱི་ཆོས་ཉིད་དུ་གྱུར་པར་སྐྱེ་སྲིད་འཛིན་པའི་སྨོན་ལམ་དགོས་ཚུལ་ན་བཟའ་གླིང་ཆོས་རྗེ་ངག་དབང་རབ་བརྟན་གྱིས་བསྐུལ་བ། ཐང་སག་དགའ་ལྡན་ཆོས་འཁོར་སྤྱི་སོའི་ངོར་སློབ་དཔོན་བློ་བཟང་འཇམ་དབྱངས་ཀྱིས་གསོལ་འདེབས་


GLG006_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྩེ་སློབ་དཔོན་བསྟན་པ་རྒྱ་མཚོས་བསྐུལ་བའི་ཡུན་འཚོའི་ཚིགས་བཅད། འབྲོམ་སྡིངས་དྲུང་འཚོ་ནམ་མཁའ་རྒྱལ་མཚན་གྱི་ཁ་ཏོན་དུ་ཤོ་ལོ་ཀ་གཅིག་གི་ཚིག་རྐང་ཕྱི་མ་རིམ་པ་བཞིན་ཡན་ལག་བདུན་པོ་སོ་སོར་བསྒྱུར་ཆོག་པ། ཀ་ཚལ་བླ་མ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་འབམ་གྱིས་བྲོ་འཚལ་བ་ལས་གྲོལ་ཚུལ་ལ་ལེགས་སོར་བརྗོད་པའི་འཕྲིན་ལན་ཚིགས་བཅད་རྣམས་བྲིས། འདི་ལོ་ནས་བཟུང་སྟར་ཆགས་སུ་རྡོ་རྗེ་བྲག་པས་གོང་དཀར། ཆོས་རྒྱལ་ཕོ་བྲང་དུ་དཔལ་རི་བ། གཞིས་རྩེར་ཆོས་རྗེ་སྒྲོལ་མ་བས་མགོན་པོ་གཡུལ་བཟློག་བཏང་བའི་རྒྱབ་ཆོས་པ་ཆོས་འཁོར་ཡང་རྩེ་བ་དང་གངས་ཅན་ཆོས་འཕེལ་བས་ཐོག་དྲངས་པའི་སོ་སོར་དགོན་བཞི་སྐོར་གྱི་ཤེལ་རྙིང་། ཡར་སྟོད་དར་རྒྱས་གླིང་པ་ཅན་བཞི་སྐོར་གྱིས་གདུགས་དཀར་བཏང་ཞིང་རྡོ་རྗེ་བྲག་པའི་ལོ་གསར་ཟླ་བ་བཅུ་གཅིག་པར་ཡོང་པའི་སྟབས་ག་བསྒྱུར་ཏེ་ཟླ་བ་དགུ་པར་བྱེད་པའི་ས་བཅད་བྱས། ཚེས་བཅོ་ལྔ་ནས་ནད་ལས་གྲོལ་ཁུལ་གྱིས་འཕགས་པ་ལྷ་སྤྲུལ་པའི་སྐུ། ཐུགས་སྲས་ཟླ་བའི་སྤྲུལ་སྐུ། ལྷོ་བྲག་སྡེ་པ་གདང་པ། ཅོ་ནེ་ཆོས་རྗེ་བློ་བཟང་ཉི་མ། སྡེ་པ་ས་ལུང་པ། བྷྲུཾ་གཞོན། སྣ་དཀར་རྩེ་ནས་རིང་འཚོའི་རྟེན་འབྲེལ་བསྒྲིག་མི་བཀྲ་ཤིས་ལྷུན་པོའི་ཐོ་ཡོན་བློ་བཟང་རྡོ་རྗེ། དགའ་ལྡན་རབ་འབྱམས་པ། ལྷོ་པ་བླ་མ་གུ་རུ་རྣམས་དང་ཕྲད། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ལེགས་གྲུབ་ཁྲི་ཐོག་ཞབས་དྲུང་དབོན་ལ་སྤྲད་དེ་དབུས་ཕྱོགས་ཀྱི་གནས་གཟིགས་ལ་དཔོན་སློབ་ཉུང་བསྡུས་ཞབས་འགྲོས་ཀྱིས་བཀའ་བརྒྱུད་གོང་མའི་བརྟུལ་ཞུགས་ལྷུར་བླངས་ཏེ་ཕེབས་


GLG006_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཇལ། སེ་ཆེན་རྒྱལ་པོའི་སྲས་དགའ་ལྡན་པ་སྨན་བཅོས་ལོག་པས་གློ་བུར་དུ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་དགེ་སྒྲུབ་ལ་དཀའ་བཅུ་བ་སངས་རྒྱས་བཀྲ་ཤིས་ཅན་འབྱོར། གོས་དར། གོན་པ། གོ་མཚོན། དངུལ་སྤྱད། ཤེལ་སྤྱད། དཀར་ཡོལ། གསེར། གསེར་དངུལ་གྱི་སྒ་དང་སྒ་དམར་སོགས་གཏད་པའི་རྟ་བརྒྱ། སྒ་མེད་ཉིས་བརྒྱ། རྔ་མོ་སུམ་བརྒྱ་རྒྱབ་བཅས་ཀྱི་གཏོས་ཆེ་བ་བྱུང་ཞིང་དགེ་བ་རྫོགས་བྱང་དུ་བསྔོས། བྱང་བུ་བཞུས་པར་ལྷར་སྐྱེ་བའི་མཚན་མ་ཤར། སྐྱིད་ཤོད་ཆོས་རྗེའི་སྐུ་སྐྱེས། དགའ་ལྡན་པའི་དོན་དུ་བསྐུལ་བའི་སྨོན་ལམ། ཟུར་ཁང་ཆོས་མཛད་རྒྱལ་དོན་པའི་ངོར་བདག་བསྟོད། གྲ་ཚང་དབུ་མཛད་བློ་བཟང་བསྟན་འཛིན་གྱི་འདོད་སྦྱར་གསོལ་འདེབས་སྨོན་ལམ། རིན་སྤུངས་མངའ་ཁུལ་སྐྱ་སེར། ཤངས་བཀྲ་ཤིས་རྩེ་པའི་མ་བློ་བཟང་སྒྲོལ་མས་བསྐུལ་བའི་ཡུན་འཚོའི་སྨོན་ལམ། སྐུ་རབ་དགའ་ལྡན་རབ་བརྟན་གྱི་གྲ་རིགས་སེ་རར་སྡོད་མི་ཚོའི་ངོར་སྒྲོམ་མདའ་མཁན་ཆེན་མཐུ་སྟོབས་དཔལ་འབྱོར་གྱི་བརྟན་བཞུགས། ཕོ་བྲང་གེ་ར་ཆོས་མཛད་བློ་བཟང་དགེ་འདུན་ཁམས་མ་བདེ་བའི་དུས་གྲ་ཚང་མགོན་ཁང་དུ་འབུལ་རྒྱུའི་སྙན་དར་ཞལ་ཡིག་རྣམས་བྲིས། ཉེར་བཞི་ལ་དགའ་ལྡན་འོག་མིན་གླིང་བླ་མ་གྲ་བཅས་སུམ་ཅུ་ཙམ། བཟང་ལྡན་མཁན་པོ་རྒྱལ་རྩེ་ཞབས་དྲུང་། རྫོང་སྡོད་ཆེ་གསུམ་ནས། སྡེ་པ་འདར་པས་གཙོས་ལྷ་རྩེ་ཁུལ་གྱི་དྲུང་འཁོར་སྤྱིས་གསེར་གོས་དར་རས་ཆས་ཐོག་དྲངས་བདོག་པ་སྤེལ་ཏེ་ཡུན་དུ་འཚོ་བའི་རྟེན་འབྱུང་རྒྱས་པར་བསྒྲིགས། ལྷ་རྩེ་སློབ་དཔོན་བསྟན་པ་རྒྱ་མཚོས་མདོ་ཚིག་དང་འབྲེལ་བའི་གཏམ་བཏང་། རྒྱལ་རྩེ་བདག་པོ་བགྲེས་པ་བྱམས་པ་ངག་
དབང་བསོད་ནམས་རྒྱལ་མཚན་གྱི་གསུང་བྲིས་སུ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་དགུང་ལོ་བདུན་ཅུར་ཕེབས་པའི་ཚེ་བདག་ལ་ཞལ་དཀར་འདི་གསོལ་ཇས་བཀང་ནས་གནང་བའི་རྟེན་འབྱུང་གིས་ཁོ་བོའང་ན་ཚོད་མཐོན་པོ་འདིར་སླེབས་པས་ད་ལམ་བརྟན་བཞུགས་ལ་ཕུལ་ཡོད་ཚུལ་བྱུང་བའི་ཞལ་དཀར་ནང་རྟེན་གྲས་སུ་བཅུག །དེ་མཚུངས་འོལ་དགའ་ནས་སྐྱ་སེར་བརྒྱ་སྐོར་གྱིས་རྟེན་འབྲེལ་བསྒྲིགས། འཁྲུལ་སྣང་དུ་རྣལ་འབྱོར་པའི་ཆ་བྱེད་ཅན་གཉིས་འོངས་ནས་གཉན་མགོན་ཕུག་ཏུ་མཆོད་གཏོར་ཞིག་བྱས་ན་ལེགས་ཟེར་བར་མཐའ་གཅིག་ཏུ་ངེས་གཟུང་དཀའ་ནའང་འགྱངས་མེད་དུ་སྙན་དར་གོ་མཚོན་དར་པོ་ཆེ་དང་བཅས་མཆོད་གཏོར་བཙུགས། འདི་ལོ་དེབ་ཏུ་བཀོད་པའི་ས་སྤྲེ་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་གཏོར་གསོ་མ་ཆག་པར་ཡོད། ལྷ་རྩེ་འོལ་དགའི་རྟེན་འབྱུང་བསྒྲིགས་མི་རྣམས་དང་འབྲས་སྤུངས་ཀྱི་སློབ་དཔོན་བདུན། ཧོར་སྨད་ཏ་དང་བར་ཏའི་དཔོན་རྣམས་དང་ཕྲད། ཇ་གྲལ་གྱི་སར་བཟང་ལྡན་མཁན་པོ་དང་ནཱ་རོ་མཁའ་སྤྱོད་ཀྱི་སྐོར་ལ་འཕྲོས་གླེང་བྱུང་བའི་རྐྱེན་གྱིས་འདུལ་བ་ཟུར་པ་བློ་གྲོས་རྣམ་རྒྱལ་ཡིད་ཕྲོགས་ཏེ་ཉམས་འཁྲིད་ཞུ་འདུན་གྱི་འཕྲོས་གླེང་མང་བར་བྱུང་། བཟང་ལྡན་མཁན་པོར་གསར་རྩོམ་མཚར་ཆེན་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ལུང་ཕུལ། ཤ་གཟུགས་སྐུ་སྐྱེས་གཙོས་པའི་དགེ་ཚུལ་སོ་བརྒྱད། བསྙེན་རྫོགས་སོ་དགུ། དགེ་བསྙེན་གཉིས་རྣམས་བསྒྲུབས།

དགུང་ལོ་ང་གཉིས་པར་སྡེ་སྲིད་འཕྲིན་ལས་རྒྱ་མཚོའི་དགོངས་རྫོགས་དང་། ཆོས་ཐེབས་གསར་སྤྲོད་དང་བྱས་ཅན་ཁག་ལ་ས་རིས་བདག་རྐྱེན་གནང་བ།


GLG006_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སེར་འབྲས་ཀྱི་ནང་རྟེན་གསར་བཞེངས་བཅས་ཀྱི་སྐོར།དུས་རིམ་ལེ་ཚན་རྣམས་སྔར་འཁྱུད་བཞིན་བཏང་བའི་ས་སྤྲེལ་གནམ་ལོ་གསར་དུ་ཚེས་པའི་བསྐང་གསོའི་དུས་ཨ་པ་ལའི་གྱི་མི་སྣ་


GLG006_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་ཅན་གྱིས་འཕན་ཁྱད་པར་ཅན་དང་འཕྲེང་བ་ལྔ་བྱིན། བཞུགས་གྲལ་རྣམས་དཀྱུས་བཞིན་བྱས་ཐོག་ཅོ་ནེ་ཆོས་རྗེས་སྤུ་ཇ་ཤས་ཆེ་བའི་ཀོ་དྲ་བརྒྱ་ཕྲག་གིས་གཙོས་པའི་སྟོང་འབུལ་དུ་ཉེ་བ་བཏེག །གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་གདུང་བརྒྱུད་རིན་པོ་ཆེ་ངག་དབང་ཀུན་དགའ་བཀྲ་ཤིས་ཁྲི་འདོན་གནང་བའི་ལེགས་འབུལ་དུ་འདར་པ་གཞོན་པ་ངག་དབང་འཕྲིན་ལས་རྫོང་བདའ་བྱས་པའི་ཡབ་སྲས་གཉི་གར་སྙན་ངག་གི་ལམ་ནས་དྲངས་པའི་ཞུ་ཡིག་བི་ཝརྟ་དང་བཅས་པ་ཕུལ། ཚེས་གསུམ་ལ་སེ་ར་ཐེག་ཆེན་གླིང་གི་སློབ་དཔོན། ཏྲེ་བོ་སྐུ་སྐྱེ། ཞབས་དྲུང་དབྱངས་ཅན། ཞང་སྟོན་སྐུ་མདུན་ལྷུན་གྲུབ། ཐའི་ཇི་ནོར་བུ་རྒྱ་མཚོ་ཁྱོ་ཤུགས། ཐོན་པའི་དཔོན་ས་སོགས་དང་ཕྲད། ལྷ་རྩེ་བླ་མ་གྲ་སློབ་ལ་སྨན་བླའི་མདོ་ཆོག་ཆེན་མོ་དང་བརྟན་སྡོད་གསར་པའི་ལུང་བཀླགས། ཚེས་བཞི་ལ་ཁྲི་རིན་པོ་ཆེ་བློ་བཟང་རྒྱལ་མཚན་དང་མཇལ། དགེ་ཚུལ་སོ་དགུ་དང་། བསྙེན་རྫོགས་ལྔ་བཅུ་ང་གསུམ་བསྒྲུབས། བདེ་ཆེན་ཐའི་ཇི་བསོད་ནམས་ལྷའི་དབང་ཕྱུག་བསྟང་ཞལ་ལྷ་ས་སྨོན་ལམ་གྱི་ཚ་ར་གཏོང་བར་ཕེབས་ཞོར་དུ་བྱོན། སྔ་སོར་ནས་ལྟས་སྣ་ཚོགས་བྱུང་བའི་དོགས་སེལ་ལ་ཚོང་འདུས་དང་མཆིམས་ཕུ་གནམ་ཐེའི་ལུང་བསྟན་ཞིག་འདུག་པར་དྲི་བ་དང་སྦྲགས་འཕྲིན་ཡིག་ཚིགས་བཅད་སྙན་ཤལ་གསེར་སྐྱེམས་དང་བཅས་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ། གོང་མཚུངས་ཚངས་པ་དུང་ཐོད་ཅན་ལ་དོགས་གཅོད་ཞུ་བར་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་བཏང་། ཚེས་ལྔ་ནས་ཟླ་གཅིག་ལྷག་ཙམ་ཕྱི་མཚམས་ཁོག་ཏུ་ཐོབ་ཡིག་བྲིས། ཐའི་ཇིའི་


GLG006_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ནན་ཆེས་པས་དྲུག་བརྒྱའི་ས་རིས་རྣམས་ཕྱིར་སྤྲོད་མཛད་སོང་། ཟླ་བ་གཉིས་པའི་ཚེས་བདུན་ལ་ཐའི་ཇི་རྡོ་རྗེ་རྣམ་རྒྱལ་ལ་ཚེ་དབང་བརྒྱ་རྩ་ཕུལ། དར་རྒྱས་ཆོས་སྡིངས་ནས་གཏེར་སྟོན་རིགས་འཛིན་ཆེན་པོ་བདེ་ཆེན་དཔོན་སར་དབང་དང་སྐུ་རིམ་གནང་བར་འབྱོན་ཞོར་ཚེས་བརྒྱད་ལ་གཡའ་མ་ལུང་གཏེར་གསར་གྱི་པདྨ་གུ་རུའི་སྐུ་ཚབ་སྟེར་སྦྱིན་མཛད་པར་གན་གོས་ཡུག་བཟང་གཉིས་སྐྱེས་ལན་དུ་བསྟབས། སྒྲགས་ཕུར་བཞུགས་པའི་ནུབ་ཀྱི་མནལ་ལྟས་སུ་མཆོད་ཡོན་སྤྱི་ཐོག་ཏུ་སྐུ་ཆགས་ཆེ་བ་ཡོད་པའི་མཚན་མ་བྱུང་བར་སྐུ་རིམ་དགོས་ཚུལ་གསུངས། བཅུ་གཅིག་ལ་མཚམས་གྲོལ་བའི་འཕགས་པ་ལྷ་སྤྲུལ་པའི་སྐུ། ལྷ་རྩེ་ཆོས་སྡེ་བླ་མ། བྲག་སྣ་ཆོས་རྗེའི་བསྔོ་ཞུས་འབུལ་བར་ཆོས་རྗེ་གཞོན་པ། དར་རྩེ་མདོ་ས་ཡང་། སའི་ཁན་ཇུ་དང་ཚེ་དབང་གི་མི་སྣ་རྗེས་སླེབས། ཆོས་རྗེ་བཀྲ་བཟང་པ། སྡེ་པ་འཕོན་མདོ་པ་སྐུ་མཆེད། དྲུག་བརྒྱ་ཆོས་མཛད་རྣམས་དང་ཕྲད། འཕགས་པ་ལྷར་བདེ་མཆོག་དཀར་པོའི་ཚེ་དབང་། མི་གཡོ་སྔོན་པོ་དང་ཁྱུང་ཁྲའི་རྗེས་གནང་ཕུལ། རྒྱལ་པ་སློབ་དཔོན་བར་རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་རྣམ་སྲས་ཀྱི་བཀང་གསོ་དང་གསར་རྩོམ་བླ་མཆོད་ཆེ་བ། སྡེ་པ་ཕོན་མདོ་པ་མཆེད་ལ་གསར་རྩོམ་བསྙེན་གནས་འབོགས་ཆོག་གི་ལུང་། ཚལ་སྡེ་པ་གྲགས་པར་རྣམ་འཇོམས་ལྗང་སྔོན། སྤོས་ཁང་མཁན་པོ་དང་ཤངས་བཀྲ་ཤིས་རྩེ་པ་ཅན་ལ་ཚེ་དབང་གྲུབ་རྒྱལ་དང་རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་བྱས། བླ་མ་བྲག་ལ་བ་དོན་གྲུབ་རྒྱལ་མཚན་ལ་ཆོས་རྒྱལ་བྱང་པའི་ཕྱག་བཞེས་ཀྱི་དྲེགས་པ་ཉི་ཤུའི་སྐོར་མཐའ་ཆོད་པར་


GLG006_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་ཤིན་ཏུ་ཞིབ་པར་དོགས་བཅད། ཚེས་བཅུ་གསུམ་ལ་འཕགས་པ་ལྷ་དཔོན་སློབ་ལ་གོས་ཕྱི་ནང་། ན་བཟའ་སྐོར། སྦུག་ཆོལ་སིལ་སྙན། ཀ་ར་བུ་རམ་གྱི་ལྟང་ཙེ། རྟ། སྣམ་ཕྲུག་གིས་གཙོས་པའི་རྫོང་བ་རྒྱས་པ་ཞུས། འོད་ཟེར་རྒྱ་མཚོས་གྲ་ཚང་དུ་སྙན་དར་ཕུལ་བའི་ཞལ་བྱང་། མཆོད་དཔོན་དབུ་མཛད་གཉིས་ཀྱིས་སྦྱིན་བདག་བྱས་ནས་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་ཁྲོ་གསར་བླུག་གི་ཁ་བྱང་། ཨ་སན་གྱིས་བསྐུལ་བའི་བདག་བསྟོད་རྣམས་བྲིས། ཐོན་ཟིལ་གནོན་པ་དྭགས་པོ་ལྕང་ར་བ་ཅན་ཉི་ཤུ་ཙམ་ལ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བྱས། རྨི་རུ་བླ་མ། གུང་ཐང་གཟིམས་ཁང་ཤར་བླ་མ། རྒྱལ་པོའི་སྲས་ཆུང་སོགས་ཕྲད་མི་མང་བའི་རེ་བ་བཀང་སྟེ་རེ་ཞིག་མཚམས་བསྡམས། དེའང་ཟླ་བ་དང་པོའི་ཚེས་བཅུ་གཅིག་ལ་ནུབ་ཕྱོགས་སུ་དུས་མིན་གྱི་འབྲུག་ལངས། སྨོན་ལམ་ཆེན་མོའི་ཚོགས་དཀྱིལ་དུ་བྱ་རོག་འོངས། ཉེར་དྲུག་ནས་བཟུང་ནུབ་ཕྱོགས་ནས་འོད་དཀར་པོ་རིང་བ་རྩེ་གཉིས་སུ་གྱེས་པ་ཞིག་ཟླ་ཕྱེད་ཀྱི་བར་ཤར། པོ་ཏ་ལའི་ལྕགས་རིའི་སྟེང་དུ་རྒོད་བབས། མོན་ནས་མཚན་མ་གཉིས་ལྡན་གྱི་རྟ་ཞིག་ལམ་བགགས་པས་ཐོབ་པ་བསྐྱལ། གོང་དཀར་རྫོང་མགོན་ཁང་སྟེང་གི་ཐུག་དྲག་རླུང་གིས་བཅག །བྱང་གི་རྒྱུ་སྐར་སྨིན་མར་བྱ་རོག་གི་ཚང་བསགས་ཏེ་བསྐྱུར། དྭགས་སུ་ས་གཡོས་ཆེ་བ་སོགས་མི་ཤིས་པའི་མཚན་མ་མང་དུ་བྱུང་ཞིང་ཟླ་བ་དང་པོ་ནས་སྡེ་པ་ཆབ་གཞིའི་བསྙུན་གྱིས་ཟིན་པ་འཕྲལ་དུ་བསྙུན་ཟུག་མེད་པས་མངོན་ཆུང་གཤིས་ཐུགས་བྲེལ་གྱིས་གཡེངས་པའི་འཕྲོད་བསྟེན་ལེ་དབར་ཤོར། དྲུང་འཚོ་བྱང་ངོས་


GLG006_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་གློ་བུར་དུ་སྟེང་གི་གྲིབ་ལྟ་བུ་རྒྱུ་འཕྲུལ་དཀའ་བས་རྩ་འཕྲལ་འཕྲལ་གཟིགས་མ་ཐུབ། ཞོགས་སྟར་གྱི་ཆུ་རྟགས་སྟོན་པར་བཏང་བ་གཟོ་པོ་མ་བྱུང་ན་ཕུགས་སྐྲན་དང་ཆུར་འགྱུར་དོགས་པའི་ལུང་བསྟན་ལས་ད་ལྟ་ཉེན་མི་ཆེ་བའི་ཁུལ་གྱི་ངང་ལ་འོར་དུ་ལྷུངས། འདི་ནས་སྐུ་རིམ་གྱི་ཐོ་བསྐུར་བའི་དབུས་ཀྱི་དགོན་ཁག་རགས་བསྡུས་ལ་མང་འགྱེད་འབུམ་བརྒྱས་མཚོན་ཁ་ཤས་ཕབ་པ་སྨོན་ལམ་གྲོལ་འཕྲལ་དུ་རྫོང་བདའ་མཛད་པས་ཞག་གཉིས་ངོ་བླངས་པའི་བདེ་བ་འདྲ་ཞིག་བྱུང་ཟེར། གྲོང་སྨད་ནས་ཚངས་པ་དུང་ཐོད་ཅན་ལ་ལུང་བསྟན་ཞུ་མི་བཏང་འདུག་པར་བསྙུན་བབས་དང་བར་ཆད་ཀྱི་ངོ་ཆེ། སྐུ་རིམ་ཀྱང་ཡིག་དྲུག་དུང་ཕྱུར་ཁག་ལྔ་ཙམ་ཕབ་སྣང་བ་འཕྲལ་དུ་བཙུགས་ཀྱང་རྫོགས་ལང་མ་བྱུང་། ཆོས་སྐྱོང་གི་དེ་དགོངས་རྫོགས་སུ་དམིགས་པའི་དགོངས་གཞི་ཅན་ཡིན་ཚོད་དུ་མཆིས། དྲུང་འཚོ་བ་ལྷག་བསམ་ཉིན་སྟར་གྱི་ཕྱག་རྩ་ཞུ་བར་བཏང་བ་བཟང་ངན་ཐག་ཆོད་ཀྱི་གསལ་ཁ་མ་རྙེད་རུང་ཆུ་རྟགས་ཀྱི་བབས་ལ་བལྟས་ན་ཆབ་གསོག་བྱུང་དོགས་ཆེ་བ་འདུག་པས། དངར་སྐྱུར་གྱི་རིགས་དང་ཤ་སོགས་བཞེས་པ་མི་འགབ་ཚུལ་ཟེར་བྱུང་ཞིང་ངོས་སུ་ཡང་ཞུས་པར་ཡིད་བརྟན་ཆེ་བ་ཞིག་མཛད་ཚོད་དུ་མི་སྣང་། སྐད་ཆ་དྲི་བཤད་བྱས་པ་ཚོའང་ཁ་མི་མཐུན་པ་མང་། སངས་རྒྱམ་པ་འབྱོར་བའི་སྐད་ཆ་ལའང་བཞེང་འདུག་སོགས་དཀའ་ལས་ཆེན་པོ་ཡོད་འཕྲོས་ཟེར་བས་སྟག་རུ་ནས་ལ་སཾ་ཊ་བསྐུར་བར་ཡང་སངས་རྒྱམ་པས་ཟེར་བ་དང་དབྱིབས་མཚུངས་གཤིས། སྐྱར་པོ་ནས་ཉེ་ལེན་ལ་བཏང་བ་བབ་ཡུལ་ལེགས་རྒྱུ་མི་འདུག་ཟེར་བས་འཕྱོང་རྒྱས་


GLG006_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་པ་ཚངས་པ་དུང་ཐོད་ཅན་ལ་ལུང་བསྟན་ཞུ་བར་བརྫངས། མཆོད་དཔོན་པ་སྡེ་པའི་སར་བཏང་བའི་པོ་ཏ་ལར་འཕྲལ་འབྱོར་འགབ་ཚུལ་ལབས་པ་བཞིན་ཚེས་བཅུ་བཞིའི་ཞོགས་པར་བྱོན། ལམ་དུ་ཨུའི་ཆིང་གིས་མི་ཤེས་པའི་རྟ་དེ་ལ་ཞོན་ནས་ཡར་ཕྱིན་པ་དང་མཇལ་བར་ཁ་མ་ཐུབ་པའི་སྡེ་པ་ཕྱོགས་སུ་ཕྱི་འགྲོས་ཀྱིས་བཅར་བར་དྲུང་འཁོར་རྣམས་ཀྱིས་ཉེད་དགོས་པ་བྱུང་འདུག །བྱང་ངོས་ནས་དང་ནང་སྐོར་བ་ཚོ་ཧ་ཅང་ཟོམ་དྲགས་པ་མ་གཏོགས་ཆབ་ཀྱི་སྐྲངས་པོ་ཤིན་ཏུ་ཆེ་བར་གདོན་བྱད་ལྟ་བུའི་གནོད་པ་ཡིན་ན་ཕན་དུ་རེ་བས་ལྟས་ངན་གྱི་རྟ་དེ་དང་མཉམ་དུ་རྒྱལ་རྫོངས་བརྫངས། འཆི་བླུ། བྱད་འགྲོལ། གདོན་འགྲོལ། ཚེ་དབང་དང་དྲག་དམར་གྱི་དབང་སོགས་སྣ་མ་འགགས་པ་བྱས། དྲུང་འཚོ་བྱང་ངོས་པ་བྱོན་པའི་ར་མོ་ཤེ་སྨན་གྱི་གཏེར་མའི་ཆུ་སྨན་སྦྱོར་རྒྱུའི་ལུགས་ཀྱི་སྟ་གོན་དང་གཙང་ཕྱོགས་སུ་མང་འགྱེད་ཀྱི་གྲ་བསྒྲིགས། འཕྱོང་རྒྱས་རབ་འབྱམས་པ་འཁོར་བར་དྲིས་པ་སྡེ་པའི་སྐུ་རིམ་ཆ་གསུམ་གཏོར་མ་ཙམ་ལས་གསལ་ཁ་མེད་པ་ལ་མ་དྲིས་པའི་ངེད་ལ་རིམ་གྲོ་ཚན་ཆེ་བ་འབེབས་པ་མཛད་འདུག །ཚེས་བཅུ་བདུན་གྱི་ཉི་ཕྱེད་ལ་སྐུ་གཤེགས་པར་ཉེ་བས་སངས་རྒྱམ་པ་འཕྲོས་གཏོང་བར་བྱུང་འཕྲལ་ཕྱིན་དེ་བཞིན་གཤེགས་པའི་འཕེལ་གདུང་གིས་ཐོག་དྲངས་པའི་དམ་རྫས་མང་དུ་ཞུས་ཞིང་འདའ་ཁ་མའི་མཚམས་སྦྱོར་གྱི་འཕོ་དམིགས་སྤྲད། གཟུངས་སྔགས་ཟབ་མོ་དང་དེ་བཞིན་གཤེགས་པའི་མཚན་བརྗོད། གཞིས་ཀ་ཤར་པ་ལགས་ཨ་གུར་བོས་པའི་གཟའ་སྐར་སྟབས་ཉིན་བཞིའི་བར་གསང་སྒོ་བསྡམས། གསང་ཁོག་ནས་སྡེ་པ་ཕྱོགས་ཀྱི་སྒོ་གསལ་


GLG006_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞུས་པ་བྱས་ལ་རྒྱ་དང་རྒྱལ་པོ་སོགས་ཀྱི་སྐོར་ལ་བསམ་ཡས་དང་ཚོང་འདུས་སུ་ཆང་ཁྱིམ་པ་བརྫངས། ཚེས་ཉི་ཤུ་ལ་གསང་བརྟོལ་བའི་ཇོ་བོ་ཤཱཀྱ་མུ་ནིར་ཐོད་གོས་གསེར་མ་སེར་པོ། འཇའ་གོས་སྔོན་གསེར་མ་ལྡེབས་སུ་དངུལ་གྱི་བབ་ལེ་གོང་པར་རྡོ་རྗེ་རིན་པོ་ཆེའི་ཕྲས་སྤྲས། གཞི་གོས་ཏཱ་ཧུན་ལ་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་ཚེམ་གྲུབ་མ་གཤམ་གོས་ནག་སིའུ་ཅན་ལྕེ་ལེ་བརྩེགས་བཅུ་རེ་ཡོད་པར་བྱུ་རུ་དང་ཤེལ་སྣ་ཚོགས་ཀྱིས་བརྒྱན་པ་འདོགས་ཐག་ལྕགས་ལུང་གིས་བྱས་པའི་ཕྱེ་ཕུར་ཆ། གཞི་ཧོར་གོས་དམར་པོ་ལ་ལྕགས་རི་དང་ཚལ་བུ་གསེར་གྱི་མེ་ཏོག་ཟླུམ་རིས་ཅན་གྱི་སྣམ་སྦྱར། དིང་ཕོན་ཁྱད་མཚར་གྱི་བླ་བྲེ། དངུལ་སྲང་ཉིས་བརྒྱ་སྐོར་ལས་གྲུབ་པའི་མཎྜལ། རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར། རྗེ་བཙུན་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་རྣམས་ལ་སྙན་ཤལ། ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེར་བཀྲས་བཏགས་ཉིན་མོ་བདེ་ལེགས་མ། གཞི་མཆིན་ཁ་སིའུ་མ་ལྕགས་རི་དང་ཚལ་བུ་ལ་སངས་རྒྱས་སྟོང་སྐུ་ཡོད་པའི་སྣམ་སྦྱར། གན་གོས་གཞི་སྔོན་མཚོན་ཁྲའི་འཕན་ཆ། དངུལ་གྱི་མཎྜལ་ཆེ་ལེགས། འཕགས་པ་ལོ་ཀེ་ཤྭ་ར་དང་ཝ་ཏི་བཟང་པོ་གཉིས་ལ་ཉིན་མོ་བདེ་ལེགས་མའི་སྙན་ཤལ། བསམ་ཡས་སུ་བྱང་ཆུབ་ཆེན་པོར་མགོ་གོས་སྔོན་བབ་གཟུགས་ཐོག་སིའུའི་པ་ཏྲ་རིས་དབུས་གསུམ་སོ་སོར་འཕན་མགོའི་དབྱིབས་དང་འདྲ་བའི་གསེར་ཟངས་ཀྱི་རྒྱན་ཕྲ་བཅས་མཐའི་མུན་རན་ལ་གསེར་ཟངས་ཀྱི་འབུ་རིལ་གྱི་མཚམས་ལ་བྱུ་རུ་མུ་ཏིག་དང་སྐེ་མཚམས་སུ་བྱུ་རུ་བཞི་བཅུ་སྟོང་སྐུད་སྣ་ཚོགས་ཀྱི་རྫར་ཡོད་པ་ལ་གོ་ཚོན་ཁྲའི་


GLG006_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་སིའུའི་ལཉྪ་མ་ཎི་མ་པདྨ་སྤྲིན་རྒྱལ་མཚན་གྱི་གཟུགས་རྒྱབ་ཤ་ལིང་དམར་འདོགས་ཐག་དངུལ་གྱི་ཨ་ལུང་བཅས་པ་ཆ་གཉིས། དངུལ་གྱི་མཎྜལ་ཆེ་ལེགས། ཁྲ་འབྲུག་ཏུ་ཐོད་དང་གཤམ་གོང་གོས་སྔོ་འཇམ་སྟེང་མུ་ཏིག་གི་རྒྱན་དང་ལིང་ཁ་དོག་སྣ་ཚོགས་ཀྱི་ཤམ་བུ་བརྩེགས་བཅུ་གསུམ་རེ་ཡོད་པའི་རྒྱལ་མཚན་ཆ་གཅིག །དགའ་ལྡན་དངུལ་གདུང་རིན་པོ་ཆེར་གོས་དམར་པོ་ཡུག་སྣེ་ཚང་གི་སྙན་ཤལ་སོ་སོར་སྨོན་ལམ་ཚིགས་བཅད་མ་བཀོད། དེ་ཕྱིན་ལྷ་ས། ར་མོ་ཆེ། བསམ་ཡས་མཐིལ་མཆིམས་ཕུ། ཁྲག་འབྲུག །རྭ་བསྒྲེང་། རྒྱལ་མེ་ཏོག་ཐང་རྣམས་སུ་སྙན་ཤལ། གསེར་ཆབ། བརྒྱ་མཆོད་སྣ་ལྔ། དཀར་མེ་གཏོས་ཆེ་བ་ཕུལ། གཞུང་སོགས་གཉིས་གནས་ཚུལ་སྐྱེལ་བར་མཚོ་ཁར་འཕྲལ་དུ་བཏང་། གཟིམས་ཆུང་དོགས་པ་དང་བཅས་པོ་ཏ་ལ་རྩེར་རྒྱུད་སྟོད་པ་སློབ་དཔོན་གྲ་པ་ཉི་ཤུས་ཞག་ལྔའི་བར་གསང་འདུས་ཀྱི་གསུང་ཆོག་བཏང་བར་ནར་མའི་ཞབས་ཏོག་ཡོན་བཟབས་རྒྱས་དང་བཅས་པ། པུར་པོ་ཏ་ལའི་རྫོང་དུ་བཞུ་རྩིས་ཀྱིས་དུད་པ་བྱུང་དོགས་པའི་ཁྱད་ནས་བརྒྱད་གཏོར་སྔ་བསྣུར་བ་ཡིན་རུང་ཚང་མས་མི་འགབ་ཚུལ་ལ་བརྟེན་རྩིས་ལ་ཤར་སྨད་ལས་མ་བཏུབ་པ་དང་གནས་ཀྱང་བཟང་བ་ནས་དགའ་ལྡན་དུ་མེ་མཆོད་སྐབས་དངུལ་གདུང་རིན་པོ་ཆེར་མཆོད་འབུལ། རྟེན་རྣམས་ལ་གསེར་གསོལ་སྙན་ཤལ། ཚོགས་ཆེན་དུ་མང་ཇ་འབྲུ་དང་ཇ་འགྱེད་བསྔོ་རྟེན་རྣམ་གཞག །ཞུགས་འབུལ་མཛད་མི་ཕ་བོང་ཁ་གདན་ས་པ་དཔོན་སློབ་བདུན་ལ་ཞབས་ཏོག་ཡོན་རྒྱས་པར་བསྒྲུབས། པུར་འདྲེན་པར་འཕྱོང་རྒྱས་རབ་འབྱམས་པ། ཁ་རབ་འབྲུག་པ། འོར་ནས་ཅན་བཏང་


GLG006_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁ་འོར་གཉིས་ཀྱིས་ཁུར་འཁུར་པོ་བྱས་འཕྲོས་མི་འདུག །བསོད་ནམས་ཕུན་ཚོགས་མ་གཏོགས་ནང་དུ་བཅར་བའི་ཟ་ཆེ་ཁ་དྲག་པ་རྣམས་ཀྱིས་ཀྱང་ཟེ་ལ་ཞོན་ནེ་བ་བྱས་སོང་། བྲག་སྣ་ཆོས་རྗེ། དགེ་སློང་འཇམ་དབྱངས་གྲགས་པ། དགེ་སློང་ཆོས་འཕེལ་བཟང་པོ། སྔགས་རམས་པ་དགའ་གདོང་པ། ཟླ་བོར་དགེ་ཚུལ་བློ་བཟང་དབང་རྒྱལ་དང་བློ་བཟང་དབང་ལྡན་གཉིས་དང་བཅས་པས་ཆུ་ཐུན་མེ་ཐུན་བརྒྱབ་སྟེ་དྲག་སྔགས་ཚ་རྔམས་ཆེ་བས་གཤེད་ཕུད། ཁྱམས་རར་ཆོག་མང་ལ་རྒྱུད་སྟོད་སྨད་གཉིས་ཀྱིས་གསང་འདུས། ཐང་སག་དགའ་ལྡན་ཆོས་འཁོར་བས་མི་འཁྲུགས་པ། སྦེ་སེར་ཉི་ཐང་གཉིས་ཀྱིས་ལྟུང་བཤགས། རྨི་རུ་བས་སྨན་བླ་རྣམས་ཉིན་དྲུག་གི་བར་འགྲོ་གང་ཆེ་བཙུགས། རྫོང་དུ་གྲ་ཚང་གིས་ཉིན་གསུམ་གྱི་རིང་ཞི་ཁྲོའི་སྐོང་བཤགས་རྒྱས་པར་བཏང་། གདན་ས་གོང་འོག་སོ་སོར་བདག་ཆེན་གཉིས་རེ། སྟག་ལུང་ཞབས་དྲུང་ཁྲི་ཟུར། སྣེའུ་སྡོང་རྩེ། བཀྲ་ཤིས་ལྷུན་པོ། སྒམ་པོ། འབྲི་གུང་། འབྲུག་པ་སྤྲུལ་སྐུ་སོགས་མཁན་སློབ་སྤྲུལ་སྐུ། གདུང་བརྒྱུད་རགས་རིམ་ལ་བསྔོ་རྟེན། ཧོར་ཟླ་གསུམ་པའི་ཚེས་བདུན་ལ་ལྷ་ས་ཁྱམས་རར་ཆོས་སྡེ་ཆེན་པོ་གཉིས་ཀྱིས་གཙོ་མཛད། ཕ་བོང་ཁ་གནས་ཁ་ཕན་ཚུན། ཐག་ཉེའི་དཀོར་འབྲེང་བ་དང་བཅས་དགེ་འདུན་སྟོང་ཕྲག་དྲུག་གི་ཚོགས་དབུར་དགའ་ལྡན་ཁྲི་རིན་པོ་ཆེ་རྩེས་དང་པ་བློ་བཟང་རྒྱལ་མཚན་གདན་དྲངས་ཉིན་གསུམ་གྱི་བར་ཚ་ར་དང་འགྱེད་ཀྱི་རྙེད་བཀུར་གྱ་ནོམ་པ་བསྟབས། དེ་ཕྱིན་དབུས། གཙང་། ཉང་། ཀོང་། ཨེ་དགས། གཉལ་བྱར། ལྷོ་རྒྱུད། ཡར་འབྲོག །ལ་སྟོད།


GLG006_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་བྱང་། སྐྱིད་གྲོང་། རྫོང་དགར་ཚུན་གྱི་དགོན་ཁག་ཨངྐི་གསུམ་པ་ཡན་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་རྩ་གཉིས། དགེ་འདུན་བརྒྱད་ཁྲི་བཞི་སྟོང་བརྒྱ་བཅས་སོ་སོར་འགྱེད་མང་ཇ་བསྔོ་རྟེན་རྣམས་བཏང་བའི་སྐམ་ཟོག་ཁྱོན་བརྩིགས་གསེར་སྐུ་གཅིག །ཐུགས་རྟེན་ཉེར་གཅིག །སྐུ་ཐང་བརྒྱ་དང་བཅོ་བརྒྱད། རྒྱ་ཧོར་གྱི་སྦུག་སིལ་ཉི་ཤུ་རྩ་བཞི། གན་དྲིལ་རྡོར་བཅས་གཅིག །གན་སྤོས་བརྒྱ་བམ་ཉི་ཤུ་ཐམ་པ། མ་ན་ཧོ། གཡང་ཊིའུ། ཤེལ་དཀར་སྔོ། དཀར་སྡེར་སོགས་སྤྱོད་པ་སུམ་ཅུ་སོ་བདུན། གན་དཀར་དང་རྒྱ་དཀར་དཀྱུས་མ་ཡུ་རིང་ཡུ་ཐུང་འདྲེས་པ་སུམ་ཅུ་སོ་བཞི། གསེར་ཞོ་ཉིས་སྟོང་བདུན་བརྒྱ་ཞེ་ལྔ། དངུལ་སྤྱད་ངོ་གྲངས་བརྒྱད་ཅུ་གྱ་བདུན་དང་དངུལ་ཧྲུག་བསྡོམས་པར་སྲང་ཆིག་ཁྲི་ཉིས་བརྒྱ་བཅུ་བཞི་ཞོ་དོ། ནང་སྦུ་ལ་ག་གཡི་སྤྱང་སོགས་ཀྱིས་བྱས་པའི་གོས་རྩག་བཅུ་ཐམ་པ། བན་ཆས་ལེགས་པ་ཆ་ཚང་གཅིག །རིང་འགག་གཅིག །བན་གཟན་ཉི་ཤུ་རྩ་གསུམ། དིང་ཕོན། བུམ་གདན་མ། བཀྲལ་བཏགས། ཇུས་བསྒྲིལ་བཏགས་སོགས་ཀྱིས་གཙོས་པའི་བླ་བྲེ་རྟེན་ཁེབས་འཕན་ཕྱེ་ཕུར་རྒྱལ་མཚན་རྣམས་བསྡོམས་པར་བདུན་ཅུ་དོན་བཞི། གོས་དར་གྱི་ཡོལ་བ་བཅུ་ཐམ་པ། སྣམ་སྦྱར་ཧོར་གོས་མངགས་བཏགས་མུ་ཏིག་གི་རྒྱན་ཡོད་གཅིག་གིས་གཙོས་བེར་སྣམ་སྦྱར་སོགས་གོས་ཆེན་དང་ལིང་དར་ལས་གྲུབ་པ་ཉི་ཤུ་རྩ་གཉིས། གོས་ཡུག་སུམ་བརྒྱ་དྲུག་ཅུ་རེ་བདུན། ཁ་འཁྱར་ཉིས་སྟོང་ཉིས་བརྒྱ་དོན་གཅིག །སྨན་ཙེ། ལིང་། དར་མེན་ཆོར་སོགས་ཚོས་ཁ་སྣ་ཚོགས་ཡུག་བཞི་བརྒྱ་བཅུ་བདུན། སྨན་རྩེ་ཁ་འཁྱར་ལྔ་སྟོང་ཉིས་བརྒྱ་གཉིས། ཁ་བཏགས་ཉིན་བདེ་མ། མཐིང་


GLG006_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ། ཇ་ཁ། དཀར་པོ་དཀྱུས་མ་སོགས་ཆེ་ཆུང་འདྲེས་པ་ཆིག་སྟོང་དགུ་བརྒྱ་ཉེར་བཞི། མོན་དར། ལུང་ཀི །ནམ་ཐང་། ལྭ་ཏ། སྤ་རི། འབན་ཁྲ། འབུ་རས་བསྡོམས་པ་ལྔ་བཅུ་ང་བདུན། རྒྱ་མོན་གྱི་རས་ཆ་འདྲེས་པ་ཡུག་དགུ་སྟོང་ཆིག་བརྒྱ་སོ་བརྒྱད། ཁྲོ་ཟངས་བཅུ་བཞི། གྲུམ་ཚེ་ཉིས་བརྒྱ་དོན་དྲུག །ཇ་ཀོ་དྲ་དང་ཁོར་དྲུག་བསྡོམས་པ་ཆིག་སྟོང་དགུ་བརྒྱ་ཉི་ཤུ། བུར་འབྲས་ཀྱི་ལྟང་ཙེ་ཉིས་བརྒྱ་ང་བརྒྱད། ཁྲབ་རྨོག་དྲུག །ལྕགས་ཀྲོ་ལེ་མ་ལྔ་སྟོང་ལྔ་བརྒྱ། གསེར་སྒ། དངུལ་སྒ། ར་མ་ལུག །སྒ་དམར་དངུལ་ཤན་མས་གཙོས་པའི་སྒ་འཁོར་ཆ་ཚང་བདུན་ཅུ་དོན་བརྒྱད། རྟ་དགུ་བཅུ་གོ་གཅིག །དྲེལ་བརྒྱད། རལ་གྲི་ལྔ་བཅུ་ང་ལྔ་རྣམས་སོང་ཞིང་གོང་གསལ་དང་རྩམ་ནས་ཤ་མར་ཚྭ་སོགས་ཚང་མ་འབྲུ་ཐོག་ཏུ་ཕབ་པར་མཁའ་རུའི་ཁལ་ལྔ་འབུམ་བཞི་ཁྲི་ལྔ་སྟོང་ཉིས་བརྒྱ་སྐོར་སོང་། སྡེ་པ་བསོད་ནམས་རབ་བརྟན་ལ་གསང་སྒོའི་སྟབས་ནས་ལོ་འཁོར་བས་གདུང་འབུལ་མ་བླངས་རུང་འདི་སྐབས་སྡེ་དཔོན་གྱི་རྒྱུན་བཞིན་སྟོད་སྨད་བར་གསུམ་ཀྱི་གདུང་འབུལ་བྱུང་བ་རྣམས་ཟུར་དུ་བཞག་པའི་རྟེན་བཞེངས་ཀྱི་ཡོན་ལ་ཕན་པ་བྱས། གོང་དཀར་ཆོས་སྡེ་ནས་ཁྱབ་བདག་ཞ་ལུ་བ་ཆེན་པོ་ཕེབས་པའི་བྲེལ་བའི་གསེང་ལ་དྲིལ་བུ་ལུས་དཀྱིལ། ལམ་ཟབ་ནང་མས་གཙོས་པའི་དབང་བྱིན་རླབས་རྗེས་གནང་ལུང་མང་དུ་ཞུས། མུས་ཆེན་སེམས་དཔའ་ཆེན་པོའི་ཐུགས་དམ་རྟེན་བརྡ་དོན་གསལ་བའི་རྡོ་ཁྱད་ཅན་འདི་སྩལ། གནས་གསར་རྗེ་བཙུན་མའི་ཡིག་རྟེན་དུ་རྗེ་ཡོན་ཏན་རྒྱ་མཚོའི་ཕྱག་འཕྲེང་ཞིག་བསྐུར་སྣང་། བྱང་བཞུ་ཁ་ཡར་བགྱིས་པའི་བདེ་འགྲོའི་རྟེན་བཟང་འཐོབ་པའི་རྒྱུར་བཞེང་དགོས་པ་ཤར་བ་བཞིན་ཞེ་དགུའི་ཁོངས་


GLG006_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྟག་ལུང་དཔལ་མགོན་གྱིས་གཙོས་རི་མོ་བ་མཁས་པ་བཅུ་དྲུག་གི་གན་གོས་དམར་འཇམ་གྱི་ཐོག་ཏུ་གཙོ་བོ་སངས་རྒྱས་སུམ་ཅུ་སོ་ལྔ་ལ་ལྷ་མགྲོན་བཞི་བཞི་བྱས་པའི་ཐང་ཁ་གཉིས་རེར་སྨན་བླ་བདེ་གཤེགས་བརྒྱད་ཚར་རེ་ཚང་བརྩིས་ཀྱི་གསེར་ཐང་སུམ་ཅུ་རྩ་ལྔ་ཚེས་ཉེར་ལྔ་ལ་གྲུབ་པའི་རྒྱབ་ཡིག་སྨོན་ལམ་བརྩམས། གོང་གཤམ་ཁ་ཐི་ལྕགས་སྒྲོག་མ། གཙོ་བོ་ལ་ཞལ་ཁེབས་སུམ་བརྩེགས། གཞན་རྣམས་ལ་ཉིས་བརྩེགས་གོས་བཟོ་བ་ཨོ་རྒྱན་ཅན་གྱིས་བཙེམས་ཤིང་ཏོག་གཙོ་བོ་གསེར་དང་གཞན་ཚོ་དངུལ་ལས་གྲུབ་པ་བཞེངས། ཞ་ལུ་མཁན་རིན་པོ་ཆེས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་པ་རྒྱས་པར་མཛད། ཐོན་སྟོན་ལ་གྲ་ས་གཉིས་སུ་མང་ཇ་དངུལ་འགྱེད་བཏང་། མཇུག་གཅོད་དུ་གྲ་ཚང་གིས་ཁྲོ་རོལ་དང་ཕྱག་རྒྱ་ཟིལ་གནོན་གྱི་ཟོར་གྱི་ལས་མཛད་པའི་བྲག་སྣ་ཆོས་རྗེས་འཕངས་པའི་གཤིན་རྗེའི་གཏོར་ཟོར་དེ་ཁྱིས་ཡེ་མ་ཟོས་སྣང་བ་རྟགས་ཡ་མཚན་པར་མངོན། དེའང་རྒྱལ་པོ་འབྱོན་བཞུད་ལ་ཞལ་དབུགས་འཚངས་ནས་འོ་རྒྱལ་པོ་ཞིག་ལོ་སྔ་མ་ཚོར་ཡོད་འདུག་པ་དེ་ལས་སྤྲོས་པའི་བསྙུན་གཞི་གསར་སྐྱེས་མེད་ཀྱང་ཟླ་བ་སྔ་མའི་ནང་དུ་སྡེ་པའི་བསྔོ་རྟེན་སྐྱེལ་བར་བྱོན་བྱུང་སྐབས་ཚང་མས་སྐུ་ཟོ་ངན་པོ་འདུག་ཅེས་བློ་མ་བདེ་བ་བྱེད་སྣང་། ཞག་ཤས་ནས་ཞལ་དབུགས་མ་བདེར་སོང་ཚུལ་བྱུང་བར་སྐས་འབབ་འཛེག་མི་དགོས་པའི་ཁྱད་ནས་ཚོམས་ཆེན་དུ་བྱོན་པའི་སྐབས་ལྟག་སྒོའི་ནང་ཚོར་ཞལ་དབུགས་ཆད་པའི་ཉེན་ཤིན་ཏུ་ཆེ་བ་འཆི་བླུ་དང་ཚེ་དབང་དྲག་པོའི་དབང་ཕུལ་བས་བདེ་རུ་སོང་བའི་ཞག་ཤས་ངང་བསྲིང་བ་བྱུང་། འཕྱོང་རྒྱས་རབ་


GLG006_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་པ་ཚངས་པ་དུང་ཐོད་ཅན་ལ་ལུང་བསྟན་ཞུས་པར་བཏང་བ་སྐུ་ཚེའི་བར་ཆད་བཟློག་ཐབས་རབ་འབྲིང་ཐ་གསུམ་ཞུས་འདུག་ཀྱང་ཞལ་གྱིས་མ་བཞེས་པའི་རྒྱལ་པོ་རང་གི་ཕྱག་རྫས་བདག་གིར་བཟུང་བའི་སྟེང་ནས་བཏང་ན་ཞག་འཕུལ་ཉིན་འཕུལ་ཙམ་ཡོང་ཁུལ་བྱུང་བར་དབུ་སྒོར་ཆེ་ཆུང་དུ་སྐུ་རིམ་གྲ་བསྒྲིག་དགོས་ཚུལ་གྱི་འཕྲོས་བཏང་། སྡེ་པའི་དགོངས་རྫོགས་དང་འདོམ་པའི་ལྕོགས་པོ་མི་འདུག་རུང་གཞུང་གིས་ཀྱང་འདོན་ཆ་བྱེད་རྩིས་ལ་ཚེས་བཅུ་གཉིས་ཀྱི་གུང་ཡོལ་ལ་གཤེགས་པའི་སྔུན་ཙམ་དུ་སེ་ཆེན་དབོན་པོ་བྱིན་རླབས་རྟེན་ལེན་པར་བྱུང་བ་ཡར་ལོག་པ་དང་ཨུའི་ཆིང་ཐུག་པའི་གཉིས་ཀ་ལོག་སྟེ་གྲོངས་ཟིན་ཚུལ་གླེང་བར་འབྱོར་པ་འཕྲལ་དུ་དགའ་སྤྲོ་སྐྱེད་ཚལ་གླིང་ཁར་ཕྱིན་འཕོ་བ་བཏབ་ཅིང་གཟུངས་སྔགས་ཁྱད་པར་ཅན་གྱི་སྒོ་ནས་བྱེ་མས་བྲབ་པ་དང་དེ་བཞིན་གཤེགས་པའི་མཚན་བསྒྲགས། སོག་ལུགས་འདི་ཕྱི་ནང་ཆུངས་པའི་ངུ་ཆོམ་བྱེད་སྣང་བས་ཞག་གྲངས་གསང་ཐུབ་རིས་མིན་པ་ནས་གཞིས་ཀ་ཤར་པ་ལགས་ཨ་གུར་བོས་པའི་ཚེས་གྲངས་སོགས་བལྟས། ན་བཟའ་དང་བཅས་པའི་མགྱོགས་བསྔོ་བཏེག་པར་བསྔོ་སྨོན་གྱིས་རྒྱས་བཏབ། སེ་ཆེན་དབོན་པོ། མངའ་རིས་དྲུང་པ། སྟག་རུ་ནས་རྣམས་དང་གྲོས་བསྡུར་བར་ཐེ་ཚོམ་ལས་ཐག་ཆོད་མི་འདུག་རུང་སྔར་རྒྱལ་པོ་ཆེན་མོ་གཤེགས་སྐབས་ཀྱང་ད་ལའི་ཧུང་ཐའི་ཇི་བཅར་མར་ཡོད་པས་ལ་རྒྱ་ནས་ཚང་མ་བག་དྲོ་བ་ཡིན། དིང་སང་འཁྱོམས་ལྷད་བྱུང་དོགས་པའི་མངོན་དོད་མེད་ཀྱང་རཏྣ་ཡར་འབྱོར་ན་ཕྱི་ནང་ཀུན་ཏུ་སྐབས་སུ་བབ་ཅིང་རྒྱལ་ས་ལ་ཧུང་ཐའི་ཇི་སོགས་དཔོན་པོ་རྣམས་དང་མོལ་


GLG006_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུར་དགོས་པ་གཞིར་བཅས་ནའང་སོག་པོའི་སྲོལ་ལྟར་ན་འོས་གྲས་ཡིན་པས་འཕྲལ་དུ་མི་གཏོང་བ་འགབ་པར་ཐག་བཅད་པའི་པོ་ཏ་ལར་འོངས། ཞག་གསུམ་ཐོག་ཏུ་སེ་ཆེན་དར་རྒྱས་དང་མགོན་པོ་སྐྱབས་གཉིས་རཏྣ་འབོད་པ་དང་ཧུང་ཐའི་ཇིས་གཙོས་པར་གནས་ཚུལ་སྐྱེལ་བར་བཏང་། གཟའ་སྐར་དང་བསྟུན་འཕྲུལ་སྣང་རྟེན་དང་བརྟེན་པ་སྤྱིར་བཟང་གོས་ཀྱི་བླ་བྲེ་ཀ་གླིང་གསུམ་ཁེབས་པ། ཇོ་བོ་རིན་པོ་ཆེར་སངས་རྒྱས་སྟོང་སྐུ་ཚང་བའི་སྣམ་སྦྱར་ཁྱད་འཕགས། དངུལ་གྱི་མཎྜལ་ཆེ་བ། ར་མོ་ཆེར་གན་གོས་ཀྱི་སྣམ་སྦྱར། གོས་ཆེན་སྟོད་གསེར་མ་ལ་སྨད་ཚོན་ཁྲས་བྱས་པའི་འཕན་ཆ་གཅིག །གོས་ཆེན་སྔོན་པོའི་འཕན་རིང་གཅིག །དངུལ་གྱི་མཎྜལ། བསམ་ཡས་སུ་བྱང་ཆུབ་ཆེན་པོར་གོས་ཆེན་གྱི་རྒྱལ་མཚན་ཟུང་། དངུལ་གྱི་མཎྜལ་དང་བཅས་ཕུལ་བ་སོ་སོར་ཁ་བྱང་བཀོད། དེ་ཕྱིན་ལྷ་ས། པོ་ཏ་ལ་སོགས་ཉེ་སྐོར་གཙུག་ལག་ཁང་རྣམས་ལ་སྙན་ཤལ། གསེར་ཆབ། དཀར་མེ་རྒྱས་པ་ཕུལ། གདུང་ཆོག་ལ་བྱང་རྩེ་ཆོས་རྗེ། སྨད་རྒྱུད་གྲ་ཚང་ནས་དགེ་འདུན་ལྔ་བཅུ་ང་བརྒྱད་ཀྱིས་ཞག་བརྒྱད་ཀྱི་བར་གསང་བ་འདུས་པའི་གསུང་ཆོག་དང་བྱང་རྩེ་ཆོས་རྗེས་པུར་བཞུ་མཛད། རྗེས་གཅོད་ཀྱི་གསུང་རབ་སྒྲོག་པ་དང་རྒྱུད་སྟོད་སྨད་སྡེབ་ཚོགས་དགེ་འདུན་ལྔ་བརྒྱར་ཉེ་བས་གསང་འདུས་ཀྱི་ཆོག་མང་བཏང་། གདན་ས་གོང་འོག །འབྲི་སྟག །སྒམ་འབྲུག །རྡོ་རྗེ་བྲག་སྤྲུལ་སྐུ། སྦྱོར་ར་སྤྲུལ་སྐུ། བསམ་སྡིངས་སྤྲུལ་སྐུ། བྱ་རྫིང་མཁན་པོ་སོགས་གཞན་ཕྱོགས་པ་ཐོར་བུ་དང་གཙོ་བོར་དགའ་ལྡན་ཁྲི་རིན་པོ་ཆེ། བཀྲ་ཤིས་ལྷུན་པོའི་སྤྲུལ་པའི་སྐུ། རྩེ་ཤར། སེམས་དཔའ་ཆེན་པོ། རྭ་


GLG006_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲེང་དང་དཔལ་འཁོར་ཆོས་སྡེའི་མཁན་པོས་ཐོག་དྲངས་རང་ཕྱོགས་ཁྱབ་ཆེ་བའི་བློ་ཁག་ཆེ་ཆུང་རྣམས་ལ་བསྔོ་ཞུས། གོང་དཀར་དུ་ཆོས་སྡེ་བ་གྲངས་བཅད་ཀྱིས་རྡོ་རྗེ་མི་འཁྲུགས་པའི་ཆོ་ག་ཞག་བདུན་གྱི་བར་བཏང་། བསམ་ཡས་སུ་ཆོས་རྒྱལ་ཆེན་པོ་དཔོན་བློན་ལ་ལུང་བསྟན་ཞུ་བ་དང་ལྷ་མོ་རིག་འཛིན་མའི་གསུང་ལན་སྤྱན་གཟིགས་ཚོགས་ཆས་སྐྱེལ་བར་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་མངགས་པའི་ཚེ་ཚིགས་བཅད་ཀྱི་འཕྲིན་ཡིག་སྤེལ་། མཆིམས་ཕུ་རྟ་ར་བའི་བུ་ནོར་བུ་འཛིན་པར་འཕྲིན་ལན་གསེར་སྐྱེམས་རལ་གྲི་ཚོགས་འཁོར་བསྲིངས། སྐྱིད་ཤོད་ཆོས་རྗེའི་གྲ་པ་ཞིག་གིས་བསྐུལ་བའི་སྨོན་ལམ། དབུ་མཛད་བསམ་གཏན་གྱི་ཁ་ཏོན་དུ་གསོལ་འདེབས། བཱ་ཁན་བནྡེའི་ངོར་སྐྱིད་ཤོད་སྤྲུལ་སྐུའི་གསོལ་འདེབས་རྣམས་བྲིས། ཧོར་ཟླ་བཞི་པའི་ཚེས་ལྔ་ལ་གླིང་ཁར་སེར་ཚོགས་སྔར་སྡེ་པའི་སྐབས་ཇི་ལྟ་བ་ལ་ཕྱོགས་མཐའི་དཀོར་ལེན་ལྡེབས་འབྱར་མངས་པའི་དགེ་འདུན་སྟོང་ཕྲག་བརྒྱད་དང་བཞི་བརྒྱ་ལྔ་བཅུའི་ཚོགས་དབུར་དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་དཀོན་ཅོག་ཆོས་བཟང་ཕེབས་པར་ཉིན་གསུམ་གྱི་བར་ཚར། བསྔོ་རྟེན། རྣམ་གཞག མང་འགྱེད་། གོང་གསལ་དུ་མི་ཐེ་བའི་དགོན་ཁག་ཨངྐི་གཉིས་པ་ཡན་དྲུག་བརྒྱ་ང་གསུམ། གྲ་པ་དྲུག་ཁྲི་ཉིས་སྟོང་ཉིས་བརྒྱར་ཉེ་བར་མང་འགྱེད་སོང་བའི་སྐམ་ཟོག་ཁྱོན་བསྡོམས་ཐུགས་རྟེན་གཉིས། སྤོས་བརྒྱ་བམ་གཉིས། རག་གི་སྤོས་ཕོར་གཅིག །ཏིང་ཤགས་གཅིག །སྣམ་སྦྱར་མུ་ཏིག་གི་རྒྱན་ཡོད་གཅིག་དང་གྲ་བཅད་མངགས་བཏགས་མ་གཅིག །གོས་བཟང་བསྒྲིགས་ཀྱི་བླ་བྲེ་


GLG006_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁེབས། འཕན། ཕྱེ་ཕུར། རྒྱལ་མཚན་རྣམས་བསྡོམས་པ་སུམ་ཅུ་སོ་དགུ། གོས་དར་གྱི་ཡོལ་བ་བཞི། མ་ན་ཧོ། གཡང་ཊི། དངས་ཤེལ། བཞུ་ཤལ། དཀར་སྡེར་སོགས་སྤྱད་པ་ཉི་ཤུ་རྩ་དྲུག །གན་དཀར་དཀྱུས་དཀར་འདྲེས་པའི་ཡུ་རིང་ཡུ་ཐུང་བཅོ་བརྒྱད། སྤོས་ཤེལ་གྱི་འཕྲེང་བ་གཉིས། གསེར་ཞོ་སུམ་སྟོང་ཆིག་བརྒྱ་བརྒྱད་ཅུ། དངུལ་སྤྱད་ལྔ་བཅུ་ང་བཞི་དང་དངུལ་ཧྲུག་བསྡོམས་པ་སྲང་ཆིག་སྟོང་ཉིས་བརྒྱ་ཉི་ཤུ། གོས་ཡུག་དགུ་བཅུ་གོ་གཅིག །གོས་ཁ་འཁྱར་ཆིག་སྟོང་བརྒྱ་ཉེར་བཞི། སྨན། ཆོར། དར། ལིང་། མེན་སོགས་ཡུག་བརྒྱ་དང་ཉེར་ལྔ། སྨན་རྩེ་ཁ་འཁྱར་ཆིག་སྟོང་སུམ་བརྒྱ་ཞེ་བརྒྱད། ཁ་བཏགས་ཉིན་བདེ་མ། མཐིང་ཁ། ཇ་ཁ། དཀར་པོ་དཀྱུས་མ་རྣམས་འདྲེས་པ་བརྒྱད་བརྒྱ་བདུན་ཅུ། ཝ་ནག་གི་ཞྭ་མོ་བཞི། སྦུ་ལ་ག །གཡི་སྤྱང་སོགས་ཀྱིས་ནང་ཤ་བྱས་པའི་གོས་རྩག་ཉི་ཤུ་རྩ་གཉིས། ཟམ་རྩག་གཉིས། སྐྱ་རྩག་གཅིག །ལྷམ་གཉིས། པགས་རིགས་ཀྱི་ཁོམ་བཅུ་བདུན། སྙེ་འབོལ། གོས་གདན། ས་གདན། དོང་སེ། སྟན་དམར་བསྡོམས་པ་སུམ་ཅུ་སོ་གཅིག །མགོ་དཀར་གྱི་སྣམ་བུ། ཕྱིང་པ། ཡོལ་བ་རྣམས་ངོ་གྲངས་བཅུ་བཞི། སྦུ་ལ་ག་ལྔ། མོན་དར། ལུང་ཀི །སྦ་རི། ནམ་ཐང་། ལྭ་ཏ། འབན་ཁྲ། དྭགས་སླེ་བཅས་ངོ་གྲངས་བརྒྱད་ཅུ་གྱ་ལྔ། རྒྱ་མོན་གྱི་རས་ཆ་ཡུག་ཉིས་སྟོང་བརྒྱད་བརྒྱ་སོ་བརྒྱད། ཁྲོ་ཟངས་བཅུ་དགུ། སྒམ་བཅུ་བཞི། གྲུམ་ཙེ་ཉི་ཤུ་རྩ་དྲུག །བུར་འབྲས་ཀྱི་ལྟང་ཙེ་བཅུ་གཅིག །ལྕགས་ཀྲོ་ལེ་མ་བརྒྱད་སྟོང་དྲུག་བརྒྱ་བརྒྱད་ཅུ། སྟོང་ལྟང་གཅིག །ཇ་ཀོ་དྲ་དང་


GLG006_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཁོར་དྲུག་མ་འདྲེས་པ་ཆིག་སྟོང་ཉིས་བརྒྱ་བཞི་བཅུ་ཐམ་པ། ཁྲབ་རྨོག་ཉི་ཤུ་རྩ་བཞི། སག་ཐག་གཞུ་བཅས་བདུན་ཅུ་དོན་དགུ། གསེར་སྒ། དངུལ་སྒ། ར་མ་ལུག །སྒ་དམར་དངུལ་ཤན་མས་གཙོས་པའི་སྒ་འཁོར་ཆ་ཚང་བཞི་བཅུ་ཞེ་གསུམ། རྟ་དྲུག་ཅུ་རེ་གཅིག །རལ་གྲི་སུམ་ཅུ་རྣམས་དང་རྩམ་ནས་ཤ་མར་ཚྭ་སོགས་ཚང་མ་ཟི་གོང་འབྲུ་ཐོག་ཏུ་ཕབ་པར་ཁལ་ཉིས་འབུམ་བརྒྱད་ཁྲི་དགུ་སྟོང་སུམ་བརྒྱ་སོང་། དབུ་སྒོར་ཆེ་ཆུང་ནས་སེར་ཚོགས་ཀྱི་འགྱེད་གཅིག་ལ་རྟ། སྒ། གྲུམ་ཙེ། སྣམ་བུ་དཀར་དམར་སེར་གསུམ། གདན་ཆས། ཐབ་ཆས། པགས་རིགས་སོགས་གཏོས་ཆེ་བ་ཡོད་འདུག་ཀྱང་ཁྲ་མ་ཞིབ་པ་མི་སྣང་། ཁྱབ་བདག་ཞ་ལུ་པ་ཆེན་པོར་འཆི་མེད་དཔལ་སྟེར་གྱི་ཚེ་དབང་དང་དྲག་དམར་གྱི་བྱིན་རླབས་ལུ་གུ་རྒྱུད་ཕུལ་ནས་གཙང་ཕྱོགས་སུ་ཆིབས་ཁ་བསྐྱོད། བྱང་བཞུ་ལན་ཁ་ཤས་བྱས་པར་མངོན་མཐོའི་རྟེན་བཟང་རྙེད་པའི་ཐབས་སུ་ཤར་བ་བཞིན་དབུ་མཛད་དཔལ་མགོན་གྱིས་གཙོས་པའི་ལྷ་བཟོ་བ་མཁས་པ་བཅུས་རྣམ་པར་སྣང་མཛད་དང་སྨན་བླ་བདེ་གཤེགས་བརྒྱད་གཙོ་བོ་ལ་རྣམ་སྣང་ཁོ་ནས་གཏམས་པའི་སྟོང་ཐང་བཞེངས་པའི་རྒྱབ་ཡིག་ཏུ་སྨོན་ལམ་བྲིས། ཁ་ཐིའི་གོང་གཤམ། ཞལ་ཁེབས་ཉིས་བརྩེགས་ཏོག་བཅས་བསྒྲུབས་པར་རིག་འཛིན་ཆེན་པོ་ཁྲ་ཚང་པ་ཟླ་བ་ལྔ་པའི་ནང་དུ་ཕེབས་སྐབས་ཞི་ཁྲོའི་དཀྱིལ་འཁོར་ལ་བརྟེན་ནས་རབ་གནས་མཛད། ཞེ་དགུའི་ཐོན་སྟོན་ལ་སེར་འབྲས་སུ་མང་ཇ་ཇ་འགྱེད་བཏང་། མཆོད་ཡོན་གཉིས་ཀྱི་དགོངས་རྫོགས་ལ་དམིགས་ནས་མང་འགྱེད་དང་བསྔོ་རྟེན་བྱེད་མིའང་མང་དུ་སྣང་། ཚངས་


GLG006_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུང་ཐོད་ཅན་གྱི་ལུང་བསྟན་དུ་རིམ་གྲོ་འབེབས་པ་མཛད་པ་རྣམས་རིངས་ཁྱད་ཡོད་ཚུལ་བྱུང་བར་བརྟེན་སྡེ་པའི་དགོངས་རྫོགས་ཀྱི་ཞར་ལ་བསྒྲིགས་ཏེ་ཟླ་བ་གཉིས་པའི་མཇུག་ཏུ་གཅིག་དང་འཕར་མ་གསུམ་པར་གཏོང་དགོས་བྱུང་བ་རྫོང་གཞིས་གནས་ཁག་དང་བཅས་པ་བཞི་བཅུ་ཞེ་དྲུག་ནས་བཀའ་འགྱུར་ཚར་ཉིས་བརྒྱ་བཅུ་བདུན། མཚན་བརྗོད་ཆིག་འབུམ། སྨན་བླ་ཆིག་འབུམ་སུམ་ཁྲི་ཉིས་སྟོང་། མ་ཎི་དུང་བཞི། བཛྲ་གུ་རུ་དུང་གཉིས། གོང་དཀར་ཆོས་སྡེ་དང་བཀྲ་ཤིས་ཆོས་སྡེར་ཚེ་ཆོག་རེ། དགའ་ལྡན་གསང་སྔགས་གླིང་པས་ཟླ་གཅིག་བར་གཤིན་རྗེ་འདུས་པའི་སྔགས་རིང་། གྲ་ས་ཕན་ཚུན་དུ་ཟླ་ཕྱེད་ཀྱི་ཇ་ཚུལ། མགོན་པོ་གཡུལ་བཟློག་གཉིས། ཞི་བའི་སྦྱིན་སྲེག་བརྒྱ་རྩ། མནན་པ་དྲུག །རྒྱལ་དུ་དམག་ཟོར་མའི་སྒེར་བསྐང་ཆིག་འབུམ། ཞལ་དང་བེག་ཙེར་ཁྲི་ཚར། སྤྱིར་སྟོང་རྩ། ཕྱུགས་ལུག་བརྒྱ་དང་ཉ་འབུམ་གྱི་སྲོག་བླུ། ལྷ་ས་སོགས་གནས་ཆེན་ཉི་ཤུ་རྩ་གསུམ་སོ་སོར་གྲ་པ་ཉི་ཤུ་རེས་ཞག་བདུན་གྱི་བར་བརྒྱ་མཆོད་སྣ་ལྔ་རེ་ཕུལ་བའི་ཞལ་འདོན་དུ་སྨན་བླ་ཡོད་པ་ཚོས་དེ་དང་མེད་པ་རྣམས་ཀྱིས་གདུགས་དཀར་གསུངས། གསེར་ཆབ། སྙན་ཤལ། འཕན་ཕུལ། འཕར་མ་ཟླ་བ་གསུམ་པར་བཏང་བར་རྫོང་གཞིས་གནས་ཆེན་ཉི་ཤུ་བསྡོམས་པར་བཀའ་འགྱུར་ཚར་བཞི་བརྒྱ་དང་ལྔ། འབུམ། ཕལ་ཆེན། དཀོན་བརྩེགས་གསུམ་བརྒྱ་རྩ། དྲི་མེད་བཤགས་རྒྱུད་སུམ་སྟོང་། ཚེ་ཆོག་དྲུག །གདུགས་དཀར་མདོས་ཆེན་དང་ཁྲོ་རོལ་སོ་སོར་བཞི་རེ། འཆར་ཀའི་མདོས་གཉིས། ཕུར་བཟློག་གཉིས། མནན་པ་དྲུག །བཙོན་


GLG006_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དོང་ཐར་ཉི་ཤུ། ཕྱུགས་ལུག་བརྒྱའི་སྲོག་བླུ། རྒྱལ་དུ་དམག་ཟོར་མར་བཀང་བ་ཁྲི་དང་ཆོས་སྐྱོང་སྤྱིར་སྟོང་རྩ་བཏང་། ནང་སོ་དཀོན་ཅོག་དར་རྒྱས། བདེ་ཆེན་ཁང་གསར་བ་གནམ་གང་འབྲུག་རྒྱལ། ཆད་དཀར་ཆོས་མཛད་བསྟན་པ་རྒྱ་མཚོ་གསུམ་གྱིས་དོ་དམ་བྱས་ནས་སྡེ་པའི་དགོངས་རྫོགས་སུ་སྣག་ཚར་སྐུ་རུས་མང་དུ་བསྲེས་པའི་བཀའ་འགྱུར་སྐྱ་པོད་བུ་སྟོན་ཐམས་ཅད་མཁྱེན་པའི་དཀར་ཆག་སོར་གནས་ཀྱི་སྟེང་རྙིང་མ་རྒྱུད་འབུམ་གསུམ་མནན་པའི་པོ་ཏི་བརྒྱ་དང་བཅུ་བཞི་བཞེངས་པར་བཏང་སྐབས་བཀའ་འགྱུར་སྔ་རྟིང་གཉིས་ལ་བར་ཆད་མི་འབྱུང་བའི་འཕྲིན་འཆོལ་དུ་ཐང་ཆེན་རྒྱལ་པོ་ཆེན་པོར་སྤྱན་གཟིགས་སྙན་ཞལ་གསེར་སྐྱེམས་ཚོགས་འཁོར་དང་བཅས་འཕྲིན་ཡིག་གི་ཚིག་བཅད་ཕུལ། བྱང་ཆེན་མཆོད་རྟེན་ས་འཛིན་ནས་ཉི་ཟླའི་བར་སྐུ་དཔངས་ལ་རྒྱུག་མཐོ་བཅུ་བདུན་ཡོད་པར་ས་འཛིན་གསེར་ཟངས། ཐེམ་སྐད་དང་པོ་དངུལ། གཉིས་པ་གསེར་ཟངས། པདྨ་དང་གསུམ་པ་དངུལ། སེང་ཁྲི་དངུལ་གྱི་ཐོག་གསེར་ཟངས་ཀྱི་ཀ་བ་འཕུལ་མ་བཅུ་སེང་གེ་བརྒྱད་དང་རྒྱལ་ཆེན་བཞི། ཁྲི་རྒྱབ་ཕྱག་མཚན་བཅས་པ་གསེར་ཟངས། གཟུངས་ས་དངུལ། བད་ཆུང་པདྨ་གསེར་ཟངས། བད་ཆེན་དང་རྨང་དགེ་དངུལ། བང་རིམ་པདྨ་གསེར་ཟངས། དེ་ཕྱིན་བང་རིམ་བཞི། བུམ་པ། བྲེ། ཕོ་འཁོར་བཅུ་གསུམ། གདུགས་ཀྱི་ནང་། ཟླ་བ་རྣམས་དངུལ། བུམ་གདན་པདྨ། སྐེད་ཆིངས་བབ་ལེ། སྒོ་རྒྱན་པ་ཏྲ་མེ་ཏོག་འཕུལ་མ། བུམ་རྒྱན་དྲ་ཕྱེད། མོ་འཁོར་བཅུ་གསུམ། གདུགས་འདེགས་པདྨ། ཐུགས་རྗེ་མདོ་གཟུང་། གདུགས། ཉི་མ་རྣམས་


GLG006_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཟངས་ལས་གྲུབ་པའི་སྐུ་རྒྱུར་རྒྱ་དངུལ་སྲང་བརྒྱད་བརྒྱ་དོན་གསུམ། ཟངས་མཁར་ཁལ་ཉི་ཤུ་རྩ་བཞི་དང་ཉག་བཅུ་བདུན། གསེར་འདམ་ཞོ་སྟོང་ཕྲག་གཅིག་དང་ཉིས་བརྒྱ་གོ་བཞི། དངུལ་ཆུ་ཞོ་སྟོང་ཕྲག་གཉིས་དང་བདུན་བརྒྱ་སོ་གསུམ་ཕྲ་ཁུང་ཕྱི་མ་གསུམ་ཚ་གསེར་དང་ནང་མ་གསུམ་གསེར་རྐྱང་། དཀྱིལ་འཚོ་ལྗང་པ་གཡུ་རིམ་གསུམ་ཡོད་དབུས་འབྲིང་གཅིག །གྲོང་སྨད་ནས་གཡུ་ཕྲ་ཆེ་ཆུང་སུམ་ཅུ་སོ་གསུམ་གྱི་ཞལ་འདེབས་དང་བཅས་གསར་དུ་བཟོས་པའི་གསེར་སྒ་གཅིག །རྩེ་རྒྱན་ལ་ཚེ་དཔག་མེད། པདྨ། ནོར་བུ། ཅི་པར་སོགས་སྣ་ཚོགས་ཡོད་པའི་ཕུལ་སྒོར་སྤུས་ལེགས་ལྔ། གཡུ་སྤྱང་ཕྲ་ཁུང་ཚ་གསེར་གྱིས་བྱས་པ་ཆེ་ཆུང་གཉིས། སྤྱི་གཡུ་དབུས་འབྲིང་སྟོང་བཞི། གཡུ་ཧྲིལ་ཕུབ་ཆུང་གི་ཕྲ་ཚོམས་ཡོད་པ་ཆ་ཚང་གཅིག །གྲོང་སྨད་ཀྱི་ཞལ་འདེབས་མུ་ཏིག་རྡོག་ཆེ་ཆུང་དྲུག་ཐེ་བའི་མུ་ཏིག་ཐ་ན་འདྲེས་པ་སྲན་སྦོས་ཙམ་རྡོག་ཆིག་བརྒྱ་རེ་ལྔ། བྱུ་རུ་ཚོས་ལེགས་རྡོག་ཁམ་ཚིག་ཆེ་བ་ནས་ཆུང་བའི་བར་ཆིག་བརྒྱ་རེ་གཅིག །མུ་མེན་རྡོག་གོང་འདྲ་ཆིག་བརྒྱ་ཞེ་བཞི། གྲོང་སྨད་ཀྱི་ཞལ་འདེབས་དྲུག་ཐེ་བའི་བྱུ་རུ་ཕྲ་ཕྲ་ཁུང་ཚ་གསེར་གྱིས་བྱས་པ་ཉི་ཤུ་རྩ་བཞི། ཧོར་ཤེལ་ཕྲ་ཁུང་གོང་འདྲ་དྲུག །གྲོང་སྨད་ཀྱི་ཞལ་འདེབས་བཞི་ཐེ་བའི་སྤོས་ཤེལ་ཕྲ་ཁུང་གོང་མཚུངས་ཉི་ཤུ། གཡང་ཊི་བཟོ་བབས་དང་ཆེ་ཆུང་སྣ་ཚོགས་རྐྱང་རྒྱུགས་ཉིས་བསྒྲིགས་བཞི་བསྒྲིགས་ཕྲ་ཁུང་གོང་མཚུངས་བཞི་བཅུ་ཞེ་གཅིག་སུ་གནྟི་དབུས་འབྲིང་གཅིག་ཤེལ་སྔོ་གྲུ་བཞི་སྤུས་ལེགས་གཉིས། ཤེལ་སྣ་བརྒྱ་ཁ་གཅིག་དང་ལྗང་ཁ་གཅིག །མེ་ཤེལ་ཕྲ་ཁུང་གོང་མཚུངས་བཅུ་བཞི། མེ་ཤེལ་བུམ་གཟུགས་གཉིས། སྙན་དར་ལིང་


GLG006_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སྐྱེར། ཧོར་དར་སྔོ་དམར་ལྗང་གསུམ་དང་བཅས་སྣ་ལྔའི་རྩིས་ཀྱི་ལུག་རེ། མཐོན་ཐི་གཞི་སེར་གྱི་འཕན་ཆ་གཅིག །གོས་ཆེན་གསེར་མའི་འཕན་ཆ་གཉིས་རྣམས་དོ་དམ་གྲུབ་རྒྱལ་གླིང་པ་དང་སྒེར་ལོགས་ཨ་དར། ཐིག་ཆ་དང་བཀོད་པ་སྤྲུལ་སྐུ་དཔལ་མགོན། ཤིང་བཟོའི་དོ་དམ་གཙང་པ་བདུད་འཇོམས། བལ་པོ་ཨ་མར་སིདྷ་ཅན་བཅོ་བརྒྱད། ཟངས་བརྡུངས་པ་དབུ་མཛད་གཉིས་ཐེ་བའི་བཅུ། ཤིང་བཟོ་དོལ་གནས་གསར་བ་དང་ལམ་རྙེད་ཅན་དབུ་ཆེན་གཅིག་དང་དབུ་ཆུང་གཉིས། དཀྱུས་མ་བཅུ་དྲུག་གིས་ལས་རྒྱུན་ཟླ་བ་གསུམ་དང་ཞག་ཉི་ཤུ་རྩ་གཉིས་སོང་བ། གསུང་རབ་དང་ཞལ་ཐང་གི་ཐོ་ཞིབ་པར་མ་རྙེད་པས་སྐུ་རྒྱུ་རྣམས་བསྡོམས་མ་ཐུབ། དངུལ་གདུང་གི་སྐུ་རྒྱུ་འབྲུ་ཐོག་ཏུ་ཕབ་པར་མཁའ་རུའི་ཁལ་སུམ་ཁྲི་བརྒྱད་སྟོང་དགུ་བརྒྱ་ཉེར་ལྔ། དེ་ཕྱིན་གྱི་དགོས་ཆ་དོ་དམ་བཟོ་རིགས་དང་བཅས་པའི་ཕོགས་གླ་ཡོན། གཟུངས་འབུལ་རབ་གནས་པའི་དགོས་ཆ་ཀུན་འབྲུ་ཐོག་ཏུ་དྲིལ་བར་མཁའ་རུའི་ཁལ་ཉི་ཁྲི་བཞི་སྟོང་དགུ་བརྒྱ། རྒྱལ་པོའི་དགོངས་རྫོགས་སུ་སྐུ་རུས་བསྲེས་པའི་བཀའ་འགྱུར་གོང་འདྲ། ལྷ་ས་ཁྱམས་རའི་རྣམ་ཐར་སྒོ་གསུམ་དུ་དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད། ཕྱག་རྡོར། རྟ་མགྲིན་རྣམས་ཀྱི་འབུར་སྐུ་བཞེངས་པའི་དོ་དམ་བྱུང་པ་ཆོས་མཛད་ཕུན་ཚོགས་ཆོས་འཕེལ་དང་བྱམས་གླིང་པ་བློ་བཟང་དཀོན་ཅོག་གཉིས་ཀྱིས་བྱས། བཟོ་བོ་ཨེ་པ་སྤྲུལ་སྐུ་ཧོར་དར་དང་བག་གྲོ་ཅན་གྱིས་གཙོས་པས་བཞེངས་པའི་སྐུ་གསུང་ཐུགས་རྟེན་གྱི་རྒྱུ་སོང་བསྡོམས་མ་ཐུབ་


GLG006_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དགོས་ཆ་གཞན་མཁའ་རུའི་ཁལ་ཉི་ཁྲི་ལྔ་བརྒྱ་སོང་། སྡེ་པའི་དགོངས་རྫོགས་སུ་ཇོ་ཤཱཀ །ཐུགས་རྗེ་ཆེན་པོ་སོགས་གང་ལའང་ཕུལ་ཆོག་པའི་སྙན་དར་ཁ་ཡིག་དྲུང་ཡིག་དར་རྒྱས་བཀྲ་ཤིས་ཀྱིས་བསྐུལ་བ་བརྩམས། ཧོར་ཟླ་གཉིས་པ་ནས་བཟུང་ཁུར་ལེན་གཞན་མེད་པའི་སྟབས་དོན་མེད་ཀྱི་གཡེང་བའི་གཟེབ་ཏུ་ཆུད། ཕན་བདེ་ལེགས་བཤད་གླིང་པའི་གྲ་པ་སོ་སོས་བསྡུས་པའི་ཚོགས་འཁོར་དཔངས་བསྟོད། གོས་བེར་གྱིས་ཐོག་དྲངས་པའི་གོས་སྣ་ཆ་ཚང་གིས་མཚོན་དགུ་ཚན་བཅུ་བཞི་ཙམ་དང་བཅས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རིང་འཚོའི་རྟེན་འབྱུང་རྒྱས་པ་དང་དེ་ནས་བཟུང་ཚེས་ཉི་ཤུའི་བར་ཞོགས་སྟར་གྱི་རྩེར་ཇ་སྦྱོར་སྦྲེལ་གྱི་ཐོག་ཡན་ལག་བདུན་པ། བསམ་པ་ལྷུན་གྲུབ་མ། གསང་མཆོག་གདོད་དབྱིངས་མ་སོགས་རིང་འཚོའི་ཚིགས་བཅད་ཀྱི་བདེན་བརྗོད་མཛད། ཚོགས་སུའང་ཟླ་བ་གཉིས་ཀྱི་བར་གྲ་ཇ་འཕར་མ་རེར་གསུངས་འདུག །མཆོད་ཡོན་གཉིས་གཤེགས་པའི་གནས་གཤིས་འགངས་ཆེ་དྲགས་པས་བགེགས་ཆགས་སངས་པ་ལས་ཀྱང་འོས་མ་མཆིས་ཤིང་ཐོས་བསམ་གྱི་སྐལ་བ་ཞན་ཞིང་སྲིད་ཀྱི་བཀའ་བབས་པ་ལྟ་བུའི་ལས་ངན་པ་ཞིག་ཀྱང་ཡོད་ཚོད་དུ་འདུག་པས་འདི་ལོ་ཁམས་ནན་ཏར་བདེ། འོན་ཀྱང་ཟོན་སྐྱོར་ལུགས་ཀྱིས་གཏེར་སྒྲོམ་གྱི་ཆུ་ཚན་ཞག་བདུན་གྱི་བར་བསྟེན། ཉེར་བརྒྱད་ལ་ཅོ་ནེ་ཆོས་རྗེ་བློ་བཟང་ཉི་མ་ལ་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན། ཕྱག་རྡོར་འབྱུང་འདུལ་དང་ཁྱུང་ཁྲའི་རྗེས་གནང་བསྐུར། ཅོ་ནེ་ཚང་བླ་རབས་རིམ་བཞིན་སོག་ཡུལ་གྱི་བསྟན་པའི་ཁུར་དང་གུས་ཞབས་གཉིས་ཀ་ཆེ་བ་ནས་བན་ཆས་སྣམ་ཕྲུག་གིས་གཙོས་


GLG006_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲོ་གདོང་གི་སྟེར་ཆ་བཟབས། ཆོས་རྗེར་ནད་རོ་རྙིང་པ་ཞིག་འདུག་པར་ཀླུ་དབང་གི་རྒྱལ་པོའི་སྐུ་པར་སོགས་རིམ་གྲོ་མང་ཙམ་ཕབ་པ་བསྒྲུབས་འདུག་པས་གཞི་མེད་དུ་སོང་སྣང་། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ཆོས་རྗེ་དཀོན་གཉེར་དཔོན་པ་གྲ་སློབ་དང་ལྷ་ས་རུ་བཞི་སྤྱི་ཚོགས་ཀྱི་སོ་སོའི་ལུགས་བཞིན་རིང་གནས་ཀྱི་རྟེན་འབྱུང་མཎྜལ་གྱི་ཚུལ་དུ་བདོག་པའི་སྐྱེས་བཅས་བསྒྲིགས། མོན་ཀ་ཐོག་བླ་མ། གནས་གསང་མཁྱེན་རབ་རྣམ་རྒྱལ། འབོག་གོང་མོན་པ། སྟག་ལུང་ཕྱག་མཛོད་བཟང་སྦྱིན། མཚོ་ཁ་ནས་རཏྣའི་མི་སྣ། རས་ཆུང་ཕུག་སྤྲུལ་སྐུ། ཚ་མིག་མཁན་པོ། ལྕམ་ནོར་བུ་ཁྲ་སྒོར་ཅན་དང་ཕྲད། ཚེས་གཉིས་ལ་དཔལ་ལྡན་འབྲས་སྤུངས་ཀྱི་སློབ་དཔོན་ཁྲི་གདན་ཟུར། དགེ་འདུན་ཕྱེད་སུམ་བརྒྱ་སྐོར་གྱིས་ཟང་ཟིང་གི་སྐྱེས་དཔངས་བསྟོད་དེ་ཡུན་དུ་གནས་པའི་བདེན་བརྗོད་དང་འཕགས་པ་ལོ་ཀེ་ཤྭ་ར་གདན་དྲངས་ཏེ་སྤྱན་འདྲེན་ཁྲུས་གསོལ་མཛད། སང་ཉིན་འཕྱོང་རྒྱས་ཁུལ་གྱི་ལྷ་སྡེ་མི་སྡེ་རྣམས་ཀྱིས་སྣམ་ཕྲུག་གཙོ་བོར་གྱུར་བའི་དངོས་པོ་བསྟར་ཏེ་ཚེའི་རྟེན་འབྲེལ་བསྒྲིགས། ཚེས་བཞི་ལ་ཁྱབ་བདག་སྨན་ལུང་པ་གྲ་བཅས་སུམ་ཅུ་ཙམ་དང་གོང་དཀར་ཁུལ་གྱི་ལྷ་སྡེ་མི་སྡེའི་འགོ་པ་རྫོང་སྡོད་སྒེམ་བུ་ནས་ཀྱིས་བྱས་པའི་ངེས་གསང་རྡོ་གླིང་པ་རྣམས་ཀྱིས་བདུད་རྩི་འཁྱིལ་པའི་ཚེ་ཆོག་དང་ཆོས་སྡེ་སོ་སོའི་གྲྭ་བསྡུས་ཉི་ཤུ་ཙམ་གྱིས་སྨོན་ལམ་གསུངས་ཤིང་དངོས་པོ་ཚན་གྲངས་རིང་དུ་བརྐྱངས་ཏེ་ཉི་བུའི་གཡུལ་ལས་རྒྱལ་བའི་བདེན་ཚིག་བརྗོད། ཚེས་ལྔའི་ཉིན་སེ་ར་ཐེག་ཆེན་གླིང་སློབ་དཔོན་དགེ་འདུན་ཉིས་བརྒྱ་སྐོར་


GLG006_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བྲག་སྤྲུལ་པའི་སྐུ། གསང་ཕུའི་ཆོས་རྗེ་གཉིས་ཀྱིས་གཙོས་པའི་གྲ་པ་ལྔ་བཅུ་ཙམ། སྐྱོར་ལུང་ཆོས་སྡེའི་བླ་མ་གྲ་བཅས་བརྒྱ་ཟིན། རྨི་རུ་བ་ཡོངས་རྫོགས་ཀྱིས་རིམ་པ་བཞིན་སྔ་དགོངས་སྦྲེལ་ནས་སོ་སོའི་ལུགས་ལྟར་རིང་པོར་གནས་པའི་ཞལ་འདོན་དང་སྟེར་ཆ་བཟབས་པར་མཛད། གསང་ཕུ་བ་དཔོན་སློབ་ལ་བཟང་པོ་སྤྱོད་པའི་ལུང་ཕུལ། དན་འབག་དགོས་པས་རྣམ་སྣང་གི་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག །འཕྱོང་རྒྱས་རྫོང་སྡོད་ལྡུམ་པོ་བས་བསྐུལ་བའི་དཀར་ཆ་བཞིའི་ཆོག་ཁྲིགས། ར་བ་སྨད་ཆོས་སྐྱོང་དང་ཨར་དགེ་རྒྱལ་པོའི་འཕྲིན་ལས་བསྲིངས། དར་རྒྱས་ཆོས་སྡིངས་ནས་རིགས་འཛིན་ཆེན་པོ་དཔོན་སློབ་བཅོ་ལྔ་ཙམ་གྱིས་ལྷ་ལྡན་གནྡྷོ་ལར་གཏེར་གསར་གྱི་ཚེ་སྒྲུབ་མཛད་པའི་སྔོན་འགྲོར་རྫོང་དུ་བྱོན་པར་དཔོན་སློབ་རྣམས་ལ་རྣམ་རྒྱལ་འཇོམས་ཀྱི་གཟུངས་ཀྱི་ལུང་བཀླགས། བསྙེན་རྫོགས་ང་གསུམ་དང་དགེ་ཚུལ་བརྒྱ་བཅོ་ལྔ་བསྒྲུབས། གནས་རྙིང་ཞབས་དྲུང་། ར་བ་སྨད་སློབ་དཔོན། ཆོས་རྗེ་དུང་དགོན་པ། རྒྱ་གར་མཐིལ་བ། ཁ་ཆེ་བལ་པོ་སོགས་མང་བར་ཇ་གྲལ་བཏང་། ལྷ་རྒྱ་རི་བའི་སྲས་དགའ་ལྡན་བསྟན་འཛིན་གཤེགས་པའི་བསྔོ་རྟེན་ཕུབ་སྒོར་གྱིས་གཙོས་པ་འབྱོར་ཞིང་ཨུའི་ཆིང་བློ་བཟང་བདོག་པའི་སྐྱེས་སྤེལ་བར་བཏང་། འདི་ལོ་མཆོད་དཔོན་པས་དོ་དམ་བྱས་ནས་གོས་ཕོད་ལེགས་པ་བརྒྱ་དོན་གཅིག་གསར་དུ་བཟོས། སྙན་དར་གྲ་ཚང་གཉིས་གྲ་བསྒྲིགས་སྤྱན་གཟིགས་ཀྱི་དོང་པ་དང་གྲི་ཤུབས་རྣམས་ལ་ཚགས་བརྒྱབ། ཆོས་རྗེ་བཅོ་བརྒྱད་པས་རྗེ་བཙུན་རྡོ་རིང་པ་ཆེན་པོའི་ཞུན་ཐིགས་ཀྱི་ཐུབ་


GLG006_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲོང་ཁྱེར་མ་མཆོད་དཔོན་པར་བྱིན་པ་ལག་ཏུ་འབྱོར། མཆོད་དཔོན་དབུ་མཛད་གཉིས་ཀྱིས་སྦྱིན་བདག་བྱས་པའི་གོས་བེར་གསེར་མས་ཐོག་དྲངས་རུང་མཐུན་གྱི་གོས་ཆ་ཚང་། གོས་དར་ཇ་སྟག་སྒམ་གྱིས་གཙོས་པའི་སྟེར་ཆ་དཔངས་མཐོ་ཚོགས་འཁོར་དང་བཅས་གྲ་ཚང་གིས་ཚེས་བཅུའི་སྔ་དྲོ་འཆི་མེད་འོད་སྣང་གི་ཚེ་ཆོག་རྒྱས་པར་མཛད། དེ་གྲུབ་བསྟུན་གཏེར་བྱོན་བྲིས་འབུར་གྱི་སྐུ་ཁྱད་ཅན་རྣམས་དང་ཚོགས་གཏོར་བཤམས་ནས་བྱང་གཏེར་ཐུགས་སྒྲུབ་འབྲིང་པོ་ལེའུ་བདུན་མ་དང་བཅས་པ། དཔལ་ལྡན་འདོད་ཁམས་མ་སོགས་ཆོས་སྐྱོང་གཏེར་སྲུངས་ཀྱི་བཀང་གསོ་བཏང་། དེ་སྐབས་ནམ་མཁའ་གཡའ་དག་ཅིང་འཇའ་སྤྲིན་དང་མེ་ཏོག་གི་ཆར་སོགས་ལྟས་ལེགས་པ་བྱུང་ཟེར། གཟེར་ཆེན་ནས་ཀྱིས་ཚོགས་སུ་ཇ་ནག་པོའི་འགྱེད་བཏང་། ཚེས་བཅུ་གསུམ་ལ་རྒྱུན་སྡོད་ཀྱི་དྲུང་འཁོར་སྐྱ་སེར་སྤྱི་དང་ཤུན་ཁུལ་གྱི་དྲུང་འཁོར། དགའ་ལྡན་ཆོས་འཁོར་ཡང་རྩེའི་གཉེར་པ་གཉིས་རྣམས་ཀྱིས་ཚོགས་ཆས་སྟེར་ཆ་འགྱེད་ཀྱི་སྦྱིན་བདག་བྱས་ནས་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་གསུངས། བཞུགས་གྲལ་དུ་ཁྱབ་བདག་སྨན་ལུང་པ། གནས་གསར་བཤེས་གཉེན་པ། སྟག་ལུང་ཕྱག་མཛོད་གསུམ་བསྒྲིགས། དེ་ནུབ་ནས་ཕྱི་མཚམས་བསྡམས། རིན་པོ་ཆེ་ཁྲ་ཚང་ནས་ཀྱང་རོང་ཕྱོགས་སུ་ཐེགས། ཉེར་དྲུག་ལ་རྒྱ་ནག་ལྷ་ཁང་གི་རྟེན་རྣམས་མཇལ་སྐབས་མཆོག་ཁང་རྩེར་མེ་ཏོག་གི་ཆར་བྱུང་ཟེར། གཏེར་སྟོན་རིགས་འཛིན་ཆེན་པོས་ལྷ་ལྡན་དུ་གཏེར་གསར་གྱི་ཚེ་སྒྲུབ་ཟིན་པའི་འབྲས་སྤུངས་སུ་གཏའ་བསྡམས་ཏེ་རྫོང་དུ་ཕེབས། གཏེར་གསར་གྱི་གཤིན་


GLG006_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དབང་ལུང་དང་ཐེག་མཆོག་མཛོད་སོགས་ལུང་ཁ་ཤས་ཞུས། ཀ་ཚལ་བླ་མ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ཀྱིས་སྙན་ངག་གི་ལམ་ནས་དྲངས་པའི་འཕྲིན་ཡིག་བྱུང་བ་དེ་ལན་བསྐུར། རྩེའི་གཟིམས་ཆུང་མདོའི་དཀར་ཕིབས་ལ་ལྡེབས་རིས་ཤིག་སྡེ་པ་འཕྲིན་ལས་རྒྱ་མཚོས་མཛད་རྩིས་འདུག་པ་ལྟར་གཞིས་ཀ་ཤར་ཨ་གུར་ཕ་བུ། ངག་དབང་འཕྲིན་ལས། ལེགས་པ་རྒྱལ་མཚན། དགོས་བསམ་རྣམས་ཀྱིས་ཚེས་བཅུ་བདུན་ནས་འགོ་བརྩམས་ཏེ་དེ་བཞིག་གཤེགས་པའི་མཛད་པ་འགའ་ཞིག་ཁོལ་དུ་ཕྱུངས་ཏེ་བྲིས་པ་ཟླ་བ་དྲུག་པའི་ཟླ་སྨད་ལ་གྲུབ། སྡེ་པ་སྲས་པོས་མུ་ཏིག་དང་ཨ་ཙར་སྦ་རིལ་སོགས་དངོས་པོ་དུ་མས་དཔལ་རི་སྤྲུལ་སྐུ་དཔོན་སློབ་གཉིས་བརྔན་ཏེ་བརྟག་པ། དོགས་གཅོད། སྒྲིབ་ཤིང་གིས་མཚོན་པའི་རྒྱུ་འགྲུལ་བྱུང་ནས་ལོ་ཁ་ཡར་སོང་ཚོད་དུ་འདུག་ཀྱང་རྫོང་སྡོད་རྣམས་ཀྱིས་རྫི་གསང་མ་ཕྱེས་པ་ལོ་སྔ་མའི་ཧོར་ཟླ་བཅུ་པའི་དུས་རིམ་སྐབས་སྲས་པོའི་ཡི་གེ་ཞིག་སྤྲུལ་སྐུའི་གདན་བར་དུ་ལུས་པ་གདན་གཉེར་གྱིས་རྙེད་པ་རྫོང་སྡོད་བསོད་ནམས་དབང་རྒྱལ་གྱིས་སྡེ་པ་སྟག་རྩེར་བཞུགས་ཐོག་འབུལ་བར་བཏང་བ་ལ་བརྟེན་བསམ་དར་ནས་མངགས་ཏེ་སྐུ་སྐྱེ་རིན་སྤུངས་སུ་སྒོར་བ་སོགས་ཀྱི་བཀོད་པ་མཛད་གྲུབ་འདུག་པ་བསམ་དར་ནས་ཀྱིས་འཕྲོས་བཏང་བྱུང་བ་སྡེ་པར་རྒྱུ་མཚན་མེད་པའི་རིན་སྤུངས་སུ་སྐོར་ཅིག་མ་ཐལ་ཙམ་གྱི་ཐབས་བྱས། གཞི་བྱེས་རྣམས་ཀྱིས་ཕན་ཚུན་ཞིབ་ཏུ་སྐོར་བ་ཕལ་ཆེར་སྤྲུལ་སྐུས་ངོས་ལེན་དགོས་པ་བྱུང་སྣང་། དེ་ཁྲོད་དུ་གཞུང་གི་མཚན་དོན་བསྡོག་པའི་དུས་རྟགས་ཡང་ལེ་ཤོད་དུ་ཤིང་སྐྱེས་པ་སོགས་མང་བ་འདུག་པ་སྤོ་


GLG006_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གཏེར་སྟོན་གྱི་རྫུན་ལུང་དེར་ཡོད་འདྲ་བ་འགངས་མ་མཆིས་རུང་སྲས་པོའི་ངོ་གཟུང་གི་གྲོད་པ་ནང་བལྟ་དང་ཁ་ཕྱི་བལྟའི་དཔེར་སྡེ་པ་ཐུགས་ལ་ཕོག་པ་བདེན་པ་གཞིར་བཅས། སྤྱི་ཁྱབ་ཏུ་མ་ཟད་རྙིང་མ་བར་གཏོགས་ཚད་ཀྱིས་ད་ལོ་ཁོང་གིས་ངེད་རྙིང་ལུགས་པ་ཐམས་ཅད་ཆུ་ནང་དུ་བཅུག་མི་སྔོན་དུ་གདོང་སྟོན་མི་ཐུབ་པ་བཟོས་ཞེས་ལྡིར་མོར་གླེང་། དཔལ་རི་སྒྲུབ་སྡེ་པའི་མེ་ཏོག་ཕོག་པའི་ལྷ་སྐལ་དེ་འབྲི་གུང་པ་ཡིན། འབྲི་གུང་ཟུར་པའི་རྩ་བའི་བླ་མ་མངའ་རིས་རིགས་འཛིན་ཆེན་པོ་ཡིན་ཀྱང་། སྤྲུལ་སྐུ་སྣང་རྩེ་བ་ཕྱོགས་སུ་མོས་པའི་སྒོ་དུ་མ་ནས་མཐར་ལྷུང་བའི་རྒྱུ་བསྒྲུབས་འདུག་རུང་ཁོང་པ་བརྒྱུད་པར་ཡོད་པའི་ཆོས་བཀའ་ཁ་ཤས་ཐོབ་ཅིང་ཞབས་དྲུང་མི་དབང་སྟོབས་རྒྱལ་གྱིས་ཕྱག་དར་བའི་གྲ་ཚང་ལ་གོང་བརྒྱབ་སྟེ་སྡེ་པར་ནན་བསྐྱེད་ཀྱིས་ལབས་པའི་འབྲས་བུ་མནའ་གན་གྱིས་ཕྱིས་འདོམས་དང་བཅས་བབས་བདེ་སར་ཆགས་པའི་སྒོ་དོད་པ་བར་སྐབས་སུ་མཆོད་ཡོན་གཤེགས་པའི་བྱ་སྐད་བྱེ་ཁྱེར་གྱིས་ལུས་རུང་འདི་སྐབས་མདའ་དཔོན་གཉིས་ཀྱིས་ལྷ་སར་བསྡམ་ར་བླངས། རིན་པོ་ཆེ་སྨན་ལུང་ནས་ཀྱིས་གཙང་དུ་ཕེབས་གདོང་ཁེབས་ཁང་ཆེ་དགོས་པའི་གསུང་ནན་དང་ཆད་པར་གཏེར་སྟོན་རིན་པོ་ཆེས་སྐུ་ངོ་བྱུང་བར་ཆད་ཤུལ་བཅག །དཔལ་རི་བའི་ཕུང་ཞོར་དུ་རི་བོ་བདེ་ཆེན་པས་མུ་ཏིག་གི་ཅར་པ་བླངས་པར་ཆད་འགྲོས་བྱུང་བ་ལ་ཕན་བདེ་ལེགས་བཤད་གླིང་སྤྱི་སོ་དང་མཆོད་དཔོན་དབུ་མཛད་གྲ་རྒྱུན་རྣམས་ཀྱི་སྐུ་ངོར་ཡངས་ཆ་ཆེ་བ་བྱས། གནམ་གང་གི་ཉིན་དཔལ་རི་བ་བླ་མ་གྲ་བཅས་ཀྱི་ཕྱག་འབུལ་བསྒྲུབས། མཁན་


GLG006_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཕྱག་རྡོར་བའི་ཚེམས་དཀར་པོ་ཀུན་དགའ་གྲགས་ནས་འཕྲང་འགོ་གཏེར་སྟོན་བརྒྱུད་དཔལ་རི་སྤྲུལ་སྐུར་བྱུང་བ་མཆོད་དཔོན་པར་བྱིན་པ་ལག་ཏུ་འབྱོར། ཧོར་ཟླ་དྲུག་པའི་ནང་དུ་བྲེལ་བ་ཕྱོད་ཆེ་ཁྱད་ནས་ཕྱི་མཚམས་སུ་བསྡད། ཚེས་ལྔའི་ཉིན་མཆོད་ཁང་གི་སྟེང་དུ་མེ་ཏོག་གི་ཆར་བབས་ཟེར་བ་ནི་ཁྲམ་བཏང་བ་དང་ཆད་པ་བླངས་པ་སོགས་ཀྱི་བྱིན་རླབས་ཡིན་པའང་། ཁུན་དུ་ལན་ཆོ་ཁུར་གྱི་སྐུ་སྐྱེས་བསྐུལ་བའི་སྤྲུལ་པའི་སྐུ་བློ་བཟང་ཡེ་ཤེས་ཀྱི་གསོལ་འདེབས། འཕྱོས་བཀྲ་ཤིས་བདེ་ཆེན་སྤྱི་ཚོགས་ཀྱི་ངོར་རིང་འཚོའི་ཚིགས་བཅད། སྐྱར་པོ་བ་བློ་བཟང་ལེགས་ལྡན་གྱི་དེབ་ཀྱི་འགོ་བརྗོད་དགོས་ཚུལ་རྣམས་བྲིས། འདི་དག་གི་སྔ་ཕྱིའི་ལོ་ཕྱེད་གཉིས་སུ་ཉེ་བའི་བར་ཕལ་ཆེར་དྲུང་ཡིག་རྒྱ་མཚོ། གནས་གསར་འཇམ་དབྱངས་བསྟན་འཛིན། ཆང་ཁྱིམ་པ་སོགས་ཡིག་མཁན་གསུམ་བཞི་ཙམ་དང་བཅས་སྲིད་སྐྱོང་གི་ཡི་གེ་འདྲི་འདྲི་ཁོ་ནས་དུས་འདའ་བས་རྩོམ་པའི་རིགས་ཆེར་མ་བྱུང་། ལོ་འདིའི་སྔ་ཕྱིར་བཀྲ་ཤིས་ལྷུན་པོའི་གྲ་ཚང་བཞིར་རང་བྱོན་ནས་གཤོར་འདེབས་ཁལ་སུམ་རྒྱ་སུམ་ཅུ་རེ་ཡོང་བ་ས་རིས་ཡོལ་གདོང་ནས་རྒན་པར་ཆོད་པའི་ཚབ་རྟ་ནག་གུང་རྒྱལ་དང་ཐོན་ཞིང་ཁ་འཐོར་ནས་གྱོད་མེད། ཞ་ལུ་མཁན་རིན་པོ་ཆེར་པ་རྣམ་ལྷུན་གྲུབ་སྒང་གི་ཐེམ་འཛིན་བཅུ་གཉིས། ལག་ཡོང་ཕྱེད་དགུ་བརྒྱ་སྐོར། གདན་ས་འོག་གི་སྒྲུབ་མཆོད་ཐེབས་སུ་སྒྲོལ་མ་ནས་དང་འཕགས་སྡེ་བས་འཛིན་ཁུངས་གཞུང་འབུལ་དང་འབྲེང་ཁུད་གཞིས་ཀ །དབེན་དགོན་པས་རྗེས་སུ་ཕུལ་བའི་མཐོང་སྨོན་སྤེལ་ཤར་ཐེམ་འཛིན་བཞི། ལག་འབབ་སུམ་བརྒྱ། ཁང་གསར་གྲ་ཚང་པས་


GLG006_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསར་རྒྱལ་ཁང་ཧམ་ཟོས་ལ་ཚབ་ཀྱི་བབ་ཐོབ་མི་འདུག་རུང་དཔལ་འཁོར་ཆོས་སྡེ་སྤྱི་སོར་གོང་བརྒྱབ་ཀྱིས་སེ་བྲག་སྒྲུབ་སྡེའི་དགོན་ནས་ཞིང་འཁྱར་། རྒྱལ་བྱེད་སྔགས་གྲའི་མཆོད་གཞིས་བཀྲ་ཤིས་ཁང་གསར་གྱི་ཁུངས་དང་བཅས་ལག་ཡོང་བཞི་བཅུ། བླ་མ་ཆུ་མིག་པས་ས་ག་ཟླ་བའི་ནང་དུ་ཚེ་དཔག་མེད་འཆི་མེད་འོད་སྣང་གི་སྒྲུབ་མཆོད་ཞག་བདུན་གཏོང་བའི་ཐེབས་སུ་ལྷ་རྩེ་ལྡོག་ན་དགུའི་ཁུངས་སོགས་ཤས་བོགས་ཁ་འཁྱར་བསྡོམས་པ་འབྲུ་རྐྱང་བརྒྱ་ཉེར་བདུན། ཕན་བདེ་ལེགས་བཤད་གླིང་གི་མཆོད་གཞིས་སུ་ལྗངས་ཆོག་ཤེས་འབྲོག་པ་བཙན་ཐང་གི་རྗེས་འབྲང་ལག་འདོན། བོད་འབྲོག་རྡོ་བློ་ལྗངས་གསུམ་བསྡོམས་པའི་དུད་འཛིན་སུམ་ཅུ་སྐོར་བཙན་ཐང་སྲ་ནང་པའི་ས་ཞིང་མོ་བྲན་རྣམས་སླར་འཇགས་རྒྱུད་དང་བཅས་པའི་ཁྱོན་བསྡོམས་ལག་འབབ་དྲུག་སྟོང་སུམ་བརྒྱ་སྐོར། རི་བོ་ཆོས་གླིང་དུ་ཐོ་བཙུན་སྡེ་པ་འཕྲིན་ལས་རྒྱ་མཚོའི་དུས་བརྒྱབ་པས་གྲ་ཚོགས་ཆེ་གཤིས་མཐུན་རྐྱེན་གྱིས་མ་ལྡངས་པར་མཆོད་དཔོན་པས་དོ་དམ་བྱས་ཞུས་པའི་མཆོད་གཞིས་སུ་ཕོ་བྲང་ལྷུན་གྲུབ་སྒང་གི་གཞིས་ཀ །ཐེམ་འཛིན་བཅུ་བདུན། ལག་ཡོང་ཉིས་སྟོང་ལྔ་བཅུ། མཆོད་དཔོན་དབུ་མཛད་གཉིས་ལ་འཕྲང་འགོ་ཕུ་ནུབ་སྨན་ཁྲལ་དང་བཅས་པའི་བོད་འབྲོག་དུད་འཛིན་ཉེར་དྲུག །ལག་འབབ་ཆིག་སྟོང་སུམ་བརྒྱ། ཐུགས་སྲས་ཟླ་བའི་སྤྲུལ་སྐུས་སློབ་དཔོན་ཆེན་པོས་ལྷ་སྲས་ལ་གནང་བའི་པདྨ་དབང་ཆེན་འཇོན་དམར་གྱི་སྐུ་ཁྱད་མཚར་སྤྲུལ་སྐུ་མཆོག་ལྡན་མགོན་པོ་ལ་གུང་ཐང་ཆོས་ཀྱི་རྒྱལ་པོས་ཕུལ་བ་འབྲུག་པ་པདྨ་དཀར་པོས་ལྷོ་བྲག་


GLG006_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གསུམ་ལས་དགའ་གསུངས་པ་ཆོས་དབང་རིན་པོ་ཆེར་མཁའ་འགྲོས་དངོས་སུ་ཕུལ་བའི་ཐོད་པ་དཔལ་ལྡན་འཇའ་ཚོན་མ་གུ་རུ་ལྷ་ཁང་གི་ནང་རྟེན། དེས་གནམ་སྐས་བྲག་ནས་གདན་དྲངས་པའི་ནཱ་ག་རཀྵའི་སྐུ། པདྨ་གླིང་པའི་བླ་མ་རྡོར་འཆང་མ། ཁྲོས་ནག་གི་ཤོག་སེར། ལྡན་མ་རྩེ་མང་གི་ཕྱག་རིས་ཨོ་རྒྱན་གླིང་པའི་གཏེར་མ་སོགས་རྟེན་བྱིན་རླབས་ཅན་ཁུངས་བཙུན་མང་དུ་བྱིན་པར་བརྟེན་དོ་རྫོང་ཁུལ་ནས་སྤྱི་ཕུ་འཐེན། འབྲོང་ལྔ། དགའ་བཅུའི་གཞིས་ཀ་གསུམ་ཐེམ་འཛིན་སོ་གསུམ་ལག་ཡོང་སྟོང་ཕྱེད་བཞི་བརྒྱ། རིན་པོ་ཆེ་སྨན་ལུང་པ་དཔོན་སློབ་ཆུ་བོ་རིར་སྤྱི་སྒོས་ཀྱི་རིམ་གྲོ་སྒྲུབ་པའི་ཁྱད་ནས་གནས་འཛིན་མཛད་པའི་འཆི་མེད་བཀོད་པའི་མཆོད་ཐེབས་སུ་གྲོན་ཟེ་གཞིས་ཀ །ཐེམ་འཛིན་བཅུ་བཞི། ལག་འབབ་སྟོང་དང་ཕྱེད་སུམ་བརྒྱ། གོང་དཀར་ཆོས་སྡེར་གྲ་སློབ་བཅུ་གཅིག་གིས་ས་ག་ཟླ་བར་ཞག་བཅུའི་རིང་ཡང་དག་གི་སྒྲུབ་མཆོད་ཐེབས་སུ་བྱང་ཐང་སེར་གྲོང་དགོན་རྟེན་གསུམ། མཆོད་རྫས། ཐབས་གདན་ཆས་ཆ་འགྲིག །ལག་འབབ་ཉིས་བརྒྱ་སྐོར། སྤྱིལ་འཛིན་ཐེམ་ཆུང་ལྔ། གོང་དཀར་དཀོན་གཉེར་བའི་ཕོགས་ཀྱི་སྣོན་མར་སྐྱི་ནག་གྲོང་གསར་གྱི་ས་ཁོག་ནས་ཁལ་ལྔ་བརྒྱ་དང་སུམ་ཅུ་སྐོར། བསམ་ཡས་མཆིམས་ཕུ་དང་ལྷོ་བྲག་མཁན་ཆེན་ཕྱག་རྡོར་བའི་ཐིག་ཕྱིའི་གཙུག་ལག་ཁང་དུ་དཀོན་གཉེར་སོ་སོས་དོ་དམ་བྱས་པའི་མཆོད་པ་སྣ་ལྔ་བཅུ་ཚར་དང་སྒྲོ་བ་དགོན་དུ་མཆོད་མེ་སྡོང་རྐང་གཅིག་རྒྱུན་དུ་བཙུགས། དཀོན་གཉེར་ཕྱི་པ་ཀུན་དགའ་བཀྲ་ཤིས་ཀྱིས་ཉི་ལྡོག་སྐུ་རིམ་གྱི་རྟེན་སོར་སྔགས་འཆང་གནས་ཆུང་བའི་ས་ཞིང་ལག་ཡོང་སུམ་བརྒྱར་ཉེ་བ། རྒྱལ་དར་


GLG006_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཤེས་གཉེན་དར་རྒྱས་ལ་ཡར་ཀླུངས་སྣང་རྩེ་སྐོར་ནས་ཉིས་བརྒྱ་ཐོན་ཁུངས་ཀྱི་ཤས་ཞིང་། ཆུ་ཤུར་ཐར་པ་གླིང་པར་ཁྲི་སྟོད་གནས་གྲོང་གི་ལག་འདེབས། ཐེམ་འཛིན་སུམ་ཅུ། ལག་འབབ་ཉིས་སྟོང་། འཕགས་སྡེ་བས་སྐུ་འདྲ་ལི་མ་དང་གོས་ཆེན་བུམ་གདན་མ་སོགས་ཞུ་རྟེན་བཟང་བར་བརྟེན་ས་སྣོན་དུ་སྙེ་ཐང་ལྕང་འགོ་དང་ལ་རའི་གཞིས་ཀ །ཐེམ་འཛིན་བཅུ་གཉིས། ལག་འབབ་བདུན་བརྒྱ། གྲ་དར་རྒྱས་ཆོས་སྡིངས་ཀྱི་གཏེར་སྟོན་རིན་པོ་ཆེའི་མཆོད་གཞིས་སུ་བཟང་ཡུལ་བཀྲ་ཤིས་སྟེང་གཞིས་ཀ །ཐེམ་འཛིན་བཅུ་བདུན། ལག་ཡོང་བརྒྱད་བརྒྱ། ཡར་ཀླུངས་བཀྲ་ཤིས་རྩེར་ཁྱབ་བདག་བཀའ་གྱུར་བ་ཆེན་པོའི་དུས་དྲན་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཐེབས་སྔ་སོར་སོང་བའི་སྣོན་མར་དཔོན་ས་ཨ་འབོལ་གྱིས་བཟུང་ཤུལ་ནས་བཞི་བརྒྱའི་ཐོན་ཁུངས། འཕྱོས་ལམ་རིམ་པར་འཕྱོས་མདའ་རྩེ་ཆེན་རྐང་གཅིག་གི་ས་ཞིང་ཤས་འགྲེམས་ཐོག་འབྲེལ་མཚུངས་ནས་བསྣན་པའི་ཕྱེད་ཉིས་བརྒྱ། བྲག་དབར་གྲ་ཚང་པར་བསྟན་དར་སྐུའི་ཞུ་རྟེན་ཀྱང་འདུག་པ་དང་བཅས་མས་དྲོ་གྱང་གྲོང་འོག་གཞིས་ཀ་ཐེམ་འཛིན་བཅུ་དྲུག །ལག་འབབ་དྲུག་བརྒྱ། སྐུ་མདུན་ལྷུན་གྲུབ་ལ་རིམ་གྲོ་སྒྲུབ་རྟེན་དང་བཟང་ཡུལ་གྱི་ས་ཚབ་བསྡོམས་པར་ས་འབྲེལ་མཚུངས་ཁྱད་ནས་འདོད་སྦྱར་བཞིན་ཞང་སྟོན་ནང་མ་འཆམ་པའི་བགོས་ཕུད་དུད་ཉི་ཤུ། ལག་ཡོང་ཉིས་བརྒྱ། དཔོན་ཚང་བྱང་ངོས་པར་སྒོ་སྣ་ཤག་རྒྱབ་ཏུ་མོ་བྲན་བཅུ་སྐོར་དང་བཅས་རྟ་ར་ཤར་གྱི་ཁང་ཚབ་ལས་སུམ་སྐོར་གྱིས་ལྷག་པ། སྣང་རྩེ། ཐང་འབྲས། བཟང་མོ། རྟ་ཞིང་ཁུངས་ཀྱི་བོགས་འཁྱར་


GLG006_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ནས་སུམ་བརྒྱ་སྐོར། ཡར་སྟོད་དར་མོ་བར་བཙུན་པས་གསོ་དཔྱད་མཁས་པ་བསླབས་པ་སོགས་ཞི་དྲག་སྒྲུབ་རྟེན་དུ་ཤུབས་རྫིང་ཁའི་གཞིས་ཀ །ཐེམ་འཛིན་བཅུ་གསུམ། ལག་འབབ་སྟོང་ལྷག་བཅས། དོལ་དར་བྱུང་བ་ཕ་དུས་སྒེར་དུ་སྟེར་ཆ་གཟེངས་བསྟོད་པ་བྱེད་ཡོད་ཀྱང་རྒྱུ་རྐྱེན་མེད་པར་དགྲ་བོ་ཡུལ་ཤོར་སོང་བའི་ཚབ་ལ་གྲ་ནང་འགེར་བེལ། རྣམ་རྒྱལ་བརྒྱད་གྲའི་ཤས་ཡོང་། རྩེས་དང་རྒྱབ་མ་ཤར་བཅས་ཐེམ་འཛིན་བཅུ་གསུམ། ལག་ཡོང་དགུ་བརྒྱར་ཉེ་བ། འཕྱོས་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་ཡི་གེའི་ལག་གཡོག་ཏུ་འགྱུར་བས་གཡའ་ནང་ལྡིང་ནས་ཐེམ་འཛིན་བདུན། ལག་ཡོང་དྲུག་བརྒྱར་ཉེ་བ། སྟག་རུ་བར་འོལ་དགའ་ཞུར་མོའི་གཞིས་ཀ །ལག་འདེབས་འོས་རིགས། ཐེམ་འཛིན་བདུན། ལག་འབབ་བདུན་བརྒྱ། འབྲང་རྒྱས་ཤག་པར་གཞུ་ཁང་གི་རུ་དཔོན་སྙེ་ཐང་ནོར་བུ་སྒང་དུད་འཛིན་བཅུ་གཉིས། ལག་ཡོང་སྟོང་དང་དྲུག་བརྒྱར་ཉེ་བ། ཆུ་ཤུར་ལྕང་ལོ་པ་ཉེ་སྐོར་ནས་ཐེམ་འཛིན་དྲུག །ལག་ཡོང་ཕྱེད་བཞི་བརྒྱ། བྱང་ཐང་ཤར་མ་བར་ས་བརྗེས་སྣོན་མ་དང་སྦྲགས་པར་ཁ་རག་སེར་ཁྱིམ་དགོན་འབྲང་ཕུ་ཆོས་འཁོར་སྡིངས་ཐེམ་འཛིན་བདུན། ལག་འབབ་བརྒྱད་བརྒྱ། རྟ་དཔོན་རྣམ་འཇོམས་ལ་སྐྱོར་ལུང་ཀ་དྲུག་གཞིས་ཀ །ཐེམ་འཛིན་དགུ། ལག་ཡོང་ལྔ་བརྒྱ། དྲུང་ཡིག་པད་རྡོར་ལ་ས་ཚབ་ས་སྣོན་བཅས་པར་གསིལ་མ་བླ་འོད། ཐེམ་འཛིན་དགུ། ལག་ཡོང་བདུན་བརྒྱ། སྐྱར་བོ་བ་རྡོ་རྗེ་དབང་ཕྱུག་ལ་སྟོད་ལུང་གྲུ་སྟོད་གྲུ་སྨད་ནས་ཐེམ་འཛིན་བདུན། སྣང་རྩེ་ཐང་འབྲས་ཀྱི་བོགས་འཁྱར་བཅས་པའི་ལག་ཡོང་སྟོང་རྭ་ཅན། ལྷ་


GLG006_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དབོན་ཆུང་ཕ་བུ་དྲུང་འཁོར་རྙིང་པ་ལག་གཡོག་ཏུ་འགྱུར་གྲས་སུ་སོང་ཞིང་ས་ཆ་མ་ཡར་ཀླུངས་འཕྱོས་ནས་གནང་བ་ཐག་རིངས་སྐྱོན་གྱིས་འབྲེལ་མཚུངས་ཁྱད་ཀྱིས་ས་སྣོན་ཟ་དམ་གྲུབ་རྒྱའི་སྐོར་ནས་ཐེམ་འཛིན་ལྔ། ལག་འབབ་ཉིས་བརྒྱ། ལྕང་ལོ་ཅན་རྡོ་རྗེར་ས་ཚབ་སྣོན་མ་སྦྲགས་པར་ཆུ་ཤུར་སྦུས་སྡེ་རྗེས་པའི་གཞིས་ཀ་ཐེམ་འཛིན་བརྒྱད། ལག་ཡོང་ལྔ་བརྒྱ་ལྷག་བཅས། ལྕང་ལོ་ཅན་བསྟན་འཛིན་དཔལ་བཟང་ལ་ཡེར་པ་སྒྲོམ་ཁུངས་ཐེམ་འཛིན་བདུན། ལག་འབབ་ཕྱེད་དྲུག་བརྒྱ། དྭགས་པོ་བྷྲུཾ་པར་ཟུར་སྲས་ཁུངས་སྦ་ཇོ་ཉང་ཁ་གཞིས་ཀ་ཐེམ་འཛིན་དགུ་ལག་ཡོང་ཉིས་བརྒྱ། གྱང་གྲོང་པའི་ཟུར་བུ་དོན་གྲུབ་རྣམ་རྒྱལ་གྱང་གྲོང་གོང་གི་གཞིས་ཀ །ཐེམ་འཛིན་བཅུ་གཉིས། ལག་ཡོང་ཕྱེད་བརྒྱད་བརྒྱ། འོལ་དགའ་འབྲི་ལུང་གཞོན་ཚང་ལ་ཐེམ་འཛིན་བཞི། ལག་ཡོང་ཉིས་བརྒྱར་ཉེ་བ། ཕོ་བྲང་གེ་ར་བའི་གསོལ་དཔོན་སྡོད་རྟག་ཅིང་མཚན་ལྡན་དར་རྒྱས་ཀྱིས་ཕག་རིར་མོན་དམག་བྱུང་སྐབས་ཁུར་བསམ་ཆེ་བར་སྔོན་ནས་ས་སྣོན་འོས་འགབ་སོང་བའི་ཁ་ལོངས་སུ་ར་ལྤགས་ཁུངས་དུད་གསུམ། ལས་ཁྲལ་ལོང་བ་གསུམ། ལག་འབབ་སུམ་བརྒྱ། ལྷ་ས་གཞིས་ཀ་ཤར་པ་སྐུ་རུམ་གྱི་འཁོར་ལོས་གཙོས་པའི་ལག་གཡོག་ཏུ་འགྱུར་བ་དང་བཅས་རགས་ཁ་ཆུ་སྐོར་ལག་འདེབས་ཀྱི་ཐོན་ཕྱེད་བཞི་བརྒྱ། ཐེམ་འཛིན་བདུན། གྲ་ཕྱི་ཕུན་རབ་པར་ཞང་མཁར་རྫོང་པ་འཇམ་དཔལ་རྡོ་རྗེ་ངེད་རང་གི་སློབ་དཔོན་ཡིན་གཤིས་གལ་ཆེ་བས་ཡུལ་ཕུ་ནས་ཐེམ་འཛིན་བཅུ་གཅིག །ལག་ཡོང་དགུ་བརྒྱ། མཁས་པ་དོན་གྲུབ་དབང་རྒྱལ་ཕུག་རྩིས་ཁྲིད་པའི་


GLG006_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དུ་སོང་བ་དང་བཅས་གྲ་ལྡུམ་པོ་བར་མགར་རྩ་ནུབ་པ་རྐང་གསུམ་གྱི་ས་ཞིང་། ཐེམ་འཛིན་གསུམ། ལག་ཡོང་སུམ་བརྒྱ། ཉང་བྲན་སྦྱར་ར་བར་བློན་པོ་གོང་ཐེམ་འཛིན་གཅིག་ལ་གཏོགས་པ་གང་ཡོད་ཟུང་མཁར་ཕུན་ཚོགས་གླིང་པ་དགོས་དགོས་ལ་འཕྲང་འགོ་བཀྲ་ཤིས་གླིང་ཁུངས་ཀྱི་ཞིང་ཁང་། དུད་ཆུང་གསུམ། ལག་ཡོང་ཉིས་བརྒྱ། འཕྱོང་རྒྱས་སྒེམ་བུ་བར་ཉང་སྟོད་འབྲོང་རྩིས་པས་འཛིན་བཞིན་པའི་མི་གྲ་ཡོང་འབབ་ཚང་བ། ལྡིང་དཔོན་ནམ་མཁའ་འབྲུག་ཆུ་ཁྱི་ནས་བཟུང་ཐུགས་འབྲེལ་ཆེ་ཞིང་ཁ་ཞེ་མེད་པའི་གུས་ཞབས་པ་ཡིན་རུང་བན་རྩ་མེད་སྐྱོན་གྱིས་བདག་རྐྱེན་བྱུང་མ་སོང་བར་ལྡིང་དཔོན་གྱི་བུ་པ་རྣམ་འགོལ་སྨོན་པར་བཀྲས་སྒང་ཁུང་ནོར་གླིང་གཞིས་ཀ །གཞིས་ལག་བསམ་གྲུབ་གླིང་། སྤོས་སྒང་གྲ་ཁང་། ཐེམ་འཛིན་ཉི་ཤུ་རྩ་དྲུག །ལག་ཡོང་ཉིས་སྟོང་སུམ་བརྒྱ་སྐོར། སྙེ་ཐང་ཚོང་འདུས་འོག་པས་རྫོང་སྡོད་རྣམས་ལས་རྫི་གསང་ཕྱེད་ཙམ་བྱུང་འདུག་པ་དང་དབུས་ཀྱི་ས་ཆ་ཚུར་ཕུལ་བའི་ས་ཚབ་མཚར་ཁ་དང་བཅས་པར་འདུས་བྱུང་ཁུལ་འབྲུམ་ཕོ་ལྷའི་གཞིས་ཀ །གཞིས་ལག་བཀྲ་ཤིས་རྫོང་ཁ། མག་གཞིས་ཀ །ཐེམ་འཛིན་བཅུ་དྲུག །ལག་ཡོང་ཆིག་སྟོང་བདུན་བརྒྱར་ཉེ་བ། ཡོལ་གདོང་ནས་རྒན་ཚང་ལ་ས་ཆ་སྔ་མས་ཅུང་མ་ལྡངས་ཚུལ་བྱུང་བར་ས་སྣོན་དུ་རྟ་ནག་ལ་ཁ་གཞིས་ཀ་ཐེམ་འཛིན་སུམ་ཅུ། ལག་འབབ་སྟོང་ལྷག་ཙམ། འཕྱོང་རྒྱས་ཞལ་དཔོན་འགྲོ་ཕན་གྱིས་ཞི་དྲག་སྒྲུབ་རྟེན་དུ་རྡོར་སྨྱོན་ཁུངས་ཤབ་བྲག་དཀར་གྱི་གཞིས་ཀ་ཐེམ་འཛིན་དགུ། ལག་ཡོང་བརྒྱད་བརྒྱར་ཉེ་བ། སྟག་ལུང་དཔལ་མགོན་


GLG006_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱིར་རི་མོའི་བྱས་རྗེས་ཆེ་ཞིང་བཀོད་པ་ལེན་པ་དང་སླད་ནས་བརྒྱུད་བཅས་ཀྱིས་སྒྲུབ་རྟེན་དུ་གཞིས་ཀ་རྩེ་ཞོལ་གྲང་ཆེན་གཞིས་ཀ་མོ་བྲན་བཅུ་སྐོར་དང་བཅས་པ་གཞུ་ཤུགས་གླིང་གཞིས་ཀ་ཐེམ་འཛིན་བཞི། ལག་ཡོང་དྲུག་བརྒྱར་ཉེ་བ། སྤོ་བོ་ཐ་ཡན་ཨེར་ཁེ་ཁུ་ལུག་བསྟན་ཞེན་ཆེ་བ་དང་ཞི་དྲག་སྒྲུབ་རྟེན་དུ་པ་རྣམ་ཤར་ཕྱོགས་འབྲས་ཁུད་པའི་གཞིས་ཀ་ཐེམ་འཛིན་བཅུ་དྲུག །ལག་འབབ་སྟོང་རྭ་ཅན། ལྡིང་དཔོན་དགོས་སླེབ་རྩིས་ཀྱིས་ལས་ཀར་འཇུག་པ་ནས་ས་སྣོན་དུ་མཁར་གདོང་པའི་ཁུངས་སྤེལ་བཞིའི་ཁང་ཤུལ་སྒོ་ཕྱི་ས་སྐོར་ཐེམ་འཛིན་བདུན། ལག་ཡོང་ཕྱེད་དྲུག་བརྒྱ། དགའ་བ་སྐྱ་རྒྱལ་རྩིས་ལ་འཇུག་པ་སོགས་ཞི་དྲག་སྒྲུབ་རྟེན་དུ་གྲང་ཆེན་ཁུངས་བྲག་ལུང་གཞིས་ཀ །ཐེམ་འཛིན་དགུ། ལག་འབབ་དྲུག་བརྒྱ་སྐོར། འཕན་པོ་རྣམ་སྣང་ལ་རོང་སྐྱིད་སྟོད་ལ་གཏོགས་པ་རང་འཇགས་ཐོག་གསར་དུ་ཤར་བ་ཨ་ཚིང་དུད་འཛིན་བདུན་གྱི་མི་གྲ་སྔ་སོར་ནས་ཆོད་པའི་ལག་འབབ་ཕྱེད་སུམ་བརྒྱ། རོང་གྲགས་པ་པའི་མས་སྲིབས་སྐྱ་རིལ་ལ་གནང་འདུག་པའི་ས་ཚབ་སྒྲོལ་སྦུག་ཁུང་རོང་ཐང་སྤེའི་ཁང་པ་འོག་ཐོག་ཐེམ་འཛིན་གཅིག །ལག་འབབ་ཕྱེད་ཉིས་བརྒྱ། ལྷ་རི་རྩེ་པས་ལྡོག་ན་དགུར་གཏོགས་པའི་ས་རིས་མ་ཟིན་པའི་ཚུར་ཕུལ་བ་ཁོང་ཚོ་གྲུབ་མཐའ་ཡང་དགེ་ལུགས་ཡིན་ཟེར་བས་བུ་ལོངས་ནས་ཕྱིར་སློག་བྱས་པ་སེ་ཁ་ལུང་གི་གཞིས་ཀ་ཐེམ་འཛིན་ཉི་ཤུ། ལག་འབབ་སུམ་སྟོང་དུ་ཉེ་བ་རྣམས་སོང་། འགོས་ཁུག་པ་ལྷས་བཙལ་གྱི་དབུ་ཐོད་འཕྱོང་རྒྱས་ཀྱི་ནང་རྟེན་གསོལ་དཔོན་བསྟན་དར་གྱིས་གཤོར་འདེབས་ཞུ་རྟེན་དུ་བྱུང་། ཏྲེ་བོ་ཧོར་ཚང་རབ་འབྱམས་


GLG006_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་ས་སྐྱོང་གིས་གསང་བ་འདུས་པའི་རྩ་རྒྱུད་དང་འགྲེལ་པ་སྒྲོན་གསལ་གཉིས་ཀྱི་རྒྱུགས་སྤྲད། ཧོར་ཟླ་བདུན་པའི་ཚེས་གཅིག་གི་ཉིན་རྫོང་སྡོད་གོང་དཀར་གནས་གསར་དོན་གྲུབ། ཐོས་བསམ་གླིང་སློབ་དཔོན་པ། རྒྱལ་མཚན་མཐོན་པོའི་མི་སྣ་རྡོར་རྒྱན་པ་སོགས་ཆོས་སྡེ་ཆེ་ཕྲའི་བླ་མ་དང་ངོ་ཚབ། ནང་སོ་རྣམ་པ་དྲུང་འཁོར་བཅས་གཞིས་རྩེ་ཁུལ་སྐྱ་སེར་རྣམས་ཀྱིས་ཚོགས་ཆས་སྟེར་ཆ་འགྱེད་གཟེངས་བསྟོད་པའི་སྦྱིན་བདག་བྱས། གྲ་ཚང་གིས་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་ཚེ་ཆོག་གི་སྒོ་ནས་རྟེན་འབྲེལ་བསྒྲིགས། བསམ་རྩེ་མངའ་འབངས་རྣམས་ཀྱིས་བཞི་སྡེ་ཁང་དུ་འཇོག་རྒྱུའི་ལེའུ་བདུན་མ་བསམ་པ་ལྷུན་གྲུབ་དང་བཅས་པར་དུ་བརྐོས་པའི་ཚེ་ངེད་ལུང་བསྟན་གྱིས་ཟིན་ཚུལ་ཐེབས་པའི་སྨོན་ལམ་ཚིགས་བཅད་དགོས་ལུགས་བྱུང་བ་ངོ་མི་ལྡོག་ཙམ་ཞིག་བྲིས། ཞར་བྱུང་གཙང་ཁུལ་ལྡིང་ཕྲུག་རྣམས་ཀྱིས་རིང་འཚོའི་དངོས་པོ་བཏེག །མོན་འཛུམ་ལང་གི་མི་སྣ་འབྱོར་བའི་མེ་སྒྱོགས། མེ་མདའ། རས་ཀྱིས་མཚོན་པའི་ཡིག་རྟེན་དཔངས་བསྟོད་པ་འདུག །སྟོད་རྒྱུད་དཔོན་སློབ། གྲ་ཚང་ཆོས་འཁོར་གླིང་པ། འཕྱོས་བཀྲ་ཤིས་བདེ་ཆེན་པ་སོ་སོས་མཎྜལ་གྱི་ཚུལ་དུ་དངོས་པོའི་སྐྱེས་དང་བཅས་ཚོགས་པ་ཡོངས་རྫོགས་ཀྱི་ཡུན་དུ་འཚོ་བའི་རྟེན་འབྱུང་རྒྱས་པར་བསྒྲིགས། ཤར་པ་ཆོས་རྗེས་གསང་བ་འདུས་པ་དང་བཀའ་གདམས་གླེགས་བམ་གྱི་ལུང་འདྲེན་མང་བའི་སྒོ་ནས་བརྟན་བཞུགས་ཀྱི་རྒྱུ་མཚན་གསུངས། ཆོས་འཁོར་གླིང་པ་རྣམས་ནི་སྐད་བཟང་ཚོ་རེ་མོས་ཀྱིས་བསྐུལ་བའི་དུས་བཟང་ཆོས་སྤྱོད་ལྟ་བུ་མཛད། བཀྲ་ཤིས་བདེ་


GLG006_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པ་ཚོར་སྨན་བླའི་མདོ་ཆོག་གི་ལུང་ཕུལ། རབ་འབྱམས་པ་བློ་བཟང་བརྩོན་འགྲུས་ཀྱིས་ཁ་ཏོན་དང་བྱང་གླིང་བསམ་གྲུབ་རྒྱལ་པོས་མ་ཎི་དུང་ཕྱུར་གྱི་ཆོས་འཁོར་བཙུགས་སྐབས་ཀྱི་སྨོན་ལམ། མཆོད་དཔོན་དབུ་མཛད་གཉིས་ཀྱི་ས་རིས་དེབ་ཀྱི་འགོ་བརྗོད། མཆོད་དཔོན་པས་རི་བོ་ཆོས་གླིང་ལ་ཉམས་གསོས་བྱས་པའི་དགེ་བ་བསྔོ་ཚིག་རྣམས་བྲིས།ཚེས་གཉིས་ལ་བཀྲ་ཤིས་ལྗོངས་ཆོས་རྗེ་བློ་བཟང་བསྟན་འཛིན། དར་རྒྱས་ཆོས་སྡིངས་པའི་རྒྱལ་སྲས་པ་མཆེད་དྲུག་བརྒྱ་ཆོས་མཛད་བློ་བཟང་དཀོན་ཅོག་རྣམས་ཀྱིས་གཙོས་བསྙེན་རྫོགས་རེ་དགུ། དགེ་ཚུལ་གྱ་བཞི། རབ་བྱུང་གསུམ། དགེ་བསྙེན་གཅིག་བཅས་བསྒྲུབས། ལྷོ་བྲག་མཁན་ཆེན་ཕྱག་རྡོར་བའི་སྙན་བརྒྱུད་གླེགས་བམ་གྱི་དབང་ལུང་རྒྱུན་མ་ཆད་པའི་ཁུངས་བཙུན་ཤིན་ཏུ་དཀོན་པ་གཉལ་བཅོམ་ལྡན་ལྷོ་མཛེས་པ་གུང་སྣང་ཆོས་རྗེ་མགོན་པོ་མཛེས་པའི་དབང་ཕྱུག་ལ་ཚང་བར་བཞུགས་ཚུལ་ཁུངས་ཆོད་ཅིང་ཨེ་ཆོས་ལྡན་པ་ནས་རཏྣ་གླིང་པའི་གཏེར་ཆོས་བསབ་དགོས་འདྲའང་ཡོད་པ་རྣམས་ཀྱི་ཆེད་དུ་རིགས་འཛིན་ཆེན་པོ་གསན་པར་བསྐུལ་བའི་ཨེར་བཞུགས་རིང་གི་གསོལ་ཆས་ཟངས་རི་དཔོན་ས་དང་གཟན་མེ་ཤིང་གཟིམས་ཤག་ལྷོ་པས་བསྐྱལ། མངའ་རིས་དགེ་ལུགས་ཀྱི་དགོན་པ་ཚོར་མང་འགྱེད་སྐྱེལ་བ་དང་བཅས་ལྡིང་དཔོན་དཔལ་ཡགས་མི་སྣར་བཏང་། སྔགས་རམས་པ་དཀོན་ཅོག་རིན་ཆེན་ལྷུན་པོ་རྩེའི་མཁན་པོར་འགྲོ་གདོང་ཚེམ་བུ་ལུགས་ཀྱི་དམར་འཁྲིད་ཉམས་འཁྲིད་དུ་ཕབ། ཕོ་བྲང་སྣེའུ་སྡོང་རྩེའི་བླ་རྡོར་གྲགས་པའི་དུང་ལྷས་བྱིན་ཀླུས་བྱིན་འབྲས་བུ་


GLG006_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཆེ་བ་གསེར་ལྗང་བརྡུངས་ཀྱི་དུང་གཤོག་ཁ་འཕུལ་བཀྲོལ་ལེགས་པར་གཡུ་མུ་ཏིག་གི་རྒྱན་ཅན་གཤོག་པའི་ནང་དུ་གསེར་དངུལ་གྱི་མཛོ་སྣ་ཨ་ལུང་བསེ་ཤུབས་དང་བཅས་པ་བརྗོད་རིགས་ལ་ལར་དུང་གཅིག་རྩེ་ཚ་མིག་པ་དང་ཅིག་ཤོས་ལ་སྟོད་བྱང་པའི་ཕྱག་ནས་གཙང་སྡེ་སྲིད་ལ་འབྱོར་བ་དུང་གཤོག་གཞིས་ཀ་རྩེར་བརྒྱབ་པ་བཟོ་བོ་མཁས་དྲགས་པའི་རྒྱ་བཟོར་འཁྲུལ་འགྲོ་ཞིང་དེ་དང་མཉམ་དུ་བཟོས་པའི་མཎྜལ་པོ་ཏ་ལའི་ལི་མ་ལྷ་ཁང་དུ་འདུག་པ་འདི་ཡིན་ཟེར་བ་འདུག་ཁུངས་གང་ཡིན་དཔྱད་དཀའ་ཡང་གཤོག་པའི་ཁུངས་ཕྱི་མ་བཙན་པར་མངོན་མོད་གང་ལྟར་འགངས་ཆེ་བར་སྣང་བས་ཕན་བདེ་ལེགས་བཤད་གླིང་པའི་སྤྱི་རྫས་སུ་སྦྱར། ལ་སྟོད་ནས་རང་རིག་གྲུབ་ཆེན་དུ་གྲགས་པ་ཕྱག་རྫོགས་གཉིས་ཀ་ལ་ཉམས་རྟོགས་ཆེ་བ་ཞིག་འོངས་པ་དང་ཕྲད་དེ་ཇ་གྲལ་ལ་འཕྲོས་གླེང་མང་དུ་བྱུང་། ལ་ལས་མངའ་བདག་གི་ལུང་བསྟན་དུ། སྟོད་ཀྱི་ཕྱོགས་ནས་རང་རིག་རས་པ་འབྱུང་ཞེས་པ་དེ་ཡིན་ནམ་ཟེར་གང་ལྟར་སྣང་སེམས་རང་ངོ་འཕྲོད་པ་ཞིག་ཏུ་མངོན། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ལེགས་གྲུབ་དབུས་ཀྱི་གནས་ཚོར་ཞབས་འཆག་དང་ཙ་རི། སྒམ་པོ། གདན་ས་མཐིལ་སོགས་བཀའ་བརྒྱུད་གོང་མའི་སྒྲུབ་གནས་མང་པོར་ཐུགས་དམ་གྱི་བོགས་འདོན་མཛད་ནས་ལོག་ཕེབས་པ་དང་མཇལ། ཞབས་དྲུང་རིན་པོ་ཆེ་མའི་དགོངས་པ་དང་འགལ་འགྲོ་སྣང་པས་ཁྲི་ཐོག་བྱེད་དགོས་འདྲ་ཞེས་ཇི་ལྟར་འགབ་ཀྱི་བཀའ་གྲོས་གནང་བར་བལ་པོས་སེའུའི་དཔེ་བཞིན་ཁག་ངན་ངེད་ལ་བསྐུར་བའི་དགོངས་བཞེད་འདུག་པ་ཞེས་ཏེ་ཞལ་ངོ་ལྷན་བརྒྱས་བཀའ་གྲོས་ཁེབས་གང་


GLG006_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་གནང་བ་འགབ་པ་ལས་སྤྲོས་པའི་ཚིག་གཞན་ཡེ་མ་ཐལ། ཁོང་དཔོན་སློབ་ལྟ་བུའི་འཇིག་རྟེན་གྱི་ཤེས་བྱ་ཅི་ལ་ཡོང་ཡང་ར་བ་སྟོད་པའི་གྲ་པ་རྣམས་དང་རིགས་ལུང་གི་ཚེ་བསྡུས་གྲ་བདེ་ཟེར་བ་ཙམ་བྱས་པས་ར་ཐང་རང་གཡོག་པ་གནང་ག་ལ་ཐུབ། ཞབས་དྲུང་ནོར་བུ་ཁྲ་སྒོར། ཐུབ་བསྟན་མཁན་པོ། སྤོས་ཁང་མཁན་པོ། སྡེ་པ་གྲགས་པ། ནོ་གོན་དགེ་ཚུལ། ཞལ་སྔ་ནས་མངོན་དགའ་བ་དང་སེ་ཆེན་ཞབས་དྲུང་གཉིས་ཀྱི་སྐུ་སྐྱེ། བླ་མ་མངོན་མཁྱེན་པ་སོགས་ཕྲད་མི་མང་དུ་བྱུང་། སྣ་དཀར་རྩེ་ཞབས་དྲུང་བགྲེས་པ་ཕེབས་པའི་ས་ཆ་དགོས་གནང་བ་ཁབ་འགྲོ་སྙུང་འགྲོ་ལས་རྒྱུ་མཚན་ཆེ་བ་མི་འདུག་པས་འབུལ་མ་བདེ། གནས་ཆུང་ཆོས་སྐྱོང་ཆེན་པོ་ཁོག་ཏུ་མ་ཞུགས་པར་རྒྱང་ཙམ་སོང་བར་བརྟེན་ཚང་མ་འདོད་གདུང་ཆེ་བའི་ཐོག་དན་འབག་དགེ་བསྙེན་རྒྱ་མཚོར་འདྲེ་ཞིག་ཞུགས་ནས་ལྕོག་ཏུ་ཕྱིན་པས་ཕལ་ཆེར་འཁྲུལ་བའི་ཡིན་པ་འདྲ་ཞེས་དྲིལ་བསྒྲགས།ཉེར་ལྔའི་ཉིན་ཁོག་ཞུགས་བྱས་ཏེ་པོ་ཏ་ལར་བྱུང་བ་ཆོས་སྐྱོང་ཡིན་པ་སོར་བཞག་གིས་རྩེར་བཏང་བས་རིགས་གསུམ་མགོན་པོ། རྒྱལ་བ་སེང་གེའི་ང་རོ། གེ་སར་རྒྱལ་པོ། གཙང་པ་ཕུན་ཚོགས་རྣམ་རྒྱལ། སྡེ་པ་བསོད་ནམས་རབ་བརྟན་རྣམས་ཡིན་ཟེར་བའི་ལྷ་ལབ་འདྲེ་ལབ་དང་རྣམ་འགྱུར་སྣ་ཚོགས་བྱེད་པར་དེ་ཉིན་འཇམ་འགྲོས་ཀྱིས་ལྡོག །སང་འབྲས་སྤུངས་ཀྱི་མཆོད་ཁང་ཡས་མས་ཀྱི་སྐུ་བརྙན་འགའ་ཞིག་ལའང་མཚོན་བསྣུན་པ་བྱས་འདུག་པས་ཁོག་པ་སྐོར་ཅིག་གདོང་དཀར་དུ་བསྐྱལ་བས་མཚམས་ཆོད། ལ་ལ་རྒྱ་འདྲེ་ཡིན་ནམ་ཟེར་ཡང་དམ་སྲི་མ་རུངས་པ་


GLG006_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ་མངོན། སྐྱར་པོ་ནས་ཚངས་པ་དུང་ཐོད་ཅན་ལ་ལུང་བསྟན་ཞུ་བར་བཏང་བའི་ལན་དུ་སྤམ་མེ་བ་དང་རྟིང་མ་ངོས་མཇལ་སྐབས་དམ་སྲི་དེ་གར་ངོས་འཛིན་མཛད་སྣང་། འདུལ་བ་སློབ་དཔོན་ཟུར་པ་བློ་གྲོས་རྣམ་རྒྱལ་དགའ་ལྡན་ཕུན་ཚོགས་གླིང་གི་འཆད་ཉན་དུ་བཏང་བ་བླ་མ་སྔ་མ་རྣམས་ལས་འཆད་ཉན་སྨར་བ་བྱུང་འདུག །དགུན་སྟོད་ཨར་དགེའི་ཆོས་སྐྱོང་ཡིན་ཟེར་བ་དེ་སྟག་ཚང་སྒོར་མོའི་བར་སླེབས་བྱུང་ཡང་སྣ་བརྡུངས་བཏང་བའི་ཕྱིར་སློག །རྟིང་ཨ་བྱས་ཚེ་ཁོག་གསར་དེ་ལ་བྱ་ཁྲིད་མིག་གཅིག་པ་མི་ཕེབས་པར་འདྲེ་ངན་ཨར་དགེ་རང་གི་སྐུ་གསུང་ཐུགས་རྟེན་ལ་གནོད་པ་བྱེད་མཁན་ཞིག་ཡིན་འདུག་ཁོག་ཏུ་ཞུགས་ནས་བཀྲ་ཤིས་ལྷུན་པོར་ཕྱིན་པའི་གོས་དར་གྱི་གདུལ་བྱ་ཆེ་བ་དང་བདེ་ཆེན་ཆོས་འཁོར་བས་དེས་གང་ཟེར་བདེན་པར་བཟུང་བའི་རྒྱལ་ཁང་བཞེངས་པའི་བླ་མ་གུ་གུལ་ལ་རེ་བ་མང་པོ་བྱུང་ཚོད་དུ་གདའ། ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་ཁྲི་རིན་པོ་ཆེ་བློ་བཟང་རྒྱལ་མཚན། རྩེ་ཤར། སློབ་ཆུང་། ལྔ་མཆོད་པ། གྲ་པ་བརྒྱ་སྐོར། རྒྱ་མ་གྲུབ་གསར་བ་དང་དུམ་བུ་རི་པ་ཅན་ཕྱོགས་མཐུན་དུ་གོས་དར་གྱིས་གཙོས་པའི་སྐྱེས་དང་བཅས་ཚེའི་རྟེན་འབྲེལ་བསྒྲིག་པའི་བདེན་བརྗོད་གནང་། དེ་མཚུངས་ཉིན་ཕྱི་མ་ཚོར་བྲག་དབར་གྲ་ཚང་བླ་མ་གྲ་བཅས་དང་ངམ་རིང་ཁུལ་སྐྱ་སེར་རྣམས་ཀྱིས་ཡུན་འཚོའི་རྟེན་འབྱུང་བསྒྲིགས། དམར་ལྕགས་གཉིས་ཀྱི་བར་རྒྱ་མོ་བཟའ་ཕྱི་མས་བཅད་པའི་ས་དགྲ་གསོ་བྱེད་མཆོད་རྟེན་དང་ཕན་ཚུན་དུ་ལྕགས་ཐག་རྔ་གདང་དྲིལ་བུས་སྦྲེལ་དགོས་པ་གཏེར་ལུང་མང་པོར་གསལ་བར་བརྟེན་གཙང་དུས་བཞེངས་


GLG006_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེ་གླང་ཞིག་པའི་ཚེ་སྡེ་པ་བསོད་ནམས་རབ་བརྟན་གྱིས་གསོ་དྲན་གནང་བ་འགྱེལ་ཞིག་ཏུ་ཉེ་བས་མེ་རྟ་སྡེ་པ་འཕྲིན་ལས་རྒྱ་མཚོས་རྒྱས་པར་མཛད་རྩིས་ཀྱིས་གསར་དུ་བཞེངས་ཀྱང་ཤིང་བཟོ་གྲ་ས་པ་སྤུན་གཙང་དུ་འགྲོར་རིངས་པའི་རྩིག་རྨང་མ་ལོན་པའི་སྐྱོན་གྱིས་གས་གྲུམ་ཆེས་ནས་མེ་ལུག་བསྐྱར་བཟོ་མཛད། ཕྱི་གཡུ་རྩིས་གཏུམ་བཞེད་ཡིན་འདུག་པ་གཡུ་རྩིས་ལྷད་མེད་བྱུང་བ་ཤིན་ཏུ་མཚར་བ་ཡོང་རུང་བཟོ་བོ་རྣམས་ཀྱིས་རྒྱའི་གནད་དེ་མ་ཐིངས་པས་རིང་པོར་མི་ཐོགས་པར་མདོག་ཉམས་འགྲོ་གཤེས་འཐེན། བོན་པོའི་ལུང་བསྟན་འདྲ་ན་ལྷ་སའི་ནུབ་ཏུ་གཡུའི་མཆོད་རྟེན་བྱུང་ན་སངས་རྒྱས་ཀྱི་བསྟན་པའི་ཕྱེད་ལ་སླེབས་ཟེར་རྣམ་རྟོག་བྱེད་མཁན་འདུག་པ་གཅིག་ཏུ་བདེན་ཤས་ཁའང་ཐུབ་དབང་བལྟམས་ནས་ཉིས་སྟོང་དྲུག་བརྒྱ་ལྷག་བཅས་སོང་བས་དོག་པ་མི་དགོས་པ་འདྲ། ཆོས་འཁོར་བཅུ་གསུམ་གསེར་ཟངས་ཀྱིས་གཏུམས་པའི་པདྨ། ཕོ་གླིང་མོ་གླིང་། ཐུགས་རྗེ་མདོ་གཟུང་བཅས་པར་གླིང་སུམ་བརྒྱ་དོན་བཞིར་ཟངས་མཁར་རྒྱའི་ཁལ་སུམ་བརྒྱ་དང་གོ་དྲུག་ཉག་དྲུག་སྤོར་དོ། དཀྱིལ་འཁོར་སྡིངས་ཀྱི་ཟངས་ཁྲ་ཤིན་ཏུ་ཧྲུལ་པའི་བྱེའུ་སོགས་ཀྱིས་གནོད་པ་ཆེ་བ་འདུག་པར་གསར་བཟོ། དེ་ཞོར་དཔལ་ལྷ་ལྕོག་དང་ལི་མ་ལྷ་ཁང་གི་སྒེ་ཁུང་གི་ཟངས་ཁྲ་ཟེར་བཅས་བསྡོམས་པར་ཁལ་བརྒྱད་ཅུ་གྱ་གསུམ་དང་ཉག་བཅོ་བརྒྱད། ཏི་ཚ་ཉག་བཅུ་དགུ་སྤོར་གསུམ། གསེར་འདམ་ཞོ་སྟོང་ཕྲག་ལྔ་དང་ལྔ་བརྒྱ་བདུན་ཅུ་དོན་བརྒྱད། དངུལ་ཆུ་ཞོ་ཁྲི་ཚོ་གཅིག་དང་སྟོང་ཕྲག་གསུམ་དགུ་བརྒྱ་ཞེ་ལྔ། མཆོད་རྟེན་གསུམ་དྲིལ་བའི་ལྕགས་ཐག་རྒྱུག་


GLG006_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འདོམ་བཅོ་ལྔ། རླུང་དྲིལ་སུམ་ཅུ་སྐོར་བཞེངས་པའི་དོ་དམ་གྲུབ་རྒྱལ་གླིང་པ་དང་སྒེར་ལོགས་ཨ་དར་། བལ་པོ་ཨ་མ་ར་སིདྷས་གཙོས་བཅོ་བརྒྱད། ཟངས་བརྡུངས་དབུ་མཛད་གཉིས་ཀྱིས་གཙོས་སུམ་ཅུ་རྣམས་ཀྱིས་བསྒྲུབས་པའི་གླ་ཡོན་འབྲུ་ཐོག་ཏུ་ཕབ་པར་ཁལ་ཆིག་སྟོང་དྲུག་བརྒྱ་སྐོར་སོང་། རི་བོ་བདེ་ཆེན་དུ་བྱམས་པའི་གོས་སྐུ་ཐོག་ཟོ་ལྔ་ཙམ་ཡོད་པ་ཞིག་བཀྲ་ཤིས་བདེ་ཆེན་དུ་གསང་འདུས་འཇམ་དཔལ་རྡོ་རྗེའི་གོས་སྐུ། རི་བོ་ཆོས་གླིང་དུ་རིགས་ལྔའི་གོས་སྐུ་དང་གཉྫི་ར། ལྷོ་བྲག་དཔའ་བོའི་ཕྱི་རྟེན་གྱི་དངུལ་གདུང་། བཀྲ་ཤིས་ཆོས་སྡེར་ནཱ་རོ་མཁའ་སྤྱོད་ཀྱི་གོས་སྐུ་རྣམས་ཕུལ་ཞིང་དངུལ་གདུང་གི་རྒྱབ་ཆོས་རྗེ་སྒར་པའི་ཁ་ཞ་ཐུལ་གྱིས་ད་ཆུ་ཡིན་འདུག་པ་དངུལ་གྱིས་བརྗེས། ཨོ་རོད་དུར་བོད་རྡོ་རྗེའི་ནུ་བོ། ལྷོ་བྲག་བསམ་གྲུབ་དགོན་པ་བ། བདེ་ཡངས་པའི་རིགས་གྲའི་སྐལ་པ་སྐྱེལ་བའི་སློབ་དཔོན་གྲ་བཅས་རྣམས་དང་ཕྲད། བསྙེན་རྫོགས་སོ་གཅིག །དགེ་ཚུལ་བརྒྱ་དང་གསུམ། དགེ་བསྙེན་གཅིག་རྣམས་བསྒྲུབས། ལྷ་ས་ཆུ་མིག་ཁ་པ་ཆོག་ཐུ་དང་བློ་བཟང་རབ་བརྟན་སྤུན་གྱིས་བཀའ་འགྱུར་བཞེངས་པའི་དཀར་ཆག་བསྐུལ་བ་བྲིས། ཞབས་དྲུང་ངག་དབང་རྣམ་རྒྱལ་ལེགས་གྲུབ་སྟག་ལུང་དུ་ཤར་མར་ཕེབས་པའི་སྲོད་ལ་དྲག་ཤུལ་གྱི་ཆོ་གས་ཞབས་དྲུང་རྩེ་པ་ཡབ་སྲས་གཉིས་མཉན་ཡོད་མཆོད་པའི་ཚེས་བརྒྱད་ཀྱི་སྟོན་པ་དྲུག་ལྟར་བསྐྲད་དེ་འབྲས་སྤུངས་སུ་བྱོན་སྡེ་པ་ཕོན་མདོ་བས་སཾ་ཊ་བཏང་བའི་ད་ཆ་གནས་གཤིས་འདི་བཞིན་གྱིས་ངེད་ཕ་བུ་གཉིས་གྲུབ་མཐའ་དགེ་ལུགས་སུ་བསྒྱུར། ལྷ་སྡེ་མི་སྡེ་ནས་ས་རིས་བབ་ཐོབ་བདེན་འབྲེལ་གྱི་


GLG006_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བགོ་བཤའ་དགོས་ཚུལ་གསུང་བ་ཐུགས་བདེན་པར་འདུག་ཀྱང་དེ་དོན་བཞིན་བྱས་ཚེ་ཐང་པའི་བསྟན་པ་མཐར་ལྷུངས་པར་མ་ཟད་ཞབས་དྲུང་མ་ཆེན་གྱི་སྐུ་ཚེའི་སད་དུའང་མི་འགྱུར་བའི་ངེས་པ་མ་མཆིས་པས་ནང་ལབ་གནང་ཐུབ་མི་ཐུབ་ཀྱི་དོགས་གཅོད་ཞུ་བར་སྐྱར་པོ་བ་བློ་བཟང་ལེགས་ལྡན་སེ་བ་ལུང་དུ་བཏང་བར་སྦུས་སྒོའི་མདོ་ནས་མཇལ་ཁ་གནང་བའི་ད་ཆ་ངེད་ཀྱི་ལབས་པར་ཁོང་ཁག་གཉིས་ཀྱིས་ཉན་མི་ཡོང་གསུང་བའི་སྣེ་ལེན་མ་གནང་འདུག་པར་དཔགས་ཞབས་དྲུང་ངག་དབང་རྣམ་རྒྱལ་ལེགས་གྲུབ་ཀྱང་ཚུར་གདན་དྲངས། འཕྱོང་རྒྱས་རབ་འབྱམས་པ། མངའ་རིས་དྲུང་པ། སྟག་རུ་ནས། བསམ་དར་ནས་སོགས་བཏང་བའི་སྐོར་གཡེང་མང་དུ་བཏང་། ཞུ་ཁྲའང་ཁ་ཡར་བྱུང་བ་ཤ་བཅད་ཁྲག་གཏིགས་ཀྱི་རྩ་བ་གཅོད་ཆེས་ན་ཕྱག་རྒྱ་ཆེན་པོ་དེ་སྟོང་པར་མི་འགྲོ་བར་རྡོས་བཅས་བེམ་པོ་ཞིག་ཏུ་གྲུབ་ཉེན་འདུག་པས་ཞུ་བ་རྒྱས་བསྡུས་འཚམ་པར་བླངས་ངོས་བདེན་འབྲེལ་གྱི་ཁྲ་མ་བཏང་བའི་ཞབས་འཇུག་ལ་དཔོན་ཚང་ཚ་རོང་པ་ཅན་རྫོང་བདའ་བྱས། སྡེ་པའི་དགོངས་རྫོགས་ཀྱི་དངུལ་གདུང་གྲུབ་པའི་གཟུངས་བཞུགས་འབུལ་མཁན་གྱི་གཙོ་བོ་མཆོད་དཔོན་པ་དང་དེའི་རམ་འདེགས་དགེ་སློང་འཇམ་དབྱངས་གྲགས་པ་སོགས་ཀྱིས་བྱས་པའི་དེ་བཞིན་གཤེགས་པའི་འཕེལ་གདུང་གིས་གཙོས་རྒྱ་བོད་ཀྱི་མཁས་གྲུབ་འགངས་ཆེ་བ་རྣམས་ཀྱི་སྐུ་གདུང་དང་སྐུ་བལ་གྱི་རིང་བསྲེལ། རྒྱུད་སྡེ་བཞིའི་གཟུངས་སྔགས་ཆོས་སྐུའི་རིང་བསྲེལ་གྱི་སྙིང་པོ་ཅན་འབུམ་དུམ་པ་བཅུ་དྲུག །རྒྱལ་བ་བཙོང་ཁ་པའི་བཀའ་


GLG006_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཡོངས་རྫོགས། གདུང་རྟེན་གཉིས། སྐུ་ལི་མ་དང་གསེར་སྐུ་འདྲེས་པ་ཉི་ཤུ་རྩ་ལྔ། ཟངས་ལེབ་ལ་གཟོང་རྐོས་ཀྱི་གནོད་སྦྱིན་འཁོར་ལོ་སྒྲུབ་ཞག་བདུན་པ་དང་བཅས་པའི་མཚན་ཉིད་ཚང་བར་ཕུལ། གཙང་ཁང་ཆེན་མོའི་གནྡྷོ་ལ་ཁྱད་མཚར་དེ་རྟེན་གསར་པ་རྣམས་ཀྱིས་བསྒྲིབས་ནས་མི་ལེགས་པ་སྣང་བས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་དངུལ་གདུང་ལ་ཨར་ཆོག་བཏང་སྟེ་དངུལ་གདུང་འཛམ་གླིང་རྒྱན་གཅིག་གི་གཡས་ཕྱོགས་སུ་བསྒྲིགས་པར་བད་ཆེན་གྱི་མཐོངས་སུ་གསེར་ག་ཆེ་ལེགས། དེའི་གཡས་གཡོན་དུ་གཡུ་མུ་མེན་སྤེལ་བའི་རྡོ་རྗེ་དར་དཔྱངས་དང་བཅས་པ་རེ་དང་རྡོ་རྗེ་ཕྱེད་པ་རེ། དེའི་ཕན་ཚུན་དུ་གསེར་ག་སྤུས་ལེགས་རེ། དེའི་ཕན་ཚུན་དུ་རྡོ་རྗེ་ཕྱེད་པ་རེ་རྣམས་གསར་དུ་སྒྲོགས། གཟུངས་བཞུགས་སྔ་མ་རྒྱས་པ་ཡོད་འཕྲོས་མི་སྣང་བས་ད་ལམ་ཆོས་སྐུའི་རིང་བསྲེལ་དང་བླ་མ་སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་གོང་དང་འདྲ་བ་ལ་སྔར་གྱི་གཟུངས་བཞུགས་ནས་རྒྱ་བོད་ཀྱི་བསྟན་བཅོས་ཁ་ཡར་དང་གདུང་རྟེན་སོ་དྲུག་འདུག་པ་བལྡབས། གསར་དུ་དཀོན་བརྩེགས་ཕལ་ཆེན་གཙོ་བོར་འགྱུར་བའི་མདོ་མང་། འདུལ་བ་ལུང་། ཉི་ཁྲི་མན་ཆད་ཀྱི་ཤེར་ཕྱོགས། རྒྱུད་འབུམ། སྐུ་ཁ་ཤས་བསྣན། གནོད་སྦྱིན་བང་མཛོད་སོགས་ཕྱག་ལེན་གཙང་བར་ཕུལ། འཇམ་དབྱངས་ཆོས་རྗེ་དང་ཐོན་པ་ཡོན་ཏན་རྒྱ་མཚོ་གཉིས་ཀྱི་དངུལ་གདུང་བྱམས་ཁང་དུ་སྤོས། དབུ་མཛད་བློ་བཟང་བསྟན་འཛིན་གྱི་རྡོ་རྗེ་སློབ་དཔོན་བྱས་པའི་གྲ་ཚང་གི་གྲ་པ་བཞི་བཅུ་སྐོར་གྱིས་ཕུར་པའི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་པ་མཛད། དེ་མཚུངས་དངུལ་གདུང་


GLG006_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་རྒྱན་གཅིག་གི་ཕྲ་རྒྱན་རྟ་ལོའི་བདེ་གཟར་དུས་འཐོར་བར་དཔོན་སློབ་པཎ་ཆེན་རིན་པོ་ཆེས་གསར་བཟོ་ཕྲན་བུ་གནང་ཞིང་རྗེས་སུ་འཕྱོང་རྒྱས་པཎྜི་ཏས་གསེར་ག་བཀོངས་སོང་བ་གཡུ་དབུས་གཙང་རྒྱུ་མི་འདུག་པས་ད་ལམ་བད་ཆེན་གྱི་མཐོངས་སུ་གསེར་ག་ཆེ་ལེགས་གཅིག །དེའི་ཕན་ཚུན་དུ་གཡུ་དང་མུ་མེན་སྤེལ་བའི་རྡོ་རྗེ་རེ་དང་རྡོ་རྗེ་ཕྱེད་པ་རེ། དེའི་ཕན་ཚུན་དུ་མཐོང་བསྒྱུར་ཤེལ་དང་དེ་མཐའ་གཡུ་དྲུག་དཀར་དམར་གྱི་ཕྲ་ཉིས་སྐོར་ཡོད་པའི་གསེར་ག་ཆེ་ལེགས་རེ། སྒོ་ཁྱིམ་གྱི་ཕན་ཚུན་དུ་གསེར་ག་གོང་འདྲ་རེ་རྣམས་ཀྱི་ཕྲ་རྒྱན་ཕུལ། དེ་མཚུངས་ལྷ་སར་རྒྱལ་པོའི་དགོངས་རྫོགས་ཀྱི་དུས་གསུམ་སངས་རྒྱས་སོགས་ཀྱི་གཟུངས་བཞུགས་རུས་ཤིང་ལ་བསྡམ་དགོས་པའི་སྟབས་གསུང་རབ་དང་འབུར་སྐུའི་རིགས་གཏོས་ཆེ་བ་མི་ཆུད་འདུག་རུང་བླ་མ་སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་དང་གཙོ་བོར་ཆོས་སྐུའི་རིང་བསྲེལ་གྱིས་ཕྱུར་བུར་གཏམས། གནོད་སྦྱིན་བང་མཛོད་བཅས་ཕྱག་ལེན་གཙང་བར་དགེ་སློང་འཇམ་དབྱངས་གྲགས་པ། ཆོས་རྗེ་ཁ་རག་པ། རྒྱ་ཕྲུག་རབ་འབྱམས་པ་གསུམ་གྱིས་ཕུལ་ཞིང་སྔགས་རམས་པ་ནོར་བུ་ཆོས་འཕེལ་གྱིས་རྡོ་རྗེ་སློབ་དཔོན་བྱས་པའི་གྲ་པ་ཞལ་གྲངས་གོང་འདྲས་རབ་ཏུ་གནས་པ་ལེགས་པར་བསྒྲུབས། དེ་ཡང་སངས་རྒྱས་སྟོང་སྐུར་གཟུངས་བཞུགས་དགེ་སློང་འཇམ་དབྱངས་གྲགས་པས་གཙོས་གྲ་པ་བརྒྱད་ཙམ་གྱིས་ཕུལ་གྲུབ་ནས་མཆོད་ཁང་གི་གོ་ཡུལ་རྣམས་ལ་མཆོད་དཔོན་པས་ལྟ་རྟོག་དང་དོ་དམ་གེ་རེ་དཀའ་བཅུ་དང་ཟུར་ཁང་རྒྱལ་དོན་གཉིས་ཀྱིས་བྱས། ཧོར་ཟླ་དགུ་པའི་ནང་དུ་དཔལ་ལྡན་


GLG006_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སྤུངས་ཀྱི་སྒོ་མཆོར་སྟེང་གི་ཤར་དུ་བསྐལ་བཟང་ལྷ་ཁང་རྟེན་ཁྲི་མཚལ་རྩི་གསེར་ཤོག་གིས་སྤྲས་པར་གཙོ་བོ་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་ཆེ་བ་ཞིག་ལ་དེ་ལས་ཆུང་ཙམ་གྱི་སྟོང་སྐུ་ལི་མ་གསར་བཞེངས་གྲ་ཚར། མཆོད་རྫས་སྤོས་ཤེལ་གྱི་བུམ་པ་ཆ། འབྲས་སྐྱོགས་གཅིག །མ་ན་ཧོ། གཡང་ཊི། དྭངས་ཤེལ་རྣམས་ཀྱི་པད་སྡེར། པད་ཕོར། འབྲས་སྐྱོགས། མེ་དམ་བྱ་མ་བུམ་འདྲེས་པ་ཉེར་གཅིག །ཉ་ཕྱིས་འབྲས་སྐྱོགས་གཉིས། འབེ་དའི་བུམ་གཟུགས་གསེར་གྱི་ཁ་གཤམ་ཅན། དཀར་ཡོལ་དང་དེ་ལས་གྲུབ་པའི་བུམ་པ་སེང་གཟུགས་བསྡོམས་པ་ཉེར་ལྔ། དངུལ་གྱི་པད་སྡེར། པད་ཕོར། འབྲས་སྐྱོགས། བྱ་མ་བུམ། མཎྜལ་བཅས་པ་སུམ་ཅུ། རྒྱ་རག་གི་མཎྜལ། ཛ་རག །མེ་དམ་བཅས་པ་བཅུ་གཅིག་མཆོད་ཀོང་བཅུ་བཞི། ཕུད་ཕོར་གཉིས། ལི་དང་ལྗང་སེར་གྱི་ཏིང་རྙིང་ང་བཞི། འོད་འབིར་གཅིག །གནམ་རྒྱན་གསེར་བསྒྲིལ་བཏགས་ཐོག་སྐྱེམ་སིའི་གནས་བཅུ་ཡོད་པ་དང་སིའུའི་འབྲུག་ཚང་ཉལ་འཇའ་རིས་ཅན་གླིང་གཉིས་མ། གན་གོས་ཀྱི་འཕྲན་སོ་བཞི། དེའི་ནུབ་གསེར་སྐུ་ལྷ་ཁང་དུ་རྟེན་ཁྲི་གོང་མཚུངས་ལ་གསེར་སྐུ་རག་སྐུ་བསྡོམས་པ་དྲུག་བརྒྱ་གོ་གཅིག །དངུལ་སྐུ་གཉིས། ལིའི་མཎྜལ་བཅུ་གཅིག །མེ་ལོང་བཞི། རག་ཚ་གསེར་གྱི་པད་རྐང་གདན་བཅས་ཀྱིས་བཏེགས་པའི་བཀྲ་ཤིས་རྫས་བརྒྱད་ཀྱི་སྣོད། དེ་སྟེང་རྟགས་བརྒྱད་དངུལ་འདབ་ཅན། གི་གུ་ཤེལ་གྱི་ཏིང་ང་ལྔ། ཁྲུས་སྡེར། པད་སྡེར། ལྟེ་རི། བྱ་མ་བུམ་བཅས་པ་བཅུ་གཅིག །བཤའ་དཀར་གྱི་ལྟེ་རི་གཅིག །ཟངས་ཚ་གསེར་གྱི་སྤྱི་བླུགས། ལི་ཏིང་རེ་ལྔ། སེར་


GLG006_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་བཅུ་དྲུག །རག་འཁར་གྱི་སོ་གཅིག །ལི་རག་ཟངས་གསུམ་གྱི་ཁྲུས་སྡེར་པད་སྡེར་བཅུ་གསུམ། རག་གི་ཡ་མགུ་མ་མགུ་གཏོར་འཐེབ་དང་བཅས་པ། ལྗང་སེར་གྱི་བུམ་པ་གསུམ། ཟངས་ཀྱི་ག་རུ་གཅིག །ཁྲོ་རག་གི་མེ་དམ་ཉེར་བཞི། མཆོད་ཀོང་ཉེར་གཅིག །འོར་ཏིང་གཅིག །ཕུང་ཕོར་གཅིག །འཁར་རྔ་གཉིས། ཁྲོའི་སྤོས་འཛིན་གཉིས། དུང་དཀར་བདུན། རྒྱ་མགྲོན་གཅིག །ཉ་སྐྱོགས་གཅིག །ལྕགས་ཀྱི་སྤོས་ཁྲ་གཅིག །མཉྫི་གཅིག །གོས་འཕན་ལྔ། བཟང་གོས་ཀྱི་གནམ་རྒྱན་མདོ་སྦུག་གཉིས་ཁེབས་པ། དངུལ་གདུང་ལྷ་ཁང་གི་ལྷོ་ངོས་སུ་ས་ཁྲིའི་རྟེན་སྟེགས་ལ་བཀའ་གདམས་གདུང་རྟེན་བྱ་རུ་མ་སོགས་ཐུགས་རྟེན་ང་བདུན། བཀའ་གདམས་ལི་མ། ཡ་ཚེ་རག་སྐུ་གསེར་སྐུ་འདྲེས་པའི་སྐུ་བརྙན་ཆིག་བརྒྱ་ང་གསུམ། ལི་ཏིང་བདུན་དང་སྡེར་མ་བཅུ་གཉིས། ཟངས་ཏིང་བདུན། བཟང་གོས་ཀྱི་འཕན་རིང་བཞི། གན་གོས་དང་བུམ་གདན་གོས་ཐེར་སོགས་ལས་གྲུབ་པའི་ལྕམ་གླིང་བཞིའི་གནམ་རྒྱན། རྒྱ་ནག་ཏ་མིང་དུས་ཀྱི་ཙནྡན་གྱི་གནས་བཅུ་ཁྱད་མཚར་ཀརྨ་པ་དེ་བཞིན་གཤེགས་པས་གདན་དྲངས་པ་ཀོང་པོ་རྩེ་ལྷ་སྒང་གི་མཛོད་ནག་ནས་ཆུ་རྟ་མཆོད་ཡོན་དཔུང་ཐོག་ཏུ་ཕེབས་སྐབས་བསྣམས་བྱོན་པ་སྡེ་པ་སྲས་པོ་དང་ཀ་བརྒྱད་ནོར་བུ་སོགས་ཕྱག་མཛོད་རྣམས་གྲུ་མ་བཏུབ་པའི་ཧྭ་ཤང་དང་རྒྱལ་ཆེན་བཞི་ལམ་དུ་བོར་བའི་ལྷག་མ་རྣམས་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ལྷ་ཁང་དུ་ཁྲོ་ལུགས་ལྟ་བུར་བཞུགས་འདུག་པ་བྱམས་ཁང་ཤར་མའི་སྟེང་དུ་སྤྲུལ་སྐུ་ཧོར་དར་དང་བག་དྲོས་གཙོས་ཨེ་བའི་འཇིམ་བཟོ་བ་རྣམས་ཀྱིས་


GLG006_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ནས་ལྷོར་གཟིགས་པའི་བྲག་རི་སོགས་བཟོ་དབྱིབས་བཀོད་པ་ལེགས་ཤིང་སྒོ་ཁྱིམ་བབ་ལེ་ཉིས་བརྩེགས་མ་བཅས་བཟོས་པར་བཞུགས་པའི་མ་ཚང་བ་ཀུན་འཇིམ་པས་གསོས། བྲག་རིའི་གསེབ་རྣམས་སུ་ཙནྡན་དམར་པོ་ལས་གྲུབ་པའི་གནས་བཅུ་ཚར་གཅིག་དང་བ་སོ་ལས་གྲུབ་པའི་ཚར་གཉིས་བཞུགས་པ་ཚོ་རྒྱ་བཟོ་ཤ་སྟག །སྐུ་འཁྱར་པ་ཐུབ་དབང་གི་ཤིང་སྐུ་གཉིས། བྱང་ཆུབ་ཤིང་དང་དཀར་ཡོལ་གྱི་མི་གཟུགས་རེ། དངས་ཤེལ་གྱི་མིག་གཟུགས་གཅིག །བླུག་ཤེལ་གྱི་དམ་གཟུགས་གཉིས། བཞུ་གཡང་གི་སྡེར་མ་གཉིས། རྡོ་མཉེན་གྱི་བུམ་གཟུགས་གཅིག །ཉ་ཕྱིས་ཀྱི་ཕོར་སྐྱོགས་ལྔ། དཀར་ཡོལ་དང་ཁྲི་རྡོའི་ཕོར་པ་མེ་དམ་བསྡོམས་པ་ཉེར་བཞི། མི་གཟུགས་གཉིས་དང་སེང་གཟུགས་གཅིག །དངུལ་ཕོར་འབྲས་སྐྱོགས། བྱ་མ་བུམ། མཆོད་སྡོང་བཅས་པ་བརྒྱད། དངུལ་གྱི་མེ་ཏོག་ལྔ། མུ་ཏིག་ལྗོན་ཤིང་གི་དཀར་སྟེགས་གཅིག །གི་གུ་ཤེལ་གྱི་མཎྜལ་གཉིས། ཏིང་བདུན། གབ་ཙེ་གཅིག །བཤའ་དཀར་གྱི་མེ་དམ་གཉིས་དང་རྐྱན་བུ་གཅིག་ཏིང་ཁ་ཆེ་མ་བདུན། འཁར་ལྗང་གི་ཉེར་གཅིག །མེ་དམ་བཞི། མཆོད་གོང་དྲུག །ཟངས་རྒྱན་གཅིག །ལྕགས་ཀྱི་མཉྫི་གཅིག །ནུབ་ནས་ཤར་དུ་གཟིགས་པའི་རྟེན་ཁྲིར་གསེར་རག་འདྲེས་པའི་བླ་སྐུ་གོ་གཅིག །སྨན་སྐུ་གཉིས། མཎྜལ་གཅིག །དཀར་ཡོལ་དྲུག །གི་གུ་ཤེལ་གྱི་ཏིང་བདུན། ལི་རག་གི་བཅུ་གཅིག །མེ་དམ་བཞི། མཆོད་ཀོང་དྲུག །ཤར་ནས་ནུབ་ཏུ་གཟིགས་པའི་རྟེན་སྟར་ལ་བཀའ་གདམས་ལི་མ་ཤས་ཆེ་བའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་རེ་དགུ །ལིའི་མཎྜལ་


GLG006_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །ལྗང་སེར་གྱི་བུམ་པ་གཉིས། མེ་དམ་དྲུག །གི་གུ་ཤེལ་གྱི་ཏིང་བཅུ། ལི་འཁར་རག་གི་ཉེར་ལྔ། མཆོད་ཀོང་ལྔ། གོས་འཕན་དགུ། གོས་ཕྲུག་རྒྱ་ཁ་འབྲུག་རིས་ཅན་སིའུ་མ་དང་བཀྲལ་བཏགས་གནས་བཅུའི་རི་མོ་ཅན་གྱི་གནམ་རྒྱན་གཉིས། འདུ་ཁང་ཆེན་མོར་གོས་དར་སྤེལ་མའི་ཕྱི་ཕུར་ཀ་རིང་དང་མཉམ་པ་བདུན། དེ་ལས་ཐུང་བ་བཅུ་བདུན། གཙང་ཁང་ཆེན་མོར་ཁྲོ་ཀོང་སུམ་ཅུ། བྱམས་ཆེན་ལ་གོས་ལུ་ཧང་གི་འགན་སྦྱར། ཕྱི་ཕུར་ཆ་གཅིག་རྣམས་ཕུལ། དེ་མཚུངས་འཕྱོང་རྒྱས་རབ་འབྱམས་པས་དོ་དམ་བྱས་པའི་སེ་ར་ཐེག་ཆེན་གླིང་གི་མཆོད་ཁང་གསར་བསྐྲུན་གཉིས་ཀྱི་ནུབ་ཏུ་གསེར་དངུལ་གྱི་གདུང་རྟེན་ལྔ་དང་གཞན་མ་གདུང་རྟེན་ཆིག་བརྒྱ་གྱ་བདུན། ལི་མ་གསེར་ཟངས་ཁྲོ་སོགས་ཀྱི་སྐུ་ཆིག་བརྒྱ་རེ་བརྒྱད་ཙནྡན་དམར་པོའི་ཨྱོན་རིན་པོ་ཆེའི་སྐུ་གཅིག །ཉེ་བའི་སྲས་བརྒྱད་ཀྱི་ནང་ནས་བྱམས་པ་དངུལ་སྐུ་ཁྲུ་ཕྱེད་གསུམ་ཙམ་པ་དང་གཞན་བདུན་ལི་མ་ལྷ་ཁང་ཅིག་ཤོས་སུ་གདུང་རྟེན་ཆིག་བརྒྱ་ཉེར་དགུ་ལི་གསེར་ཟངས་ཁྲོ་ཤིང་དང་སྨན་འདམ་སོགས་ལས་གྲུབ་པའི་སྐུ་ཆིག་བརྒྱ་གྱ་དྲུག །བཀའ་འགྱུར་སྐྱ་པོད་ཆ་ཚང་། མཆོད་ཁང་ཕན་ཚུན་གཉིས་ཀྱི་མཆོད་རྫས་བསྡོམས་པ་གནམ་རྒྱན། འཕན་རྒྱལ་མཚན་འདྲེས་པ་བཅོ་ལྔ། ཤེལ་སྤྱད་བཅོ་བརྒྱད། གི་གུ་ཤེལ་ལྔ་བཅུ། ཉ་ཕྱིས་ཀྱི་སྤྱད་པ་བཅོ་ལྔ། དཀར་ཡོལ་ཞེ་དྲུག །བཤའ་དམ་ལྔ། སྦུག་ཆལ་དང་སིལ་སྙན་ཆ་རེ། གཟི་དུང་གཉིས། མཆོད་དུང་བདུན། གསེར་ཟངས་ཀྱི་མཎྜལ་བཞི། ལིའི་མཎྜལ་བདུན། དཀར་ཡོལ་དང་ཁྲོའི་


GLG006_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་འཛིན་དགུ། མེ་ཏོག་དམ་པེ་བཅུ་དྲུག །ཏིང་བརྒྱ་དང་ཉི་ཤུ། མཉྫི་གསུམ། ཕུད་ཕོར་གཉིས། མཆོད་ཀོང་བཞི། བསེ་རུ་གཅིག་རྣམས་བསྒྲིགས། གནམ་གང་གི་ཉིན་གླིང་སྟོད་ཆོས་རྗེ། ལྡན་ཆོས་འཁོར་བའི་འགྲུལ་པ། དགའ་ལྡན་དར་རྒྱས་ཀྱི་དགེ་ཚུལ་མ་འདས་པའི་བསྔོ་ཞུས་པ་དར་རྒྱས་རབ་འབྱམས་པ། ཁམས་རཏྣ་བྷ་དྲའི་སྐུ་སྐྱེ། པ་རྣམ་ཐར་པའི་མཁན་པོ། རྒྱ་གར་གྷ་ཊ་གྷའི་རྒྱལ་པོའི་མི་སྣ། མོན་པ་ཨ་ཅོག་སོགས་ཕྲད་མི་ཁ་ཡར་བྱུང་། ཨ་ཅོག་ཕྱག་འཚལ་བའི་སྐབས་རྐང་པ་འདྲེད་ནས་འགྱེལ་ལ་ཁད་བྱུང་སོང་བ་མ་འོངས་པའི་གནས་ཚུལ་ལ་ལྟ་བ་འདྲ། དཔོན་མོ་སའི་ཁན་ཇུས་ཟོར་པང་མང་དུ་བཙེམས་ནས་སྐྱེལ་མི་བཏང་། བོ་དོང་སྦྱོར་ར་བའི་གྲ་པ་ཞིག་གིས་ཡུམ་རྒྱས་འབྲིང་བསྡུས་གསུམ་ཡོངས་རྫོགས་ཆུ་ཤུར་དགའ་ལྡན་ཐར་གླིང་པའི་གྲ་པ་ཞིག་གིས་པདྨ་བཀའ་ཐང་། ཚ་རོང་དཔོན་ཚང་གི་སློབ་མ་ཞིག་གིས་གསོ་དཔྱད་རྒྱུད་བཞིའི་རྒྱུགས་སྤྲད། ཚེས་བཅུ་གསུམ་གྱི་ཉིན་སྟག་ཚང་ར་བ་སྟོད་པ་དཔོན་སློབ་ཡོངས་རྫོགས། རྭ་བསྒྲེང་མཁན་པོ་སྤྱི་སོ་གྲ་པ་ཐོར་བུ། དཔལ་འཁོར་ཆོས་སྡེའི་མཁན་པོ་ཡོན་ཏན་སེང་གེ་ཅན་གྱིས་རིམ་པ་བཞིན་ཟང་ཟིང་གི་སྐྱེས་དང་བཅས་རིང་འཚོའི་རྟེན་འབྲེལ་བསྒྲིགས། ར་བ་སྟོད་པ་རྣམས་ལ་སྒྲོལ་མ་ཤེར་སྙིང་སོགས་ཀྱི་ལུང་ཕུལ། རྒྱས་སྲས་རཏྣ་འཁོར་བཅས་འབྱོར་བ་དང་། ལྷ་རྩེ་སྤྲུལ་སྐུ། བང་རིམ་མཁན་པོ། ཐོན་ལེགས་ལྡན་དབང་པོ། བྱ་སྒོ་བ་ཚེ་དབང་རྡོ་རྗེ། ཀ་ཚལ་བླ་མ། ཡར་འབྲོག་པདྨ་གླིང་པ། སྤུན་དྲུག་རྫོང་པའི་དཔོན་ས་སོགས་དང་ཕྲད། སྡེ་པ་བསོད་ནམས་རབ་བརྟན་གྱི་དགོངས་པར་


GLG006_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་ཚང་ཆོས་འཁོར་གླིང་པ་གོང་དཀར་ཐོད་རི་དང་རྟག་བརྟན་ལྟ་བུར་གཞིས་དགོན་མཛད་པའི་དར་རྒྱས་ཆེ་བ་ཞིག་གི་ཐུགས་བཞེད་དང་འབྲས་སྤུངས་སུ་བཞུགས་པར་དགྱེས་རྒྱུ་མི་འདུག་པ་སྤྱི་སོའི་ཕོགས་ཀྱི་མ་ལྡངས་པའི་སྐྱོན་དེ་ག་ཡིན་ནམ་སྙམ་རུང་གྲ་ཚང་བྱིངས་ལ་ཁ་ཅིག་ཡོད་ཀྱང་རེ་གཉིས་ཀྱིས་ཁམས་ཚན་མི་ཚན་གྱི་མི་སྣ་འདྲ་བྱས་སྐབས་ངན་ཤེད་ཀྱིས་འཐེན་ཁྱེར་དང་གྲ་རྒྱུན་ཆུ་འབབ་པ་ལས་ངོས་གཟུང་མེད་པར་བདག་ཏུ་བཟུང་བ། ལྷག་ཏུ་ཨ་པ་ལའི་བན་ཆུང་དཔོན་གཡོག་བརྒྱ་སྐོར་སྡེ་པ་བསོད་ནམས་རབ་བརྟན་གྱིས་ཆོས་འཁོར་གླིང་དུ་གཏོང་བའི་ས་བཅད་གནང་བའང་སྒོ་མང་སློབ་དཔོན་ཁྲི་གདན་ཟུར་དགེ་རྒན་སོགས་ཀྱིས་འཁྲལ་པས་ལམ་དུ་མ་རྒྱུགས། ཞལ་སྔ་ནས་འབུར་ལྟག་པ་དང་གཉལ་པ་གཉིས་ཀྱི་དུས་གྲ་ཚང་གཉིས་མདོ་སྒྲུབ་རྒྱག་རེས་དང་ཆོས་འཁོར་གླིང་པས་སྡེ་པ་བསོད་ནམས་རབ་བརྟན་ལ་ཞུས་པའི་བློ་གསལ་གླིང་པར་མི་སྣ་ཕབ་སྟེ་དབུ་མཛད་ཕུད་པས་མཚོན་དབྱེན་དུ་མས་བཅོས་པའི་འགྲས་གཞིའི་རྒྱུན་ཇེ་འཕེལ་དུ་སོང་བ་འདི་ལོ་མངོན་དོད་དུ་ལངས་ཏེ་གྲ་ཚང་ཕན་ཚུན་གཉིས་བསྒྲིལ་བས་ཆོས་འཁོར་གླིང་པའི་སྟེང་དུ་སྤུངས་པའི་སོ་སོའི་ཞུ་བཤེར་རྣམ་གྲངས་ཤིན་ཏུ་མང་བར་གོ་བསྐོན་གསེད་བཀྲོལ་སྣ་ཚོགས་བྱས་རུང་གྲ་ཚང་གཉིས་འབྲས་སྤུངས་ནས་གཞན་དུ་འཕོ་ཟེར་བའི་འགྲོ་སྡོད་ཀྱི་ཞུ་བ་བསྐྱར་འདེབས་ལས་གཞན་མ་བྱུང་ཞིང་གྲ་ཚང་ཆོས་འཁོར་གླིང་པའང་ཁོང་ཚོས་ཕུད་པའི་གཏམ་མི་འདོད་པ་བསྙད་པའི་བྲག་ཕུག་རྒྱབ་བསྟད་ཁོ་ནའི་རྒྱུ་མཚན་བྱུང་བར་གྲ་ཚང་གཉིས་སུ་མ་འདུས་པའི་འབྲས་སྤུངས་པ་མེད་པ་ལྟ་བུ་ཡིན་པས་


GLG006_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཁག་གཉིས་འབྲས་སྤུངས་ནས་འཕོ་ཐེབས་ག་ལ་ཡོད། བླ་མ་སྣེ་མོ་བ་སོགས་ཡོང་མི་རྣམས་ལ་ཕྱི་འཁྱར་མི་ཡོང་བའི་རྩི་ཁ་བཀག །གྲ་ཚང་ལ་དད་བཙུན་གྱི་རིགས་དེ་ནས་བཟུང་མ་བཅུག་པའི་བཙུན་ཁྲལ་གསར་པ་སུམ་བརྒྱ་ཙམ་བརྒྱབ་ཆོས་འཁོར་གླིང་རང་དུ་གྲ་ཤག་དང་བཅས་གྲ་ཚང་གཉིས་དང་འདྲེས་འདྲེས་མི་དགོས་པ་བྱེད་པར་དྲིལ་བསྒྲགས། དོན་དུ་ལོ་གསར་བསྟུན་མཁར་ལས་བྱེད་ཁར་ཚན་ཆེན་ཞིག་མ་བྱས་ན་མ་འཐུས་པའི་མི་སེར་སྦྱོང་ཞིང་ཉེ་སྐོར་ས་དམིགས་དོག་པར་བསྙད་རྟག་བརྟན་དུ་སྤོས་ན་གཏམ་ངན་སོད་ཅིང་དོན་ཀྱང་ཚང་ཚུལ་ལབ་པར་མགྲོན་གཉེར་དྲུང་པ། སྟག་རུ་ནས། སྐྱར་པོ་ནས་གསུམ་བཏང་བར་གཉེར་པ་སྐམ་དགོན་པས་ཐོག་དྲངས་ཚང་མ་ད་ཆ་འཐོར་ཆོག་པ་དགོས་ཞེས་ཁ་མ་འཁྱིལ་བར་ཧད་གྱེས་ལ་སོང་འདུག །སང་ཉིན་བློ་འགྱུར་བའི་ཞུ་འབུལ་ཡོང་དུ་རེ་བའི་བསྒུགས་ཀྱང་མ་བྱུང་བས་ནང་པར་ཚ་རོང་ནས་དང་སྟར་སྡོང་བློ་བཟང་རིན་ཆེན་གཉིས་རྩིས་ལེན་ལ་བཏང་། དགེ་འདུན་གྱི་དབྱེན་དུ་སོང་དོགས་པས་གྲ་ཚང་གི་སྒྲིགས་འགྲིམ་བཞིན་པ་རྣམས་གཞིས་དགོན་དང་དགོན་གནས་གཞན་དུ་འཕོ་བཅུག །སྙན་དར་སོགས་མཚན་ཉིད་པར་མི་མཁོ་བའི་སྔགས་ཆས་ཀྱི་རིགས་ཆོས་འཁོར་རྒྱལ་དུ་བསྐྱལ། དེ་ཕྱིན་ཟགས་འཐོར་མེད་པ་བྱས། མི་གཅིག་གིས་བསྐལ་པའི་འགོ་ཞབས་ཚང་མར་གྲ་ཚང་གི་རིགས་གཟུང་བའི་དཔེ་མེད་ཅིང་གྲ་ཐོག་མང་དུ་འཕོས་ཀྱང་གྲ་ཚང་གི་མིང་དེ་ཇི་སྲིད་བར་སྡོད་སྲོལ་འདུག་གཤིས་གཙང་ཕྱོགས་ནས་བཙུན་ཁྲལ་བརྒྱབ་སྟེ་ཟླ་ཤས་བར་ར་བ་སྟོད་འགྲིམ་བཅུག་པའི་བྱ་ལོའི་ནང་དུ་སློབ་དཔོན་ཕུན་ཚོགས་


GLG006_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཕེལ། དགེ་རྒན་བཅུ་སྐོར། གཉེར་པ་འཕྱོང་རྒྱས་དཀའ་བཅུ་བ་བློ་བཟང་ཚེ་རིང་། དཔལ་གྲོང་ཤག་པ་བློ་བཟང་རྣམ་རྒྱལ་རྣམས་བཏང་བའི་མྱུག་མཆོད་གཞིས་སུ་སྦྱར་རྒྱལ་ཁང་དགོན་པར་གྲ་ཚང་ཆོས་འཁོར་གླིང་གསར་དུ་བཙུགས་པས་བརྒྱ་བྱིན་དང་ཚངས་པ་ཚེ་འཕོས་པ་བཞིན་ཤུལ་ནི་བྱུང་མ་སོང་། དཔལ་འཁོར་ཆོས་སྡེ་མཁན་པོ་དང་སྟག་རྩེ་ཐའི་ཇི་ཡབ་སྲས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། མོན་པ་ཨ་ཅོག་ལ་ཕྱག་དྲུག་པའི་རྗེས་གནང་བསྐུར་ཞིང་གོན་པ་རྣ་གཡུ་བྱུ་རུ་གོས་དར་སོགས་སྟེར་སྦྱིན་བཟབས། བསྙེན་རྫོགས་གྱ་དགུ། དགེ་ཚུལ་བརྒྱ་བཅུ་བདུན། དགེ་བསྙེན་བཅུ་བཞི་རྣམས་བསྒྲུབས། ཆོས་རྗེ་སྒྲོལ་མ་བར་ཁྲོ་རོལ་གྱི་ཆོག་ཁྲིགས་གསར་པའི་ལུང་བཀླགས། ཁམས་སྤུང་རི་ནང་སོའི་དགོན་པ་ཁག་གསུམ་སྡེ་པ་འཕྲིན་ལས་རྒྱ་མཚོ་ཞིང་བརྗེ་གདོང་དགེ་ལུགས་སུ་བསྒྱུར་བའི་ཇི་ནོང་གི་ཚ་བརྒྱུད་དང་མཆོད་ཡོན་ཟུང་འབྲེལ་ཡོང་རྩིས་ཀྱིས་ཤོག་ཆེ་ཙམ་མཛད་སོང་བའི་བླ་མར་ལྕང་ལོ་ཅན་པ་འཕྲིན་ལས་རྒྱ་མཚོ་དང་སློབ་ཆུང་གཉིས་བཏང་། དེ་རྣམས་དང་མཚན་སྒྲོག་མཁན་པོར་འགྲོ་མི་གྲ་ཚང་གི་གྲ་པ་སྔགས་རམས་པ་ངག་དབང་འཕྲིན་ལས་བཅས་པར་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། ཚེས་བཅུ་དགུའི་ཉིན་སྡེ་པ་ཐོན་པ་སྒེར་གཞུང་། རྩེས་དང་། ཕོ་བྲང་། གྲི་གུ་བཞི་ཁྱོན་གཅིག་པས་ཚོགས་འཁོར་སྟེར་ཆའི་ཡོན་སྦྱར་ཏེ་དོ་དམ་མཐོན་པ་ལེགས་ལྡན་དབང་པོ། བྱ་སྒོ་བ་ཚེ་དབང་རྡོ་རྗེ། ཕོ་བྲང་རྫོང་སྡོད་རྣམ་སྣང་། གྲི་གུ་གཞིས་སྡོད་ཚེ་བདག་རྣམས་ཀྱིས་བྱས་པའི་གྲ་ཚང་གིས་འཆི་མེད་འོད་སྣང་


GLG006_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཆོག་བཏང་། ཉི་ཤུའི་ཉིན་གཤིན་རྗེ་མེའི་སྤུ་གྲིའི་མཚམས་ཁག་གཉིས་ལ་ལས་བྱང་གསར་བསྒྲིགས་ལྷན་ཐབས་ཀྱི་ལུང་བྱས། སང་ནས་བཟུང་ཉིན་བདུན་གྱི་བར་གཏེར་སྒྲོམ་གྱི་ཆུ་ཚན་གྱིས་ནད་ཀྱི་དྲི་མ་བཀྲུས། ཐོས་བསམ་དར་རྒྱས་གླིང་གི་ཚོགས་སུ་འཛུགས་རྒྱུའི་གཡའ་བཟང་ལྷ་མོ་ཙཎྜི་ཀ་དང་ཡར་ལྷ་ཤམ་པོ་གཉིས་ཀྱི་གསོལ་མཆོད་བརྩམས། རུ་ཐོག་དབང་པོས་རིང་དུ་གནས་དགོས་པའི་ཚན་གྲངས་དང་བཅས་སྙན་ཚིག་གི་གསུང་འཕྲིན་བྱུང་བའི་དེ་ལན་བསྲིངས་དཔལ་རི་སྤྲུལ་སྐུས་རིང་འཚོའི་ཚིགས་བཅད་དགོས་ཚུལ་འབྱུང་བ་སྐུར་ཞོར་དུ་ལོ་སྔ་མ་དམ་རྫིའི་སྐབས་འཕྲང་འགོ་གཏེར་སྟོན་པའི་ཡིད་བཞིན་ནོར་བུ་སའི་སྙིང་པོ་དང་སྣང་རྩེ་བའི་ཤ་ཟ་ཁ་མོའི་ཆེའི་མགུལ་ཤེལ་ཡིན་ཟེར་བ་གཉིས་འཁྱར་བ་ལག་ཏུ་བྱུང་བ་འཕྲང་འགོ་བའི་གཏེར་མ་དེ་ཕྱིར་བསྲིངས། སྣང་རྩེ་ནས་ཀྱི་དེ་ནི་གཙང་འགྲམ་གྱི་དཀར་གོང་ཆུང་ངུ་ཞིག་སྣང་བ་ལྷོ་ཁ་ཕྱོགས་སུའང་དེ་རིགས་འབལ་པོ་ཡོད་དམ་སྙམས་ལུས་སོང་། ཉེར་བརྒྱད་ལ་བྲག་སྣ་ཆོས་རྗེ་དང་ཆོས་རྗེ་ཁ་རག་པ་ཅན་བསྙེན་མཚམས་པ་བརྒྱད་ཐེ་བའི་གྲ་པ་དྲུག་ཅུ་སྐོར་ལ་དྲང་སྲོང་ལོག་ཏྲིའི་རིག་གཏད་དང་རྗེ་འབྲི་གུང་པའི་ལྗགས་བསྒྲིགས་ལེ་ཚན་གྱི་ལུང་བཀླགས། ཧོར་ཟླ་བཅུ་པའི་ཚེས་གཉིས་ལ་གོང་དཀར་རྡོ་རྗེ་གདན་ནས་སློབ་དཔོན་རྣམ་མཁྱེན་གྲོང་བ་དང་ཆོས་འཆད་པར་རབ་འབྱམས་ཆོས་རྗེ་སོགས་ཉི་ཤུ་སྐོར། ཚལ་གུང་ཐང་གི་བླ་མ་གྲ་རིགས་ཚོས་སོ་སོའི་ལུགས་བཞིན་སྐྱེས་དང་བཅས་བརྟན་སྡོད་ཀྱི་རྟེན་འབྲེལ་བསྒྲིགས། ངོར་མཁན་པོ་སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན། རྒྱལ་ལེགས་བཤད་གླིང་བླ་མ། ཨ་རིག་སུམ་བརྒྱ།


GLG006_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཤོད་པ་བརྒྱ་ཙམ་དང་ཕྲད། ངོར་མཁན་པོ་འདི་གསན་རྒྱ་དང་སྐུ་ཡོན་དུས་ཕྱིས་ཀྱི་མཁན་ཐོག་ཅིག་ལ་ཆེ། འོན་ཀྱང་ཀླུ་སྡིངས་པའི་སྲིན་པོའི་ཟ་རེས་ལས་ནི་ཐར་མ་སོང་། གོང་དཀར་ཆོས་སྡེ་པ་རྣམས་ལ་ཐམས་ཅད་མཁྱེན་པ་མཁྱེན་བརྩེས་མཛད་པའི་སྒྲོལ་དཀར་གྱི་སྦྱིན་སྲེག་གི་ལུང་བཀླགས། ཚེས་གསུམ་ལ་བདེ་ཡངས་སློབ་དཔོན་པས་གཙོས་སྟོད་ལུང་ཚེར་གསེབ་དགོན་པ་པས་དངོས་པོའི་ཚན་གྲངས་དང་བཅས་ཆོ་ག་ལ་བརྟེན་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། རབ་འབྱམས་པ་བསོད་ནམས་གྲགས་པའི་དུས་ཀྱི་ཕྱག་ལེན་ཁ་ཤས་བཙུན་མ་ཞིག་གིས་དཔེ་སྦས་ཏེ་ནུབ་པ་འདས་ཤུལ་ནས་རྙེད་དེ་ཕྱག་ལེན་སྔར་ལས་རྒྱས་པ་ཞིག་བྱས་སོང་། དགེ་སློང་ཉིས་བརྒྱ་ཉེར་ལྔ། དགེ་ཚུལ་བདུན་ཅུ། དགེ་བསྙེན་གཅིག་རྣམས་བསྒྲུབས། དབུ་སྐོར་ཆེ་ཆུང་། ཡམ་བུ་རྒྱལ་པོའི་མི་སྣ། དགའ་ལྡན་ཆོས་འཁོར་ཡང་རྩེའི་བླ་མ། ལྷོ་བྲག་མཁར་ཆུ་དང་སྒོ་ཆུའི་བླ་མ་སོགས་དང་ཕྲད། བཅུ་གསུམ་གྱི་པ་སངས་ནམ་གྲུའི་འགྲུབ་སྦྱོར་ཐོག་རྒྱལ་སྲས་ཤེར་འཕེལ་སྤྲུལ་སྐུ། རཏྣ། ས་སྐྱོང་། དབོན་པོ་གུ་རུ་སྲས་བཅས། བྱེ་རྫིང་མཁན་པོ། འཕགས་སྡེའི་མཁན་པོ་གྲ་བཅས། ཡང་ཟུར་གྱི་དབུ་མཛད། དཔོན་པོ་བསོད་ནམས་ཆོས་འཛོམ། རྒྱལ་མོ་ཆུང་བ་ཅན་ལ་ཇ་གྲལ་བྱས། སྐྱེ་ས་རུམ་པ་ཡིན་པའི་མགོ་དཀར་ཧ་ཆེ་ཟེར་བས་མེ་ལོང་ཁྱད་མཚར་བྱིན། ད་ལའི་ཧུང་ཐའི་ཇིས་དགའ་ལྡན་གསེར་ཐོག་གི་དགོས་ཆ་གཞན་རྣམས་སོང་བའི་ཚབ་མར་གསེར་སྲང་བརྒྱད་ཅུ་དང་གོས་དར་ས་སྐྱོང་ལ་བསྐུར་འདུག་པ་འཚེམ་མེད་དུ་བྱུང་། ཚོགས་གསོག་ཏུ་རྫོང་གཞིས་བཅུ་


GLG006_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་བསྡོམས་པར་བཀའ་འགྱུར་ཚར་ཉིས་བརྒྱ། འབུམ། བརྒྱད་སྟོང་པ། བསྐལ་བཟང་། དཀོན་བརྩེགས། ཏིང་འཛིན་རྒྱལ་པོ། གཟུངས་བསྡུས། གསེར་འོད་རྣམས་བརྒྱ་རྩ་རེ། མཚན་བརྗོད་དང་གདུགས་དཀར་སོ་སོར་སུམ་འབུམ། ཤེར་སྙིང་ཉིས་འབུམ། སྨན་བླ་ཆིག་ཁྲི་བཞི་སྟོང་། ཚེ་ཆོག་བཞི། གཤིན་རྗེའི་སྔགས་རིང་བྱེ་བ། མནན་པ་བདུན། རྒྱལ་དུ་དམག་ཟོར་མའི་བཀང་བ་ཆིག་འབུམ། བེག་ཙེ་ལ་ཆིག་ཁྲི། སྤྱིར་སྟོང་རྩ། དེ་གའི་མུ་འཐུད་ཇུས་རིམ་དུ་དམིགས་ནས་སྟོད་སྨད་དུ་དགྲ་མནན་ཁག་བཅུ་བྱས། ཚེས་བཅོ་བརྒྱད་ལ་ཤར་འཕེལ་སྤྲུལ་སྐུ་དང་རཏྣ་མཆོད་ཡོན་གྱིས་གོས་དར། ཇ་ཏ། ཆ་ཁར་དབང་གི་བླ་མ་རྩེས་དང་ལས་ཆེན་པས་གསེར་དངུལ། གོས་ཕྱི་ནང་། ཐོ་ཡོན་བླ་མའི་དགེ་རྩའི་ཇ་གོས་དར། དབུ་སྒོར་ཆུང་བས་རྒྱལ་པོའི་དགོངས་རྫོགས་སུ་ཕྱིང་གུར གོན་པ། རྟ་སྒ་བཅས། སག་ཐག །བྲ་ཡག་སྐུ་སྐྱེའི་ཇ་ཁོར་དྲུག་མ་བརྒྱ་སྐོར་སོགས་བདོག་པ་མང་དུ་བླངས་ཤིང་དགེ་བ་རྣམས་རྫོགས་བྱང་དུ་བསྔོས། རྟ་ཚག་རྗེ་དྲུང་། གནས་རྙིང་ཞབས་དྲུང་གི་སྐུ་སྐྱེ། ཐའི་ཇི་ནོར་བུ་རྒྱ་མཚོ། དགེ་འདུན། སྟག་ལུང་ཕྱག་མཛོད། ཨ་མདོ་པའི་གསར་འགྲུལ་མང་བ་རྣམས་དང་ཕྲད། དེ་མོ་སྤྲུལ་པའི་སྐུ་ད་ལའི་ཧུང་ཐའི་ཇིས་གཙོས་པའི་མཚོ་བའི་དཔོན་ཁག་རྣམས་ཀྱིས་གདན་དྲངས་ཏེ་བྱོན་པ་ལམ་དུ་ཆབ་གཞི་ཡིན་ནམ་ཟེར་གང་ལྟར་ཐིངས་དཀའ་བའི་བསྙུན་གྱིས་གཤེགས་པའི་མགྱོགས་བསྔོ་རྟེན་དང་གནས་ཚུལ་སྐྱེལ་བར་དགེ་སློང་དྲག་པ་ཞིག་ཆེད་བསྟད་འབྱོར། གོས་དར་ཤ་ནས་ཀྱི་དགོངས་རྫོགས་མཐུན་རྐྱེན་གྱ་ནོམ་པ་བསྲིངས། དབོན་པོ་བསོད་ནམས་


GLG006_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུས་བསྐུལ་བ་ལྟར་སྐུ་སྐྱེ་མྱུར་འབྱོན་གྱི་ཚིགས་བཅད་བསྐུར། ལས་འབྲས་ཀྱི་རྣམ་གཞག་འདི་མཆོག་དམན་ཀུན་ལ་གལ་ཆེ་བས་མདོ་སྡེ་མཛངས་བླུན་དང་གཞན་ཡང་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་ཕྱི་ནང་གསང་གསུམ་རྗེ་བཙུན་བཙོང་ཁ་པ་ཆེན་པོ་དང་མཇལ་ཚུལ་གྱི་པར་རྣམས་གྲུབ་པའི་སྐྱེལ་མི་འབྱོར། མེའི་སྤུ་གྲི་དང་འགོང་པོ་ཨར་གཏད་ཀྱི་སྒྲུབ་པ་བཙུགས། ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་གོང་ནས་མི་སྣ་ཡར་ཀླུངས་ཨེམ་ཆི་དང་ཏ་འོན་ཤི་རེལ་ཐུ་ཆོས་རྗེའི་དབོན་པོ་འགྲུལ་སྡེབས་ཀླུ་འབུམ་ཆོས་རྗེ་དང་ཡེར་པ་ཆོས་རྗེ་སོགས་མང་བ་འབྱོར། བཀའ་ཤོག་གནང་སྦྱིན་སྤྲད་ཅིང་རྒྱ་སོག་གཞུང་བཟང་གི་དགོངས་པ་བསྟད་པའི་བཀའ་ངག་སྩལ། མི་སྣ་དང་འགྲུལ་སྡེབས་རྣམས་ཀྱིས་རྒྱ་ཟོག་གི་བདོག་པའི་སྐྱེས་ཤིན་ཏུ་ཆེ་བར་བྱས། ཏྲེ་བོ་དཔོན་གྱི་བསྐུར་མ། ནག་ཤོད་རབ་འབྱམས་པ་དགེ་འདུན་རྒྱལ་མཚན། ཁམས་བྱ་མོ་ནང་གི་བླ་མ་ཅན་འགྲུལ་པ་མང་བ་དང་ཕྲད། ཚེས་བཞི་ལ་ཤེར་འཕེལ་སྤྲུལ་སྐུས་གཤེད་དམར་གྱི་སྐུ་དིང་ཐགས་མ་ཧོར་དུས་དོན་པའི་ཁྱད་ཅན་གྱིས་གཙོས་སྟེར་སྦྱིན་ཚོགས་མཆོད་འགྱེད་དང་བཅས་པའི་སྦྱིན་བདག་མཛད་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཆོག་བཏང་། ཚེས་བཅུ་ལ་དཔལ་ལྡན་འབྲས་སྤུངས་གྲ་སློབ་ཉིས་བརྒྱ་སྐོར་གྱིས་མཎྜལ་གྱི་རྟེན་དུ་དངོས་པོའི་སྐྱེས་དཔངས་བསྟོད་དང་བཅས་བདེན་ཚིག་གི་ཤིས་པ་བརྗོད་། ཤེར་འཕེལ་སྤྲུལ་སྐུར་སྤྱན་རས་གཟིགས་ཀྱི་རྗེས་གནང་ཕུལ། ཚངས་པ་དུང་ཐོད་ཅན་གྱིས་རིམ་གྲོའི་


GLG006_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་མའི་གསུང་ལན་ཚིགས་བཅད་དུ་བསྲིངས། དར་ཁན་ཇའི་སང་གིས་རཏྣར་བརྗོད་རིགས་མངས་པའི་འཁྲུལ་གཞིས་དགེ་སྐྱོན་ཅུང་ཟད་བྱུང་བར་སྐྱར་པོ་བ་བཏང་བའི་གསེང་བཀྲོལ་བྱས་པས་དཔོན་པོ་གྲུང་དྲགས་པའི་རྗེས་སུ་སྤང་བླང་མཐའ་དག་ཚུལ་དང་ལྡན་པ་བྱུང་། རྒྱལ་རྩེ་བདག་པོ་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་རྡོ་རིང་རིན་པོ་ཆེའི་ཞལ་ཐང་ཚར་ཆེན་གྱི་ཕྱག་ནས་མ་དང་རྡོ་ནག་མཎྜལ་དྲུང་ཡིག་བྱམས་པ་དོན་གྲུབ་བརྒྱུད་པའི་གངས་ཆེ་བ་གཉིས་འདར་ལོ་འཁོར་ཞག་ནས་ཕྱིར་འདེགས་སྐབས་བསྐུར་བ་མཛད། མཆོད་དཔོན་པས་རེ་ཞིག་སྒྲོལ་དཀར་གྱི་ཚེ་ཆོག་ཅིག་བྱུང་ན་ཡོང་འདྲ་ཟེར་བ་ལྟར་གོང་དཀར་ཆོས་སྡེ་ནས་རྡོ་རྗེ་སློབ་དཔོན་ཐེ་བའ་ིགྲ་པ་ལྔས་པོ་ཏ་ལའི་ཞོལ་དུ་ཟླ་གྲངས་ཀྱིས་བརྗེ་ལེན་བྱས་པའི་ཆག་མེད་དུ་བཙུགས། མེ་རྟ་ཡུམ་ཆེན་མོའི་རྒྱུགས་སྤྲོད་མཁན་སྦྱོར་ར་བའི་གྲ་པ་དེས་ཉི་ཁྲིའི་རྒྱུགས་སྤྲད། འབྲི་གུང་ཕྱག་མཛོད་པས་བང་ཆེན་རྒྱུ་འགྲུལ་སོགས་ལ་ཐུགས་ཕན་ཐོགས་པ་ཡོང་ཞེས་ཧོར་རྟ་ཁ་ཡར་སྐྱེལ་བར་བཏང་། ཚེས་བཅོ་ལྔ་ལ་གོང་གི་མི་སྣ་གཉིས་ཀྱིས་ཚོགས་འཁོར་སྟེར་ཆ་འགྱེད་གཟེངས་བསྟོད་པའི་ཡོན་སྦྱར་ཏེ་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་བཏང་། འོར་པ་དཀའ་བཅུ་དང་ཆབ་མདོ་རྗེ་དྲུང་རིན་པོ་ཆེའི་སྐུ་སྐྱེ་གཉིས་བསྙེན་རྫོགས་བསྒྲུབས། ལྷོ་འབྲུག་པས་མོན་པ་ཨ་ཆོག་སོགས་རང་ཞབས་ཀྱི་སྟེང་དུ་དཔུང་བཅུག་པའི་ཚུར་རྒོལ་དེ་ལམ་དུ་བཞག་ན་མ་འཐུས་པའི་དཔུང་ཁག་བཞི་གཏོང་བ་ཤར་བས་གྲ་ཚང་དུ་ཇུས་རིམ་བཙུགས། སྤྱན་གཟིགས་སྙན་དར་ཚོགས་ཆས་སྤེལ་བའི་འཕྲིན་འཆོལ་དང་ལུང་བསྟན་


GLG006_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བར་བསམ་ཡས་སུ་ལྷ་ས་ནུབ་པ་རིན་ཅེན། ཚོང་འདུས་དང་ཐང་པོ་ཆེ་ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་། ལ་མོར་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་རྣམས་བཏང་། སྟར་སྡོང་བློ་བཟང་ཚེ་བརྟན་ཅན་གྱིས་མཚོ་སྣ་ཕྱོགས་སུ་འགྲོ་ཁྱབ་ཆེ་བ་དང་སྟག་རུ་བ་གནམ་གང་འབྲུག་རྒྱལ་དང་མས་ཆགས་པ། བྷྲུཾ་ནས། དམིགས་པ་སོགས་ཀྱིས་བུམ་ཐང་དུའང་འགྲོ་ལུགས་ལེགས་པོ་བྱུང་འདུག་རུང་མདའ་དཔོན་གསུམ་གྱིས་གཙོས་པའི་དཔུང་ཆེན་རང་ཞབས་མ་བསྒྲལ་བའི་དཔའ་བོ་རྒྱབ་བཅད་ཀྱི་སྐྱོན་གྱིས་ཁག་ཞན་གཉིས་ཀྱང་གཏོང་ཚོད་བྱེད་དགོས་བྱུང་བའི་ཐོག །གདན་ས་གོང་འོག །བཀྲ་ཤིས་ལྷུན་པོ་སྐྱིད་ཤོད་ཐའི་ཇི་རྣམས་ཀྱིས་བར་པ་བྱེད་པས་ཉན་དགོས་ཚུལ་བྱུང་བ་བཞིན་ཕན་ཚུན་གཉིས་ཀ་དགྲ་ཞེད་གཉེན་ཞེད་ལ་སོང་བའི་སེམས་ཅན་གྱི་བདེ་ཐབས་ལ་ཕན་པར་བསམས་གསུངས་དང་དུ་བླངས་པའི་ཤིང་ཡོས་ཚུན་ཆིངས་དན་ལ་གནས་པ་བྱས། རིན་ཅེན་རྩེ་པ་ལྷ་བསངས་ཀྱིས་གཙང་དུས་དང་མཆོད་ཡོན་སོགས་དཔོན་ཐོག་ན་རིམ་གྱི་དབུ་ལ་ར་ཐང་གཡོགས་པ་ཚབས་སུ་སོང་བའི་བུ་མོའི་ཐོག་ཏུ་བླ་མ་ལྷ་པ་བསྒྲིལ་བའི་ཆོས་འཇིག་རྟེན་གང་དུའང་འཐེན་ཆོག་པ་བྱ་གཤོག་བྱི་སོའི་དཔེ་བྱེད་རྩིས་སྣང་བ་སྐབས་སུ་མ་བབས་པས་ཡོལ་གདོང་ནས་གཞོན་པ་ལེགས་ལྡན་མག་པར་བསྐྱལ་འོན་ཀྱང་སྔོ་ཆས་ཀྱིས་གཙོས་ཆས་ཀ་དྲག་པ་རྣམས་སྦས་བཤུབས་ཀྱིས་མཚོན་པའི་བྱེད་སྒོ་སྣ་ཚོགས་ལ་བརྟེན་སྡེ་པ་ལྷ་བསངས་རང་ཟུར་འཇོག་གི་རྨུགས་པའི་རང་མདོག་ནི་མི་སྟོན་ཀ་མེད་ཤར་སོང་། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ལ་ཁོར་ཆིན་གེ་


GLG006_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སར་གུ་ཡེང་ཇའི་སང་དང་ཨ་ཡོ་ཤི་ཨ་སྦས་ནང་ཚང་གཉིས་ཀྱིས་ཁ་བཏགས་བརྒྱ། གོས་ཡུག་ཉི་ཤུ། ལིང་དང་མ་ཧཉྩེ་བཞི་བཅུ་རེ། དངུལ་སྤྱད། རྟ་སྒ་འཁོར་གྱིས་གཙོས་པའི་སྟེར་ཆ་གཏོས་ཆེ་བ་བཏེག །ན་མོན་ཨེ་ཇེན་ཆབ་གཞིའི་བསྙུན་བབས་ལྕི་བའི་ལྷ་སར་འབྱོར་བ་ཁོང་པ་ན་ཚོད་དང་ནད་བབས་ཚང་མ་ནས་མཐར་ཐོན་མདོག་ཁ་བས་ཤིང་རྟ་བྱས་ཏེ་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་ཁྱད་འཕགས་རྣམས་ཀྱི་ཞལ་མཇལ་འཕྲལ་དུ་འགབ་ཚུལ་གླེངས། དེ་ན་པོ་ཏ་ལར་ཡང་ཡོང་དགོས་གསུང་བ་ལྟར་ལྟག་སྒོ་རྒྱབ་ཏུ་རྡུལ་མི་ལྡང་བའི་ས་སྟན་མང་དུ་འདིང་བའི་སྟ་གོན་བགྱིས་ཀྱང་བླ་མ་མངོན་མཁྱེན་པ་ཟེར་བས་ལོ་གསུམ་བར་གྱི་ཁག་ཐེག་བྱས་པས་ད་ཆ་དྲག་ནས་བྱེད་ལོང་གཤོམ་ཞེས་བཤོལ་བ་དེ་ཀའི་གནངས་གཞེས་ཙམ་མ་འཚོ་རུང་ཐག་རིང་ནས་འོངས་པ་ཇོ་ཤཱཀ་གི་དྲུང་དུ་འབྱོར་བས་བློ་ཁ་རྫོགས་ཤིང་གནམ་དཔྱད་ཀྱང་ལེགས་པ་བྱུང་སོང་། ཀླུ་འབུམ་མེརྒན་ཆོས་རྗེ། དགེ་ཚུལ་མ་གཉིས། ཐའི་ཇི་གསུམ། ཇའི་སང་དྲུག །ཀོང་པོ་དར་ཁན་ཨེམ་ཆི་ཅན་ཁལ་ཁའི་འགྲུལ་པ་ཚོ་དང་ཕྲད། དཔོན་པོའི་དགེ་རྩར་བསྔོ་རྟེན་དང་ཆོས་སྡེ་རྣམས་སུ་དགེ་བའི་རྩ་བ་བགྱིས་པ་མཐའ་དག་རྫོགས་བྱང་དུ་བསྔོས། སོ་སོའི་སྟེར་ཆས་མཚོན་པའི་བདོག་པ་རྒྱ་ཆེར་སྤེལ། དགེ་རྩ་དམིགས་སུ་འགྲོ་བའི་བསླབ་བྱ་བྱས། ཆོས་རྗེ་བྲག་ལ་པའི་བསྔོ་རྟེན་དུ་ཆོས་དབང་རིན་པོ་ཆེའི་རྟ་མགྲིན་སྒྲུབ་རྟེན་གྱི་ཐོད་སྐུ། བྱང་པ་རིགས་འཛིན་ཆེན་པོའི་ཐུགས་དམ་རྟེན་གྱིས་གཙོས་པ་འབྱོར། སྟག་ལུང་ཞབས་དྲུང་མ་ཆེན་ཅུང་ཟད་བསྙུན་པའི་ཚུལ་བསྟན་པར་སྐུ་རིམ་གྱི་མང་འགྱེད་རྒྱ་


GLG006_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་མཛད་སོང་ཞིང་དེ་སྐབས་ཕྱག་མཛོད་པས་ཇོ་ཤཱཀ་གཉིས། རང་བྱོན་ལྔ་ལྡན་འཕགས་པ་མཆེད་རྣམས་ལ་འབུལ་རྒྱུའི་སྙན་དར་ཞལ་ཡིག་བསྐུལ་བ་བཞིན་བརྩམས། ཨེར་ཏེ་ནི་ཆོས་རྗེ། སེ་ཆེན་ཨ་ཁས་གུ་ཤྲི་ཐོ་ཡོན་སོགས་ཀྱི་མི་སྣས་སོ་སོའི་ཡི་གེ་རྟེན་སྦྲགས་སྤྲད་པ་བླངས། ཆོས་ལུང་བྱང་རྩེའི་ནང་རྟེན་རྒྱལ་སྲས་ཐོགས་མེད་པའི་ཐུགས་དམ་རྟེན་གྱི་བདེ་མཆོག་དང་ལྷ་མོའི་ཤིང་སྐུ། འཕགས་པ་རིན་པོ་ཆེའི་ཐུགས་དམ་རྟེན་ཡང་དག་མར་མེ་དགུ་པའི་ཐོད་སྐུ། ནག་པོ་སྤྱོད་པའི་སྐུ་རྒྱན། རྟག་བརྟན་གྱི་ནང་རྟེན་སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་། ཤཱ་རིའི་བུའི་ཚེམས། འོད་སྲུངས་ཀྱི་ཚེམས། གྷ་ཡ་དྷ་རའི་ཕྱག་དྲིལ་རྒྱ་གར་མགོ་དཀར་ནས་བྱུང་བ། གྲུབ་ཆེན་ཀོ་བྲག་པའི་འབྲལ་སྤང་གི་ཐོད་པ་འཇའ་བུན་མ་རྣམས་ཕྱོགས་མཐུན་དུ་དྲངས་པ་ནང་རྟེན་ཁྲོད་དུ་ཡོད། དུས་རིམ་ལེ་ཚན་བཏང་། ཉེར་དགུ་ནས་ལག་པ་གཡོན་པའི་གྲུ་མོ་ཅུང་ཟད་ན་བ་གནམ་གང་གི་ཉིན་སྐྲངས་ཆེ་བ་བྱུང་བས་རོལ་མོ་དང་བཅས་གཉན་ཁར་གནོད་དོགས་བསྐང་གསོར་འགྲོ་མི་འགྲོ་ཐེ་ཚོམ་གྱི་ཚེ་སྡེ་པ་ཨ་བར་དང་མཆོད་དཔོན་པས་བརྟག་པ་ཞིག་བྱས་ན་ཡོང་ཟེར་བ་ལྟར་མོ་ཕྱྭ་ཞིག་བཏབ་པས་སྐྱོན་མེད་ཚུལ་བབས་པ་བཞིན་གྱི་ཕྱིན་པར་རོལ་མོ་ཆེན་པོ་དེས་མི་གནོད་པའི་ཁར་ནང་བར་བདེ་རུ་སོང་འདུག་པ་དར་མོ་ནས་ཀྱིས་ཁོང་སྨན་བཏང་བའི་ཕན་ཡོན་ཡིན་ནམ་གང་ལྟར་ཞེ་མེད་འདི་ནད་ལ་ཡང་འགྲོ་གིན་ཡོད་པ་འདྲ།

དགུང་ལོ་ང་གསུམ་པར་བོད་འབངས་ཀྱི་བདེ་ཐབས་དང་ཚོགས་གསོག་ཏུ་དམིགས་ཏེ་ཁྲ་འབྲུག་དང་ཡུམ་བུ་བླ་མཁར་གྱི་རྒྱ་ཕིབས་གསར་བཞེངས་དང་། ཟངས་རི་བ་བློ་བཟང་མཐུ་སྟོབས་སྡེ་སྲིད་དུ་བསྐོས་པ་བཅས་ཀྱི་སྐོར།


GLG006_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ས་བྱ་གནམ་ལོ་གསར་དུ་ཚེས་པའི་སྲིད་གསུམ་བདག་མོ་མཆོད་ཅིང་ཉིན་གཉིས་ཀྱི་བར་རྒྱ་ནག །ཁལ་ཁ་ཨོ་རོད། བོད་དང་བཅས་པའི་དྲག་རིམ་ལ་ཚོམས་ཆེན་དུ་བཞུགས་གྲལ་བཏང་ཁྱོན་བསྡོམས་སྟོང་ཕྲག་གསུམ་བརྒལ་བར་ལོ་གསར་གྱི་དགའ་སྟོན་སྤེལ། ཚེས་བཅུ་བཞིའི་ཚ་རྟིང་ཁར་སྡིགས་ཤིན་ཏུ་ཆེ་བ་ཞིག་བྱུང་བ་སོགས་ལ་བརྟེན་མཆོད་དཔོན་དབུ་མཛད། གྲོང་སྨད་ཨ་བར། སྟག་རུ་ནས། སྐྱར་པོ་ནས་སོགས་ཉེ་འཁོར་བ་ཐམས་ཅད་ཀྱིས་རིམ་གྲོ་བྱས་པ་འགབ་ཚུལ་གླེང་བ་དང་ངེད་རང་ཡང་ལྟ་བ་དང་བློ་སྦྱོང་ཁ་བཤད་དུ་ལུས་པའི་བདག་འཛིན་གྱི་དབང་གིས་རྫོང་གཞིས་བཅུ་གསུམ་བསྒྲིལ་བར་དྲི་མེད་བཤག་རྒྱུད་སུམ་སྟོང་། གདུགས་དཀར་འབུམ་ཐེར་བཅུ་གསུམ་དང་མདོས་ཆེན་བཞི། ཚེ་ཆོག་དགུ། སྨོན་ལམ་ཆེན་མོའི་ཚོགས་ཆེན་དུ་སྤོང་དག་ལ་བརྟེན་པའི་འགྱེད་རྒྱས་པར་བཏང་། དངུལ་ཆུ་མ་དུལ་བ་མཛེ། འབམ་ནག །གཉན་རྒོད་ཤིན་ཏུ་ཐུ་བའི་རིགས་མ་གཏོགས་ནད་གང་བྱུང་ལ་བཏང་ན་ཕན་ལས་གནོད་ཆེ་ཞིང་བཙོ་བཀྲུ་ལ་བརྟེན་ནས་དཔལ་ལྡན་ཤཊ་བ་རི་དབང་ཕྱུག་དྲང་སྲོང་རིག་པའི་བློ་གྲོས་གྲུབ་ཐོབ་བཱ་ལི་པ་གསུམ་འཇའ་ལུས་གྲུབ་ནས་ད་ལྟའང་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པར་བཤད་ཅིང་གྲུབ་ཐོབ་ཨོ་རྒྱན་པས་རྒྱུད་མན་ངག་དུ་མ་ལས་བཏུས་ནས་བོད་འདིར་དར་རྒྱས་སུ་མཛད་པའི་རྒྱུན་བཞིན་ཤེལ་དཀར་དུ་སྦྱར་ར་དངོས་གྲུབ་ཀྱིས་དོ་དམ་བྱས་དཔོན་ཚང་ནམ་མཁས་བཟོས་པའི་དངུལ་ཆུ་བཏུལ་མ་གཏོས་ཆེ་བ་དང་རྟེན་སྒམ་ཆུང་གྲ་རྣམས་འབྱོར། རི་བོ་ཆོས་གླིང་གི་དངུལ་གདུང་དང་གཙང་ཁང་མགོན་ཁང་གི་དེབ་ཀྱི་འགོ་བརྗོད་དང་ཤེར་འཕེལ་སྤྲུལ་སྐུས་བསྐུལ་བའི་སྨོན་ལམ་ཚིགས་བཅད་བྲིས། ཡུལ་ཁམས་གང་དུའང་སོ་


GLG006_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ཆ་ལུགས་སྒྲིགས་སྲོལ་རང་སྐད་འཕྱུགས་མེད་དུ་བྱས་པ་ཤེས་ཤིང་ཁྱད་པར་བོད་འདིར་དུས་སྙིགས་པ་ན་ཆ་ལུགས་སྤྱོད་ཚུལ་ཁ་བརྡ་སོགས་འཕྲལ་འཕྲལ་འགྱུར་འགྲོ་བ་ཨོ་རྒྱན་ཆེན་པོ་དང་ལྷོ་བྲག་མཁན་ཆེན་ཕྱག་རྡོར་བ་སོགས་ཀྱི་ལུང་བསྟན་དུ་གསལ་བས་ཆ་ལུགས་སྣ་ཚོགས་ལེགས་རྒྱུ་མི་འདུག་རུང་སོག་པོའི་ཁྲིམས་ལུང་རྒྱུགས་པའི་དུས་ཡིན་གཤིས་སོག་ལུགས་རང་ཤ་སྟག་པ་ཞིག་བྱས་ན་རྣམ་པ་གཅིག་ཏུ་འཐད་ཤས་ཁའང་ཕལ་ཆེར་གྱིས་དེ་བཞིན་མ་འབྱོར་བས་སྟེང་གོས་སོག་ལུགས་ལ་ཤ་གོས། སྐ་རགས། ལྷམ། གཟན་རྣམས་བོད་དང་བསྟུན་པའི་ཆས་ཡ་མ་ཟུང་གང་དུའང་ངོས་འཛིན་དཀའ་བས་བོད་སོག་སོ་སོར་ཆས་མ་འདྲེས་པར་བྱུང་ན་ལྟ་སྣང་སྤྲོ་ཞིང་གཙང་དུས་ཕན་གྱི་ལོ་ཆུ་ཙམ་རྗེས་སུ་བྱུང་མ་སོང་བས་བོད་ཀྱི་ལྷ་ཆེན་རྣམས་མགུ་ན་ལོ་ཆུ་ལེགས་སུ་རེ་བ་དང་མི་ནག་སྐྲ་མེད་པ་འདི་དགེ་འདུན་གྱི་ཆོས་འཁོར་ཆེན་པོའི་དུས་དཀོར་ལ་སྙེག་པའི་སྡིག་པ་ཞར་ལ་གསོག་པ་ཞིག་འདུག་པས་ལྡིང་དཔོན་ཡན་སྐྲ་ལོ་དང་དེ་ཕྱིན་དགོན་པའི་དཀོར་གྱིས་ངེས་པར་འཚོ་དགོས་པའི་དམིགས་བསལ་རྣམས་མ་གཏོགས་རྦད་མགོ་དྲག་གཞན་གོ་བབས་དང་བསྟུན་པའི་བོད་ཆས་བྱེད་དགོས་པའི་བརྡ་འགྲེམས་དང་གན་རྒྱ་བླངས། གོང་ཕྱོགས་སུ་སེར་སྲིད་དར་རྒྱས་ཆེ་ཁུལ་ལ་དཔོན་མཐོང་ལས་མེད་པའི་ཡོན་ས་མཐའ་དག་སྒམ་འབྲུག་ཁོ་ནས་ཚུལ་འཆོས་པའི་གཞན་འདྲིད་ཀྱིས་བདག་གིར་བཟུང་སྣང་བས་རང་བསྟན་ལ་མི་ཕན་པར་ངེས་ཏེ་སེར་སྲིད་སོ་སོར་དཀོར་ས་རྣམས་བགོས་ཏེ་ཡོན་མཆོད་ཚད་ལྡན་དགོས་པའི་བསྡམ་ར་བྱས།


GLG006_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་ནོ་མོན་ཨེ་ཇེན་གྱི་དགེ་ཚུལ་མ་གཉིས། དའི་ཆིན་ཁོ་ཤོ་ཆི། ནོམ་ཆི་ཨ་ཁའི་རྣམས་ཀྱིས་ཇ་གོས་དར་། དངུལ་སྤྱད། རྟ་རྨིག་མ། པགས་རིགས། སྤོས་རིགས། སྤོས་ཁྱད་མཚར། ཁེ་རེ་མེ་གསོན་པོ། རྟ་སྒ་མས་ཐོག་དྲངས་སྟོང་འབུལ་བཏེག །དཔོན་པོའི་དགེ་རྩར་དམིགས་པའི་སྨན་བླ་བདེ་གཤེགས་བརྒྱད་ཀྱི་དངུལ་སྐུ་བཞེང་བའི་རོགས་རམ་བྱས། འཕགས་པ་ལྷའི་ཕྱག་མཛོད་ཆོས་བཀྲས་པ་འབྱོར་བའི་ཇ་ཁོར་དྲུག་མ་ལྔ་བཅུ་སྐོར། རྟ་དྲེལ་ཁྲབ་ཀྱི་བདོག་པ་བཏེག་དབོན་དྲུང་ཆོས་འཁོར་ཡང་རྩེར་སྡོད་མི་དགོས་པའི་རེ་བ་ཡིན་འདུག་རུང་ཆུ་ཤུར་ནས་ཆོས་འཁོར་ཡང་རྩེར་འཕོ་གདོང་རི་གོང་མགོན་ཁང་དུ་རྩི་ཁ་བཀག་སྐབས་མནའ་ཤས་པ་སོགས་སྟག་ཤིའང་ཀླད་རྩལ་མི་སྐམ་པའི་འཇམ་པོ་གསུམ་གྱི་གདུལ་བྱར་གཏོགས་རིགས་སུ་མིན་འདུག་པས་དོན་སྨིན་མ་བདེ། རྡོ་རྗེ་བྲག་སྤྲུལ་པའི་སྐུས་གྲ་ཚང་དུ་གྲ་ཇ་དང་རྒྱ་རྔའི་སྤྱི་འབུལ་ཐོག་ཡུན་དུ་གནས་པའི་བདེན་པ་བརྗོད་པའི་ཐུགས་རྩོམ་མཛད་དེ་བཙུགས། སྟག་ལུང་ཕྱག་མཛོད། གླེ་བོའི་མི་སྣ། རུ་ཐོག་དབང་པོའི་བསྔོ་ཞུས་པ། ཏྲེ་བོ་ནམ་མཁའ་བསམ་གྲུབ། ཚལ་བདེ་ཆེན་གྱི་ཐའི་ཇི། གོང་གི་གསེར་ཡིག་པ་འགྲུལ་སྡེབས་དང་བཅས་པ། གུང་ཐང་གི་བླ་ཁག །རཏྣ། ས་སྐྱོང་ཕུན་ཚོགས་དབང་ཕྱུག་གིས་གཙོས་པའི་དཔོན་པོ་རྣམས་དང་ཕྲད། དགེ་སློང་དོན་བདུན། དགེ་ཚུལ་ཉིས་བརྒྱ་རེ་དྲུག །དགེ་བསྙེན་གཉིས་རྣམས་བསྒྲུབས། སྔགས་རམས་པ་འཇམ་དབྱངས་བཀྲ་ཤིས་ཀྱིས་བསྐུལ་བའི་སེར་སྨད་སློབ་དཔོན་ཚུལ་དར་བའི་གསོལ་འདེབས། ཆུ་ཤུར་ཐར་གླིང་སློབ་དཔོན་གྲ་


GLG006_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི་ངོར་རིང་འཚོའི་སྨོན་ལམ། པེ་ཅིང་གི་ཙནྡན་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་ལ་བསྟོད་པ་སྨོན་ལམ་ཐག་རིང་པོ་ནས་སན་ཆག་པ་ཤིས་བསྐུལ་བ་རྣམས་བཀོད། དཔོན་ཚང་ཚ་རོང་པའི་སློབ་མ་གཉིས་ཀྱིས་གསོ་རིག་རྒྱུད་བཞིའི་རྒྱུགས་སྤྲད། ཟླ་བ་དང་པོའི་ནང་དུ་ཆམ་པ་ཞིག་བྱུང་བ་དྲུང་འཚོ་ལྷག་བསམ་དང་དར་མོ་ནས་གཉིས་ཀྱིས་སྨན་བཏང་འཕྲོད་ངོ་ཆེའང་ཡང་ཡང་ལོག་པའི་སྟབས་སྨན་རྐང་པར་བབས་ཉམས་ཀྱིས་ཟླ་བ་འདིའི་ཉི་ཤུ་སྐོར་ནས་རྐང་པའི་མགོ་མ་བདེ་བར་སྨན་དཔྱད་ཀྱིས་བདེ་སྐྱིད་ཡོང་མུར་ཧོར་ཟླ་གསུམ་པའི་ཚེས་དགུ་ལ་འབམ་རོ་འཕར་བར་སྨན་དཀར་བཏང་བས་ཞག་ཤས་སོང་ཚེ་འགྲོ་འདུག་ཅུང་ཟད་ཐུབ་ཙམ་བྱུང་། སྡེ་པ་ཨ་བར་དང་དབུ་མཛད་གཉིས་ཀྱིས་ནད་གཡོག་བྱས་ཤིང་ཨ་བར་ལོ་བཅུ་བདུན་ལས་མི་འགྲོ་ཡང་གཉིད་བསྲུང་བར་སྡོད་ནུས་པ་གོས་ཀྱི་སྲུབས་དབར་ནས་རླུང་མི་འཆོར་བའི་གྲུང་པོ་བྱས་པ་སྟག་རུ་ནས་ཀྱིས་མཐོང་བས་ཡ་མཚན་གྱི་འཕྲོས་པ་བྱེད། འཇམ་དབྱངས་བསྟན་འཛིན་དང་ཆང་ཁྱིམ་པ་གཉིས་ཀྱིས་ཡི་གེ་འདྲི་རོགས་དང་ཕྱི་རོལ་ཏུ་ངག་མ་བསྒྱུར་བའི་རྐང་བརྡུངས་ཤིང་དར་མོ་བ་དང་ཆང་ཁྱིམ་པ་མཆོད་དཔོན་པའི་སར་བཏང་བས་སྨན་དཔྱད་དྲུང་འཚོ་བ་ལྷག་བསམ་གྱིས་བྱས། ཚེས་བཅུ་དགུ་ལ་མཆོད་དཔོན་པ་ཡར་ཀླུངས་ཀྱི་བྲེལ་བ་ཆོད་བསྟུན་རྒྱལ་གྱི་གཏོར་གསོས་ལ་འགྲོ་བའི་ས་བཅད་ཡོད་པར་ནུབ་གཅིག་རྨི་ལམ་དུ་ཆོས་སྐྱོང་གི་བསྐུལ་མ་ཡིན་འདྲ་སྙམ་པ་ཞིག་ཤར་བ་སང་ཉིན་སྙན་དར་གྱི་ཁ་ཡིག་རྣམས་གནས་བཙུན་འཇམ་དབྱངས་ཀྱི་སཾ་ཊ་བྲིས་པའི་དར་ཐོག་ཏུ་ཕབ།


GLG006_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གཟིགས་ཚོ་སྐྱེལ་བ་དང་སྦྲགས་མཆོད་དཔོན་པ་སྔ་འགྲོས་རྒྱལ་དུ་འགྲོ་དགོས་པའི་ཧུང་རྒྱ་བསྐུར་བའི་གྲབས་ཡུལ་བརྩམས་པ་ནས་བཟུང་འགྲོ་འདུག་ལ་མངོན་པའི་བདེ་སྐྱིད་ཆེ་བ་ཞིག་བྱུང་བར་དཔགས་ན་སྲུང་མའི་འཁྲེན་ཆར་མངོན། མ་ནས་ལོ་སྔོན་མའི་ནང་སོག་ཕྲག་གི་སྟེང་དུ་ནད་ཟུག་ལག་མཐིལ་རྒྱ་ཙམ་པ་འཕོ་ལེན་དང་ཡོད་མེད་སྣ་ཚོགས་བྱེད་པ་ཞིག་བྱུང་བ་དཔོན་ཚང་བྱང་ངོས་ནས་དང་སློབ་མ་ལྷག་དར་གཉིས་ལ་ཡང་ཡང་བསྟན་རུང་རླུང་འདྲ་བས་བྱུག་པ་བྱུགས་ཟེར་བའི་དབུགས་དབྱུང་ཙམ་ལས་མ་བྱུང་། དེ་སྐབས་ཁྲག་ངན་གསོག་གིན་ཡོད་ཚོད་ནས་ལག་པར་གཏར་ཁ་ཅིག་བྱས་ན་ཆུ་བོ་ཝ་ཁ་བསྒྱུར་བ་ལྟར་ད་ལམ་ནད་འདི་ལྡང་རིགས་མིན་འདྲ་ནའང་བོད་རེ་བས་འཕུང་བ་ཆོས་ཉིད་དོ། །ཆ་གན་ཐ་ཡན་ཆིའི་དབང་ཕྱུག་དགེ་སློང་གིས་བསྐུལ་བ་དང་མཚན་སྒྲོག་མཁན་པོ་ངག་དབང་འཕྲིན་ལས་ཀྱི་ངོར་ཡུན་དུ་འཚོ་བའི་སྨོན་ལམ་བྲིས། ཚོགས་གསོག་ཏུ་རྫོང་གཞིས་བརྒྱད་བསྡོམས་པར་འབུམ་བརྒྱ་གཉིས། དྲི་མེད་བཤགས་རྒྱུད་སྟོང་རྩ། མཚན་བརྗོད་ལྔ་འབུམ། གདུགས་དཀར་བདུན་འབུམ། བྱམས་སྨོན་ཤེར་སྙིང་ཡིག་བརྒྱ་གསུམ་འབུམ་ཐེར་རེ། ཚེ་ཆོག་དགུ །གྲ་ཚང་དུ་གཤིན་རྗེའི་སྔགས་རིང་དང་འཁོར་ལོ་འབར་བ་སོ་སོར་བྱེ་བ་དང་སྐོང་བཤགས་ཉིན་བདུན། དགའ་ལྡན་དུ་ཇ་ཚུལ་བཅུ།བསམ་ཡས། ཁྲ་འབྲུག །ཡུམ་བུ་བླ་མཁར་གསུམ་དུ་ཉིན་ལྔའི་རིང་མཆོད་པ་སྣ་ལྔ་བརྒྱ་རྩ། གསེར་ཆབ། སྙན་ཤལ་འདོད་གསོལ་གྱི་ཚིགས་བཅད་དང་བཅས་པ། གདུགས་དཀར་མདོས་ཆེན་གསུམ། ཁྲོ་རོལ་བཞི། འཆར་ཀའི་


GLG006_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་གཅིག །ཚེ་བདག །ཁྲོ་ཆུ། གཤེད་དམར་གྱི་གཏོར་བཟློག་རེ། མགོན་པོ་གཡུལ་བཟློག་བཞི། ཞི་བའི་སྦྱིན་སྲེག་བཞི་བརྒྱ། བཙོན་དོང་ཐར་བཅུ། ཕྱུགས་ལུག་བརྒྱ་དང་ཉ་འབུམ་གྱི་སྲོག་བླུ། ཡེར་པར་དཀར་མེ་དང་ནག་མེ་སོ་སོར་བརྒྱ་རེ། དར་ལྕོག་བཅུ་གསུམ། སེར་འབྲས་དགེ་གསུམ། རྒྱལ་རི་མཐིལ་དང་བཅས་པའི་མགོན་ཁང་ཚོར་གྲ་པ་སུམ་ཅུས་བཀང་བཤགས་བདུན་ཕྲག་རེ་བཏང་བའི་མཇུག་ཏུ་གཏོར་རྒྱག །དཔལ་ལྷ་དང་གནས་ཆུང་ལྕོག་ཏུ་བཀང་གསོ་སྟོང་རྩ་བྱས་པས་ཁམས་ཀྱང་ཞག་སྐྱེད་ཉིན་སྐྱེད་དུ་བདེ། འདི་ལོ་ནད་ཡུན་རིངས་པ་ལ་བརྟེན་དཔལ་ལྡན་འབྲས་སྤྲུངས་སྤྱི་སྒེར་ཁྱོན་བསྡུས་ཀྱིས་ཞག་གྲངས་མང་པོར་མང་ཇའི་ཐོག་རྒྱལ་བའི་བཀའ་གསུང་སྒྲོག་དང་དབྱིབས་འདྲའི་རིམ་གྲོ་སེ་ར་ཐེག་ཆེན་གླིང་དང་ཕ་བོང་ཁ་སོགས་ནས་ཀྱང་མཛད། ཧོར་ཟླ་བཞི་པའི་ཚེས་བཞི་ལྔ་སྐོར་ལ་རྒྱ་ནག་གི་མི་སྣའི་འགྲུལ་སྡེབས་དམངས་དང་ཁལ་ཁའི་དཔོན་མོ་ཆོས་རྗེ་རྣམས་ལ་རྫོང་བ་གཞིས་ལེན་རྒྱས་པར་བྱས་ཤིང་ངོས་ཕྲད་མ་ཐུབ། ལྷ་ས། ར་མོ་ཆེ། པོ་ཏ་ལ་གསུམ་ལ་མཆོད་པ་སྣ་ལྔ་བརྒྱ་རྩ། ཞལ་གསེར་སྤྱན་འབྱེད་འདོད་དོན་གསོལ་བའི་སྨོན་ལམ་བྲིས་པའི་སྙན་དར་ཕུལ། གྲ་ཚང་དུ་གཤིན་རྗེ་འདུས་པའི་སྔགས་རིང་བཟློག་བཅས་དང་འཁོར་ལོ་འབར་བ་སོ་སོར་བྱེ་བ་རེ། ཁྱབ་འཇུག་གི་མདོས་ནག །དྲི་ཟའི་རྒྱལ་པོར་རྟེན་རྫས་སྤྱན་གཟིགས་མཆོད་གཏོར་གྱ་ནོམ་པ་འཕྲིན་ལས་འཆོལ་བའི་སྙན་དར་ཚིགས་བཅད་མ་དང་བཅས་ཉིན་བདུན་གྱི་རིང་བཀང་བའི་ཚེ་ཁ་འཚུབ་འཇའ་སྤྲིན་འཁྲིགས་པའི་རྟེན་འབྲེལ་


GLG006_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཚན་མ་ལེགས་པར་བྱུང་། མགོན་པོ་ཡེལ་དེང་གི་ཚ་བོ་བློ་བཟང་བསྟན་འཛིན་གྱིས་ཕ་མ་གཉིས་ཀྱི་འདོད་དོན་འགྲུབ་པའི་སྨོན་ལམ་བསྐུལ་བ་བྲིས། མཆོད་དཔོན་པའི་འཆར་སྟོན་བྱུང་བ་བློར་བབས་པའི་སྟག་རུ་བས་གྲ་སྒྲིག་བྱས་ཏེ་དབུས་ཁུལ་ཆུ་ལྷོ་བྱང་ནས་དགོན་དམིགས་བསལ་ལྔ་བཅུ་ང་བརྒྱད་ལ་ཞག་བཅོ་ལྔའི་ཕོགས་རྩམ་ཇ་ཐུག་རྐྱེན་ཐེག །རྒྱར་ཡོན་སྤོམ་སྤྲོད་དང་བསྔོ་རྟེན་རྣམ་གཞག་སོ་སོར་སྤྲད་པའི་ཚེ་མདོ་ཚེ་གཟུངས། ཚེ་སྒྲུབས། སྨོན་ལམ། བཤགས་པ། བཟློག་པ། གསུང་སྒྲོག་དགོན་བབས་དང་བསྟུན་པ་བྱས། ཆུ་བོ་རི་ནས་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་ཕེབས། ཞག་བཅུ་སྐོར་བཞུགས་བདུད་རྩི་འཁྱིལ་བའི་དབང་དང་ལྷ་འདྲེ་སྟོང་དྲའི་ལུང་སོགས་ཆོས་བཀའ་འགའ་ཞིག་ཞུས། ཆུ་བོ་རིའི་གནས་སྲུང་རྣམས་ལ་མཆོད་གཏོར་འབུལ་བའི་རིམ་པ་དགོས་ཚུལ་ཕེབས་པ་བཞིན་བཀོད། ཧོར་ཟླ་ལྔ་པའི་ཚེས་གསུམ་ནས་མཇུག་གཅོད་དུ་གཏེར་སྒྲོམ་གྱི་ཆུ་ཚན་ཞག་བདུན་གྱི་བར་བསྟེན། རྩེ་གདོང་ཞབས་དྲུང་ཁྲི་ཆེན་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཐུགས་དམ་གསལ་འདེབས་ཀྱི་རྟེན་འབྱོར་ཞིང་གདུང་འབུལ་གོས་ཕྱི་ནང་ཁ་ཤས་དངུལ་མདོང་། ཐ་ཕག །རྟ་གསེར་སྒས་གཙོས་པའི་དགུ་ཚན་བཅུ་འབུལ་བར་དར་རྩེ་མདོ་ས་དཀར་མགོ་བ་བཏང་། འདི་ལོ་ཉིན་ཁ་ཤས་ལུང་པ་ཐམས་ཅད་ཁུག་རྣས་ཁེངས་པའི་ཉི་ཟླའི་འོད་མི་གསལ་བ་སོགས་ལ་མི་དམངས་རྣམས་རྣམ་རྟོག་ཆེན་པོ་བྱེད་ཚུལ་སྟག་རུ་བ་དང་ཆང་ཁྱིམ་པ་གཉིས་ཀྱིས་གླེངས་བྱུང་བ་རྩེ་གདོང་ཁྲི་ཆེན་གཞན་དོན་དུ་དགོངས་པར་ལྟ་བར་སྣང་། གོང་


GLG006_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་པོར་གནང་བའི་བཀའ་ཤོག་རྒྱལ་པོ་གསར་རྙིང་གི་མཚམས་སུ་སོང་བས་སྤྲོད་མ་ཐུབ་པ་རྒྱལ་ས་མ་འཁོད་བར་ངེད་ལ་འཆོལ་རྒྱུ་བཀའ་ཤོག་གནང་ཆེས་པས་ངོས་སུ་མ་ཕུལ་བར་བརྒྱུད་ན་ངེད་རྣམས་ཁྲིམས་ལ་ཐོགས་ཉེན་ཡོད་ཅེས་འཇིགས་སྐྲག་གི་བསྒུགས་ཡོད་པ་ཚེས་ཉི་ཤུའི་ཉིན་མཚམས་ཁོག་ཏུ་ཕྲད་དེ་རྩིས་བླངས། གོང་དུ་ཞུ་ཡིག་དང་འབུལ་སྐྱེལ། རྒྱ་སོག་གཞུང་གི་མཇུག་སྡོམ་གྱི་སྙན་འབུལ་ཞུ་བར་ཐང་སག་སློབ་དཔོན་བློ་བཟང་འཇམ་དབྱངས་དང་རྒྱུས་ཡོད་ཀྱི་སྟབས་ཁང་གསར་རབ་བརྟན་སླར་བསྐྱར་ཏེ་བཏང་། མངའ་རིས་གྲ་ཚང་སློབ་དཔོན་གྲ་བཅས་ཀྱིས་ཚེ་སྤེལ་བའི་ཚིགས་བཅད་དགོས་ཚུལ་བྱུང་བ་བྲིས། ཚེས་བཅུ་ནས་མཚམས་གྲོལ་བའི་རྩེས་དང་ལས་ཆེན་བྱམས་པ་རྒྱ་མཚོས་ཁོང་རང་གིས་བརྩམས་པའི་ཚིགས་བཅད་བཏོན་ཞིང་གོས་དར་གྱི་བདོག་པ། ཉིན་ཕྱི་མ་རྣམས་རིམ་བཞིན་ཐར་གླིང་བླ་མ་གྲགས་བཅས། དཔལ་ལྡན་འབྲས་སྤུངས་ཀྱི་གྲ་སློབ་ཕྱེད་སུམ་བརྒྱ། དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར། རྩེ་ཤར་གྱིས་ཐོག་དྲངས་པའི་དགེ་འདུན་བརྒྱ་སྐོར། སེ་ར་ཐེག་ཆེན་གླིང་གྲ་སློབ་ཕྱེད་སུམ་བརྒྱ། མངའ་རིས་གྲ་ཚང་དཔོན་སློབ་རགས་བསྡུས། ཆོས་འཁོར་ལྷ་ས་རུ་བཞི་རྣམས་ཀྱིས་ཟང་ཟིང་གི་བདོག་པ་སྤེལ་བའི་རིང་འཚོའི་རྟེན་འབྱུང་བསྒྲིགས། ཐར་གླིང་པར་ཡུན་འཚོའི་ཚིགས་བཅད་གསར་པའི་ལུང་བཀླགས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་དུས་བསམ་ཡས་མདོ་སྡེའི་ཐོག་གསོལ་མཆོད་གནང་སྲོལ་ཡོད་འདུག་པ་བར་དུ་ཆག་པ་འདི་ལོ་ནས་གོས་ཕྱི་ནང་གསེར་སྐྱེམས་ཀྱིས་


GLG006_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གཙོས་པའི་སྤྱན་གཟིགས། ཚོགས་ཆས་འབུལ་བའི་འགོ་བཙུགས་ཏེ་ཆོས་རྒྱལ་དཔོན་བློན་སོ་སོར་འཕྲིན་འཆོལ་གྱི་ཡི་གེ་དང་བཅས་པ་རྒྱ་ཕྲུག་པ་དབང་འདུས་བཏང་། དེ་མོ་སྤྲུལ་སྐུའི་དགོངས་རྫོགས་སུ་དབོན་པོས་དགེ་སློང་འཕགས་པ་ནོར་བུ་ཅན་མངགས་པའི་གསེར་དངུལ་ཇ། གོས་དར་གྱི་སྟེར་ཆ་གྱ་ནོམ་པ། དགའ་ལྡན་རབ་འབྱམས་པ། རི་བོ་བདེ་ཆེན་གྱི་གཉེར་པ། བྲག་ལ་གདན་ས་སྣང་དཀར་བ། ལྕང་ར་ནས་མིང་སྲིང་སྡེ་པ་ཕོན་མདོ་བ། ནཱ་ལནྡ་བཅོ་བརྒྱད་པ་ཐུགས་སྲས་ཟླ་བའི་སྤྲུལ་སྐུ་བླ་མ་ཞང་སྟོན་པ་མཆེད། ཆོས་རྗེ་ཆུ་མིག་པ། ཆོས་རྗེ་དུང་དགོན་པ། རཏྣ་ས་སྐྱོང་གཉིས་ཀྱི་མི་བཟང་ཁ་ཤས་རྣམས་དང་ཕྲད། སྨར་ཁམས་གོ་བོ་དབོན་བོ་དང་དར་རྩེ་མདོ་པ་ལྕགས་ལ་སྤུན་གྱིས་སྟེར་ཆ་བཟབས། རྒྱ་སྦུགས་ལེགས་པ་ཞིག་བྱུང་བ་གྲ་ཚང་དུ་སྤྲད། གཞན་ཡང་རྒྱལ་བའི་བཀའ་འགྱུར་གསེར་ཆོས་གླེགས་ཤིང་རྩི་མ་སྐུ་རགས་གདོང་དར་གྲིལ་ཚས་ཁོམ་ཤུབས་ཆ་འགྲིག་པོ་ཏི་བརྒྱ་དང་གསུམ། རྙིང་མ་རྒྱུད་འབུམ་སྐྱ་ཆོས་གླེགས་ཤིང་གླེགས་ཐག་ཆ་ཚང་པོ་ཏི་ཞེ་གཉིས་རྣམས་ཀྱང་གསུང་རྟེན་དུ་སྦྱར། ཚེས་བཅུ་བཞིའི་ཉིན་བསྙེན་རྫོགས་ཞེ་དགུ་དང་དགེ་ཚུལ་ལྔ་བཅུ་སྐོར་བསྒྲུབས། བི་རི་དགེ་རྒྱས་དཔོན། རབ་འབྱམས་པ་ལུང་རིགས། རབ་འབྱམས་པ་ཚོགས་འཕེལ། དཀའ་བཅུ་བློ་བཟང་ཚེ་རིང་། གོང་དཀར་ཆོས་སྡེ་ནས་པོ་ཏ་ལའི་ཚེ་ཆོག་གི་བཞི་སྡེ་བ་བརྗེ་མཁན་གཞི་བྱེས། ཉང་རེ་སྐུ་སྐྱེ། སེམས་དཔའ་ཆེན་པོའི་སྤྲུལ་སྐུ་རྣམས་ཇ་གྲལ་བཏང་། ཆོས་འཁོར་རྒྱལ་གནས་དབེན་པས་འདོད་ཡོན་ཀྱང་དེ་དང་མཚུངས་གཤིས་


GLG006_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དཔོན་པས་ཇ་ཚུལ་གྱི་ཐེབས་ཤིག་ཚུགས་ན་ལེགས་ཟེར་བར་འབྲུ་ཐོག་ནས་ཉོ་ཆ་བྱེད་དགོས་བྱུང་ན་ཤོགས་ཆེ་བ་ཞིག་དཀའ་འདུག་པས་མདོར་རྒྱ་འགྲུལ་གཏོང་བའི་ཚོང་ཟོག་གི་དངུལ། སྣམ་བུ། འོག་ཁལ་གྲ་བསྒྲིགས་དེ་གའི་ལག་གཡོག་དང་མཐུན་རྐྱེན་དུ་གྲ་ཕྱི་ཐར་གླིང་ནས་ཐེམ་འཛིན་བརྒྱད། ལག་ཡོང་ལྔ་བརྒྱ། རི་བོ་ཆོས་གླིང་པར་མཆོད་གཞིས་ཆོད་གྲུབ་ཀྱང་གང་གི་གསེར་ཡིག་པ་ཡར་ཀླུངས་ཨེམ་ཆིས་ཞུ་རྟེན་བཟང་བས་ཞུས་ངོར་ཐོབ་རྒྱལ་ཆུ་སྐོར་རྐང་གཅིག་གི་ལག་འབབ་ཉིས་བརྒྱ་བརྒྱད་ཅུ། ཕོ་བྲང་ནས་འཁྲུ་ཁལ་སུམ་བརྒྱའི་གཤོར་འདེབས་དང་བཅས་པ། གོང་དཀར་ཆོས་སྡེ་བར་གཙང་དུས་ཕན་སྒྲུབ་མཆོད་སོགས་ཀྱི་གཏོང་ཆ་ནར་མ་ཡིན་འདུག་པར་ལྕགས་སྦྲུལ་བདེ་གཟར་ནས་བཟུང་གཏོང་ཆའི་ཚབ་ལ་རྒྱལ་གྲུབ་གླིང་ས་འབྱེད་གནང་བ་ལོ་གཉིས་གསུམ་ནས་ཞུ་ལོག་སྣ་ཚོགས་ལ་བརྟེན་བཞེས་པའི་ལོ་སྐོར་ལྷག་ཙམ་གྱི་བར་ཚུལ་སྒྲུབ་མཆོད་ཀྱི་ཕྱག་ལེན་རྣམས་བརྗེད་བྱང་ཙམ་དང་དགོན་པའང་ཉམས་ཆག་ཤིན་ཏུ་ཆེ་བར་གྱུར་པ་ས་ཕག་ཁ་རག་སྒྲུབ་སྡེ་པའི་མཆོད་གཞིས་དང་སྙེ་མོ་ནས་ས་འབྱེད་བྱས་རུང་ཐག་རིང་ཞིང་འཇིག་རྟེན་གྱི་འཁྱེར་ཁ་ཞན་པའི་ཟོས་པོ་ཞིག་མེད་འདུག་པས་ཚུར་བླངས་ཆུ་ཤུར་ལྷ་ཡུལ་གཞིས་ཀ །ཐེམ་བཞི་བཅུ་ཞེ་དྲུག །ལག་ཡོང་ཉིས་སྟོང་ཕྱེད་སུམ་བརྒྱ། ཁྱབ་བདག་ཞ་ལུ་བ་ཆེན་པོས་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས་ཀྱི་དུས་ཇའི་ཐེབས་རྒྱུན་འཇགས་དགོས་ཚུལ་གྱིས་ཞུ་རྟེན་དང་བཅས་ཕེབས་བྱུང་བ་རྒྱལ་གྲུབ་གླིང་ཤས་རྙིང་ཐོག་ནས་འབྲུ་ཁལ་ཉི་ཤུ་སྐོར། གཏེར་སྟོན་རིགས་


GLG006_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཆེན་པོས་གྲ་ཚང་གསར་འཛུགས་མཛད་བཞེད་ཀྱི་མཐུན་རྐྱེན་དགོས་ཚུལ་གྱི་ཞུ་རྟེན་ལྷ་ལྕམ་མནྡ་ར་བའི་ཐུགས་དམ་རྟེན་གྱི་ཕག་མོའི་ལི་སྐུ་ཨོ་རྒྱན་ཆེན་པོས་ཆོས་རྒྱལ་ལ་གནང་བ་སྙིང་མཛོད་ནས་མངའ་རིས་པཎ་ཆེན་གྱིས་བཏོན་ཏེ་འབྲི་གུང་ཟུར་པར་གནང་། དེས་ཡོལ་མོ་བ་ནམ་མཁའ་བརྒྱ་བྱིན། དེས་མདོ་སྔགས་བསྟན་འཛིན་ལ་བརྒྱུད་པ། གཏེར་སྟོན་རཏྣ་གླིང་པའི་ཞལ་གོ་བདེ་ཆེན་གླིང་པས་སྣ་ཚོགས་རང་གྲོལ་ཕུལ་བ། སྨན་ལུང་པ་མི་བསྐྱོད་རྡོ་རྗེའི་དབུ་ཐོད་ཆོས་རྒྱལ་ཕོ་བྲང་པས་མདོ་སྔགས་བསྟན་འཛིན་ལ་ཕུལ་བའི་ནང་དུ་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི་ཕྱག་བྲིས་མའི་ཚེ་མཆོག་གི་སྐུ་བརྙན་ཡོད་པ་པདྨ་གླིང་པའི་གཏེར་བྱོན་གྱི་གནམ་ལྕགས་རྡོ་རྗེ་བཅས་བྱུང་བར་བཟང་ཡུལ་གྲོང་གསར་དང་སྤང་འདབས་གཞིས་ཀ །ཐེམ་འཛིན་བཅུ་སྐོར། ལག་ཡོང་ཆིག་སྟོང་བརྒྱ་ལྷག །རྡོ་རྗེ་བྲག་ཨ་ཝཾ་ལྕོག་སྒར་པར་དོལ་ནས་གཤོར་འདེབས་བྱེད་རྒྱུན་ལ་ས་བརྗེས་དགོས་ཚུལ་དང་བཅས་སྤྲུལ་པའི་སྐུས་མངའ་རིས་རིགས་འཛིན་ཆེན་པོས་སྤྱན་དྲངས་པའི་འཁོར་བ་དབྱིངས་སྒྲོལ་གྱི་གཏེར་སྣོད་དང་ཆོས་དབང་རིན་པོ་ཆེའི་སློབ་མ་བདུན་གྱི་ནང་ཚན་ཨེ་མ་ཞེས་ནམ་སྙིང་གི་སྤྲུལ་པར་ལུང་གིས་ཟིན་པ་དེའི་དབུ་ཐོད་མཁར་ཆུའི་ཚོགས་ཁང་གི་མཆོད་རྟེན་བུམ་པར་སྦས་པའི་ཆོས་རྒྱལ་དབང་པོའི་སྡེ་སྤྱན་དྲངས་པའི་ནང་དུ་ཡང་དག་གི་སྐུ་དང་རྒྱབ་ཏུ་ཨེ་མའི་སྐུ། དཀར་ཆག་གི་ཡི་གེ་དང་བཅས་འདྲི་བ་གནང་བའི་རིགས་འཛིན་ཡབ་སྲས་ཀྱི་ཐུགས་གཙིགས་མའི་ཞུ་རྟེན་བྱུང་ཞིང་རིམ་གྲར་ཐུགས་ཁུར་ཆེ་ཞིང་རིགས་འཛིན་གོང་མ་རྣམས་ཀྱི་རྒྱུན་ལ་བསམ་ས་སྣོན་དང་


GLG006_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲགས་སྙེ་མོ་ཀ་སྡོད་དང་ཞུར་ལྷག་གི་གཞིས་ཀ །ཐེམ་འཛིན་སུམ་ཅུ་སྐོར། ལག་ཡོང་ཆིག་སྟོང་བརྒྱད་བརྒྱ། བདེ་ཆེན་ཆོས་འཁོར་ནས་སྤྲུལ་པའི་སྐུས་ལགས་ལགས་རིན་ཅེན་གྱི་དོན་དུ་གད་ཁ་ས་དང་འབྲེལ་བརྒྱུད་ཡོད་མེད་ཀྱི་མཚམས་ལ་གོང་དཀར་ཆོས་སྡེའི་མགོན་ཁང་དུ་དབུ་རྩི་མཛད་པ་ཁུངས་རྡོལ་གྱི་ཆད་པར་རྒྱལ་ས་སྡེ་པ་འཕྲིན་ལས་རྒྱ་མཚོས་བཞེས་སོང་བར་ཞུ་རེའི་སྤྲོས་པ་མི་འདུག་རུང་རོ་དུར་ཁྲོད་ནས་ལོག་རེའི་སུན་གཙེར་གྱི་རྒྱུར་འདུག་པ་དང་དགའ་ལྡན་གསང་སྔགས་གླིང་སྔར་ཕན་ནར་མ་ཡིན་རུང་མཆོད་གཞིས་སྦྱར་བ་འཇགས་ཆེ་བར་བསམ་ཞིབ་ཆའི་རྩིས་གྲུབ་མ་བཏང་བར་འདི་ཙམ་གྱིས་མི་འགྲོ་འདུག་རུང་སྔ་འགྲོས་སུ་རྒྱལ་ས་དང་ཁོལ་མ་བསྡོམས་པར་ཐེམ་ཉེར་ལྔ། ལག་ཡོང་སྟོང་ཕྲག་ཕྱེད་གཉིས། སྤྱན་གཡས་པ་ལྕགས་སྦྲུལ་ལོ་བྱས་ཡུས་ཆེ་བ་བྱེད་འདུག་ཀྱང་སྡེ་པ་བསོད་ནམས་རབ་བརྟན་གྱི་དུས་མཆོད་གཞིས་གནང་བ་ལེ་ལག་མ་འདྲིལ་བ་རྣམས་ཞུ་རེ་བྱུང་བ་བཞིན་ཡར་སྟོད་བྱང་སྲིབས་གྲོ་མོ་བ་ཁུངས་ཀྱི་གཞུང་སྒྲུབ་བྱེད་དགོས་རྣམས་ཟླ་འདྲིལ་གྱི་ལག་འབབ་སུམ་བརྒྱ་སྐོར། གཡའ་བཟང་ལྷ་མགོན་གྱི་མཆོད་ཁང་དུ་དཀར་མེ་སྡོང་རྐང་གཅིག་གི་ཐེབས་སུ་ཡར་སྟོད་ཕུའི་ཤས་ཞིང་སྟེང་ནས་ཁལ་བདུན་ཅུ། འབྲུ་ལ་བར་ཞོ་ཁ་ཁུལ་གྱོང་ལ་གཏོགས་པའི་ཐེམ་འཛིན་བཅུ་བདུན། ལག་ཡོང་བརྒྱ་སྐོར། ཀ་ཚལ་བླ་མ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ལ་སྐུ་རིམ་སྒྲུབ་རྟེན་དུ་མས་དྲོ་ཆུ་བཟང་གི་ཞོལ་ཁང་གཞིས་ཀ །ཐེམ་ཆུང་ལྔ། ལག་ཡོང་ཕྱེད་སུམ་བརྒྱ། ནཱ་ལནྡཱ་བཅོ་བརྒྱད་པ་སྔར་ནས་དགའ་ལྡན་ཕོ་བྲང་དང་


GLG006_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་འབྲེལ་ཆགས་པའི་སྐུ་མདུན་རིན་པོ་ཆེས་གང་ལེགས་མཛད་པའི་ཕྱག་ཐམ་ཡང་འདུག་ཅིང་སྐྱིད་ཤོ་ཐའི་ཇིས་མཁར་རྩེ་འཛིན་སྐབས་ས་ཆ་ཤོར་འདུག་པ་དང་བཅས་ཟ་དམ་མཁུལ་སྣ་མོ་ཇོ་གདན་པའི་དགོན་བླ་བྲང་གྲ་ཤག་དང་སྐུ་གསུང་ཐུགས་རྟེན། མཆོད་རྫས་ཐོར་བུ། གཞི་བ་བཅུ་གཉིས་ཀྱིས་ཀུན་རིག་དང་སྨན་བླ་གཏོང་བའི་ཐེབས་ཕྲན་བུ་འདུག་པ་དང་བཅས་བསྡོམས་པར་ལག་འབབ་ཕྱེད་བདུན་བརྒྱ་མོ་བྲན་ཐེམ་འཛིན་བཅོ་ལྔ་དང་ཉིས་འཛིན་ཐེམ་དྲུག །བྲ་ཡག་ཏྲེ་བོ་གཉིས་ཀྱིས་ཞུ་རྟེན་བཏོན་པའི་འབྲས་སྤུངས་བློ་གསལ་གླིང་པར་རྐྱང་མོ་གཞིས་ཀ་ཐེམ་འཛིན་བཅུ་གཉིས། ལག་ཡོང་དགུ་བརྒྱ། གྲ་རི་བོ་རྣམ་རྒྱལ་བར་གྲ་ནང་ལྷུན་རབ་པ་དང་དགོན་ཆུང་ར་མ་སྟེང་། ལག་ཡོང་བརྒྱད་ཅུ་ཐམ་པ། སྒྱེ་ཆུ་ལུ་བུ་གཉིས་རྫོང་ཁ་བའི་རྩ་བ་ལྟ་བུ་ཡིན་ཀྱང་བར་སྐབས་སུ་བླ་མ་དགེ་ལུགས་དང་རྙིང་མ་བ་འདྲ་བསྐོས་པའི་རང་ཚུགས་ཞིག་འདུག་པ་ཐུབ་པའི་རྗེས་སུ་འཇུག་ངེས་ཀྱི་བསྟན་པ་ཡིན་ཕྱིན་མ་ཉམས་པ་ལེགས་པར་མཐོང་བས་མཁན་བྱམས་པ་ངག་དབང་དཔལ་བཟང་བསྐོ་བཞག་བྱས་ནས་སྒྱེ་ཆུར་གྲ་པ་དྲུག་ཅུ་སྐོར་གྱིས་པདྨ་ཡང་གསང་དང་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་གཏོང་བའི་ཐེབས་སུ་འཆོས་མ་ལྷ་ཁང་གི་གཞིས་ཀ །ཐེམ་བདུན། ལག་ཡོང་བདུན་བརྒྱར་ཉེ་བ། རྟ་ནག་ཐུབ་བསྟན་པ་ཁམས་མངའ་རིས་ཟློས་པའི་རྐྱེན་གྱིས་མངའ་རིས་པའི་བན་རྩ་འདྲ་ལ་བརྟེན་སྡེ་པ་འཕྲིན་ལས་རྒྱ་མཚོར་གཡོ་ཞུས་ཀྱིས་བྲའུ་ཤུག་བཞེས་པ་ཕྱིར་སློག་པར་ཐེམ་བདུན། ལག་ཡོང་ཕྱེད་ལྔ་བརྒྱ། རི་བོ་བཀྲ་བཟང་འདི་སློབ་དཔོན་ཆེན་པོའི་གནས་ཆེན་སྟོད་ཕྱོགས་ཀྱི་


GLG006_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སའི་མེ་བཙའ་ལྟ་བུ་ཡིན་ཀྱང་གཙང་དུས་བྱང་པའི་འཕུལ་ཕྱོགས་ཀྱིས་ཤོར་གོད་བྱུང་བའི་གཤིས་ཆོས་རྗེ་བཀྲ་བཟང་བར་གནས་འཛིན་ཆོས་པའི་ཐེབས་དང་གྲ་སློབ་ཉི་ཤུ་སྐོར་གྱིས་ལོ་སྟར་འཆི་མེད་འོད་སྣང་གི་ཆོ་ག་གཏོར་ཐེབས་བསྡོམས་པར་བྲ་མ་ལུང་གཞིས་ཀ །ཐེམ་བཞི། ལག་ཡོང་བདུན་བརྒྱར་ཉེ་བ། སོག་པོ་ཚེ་རིང་སྐྱབས་སྤུན་གཉིས་གཞུང་དུ་རེ་བལྟོས་བྱས་ནས་རྒྱུན་རིང་ཞིང་ལྟ་གྲུབ་སོགས་གང་ས་ནས་སྐྱོངས་འོས་སུ་སྣང་གཤིས་ཤངས་དགྲ་འདུལ་བས་བཟུང་ཤུལ་གཞིས་ལགས། གླང་ཆེན་དང་བཅས་པའི་གཞིས་ཀ །ཐེམ་བཅུ་བདུན། ལག་ཡོང་སྟོང་རྭ་ཅན་སྐོར། ངམ་རུ་བ་མགོན་པོ་ཚེ་འཕེལ་གྲུབ་མཐའ་གཙང་ཞིང་བསམ་པ་ཆེ་བ་ནས་གཞིས་རྩེ་སྒོམ་གནས་པས་བཟུང་ཤུལ་རྡོ་སྤེ་བྱང་གཞིས་ཀ །རྩ་ཕུ་བས་འཛིན་ཤུལ་རྫ་ལུང་བཙན་གཞིས་ཀ །ཐེམ་སོ་བདུན། ལག་ཡོང་སྟོང་ཕྲག་གཉིས། སྨན་གྲོང་སྤེལ་བ་རྩིས་སོགས་ལ་འཇུག་པས་གྲང་ཆེན་རྙིང་ཁུངས་སྣ་རུ་གཞིས་ཀ་དང་དབྱེ་གཞིས་ཀ །ཐེམ་འཛིན་བརྒྱད། ལག་ཡོང་བདུན་བརྒྱ་སྐོར། ཁྱབ་བདག་སྨན་ལུང་ནས་ཀྱི་གསུང་ནན་ཆེས་པ་དང་བཅས་རིན་སྤུངས་དཀྱིལ་ཁང་པར་འབྲེང་ཁུང་ཁྱུང་རྩེ་གཞིས་ཀ །ཐེམ་ཆུང་། ལག་ཡོང་སྟོང་ཕྲག་སྐོར། ལྕོག་སྦུག་པ་ཚེ་བརྟན་རྡོ་རྗེར་རྒྱལ་རྩེ་ལྕང་ལོ་ཅན། འཛལ་གྲོ་ཆུང་བཅས་པའི་གཞིས་མ་ལག །ཐེམ་འཛིན་བཞི། ལག་ཡོང་སྟོང་བརྒྱད་བརྒྱ། རྒྱལ་རྩེ་ཡིག་མཁན་ཚེ་དབང་རྩིས་ལ་འཇུག་ཆེ་བས་ས་ཚབ་ས་སྣོན་དང་བཅས་པར་རྩེ་ཆེན་གྲང་ཆེན་ལ་གཏོགས་པའི་བུད་སྟོངས་རྐང་གསུམ་གྱི་ཁང་། ཐེམ་འཛིན་ལྔ། ལག་ཡོང་ལྔ་


GLG006_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ། ཤབ་ཁྲོམ་ས་བ་གྲུབ་མཐའ་གཙང་བ་དང་བཅས་ས་སྣོན་དུ་གཞིས་རྩེ་ཁུལ་རུང་མ་གཞིས་ཀ །ཐེམ་དྲུག །ལག་ཡོང་བཞི་བརྒྱ་སྐོར། གསོ་བ་རིག་པ་འདི་འགྲོ་བ་ཀུན་གྱི་སྤྱི་བོར་དམ་པར་འདུག་པའི་ཕན་ཡོན་ལ་བསམ་སྡེ་པ་བསོད་ནམས་རབ་བརྟན་གྱི་དུས་ནས་གཞིས་རྩེར་ཕོགས་བརྒྱབ་པའི་འཆད་ཉན་འཛུགས་དགོས་ཚུལ་མོལ་བ་ལྟར་ད་ལྟའི་བར་དུ་ཚུགས་བཞིན་པ་རྒྱུད་བཞི་གཙང་འདྲིལ་གྱི་རྒྱུགས་སྤྲོད་པའང་ལོ་ཕལ་ཆེར་ལ་བྱུང་བ་དང་བཅས་དཔོན་ཚང་ཚ་རོང་པར་འཚོ་བྱེད་ཀྱི་སྐྱོང་ཐེབས་སུ་ལྷུན་པོ་རྩེ་ནས་ཐེམ་བཞི། ཕུ་གསུམ་ཤས་འཁྱར་དང་བཅས་པའི་ལག་ཡོང་ཉིས་བརྒྱ་སྐོར། ལྷ་རྩེ་ལྷུག་པ་བློ་བཟང་ཤེས་རབ་ཀྱིས་རྟེན་བཞེངས་ཀྱི་དོ་དམ་ཁུར་ཆེ་བ་བྱུང་ནས་སྤེལ་ཆུང་ཐེམ་འཛིན་བཞི། ལག་ཡོང་ལྔ་བརྒྱ་སྐོར། རག་ནས་ཕ་བུ་ལག་གཡོག་ཏུ་འགྱུར་བས་ས་བརྗེས་སྣོན་མ་དང་བཅས་པར་བྱ་འདབ་གཞིས་ཀ །ཐེམ་བཅུ་གསུམ། ལག་ཡོང་སྟོང་རྭ་ཅན་ལ་ཉེ་བ། ཞང་ཚ་དཀོན་ཅོག་རྣམ་རྒྱལ་ལ་སྔ་སོར་བྱིན་པའི་སྣོན་མར་ཐར་གླིང་ཁུངས་བཙན་མཁར་བ་ཐེམ་གཅིག །ལག་ཡོང་ཕྱེད་སུམ་བརྒྱ། གོས་བཟོ་ཤུག་ར་བཅོ་ལྔར་བཟང་སྣེ་ངོས་ཀྱི་ཁང་ཞིང་། ལག་ཡོང་སུམ་བརྒྱར་ཉེ་བ། འོལ་དགའ་འབྲིང་ལུང་པ་སྔར་ནས་སྦྱིན་བདག་རྐང་མའི་ལུགས་དང་ཕག་རི་སོགས་སྣེ་མོར་ཁུར་བསམ་ཆེ་བ་བྱུང་བར་དར་རྒྱས་རབ་བརྟན་གྱི་གླ་ཚལ་ཚབ་དང་ས་སྣོན་སྦྲགས་པར་སྒེམ་བུ་བས་བཟུང་ཤུལ་ཟིལ་གནོན་དཔལ་འབྱོར། ཐེམ་འཛིན་བཅུ། ལག་ཡོང་ཕྱེད་དྲུག་བརྒྱ། འོལ་དགའ་གདན་རུ་ནས་ཐེམ་བཞི། ལག་ཡོང་བརྒྱ། བསམ་ཡས་ནས་ཆོས་སྐྱོང་ཆེན་


GLG006_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པོས་སྟག་རྩེ་ཐའི་ཇིས་མཆོད་ཁང་གི་ཞབས་ཏོག་ཆེ་བ་བྱུང་བའི་མཚར་ཁར་སྟེར་ཆའི་མིང་བཏགས་ཤིག་དགོས་གསུང་བར་བྲག་ཤར་སྟོད་ཀྱི་གཞིས་ཀ །ཐེམ་བདུན། ལག་ཡོང་དྲུག་བརྒྱ། ན་བཟའ་གླིང་པའི་ལྷོ་བྲག་གི་ཞིང་འཁྱར་གྱི་ཚབ་དང་རྒྱུད་འབུམ་སྦྱིན་བྱུང་བར་འཕྱོང་རྒྱས་དོན་མཁར་ཨ་ཇོ་ཁུངས་ས་རྐང་གཅིག་དང་བཞི་ཟུར་གཅིག །ལག་ཡོང་ཉིས་བརྒྱ་སྐོར། རྣམ་སྲས་ཚལ་པ་ནོར་བུ་ལ་ཕྲེང་སྦྱར་ཆེན་འོག་གི་གཞིས་ཀ །ཐེམ་གསུམ། ལག་ཡོང་སུམ་བརྒྱ། རྒྱ་ཕྲུག་པར་རྩེས་དང་ཟུར་བར་གྱི་ཁང་པ། བརྒྱ་ལྷག །སྤྱིལ་གྲོང་བཅས་པའི་ཤས་ལག་འདེབས་བཞི་བརྒྱ་སྐོར། དྲུང་ཡིག་དར་རྒྱས་བཀྲ་ཤིས་གྲུབ་མཐའ་གཙང་བ་དང་གསང་སྒོ་ནས་བཟུང་ལས་ཀར་འཇུག་ཆེ་བས་ལྕགས་གྲོང་གཞིས་ཀ །ཐེམ་བཅུ་བཞི། ལག་ཡོང་ཕྱེད་བདུན་བརྒྱ། གནས་གསར་བར་ས་སྣོན་དུ་ཐར་གླིང་ཁུངས་གནམ་རབ་ཏུ་ཡོད་པའི་ཐེམ་གཉིས། རྒྱ་རི་དཔོན་བློན་དང་ཉིས་འཛིན་ཐེམ་གསུམ། ལག་ཡོང་ཕྱེད་བཞི་བརྒྱ། འཕན་པོ་ཚོང་འདུས་ཁང་གསར་བ་སྒར་པའི་དུས་ནས་ལྟ་གྲུབ་ཁ་ཕྱོགས་མ་ལོག་པ་དང་བཅས་སྣེ་མོ་གཞིས་ཀ་ཁུངས་ཐེམ་གཉིས། ལག་ཡོང་དྲུག་ཅུ། འཕྱོངས་རྒྱས་ཨ་བསམ་རྒྱ་བོད་ཀྱི་ཡིག་རིགས་དང་རྩིས་སོགས་ཀྱི་འཇུག་ཆེ་བར་བརྟེན་འཕགས་སྡེ་ཁུངས་གྲོ་ཆེན་ཐེམ་བཞི། ལག་ཡོང་བཞི་བརྒྱ། གྲ་ཕུག་པ་བར་གྲ་ནང་གྱང་ཁང་ཁུངས་གཡོག་རྐང་གཅིག །རྒྱལ་གླིང་ཚོགས་དང་ཉིས་འཛིན་ལྷུན་པོ་སྒང་པ་བཅས་ཐེམ་གཉིས། ལག་ཡོང་དགུ་བཅུ་ཐམ་པ། གྲོང་སྨད་ཉེ་སྐོར་དུ་གཡོག་རིས་དུད་ཆེན་ཉུང་བ་འདུག་པས་ཉང་བྲན་ན་


GLG006_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཅན་གོང་འོག་སྒང་མགོ་བ་དང་བཅས་པའི་ཐེམ་གསུམ། ལག་ཡོང་ཉིས་བརྒྱ། ཆ་དཀར་ཆོས་མཛད་སྡེ་པ་འཕྲིན་ལས་རྒྱ་མཚོ་གཤེགས་གདོང་གི་བསྙུན་གཡོག་རྐང་མ་ཡིན་གཤིས་གདམ་ང་བཏང་བར་ཐག་རིང་གི་རྒྱ་ཆེ་བ་ལས་ཐག་ཉེར་འདམ་འདུག་གཤིས་ཐེམ་རྐང་གཉིས། ལག་ཡོང་ལྔ་བཅུ་སྐོར། དཔོན་ཉག་རྒྱལ་ནས་བཟུང་རྩ་བའི་སྦྱིན་བདག་གི་གྲས་སུ་འདུག་པ་དང་ནང་རྟེན་གྱི་རིན་མི་ཆེན་ཞལ་དྲོ་ལག་ཏུ་མ་ལོན་གཤིས་ཤུན་གཞིས་ཀ་བར་ཆུ་ཤུར་ཁོ་མ་ཁུངས་ཐེམ་གཉིས། བུད་སྟོངས་གཉིས། ལག་ཡོང་བརྒྱ་སྐོར། ཡིག་མཁན་གྲ་ནང་བསོད་ནམས་ལྷུན་གྲུབ་ལ་ཐེམ་གཉིས། བོགས་ཆག་དང་ཤས་ཞིང་འཁྱར་བཅས་པའི་ལག་འབབ་ཕྱེད་ཉིས་བརྒྱ། གོང་དཀར་དཀར་བྲག་པར་དཔལ་གཤོངས་པས་བཟུང་ཤུལ་གྱི་གཞིས་ཀ །སྤྱིལ་བུ། གཡོག་བཅས་ཀྱི་བདག་ཐོབ་རྣམས་སྦྱོར་འཇགས་བྱས། སྟག་ལུང་དཔལ་མགོན་གྱིས་གཙོས་རི་མོ་བ་གྲངས་བཅད་ཀྱིས་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ཡན་གྱི་ལམ་རིམ་བླ་བརྒྱུད་ཧ་ཚོན་མ་གྲ་ཚར་ཞིག་བཞེངས། ཧོར་ཟླ་དྲུག་པའི་ཚེས་གཉིས་ལ་མཆོད་དཔོན་དབུ་མཛད་ཀྱིས་གསེར་དངུལ། ཇ། གོས་དར། སྒམ། རྟ་སྒ་མ་སོགས་བརྒྱ་འབུལ་ཚོགས་འཁོར་དང་བཅས་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་བཏང་། དེ་ཉིན་མཆོད་དཔོན་དབུ་མཛད་གཉིས་ཀྱིས་བོད་འབངས་ཀྱི་བདེ་ཐབས་དང་ཚོགས་གསོག་ཏུ་དམིགས་ནས་གསེར་ཞོ་སྟོང་ཕྲག་སྐོར་གྱི་ཐེབས་ཕུལ་བས་གཞི་བྱས་གཡོ་རུ་ཁྲ་འབྲུག་གྱི་རྒྱ་ཕིབས་གསར་བཞེངས་ལ་ལྷོ་བྱང་གི་དཀྱུས་རྒྱུག་མཐོ་བརྒྱད་ཅུ། ཤར་ནུབ་ལ་ཞེ་གསུམ་དཔངས་ལ་


GLG006_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ལྔ། ལྟར་རྒྱབ་ལ་ཞེ་བརྒྱད། ཟུར་ཆེན་བཞིའི་ཀག་ལང་གི་སྣེར་ཆུ་སྲིན། ལྟར་རྒྱབ་ཀྱི་གདོང་སྣེ་ཕན་ཚུན་དུ་ནོར་བུ་དབང་རྒྱལ། དཀྱིལ་དུ་གཉྫི་ར་དང་བཅས་པའི་རྒྱུར་གད་བདར་ཕྱིས་གསུམ་གྲུབ་པའི་ཟངས་མཁར་ཁལ་དགུ་བརྒྱ་བཅོ་ལྔ། གསེར་བཙོ་མ་ཞོ་དྲུག་སྟོང་དགུ་བརྒྱ་དོན་བདུན། གསེར་འདམ་ལ་དངུལ་ཆུ་ཞོ་ཉིས་སྟོང་དགུ་བརྒྱ་སོ་གཉིས། གསེར་གསོལ་སྣ་ཁྲིད་མོ་རེའི་བསྲེས་བཅས་པར་དངུལ་ཆུ་ཁལ་བཅུ་གསུམ། སྟར་བུ་ཁལ་ཉི་ཤུ་རྩ་བཞི། དམར་ཚོས་ཁལ་ཉི་ཤུ་རྩ་གཅིག །ལྕགས་ཐག་རླུང་དྲིལ་བཞི་བཅུ་ཞེ་གཉིས་རྣམས། ཡུམ་བུ་བླ་མཁར་འདི་བསྟན་པའི་དབུ་བརྙེས་པའི་གནས་ཀྱི་ཐོག་མར་སོང་བས་སྡེ་པ་འཕྲིན་ལས་རྒྱ་མཚོས་ཐུགས་ཁུར་བཞེས་དོ་དམ་གེ་ར་བ་དང་རེས་མ་བ་གཉིས་ཀྱིས་བྱས་པའི་ཤིང་འབྲུག་ཞིག་གསོས་གྲུབ་པར་འདི་ལོ་རྒྱ་ཕིབས་གྲུ་བཞི་ཕྱོགས་རེའི་དཀྱུས་ལ་རྒྱུག་མཐོ་ཕྱེད་བཅུ་དགུ །དཔངས་ལ་བཅུ་གཅིག །ཟུར་བཞི་དང་དབུས་སུ་ནོར་བུ་ཏོག་གཟུགས་རྣམས་ཀྱི་རྒྱུར་གད་བདར་གྲུབ་པའི་ཟངས་ཁལ་གོ་གསུམ། གསེར་བཙོ་མ་ཞོ་དགུ་བརྒྱ་དང་བཞི། དངུལ་ཆུ་ཞོ་ཉིས་སྟོང་དགུ་བརྒྱ་བཅུ་གཉིས། སྣ་ཁྲིད་ཀྱི་དངུལ་ཆུ་ཉག་བཅུ་བཞི། སྟར་བུ་ཉག་དགུ། བཙོད་ཉག་བཅུ་གཅིག་རྣམས་སོང་བའི་གོང་གསལ་གཉིས་ཀྱི་ཟངས་བཟོའི་དོ་དམ་འདར་གཞོན། གྲ་དཔོན། ཤིང་བཟོའི་དོ་དམ་ཨ་དར། ལྷུན་གྲུབ་གླིང་པ་སྙག་གྲོང་སྨྱོན་པ། གསེར་གསོལ་བ་ནང་སོ་དཀོན་དར་བ། རྩེ་ཆེན་ནས། ནང་སོ་དགོས་དགོས། སྤངས་ཆེ་ནས། བལ་པོ་ཨ་མ་ར་སིདྷ། ཟངས་


GLG006_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་སྣམ་སྲས་ལྷས་བྱིན། དངོས་གྲུབ་གསུམ་གྱིས་གཙོས་པའི་སུམ་ཅུ་སོ་བདུན། ཤིང་བཟོ་དགའ་སྦུག་པ་དང་ལམ་རྙེད་ཅན་སུམ་ཅུ་སྐོར་གྱི་ཕོགས་ཡོན་སྟོན་མོ་སོགས་འབྲུ་ཐོག་ཏུ་དྲིལ་བར་མཁར་ཁལ་ཆིག་ཁྲི་ཆིག་སྟོང་སུམ་བརྒྱ་སོང་། རབ་གནས་ལ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ཀྱིས་ཕེབས་པའི་རྒྱས་པར་མཛད། སྐྱིད་ཤོད་དགའ་གདོང་ཆོས་སྐྱོང་གིས་གསོལ་མཆོད་བསྐུལ་བ་བརྩམས། ཁྱབ་བདག་ཞ་ལུ་པ་གཞན་སྣང་དུ་བསྟན་པའི་ཚུལ་མཛད་པར་བརྟན་བཞུགས་ཀྱི་ཚིགས་བཅད་དེ་དང་འབྲེལ་བའི་རྟེན་བཅས་ཕུལ། མཚུར་ཕུ་དྲུང་པའི་ཕྱག་མཛོད་མདོ་མཁར་བ་འདས་པའི་ཚབ་བསྐོ་དགོས་ཚུལ་སྨེད་པར་ཕྱག་མཛོད་ལས་བླ་མ་གལ་ཆེ་བས་དྲུང་པའི་སྤྲུལ་སྐུ་སྟོད་སྨད་གོང་དུ་འདུག་ཀྱང་རྩད་བཅད་པ་འགབ ། ལམ་ཡིག་སོགས་མཐུན་རྐྱེན་དགོས་ན་ཡོད་བྱས་ཀྱང་རྣ་ཐོས་དང་ཁུངས་ཆོད་ཡེ་མ་བྱུང་ཞེས་རྩོལ་བ་མི་བྱེད་སྣང་བ་དད་མོས་མེད་པ་ཨེ་ཡིན་མི་ཤེས་རུང་ལ་ལའི་བརྗོད་རིགས་ལ་ལྗང་ཞབས་སུ་ཀརྨ་པར་སྲས་འགའ་ཞིག་ཡོད་འདུག་པའི་གཅིག་ལ་དྲུང་པའི་སྐུ་སྐྱེར་སྒྲོ་བཏགས་པ་ཐོས་པའི་རེ་བ་ཡིན་ན་ཟེར། གང་ལྟར་འདོད་སྦྱར་བཞིན་ཕོ་བྲང་དགོན་སྟོད་པ་ཅན་གཉིས་ལས་སྣར་བསྐོས། ཡར་འབྲོག་འཛམ་གླིང་ཆོས་འཁོར་བའི་གྲ་པ་གཉིས་ཀྱིས་བརྟག་པ་གཉིས་པ་དང་དུས་འཁོར་བསྡུས་རྒྱུད་གཉིས་ཀྱི་རྒྱུགས་སྤྲད། ཟླ་བ་དྲུག་པའི་རིང་ཕྱི་མཚམས་ཁོག་ནས་བྲེལ་བ་བཅད་པའི་བདུན་པའི་ཚེས་བདུན་ལ་རྒྱུད་སྟོད་པ་དཔོན་སློབ། གསལ་ཁང་དགོན་པའི་བླ་སྤྱི། ར་བ་སྟོད་པའི་བླ་གཉེར། སྟག་རྩེ་ཐའི་ཇི་


GLG006_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས། ཡོལ་གདོང་ལེགས་ལྡན། ཁོན་ཇིན་བླ་མའི་བསྔོ་ཞུས་པ། ནོ་མོན་ཨེ་ཇེན་གྱི་བསམ་གཏན་ཅན་ཕྲད་མི་ཤིན་ཏུ་མང་། ཀོང་པོ་རྙིང་ཕུ་བའི་སྐུ་སྐྱེ་དང་གདུང་བརྒྱུད་སྤུན་གཉིས་ཀོང་ཕྱོགས་སུ་སྤྱི་སྒོས་ཀྱི་རིམ་གྲོ་བགྱིད་པའི་འོས་སུ་བྱུང་བ་རྡོ་རྗེ་བྲག་ཏུ་བཀའ་གཏེར་གྱི་ཆོས་ཞུ་བར་བཏང་བ་ཐོབ་རྒྱ་དགའ་མོ་བྱུང་འདུག་ཅིང་དེ་བར་གྱི་མཐུན་རྐྱེན་མཆོད་དཔོན་དབུ་མཛད་གཉིས་ཀྱིས་སྦྱོར་དུ་བཅུག །སྤོས་ཁང་མཁན་པོ་ཟུར་པ་འབུམ་རམ་པ་རྡོ་རྗེ་བཙུན་མོའི་ཞིང་ཁམས་སུ་གཤེགས་པའི་བསྔོ་རྟེན་དུ་གླང་བུ་ནས་ཀྱིས་དོ་དམ་བྱས་པའི་ལམ་འབྲས་བརྒྱུད་པའི་ཞལ་ཐང་མཁྱེན་རིས་དངོས་གཙང་བ་ཞིག་བྱུང་བ་མུས་ཆེན་སེམས་དཔའ་ཆེན་པོ་མན་ཁའུ་བྲག་རྫོང་པའི་བརྒྱུད་རིམ་གོང་དཀར་ཆོས་སྡེའི་དབུ་མཛད་གསང་སྔགས་མཁར་པ་ཅན་གྱིས་བྲིས་ཏེ་བསབས། རིན་པོ་ཆེ་རྙིང་རི་བ་བདེ་བ་བཟང་པོ་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར་ཞིང་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པས་མཆོད། དགོངས་རྫོགས་མཐུན་རྐྱེན་གྱི་ཕན་པ་བསྒྲུབས། གྲོང་སྨད་ཀྱི་ནང་སོ་དགོས་པ་བཀྲ་ཤིས་བྱས་པ་ཆེ་ཞིང་སྡེ་པ་འཕྲིན་ལས་རྒྱ་མཚོ་དབྱར་ཚ་བ་དང་དགུན་གྲང་བའི་དབྱེ་བ་མེད་པའི་གཞོགས་སུ་སྡོད་རྟག་ཅིང་ཁུར་བསམ་ཆེ་བ་དང་ལྷག་ཏུ་སངས་རྒྱམ་པ་འདི་ཆུང་ངུ་ནས་སྲིའུའི་ཚུལ་གྱིས་གསོས་ཤིང་སྲུང་མར་གཉེར་བཅོལ་བྱས་པ་ཞིག་ཡིན་པས་ས་རིས་མཐའ་དག་འཛིན་བདེའི་ཡང་བཙན། དར་ཁན་གྱི་ཐམ་ཀ་བྱིན། འཚུབ་ཆགས་ཤིག་འདུག་པའི་རྟེན་འབྲེལ་བཅོས་སུ་སྐོར་ཅིག་པོ་ཏ་ལ་དང་སྒེར་གཞིས་སུ་མ་


GLG006_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བསྡད་པའི་ཆུ་བཟང་མཆོད་ཁང་དུ་སྡོད་ནས་ཀྱི་བསླབ་སྟོན་བྱས། ཧོར་ཟླ་བརྒྱད་པ་སྔ་མའི་ཚེས་གཉིས་ལ་ཀོང་པོ་དཔོན་ཁག །སྒྱེ་ཆུ་མཁན་པོ། མཚན་སྒྲོག་མཁན་པོ། སྐྱེར་ལུང་མཁན་པོ་རྣམས་དང་ཕྲད། ཚེས་ལྔའི་ཉིན་བློ་གསལ་གླིང་པའི་རིགས་གྲའི་སྐལ་བ་སྐྱེལ་བར་སློབ་དཔོན་དགེ་འདུན་གྲགས་པ་གྲ་བཅས་འབྱོར། ལྡིང་དཔོན་དཔལ་ཡགས་ཅན་དང་ལྷན་དུ་མངའ་རིས་བདེ་ལྡན་གྱི་མི་དྲག་ཁུལ་ནོ་ནོ་རྒྱལ་ཟེར་བ་བཏང་བྱུང་རུང་འབྲུག་པས་སྣུམ་མ་ཐོན་པ་སོགས་ཉེས་པ་རྣམས་ལ་ངོས་བླངས་འགྱོད་སྡོམ། མངའ་རིས་ཀྱི་དགེ་ལུགས་ཚོར་བདག་རྐྱེན་འདི་ཙམ་ཞིག་བྱེད་ཟེར་བའི་རྒྱུ་མཚན་གང་ཡང་མེད་པར་སྣུམ་མ་ལོངས་པའི་ཆད་ལས་ཀྱི་རྒྱུ་དངོས་ཤོར་བ་རྣམས་ཕྱིར་གཏོད་དགོས་ཟེར་བའི་རྒྱལ་ཁྲིམས་རྣ་བས་མ་ཐོས་པ་འདྲ་བའི་གཏམ་བཏང་འདུག་པ་དེ་འདྲའི་རིགས་ལ་གོ་བ་བསྐོན་པའི་རྒྱུ་མཚན་མང་པོ་ལབས་ཀྱང་བསེར་མ་བསྐྱེད་པ་ལས་མི་སྣང་བས་ལན་སྤམ་པ་ཞིག་ལས་མ་བཏང་། ལྡིང་དཔོན་ཅན་གྱི་ས་རིམ་ཀྱང་དགེ་ལུགས་ཀྱི་མཆོད་གཞིས་རྣམས་ལ་བཀལ་ཞིང་རྟ་དྲེལ་ཚོ་དེ་མཚུངས་ཀྱི་གསོ་བཅུག་འདུག་པ་རང་གིས་བཙུགས་པའི་ཟམ་པ་ལ་རང་འགྲོ་བ་ཆོས་ཉིད་ཡིན་པས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་བྱས་ནས་ཕྱིར་སློག་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་ཕེབས་ཏེ་ས་རྟའི་བདེ་གཟར་སྐབས་འབྲས་སྤུངས་དངུལ་གདུང་འཛམ་གླིང་རྒྱན་གཅིག་གི་སྒོ་རྒྱན་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཞུན་ཐིགས་ཀྱི་ཚེ་དཔག་མེད་དང་རྒོད་ཚང་པའི་གདུང་ཕག་མོའི་སྐུ་རང་བྱོན་གསེར་ཁང་པས་བཀོག་པ་སེ་ར་ལ་དམག་ཕོག་སྐབས་བརྒྱད་


GLG006_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསེར་ཆོས་ལཱཉྪ་མ་རྒྱ་རྒན་པ་གདན་དྲངས་པ་གསུམ་ཁོང་དཔོན་སློབ་ལ་ཕུལ་འདུག་པས་ཐོག་དྲངས་གོས་དར་དངུལ་ཤེལ་སྤྱད་ཀྱི་སྟེར་སྦྱིན་མང་དུ་གནང་། དཔོན་སློབ་ཉུང་བསྡུས་ཀྱིས་མཁའ་འགྲོ་མ་འགྲོ་བ་བཟང་མོའི་ལུགས་ཀྱི་བརྟན་བཞུགས་ཀྱི་ཞལ་འདོན་མཛད་པ་སྤྲུལ་པའི་སྐུ་དང་ཕྱག་མཛོད་མཆོག་སྟེར་སྐུ་མཆེད་གསུམ་གསུང་སྙན་ཞིང་འདྲེན་བདེ་བ་ཞིག་འདུག །ཕར་ཡང་དེ་མཚུངས་ཀྱི་སྐྱེས་ལན་བཟབས། ཐེགས་གདོང་ལོ་ཆེན་ཐུགས་རྗེ་དཔལ་གྱིས་མཛད་པའི་ཙནྡྲ་པའི་འགྲེལ་ཆེན་སྟེར་བ་མཛད་ནས་དེའི་དཔེ་དབང་དགོས་ཕེབས་པ་བླ་མ་དགོངས་འདུས་སོགས་རྙིང་མ་འགའ་ཞིག་ལ་འཕྲིན་ལས་དབང་ཆོག་དང་འབྲེལ་བའི་དཔེ་དབང་བཤད་ཆེད་དུ་འདུག་ཅིང་སྔ་འགྱུར་ལ་ཆོས་གང་ཡིན་པ་དེའི་དབང་ལུང་བླ་མ་གཞན་ལ་ཐོབ་ན་བྱིན་རླབས་ཀྱི་རྒྱུན་ལ་ཕན་རེའི་བརྒྱུད་པ་མི་གཅིག་པའི་བླ་མ་ཞིག་གིས་ཐོག་མཐའ་བར་གསུམ་བཀླགས་གླེགས་བམ་མགོ་ལ་བཞག་ནས་སྨོན་ལམ་མཛད་དེས་ཆོས་རྒྱུན་གྱི་གོ་ཚད་ལྡན་ནི་མི་ཆོད། དེ་མིན་དཔེ་ཆའི་དབང་བསྐུར་གསང་སྔགས་གསར་རྙིང་གང་གི་ལུགས་ལའང་མ་མཐོང་། ལྷག་ཏུ་སྒྲ་སྙན་ངག་ལ་དབང་ཡོང་དོན་མི་འདུག་རུང་ཕྱི་སྐོར་བཀའ་བརྒྱུད་པ་རྣམས་ཐོག་མཐའ་བར་གསུམ་བཀླགས་པས་ལུང་ཚད་ལྡན་གྱི་གོ་གཅོད། དེ་ལས་ཀྱང་དོགས་བདེ་བ་ཀོང་པོ་གཏེར་སྟོན་དང་སྒམ་པོ་ཞབས་དྲུང་གཉིས་ཀྱིས་ཐོབ་ཡིག་གི་ལུང་མཛད་པས་དེའི་ནང་དུ་ཡོད་པའི་དབང་ལུང་ཐམས་ཅད་དང་དཔེ་ཁང་ནང་དུ་ཕྱིན་ནས་སྨོན་ལམ་བཏབ་པས་དེར་ཡོད་ཚད་ཀྱིས་ཆོས་རྒྱུན་ཐོབ་པ། དཔོན་སློབ་


GLG006_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་རེས་མེད་ཀྱང་དགོངས་པ་བསྟད་པའི་ཆོས་སོགས་གུ་ཡངས་པོ་ཞིག་འདུག་པའི་གྲས་ནི་ཡིན་ཤས་ཆེ། འོན་ཀྱང་སྤྲུལ་སྐུ་ནི་རིན་པོ་ཆེ་ཕེབས་ནན་ཆེས་པའི་དགོངས་ཁྲིད་ལ་དབུ་ཐོག་ཏུ་ཙནྡྲ་པའི་འགྲེལ་པ་བཞག་ནས་སྨོན་ལམ་ཚིགས་བཅད་ཅིག་བཏོན། སྡོམ་པ་དེར་བས་མ་དང་ཆུ་གཏོར་མའི་དཔེ་བཞིན་འབྲས་སྤུངས་སྤྲུལ་སྐུ་ནས་བརྒྱུད་པའི་ཙནྡྲ་པའི་དབང་ཡོད་ཟེར་བ་ཞིག་མི་ཡོང་ལ་ཆེ། ཚོགས་གསོག་པ་རྒྱལ་མཚན་དང་རིན་ཅེན་རྒྱལ་མཚན་གཉིས་ཀྱི་ཁ་ཏོན་ཏུ་སྨོན་ལམ། ཐ་ཤི་སྦོ་ལོད་ཀྱིས་བསྐུལ་བའི་གསོལ་འདེབས། ཐོན་ལེགས་ལྡན་དབང་པོ་དགེ་རྙིང་གཉིས་སུ་ཕར་འགྱུར་ཚུར་འགྱུར་ཁ་ཡར་མཛད་པའི་རྙིང་དུས་ཀྱི་དྲག་པོ་རྩལ་གྱི་ཐང་ཁའི་རྒྱབ་ཡིག་དགོས་ཚུལ་བྱུང་བ་རྣམས་བྲིས། བླ་མ་ལྷ་པ་མ་ཆེན་ལྷ་མིན་གྱི་ས་ཆུ་མ་འཕྲོད་པར་གཤེགས་པའི་བསྔོ་རྟེན་འབྱོར་ཞིང་དགོངས་རྫོགས་ཀྱི་མཐུན་རྐྱེན་སྤེལ། གླིང་སྨད་ཆོས་རྗེ། མཚན་སྒྲོག་མཁན་པོ། བྲག་དབར་སློབ་དཔོན་ཅན་ལ་ཇ་གྲལ་བཏང་། ཚེས་བཅུ་བདུན་གྱི་ཉིན་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་འདུས་ཚོགས་རྣམས་སྒེར་ནས་བསྡུས་པའི་བདོག་པ་དང་བཅས་འཆི་མེད་འོད་སྣང་གི་སྒྲུབ་མཆོད་དང་འབྲེལ་བའི་རྟེན་འབྲེལ་བསྒྲིགས། དེ་ཐོག་མཚན་སྒྲོག་མཁན་པོ་ངག་དབང་འཕྲིན་ལས་ཀྱིས་གོས་དར་རས་ཆ། མཆོད་དཔོན་ནི་དབུ་མཛད་གཉིས་ཀྱིས་ཧོར་གོས་བུམ་གདན་མ་དང་ཐེག་ཆེན་གན་དྲིལ་ཁ་ཤས། གོས་དར་གསེར་དངུལ་ཇ་རྣམས་ཀྱི་བདོག་པ་བསྟར། མཆོད་དཔོན་པ་གཏོར་མ་དང་ཕྱག་ལེན་གྱི་རིགས་ལ་ཤིན་ཏུ་རུང་བར་ཡོད་པས་ནམ་ལྕོགས་བར་ལས་འཛིན་


GLG006_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མུ་འཐུད། དེ་ནས་འཁྲིས་སུ་བཅར་སྡོད་དམ་མཁན་པོ་ལྟ་བུ་ཞིག་བྱས་ན་ཁོང་རང་ལ་ཁེབས་ཆེ་བར་མ་ཟད་མིག་ལྟོས་ལ་ཕན་པ་ཡོང་ཞིང་དཔོན་པོ་འདི་གཙོ་བོར་སྡིག་པ་ལ་འབགས་དགོས་པའི་དྲིན་ཆུང་དང་གྲ་རྐྱང་བྱེད་མུར་སྡེ་དཔོན་གྱི་བྱ་གཞག་ཀྱང་ཤོགས་ཆེན་དཀའ་བས་དེ་འདྲའི་འདུན་པ་མེད་ཀྱང་ལོ་སྔ་མ་ཚོར་འཕྱོང་རྒྱས་རབ་འབྱམས་པ། དར་ཁན་དཀའ་བཅུ། སྤྱི་གཉེར་ངག་དབང་སྨོན་ལམ་ཅན་ལའང་གླེང་མི་ཁ་ཡར་བྱུང་འདུག་ཅིང་སྟག་ལུང་ཕྱག་མཛོད་དང་སྟག་རུ་བ་གཙོ་བོར་གྱུར་པའི་ཤས་ཆེར་མཆོད་དཔོན་པ་རང་འོས་ཚུལ་ལབ་མི་མང་བའི་སྟབས་ཟླ་བ་བདུན་པའི་ནང་དུ་བསོད་ནམས་དབང་རྒྱལ་མཚོ་ཁར་བཏང་བའི་གཙོ་བོར་རྒྱལ་པོ་བསྐོ་བཞག་གང་བྱེད་ལ་ཐག་གཅོད་ཀྱི་གོས་དང་སྡེ་པའི་གནས་ཚུལ་ཞར་བྱུང་དུ་མོལ། འདི་ཉིན་གཟའ་སྐར་འཇམ་ཐོག་ཁུར་ལན་བྱེད་དགོས་པའི་རྒྱུ་མཚན་ལབ་པར་ཞང་ཚ་དཀོན་ཅོག་རྣམ་རྒྱལ་བཏང་བར་དགོངས་པ་ནན་བསྐྱེད་ཙམ་ཞུས་བྱུང་རུང་ཁྲོལ་ཆ་མ་བདེ། སྟག་རུ་བ་ནོར་བུ་ལུས་བསྒྱུར་བའི་མིང་བློ་བཟང་དངོས་གྲུབ་ཏུ་བཏགས། ཚེས་བཅོ་བརྒྱད་ནས་བཟུང་ཞག་བདུན་གྱི་བར་ཞོགས་སྟར་གྱིས་གྲ་ཚང་གིས་མཁའ་འགྲོ་སྡེ་ལྔའི་བསུ་བཟློག་ཚིགས་བཅད་མའི་ཞལ་འདོན་མཛད། ཨོ་རོད་གཡོན་རུ་དཀོན་ཅོག་ཚེ་རིང་གི་ཁ་ཏོན་དུ་འོད་དཔག་མེད་ཀྱི་སྒྲུབ་ཐབས་ཤིག་བྲིས། ཉེར་དགུ་ལ་བཀྲ་ཤིས། རཏྣ། ས་སྐྱོང་། ཕུན་ཚོགས་ཅན་དཔོན་ཁག་འབྱོར་བ་དང་ཕྲད། སྡེ་པ་འཕྲིན་ལས་རྒྱ་མཚོའི་དུས་ཞལ་དཀར་བ་རྣམས་ཆུ་བབས་སུ་བཞག་པ་ཕལ་ཆེར་གྱིས་ཕུལ་


GLG006_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཞིར་བཅས་ཀྱང་རྒྱ་ཆེས་པའི་རེ་གཉིས་སྲུབས་དབར་ལུས་པའང་བྱུང་མདོག་ཁ་བས་ད་ལམ་ཟླ་བ་ཕྱེད་གཉིས་སུ་ཚང་མ་འདྲིལ་རྩིས་ཀྱིས་བརྡ་འགྲེམས་སྔུན་ཆུག་ཏུ་བྱས། རིག་བྱེད་སྨྲ་བ་ཐར་པ་ནང་སོ་གཟི་བརྗིད་སྙིང་པོས་ཞིབ་མོར་བརྩིས་ཏེ་ཟླ་བ་བརྒྱད་པ་རྟིང་མའི་ཚེས་གཅིག་གི་གཟའ་ཕུར་བུ་སྐར་མ་མེ་བཞིའི་འཕྲོད་དགེ་བའི་ནམ་སེང་ལ་ཚོམས་ཆེན་དུ་མཆོད་དཔོན་པས་ཚེ་དཔག་མེད་ཀྱི་སྐུ་རྒྱ་ནག་མ། གོས་དར་དང་རྟ་མང་རགས། ཇ་རས་ཀྱི་བདོག་པ་བསྟར། དེ་ནས་ཁྲིར་འབྱོར་ཐོག་ཐམ་ཁ་ཆེ་ཆུང་། དར་ཟབ་ཀྱི་སྒྲོམ་བུ། ལྡེ་མིག་རྣམས་སྤྲད། ཞལ་དཀར་བའི་ཐོག་མ་མིང་བཀྲའི་ཁྱད་ཀྱིས་སྟག་རྩེའི་སྡེ་པ་ལྷ་རྒྱལ་རབ་བརྟན་གྱིས་མཛད། དེ་ནས་སོག་པོའི་དཔོན་ཁག་ཏུ་གཉུག་མར་གནས་པ་དང་ཐར་པ་སོགས་གསར་འབྱོར། ཚལ། བདེ་ཆེན། སེར་འབྲས། བཀྲ་ཤིས་ལྷུན་པོ། རྙིང་ཁུངས་སྣེ་ཤུན་སྐྱ་སེར་གྱིས་བདོག་པ་རྒྱས་པར་བསྟར། འཛུམ་ལང་། ཡམ་བུ། མངའ་རིས་པའི་མི་སྣ་འོངས་པ་རྣམས་ཀྱང་ཞར་བྱུང་དུ་བཞུགས་གྲལ་ལ་བསྒྲིགས། འདི་ཉིན་ནས་བཟུང་ཁྲི་འདོན་མ་གྲུབ་བར་གྱི་འཕྲོས་གཏམ་པ་འདར་པ་ལོ་ཆེན། གླང་བུ་བ་འགྱུར་མེད། ས་བ་གྲུབ་པ་བསམ་གྲུབ་རྒྱལ་པོ་རྣམས་ཀྱིས་བྱས། ཉི་མ་ཁ་ཤས་ཀྱི་བར་ལྷ་ས་བའི་རྒྱལ་སྲིད་སྣ་བདུན་གྱིས་སྣ་དྲངས། གཙང་པོ་བྲོ་བ། དན་འབག །ཉང་དོགས། སྡེ་བཞི། སྣེ་ཤུན་སོགས་ཡུལ་གྲུ་མང་པོའི་བྲོ་གཞས། ཚལ་གུང་། སྙེ་ཐང་བཀྲ་ཤིས་སྒང་། རྨི་རུ་བ། ལྷ་སའི་ཚེས་བཅུ་བས་མཚོན་པའི་གར་འཆམ་མང་དུ་ཕུལ། མཆོད་དཔོན་གྱི་ལས་འཛིན་དུ་རྒྱལ་དར་གོང་པ་བཤེས་


GLG006_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་དར་རྒྱས་བསྐོས། སྡེ་པས་དཔལ་ལྡན་ལྷ་མོར་ཐམ་ཕུད་ཕུལ་བའི་ཞལ་བྱང་བྲིས། ཚེས་གཉིས་ལ་སྟག་རྩེ་ཐའི་ཇི་ནས་ཚོམས་ཆེན་དུ་བཞུགས་གྲལ་བཤམས་ཐོག་དའི་ཆིན་གྱི་སྲས་ཐར་པས་བརྒྱ་འབུལ། ཆབ་མདོ་ཕྱག་མཛོད། དེ་མོ་བ་དང་བྲ་ཡག་པའི་མི་སྣ། ལྷ་རི་བླ་མ་རྣམས་ཀྱིས་ཇ་ཁྲབ། རྟ་དྲེའུས་གཙོས་པའི་ཡུལ་ལུགས་ཀྱི་དངོས་པོ་བཏེག །ཚེས་གསུམ་ལ་བདེ་ཆེན་ཐའི་ཇིས་བཞུགས་གྲལ་དང་བཞི་ལ་གཞུང་ནས་གཞིས་བྱེས་ཚང་མར་གཞིས་ལེན་བཟབས། པཎྜི་ཏ་གོ་ཀླུ་ལའི་ཚོང་པ་ལི་ལ་མི་ཤྲ། ཨ་མདོ་བ་ཁ་ཤས། རྨི་ཕུ་བླ་མ་བློ་བཟང་དཔལ་འབྱོར། དགའ་ལྡན་ཕུན་ཚོགས་གླིང་གི་གཉེར་པ། སྔགས་པ་བླ་མ་སྒང་ཆེན་པ། ར་བ་སྨད་བླ་མ། ལྷུན་རྩེ་མཁན་པོ། ཏྲེ་བོ་སྐུ་སྐྱེ་རྣམས་དང་ཕྲད། ཚེས་དྲུག་ལ་དགའ་ལྡན་རྩེ་ཤར། ཆོས་རྗེ་བཅོ་བརྒྱད་པ། བཀྲ་ཤིས་ལྗོངས་ཆོས་རྗེ། སྡེ་པ་ཕོན་མདོ་པ་སོགས་དབུ་རུ་སྟོད་ཕྱོགས་ཀྱི་ལྷ་སྡེ་མི་སྡེ་རྣམས་ཀྱིས་ཁྲི་འབུལ། ཆོས་རྗེ་བཅོ་བརྒྱད་པས་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞུན་ཐིགས་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་ཞིག་བྱིན། རྫིང་ཕྱི་མཁན་བྱམས་པ་རིན་ཅེན། སྟག་ལུང་ཕྱག་མཛོད་བཟང་སྦྱིན་ཅན་དང་སྒེར་དུ་ཕྲད། བཀྲ་ཤིས་ལྗོངས་ཆོས་རྗེ་དང་བྱ་ཡུལ་མཁན་པོ་ཏྲེ་བོ་ནམ་མཁའ་བསམ་གྲུབ་གཉིས་ཀྱིས་ཕྱག་འབུལ་དང་བྱིན་རླབས་མ་ཞུས་པར་བརྟེན་གནས་དབྱུང་དང་ཆད་ལས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞིག་བྱུང་སོང་བ་རྗེས་ཀྱི་མིག་ལྟོས་ལ་ཕན་པའི་བདེན་འབྲེལ་དང་མཚུངས་པར་གོ །ཚེས་བདུན་གྱི་སྔ་དྲོ་སྡེ་པ་དང་ལྷན་དུ་ཚངས་པ་


GLG006_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཐོད་ཅན་སྐུ་ཕེབས་ཞུས། སྐུ་ཆས་ཆ་འགྲིག །གོ་མཚོན། གོས་དར། ཇ། གསེར་སྐྱེམས། རྟ་སྒ་བཅས་ཀྱིས་གཙོས་པའི་མཆོད་སྤྲིན་སྤྲོས། བླང་དོར་གྱི་ལུང་བསྟན་པ་རྣམས་ཕལ་ཆེར་ཐོག་ཁོ་ནར་སོང་། ཆོས་སྐྱོང་གི་ཕྱག་ཨོད་ཞལ་བར་བརྡེག་ཅིང་འདིའི་འོག་ཏུ་ཅ་པོ་ཞིག་ལ་འདྲེ་གནས་འདུག་པ་སྡུག་འདྲེས་ཨེ་འབུད་གསུང་བ་དམུ་གབ་ཀྱིས་བཅིངས་པ་ལྟ་བུས་བསྐུལ་བ་མ་ཤར་རྗེས་སུ་བྱས་ཚེ་སྣེའུ་སྡོང་བདག་མོའི་རྟེན་ཆས་ཀྱི་སྣམ་བུ་ཁ་ཤས་ཡོད་འདུག་པ་འདྲེ་དེ་ཕུད་ན་གེགས་ཀྱི་འཚེ་བ་དེ་བཟློག་རྒྱུ་ཡིན་པ་འདྲ། ཚེས་བརྒྱད་ལ་ཕན་བདེ་ལེགས་བཤད་གླིང་པ་སྤྱི་ཚོགས་ནས་འཆི་མེད་འོད་སྣང་གི་སྒྲུབ་མཆོད་དང་འབྲེལ་བའི་ཚེ་ཆོག་གི་རྟེན་འབྲེལ་བསྒྲིགས་ཤིང་ཚོམས་ཆེན་དུ་གུང་ཚིགས་ཀྱི་བཞུགས་གྲལ་བོད་སོག་ཀུན་ལ་བཤམས། བཀྲ་ཤིས་ལྷུན་པོའི་མི་སྣ་ཚ་རོང་དགེ་སློང་གིས་མདོ་རྒྱུད་སྣ་ཚོགས་ལ་བརྟེན་པའི་འཕྲོས་གཏམ་ཚིག་དོན་ཕུན་སུམ་ཚོགས་པ་བྱས། སྤྱི་སོས་ཇ་གོས་དར། དངུལ་གྱི་ཐ་ཕག་གསེར་གྱིས་བཀང་བ། དབུ་མཛད་བློ་བཟང་ཡོན་ཏན་གྱིས་ཇ་གོས་དར་ཤས་ཆེ་བའི་དགུ་ཚན་དགུ། གྲ་པ་རྒན་གྲ་དབོན་ཆོས་མཛད་སོགས་དྲག་གཞན་དང་བསྟུན་པའི་སྒེར་འབུལ་བཟབས། འདི་ནས་བཟུང་རིང་འཚོའི་རྟེན་འབྲེལ་བསྒྲིགས་པ་རྣམས་ལ་སྡེ་པ་དང་ལྷན་དུ་ཡོད་པ་ཤས་ཆེ། ཁྲི་འབུལ་གྱིས་མཚོན་པའི་བྲེལ་བ་མ་བྱུང་བའི་སྲུབས་རྣམས་ལ་ཕྱི་མཚམས་ངོས་གཏེར་སྟོན་རིགས་འཛིན་ཆེན་པོར་ལྷོ་བྲག་མཁན་ཆེན་གྱི་སྙན་བརྒྱུད་གླེགས་བམ། ཀློང་ཆེན་རབ་འབྱམས་པའི་གསུང་རབ། རྡོར་གླིང་། རཏྣ་གླིང་། པད་གླིང་


GLG006_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཏེར་ཁ་དུ་མའི་དབང་ལུང་ཞུ་བའི་འགོ་བཙུགས། ཆུ་མིག་དགོན་གསར་བའི་ལག་ནས་རིགས་འཛིན་རཏྣ་གླིང་པའི་གཏེར་མའི་རྟ་མགྲིན་གྱི་ཕུར་པ་དང་རྡོ་རྗེ་གཉིས་སྣེའུ་སྡོང་ཞབས་དྲུང་བརྒྱུད་སྡེ་པས་ནང་རྟེན་དུ་སྤྲད་པ་རྟ་མགྲིན་གསང་འདུས་ཀྱི་དབང་ཞུ་བའི་རྟེན་ལ་དུས་འགྲིག །ཚེས་བཅུ་གཉིས་ལ་ཀོང་པོ་སྟོད་སྨད་ཉང་པོ་ཁུལ་གྱི་ལྷ་སྡེ་མི་སྡེ་རྣམས་ཀྱིས་ཞལ་དཀར་བཏེག །སྒར་པ་གྲ་ཚང་། ཆབ་ནག་བླ་མ་ཅན་དང་སྒེར་དུ་ཕྲད་། ཚེས་བཅུ་དྲུག་ནས་སྡེ་པ་སྲིན་ནད་ཀྱིས་གློ་བུར་དུ་བསྙུན་པར་སེར་འབྲས་དགེ་གསུམ་གྱིས་གཙོས་པའི་དགོན་ཁག་རགས་རིམ་ལ་མང་ཇ་དངུལ་འགྱེད། སེར་འབྲས་ཇ་ཚུལ། བསྐྱས་མདོས་དང་གྲ་ཚང་དུ་སྐུ་རིམ་ཁ་ཡར་བཙུགས། ཚེ་དཔག་མེད་དང་དྲག་པོའི་དབང་བསྐུར། བྱང་ངོས་ནས་ཀྱིས་གཙོས་དྲུང་འཚོ་བ་ལྷག་དར་རྣམས་ཀྱིས་འཕྲོད་བསྟེན་ལ་རྩོལ་འདོན་གྱིས་རིམ་བདེར་སོང་། ཉེར་གསུམ་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཐོག་མཆོད་དཔོན་པ་སོགས་བསྙེན་རྫོགས་བཅུ་བདུན་དང་དགེ་ཚུལ་བཅུ་སྐོར་བསྒྲུབས། ཧོར་ཟླ་དགུ་པའི་ཚེས་གཅིག་ལ་སྡེ་པ་གཞི་མེད་དུ་གདངས་པའི་ལྷ་བྱ་གཉིས་ཀྱིས་གཙོས་ཨེ་དྭགས་འོལ་གསུམ། འབོག་མདོང་། གཉལ་པ། ཡར་ཀླུང་ཤར་ནུབ་མཐིལ་གསུམ་རྣམས་ཀྱི་ལྷ་སྡེ་མི་སྡེས་བདོག་པའི་སྐྱེས་ཕུལ། ཚེས་གཉིས་ལ་སྡེ་པ་རྒྱ་རི་བ། གསུམ་ལ་ཟངས་རི་དཔོན་ས། བཞི་ལ་དགའ་ལྡན་གསང་སྔགས་གླིང་པས་ཚོགས་ཆས་སྟེར་ཆ་འགྱེད་སོགས་བཟབས་རྒྱས་ཀྱི་སྦྱིན་བདག་མཛད་ནས་ཕན་བདེ་ལེགས་བཤད་གླིང་པས་རྡུལ་


GLG006_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གྱི་དཀྱིལ་འཁོར་དུ་ཚེ་ཆོག་རྒྱས་པར་བཏང་། གསང་སྔགས་གླིང་པས་ཚེས་བཅུའི་གར་འཆམ་བསྟར། ཁམས་ལྡན་མའི་གསར་འགྲུལ། ཨ་རིག་གི་རྟ་འབུལ་བ། ལྷ། བྱ། འབོག །མདོང་། ཟངས་རི་དཔོན་ས་ཅན་དང་སྒེར་དུ་ཕྲད། ཨ་རིག་རྣམས་ཀྱིས་རྟ་བརྒྱ་སྐོར་བསྟར། ཚེས་ལྔ་གོང་དཀར་དཀོན་གཉེར་གྲ་ཚང་གིས་བདོག་པ་སྤེལ་ཏེ་ཚེའི་རྟེན་འབྲེལ་དང་ལྷ་ས་འབྲེང་རྒྱས་ཤག་པས་གཞིས་ལེན་བྱས། དེ་ཉིན་གྲལ་འཕྲོས་པའི་དབར་ཞིག་དང་ཐུག་པས་ངེད་རང་གིས་དཀོན་ཅོག་གསུམ་གྱི་བཀྲ་ཤིས་དང་བསྟན་པ་སྤྱི་བཤད་ཀྱི་འཕྲོས་གཏམ་ལ་བརྟེན་ནས་ས་སྟོང་བགགས། ཚེས་དྲུག་ལ་རྡོ་རྗེ་བྲག་སྤྲུལ་སྐུ། སྣ་དཀར་རྩེ་ཞབས་དྲུང་རི་བོ་བྲག་པས་ཐོག་དྲངས་གོང་དཀར་ལྷོ་བྲག །ཡར་འབྲོག །ཆུ་ཤུར། སྙེན་ཐོན་གྱི་ལྷ་སྡེ་མི་སྡེ་རྣམས་ཀྱིས་འབུལ་དཔངས་གཟེངས་བསྟོད། སྡིངས་པོ་ཆེ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་རྒྱལ་སྲིད་སྣ་བདུན་བརྩམས་པའི་འཕྲོས་གཏམ་འཇེབས་ཆགས་པའི་ཀུན་ཡིད་འཕྲོག་པར་གྱུར་པས་ཁོང་གི་གྲལ་འགོར་གྲུབ་མཐའ་ངེས་མེད་ཀྱི་བླ་མ་བདུན་བརྒྱད་ཅིག་འདུག་པ་རྣམས་ཀྱི་ཁེངས་པའི་རི་བོ་ལ་བསྙིལ་ལམ་སྙམ། ཐུགས་སྲས་ཟླ་བའི་སྤྲུལ་སྐུ། སྨྲ་བོ་ལྕོག་པ། གནས་གཞི་བ། སྡིངས་པོ་ཆེའི་སྤྲུལ་སྐུ། ཆོས་འཁོར་ཡང་རྩེ། དགའ་ལྡན་གསུང་རབ་གླིང་། ཐོད་རི་བཤད་སྒྲུབ་གླིང་གི་བླ་གཉེར། ཞབས་དྲུང་རི་བོ་བྲག་པ། ཨོ་རྒྱན་མཚོ་མོ། བདེ་ཆེན་ཆོས་འཁོར་བ། ཀོང་པོ་དཔོན་ཁག །སྦྱོར་ར་སྤྲུལ་སྐུ། དཀོན་གཉེར་དཔོན། ཉི་ལྡེའི་སྤྲུལ་སྐུ་སོགས་དང་སྒེར་ཕྲད་བྱས། ཆོས་རྗེ་སྨྲ་བོ་


GLG006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལྕོག་པས་ཉང་གིས་ཤེལ་བྲག་ནས་གདན་དྲངས་པའི་སློབ་དཔོན་ཆེན་པོའི་སྐུ་ལི་མ། སྡེ་པའི་ཁྲི་འདོན་དུ་ཨོ་རྒྱན་ཆེན་པོར་ཟ་ཧོར་རྒྱལ་པོས་ཕུལ་བའི་ཕྱག་མཚན་རྡོ་རྗེ་ཁམས་གསུམ་ཟིལ་གནོན། དབུ་མཛད་བློ་བཟང་ཡོན་ཏན་ལ་བྱིན་པའི་མོན་བུམ་ཐང་དགེ་གནས་བྲག་ནས་མངའ་བདག་ཉང་གིས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུའི་ཤོག་སེར་བཅས་རྟེན་འགངས་ཆེ་བ་འགའ་ཞིག་འབྱོར། རྒྱ་རིག་ཡབ་སྲས་དང་གཟིམས་ཤག་ལྷོ་པ་ལ་བ་རི་ལུགས་ཀྱི་སྒྲོལ་དཀར་དང་ཟངས་རི་དཔོན་ས། བྱ་པ་ཡབ་སྲས། ལྕང་ར་མགོན་ཚེ་བ་བཅས་པར་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་ཕུལ། རྒྱ་རི་བའི་སྲས་གཉིས་སྐུ་ལུས་བསྒྱུར་ཆོག་སྡེ་པ་ནས་ཁྲོལ་ཆ་བྱུང་འདུག་པས་བགྲེས་པའི་མཚན་ངག་དབང་ཕུན་ཚོགས་དབང་ཕྱུག་དང་གཅུང་ལ་དགའ་རབ་བརྟན་དབང་པོར་གསོལ། སྦྱོར་ར་སྤྲུལ་སྐུ་འཇིགས་མེད་གྲུབ་པ་དང་དཀོན་གཉེར་དཔོན་ངག་དབང་ཀུན་བཟང་གིས་གཙོས་པའི་བསྙེན་རྫོགས་བཅོ་ལྔ། ལྕང་ར་ཆོས་མཛད་མ་སོགས་དགེ་ཚུལ་བཅུ་དྲུག་བསྒྲུབས། གནས་ཆེན་ཁག་ཉི་ཤུ་བསྡོམས་པར་བཀའ་འགྱུར་ཚར་ཉིས་བརྒྱ་དང་རེ་གཅིག །འབུམ་བརྒྱ་གཉིས། ཕལ་ཆེན་བརྒྱ། དྲི་མེད་བཤགས་རྒྱུད་སྟོང་། མཚན་བརྗོད། གདུགས་དཀར། སཱ་ཙྪ་རྣམས་ཆིག་འབུམ་རེ། ཤེར་སྙིང་བྱེ་བ། སྨན་བླ་ཆིག་ཁྲི་བཞི་སྟོང་། ལྷ་ཁང་མིང་ཅན་བཅུ་གསུམ་ལ་རྒྱལ་མཚན། རི་མགོ་བརྒྱ་ལ་དར་ལྕོག །གཤིན་རྗེ་ཐམས་ཅད་འདུས་པའི་སྔགས་རིང་བྱེ་བ། འཇིགས་བྱེད་དྲུག་ཅུ་པ། ཕྱག་


GLG006_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ། ལས་གཤིན་གྱི་བཀང་གསོ། གུར་གྱི་དམར་ཆེན་གཏོར་བཟློག །ཁྲོ་རོལ་བཞི། མ་མདོས་བཅུ་བཞི། ཕྱུགས་ལུག་ཕྱེད་ཉིས་བརྒྱ་དང་ཉ་འབུམ་ཚོའི་སྲོག་བླུ། རྒྱལ་དུ་དམག་ཟོར་མའི་བཀང་བ་འབུམ། ཞལ་དང་བེག་ཙེར་ཁྲི། སྤྱི་བཀང་སྟོང་རྩ་རྣམས་བཏང་། ཚེས་བརྒྱད་ནས་བཟུང་ཞག་བདུན་གྱི་བར་གཏེར་སྒྲོམ་གྱི་ཆུ་ཚན་བརྒྱབ། ཁལ་ཁ་གཡས་རུའི་ནོ་མོན་ཨེ་ཇེན་གཡས་རུ་རྣམས་དུས་གཟིངས་ཆེ་སྐབས་ཀྱང་འཐོར་ཞིག་མ་བྱུང་བར་འདི་ལོ་འབྱོར་བའི་ལྔ་བཅུ་མ་ཉི་ཤུ་དང་གོས་དར་བརྒྱ་སོགས་སྟེར་ཆ་སྤམས་མཐོ་བ་བཏེག །ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར། ཞབས་དྲུང་རི་བོ་བྲག་པ་དང་གཟིམས་ཤག་ལྷོ་པར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་ཐར་པ་དཔོན་གཡོག་ལ་ཚེ་རྟ་ཟུང་འབྲེལ་དང་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་རྗེས་གནང་། ཁམས་རྒྱ་སྟོན་ཆོས་རྗེ་བསྟན་སྐྱོང་། ཀོང་པོ་སྙིང་ཕུ་སྐུ་སྐྱེ་མཆེད་གཉིས། ཆབ་མདོ་ཕྱག་མཛོད་པ་རྣམས་ལ་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས་བྱས། ལྷོ་བྲག་གུང་རྒྱལ་ཡོང་དེབ་ཀྱི་འགོ་བརྗོད། རོང་བྱམས་ཆེན་སྤྱི་ཚོགས་ཀྱིས་བསྐུལ་བའི་སྡེ་པའི་བརྟན་བཞུགས། སྒོ་མང་སློབ་དཔོན་ག་རུ་པའི་ཕྱི་རྟེན་འོད་དཔག་མེད་ཀྱི་སྟོང་ཐང་གི་རྒྱབ་ཡིག །མཆོད་དཔོན་ངག་དབང་ཤེས་རབ་ཀྱི་གྲ་ཚང་མགོན་ཁང་དུ་ཕུལ་བའི་སྙན་དར་ཞལ་ཡིག །ཆོས་རྗེ་འུག་བྱ་ལུང་པས་བསྐུལ་བའི་གསོལ་འདེབས་རྣམས་བརྩམས། ཚེས་བཅུ་བདུན་ལ་གཞིས་རྩེ། རྒྱལ་རྩེ། པ་རྣམ། ངམ་རིང་། རིན་སྤུངས། ལྷ་རྩེ་རྣམས་ཀྱི་མངའ་ཁུལ་ནས་


GLG006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་གོང་འོག་གི་སྐུ་ཚབ། མཁན་སློབ། དྲུང་འཁོར་སོགས་ཀྱིས་ཞལ་དཀར་གྱ་ནོམ་པ་བཏེག །གནས་རྙིང་ཞབས་དྲུང་། དཔལ་འཁོར་ཆོས་སྡེའི་མཁན་པོ། དཀར་ལྕོག་སྤྲུལ་སྐུ། ཆོས་རྗེ་འུག་བྱ་ལུང་པ། སྒྲོལ་མ་ནས། སྤོས་ཁང་མཁན་པོ། ངམ་རིང་བསམ་གྲུབ་དགའ་ལྡན་བླ་མ། ཐུབ་བསྟན་མཁན་པོ། གཞན་ཡང་ཕྱོགས་འདུས་ཀྱི་སྨར་ཁམས་གོ་བོ་དབོན་པོ། ཀ་ཙལ་བླ་མ། སྙེ་མོ་དགོན་པ་བ་རྣམས་དང་ཕྲད། འདར་པ་ལོ་ཙཱས་ཁྲི་འདོན་དུ་ནཱ་རོ་མཁའ་སྤྱོད་འཇམ་དབྱངས་མཁྱེན་བརྩེའི་ཕྱག་བྲིས་མ་དང་མི་ཏྲི་དང་ཨིནྡྲ་མཁའ་སྤྱོད་དེ་གསུམ་ག་ཚར་ཆེན་ཡབ་སྲས་ཀྱི་ཕྱག་ནས་མ་འདར་པ་རིན་ཆེན་དཔལ་བཟང་གི་དད་རྟེན་ཡིན་པ་བྱུང་བ་ནང་རྟེན་ཁྲོད་དུ་ཡོད། ཐར་པ་དཔོན་གཡོག་ལ་ཤལ་དཀར་དམར་སྣམ་ཕྲུག་བྱིན་རྟེན་གྱི་རྫོང་བ་བསྟར་ཏེ་ཐོན། འབྲས་སྤུངས་བློ་གསལ་གླིང་སློབ་དཔོན་པར་ངོར་ཆེན་དཀོར་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་འཇོམས་ཀྱི་སྒྲུབ་ཡིག་དང་གསར་རྩོམ་སེང་ལྡེང་ནགས་སྒྲོལ་གྱི་མངོན་རྟོགས། འུག་བྱ་ལུང་པ། སྒྲོལ་མ་ཕུག་པ། བྲག་དཀར་ཆུ་བཟང་བླ་མ། རིགས་འཛིན་མཐུ་སྟོབས་དབང་པོ། བླ་མ་སྣང་དཀར་བ་ཅན་ལ་གསར་རྩོམ་བཀའ་བརྒྱད་དང་ཚེ་བདག་གི་ཞི་དྲག་སྦྱིན་སྲེག་གཉིས་ཀྱི་ལུང་བཀླགས། ཉེར་གཅིག་ལ་ཐོན་ཟིལ་གནོན་པས་བོད་སོག་ཚོར་གྱ་ནོམ་པའི་གཞིས་ལེན་བཟབས། ལྕང་ར་ཆོས་མཛད་མར་སྤྱན་རས་གཟིགས་ཀྱི་སྒོམ་བཟླས། བསྙེན་རྫོགས་དགུ་དང་། དགེ་ཚུལ་གསུམ་བསྒྲུབས། ལྷུན་པོ་རྩེ་མཁན་པོ། སྟག་ལུང་ཕྱག་མཛོད། འབོག་གོང་ནས། སེ་


GLG006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དབོན་པོ། ཧོར་ཨ་མདོ་བའི་དཔོན་ཁག་ལྔ་བཅས་པར་ཚེ་དབང་གྲུབ་རྒྱལ་མ་བསྐུར། ཕྱི་མཚམས་བཅད་དེ་གཏེར་སྟོན་རིགས་འཛིན་ཆེན་པོར་རྙིང་མ་རྒྱུད་འབུམ་ཞུ་བའི་དབུ་བཙུགས། ཧོར་ཟླ་བཅུ་པར་འདི་ལོ་ནས་བཟུང་སྟར་ཆགས་སུ་མལ་དྲོ་ཀ་ཚལ་ལྷ་ཁང་དུ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་སྤོ་བོ་བན་གྲོང་པ་བཅས་དཔོན་སློབ་ཉེར་གསུམ་གྱིས་གཤིན་རྗེ་ཁྲོ་ཆུ་དང་ཀོང་པོ་བུ་ཆུ་ལྷ་ཁང་དུ་སངས་གླིང་གདུང་འཛིན་རྙིང་ཕུ་བ་གྲ་སློབ་བཅུ་གསུམ་གྱི་ཁྲོ་རོལ། རྒྱབ་ཆོས་འོད་སྣ་བ་སོགས་དགོན་ཁག་ལྔ་ཆབ་ནག་པ་ཅན་འབྲེལ་མཚུངས་བསྐོར་བའི་ཤེར་སྙིང་བཙུགས། ཉེར་གསུམ་ལ་ཉིན་གཅིག་མཚམས་གསེང་བའི་མགྲོན་གཉེར་དྲུང་པ་ཚང་གིས་གཞིས་ལེན་བསྟར། མདོ་སྡེ་བསྐལ་བཟང་། དེ་བཞིན་གཤེགས་པའི་མཚན་ལྔ་སྟོང་བཞི་བརྒྱ་ང་གསུམ་པ། ཐར་པ་ཆེན་པོ། དཔལ་མར་མེ་མཛད་ཀྱི་ལམ་ཡིག་ཆེ་ཆུང་། རྒྱལ་བ་བཙོང་ཁ་པ་ཆེན་པོས་མཛད་པའི་བླ་མ་ལྔ་བཅུ་པའི་ཊཱིཀྐ། དག་ཡིག་མཁས་པའི་ངག་སྒྲོན། བརྡ་སྤྲོད་ལི་ཤིའི་གུར་ཁང་རྣམས་དང་དེང་སང་འཆད་ཉན་དང་ལྷན་དུ་ཉག་ཕྲ་བར་སྣང་བས་རྙིང་བསྟན་གོག་པོའི་གསོས་སུ་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེའི་གསུང་རྒྱུན་སྔགས་འཆང་ནམ་མཁའ་རིན་ཅེན་གྱིས་བྲིས་པའི་གསང་སྙིང་གི་འགྲེལ་པ་ཁོག་ཕུག་སྒྲོལ་ཆེན་ཉིད་ཀྱིས་མཛད་པ། སྨན་ལུང་པ་མི་བསྐྱོད་རྡོ་རྗེས་མཛད་པའི་འགྲེལ་པ། སྤྱི་དོན། ཆོས་ཚོམས། བསྡུས་དོན་སོགས་དཔེར་བསྐུར་བ་རྣམས་ཀྱང་པར་དུ་ལེགས་པར་འཁོད། ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔ་ལ་གཡོན་རུ་སེང་གེའི་མི་སྣ་འབྱོར་པའི་བསྐུར་


GLG006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཔངས་བསྟོད། ལྷ་ས་བྱང་གླིང་བསམ་གྲུབ་རྒྱལ་པོས་རྫོང་གི་སྐྱ་སེར་རགས་རིམ་ལ་གུང་གི་བསྙེན་བཀུར་རྒྱས་པར་བཤམས། སྐྱིད་ཤོད་སྤྲུལ་སྐུས་བཀུལ་བའི་ཨ་ནནྟའི་དོན་དུ་དམིགས་པའི་སྨོན་ལམ། ཚེ་དབང་རྡོ་རྗེའི་ཁ་ཏོན་དུ་རྟ་མགྲིན་གྱི་བསྟོད་པ། དཀར་མོ་མཚོ་མོའི་ངོར་གསོལ་འདེབས། བསོད་ནམས་སྒྲོལ་མས་བསྐུལ་བའི་སྨོན་ལམ། རི་བོ་ཆོས་གླིང་སྤྱི་ཚོགས་ཀྱི་ངོར་རིང་འཚོའི་ཚིགས་བཅད་རྣམས་བྲིས། རྟ་ཚག་རྗེ་དྲུང་། སྣང་དཀར་རྩེ་ཞབས་དྲུང་། མོན་གྱི་བར་ཆིངས་ལ་འགྲོ་མི་རྩེ་གདོང་ཕྱག་མཛོད། བཀྲ་ཤིས་ལྷུན་པོའི་མི་སྣ་སྡིངས་ཆེན་པ། ཏྲེ་པོ་ཧོར་ཚང་གི་མི་གསར་སླེབས། སེ་རའི་སློབ་དཔོན་གསུམ། ཁལ་ཁ་ནོ་མོན་ཨེ་ཇེན། ལྷ་རིན་པོ་ཆེ། བདེ་ཆེན་ཐའི་ཇི་ཡབ་སྲས། རྒྱལ་མོ་གཉིས། རཏྣ། ས་སྐྱོང་ཅན་མཆེད། སྐུ་མདུན་ལྷུན་གྲུབ་རྣམས་དང་ཕྲད། ཨེར་ཁེ་ཐའི་ཇིས་གོས་དར་གྱི་བདོག་པ་བསྟར། བསྙེན་རྫོགས་ང་བརྒྱད་དང་། དགེ་ཚུལ་ཕྱེད་ཉིས་བརྒྱ་བསྒྲུབས། བདེ་ཆེན་ཆོས་འཁོར་སྤྲུལ་སྐུ་གཟའ་རྒྱལ་གྱི་ཟེ་ཁའི་བསྙུན་དམ་པོས་གྲོངས་པར་ཐུག་པའི་དོན་གྱི་གཙོ་བོ་དགོན་མ་ལག་འབྲུག་སྒར་བར་ཤོར་དོགས་ཀྱི་སྣེའུ་གདོང་རྩེར་ཐུགས་བློ་བསྟད་ཆོག་པ་དགོས་ཚུལ་གྱི་ཞུ་དོན་དང་། ཞར་བྱུང་གསོན་བསྔོའི་རྟེན་དུ་ཚེས་གཉིས་རིན་པོ་ཆེའི་ཕྱག་དྲིལ་བདེ་ཆེན་དཔའ་བོའི་རྒྱང་གླུ། ཚེས་ལྔ་རིན་པོ་ཆེའི་ཕྱག་ཌཱཾ་གཉིས་སྣེའུ་སྡོང་པའི་བློ་རྡོར་གྲགས་པས་གཙོས་བདོག་པ་སྐྱེལ་བར་ནང་སོ་སྦྲ་ཆེན་པ་ཅན་འབྱོར་ཞིང་རྩེ་ཞབས་དྲུང་གདན་དྲང་ཆོག་པའི་ཁྲོལ་ཆའི་


GLG006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསལ་ཀྱང་མཛད་སོང་རུང་ལ་ལ་ཅུང་ཟད་མ་བདེ་བར་མ་འོངས་པ་སྔུན་བསུས་ཀྱི་རྫུན་མཛད་དམ་ཡང་ཟེར། གྲ་ཚང་ནས་གྲངས་བཅད་ཀྱིས་གཤིན་རྗེ་མེའི་སྤུ་གྲིའི་སྒྲུབ་ཁག་གཉིས་དུས་མཚུངས་སུ་བཙུགས། ཤེལ་དཀར་ཆོས་སྡེའི་གྲ་པ་ཞིག་གིས་མདོ་སྡུད་པ། བྱམས་ཆོས་སྡེ་ལྔ། བཤེས་སྤྲིང་། དབུ་མ་རིགས་ཚོགས་དྲུག །འཇུག་པ། སྤྱོད་འཇུག་རྣམས་ཀྱི་རྒྱུགས་སྤྲད། འབྲི་གུང་སྤྲུལ་པའི་སྐུ་དཔོན་སློབ་ཕེབས་པར་ཞལ་ངོ་ལ་ཆ་བཞག་མ་ཐུབ་རུང་སྒམ་འབྲུག་རྣམས་དང་མཚུངས་པའི་བཀུར་གཟོས་ཕུལ་ཏེ་ཚེས་བརྒྱད་ཀྱི་སྔ་དྲོ་མཇལ། སྡེ་པར་ཕྱག་འབུལ་རྒྱུ་ཡིན་གསུང་ཡང་སྐབས་སུ་མ་བབ་པས་མཇལ་དར་རྩེ་སྤྲོད་ཀྱི་ལྡེམ་མཇལ་མཛད། བླ་མ་ལྷོ་པ། ཡང་རི་སྒར་པའི་བླ་མ། ཀ་ཚལ་བླ་མ་ཟུར་བ་སྤོ་བོ་བན་གྲོང་བ། སྒར་པའི་གྲ་པ་སུམ་ཅུ་ཙམ་དང་བཅས་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱི་བཀའ་འབུམ་དང་མཐུན་པའི་བརྟན་བཞུགས་ཀྱི་ཆོ་ག་ཞིག་བཏང་། སྤྲུལ་སྐུས་རྩེ་ཞྭ། དམངས་མས་སྒོམ་ཞྭ། སྤོ་པོས་པད་ཞུ། དགེ་སློང་དམ་པས་འབར་ཞྭ། ཕྱག་མཛོད་པས་ཁ་བཏགས་ཀྱི་ལེབ་ཞ་སོགས་ཞྭ་རིགས་ཀྱང་རྣམ་གྲངས་ཤིན་ཏུ་མང་། ཕྱི་དྲོ་དཀར་སྤྲོའི་དུས་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ཀྱིས་ཆོས་ཀྱི་འབེལ་གཏམ་འཕེལ་བར་བྱུང་། སང་ཉིན་བཀའ་བརྒྱད་ཁྲག་འཐུང་གི་སྟོད་ལས་སྨད་ལས་ཀྱི་འཆམ་རྒྱས་པར་མཛད། འཆམ་འདི་བླ་མ་མངའ་བདག་ཡབ་སྲས་ནས་བརྒྱུད་པར་རྗེ་ཟུར་བས་མནལ་ལམ་བཟུང་བའི་ཟངས་མདོག་དཔལ་རིར་བྱོན་ཏེ་ཞུས་དག་གནང་བའི་ཁུངས་བཙུན་པར་གྲགས་ཤིང་བྱིན་ཀྱང་ཆགས་


GLG006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་རྩེད་སྣ་ལྟར་གང་བདེ་བྱས་མི་ཆོག་པའི་ཆོ་ག་དང་འབྲེལ་དགོས་ཀྱིན་ཡོད་འདུག་པས་ལས་བྱང་གྱེར་བ་དང་ཟོར་ལས་གཏོར་བཟློག་རིམ་གྲོ་ཚུགས་པ་འདྲ་མོ་ཞིག་བྱུང་། འོན་ཀྱང་བར་སྐབས་ནས་ལད་པ་འདྲ་ཡིན་ནམ་དམངས་ཀྱིས་སྐོར་ཐེང་རེ་ལ་སྐྱེན་པ་རྣམས་ཀྱིས་སྐོར་ཐེང་གསུམ་སུམ་ཙམ་མ་ཎིའི་ཆོས་སྐོར་ལྟར་འཁོར། གཏོར་མ་འགྱོགས་མི་རྣམས་ཀྱིས་ཁ་དཀྲིས་གཏོང་བ་སོགས་གཙང་སྦྲ་ཆེ་མདོག་ཁ་པོ་ལ་ཨ་ར་ཁ་སྐྱོག་དེས་གཏོར་མའི་སྟེང་ལ་རྐང་པ་བཏེགས་ནས་ཡུལ་ཡུལ་བྱེད་པའི་རྒྱ་མ་བོད་ཅིག་འདུག་པ་སྐུ་རིམ་ཚད་ལྡན་གྱི་སྐབས་མཛད་ཀྱིན་ཡོད་དོགས་མེད་ལ་ཆེ། བདེ་ཆེན་ཆོས་འཁོར་པའི་ཕོད་ཀ་གཟའ་ཚན་བརྒྱད་དང་སྤར་ཁ་སྨེ་བ་སོགས་གཟུགས་འགྲོས་མང་པོའི་ལྷན་ཐབས་མ་དེས་གཙོས་བདའ་ལན་གྱི་སྐྱེས་རྒྱས་པར་ཕུལ། རེ་ཞིག་བཅད་རྒྱར་བསྡད་པའི་རྒྱུད་འབུམ་གྱི་འཕྲོ་མུས་ཉན། རྩེ་ལུགས་ཀྱི་ཚེས་བཅུ་ཆེན་མོ་འཛུགས་རྩིས་ཀྱིས་ལེའུ་བརྒྱད་མ་སྨན་ལུང་ཆོས་ལྡན་པའི་དེ་ལེགས་པོ་འདུག་ཀྱང་མཚན་བརྒྱད་ཀྱི་མངོན་རྟོགས་སོགས་གཏེར་གཞུང་ནས་ཅུང་ཟད་རྒྱས་སུ་བཏང་བའི་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གར་བརྩམས། ཉེར་བརྒྱད་ལ་ལག་པ་གཡས་པའི་རྩ་འགྲམས་པས་རྐྱེན་བྱས་ལག་པའི་ནད་འཕར་ཏེ་འཕྲོད་བསྟེན་དང་སྦྲགས་ཐོས་བསམ་གྱི་བྱ་བ་ཆག་མེད་དུ་བགྱིས། ཧོར་ཟླ་བཅུ་གཉིས་པའི་ཟླ་སྟོད་དུ་ཁྱབ་བདག་ཞ་ལུ་བ་ཆེན་པོ་དང་དབྱར་སྨད་ནས་བསྙུན་རོ་འཕར་རེ་སྐུ་ཁམས་ཇེ་ཞན་དུ་སོང་བར་དཔལ་ལྡན་མ་ཁོག་ཏུ་ཞུགས་ཏེ་དབུས་


GLG006_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱོན་ན་ལེགས་ཚུལ་ཞུས་པ་བཞིན་ཕེབས། ལག་པ་མི་བདེ་བས་རྐྱེན་གྱིས་རྗེས་གནང་འབུལ་མ་ཐུབ་ཀྱང་དེ་བཞིན་གཤེགས་པའི་གདུང་ཤ་རཱི་རམ་དང་གཏེར་སྐུ་འགངས་ཅན་དུ་མའི་བྱིན་རླབས་ཕུལ། ཞག་གསུམ་བཞུགས་ནས་གོང་དཀར་ཆོས་སྡེར་འཕྲོད་བསྟེན་ལ་ཐེགས། ཙམ་བཞུགས་བར་གྱི་གསོལ་ཆས་ཀྱི་མཐུན་རྐྱེན་སྦྱར། སྨད་རྒྱུད་དགེ་སྐོས་བྱང་འདྲེན་གཉིས་ཀྱིས་བསྐུལ་བའི་སློབ་དཔོན་ངག་དབང་ནོར་བུའི་གསོལ་འདེབས། ཤངས་བཀྲ་ཤིས་རྩེ་པས་འབུམ་བཞེངས་པའི་སྨོན་ལམ་སྡེ་དྲུག་མཁན་ཟུར་པ་དཀོན་ཅོག་བསྟན་འཛིན་གྱིས་ཉེ་དུའི་དོན་དུ་ལམ་རིམ་བླ་བརྒྱུད་བཞེངས་པའི་ཐང་ཁའི་རྒྱབ་ཡིག་རྣམས་བཀོད། རྗེས་སུ་འབམ་རོ་འཕར་པ་དྲུང་འཚོ་བ་ལྷག་བསམ་གྱི་སྨན་དཀར་ངོ་ཆེ། ནད་གཡོག་རྐང་མ་དབུ་མཛད་དང་གལ་ཆེ་སྐབས་མཆོད་དཔོན་པས་ཀྱང་ཡོངས། གྲ་ཚང་དུ་སྐོང་བཤགས་ཀྱི་རིམ་གྲོ་བཙུགས། རིགས་འཛིན་ཆེན་པོས་དྲག་དམར་གྱི་གཏོར་བཟློག་མཛད་པས་ཞག་གསུམ་ནས་རྨི་ལམ་དུ་ཡི་གེ་ལྷོགས་རྒྱུ་མེད་པ་མང་པོ་ཡོད་པའི་ཆོས་ཤོག་གི་འཁོར་ཁ་ཡང་རྐང་པ་ལ་དཀྲིས་འདུག་པར་མི་ཞིག་གིས་འདི་བདེ་པོ་མི་ཡོང་ཞེས་བཀྲོལ་སོང་བ་དང་མཚུངས་པའི་མངོན་དོད་ཀྱིས་བདེ་ཞིང་ལྷག་ཏུ་གདོན་འགྲོལ་གྱི་ནུབ་གཏེར་སྟོན་རིན་པོ་ཆེར་ངེད་ཀྱི་རྐང་པའི་མཐིལ་ནས་ཡར་རག་དུང་འདྲ་བའི་སྦུབས་གསེང་ལས་སྦྲུལ་ལྟ་བུའི་སྲོག་ཆགས་སྣ་ནམ་རྡོ་རྗེ་བདུད་འཇོམས་ཡིན་ཟེར་བའི་སྔགས་པ་ཞིག་གིས་ནར་གྱི་ཕྱུང་བ་མེར་བསྲེགས་ཏེ་ལྷག་མ་རླུང་གིས་ཁྱེར་བའི་སྤྱན་ལྟས་ལེགས་པ་བྱུང་སྣང་། དེ་ནས་བཟུང་ལོ་ཤས་འབམ་གྱི་ནད་
མ་ལངས།

དགུང་ལོ་ང་བཞི་པར་ལྷ་ལྡན་གཙུག་ལག་ཁང་གི་ཆོས་རྒྱལ་ལྷ་ཁང་དང་ཨོ་རྒྱན་ལྷ་ཁང་གི་ནང་རྟེན་གསར་བཞེངས་དང་། གསེར་ཐོག་ཞིག་གསོ།


GLG006_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འགྱུར་བརྒྱ་ཚར་སྒྲོག་པ་བཅས་ཀྱི་སྐོར།དུས་རིམ་ལེ་ཚན་དང་ལྕགས་ཁྱིའི་ལོ་གསར་དཀྱུས་བཞིན་བཏང་། ནད་མཇུག་ལ་བརྟེན་བསྐང་གསོ་དང་བཞུགས་གྲལ་ལ་འགྲོ་མ་ཐུབ་པའི་རྩེར་བཀྲ་ཤིས། རཏྣ། ས་སྐྱོང་སོགས་དཔོན་ཁག་རྣམས་དང་དྲུང་འཁོར་ལས་ཚན་ཐོར་བུར་དཀར་སྤྲོའི་ཐོག་ངོས་ཕྲད་བྱས། ཚེས་བརྒྱད་ནས་གཏེར་སྒྲོམ་གྱི་ཆུ་ཚན་བསྟེན་པས་ཕན་ངོ་ཆེ་ཞིང་འོན་ཀྱང་ལག་པའི་སྐྲངས་འབུར་ལྷག་ལུས་པ་བསོད་ནམས་དབང་རྒྱལ་བྱང་ན་ཡོང་ཞོར་རྩ་སྒྱེ་མོའི་ཆུ་ཚན་བརྒྱབ་པ་པུས་མོར་ཕན་པའི་གནས་ཚུལ་ལ་བརྟེན་ཞུ་བླངས་པས་ངོ་སོ་ཐོན་པ་བྱུང་། ཆོས་རྗེ་ན་གླིང་པ། དར་མོ་ནས་གཉིས་ལ་སྨན་སྤྲད་པའི་ཆོ་འཕྲུལ་གྱི་རིང་ཉམ་ཐག་གི་ནད་པ་མང་པོར་ཕན་པ་བསྒྲུབས། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་གོང་དཀར་ནས་ཁྱབ་བདག་ཞ་ལུ་པ་ཆེན་པོ་ཕེབས་ཏེ་ཞག་བརྒྱད་ཀྱི་བར་བཞུགས། སྔགས་རྒོད་ལོག་ཏྲིའི་རིག་གཏད་ཅིག་ཕུལ་བ་དེ་མ་ཐག་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུའི་བསྙུན་གཞི་རྙིང་པ་ལ་ཕན་ངོ་ཆེ་བ་བྱུང་ཚུལ་ཕེབས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་དང་བྱང་སེམས་བསོད་ནམས་གྲགས་པ་ཞལ་སྤྲོད་ཀྱི་ཞལ་ཐང་ཆོས་ལུང་ཚོགས་པའི་ནང་རྟེན་མཁན་པོ་རྟག་པ་བའི་དུས་འཁྱར་བ་ཞིག་སྩལ། གཙང་དུ་ཤར་རྒྱག་ཐེགས་ཁུལ་ལ་ཞབས་འབམ་གྱིས་ཆོས་སྡེར་བཞུགས་པར་དྲུང་འཚོ་ངག་དབང་ལྷག་བསམ་བཏང་བས་མ་འགྱངས་པར་གདངས་སྐྱེད་ཆེ་བ་བྱུང་འདུག །སྣེའུ་སྡོང་རྩེ་ནས་ཞབས་དྲུང་གདུང་བརྒྱུད་ཡབ་སྲས་ཕེབས་པར་ལྷ་གཟིགས་ཕག་མོ་གྲུ་པའི་


GLG006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་གཟོས་རྒྱས་པར་ཕུལ། འོན་ཀྱང་སྣེའུ་སྡོང་རྩེའི་ཁྲི་བཞག་སྟེ་བདེ་ཆེན་ཆོས་འཁོར་གྱི་བླ་མ་མཛད་པའི་སྒོ་ཞིག་ཡོད་འདྲ་བ་བདག་ཆེན་རྡོ་རྗེ་འཆང་གིས་ཁོ་བོ་དཔལ་ལྡན་ས་སྐྱའི་ཁྲིར་སྡོད་འཕྲོར་ནཱ་ལནྡྲའི་མཁན་པོ་བྱས་ན་རྟ་ལས་བབས་ཏེ་བོང་བུ་ཞོན་པ་དང་འདྲ་གསུངས་པའི་དཔེར་སྣང་། ཞབས་དྲུང་གིས་བཀའ་སྩལ་བ་དང་དུ་བླངས་ཏེ་ངེད་རང་དང་སྡེ་པའི་བརྟན་བཞུགས། གཏེར་སྟོན་རིགས་འཛིན་ཆེན་པོའི་གསུང་གིས་བསྐུལ་བའི་རིང་འཚོའི་ཚིགས་བཅད། རྫོགས་ཆེན་པ་དམ་པ་འཇམ་གླིང་གིས་བསྐུལ་བའི་གཏེར་སྟོན་རིགས་འཛིན་ཆེན་པོའི་གསོལ་འདེབས་བརྟན་བཞུགས། མངའ་རིས་གུང་ཐང་རབ་འབྱམས་པ་སྒྲ་ཚད་མདོ་རྒྱུད་སྨྲ་བ་བཤེས་གཉེན་རྣམ་རྒྱལ་གྱི་སྙན་ངག་གི་འཕྲིན་ལན། སྐྱེ་བར་རྗེས་འཛིན་གྱི་བརྗོད་བྱ་ཐེབས་པའི་ཐང་ཁའི་རྒྱབ་ཡིག་གཅིག་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའི་ངོ་མ་བཟློག་པ་རྣམས་བྲིས། རྩ་སྒྱེ་མོའི་བྱེ་ལུང་མདོའི་ཆུ་ཚན་བླངས་ཏེ་བསྟེན་པས་ཡན་ལག་ལ་ལྷག་པར་ཕན་པ་བྱུང་། རྫོང་གཞིས་བཅུ་དགུ་སྡོམས་པར་བཀའ་འགྱུར་ཚར་ཕྱེད་སུམ་བརྒྱ། མཚན་བརྗོད་ཆིག་འབུམ། སྨན་བླ་ཆིག་ཁྲི་ཆིག་སྟོང་། ཚེ་ཆོག་བཅུ་གསུམ། སཱཙྪ་ཆིག་འབུམ། གཤིན་རྗེའི་སྔགས་རིང་བྱེ་བ། གདུགས་དཀར་མདོས་ཆེན་གསུམ། ཁྲོ་རོལ་གཅིག །ཞི་བའི་སྦྱིན་སྲེག་བརྒྱ་རྩ། ཕྱུགས་ལུག་ཉིས་བརྒྱ་དང་ཉ་འབུམ་གྱི་སྲོག་བླུ་བྱས། ཆུ་ཤུར་ཐར་པ་གླིང་པ་རྣམས་ཀྱིས་ཕུར་པའི་འབྲུབ་འཆམ་ལ་མོ་ཚེར་གསེབ་པ་ཚོར་འགྲན་བཟོད་པ་བརྒྱབ་ཅིང་ཕྱི་དྲོ་ཚན་གྲངས་དང་བཅས་རིང་


GLG006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་ཚིགས་བཅད་གསུངས། འཕྲེང་བའི་དཀྱིལ་ཐང་བཞེང་དགོས་ཡོད་པ་སྡེ་པས་དང་དོད་ཀྱིས་ཁུར་བཞེས་ཏེ་ལས་གྲ་འཛུགས་པའི་སྒོ་དོད། དེའང་ཞི་བའི་རིགས་ལ་སྨན་ཐང་པ་དང་ཁྲོ་བོ་དང་དཀྱིལ་ཐང་ལ་མཁྱེན་བརྩེ་བ་བྱང་ཆུབ་པས་ལུགས་གཉིས་ཀ་མ་ནུབ་པ་ཞིག་དགོས་རྒྱུར་སྡེ་པ་བསོད་ནམས་རབ་བརྟན་གྱི་དུས་མཁྱེན་བརྩེ་ཕྱོགས་ཀྱི་རི་མོ་བས་གོ་མ་ལོ་བ་ལྟ་བུས་ཧ་ཅང་མང་རྒྱུ་མི་འདུག་རུང་གོང་དཀར་ཆོས་སྡེ་ནས་སློབ་དཔོན་གསང་སྔགས་མཁར་པས་ཐོག་དྲངས་མཁས་བསྒྲུགས་བོས། མ་དཔེ་ཀུན་མཁྱེན་རྡོ་རྗེ་གདན་པའི་ཐུགས་དམ་ཐང་ཁ་ལ་གཙོ་བོར་བཟུང་། འཕྲེང་བ་ཀྲྀ་ཡ་གཉིས་ཀྱི་རྒྱ་གཞུང་། མངའ་རིས་པ་ཚུལ་འོད་དང་པཎ་ཆེན་ཐར་རྩེ་པའི་ཡིག་ཆ་རྣམས་མཐུན་མི་མཐུན་གྱི་གོ་བསྡུས་དགེ་སློང་འཇམ་དབྱངས་གྲགས་པ། གནས་གསར་འཇམ་དབྱངས་བསྟན་འཛིན། ཕུན་ཚོགས་ལེགས་འབྱོར། དཀར་བྲག་པ་ངག་དབང་བྱམས་པ་བཞིས་བྱས་ནས་མི་གཅིག་པ་རྣམས་ཞ་ལུ་མཁན་རིན་པོ་ཆེར་དོགས་གཅོད་དང་འདི་གར་ཡང་དྲིས་ཤིང་གཙོ་བོ་རྒྱ་གཞུང་དང་ཐང་དཔེ་བཙན་པ་བྱས། འཐེན་འཁྱེར་ཅུང་ཟད་བྱུང་བ་ཐོར་བུར་ཡིག་ཆ་ལ་དམར་མཆན་ཕབ་ནས་གཞིས་ཀའི་སྒོ་ལྕོག་ལྷོ་མར་འདྲི་བའི་དོ་དམ་མཐོན་བྱ་སྒོ་ནས་ཀྱིས་བྱས་ཏེ་འགོ་བཙུགས་པ་ལྕགས་ཕག་ཧོར་ཟླ་བརྒྱད་པའི་ནང་དུ་གེགས་མེད་པར་འགྲུབ། ཁམས་རི་བོ་ཆེ་དྲུང་ཁྲི་ཐོག་པ་ཕེབས་རྟ་ཁྲབ་ཀྱི་སྟེར་ཆ་དཔངས་བསྟོད་པ་མཛད། ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་ཕུལ། བར་ཁམས་པ་རྣམས་


GLG006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་འཕྲོས་མང་ན་མདོ་མེད་ཅེས་འཕྱ་ཡིན་ཡོད་འདུག་པའི་སྟབས་ཡིན་ནམ་གསུང་འཕྲོས་ནི་ཆེར་མི་གསུང་། སོག་པོ་སྟོང་ཕྲག་ཏུ་ཉེ་བར་བྱིན་རླབས་བྱས། རི་བོ་ཆོས་གླིང་བླ་མ་རྒྱལ་སྲས་སྤྲུལ་སྐུ་དང་གྲ་དམངས་བཅས་དཔང་སྐོང་ཕྱག་བརྒྱ་པ། མཚན་བརྗོད། སྨན་བླའི་མདོ་ཆོག །གསར་རྩོམ་མི་འཁྲུགས་པའི་ཆོ་གའི་ལུང་ཕུལ། རྒྱལ་མོ་གཉིས། རཏྣ་དཔོན་མོ། མཁའ་འགྲོ་དགེ་ཚུལ་མ་རྣམས་ལ་ཇ་གྲལ་བཏང་། སྣེའུ་སྡོང་ཞབས་དྲུང་དང་ཞབས་དྲུང་རི་བོ་ཆེ་པ་སོགས་ལ་སྐྱེས་ལན་གྱི་རྫོང་བ་ཞུས། ཚེས་བཅུ་ལ་རི་བོ་ཆོས་གླིང་སྤྱི་སོས་ཚོགས་འཁོར་བདོག་པའི་དངོས་པོའི་སྦྱིན་བདག་བྱས་ཏེ་གྲ་ཚང་གིས་འཆི་མེད་འོད་སྣང་གི་སྒོ་ནས་ཚེ་ཆོག་བཏང་། ཆོས་གླིང་གྲ་དམངས་ཀྱང་མུ་འཐུད་ཀྱིས་གྲལ་དུ་འཁོད། ཚེས་བཅུ་བདུན་ལ་ཕན་བདེ་ལེགས་བཤད་གླིང་པས་ཚོགས་ཆས། སྤྱི་སྒེར་གྱི་བདོག་པ་དང་བཅས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་རིང་འཚོའི་རྟེན་འབྲེལ་བསྒྲིགས་ཏེ་བཅད་རྒྱ་བསྡམས། སྡེ་པ་ཆུ་ཚན་དང་ལྷོ་ཁ་ཕྱོགས་ཀྱི་གཞིས་སྐོར་མཛད་པར་སྒོ་དོད་པའི་མཆོད་དཔོན་པ་ཆུ་ཚན་ལ་འགྲོ་འདུན་འདུག་པས་གཏོར་མའི་ཁྱད་ནས་ཉེར་གསུམ་ལ་ཞིང་སྐྱོང་དབང་པོའི་མཆོད་གཏོར་རྒྱས་པར་བཏང་། དོ་རིས་ཁོའི་ཁ་ཏོན་དུ་གསོལ་འདེབས་ཀྱི་ཚིགས་བཅད་བྲིས། རྩེ་ལུགས་ཀྱི་ཚེས་བཅུའི་ཕྱག་ལེན་གར་འཆམ་རྣམས་རིག་སྔགས་འཆང་བའི་དབང་ཕྱུག་ཆོས་རྗེ་དཀོན་གཉེར་དཔོན་ཀུན་བཟང་རྩེ་བ་ཡབ་སྲས་ཀྱི་ཕྱག་བཞེས་ཁུངས་བཙུན་པའི་སྙན་གྲགས་ཀྱིས་སྔ་དུས་ཀྱི་སྡེ་


GLG006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མང་པོ་དང་ཕྱིས་སུ་སྒར་གཙང་སོགས་ལའང་འཕེལ་ཞིང་རྗེ་བསོད་ནམས་རྒྱ་མཚོའི་དགོངས་པར་ཡང་ཡོད་འདུག་རུང་ཡུལ་དུས་ཀྱི་གནང་སྟབས་མ་བདེ་བར་ལུས། སྡེ་པ་བསོད་ནམས་རབ་བརྟན་ལ་ཐུགས་བཞེད་མེད་པས་གཞིས་ཀ་རྩེའི་ཚེས་བཅུའི་ཆས་རྣམས་ཟགས་འཐོར་དུ་སོང་བ་ནས་རིམ་འགྱངས་སུ་གྱུར་པ་འདི་ལོ་སྡེ་པས་ཕོད་ཀ །གར་གོས། ཞལ་བརྙན་གིང་ཆས་སོགས་དགོས་ཆ་བཟོ་བའི་གྲ་བཙུགས། ཨེ་པ་སྤྲུལ་སྐུ་བག་དྲོ་ཅན་བཅུ་བཞི་བཀུག་པའི་ཐོག་མར་ཚེས་བཅུའི་མཚན་བརྒྱད་སྐོར། གཏུམ་རྔམས། མཚམས་གཅོད་རྣམས་ཀྱི་ཞལ་བརྙན་བརྒྱད་ཅུ་ཙམ། རྟེན་རྫས་ཀྱི་ཐང་ལྷའི་ཞལ་བརྙན་སོགས་གྲུབ་པའི་མུ་འཐུད་དུ་ལྷའི་ལྷོ་སྒོ་མེ་ལོང་ཅན་དུ་གཙོ་བོ་འོད་དཔག་མེད་ལོངས་སྐུའི་ཆ་བྱད་ཅན་གཡས་གཡོན་དུ་སྨན་བླ་བདེ་གཤེགས་བརྒྱད། བར་ཁང་གི་ཆོས་རྒྱལ་ལྷ་ཁང་དུ་མེས་དབོན་རྣམ་གསུམ། བཙུན་མོ་གཉིས། བློན་པོ་གཉིས། རྒྱལ་སྲིད་སྣ་བདུན་ཚང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཚུལ། ཨོ་རྒྱན་ལྷ་ཁང་དུ་སློབ་དཔོན་ཡབ་ཡུམ། ཨོ་རྒྱན་དམ་སྲི་ཟིལ་གནོན། ཡང་བཟློག་ཁྲོ་བོ། བྱང་ཆེན་མཆོད་རྟེན། ཚལ་དུས་ཀྱི་བདེ་མཆོག་གི་སྐུའི་ཞིག་གསོས། རྒྱལ་བ་བཙོང་ཁ་པའི་སྐུ་དགའ་ལྡན་ལྷ་ཁང་དུ་སྤོས་པར་རྣམ་རྟོག་བྱེད་མཁན་འདྲ་ཡོད་འདུག་པའི་སྟབས་སྔར་གྱི་བཞུགས་གནས་སུ་གདན་དྲངས། ར་མོ་ཆེ་བར་ཁང་དུ་བཞུགས་རྩིས་ཀྱི་ཀླུ་དབང་གི་རྒྱལ་པོ་དང་སྨན་བླ་བདེ་གཤེགས་བརྒྱད་རྣམས་ཀྱི་རྒྱུར་གྲང་གསེར་ཞོ་ཆིག་བརྒྱ་བཅུ་གཉིས། གསེར་


GLG006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་བོད་བརྡུངས་ཆིག་སྟོང་བཞི་བརྒྱ་ཞེ་དྲུག །རྒྱ་བརྡུངས་དྲུག་སྟོང་ཆིག་བརྒྱ་བརྒྱད་ཅུ། ལི་ཁྲི་དང་སྤང་སྐྱ་བྲེ་ཕྱེད་གསུམ་རེ། སྤང་མ་བྲེ་ལྔ། མཐིང་བྲེ་དྲུག །སྔོ་སྐྱ་བྲེ་ཕྱེད་བཞི། རམས་བྲེ་བདུན། བ་བླ་བྲེ་གང་། རས་ཁ་དགུ་བརྒྱ། སྤྱིན་ཁལ་དྲུག །གྲོ་ཞིབ། ལྕགས་སྐུད། ཟངས་སྐུད་རྣམས་སོང་བའི་དོ་དམ་དཔལ་འབྱོར་བཀྲ་ཤིས་དང་བསྟན་འཛིན་རབ་བརྟན་གཉིས་ཀྱིས་བྱས་ཏེ་ཟླ་བ་བདུན་ལྷག་འགོར་བའི་ཕོགས་སྟོན་ཡོན་ཀུན་འབྲུ་ཐོག་ཏུ་དྲིལ་བ་མཁའ་རུའི་སུམ་སྟོང་བདུན་བརྒྱ་སོང་། དཔོན་མོ་སའི་ཁན་ཇུའི་དགེ་སྒྲུབ་ཐེབས་སུ་དཀར་མེ་གསེར་ཆབ་བཟང་སྤྱོད་ཁྲི་ཚར་གསུང་བའི་དགོས་ཆ་སྤྲད། གཏེར་སྟོན་རིན་པོ་ཆེ་ལ་ཆོས་ཞུ་འཕྲོས་ཉན་ཞིང་རྒྱལ་སྲས་པ་དང་བཅས་པའི་མཆེད་གཉིས་ལ་གུར་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་བ། ཞལ་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་། རིགས་འཛིན་ཆེན་པོའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དབང་ལུང་ཡོངས་རྫོགས། གཏེར་སྟོན་དགུང་སྐག་གི་རྐྱེན་སེལ་ལ་ལྕགས་སྡོང་ལུགས་ཀྱི་ཚེ་དབང་བརྒྱ་རྩ་རྣམས་ཕུལ། གཏེར་སྟོན་སྐུ་མཆེད་གཉིས་དང་ཕྱོགས་མཐུན་དུ་མཆོད་དཔོན་པ། དགེ་སློང་འཇམ་དབྱངས་གྲགས་པ། ཆོས་རྗེ་ཁ་རེག་པ། ཆོས་རྗེ་པདྨ། སྔགས་རམས་པ་དགའ་བ་གདོང་པ་ཅན་ལ་ཨོ་རྒྱན་དྲི་མེད་ལྷུན་པོའི་གཏེར་མའི་རླུང་དམར་གྱི་ལུང་ཕྱག་ལེན་རྣམས་ཞིབ་པར་ཁྲིད། ཧོར་ཟླ་གསུམ་པའི་ཚེས་ལྔ་ལ་སྡེ་པ་དཔོན་གཡོག་མས་དྲོ་བརྒྱུད་འོལ་དགར་ཆུ་ཚན་ལ་བཏེག་གོས་ཕྱི་ནང་། སྦུགས་སིལ། རྒྱ་རྔ། གསེར་དངུལ། ཇ་རས། གྲུམ་


GLG006_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཙེ། བུར་ལྟང་། རྟ་སྒ་བཅས་ཀྱིས་གཙོས་པའི་ཆོས་ཡོན་གྱི་བདོག་པ་རྒྱ་ཆེར་སྤེལ་ཞིང་རིགས་འཛིན་ཆེན་པོར་དེབ་སྔོན་དང་རྒྱལ་སྲས་པ་སྒྲ་སྙན་རྩིས་སྡེབ་སྦྱོར་ལ་སྦྱངས་པ་ཆེ་རབ་འདུག་པས་རིག་གནས་ཀྱི་གླེགས་བམ་གསུམ་བཞི་ཞིག་ཀྱང་བྱིན། གཏེར་སྟོན་རིན་པོ་ཆེའི་གསུང་གིས་བསྐུལ་བའི་མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་པའི་གཏོར་ཆོག་དང་། རྒྱས་སྲས་བསྟན་པའི་ཉི་མའི་ངོར་སོ་ཐར་སྡོམ་པའི་བརྒྱུད་འདེབས་བརྩམས། ཁོང་དཔོན་སློབ་རྣམས་རང་གནས་སུ་བྱོན། གྲུབ་ཐོབ་དར་ཕྱྭ་རུ་བའི་ཐུགས་དམ་རྟེན་བེག་ཙེ་ལྕམ་སྲིང་གི་ཞལ་ཐང་བྲག་རམ་མགོན་ཁང་དུ་བཞུགས་པ་སེ་ར་བྱེས་པའི་གྲ་པ་ཞིག་གིས་དཀོན་གཉེར་ལ་ཐང་ཁ་བྱུང་ན་བླུ་ཡོན་བཟང་པོ་སྟེར་ཞེས་པའི་རྐྱེན་གྱིས་ཐང་ཁ་ཁྱེར་ནས་རྡོག་གི་སྔགས་པ་ཀུན་དགའི་ཉི་མ་དང་ལྷན་དུ་འོངས་པ་འཚུབ་གྱིས་དཀོན་གཉེར་ཆུ་ཤུར་དུ་འདས་ཀུན་དགའི་ཉི་མ་ལ་སྣེའུ་ཨ་ཁུས་བླུས་མ་བྱིན་ནས་བྱུང་བ་དབུ་མཛད་བློ་བཟང་ཡོན་ཏན་བརྒྱུད་ལག་ཏུ་འབྱོར། ཞ་ལུ་སྐུ་ཞང་གིས་རྒྱལ་པོ་འོད་ཟེར་གོ་ཆའི་དཔང་བུམ་བྱིན། བི་རི་དགེ་སློང་དབང་ཕྱུག་གྲགས་པས་རང་ལ་བཀའ་དྲིན་གང་ཆེའི་བླ་མ་རྗེས་དྲན། ལྷ་རིགས་ལྕམ་ཆོས་བཟང་དབང་མོའི་ཞལ་འདོན། ཁལ་ཁ་སྐུ་སྐྱེ་བློ་བཟང་འཕྲིན་ལས་ཀྱིས་བསྐུལ་བའི་གསོལ་འདེབས། གླང་བུ་བ་འགྱུར་མེད་ཀྱི་ངོར་མཚན་བརྒྱད་ཀྱི་བསྟོད་པ་རྣམས་བྲིས། སེ་ཆེན་རྒྱལ་པོ་མཆེད་ལུགས་མ་ལེགས་པ་སོགས་ཨོ་རོད་ནང་དུ་འཚུབ་འགྱུར་མང་ཙམ་ཡོད་འདྲ་ཟེར་བར་ཕན་རེས་གངས་ཅན་མཁན་པོ་


GLG006_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་ཅོག་རིན་ཅེན་མི་སྣར་མངགས་ཏེ་བླ་མ་དཔོན་ཁག་དྲག་རིམ་ཚོར་ཡིག་ངག་བསྐུར་ཡང་སེང་གེ་དང་བཱ་ཁན་བནྡེ་ཅན་རིམ་གྱིས་མ་འཚམ་པའི་དུས་ཀྱི་ཆད་པར་ཕན་ཐོགས་ཆེ་བ་རང་ནི་མ་བྱུང་འདུག །མར་ལམ་མཚོ་ཁར་དཔོན་ཞིག་གི་རྟ་ཕྲོགས་པར་ཧུང་ཐའི་ཇིས་ད་ལམ་སྐྱོན་མི་ཡོང་ཡང་རྒྱས་བསྡུས་མེད་འདི་འདྲ་མང་ན་མི་འགབ་པའི་མཁན་པོར་བསླབ་བྱ་མཛད་འདུག་རུང་སྦྱོར་བ་རྩིངས་པའི་སྐྱོན་ཞིག་ཡིན་ནམ་ཨོ་རོད་མཐིལ་དུ་བརྡུངས་ཤིག་ཀྱང་ཕོག་པའི་མཛེས་རྒྱུ་མེད་ཙམ་བྱུང་སྣང་། ཚེས་བཅུ་བདུན་གྱི་འགྲུབ་སྦྱོར་ཉིན་བསྙེན་རྫོགས་བཞི་དང་། དགེ་ཚུལ་བཞི་བསྒྲུབས། སྡེ་པ་འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་སྨྲ་བའི་དབང་ཕྱུག་བློ་གསལ་མཁས་པ་གཉིས་ལ་ལེགས་སྦྱར་གྱི་བསྟན་བཅོས་ཀ་ལཱ་པ་དང་དབྱངས་ཅན་བྱཱ་ཀ་ར་ཎ་སུམ་རྟགས་རྣམས་རྫོགས་པར་ཁྲིད་དེ་ཁོང་དུ་ཆུད་ནས་དགའ་ལྡན་ཕུན་ཚོགས་གླིང་དུ་པར་གྱི་ཞུས་དག་པར་རྫོང་བདའ་བྱས། སྟག་རྩེ་ཐའི་ཇི་རྡོ་རྗེ་རྣམ་རྒྱལ་དང་ཧོར་བསོད་དར་རྒྱས་མཆེད་གཉིས་ཀྱིས་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་རྟེན་བརྟེན་པར་ཞིག་གསོས་མཆོད་བཀུར་མཛད་པ་ཙམ་ནི་མངའ་བདག་ཁྲི་རལ་མན་ཆད་ལ་ཡེ་མ་བྱུང་འདུག་པས་གཏོང་ཕོད་དང་བརྩོན་པ་མགོན་མེད་ཟས་སྦྱིན་གྱི་རྣམ་པར་ཐར་པ་ལྟ་བུར་སྣང་། དེ་ལ་བརྟེན་ནས་ཆོས་སྐྱོང་ཆེན་པོས་སླད་མར་འབྱུང་རྒྱུའི་སྡེ་བདག་གི་མིག་ལྟོས་ལ་ཕན་དུ་རེ་བའི་མཛད་པ་མཐའ་དག་དཀར་ཆག་ཏུ་འདྲི་དགོས་པས་དེ་གའི་རྒྱུ་མཚན་ངེད་ལ་ལོབས་གསུངས་པར་བརྟེན་ཤོག་དྲིལ་ཆེན་མོ་ཞིག་སྤྲེལ་ལོ་བྱུང་ཡང་བྲེལ་བས་གཡེངས་ཏེ།


GLG006_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་འགོ་མཇུག་གཉིས་མཆོད་ཁང་རེའི་བར་དུ་སྙན་ངག་ནས་དྲངས་པའི་ཚིགས་བཅད་དང་དངོས་དོན་རྣམས་ཀུན་གྱིས་གོ་བདེ་ཁྱད་ཀྱིས་ཚིག་ལྷུག་གི་དེབ་ཐེར་བཀོད། དེ་ནས་བཟུང་ཕྱི་མཚམས་ཁོག་ཏུ་ཐོབ་ཡིག་མི་ལྟོགས་ཀྱི་བུ་ལོན་ལྟ་བུའི་འཕྲོ་འཐུད་དེ་ཟླ་འཕྲོས་ངང་ཧོར་ཟླ་བཞི་པའི་རིང་བྲེལ་བ་གཞན་གྱིས་བར་མ་ཆོད་པ་ལྟ་བུར་འབུངས་པར་བྲིས། མགྲོན་གཉེར་དོན་གྲུབ་རྒྱལ་མཚན་ལྔ་པའི་ལམ་དུ་གྱུར་པའི་ཚེ་ནང་མི་རྣམས་ཀྱི་འདོད་པ་བཞིན་སྙན་དར་དང་འདུས་ཚོགས་ཀྱི་ཞལ་འདོན་གང་བདེར་བྱས་ཆོག་པའི་སྨོན་ལམ་བརྩམས། ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་ར་མོ་ཆེའི་ཀླུ་རྒྱལ་ལྕང་གསེབ་ཏུ་གཏའ་བསྡེམ་སོགས་བཅོས་ཀ་མཛད་པའི་ཚེ་ཀླུ་རྒྱལ་གྱི་འཁོར་དུ་ཁམས་སྤྲང་འདྲ་བ་གཉིས་འདུག་པ་ཅི་ཡིན་དྲིས་པར་འབྲུམ་པའི་ནད་བདག་ཡིན་ཟེར་བ་བྱུང་བས་ད་ལོ་འཐོར་ནད་ཞིག་ཡོང་ཉེན་ཆེ་ཚུལ་མོལ་བ་ལྟར་དེ་ནས་ཟླ་བ་ཕྱེད་གསུམ་སྐོར་ཙམ་ལ་ལྷ་ས་ནས་རིམ་གྱིས་མཆེད་པའི་ལོ་ཕྱེད་གསུམ་ཚུན་ལ་དབུས་གཙང་ཐམས་ཅད་ཁྱབ་པས་ངེས་ཤེས་འདྲོངས་པར་སྣང་། བོན་འདི་ལ་བོད་ཀྱི་ལྷ་རྣམས་དགའ་བར་མ་ཟད་ཀླུ་ལ་ལྷག་པར་མངའ་བརྙེས་པ་ཞིག་ཡོད་ཚོད་དུ་འདུག །སྡེ་པའི་ལམ་གྱི་གེགས་སེལ་སྐུ་རིམ་དུ་སེར་འབྲས་ཚོར་ཇ་ཚུལ་ཟླ་ཕྱེད་ཀྱི་བར་བཙུགས། སྡེ་པས་སྣེའུ་སྡོང་རྩེའི་དབུ་མཛད་རིན་ཆེན་བཟང་པོ་ཅན་བཏང་བྱུང་བ་དང་བསྟུན་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དོ་དམ་བྱས་ཏེ་གྲ་ཚང་གིས་ཚེས་བཅུའི་གར་འཆམ་གྱི་སྦྱོང་བདར་ཞིབ་ཏུ་མཛད། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ། ཁྱབ་བདག་


GLG006_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསར་བ་ཆེན་པོ་གསུམ་གྱི་དངུལ་གདུང་ལ་དཀར་མེ་དང་སྙན་ཤལ་ཕུལ་བའི་ཁ་བྱང་བྲིས། འདར་ལོས་རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཚེམས་དེ་ཉིད་ཀྱིས་འདར་པ་ཆོས་སྐྱོང་ལྷུན་གྲུབ་ལ་གནང་བ་རིང་བསྲེལ་ཅན་ཞིག་དད་རྟེན་དུ་བྱིན། དགའ་ལྡན་བཤད་སྒྲུབ་གླིང་པའི་གྲ་པ་གསུམ་གྱིས་བྱམས་ཆོས་སྡེ་ལྔ་དང་གསར་རྩོམ་དབུ་ཕར་གྱི་རྒྱུགས་སྤྲད། ཧོར་ཟླ་ལྔ་པའི་ཚེས་བརྒྱད་ལ་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་ཕེབས་ཏེ་ཟླ་ཕྱེད་བར་བཞུགས། འཆི་བླུ། གདོན་འགྲོལ། གྲིབ་སེལ། བསུ་བཟློག་གི་རིམ་གྲོ་གནང་། མངའ་བདག་གི་གཏེར་བྱོན་གནམ་ལྕགས་ཀྱི་རྡོ་རྗེ་བྱང་ལས་ཀྱི་མཁའ་འགྲོའི་བཀའ་བབས་འགྲོ་མགོན་གཉོས་ཞིག་ཆེན་པོར་གནང་བ་ནས་བཟུང་མཐིང་མ་བ་དང་ཁྲ་ཚང་བའི་ཞལ་ངོ་རིམ་བརྒྱུད་ཀྱི་བྱིན་ཅན་དེ་མི་འགྱུར་བར་བརྟེན་པའི་རྟེན་འབྲེལ་དུ་སྩལ། རྡོ་རྗེ་བྲག་སྤྲུལ་པའི་སྐུར་མཚན་ལྟས་རྩུབ་པ་བྱུང་ཚུལ་གྱི་ཕྱག་བྲིས་འབྱོར་བར་ལྕོག་སྒར་བ་ཚོར་འཛུགས་རྒྱུའི་བརྟན་བཞུགས་ཀྱི་བདེན་བརྗོད་ཕུལ། ཁྱབ་བདག་ཁྲ་ཚང་པའི་གསུང་གིས་བསྐུལ་བཞིན་སྡེ་པའི་བརྟན་བཞུགས་བྲིས། བསམ་ཡས་སུ་མདོ་སྡེ་འབུལ་བར་ཆུ་མིག་ཁ་བ་བློ་བཟང་རབ་བརྟན་བཏང་། བཅོ་ལྔ་ལ་སྡེ་པ་དང་སོག་པོའི་དཔོན་ཁག་ཡོན་མཆོད་རྣམས་བྱོན་པར་ཚོམས་ཆེན་དུ་གུང་གི་བཞུགས་གྲལ་དང་བསྟུན་ངོས་ཀྱིས་ཕྲད། ས་སྐྱོང་དཔོན་གཡོག་ལ་དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་དམིགས་པ་ཕབ། འདི་ནས་བཟུང་ཧོར་ཟླ་བཅུ་གཉིས་པའི་བར་མཚམས་གྲོལ་མ་གྲོལ་ལ་མ་བལྟོས་པའི་ཐོབ་ཡིག་ལོང་སྐབས་བྱུང་ཚད་ལ་བྲིས། ཁྱབ་བདག་སྨན་ལུང་པར་ནཱ་ག་རཀྵའི་དབང་


GLG006_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསམ་ཡས་ཆོས་སྐྱོང་ཆེན་པོའི་གསུང་དང་བསྟུན་སྡེ་པ་དང་ལྷན་དུ་བསྐྱར་ནས་ཞུས། རིན་པོ་ཆེས་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་པ་བླ་མ་གསང་འདུས་དང་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་མགྱོགས་དབང་གནང་། ཉེར་གཉིས་ལ་དྲུང་འཁོར་སྐྱ་སེར་རྣམས་ཀྱིས་ཚོགས་ཆས་སྟེར་ཆ་འགྱེད་གཟེངས་བསྟོད་དེ་གྲ་ཚང་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཆོག་རྒྱས་པར་གསུངས། དེ་ཐོག་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་རྩོམ་པའི་ཤོག་དྲིལ་དང་དངུལ་གྱི་མཎྜལ་ལ་གསེར་གྱི་ཚོམ་བུ་དང་བཅས་ཏེ་བྱིན། ཁྱབ་བདག་ཁྲ་ཚང་པ་སྡེ་སྲིད་ཕག་མོ་གྲུ་པའི་ཏྲི་ཤྲིར་བཀུར་བའི་གདན་འདྲེན་འདུག་གཤིས་གོས་དར་གྱི་བདོག་པ་བསྟན་ནས་ཕྱིར་ཕེབས། ར་སའི་གཙང་ཁང་བྱང་འདི་བཀའ་གཉན་པའི་སྟབས་གསེར་ཐོག་གི་ཞིག་གསོས་མཛད་མཁན་ཉུང་ཞིང་དཔོན་སློབ་པཎ་ཆེན་རིན་པོ་ཆེ་དགོངས་པ་ནམ་མཁའ་དང་མཉམ་པའི་ཐུགས་རྟོག་ཡེ་མི་གནང་བས་གསར་བཞེངས་ཀྱི་ཐུགས་རྩེ་གཞན་དང་མི་འདྲ་བ་བསྟད་ཡོད་འདུག་རུང་ཕྱག་གཡོག་རྣམས་ཀྱིས་ཚུལ་ལྡན་མ་བྱས་པའི་གོག་བཅོས་ལྟ་བུའི་སྐྱོན་གྱིས་རིང་པོར་མ་ལོན་པ་ནས་ཤིན་ཏུ་བསྡོ་བ་ཞིག་སྣང་བ་མཆོད་རྟེན་རབ་འབྱམས་པས་མཐུན་རྐྱེན་ཕུལ་བ་དང་བསམ་ཡས་ཆོས་སྐྱོང་ཆེན་པོ། ཚངས་པ་དུང་ཐོད་ཅན་གཉིས་ཀྱིས་ཀྱང་བར་ཆད་མི་འབྱུང་བའི་དབུགས་དབྱུང་བར་ཡིད་བརྟན་དུ་བཟུང་རྒྱ་ཕིབས་ལྷོ་བྱང་གི་ཞེང་ལ་རྒྱུག་མཐོ་སོ་དྲུག་དང་མཛུབ་གང་ཤར་ནུབ་ལ་ལྔ་བཅུ་ང་གཅིག །དཔངས་ལ་ཉེར་གཉིས། ལྟར་རྒྱབ་ལ་སོ་བདུན། གཉྫི་ར་གསུམ་རྣམས་ཀྱི་རྒྱུར་ཟངས་གད་ཕྱིས་གྲུབ་


GLG006_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཁར་ཁལ་དྲུག་བརྒྱ་ང་གཅིག །གསེར་བཙོ་མ་ཞོ་བཞི་སྟོང་སུམ་བརྒྱ་རེ་བཞི། དངུལ་ཆུ་ཞོ་ཆིག་ཁྲི་ཉིས་སྟོང་དགུ་བརྒྱ་གོ་གསུམ། སྣེ་ཁྲིད་མོ་རེ་བཅས་བར་མཁར་ཁལ་བཅུ་གཉིས། སྟར་བུ་ཁལ་བཅུ་བཞི། བཙོད་ཁལ་ཕྱེད་དགུ །རླུང་གནོན་དྲིལ་གདང་གི་ལྕགས་ཐག །རླུང་དྲིལ་སོ་ལྔ། བལ་པོ་ཨ་མ་ར་སིདྷ་དང་ཟངས་མགར་དབུ་མཛད་རྣམ་སྲས་ལྷས་བྱིན། དངོས་གྲུབ་གསུམ་གྱིས་གཙོས་པའི་སོ་ལྔ་དོ་དམ་འདར་གཞོན། གྲ་དཔོན། གྲ་ས་བས་གཙོས་པའི་ཤིང་བཟོ་བ་སུམ་ཅུ་དོ་དམ་སྒེར་ལོགས་ཨ་དར་རིགས་གསུམ་པ། ལྕགས་ཁ་བ། གསེར་གསོལ་འཕྱོང་རྒྱས་རབ་འབྱམས། བཀྲ་ཤིས་རྩེ་ནས། སྟར་སྡོང་ནས། སྦངས་ཆེ་བ། ཕོགས་སོགས་དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བགྱིས་པའི་ཕོགས་གླ་ཡོན་སྟོན་མོ་སྟོན་རྒྱབ་རྣམས་འབྲུ་ཐོག་ཏུ་དྲིལ་བར་མཁའ་རུའི་ཁལ་ཆིག་ཁྲི་ཆིག་སྟོང་སུམ་བརྒྱ་སོང་། ཞ་ལུ་མཁན་རིན་པོ་ཆེ་སྐོར་ཅིག་གཙང་དུ་བྱོན་ན་སྐུ་ཁམས་ལ་ཕན་པའི་བརྟག་པ་ཤར་བ་བཞིན་ཉེར་བསྡོགས་ཀྱི་སྔོན་འགྲོར་ཕེབས། ཞལ་བཞི་པ་དཀར་པོའི་ཚེ་སྒྲུབ་ཀྱི་རྗེས་གནང་ཚར་ལུགས་ཐུན་མོང་མ་ཡིན་པ་སོགས་ཞུས་ཤིང་རྐྱེན་སེལ་གྱི་རྗེས་གནང་འདྲ་ཕུལ་ཏེ་ཧོར་ཟླ་དྲུག་པའི་ཚེས་གཉིས་ལ་ཞ་ལུ་ཕྱོགས་སུ་ཐེགས། ཚེས་བཅུ་གཅིག་ནས་བཟུང་ཉིན་ཁ་ཤས་ཀྱི་བར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གྲ་སློབ་སུམ་བརྒྱ་སྐོར། དེ་མཚུངས་སེར་ཐེག་ཆེན་གླིང་པ། གསང་ནེའུ་ཐོག་ཆོས་རྗེ་རྣམ་གཉིས་ཀྱིས་ཐོག་དྲངས་དཔོན་སློབ་ལྔ་བཅུ། དཔལ་ལྡན་སྨད་རྒྱུད་གྲ་ཚང་གྲ་སློབ་ཡོངས་རྫོགས། འཕན་ཡུལ་གསས་


GLG006_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དགོན་པ་བ་བླ་མ་གྲ་བཅས། ལྷ་ལྡན་རུ་བཞིར་རགས་བསྡུས་སུམ་བརྒྱ་ཙམ་གྱིས་སོ་སོས་གོས་ཕྱི་ནང་། ཇ། རས་ཀྱིས་གཙོས་པའི་ཟང་ཟིང་གི་ཚན་གྲངས་རིང་པོར་བརྐྱངས་ཏེ་དཀོན་ཅོག་གསུམ་ལ་གསོལ་བ་བཏབ་པའི་སྒོ་ནས་རིང་འཚོའི་བདེན་པ་བརྗོད། འབྲས་སྤུངས་པ་དཔོན་སློབ་ཀྱི་ཟླར་འགྲུལ་པ་གསར་སླེབས་ཨུན་འདུར་དཀའ་བཅུས་གོས་དར། ཇ་ཀོ་དྲའི་འབུལ་བ་གྱ་ནོམ་པ་བལྟབས། སེ་ཆེན་ཞབས་དྲུང་གི་སྐུ་སྐྱེ། མཚུར་ཕུ་ཕྱག་མཛོད་དགོན་སྟོད་པ། གུང་ཐང་གཟིམས་ཁང་ཤར་བླ་མ། མེ་རག་བླ་མ། སྟག་ལུང་ཕྱག་མཛོད་པའི་བུ་ལྷ་སྐྱབས། འཆད་ཀ་སྤྱན་སྔ། ནོ་གོན་དགེ་ཚུལ། མཁའ་འགྲོ་དགེ་ཚུལ། ཡེར་པ་སློབ་དཔོན། དབུ་མཛད་རིན་ཅེན་བཟང་པོ་ཅན་བན་ཚང་པ་ཁ་ཤས། ཁམས་ལྷོ་སྟོད་ནས་གསར་སླེབས་ཆོས་རྗེ་ངག་དབང་གི་དབོན་པོ་རྣམས་དང་ཕྲད། རུ་ཐོག་དབང་པོའི་བསྔོ་རྟེན་དུ་སྐུ་གསུང་ཐུགས་རྟེན་དང་སྟོད་ཟོག་མང་བར་བསྟར་ཞིང་དགེ་བ་རྫོགས་བྱང་དུ་བསྔོས། མངའ་བདག་འགྲོ་མགོན་ནམ་མཁའ་དཔལ་གྱི་དབུ་ཐོད་དང་། རྒྱལ་སྲས་པདྨ་དབང་ཆེན་གྱི་དབུ་ཐོད་གཉིས་དང་སྤྲོ་གྲ་གཙང་པའི་ནང་རྟེན། གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཕྱག་ཕུར་ཤིང་ཛ་ལ་ནག་པོ་ལས་གྲུབ་པ་ལྷ་ལུང་ཆོས་སྡེ་བའི་ནང་རྟེན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྐུ་ཆོས་སྣེའུ་སྡོང་རྩེ་ནས་ཡར་སྟོད་དུ་འཁྱར་བ་དགའ་ཚལ་ཐུབ་ཆེན་གྱི་ནང་བཞུགས་ནས་དོན་པ། གཙང་རི་བོ་ཆེའི་ནང་རྟེན་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་སྐུ་བྱིན་རླབས་


GLG006_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་སྡེ་པར་འབུལ་མཁན་བྱུང་འདུག་པ་རྣམས་ནང་རྟེན་དུ་བཞུགས། བཀྲ་ཤིས་ལྷུན་པོ་ནས་སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་སློབ་ཕེབས་པར་ཆིབས་བསུ་བ་སུམ་ཅུ་ཙམ་དང་དན་འབག་མདར་ཐབ་བསུ་བཅས་ཚེས་བཅུ་བཞི་ལ་པོ་ཏ་ལའི་ཡོང་བཞེས་ཁང་དུ་སྟན་ཆགས། ཚེས་བཅོ་ལྔའི་ཉིན་དཔོན་སློབ་རྣམས་རྩེར་ཕེབས་ཐོག་དྲུང་འཁོར་ཚང་མས་མཇལ་དར་ཕུལ། ཚོམས་ཆེན་དུ་མཇལ་སྐབས་སྐུ་གསུང་ཐུགས་རྟེན་དང་གོས་དར་ཇ་རས་ཀྱིས་ཐོག་དྲངས་དགུ་ཚན་མང་པོར་སྤེལ་པའི་གནང་སྐྱེས་རྒྱས་པར་མཛད། སྒམ་འབྲུག་སྤྲུལ་སྐུ་དང་དབྱིབས་མཚུངས་པའི་བཞུགས་གདན་སོགས་བཀུར་གཟོས་ཆེ་བར་ཕུལ། གུང་གི་བཞུགས་གྲལ་ཐོག་འདར་ནས་དང་ཚ་རོང་ནས་གཉིས་ཀྱིས་ཆོས་ལས་བརྩམས་པའི་འཕྲོས་གཏམ་གླེངས། སྤྲུལ་སྐུ་རིན་པོ་ཆེ་སྐུ་ན་ཕྲ་བ་ལ་ཐུགས་རིག་དངས་ཤིང་བཞུགས་ཚུགས་པའི་ཡ་མཚན་པ་ཞིག་སྣང་། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་ཞིག་གིས་གསར་རྩོམ་ཕར་ཕྱིན་ནས་ཐལ་ཕྲེང་ལྷུ་བཏོན་པའི་རྒྱུགས་སྤྲད། སང་ཉིན་བསྙེན་རྫོགས་བརྒྱ་བཅུ་གཅིག་དང་། དགེ་ཚུལ་ཉིས་བརྒྱ་བསྒྲུབས། མཁའ་འགྲོ་དགེ་ཚུལ་མར་ཚེམ་བུ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་འཕོ་དམིགས་ཉིན་གཉིས་སུ་བཅད་ནས་ཉམས་འཁྲིད་དུ་ཕབ། ཚེས་བཅུ་བདུན་ལ་ཆོས་སྡེ་སྐྱོར་མོ་ལུང་པ་གྲ་སློབ་བརྒྱ་སྐོར་གྱིས་བདོག་པའི་ཚན་གྲངས་དང་བཅས་ཡུན་དུ་གནས་པའི་སྨོན་ལམ་མཛད། རབ་རྒྱས་སློབ་དཔོན་ཟུར་པ། ཚ་རོང་དགེ་སློང་། གསོལ་དཔོན། མགྲོན་


GLG006_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར། དགེ་སློང་བློ་བཟང་རྣམ་རྒྱལ། རྡོར་རྒྱན་པ་སོགས་རྒྱལ་མཚན་མཐོན་པོའི་དྲུང་འཁོར་དྲག་པ་རྣམས་སྒེར་ཕྲད་ལ་འོངས། ཚ་རོང་ནས་ཀྱིས་བདེ་མཆོག་གི་བྲིས་ཐང་ལེགས་པ་ཞིག་ཀྱང་བྱིན། བཅོ་བརྒྱད་ལ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པས་ལས་བྱང་ལེའུ་བརྒྱད་མ་དང་འབྲེལ་བའི་ཚེས་བཅུ་ཆེན་མོའི་གར་འཆམ་གྲ་འགྲིག་བྱིན་ཆགས་པར་མཛད། ཉེར་གཉིས་ཀྱི་གཟའ་སྐར་ལེགས་ཐོགས་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ཀྱི་ཕྱགས་ཕྱིར་རྟ་ཚག་རྗེ་དྲུང་། ཕ་བོང་ཁ་གདན་ས་པ། ཉི་ཐང་བླ་མ་བློ་བཟང་ཆོས་གྲགས། མེ་རག་བླ་མ། དྲུག་བརྒྱ་དགེ་སློང་། སེ་ཆེན་དབོན་པོ། ནང་སྐོར་གི་དྲུང་འཁོར་ཁ་ཤས་དང་བཅས་པར་མཚན་བརྗོད། ཚེ་མདོ། སྒྲོལ་མ། ཤེར་སྙིང་། བཟང་སྤྱོད། བྱམས་སྨོན། ལྟུང་བཤགས། གདུགས་དཀར་མཆོག་གྲུབ། སྤྱོད་འཇུག་གི་བསྔོ་ལེ། རྒྱལ་བ་བཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། ཐམས་ཅད་མཁྱེན་པ་དགེ་འདུན་གྱི་རྒྱ་མཚོའི་གསུང་འབུམ་ནས་ཉེར་མཁོ་པོ་ཏི་གཉིས་སུ་ཉེ་བའི་ལུང་ཟླ་བ་བདུན་པའི་ཚེས་གཅིག་གི་བར་སྟར་ཆགས་སུ་ཕུལ། ཉིན་གཅིག་མེ་ཏོག་གི་ཆར་བབས་ཟེར་བ་བདེན་ན་སྤྲུལ་པའི་སྐུ་འཁྲུལ་པ་མེད་པའི་རྟགས་ཡིན་ནམ་སྙམ། གསས་ཁང་དགོན་པའི་དགེ་སློང་ཞིག་གིས་ཤ་ར་འབུམ་པ་ནས་ཐོན་པའི་པོ་ཏོ་བའི་ཚེམས་ཡིན་ཟེར་བ་ཞིག་བྱིན། ལྷ་སའི་མ་ཎི་བ་རྣམས་ལ་གསར་རྩོམ་རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ལས་བྱང་


GLG006_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལུང་དང་། དམིགས་བརྩེ་མ་ཚོར་རྒྱལ་བ་བཙོང་ཁ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱས། ཚེས་གཉིས་ཀྱི་ཉིན་གོང་གི་གསེར་ཡིག་པ་དགེ་སློང་བསམ་གྲུབ་ཆོས་འཕེལ་དང་དང་སྐྱ་བསོད་ནམས་བཀྲ་ཤིས་གཉིས། བསྟན་འཛིན་ད་ཡན་རྒྱལ་པོའི་དགོངས་རྫོགས་ཀྱི་ཤོག་བུ་བསྲེག་པར་མཆོད་རྟེན་བླ་མ་བརྟན་པ་དགེ་སློང་། བསྟན་འཛིན་དགེ་སློང་། བསོད་ནམས་ཇ་ལང་ཇང་གི །ལ་ཐུ་སྦྱར་གོ་ཆི། ཡིག་མཁན་གཉིས། ཁྲབ་པ་བཞི། གཞན་མའི་འགྲུལ་སྡེབས་ཆག་ནར་ཁན་ཆོས་རྗེའི་དཔོན་པོ། ཤེས་རབ་བླ་མ། ཁོར་ཆིང་ཇོ་རིག་ཐུའི་མི་སྣ་སོགས་གཏོས་ཆེ་བ་འབྱོར། བཀའ་ཤོག་གནང་སྦྱིན་རྣམས་སྤྲད། མི་སྣ་གཉིས་དང་འགྲུལ་སྡེབས་པ་སོ་སོས་གོས་དར་གསེར་དངུལ་གྱིས་གཙོས་པའི་བདོག་པ་དཔངས་མཐོ་བ་བརྒྱ་ཕྲག་ཏུ་ལོངས་པ་བྱུང་། ཨ་པ་དབང་གི་བསྐུར་མ་གོས་དར་དངོམ་ཆེ་བ་དང་གསེར་གྱི་མཎྜལ་ལ་རིན་པོ་ཆེ་བཻཌཱུཪྻ་མཐེ་བོང་ཙམ་པས་གཙོས་པའི་ཕྲས་བརྒྱན་པ་སྣང་། ཐང་སག་སློབ་དཔོན་བློ་བཟང་འཇམ་དབྱངས་རྒྱ་ནག་ཏུ་འདས་སྐབས་གྲ་ཚང་དང་དྲུག་བརྒྱ་དགེ་སློང་གིས་བསྐུལ་བའི་བཀའ་དྲིན་རྗེས་དྲན་གྱིས་གསོལ་འདེབས། ཤངས་དགའ་ལྡན་ཆོས་འཁོར་སློབ་དཔོན་དོན་རྒྱན་པས་མཚམས་སྦྱར་བ་བཞིན་སྨན་བླའི་མདོ་ཆོག་གི་སྐབས་སྦྱོར་རྒྱུད་འདེབས། བློ་སྦྱོང་དཔལ་ཡེ་མ་པར་དུ་བརྐོས་པའི་མཇུག་ཏུ་ཉམས་འཁྲིད་དང་ལུང་གི་བརྒྱུད་འདེབས་རྣམས་བརྩམས། སྙིགས་


GLG006_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དུས་འདིར་རྒྱལ་བསེན་དམ་དྲི་གཙོ་བོར་གྱུར་པའི་སྡེ་བརྒྱད་ཀྱི་གནོད་པ་མཆོག་དམན་ཀུན་ལ་ཆེ་བའི་གཉེན་པོར་ཐང་ཡིག་སྡེ་ལྔ་འདི་བསྔགས་པར་སྣང་བས་འགྲོ་ཕན་གྱི་ཆེད་དུ་འོ་ཡུག་ནས་དཔེ་རྙིང་པ་ཁུངས་ཤིན་ཏུ་དག་པ་ཞིག་ལ་གཞི་བྱས་གཞན་གླེགས་བམ་ལྔ་ཙམ་སྒོ་བསྟུན་འདར་པ་ལོ་ཙཱ་བ་མཆེད་གཉིས། འཕྱོང་རྒྱས་སྡེ་པ་དཀོན་མཆོག་རིན་ཅེན། སྤོས་འཛིན་པ་ཏྲེ་པོ་ངག་དབང་ནམ་མཁའ། ཕུ་ལུང་ལྷ་དབང་རྡོ་རྗེ། ཆོས་རྗེ་ན་བཟའ་གླིང་པ་དྲུག་གིས་ཞིབ་ཏུ་དཔྱད། གཡུང་སྟོན་རྡོ་རྗེ་དཔལ་ཞེས་གོས་དཀར་འཛིན་པའི་རིག་སྔགས་འཆང་བ་ཆེན་པོ་དེ་གོང་གི་སྐུ་རིམ་ལ་བྱོན་སྐབས་གསང་སྙིང་གི་ཊཱིཀྐ་རང་ཉིད་ཀྱིས་མཛད་པ་རྒྱ་པར་དུ་བརྐོས་ནས་སྟོང་ཕྲག་ཙམ་བོད་དུ་འཕེལ་བ་དིང་སང་སྐྱ་ཟད་སྔོ་རྡུགས་སུ་སོང་བས་ཐོས་བསམ་འདྲ་བྱེད་མཁན་ཡོངས་ལ་རེ་དང་བོན་ཀླུ་འབུམ་དཀར་པོར་གྲགས་པ་གདེངས་ཅན་གྱི་ཚོགས་དགའ་བ་བསྐྱེད་ནུས་པའི་ཕན་ཡོན་དུ་དམིགས་ལེ་ཚན་ཚོ་ལོ་སྔ་མ་མ་དཔེ་བསྐུར་བའི་པར་རྣམས་འབྱོར། སྟོད་རྒྱུད་གྲ་སློབ། རྨི་རུ་བ། སྟོད་ལུང་ཚེར་གསེབ་དགོན་པ་བ་སོ་སོས་ལེགས་སྐྱེས་ཀྱི་ཚན་གྲངས་དང་བཅས་ཡུན་དུ་འཚོ་བའི་རྟེན་འབྲེལ་བསྒྲིགས། ངམ་རིང་མཁན་པོ། བསམ་གྲུབ་དགའ་ལྡན་བླ་མ། སྟག་རྩེ་ཐའི་ཇི་ཡབ་སྲས་སོགས་དང་ཕྲད། སྡེ་པས་ཁུར་བཞེས་མཛད་དེ་ཚེས་ལྔ་ནས་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གི་ཞིང་བཀོད་ཐོག་ཚད་གྲ་ཚར་


GLG006_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུ་རྩ་གཅིག་བཞེངས་པའི་རི་མོ་དབུ་མཛད་སྟག་ལུང་དཔལ་མགོན་གྱིས་གཙོས་མཁས་བསྒྲུགས་ཉི་ཤུ་རྩ་དྲུག་གིས་ལྕགས་ཕག་ཧོར་ཟླ་བརྒྱད་པའི་ནང་དུ་གེགས་མེད་པར་གྲུབ་པ་སོ་སོའི་རྒྱབ་ཐད་དུ་འབྲས་སྤུངས་འདུ་ཁང་གི་དུས་བརྩམས་པའི་རྟོགས་བརྗོད་དང་གཙོ་ཐང་ལ་ཆེ་བརྗོད་དཀར་ཆག་ཚིགས་བཅད་ལྷུག་གི་སྨོན་ལམ་བྲིས། ཚེས་བདུན་གྱི་ཉིན་བཀྲ་ཤིས་ལྷུན་པོ་བ་དཔོན་སློབ་དང་བརྒྱད་ལ་སྟག་རྩེ་ཐའི་ཇིས་ཚོགས་འཁོར་སྟེར་ཆ་འགྱེད་བཅས་སྤམས་མཐོ་བ་མཛད་དེ་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་དུ་ཚེ་ཆོག་བཏང་། སྤྱི་སྒོས་ཀྱི་རིམ་གྲོར་རྫོང་གཞིས་བཅོ་ལྔ་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་ཉི་ཤུ། འབུམ་བརྒྱ། བརྒྱད་སྟོང་པ་ཆིག་སྟོང་། མཚན་བརྗོད་ཉིས་འབུམ། ཡིག་དྲུག་དུང་ཕྱུར། སྨན་བླ་དྲུག་སྟོང་། གཤིན་རྗེ་འདུས་པའི་དྲག་སྔགས་བྱེ་བ། ཚེ་ཆོག་བཞི། སཱཙྪ་ཆིག་སྟོང་བཏབ། ཚེས་བཅུ་བཞི་ལ་གོང་ནས་རྒྱལ་པོའི་དགོངས་རྫོགས་གནང་བ་ལེན་པར་རཏྣ་མཆེད་འབྱོར་བའི་གནང་སྦྱིན་ལྔ་བཅུ་མ་ཉི་ཤུ་དང་གོས་དར་གཏོས་ཆེ་བ་བྱུང་འདུག་པ་སྔར་གྱི་དགོངས་རྫོགས་རྣམས་འདི་ག་ནས་ཁུར་ཁུར་ཏེ་བཏང་བས་བསྔོ་རྟེན་གྱི་ཚུལ་དུ་འབུལ་རྒྱུ་ཡིན་ཚུལ་ནན་ཆེ་བར་མཆོད་ཡོན་ནང་མཚམས་སུ་དེ་འདྲའི་པར་བཀབ་མ་དགོས་ཀྱང་ཐུགས་དང་བསྟུན་ཏེ་བསྔོ་སྨོན་གྱིས་རྒྱས་བཏབ། སྤྲུལ་པའི་སྐུ་རིན་པོ་ཆེ་ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབ་པའི་མཁན་སློབ་སྦྲགས་མ་བྱས་ཁོང་དཔོན་སློབ་ཀྱི་སྡེབས་སུ་མ་ཆུད་པར་སེ་ཆེན་


GLG006_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་གི་སྐུ་སྐྱེ་དང་ཨུ་ཁེ་རེ་ཐའི་ཇིའི་ཐོ་ཡོན་གཉིས་དགེ་ཚུལ་དུ་བསྒྲུབས། རྒྱ་ནག་ཁྲིམས་དམ་པའི་སྟབས་ད་ཡན་རྒྱལ་པོའི་དགོངས་རྫོགས་གཏོང་བར་བཏང་བའི་སྐྱ་སེར་རྣམས་ཀྱིས་བྲེལ་བ་དངོས་གཞི་མ་ཆོད་བར་སྒེར་དོན་བཅད་མི་ཆོག་པའི་གཤིས་ཚེས་བཅོ་ལྔའི་ཉིན་མཆོད་རྟེན་བླ་མས་དིང་ཕོན། རྟ་རྨིག་མ་ཉི་ཤུ། གོས་དར་སོགས་བརྒྱ་འབུལ་དང་གཞན་མ་འགྲུལ་སྡེབས་དང་བཅས་པས་ཚན་གྲངས་བཟབས། རྒྱལ་མོ་གཞོན་པ། ཕུན་ཚོགས་ཀྱི་དཔོན་མོ། ཞང་སྟོན་བསྟན་རྒྱལ། ཧོར་ལྷ་རྒྱལ་དར་གྱི་ནུ་བོ་གཉིས། སེམས་དཔའ་ཆེན་པོའི་སྤྲུལ་སྐུ། གེ་རེ་ལྷ་པའི་སྲས་མོ་སྐྱ་བཙུན། སྟོད་ལུང་ཁྱམས་པ་བླ་མ། རྒྱ་ནག་གི་མི་སྣ་ཁག །བྱམས་ཆེན་གཉེར་པ་བར་ཚོ་བ། རིགས་གྲའི་སྐལ་པ་སྐྱེལ་བར་སྒོ་མང་སློབ་དཔོན་ལུང་རིགས་རྒྱ་མཚོ་གྲ་པ་ལྔ་བཅུ་ཙམ། ཧོར་དཔོན་བཙུན་ཆུང་གི་བསྔོ་རྟེན་རྟ་བརྒྱད་སྐོར། ཁྲབ་རྨོག་སྟེར་མི་རྣམས་འབྱོར་ཞིང་བསྔོ་སྨོན་གྱི་རྒྱས་བཏབ། ཉེར་གཉིས་ལ་སྤྲུལ་སྐུ་རིན་པོ་ཆེའི་ཞབས་ཕྱིར་རྟ་ཚག་སྤྲུལ་སྐུ། ཕ་བོང་ཁ་གདན་ས་པ། བློ་གསལ་གླིང་སྒོ་མང་གཉིས་ཀྱི་སློབ་དཔོན། སེ་ཆེན་ཞབས་དྲུང་གི་སྐུ་སྐྱེ། དྲུག་བརྒྱ་དགེ་སློང་། རབ་འབྱམས་པ་གཙང་ཕྲུག་སོགས་ཉི་ཤུ་རྩ་ལྔ་དགེ་ལུགས་འཇིགས་བྱེད་བཅུ་གསུམ་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཕུལ། ཉེར་དྲུག་ལ་དགེ་སློང་བརྒྱད་ཅུ། དགེ་ཚུལ་གོ་ལྔ། དགེ་བསྙེན་


GLG006_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་རྣམས་བསྒྲུབས། ཉེར་བརྒྱད་ནས་ཞག་ལྔའི་རིང་ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་ཁྲུས་བྱེད་པར་སྒར་བྱས་པའི་ས་སྤྲེ་ལོ་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་གུར་དང་ཤོག་གུར་རྣམས་གསར་དུ་བཟོས་ནས་སྦྱོར་འཇགས་བྱས་པ་ད་ལམ་གླིང་ཁར་ཕུབ་པའི་ཉིན་གཉིས་པར་གཉེར་པ་བློ་བཟང་སྦྱིན་པས་ཁུར་ཁུར་བའི་གྲ་ཚང་གིས་གུར་གྱི་སྒྱེད་བུ་ཁ་དྲོའི་སྐྱ་སེར་ཚང་མར་བཞུགས་གྲལ་བཟབས་རྒྱས་ཚན་གྲངས་ཀྱི་སྟེར་སྦྱིན་བྱུང་། གསུམ་པར་ཚོགས་གུར་དེ་གར་སྟག་རུ་བ་བློ་བཟང་དངོས་གྲུབ་སྤུན་གྱིས་ཉིན་སྔ་མ་དང་ཕྱོགས་མཚུངས་པ། བཞི་པར་གཞུང་གིས་ཕོ་བྲང་གི་མི་སྣ་འགྲུལ་སྡེབས་བཅས་པར་དགའ་སྟོན་རོལ་ཆ་རྩེད་སྣའི་གར་གྱི་རིགས་རྒྱས་པར་བྱས། ཧོར་ཟླ་བརྒྱད་པའི་ཚེས་གཉིས་ནས་ཞག་ཤས་ཀྱི་བར་སྤྲུལ་སྐུ་རིན་པོ་ཆེ་དང་ཕྱོགས་མཚུངས་སུ་རྟ་ཚག་རྗེ་དྲུང་སོགས་སྔར་གྱི་ཆོས་ཞུ་བ་ཚོར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ཆོས་སྐྱོང་བཀང་གསོ་གསོལ་མཆོད་སྐོར། ཕྱག་མཛོད་པས་དགོས་ཚུལ་བྱུང་བ་ལྟར་གསར་རྩོམ་གྱི་དཀར་ཆག །ཡིག་བསྐུར། སྨོན་ལམ་རགས་རིམ་རྣམས་བཀླགས། ཆགས་ལུགས་ཀྱི་ཚེ་དཔག་མེད་དཀར་པོ། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། སེང་ལྡེང་ནགས་སྒྲོལ། སྒྲོལ་དཀར་ཚེ་སྦྱིན་མ། འཇམ་དབྱངས་དམར་སེར། ཁྱུང་ཁྲ། ལས་གཤིན་ཕྱི་སྒྲུབ། རྟ་མགྲིན་སྐྱེར་སྒང་ལུགས་དང་ཕྱག་དྲུག་པ་གཉིས་ཀྱིས་དབང་བཞི་བྱིན་


GLG006_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རླབས། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་རྣམས་ཕུལ། བཀྲ་ཤིས་ལྷུན་པོ་བ་དཔོན་སློབ་རྣམས་ཆོས་གསན་པ་དང་བཅས་རྒྱང་ཙམ་བཞུགས་པའི་དགོངས་བསྟད་འདུག་རུང་སྟོད་སྨད་ཀུན་ཏུ་འབྲུམ་པ་མཆེད་པ་ལྕི་བ་མི་སྣང་ཡང་སྐུ་ན་ཕྲ་བའི་འཛེམ་ཆ་གནང་བཞེད་ལྟར་ཚེས་བདུན་ལ་ཕེབས་རྫོངས་ཀྱི་སྐྱེས་ལན་བུམ་གདན་མ་དང་གན་གོས་ཕྱི་ནང་། ཞལ་དཀར། དངུལ་སྤྱད། ཁྲོ་ཟངས། སྣམ་བུ། ཇ་སོགས་གཟེངས་བསྟོད། ཆབ་ནག །བྲག་དབར། ལ་མོ་ཚེར་གསེབ་གསུམ་གྱི་བླ་མ། ལི་ཐང་ཟུར་བའི་སྔོ་ཞུས་པ་དབོན་པོ་རྟ་དབྱངས། ཡང་དགོན་སྤྱན་སྔ། རྒྱ་ནག་གི་ཇང་གི་དང་རྗར་གོ་ཆེ། དཔལ་འཁོར་ཆོས་སྡེའི་མཁན་པོའི་དབོན་པོ། ཚངས་པ་དུང་ཐོད་ཅན་ཀྱི་སྐུ་ཁོག །གསང་སྔགས་བྱང་ཆུབ་གླིང་གི་སློབ་དཔོན། ཨ་རོ་ཇོང་གར་གྱི་མི་སྣ་རྣམས་དང་ཕྲད། འབྲི་གུང་སྤོ་པོ་བན་གྲོང་པར་འཇམ་དཔལ་དུག་སྡོང་གི་ཕྱག་ལེན་ཞིབ་ཏུ་བཅད་པས་ངེས་ཤེས་འདྲོངས་པར་བྱུང་། དཔོན་ཚང་ཚ་མོ་རོང་དགེ་སློང་དང་དྲུང་འཚོ་བ་ནམ་མཁའ་རྒྱལ་མཚན་གཉིས་ལ་གསོ་དཔྱད་ཀྱི་མན་ངག་འགའ་ལ་དོགས་བཅད། སྒེར་གྱི་སྟེར་སྦྱིན་བྱས་ཤིང་དྲུང་འཚོ་བ་ལྷག་བསམ་དང་དར་མོ་བ་གཉིས་དཔོན་ཚང་རིན་ཅེན་གྲང་སྦྱོར་གྱི་ཕྱག་ལེན་ཞུར་བཅུག །ཚེས་བཅུ་གཅིག་ལ་སྤྲུལ་པའི་སྐུ་དཔོན་སློབ་སོགས་ལ་གཟུངས་བསྡུས་ནས་ཉེར་མཁོའི་ལུང་དང་བཅུ་གཉིས་ལ་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་དབུའི་ཚིག་བཀྲ་ལེགས་པ་ཞིག་ཏུ་


GLG006_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཚམས་བྱས། སང་ཕེབས་གདོང་གི་གཞིས་ལེན་ཐོག་སྲུང་མདུད་མྱུར་མཛད་མགོན་པོའི་བཀའ་བསྒྲོ་ཕུལ། ཤེལ་དཀར་བླ་མ་ཀོང་པོ་སངས་རྒྱས་དཔལ་འབྱོར་གྱིས་རྒྱལ་པ་ཡང་དགོན་པའི་ཚེམས་ལ་སྟོད་རྒྱལ་གྱི་ཤྲཱི་ནས་བརྒྱུད་པ་བྱིན། སྐྱར་པོ་བསོད་ནམས་རབ་བརྟན་འདས་པའི་དོན་དུ་མགྲོན་གཉེར་གྱིས་བསྐུལ་བའི་དགེ་འདུན་གྱི་ཞལ་འདོན། ཨ་དར་ཐའི་ཇི་སྡེ་དམངས་དང་བཅས་པ། ཐོར་གོད་དཔོན་མོ་མཁའ་འགྲོ། མ་ཎི་རབ་འབྱམས་པ་རྣམས་ཀྱིས་བསྐུལ་བའི་སྨོན་ལམ། ལྷ་ས་ཟུར་ཁང་བས་མངའ་རིས་དྲུང་པའི་ཕྱི་རྟེན་དུ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་ལི་རྫུས་བཞེངས་པ་དང་རྟ་དཔོན་རྣམ་འཇོམས་ཀྱིས་གནས་བཅུའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག །སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱིས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བཞེངས་པའི་དཀར་ཆག་ཆེ་བརྗོད། མོན་པ་ཨ་ཅོག་དང་འོར་དུས་སུ་གུ་རུ་དབང་གིས་བསྐུལ་བའི་གསོལ་འདེབས་རྣམས་བརྩམས། རྭ་བསྒྲེང་གི་དབུ་མཛད་བྱང་འདྲེན་དགེ་སྐོས། གེ་རེ་ལྷ་པའི་ཞབས་དྲུང་སྟག་རྩེ་ཐའི་ཇི། རྒྱ་ནག་གི་འགྲུལ་པ་ཚོ་དང་ཕྲད། མོན་པ་མེ་རག་བླ་མ་ཅན་རྫོང་བདའ་བྱས། ཚེས་བཅུ་དགུ་ལ་སྒམ་པོ་སྤྲུལ་པའི་སྐུ་དཔོན་སློབ་ཕེབས་པ་དང་མཇལ། སྤྲུལ་པའི་སྐུ་སྐུ་ཤ་ལྕི་བའི་འབྲུམ་པར་ཐུགས་རྟོག་ཆེ་བ་ནས་འཕྲལ་དུ་ཕྱིར་ཕེབས། ཆོས་འཁོར་ཡང་རྩེའི་བླ་མ། དགུ་གཏོར་ཚོང་དཔོན་ཚོགས་རྒྱལ་གླིང་པ་དང་འགོལ་སྨོན་པ། ལྕམ་མདའ་བླ་མ། གསེར་ཁ་སྔགས་རམས་པའི་མི་སྣ། ཧོར་སྨད་པ་རྒྱ་མཚོ་རྣམས་ལ་ཇ་གྲལ་བཏང་། ཡེར་པ་ཆོས་རྗེ་དང་


GLG006_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་འབུམ་མེརྒན་ཆོས་རྗེ་གཉིས་ལ་རྫོང་བ་གྱ་ནོམ་པ་བསྟབ་སྟེ་སླར་ཡང་ཡོན་བདག་རྙིང་པ་སོ་སོའི་བླ་མར་བརྫངས། ཧོར་ཟླ་དགུ་པའི་ཚེས་གསུམ་ལ་མཆོད་རྟེན་བླ་མ། བསྟན་པ་དགེ་སློང་། ཇང་གི །རྗར་གོ་ཆེ། དར་ཁན་ཆོས་རྗེ་དབོན་པོ། ཁོར་ཆིང་ཇོ་རིག་ཐུ་དབང་གི་མི་སྣ་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར། རྫོང་གཞིས་བཅུ་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་བཞི་བཅུ། འབུམ་བརྒྱ་ཕྱེད་གཉིས། ཕལ་ཆེན། དཀོན་བརྩེགས། གཟུངས་བསྡུས་རྣམས་ལྔ་བཅུ་རེ། དྲི་མེད་བཤགས་རྒྱུད་ལྔ་བརྒྱ། སྨན་བླ་ཉི་ཁྲི། སཱ་ཙྪ་དང་བཟང་སྤྱོད་སོ་སོར་ཆིག་འབུམ། མ་ཎི་དུང་ཕྱུར། གཤིན་རྗེའི་སྔགས་རིང་བྱ་བ། ཚེ་ཆོག་གསུམ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་ཞག་ལྔའི་བར་བརྒྱ་མཆོད་སྣ་ལྔ་འབུལ་མཁན་གྲ་པ་བཅོ་ལྔ་རེས་ཞལ་འདོན་དུ་བཟང་སྤྱོད་དང་བྱམས་སྨོན་གསུངས་ཤིང་གསེར་ཆབ་སྙན་དར་ཕུལ། ཁྲོ་རོལ་གཉིས། ཕྱུགས་ལུགས་བརྒྱ་དང་ཉ་འབུམ་ཚོའི་སྲོག་བླུས། མཆོད་རྟེན་བརྒྱད་ལ་ཞིག་གསོས་དང་སྐུ་དཀར་གསོལ། ཤེལ་དཀར་ཆོས་སྡེའི་བླ་སྤྱི། སེ་ཆེན་ཞབས་དྲུང་གི་གདན་ས་པ་དཀའ་བཅུ་ནམ་མཁའ་རྒྱལ་མཚན་རྣམས་དང་ཕྲད། རྒྱ་ནག་གི་གསེར་ཡིག་པ་བསྟན་པ་དགེ་སློང་ཅན་དགེ་ཚུལ་བཅོ་བརྒྱད་དང་། དགེ་སློང་དོན་གསུམ་བསྒྲུབས། གོང་གི་མི་སྣ་སྐོར་བཅས་ཀྱིས་གསེར་གྱི་མཎྜལ་གྱིས་གཙོས་པའི་སྟེར་ཆ་འགྱེད་བཅས་གྲ་ཇའི་ཐོག་གྲ་ཚང་ནས་རིང་དུ་འཚོ་བའི་ཚིགས་བཅད་གསུངས། པཱ་རས་ཨ་རིག་གི་བསྙེན་རྫོགས་བརྒྱད་ཅུ་གྱ་དགུ། དགེ་ཚུལ་བཅོ་བརྒྱད།


GLG006_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་བརྒྱད་རྣམས་བསྒྲུབས། བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱི་མདོས་ཀྱི་འཕྲིན་ལས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཨེ་པ་དཔོན་ཡིག་ངག་དབང་དཔལ་འབྱོར་གྱིས་སྟོང་ཕྲག་བརྒྱ་པ། བརྒྱད་སྟོང་པ། བསྐལ་བཟང་རྣམས་ཀྱིས་གཙོས་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། བསམ་བློ་ཨ་ཞང་ཆོས་རྗེས་མདོ་སྨད་བྱམས་པ་འབུམ་གླིང་གི་བྱམས་ཆེན་ལ་གྲང་གསེར་ཡང་སྐྱོར་དུ་གསོལ་བའི་སྨོན་ལམ། མེརྒན་ནོ་ཡོན་གྱི་བུ་ནང་སོ་ཐའི་ཇིས་བསྐུལ་བའི་བསླབ་བྱ། ལྷ་ཁང་སེར་པོའི་བླ་མ་ཨེར་ཏེ་ནི་ཆོས་རྗེར་དམིགས་བརྩེ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར། ཧན་སྟག་ལུང་སྐུ་སྐྱེས་དགོན་པ་བཏབ་པ་ཆོས་སྐྱོང་ལ་གཉེར་གཏད། སྡེ་པས་བསྐུལ་མ་མཛད་པའི་གཟིམས་ཆུང་པ་རྣམས་ཀྱི་ཇ་མཆོད། གསོལ་དཔོན་གེ་ར་བའི་ཉམས་ལེན་དུ་ཇོ་བོ་ལུགས་ཀྱི་ཛམ་དཀར་གྱི་སྒྲུབ་ཐབས། ཕོ་ལྷ་རྫོང་བས་བསྐུལ་བའི་ཁོ་རང་གི་གསོལ་མཆོད། འཇམ་དབྱངས་དཔལ་འབྱོར་གྱི་འདོད་པ་བཞིན་སྲུང་མ་བཞིའི་གསོལ་མཆོད། རྩེས་དང་བསྟན་སྐྱོང་ཆེན་མོ་དང་བྲག་གདོང་ཀླུ་བཙན་གྱིས་དགོས་ཚུལ་བྱུང་བ་ལྟར་གསོལ་མཆོད། སྤོས་ཕོར་བ་ཏྲེ་བོ་ངག་དབང་ནམ་མཁས་རྗེ་བཙུན་བཙོང་ཁ་པའི་སྐུ་ཐང་བཞེངས་པ་དང་། རྣམ་སྲས་གླིང་པ་ཕུན་ཚོགས་དབང་པོས་དགེ་ལུགས་ཀྱི་ཞལ་ཐང་གྲ་ཚར་བཞེངས་པའི་རྒྱབ་ཡིག །གྲ་དགའ་ལྡན་བྱམས་པ་གླིང་གི་གྲ་རིགས་ཨེ་མ་ཆི་སངས་རྒྱས་འབྱུང་གནས་ཀྱིས་ས་ལུགས་གྲ་ཐང་དགོན་པར་གནས་བཅུའི་གོས་སྐུ་ཕུལ་བའི་དེབ་ཀྱི་འགོ་བརྗོད། བསོད་ནམས་ཇ་ལང་ཇང་གིའི་ཁ་ཏོན་ཏུ་གསོལ་འདེབས་


GLG006_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ། མོང་ཁོལ་བི་ཆེ་ཡི་ཆིས་བསྐུལ་བའི་སྨོན་ལམ། རིགས་འཛིན་དཀོན་ཆོག་ལྷུན་གྲུབ་ཀྱིས་ཀུན་བཟང་དགོངས་འདུས་ཀྱི་གླེགས་བམ་དང་བཅས་སྙན་ངག་གི་ཡི་གེ་བྱུང་བའི་དེ་ལན་རྣམས་བྲིས། བཅུ་དྲུག་ལ་རྒྱ་ནག་མི་སྣ་འགྲུལ་སྡེབས་རྣམས་ལ་ཚེ་དབང་གྲུབ་རྒྱལ་མ་དང་ཕྱག་དྲུག་པའི་རྗེས་གནང་བསྐུར་ཞིང་རྫོང་བདའ་བྱས། ཆབ་ནག་རི་བོ་དགའ་ལྡན་གྱི་བླ་མ་བློ་བཟང་ཆོས་འཕེལ་དང་ཡར་ཀླུངས་བཀྲས་རབ་པ་གཉིས་གོང་དུ་ཞུ་ཡིག་འབུལ་སྐྱེལ་ལ་བཏང་། སྔར་ཞུ་ཡིག་ཚོར་ཞབས་དྲུང་དུ་ཞུ་བ་ཟེར་གྱིན་ཡོད་ཀྱང་འདི་ལོ་གོང་ནས་བཀའ་ཤོག་ཟུར་པ་ཕེབས་པའི་དེ་འདྲ་མ་བྱེད་གནང་བ་གྱེན་དུ་བཟློག་མ་ནུས་པར་དྲུང་དུ་གསོལ་བ་ཙམ་བྲིས་མོད་ཅུང་ཟད་ཡ་ང་བ་ཙམ་དུ་སྣང་། ཉེར་བཞི་ལ་ཀ་བརྒྱད་སྨད་པས་གཞིས་ལེན་བཤམས་ཤིང་སྟེར་ཆ་བྱས། དྭགས་པོ་བང་རིམ་མཁན་པོ། ལྕང་ལོ་ཅན་བླ་མ། གོང་དཀར་དཀོན་གཉེར་དཔོན་པ། བོན་པོ་གྲུ་ཚང་པ། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་རྣམས་དང་ཕྲད། ཨོ་རོད་ནས་སྐྱིད་ཤོང་སྤྲུལ་སྐུ། ཆོ་ཁུར་ཨོ་པ་ཤིའི་དཔོན་དཔོན་མོ་སོགས་འགྲུལ་པ་གསར་སླེབས་མི་གྲངས་ལྔ་བརྒྱ་སྐོར་འབྱོར། གོས་དར་གསེར་དངུལ་གྱིས་གཙོས་པའི་བརྒྱ་འབུལ་བཏེག །ཨ་ནན་ཏའི་དཔོན་མོའི་སྐྲ་ཕུད་བླངས། སྐུ་སྐྱེ་དཔོན་དཔོན་མོ་དམངས་བཅས་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་ལོ་མ་གྱོན་མའི་རྗེས་གནང་བསྐུར་ཨ་ནན་ཏ་སོགས་ཀྱི་བསྔོ་རྟེན་བྱུང་བ་རྣམས་རྫོགས་བྱང་དུ་བསྔོས། སྐྱར་པོ་ཆོས་མཛད་ཀྱིས་ཕུ་


GLG006_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་དོན་དུ་བྲིས་ཐང་བཞེངས་པའི་རྒྱབ་ཡིག །སྐྱིད་ཤོད་སྤྲུལ་སྐུས་ར་ས་འཕྲུལ་སྣང་། སེར་འབྲས་དགེ་གསུམ། བཀྲ་ཤིས་ལྷུན་པོ་རྣམས་སུ་སྙན་ཤལ། ཆོས་སྡེ་བཞི་པོར་དངུལ་གྱི་ཆབ་རིལ་རྒྱན་དྲུག་ཕུལ་བ། ལྷག་བསམ་དགེ་བའི་དབང་པོས་རྟེན་ལ་ན་བཟའ་ཕུལ་བའི་ཁ་བྱང་རྣམས་བྲིས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་ཞིག་གིས་གསར་རྩོམ་ཕར་ཕྱིན་དང་བོ་དོང་མངོན་དགའ་ཆོས་སྡེའི་གྲ་པ་ཞིག་གིས་བརྒྱད་སྟོང་པའི་རྒྱུགས་སྤྲད། ཧོར་ཟླ་བཅུ་པའི་འགོར་ཚངས་པ་དུང་ཐོད་ཅན་གྱི་ལུང་བསྟན་བཞིན་རྫོང་གཞིས་དགུ་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་དང་བརྒྱད། མདོ་མང་བརྒྱ་དང་བཅུ། རྒྱ་རོལ་སོགས་དམིགས་བསལ་ལྔ་དང་། འབུམ། ཐར་པ་ཆེན་པོ། གསེར་འོད་རྣམས་སོ་སོར་ཆིག་བརྒྱ། བརྒྱད་སྟོང་པ་ཆིག་སྟོང་། གདུགས་དཀར། སྒྲོལ་མ་སོ་སོར་ཆིག་འབུམ། བཟང་སྤྱོད་བརྒྱ། སྨན་བླ་སུམ་སྟོང་། ཡིག་དྲུག་དུང་ཕྱུང་བཅུ། སཱཙྪ་ཆིག་འབུམ་ཆིག་ཁྲི། གྲ་ས་ཕན་ཚུན་དུ་ཇ་ཚུལ་བཅོ་ལྔ་རེ། གཏོར་མ་བརྒྱ་རྩ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་བརྒྱ་མཆོད་སྣ་ལྔ། གསེར་ཆབ། སྙན་དར། ཁྲོ་རོལ་བཞི། ཞི་བའི་སྦྱིན་སྲེག་ཉིས་བརྒྱ། བརྒྱ་བཞི་གཅིག །མནན་པ་བཞི། ཕྱུགས་ལུག་བརྒྱ་དང་ཉ་འབུམ་གྱི་སྲོག་བླུ། མཆོད་རྟེན་དྲུག་ཅུར་ཞིག་གསོས་སྐུ་དཀར། དར་ལྕོག །རྒྱལ་དུ་དམག་ཟོར་མའི་བཀང་འབུམ། བེག་ཙེར་ཁྲི། སྤྱིར་སྟོང་རྩ་བཏང་། ཤེལ་དཀར་དཔོན་ཚང་ནམ་མཁའ་འབྱོར་བའི་ཆོས་རྗེ་ན་བཟའ་གླིང་པ། ངག་དབང་ལྷག་བསམ། དར་མོ་ནས་གསུམ་ལ་དངུལ་ཆུའི་ཕྱག་ལེན་ཁྲིད་དེ་བཙོ་བཀྲུའང་མི་ཉུང་


GLG006_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཟོས། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ལོ་ལོ་བཞིན་ཡར་སྟོད་ཐོས་བསམ་དར་རྒྱས་གླིང་པ་གྲ་གྲངས་ཕྱེད་སུམ་བརྒྱ་སྐོར་གྱིས་སྨན་བླའི་མདོ་ཆོག་གཏོང་བའི་ཕོགས་སྟོན་ཇ་ཐུག་གི་དགོས་ཆ་ཕོ་བྲང་ཡར་སྟོད་གྲི་གུ་གསུམ་ནས་སྤྲད་པའི་ལག་འཛིན། གེ་རེ་ལྷ་རིན་པོ་ཆེ་ཡབ་སྲས་ཀྱི་གནང་སྒོས་མ་ཁྱོགས་པར་བརྟེན་ཁྲི་ལྕམ་དང་ནང་ཞིག་གིས་ཕན་ཚུན་གཉིས་ཀར་གཏིང་སྐྱེས་འཇགས་ཐེབས་མ་བྱུང་བའི་ས་ཚབ་གཙང་ཁད་གཞིས་ཀ་ལག་བཅས་ཐེམ་འཛིན་སོ་བཞི། ལག་འབབ་བཞི་སྟོང་ལྷག་པ། ས་ལུང་དོན་གྲུབ་བཀྲ་ཤིས་ལ་ཤངས་མདོ་བརྗོད་ཀྱི་གཞིས་ཀ་དུད་འཛིན་ཉེར་གཉིས་ལག་འབབ་ཉིས་སྟོང་བདུན་བརྒྱ་བྱིན། ཨ་མདོ་བ་དང་ཨ་རིག་སོགས་ཕྱོགས་འདུས་ཀྱི་བསྙེན་རྫོགས་བརྒྱ་དང་བཅུ། དགེ་ཚུལ་ང་གཉིས། དགེ་བསྙེན་ལྔ་རྣམས་བསྒྲུབས། བཱ་ཁན་བནྡེ། དཔོན་མོ་ཚེ་རིང་། ཁལ་ཁ་གུ་ཡེང་ཇའི་སང་། བསམ་བློ་དཀའ་བཅུ་ཆོས་རྣམ་རྒྱལ་རྣམས་ཀྱིས་བསྐུལ་བའི་སྨོན་ལམ་རེ་བྲིས། ཏྲེ་བོ་ཧོར་ཚང་ཆོས་རྗེའི་བསྔོ་རྟེན་སྐྱེལ་བར་རི་བོ་བདེ་ཆེན་གྱི་མཁན་པོ་དང་ཁམས་ནས་གསར་འབྱོར། ས་སྐྱོང་དཔོན་གཡོག །ལྕང་ར་དཔོན་ས། གཟིམས་ཁང་ཤར་དང་ཁམས་བྱ་མོ་ནའི་བླ་མ། མཚོ་སྣ་སྐུ་སྐྱེ་སོགས་དང་ཕྲད་ཅིང་ཧོར་ཚང་ཆོས་རྗེར་བསྔོ་བ་དང་བྱང་བཞུ་བྱས། ཚེས་བཅུ་གཉིས་ལ་ཡར་ཀླུངས་ཆུ་སྐོར་བར་དང་སྲས་པོ་དར་རྒྱས་ཅན་ཁག་གཉིས་ཀྱིས་ཞབས་ཏོག་དང་བདོག་པ་བསྟར། ཚོང་འདུས་ཆོས་སྐྱོང་བྱ་ཁྲིད་མིག་གཅིག་པས་བཙན་ཁང་དུ་འཇོག་རྒྱུའི་ངེད་རང་གི་འདྲ་འབག་ཅིག་


GLG006_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཚུལ་གོང་དཀར་རྫོང་སྡོད་སྒམ་བུ་བ་བརྒྱུད་བྱུང་བ་བཞིན་སྤྲུལ་སྐུ་བག་དྲོ་ཅན་གྱིས་བཞེངས་པའི་གཟུངས་བཞུགས་དང་མེ་ཏོག་གཏོར་ནས་སྐྱེལ་བར་རྒྱལ་ཐང་པ་བཏང་། འཇམ་དཔལ་མེའི་སྤུ་གྲི་དང་གཤིན་རྗེ་རླུང་གི་སྒྲུབ་པ་བཙུགས། ཚེས་ཉི་ཤུ་ལ་འབའ་རྫོང་སྡོད་དར་ཁན་དཀའ་བཅུ་དང་བྲ་ཡག་པའི་བླ་ཆུང་གཉེར་པ་རྣམས་ཀྱིས་ཇ་རྟ་དྲེལ་གྱིས་གཙོས་པའི་སྟེར་ཆ་དཔངས་བསྟོད། ཉེར་ལྔ་ལ་མཚོ་ཁ་ནས་མེརྒན་ཧུང་ཐའི་ཇིའི་ནུ་བོ་ནོར་རིན་ཅེན་དཔོན་གཡོག་འབྱོར་བའི་བརྒྱ་འབུལ་བཏེག །ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་བསྐུར། བསྙེན་རྫོགས་རེ་དྲུག་དང་། དགེ་ཚུལ་བཞི་བཅུ་བསྒྲུབས། དར་ཁན་དཀའ་བཅུས་ཁམས་ཕྱོགས་ཀྱི་ཡུལ་བཀོད་རྣམས་བཀྲམ་པའི་གནས་ཚུལ་ལབ་ཆོག་པ་དགོས་ཟེར་བ་ངེད་རང་ཁུར་ལེན་པར་མ་སོང་གཤིས་པར་བཀབ་དགོས་མདོག་མ་ཁ་ཡང་རྟོག་པ་བཅུག་ཅིང་རྒྱུ་མཚན་ཉན། ལ་རྒྱའི་འཛིན་ལུགས་གཞན་ངོ་མ་བཟུང་བའི་དགོན་པའི་གྲ་རྒན་དང་ཞེན་ཡོད་ཉམས་ཀྱི་ཧུར་པོ་ཡིན་འདྲ་སྙམ་ཤར། ཨོ་རོད་དུ་ཅོད་པ་པཱ་ཐུར་གྱིས་བདེ་སྐྱིད་ཕུང་ལ་རེ་བའི་རྣམ་པས་སེང་གེ་དགྲ་འདུལ་མཚན་བརྡུངས་ཀྱིས་ལྔ་པའི་ལམ་དུ་བཏང་བའི་མགྱོགས་བསྔོ་སྐྱེལ་བར་ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་མེརྒན་དགེ་སློང་ཅན་འབྱོར། བསྔོ་སྨོན་དང་བྱང་བཞུ་བྱས། དགེ་བའི་མཐུན་རྐྱེན་དུ་དཀར་མེ་དང་གྲ་ས་ཆེན་པོ་གསུམ་དུ་མང་ཇའི་དགོས་ཆ་སྤྲད། བསོད་ནམས་བཀྲ་ཤིས། བསོད་ནམས་མགོན་


GLG006_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པོ།རྒྱལ་མོ་ཆེ་བ། ལྕང་ར་སྡེ་པ་རྣམས་དང་ཕྲད། སློབ་དཔོན་ལྕང་ལོ་ཅན་པ་དུས་ཀྱི་ཆོས་ཉིད་དུ་གྱུར་པར་དར་རྒྱས་གླིང་སྤྱི་ཚོགས་ཀྱིས་བླ་མ་དག་ཞིང་དུ་བཞུགས་པར་གསོལ་འདེབས་སྨོན་ལམ་དགོས་ཚུལ་བྱུང་བ་བྲིས། ཚེས་བཅོ་བརྒྱད་ལ་ཁལ་ཁ་གཡོན་རུ་ནས་འཇམ་དབྱངས་སྤྲུལ་སྐུ། ནོ་མོན་ཁན། ཐུ་ཤི་ཡེ་ཐུ་རྒྱལ་པོ། སིདྡྷི་ཤྲཱི་རྣམས་ཀྱིས་མངགས་པའི་བཀའ་འགྱུར་གདན་འདྲེན་གྱི་མི་སྣ་བརྒྱ་སྐོར་འབྱོར། གོས་དར་གྱི་རྟེན་བཅས་དང་བདོག་པ་བསྟད། རུ་ཐོག་དབང་པོའི་སྲས། གསེར་ཁ་སྔགས་རམས་པའི་དབོན་པོ་ཅན་དང་ཕྲད། ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་གྲ་ཚང་གཉེར་པ་བློ་བཟང་སྦྱིན་པ་ཚངས་པ་དུང་ཐོད་ཅན་ལ་ལུང་བསྟན་ཞུ་བར་འཕྲིན་ཡིག་ཚོགས་མཆོད་སྤྱན་གཟིགས་དང་བཅས་མངགས། སྐྱིད་ཤོད་སྤྲུལ་སྐུས་བསྐུལ་བའི་སེང་གེ་དགྲ་འདུལ་ལ་དམིགས་པའི་སྨོན་ལམ། གེ་ར་ཆོས་མཛད་བློ་བཟང་དགེ་འདུན་གྱིས་གྲ་ཚང་དུ་དམག་ཟོར་མ་དང་རྒྱལ་པོར་སྙན་དར་འབུལ་པའི་ཁ་ཡིག །མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གནས་བཅུའི་གསེར་ཐང་དང་མདོ་བཙུན་ངག་དབང་ལྷུན་གྲུབ་ཀྱི་ཐང་ཁ་བཞེངས་པའི་རྒྱབ་ཡིག །ཆོས་རྗེ་དཀོན་གཉེར་དཔོན་པས་བསྐུལ་བའི་རིང་འཚོའི་ཚིགས་བཅད། སྡེ་པའི་ཐུགས་དམ་རྒྱུན་ཁྱེར་གྱི་གཏོར་བསྔོ་རྣམས་བྲིས། ཚེས་དྲུག་ལ་སྐྱིད་ཤོད་སྤྲུལ་སྐུ་དང་ཆོ་ཁུར་ཨོ་པ་ཤིས་ཚོགས་འགྱེད་སྟེར་ཆ་དཔངས་བསྟོད་པའི་སྦྱིན་བདག་མཛད་ནས་གྲ་ཚང་གིས་རྡུལ་ཚོན་


GLG006_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བའི་ཚེ་ཆོག་བཏང་། མེརྒན་ཇི་ནོང་གི་ཚ་བོ་སྦོས་སྦོས་དཔོན་གཡོག་བརྒྱ་སྐོར་འབྱོར་ཞིང་ཏ་འོན་རབ་འབྱམས་པ་དང་བཅས་པས་བདོག་པའི་སྐྱེས་བྱུང་། ཚེས་བརྒྱད་ལ་འཇམ་དབྱངས་སྤྲུལ་སྐུའི་བཞེད་པ་དང་བསྟུན་ཁལ་ཁའི་མི་སྣ་རྣམས་ཀྱིས་བདོག་པའི་ཡོན་སྦྱར་ཏེ་གྲ་ཚང་ནས་རྡུལ་ཚོན་དང་འབྲེལ་བའི་ཚེ་ཆོག་བཏང་། བདེ་ཆེན་ཐའི་ཇི་ཡབ་སྲས། རྩེ་ཚོགས་མཁན་སྤྱི་གཉེར། སྡེ་དྲུག་མཁན་ཟུར་པ། སྐུ་མདུན་ལྷུན་གྲུབ། ཕུན་ཚོགས་དབང་ཕྱུག །དཔོན་ཆུང་ཚེ་དབང་། ཅོ་ནེ་མེརྒན་ཆོས་རྗེ། ཆབ་མདོ་ཕྱག་མཛོད་པའི་བསྔོ་ཞུས་པ། བླ་མ་ཆོས་ཉིད་རང་གྲོལ། གཡོན་རུ་པི་ཆི་ཡི་ཆི་དགེ་སློང་རྣམས་དང་ཕྲད། དཔལ་རི་སྤྲུལ་སྐུ་འཕྲང་འགོ་གཏེར་སྟོན་གྱིས་མལ་དྲོའི་འཕྲང་ནས་གདན་དྲངས་པའི་ཚེ་ཆུའི་གཏེར་སྣོད་ལྕགས་ལས་གྲུབ་པས་གཙོས་ཚན་གྲངས་དང་བཅས་རིང་འཚོའི་རྟེན་འབྲེལ་བསྒྲིགས། མཆིམས་ཕུ་གསང་ཕུག་གི་མདོར་ལྡེབས་བྲིས་ཅི་འདྲ་བྱས་པ་དྲག་འདྲི་བར་སློབ་དཔོན་ཆེན་པོའི་རྣམ་ཐར་བཞེངས་ན་འཐད་ཚུལ་མོལ། ཕུར་སྒྲུབ་དང་གཤིན་རྗེའི་དུས་རིམ་རྣམས་དཀྱུས་བཞིན་བཏང་། ཞཱ་དམར་སྤྲུལ་པའི་སྐུ་མཚུར་ཕུ་ལྟ་བུར་བཞུགས་ན་ལེགས་ཚུལ་གོང་དུ་ཞུས་པ་བཞིན་ལུང་བཟང་པོས་ཁོང་དཔོན་སློབ་ཡར་སྐྱེལ་བར་མངགས་ཀྱང་རྒྱ་མཚམས་སུ་མཁའ་འགྲོས་དོན་མེད་ཀྱི་སོག་པོ་འདྲ་བཏང་བས་ཕྱིར་ལྡོག་ཅིང་ཕྱི་ནང་ཀུན་ཏུ་གཟེར་ཟུག་མང་བ་འདུག་པར་འཇམ་ཆགས་ཀྱི་བཀོད་པ་དགོས་ཚུལ་གྱི་དོན་གཅོད་ལ་སྐྱར་པོ་བ་བློ་བཟང་ལེགས་ལྡན་ཚེས་བཅུ་དྲུག་ལ་མཚོ་ཁར་ཐོན།

དགུང་ལོ་ང་ལྔ་པར་ར་མོ་ཆེ་གཙུག་ལག་ཁང་ཞིག་གསོའི་ཐོག་ནང་རྟེན་མཆོད་རྫས་རྒྱ་ཕིབས་དང་བཅས་པ་གསར་བཞེངས་དང་། བསྟན་འཛིན་དཱ་ལའི་ཧན་རྒྱལ་པོར་བསྐོས་པ། ཐང་པོ་ཆེ་སོགས་སུ་གསེར་ཆོས་ཀྱི་བཀའ་འགྱུར་བཞེངས་པ་བཅས་ཀྱི་སྐོར།


GLG006_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཕག་གནམ་ལོ་གསར་དུ་ཚེས་པའི་འདོད་ཁམས་དབང་ཕྱུག་མའི་ཐུགས་དམ་བཀང་བའི་ཞི་བའི་གཏོར་མ་ལས་བདུད་རྩི་སྦྲང་རྩི་ལྟ་བུ་མང་བར་འཛགས་པ་ལེགས་པའི་མཚན་མར་མངོན། དེ་ཉིན་སོག་པོའི་དཔོན་ཁག་རྣམས་གཙོ་བོར་གྱུར་པའི་དགའ་སྟོན་དང་སང་ཉིན་སེར་འབྲས་ཀྱི་སློབ་དཔོན་སོགས་ལ་སུམ་གདན་སྙེ་འབོལ། པང་ཁེབས། ཅོག་ཙེ་བཅས་བོད་ལུགས་དང་འབྲེལ་བའི་བཞུགས་གྲལ་བཤམས། འདི་ལོའི་ལེའུ་ཐོ་གྲོང་སྨད་ནས་སངས་རྒྱས་རྒྱ་མཚོས་ཕུག་པ་མན་ངག་ལུགས་ཀྱི་ཕྱག་ལེན་ལ་གཟུགས་འགྲོས་བཀོད་པའི་ཤིན་ཏུ་རྒྱས་པ་བཟོས། ཟབ་བསྡུས་དཀར་ཆག་ལས། དེ་དག་ལས་འོངས་སོ་སོའི་ངོས་འཛིན་ནི། །ངོར་ལུགས་ཡི་གེ་ཨེ་ཡིག་རྟགས་ཀྱིས་མཚན། །རྡོ་རྗེ་གདན་པ་ལས་བརྒྱུད་རྡོ་རྗེའི་རྒྱ། །མུས་སྲད་པ་ནི་ཡི་གེ་མུ་ཡི་རྒྱ། །བདག་ཆེན་རྡོ་རྗེ་འཆང་དབང་ལས་བརྒྱུད་པའི། ། རྩ་བའི་ཡི་གེ་མཆོད་རྟེན་རྒྱ་ཡིས་མཛེས། །ཐོར་བུ་གཞན་དག་མཆན་བུར་བཏབ་པས་ཤེས། །ཞེས་པའི་རྟགས་རྣམས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་རྩ་བའི་ཕྱག་དཔེར་བཀོད་པ་འཁྱར་ཏེ་དིང་སང་རྒྱུན་ཆད་པ་ལུགས་བཞི་གའི་གླེགས་བམ་ལ་ཞིབ་ཏུ་གཏུགས་ནས་མེ་འབར་ཁ་སྐོང་སོགས་དཀར་ཆག་ཚོར་བཏབ་སྟེ་བསྟན་རྒྱུན་ལ་ཕན་རེས་གདན་ས་གོང་དང་གནས་གསར་དཔོན་རིན་པོ་ཆེར་ཕུལ་ཏེ་རྒྱུན་འཛིན་ཚོར་སྤེལ་བའི་བསྙེལ་གསོ་ཞུས། ཚེས་ལྔ་ལ་ཚོགས་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་པའི་དབོན་པོས་ཚོགས་འགྱེད་སྟེར་ཆའི་སྦྱིན་བདག་བྱས་ཕན་བདེ་ལེགས་བཤད་གླིང་པས་འཆི་མེད་འོད་སྣང་གི་དཀྱིལ་འཁོར་དང་འབྲེལ་བའི་


GLG006_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཆོག་བཏང་། རྣམ་སྲས་གླིང་པ་ཕུན་ཚོགས་དབང་པོའི་ངོར་ལྟ་སྒོམ་གྱི་ཉམས་ལེན་བྱ་ལུགས་ཀྱི་ཚིགས་བཅད་དང་། གཏེར་སྟོན་རིགས་འཛིན་ཆེན་པོའི་གསུང་གིས་བསྐུལ་བའི་ངེད་རང་དང་སྡེ་པ་ཐུན་མོང་གི་རིང་འཚོའི་སྨོན་ལམ་དགོངས་བཞེད་བཞིན་བྲིས། ཨོ་རྒྱན་སྨིན་གྲོལ་གླིང་པར་ཚོགས་དུང་དགོས་ཚུལ་བྱུང་བ་ལྟར་དངུལ་གཤོག་མ་ལེགས་པ་ཆ་གཅིག་བསྲིངས། ཆོས་རྗེ་ན་བཟའ་གླིང་པ། སྒོ་མོ་རབ་པ། ངག་དབང་འཕྲིན་ལས་གསུམ་ལ་སྨན་རྩིས་སྤྲད་ནས་མཆོག་དམན་བར་པའི་ནད་པ་རིས་མེད་གསོ་བའི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བྱེད་དུ་བཙུད། ཚེས་དགུ་ལ་དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་དོན་ཡོད། རྒྱལ་སྲས་བཀྲ་ཤིས། སྟག་རྩེ་ཐའི་ཇི་བཀྲ་ཤིས་ལྗོངས་ཆོས་རྗེ། ཞབས་དྲུང་གྲགས་པ་རྣམས་དང་མཇལ། བསྙེན་རྫོགས་བརྒྱ་ཉེར་གསུམ། དགེ་ཚུལ་བརྒྱ་བཞི་བཅུ། དགེ་བསྙེན་དྲུག་བཅས་བསྒྲུབས། ཁྱབ་བདག་ཞ་ལུ་པ་ཆེན་པོ་བླ་སྤྱི་གྲ་རིགས་དང་བཅས་སུམ་ཅུ་སྐོར་ཕེབས། ཚེས་བཅུ་གཉིས་ལ་བདོག་པ་ཚན་གྲངས་སྔོན་དུ་འགྲོ་བའི་ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེའི་བཞེད་པ་དང་མཐུན་པའི་ཚེ་ཆོག་གི་སྒོ་ནས་རིང་འཚོའི་རྟེན་འབྱུང་བསྒྲིགས་པ་གནང་། བྲམ་ཟེའི་ཚངས་དབྱངས་རིང་མོ་སོགས་སྔར་གྱི་གདངས་རྙིང་བྱིན་ཆེན་མངས་པའི་ཡུན་ཀྱང་འགོར་བར་བྱུང་། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གྲ་ཚང་དུ་སྙན་དར་སུམ་བརྒྱ་སྐོར་གོས་ཆེན་གྱི་གོང་བཅས་ཕུལ་བའི་ཁ་བྱང་། དེ་དང་ཕྱོགས་མཐུན་ཚོགས་ཀྱི་ཞལ་འདོན་དུ་འཛུགས་རྒྱུའི་རིང་འཚོའི་ཚིགས་བཅད། སྡེ་པའི་ཐམ་དམར་གྱི་ཕུད་ཇོ་ཤཱཀ་


GLG006_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དམག་ཟོར་མ། དུང་སྐྱོང་རྒྱལ་མོ་གསུམ་ཕུལ་བའི་ཞལ་བྱང་རྣམས་བྲིས། ཟླ་གཅིག་གི་བར་ཕྱི་མཚམས་ཁོག་ནས་ཁྱབ་བདག་ཞ་ལུ་བར་མུས་ཆེན་སེམས་དཔའ་ཆེན་པོས་དཀར་ཆག་བསྒྲིགས་པར་མཛད་པའི་བློ་སྦྱོང་གླེགས་བམ། ས་སྐྱ་བཀའ་འབུམ་ཡོངས་རྫོགས། སྒྲུབ་ཐབས་བརྒྱ་རྩ། བདེ་མཆོག་ལྔ་ལྷའི་དབང་སོགས་ཟབ་ཆོས་མང་དུ་ཞུས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་སྐུ་བརྙན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་བཟོ་མ་རབ་གནས་ཀྱི་དུས་བུ་སྟོན་ཉིད་ཀྱིས་ཀྱལ་ཀའི་ཚུལ་དུ་སྐུ་དངོས་སུ་ཐིམ་ཐེངས་གཅིག་མཛད་པའི་གྲུབ་རྟགས་ཅན་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པར་གནང་ནས་རྩེས་དང་བསམ་གཏན་གླིང་གི་ནང་རྟེན་དུ་བཞུགས་པ་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་བརྒྱུད་དེ་ཕྱག་ཏུ་འབྱོར་བ་དེའང་དད་རྟེན་དུ་སྩལ། ལུ་བུ་མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་གྲུབ་མཐའ་སྙོགས་ཏེ་ཞིང་ཁམས་འཕོས་པའི་ཐུགས་དམ་གསལ་འདེབས་ཀྱི་རྟེན་སེང་གེ་སྒྲའི་ཐང་སྐུ་བྲིས་ལེགས་སོགས་འབྱོར་དོན་བཞིན་ས་ལམ་གྱི་བར་ཆད་སེལ་བའི་བསྔོ་སྨོན་བྱས། དེ་བར་ཞ་ལུའི་སློབ་དཔོན་གྲ་བཅས་ཀྱིས་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་བཙུགས། ཆོས་ཁུར་ཨོ་པ་ཤི་དཔོན་དཔོན་མོ་རྣམས་ལ་ཕྱག་རྡོར་འབྱུང་འདུལ་དང་ཕྱག་དྲུག་པའི་རྗེས་གནང་བསྐུར། གདོག་པའི་སྟེར་སྦྱིན་དང་བཅས་རང་ཡུལ་དུ་ཐོན། ཚེས་བཅུ་གསུམ་པ་དགའ་ལྡན་པ་དང་སེང་གེ་གཉིས་ཀྱི་དགེ་རྩ་བྱེད་པར་སེ་ཆེན་ཆོས་རྗེ། མེརྒན་དགེ་སློང་། ཐར་གོན་དགེ་སློང་། བི་ཆི་ཡེ་དགེ་སློང་ཅན་འབྱོར་བའི་གསེར་དངུལ་


GLG006_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དར་ཀོ་དྲས་སྣ་དྲངས་པའི་བསྔོ་རྟེན་རྒྱས་པར་བསྟབས་པ་བཞིན་དགེ་བ་རྫོགས་བྱང་དུ་བསྔོས། ན་རོ་པའི་ཞལ་སྐྱོགས་གཞིས་རྩེའི་ནང་རྟེན་གྱི་གྲས་ཀུན་ཅི་རྒྱལ་མོར་བྱུང་བ་ཞིག་ཚ་བ་སྐུ་སྐྱེས་བསྐུར་འདུག །སྣེའུ་སྡོང་རྩེ་ནས་ལྷ་གཟིགས་མིའི་རྗེ་བོ་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་སྐུ་མེ་ཏོག་འཐོར་བའི་དགོངས་རྫོགས་ཀྱི་ཐུགས་དམ་འདོགས་རྟེན་སྐྱེལ་མི་འབྱོར། བྱང་རྟེན་དུ་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་ཞལ་ཀོ་འདུག་པ་སྡེ་པ་བསམ་ཡས་ཀྱི་དབུ་ཐོད་དང་བསྒྲིག་བཞེད་པ་ཐུགས་དང་བསྟུན་པས་ཆོས་སྐྱོང་ཆེན་པོའང་དགྱེས་པར་བྱུང་སྣང་བ་ཞབས་དྲུང་རིན་པོ་ཆེས་མཐིལ་གྱི་ནང་རྟེན་འགངས་ཅན་དེ་དགོངས་རྫོགས་སུ་གནང་བ་ཆོས་སྐྱོང་གིས་ཐུགས་རྒྱུད་མ་བསྐུལ་བའི་ངེས་པའང་མི་འདུག །གདུང་འབུལ་གྱ་ནོམ་པ་བསྟར་བར་ས་བ་གྲུ་པ་བསམ་གྲུབ་རྒྱལ་པོ་རྫོང་བདའ་བྱས། ཆོས་རྗེ་དུང་དགོན་པས་ཆུ་བོ་རིར་ཚེ་ཆོག་བསྒྲུབས་པའི་དམ་རྫས་རྣམས་བསྐྱེལ་བ་དང་ཕྲད། བྱང་གཏེར་གྱི་ཐུགས་རྗེ་བྱམས་པའི་མན་ངག་འཇམ་དཔལ་རླུང་སྒྲུབ་ཀྱི་སྒྲུབ་པ་བཙུགས། ཨོ་རོད་ཅོང་གར་ནང་འཁྲུགས་པའི་དབེན་ས་སྤྲུལ་སྐུས་བཱ་ཁན་བནྡེ་ཅན་བཅོམས་པའི་གནས་ཚུལ་བྱུང་འཕྲལ་ཟླ་བ་གཉིས་པའི་ཚེས་བཅུ་གཅིག་ལ་ཆོས་ཁུར་ཨོ་པ་ཤི་འདམ་ནས་ཕྱིར་ལོག་པའི་མི་སྣར་དགའ་ལྡན་ཁྲི་རིན་པོ་ཆེ་སགས་ཕེབས་དགོས་ཚུལ་བྱུང་བ་ག་ལ་འགྲིག་ཅིང་ཚིག་གཅིག་ཚིག་མིན་ན་ཚིག་བརྒྱ་ཚིག་མིན་པའི་དཔེ་ལྟར་མཁན་པོ་གཉིས་ཀྱིས་ཤོགས་མ་ཐོན་པར་མི་བཏང་ཡང་དགོས་ནུས་མེད་འདྲའང་དཔོན་པོའི་ངོ་གཟུང་བྱེད་དུ་མགྲོན་གཉེར་དར་དར་རྫོང་བདའ་


GLG006_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། སྐྱིད་ཤོད་སྤྲུལ་སྐུ་བོད་དུ་བཞུགས་རྩིས་འདུག་པ་ཕ་མ་ལ་དམིགས་བློ་སྦྱོང་བའི་ཚོད་ན་དིང་སང་ངལ་སྐབས་སྡུག་གྲོགས་ལྟ་བུའི་སེམས་གསོ་དང་ཕན་ཐོགས་གང་ཡོང་ལ་བྱོན་པ་འགབ་ཚུལ་ལབས་རུང་ཞི་བདེའི་ལམ་ནས་ལྡོག་པར་མི་སྣང་། རྫོང་གཞིས་བཅུ་དགུ་བསྡོམས་པར་བཀའ་འགྱུར་ཚར་ཉིས་བརྒྱ་དང་བཅུ། འབུམ་བརྒྱ། དྲི་མེད་བཤགས་རྒྱུད་སུམ་བརྒྱ། སྨན་བླ་ཉི་ཁྲི་བཞི་སྟོང་། སྒྲོལ་མ། ཚེ་གཟུངས། བཟང་སྤྱོད། ལྟུང་བཤགས་རྣམས་སོ་སོར་ཆིག་འབུམ། ཚེ་ཆོག་བཞི། སཱཙྪ་ཉིས་འབུམ། གཤིན་རྗེ་འདུས་པའི་སྔགས་རིང་བྱེ་བ། གདུགས་དཀར་མདོས་ཆེན་གཉིས། སེར་འབྲས་སུ་ཇ་ཚུལ་ཉི་ཤུ་རེ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་བརྒྱ་མཆོད་སྣ་ལྔ། སྙན་ཤལ། ཞལ་གསེར་སྤྱན་འབྱེད་སྔར་དྲུང་འཁོར་འདྲས་ཕྱིན་སྐབས་ཁྱམས་སྐྱུར་དུ་བཞག་པའི་རུ་ང་མི་ང་སྣ་ཚོགས་བྱུང་ཟེར་བས་སྔགས་རམས་པ་བསོད་ནམས་རྒྱལ་མཚན་བཏང་བའི་དངོས་གཙང་བསྒྲུབས། མདོས་རྫོངས་གཉིས། དགྲ་མནན་བརྒྱད། སྲོང་བཙན་དུ་བཀང་བརྒྱ། རྒྱལ་དུ་དམག་ཟོར་མར་ཁྲི། ཕྱག་དྲུག་པ་དང་ལས་གཤིན་ལ་སྟོང་། སྤྱིར་བརྒྱ་རྩ། དཔལ་ལྷ་ལྕོག་ཏུ་སྟོང་རྩ། དངུལ་གྱི་མེ་ལོང་དར་སྣས་བརྒྱན་པ། དར་ལྕོག་སྣ་ལྔ། ཕྱུགས་ལུག་བརྒྱ། ཉ་འབུམ་གྱི་སྲོག་བླུས། ས་སྐྱོང་། ལྕགས་ཟམ་རྗེ་དྲུང་། སྒོ་མངས་སློབ་དཔོན་ཅན་ཉུང་བསྡུས་ཤིག་དང་ཕྲད། མཁན་རིན་པོ་ཆེར་པཎ་ཆེན་ནགས་རིན་ནས་བརྒྱུད་པའི་ཚེ་དབང་སོགས་ཕུལ། ཞ་ལུའི་གྲ་སློབ་རྣམས་ལ་གསར་རྩོམ་ཚར་ཆེན་གྱི་བླ་མའི་རྣལ་འབྱོར་གྱི་ལུང་


GLG006_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བཀླགས། ཀུན་སྤངས་གནང་བའི་དགོངས་བཞེད་དང་བསྟུན་རི་སྦུག་དབུ་མཛད་སྐུ་ཞང་བསྐོ་བའི་སྡེ་པའི་ཕྱག་དམ་དང་བསྐོ་འཇའ་སྔར་འཁྱུད་ལྟར་བསྒྲིགས། ཆོས་རྗེ་ཐམས་ཅད་མཁྱེན་པ་དང་ཚར་ཆེན་ཡབ་སྲས་ཀྱི་རིང་ལུགས་གཙོར་འདོན་གྱི་རྒྱུད་སྡེ་བཞིའི་སྨིན་གྲོལ་རྣམས་མི་ཉམས་ཤིང་ཆད་འཁུམས་ཅུང་ཟད་བྱུང་རིགས་ལ་ངོར་གོང་དཀར་གཉིས་ནས་བསབས་པའི་བསྟན་པའི་བདག་རྐྱེན་དུ་འགྱུར་བ་དགོས་ཚུལ་གྱི་བསྐོ་འཇའི་ཡི་གེ་གསེར་ཐམ་ཆེན་མོས་མནན། ཉེར་ལྔ་ལ་རིགས་ཀུན་བདག་པོ་ཞ་ལུ་བ་ཆེན་པོར་གོས་ཕྱི་ནང་དངུལ་ལྔ་བཅུ་མས་གཙོས་པའི་ཆོས་ཡོན་གྱིས་བསྙེན་བཀུར་ཏེ་དཔོན་སློབ་ཐམས་ཅད་གཙང་ཕྱོགས་སུ་ཕེབས། འབྲས་སྤུངས་སྤྱི་ཁང་གི་སྤྱི་རྫས་དང་གཉེར་ཚང་འཛིན་ཆས་ཀྱི་དེབ་ཀྱི་འགོ་བརྗོད་དང་། དྲུང་འཚོ་བ་ངག་དབང་ལྷག་བསམ་གྱིས་ཞང་བློན་གྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་ལག་བྲིས་སུ་བཀོད། བསོད་ནམས་དབང་རྒྱལ་བྱ་ལོའི་འཇུག་ཏུ་མཚོ་ཁ་ནས་འཁོར་བའི་རྒྱལ་སའི་སྐོར་ལ་ཐམས་ཅད་གྲོས་མཐུན་ཡང་། ཁྱི་ལོ་བསྟན་འཛིན་ད་ཡན་རྒྱལ་པོ་བསྐོས་པའི་ལོ་དང་གཅིག་པར་སྤྱིར་རྒྱལ་པོ་སྐུ་ཚེ་མཐར་ཕྱིན་ཅིང་རྒྱལ་ཁམས་བདེ་བས་རྣམ་རྟོག་དགོས་དོན་མི་འདུག་རུང་ལ་ལ་ཁྲི་ཐོག་ཏུ་ལོ་བཅུ་གཅིག་ཙམ་ལས་མ་བཞུགས་ཞེས་དོགས་པ་བྱེད་པ་དགུང་ལོ་མཐོན་པོར་སླེབས་ནས་ཁྲིར་བཏོན་པས་དངོས་པོའི་གཤིས་ལུགས་དེ་ལས་འོས་ཅི་ཡོད། འོན་ཏེ་འཇིག་རྟེན་གྲགས་ཚོད་འགོག་མི་ནུས་པའི་དབང་གིས་བཤོལ་ཏེ་འདི་ལོ་སྟོད་སྨད་ཀུན་ཏུ་ཞལ་དཀར་གྱི་བརྡ་འགྲེམས་སྔུན་ཆུག་པའི་ནག་པ་ཟླ་བ་དུས་འཁོར་བའི་ལུགས་


GLG006_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགོ་དང་དེ་བཞིན་གཤེགས་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་ཆོས་རྒྱལ་ཟླ་བ་བཟང་པོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་པའི་རྟེན་འབྲེལ་གྱི་སྒོ་ཤིས་པར་བརྟེན་ནམ་དུས་ཀྱང་ལེགས་ལྡན་དཔྱིད་ཀྱི་དགའ་སྟོན་ལ་བབས་པ་ནས་ཧོར་ཟླ་གསུམ་པའི་ཚེས་གསུམ་གཟའ་ཉི་མ། སྐར་མ་སྨིན་དྲུག་འཕྲོད་ཆེན་དུལ་བ་སྦྱོར་ཆེན་མཛའ་བོ་འབྲུག་གི་ཉི་མའི་ཉི་ཤར་ལུག་གི་དུས་སྦྱོར་ཐོག་ཐམ་ཀ་དམར་པོ། ཆེན་པོ་ཧོར་གྱི་རྒྱལ་པོའི་ཉེར་སྤྱད་དུ་འོས་པའི་གན་གོས་དང་པགས་རིགས་ཀྱི་སློག་པ། དབུ་ཞྭ་ཕྲུ་ཅན། གོ་མཚོན་སོགས་དཔའ་བོའི་ཆས་རྣམས་ཀྱིས་སྣ་དྲངས་གོས་ཕྱི་ནང་། དངུལ་སྤྱད། ཇ་རས། བུར་ལྟང་། གྲུམ་ཙེས་མཚོན་པའི་བདོག་པའི་དངོས་པོ་གྱ་ནོམ་པའི་ལེགས་སྐྱེས་དང་བཅས་བསྟན་འཛིན་ད་ལའི་ཁན་དུ་ཆོ་ལོའི་དྲིལ་བསྒྲགས་ཏེ་ཁྲི་ཐོག་ཏུ་བཏོན། བཀྲ་ཤིས། ས་སྐྱོང་ཅན་དཔོན་ཁག་སོ་སོར་དགའ་སྟོན་གྱི་སྟེར་སྦྱིན་བཟབས་པ་བསྟར། རྒྱལ་ས་སྔ་མའི་ལུགས་ཀྱི་ཁྲི་འབུལ་ཁྲག་ཤ་བགོས་སུ་མ་སོང་བའི་བླ་ཆེན། སྡེ་དཔོན། ཆོས་སྡེ་ཆེ་ཁ། དྲུང་འཁོར་དྲག་ངེས་འོས་བབ་རྣམས་ནས་དཔོན་པོ་ཚོར་ས་སྟོངས་སུ་མ་ལུས་པའི་འབུལ་བ་ཡོད་པ་ལ་དམངས་མས་རྒྱལ་པོར་ཁྲི་འབུལ་མ་ཆད་པའི་ཆུ་འབབ་ཀྱི་གྲ་བསྒྲིགས་ཐོག་མར་མིང་བཀྲའི་ཁྱད་ཀྱིས་སྟག་རྩེ་ཐའི་ཇི་ལྷ་རྒྱལ་རབ་བརྟན། དེ་ནས་སྡེ་ཆེན། ཚལ། ཆོས་སྡེ་ཆེན་པོ་ཕན་ཚུན། གསང་ཕུ་ཆོས་རྗེ་རྣམ་གཉིས། རྟ་ཚག་སྤྲུལ་སྐུ། ཧོར་ཚང་ཆོས་རྗེ། ཤེར་འཕེལ་སྤྲུལ་སྐུ། གདན་ས་གོང་འོག །སྣེའུ་སྡོང་རྩེ། རྒྱལ་མཚན་མཐོན་པོ། འབྲུག་སྒར་པ་རྣམས་ཀྱི་མི་


GLG006_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྣ། རྒྱ་རི་ཞབས་དྲུང་། དྭགས་ཀོང་གི་དཔོན་ཁག །སྣེ་ཤུན་སོགས་ཉེ་སྐོར་སྐྱ་སེར་གྱིས་ཞལ་དཀར་གྱི་བདོག་པ་བཟབས་རྒྱས་སུ་སྤེལ། གུང་གི་བཞུགས་གྲལ་ཐོག་ས་བ་གྲུ་པ་བསམ་གྲུབ་རྒྱལ་པོས་ཆོས་ཀྱི་གླེང་མོ། རོལ་ཆ་དང་ཟློས་གར་སྣ་ཚོགས་བསྒྱུར། ཚེས་བཅུ་པ་ཁག་དང་རྨི་རུ་བའི་འཆམས། རུ་བཞི་དང་སྣེ་ཤུན་རྙིང་ཁུངས་སོགས་ནས་བྲོ་གཞས་ཀྱི་གཟིགས་མོ་རྒྱ་ཆེར་ཕུལ།ཚེས་བཞི་ལ་གདན་ས་ཆེན་པོ་རི་བོ་དགའ་ལྡན། ནཱ་ལནྡཱ་བཅོ་བརྒྱད་པ། སྟག་ལུང་ཁྲི་གདན་ཟུར་གྱི་སྐུ་ཚབ། སྣ་དཀར་རྩེ་སྐུ་མཆེད། བྱ་ཞབས་དྲུང་། སྡེ་པ་ཕོན་མདོ་བ། ཐོན་པ། དཔལ་འཁོར་ཆོས་སྡེའི་བླ་སྤྱི། གཙང་གི་དྲུང་འཁོར་རགས་བསྡུས་རྣམས་ཀྱིས་མཆོད་ཡོན་སྡེབས་འཛོམ་ཐོག་ལེགས་སྐྱེས་ཕུལ། ཟླ་བ་སྔོན་མའི་མཇུག་ཏུ་ལག་པ་གཡོན་མའི་རྩ་འགྲམས་ཀྱང་ཁྲི་འདོན་ལ་མ་གནོད་པས་རྟེན་འབྲེལ་ལེགས་ཤིང་ཚེས་ལྔ་ནས་མཆོད་ཡོན་གཉིས་ལྷ་སར་བྱོན་ཏེ་ཞལ་དཀར་རྣམས་རིམ་གྱིས་བཞེས། ངེད་ཀྱི་ཡན་ལག་ཅུང་ཟད་བྲོ་འཚལ་བ་ནད་གཡོག་དབུ་མཛད་མཆོད་དཔོན་གཉིས་དང་གཉིད་བསྲུང་བའི་རྐང་མ་དགེ་སློང་འཇམ་དབྱངས་གྲགས་པ། རྟེན་ཁང་དཔོན་ཚང་། དྲུང་འཚོ་ལྷག་བསམ། དར་མོ་བ་གསུམ་གྱིས་འཕྲོད་བསྟེན་བྱས་པས་རིམ་གྱིས་བདེ། ཚོགས་སུ་འགྲོ་མ་ཐུབ་ཀྱང་ཞིང་སྐྱོང་དབང་པོའི་མཆོད་གཏོར་དུས་ཐོག་ཏུ་བཏང་། ཚེས་བཅུ་གཉིས་ནས་བཟུང་ཞག་བདུན་གྱི་བར་བཀའ་འགྱུར་ཁང་དུ་གྲ་ཚང་གི་གྲ་པ་ཕྱེད་ལོངས་ཀྱིས་དྲི་ཟའི་རྒྱལ་པོར་རྟེན་རྫས་ཀྱི་ཞལ་བརྙན་ཧོར་གོས་ཙེ་བེར་རིན་པོ་ཆེའི་རྒྱན་སོགས་ཕྱི་ནང་གསང་བའི་སྤྱན་གཟིགས་


GLG006_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཟབས་གཤོམ་བསྟར་ཏེ་ཞག་བདུན་གྱི་བར་མདོས་བསྐང་བཙུགས་པའི་འཕྲིན་ལས་འཆོལ་བའི་སྙན་དར་ཞལ་བྱང་བྲིས། དུས་མཚུངས་སུ་དེ་འཕྲོས་ཀྱིས་འདུ་ཁང་གནོད་སྦྱིན་ཆེན་པོ་བེག་ཙེར་བསྐང་བཤགས་རྒྱས་པར་ཕུལ། ཁག་གཉིས་གྲོལ་ནས་མུ་འཐུད་དུ་གཤིན་རྗེ་འདུས་པའི་དྲག་སྔགས་བཟློག་པ་དང་བཅས་པ། འགོང་པོ་ཨར་གཏད་གསུམ་བྱེ་བ་རེ། དཔལ་ལྡན་འདོད་ཁམས་དབང་ཕྱུག་མར་བཀང་བ་འབུམ་ཐེར་བཏང་། ཉེར་བདུན་ལ་གཏེར་སྟོན་རིག་འཛིན་ཆེན་པོ་ཕེབས་པའི་བྱད་འགྲོལ་གདོན་འགྲོལ་སོགས་རིམ་གྲོ་མཛད་པ་རྣམས་ཀྱང་ངོ་ཆེ་བར་བྱུང་། ཧོར་ཟླ་བཞི་པའི་འགོར་དབེན་ས་སྤྲུལ་པའི་སྐུས་གཏིང་སྐྱེས་ཚོགས་གསོག་པ་ཅན་བཏང་བའི་ཡི་གེ་རྟེན་བཅས་ཀྱི་སྡེབས་སུ་སེང་གེ་དགྲ་འདུལ་གྱིས་མགོ་དཀར་གྱི་ཁྲལ་ནས་བླངས་ཏེ་བསྐུར་རྩིས་ཀྱི་གསེར་ཞོ་སྟོང་། རྟེན་བཅས་ལ་གསེར་ཞོ་སྟོང་། སེང་གེའི་སྲས་ཆུང་རྣམས་ཀྱི་དོན་དུ་མུ་ཏིག་གི་ཐུམ་བུ། ངག་མ་རྒྱས་པར་འདུག་པ་དེ་ལན་བསྲིངས། ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་བོན་མཁའ་ཀློང་གི་མདོས་ཆེན་རིམ་གྲོར་བཏང་ཞིང་ལོ་སྔ་མ་ཚོར་ཡང་ཞང་ཞུང་ལུགས་ཀྱི་མོ་རྩིས་དང་དེར་བབས་པའི་བཅོས་རིམ་མང་དུ་མཛད། ཚེས་བཅུ་ནས་རྩ་སྒྱེ་མོའི་ཆུ་ཚན་བླངས་ཏེ་ཞག་ལྔ་བསྟེན་པས་གཞི་མེད་དུ་སོང་། རྟེན་ཁང་དྲུང་འཚོ་བས་གསོ་རིག་གི་མན་ངག་མང་དུ་བྱུང་ཞིང་བདག་རྐྱེན་དང་སྟེར་ཆ་ལེགས་པ་བྱས། ལོ་སྔ་མར་བསམ་ཡས་ནས་ཆོས་སྐྱོང་ཆེན་པོས་བཀའ་ཤོག་ཡིག་ཆུང་ཚིགས་བཅད་མ་ཞིག་འདུག་པ་གོ་དོན་ཇི་བཞིན་མ་ཐེབས་པ་ལྟ་བུས་


GLG006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྣེའུ་སྡོང་བདག་མོ་སྡེ་སྲིད་འཛིན་དུ་འབོད་པའི་གླེང་གཞི་བྱུང་བ་བློར་ག་ལ་བབས་རུང་ཕྱག་མཛོད་རྒྱ་སེང་སོགས་གོང་མ་རྣམས་ལས་ཅུང་ཟད་མངོན་ཆེ་ཙམ་ཡོང་ངམ་སྙམ་པ་ལས་རྗེས་ཀྱི་རྒྱ་ཆེ་མུ་མེད་དེ་འདྲའི་དོགས་པ་མ་ཤར་བས་བཟང་ངན་གྱི་བླང་དོར་སོགས་ཧ་ཅང་ཡིད་ལ་མི་གསལ་བའི་རྨོངས་བྱེད་ཀྱི་མདས་ཟིན་ཉམས་ཀྱིས་ཆུ་འགྲོས་སུ་སོང་བས་བཀའ་བློན་ཚོའི་བརྗོད་རིགས་དང་བསྟུན། ངམ་རུ་བ་གདན་འདྲེན་དུ་སོང་བ་ཚེས་བཅུ་གསུམ་ལ་ལྷ་སར་བྱོན། ཉེར་གསུམ་ལ་མཚམས་གྲོལ་བའི་སྣེའུ་སྡོང་བདག་མོས་གཙང་པ་རྒྱ་རས་ཀྱི་ཞུན་ཐིགས་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུས་གཙོས་དངོས་པོའི་ཚན་གྲངས་བསྟར། ཚེ་རྟའི་བྱིན་རླབས་དབང་བཞི་ཕུལ། ཞྭ་གོས་སྟེར་ཆ་ཐམ་ཀ་དང་བཅས། ས་སྐྱོང་ལ་མེརྒན་ཐའི་ཇི། རིན་ཆེན་ལ་སེ་ཆེན་ཐའི་ཇི། སྦོས་སྦོས་ལ་ཨེར་ཁེ་ཇི་ནོང་གི་ཆོ་ལོ་བཏགས། ཤལ་དཀར་དམར། བསེ་སྒམ། ཇ་སྣམ་ཕྲུག་གི་རྫོང་པ་གྱ་ནོམ་པ་དང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར་ནས་མཚོ་ཁར་ཐོན། ཉེར་བཞི་ལ་བྱང་རྩེ་ཆོས་རྗེ། རྟ་ཚག་རྗེ་དྲུང་། མངའ་དྭགས་ཀྱི་སློབ་དཔོན་གཉིས། དགའ་ལྡན་འཕེལ་རྒྱས་གླིང་དང་ཀོང་སེར་སྲིད་ཁག་གི་བླ་མ། ལྕང་ར་ནས་གཞོན་པ། རྩེ་གདོང་ཕྱག་མཛོད་པ། ཀོང་སྟོད་དཔོན་ཁག་རྣམས་དང་ཕྲད། ཀོང་པོ་བུ་ཆུའི་ཆོས་རྒྱལ་གྱི་སྐུའི་ནང་བཞུགས་ནས་ཐོན་པའི་ཞབས་ཕྱགས་འཁྱར་བ་སྒམ་པོ་བདེ་ཆེན་སྟེང་པའི་ལག་ནས་དེ་མོ་སློབ་དཔོན་བློ་བཟང་བསམ་འཕེལ་གྱིས་བླངས་ཏེ་བྱུང་བ་ལྷ་སའི་རྟེན་ཁྲོད་ཀྱི་དེ་དང་ཆེ་ཆུང་ཁྱད་ཤོར་བ་རྒོད་ཚང་པའི་ཞབས་རྗེས་ཀྱི་དཔེ་བཞིན་སྐུ་ན་བགྲེས་གཞོན་དང་སྤྲུལ་བསྒྱུར་ཡིན་ན་མ་གཏོགས་


GLG006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སོམ་ཉིར་མཆིས། རྗེ་བཙུན་རིན་པོ་ཆེ་གྲགས་པ་དང་དཔལ་ཆེན་འོད་པོའི་དབུ་ཐོད་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གདན་ས་གོང་ནས་གདན་དྲངས་ཏེ་རྩེས་དང་བསམ་གཏན་གླིང་དུ་བཞུགས་པ་སྣེའུ་སྡོང་རྩེ་བརྒྱུད་རིན་སྤུངས་པའི་ནང་རྟེན་གཙིགས་ཅན་ཆོས་མཛད་རྒྱལ་པོ་དོན་གྲུབ་ཀྱིས་ལྷོ་བྲག་ཏུ་ཁྱེར་བ་ཚ་མོ་བཙུན་མ་ཞིག་གི་ལག་ནས་བྱུང་། རྗེ་བཙུན་གྲགས་པའི་སྐུ་བེར་དང་འཕགས་པ་རིན་པོ་ཆེའི་དབུ་རྒྱན་དར་དཔྱངས་ངོར་ཤར་པའི་ནང་རྟེན་ཡིན་པ་ཤར་པས་ངོར་གཟིངས་ཤིག་སྔ་ཕྱིར་བྱས་ཉེས་ཆེས་པའི་ཆད་པ་ཚབས་ཆེན་བྱུང་བའི་དུས་སུ་ཁུངས་བཙུན་མིན་རི་མནའ་གན་གྱིས་བཏོན་ཏེ་སྡེ་པར་ཕུལ་བ་ནང་རྟེན་ཁྲོད་དུ་བཞུགས། སྟག་ལུང་ཞབས་དྲུང་རིན་པོ་ཆེ་མ་ཆེན་ཟླ་བ་སྔ་མའི་ཚེས་ཉི་ཤུ་ལ་ཞི་བའི་དབྱིངས་སུ་གཤེགས་པའི་གནས་ཚུལ་དང་གསལ་འདེབས་ཀྱི་མགྱོགས་བསྔོ་རྟེན་གསང་ཁོག་ནས་ཕྱག་མཛོད་པས་སྡེ་པ་བརྒྱུད་དེ་འབྱོར་ཞིང་འདི་རེས་དྲིལ་བུ་ཇ་རྟ་ཁྲབ་སོགས་ཀྱི་བདོག་པ་སྐྱེལ་བར་ཕྱག་མཛོད་པའི་བུ་གཞོན་པ་དང་གསོལ་དཔོན་ལྟོ་གར་བ་གཉིས་མངགས་པ་ལྟར་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་བསྔོ་སྨོན་གྱིས་རྒྱས་བཏབ། གདུང་འབུལ་ཀྱང་རྒྱས་པར་ཕུལ། ཏྲེ་བོ་ཧོར་ཚང་ཆོས་རྗེར་ཆོས་མང་ཙམ་དགོས་ཚུལ་བྱུང་བ་འགོ་མ་ཁོ་རང་ལ་འབྲུམ་པ་དང་དེ་རྗེས་ངེད་རང་བྲོ་འཚལ་བས་འགྱངས་པའི་ངང་འདེགས་པར་དུས་ཀྱིས་གཏུགས་པས་མང་བ་མ་ཐུབ་རུང་ཆོས་རྗེའི་ཟླར་ཤེར་འཕེལ་སྤྲུལ་སྐུ་ཀོང་བཀྲ་ཤིས་རབ་བརྟན་དང་དེ་མོ་བའི་བླ་མ་ཅན་ཁ་ཤས་ལ་འཇམ་


GLG006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དམར་སེར། སྒྲོལ་དཀར་སྤྱན་བདུན་མ། སེང་ལྡེང་ནགས་སྒྲོལ། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། བ་རི་ལུགས་ཀྱི་རྣམ་འཇོམས། ལས་གཤིན་ཕྱི་སྒྲུབ། ཕྱག་དྲུག་པའི་བྱིན་རླབས། མདོ་སྡུད་པའི་ལུང་རྣམས་ཕུལ། ཧོར་ཚང་ཆོས་རྗེར་བན་ཆས་སྣམ་ཕྲུག་གིས་གཙོས་པའི་སྟེར་སྦྱིན་དང་བཅས་ཏའི་སི་ཏུ་དུ་དབེན་ཤའི་གདན་སར་རྫོང་བདའ་བྱས། སྤྱི་སོས་བསྐུལ་བ་བཞིན་རི་བོ་ཆོས་གླིང་བླ་རབས་ཀྱི་གསོལ་འདེབས་བརྩམས། དགའ་ལྡན་བཤད་སྒྲུབ་གླིང་པའི་གྲ་པ་ཞིག་གིས་འཕགས་པ་བརྒྱད་སྟོང་པའི་རྒྱུགས་སྤྲད། ཧོར་ཟླ་ལྔ་པའི་ཚེས་གཅིག་ནས་བཟུང་རིམ་གྱིས་དཔལ་ལྡན་འབྲས་སྦུངས་ཀྱི་གྲ་སློབ་སུམ་བརྒྱ་སྐོར། གདན་ས་ཆེན་པོ་དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར་གཉིས་ཀྱིས་དབུ་གནང་སློབ་དཔོན་གྲ་བཅས་སུམ་བརྒྱ། སེ་ར་ཐེག་ཆེན་གླིང་གི་སློབ་དཔོན་རྣམས་ཀྱིས་གཙོས་པའི་ཉིས་བརྒྱ། ལྷ་ས་རུ་བཞིའི་གྲངས་སུམ་བརྒྱ་ཙམ་བཅས་སོ་སོས་རུང་མཐུན་ཉེར་སྤྱད། གོས་ཕྱི་ནང་ཇ་རས་སོགས་དངོས་པོ་གཟེངས་བསྟོད་པའི་མཎྜལ་གྱིས་སྣ་དྲངས་ཡུན་དུ་འཚོ་བའི་བདེན་པའི་ཚིག་གིས་ཤིས་བརྗོད་རྒྱས་པར་མཛད། དགའ་ལྡན་པ་དཔོན་སློབ་ལ་ཕྱག་འཚལ་ཉེར་གཅིག་གི་ལུང་བཞེད་པ་དང་སྦྱར། བསྙེན་རྫོགས་བརྒྱ་སུམ་ཅུ་དང་དགེ་ཚུལ་བརྒྱ་ཉི་ཤུ་སྐོར་བསྒྲུབས། ཚེས་ལྔ་ལ་རྒྱལ་པོ་དཔོན་གཡོག་རགས་བསྡུས་ལ་ཚེ་དབང་གྲུབ་རྒྱལ་མ། དབང་གི་སྒྲོལ་མ་དམར་མོའི་རྗེས་གནང་། ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་རྣམས་ཕུལ། ལྕང་ར་ནས། ཞང་སྟོན་སྒར་པའི་སྲས། དཔོན་ས་ཅན་ལ་ཚེ་དབང་བསྐུར།


GLG006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་ལ་གྲ་ཚང་གིས་ཚེས་བཅུ་ཆེན་མོ་འཆམས་དང་བཅས་ཏེ་རྒྱས་པར་བཏང་། རྒྱལ་པོ་དཔོན་གཡོག་ཀྱང་གཟིགས་མོར་བྱོན། སོག་པོ་བྱང་ལ་ལོག་མི་བཞི་བརྒྱ་ལྷག་ལ་བྱིན་རླབས་བྱས། རྒྱ་སྟོན་དབོན་པོའི་བསྔོ་རྟེན་གསེར་དངུལ་གྱི་སྒྲོལ་མའི་སྐུ་དང་གསེར་ཞོ་བཅོ་ལྔ་འབྱོར་བར་སྨོན་ལམ་གྱིས་མཚམས་སྦྱར། ཚེས་བཅུ་གཉིས་ལ་སྡེ་པ་རྩྭ་སྒྱེ་མོའི་ཆུ་ཚན་དུ་བཏེག །སང་ཉིན་ནས་ཞག་བདུན་གྱི་བར་གཏེར་སྒྲོམ་གྱི་ཆུ་ཚན་བསྟེན་ཉིན་གཅིག་མེ་ཏོག་གི་ཆར་ཆེན་པོ་བབས་ཞེས་ཀུན་མཐུན་པར་གླེང་བ་རྒྱུ་གང་ལས་བྱུང་ནི་མ་ཤེས། བསམ་ཡས་མདོ་སྡེ་འབུལ་བར་མདོ་པ་ཆོས་མཛད་ངག་དབང་ལྷུན་གྲུབ་བཏང་། ཚེས་བཅུ་དྲུག་ནས་བཟུང་བཅུ་གཅིག་པའི་བཅོ་ལྔའི་བར་དབུས་གཙང་གི་ས་དགེའི་དགོན་ཁག་སུམ་ཅུ་ཐམ་པ་རྫོང་གཞིས་འབྲེལ་མཚུངས་སུ་རེས་སྐོར་གྱིས་བཀའ་འགྱུར་ཚར་སུམ་བརྒྱ་དྲུག་ཅུ། འབུམ་ཉིས་བརྒྱ། བརྒྱད་སྟོང་པ་དང་གཟུངས་བསྡུས་སོ་སོར་ལྔ་བརྒྱ། སྨན་བླ་བཞི་སྟོང་། མཚན་བརྗོད། གདུགས་དཀར། སྒྲོལ་མ། ཤེར་སྙིང་སོ་སོར་ཆིག་འབུམ། ཚེ་གཟུངས་བྱེ་བ། བཟང་སྤྱོད་ཆིག་ཁྲི། དབྱར་ཆོས་ཀྱི་རིང་གྲ་ས་ཕན་ཚན་དུ་ཇ་ཚུལ་དང་ཕོགས་འགྱེད་བསྒྲུབས། ཚངས་པ་དུང་ཐོད་ཅན་གྱིས་སྡེ་པར་ཕྱག་རྡོར་གྱི་བསྙེན་པ་བྱེད་དགོས་ཚུལ་གསུངས་པ་བཞིན་ཉེར་བཞི་ནས་བདུན་མཚམས་གཅིག་མཛད་པའི་ཚེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཉུང་ངུ་དང་ཅུང་ཚོ་བ་ཡོན་ཏན་དཔལ་བཟང་གིས་བསྐུལ་བའི་རྟ་མགྲིན་གསང་སྒྲུབ་ཀྱི་བརྒྱུད་འདེབས་བྲིས། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་གྲ་ཚང་གིས་


GLG006_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྤྱི་སྒེར་གྱི་བདོག་པ་སྤེལ་ཏེ་འཆི་མེད་འོད་སྣང་དང་འབྲེལ་བའི་ཚེ་ཆོག་རྒྱས་པར་བཏང་། སང་ནས་ཉིན་ལྔའི་བར་རྩེར་ཚོགས་ཏེ་བསམ་པ་ལྷུན་གྲུབ་མ་དང་རིང་འཚོའི་ཚིགས་བཅད་གསུངས། ཡོན་དུ་སྡེ་པས་ཇ་འགྱེད་བཏང་། ཚེས་ལྔ་ལ་གསང་སྣེའུ་ཐོག་གི་ཆོས་རྗེ་རྣམ་གཉིས་ཆེན་སློབ། འཕན་ཡུལ་གསས་ཁང་དགོན་པ་བའི་གྲ་སློབ་རྣམས་ལྷན་ཅིག་པས་དངོས་པོའི་ཚན་གྲངས་བསྟར་ཞིང་ཡན་ལག་བདུན་པ་དང་འབྲེལ་བའི་རིང་འཚོའི་རྟེན་འབྱུང་བསྒྲིགས། གླིང་སྟོད་ཆོས་རྗེ་གསར་བསྐོས་ཀྱི་སྒེར་མཇལ། ཞབས་དྲུང་བདག་མོ། ཞབས་དྲུང་ནོར་བུ་ཁྲ་སྐོར་ཡུམ་སྲས། སྟག་ལུང་ཕྱག་མཛོད་ཡར་བཟང་པ། ནོ་ཡོན་ཁུ་ཐུག་ཐུ། ངོར་ཀླུ་སྡིངས་པ། སྒྲུབ་ཁང་དབོན་པོ། ཁལ་ཁ་ནོ་མོན་ཨེ་ཇེན་གྱི་བུ་ཚ་བརྒྱུད་ཀྱིས་མི་སྣ་རྣམས་ལ་ཇ་གྲལ་བཏང་། སེ་ཆེན་རྒྱལ་པོའི་མི་སྣར་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྗེས་གནང་དང་རྫོང་བདའ་བྱས། ར་མོ་ཆེར་ཞིག་གསོས་ཐུབ་ན་གཅིག་ཏུ་དཀོན་ཅོག་གི་ཞབས་ཏོག་ཡིན་འདུག་པས་འགངས་ཆེ་ནའང་། ལུང་བསྟན་དུས་རྟགས་ཀྱིས་མ་དགོས་ན་དེ་ག་མི་ལེགས་རྒྱུ་མེད་ཅིང་སྡེ་པ་བསོད་ནམས་རབ་བརྟན་གྱིས་ཞིག་གསོས་ཀྱི་བཅའ་བསྒྲིགས་ཐོག་གནས་གཤིས་དེ་བཞིན་ནས་རིམ་ལུས་སུ་སོང་བ་ས་བྱ་ཟླ་བ་བདུན་པའི་ནང་དུ་གློ་བུར་རྩིག་པ་ལོགས་གཅིག་འགྱེལ་བ་སོགས་ཀྱིས་ཉི་མ་དང་ནམ་གྱི་དཔེར་སོང་། སྡེ་པས་ཆོས་སྐྱོང་ཁག་དང་ཀླུ་ཕེབས་མཁན་ཞིག་ཀྱང་བོས་པའི་གླེང་ཆའི་དྲི་བ་མཛད་པ་སྐྱོན་མི་ཡོང་ཚུལ་བྱུང་བ་དང་བཅས་ཁྱི་ལོ་ནས་ཨར་པོའི་འགོ་བཙུགས་ཕག་ལོའི་ནང་དུ་གྲུབ་པའི་རྒྱ་ཕིབས་གསར་


GLG006_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཀྱི་ལྷོ་བྱང་ལ་རྒྱུག་མཐོ་རེ་བཞི། ཤར་ནུབ་ལ་ཞེ་དགུ །དཔངས་ལ་ཉེར་བརྒྱད། ལྟར་རྒྱབ་ལ་བཞི་ཅུ། གཉྫི་ར་གསུམ། གདུང་སྣེ། ཆུ་སྲིན་རྣམས་ཀྱི་རྒྱུར་ཟངས་གད་ཕྱིས་གྲུབ་པ་མཁར་ཁལ་ཆིག་བརྒྱ་རེ་གསུམ། གསེར་བཙོ་མ་ཞོ་བདུན་སྟོང་བརྒྱ་བརྒྱད་ཅུ། དངུལ་ཆུ་ཞོ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་ཞེ་གཅིག །སྣ་ཁྲིད་མོ་རེའི་བསྲེས་ལ་རྒྱ་ཐུར་གྱི་སྲང་ཆིག་སྟོང་བརྒྱད་བརྒྱ་ཞེ་གཉིས། སྟར་བུ་ཁལ་ཉེར་དྲུག །བཙོད་ཁལ་ཉེར་བརྒྱད། སྲོག་འཛིན་དྲིལ་གདང་ལྕགས་ཐག །རླུང་དྲིལ་སོ་གཉིས། ཕྱོགས་གསུམ་གྱི་མདའ་ཡབ་ཀྱི་དཔངས་ལ་རྒྱུག་མཐོ་དོ་ལྷག །ལྷོ་དང་བྱང་གི་དཀྱུས་ལ་ཞེ་དྲུག །ནུབ་ལ་ང་དགུ ། ཆུ་འབབ་ཀྱི་ཞེང་ལ་དྲུག །ལྕམ་གྱི་སྣེའི་དཀྱུས་ལྷོ་དང་བྱང་ལ་ཞེ་གཉིས། ནུབ་ལ་བདུན་ཅུ་རྣམས་ཀྱི་རྒྱུ་ཆ་ར་མོ་ཆེ་དང་ཐུགས་རྗེ་ཆེན་པོའི་ཟངས་ལེབ་རྙིང་པ་རྣམས་ལ་བསྒྲིག་བཅོས་བྱས་པར་མཁར་ཁལ་ཉིས་བརྒྱ་དོན་བཞི། ཤན་དང་གཟེར་གྱི་རྒྱུར་ལྕགས་ཁལ་དགུ །སྟར་བུ་ཁལ་བཅུ། བཙོད་ཁལ་བཞི་རྣམས་སོང་ཞིང་། བལ་པོ་ཨ་མ་ར་སིདྷ། ཟངས་མགར་རྣམ་སྲས་ལྷས་བྱིན་དང་དངོས་གྲུབ་གཉིས་ཀྱིས་གཙོས་པའི་ཉེར་དྲུག །དོ་དམ་འདར་པ། གྲ་དཔོན། ལྷུན་གྲུབ་གླིང་པ། གྲ་ས་བ་ཅན་ཤིང་བཟོ་བ་སུམ་ཅུ། དོ་དམ་ཨ་དར། རིགས་གསུམ་པ་ལྕགས་ཁ་བ། གསེར་གསོལ་བརྒྱ་སོ་ནས། འདོལ་ཆུང་ནས། སྟར་སྡོང་ནས། ནང་སོ་དགོས་དགོས། ཕོགས་དང་དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བྱས། འདི་སྐབས་དང་ཐུགས་རྗེ་ཆེན་པོ་རྒྱ་ཕིབས་གསར་བཞེང་དུས་སྦུས་


GLG006_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་གསེར་ཁང་པས་སྡེ་པ། འགོ་ལུང་། བལ་པོ། ཤིང་བཟོ། རྡོ་བཟོ་བ་སོ་སོར་ལེགས་སྐྱེས་བསྟར། ཕན་བདེ་ལེགས་བཤད་གླིང་པས་ཨར་སྟོན་རྒྱ་ཆེར་བཏང་། ར་མོ་ཆེའི་བར་ཁང་དུ་བཞུགས་རྒྱུའི་སྤྲུལ་སྐུ་བག་དྲོ་ཅན་ལོ་སྔ་མ་ཀླུ་དབང་གི་རྒྱལ་པོ་དང་སྨན་བླ་བདེ་གཤེགས་བརྒྱད་བཞེངས་པའི་ཁ་ལོངས་འཇིག་རྟེན་དབང་ཕྱུག །སྒྲོལ་དཀར། ལྷག་པར་དབང་དུ་བྱེད་པའི་སྤྱན་རས་གཟིགས། ཤེས་རབ་འཁོར་ལོ། ཙུནྡ། ཁྲོ་གཉེར་ཅན། འཇམ་དཔལ་ངག་གི་རྒྱལ་པོ། དུག་སེལ་མ། མྱ་ངན་མེད་པའི་འོད་ཟེར་ཅན། རིགས་བྱེད་མ་རྣམས། སྟེང་ཁང་གསར་དུ་འཕར་བའི་ནང་དུ་ཐུབ་དབང་བདུད་འདུལ། གནས་བཅུ། དགེ་བསྙེན། ཧྭ་ཤང་། རྒྱལ་ཆེན་བཞི་དང་བཅས་པའི་ཁ་ལོངས་སུ་འོད་དཔག་མེད། སེང་གེ་སྒྲ། ཕྱག་རྡོར་ཞི་བ། རྡོ་རྗེ་རྣམ་འཇོམས། མི་འཁྲུགས་པ། བྱམས་པ། འཇམ་དབྱངས་སེང་ཞོན། ཡུམ་ཆེན་མོ་དང་། ལྡེབས་བྲིས་བར་ཁང་དུ་ཚེ་དཔག་མེད་བདུན་བརྒྱ་དང་སྟེང་ཁང་དུ་སྒྲོལ་དཀར་བདུན་བརྒྱ་རྣམས་བཞེངས། གཏེར་སྟོན་རིགས་འཛིན་ཆེན་པོས་བསུ་བཟློག །འཆི་བླུ། གྲིབ་སེལ། དྲག་དམར་གྱི་གཏོར་བཟློག །གཏེར་གསར་གྱི་ཚེ་སྒྲུབ་རྣམས་མཛད། ཉང་གི་མཁའ་འགྲོ་ཆེན་མོ་དང་རྐྱེན་སེལ་གྱི་དབང་འགའ་ཞིག་ཞུས། ཕར་སྡེ་པ་ཨ་བར་དང་ལྷན་དུ་སྒྲ་མི་སྙན་པའི་ཚེ་དབང་། གྲ་ཚང་བྱིངས་དང་ཕྱོགས་མཚུངས་པར་དཔལ་ལྡན་དམག་ཟོར་མའི་ཐུན་མོང་མ་ཡིན་པ་དང་ལྷ་རྗེ་དགེ་འབུམ་གྱི་གཏེར་མའི་དཔལ་ལྷའི་རྗེས་གནང་ཕུལ། པདྨ་གླིང་པའི་གཏེར་མའི་རྟ་ཕག་ཁྱད་ཅན་གྱི་ཞུ་རྟེན་བྱུང་བར་བརྟེན་ཨོ་རྒྱན།


GLG006_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་གླིང་པའི་དགོན་གནས་སུ་གྲ་དར་ལུང་དགོན་ལ་གཏོགས་པའི་བླ་བྲང་སྤྱིལ་བཅས། མཆོད་ཐེབས་ཀྱི་སྣོན་མར་དགོན་པའི་ས་ཁུངས་ཀྱི་འབྲུ་ཁལ་བདུན་ཅུ་སྐོར། ལྷོ་བྲག་ཆག་ཕུག་ཆུང་གི་ཞིང་ཐོན་འབྲུ་ཁལ་བརྒྱ་ལྷག །གཏམ་ཤུལ་ནས་ལོ་ལོ་བཞིན་གཤོར་འདེགས་ཁལ་བདུན་བརྒྱའི་འཛིན་དང་ཚོགས་ཁྲོ་ཆེ་ལེགས་རྣམས་སྦྱར། བདོག་པའི་སྐྱེས་ཕུལ་ཏེ་ཚེས་དགུ་ལ་རང་གནས་སུ་ཐེགས། ཚེས་བཅུ་བཞི་ལ་ནོ་མོན་ཨེ་ཇེན་གྱི་ནང་མཚམས་ཀྱི་ཁ་མཆུ་བསྡུམས་པར་སྤྲུལ་སྐུ་དང་རྒྱལ་པོས་མཚོན་པའི་དཔོན་ཁག་ཚོར་ཡི་གེ་རྟེན་སྦྲགས་དང་བཅས་ནོ་ཡོན་ཁུ་ཐུག་ཐུ་བཏང་། ཐང་པོ་ཆེའི་མཁན་པོ་བྱེད་མི་ཁྱམས་སྟད་པ་ངག་དབང་འཕྲིན་ལས་བསྙེན་པར་རྫོགས། བྱེ་རྫིང་མཁན་པོ་དང་རི་བོ་ཆོས་གླིང་བླ་གྲ་ལ་ཚེ་མདོ། གསར་རྩོམ་སྨན་བླའི་བརྒྱུད་འདེབས་དང་སྨོན་ལམ་ཚིགས་བཅད་འགའི་ལུང་ཕུལ། གོང་དཀར་རྫོང་སྡོད་སྒེམ་བུ་ནས་ཀྱིས་ཚན་གྲངས་དང་བཅས་གྲ་ཚང་གི་གྲ་པ་བརྒྱད་གྲ་ཞིག་གིས་རིང་འཚོའི་ཚིགས་བཅད་གསུངས། ཚེས་བཅོ་ལྔ་ལ་ཁྱབ་བདག་སྨན་ལུང་པ་ཆེན་པོ་པདྨ་འོད་ཀྱི་ཞིང་ཁམས་སུ་སྐུའི་བཀོད་པ་བསྡུས་པའི་ཐུགས་དམ་གསལ་འདེབས་པ་འབྱོར། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་གྱི་ཀརྨ་གུ་རུའི་དྲུང་དུ་མཆོད་པ་རྒྱ་ཆེར་བཤམས་ཏེ་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་བལྟས་ཏེ་གསང་འདུས་བླ་མའི་འཕྲིན་ལས་ཀྱི་སྒོ་ནས་མཆོད་པ་ཕུལ། སྐུ་གདུང་རིན་པོ་ཆེར་གོས་ཡུག་ལ་སྨོན་ལམ་གྱི་ཚིགས་སུ་བཅད་པའི་སྙན་ཤལ། ཚོགས་སུ་འཛུགས་རྒྱུའི་སྤྲུལ་སྐུ་མྱུར་


GLG006_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་གྱི་སྨོན་ལམ་ཚིགས་བཅད། དགོངས་རྫོགས་ཀྱི་མཐུན་རྐྱེན་དུ་འབྲུ་ཆ། ཇ་གོས་དར་ཁ་བཏགས་སོགས་ཚན་ཆེ་ཙམ། རྟེན་བཞེངས་གི་ཐེབས་སུ་དངུལ་སྲང་ཕྱེད་ཉིས་བརྒྱ། གསེར་སྲང་གང་། གང་ཅིའི་བྱེད་ལུགས་རྣམས་ཆོས་རྗེ་ཐུབ་བསྟན་པར་བསླབ་བྱ་མོལ་བར་ཁང་གསར་རབ་བརྟན་བཏང་ཞིང་དད་རྟེན་དུ་སྣམ་སྦྱར་འབྱོར་བ་ནང་རྟེན་ཁྲོད་དུ་བཞག །བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་བཀའ་འགྱུར་སྐྱ་པོད་བཞེངས་པའི་དཀར་ཆག་སྡེ་ཚན་སོ་སོའི་མཇུག་ཏུ་སྨོན་ལམ་དང་བཅས་པ། སྒོ་མངས་གྲ་ཚང་སྤྱིའི་ངོར་སློབ་དཔོན་བློ་གྲོས་རྒྱ་མཚོ། སྟོད་རྒྱུད་སྤྱིས་བསྐུལ་བའི་སློབ་དཔོན་རིམ་པ་ལྔ། བསམ་གཏན་བཟང་པོའི་ངོར་བྱེས་སློབ་དཔོན་འཇམ་དབྱངས་ལྷུན་གྲུབ། ཚེ་བརྟན་རྒྱལ་མཚན་གྱི་འདོད་པ་ལྟར་སྐྱབས་གནས་ཀུན་འདུས་གསོལ་བ་འདེབས་པ་རྣམས་དང་། བསྟན་འཛིན་ད་ལའི་རྒྱལ་པོས་དུང་སྐྱོང་དབང་མོར་སྙན་ཤལ་ཕུལ་བའི་ཁ་བྱང་རྣམས་བརྩམས། ཉེར་གཉིས་ལ་གྲོང་སྨད་ཨ་བར་དང་གྲ་ཚང་ལ་དྲང་སྲོང་དྲི་མེད་ཀྱི་རིག་གཏད། ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་། ཕྱག་རྡོར་གོས་སྔོན་ཅན་དང་རྣམ་སྲས་སྨད་ལུགས་སེར་ཆེན་གྱི་རྗེས་གནང་རྣམས་ཕུལ། གསོལ་དཔོན་གེ་ར་བས་ཚོགས་ཆེན་དུ་མང་ཇའི་ཐོག་འཛུགས་རྒྱུ་ཡིན་པས་ཡུན་དུ་གནས་པའི་ཚིགས་བཅད་དགོས་ཚུལ་བྱུང་བ་བརྩམས། གནམ་གང་ལས་སྐར་རྒྱལ་གྱི་ཐོག་གྲོང་སྨད་ཨ་བར་ལ་རིགས་འཛིན་ཆེན་པོའི་གཏེར་གསར་དྲག་པོ་དབུ་དགུའི་རྩ་དབང་། རིགས་བྱེད་མ་ནང་སྒྲུབ་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ། འཇམ་དཔལ་ནག་པོ་


GLG006_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བ་རི་ལུགས་ཀྱི་རྣམ་འཇོམས། སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་རྗེས་གནང་རྣམས་བསྐུར། འདར་པ་ལོ་ཙཱ་བས་བསྐུལ་བའི་རྒྱལ་རྩེ་ཞབས་དྲུང་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་བརྟན་བཞུགས་དང་། དབོན་པོ་ལྷ་མོའི་ངོར་དགའ་ལྡན་ཤར་པ་ཆོས་རྗེ་བྱམས་པ་བཀྲ་ཤིས་ཀྱི་གསོལ་འདེབས་བྲིས། འདི་ལོ་དཔྱིད་ཀ་སྡེ་པས་ཐུགས་ཁུར་བཞེས་ནས་ཐང་པོ་ཆེར་ནང་སོ་དཀོན་ཅོག་དར་རྒྱས་དང་སྤེལ་ནག་རི་ཅན་གཉིས་ཀྱིས་དོ་དམ་བྱས་པའི་བཀའ་འགྱུར་གསེར་བཏུལ་མ་སྲང་ལྔ་བརྒྱ་བཞི་བཅུ་སྐོར་ལས་བཞེངས་པའི་གསེར་ཆོས་ཧོར་གོས་ཀྱི་ཞལ་ཁེབས་སྟོང་སྐུད་ཁྲ་ལྷས་ཀྱི་གླེགས་ཐག་རྒྱ་རག་གི་གླེགས་ཆབ། ཙནྡན་གྱིས་གཏུམས་པའི་གླེགས་ཤིང་གདོང་ལ་བ་སོ་བརྐོས་མ་སོགས་རྒྱུ་ཕུན་སུམ་ཚོགས་པ་ལས་གྲུབ་པ་ཚར་གཅིག་སྡེ་པ་སྒེར་གྱི་སྒྲིབ་སྦྱོང་དུ་དམིགས་པའི་གསེར་སྲང་བརྒྱ་སོ་གཉིས་དང་དངུལ་སྲང་སུམ་བརྒྱ་དོན་གསུམ་ལས་གྲུབ་པའི་ཁྲ་ཆེན་གཅིག་བཅས་བཞེངས་པའི་གླ་ཡོན་ཕོགས་སོགས་འབྲུར་ཕབ་བསྡོམས་པར་གཤོར་ཁལ་བརྒྱད་ཁྲི་ལྔ་སྟོང་དྲུག་བརྒྱ་བཅུ་དགུ་སོང་བ་དང་། ལ་སྟོད་ཤེལ་དཀར་དུ་རྫོང་སྡོད་གཉིས་དང་སྨོན་གྲུབ་པ་རིན་ཆེན་བཀྲ་ཤིས། འབྲི་ལུང་དབང་རྒྱལ་རྣམས་ཀྱིས་དོ་དམ་བྱས་ནས་སྐྱ་པོད་ཚར་གཅིག་བཞེངས་པའི་དཀར་ཆག་ཆེ་བརྗོད་ཧོར་ཟླ་བདུན་པའི་ཚེས་ལྔ་ལ་བྲིས། ཚེས་བདུན་རྗེས་མར་སྨད་རྒྱུད་སློབ་དཔོན་གྲ་བཅས་ཀྱིས་བདོག་པའི་སྐྱེས་བཏེག་སྟེ་རིང་འཚོའི་རྟེན་འབྱུང་བསྒྲིགས། བླ་མ་ལྷ་པའི་དཔོན་སས་དཔྲལ་གཡུ་བྱིན་ཞིང་གཙུག་ཕུད་བླངས་ནས་མིང་ངག་དབང་སྒྲོལ་མར་


GLG006_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། དཔལ་དེ་དཔོན་ས། ཧོར་རྒྱ་མཚོ་སྤུན། རྟ་ཚག་རྗེ་དྲུང་། ཚ་མིག་མཁན་པོ་བསོད་ནམས་རྒྱལ་མཚན། བླ་མ་སྙེ་མདོ་བ། སེ་རའི་སློབ་དཔོན་གསུམ་སོགས་ཕྲད་མི་ཁ་ཡར་བྱུང་། དགའ་ལྡན་རབ་འབྱམས་པ་མཚོ་ཁར་འགྲོ་བའི་རྫོང་བ་བསྟབས། ཐུབ་དབང་གི་ལི་གསར་བརྡར་གད་མ་བྱས་པ་ཞིག་སྦྱིན་བྱུང་། ཡེར་པ་གྲ་ཚང་སྤྱི་སོ་ནས་རིང་འཚོའི་ཚིགས་བཅད་དགོས་ཚུལ་ལྟར་བྲིས་ཤིང་ཚེས་བཅུ་གཉིས་ལ་གྲ་སློབ་རྣམས་ཀྱིས་ཚན་གྲངས་མཎྜལ་དང་བཅས་ཚེའི་རྟེན་འབྲེལ་བསྒྲིགས། འདུལ་བ་གྲ་ཚང་གིས་རིགས་གྲའི་སྐལ་པ་སྐྱེལ་བར་སློབ་དཔོན་གྲ་རིགས་དང་སློབ་དཔོན་པའི་ཕ་ཨུན་འདུར་དཔོན་པོ་ཅན་གསར་དུ་འབྱོར་བའི་སྒེར་གྱི་བདོག་པ་བསྟར། འབྲས་སྤུངས་ཀྱི་གྲ་རྒན་བཀྲ་ཤིས་རྒྱ་མཚོ་ད་ལའི་ཆོས་རྗེར་གྲགས་པ་གསར་དུ་སླེབས་པ་དང་ཕྲད། རོང་ནས་ཆོས་རྗེ་ཐུབ་བསྟན་པས་ཡི་གེ་མཁས་གྲུབ་རོང་པ་ཤེར་སེང་གི་ཞལ་གཟིགས་ལྟར་ཐུགས་རྟེན་དུ་བཞེངས་པའི་དུས་འཁོར་གྱི་དཀྱིལ་ཐང་སྤྲིན་གསེབ་མ་རོང་ཤམ་བྷར་གྱི་རྟེན་གྲགས་ཅན་དེ་དང་བཅས་བྱུང་དོན་ལྟར་དངུལ་གདུང་གི་ཕྲ་རྒྱན་དུ་ཕུབ་སྒོར་གཅིག །དཔྲལ་གཡུ་གཉིས། སྤྱི་ཁེབས་གཅིག །མེ་ཤེལ་གཉིས། བྱུ་རུའི་བརྒྱ་འཕྲེང་། གཙུག་ལག་ཁང་གི་ཤིང་ཆའི་མཐུན་རྐྱེན་ལ་ཀ་ཐོག་པར་ཧུང་རྒྱ་བསྐུར། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་རི་བོ་ཆོས་གླིང་དང་བཀྲ་ཤིས་ཆོས་སྡེར་འཛུགས་རྒྱུའི་རིང་འཚོའི་རྟེན་འབྱུང་ཚིགས་བཅད། ཕོ་བྲང་གེ་ར་ཆོས་མཛད་སྤུན་གཉིས་ཀྱིས་གྲ་ཚང་དུ་ཆོས་སྲུང་སྤྱི་བྱེ་བྲག་ལ་སྙན་དར་སྣ་ལྔ་ཕུལ་བའི་ཞལ་བྱང་དགོས་ཚུལ་བྱུང་བ་བྲིས་ཞིང་འབྲས་སྤུངས་སུ་མང་ཇའི་ཐོག་རིང་འཚོའི་ཚིགས་བཅད་


GLG006_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གསར་བསྐུལ་བཙུགས། ཚེས་ཉི་ཤུ་ལ་བཟང་ལྡན་མཁན་པོ་རྒྱལ་རྩེ་ཞབས་དྲུང་ཀུན་དགའ་བསོད་ནམས་གྲགས་པ་གཤེགས་པའི་ཞལ་ཆེམས་བཞིན་སྙན་བརྒྱུད་གླེགས་བམ་སོགས་ཚན་གྲངས་ཉེ་གནས་ཆོས་གྲགས་ཀྱིས་བསྲིངས་དོན་བཞིན་གྲུབ་མཐའ་སྙོགས་པར་ལམ་གྱི་གེགས་སེལ་སྨོན་ལམ་གྱིས་མཚམས་སྦྱར། ཨོཾ་གསུམ་མའི་འབྲུ་འབུམ་སོགས་ཐུགས་དམ་ཤིན་ཏུ་སྨིན་པ་ཡོད་འདུག་པས་མཁའ་སྤྱོད་དུ་གཤེགས་པར་མངོན། མཁན་པོའི་གསོས་སྐལ་གྱི་དོན་དུ་དྲུང་ཆེན་ཆོས་གྲགས་ཀྱིས་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཚེམས་ཤིག་སྡེ་པར་ཕུལ་བ་ལག་ཏུ་སོན། མཚོ་ཁ་ནས་ཆོག་ཐུ་ཐའི་ཇིའི་མི་སྣ་འབྱོར། ཡོངས་འཛིན་སྤྲུལ་སྐུ་གྲིབ་ཞགས་ཀྱིས་ཕྱག་ཞབས་མི་བདེ་བའི་སྙུན་དམ་པོས་བཏབ་ཀྱང་འགྲོ་བ་རྣམས་རྗེས་སུ་བརྩེ་བས་གཞན་ཕན་གྱི་སྲུང་བའི་རིགས་མང་པོ་པར་དུ་བཞེངས་ཤིང་སླར་བཞེང་རྒྱུའི་གནས་ཚུལ་གྱི་སམ་ཊ་བྱུང་བ་ཐུགས་སེམས་ཀྱིས་རི་འཁོར་བ་རང་དུ་ཡོད་སྣང་། འུག་པ་ལུང་པ་ནས་སོ་བར་བྱུང་བའི་ཐུན་དོང་ནག་པོ་འདྲེ་འཇིགས་གྲ་སྙེ་མདོ་བའི་གྲགས་ཅན་དེ་ལ་སྡེ་བས་བླུས་མ་བཏང་བའི་ལག་ཏུ་སོན། ཉེར་གསུམ་ལ་ལྷ་སའི་གཙུག་ལག་ཁང་གི་ཕྱོགས་བཞིའི་གཉྫི་ར། ར་མོ་ཆེའི་སྒོ་ལྕོག་སྟེང་གི་གསུམ་དང་བཅས་པའི་བདུན་ལ་གདུང་ཤ་རཱི་རམ་གྱིས་གཙོས་པའི་སྐུ་བལ་གྱི་རིང་བསྲེལ། ཆོས་སྐུའི་རིང་བསྲེལ། བོད་ཁམས་བདེ་ཐབས་ཀྱི་འཁོར་ལོ་སོགས་གཟུངས་བཞུགས་འབུལ་བར་མཆོད་དཔོན་ངག་དབང་ཤེས་རབ་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་རྫོང་


GLG006_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བདའ་བྱས། ཉེར་དྲུག་ལ་སྟག་རྩེ་ཐའི་ཇི་ཡབ་སྲས། ལྕམ་ནོར་བུ་ཁྲ་སྒོར། སྟག་ལུང་ཕྱག་མཛོད་པ། ཨུན་འདུར་ཨེར་ཁེ་དཔོན་པོ་ཅན་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། ཟུར་རི། སྔགས་ལྕོག །ཧ་རི་ཁའི་བླ་མ། རྒྱལ་པོའི་ཨེར་ཁེ་ཇེའི་སང་ཅན་དང་ཕྲད། འཛུམ་ལང་རྒྱལ་པོའི་མི་སྣ་པ་ཕྲན་རཱ་ཛ་དང་ལོ་ཙཱ་བ་ལྷུན་གྲུབ་སླེབས་པའི་ཕྱག་བྲིས་ཡུལ་ལུགས་དང་བསྟུན་པའི་རྟེན་བཟང་བ་འབྱོར། བསྙེན་རྫོགས་བཅུ་གཅིག་དང་དགེ་ཚུལ་དགུ་བསྒྲུབས། གདན་གོང་ནས་བཀའ་ཤོག་གནང་སྐྱེས་གྲ་ཚང་དུ་མང་འགྱེད་དང་བཅས་རིང་པོར་གནས་པའི་རྟེན་འབྲེལ་བསྒྲིག་པར་ཚོང་དཔོན་བསོད་ནམས་མགོན་པོ་གནང་། སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱིས་མཆིམས་ཕུའི་གནས་འཛིན་སྒྲུབ་སྡེ་རྣམས་ལ་བསྙེན་བཀུར་བའི་དུས་སྡིག་པ་སྦྱང་བའི་སྨོན་ལམ་ཚིགས་བཅད་དགོས་ཚུལ་བྲིས། ཧོར་ཟླ་བརྒྱད་པའི་ཚེས་གཉིས་ལ་གདོང་ནས་ཀྱིས་ལྕམ་དབྱངས་ཅན་མའི་ཕྱི་རྟེན་དུ་འོད་དཔག་མེད་དང་སྨན་བླ་བདེ་གཤེགས་བརྒྱད་ཀྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དང་བཀའ་གདམས་ལྷ་བཞིའི་ནང་ཚན་མི་གཡོ་བ་སྔོན་པོའི་མངོན་རྟོགས། བདག་མོའི་རྒྱུན་འཁྱེར་དུ་གསོལ་འདེབས་དང་བཤགས་པའི་ཚིགས་བཅད། དགེ་སློང་འཇམ་དབྱངས་གྲགས་པས་བསྐུལ་བའི་རིང་འཚོའི་ཚིགས་བཅད་དང་མཁན་འཇམ་དབྱངས་བཀྲ་ཤིས་ཀྱི་གསོལ་འདེབས། མཆོད་དཔོན་པའི་ངོར་དམ་ཅན་དང་ཆུ་རྒྱུད་རྒྱལ་པོའི་གཏོར་བསྔོ། ཁྲོ་འཆར་གཡུལ་བཟློག་པ་རྣམས་ཀྱི་ཞལ་འདོན་དུ་སྐབས་སུ་བབས་པར་མངོན་ནས་རྩ་གསུམ་གསོལ་འདེབས་ལ་ཇ་མཆོད་ཀྱི་དུས་འདོན་པ་བསྒྱུར་


GLG006_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་པ་རྣམས་བརྩམས། མ་རྒྱུད་ལུགས་ཀྱི་རུས་པའི་རྒྱན་དྲུག་ཆ་ཚང་ཡོད་རུང་ཕ་རྒྱུད་ནས་བཤད་པའི་ཤེལ་རྒྱན་མ་འབྱོར་པ་ཁུངས་བཙུན་ཞ་ལུ་དང་གོང་དཀར་རྡོ་རྗེ་གདན་ན་ཡོད་འདུག་ཅིང་། འབྲུག་པ་སྤྲུལ་སྐུ་བྱ་འཇམ་དབྱངས་ཆོས་གྲགས་ཀྱིས་ཡུམ་གྱི་སྐུ་རྒྱན་ལ་བཟོས་པའི་གྲགས་ཅན་ཞིག་སྣང་བ་ཞིབ་ཏུ་དཔྱད་ཚེ་གཞུང་རྒྱན་འཛོམས་རྒྱན་རྣམས་གསེར་ལ་ཕུལ་བ་ལས་ཕྲ་ཧ་ཅང་མི་ཕྱུག་པས་རྒྱུ་སོང་ཡང་དོན་དང་མི་མཐུན་མོད། འོན་ཀྱང་རྒྱུ་བཟང་ངན་རང་ལ་བལྟོས་རྒྱུ་ཅི་ཡོད་རུང་དྭགས་བརྒྱུད་པ་རྣམས་ཕྱག་རྒྱ་ཆེན་པོར་གཅིག་ཏུ་འབྱམས་ཀླས་དྲགས་པས་རྒྱུད་སྡེའི་ཕྱོགས་ལ་གཟིགས་པ་མ་ཆུག་པའི་ཉམས་ཀྱིས་རྒྱུའི་ཁྱད་པར་ཙམ་མ་གཏོགས་རུས་རྒྱན་ཁོ་ནར་དཔེ་བླངས་ཤིང་ཞྭ་ནག་གསེར་མདོངས་ཀྱིས་ཁྲོམ་དང་འབུལ་བ་སྡུད་པའི་ཚབ་ལ་ཤེལ་རྒྱན་བཞེས་ཀྱིན་ཡོད་འདུག་པ་དེ་འདྲ་ཁུངས་དང་མི་འབྲེལ་བར་མ་ཟད་འདིར་བརྒྱ་འབུལ་དུ་མིང་བཏགས་ཚད་ལ་ཞ་དང་རྒྱན་སྤྲོད་དགོས་བྱུང་ན་རྒྱ་ཧོར་གྱི་འབྲེལ་ལམ་སྟབས་ནས་ལངས་ཕྱིད་ག་ལ་ཡོང་ནའང་ཆེད་དུ་གཉེར་བའི་དགོས་དོན་ཕ་རྒྱུད་དང་འབྲེལ་བའི་ས་གར་མཆོད་གར། དབང་། སྦྱིན་སྲེག་གི་ཆ་ལག་ཏུ་དགོས་པས་བཟོ་བདུན་ཡོད་པ་རིམ་ལུས་སུ་སོང་བ་སྡེ་པས་བརྩོན་པ་ཆེན་པོས་ཁུར་བླངས། ཀུན་མཁྱེན་རྡོ་རྗེ་གདན་པའི་པྲོག་ཞུ་སོགས་ལ་ཡིད་བརྟན་དུ་བཟུང་། ཕ་རྒྱུད་ཀྱི་དགོངས་དོན་འཁྲུལ་མེད་བཞིན་ཤོག་དཔེར་བཀོད། གཞུང་རྒྱན་འཛོམས་རྒྱན་ཕལ་ཆེར་གྲུ་དཀར་དམར་གྱི་ཕྲ། འགའ་ཞིག་ཏུ་ག་ཛ་མུ་ཏིག་མཐེ་བོང་ཉིས་འགྱུར་ཙམ་གྱི་


GLG006_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཤིན་ཏུ་དཀོན་པ། བཻཌཱུཪྻ་སེར་པོ་དྲ་བ་དྲ་ཕྱེད་རྣམས་རྒྱ་མུ་ཏིག་ཁོ་ན་ལས་གྲུབ། ཕྲ་རྒྱབ་ཀྱི་གདན་མ་དང་འབུ་རིལ་ལ་གསེར་བཙོ་མ་ཞོ་ཉིས་སྟོང་གོ་གཉིས། རྒྱུ་དངོམ་ཆེ་བ་ལས་ལྕགས་ཁྱི་ཧོར་ཟླ་གཉིས་པ་ནས་བཟོ་གྲ་བཙུགས། དོ་དམ་སྡེ་པ་རག་པ་རྣམ་སྲས་དབང་པོ། འཇམ་དབྱངས་དཔལ་འབྱོར། ལྷུག་པ་གསུམ་དང་། རྗེས་སུ་རག་པའི་ཚབ་བཀའ་བརྒྱད་སྦུག་པས་བྱས་ཏེ་ལྕགས་ཕག་ཧོར་ཟླ་བདུན་པའི་ནང་དུ་ལེགས་པར་གྲུབ་པ་བལ་པོ་བཅུ་གཉིས་ཀྱིས་ལས་རྒྱུན་ལོ་གཅིག་ཟླ་བ་གཉིས་སོང་བའི་ཕོགས་ཡོན་སྟོན་མོ་སོགས་འབྲུ་ངོར་བསྒྲིལ་བར་མཁའ་རུའི་ཁལ་སྟོང་ཕྲག་དགུ་དང་བརྒྱ་ཞེ་བདུན་སོང་བ་སྡེ་པས་ཕྱག་དར་ནས་སྒྲོགས་པ་ཚེས་གསུམ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཐོག་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཚེ་ཆོག་བཏང་བའི་ཚོགས་ཀྱི་དགའ་སྟོན་དང་འབྲེལ་བར་ཤེལ་རྒྱན་རྣམས་མིག་ལམ་དུ་ཕབ། རྩེར་སླེབས་ཐོག་ཆས་འཇུག་གི་སྐར་འཛིན་རྟེན་འབྲེལ་འགྲིག་པར་བྱུང་ཞིང་དེ་ཐོག་སྟག་རུ་བས་ལེགས་སྐྱེས་ཀྱི་ཚན་གྲངས་སྤེལ། སྡེ་པས་བྱང་ཆུབ་ལམ་གྱི་རིམ་པའི་བརྒྱུད་པ་གཉིས་ལྡན་གྱི་བླ་མ་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ཡན་ཐང་ཁ་གྲ་ཚར་ང་གཅིག་ལྕགས་ཕག་ཟླ་བ་དང་པོའི་ཟླ་སྟོད་ནས་དབུ་མཛད་དཔལ་དགོན་གྱི་གཙོས་མཁས་བསྒྲུགས་ཉི་ཤུ་རྩ་གསུམ་གྱིས་བཞེངས་པ་ཟླ་བ་འདི་ནང་འགྲུབ་ཏུ་ཉེ་བའི་མདུན་ཡིག་གི་ཆེ་བརྗོད་སྨོན་ལམ་དང་བཅས་པ་བཀོད། ཚེས་བརྒྱད་ནས་ཉིན་གསུམ་གྱི་བར་དྲང་སྲོང་ཨ་གསྟྱའི་རང་འོད་ཀྱི་ཆུའི་


GLG006_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དུག་རྣམས་བསལ་ཏེ་དུས་ཀྱི་ཡན་ལག་བརྒྱད་ལྡན་དུ་བསྒྱུར་སྐབས་ཆུ་ཀླུང་ཆེན་པོའི་འགྲམ་དུ་ལུས་ཀྱི་འཕྲོད་བསྟེན་དང་སྦྲགས་སྤྱོད་ཡུལ་ཡངས་པའི་ལྗོངས་རྒྱུ་བ་སྐབས་སུ་བབས་ནའང་རྫོང་གི་རྟ་ལམ་ཐག་རིང་ཞིང་ནད་རོ་སོགས་ཀྱིས་འགྲོ་འདུག་མང་བར་དགེ་མཚན་ཆེ་བ་མི་སྣང་གཤིས་མེར་ཏེ་གཙང་པོ་དང་གསང་ཡིག་སྨན་ཆུ་ནས་དྲེའུས་དྲངས་ཏེ་ཉིན་གསུམ་གྱི་བར་རོ་སྟོད་ལ་ཆུ་སྡེར་རྒྱག་པའི་འཕྲོད་བསྟེན་ཅི་ནུས་སུ་བྱས། ཟུར་རིག་སྔགས་འཆང་བ་གཞིས་ཀ་ཤར་ཨ་གུར་གྱིས་ཚེས་བཅུའི་དུས་གསོལ་འདེབས་དང་ཇ་མཆོད་གང་འོས་ལ་བསྒྱུར་ཆོག་པའི་ཚིགས་བཅད་དགོས་ཚུལ་བཞིན་བྲིས། བཙན་རྒོད་དར་འོངས་ཏེ་རྟ་བཅུ་བདུན་གྱིས་གཙོས་པའི་ཟང་ཟིང་གི་བདོག་པ་བསྟར། ཚེས་བཅུ་ལ་ར་སྒྲེང་མཁན་པོ་ཐོག་རྡུགས་པ། རྫིང་ཕྱི་མཁན་ཟུར་གཟིམས་དཔོན་གྱི་ལས་འཛིན་རྙིང་པ་བྱམས་པ་རིན་ཅེན། རྟ་ཚག་སྤྲུལ་པའི་སྐུ། ཚལ་སྡེ་པ་གྲགས་པ་ཡུམ་སྲས། ཨོ་རོད་སེ་ཆེན་རྒྱལ་པོའི་མི་སྣ་སོགས་དང་ཕྲད། བདག་མོ་ལྷོ་ཁར་འབྱོན་གདོང་མགོན་པོ་བར་ཆད་ཀུན་སེལ་གྱི་བཀའ་བསྒོ་ཕུལ། གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་གཤིན་རྗེ་གཟའ་གདོང་དམར་ནག་དང་ལོག་ཏྲིའི་སྒྲུབ་པ་གཉིས་སྡེབས་སུ་བཙུགས། རྟ་ཚག་སྤྲུལ་པའི་སྐུ་གྲ་སྐོར་མཛད་བཞེད་ཀྱི་རྒྱུ་མཚན་བྱུང་བ་སྤྲུལ་སྐུ་གོང་མའང་གཟིགས་རྒྱ་ཆེ་རབ་མཆིས་རུང་བསྡུས་ཚད་ཀྱི་ཕྱོགས་སུ་ཞལ་འདྲིས་རྔོ་མ་ཐོགས་པའི་སྐྱོན་གྱིས་སྔར་སྟོང་འཁོར་ཞབས་དྲུང་ཡོན་ཏན་རྒྱ་མཚོ་སེ་རར་ཐུགས་གཉེར་མཛད་སྐབས་གྲ་པ་ཁ་རྒྱགས་པ་ཞིག་གིས། བདག་མེད་ཡིན་


GLG006_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོད་པས་ཁྱབ་པའི་སྐུ། །དེ་ལ་སྐྱོན་ནི་གཏོང་མཁན་མེད་པའི་གསུང་། ། བཏང་ན་གར་འགྲོ་འདིར་འགྲོ་མེད་པའི་ཐུགས། ཁ་བཏགས་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། ། ཞེས་བརྩམས་པའི་དཔེ་བཞིན་གྲ་སྐོར་གྱི་དམ་བཅའི་དུས་ཞལ་བླངས་ཟིན་པོ་ཞིག་ཡེ་བྱུང་མ་སོང་བས་བཟོ་ཉེས་སློབ་དཔོན་གྱི་དོན་བཞིན་སྐུ་ཚེ་འདི་ལ་དེ་དང་མི་འདྲ་བ་ཞིག་བྱུང་ན་སྙམ་པས་ཆོས་ཀྱི་གྲགས་པའི་གཞུང་ལུགས་ལ་ཐོས་བསམ་གནང་བར་ར་བ་སྟོད་ཀྱི་ཆོས་གྲ་འགྲིམ་པར་སྐོར་ཅིག་ཕེབས་པ་འགབ་ཅེས་མོལ་བས། སྤྲུལ་པའི་སྐུ་ཐུགས་རིག་སྤྱི་དང་མི་འདྲ་བ་གྲུང་པོ་ཞིག་འདུག་གཤིས་ཆོས་གྲར་བྱོན་སོང་བ་ཐུགས་སྐྱེད་ཆེ་བའི་མཚན་ཉིད་ཀྱི་སྟོན་པ་ཚད་ལྡན་གྱི་སྒོ་དོད་སྐད། རྒྱ་བཏབ་ར་མོ་ཆེའི་གཙུག་ལག་ཁང་དུ་གསར་བཞེངས་ཀྱི་སྐུ་རྣམས་དང་སྡེ་པས་ཐུགས་བཅད་ཀྱི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་འཁྲུངས་རབས་གྲ་ཚར་བཞེངས་པ་ཚོའི་གཟུངས་འབུལ་སྡེ་པ་ཉིད་ཀྱིས་གཙོ་མཛད་ལག་ལེན་པ་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པ་ཅན་ཁ་ཤས་ཀྱིས་བྱས་ནས་རུ་ང་པར་ཕུལ་ཞིང་ར་མོ་ཆེའི་སྟེང་ཁང་དུ་གནས་བཅུ་དང་བར་ཁང་དུ་སྨན་བླ་རྣམས་བཞུགས་སུ་གསོལ་བའི་གནས་བཅུ་ལྷ་ཁང་དུ་སྙན་དར་ཁ་བཏགས་ཆེ་ཆུང་བསྡོམས་པ་ཉིས་བརྒྱ་སུམ་ཅུ་སྐོར། མཐིང་ཁྲ་དྲུག །སྡེ་པས་བསླབ་སྟོན་མཛད་དེ་གཉེར་པ་སྦྱིན་པས་བཀྲ་ཤིས་ཁང་གསར་དུ་བཟོས་པའི་ཁྲོ་ཀོང་བཞི། གཞན་ཡང་གོས་འཕན་སྐུ་གཟུགས་མ་ཆེ་བ་བརྒྱད། འཕན་ཆུང་ཞེ་དྲུག །མཐོངས་གན་གོས་ཚོན་ཁྲ། རྒྱན་


GLG006_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། ཁ་ཐི་སྔོ་དམར་གྱིས་བྱས་པའི་གནམ་རྒྱན་ལྔ། སྨན་བླ་ལྷ་ཁང་དུ་སྙན་ཤལ་ཆེ་ཆུང་བསྡོམས་པ་བརྒྱ་སུམ་ཅུ་སྐོར། ཁྲོ་ཀོང་གོང་འདྲ། འཕན་ཆེ་བ་བརྒྱད་དང་ཆུང་བ་ཞེ་གཉིས། བཟང་གོས་སྣ་ཚོགས་ཀྱི་གནམ་རྒྱན་བདུན། ཇོ་བོ་མི་བསྐྱོད་རྡོ་རྗེར་གོས་ཡུག་ལྔ་དང་ལིང་དཀར་ཡུག །ཉིན་བདེ་མ་གཉིས་ཀྱིས་གཙོས་པའི་ཁ་བཏགས་ཉེར་བརྒྱད། དར་ཡུག་བཞི། མཆོད་ཀོང་དྲུག །ལིང་སྐྱེར་གྱི་སྣམ་སྦྱར། དིང་ཕོན་དང་བུམ་གདན་མ་ཉིས་སྦྲེལ་གྱི་བླ་བྲེ། རྒྱལ་བ་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་ལ་ཉིན་བདེ་མ་གཅིག་ཐེ་བའི་བཅུ་བཞི། ཉེ་སྲས་སྒོ་སྲུང་སྤྱིར་ཁ་བཏགས་དང་སྨན་ཙེ་བསྡོམས་པར་ཉིས་བརྒྱ་སྐོར། འདུ་ཁང་དུ་བུམ་གདན་གསར་མ་བཞི་དང་དཀྱུས་མ་བཞི་སྦྲེལ་བ་གཅིག་གིས་གཙོས་གོས་སྣ་ཚོགས་ལ་ས་གྲུབ་པའི་གནམ་རྒྱན་བཅུ་གཅིག །འཕན་ཆེ་ཆུང་བསྡོམས་པ་སོ་གཉིས། ཁ་ཐིའི་ཕྱེ་ཕུར་ཆེ་བ་གཉིས། གོས་སྣ་ཚོགས་ཀྱི་ཕྱེ་ཕུར་བཅུ་གཉིས། དར་ལིང་ཚོན་སྤེལ་གྱི་རྒྱལ་མཚན་ཆ་གཉིས། སེང་གཡབས་ལ་ཟངས་ཁྲ་སྦྲ་ཡོལ་གྱི་ཁེབས་བཅས། བརྒྱ་མཆོད་ཀྱི་དགོས་ཆ་ལ་ལོ་རེར་ཕྱེ་དང་མཆོད་འབྲུ་སོ་སོར་མཁར་ཁལ་སུམ་བརྒྱ་དྲུག་ཅུ་རེ་གསུམ། མར་ཁལ་ཆིག་སྟོང་དང་བརྒྱད་བརྒྱ། གཙང་སྤོས་བརྒྱ་བམ་སུམ་བརྒྱ་དྲུག་ཅུ་ཐམ་པ། གོན་མ་རྣམ་པ་བཞི་མ་བཅུ་གཉིས། སྨན་བླ་གཏོང་མི་དགེ་འདུན་བཞི་སྡེའི་རྩིས་འཁྲིར་མཆོད་རྫས་ཏིང་ལྔ་བརྒྱ། ཀོང་བུ་ཉིས་བརྒྱ། ཧོར་སིལ། རྔ་ཟླུམ། དུང་དཀར། ཁྲུས་བུམ། སྤོས་གཞོང་རེ། ཁྲོ། ཟངས་བན། ཟངས་རྒྱན་སོ་སོར་ཆ། ཀ་ཏོ་ར་


GLG006_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྕགས་སྐྱོགས་གསུམ་རེ། མཆོད་ཁྲི་བང་རིམ་གསུམ་པ། བརྒྱ་མཆོད་ཁང་ལྕམ་གང་མར་ལྕགས་ཁྲ་གླིང་བཞི་ལོགས་བཅད་ཅན་རྣམས་ཇི་སྲིད་ཀྱི་བར་གནས་པའི་གྲ་བསྒྲིགས་ཤིང་ལ་རྒྱའི་དཀོན་གཉེར་དགེ་སྐོས་གྲགས་པ་རྒྱ་མཚོས་བྱས། མཆོད་འབུལ་འདི་ངེད་རང་གི་བློ་ལ་ཡོད་རུང་གཙོ་བོར་སྡེ་པ་རང་གི་ཐུགས་བཞེད་ཡིན། དཔལ་ལྡན་འབྲས་སྤུངས་ཀྱི་དངུལ་གདུང་ལྷ་ཁང་གི་སྟེང་དུ་འཁྲུངས་རབས་བསྒྲིག་པའི་ཞལ་བཀོད་མཛད་སོང་བ། དེ་ཡང་སྡེ་པ་འཕྲིན་ལས་རྒྱ་མཚོའི་དུས་འབྲས་སྤུངས་སུ་ལམ་རིམ་དང་མཁན་བརྒྱུད་གྲ་ཚར་བཞེངས་པ་ཚོར་ཁྲི་སོགས་སོ་སོའི་ཆ་ལག་ཚང་བ་དགོས་རྒྱུར་སྐྱིད་ཤོད་ཕྱོགས་འདིར་དེ་རིགས་ཀྱི་སྲོལ་མ་དར་བའི་སྟབས་མཛད་པ་མ་ཤར། སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་ཡར་ཀླུངས་བཀྲ་ཤིས་ཆོས་སྡེའི་ལམ་ཟབ་ལྷ་ཁང་དང་གོང་དཀར་ཆོས་སྡེའི་ལམ་འབྲས་ལྷ་ཁང་། ཟ་དམ་གྱི་ཟུང་འཇུག་བརྒྱུད་པ་སོགས་གཟིགས་པའི་གཤིས་འདིར་ཡང་བླ་མ་སོ་སོར་ཁྲི་རྒྱབ་ཡོལ། གོས་ཀྱི་དབུ་ཞྭ། བེར་ཟླམ། འགན་སྦྱར། ཅོག་ཙེ་དང་བཅས་པ། གཙོ་བོའི་མདུན་ཅོག་སྟེང་དུ་ཀར་གན་འབྲུག་མ། སྟེགས། སྤྱི་བླུགས། བཟེད་ཞལ། རྣམ་རྒྱལ་བུམ་པ། རིགས་ལྔའི་ཕྱག་མཚན་རྣམས་དངུལ་ལས་གྲུབ་པ། ཐེག་ཆེན་གན་དྲིལ་རྡོར་བཅས། གི་གུ་ཤེལ་གྱི་ཏིང་བདུན་ཚར། ཁྲོའི་མེ་དམ་ཆ། བླ་སྐུ་གཞན་སོ་སོར་དྲིལ་བུ་རྡོར་བཅས། རྣམ་བུམ། ཞལ་དཀར། རག་གི་སྟེགས། སྤྱི་བླུགས། བཟེད་ཞལ་རྣམས་རེ། ཏིང་གསར་གྲ་མཚུངས་བརྒྱ་དང་བཅུ་གཉིས། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ལ་ཕྱག་འཕྲེང་ཙནྡན་ལ་མ་ཎི་བརྐོས་པ་ལས་གྲུབ་པ། དོ་


GLG006_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྒྱན་བཅས། མཆོད་ཅོག་བང་རིམ་གསུམ་པར་དངུལ་གྱི་མཎྜལ་གཉིས། བྱ་མ་བུམ་གཉིས། ཚ་གསེར་གྱི་མཎྜལ་གཡུ་རྩི་མ། དཀར་དམ་གཉིས། བྱ་མ་བུམ་གཉིས། ཕོར་པ་བདུན། སྡེར་མ་བཅུ་བཞི། གི་གུ་ཤེལ་གྱི་ཏིང་བཅུ་བཞི། བླུག་ཤེལ་གྱི་བུམ་པ་གཉིས། ལི་ཏིང་བདུན་ཚར་གསུམ། འདོ་ལ་ཅོག་རྒྱབ་མའི་མེ་དམ་གཅིག །རག་གི་མེ་དམ་ཆེ་ཆུང་བརྒྱད། སྤོས་འདམ་གྱི་རི་བྲག་གཟུགས་གཅིག །ཁྲོ་དང་རག་ཀོང་ཆེ་ཆུང་གསུམ་རེ། མཉྫི་གཉིས། སྐུ་རྣམས་ཀྱི་རྒྱབ་ཏུ་སངས་རྒྱས་སུམ་ཅུ་རྩ་ལྔ་སིའུ་མའི་གོས་ཡོལ་གོང་པར་དངུལ་གྱི་མ་ཎི་ལཱཉྪ་མའི་རྒྱན་ཡོད་པ། བུམ་གདན་ལྔ་སྦྲེལ་ཞིག་གིས་གཙོས་བཟང་གོས་ཀྱི་གནམ་རྒྱན་ཆེ་ཆུང་ལྔ། གན་གོས་ཀྱི་གདུང་ཁེབས་དང་དེ་ལ་བཏགས་པའི་འཕན་ཆུང་དྲུག་ཅུ་ཐམ་པ། མར་མེ་སྡོང་རྐང་གསུམ་དང་ཞལ་ཟས་གསུམ་རེའི་རྒྱུན་མཆོད་བཙུགས། ཚེས་བཅུ་དྲུག་ལ་ཨ་མདོ་རྐྱང་རི་སྐོར་གྱིས་རྟ་བཅུ་གཉིས་ཀྱི་ཕྱག་རྟེན་བྱུང་། སྡེ་པ་ཐོན་པ་བཀྲ་ཤིས་རབ་བརྟན་དང་མཚོ་ཁ་ནས་གསར་དུ་འབྱོར་བའི་ཁོ་ཤི་གོའུ་ཆི་མེར་གན་ཐའི་ཇི་སོགས་མང་བ་དང་ཕྲད། ཚེས་བཅུ་བདུན་ནས་བདུན་གཅིག་གི་རིང་འཕགས་པ་ལོ་ཀེ་ཤྭ་ར། མཁན་ཆེན་བོ་དྷི་ས་ཏྭའི་ཐུགས་དམ་རྟེན་གྱི་སྒྲོལ་མ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན་ལ་གསུང་བྱོན་པའི་གླིང་ཁ་སྒྲོལ་མ་རྣམས་གདན་དྲངས་པའི་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་དང་བཅས་ཐུགས་རྗེ་ཆེན་པོ་དང་ཇོ་མོ་སྒྲོལ་མ་ལ་གསོལ་འདེབས་བཟླས་བརྗོད་ནན་ཏན་དུ་བྱས་ནའང་ལས་ཉོན་གྱི་སྒྲིབ་པའི་བག་ཆགས་ཧ་ཅང་འཐུག་དྲགས་པས་རྨི་ལམ་


GLG006_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་ཙམ་ཡང་མ་བྱུང་བར་རང་ཉིད་ཀྱིས་སྐྱོན་ལས་སྐྱབས་ཡུལ་ཚོར་འཁང་ར་བརྡུང་རྒྱུ་ནི་ཅི་ལ་ཡོད། ཆོས་སྡེ་ཆེན་པོ་ཕན་ཚུན་དུ་གཞན་གྱི་ཟུར་ཇ་མེད་པའི་གསེང་ཐམས་ཅད་ལ་སྐོལ་བའི་ཇ་ཚུལ་ཟླ་བ་གསུམ་གྱི་ཡུན་བཏང་། གསང་སྔགས་རྙིང་མའི་ཕྱོགས་སུ་གཤིན་རྗེ་མེའི་སྤུ་གྲི་དང་སྔགས་རྒོད་ལོག་ཏྲི་གཉིས་ཀྱི་མཚན་རླུང་ལྟར་གྲགས་ཤིང་དབང་ལུང་ཐོར་བུའི་རྒྱུན་ཤིན་ཏུ་འབོལ་ནའང་ལག་ལེན་མན་ངག་ཡོངས་རྫོགས་ཀྱི་མཐའ་ཆོད་ཤིག་མཛུབ་སྤྲོད་རྒྱུ་ཡོད་པ་ཆོས་རྒྱལ་འབྲི་གུང་པ་ཙམ་མ་གཏོགས་ཕྱོགས་གང་དུའང་གསེར་བཏོན་པའི་ས་རོར་སྣང་བས་མཆོད་རྟེན་དཀར་ནག་གི་བཅའ་གཞི་མུན་ནག་འདོམ་མཇལ་དུ་མ་སོང་བའི་འཁྲུལ་མེད་ཀྱི་ཕྱག་ལེན་ལྟར་བཟོ་རྩིས་ཀྱི་རྫས་དང་ཡོ་བྱད་ཀྱི་སྟ་གོན་བྱས། ཨེ་པ་སྤྲུལ་སྐུ་བག་དྲོ་ཅན་གྱིས་བཟོས་ཤིང་ཚོན་རྩི་སོགས་ཀྱང་ལེགས་པ་བསྒྲུབས། གཟུངས་བཞུགས་སྤྱིར་བཏང་གིས་རྒྱས་མི་ཁེབས་པའི་གནུབས་ཆེན་བརྒྱུད་པའི་ཕྱག་བཞེས་ཆོས་རྒྱལ་འབྲི་གུང་པར་བཀའ་བབས་པ་བཞིན་ངེད་རང་གིས་ཕུལ་བའི་ལག་གཡོག་མཆོད་དཔོན་པ་དང་དགེ་སློང་འཇམ་དབྱངས་གྲགས་པས་བྱས་པའི་དངོས་ཤིན་ཏུ་གཙང་བ་ཡོད། ཨ་མདོ་ཨ་དྲག་སྐོར་གྱིས་རྟ་ལྔ་བཅུ་ང་གསུམ་བྱིན་པའི་དགེ་བ་རྫོགས་བྱང་དུ་བསྔོས།ཉེར་བདུན་ལ་དགའ་ལྡན་ཕུན་ཚོགས་གླིང་སློབ་དཔོན་ས་ར་ཧ་པ་བློ་གྲོས་རྣམ་རྒྱལ། དགའ་ལྡན་གསང་གླིང་བླ་མ་ངག་དབང་ནོར་བུ། ཐར་གླིང་པ་བློ་བཟང་ཆོས་འཕེལ། མཁའ་འགྲོ་དགེ་ཚུལ་མ། སྟག་ལུང་དབུ་མ་ཕྱག་མཛོད་རྣམས་དང་ཕྲད། དྲུང་འཚོ་གསུམ་དགའ་དང་དར་མོ་སྨན་རམས་པ་གཉིས་ཀྱི་རིན་


GLG006_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྟ་རི་མར་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་ཤིན་ཏུ་རྒྱས་པ་ཟིན་ཏིག་ལུགས་ལྟར་དང་ཟླ་ཤེལ་སྦྱོར་བཅུག་པའི་སྨན་དང་དགོས་ཆའི་རིགས་ཤིན་ཏུ་འཛོམ་པའི་གཏོད་ཆེ་བར་སྦྱར་བ། ལྷག་ཏུ་ལོ་སྔོན་མ་བཙོ་བཀྲུ་སོང་བའི་དངུལ་ཆུའི་ཕན་ཡོན་ལ་བརྟེན་ནད་པའི་རིགས་གང་བྱིན་ངོ་སོ་ཐོན་པ་བྱུང་། སྡེ་པ་འོལ་དགའི་ཆུ་ཚན་གྱི་ཞོར་ལ་རྒྱལ་མེ་ཏོག་ཐང་གི་གཏོར་གསོས་མཛད་རྩིས་འདུག་པ་བཞིན་གཙུག་ལག་ཁང་དང་མགོན་ཁང་ཚོར་འབུལ་བའི་སྙན་ཤལ་ལ་འདྲི་རྒྱུའི་ཚིགས་བཅད། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བྱམས་ཆེན་དང་ཆོས་སྐྱོང་ཁ་ཤས་ལ་སྒྲོན་རྒྱུའི་སྙན་དར་ཁ་ཡིག་བཀོད། ཉེར་དགུ་ལ་སྡེ་པ་དཔོན་གཡོག་རྒྱལ་འོལ་ཕྱོགས་སུ་བཏེག་གྲུབ་རྗེས་གཙང་བཀྲ་ཤིས་ལྷུན་པོ་ནས་ཕྱག་མཛོད་ཕུན་ཚོགས་རབ་བརྟན་འབྱོར་པ་སྡེ་པར་ཞལ་དཀར་འབུལ་བ་སོགས་མཇལ་ན་མ་མཇལ་ཡོད་ཚུལ་བྱུང་བས་བསྒུགས་ན་ཡུན་རིང་ཞིང་འོལ་དགའ་ཕྱོགས་ལ་སྙེག་དགོས་ཤར་ཚེ་མི་ཁལ་ལ་གཟན་པས་མི་འཆག་ཏུ་བགྲོད་པ་འགབ་ཚུལ་ལབས་པ་ལྟར་རྣམ་སྲས་ཁང་གསར་དུ་མཇལ་ཐུབ་སྟེ་ཕྱིར་འཁོར་བའི་ཧོར་ཟླ་དགུ་པའི་ཚེས་གཉིས་ལ་ངེད་རང་དང་ཕྲད། གོས་དར་གྱི་སྟེར་ཆ་སྤམས་བསྟོད། འ་ཤུར་དང་ཟུང་ཆུ་རྣམས་ཀྱི་འགྲུལ་པ་འབྱོར་བའི་རྟ་བརྒྱ་ལྷག་གི་རྙེད་པ་བསྟབས། ཚེས་གསུམ་ལ་བཀྲ་ཤིས་ལྷུན་པོ་ཕྱག་མཛོད་ཀྱི་འདོད་པ་བཞིན་གྲ་ཚང་གིས་འབྲས་གཤོངས་དག་སྣང་གི་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས་ཐོག་མཎྜལ་གྱི་ཚུལ་དུ་སྟེར་ཆ་ཚན་ཆེ་བ་དང་གྲྭ་པ་ཚོར་ཁ་བཏགས་དང་དངུལ་སྲང་རེའི་འགྱེད་བཏང་། ཕྱག་མཛོད་


GLG006_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་གཡོ་བ་བ་རི་ལུགས་ཀྱི་རྗེས་གནང་བདོག་པའི་ཚན་གྲངས་དང་བཅས་ཏེ་རྫོང་བདའ་བྱས། དབྱར་ཚོང་འདུས་བྱ་ཁྲིད་མིག་གཅིག་པས་སྟོད་ཧོར་བཟློག་པའི་རྟེན་འབྲེལ་དུ་ཕྱག་རྡོར་གྱི་སྐུ་བཞེང་དགོས་པའི་ལུང་བསྟན་ལྟར་ཧོར་ཟླ་བདུན་པའི་ཚེས་བཅུ་གཉིས་ནས་བལ་པོ་སིདྡྷི་ཅན་གྱིས་བཞེང་བའི་འགོ་བརྩམས་པ་འདི་སྐབས་གྲུབ་པར་གཟུངས་བཞུགས་དགེ་སློང་འཇམ་དབྱངས་གྲགས་པས་ཕུལ་ཏེ་པོ་ཏ་ལའི་རྒྱ་ནག་ལྷ་ཁང་དུ་བཞུགས་སུ་གསོལ་བར་ཆོས་སྐྱོང་གི་གསུང་བཞིན་སྙན་དར་ཞལ་བྱང་མ་སྒྲོན་ཞིང་མེ་ཏོག་གཏོར། པཱ་རས་འབུལ་དཔོན་གྱིས་རྟ་བཅུ་བདུན། གྲ་པ་སྤྱིས་བདུན་ཅུ། བྱ་བྲལ་བསྟན་པ་བཟང་པོ་ཅན་གྱིས་རྟ་སོ་བཞི། བསྟན་པ་ཤེས་རབ་ཀྱིས་རྟ་ཉི་ཤུ་རྣམས་བྱུང་། ཚེས་བཞི་ནས་སླར་ཡང་སྒོ་གསུམ་མི་འདའ་བའི་བཅད་རྒྱ་བདུན་གཅིག་གི་བར་བགྱིས་ཏེ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བསྙེན་པའི་ཁ་གསོས། འབྲི་གུང་གཏེར་སྒྲོམ་གྱི་རང་བྱུང་ཁྲུས་ཀྱི་རྫིང་བུ་ནས་ཆུ་དྲངས་ཏེ་ཉིན་བདུན་གྱི་བར་འཕྲོད་བསྟེན་བྱས། ཟུང་ཆུ་བློ་བཟང་རྒྱལ་མཚན་གྱིས་རྟ་ཉེར་གཅིག་གི་རྙེད་པ་བསྟར། འཕྲེང་བ་ཞེ་ལྔ་མའི་དཀྱིལ་ཐང་རྒྱབ་ཡིག །ལྷ་ས་ཁང་གསར་པ་དགེ་བསྙེན་ཁྱོ་ཤུགས་ཀྱིས་བཀའ་འགྱུར་དང་བྱང་གླིང་བསམ་གྲུབ་རྒྱལ་པོས་རྙིང་མ་རྒྱུད་འབུམ་བཞེངས་པའི་དཀར་ཆག་སྨོན་ལམ། འཕྲུལ་སྣང་གཙུག་ལག་ཁང་ལྷོའི་སྟེང་གི་འདྲ་འབག་ལ་བྱང་གླིང་པས་མཆོད་པ་རྒྱུན་བཙུགས་ཀྱི་སྨོན་ལམ། དབུ་མཛད་བློ་བཟང་ཡོན་ཏན་གྱིས་གྲ་ཚང་ལ་འབུལ་རྒྱུའི་མཚན་བརྒྱད་ཀྱི་བྲིས་ཐང་ཆེ་ལེགས་དང་དགེ་སློང་དཔལ་རྒྱམ་པའི་གསེར་ཐང་དུ་མའི་རྒྱབ་ཡིག་རྣམས་བྲིས། ཉེར་བདུན་ལ་ཆ་གན་ནོ་མོན་ཁན་


GLG006_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་སྐྱེས་གསེར་སྲང་བརྒྱ་དང་རྟ་བརྒྱ། ཇ་ཀོ་དྲ་གཏོས་ཆེ་བ། བྱ་བྲལ་དཀོན་ཅོག་ཅན་གྱིས་རྟ་ང་དགུ །ཤེས་རབ་ཅན་གྱིས་ཞེ་ལྔ་སོགས་ཟང་ཟིང་གི་བདོག་པའི་འཕྲིན་ལས་ཚར་དུ་དངར། གསང་ཕུ་གླིང་སྨད་ཆོས་རྗེ། ངོར་མཁན་པོ་ཐར་རྩེ་བའི་གསོལ་དཔོན་མི་རྒྱུ་ཧོར་ཡིན་པ། བཀྲ་ཤིས་ལྗོངས་ཆོས་རྗེ། དགའ་ལྡན་འོག་མིན་གླིང་གི་བླ་མ་ཚ་བ་རབ་འབྱམས་པ་རྣམས་དང་ཕྲད། ངོར་མཁན་པོ་དེ་གསན་རྒྱ་ཆེ་རབ་ཡོད་ཚོད་དུ་འདུག་ཀྱང་འཕྲོས་གླེང་ལ་བརྗོད་པ་གཙང་བའི་རྣམ་དཔྱོད་ཅན་མི་སྣང་། གནམ་གང་ལ་རུ་བཞིའི་བསྙེན་གནས་མ་ཚོར་ཡན་ལག་བརྒྱད་པའི་ཁྲིམས་ཕབ། དགེ་སློང་བརྒྱ་སུམ་ཅུ་དང་། ཆ་གན་ནོ་མན་ཁན་གྱི་སྐུ་སྐྱེས་གཙོས་དགེ་ཚུལ་ཉིས་བརྒྱ་བདུན་ཅུ་བསྒྲུབས། ཟླ་བ་བཅུ་པའི་ཚེས་གཅིག་ལ་ནོ་མོན་ཁན་གྱི་སྐུ་སྐྱེ་ཅན་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། ཆོས་སྡེ་ཆེན་པོ་ཕན་ཚུན་དུ་མང་ཇའི་ཐོག་ཉེར་སྤྱད་ཀྱི་དངོས་པོ་དང་ཇ་སོགས་སྤོང་དག་གི་འགྱེད་རྒྱས་པར་ཕུལ། སྔགས་ཁང་དང་གནས་ཆུང་ལྕོག་ཏུ་ཉིན་གསུམ་གྱི་བར་བསྐང་གསོ་བཙུགས། ཡུང་ཤི་ཡེ་བུ་ཀླུ་མགོན་ཐའི་ཇིས་རྟ་བཅོ་ལྔ་བྱིན། ཚེས་བཞིའི་ཉིན་གྲོང་སྨད་སྡེ་པ་ཨ་བར་ལ་ཚེ་དབང་ཁ་ཤས་བསྐུར། ལྔ་ལ་སྡེ་པ་དཔོན་གཡོག་ཕྱིར་འཁོར་བའི་ཁམས་གསུམ་དུ་ཕྲད། སང་ཉིན་རྒྱལ་སྲས་བསོད་ནམས་བཀྲ་ཤིས་དང་འབྲས་སྤུངས་ཀྱི་སློབ་དཔོན་ལས་ཐོག་པ་རྣམས་ལ་ཇ་གྲལ་བཏང་། དབུ་མཛད་བློ་བཟང་ཡོན་ཏན་གྱིས་འཛུགས་ཇ་བརྒྱབ་པའི་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཇ་མཆོད་ཕུན་ཚོགས་འདོད་དགུ་མ་ཞེས་རྗོད་བྱེད་ཀྱི་ཚིག་


GLG006_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

འཇེབས་ཤིང་བརྗོད་བྱའི་དོན་ངོ་མཚར་ཅན་དེ་གྲ་ཚང་གི་ཚོགས་སུ་བཙུགས། དོན་གཉིས་གླིང་པའི་གྲ་པ་ཞིག་གིས་ཕར་ཕྱིན་གསར་རྩོམ་གྱི་རྒྱུགས་སྤྲད། བྱང་གླིང་བསམ་གྲུབ་རྒྱལ་པོར་ཉིན་ཐང་གི་སྒྲོལ་དཀར་ཞིག་བྱིན་པར་བརྟེན་རྒྱུན་འདོན་ལ་དགོས་པའི་མངོན་རྟོགས་ཉུང་ངུ་། དྲུག་བརྒྱ་དགེ་སློང་གི་ཁ་ཏོན་དུ་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པའི་གསོལ་འདེབས། ལྷ་ས་ཁང་གསར་བས་མའི་ཆེད་དུ་རྨི་རུ་བར་ཞིང་ཕུལ་བའི་དགེ་བ་བསྔོ་ཚིག །ངེད་རང་གི་བདག་འཇུག་ལེན་རྟེན་ཀྱཻ་རྡོར་མན་ངག་ལུགས་དང་བདེ་མཆོག་དྲིལ་བུ་ལྷ་ལྔའི་དཀྱིལ་ཐང་གསར་བཞེངས་ཀྱི་རྒྱབ་ཡིག །རྗེ་བཙུན་རིན་པོ་ཆེ་གྲགས་པ་དང་ཚར་ཆེན་གྱི་སྐུ་ཐང་སྡེ་པའི་དད་རྟེན་དུ་བཞེངས་པའི་རྒྱབ་ཡིག་ཚིགས་བཅད་ལག་བྲིས་མ། བདག་མོས་སངས་རྒྱས་ཤཱཀྱ་ཐུབ་པ། ཨོ་རྒྱན་རིན་པོ་ཆེ། ཇོ་བོ་ཆེན་པོ། རྒྱལ་བ་བཙོང་ཁ་བ། ངེད་རང་གི་འདྲ་འབག་དང་བཅས་པར་ཡན་ལག་གི་རྗེས་ཡོད་པའི་བྲིས་ཐང་བཞེངས་པ་རྣམས་ཀྱི་ཁ་བྱང་། ངོར་མཁན་པོས་ཨེ་ཝཾ་ཚོགས་ཆེན་དུ་འཛུགས་རྩིས་ཀྱི་གསུང་གིས་བསྐུལ་ངོར་རིང་འཚོའི་སྨོན་ལམ་ཚིགས་བཅད། དགེ་སློང་ཡོན་ཏན་བཀྲ་ཤིས་ཀྱི་འདོད་སྦྱར་བཞིན་སྨོན་ལམ་དང་རྒྱུད་སྨད་བྱང་འདྲེན་བློ་བཟང་རྒྱལ་མཚན་གྱིས་བསྐུལ་བའི་བདག་བསྟོད་རྣམས་བྲིས། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། གཏེར་སྟོན་རིགས་འཛིན་ཆེན་པོ་གཉིས་ཀྱི་གསུང་གིས་བསྐུལ་ཞིང་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་ཞབས་མཐུད་པར་བརྟེན་ཚེ་དཔག་མེད། ཐུགས་རྗེ་ཆེན་པོ། བཀའ་བརྒྱད་སྤྱི་བྱེ་བྲག །མཚན་བརྒྱད། ཇོ་མོ་གཉིས། དྲག་དམར། རྟ་མགྲིན། ཕྱག་རྡོར་སོགས་རྒྱ་ཅན་ཕལ་ཆེར་གྱི་འཕྲིན་ལས་སྒྲུབ་ཐབས་དབང་


GLG006_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་རིག་གཏད་ཀྱི་ལག་ལེན་ནོར་བུ་དབང་གི་རྒྱལ་པོའི་བང་མཛོད། རེ་མ་ཏཱིའི་གཏོར་ཆོག་དབང་རིག་གཏད་ཀྱི་ཆོག་ཁྲིགས་ཡོངས་འདུའི་ལྗོན་པ། ཡང་གསང་ཀརྨ་དྲག་པོའི་ལས་བྱང་དབང་གཏོར་བཟློག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བདུད་སྡེ་འཇོམས་པའི་བཤན་པ་རྣམ་རོལ་རྣམས་བཀོད་པའི་ཡིག་མཁན་དགེ་སློང་འཇམ་དབྱངས་གྲགས་པས་བྱས་པ་ཆོ་གའི་དེ་ཉིད་ཤེས་པའི་ཉམས་ཀྱིས་ཡི་གེ་དག་ཅིང་མགྱོགས་པ་བྱུང་། ཚེས་བཅུ་གསུམ་ལ་མཚོ་ཁ་ནས་གསར་འབྱོར་མེར་གན་ཧུང་ཐའི་ཇིའི་བུ། དཔོན་མོ་གཉིས་གཡོག་བཅས། བདག་མོ་རྣམས་དང་མཇལ། ཚོང་འདུས་ནས་བཤན་པ་བྱ་ཁྲིད་མིག་གཅིག་པས་སྡེ་པ་ཉིད་ཀྱིས་ཐོག་དྲངས། གྲ་ས་ཕན་ཚུན། དྲུང་འཁོར་སྐྱ་སེར། ལྷ་ས་པའི་གནས་ཁག་སོགས་མགྲིན་གཅིག་པའི་ངོས་གྲ་ཚང་གིས་རིང་འཚོའི་རྟེན་འབྲེལ་བསྒྲིགས་ན་ལེགས་པའི་ལུང་བསྟན་བྱུང་བར་བརྟེན་རྒྱས་པ་ཞིག་མཛད་བཞེད་འདུག་ཀྱང་དེ་རིགས་ཀྱིས་བཅའ་བཀོད་བསྒྲིགས་ཚེ་ཐམས་ཅད་ཕན་ཚུན་འགྲན་པ་ལྟ་བུས་བདོག་པའི་སྐྱེས་སྤེལ་བའི་ནད་ལངས་ཏེ་དོན་ཁྲལ་འགེལ་རང་དུ་འགྲོ་བའི་མཚེར་པོ་མཆིས་པས་ཚེས་བཅུ་བཞིའི་ཉིན་ཇ་སྦྱོར་གཉིས་ཀྱི་ཐོག་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་འཁྱེར་བདེ་མཛད་ཅིང་། དྲག་རིམ་ནས་ཐོར་བུས་ཚན་གྲངས་འོས་འགབ་དང་དམངས་མ་རྣམས་ཀྱིས་མཇལ་དར་ལས་སྤྲོས་པའི་འགྲོ་སྒོ་མེད་གཤིས་རིམ་གྲོ་ལ་འགྱུར་བའི་ཚད་ཅིག་བྱུང་། སྐྱར་པོ་བ་བློ་བཟང་ལེགས་ལྡན་མཚོ་ཁ་ནས་འཁོར་བའི་གནས་ཚུལ་ཞིབ་པར་མོལ། སྡེ་པའི་གྲང་གཞིའི་སྙུན་ལ་ཆུ་ཚན་ཀྱིས་ཀྱང་ཧ་ཅང་ཕན་པ་མ་བྱུང་འདུག་པས་ངེད་


GLG006_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་དར་མོ་བ་མོལ་བསྡུར་ངོས་གཏར་ཁ་ཕུལ་བ་ཟླ་བ་བརྒྱད་ཙམ་གྱི་བར་གདངས་པའི་འཕྲོད་ངོ་ཆེ་ངེས་བྱུང་། དབྱར་སྟོད་དཔོན་ཚངས་མཁས་པ་མང་པོས་བདུད་རྩི་སྨན་གྱི་སྦྱོར་བ་གྲངས་མེད་མཛད་པའི་ལག་རྗེས་ཁྲག་ཕོར་པ་གང་གིས་བསུབས་པར་སྣང་། རྗེས་གཅོད་དུ་མེ་བཙའ་ཞིག་བཞག་ན་སླར་མི་ལྡང་བ་ཡོང་རིགས་ལ་ཐུགས་ལ་མ་ལྡན་པས་རྟ་པོའི་སྒལ་བཅོས་ཀྱི་དཔེར་སོང་དོགས་ནན་ཏན་མ་ནུས། ལྔ་མཆོད་ཆེན་མོའི་གླིང་མེ་སྟོད་སྨད་ཚོར་ལེགས་ཉེས་སྣ་ཚོགས་བྱུང་འདྲ་ཞིང་ཉེ་སྐོར་ཚོར་འབར་པོ་མ་བྱུང་རུང་ལ་ལ་ལེགས་པའི་སྙན་བརྗོད་ཀྱང་ཆེ་བ་པད་ལས་ཡིན་ནམ་ལྷ་མི་ཡི་དྭགས་གསུམ་གྱིས་ཆུ་ཕོར་བ་གང་ལ་མཐོང་ཚུལ་མི་འདྲ་བའི་དཔེ་ཡིན་ནི་མ་ཤེས། ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་བསྟན་འཛིན་ད་ལའི་རྒྱལ་པོ་བཙུན་མོ་སྲས་བློན་འབངས་ཀྱིས་ཡོངས་སུ་བསྐོར་ཏེ་རྟ་རྨིག་གི་སའི་རྡུལ་གྱིས་ནམ་མཁའ་འགྲིབ་པ་ལྟ་བུ་དང་བཅས་བྱོན་པ་སྔ་དྲོ་ཚོམས་ཆེན་དུ་མཇལ་ཞིང་འཚམ་འདྲི་ཡུལ་ལུགས་དང་བསྟུན་པའི་དྲི་བཤད་རྒྱས་པར་བྱུང་། ཕྱི་དྲོ་རྒྱལ་གླིང་མཁན་པོ། རྫིང་ཕྱི་མཁན་པོ། བདེ་ཆེན་ཡངས་པ་ཅན་གྱི་སྤྱན་སྔ། ཐུགས་སྲས་སྤྲུལ་སྐུ། སྡིངས་པོ་ཆེ་སྤྲུལ་སྐུ། རྟ་ར་མདོ་བ་ཁུ་མཚན་སོགས་བོད་སོག་གི་ཕྲད་མི་ཤིན་ཏུ་མང་། མེར་གན་ཧུང་ཐའི་ཇིའི་བཙུན་མ་གཉིས་ཀྱིས་གོས་དར་ཇ་དངུལ་གྱི་བརྒྱ་འབུལ། ཏྲེ་བོ་ཧོར་ཚང་གི་ཡོང་མིས་རྟ་སོ་གཉིས་དང་དྲེའུ་ཞེ་དགུས་གཙོས་པའི་བདོག་པ་རྒྱ་ཆེར་སྤེལ། བླ་མ་གཞན་རྣམས་དང་ཀོང་པོ་ཁ་ཐག་གི་གསུང་གླེང་། སྡིངས་པོ་ཆེ་བས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནས་སྨྲ་བའི་སྒོ་འཕར་ཅི་ཡང་ཕྱེ། མདོ་པ་ཆོས་


GLG006_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དགེ་བའི་དབང་པོ་མཁས་བཙུན་བཟང་གསུམ་གང་ནས་ཀྱང་གྲལ་འགོར་དགོས་རྒྱུར་ཁོང་ཁུ་ཚན་གོ་ལྡོག་པ་ཞིག་སྣང་བ་མཆོད་རྟེན་མས་སྦོམ་གྱི་དཔེར་གདའ། ཚེས་གསུམ་ལ་ངོར་མཁན་པོ་དང་མདོ་པ་ཆོས་རྗེ། འདར་པ་ལོ་ཙཱ་བས་མཚོན་ཁ་ཤས་ལ་དབྱངས་ཅན་སཱ་ལའི་ཕོ་ཉའི་རྗེས་གནང་། དེའི་སྒྲུབ་སྐོར། མཁན་པོས་བསྐུལ་བའི་རིང་འཚོའི་ཚིགས་བཅད་ཀྱི་ལུང་ཕུལ། བསྙེན་རྫོགས་པ་ཞེ་དགུ་དང་དགེ་ཚུལ་བཅུ་དགུ་བསྒྲུབས། ཚེས་བརྒྱད་ནས་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་འཇམ་དཔལ་གཤིན་རྗེ་དམར་པོ་རླུང་སྒྲུབ་ཀྱི་ལས་སྦྱོར་བཙུགས། གྲ་ཚང་གི་གྲ་དམངས་ཚོ་གསུམ་དུ་བགོས་ཏེ། ལྷ་ས། ར་མོ་ཆེ། འབྲས་སྤུངས་ཀྱི་རྟེན་གསར་རྣམས་ལ་ཚེས་བཅུའི་ཉིན་རབ་ཏུ་གནས་པའི་རྡོ་རྗེའི་སློབ་དཔོན་ལྷ་སར་ཆོས་རྗེ་ཁ་རག་པ། ར་མོ་ཆེར་དགེ་སློང་འཇམ་དབྱངས་གྲགས་པ། འབྲས་སྤུངས་དབུ་མཛད་བློ་བཟང་བསྟན་འཛིན་གྱིས་བྱས་པའི་ཞབས་ཏོག་ཡོན་སོགས་རྒྱས་པ་བྱུང་ཚོད་དུ་འདུག །ཚེས་བཅོ་ལྔ་ལ་ཆབ་མདོ་རྗེ་དྲུང་རིན་པོ་ཆེའི་སྤྲུལ་སྐུ། བོན་གཡུང་དྲུང་གི་མིག་གཅིག་པུ་སྐུ་མདུན་ལྷུན་གྲུབ། ཨ་མདོ་པའི་རྟ་འབུལ་བ་ཁ་ཤས། ནག་ཚངས་ལྷ་སྐྱབས་ཅན་ཕྲད་མི་མང་། འབྲི་གུང་ནས་རིགས་འཛིན་དཀོན་ཆོག་ལྷུན་གྲུབ་ཀྱིས་གཏན་དུ་གནས་པའི་ཚིགས་བཅད་དགོས་ཚུལ་སྙན་ངག་གི་ལམ་ནས་དྲངས་ཏེ་བྱུང་བར་དེ་དོན་གྱི་ལན་བི་ཝརྟ་ཅན་བསྐུར། ཁམས་ནས་དཔོན་མཁའ་འགྲོས་གངས་དཀར་སྤུན་གསུམ་གནས་ལུགས་ཀྱི་རྒྱུ་མཚན་དང་བཅས་བསངས་མཆོད་ཀྱི་བསྐུལ་མ་མཛད་པ་དཔོན་ཐུགས་རིས་རྒྱས་དྲགས་པའི་རྒྱུ་མཚན་


GLG006_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བརྫུན་ཇི་ལྟར་ཡང་གང་སྨེད་ལ་སློབ་དཔོན་བཅོལ་ཏེ་ཡི་གེར་བཀོད། གེ་ར་ཆོས་མཛད་བློ་བཟང་དགེ་འདུན་བྲོ་ནད་དམ་པོས་གཙེས་པར་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་དང་ཚར་ཆེན་གྱིས་མཛད་པའི་མངོན་རྟོགས་ཀྱི་ལུང་བཀླགས། སྲུང་བ་དང་གཏེར་སྦྱིན་གང་ལེགས་བྱས། འོན་ཀྱང་བཀའ་གདམས་གླེགས་བམ་རིན་པོ་ཆེར་གསུངས་པ་བཞིན་ཕོ་ལྷ་བདུད་བབས་ཀྱིས་མཐའ་ཚེས་མདོག་ཁ་མོ་མི་སྣང་། བསྟན་འཛིན་དཔོན་མོས་རྔ་མོ་དྲུག་ཅུ་རེ་བཞི་དང་། ནག་ཤོད་སྦུས་ན་དེའི་བླ་མས་རྟ་བཅུ་དྲུག་བྱིན། ལར་ནས་ཤི་སོན་གྱི་དོན་དུ་ངལ་བ་ཁྱད་དུ་བསད་ནས་འོངས་པའི་སྟེར་སྦྱིན་ཚན་པོ་ཆེར་བསྔོ་སྨོན་སོགས་གང་ཡོང་གི་ཁུལ་བྱས་ནའང་དཀོར་ནག་འདི་འཇུ་བ་ཞིག་ཡོང་རིས་སུ་མི་འདུག་པས་བླ་ཆེན་ཚོའི་ཕེབས་ལམ་དེ་རྒྱ་བལ་གྱི་དཔྱ་འཕྲང་ལས་ཀྱང་དཀའ་བ་ལས་འོས་ཅི་མཆིས། ད་ལྟ་ནི་ཐམས་ཅད་ཁྲི་མཐོན་པོའི་སྟེང་ན་ཐུགས་བག་དྲོ་བར་སྣང་། ཉེར་བདུན་ལ་འབྲས་སྤུངས་ཧ་སྡོང་ཁམས་ཚན་གྱིས་དཀར་སྤྲོ་དམར་སྤྲོའི་གཞིས་ལེན་སྟེར་ཆ་དང་བཅས་པས་བཟབས། སང་ཉིན་ལྷ་གཟིགས་ཕག་མོ་གྲུ་པའི་བདག་མོ་རྩེ་ཆེན་མ་ང་ལས་ནུ་སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷུང་བ་ལྟ་བུ་དེ་དང་བཀྲ་ཤིས་ལྗོངས་ཆོས་རྗེ། མཚུར་ཕུ་ཕྱག་མཛོད་སོགས་བོད་སོག་ཀྱི་སྐྱེ་བོ་མང་པོར་ཇ་གྲལ་བཏང་། སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་དགོངས་རྫོགས་སུ་དབུ་མ་ཕྱག་མཛོད་བློ་བཟང་ངག་དབང་གིས་བཀའ་འགྱུར་བཞེངས་པའི་དཀར་ཆག་སྨོན་ལམ་བྲིས། ཁོང་པ་བླ་མའི་ཕྱག་གཡོག་ཏུ་འགྱུར་ཆེས་པའི་ཀུན་


GLG006_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་དང་མཚུངས་པའི་བསྔགས་བརྗོད་རྒྱས་པར་བྲིས་པ་ཡིན་ནའང་འོད་སྲུངས་ཆེན་པོས་ཀུན་དགའ་བོ་གནས་ནས་ཕྱུང་བའི་རྟེན་འབྲེལ་ཡིན་ནམ། ཞབས་དྲུང་ཟུར་པའི་དགོངས་ཕོག་ལ་བརྟེན་སྡུག་བསྔལ་འཕགས་པའི་བདེན་པའང་ཅུང་ཟད་མཐོང་བར་སྣང་། བྱ་ཁྱུང་མཁན་པོ་ཡེ་ཤེས་རྒྱ་མཚོ་དང་ཨོ་རོད་གཡོན་རུ་དའི་ཆིན་ཁོ་ཤོའུ་ཆིའི་དགེ་ཚུལ་མ་དང་བུ་དཔོན་མོ་སོགས་འགྲུལ་པ་གཏོས་ཆེ་བ་དང་ཕྲད། དེ་ཉིན་ཏ་འན་མཉྫུ་ཤྲཱི་ཆོས་རྗེ་ཅན་གྱིས་རྒྱ་སོག་གི་དངོས་པོའི་བདོག་པ་བག་དྲོ་ཆིལ་ལེ་བ་བསྟར། རྨི་རུ་བ་བླ་གྲ་རྣམས་ཀྱིས་བཞེས་སྤྲོ་སྟེར་ཆ་དང་བཅས་བླ་མ་བྲག་སྒོ་བས་བརྩམས་པའི་ཚིགས་བཅད་གསུངས། པད་ཆེན་ཆོས་འཁོར་ནས་ཚན་གྲངས་དང་བཅས་ཏེ་རིང་པོར་འཚོ་དགོས་པའི་འཕྲིན་ཡིག་མཛད། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་བཀའ་འབུམ་པར་དུ་མ་འཁོད་པའི་ཐོར་བུ། བློ་སྦྱོང་སྐོར། ཆ་ལག་བཅོ་བརྒྱད་པར་བྱང་དང་བཅས་པ། ངེད་རང་གི་བརྩམས་ཆོས་ཁ་ཡར་རྣམས་དགའ་ལྡན་ཕུན་ཚོགས་གླིང་དུ་བརྐོས་གྲུབ་པ་སྐྱེལ་མི་འབྱོར། ཆ་ལག་བཅོ་བརྒྱད་འདི་སྨན་རྒྱལ་གུ་ཎས་བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞིའི་དགོངས་དོན་འགྲེལ་པར་མཛད་པའི་མེད་ཐབས་མེད་པ་ཞིག་ཡིན་ནའང་པར་དུ་བརྐོས་དགོས་པའི་དབུས་གཙང་གི་དཔོན་ཚང་ཆེན་པོ་རྣམས་ཀྱིས་བསྐུལ་མ་མི་མཛད་མོད། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཚམས་སྦྱར་བའི་རྐྱེན་ལས་བྱུང་བ་གསོ་དཔྱད་ཀྱི་བསྟན་པའི་སྲོག་འཐུད་པ་ལྟ་བུར་སོང་། པར་


GLG006_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེལ་བ་ཡར་འགྲོ་བ་དང་ལྷན་དུ་རྒྱལ་བཙོང་ཁ་བ་ཆེན་པོའི་རྣམ་ཐར་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་བསྒྲིགས་པ། མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པའི་དམ་ཚིག་རྣམ་བཤད། བཀའ་དགེ་དགོངས་པ་གཅིག་སྒྲུབ་གསལ་པའི་སྒྲོན་མེ། ལས་ཆེན་ཀུན་རྒྱལ་བའི་དྲི་ལན། ཐམས་ཅད་མཁྱེན་པ་གཙང་ཆུང་ཆོས་ཀྱི་གྲགས་པས་མཛད་པའི་བཟང་སྤྱོད་ཀྱི་ཊཱིཀྐ་ཤིན་ཏུ་ལེགས་ཤིང་དཀོན་པ། སྡེ་པའི་ཐུགས་འདོད་ལྟར་གསོལ་འདེབས་ལེའུ་བདུན་མ་བསམ་པ་ལྷུན་གྲུབ་དང་བཅས་པ། ཆོས་རྒྱལ་བྱང་པས་མཛད་པའི་རྗེ་འབངས་ཉེར་ལྔ་དང་གཏེར་ལྔ་དང་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས། གསང་བ་སྙིང་པོར་ཐོས་བསམ་བྱེད་མཁན་བྱུང་ན་འགྲེལ་པ་མང་རབ་བརྐོས་པ་དེས་མི་འཐུས་རྒྱུ་མི་འདུག་རུང་གཏེར་སྟོན་རིགས་འཛིན་ཆེན་པོའི་ཐུགས་བཞེད་བཞིན་ཕྱོགས་བཅུ་མུན་སེལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ཀྱེ་རྡོར་གྱི་བསྐྱེད་རིམ་ལེགས་བཤད་ཉི་མའི་འོད་ཟེར་དང་དཀྱིལ་ཆོག་གི་ལྷན་ཐབས་ནོར་བུའི་འཕྲེང་བ། ཀུན་མཁྱེན་གོ་བོ་དང་པཎ་ཆེན་ཤཱཀ་མཆོག་གི་ཡིག་ཆ་ལ་ཨ་ཕའི་གསོལ་ཞལ་གཙང་བའི་སྐྱོ་མ་སྔ་བཙན་མང་མོད། ཟུར་གནས་ཤིག་གིས་བརྟགས་ཚེ་ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ་དང་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་གཉིས་ཚིག་དོན་བཟང་བར་མངོན་པས་མཁན་ཆེན་ངག་ཆོས་པས་མཛད་པའི་སྡོམ་གསུམ་རབ་དབྱེའི་རྣམ་བཤད་ཟླ་འོད་ནོར་བུ། བརྟག་གཉིས་ཊཱིཀྐ་བདུད་རྩིའི་ཆུ་རྒྱུན། སློབ་བཤད་རྩོད་སྤོང་། རྒྱུད་གསུམ་གྱི་ཁོག་འབུགས། དེའི་སྤྱི་དོན་རྒྱུད་གསུམ་ལ་འཇུག་པའི་སྒོ། འདི་གའི་བརྩམས་


GLG006_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དཀར་ཆག །སྙན་དར། ཡིག་བསྐུར། སྨོན་ལམ། བླ་མའི་བསྟོད་ཚོགས་ཀྱི་འཕྲོ་འཐུད། བསམ་གཏན་གླིང་པའི་ཨ་ཏིའི་དཀར་ཆག་རྣམས་པར་གྱི་མ་དཔེར་བསྐུར། ལྷོ་བྲག་དགའ་ལྡན་དོན་གཉིས་གླིང་གི་གྲ་པ་ཞིག་གིས་གསར་རྩོམ་འཇུག་པའི་ཊཱིཀྐ། སྤྱི་དོན། ཐལ་འཕྲེང་གི་རྒྱུགས་སྤྲད། རྒྱའི་ཧྭ་ཤང་སྨན་ཤེས་པ་ཞིག་རྒྱ་བོད་ཀྱི་གནས་རྟེན་མཇལ་བར་དར་རྩེ་མདོ་བརྒྱུད་ཡོངས་པ་གེགས་མེད་དུ་སླེབས་པར་ངོས་ཕྲད་བྱས་ཚེ་ཕྱག་ཁ་ཚུར་བསྟད་དེ་གསུམ་བཙལ། དེ་ནས་ཆོས་སྐྱོང་ལ་འཚལ་ཞེས་ཕྱིར་བསྟད་ནས་གསུམ་འཚལ་བའི་དམངས་དང་མི་མཐུན་པ་ཞིག་གདའ། སྨན་བཏབ་པས་མིག་གི་འགྲིབ་སེལ་བའི་མན་ངག་ཟབ་མོ་འདུག་པ་སེམས་ཅན་མང་པོར་ཕན་ན་སྙམ་པའི་བློས་བསྐུལ་ཏེ་དྲུང་འཚོ་བ་ངག་དབང་ལྷག་བསམ་བསླབ་ཏུ་བཅུག །མི་དེ་ཅ་པོ་ལ་དགའ་ཚོར་ཆེར་མི་བྱེད་ཀྱང་ཡོན་དུ་དངུལ་སྲང་བཅུ་དང་གོན་པ་ཆ་ཚང་བྱིན་པར་དངུལ་ཚུར་སློག་འདུག །རྒྱ་གར་དུ་འགྲོ་བ་ལ་ཕན་གྲོགས་དགོས་པའི་ལམ་ཡིག་འདར་ལོས་རྒྱ་གར་ཕལ་སྐད་དུ་བསྒྱུར་ལྐོག་པ་བས་ནཱ་ག་རའི་ཡི་གེ་བྲིས་ཏེ་གཏད་པས་དགའ་ཚོར་ཆེན་པོ་བྱེད་པར་སྣང་། དྲུང་འཚོ་བས་སྨན་བཏབ་པས་མིག་ཁ་ཤས་བྱེ་བའི་ཕན་ཐོགས་པ་ཡང་བྱུང་བར་མཆིས། ལར་ཡོན་ཏན་གྱི་རིགས་སུ་ཡོད་ཡོད་ལ་མ་བསླབས་ན་ཁེངས་པའི་རི་རྩེར་ཆུ་བོ་གྱེན་ལ་ལྡོག་པར་དཀའ། ཕུར་སྒྲུབ་ཀྱི་རྡོ་རྗེ་སློབ་དཔོན་དང་གདབ་ལས་ཆེན་མོའི་བསྒྲལ་མཆོད་བྱེད་པར་ངེད་རང་འགྲོ་བའི་བབ་འབྲེལ་འདུག་རུང་འབམ་གྱི་རོ་མ་འདི་གཞུང་བཟང་དྲགས་པས་བཅར་སྡོད་བྱེད་ཀྱིན་ཡོད་གཤིས་ཚོགས་ཡུན་རིང་པོ་དང་
གར་འཆམས་མ་ལྕོགས་པས་རྡོ་རྗེ་སློབ་དཔོན་གྱི་ཕྱག་འཐེན། སྤོས་ཕོར་བ། མགྲོན་གཉེན་རྣམས་ལ་རིན་ཅེན་རྒྱན་སྤྲོད་ཀྱི་སྲོལ་ཡོད་པ་དཀྱུས་མ་ལ་བྱས་པ་མ་འགབ་པས་སྒྲུབ་མཆོད་ལ་སྡེ་པ་མ་བཞུགས་པ་སོགས་གང་ཅི་ནས་སྐབས་སུ་མ་བབས་རུང་ངོ་ཚབ་ཏུ་བྱོན་པའི་རྟེན་འབྲེལ་ཙམ་མཛད། གོང་ནས་གསེར་ཡིག་པར་མེ་རིན་ཇང་གི་ཨ་ཇིན་དའི། བོ་ཇི་ཇང་གི །མ་ལུ་རྗར་གོ་ཆི་སོགས་མི་སྐྱ་དྲག་པ་དགུ ། ཆ་གན་ཐི་ཡན་ཆིའི་བསྔོ་ཞུས་པ་ཅན་འགྲུལ་སྡེབས་ཀྱང་མ་ཉུངས་པ་འདུག །བྱམས་གླིང་ཨེམ་ཆི་སངས་རྒྱས་འབྱུང་གནས་ཕོ་བྲང་ནས་ཡོངས་སྐབས་འགྲུལ་སྡེབས་པའི་གྲས་ལ་གདང་ལ་སྐོར་ནས་མི་སྣར་སོང་བ་གང་དུ་ངོས་འཛིན་ནི་དཔྱད་དཀའ་བར་སྣང་། ཚེས་ཉི་ཤུ་ལ་མི་སྣ་རྣམས་ཀྱིས་གོང་གི་བཀའ་ཤོག་དང་གནང་སྦྱིན་སྤྲད་ཅིང་འགྲུལ་སྡེབས་དང་བཅས་པར་གཞིས་ལེན་བཟབས། སང་ཉིན་ནས་སོ་སོས་གོས་དར་གསེར་དངུལ་གྱི་སྟེར་ཆ་དང་ཕྱི་ནང་གི་དབང་བླ་ཁག་དྲག་ཞན་ཚང་མའི་ཡི་གེ་རྟེན་བཅས་རྣམས་རྩིས་བླངས། འཇམ་དཔལ་དུས་དགྲའི་དབང་པོའི་ཟོར་ལས་ཀྱིས་མཚོན་ལོ་མཇུག་གི་རིམ་གྲོ་གྲུབ་ནས།

དགུང་ལོ་ང་དྲུག་པར་རིན་ཆེན་རྒྱན་ཆ་བའི་སྲོལ་གསར་དུ་བཙུགས་ཤིང་ལྷ་ས་རུ་བཞིའི་སྤྱི་ཚོགས་ནས་རིམས་བཟློག་གི་ཆེད་དུ་སེར་འབྲས་སོགས་དགོན་ཁག་ཞེ་དགུ་ནས་རིམ་གྲོ་དང་། གདན་ཡིག་ཞིབ་མོ་རྣམ་དག་མེ་ལོང་རྩོམ་འབྲི་གནང་བ་བཅས་ཀྱི་སྐོར།


GLG006_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བྱི་འབྱུང་བ་གཉིས་ལྡན་གནམ་ལོ་ཚེས་པའི་འདོད་ཁམས་དབང་ཕྱུག་མའི་མཆོད་གཏོར་རྒྱས་པར་ཕུལ། བསྐང་བའི་ནང་གི་ཆས་དངོས་སུ་བཟོར་རུང་བ་མཐའ་དག་ལོ་སྔོན་མའི་ནང་དུ་ཟིན་པ་འདིའི་སྐབས་དངོས་འབྱོར་གྱི་མཆོད་པའི་ཆེད་དུ་བཤམས་པ་བྱིན་ཆགས་པར་བྱུང་། དེ་ཉིན་གྱི་བཞུགས་གྲལ་དགའ་སྟོན་ལ་གནམ་སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོས་གཙོས་གཉུག་མར་གནས་པའི་སོག་པོའི་དཔོན་ཁག་མི་


GLG006_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། གོང་གི་གསེར་ཡིག་པ་དང་འགྲུལ་སྡེབས་ཀྱིས་སེར་མོ་བ་དྲག་རིམ། བལ་པོ་ཡམ་བུ་རྒྱལ་པོའི་མི་སྣ་སོགས་ཆ་ལུགས་དང་སྐད་རིགས་མི་གཅིག་པས་ཚོམས་ཆེན་ཡོངས་སུ་གཏམས། སྡེ་པ་འདར་པ་ལོ་ཙཱ་དང་གླང་བུ་ནས་འགྱུར་མེད་གཉིས་ཀྱིས་དཀོན་ཅོག་གསུམ་གྱི་ཤིས་བརྗོད་ལས་བརྩམས་ཏེ་ངོ་མཚར་བའི་འཕྲོས་གླེང་དང་བར་བར་དུ་རྒྱ་གར་རྒྱ་ནག་གི་རོལ་ཆ་དང་གར་རིགས་སྣ་ཚོགས་ཀྱི་ཟློས་གར་བསྒྱུར། བོད་འདིར་སྒེར་ལ་ཕྱི་སྒེར་ནང་སྒེར། གྲུབ། ཐོབ་ཀྱི་སྒེར་གསུམ་ལས། ནང་སྒེར་རལ་པ་འཛིན་གྱིས་གྲུ་གུའི་ཡུལ་ནས་གཡུ་རྫིང་བདུན་དྲངས་པར་གྲགས་ཤིང་བོད་ཆོས་རྒྱལ་མེས་དབོན་གྱི་དུས་སུ་གཡུའི་རྣ་རྒྱངས་དང་བླ་གཡུ་སོགས་རིན་པོ་ཆེའི་རྒྱན་ཅི་རིགས་སྤྲོད་སྲོལ་ཡོད་འདུག །བར་སྐབས་སུ་གངས་ལྗོངས་འདི་གསིལ་བུར་སོང་བའི་དབང་གིས་ལུང་པ་སོ་སོར་དབང་ཆེ་བ་རེས་རང་གི་སྣང་བ་ལ་གང་ཤར་བྱེད་པའི་སྤྱོད་ཚུལ་སྣ་ཚོགས་མཆིས་ནའང་གནམ་ཇིང་གིར་གྱི་རྒྱལ་པོས་རྒྱ་ནག་གོང་མ་མང་པོས་བཀུར་བའི་ཁྲི་ལ་ཞབས་ཟུང་བཀོད་པ་ནས་རིགས་ལས་རྒྱལ་པོ་གོ་དན་གྱིས་རྒྱ་སྨན་དང་ཧོར་དོར་རྟ་ནག་པོ་མངགས་ཏེ་བོད་དང་བལ་མོན་སོགས་ཡུལ་ཁམས་ཐམས་ཅད་ཆམ་ལ་ཕབ། གོང་མ་སེ་ཆེན་གྱིས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེར་བོད་ཆོལ་ཁ་གསུམ་ཕུལ་བ་ནས་བཟུང་། ཀྱའུ་ཞཱ་ལྔ་དང་ཁྲིམས་ལས་རྣམས་རྒྱ་ལུགས་དང་ལས་ཚན་བཅུ་གསུམ་གྱིས་མཚོན་པའི་ཆེན་པོའི་སྒྲིགས་སྲོལ་ཙི་གོས། ལས་ཞྭ། རྒྱན་སྤྲོད་ཡ་རབས་ཆེ་བཙུན་ལ་འོས་པ་དར་ཞིང་། ཁྱད་པར་གནམ་བསྐོས་ཀྱི་རྒྱལ་པོ་


GLG006_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕག་མོ་གྲུ་པ། གུའི་གུང་དང་ཏཱ་དབེན་གུ་ཤྲིའི་ལུང་ལས་ཀྱི་མངོན་པར་མཐོ་བ་བྱང་པ་རིགས་ལྡན། ཁྲོམ་གེ་སར་གྱི་མག་པ་རྒྱལ་མཁར་རྩེ་པ། སྒེར་རིགས་རིན་ཅེན་སྤུངས་པ་སོགས་སྡེ་དཔོན་ཁུངས་བཙུན་རྣམས་ཀྱི་དུས་གསེར་ག །སོག་རྣ་སོག་སྒོར། རྣ་རྒྱངས། ཤལ་དཀར་དམར། ཙི་གོས། ཙི་བེར། གཙུག་ཞྭ་སྟེ་རིན་ཆེན་རྒྱན་སྤྲོད་དུ་གྲགས་པའི་ཆས་ངོ་མཚར་ཅན་དེ་ཤིན་ཏུ་དར། གསང་སྔགས་རྙིང་མར་འཇིག་རྟེན་དྲེགས་པའི་གསོལ་མཆོད་དུས་ཁ་གཡུ་ཁ་གསེར་བཤད་པ་ཡང་གསེར་སྐྱེམས་པ་ལ་རྣ་གཡུ་མ་འབྱོར་ན་དེ་ཚབ་ཏུ་དགོངས་པ་ཡིན། དེའི་རྒྱུ་མཚན། ཕོ་རྣ་གཡུ་ཅན་ལ་དགྲ་ལྷ་འཁོར། ཞེས་སྲིད་པ་ཆགས་པའི་ལྷ་དགུ། རྗེའི་མགུར་ལྷ་བཅུ་གསུམ། འབངས་ཀྱི་སྲོག་ལྷས་མཚོན་པའི་བོད་ཀྱི་ལྷ་མཐུ་བོ་ཆེ་རྣམས་ཆས་འདི་ལ་དགའ་བ་ཡོད་ཚོད་དུ་སྣང་། དུས་ཕྱིས་སྡེ་སྲིད་གཙང་པས་ཀྱང་རྒྱུན་མ་ནུབ་པའི་སྲོལ་འཛིན་ནའང་ལྕགས་སྦྲུལ་བདེ་གཟར་ནས་བཟུང་མིང་གི་ལྷག་མ་ལྟ་བུར་གྱུར། བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཡུལ་ལུགས་མི་མཁྱེན་པའི་དབང་གིས་མ་དགོངས་པ་མ་གཏོགས་གསེད་བཀྲོལ་བྱེད་མི་བྱུང་ན་ཐུགས་ལ་མི་འཐད་པ་ཡོང་རིགས་མིན་ཅིང་ཁྱད་པར་གུ་ཤྲི་བླ་མ་དེ་ཡ་རབས་ཆེ་བཙུན་གྱི་རྣམ་ཐར་ལ་དགའ་བས་རམ་འདེགས་རིགས་སུ་མཆིས། ས་སྐྱོང་འཕྲིན་ལས་རྒྱ་མཚོའི་དུས་ཕུར་སྒྲུབ་ཀྱི་གདབ་ལས་ཆེན་མོའི་གསེར་སྐྱེམས་པ་རིན་ཅེན་རྒྱན་སྤྲོད་པ་བྱུང་ན་འགབ་འདྲ་གླེངས་པ་གྲ་བསྒྲིག་བརྩིས་ཤིག་མཛད་གསུང་རུང་བསྟན་པ་ཕྱི་དར་གྱི་ཐོག་མའི་དུས་རྩ་བ་དམར་དམར་འདི་འགྲེལ་པ་ནག་ནག་འདིས་འཆད་རྒྱུ་ཨེ་ཡིན་


GLG006_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་ཙམ་ལས་ཆོས་ཀྱི་བརྡ་དོན་མ་འཕྲོད་པའི་དཔེ་བཞིན་དབུས་གཙང་གི་དྲུང་འཁོར་ཁྲོད་ནས་བརྡ་ཆད་ཆགས་པའི་ཞུ་བ་འབུལ་མི་མ་བྱུང་བར་བརྟེན་མཛད་ཐབས་མ་རྙེད་པར་ལུས། ཧ་ཅང་གི་རྩོལ་བ་མཛད་པར་ཡང་ཁྲི་འདོན་གྲུབ་པའི་ལོ་བཞུགས་གྲལ་གྱི་ཐུད་སྒྲོམ་སོགས་བོད་ཀྱི་སྲོལ་རྙིང་འགའ་ཞིག་བཏོད་པར་ཕྱི་ནང་གི་དྲུང་འཁོར་མང་པོས་འདི་འདྲ་སུས་ཀྱང་མ་དྲན་ཞེས་གྱ་མ་དོར་བརྩི་བའི་དགོན་པ་ནའང་མ་ཎི་དང་བཅས་སོ་གསོད་པོ་མེད་པའི་སྟབས་མཛད་བདེ་རྒྱུ་ཡང་མ་བྱུང་བ་འདྲ་ཞིང་མ་ནས་ས་གླང་པོ་ཏ་ལར་ཕུར་པ་ཚགས་མ་ཞིག་བཟོ་ཞོར་དུ་སྤོས་མདོང་ཆ་གཅིག་དངུལ་ཚགས་ཁྱུག་ཙམ་རྒྱག་བཅུག་སོང་བ་སྡེ་པ་བསོད་ནམས་རབ་བརྟན་གྱིས་ད་ཆ་ཁྱོད་རང་གི་ལྷམ་གྱི་སྣ་ལའང་ཚགས་རྒྱོབ་ཀྱི་སྒྱུར་སྦྱང་ཚན་པ་ཆེས་སྣ་ཚིག་པ་ལྟ་བུའི་དེ་ག་ནས་བཟུང་བཟོའི་རིགས་ལ་དང་དོད་ཆུང་བ་ཡོད། ལ་ལ་གཙང་ལུགས་ཡིན་ཞེས་སྨྲ་བ་ནི་རྒྱུ་མཚན་མ་གོ་བའི་འོས་ལས་ཅི་ཡོད། འགའ་ཞིག་སྔར་གྱི་སོག་ལུགས་དེ་དག་བབ་ཆགས་ཟེར་བ་སྟོད་ཁོག་སོག་པོ་དང་སྨད་ཁོག་བོད་པ་བྱས་པ་དེ་འདྲ་སོག་པོ་ལ་ཡོད་པ་ནི་མ་ཤེས། མི་བཞི་ལྔ་ཙམ་ཚོགས་པར་རྒྱབ་ལ། བོད་མོན། ཁམས་ཀོང་། ཧོར་འབྲོག །རྒྱ་སོག །མངའ་རིས་པ་སོགས་ཆས་སྣ་དགུ་ཚང་བ་དེ་འདྲ་ངོ་མཚར་ཆས་དགུ་ཡིན་ཤས་ཆེ། གང་ལྟར་སྡེ་པས་དོ་དམ་མཛད་པའི་སྟ་གོན་གྱི་ཚེ་རྒྱུས་ཡོད་ཀྱི་རིགས་ཤིན་ཏུ་དཀོན་པས་རྟ་ནག་འོ་རློན་པ་བོས་ཏེ་ཞིབ་དཔྱད་དེ་སྣེའུ་སྡོང་རྩེ་དང་ལ་སྟོད་བྱང་པའི་ལུགས་ལ་ཙི་གོས་ཡོང་ཡང་གཞིས་རྒྱལ་གཉིས་ཀྱི་ལུགས་ལ་རལ་གུ་སྔོན་པོས་གོ་གཅོད་པས་དེ་དང་བསྟུན་ནས་བསྒྲིགས་པའི་རིན་


GLG006_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྒྱན་ཆ་བ་སུམ་ཅུ་རྩ་ལྔ་ཚར་དུ་དངར་ཞིང་སྤོས་འཛིན་པ་གཉིས། གསོལ་དཔོན། ཕྱག་འཐེན་པ། མགྲོན་གཉེར་གྱི་ལས་ཚན་རྣམས་རིན་ཅེན་རྒྱན་ཆ་བས་བྱས་ནས་ཚེས་གཉིས་ཀྱི་ཉིན་རྒྱལ་པོ་སྐོར་བཅས་ཉུང་བསྡུས། སེར་འབྲས་ཀྱི་བླ་ཁག་གོང་གི་གསེར་ཡིག་པ། གྲ་ཚང་། དྲུང་འཁོར་སྐྱ་སེར་ལ་ཁྲི་ཆོག་པང་ཁེབས་སོགས་ཐོབ་རིགས་དང་དེ་མིན་འབྲེལ་མཚུངས་ཀྱི་གདན་གཟོས་དང་བཅས་པའི་བཞུགས་གྲལ་ཐོག་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་འབུལ་བ་དང་ཤིས་པ་བརྗོད་པའི་ཞལ་འདོན་པ་དབུ་མཛད་དཀོན་ཅོག་རྒྱ་མཚོས་གཙོས་གྲ་ཚང་གི་གྲ་པ་བཅུ་སྐོར་གྱིས་བགྱིས། རིན་ཆེན་རྒྱན་ཆ་བའི་ཁྲོད་ནས་སྡེ་པ་སྒེམ་བུ་བས་བཀྲ་ཤིས་རྫས་རྟགས་བཏེག་པའི་ཚིག་དང་བསྟུན་ཏེ་ལག་ཏུ་གཏད་འདར་ལོ་དང་ས་བ་གྲུ་པ་འཇམ་དབྱངས་དབང་པོས་ཆོས་ཀྱི་འབེལ་གཏམ་དང་གར་དང་རོལ་ཆ་སྣ་ཚོགས་སྤེལ་ཞིང་དཀར་དམར་བཞེས་སྤྲོ་རྒྱས་པར་བསྟར། ས་ཁྱི་བོད་ལུགས་ཀྱི་གྲ་བསྒྲིག་གཞན་མེད་པའི་འདྲེན་པ་བར་ཕུ་ཐུང་རྒྱབ་བསྐྱུར་ཅིག་མཛད་སོང་རུང་དེ་གཅིག་པུ་ལ་ཡ་མཚན་རྒྱུ་མི་འདུག་པས་བར་སྐབས་ལ་བཏང་སྙོམས་སུ་བཞག །འདི་ལོ་ཆ་ལག་ཚང་ཁྱད་དུ་བསྒྲིགས། སྟོད་རྒྱུད་སློབ་དཔོན་ཤར་པ་ཆོས་རྗེས་ཞལ་ཏ་མའི་པང་ཁེབས་ལ་བཟོས་པའི་རས་བེར་གྱི་མཆོར་ཆས་ངོ་མཚར་བ་སྣང་། མཚོ་ཁ་ནས་བོ་ལོད་ཀྱི་དཔོན་མོ་ཡེ་ཤེས་སྒྲོལ་མ་འདས་པའི་བསྔོ་རྟེན་རྟ་བཅུ་བདུན་དང་གོན་པ་སོགས་བསྐྱེལ་བར་ཕོ་ཉ་མངགས། ཚེས་གསུམ་ལ་ལྷོ་བྲག་སྨྲ་བོ་ལྕོག་ཆོས་རྗེ། ཤངས་སྤོ་ཐོག་བླ་མ། འབོག་གོང་མཁར་ལྟག་


GLG006_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཚོན་མང་བ་དང་ཕྲད། སྨོན་ལམ་ཆེན་མོར་འགྲོ་འདུན་ཆེའང་མི་ཚོགས་ཀྱིས་ཆམ་པ་ངེས་པར་ཡོང་ཞིང་དེ་ལ་འཕྲོད་བསྟེན་བྱས་ན་རྐང་ནད་ལ་བབས་དོགས་ཀྱི་གཡེང་བས་རིམ་འགྱངས་སུ་སོང་། འདི་ལོ་ཆོས་སྡེ་ཁག་ནས་རྒྱུ་མཚན་གསུང་བ་དང་རིན་ཅེན་རྒྱན་ཆའི་སྐྱ་རགས་བསྒྲིག་ཁྱད་ནས་ཐོག་མའི་རྟེན་འབྲེལ་དུ་འགྲོ་དགོས་རྒྱུར་འདུག་རུང་ལུས་ལ་གདེངས་མ་ཁེལ་པས་ངོ་ཚབ་ཏུ་སྡེ་པ་འབྱོན་བཅུག །ཚེས་དྲུག་ལ་བྱམས་གླིང་ཨེམ་ཆིས་ཡིད་ཀྱིས་སྤྲུལ་ཏེ་ནམ་མཁའི་ཁམས་གང་བའི་མཆོད་སྤྲིན་སྤྲོས་ནས་གྲ་ཚང་གི་གྲ་པ་བཅུ་སྐོར་དང་བཅས་རིང་འཚོའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡོན་སྦྱར་ཞིང་རིང་པོར་འཚོ་དགོས་པའི་གཏམ་ཡང་བལྡབ་བསྐྱར་བལྡབ་སྙན་གྱི་བཞེས་སྤྲོ་ཚར་དུ་དངར། ཕོ་བྲང་པེ་ཅིང་སེར་མོ་བ་རྣམས་ཀྱི་ཁ་ཏོན་དུ་ཚིགས་བཅད་དགོས་ཚུལ་བྱུང་བའང་བྲིས། དཔལ་འཁོར་ཆོས་སྡེའི་མཁན་པོ་ཡོན་ཏན་སེང་གེ །རྫིང་ཕྱི་མཁན་ཟུར་པ་བློ་བཟང་སྐྱེས་མཆོག་སོགས་ལ་ཇ་གྲལ་བཏང་། ངེད་རང་ཡང་བརྩམས་འདུན་ཡོད་པའི་ཁར་ཉེ་ཆར་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བསྐུལ་བ་ལ་བརྟེན་གཏོར་མ་བརྒྱ་རྩ་མུ་ཐི་ལའི་འཁྲི་ཤིང་བརྩམས། སྡེ་པ་ལྷ་རྒྱ་རི་བའི་སྲས་ཆེ་འབྲིང་ཆུང་གསུམ་དུས་གཅིག་ལ་ཁྲི་འདོན་མཛད་པར་སྐྱར་པོ་བ་བློ་བཟང་ལེགས་ལྡན་དང་ཕོ་བྲང་སྦངས་ཆེ་འཚོ་བྱེད་གཉིས་བཏང་བའི་འདི་དག་དང་སྡེ་པ་སོ་སོ་ནས་སྐྱེས་དཔངས་བསྟོད་པར་མ་སངས་ཨེ་པ་རྣམས་སྤྱན་དབར་དོག་པ་དང་བཅས་དགྱེས་པའི་འཛུམ་ཞལ་ལྷུག་པར་བསྟན་ཏེ་མི་སྣ་གཉིས་ལ་བདག་རྐྱེན་ཆེ་བར་མཛད། སྔོན་ཆད་ཞལ་ངོ་རེ་ལས་ཁྲི་འདོན་


GLG006_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་སྲོལ་མེད་ནའང་ད་ལམ་གསུམ་ལ་གནང་བ་རྒྱུན་ཁྲལ་མི་ཡོང་བའི་མངའ་ཞབས་རྙིང་ཁུངས་རྣམས་ཀྱིས་འདི་སྐབས་ལག་འདོན་ཆེ་བ་དགོས་ཀྱིན་ཡོད་འདུག་པའི་སྤྱན་ཉེ་ཡིན་ནམ་ཟེར། ལ་ལ་བྱ་མ་འདྲོགས་ཤིང་སྒོ་ང་ལོན་པའི་དཔེ་ལེགས་ལེགས་མོར་བྱེད། འགའ་ཞིག་འདི་རིགས་ཀྱིས་ཕུགས་རྣམ་གྲངས་མང་པོར་འགྲོ་ཞེས་མོ་ཟུར་གཏོང་བའང་མཆིས་མོད། ཞབས་དྲུང་འདི་མཁྱེན་དཔྱོད་འཇམ་དཔལ་དབྱངས་དང་མཚུངས་པས་ཟབ་པ་དང་རྒྱ་ཆེ་བའི་གསང་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པར་གོར་མ་ཆག །གྲ་ཚང་དུ་ལྷ་མོའི་བསྐང་གསོ་ཉིན་ལྔ་བཙུགས་སྐབས་དར་ཚོན་སྣ་ལྔར་འདོད་དོན་གྱི་ཚིགས་བཅད། ལྷ་ས་གཞིས་ཀ་ཤར་པ་སྤུན་རིགས་བརྒྱུད་དང་བཅས་པ་སྐྱེ་བར་རྗེས་འཛིན་གྱི་གསོལ་འདེབས་དགོས་ཟེར་བ་རང་ལ་རང་དབང་མེད་པར་གཞན་རྗེས་སུ་འཛིན་པའི་རེ་བ་ག་ལ་ཡོད་ཀྱང་ངོ་འཛིན་ཙམ་དུ་རྩོམ་པ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་བྲིས། གྲ་ནས་གཏེར་སྟོན་རིགས་འཛིན་ཆེན་པོ་ཕེབས་པ་ལོ་ནང་འདིར་སྟན་ཆགས། བྱི་གླང་གཉིས་ཀྱི་ལེའུ་ཐོ་ཕུག་པ་མན་ངག་ལུགས་བཞིན་འདར་ལོ་སྐད་གཉིས་སྨྲ་བའི་དབང་པོ་དང་དེའི་སློབ་མ་ཏྲེ་བོ་རིག་བྱེད་པ་ངག་དབང་ནམ་མཁའ་གཉིས་ཀྱིས་བཟོས། ཚེས་བཅོ་ལྔ་ལ་བྱ་ཁྱུང་ཆོས་རྗེས་ཡོན་སྦྱར་ཏེ་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་ཚེ་ཆོག་བཏང་། དེ་ཐོག་མཁན་པོས་རྔ་མོ་དཀར་པོ་གཅིག་གིས་སྣ་དྲངས་ཉེར་གཅིག་གིས་གཙོས་པའི་བརྒྱ་འབུལ། མེར་གན་ཁོ་ཤུའི་ཆིའི་དགེ་ཚུལ་མ་ཅན་གྱིས་གོས་དར་གསེར་དངུལ་ཇ་རས་ཀྱི་བདོག་པ་མཁན་པོའི་མཛེས་རྒྱན་དུ་འགྲོ་བའི་ཕྱུར་བུར་གཏམས།


GLG006_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ཆེན་རྒྱལ་པོའི་བུ་མོ་ན་མ་ཐར་གྱིས་ཟང་ཟིང་གི་དངོས་པོ་རིང་དུ་བརྐྱངས། འབྲུག་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་མདོ་སྔགས་རིག་གནས་ཀུན་ལ་མཁྱེན་སྤྱན་མཆོག་ཏུ་ཡངས་པའི་ཡིག་འཇོག་གི་གསུང་འབུམ་ཀྱང་གཏོས་ཆེ་བའི་ཁྲོད་ནས་འཇམ་དཔལ་ཚེ་བདག་ལ་ལས་བྱང་། དབང་ཆོག །བསྙེན་ཡིག །བརྒྱུད་འདེབས། དྲི་ལན་སོགས་ཁ་ཡར་སྣང་བ་ཁུངས་བཙུན་པ་གཞིར་བཅས་རུང་པད་གནུབས་ཀྱི་ལུགས་སྲོལ་དང་མི་མཐུན་པར་སྔ་མོ་ནས་མཐོང་ཡང་ངེད་རང་དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་ཁྲོད་དུ་སྡོད་མི་ཞིག་ལ་དེ་འདྲའི་དོགས་སེལ་གྱི་ཁག་ཁུར་མི་འདུག་སྙམ་རྩོལ་བ་མ་བྱས། གསང་སྔགས་སྔ་འགྱུར་གྱི་བསྟན་པ་ནམ་མཁའ་དང་མཉམ་པས་སྐྱེ་བའི་ཟློས་གར་དང་རིགས་ཀྱིས་བསྙེམས་པའི་མཁས་གྲུབ་ཅིག་གི་དོགས་སེལ་མཛད་དུ་རེ་ནའང་། ལ་ལ་པཎ་ཆེན་ཤཱཀྱ་ཤྲཱི་ལྟར་ངུར་སྨྲིག་གོས་ཀྱི་ཧ་ཅང་ཀླུབས་དྲགས་པ། ལ་ལ་རྒྱབ་ཐུར་མདུན་ཐུར་སོགས་བྱ་བྲལ་བློ་ལད་ཅན་གྱི་ངང་ཚུལ་ལ་ཞེན་པ། ལ་ལ་སྒམ་པའི་མཐར་ཐུག་པའི་བརྫུ་བག་གིས་གསུང་བཙུན་པ། ལ་ལ་དགོན་རྙིང་དང་ས་མཁར་གོག་པོ་མ་ཟིན་པའི་འོ་བརྒྱལ་བ། ལ་ལ་རྔ་བརྡུང་དྲིལ་འཁྲོལ་གྱི་གྲོང་ཆོག་ལ་ཁོར་མོར་འབྱམས་པ། ལ་ལ་སྒྲ་སྙན་མཚན་ཉིད་སྒྱུ་མའི་བློ་བྲིད་ཀྱིས་ཕ་ཁྱིམ་དོར་བ། ལ་ལ་ཐུག་པས་ཁ་ཚིག་པ་ལ་ཡང་རྫས་ངན་གསོག་ཅིང་འཁོར་ལོ་འདྲི་བ། ལ་ལ་དེ་འདྲ་མེད་ཁུལ་གྱི་སྡུག་གེ་དང་སྙིང་རྗེའི་གསུང་སྙན་བསྒྱུར་བ། ལ་ལ་མཆིས་བྲང་གི་ཆས་དང་ཕུད་བཞེས་ཀྱིས་དབུ་འཁོར་བས་མཚོན་རྒྱུ་དུ་མའི་སྒོ་ནས་ད་ནི་དོགས་སེལ་ཞིག་མི་ཡོང་བ་འདྲ་


GLG006_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ཡིག་ཆ་དེ་དག་གི་སྐྱོན་རྣམས་འགོག་བྱེད་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག་ཅེས་པ་བརྩམས་མོད། བབ་ཐོབ་མེད་པ་འདི་རིགས་ལྐུགས་མའི་མས་གཏམ་དུ་མི་འགྲོ་ལས་ཆེ། ཚེས་བཅོ་བརྒྱད་ལ་སེེ་ཆེན་རྒྱལ་པོས་དཀའ་བཅུ་སངས་རྒྱས་བཀྲ་ཤིས་ཆེད་དུ་མངགས་ཏེ་བདོག་པའི་ཆས་སྦྱར་བར་བརྟེན་གྲ་ཚང་གིས་ཚེ་ཆོག་བཏང་། སང་ཉིན་ནས་བཟུང་གྲ་ཚང་དུ་ཞག་གྲངས་ཀྱི་རིང་ཟངས་ཀྱི་ཁྲབ་རྨོག་རལ་གྲི་སོགས་སྤྱན་གཟིགས་མཆོད་གཏོར་བཤམས་ཏེ་བེག་ཙེའི་བཀང་བཤགས་བཙུགས། དྲེག་གི་ནད་རོ་ཅུང་ཟད་འཕར་བའི་སྟབས་ཉེར་ལྔ་ལ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་གདན་ས་པ་ཁྲི་རིན་པོ་ཆེ་བློ་བཟང་དོན་ཡོད། བྱང་རྩེ་ཆོས་རྗེ། ལྷ་རིན་པོ་ཆེ། སྡེ་པ་བདེ་ཆེན་པ་ཡབ་སྲས། ཚེར་གསེབ་སྐུ་རྟེན་རྣམས་ངོ་བོ་དང་མཇལ་ཕྲད་བྱས། ཉེར་དྲུག་ལ་གོང་གི་མི་སྣ་ཚོ་འོངས་ཏེ་མཁའ་འགྲོས་རྒྱ་བོད་ཀྱི་མཚམས་སུ་གཞུང་བཤིག་ཚུལ་དང་ཤི་ར་ཐ་ལའི་མཆེར་གྱིས་མཚོན་པའི་རྒྱལ་པོའི་ལུང་རྣམས་བསྒྱུར་བར་གང་ཅིའི་རྒྱུ་མཚན་གྱི་གསེད་བཀྲོལ་གླེངས་པར་གསེར་གྱི་ཁྲིམས་ར་ཆེན་པོ་ནས་ཡོངས་ཉམས་ཀྱིས་དོན་གོ་བའི་འཕྲོས་པ་ལས་རྡོ་ཁབ་བཙུགས་མི་བྱེད་འདུག །ནོ་ཡོན་ཁུ་ཐུག་ཐུ་ལམ་དུ་མ་འཚམས་པའི་སླར་དེ་ཚབ་ཏུ་འདུལ་བ་ཟུར་པ་ཨུན་འདུར་ཆོས་རྗེ་རྫོང་བདའ་བྱས། ནང་སོ་དཀོན་མཆོག་ཅོག་དར་རྒྱས་འབྱོར་བའི་ཐང་པོ་ཆེའི་བཀའ་འགྱུར་ལེ་ཚན་མིག་ལམ་དུ་ཕབ་པ་དངོས་གཙང་བའི་ཚད་ཅིག་བྱུང་། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ཁ་ཤས་ཀྱིས་མཛོད་དབུས་མ་ནས་བྱོན་པའི་འཆི་བདག་བཟློག་པའི་ཆོ་ག་རྒྱས་པར་གནང་། ཟླ་བ་གཉིས་པའི་ཚེས་གཅིག་ནས་བཟུང་


GLG006_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་དྲུག་གི་བར་རྡོ་རྗེ་བྲག་རིགས་འཛིན་མཆོག་གི་སྤྲུལ་སྐུ། རྩོད་བྲལ་གྱི་གཏེར་སྟོན་གཏེར་བདག་གླིང་པ་སྐུ་མཆེད། མཆོད་དཔོན། དགེ་སློང་འཇམ་དབྱངས་གྲགས་པ་རྣམས་ལ་ཚེ་དཔག་མེད། མཚན་བརྒྱད། དྲག་དམར། ཡང་གསང་དྲག་པོ། མནྡ་ར། འཚོ་རྒྱལ། ཐུགས་རྗེ་ཆེན་པོ། བཀའ་བརྒྱད་སྤྱི་བྱེ་བྲག །རྟ་མགྲིན། ཕྱག་རྡོར། རེ་མ་ཏཱིའི་སྐོར་སོགས་ཀྱི་དབང་བྱིན་རླབས་ལུང་ཡོངས་རྫོགས་ཕུལ་ཞིང་གཞིས་ཀ་ཤར་ཨ་གུར་བཀའ་བརྒྱད་རིགས་འཛིན་ཞལ་ལུང་གི་དབང་། དེ་དང་དབུ་མཛད་བློ་བཟང་ཡོན་ཏན། ངག་དབང་འཕྲིན་ལས་གསུམ་ལ་ཡང་གསང་ཀརྨ་དྲག་པོའི་དབང་། དགེ་སློང་དོན་གྲུབ་པ་ཅན་གྲ་པ་ཁ་ཤས་ལ་འཆི་མེད་ཚེའི་ལྷ་མོའི་དབང་རྣམས་བསྐུར། ཚེས་བདུན་ལ་ཞ་ལུ་མཁན་པོ་སྐུ་ཞང་རིན་ཅེན་མཁྱེན་བརྩེ་མཆོག་གྲུབ། རྒྱལ་གླིང་མཁན་པོ་སྔ་ཐོག་པ། ཆབ་ནག་པ་དང་བསམ་གྲུབ་དགའ་ལྡན་པའི་བླ་མ་ཅན་དང་ཕྲད། ཞ་ལུ་མཁན་པོར་ཚར་ཆེན་གྱིས་མཛད་པའི་གཤེད་དམར་སྤྲོས་མེད་རྒྱུན་འཁྱེར་གྱི་ཡིག་ཆའི་ལུང་ཕུལ། ཐང་སག་དགའ་ལྡན་ཆོས་འཁོར་སློབ་དཔོན་གྲ་བཅས་ཀྱིས་བདོག་པ་བསྟར་ཞིང་བླ་མ་བློ་བཟང་འཇམ་དབྱངས་ཀྱི་དུས་བློ་བཟོའི་ཆོ་ག་རྒྱ་མ་བོད་ཅིག་འདུག་པའི་སྒོ་ནས་བརྟན་སྡོད་བྱས། ཆུ་ཤུར་དགའ་ལྡན་ཐར་གླིང་པའི་གྲ་པ་བློ་བཟང་ཕུན་ཚོགས་ཀྱིས་འབུམ་དུམ་པ་བཅུ་དྲུག་དང་རྫོང་ཁ་འཕེལ་གླིང་པ་བློ་བཟང་ཆོས་འཛིན་དང་ངག་དབང་བློ་གྲོས་གཉིས་ཀྱིས་གསང་འདུས་དང་འཇིགས་བྱེད་ཀྱི་ཡིག་ཆ་འདྲའི་རྒྱུགས་སྤྲད། ལ་སྟོད་སྒམ་སྨྱོན་སྤྲུལ་སྐུའི་གཙུག་ཕུད་བླངས་


GLG006_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མཚན་ཨོ་རྒྱན་བསྟན་འཛིན་ནོར་བུ་དང་རིགས་འཛིན་སྟོབས་ལྡན་དབང་པོའི་སྤྲུལ་སྐུར་ལེགས་ལྡན་བསྟན་འཛིན་དཔལ་འབར་དུ་བཏགས། ཨེ་རི་སྒོ་གཟིམས་ཤག་ལྷོ་པ་ནང་སོ་དཀོན་ཅོག་དར་རྒྱས། རབ་འབྱམས་པ། བཙུན་མ། རིགས་ཀྱི་བུ་གཉིས་དང་བཅས་པས། ཚེས་བརྒྱད་ལ་ཡུལ་ལུགས་དང་བསྟུན་པའི་ཚོགས་འཁོར་གསེར་ཞོ་ལྔ་བཅུས་ཐོག་དྲངས་པའི་སྟེར་ཆ། མར་བཙོད་བསེ་མགུའི་འགྱེད་ཀྱི་བདོག་པ་གཟེངས་སུ་མཐོ་བ་བསྟོད་དེ་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་ཚེ་ཆོག་རྒྱས་པར་བཏང་། དེ་ཐོག་མེར་གན་ཧུང་ཐའི་ཇིའི་དཔོན་མོ་སྐོར་གྱིས་ཀྱང་འཕྲོ་འཐུད་དེ་ཟི་ལིང་ནག་ཇའི་དངོས་པོ་བསྟར། ཚེས་བཅུ་གཅིག་ལ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དངུལ་ལྔ་བཅུ་མ། གོས་ཡུག་ཁ་ཡར་སོགས་སྟེར་ཆ་དང་ཚོགས་དཔངས་བསྟོད། རྒྱ་སྦུག་ཧོར་སྦུག །སྙན་དར་བརྒྱ་ལྷག་གི་སྤྱི་འབུལ། ཇ་འགྱེད་ཚ་ར་རྒྱས་པའི་ཡོན་སྦྱར་ཏེ་གྲ་ཚང་ནས་གསུང་ཆོག་གོང་བཞིན་བཏང་། བར་ཁམས་ནས་གཞི་རྩ་སྡེ་པ་རྣམ་རྒྱལ་བཀྲ་ཤིས་གཞི་རྩ་བའི་མཇུག་གི་ཆོ་ག་ལེགས་པར་གྲུབ་སྟེ་འཇིག་རྟེན་ཕྱི་མའི་ལྟད་མོར་རིངས་སྟབས་སུ་སོང་བའི་བསྔོ་རྟེན་རྟ་བཅུ་གཅིག །དྲེའུ་ཉེར་དགུ །དངུལ། ཁྲབ་རྨོག །མཛོ་གཡག་གི་བདོག་པ་འབྱོར་དོན་བཞིན་བསྔོ་སྨོན་གྱིས་རྒྱས་བཏབ། ཉེ་རིགས་ཤིག་དང་དེ་མོ་བའི་དཔོན་མོ་བསྡེབས་ནས་གཞི་རྩ་བ་རང་བྱོན་ཡོང་དུ་རེ་ཡང་འོད་ཟེར་བླ་མ་ཤི་བའི་གཤིས་ཀྱིས་བརྐོ་ཐུབ་རིགས་སུ་མི་འདུག་རུང་དེ་མོ་དབོན་པོར་གོང་བརྒྱབ་པའི་ས་སྐལ་གཟེངས་བསྟོད་སྡེ་བས་བྱིན་སོང་། ཟངས་རི་དཔོན་


GLG006_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ཞབས་དྲུང་བསོད་ནམས་ཆོས་བཟང་ཆབ་གཞིས་གྲོངས་པའི་མགྱོགས་བསྔོ་འབྱོར། རྗེས་འཇུག་གི་རིགས་ཀྱང་མེད་པ་དང་བཅས་ཕྱག་རྫས་ཆུད་མི་འཛའ་བར་ཡོང་བའི་འཆར་སྟོན་འདི་ནས་བྱས། དེ་གའི་དོན་གཅོད་དུ་སྡེ་པས་ཞང་ཚ་དཀོན་རྣམ་པ་རྫོང་བདའ་མཛད། ཚེས་བཅུ་གསུམ་ནས་བཟུང་འབྱུང་བ་རིན་ཅེན་ཀུན་བསྡུས་ལ་བརྟེན་པའི་སྲི་གནོན། འཇམ་དཔལ་དམར་པོའི་རླུང་སྒྲུབ། ལི་བྱིན་ཧ་རའི་ལས་སྦྱོར་གྱི་སྒྲུབ་ཁག་གསུམ་གྲ་ཚང་གི་གྲ་པ་གྲངས་བཅས་ལ་བཙུགས་ཤིང་བྱིངས་ཀྱིས་གཤིན་རྗེ་ཐམས་ཅད་འདུས་པའི་དྲགས་སྔགས་བཟློག་པ་དང་བཅས་པ་བཏང་། ཚེས་བཅུ་བཞི་ལ་གསང་བ་འདུས་པའི་དགེ་འདུན་དཀོན་ཆོག་སྟོད་རྒྱུད་བླ་གྲས་འཆི་བདག་ལས་རྒྱལ་བའི་བདེན་བརྗོད་དང་བཅས་མཎྜལ་གྱི་ཚུལ་དུ་བདོག་པ་སྤེལ། སྐྱིད་ཤོད་ཆོས་རྗེའི་སྐུ་སྐྱེ་གཙང་ནས་འཁོར་བ་དང་ཕྲད་ཅིང་བྱ་ཁྱུང་མཁན་པོའི་ཨ་ཁུ་གྲ་ཚང་ཆོས་རྗེའི་སྐྱེ་བ་དགེ་ཚུལ་དུ་བསྒྲུབས། ཚེས་བཅུ་དྲུག་ནས་ཞག་ཤས་ཀྱི་བར་རྡོ་རྗེའི་བྲག་སྤྲུལ་སྐུ་སོགས་ཆོས་གསན་མཁན་རྣམས་ཀྱི་ཐོག་ཤ་གཟུག་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱི་སྐུ་སྐྱེ་དང་བཅས་པར་མངའ་རིས་པཎ་ཆེན་སྐུ་མཆེད་ཀྱིས་བསམ་ཡས་དབུ་རྩེ་རྣམ་སྣང་མི་བཞི་རྒྱབ་སྤྲོད་ནས་སྤྱན་དྲངས་པའི་བླ་མ་རིགས་འཛིན་ཡོངས་འདུས་ཀྱི་ཟླུམ་པོ་བཞི་དབང་། བསྟན་པ་རྨད་བྱུང་མ། སིནྡྷུ་རྒྱ་མཚོ་ཆེ་བ། ཆུང་བ། བསམ་པ་ལྷུན་གྲུབ་མ། ཚེ་དཔག་མེད་འཆི་མེད་འོད་མཆོག །ཙེའུ་དམར་པོའི་སྲོག་དབང་། དྲག་པོའི་དབུ་དགུ་ཡེ་ཤེས་རང་གསལ་གྱི་སྐུ་ལྔ་རྫོགས་པའི་རྩ་དབང་། དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཁའ་འགྲོ་གསང་ཕུག་དྲི་མེད་


GLG006_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་གྱི་མཆོད་རྟེན་ནས་གདན་དྲངས་པའི་མ་རྒྱུད་ཁྲག་རླངས་སྙིང་པོ་དོན་གསུམ། བླ་མ་མངའ་བདག་གི་གཏེར་བྱོན་རྒྱལ་པོ་ལི་བྱིན་ཧ་རའི་སྲོག་དབང་། པདྨ་ལས་འབྲེལ་རྩལ་གྱིས་ཁྲ་མོ་བྲག་དང་རིགས་འཛིན་རཏྣ་གླིང་པས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་གནོད་སྦྱིན་བཤན་པ་དམར་པོའམ་གཟའ་གདོང་དམར་ནག་གི་སྲོག་དབང་རྣམས་ཕུལ་ཞིང་སྙིང་པོ་དོན་གསུམ་དྲག་པོ་དབུ་དགུའི་ལུང་སོང་ནས་རིགས་འཛིན་ཡོངས་འདུས་ཀྱི་ཕྱེད་ཉེ་བར་སླེབས་པའི་ཚེས་བཅུ་དགུའི་ཞོགས་ནས་མགོ་ན་བའི་ཅུང་ཞིག་མ་བདེའང་ཉམས་སྣང་ཆེ་བ་མ་བྱས། ཚེས་ཉི་ཤུའི་ཉིན་ལུང་བཀླགས་པར་རྐེད་པ་ན་བའི་ངལ་བ་ཙམ་བྱུང་རུང་འཕྲོ་མ་བཞག །མཆོད་དཔོན་པ་མནན་པ་རྒྱག་པར་འགྲོ་བ་དང་དཔོན་པོ་བཀྲ་ཤིས་འདམ་ལ་ཐོན་པའི་བྲེལ་བ་དང་བཅས་དགོངས་ཇ་ཕྱི་ཟུར་ནས་མཚམས་བཞག །དྲུང་འཚོ་བ་གཉིས་ལ་བསྟན་པར་ལྷག་བསམ་གཉན་ཚད་དུ་དོགས་ཤིང་དར་མོ་ནས་རིམས་ཤིག་ཡིན་པ་འདྲ་ཞེས་གླེང་། རིམས་ཀྱི་རིགས་མཐའ་དག་སྐམ་ནད་ཀྱི་དུས་རྩ་ཆུ་དབྱིབས་མཚུངས་པ་ལས་སོ་སོར་དབྱེ་བ་མེད་པས་ཁ་མཚོན་ཆོད་རིགས་སུའང་མི་འདུག །ལོ་སྔ་མ་གཉིས་ཀྱི་ནང་འབྲུམ་པ་འགོ་ལ་རེ་བྱུང་ཡང་ཡེ་མ་འགོས་པས་ད་ཆ་འགོ་རྒྱུ་མིན་འདྲ་སྙམ་པའི་དོགས་པ་ཆེ་བ་མ་ཤར་ནའང་དྲུང་འཚོ་བ་གཉིས་ཀྱིས་སྨིན་བྱེད་ཀྱི་ཐང་བཏང་། དཔོན་ཚང་བྱང་ངོས་ནས་གདན་དྲངས་པར་ཡང་ཕོ་འབྲིང་ཡན་ཆད་བློ་ཁོག་གཅིག་པའི་དཔེས་རིམས་ཡིན་ཚུལ་ལས་འདི་ཡིན་གསལ་བར་མི་གསུང་། ཉེར་གཉིས་ཀྱི་ཉིན་རུས་པའི་གཏིང་ནས་ན་བ་སྐྱུག་པ་སོགས་ན་ལུགས་ཀྱི་བབས་


GLG006_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྗེས་སོར་ཚ་རོང་དྲང་སྲོང་དཔལ་ལྡན་རྒྱལ་མཚན་གྱི་ཡིག་ཆར་བལྟས་པས་འབྲུམ་པར་ཐེ་ཚོམ་པ་མི་གདའ། ཉེར་གསུམ་ནས་ཐོར་པ་ཕྱིར་ཐོན་པའི་སྐམ་ནད་ཞི་སྟེ་ཟོས་བདེ་བ་ཙམ་བྱུང་། འོན་ཀྱང་ནད་ཆེན་གྱི་གདུག་པས་གཏོར་བསྔོ་དང་མཁའ་སྤྱོད་མའི་ཉམས་ལེན་ཕྲན་བུ་ལས་ལམ་དུས་སོགས་ཆག་མེད་དང་བཟླས་བརྗོད་ཀྱི་རིགས་མཐའ་དག་རང་ཤུགས་ཀྱིས་ལུས། དཔོན་ཚང་བྱང་ངོས་ནས་དང་སློབ་མ་ལྷག་དར་གཉིས་ཀྱིས་རྡོ་སྨན་རྩི་སྦྱོར་གཉན་སྨན་རྣམས་ལྟག་སྤྲོད་དུ་བཏང་། འདི་ལོའི་འབྲུམ་པ་དཀར་པོ་རིགས་གསུམ་གྱི་ནང་ནས་རན་པ་ཙམ་ཡིན་འདུག་རུང་སྡེ་པ་སོགས་ཚང་མས་གསང་བ་འགབ་ཚུལ་བཞིན་ཡན་ལག་གི་ནད་རོ་འཕར་རོ་ཞེས་དྲིལ་བསྒྲགས་མོད། བདེ་ཆེན་རབ་བརྟན་ཕྱོགས་ནས་མཆེད་པའི་སྤྲེའུའི་རྐུན་མ་ཞིག་ནི་བྱུང་བར་གདའ། ནད་འབར་ཆེ་བའི་ཉིན་ཁ་ཤས་ཀྱི་བར་གཉིད་བསྲུང་བ་དང་བཅས་གྲོང་སྨད་ཨ་པར་ཀྱང་བཅར་སྡོད་བྱས། གཞན་མ་ནད་གཡོག་དབུ་མཛད། མཆོད་དཔོན་པ། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་ཡིན་པའི་སྟེང་ནད་གཞན་དང་མི་འདྲ་བའི་ཚད་འཁྲུལ་གྱིས་མཚན་ལ་མཆོད་དཔོན་པ་སུན་ཙམ་བྱུང་སོང་། རིམ་གྲོར་རྡོ་རྗེ་བྲག་སྤྲུལ་པའི་སྐུ་དཔོན་སློབ་ཀྱིས་ཉིན་བདུན་གྱི་བར་ཐང་ལྷའི་བསྐང་གསོ། ཁྱབ་འཇུག་གི་མདོས་ནག་མཛད་པས་སྤྱན་ལྟས་དང་བྱིན་རླབས་ཀྱི་མཚན་རྟགས་བཟང་བ་ཆོས་ཀྱི་བཀའ་བབས་པའི་ཉམས་སུ་མཆིས། རྫོང་གི་ཉེ་སྐོར་དུ་རྒོད་བཤུར་པའི་རྣམ་རྟོག་གསོད་བྱེད་ལ་ཁྲོ་རོལ་ཞིག་བཏང་། གཏེར་སྟོན་རིན་པོ་ཆེ་དཔོན་


GLG006_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་ཀྱིས་པད་གླིང་དྲག་དམར་གྱི་གཏོར་བཟློག་དང་གཏེར་གསར་གཤིན་རྗེ་འཇོམས་བྱེད་ཀྱི་སྒྲུབ་པ་མཛད་པ་སྤྱན་ལྟས་འཚུབ་ལྷོངས་ངོས་ལེགས་པ་བྱུང་འདུག །དེ་སྔ་རིམ་གྲོ་གནང་བ་ཚོ་ཡང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཡོད། ཟླ་བ་གསུམ་པའི་ཚེས་གཉིས་ནས་བཟུང་གྲ་ཚང་གིས་ལྷ་མོའི་གསང་མདོས་ཉིན་ལྔའི་བར་གཏོང་མྱུར་བསྔོ་ཚིག་བརྩམས། ཆོས་སྡེ་ཆེན་པོ་ཕན་ཚུན་དུ་ཇ་ཚུལ་བཅོ་ལྔའི་རིང་གདུགས་དཀར་ཤེར་སྙིང་གཉིས་ཀྱི་རིམ་གྲོའི་ཐོག་གསེར་འགྱེད་ཕུལ། དེ་སྐབས་ངེད་རང་གི་རིམ་གྲོར་དམིགས་ཏེ་སེར་འབྲས་གཉིས་དང་ཕ་བོང་ཁའི་བླ་མ། ལས་ཚན། ཁམས་ཚན། མི་ཚན་སོགས་ཀྱིས་རང་སྐྱ་ཕེར་བ་དང་བསྡུ་ཆའི་མང་ཇ་གྲ་ཇ། གྲ་ཚང་གི་གྲ་དམངས་ཀྱི་བསྡུ་ཆའི་སེར་འབྲས་གཉིས་ལ་མང་ཇ་བཞེས་ཐུག་ཁ་ཤས་དང་གྲ་ཚང་དུ་ཇ་དང་ཚ་བ་ཟླ་སྦྲེལ། དེ་མཚུངས་དྲུང་འཁོར་སྐྱ་སེར་ནས་བསྡུ་ཆ་བྱས་པའི་མང་ཇ་གྲ་ཇ་དང་པོ་ཏ་ལའི་དྲུང་འཁོར་རྣམས་ཀྱིས་སླར་འབྲས་སྤུངས་སུ་མང་ཇ་གཉིས་དང་སེ་རར་གཅིག་གི་ཐོག །སྦྲུལ་ལོ་བསྐུལ་བའི་རིང་འཚོའི་ཚིགས་བཅད་དེ་བཙུགས། ལྷ་ས་རུ་བཞི་སྤྱི་ཚོགས་ཀྱིས་བསྡུ་ཆའི་སེར་འབྲས་དགེ་གསུམ་གྱིས་གཙོས་སྐྱིད་ཤོད་སྐོར་གྱི་དགོན་ཁག་ཆེ་ཆུང་བཞི་བཅུ་ཞེ་དགུར་མང་ཇ། དྲུང་འཁོར་ནས་མང་ཇ་སྐོལ་བ་སེར་འབྲས་གཉིས་ལ་གྲོང་སྨད་སྡེ་པ་ཨ་བར། སྟག་རུ་བ་བློ་བཟང་དངོས་གྲུབ། བྱང་གླིང་བསམ་གྲུབ་རྒྱལ་པོ། འབྲས་སྤུངས་སུ་དབུ་མཛད་བློ་བཟང་ཡོན་ཏན། མཆོད་དཔོན་ངག་དབང་ཤེས་རབ། གསོལ་དཔོན་གེ་ར་བ། སྐྱར་པོ་མགྲོན་གཉེར། དར་ཁན་དཀའ་བཅུ།


GLG006_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་གྲོང་པ། ཆོས་རྗེ་ཁ་རག་པ། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན། ཚ་བ་སྐོལ་མཁན་ཆོས་རྗེ་བྲག་སྣ་བ་དང་བློ་གྲོས་རྣམ་རྒྱལ། སེ་རར་དྲུང་ཡིག་ཚེ་དབང་། ཆོས་མཛད་འཇམ་དབྱངས་བསྟན་འཛིན། རྣམ་སྲས་གླིང་པའི་ཆོས་མཛད། ཟུར་ཁང་དགའ་ལྡན་དུ་བཀའ་བརྒྱད་སྦུག་པ། གྲ་ཚང་དུ་གྲ་ཇ་སྐོལ་མི་མང་ཞིང་འགྱེད་གཏོང་བ་རྟ་དཔོན་རྣམས་འཇོམས། ཟུར་ཁང་དོན་གྲུབ་དབང་རྒྱལ། རིན་ཆེན་རྩེ་པ་ལེགས་ལྡན། དྲུང་ཡིག་དར་རྒྱས་བཀྲ་ཤིས། བྱང་གླིང་པ། ཀ་བརྒྱད་སྨད་པ། སྦུས་སྲང་པ་རྣམས་དང་སྦུས་སྲང་པས་དེ་ཐོག་ཏུ་ཇོ་བོ་ལ་རྒྱ་མཆོད་སྣ་ལྔ། སྒེམ་བུ་ནས་ཀྱིས་ཆོས་སྡེ་བ། ཐོད་རི་བ། དཀོན་གཉེར་མགོན་ཁང་རྣམས་སུ་གསོལ་མཆོད་སྙན་དར། སྟག་རུ་བ་ཚེ་དབང་བཀྲ་ཤིས་ཀྱིས་དར་རྒྱས་གླིང་སོགས་ཡར་ཤར་ནུབ་ཀྱི་དགོན་སྡེ་བརྒྱད་ལ་མང་ཇ། ཐང་པོ་ཆེ་དང་སྲོང་བཙན་དུ་གསོལ་ཁ་ཆུ་སྐོར་བར་ནས་རི་བོ་ཆོས་གླིང་། དར་རྒྱས་གླིང་། བཀྲ་ཤིས་ཆོས་སྡེ་གསུམ་ལ་མང་ཇས་མཚོན་སྟོད་སྨད་བར་གསུམ་ནས་ལག་འདོན་བྱེད་མི་མང་དུ་བྱུང་སྣང་། ཚེས་བཅུ་གཅིག་ནས་གྲ་ཚང་སྤྱི་དང་སོ་སོའི་བསྡུ་ཆ་དབུ་མཛད་མཆོད་དཔོན་གཉིས་ཀྱིས་ཉིན་ཐུབ་དང་བཅས་ཉིན་ལྔ་ཁྲོ་རོལ་ཚེ་བདག་གི་སྒྲུབ་ཁག་སྨིན་རྒྱས་སུ་བཙུགས་ཤིང་ཉིན་གསུམ་གྱི་བར་ན་རག་སྐོང་བཤགས་མཛད། གཏེར་སྟོན་རིན་པོ་ཆེས་འཆི་བླུ་དང་གདོན་འགྲོལ་གྱི་ཆོ་ག་གནང་། ཆོས་རྗེ་ཐུབ་བསྟན་པས་ཐོག་དྲངས་ངེས་གསང་རྡོ་རྗེ་གླིང་པའི་གྲ་པ་ཁ་ཤས་ཀྱིས་ལྷ་འདྲེ་སྟོང་དྲའི་མདོས་བཏང་། འབྲུམ་པའི་མཇུག་རྒྱན་ཡན་ལག་གི་ནད་ལ་ཅུང་ཟད་བབས་རུང་ཧ་ཅང་མི་ལྕི་བས་འགྱང་མེད་དུ་བདེ། ཡན་ལག་གི་ནད་ལ་ཕན་རེས་སྟོད་ལུང་རྩྭ་སྒྱེ་མོའི་ཆུ་ཚན་


GLG006_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཏེ་ཉིན་གསུམ་གྱི་བར་བསྟེན་ཡང་མི་ཕན་པའི་ཁར་འགྲོ་འདུག་ལ་ཕྲན་བུ་གནོད་པ་ལུས་མ་སོས་པའི་བསོར་མའི་སྐྱོན་དུ་ད་གདོད་གོ་སྟེ་མར་གྱི་བྱུགས་པས་འཕྲོད་ངོ་ཆེ། དྲུང་འཚོ་སྤྱན་གཡས་པ་དང་སྒར་པ་གྲོང་པ་དཔོན་བཟང་ལྟ་བུ་ཡོད་ན་འདི་ནི་འདིའོ་ཞེས་ཐོག་མ་ནས་ལུང་སྟོན་ཚོད་དུ་གདའ། ཉེར་བཞི་ནས་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་ལི་བྱིན་ཧ་རའི་སྒྲུབ་པ་བསྐྱར་མ་བཙུགས། ཧོར་ཟླ་བཞི་པའི་ཚེས་གཅིག་ལ་མཚམས་གྲོལ་བའི་འཇམ་དབྱངས་གོང་མ་རྒྱལ་པོར་ཞུ་ཡིག་རྟེན་བཅས་དེབ་བཤར་མ་དང་རྒྱ་སོག་བར་གྱི་གཞུང་ལ་དགོངས་པ་མཐོ་ཡངས་སུ་བསྩལ་བའི་ལེགས་སོའི་འབུལ་བ་བསྟར་བར་ངམ་རིང་བསམ་གྲུབ་དགའ་ལྡན་གྱི་བླ་མ་བློ་བཟང་བསྟན་འཕེལ་དང་ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་བརྫངས་ཤིང་གོང་གི་གསེར་ཡིག་པ་འགྲུལ་སྡེབས་རྣམས་ལ་གཞིས་ལེན་སྟེར་ཆ་སོ་སོས་ཁྱེར་བའི་ཡིག་ལན་ཚོ་འཚེམས་མེད་དུ་བསྲིངས། བྱམས་གླིང་ཨེམ་ཆིས་ཟླ་བ་དང་པོའི་ནང་དུ་བརྟན་བཞུགས་ཕུལ་བའི་འབུལ་བ་ཡིན་ཞེས་སྐྱ་པོད་ཀྱི་བཀའ་འགྱུར་སྟོང་སྐུད་ཁྲ་བོ་ལྷས་མའི་གླེགས་ཐག་ཅན། ཚེ་དཔག་མེད་ཀྱི་གོས་སྐུ། ལྔ་བཅུ་མ་བཞི། གོས་དར་ཁ་ཤས་དང་བཅས་པའི་བདོག་པ་བསྟབ་པ་ནི་ཉི་མ་དེ་རིང་ཤར་བ་ལ་འོད་ཟེར་ནང་པར་འབྱུང་བའི་དཔེར་འདུག་ཅིང་ཨེམ་ཆི་ཚངས་སྤྱོད་ལས་ཉམས་པས་སྡོམ་པ་བསྐྱར་ཟེར་ཡང་ལུས་ཀྱིས་མ་ལྕོགས། འབྲུམ་ནད་ལས་གེགས་མེད་དུ་གྲོལ་བར་ཆོས་འཁོར་རྒྱལ་དུ་ཆོས་སྐྱོང་རྣམས་ལ་བསྐང་གསོ་དང་སྙན་ཤལ་ཞག་ཡིག་མ། གྲ་ཚང་དུ་ཉིན་གསུམ་གྱི་བར་ཆོས་སྐྱོང་སྤྱིའི་བཀང་གསོའི་ཐོག་ཚོགས་འཁོར་སྤྱན་གཟིགས་བཟབས་རྒྱས། དེ་དང་མཚུངས་པར་གནས་


GLG006_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ལྕོག་དང་བསམ་ཡས། ལ་མོ། ཐང་པོ་ཆེར་སྐུ་ཕེབས་དང་བསྟུན་ཚོགས་ཆས་སྤྱན་གཟིགས་གྱ་ནོམ་པ་བསྟར། འབྲས་ཡུལ་སྐྱེད་ཚལ་མཁན་པོ། སེར་འབྲས་ཀྱི་སློབ་དཔོན་ལས་ཚན། ལྷོ་བྲག་གནས་གཞི་ཆོས་རྗེ། ཤ་གཟུག་སྐུ་སྐྱེ། ནང་སོ་དཀོན་དར་བ་ཅན་མང་པོ་དང་ཕྲད། ནང་སོ་དཀོན་དར་བར་རྗེས་གནང་ཁ་ཤས་དགོས་ཟེར་ཡང་ཁོང་གཅིག་པུར་མ་ཟད་སྐྱ་སེར་མང་པོར་ཆོས་བཀའ་དགོས་པ་རྣམས་ལུས་མ་སོས་པའི་བར་དལ་བར་མ་བསྡད་ན་འབྲུམ་ནད་འདི་གདུག་པ་ཆེ་བས་ཕུགས་ལུས་མི་ཐང་བ་འབྱུང་ཉེན་ཡོང་ཟེར་བ་ནས་ཟླ་བ་ཕྱེད་གསུམ་ཙམ་གྱི་བར་ཅི་བདེར་གནས། མེར་གན་ཁོ་ཤོའུ་ཆིའི་དཔོན་མོ་རྫོང་བདའ་བགྱིས། འདི་དུས་ནད་དྲག་པའི་ལེགས་སོའི་འཕྲོས་འཕྲོས་ཡེ་མེད་པ་བྱས་ན་འགབ་བསམ་པ་ཤར་ཡང་ཟུར་ཁང་དོན་གྲུབ་དབང་རྒྱལ་གྱིས་ཐོག་མར་ལེགས་སྐྱེས་ཤིག་བསྟར་བ་སློག་མ་བདེ། དེ་རྗེས་ནང་གི་དྲུང་འཁོར་རྣམས་ཀྱི་མཇལ་དར་དང་སང་ནས་བཟུང་བྱང་གླིང་པ། གཟིམས་ཤག་པ། འབྲང་རྒྱས་ཤག་པ། རིན་ཆེན་རྩེ་བ། དར་ཁན་དཀའ་བཅུ་སོགས་དྲུང་འཁོར་རགས་རིམ་ལ་ནད་ལངས་ཤིང་དེ་ནས་ཆོས་སྡེ་ཁག་དང་དབུས་གཙང་ཕལ་ཆེར་དུ་མགོ་ལ་མདའ་ཕོག་གི་ཁྲལ་ལྟ་བུ་སོང་བ་མཚེར་བ་ཙམ་བྱུང་། དེ་ཞོར་སྡེ་པ་ལ་གསུང་ཆམ་གདངས་ལེགས་ཀྱང་འབུལ་འདུག་པ་ཁོག་ཡངས་པ་ཡིན་ནམ་ཐུགས་སྣང་ཆེར་མི་མཛད། ཚེས་གསུམ་ནས་རིམ་པ་བཞིན་ལེགས་བྱའི་ཚུལ་དུ་གྲ་ཚང་སྤྱི་སོའི་ཚེའི་རྟེན་འབྱུང་སྒྲིགས་མ་དང་འཕར་མ་གཅིག །གྲ་དམངས་ཀྱིས་བསྡུས་པ་གཅིག་སྟེ་སོ་སོར་སྟེར་སྦྱིན་གཟེངས་བསྟོད་དེ་རྡུལ་ཚོན་


GLG006_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བའི་ཚེ་ཆོག་བཏང་། དེ་རྗེས་མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་བསྡུས་པའང་ཉིན་གསུམ་ཙམ་སྦྲེལ། པོ་ཏ་ལ་དང་ལྷ་སར་དགྲ་ལྷ་དཔངས་བསྟོད་ལ་བརྟེན་ལྷ་ཞལ་མཐོན་པོར་བཏེག །ཚེས་བརྒྱད་ལ་ལྷ་ས་དང་ར་མོ་ཆེར་བརྒྱ་མཆོད་སྣ་ལྔ་དང་འདོད་དོན་བྲིས་པའི་སྙན་དར་ཁ་བྱང་ཅན་ཕུལ། སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱིས་བདོག་པ་ཡོན་བཟབས་རྒྱས་སུ་སྦྱར་ཏེ་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་མཛད། སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོ་དཔོན་བློན་དང་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྤྱི་སོ་དང་བླ་མ་ཁམས་ཚན་སོགས་ཚང་མས་ལེགས་བྱའི་དངོས་པོ་རྒྱ་ཆེར་སྤེལ། ཚེས་དགུ་ལ་དཔལ་ལྡན་འབྲས་སྤུངས་ནས་དགེ་འདུན་བརྒྱ་ཕྲག་གསུམ། སེ་ར་ཐེག་ཆེན་གླིང་ནས་བརྒྱ་ཕྲག་གཉིས་ཀྱིས་ལྷན་དུ་བྱོན་པའི་ཟས་སྣ་བུ་རམ་གྱི་ཟ་མ་ཏོག་མང་པོ་དང་རུང་མཐུན་ཀྱི་གོས། དར་ཟབ་ཇ་རས་ཀྱིས་མཚོན་པ་མཎྜལ་གྱི་ཚུལ་དུ་བཤམས་ཏེ་དགེ་འདུན་མི་ཕྱེད་འདུས་པའི་བདེན་བརྗོད་ཀྱི་བྱིན་རླབས་ཆར་དུ་ཕབ། སེ་ར་སྤྱི་སོའི་ལེགས་བྱ་བརྟན་སྡོད་བསྡེབས་སུ་བྱུང་བའི་སོ་སོར་དབྱེ་བ་ཡོད་འདུག་རུང་གཟིམས་ཁང་དབོན་པོ་བོད་པའི་ཁམས་པར་སོང་བ་དང་མགྲོན་གཉེར་རྣམས་མགོ་བོ་སྦོས་པའི་ཐམས་ཅད་ཆུ་ལ་ཆུ་ཞག་གི་དབྱེར་མེད་རོ་གཅིག་ཏུ་ཐིམ། སྐྱོར་ལུང་མཁན་སློབ། ཡེར་བ་སློབ་དཔོན། སེ་སྟོན་བརྒྱ་མཁར་བ་ཚེ་དབང་རྡོ་རྗེ་ཅན་དང་ཕྲད། སེ་སྟོན་པ་འདི་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོར་སོང་བའི་བྱང་པ་རིགས་ལྡན་རིམ་བྱོན་གྱི་བཅའ་ཚེ་བཙན་པར་སྣང་ཡང་ཕྱི་སྐོར་ངམ་རིང་སྐུ་རིམ་པའི་གྲལ་དུའང་མ་ཆུད་པའི་


GLG006_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་སྐུའི་གྲལ་ཞིག་བྱུང་ཚོད་དུ་མཆིས། སེའི་སྔགས་འཆང་མགོན་པོ་བཟང་པོའི་སྐུ་གདུང་རྒྱ་མཁར་ཡས་ལྟག་ལྷ་ཁང་ན་བཞུགས་པ་ལུག་ལོ་བདེ་གཟར་སྐབས་འབྲོག་པས་བཤིག་པའི་དབུ་ཐོད་ཁྲོ་ཞལ་རང་བྱོན་ཡོད་པ་གླ་བའི་མཆེ་བ་ཅན། སེ་སྟོན་ཉི་མ་བཟང་པོའི་ཚེམས། རིགས་འཛིན་རྒོད་ལྡེམ་གྱིས་ཟང་ཟང་ལྷ་བྲག་ནས་སྤྱན་དྲངས་པའི་པད་གཞོང་དྲག་པོ་རྩལ་གྱི་སྒྲུབ་པའི་སྐབས་པད་གཏོར་ཞུ་ནས་ཐིམ་པ། སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་གསུང་འབུམ་སྐུ་ཤམ་གདུང་རུས་དམ་རྫས་ཀྱི་རིགས་སོགས་སྟེར་ཆ་དང་ཞུ་རྟེན་བྱུང་བ་སྟོང་པར་མ་ལུས་པའི་ཚེས་བརྒྱད་ཀྱི་ཟླ་བ་ཙམ་གྱི་དོན་སྨིན་བྱུང་སོང་། འདར་ལོ་ལ་སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་དབུ་ཞྭ་དང་གསོལ་ཞལ་ཤིང་གི་ཀ་པཱ་ལ་བཅས་བྱིན་པ་འབྱོར་ཞིང་ལན་དུ་གོས་ཡུག་བསྟར། གླང་བུ་ཆོས་རྗེའི་ཕྱག་དཔེ་དམར་པོ་སྐོར་གསུམ། མེ་འབར་པོ་ཏི། སྙན་བརྒྱུད་པོ་ཏི། ཞལ་གྱི་བེའུ་བུམ། ཧ་ལ་ནག་པོ་དང་བཅས་པ་གླང་ཕུ་ནས་འགྱུར་མེད་ཀྱིས་བྱིན་བྱུང་བ་གོས་ཡུག་ཆེ་ལེགས་ཀྱི་བདའ་ལན་དང་རིགས་བརྒྱུད་ལ་ཁའུ་པའི་བསྟན་འཛིན་བྱུང་ན་དཔེ་ཟགས་འཁྱར་མེད་པར་གཏོད་པའི་ཁས་ལེན་བྱས།ཚེས་བཅུ་ལ་ཐོད་རི་བཤད་གྲུབ་གླིང་པ་རྣམས་ཀྱིས་ཟང་ཟིང་གི་ལེགས་སྐྱེས་དང་བཅས་ཆོས་སྤྱོད་ཀྱི་རིམ་པ་དབྱངས་སུ་གྱེར། རྨེ་རུ་བ་བླ་གྲ་རྣམས་ཀྱིས་སྨོན་གྲོང་ལྷ་ཁང་དུ་མཆོད་ཡོན་འཁོར་བཅས་སྤྱན་དྲངས་པའི་ཤའི་ཕུང་པོ་དང་རུས་པའི་གྲམ་ཁྲོང་ཆེན་པོ་སྤུངས་པས་སྔོན་ཆད་འདི་ལྟ་བུ་མ་བྱུང་ཞིང་སླད་ནས་ཀྱང་བྱུང་བར་མི་འགྱུར་རོ་ཞེས་པའི་སྐྱ་སེར་ཐམས་ཅད་དགྱེས་པ་རབ་ཀྱི་རྩེར་སོན་པའི་དུས་དེར་ངེད་རང་ལའང་མགྲོན་བརྡ་


GLG006_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་རུང་རྐང་འཐེང་ལག་ཁྱོག་གི་རིགས་འདི་མྱུག་མྱུག་མངས་པ་མི་འགབ་པའི་གཤིས་དེ་གའི་སྐལ་བ་ཚེས་བདུན་ལ་བསྐྱལ་བའི་དཀར་དམར་གྱི་བཞེས་སྤྲོས་པོ་ཏ་ལའི་སྟེང་འོག་ཐམས་ཅད་ལྷ་ཞི་ཀླུ་ཞིར་བཏང་བ་དང་ལྷན་ཅིག་བདོག་པ་སྤེལ། གྲ་ཕྱི་ནས་དཔོན་ཚང་གནས་ལུགས་སུ་གྲགས་པ་སྟོད་ལུགས་ཀྱི་འཚོ་བྱེད་ཡོན་ཏན་ཆེ་ཞིང་ལྷག་པར་མིག་འབྱེད་ལ་ནང་བྱན་ཆུད་པ་ཞིག་ཡོད་ཟེར་བ་གཏེར་སྟོན་རིན་པོ་ཆེས་འབོད་མི་གནང་བའི་རྒྱུད་དང་གྲུབ་ཆེན་མི་ཏྲ་ཛོ་ཀི་ལུགས་ཀྱི་མིག་འབྱེད་ཕྱག་ལེན་དར་མོ་བ་བསླབ་བཅུག་པའི་དེ་ལོ་མི་བཞི་བཅུར་ཉེ་བའི་མིག་ཕྱེ་བ་སོགས་འགྲོ་ཕན་ལྷག་པར་འཕེལ་ཞིང་ལྷ་རྗེ་ལ་ཕོགས་དང་ཡོན་རྫོངས་རྒྱས་པར་བསྟར། བྱམས་གླིང་མཁན་པོ་ནུབ་སྒོ་སྟེང་པ་སྨད་རྒྱུད་སློབ་དཔོན་གསང་ཡིག་པ་གཉིས་དང་ཕྲད། གསང་བ་འདུས་པའི་རྫོགས་རིམ་ལ་བརྟེན་པའི་དྲི་མལ་མང་དུ་བྱུང་ཞིང་གཉིས་ཀ་ཕྱོགས་དེ་ལ་སྦྱངས་བའི་ལག་རྗེས་སྣང་། མེརྒན་ཧུང་ཐའི་ཇིའི་མ་དཔོན་མོ་ནོར་བུ་སྟེར་ཆ་དང་བཅས་ཕྱིར་ཐོན། སྟོད་རྒྱུད་སློབ་དཔོན་བྱམས་བཀྲས་པ་ཤར་དུ་བསྒྲིལ་བའི་གྲ་ཚང་གི་སློབ་དཔོན་དུ་བློ་གསལ་གླིང་ཞལ་སྔ་ནས་དགེ་འདུན་གྲགས་པ་བསྐོས། སྐྱེད་ཚལ་མཁན་པོས་ཚོགས་སུ་འཛུགས་རྒྱུའི་རིང་འཚོའི་ཚིགས་བཅད་དགོས་ཚུལ་བྱུང་བ་དང་དར་མཁན་དཀའ་བཅུའི་ངོར་བདག་བསྟོད། པོ་ཏ་ལའི་ལི་མ་ལྷ་ཁང་དུ་བཞུགས་པའི་བྲིས་ཐང་རྣམས་ཀྱི་དེབ་ཀྱི་འགོ་བརྗོད་བཅས་བརྩམས། བྱ་ཁྱུང་ཆོས་རྗེ་ལ་རྫོང་བདའ་དང་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་བྱས། ཐར་པའི་མཁན་པོ་འོད་མཆོག་སྐུ་སྐྱེ་བདོག་པ་སྤེལ་བར་འོངས་པ་དང་ཕྲད། སྡེ་པ་


GLG006_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་རྒྱ་མཚོ་ལ་ཡར་རྒྱབ་ཀྱི་བླ་གཡུ་ཁྱད་ཅན་མགྲོན་གཉེར་ཞིག་བརྒྱུད་དེ་ཕུལ་བ་གཏོར་མ་གནས་སུ་མ་འཁྱོལ་བའི་ལོ་རྒྱུས་དང་བཅས་ཟབ་ཁོག་ནས་གཡུ་ཞིག་ཕུལ། ཡར་ཀླུངས་སུ་ཀླུའི་སྐུ་ཁོག་འདུག་པ་སྡེ་པས་ཆེད་གཉེར་བོས་པའི་དྲི་མལ་མཛད་པར་ས་ཆ་ཡུལ་དབྱིབས་སོགས་ཁོག་པར་རྒྱུས་མེད་པ་མང་པོ་བཤད་པར་བརྟེན་ཡིད་བརྟན་དུ་རུང་བའི་ལུང་བསྟན་པ་དང་བསྟུན་ཆོས་འཁོར་རྒྱལ་གྱི་ལྷ་མོའི་བླ་མཚོ་དང་ལས་གཤིན་གྱི་བླ་མཚོར་གཞན་གྱི་ངན་གཏད་ཀྱིས་ནུས་པས་མཚོ་སྨན་ལ་འཕོག་ཐུག་བྱུང་བ་སེལ་བྱེད་དུ་ཀླུ་གཏོར། ཀླུ་གཏའ། ཁྲུས་གསོལ། ལྷ་བསངས། དར་ལྕོག །གོས་དར། ཁྲབ། ཇ། དངུལ་གྱི་བུམ་པར་སྨན་སྣ་དང་རིན་པོ་ཆེ་བླུག་པའི་མཚོ་རྫས་སྐྱེལ་བར་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོ་དང་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན། འཕྱོང་རྒྱས་ཀྱི་བོན་པོ་ཐོག་ལེགས་པ་བཀྲ་ཤིས་ཚེ་བརྟན་དང་སྤྱན་གཡས་པ་བློ་བཟང་ཚད་ལྡན་རྣམས་རྫོང་བདའ་བྱས་ཤིང་ཞར་དུ་བྱམས་ཆེན་ལ་འབུལ་རྒྱུའི་སྙན་དར་ཁ་བྱང་ཅན་བསྐུར། ཡར་ཀླུངས་ཆུ་སྐོར་བར་དང་སྲས་པོ་དར་རྒྱས་ཅན་ཁག་གཉིས་ཀྱིས་ཚོགས་འཁོར་ཟང་ཟིང་གི་དངོས་པོ་དང་བཅས་གྲ་ཚང་ནས་འཆི་མེད་འོད་སྣང་གི་ཆོ་ག་རྡུལ་ཚོན་དང་འབྲེལ་བ་བཏང་། ཚོགས་མགྲོན་དུ་ཆོས་སྡེ་ཁག་གི་བླ་མ་དང་ལས་ཚན་རྣམས་ཀྱང་བསྒྲིགས། ཁོང་ཁག་ལ་བདག་རྐྱེན་སྡེ་པས་མཛད་བདེ་མི་འདུག་པས་ངེད་རང་ནས་གདན་གཟོས་དང་སྟེར་སྦྱིན་གང་ལེགས་བྱས། རྩེ་ཚོགས་མཁན་སྤྱི་ནས་ཚན་གྲངས་ཀྱི་ལེགས་སྐྱེས་པ་མངགས། ཚེས་བཅོ་ལྔ་ལ་འཇམ་མགོན་བླ་མའི་གདན་ས་རི་བོ་དགའ་ལྡན་གྱི་


GLG006_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སློབ་གྲ་པ་བརྒྱ་སྐོར་དང་བཅས་ཕེབས་པའི་གོས་དར་ཇ་རས་ཀྱི་སྐྱེས་ཚར་དུ་དངར་ཏེ་སྨོན་ལམ་བཀྲ་ཤིས་ཀྱི་ཞལ་འདོན་རྒྱས་པར་གསུངས། སྡེ་པ་ཚལ་པ། དགས་པོ་ལྕང་ར་ནས། དགའ་ལྡན་གསང་སྔགས་གླིང་སློབ་དཔོན་རྣམས་ཀྱིས་དེ་མཚུངས་ཀྱི་ཞབས་སུ་འཐུད། ཨོ་རོད་སེ་ཆེན་རྒྱལ་པོའི་བླ་མར་ཚལ་ཡང་དགོན་ཆོས་རྗེའི་འཚོ་བྱེད་དང་བཅས་པ་བརྫངས། བཀྲ་ཤིས་ལྗོངས་སྤྱི་སོས་རིང་འཚོའི་ཚིགས་བཅད་བསྐུལ་བ་བྲིས། རྨི་རུ་བླ་མ་བྲག་སྒོ་རབ་འབྱམས་པའི་པདྨ་བཀའ་ཐང་གི་རྩོད་ཡིག་ལ་ཀ་ཚལ་ཟུར་པ་རིགས་འཛིན་དཀོན་མཆོག་ལྷུན་གྲུབ་ཀྱིས་དྲི་ལན་མཛད་པ་སྟོན་པ་དང་འབྲུམ་པ་ལས་གྲོལ་བའི་ལེགས་སོ་བརྗོད་པའི་སྙན་ཚིག་དང་བཅས་བསྲིངས་བྱུང་བ་ཁོང་པ་ཤེས་རབ་དང་ཡོན་ཏན་གཉིས་ཀ་ཆེ་གཤིས་ཚིག་སྐྱོན་རྣོན་པོ་དེ་ལ་བལྟོས་པའི་ལན་འདེབས་ལོད་པ་རང་མ་བྱུང་འདུག་པས་ལེགས་སོའི་འཕྲིན་ཡིག་སྙན་ངག་གི་ལམ་ནས་དྲངས། དེ་ཡང་གསེར་མདོག་ཅན་པའི་དགེ་བཤེས་རྒྱ་མ་བཙོད་གཏུན་རོང་པའི་རབ་འབྱམས་པས་ཐང་ཡིག་ལ་དགག་པ་བཏང་བའི་དུམ་བུ་ཞིག་སྔར་མཐོང་མྱོང་བ་ལོ་ཚིགས་སྔ་ཕྱི་སོགས་འགལ་འདུ་བརྡབས་པ་དང་རྟོག་གེ་པའི་རིགས་པ་ནས་དྲངས་པའི་ཚིག་སྐྱོན་ཤིན་ཏུ་སྣང་བ་དངོས་ལན་འདེབས་བྱ་འདེབས་བྱེད་དང་བྲལ་བར་སྣང་། རྒན་གྱི་རྗེས་ཟློས་བྱིས་པས་བྱེད་པ་བཞིན་རྨི་རུ་བླ་མས་དེ་ནས་བསྡུས་པའི་ཤོག་དྲིལ་ཞིག་བྲིས་པས་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་སོགས་ལན་མཛད་མཁན་དང་སླར་ཡང་མཛད་པའི་སྟ་གོན་འགའ་ཞིག་འདུག་པ་ཐང་ཡིག་གི་ལོ་ཚིགས་རྣམས་ཡེ་བསྒྲིག་ཐེབས་མེད་ཅིང་ཡིག་སྐྱོན་ཤོར་བའང་ཁ་ཡར་ཡོང་གཤིས་


GLG006_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ལན་བཏབ་ཀྱང་བཞེངས་པས་ཆེ་རུ་མི་འགྲོ། རྩེ་ལེ་སྤྲུལ་སྐུས་རྩོད་ལན་དུ་བཏགས་པའི་བདེན་ཁ་བྱིན་པ་དེ་འདྲ་ལས་ངེད་རྙིང་མ་བ་ཚོ་ཆོས་ལོག་ཡིན་གསུང་ན་དོགས་བདེ་བ་ཡོད། རྩོད་པ་པོ་རྣམས་ཀྱིས་ཀྱང་རྩོད་པ་སོང་སྙམ་པའི་རློམ་ནི་མི་འཚལ་ཏེ་དེ་བཞིན་གཤེགས་པའི་མཛད་པར་ཐེག་པ་ཆེ་ཆུང་སོ་སོར་བཤད་པའང་མི་མཐུན་པ་མང་། མདོ་མཛངས་བླུན་དུ་བྱང་ཆུབ་སེམས་དཔའ་ད་སྟེ་ཞག་བདུན་ནས་ལུས་ལ་མར་མེ་སྟོང་འཛུགས་པས་ལྟ་བ་ལ་ཤོག་ཅེས་ཟླ་ལམ་གྱི་བར་ཕོ་ཉ་བཀྱེ་བ་འདུག་པ་སྤྲུལ་པ་ལས་ཐ་མལ་བའི་རྒྱས་མི་ཁེབས་པའི་རྒྱུ་མཚན་ཞག་བདུན་ཏུ་ལུས་ལ་མར་མེ་འཛུགས་པར་ཟླ་ལམ་གྱི་ས་ནས་ལྟ་མཁན་རྣམས་མི་འབྱོར་བ་ལྟ་བུའི་ཚིག་སྐྱོན་ཙམ་ལ་ཁུངས་ཅི་ཡོད། མཽངྒལ་གྱི་བུ་དགྲ་བཅོམ་པ་ཐོབ་ནས་ཀུན་ཏུ་རྒྱུས་སྐུ་ལུས་འདམ་བུ་ལྟར་བཅོམས་ཏེ་བཀྲོངས་པར་བཤད། འཁྲུངས་རབས་སོ་བཞིའི་ལུང་རྒྱུན་ལ་ས་དགེ་བཀའ་བརྒྱུད་མཐའ་དག་ཚད་མར་འཛིན་ཡང་སློབ་དཔོན་གྱིས་བསྟན་བཅོས་མཛད་འཕྲལ་རྟེན་འབྲེལ་གྱི་དབང་ལས་སྟག་གི་སྐུ་ལུས་ཟོས་པ་སུས་ཀྱང་མ་ཚོར་བ་རིང་ཞིག་ནས་དཔེ་རྙིང་པའི་ལེའུ་སོ་བཞི་ཡན་མ་གཏོགས་དེ་ཕྱིན་ཆད་ཆར་ཆུས་ཟོས་ཏེ་མ་བྱུང་བའི་གཏམ་ཁུངས་མར་གྲགས་པས་དཔའ་བོས་ལུང་སུ་ལ་གནང་། ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་བཀའ་གདམས་གླེགས་བམ་དང་ལམ་ཡིག་ན་གསུངས་པ་དངོས་འགལ་ལ་སོང་བ་དུ་མ་ཡོད། དུས་འཁོར་ཤམྦྷ་ལ་ནས་འཕགས་ཡུལ་དུ་ཕེབས་པའི་ལོ་རྒྱུས་རྭ་འབྲོ་གཉིས་ཕྱོགས་ལོག་ཅིང་དེ་བཞིག་གཤེགས་པས་དུས་འཁོར་གསུངས་པའི་ལོ་ཟླ་བ་དང་དྲག་པོ་འཁོར་ལོས་


GLG006_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཀླ་ཀློ་བཏུལ་བའི་ལོ་ཚིགས་སོགས་ལ་མཁས་པ་མང་པོའི་ཡིག་ཆར་ཡང་མ་དག་པའི་ཁུངས་རྡོལ་དང་ལོག་བཤད་ཀྱང་མང་། རྗེ་མི་ལར་རྩམ་པ་ཙམ་ཡང་མ་འབྱོར་བར་ཟྭ་ཚོད་ཀྱི་དཀའ་ཐུབ་ལ་བརྟེན་ནས་གཅིག་པུར་བཞུགས་པའི་དུས་ཀྱི་གསུང་མགུར་རྣམས་ཡི་གེར་འཁོད་འདུག་པའི་སྣག་ཤོག་སམ་ཊ་ཡི་གེ་འདྲི་བའི་རྩོལ་བ་སུས་བྱས། རྗེ་བཙུན་ས་ཆེན་གྱིས་དུས་གཅིག་ལ་བཀོད་པ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དང་གུང་ཐང་དུ་ཟས་ངན་བྱུང་བས་ཐུགས་ལ་ཡོད་པའི་ཆོས་རྣམས་བསྙེལ་པའི་ལོ་རྒྱུས། སྒམ་པོ་ཟླ་འོད་གཞོན་ནུས་རླུང་ཕྱག་སོར་ལ་བཀྲམ་སྟེ་སྤོས་ཐལ་གཏོར་ནུས་པར་ཞབས་ཀྱི་དྲེག་གི་སྙུང་གཞི་ལ་དངུལ་ཆུར་སྦྱར་བའི་སྨན་འབྱུག་པ། བུ་སྟོན་ཐམས་ཅད་མཁྱེན་པ་བྱམས་པའི་སྤྲུལ་པར་བཤད་པ་ལ་ལས་ཀ་མི་ཡོང་བའི་མི་བསྐྱིལ་ན་ཟས་སྐོམ་གྱི་གྲོན་ཆེན་པོ་ཡོང་བས་མི་གསོ་ཞེས་ཞལ་གདམས་སུ་བྲིས། རྒྱལ་བ་བཙོང་ཁ་པ་ཆེན་པོ་རྡོ་རྗེ་འཇིགས་བྱེད་དངོས་ཡིན་པ་ལ་རྒྱ་འདྲེ་ལྦ་བ་དགུ་བརྩེགས་ཀྱིས་གླགས་བལྟས་པའི་ལོ་རྒྱུས་སོགས་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་རྣམ་ཐར་གྱི་ཚིག་ལ་འགལ་འདུ་ཡོད་པ་ཤིན་ཏུ་མང་། སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་གི་སྡིག་བློན་སོགས་ལས་མ་དག་པ་འགའ་ཞིག་ངོར་བོད་དུ་ཟླ་བ་བཅོ་བརྒྱད་ལས་མ་བཞུགས་པར་མང་ཡུལ་ལ་ཐོག་ནས་སྲིན་པོའི་ཁ་གནོན་དུ་འབྱོན་ཚུལ་བསྟན། མངའ་བདག་གཙོ་བོར་གྱུར་བའི་ལས་ལྡན་ཚོའི་སྣང་ངོར་ཞོ་སྟོད་གཏེར་སྒྲོམ་བྲག་ཏུ་མེ་ཕོ་སྟག་གི་ལོར་མཁར་ཆེན་བཟའ་ལ་མཁའ་འགྲོ་སྙིང་ཏིག་གནང་བ་སོགས་གནས་ཆེན་གངས་བྲག་ཀུན་


GLG006_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཞུགས་ནས་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་དེ་གཏེར་ཁ་གྲངས་མེད་སྦས། དུས་ཡུན་རིང་པོ་ཞིག་ནས་མཆོག་དམན་ཀུན་གྱི་སྤྱོད་ཡུལ་དུ་སྐུ་སྣང་བར་མཛད་པས་བདུད་བློན་གྱིས་རྒྱལ་པོ་མཛད་དཀར་བསྟད་ཚེ་བུ་ཚལ་གསེར་ཁང་གླིང་དུ་ལོ་པཎ་ཚོར་མཐོ་འཚམས་པའི་དུས་ཁྲོ་བོའི་སྐུར་བསྟན་ཏེ་ཚར་བཅད་པ་སོགས་བསྐལ་པའང་དུས་མཐའི་སྐད་ཅིག་མར་བསྒྱུར་ནུས་པའི་མཛད་པ་ལ་བྱིས་བློས་ཚད་གཞལ་ག་ལ་ནུས། ཇོ་བོ་ཤཱཀྱ་མུ་ནི་རྒྱལ་བ་ཟས་གཙང་སྲས་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་སངས་རྒྱས་དངོས་ཀྱིས་རབ་ཏུ་གནས་པར་ཡོངས་གྲགས་དང་ས་དགེ་བཀའ་གསུམ་གྱིས་ཚད་མར་འཛིན་པའི་བཀའ་གདམས་གླེགས་བམ་ཡང་ལྷ་པ་སྐུ་སྐྱེའི་རམ་བཏེགས་ནས་བྲག་སྒོ་རབ་འབྱམས་པས་བོད་ལྷ་དང་ཆོས་ལོག་ཏུ་སྨྲ་བའི་ཕྱིར་རྙིང་མ་བ་ཚོར་སྣག་ཚའི་སྒེར་ཉེད་མིན་འདུག་པས་རྙིང་ལུགས་ཀྱི་ཐུགས་སྦུབས་དམ་པོ་རྣམས་མེ་འབར་འཁྲུགས་པས་སྣག་ཤོག་གི་གྲོན་མ་མཛད་པར་མདའ་ཁྲ་གཡས་དང་འཕང་ཁྲ་གཡོན་གྱི་ཕྱགས་ལས་ལ་བརྩོན་པར་ཞུ། ཙ་ཀ་ལི་ཚོ་འཚོལ་བདེའི་དེབ་བསྒྲིག་གི་མགོ་བརྗོད་དང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཡན་ཇོ་བོ་བཀའ་གདམས་པའི་རྣམ་པར་ཐར་པ་ཁེ་དང་རྒྱལ་ཁ་གཞན་ལ་གཏོང་ཞིང་གྱོང་དང་བུབ་ཁ་རང་གིས་ལེན་པའི་དམའ་ས་འཛིན་པ་གནང་ལ། རྗེ་བསོད་ནམས་རྒྱ་མཚོ་དཔལ་ཕག་མོ་གྲུ་པ་དང་ཧོར་རྒྱལ་པོའི་ཏི་ཤྲིར་གྱུར་པས་ཅུང་ཟད་སྒྲོབ་ཆེ་བ་དང་། རྗེ་ཡོན་ཏན་རྒྱ་མཚོའི་དུས་གའུ་ལེ་ཞིག་སྣང་བ་ཞིབ་ཆའི་ངེས་ཏིག་ཆེར་མི་འདུག་པས་མི་ཆོས་དང་བསྟུན་པར་སྒྲིགས་བཅུར་


GLG006_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གང་དྲན་མི་འཕྱ་ཁྱི་དགོད་ཀྱི་རྒྱུར་མི་འགྲོ་བའི་ངེས་པ་མེད་པ་ནས། དེའང་མང་པོས་བཀུར་བ་རྒྱ་ནག་གོང་མའི་རྒྱལ་ཁབ་ཏུ་གང་བཞུགས་རྩོད་པའི་དུས་ཀྱི་འཁོར་ལོས་བསྒྱུར་རྒྱལ་ཡིན་གཤིས་གཟོས་སྒོ་ཤིན་ཏུ་ཆེ་བའི་འོས་ལ་གཞན་གྱིས་འགྲན་ཟླ་མ་མཆིས་ཤིང་དེ་ཕྱིན་བཀུར་གཟོས་ཆེ་བ་གདན་ས་གོང་འོག་གཉིས། དེ་འོག་སྣེའུ་སྡོང་རྩེ། སྟག་ལུང་ལྷ་སྡེ། ཞྭ་དམར་ནག་གཉིས་རྣམས། དེ་འོག་དགའ་ལྡན་ཁྲི་རིན་པོ་ཆེ། བཀྲ་ཤིས་ལྷུན་པོ། སྒམ་པོ། འབྲི་གུང་པ། འབྲུག་པ། མཚུར་ཕུ་དྲུང་པ། འཕགས་པ་ལྷ་རྣམས་ཀྱི་སྤྲུལ་སྐུ། སྒམ་པོ་སྤྱན་སྔ། ཁམས་རི་བོ་ཆེའི་ཆོས་རྗེ་རྣམས། དེ་འོག་རྡོ་རྗེ་བྲག །འབྲོག་བསམ་སྡིངས། སྦྱོར་ར་ཆེ་བ། ལྕགས་ཟམ་པ། དེ་མོ་བ་རྣམས་ཀྱི་སྤྲུལ་སྐུ། གནས་སྙིང་ཞབས་དྲུང་། གེ་རེ་ལྷ་པ་བསླབ་གཙང་རྣམས། དེ་འོག་ཞ་ལུ། ཚོགས་སྡེ་བཞི། གསང་ཕུ་གླིང་སྟོད་སྨད། རྟ་ཚག །གཟིམས་ཁང་གོང་། ངག་དབང་། སི་ཏུ། ཉི་ལྡེ། དྷཱི་ཚ། ཁལ་ཁའི་བྱམས་པ། སྟོང་འཁོར་བ། འཇམ་དབྱངས། རྒྱལ་ཁང་རྩེ་རྣམས་ཀྱི་སྤྲུལ་སྐུ། དགའ་ལྡན་རྩེ་ཤར་སོགས་དབུས་གཙང་གི་མཁན་པོ་སྤྱན་སྔ་ཐོབ་པ་དང་དེ་དང་དབྱིབས་འདྲ་བ་ནཱ་ལནྡཱ་བཅོ་བརྒྱད་པ་ལྟ་བུ། རྒྱལ་སྲས་ཤེར་འཕེལ་བ་སོགས་དང་བབས་མཚུངས་ཀྱི་སྤྲུལ་སྐུའི་རིགས། འུག་པ་ལུང་པས་མཚོན་སྔགས་བརྒྱུད་ཆེ་བ། ལྷ་བྱ་སོགས་སྡེ་དཔོན་ཆེ་ཁ་མངའ་རིས་ལ་དྭགས། རུ་ཐོག །ལྗངས་རྒྱལ་ཕོ་བྲང་གི་རྒྱལ་པོ་དང་སྐུ་རུས་གཅིག་པ། ཆ་ཁར་དང་ཇུ་ནང་གི་དབང་། ཁལ་ཁ་དང་ཨོ་རོད་ཀྱི་རྒྱལ་པོ་རྣམས་ལ་སྒྲོམས་དབྱིབས་མཚུངས་པར་གཟོས་


GLG006_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཆེ་འབྲིང་ཆུང་གསུམ་ཀ་མ་ཆག་སྐབས་སྦྱར། དེ་འོག་བོད་དང་བོད་ཆེན་པོ། རྒྱ་ཧོར་རྣམས་ཀྱི་ཆོས་སྡེ། གྲ་ཚང་། སྤྱི་སོ། བླ་སློབ་དཔོན། ཐའི་ཇི། དཔོན་ཆེ་ཆུང་། སྡེ་དཔོན་ཆུང་བ། ནང་སོ་རྣམ་པ། དྲུང་འཁོར། དཀྱུས་མ་སོགས་དྲག་ཞན་ཐལ་བྲིས་ཀྱི་སྒོ་ནས་གཟོས་ཆེ་བ་ཐོབ་པ་རྒྱ་བལ་གྱི་རྒྱལ་པོ་དང་གུ་གེ་བདག་པོ་སོགས་དང་། གཞན་ཡང་དྲེགས་པའི་སྡེ་དཔོན་ཁོག་ཏུ་བརླམས་པས་མཚོན་མཆོག་དམན་བར་བ་ཐམས་ཅད་ལ་ཡུལ་དུས་གནས་སྐབས་དང་བསྟུན་པའི་ཞིབ་ཆའི་རེག་ཟིག་ཚིག་དོན་རབས་གསལ་བཀོད། ཉེར་བཞི་ལ་རྒྱལ་པོ་ཡབ་སྲས་ཚོར་ཆེ་མགོན་དང་སྲས་ལྷ་བཟང་ཀླུ་དབང་ལ་ཚེ་དབང་བརྒྱ་རྩ། བསྟན་འཛིན་ད་ཡན་རྒྱལ་པོའི་དབུ་སྒོར་ཆེ་ཆུང་། ལྷ་རྒྱ་རི་བའི་ལེགས་སྐྱེས་པ་དྲུང་འཁོར་ངོ་མ། མས་དྲོ་ཆད་ཀ་སྤྱན་སྔ་ཅན་དང་ཕྲད། ཧོར་ཟླ་ལྔ་པ་སྔོན་མའི་ཚེས་གསུམ་ནས་ཞག་བདུན་གྱི་བར་ཞོ་སྟོད་གཏེར་སྒྲོམ་གྱི་ཁྲུས་རྫིང་ནས་དྲངས་པའི་ཆུ་ཚན་བསྟེན། མངའ་རིས་ལ་དྭགས་ཁྲི་རྩེ་མཁན་པོ་དར་རྒྱས་རྣམ་རྒྱལ་ན་མཐོས་པའི་ནན་ཞུས་ལ་བརྟེན་མཁན་པོར་དགེ་སློང་བློ་བཟང་ཚེ་བརྟན་དང་ལྷན་དུ་དགེ་ལུགས་ཀྱི་དགོན་པ་ལྔ་བཅུ་ང་བརྒྱད། གྲ་གྲངས་སུམ་སྟོང་དགུ་བརྒྱ་ལྷག་བཅས་ལ་གནམ་ཇ་དང་ཡ་ཇུ་ཉག་ཕྱེད་དོ་རེ། གྲ་པ་བཅུ་རེར་དངུལ་སྲང་རེའི་འགྱེད་དང་མང་ཇ་སྐོལ་བར་བཀྲ་ཤིས་རྩེ་ནས་དང་འཕན་པོ་ལྕང་རྒྱབ་པ་སྦྲེལ་པོ་བཏང་། འདི་རེས་སྡེ་པས་ལ་དྭགས་བདེ་ལྡན་ལ་ཡི་གེ་བསྐུར་ཚོད་ཡིན། ངེད་ཀྱིས་ནི་ཁོང་པ་ཞལ་དྲི་ཞིམ་པོ་མི་འདུག་པས་པར་བཀབ་མ་བསྲིངས། ཚེས་དྲུག་


GLG006_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་མོ་དང་མཇལ། སྡེ་པས་ར་མོ་ཆེའི་སྐོར་ཚད་དགོས་ཚུལ་བྱུང་བ་བར་སྐོར་ཕྱི་མའི་ཁྱོན་དང་ཇོ་བོའི་སྐུ་འབྲས་ལ་གཞལ་བའི་ཁ་གྲངས་གཏན་འབེབས་འདར་ལོ་དང་སྤོས་འཛིན་པ་ངག་དབང་ནམ་མཁའ་བྱེད་དུ་བཅུག་པར་འགོ་བརྗོད་དང་སྒྲོམས་བསྒྲིག་བྱས། ཚེས་བརྒྱད་ལ་ཡར་འབྲོག་བསམ་སྡིངས་སྤྲུལ་སྐུ་དང་འབོག་གོང་ཁག །བཅུ་ལ་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྲ་ཚང་གསུམ། སྔགས་གྲ་དགའ་ལྡན་རབ་རྒྱས་དང་བཅས་པའི་བླ་མ། སྡེ་སྲིད་རི་བོ་བྲག་པ། ཐོན་ཟིལ་གནོན་པ་རྣམས་ཀྱིས་ལེགས་སྐྱེས་ཀྱི་བདོག་པ་བསྟར་ཞིང་ཁྱད་པར་བཀྲ་ཤིས་ལྷུན་པོ་བ་དཔོན་སློབ་ཀྱིས་གོས་དར་སོགས་རྒྱ་སོག་གི་སྐྱེས་དངོམ་ཆེ། སྔོན་ཆད་གདན་ཡིག་སོགས་པར་བཀབ་མི་སྣང་བ་མཐོ་དམའ་ངེས་མེད་བྱུང་ཚེ་བསྙད་དོགས་རེ་འཁང་གི་རྒྱུད་དང་ཤེས་ལྡན་འདྲས་ཁྲེལ་གནས་སུ་མི་བྱེད་པའི་ངེས་པ་མི་འདུག་གཤིས་འདི་གའི་ཁྲི་ལ་ཆ་ལྔར་བྱས་པའི་ཆ་བཞིའི་རྩིས་གདན་ས་གོང་འོག་གཉིས། དེའང་རྩེ་གདོང་གི་ཞལ་ངོ་ཆོས་ཀྱི་རྒྱལ་པོ་འཕགས་པའི་བཞུགས་ཁྲི་པདྨོ་ཅན་དུ་ཁྲི་འདོན་མ་མཛད་པའི་རིགས་ལ་གདན་ས་གོང་ལས་ཅུང་དམའ་བ། ཆ་ཕྱེད་བཞི་པ་སྣེའུ་སྡོང་རྩེ། སྟག་ལུང་ལྷ་སྡེ། ཞྭ་དམར་ནག །ཆ་གསུམ་པ་དགའ་ལྡན་ཁྲི་རིན་པོ་ཆེ། བཀྲ་ཤིས་ལྷུན་པོ། འབྲུག་པ། སྒམ་པོ། མཚུར་ཕུ་དྲུང་པ། འཕགས་པ་ལྷ་རྣམས་ཀྱི་སྤྲུལ་སྐུ། སྒམ་པོའི་གདུང་བརྒྱུད་སྤྱན་སྔར་བཏོན་པ། ཁམས་རི་བོ་ཆེའི་ཆོས་རྗེ། འབྲི་གུང་གདུང་བརྒྱུད་ཡོད་སྐབས་སྟག་ལུང་པ་དང་འདྲ་ཡང་ད་ཆ་འདི་གྲས། དེ་ལས་ཅུང་ཟད་དམའ་བ་སྡེ་པ། ཆ་གཉིས་པ་རྡོ་རྗེ་བྲག །བོ་དོང་


GLG006_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ར་ཆེ་བ། འབྲོག་བསམ་སྡིངས། གཟིམས་ཁང་གོང་། བར་ཁམས་རྟ་ཚག །དེ་མོ་བ། ལྕགས་ཟམ་པ། ཁལ་ཁའི་འཇམ་དབྱངས། བྱམས་པ། རྒྱལ་ཁང་རྩེ། སྟོང་འཁོར་བ་རྣམས་ཀྱི་སྤྲུལ་སྐུ། གནས་རྙིང་ཁྲི་པ་བསླབ་གཙང་ཡིན་མིན་ལ་མ་བལྟོས་པ་དང་གེ་རེ་ལྷ་པ་བསླབ་གཙང་རྣམས། སུམ་སྟན་སྙེ་འབོལ་ཆེ་བ་ཞ་ལུ་དང་ཚོགས་སྡེ་བཞིའི་མཁན་པོ། གསང་ཕུའི་ཆོས་རྗེ་རྣམ་གཉིས། ལྷོ་བྲག་དྷཱི་ཚ། དཔའ་བོ། ཉག་རེ་བྲ་ཡག །སི་ཏུ་བཞིའི་སྤྲུལ་སྐུ། ཏྲེ་བོ་ཧོར་ཚང་ཆོས་རྗེ་རྣམས། སྲབ་ལྔ་བརྩེགས་པ་དགའ་ལྡན་རྩེ་ཤར་དབུར་སྟོད་སེམས་དཔའ། རྒྱལ་སྲས་ཤེར་འཕེལ། ཀར་ལུགས་ཏྲེ་བོ། ལྷོ་གསུང་སྤྲུལ། ཐུགས་སྲས་ཟླ་བ། རས་ཆུང་ཕུག །བར་ཁམས་ངག་དབང་། སྦྱོར་ར་འགྲོ་མགོན། ལྷ་རྩེ་གྲུབ་དབང་རྣམས་ཀྱི་སྤྲུལ་སྐུ། ནཱ་ལནྡཱ་བཅོ་བརྒྱད་པ། བཀྲ་ཤིས་རྩེའི་དབོན། སྟོད་རི་བོ་ཆེ་བ་དང་སྒེར་པ་བའི་མི་ངོའི་རིགས་ཀྱི་ཆོས་རྗེ། ཁམས་རྒྱ་སྟོན་པ། རྒྱལ་ལེགས་བཤད་གླིང་། སྤྱན་སྔར་མ་བཏོན་པའི་སྒམ་པོའི་གདུང་བརྒྱུད། གེ་རེ་ལྷ་གདུང་བརྒྱུད། ངམ་རིང་། མངའ་རིས་ཁྲི་རྩེ། བཟང་ལྡན། སྒྱེ་ཆུ། ཆོས་འཁོར་ལྷུན་པོ། འདར་གྲང་མོ་ཆེ། ལྷུན་རྩེ། གངས་ཅན་ཆོས་འཕེལ། སྣར་ཐང་། ངོར། གསེར་མདོག་ཅན། དཔལ་འཁོར་བདེ་ཆེན། ཐུབ་བསྟན་རྣམ་རྒྱལ། ཐུབ་བསྟན་ཡངས་ཅན། ཤངས་རི་བོ་དགེ་འཕེལ། སྐྱེད་ཚལ་གོང་། གྲ་བྱམས་གླིང་། གྲ་ཐང་། རི་བོ་བདེ་ཆེན། རྩེས་དང་ལྔ་མཆོད་པ། སྤྱན་གཡས་པ། གཉལ་སྡེ་དྲུག །ཐར་པ། འཕགས་སྡེ་བཞི། རྫིང་ཕྱི། སྐུ་རབ་དགའ་ལྡན་རབ་བརྟན། རྭ་སྒྲེང་། སྐྱོར་མོ་ལུང་། གསང་སྔགས་


GLG006_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་རྣམས་ཀྱི་མཁན་པོ། བྱ་ཡུལ། མས་དྲོ་ཆད་ཀ །བདེ་ཆེན་ཡངས་པ་ཅན་གསུམ་གྱི་སྤྱན་སྔ། ཆོས་རྒྱལ་གཏེར་བདག་གླིང་པ། བསམ་ཡས་དཀར་པོ། ཡང་འུག །རྟ་ནག་སྒྲོལ་མ་བ། སྨྲ་བོ་ལྕོག་པ། གནས་གཞི་བ་སོགས་སྔགས་བརྒྱུད་ཆེ་བ་རྣམས། སྲབ་སུམ་བརྩེགས་པ་གྲ་ལྕོག་གྲ་པ། ཨེ་བྲག་སྣ་བ། ལ་སྟོད་སེ་བརྒྱ་མཁར་བ། གོང་དཀར་དཀོན་གཉེར་དཔོན། ཆོས་རྗེ་བཀྲ་བཟང་པ། རྩེས་དང་ཆེན་པོ་བྱང་མ་བ། སྙེ་མདོ་བ་སོགས་བཀའ་གཏེར་གྱི་ཆོས་བརྒྱུད་ཟིན་ངེས། སེར་འབྲས་དགེ་གསུམ། ཆོས་འཁོར་རྒྱལ། བཀྲ་ཤིས་ལྷུན་པོའི་སློབ་དཔོན་པ་རྣམས། རྒྱལ་སྐབས་སུམ་སྟན་སྙེ་འབོལ་དང་། བཅས་བདེར་ས་སྟན་གོས་སྟན་ཁ་གང་མ་ཁ་གདན་ལྟ་བུར་སྣ་དཀར་རྩེ། ལྷ་བྱ། སྐྱིད་ཤོད། སྟག་ལུང་པ་སོགས་གདན་ས་གོང་འོག་གི་བཙུན་མོར་ཁ་གང་མ་བཞི་བརྩེགས། སྣེའུ་སྡོང་རྩེའི་བདག་མོར་སུམ་བརྩེགས་ཁ་གདན། ས་སྟན་སྟེང་གོས་སྟན་ཡུག་པ་ལྷོ་འབོག་མདོང་། ཐོན་པ། གཟིམས་ཤག་ལྷོ་པ། སྡེ་དཔོན་ཆེ་ཁའི་དཔོན་སའི་རིགས་དང་། ནང་སོ་རྣམ་པ་དཀྱུས་མ་ལས་དྲག་ཙམ་ལ་གུང་སྟན་རིགས་གསུམ། ནང་སོ་རྣམ་པ་དཀྱུས་མ། ཀྲེ་ནག་སོགས་འབྲོག་རིགས་ཀྱི་དཔོན། ཞང་སྟོན། དར་སྡིངས། རི་ཞིང་། གྲུ་ཚང་པའི་མི་ངོའི་རིགས་སོགས་ལ་མགོ་སྟན་རིགས་གསུམ། མཇུག་བསྒྲིགས་རིགས་གསུམ། སྟག་གདན་རིགས་གསུམ་རྣམས་གང་འོས། རྒྱ་སྔོ་དམར་པོ་གསུམ་གྱི་གྲུམ་སྟན་འཇགས་ལྡན་སྟེང་གསང་ཕུའི་ཆེན་པོ། དཔལ་རི་སྤྲུལ་སྐུ། རྫོགས་ཆེན་སྤྲུལ་སྐུ། གོང་ར་ངེས་གསང་གླིང་གི་བླ་མ། གྲ་དར་སྡིངས་པ། བླ་ཆེན་


GLG006_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཕྱག་མཛོད། གོང་གསལ་འཇགས་མེད་གསུམ་གྱི་སྟེང་དབུས་གཙང་ས་དགེ་བཀའ་བརྒྱུད་ཀྱི་དགོན་གྲ་གཙང་བའི་སློབ་དཔོན། བལ་པོའི་རྒྱལ་ཁག །རྒྱ་གར་ར་གོ་ཤིང་། འཛུམ་ལང་། མངའ་རིས་སོགས་ཕྱོགས་མཐའི་རྒྱལ་ཁག་གི་མི་སྣ་རྣམས་ལ་དམར་གྲུམ་ཡན། ཉིས་ཚོས། ལྗང་གུ་ནག་པོ་གསུམ་གྱི་སྟེང་བཙན་བཙུན། བྱ་བྲལ་གྱི་བླ་མའི་རིགས། རྐྱོང་གདན་གང་འོས་སྟེང་དྲུང་འཁོར། ལྡིང་དཔོན། ཆོས་སྡེ་ཁག་གི་གཉེར་ལས་འཛིན་སོགས། སྲབ་ལྔ་བརྩེགས་སྟེང་རྒྱ་ནག་གོང་མའི་མི་སྣ་རྒན་གཞོན། གོང་གི་ཐམ་ཁ་འཛིན་པའི་ནང་ཕྱོགས་ཀྱི་ནང་སོ་རྣམས་ཁྲི་མཐོ་དམའ་ཇི་ལྟར་འཚམ་པའི་སྟེང་ཁལ་ཁའི་རྒྱལ་པོ། དེ་ལས་ཅུང་དམའ་བར་བསྟན་འཛིན་ད་ལའི་རྒྱལ་པོ། ཨོ་རོད་སེ་ཆེན་རྒྱལ་པོ་སོགས་རྒྱས་སར་མངའ་གསོལ་བའི་རིགས། ས་སྟན་གོས་འཇབ་ཉིས་བརྩེགས་སྟེང་ཁལ་ཁ་ཨོ་རོད་ཀྱི་དཔོན་པོ། གོས་འཇབ་གཅིག་གིས་དམའ་བར་དཔོན་ཆུང་དང་དཔོན་མོའི་རིགས། གྲུམ་ཙེ་མི་བཟང་དང་མི་སྣ་དྲག་པར་འདིང་བ་སྤྱིར་བཏང་དང་དམིགས་བསལ། ལོ་གསར་སོགས་ཞུགས་གྲལ་ཆེན་མོའི་དུས་ཁྲིའི་ཉེ་སྐོར་དུ་གྲོང་སྨད་ཨ་བར་ལ་ས་སྟན་གོས་འཇའ་ཁ་བཀུག་ཁ་གང་མ་ཁ་སྟན་ཅོག་ཙེ། གཟིམས་དཔོན་མཆོད་དཔོན་སོགས་ལས་ཚན་ཆེ་ཁ་རྣམས་ལ་གྲུམ་འཇག་མགོ་སྟན། རྒྱུད་སྟོད་སྨད་སེར་འབྲས་ཀྱི་སློབ་དཔོན་ལྟ་བུར་སུམ་སྟན་སྙེ་འབོལ་ཆུང་བ་བྱེད་སྐབས་གདན་གཟོས་གོང་མ་རྣམས་ཀྱང་དེ་གའི་འགྲོས་ཀྱིས་འཕར་འགྲོ་ཞིང་གྲུམ་འཇག་ཐོབ་པར་སྲབ་སུམ་བརྩེགས་ལྔ་བརྩེགས་གང་རུང་མི་བབས་དང་བསྟུན་པ། སྐྱིད་ཤོད་སོགས་སྡེ་


GLG006_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེ་ཁ་རྣམས་རྒྱུན་དུ་སོག་པོའི་ཐའི་ཇི་ཚོ་དང་ལྷན་དུ་འཚོ་སྐབས་སོག་པོའི་ཆེ་བས་མཉམ་པ་ལ་མི་ཡོང་ཡང་། རིན་ཆེན་རྒྱན་སྤྲོད་ཀྱི་དམིགས་བསལ་ལ་སུམ་སྟན་སྙེ་འབོལ་ཆེ་བ། འབོག་གོང་པ་སོགས་དེ་འོག་མ་ཚོར་སུམ་སྟན་སྙེ་འབོལ་ཆུང་བས་མཚོན་ཡུལ་དུས་གནས་སྐབས་ཀྱི་བསྒྱུར་ལུགས། བླ་བྲེ། པང་ལྕོག །འབྲས་ཤེལ། ཨུཏྤལ། ངང་ཆུང་མ་སོགས་ཧོར་དཀར། ཀརྨ་གན་དཀར། རབ་དཀར་གྱིས་མཚོན་པའི་བྱེ་བྲག་རྣམས་དཔལ་ཕག་མོ་གྲུ་པའི་ལུགས་སྲོལ་ཁུངས་མར་གཞི་བྱས་པའི་ཞིབ་མོ་རྣམ་དག་རབ་གསལ་མེ་ལོང་ཞེས་བྱ་བ་བྲིས། བཀྲ་ཤིས་ལྷུན་པོ་པ་རྣམས་ལ་བཀའ་གདམས་ལྷ་བཞིའི་རྗེས་གནང་ཟུར་བཀའ་དང་ལམ་རིམ་འཁྲིད་ཡིག་གསར་རྩོམ་གྱི་ལུང་བཀླགས། གཙང་གི་ཆོས་སྡེ་ཆེན་པོའི་གོས་སྐུ་སྡེ་པ་གོང་མས་དབུས་སུ་འདྲེན་པ་མཛད་ནས་པོ་ཏ་ལའི་ཤར་སྒོའི་ལྕོག་ཏུ་སྡུད་པ་གནང་བ་འདི་རེས་ཞིག་གསོས་དགོས་པ་གྲུབ་པ་དང་ཐང་པོ་ཆེར་བཞེངས་པའི་གསེར་རྐྱང་དང་ཁྲ་ཆེན་གྱི་བཀའ་འགྱུར་གཉིས། དཔག་བསམ་འཁྲི་ཤིང་། ལམ་རིམ་བརྒྱུད་པ། ཕྲེང་བའི་དཀྱིལ་ཐང་སོགས་ལ་རབ་གནས་རྒྱས་པ་ཞིག་དགོས་ཚུལ་སྡེ་པས་གསུངས་བྱུང་བ་པོ་ཏ་ལའི་ཕོ་བྲང་ལ་སྔར་རབ་གནས་བྱུང་མ་སོང་བས་མ་འགྱངས་པར་ཞིག་གསོས་ཀྱི་སྒོ་ཤར་རིགས་ནས་འཕྱིས་པ་ཙམ་ཡིན་འདུག་རུང་དཔལ་ཆེན་ཕུར་པའི་རས་བྲིས་ཀྱི་དཀྱིལ་འཁོར་ཕུར་ཆ་དང་བཅས་པ་ལ་བརྟེན་ནས་ཚེས་བཅུ་གསུམ་གཟའ་ལྷག་པ་དང་ལས་སྐར་ས་ག །བཅུ་བཞི་རེས་གཟའ་ལྷའི་བླ་མ་དང་ཟླ་སྐར་ལྷ་མཚམས་ཀྱི་འཕྲོད་སྦྱོར་ཤིས་པའི་ཐོག་དངོས་གཞི་གྲུབ་པ་ཚེས་ཀྱི་ཆུ་ཚོད་ཁྱད་ནས་ཐོ་རངས་སྔ་


GLG006_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ནས་བཙུགས་ཤིང་ཉིན་ཕྱེད་ཡོལ་ངེས་ལ་ཟིན་པ་བྱས། བརྗོད་བྱ་དོན་གི་རབ་གནས་ཇི་ལྟར་ཡང་རྗོད་བྱེད་ཚིག་གི་རབ་གནས་ལོ་ཆེན་རིན་ཆེན་བཟང་པོའི་སྡོམ་ཚིག་ལ་ཆུ་བུན་མ་བྱུགས་ཙམ་གྱི་ལུགས་ཡིན། རབ་ཡོན་གྲ་པ་རེར་ཁ་བཏགས་སྨན་ཙེ་གོས་ཁ་རེ། བཅུ་རེའི་སར་གསེར་ཞོ་རེ་དང་བུར་ལྟང་། ལས་ཚན་སོ་སོར་གོ་བབས་དང་བསྟུན་པའི་ཚན་གྲངས། ཁྱོན་བསྡོམས་ཁ་བཏགས་ཆིག་བརྒྱ་ང་དགུ། གོས་ཁ་ཆིག་བརྒྱ་གྱ་བརྒྱད། སྨན་ཁ་ཆིག་བརྒྱ་གྱ་བདུན་དར་སྣ་ཚོགས་ཁ་བཅོ་ལྔ། གསེར་ཞོ་དང་བུར་ལྟང་སོ་སོར་བཅོ་བརྒྱད། སྔོ་གྲུམ་གཉིས་དང་ཆ་གྲུམ་དྲུག །དྲིལ་ཡུག་བཞི། ལྷོ་རས་ཡུག་དགུ་རྣམས་སོང་། ཚེས་བཅོ་ལྔའི་ཉིན་རབ་སྟོན་ལ་ཚོམས་ཆེན་དུ་དིང་བཏགས་ཀྱི་སྔགས་སྐུ་ཁྱད་མཚར་མང་དག་བཀོད་ལེགས་སུ་བཀྲམ། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། ཤེར་འཕེལ་སྤྲུལ་པའི་སྐུ། སྤྱན་གཡས་མཁན་པོ། ཆོས་རྗེ་བཅོ་བརྒྱད་པ། གཏེར་སྟོན་རིན་པོ་ཆེ། བཀྲ་ཤིས་བདེ་ཆེན་དང་ཆོས་འཁོར་ཡང་རྩེའི་བླ་མ། དཔལ་རི་སྤྲུལ་པའི་སྐུ། དར་རྒྱས་ཆོས་སྡིངས་རྒྱལ་སྲས་པ། བཀྲ་ཤིས་ལྷུན་པོ་དང་དཔལ་འཁོར་ཆོས་སྡེའི་སློབ་དཔོན་ཁ་ཤས། སྡེ་སྲིད་རི་བོ་བྲག་པ། བདེ་ཆེན་ཐའི་ཇི། ཐོན་ཟིལ་གནོན་པ། ཕྱག་མཛོད་ཕུན་ཚོགས་རབ་བརྟན། སྟག་ལུང་ཕྱག་མཛོད། གྲ་ཚང་ཡོངས་རྫོགས། དྲུང་འཁོར་སྐྱ་སེར་སོགས་ལ་གཞིས་ལེན་རྒྱས་པར་བསྟར། གོང་དཀར་དཀོན་གཉེར་དཔོན་པ་དེ་ཁྲོད་དུ་དགོས་རྒྱུར་འདུག་རུང་ཟན་ཆེན་རྟིང་པར་སོང་སྐྱོན་གྱིས་མ་བྱུང་། རྡོ་རྗེ་བྲག་སྤྲུལ་པའི་སྐུས་ནད་ལས་གྲོལ་


GLG006_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལེགས་སྐྱེས་དང་རིང་འཚོའི་རྟེན་འབྱུང་སྦྲགས་པར་བླ་མ་མངའ་བདག་ཉང་གིས་འཕྱིང་ངམ་སྟག་རྩེའི་བམ་སོ་དམར་པོ་ནས་སྤྱན་དྲངས་པའི་བྱང་ཆུབ་ལྗོན་ཤིང་ལས་གྲུབ་པའི་བླ་མ་རྡོ་རྗེ་འཆང་གི་སྐུ། རྟ་མགྲིན་དྲེགས་པ་ཟིལ་གནོན་རྒྱུད་ཀྱི་ཤོག་སེར་ཆུ་གླང་གི་རྭའི་སྲོག་ཤིང་ཅན་གྱིས་གཙོས་པའི་ཟང་ཟིང་གི་ཚན་གྲངས་སྟེར་སྦྱིན་མཛད། ཚེས་བཅུ་དྲུག་ལ་ཆོས་སྡེ་རི་བོ་བདེ་ཆེན་པས་ཐོག་དྲངས་སྤྱན་གཡས། དཔལ་རི། འཕྱོས་ཀྱི་དགོན་ཁག་གསུམ། དྲུང་འཁོར། ལྡིང་ཁག་དང་བཅས་པས་ཚོགས་ཆས་ཚན་གྲངས་འགྱེད་ཀྱི་ཡོན་སྦྱར་ཏེ་གྲ་ཚང་གིས་རྡུལ་ཚོན་ལ་བརྟེན་པའི་འཆི་མེད་འོད་སྣང་གི་ཚེ་ཆོག་རྒྱས་པར་བཏང་། དེ་རྗེས་རི་བོ་བདེ་ཆེན་པ་བཞི་བཅུ་སྐོར་གྱི་ཚིགས་བཅད་གདངས་མ་གསུངས། ཁོང་རྣམས་ལ་བྱམས་སྨོན། ལྟུང་བཤགས། བཟང་སྤྱོད། གཏོར་མ་བརྒྱ་རྩ་མུ་ཐི་ལའི་འཁྲི་ཤིང་རྣམས་ཀྱི་ལུང་བཀླགས། སང་ཉིན་ཡོན་སྦྱོར་དང་ཆོ་ག་སོགས་དབྱིབས་འདྲ་བའི་སྐྱིད་ཤོད་བདེ་ཆེན་པ་ཡབ་སྲས་ཀྱིས་སྦྱིན་བདག་མཛད། ཚེས་བཅོ་བརྒྱད་ལ་ཆོས་སྡེ་ཆེན་པོ་ཕན་ཚུན་གྱི་སློབ་དཔོན། ལས་འཛིན། དབོན་ཆོས་མཛད། ཁམས་ཚན། མི་ཚན་གྱི་མི་སྣ། བདག་མོ་རྩེ་ཆེན་མ། ཆོས་རྗེ་ཆུ་མིག་པ། ནང་གི་དྲུང་འཁོར་གྲས་ནས་གྲོང་སྨད་སྡེ་པ་ཨ་བར་དང་བཅས་ལ་རབ་སྟོན་གྱི་བཞུགས་གྲལ་བཏང་། ཚེས་བཅུ་དགུ་ལ་བཀྲ་ཤིས་ལྷུན་པོ་བ་སྐོར་བཅས་ཐོན་པའི་རྫོང་བདའ་རྒྱས་པར་གྱིས། ཕྱག་མཛོད་དང་སློབ་དཔོན་རྣམས་ཀྱིས་བསྐུལ་བའི་ངེད་རང་དང་སྤྲུལ་པའི་སྐུ་རིན་པོ་ཆེའི་བརྟན་བཞུགས། གཞིས་ཀ་ཤར་པ་ཨ་གུར་གྱིས་ལོག་


GLG006_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲིའི་བསྙེན་མཚམས་ཀྱི་དུས་སྐྱབས་སེམས་སྨོན་ལམ་བཀྲ་ཤིས། ཆོས་བློན་བྲན་ཀ་དཔལ་ཡོན་མཚམས་སྦྱོར་ངན་པའི་རྐྱེན་གྱིས་མི་མ་ཡིན་དུ་སྐྱེས་པ་འཕན་ཡུལ་ཐང་སག་གི་གཞི་བདག་ཡིན་པའི་ཁར་ཕྱི་སྐོར་བྱ་བྲལ་གཙོད་རུ་ལག་ཏུ་ཐོགས་པའི་དམ་སྲི་ཞིག་གིས་བླ་མ་སྔ་ཕྱི་དང་གྲ་པ་མང་པོར་བར་ཆད་བྱུང་བ་ལྟས་ངན་གཡང་འགུགས་ཡིན་ཁུལ་གྱི་གསོལ་མཆོད་བྱེད་རྒྱུ་དང་རིང་འཚོའི་ཚིགས་བཅད། རི་བོ་བདེ་ཆེན་གྱི་གྲ་རིགས་འགའ་ཞིག་གིས་བསྐུལ་ནས་རི་བོ་བྲག་བཙན་པའི་གསོལ་མཆོད། བཀྲ་ཤིས་བདེ་ཆེན་དུ་འཛུགས་རྩིས་ཀྱིས་འཕྱོས་པ་དོན་རྒྱམ་པས་བསྐུལ་བའི་ཁ་ཏོན་གསོལ་འདེབས་རྒྱ་སྐད་མ། དགེ་སློང་འཇམ་དབྱངས་གྲགས་པས་གྲ་ཚང་དང་རི་བོ་བདེ་ཆེན་དུ་སྙན་དར་ཕུལ་བའི་ཁ་ཡིག་རྣམས་བྲིས། ཉེར་གཅིག་ལ་ཆོས་རྗེ་བློ་བཟང་བསྟན་འཛིན་གྱིས་གཙོས་བཀྲ་ཤིས་ལྗོངས་པ་གྲ་བཅས་ཀྱིས་ཟང་ཟིང་གི་སྟེར་སྦྱིན་མཛད་དེ་རིང་འཚོའི་ཚིགས་བཅད་གསུང་། བློ་བཟང་ཉི་མ་དགེ་འདུན་བློ་གྲོས་ཅན་རི་བོ་བདེ་ཆེན་དང་བཀྲ་ཤིས་བདེ་ཆེན་གྱི་གྲ་པ་བཅུ་བདུན་བསྙེན་པར་རྫོགས། བྲོ་འཚལ་བ་ལས་གྲོལ་བའི་དགའ་སྟོན་དུ་བྱེ་རི་སྟག་རྩེ་ནས་ཐའི་ཇི་ཡབ་སྲས་ཀྱིས་དཀར་སྤྲོ་དམར་སྤྲོའི་བཞུགས་གྲལ་དང་བདོག་པ་རྒྱས་པར་བྱུང་། ཤངས་དགའ་ལྡན་ཆོས་འཁོར་སློབ་དཔོན་ཅན་ལ་སྨན་བླའི་བརྒྱུད་འདེབས་ཀྱི་ལུང་བྱས། ཧོར་ཟླ་ལྔ་པ་ཕྱི་མའི་ཚེས་གཅིག་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་རྒྱལ་མོ་བཞི་པ་དང་སྲས་བཀྲ་ཤིས། ཏྲེ་བོ་དཀར་ལྕོག་སྤྲུལ་སྐུ། རྩེ་གདོང་ཕྱག་མཛོད། ཞ་ལུའི་སློབ་དཔོན་སོགས་


GLG006_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སྐྱེས་བསྟབ་པར་འབྱོར། གསང་སྔགས་མཁར་མཁན་སློབ། ལྷ་ས་སྡེ་བཞི་དང་བཅས་པས་དངོས་པོའི་ཚན་གྲངས་ཚར་དུ་དངར་ཏེ་རིང་འཚོའི་རྟེན་འབྲེལ་བསྒྲིགས་པར་སོ་སོའི་ལུགས་ཀྱི་ཞལ་འདོན་རིམ་གྱིས་མཛད་ཁུལ་ལ་སྔགས་མཁར་བ་རྣམས་ཀྱིས་རང་རྐྱ་མ་ཕེར་བར་ལྷ་ས་བ་ཚོར་བབས་ཕུལ་ཏེ་རྗེས་སུ་འབྲངས། ཉང་སྟོད་ནས་གནུབས་ཀྱི་སྔགས་འཆང་བགྲད་པ་མཆེད། གཉོས་ཀྱི་སྔགས་འཆང་གུང་རུ་བ་ཡབ་སྲས། རྩེ་ཚོགས་པའི་གྲ་པ་སོགས་ཕྱོགས་འདུས་མང་བར་ཇ་གྲལ་བཏང་། སྐྱར་པོ་བ་བློ་བཟང་ལེགས་ལྡན་ཚེས་ལྔ་ལ་བར་ཁམས་སོགས་ཀྱི་དོན་གཅོད་ལ་མཚོ་སྔོན་པོར་ཐོན། ཚེས་དྲུག་ལ་ངེད་རང་གིས་མཁན་པོ། ཕ་བོང་ཁའི་སློབ་དཔོན་འཇམ་དབྱངས་གྲགས་པས་ལས་སློབ། དགེ་སློང་འཇམ་དབྱངས་གྲགས་པས་གསང་སྟོན་བྱས་ཏེ་ཏྲེེ་བོ་དཀར་ལྕོག་སྤྲུལ་སྐུ་བསྙེན་པར་རྫོགས། སང་ཉིན་སྟག་ལུང་ཞབས་དྲུང་ཀུན་སྤངས་པ་ཕེབས་པར་ཆིབས་བསུ་ལྡང་བ་མཇལ་དར་བཞུགས་ཁྲིས་མཚོན་པའི་བཀུར་བཟོས་གང་ཆེ་ཞུས་ཤིང་རྟ་དྲུག་ཅུས་གཙོས་པའི་གནང་ཆ་དཔངས་བསྟོད། སྡེ་པ་ནོར་བུའི་སྐུ་རིམ་སྲུང་འཁོར་སྲད་རྒྱུད་སློབ་དཔོན། རོང་པ་རྫོགས་ཆེན་པའི་བུ་ཆེན་ཀརྨ་ཚེ་བརྟན་ནམ་བློ་བདེ་ཧང་སངས་ཅན་སྐྱ་སེར་མང་ཞིག་དང་ཕྲད། གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ལུས་དབེན་ལུགས་སོགས་ལམ་གྱི་དཀའ་གནད་དུ་མའི་དྲི་བ་བྱས་པར་སྲད་རྒྱུད་སློབ་དཔོན་པ་རྒྱལ་བ་བཙོང་པ་ཁ་ཡབ་སྲས་ཀྱི་གསུང་རབ་དང་མཐུན་པའི་གླེང་མོ་རྣམ་དཔྱོད་དང་ལྡན་པ་སྣང་། དྲུག་ཅུ་པར་ཞ་ལུ་བའི་རྩ་ཚིག་དྲངས་པའི་བཤད་ཡམ་བྱེད་


GLG006_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་རུང་རྙིང་མའི་མདོས་གཏོར་མཐོང་བ་ལ་ཡང་དཔེ་བླངས་རྔམ་རྔམ་འཇིགས་འཇིགས་གཙོ་བོར་བཏོན་པའི་གུ་ཡངས་དཔའ་ཐལ་ལས་ལུགས་སྲོལ་ཁུངས་བཙུན་ཡོད་ཉམས་ཀྱི་གཏམ་མི་སྨྲ། བློ་བདེ་ཧང་སངས་ནི་རྫོགས་ཆེན་གྱི་ཉམས་རྟོགས་ཆེར་མེད་ཀྱང་རྡོ་རྗེ་སེམས་པའི་སྐུ་རྐྱང་པ་ཙམ་འཆར་ཟེར་བ་དེ་ཉམས་གོང་འཕེལ་གྱི་མཇུག་དང་རིག་པ་ཚད་ཕེབས་ཀྱི་སྐབས་ཡིན་རུང་ཆོས་ཉིད་མངོན་སུམ་གྱི་ཐོག་མ་ལྟ་བུར་འཁྲུལ་བའི་བླ་བཙོངས་སོང་བ་རིན་ཅི་བྱུང་ནི་མ་ཤེས། ཚེས་དགུ་ལ་སྟག་ལུང་ཞབས་དྲུང་རིན་པོ་ཆེ་དཔོན་སློབ་དང་རྒྱུད་སྟོད་སློབ་དཔོན་པ་ཅན་ལ་གྲུབ་རྒྱལ་ལུགས་ཀྱི་ལྷ་གཅིག་བུམ་གཅིག་གི་ཚེ་དབང་ཞབས་དྲུང་དང་སློབ་དཔོན་པ། གེ་ར་གསོལ་དཔོན། དར་མོ་འཚོ་བྱེད་བཞིར་བ་རི་ལུགས་ཀྱི་རྣམ་འཇོམས་ལ་བརྟེན་པའི་བཀྲུ་བྱབ་སྲུང་གསུམ་ཕུལ། དེ་གྲུབ་བསྟུན་གསུང་བགྲོས་གནང་ཁྱད་ནས་མི་གཞན་མེད་པའི་གསོལ་ཇ་སྦྱོར་གསུམ་གྱི་རིང་ཞབས་དྲུང་ཆེན་མོ་དག་པའི་ཞིང་དུ་གཤེགས་པ་དང་ཁུ་དབོན་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་པ་ལས་ཚན་འགའི་བི་ན་ཡ་ཀའི་འཕྲུལ་གྱིས་ངོས་མཇལ་མ་བྱུང་བ་བཞུགས་ཁྲི་མཐོ་ལ་ཀུན་གྱིས་བསྙད་པའི་གཞིར་གྱུར་ཚུལ་སོགས་ཀརྨ་ཕྲིན་ལས་པའི་ཐུབ་ཆེན་གདན་ས་དང་འདྲ་བའི་གསུང་གཅོད་ཤིན་ཏུ་ཆེ་བ་འབྱོན་པ་རྒྱས་པས་བྲག་ཐོག་ནས་ཆུ་འབྱོར་བ་ལྟ་བུ་ཉན། བདའ་ལན་གྱི་འབུལ་བ་གཞིས་ལེན་ཆིབས་སྐྱེལ་དང་བཅས་དཔལ་ལྡན་ཐང་པའི་ཆོས་ཀྱི་འཚོ་བའི་བསྟི་གནས་ཆེན་པོར་གླང་ཆེན་དལ་འགྲོས་ཀྱིས་གཤེགས། རིགས་ཀུན་ཁྱབ་བདག་ཞ་ལུ་


GLG006_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ཀུན་སྤངས་པ་གོང་དཀར་ཆོས་སྡེར་ཕེབས་པར་གསོལ་ཕོགས་དང་བཅས་ཟླ་གཅིག་གི་ལྷག་གི་བར་སྟན་ཆགས་མུར་ཚེས་བཅུ་གཅིག་ལ་ཕེབས་པ་དང་མཇལ། ཟླ་གཅིག་ལྷག་ཙམ་བཞུགས་པར་ཀྱེ་རྡོར་ནང་དབང་། ལམ་ཟབ་བིར་སྲུང་། མཁའ་སྤྱོད་མ། ཕྱར་རྡོར་འཆི་བདག་འཇོམས་པ་དང་མི་འཁྲུགས་པ་ལྷ་བཅུ་གསུམ་མ་རྣལ་འབྱོར་རྒྱུད་ཀྱི་ལུགས་བཞིན་ཆོས་རྗེ་ཐམས་ཅད་མཁྱེན་པའི་ཕྱག་ལེན་འཁྲུལ་མེད་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་མཚན་ཉིད་དང་ལྡན་པའི་དབང་། ཕྱག་བཞི་པ་ངོར་ཕྱོགས་ནས་བརྒྱུད་པའི་རྗེས་གནང་ཁུངས་བཙུན། སེང་གདོང་མ་དམར་མོ། རྟ་མགྲིན་སྐྱེར་སྒང་ལུགས་སོགས་དབང་བྱིན་རླབས་ཁ་ཡར། བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་རབ་མང་པོའི་ལུང་། རྣལ་འབྱོར་རྒྱུད་ཀྱི་ཕྱག་རྒྱ་འཆིང་ཚུལ་གྱིས་མཚོན་ཕྱག་ལེན་གྱི་རིགས་མང་དུ་ཞུས། འདི་སྐབས་སྐུ་ཁོག་གི་བུ་རྒན་པ་དབང་རྒྱལ་རྡོ་རྗེ་ལ་གནས་ཆུང་ཆོས་སྐྱོང་ཆེན་པོ་ཕེབས་ངེས་ལ་བདག་མོར་བརྟེན་པའི་བསྒྱུར་སྦྱང་གི་བཀའ་ལུང་རྩུབ་པར་གྲ་ཚང་གཉེར་པ་སོགས་ཀྱིས་དང་བླངས་མ་ནུས་པས་སྐྱེངས་པ་ཞིག་ཡིན་ནམ། རྗེས་སུ་དོགས་པ་ཟ་བ་གཅིག་ཙམ་མ་གཏོགས་འདྲེ་ཡན་ཞིག་ཞུགས་པར་སྣང་། གེ་ར་གསོལ་དཔོན་གྱི་ནུ་བོ་བློ་བཟང་དགེ་འདུན་འདས་པའི་དོན་དུ་གཙུག་ལག་ཁང་ཡས་མས་ལ་སྙན་ཤལ་ཕུལ་བར་དགོས་ཚུལ་བཞིན་ཁ་ཡིག །སྐྱོར་ལུང་མཚན་ཉིད་པར་དམ་སྲིའི་གནོད་པ་མི་ཡོང་བདེན་བརྗོད། ལེའུ་བདུན་མའི་པར་བྱང་རྣམས་བྲིས། ཚེས་བཅུ་གསུམ་ལ་སྐྱོར་ལུང་ཆོས་སྡེས་གཙོས་ཤུན་དང་དེ་མཚུངས་སྣེའུ་ཁུལ་གྱི་


GLG006_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་འཁོར་མི་སེར་སྤྱི་བསྡུས། གསས་ཁང་དགོན་པ། གསང་ནེའུ་ཐོག་སྤྱི་སོ། ར་བ་སྟོད་པ་སྒེར་དང་བཅས་པ་སོ་སོས་གོས་དར་རས་སྣམ་ཇ་སོགས་ཀ་ཅའི་ཚན་གྲངས་རིང་པོར་བརྐྱང་སྟེ་ཚེའི་རྟེན་འབྲེལ་བསྒྲིགས། ར་བ་སྟོད་སློབ་དཔོན་པས་གསང་ཕུ་བླ་མ་སོ་སོའི་ཤམ་ཐབས་ཁྲལ་དང་ར་བ་སྟོད་སྒེར་གྱི་བླ་མའི་སྟེར་ཆ་མདའ་གཅིག་གིས་ཤྭ་བ་གཉིས་བསད་པས་ཨ་ཁུ་སྟོན་པར་ཐོག་དགྲ་བཏང་། གཞིས་ཀ་རྩེའི་མངའ་ཁུལ་སྤྱི་ཚོགས་ཀྱི་ལེགས་སྐྱེལ་བ། ཁོ་སྤེ་དང་རྣམ་རབ་དྭགས་པོ་གྲ་ཚང་པའི་བླ་མ་རྣམས་དང་ཕྲད། ཚེས་བཅོ་བརྒྱད་ལ་ཐུགས་སྲས་སྤྲུལ་སྐུ། སྒྲོལ་མ་ཕུག་པའི་ཐུགས་སྲས་གཞོན་པ། གྲ་ཚང་གི་གྲ་པ་ཐོར་བུ། འདར་པ་ལོ་ཙཱ། ཞ་ལུ་མཁན་རིན་པོ་ཆེའི་ཕྱག་མཛོད་བསོད་ནམས་རིན་ཆེན་ལ་གཏེར་ཁ་འོག་མའི་སྔགས་རྒོད་ལོག་ཏྲི་པའི་རིག་གཏད་བྱས། དབང་ཡོན་དུ་གྲི་དང་ཁབ་སོགས་འབུལ་སྲོལ་འདུག་པར་མཆོད་དཔོན་པས་ཁབ་བསྡུས་པ་ལ་ཐུགས་སྲས་ཀྱིས་ངས་སྤུ་གྲི་ངར་མ་ཞིག་ཕུལ་གྲུབ་ཅེས་མ་བཅོས་ལྷུག་པ་འདྲ་མོ་ལ་ནང་ལྕགས་སྐུད་ལྟར་གྲིམས་པ་ཞིག་སྣང་། སྒྲོལ་མ་ནས་ཀྱིས་གསང་རྙིང་། རྩ་རྒྱུད་ཀྱི་རྒྱུགས་སྤྲད། ཐུགས་སྲས་སྤྲུལ་སྐུས་གུ་རུ་ལྷ་ཁང་དུ་གྲ་ཚང་གསར་དུ་བཙུགས་ཏེ་རྙིང་བསྟན་གོག་པོ་ལ་ཝ་ཁ་ཐིགས་ཚགས་མཛད་བཞེད་ཀྱི་གྲ་པ་སུམ་ཅུ་སྐོར་དང་རྟོགས་ལྡན་ཆོས་དབྱིངས་རང་གྲོལ་གྱི་སྐྱེ་བས་དགེ་ཚུལ་བསྒྲུབས། ཉེར་གཉིས་ལ་གྲ་ཚང་དུ་ཁྲོ་རོལ་དང་ཚེ་བདག་ཟོར་སྒྲུབ་ཀྱི་རིམ་གྲོ་འཕར་མ་བཙུགས། གནས་བརྟན་འདུལ་བ་འཛིན་པའི་འདུས་སྡེ་ཀུན་གྱི་ཡང་རྩེ་ཆོས་ལུང་ཚོགས་པ་ཞེས།


GLG006_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྣེའུ་སྡོང་གོང་མའི་མཆེད་ཟླའི་མཁན་པོར་རྒྱ་ཕྲུག་རབ་འབྱམས་སྨྲ་བའི་སེང་གེ་བཏང་། རྩེ་ཚོགས་ཀྱིས་བསྐུལ་བའི་སྡེ་པའི་བརྟན་བཞུགས། ཀྱེ་རྡོར་བསྐྱེད་རིམ་དང་དབང་ཆུའི་པར་བྱང་། ར་བ་སྟོད་ཀྱི་བླ་བརྒྱུད་ཁ་སྐོངས། དགེ་སློང་ཕུན་ཚོགས་རྒྱ་མཚོས་ལྷ་སར་འཕན་ཕུལ་བའི་ཁ་བྱང་། སྤོས་ཁང་མཁན་པོ་པ་རྣམ་དགེ་སློང་དུ་གྲགས་པའི་གསོལ་འདེབས། ཐུགས་སྲས་སྤྲུལ་སྐུའི་གྲ་ཚང་ལ་ཐེག་མཆོག་རབ་རྒྱས་གླིང་དུ་བཏགས་ཤིང་དེ་དང་མཐུན་པའི་སྨོན་ལམ་རྣམས་བྲིས། སེར་འབྲས་གཉིས་ཀ་ནས་ཕོགས་ཀྱིས་མ་ལྡངས་ཚུལ་གྱི་ནན་ཞུས་སྡེ་པར་བྱུང་བ་ལ་བརྟེན་སྒྲིབ་སྦྱོང་ལ་དམིགས་པའི་དང་དོད་མཛད་བཞེད་དང་བཅས་འབྲས་སྤུངས་སུ་དགོན་པ་སར། སྟག་ལུང་བྲག །ཟ་དམ་སྣ་མོ་གཞིས་ཀ་ཐེམ་འཛིན་སོ་གཉིས། ལག་འབབ་ཆིག་སྟོང་ལྔ་བརྒྱ་ཉེར་གཉིས། སེར་ར་བ་ལང་ཤར། གུང་ར་གཞིས་ཀ་ཐེམ་འཛིན་བཅུ་བདུན། ལག་འབབ་ཆིག་སྟོང་སུམ་རྒྱ་ཞེ་གཉིས། བསམ་ཡས་སྤྲུལ་པའི་ཆོས་སྐྱོང་ཆེན་པོས་དཀར་མེའི་ཐེབས་དགོས་ཚུལ་བྱུང་བ་བཞིན་གྲ་རབ་མི་སེར་ཐེམ་བཅུ་གཉིས། ལག་འབབ་ཆིག་སྟོང་བཞི་བརྒྱ་བཅུ་བཞི་འབྱེད་ཁྲའི་དོན་ལྟར་སྦྱོར་འཇགས་ཞུས། རང་ཉིད་འཆི་བར་འཇིགས་པའི་རྐྱེན་སེལ་ལ་ཚོགས་གསོག་དང་བསྟན་འགྲོའི་དོན་དུ་བཏགས་པའི་མིང་སྙན་པོའི་རིམ་གྲོ་ལ་སྨན་བླ་སྟོང་ཕྲག་གསུམ། མཚན་བརྗོད་འབུམ་ཐེར། འབུམ་བརྒྱ། བཀའ་འགྱུར་ཚར་དྲུག་ཅུ། གཤིན་རྗེ་འདུས་པའི་དྲག་སྔགས་བཟློག་པ་དང་བཅས་པ། སྲོང་བཙན་དུ་བཀང་བརྒྱ། དགྲ་ལྷ་དཔངས་བསྟོད། ས་དགེའི་གཙང་དགོན་རགས་བསྡུས་


GLG006_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་བཅུ་ལ་མང་འགྱེད་ཐོག་ཚེ་གཟུངས་སྒྲོལ་མ་གསུངས། ཉེར་བདུན་ལ་ཆོས་རྗེ་འུག་བྱ་ལུང་པ། གྲ་སྙེ་མདོ་བ་སོ་སྟོན་ངག་དབང་ཤཱཀྱ་དཔལ་འབར། མྱུག་ཆོས་འཁོར་གླིང་གི་བླ་མ་ཅན་མང་བ་དང་ཕྲད། སྙེ་མདོ་བ་འདི་བར་སྐབས་སུ་རྟོགས་ལྡན་བྱེད་སྐབས་ལྷ་ས་སྐོར་དུ་རྡོ་རྗེ་འཆང་ཙམ་ལ་བརྩི་བ་འདུག་རུང་རང་གི་ཕ་ཆོས་གོག་པོ་བྱས་པ་ནས་བཟུང་སོ་སྐྱེ་ཐ་མལ་པ་ཞིག་ཏུ་སོང་བ་ནི་གང་ཡིན་ཆ་མ་ཐེངས་ཆོས་གླིང་སློབ་དཔོན་དང་འཕྲོས་བྱས་པར་གྲ་ཚང་གསར་པ་བསླབ་སྦྱངས་ཐོན་སྐྱེད་ཆེན་པོས་ཡོད་ཚུལ་ཟེར་བས་རྩམ་ཚོས་ཤིག་རྒྱག་པའི་རིགས་སུ་མེད་པར་གདའ། ཨོ་རོད་གཡོན་དུ་དགའ་ལྡན་ཧུང་ཐའི་ཇིས་མི་སྣ་ཆེད་དུ་མངགས་པ་དང་རྩེས་དང་སྐྱ་སེར་གྱིས་ཚོགས་འཁོར་ཚན་གྲངས་འགྱེད་བཅས་གྱ་ནོམ་པའི་སྒོ་ནས་ཧོར་ཟླ་དྲུག་པའི་ཚེས་གཅིག་གཉིས་ལ་རིམ་པ་བཞིན་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་རྒྱས་པར་མཛད། རིན་སྤུངས་དང་ངམ་རིང་ཁུལ་སྐྱ་སེར་སྤྱི་བསྡུས་ཀྱི་ལེགས་སྐྱེས་བསྟར། ཚེས་དྲུག་ལ་མི་བསྐྱོད་རྡོ་རྗེ་གཟུགས་གཞན་དུ་བསྒྱུར་ཏེ་ངུར་སྨྲིག་གོས་ཀྱིས་ཀླུབས་པའི་དཔལ་ལྡན་སྨད་རྒྱུད་གྲ་ཚང་དཔོན་སློབ་ཀྱིས་དངོས་པོའི་ཚན་གྲངས་དང་བདེན་ཚིག་ཤིས་བརྗོད་གནང་། སྟག་ལུང་སངས་རྒྱས་དབོན་གྱིས་རྒྱ་བོ་གདོང་ནས་ཆོས་གཏེར་དང་ལྷན་དུ་བཞེས་པར་གྲགས་པའི་ཨོ་རྒྱན་ཆེན་པོའི་ཕྱག་དྲིལ་སྟག་ལུང་ཞབས་དྲུང་ཟུར་པའི་ཕྱག་ཐམ་རྟེན་ལ་བྱུང་། ཚེས་བཅུ་ལ་བདག་མོ་ཡུམ་སྲས་ལ་རྣམ་འཇོམས་ཀྱི་བཀྲུ་བྱབ་སྲུང་གསུམ། འཆི་མེད་དཔལ་སྟེར་གྱི་ཚེ་དབང་། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་


GLG006_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཕུལ། མཁན་ཆེན་ཞ་ལུ་པའི་དགོངས་བཞེད་ལྟར་གདན་ས་གོང་ཞབས་དྲུང་རིན་པོ་ཆེ་ཡབ་སྲས་ཀྱི་བརྟན་བཞུགས། གེ་ར་ཆོས་མཛད་བློ་བཟང་དགེ་འདུན་གྱི་ཕྱི་རྟེན་ཐང་ཁའི་རྒྱབ་ཡིག །མཆོད་དཔོན་ངག་དབང་ཤེས་རབ་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱི་ཉམས་ལེན་དུ་ལམ་ཟབ་ཕྱི་མའི་རྣལ་འབྱོར། དཔོན་མོ་ཚེ་དབང་རྒྱལ་མོའི་ཁ་ཏོན་དུ་བླ་མའི་རྣལ་འབྱོར། ཆོས་རྗེ་སྙེ་མདོ་བའི་ངོར་རིང་འཚོའི་ཚིགས་བཅད། ལྐོག་པ་ཕུན་ཚོགས་དབང་པོས་བསྐུལ་བའི་ཐང་ཁའི་རྒྱབ་ཡིག་དང་གསོལ་འདེབས་རིང་འཚོའི་སྨོན་ལམ། སྤོས་འཛིན་པ་ངག་དབང་ནམ་མཁའི་ཁ་ཏོན་དུ་གསོལ་འདེབས་རྣམས་བྲིས། ཚེས་བཅུ་བཞི་ལ་རོང་དགའ་ལྡན་བྱམས་ཆེན་པ་བླ་གྲ་རགས་རིམ་འབྱོར་བའི་མཎྜལ་གྱི་ཚུལ་དུ་སྟེར་བྱིན་གཟེངས་བསྟོད་དེ་གསོལ་བ་བཏབ། པཱ་རས་སྐོར་ལ་སྔར་ནས་འཐེན་འཁྱེར་བྱེད་པ་གཡོན་དུ་དགའ་ལྡན་ཧུང་ཐའི་ཇིས་བསྟན་པའི་ལ་རྒྱར་བསམ་ཤིང་འདི་གར་གོང་བརྒྱབ་ནས་སྦྱོར་འཇགས་སོགས་ལ་བདག་རྐྱེན་གཟེངས་བསྟོད་ཀྱི་ཡུལ་དུ་གོ་བས་ཐམ་ཁ་དམར་པོ་སྒམ་བཅས། ཤལ་དཀར་དམར་སྣམ་ཕྲུག་གིས་གཙོས་ལེགས་རྟེན་བཟང་བ་དང་བཅས་མི་སྣ་ཕྱིར་ཐོན། ཁལ་ཁ་རྒྱལ་ཁང་རྩེ་སྤྲུལ་སྐུའི་མི་སྣ་སླེབས། སྲིད་གསུམ་བདག་མོའི་རྒྱུན་མདོས་གྲོལ་བའི་མུ་འཐུད་དེ་གྲ་ཚང་དུ་བཀང་བ་ཉིན་གསུམ་བཙུགས་སྐབས་ཞལ་བྱང་ཅན་གྱི་དར་ཚོན་སྣ་ལྔའི་སྙན་དར་ཕུལ། ཤེལ་དཀར། ངམ་རིང་། རྣམ་གླིང་། པ་རྣམ་བཞིར་བཀའ་འགྱུར་སྐྱ་པོད་ཚར་རེ་དང་འབྲང་རྒྱས་ཤག་པ་ནང་སོ་དགོས་དགོས་


GLG006_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀའ་འགྱུར་བཞེངས་པའི་དཀར་ཆག་ཆེ་བརྗོད་བརྩམས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་ཞིག་གིས་གསར་རྩོམ་གྱི་ཕར་ཕྱིན། དཔོན་ཚང་དཀྱིལ་སྤེ་བའི་སློབ་མ་དོལ་པ་ཞིག་དང་རྟེན་ཁང་དཔོན་ཚང་དང་དར་མོ་བའི་སློབ་མ་རྒྱ་དབང་ཕྱུག་རྒྱ་མཚོ་གཉིས་ཀྱིས་རྒྱུད་བཞིའི་རྒྱུགས་སྤྲད། བལ་པོ་དཔའ་ཤིང་། བཀྲ་ཤིས། ཆོས་རྒྱལ། གླང་བུ་ཏྲ། གུ་ཎ་ཙནྡྲ། ཨ་ཧ་ཎ། ཛྱེ་དྷ་ན་སྟེ་བཟོ་བོ་མཁས་པ་བདུན་བཀུག་དོ་དམ་འཚོ་བྱེད་སྒོ་མོ་རབ་པ་རཏྣས་བྱས་ཏེ་བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་སྐུ་བརྙན་ལི་བརྫུས་ཆེ་ཆུང་ཚར་རེ་བཞེངས་པའི་དཔེ་ཡར་སྟོད་སྤྲུལ་སྐུ་རྫིང་ཁ་བའི་ལག་བཟོའི་སྨན་སྐུ་ཞིག་འདུག་པ་དེ་ལ་བྱས་པས་ལེགས་རབ་བྱུང་། དེ་ཞོར་ཀླུ་དབང་གི་རྒྱལ་པོའི་སྐུ་གཅིག་དང་སྐུ་པར། སྡེ་པའི་བཞེད་པ་ལྟར་ཐུབ་དབང་གི་སྐུ་གཅིག་དང་དུས་གསུམ་སངས་རྒྱས་ཀྱི་སྐུ། འོད་དཔག་མེད་ཀྱི་སྐུ་གཉིས། ཨོ་རྒྱན་རིན་པོ་ཆེའི་སྐུ་གཉིས། ངེད་རང་གི་འདྲ་འབག་གཅིག་དང་བཅས་བཞེང་བའི་ལས་གྲ་བཙུགས། ཚེས་བཅུ་དྲུག་ལ་ཁྱབ་བདག་རྡོ་རྗེ་འཛིན་པ་མཁན་ཆེན་ཞ་ལུ་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ། དབོན་ཚང་དཀྱིལ་སྤེ་བ། ཆོས་རྗེ་ན་བཟའ་གླིང་པ། དྲུང་འཚོ་ངག་དབང་ལྷག་བསམ། དར་མོ་ནས་ཀྱིས་མཚོན་འཚོ་བྱེད་ཁ་ཤས། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ་ཅན་གྲ་ཚང་གི་གྲ་པ་འགའ་ཞིག །སྤོས་འཛིན་པ་ངག་དབང་ནམ་མཁའ་བཅས་པར་རས་བྲིས་ཀྱི་དཀྱིལ་འཁོར་དུ་རིགས་འདུས་སྨན་པའི་རྒྱལ་པོ་


GLG006_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཐོག་པའི་སྙིང་ཏིག་གི་དབང་བཞི་མཐའ་བརྟེན་དུ་སྨན་གྱི་དྲང་སྲོང་དང་ཆོས་སྐྱོང་གི་བཀའ་གཏད། ཚེ་དབང་འཆི་བདག་བདུད་འཇོམས། སྨན་གྱི་ལྷ་མོའི་རྗེས་གནང་། གླེགས་བམ་ཡོངས་རྫོགས་ཀྱི་ལུང་རྣམས་ཕུལ། བྱང་ངོས་ཀྱི་སྲས་སྨན་རྒྱལ་ཚེ་དབང་ལ་འཕྲོས་བྱས་ན་བསམ་པ་ཤར་རུང་ཆུ་འབྲུག་པོ་ཏ་ལར་ཟུར་ཐམས་ཅད་མཁྱེན་པ་ལ་དཔོན་ཚང་ཚ་རོང་པས་ཞུས་སྐབས་སྡེ་པ་བསོད་ནམས་རབ་བརྟན་གྱིས་བྱང་ངོས་ནས་ལ་ཨེ་གསན་གསུངས་ཀྱང་མ་བྱོན་འདུག་པ་གཡུ་ཐོག་སྙིང་ཏིག་འདི་ཆོས་གཤའ་མ་མིན་པའི་འཁྱེར་སོ་ཞིག་ཡོད་ན་སྙམ་གླེང་བརྗོད་མ་བདེ། ཞ་ལུ་མཁན་རིན་པོས་ཆེས་བསྟན་རྒྱུན་ལ་དགོངས་ནས་ཐུགས་རྩོལ་ཆེ་བ་གནང་གིན་འདུག་པར་ཚེས་བཅོ་བརྒྱད་ཀྱི་ཉིན་མཁན་རིན་པོ་ཆེས་དབུ་གནང་། གཏེར་སྟོན་རིན་པོ་ཆེ། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ། སྔགས་རམས་པ་དགའ་བ་གདོང་པ་སོགས་གྲ་ཚང་གི་གྲ་པ་བཅོ་ལྔ་སྐོར་དང་བཅས་པར་མཁས་གྲུབ་རིན་པོ་ཆེས་མཛད་པའི་འཁྲུལ་འཁོར་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་འཁོར་ལོའི་ཕྱག་ཁྲིད། ལྟེབ་ལུགས་ཕྱག་ལེན་མན་ངག་ཞལ་ཤེས་མ་ཡིག་བུ་ཡིག་གི་ལུང་དང་བཅས་པ་རྫོགས་པར་ཕུལ། སྔར་ཁྲི་རིན་པོ་ཆེ་མངའ་རིས་པས་དབུ་གནང་དགེ་བའི་བཤེས་གཉེན་སུམ་ཅུ་སྐོར་ལ་ཕུལ་ཡང་གསང་སྔགས་གསང་བ་ལ་དགོངས་སམ་ཕྱི་མཆེད་ནི་ཡེ་མ་བྱུང་འདུག །ད་ལམ་མཁན་རིན་པོ་ཆེས་སྤེལ་བ་མཛད་ཁུལ་དུ་སྣང་ཡང་ལྕགས་ཀྱུ་དང་ཨ་ལུང་གི་དཔེ་བཞིན་དོན་གཉེར་ཡོང་མི་ཡོང་ནི་ཆ་མ་ཐིངས། ཚེས་བཅུ་དགུ་ལ་ལྷ་རིན་པོ་ཆེ། ཁལ་ཁ་ནས་བྱམས་པ་སྤྲུལ་པའི་སྐུ་གཤེགས་


GLG006_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྔོ་ཞུས་པ་དགའ་ལྡན་ཁ་དན་པཱ་ཐུར་གྱི་མི་སྣ། བལ་པོ་ཡེ་རང་རྒྱལ་པོའི་སྲས་མོ་རྒན་པའི་མག་པ་སུ་ལང་ཐ་སིདྷ་ཀུ་མཱ་ལ་ཛ་ཧུས་སྐྱབས་འཇུག་དགོས་ཚུལ་གྱི་ཡི་གེ་རྟེན་བཅས་ཁྱེར་བའི་མི་སྣ་ཀ་མ་ལ་ཡན་ཅན་དང་ཕྲད། ཚེས་ཉི་ཤུ་ལ་བྱམས་པའི་གོས་སྐུ་དང་གསེར་སྦྱངས་ལས་གྲུབ་པའི་བཀའ་འགྱུར་གསར་བཞེངས་དངོས་གཙང་བ་འབྲས་སྤུངས་དང་རྒྱལ་རྩེ་བའི་གོས་སྐུ་ནང་མར་གྲགས་པ་དང་སྡེ་པའི་སྡིག་སྦྱོངས་ལ་བཞེངས་པའི་ཁྲ་ཆེན་གྱི་བཀའ་འགྱུར་སེ་ར་ཐེག་ཆེན་གླིང་དུ་ཕུལ་བ་གྲ་པ་བརྒྱ་སྐོར་རེ་བྱོན་ཏེ་སེར་སྦྲེང་དང་བཅས་སོ་སོར་གདན་དྲངས། དེ་ཉིན་དགེ་སློང་གྲུབ་པ་དང་ཆོས་རྗེ་ཁ་རག་པ་གཉིས་ཀྱིས་ཆར་བསྲུངས་པ་ཕྱི་དྲིལ་ལ་སྦངས་ཆེ་བ་བྱུང་ནའང་དངོས་གཞི་ལ་སྐྱོན་མ་བྱུང་གཤིས་རྡུལ་མི་ལྡང་བའི་ཚུལ་དུ་སྲི་ཞུ་བྱས་ཞེས་སྔགས་བན་ཚོའི་འབྲོས་ཁུངས་བཙལ་ན་ཡོང་ངམ་སྙམ། བཀྲ་ཤིས་ལྗོངས་ཆོས་རྗེས་དབེན་ས་སྙན་བརྒྱུད་ཀྱི་ནང་ནས་ཆོ་ག་འཁྱེར་བདེ་བ་ཞིག་དགོས་ཚུལ་ཡང་ཡང་བྱུང་བ་དེ་འདྲའི་སྟབས་བདེ་བ་མི་འདུག་པས་དེ་སྐོར་ཡོངས་རྫོགས་ཆོག་བསྒྲིགས་བྱས་ནས་ཕུལ་ཀྱང་གངས་དཀར་ཏེ་སེའི་ཟླ་བོ་བཞིན་བྱུང་བ་འདྲ་རྗེས་སུ་འཕྲོས་འཕྲོས་མི་མཛད།ཉེར་ལྔ་ལ་མཁན་རིན་པོ་ཆེས་གནང་སྐྱེས་དང་བཅས་རིང་པོར་འཚོ་བའི་བདེན་བརྗོད་མཛད། དཔོན་ཚང་དཀྱིལ་སྦེ་བའི་ངོར་གཡུ་ཐོག་སྙིང་ཏིག་གི་བརྒྱུད་འདེབས་བརྩམས་ཤིང་མཁན་རིན་པོ་ཆེར་ལུང་ཕུལ། ཉེར་བདུན་ལ་རྡོང་རྒྱ་མཚོ་དགོན་གྱི་བླ་མ་འོར་པ་དཀའ་བཅུ། གཏིང་སྐྱེས་མངའ་ཁུལ་གྱི་ལེགས་བྱ་བ་རྣམས་དང་ཕྲད། ཟླ་བ་བདུན་པའི་ཚེས་གཉིས་ལ་ཡར་ཀླུངས་ནས་ཚ་


GLG006_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཚོགས་པ་མཁན་སློབ་ལྔ་བཅུ་སྐོར་བྱོན་པའི་ཚོགས་འཁོར་ཚན་གྲངས་ཡོན་གྱི་སྦྱིན་བདག་མཛད་དེ་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཚོག་བཏང་། ཙར་སྟོད་ཇོ་ཞྭ་ཞེ་གཅིག་པའི་གྲལ་རིང་བསྒྲིགས་ཚེ་ཉན་ཐོས་ཀྱི་དགེ་འདུན་འཕྲེང་དུ་བསྟར་བ་ལྟ་བུར་སྣང་། སྒེར་དུའང་ཆོས་སྤྱོད་དང་རིང་འཚོའི་ཚིགས་བཅད་གསུངས། ཚེས་ལྔ་ལ་སྣ་དཀར་རྩེ་ནས་ས་སྐྱོང་བ་གོས་དཀར་ལྕང་ལོའི་ཕྲེང་བ་ཅན། རྫིང་ཕྱི་མཁན་པོ་ཅོ་ནེ་ཆོས་རྗེ། ཕྱོགས་མཐའི་ལེགས་སྐྱེལ་བ་མང་པོ་དང་མཇལ་ཕྲད་བྱས། མཁའ་སྤྱོད་མའི་ཚོམ་བུའི་དཀྱིལ་ཐང་གི་ལྷ་མགྲོན་ལ་ཚར་ཆེན་ཡབ་སྲས་གསུམ་གྱི་ཞལ་གཟིགས་མའི་ཞིང་བཀོད་ཐོར་བུ་ཡོད་པ་གསར་བཞེངས་ཀྱི་རྒྱབ་ཡིག་སྨོན་ལམ། མཆོད་དཔོན་པས་ལས་བཞི་ལྷ་མོའི་བྲིས་སྐུ་བཞེངས་པའི་རྒྱབ་ཡིག་འཕྲིན་འཆོལ། རྒྱལ་ཁང་རྩེའི་སྤྲུལ་སྐུ་ལྕམ་སྲིང་མ་མཁའ་འགྲོ་སྐྱབས་འདས་པར་སྨོན་ལམ་དགོས་ཚུལ་བྱུང་བ་རྣམས་བརྩམས། ཚེས་བདུན་ལ་ཡར་ཀླུངས་བཀྲ་ཤིས་རྩེའི་ཆོས་སྡེ་ནས་རྡོ་རྗེ་འཆང་བཀའ་འགྱུར་བའི་དཔོན་རིན་པོ་ཆེ་དང་ལྕམ་སྲིང་མཁྱེན་རབ་བློ་ལྡན་དཔོན་སློབ་བྱོན་པ་དང་མཇལ། ཁྱབ་བདག་ཞ་ལུ་པར་ཆོས་ཡོན་གྱི་སྲི་ཞུ་གྱ་ནོམ་པ་ཕུལ་ཏེ་གཙང་སྟོད་ཞ་ལུའི་ཆོས་གྲར་ཆིབས་ཁ་བསྐྱོད། འཇོམས་བྱེད་ཉི་ཟླ་ནག་པོའི་བཀའ་གཏད་གཏེར་གཞུང་དང་ཆོས་རྒྱལ་བྱང་པའི་ལྗགས་བསྒྲིགས་གཉིས་ཀ་ཧ་ཅང་གསལ་རྒྱུ་མི་འདུག་གཤིས་ཟུར་རྩ་བའི་བླ་མའི་ཕྱག་ལེན་འཁྲུལ་མེད་ཆོག་བསྒྲིགས་མཐོང་བས་དོན་ལྡན་ནག་འགྲོས་སུ་བཀོད། ཚེས་བཅུ་གཅིག་ལ་ལྷ་རྩེ་མངའ་ཁུལ་སྐྱ་སེར་གྱིས་ནད་ལས་གྲོལ་


GLG006_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདོག་པ་རིང་པོར་བརྐྱངས། དཔོན་མོ་སའི་ཁན་ཇུའི་སོག་པོ་མཚོ་ཁར་ཡོད་པ་འོངས་ཏེ་མང་ཇ་དང་བསྔོ་རྟེན་གང་ཡོད་ལ་དཔགས་པའི་སྤམས་བསྟོད་བྱེད་ཁུལ་ལ་བན་ཆུང་གིས་རྒྱས་བསྡུས་ཀྱི་དབྱེ་བ་བྱས་པར་དགེ་རྒན་རྣམས་མ་རངས་པ་བྱེད་ནའང་ནོར་གྱིས་བདག་པོ་བྱུང་ན་སླ་ངའི་ལྷན་པ་བཀོག་པར་ལབ་རྒྱུ་མེད་པ་འདྲ། བདག་མོས་གུ་རུ་མཚན་བརྒྱད་ལ་སིནྡྷུ་རྒྱ་མཚོའི་ཞིང་བཀོད་ཀྱིས་བསྐོར་བའི་སྐུ་ཐང་གྲ་ཚར་བཞེངས་པའི་རྒྱབ་ཡིག །ཐོས་བསམ་དར་རྒྱས་གླིང་པས་བསྐུལ་བའི་སྡེ་པའི་བརྟན་བཞུགས། གསོལ་དཔོན་གེ་ར་བས་འདི་གའི་འདྲ་འབག་བཞེངས་པའི་རྒྱབ་ཡིག་རྣམས་བྲིས། སྔར་ཕན་བདེ་ལེགས་བཤད་གླིང་པ་སྤྱི་ཚོགས་ཀྱི་རྣལ་འབྱོར་ཟབ་མོའི་རྟེན་དུ་ཞལ་ཐང་གྲ་ཚར་བྲིས་པ་ཧ་ཅང་ཆེས་པའི་བྱེས་ལ་འདྲེན་པའི་འཕྲལ་བདེར་བེད་ཆུང་སྐྱོན་ལ་བརྟེན་སྨན་ལུགས་ཀྱི་ནག་ཐང་བཀྲག་ཆེན་ཆེ་ཆུང་འཚམ་པ་གྲ་ཚར་ཞིག་དང་དེ་མཚུངས་འབྲས་སྤུངས་གཟིམས་ཆུང་མགོན་ཁང་དུ་ཡང་ཚར་གཅིག་སྡེ་པས་ལེགས་ཚུལ་གསུངས་པ་ལྟར་སྤྲུལ་སྐུ་དཔལ་མགོན་གྱིས་གཙོས་པའི་ལྷ་རིས་པ་ཚོར་མགོན་པོ་ཕྱག་དྲུག་པའི་བྱིན་རླབས་བཟོ་བོ་དང་ཚོན་ལག་ཆ་རྣམས་ལ་བྱིན་རླབས་རྒྱུད་སྡེ་ལས་གསུངས་པ་ལྟར་བྱས། རྗེས་གནང་གིས་འཚུབ་ཆ་དང་བར་ཆད་སེལ་བའི་ཁུངས་ལ་དབུ་མཛད་དཔལ་མགོན་འདས་པ་སོགས་གཞན་དང་མི་འདྲ་བའི་བྱིན་རླབས་བླ་ཆེན་གྱི་བསྟན་པ་ཟིན་ངེས་ཤིག་བྱུང་། ཕོ་བྲང་མངའ་ཁུལ་དྲག་ཞན་གྱི་ཚོགས་ཆས་ཚན་གྲངས་འགྱེད་ཀྱི་སྦྱིན་བདག་བྱས་ཏེ་ཚེས་བཅུ་གཉིས་ལ་གྲ་ཚང་གིས་མཛོད་དབུས་མའི་ཚེ་མཐའ་ཡས་པའི་


GLG006_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་རྒྱས་པར་བཏང་། སང་ཉིན་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། པཎ་ཆེན་ཤཱཀྱ་ཤྲཱིའི་གདན་ས་བ་རྩེ་ཚོགས་མཁན་ཆེན། སྡེ་སྲིད་སྣ་དཀར་རྩེ་པ། སྐྱིད་ཤོད་ཆོས་རྗེའི་སྤྲུལ་སྐུ། ཞལ་སྔ་ནས་ཕ་བོང་ཁ་པ། དར་གླིང་སློབ་དཔོན། ཕན་བདེ་ལེགས་བཤད་གླིང་པ། རྩེ་ཚོགས། དར་རྒྱས་གླིང་པའི་དགེ་འདུན་རྣམས་ལ་སྨན་བླ་སྤྲུལ་སྐུ་དང་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་། སྨན་བླའི་མདོ་ཆོག །རྒྱལ་སྲས་ཐོགས་མེད་པས་མཛད་པའི་བློ་སྦྱོང་དོན་བདུན་མ། ཁ་ཆེ་པཎ་ཆེན་གྱི་སྐྱིད་སྡུག་ལམ་འཁྱེར་འཁྲིད་བརྒྱའི་ནང་ནས་ཕྱུང་བ། བླ་མ་དམ་པས་མཛད་པའི་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག །རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་སྨན་བླའི་ལྷན་ཐབས། ངེད་རང་གི་བརྩམས་ཆོས་སྨན་བླ་དང་བློ་སྦྱོང་རྒྱུད་འདེབས། ཀླུ་གཏོར། དཀར་ཆ་བཞི། གཏོར་མ་བརྒྱ་རྩ་མུ་ཐི་ལའི་འཁྲི་ཤིང་། གཡའ་བཟང་ལྷ་མོ་དང་ཤམ་པོའི་གསོལ་མཆོད། དཔལ་ལྡན་དམག་ཟོར་མའི་གཏོར་འབུལ་རབ་འབྱམས་རྒྱལ་བ་མ། རིང་འཚོའི་ཚིགས་བཅད་ཁ་ཤས་ཀྱི་ལུང་ཕུལ། སྒྲོལ་མ་མཎྜལ་བཞི་པ་ཚོགས་པར་ཡོད་མེད་དྲིས་པར་མཁན་པོས་དབུ་ཡོན་ལས་གསུང་མི་འབྱོན་པ་མི་ཕོས་མ་སྨྲས་པ་རྫོང་དུ་འདུག་ཅིང་གྲ་པ་རྒན་པ་འདྲས་གཏོང་སྲོལ་ཡོད་དཀར་ཆ་བཞི་ཆག་མེད་མཛད་ཟེར་བས་དེ་ནང་གི་སྒྲོལ་མར་ངོས་འཛིན་པར་སྣང་། ཡར་ཀླུངས་མཐིལ་གྱི་འདྲེན་པ་ཚོར་འཁྲུལ་པ་མི་མངའ་བས་རྗེ་བཙུན་གོང་མའི་གསུང་ལ་ཞུས་དག་དགོས་པར་གདའ། ཚེས་བཅོ་ལྔ་ལ་ཆོས་འཁོར་ཡང་རྩེའི་བླ་མར་འགྲོ་མཁན་རབ་འབྱམས་པ་ཕུན་ཚོགས་མངོན་ཐོ་ཅན་མི་བཅོ་བརྒྱད་


GLG006_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས། ཚེས་བཅུ་བདུན་ལ་རྀ་ཥི་ཤར་བས་ཆུ་ཞུགས་དང་ལྗོངས་རྒྱུ་བ་སྦྲགས་ཏེ་ཕྱིན། སང་ཉིན་འཛུམ་ལང་རྒྱལ་པོའི་མི་སྣ་ཛཱ་ལ་བྷཎྜ་རི་ཅན་འབྱོར་བའི་རྒྱལ་པོའི་ཡི་གེ་དང་རྟེན་བཅས་རྣམས་སྤྲད། ཤག་སྐོར་བས་རིགས་གྲའི་སྐལ་བ་དང་ལྷ་སའི་གནས་ཆེན་དུ་མས་བཞེས་སྤྲོ་བཏེག །དབུས་གཙང་དུ་རྒྱུ་འཁྲུལ་གྱི་ཚེ་གུར་ཆེན་བཀའ་བློ་མི་བདེ་བར་སྡེ་པས་གསར་བཟོ་མཛད་པ་གནམ་སྔོན་གཞོན་པར་གྲགས་པའི་གུར་སྟོན་ཚེས་བཅུ་དགུར་མཛད་པའི་བཞུགས་གྲལ་ལ་རྡོ་རྗེ་བྲག་སྤྲུལ་པའི་སྐུ། བཀྲ་ཤིས་རྩེའི་དབོན་རིན་པོ་ཆེ། གཏེར་སྟོན་རིགས་འཛིན་ཆེན་པོ། ཀ་ཚལ་ཟུར་པ། འབྲོག་ཁྲི་དཔོན། གྲ་ཚང་། དྲུང་འཁོར། འཇུམས་ལང་མི་སྣ་དང་བཅས་གཏོས་ཆེ་བ་ལ་དགའ་སྟོན་བསྟར། དེ་སྐབས་དྲུང་འཁོར་རྒན་གཞོན་ལ་མ་བལྟོས་པའི་ཕུལ་སྐོར་ཡོད་མེད་ཀྱི་གྲལ་བསྒྲིགས་ལ་བརྟེན་ས་བ་གྲུ་པ་བཟོ་བོའི་དོ་དམ་ནས་མ་བོས་པའི་གྲལ་འཕྲོས་ཀྱི་ཕྱེད་ཡ་མ་བྱུང་བར་ངེད་ཀྱིས་བཤད་ཡམ་སྣ་ཚོགས་ཁ་ཐག་གང་རིང་ལ་སྡེ་པ་འདར་ལོས་ལན་ཤིན་ཏུ་རྒྱས་པར་སྤྲོས། ཉི་མ་སྔ་རྟིང་གི་སྔ་དྲོ་འགོལ་སྐབས་རིགས་འཛིན་དཀོན་མཆོག་ལྷུན་གྲུབ་ལ་བྲམ་ཟེ་སྔགས་རྒོད་ཀྱི་དོགས་གཅོད་འཕྲོ་ལུས་རྣམས་ཞིབ་ཏུ་དཔྱད། སང་ཉིན་གུར་དེ་གར་གྲ་ཚང་གིས་ཞབས་ཏོག་ལ་ཡང་ཁ་སང་བཞིན་འཕྲོས་གླེང་བྱས། གུར་གྱི་མིང་འདོད་ཁམས་དཔལ་འབྱོར་དུ་བཏགས་ཤིང་མེ་ཏོག་གཏོར་ནས་རྫོང་དུ་ལོག །ཉེར་གཉིས་ལ་སྟག་རྩེ་ཐའི་ཇི་ཡབ་སྲས་དང་བླ་མ་བཀྲ་བཟང་པ་སོགས་མང་བ་དང་ཕྲད། ཐའི་ཇི་ཡབ་སྲས་ལ་ཕྱག་


GLG006_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའི་བྱིན་རླབས་བར་ཆད་ཀུན་སེལ་ཕུལ། ཉེར་བདུན་ལ་སོལ་ཐོན་ཐའི་ཤིའི་བུ་མོ། མཁའ་འགྲོ་དགེ་ཚུལ་མ། རུ་ཐོག་དབང་པོའི་སྲས། མེར་གན་ཧུང་ཐའི་ཇིའི་མི་སྣ། མ་གཅིག་ཐའི་ཇིའི་བུ་དཔོན་མོ་བཅས་པ་དང་ཕྲད། ད་ཡན་ཇའི་སང་གིས་རྟ་ཉི་ཤུ་བྱུང་། ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་བྱམས་གླིང་མཁན་པོ། འབྲོག་དཔལ་དེ་བས་གཙོས་ཀོང་པོ་གཡུལ་རྒྱལ་རབ་བརྟན་གྱི་སྐྱ་སེར་སྤྱི་ཚོགས་ཀྱི་ལེགས་སྐྱེས། མདོ་སྨད་ནས་འགྲུལ་པ་སླེབས་པའི་ཞིང་སྐྱོང་ནང་སོ་ཁུ་དབོན་གྱིས་དངུལ་ལྔ་བཅུ་མ་དྲུག་དང་རྟ་བཅུ་གསུམ་གྱིས་གཙོས་པའི་གོས་དར་ཇ་རས། ཞིང་སྐྱོང་པཎྜི་ཏའི་དབོན་པོས་གོང་གསལ་གྱི་དངོས་པོ་ཆ་ཤས་པའི་ཚན་མི་ཆུང་བ། ཀླུ་འབུམ་དབོན་པོས་རྟ་བཅུ། ཀླུ་འབུམ་ཚེ་བརྟན་གྱིས་རྟ་ཉི་ཤུ་རྩ་གསུམ། བསམ་བློ་གནས་བརྟན་ཅན་གྱིས་རྟ་བཅུ། བློ་བཟང་བསྟན་དར་གྱིས་རྟ་བཅུ་གཉིས་ཀྱིས་མཚོན་ཟང་ཟིང་གི་བདོག་པ་རྒྱ་ཆེར་བསྟབས། གོང་དཀར་དགའ་ལྡན་བཤད་སྒྲུབ་གླིང་པའི་གྲ་པ་ཞིག་གིས་འཕགས་པ་བརྒྱད་སྟོང་པའི་རྒྱུགས་སྤྲད། ཕན་བདེ་ལེགས་བཤད་གླིང་པའི་གྲ་པ་རགས་རིམ་ལ་ཤིང་ལུག་བཀའ་བརྒྱད་བདེ་འདུས་ཀྱིས་གཙོས་པའི་སྔགས་གསར་རྙིང་གི་དབང་ལུང་མང་དུ་ཕུལ་ཞིང་དེ་རྗེས་གསར་འབྱོར་མང་པོར་ས་ཁྱི་ཕུར་པ། འཆར་ཀ་གནུབས་ལུགས། ལྕགས་སྟག་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབང་རྒྱས་འབྲིང་བསྡུས་གསུམ་སོགས་སོང་རུང་རྗེས་སུ་གྲ་གསར་མངས་པ་ལ་བརྟེན་གྲ་ཚང་སྤྱི་སོ་བཀའ་བགྲོས་པའི་དབུ་མཛད་བློ་བཟང་བསྟན་འཛིན་དང་གཉེར་པ་བློ་བཟང་སྦྱིན་པ་གཉིས་


GLG006_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྙན་གསན་ཁ་ཡར་ཟེར་བ་དང་དེའི་མུ་འཐུད་དབུ་མཛད་བློ་བཟང་ཡོན་ཏན། མཆོད་དཔོན་ངག་དབང་ཤེས་རབ།དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་ནན་ཆེན་པོས་མཚམས་སྦྱར་ཏེ། རྡོ་རྗེ་བྲག་སྤྲུལ་པའི་སྐུར་ཕུར་པ་ཆེ་མཆོག་དང་གཏེར་སྟོན་རིན་པོ་ཆེར་ཚེ་བདག་འབུལ་དགོས་ཀྱིས་ཀྱང་རྐྱེན་བྱས་ཚེས་བདུན་ནས་བཟུང་ཉིན་ཁ་ཤས་ཀྱི་བར་ཕོ་བྲང་ཆེན་པོའི་ཚོམས་ཆེན་དུ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། བཀྲ་ཤིས་རྩེའི་དབོན་རིན་པོ་ཆེ། གཏེར་སྟོན་རིགས་འཛིན་ཆེན་པོ། ཆོས་རྗེ་བཀྲ་བཟང་པ། ངེས་གསང་རྡོ་རྗེ་གླིང་གི་གདན་ས་པ་དུང་དགོན་ཆོས་རྗེ། དབོན་མཁྱེན་རབ་བློ་ལྡན། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་ཡོངས་སུ་རྫོགས་པ། གཞིས་ཀ་ཤར་ཨ་གུར་ཅན་གསུམ། དྲུང་འཚོ་བ་ངག་དབང་ལྷག་བསམ། ངག་དབང་འཕྲིན་ལས་ཕ་བུ། བླ་མ་ཁ་གཅིག་གི་གྲ་པ་ཐོར་བུ་དང་བཅས་ཕྱེད་ཉིས་བརྒྱ་སྐོར་ལ་གསང་བ་ཡོངས་རྫོགས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་ཐིག་ཚོན་གྱི་ཆོ་ག་ཙམ་མ་གཏོགས་སྔོན་འགྲོ་ནས་བཟུང་དངོས་གྲུབ་ལེན་ཆོག་གི་བར་སྒྲུབ་ཆེན་གྱི་ཕྱག་ལེན་ཆད་ལྷག་མེད་པ་ཕུལ། བུམ་དབང་གི་དུས་མ་རྒྱུད་ཀྱི་དབང་ལ་སྤྲོད་པའི་རུས་པའི་རྒྱན་དྲུག་དེ་བྱེད་རྩིས་ཡིན་རུང་ཤེལ་རྒྱན་གྱི་ཐོག་མའི་རྟེན་འབྲེལ་ལ་ད་ལམ་སྤྲད་པ་འགབ་འདྲ་ཟླ་བོ་རྣམས་ཀྱིས་ཟེར་བས་བཀའ་བརྒྱད་ཁྲོ་བོའི་དབང་ལ་འབྲེལ་ཆགས་རྒྱུ་མི་འདུག་ཀྱང་རྙིང་ལུགས་ལ་ཤེལ་རྒྱན་སྤྲོད་མཁན་དང་སྟོད་ཁོག་རུས་རྒྱན་ལ་སྨད་ཁོག་ཤེལ་རྒྱན་བྱེད་པ་སོགས་གུ་ཡངས་གཤིས་ངེད་རང་


GLG006_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་བྱེད་པ་ཤར། དབོན་རིན་པོ་ཆེས་ཆོས་སྡེ་ཡས་མས་ཚོར་གསུང་སྒྲོས་མཛད་ན་ཁྲེལ་དགོད་རྒྱབ་མི་ཡོང་ལ་ཆེ། དེ་སྟེང་ཆོས་རྗེ་ཆུ་མིག་པ་ཡང་འབྱོར་བར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་བཞི། བྱང་གཏེར་ཕུར་པ་ཆེ་མཆོག་དང་ལྕགས་ཁང་མ་སོ་སོའི་གཏེར་གཞུང་སོར་གནས། འཇམ་དཔལ་རྫོགས་ཆེན་གྱི་དབང་། རིགས་འཛིན་ཆེན་པོའི་གཏེར་གསར་ཚེ་གྲུབ་བདུད་རྩི་འཁྱིལ་པའི་དབང་། གྲུ་གུ་ཡང་ཝང་གི་གཏེར་མའི་འཇོམས་བྱེད་ཉི་ཟླ་ནག་པོའི་བཀའ་གཏད། གནུབས་ལུགས་སྟག་ཞོན་གཏོར་མ་ལ་བརྟེན་པའི་དབང་བསྡུས་པ་གཏེར་གཞུང་སོར་གནས་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཆར་ཀ་གནམ་སྐས་མའི་དབང་ཆོས་རྒྱལ་བྱང་པའི་ཕྱག་བཞེས་དང་ཆོས་རྗེ་དང་མ་བའི་ཕྱག་ལེན་ཅུང་ཟད་མི་འདྲ་བས་སོ་སོར་ཚར་རེ། འཇམ་དཔལ་རྫོགས་ཆེན་དང་ཚེ་གྲུབ་བདུད་རྩི་འཁྱིལ་པ་གཉིས་ཉི་མ་ཕྱི་མ་ཡིན་པས་དེ་སྐབས་ཆོས་རྗེ་གནས་གཞི་བ་དང་བསམ་གྲུབ་དགོན་པ་བ་སྤུན་གཉིས་ཀྱང་སླེབས། གཙང་དུ་སྐུ་རིམ་གློ་བུར་བ་ཞིག་ཚུགས་ནས་བཀའ་བརྒྱད་སྒྲུབ་ཆེན་གྲོལ་མཚམས་བླ་མ་དགའ་རབ་ཐོན་པ་ཆོས་འཕྲོ་ལ་འཕྲེང་བ་ཙམ་བྱས་ཚོད་དུ་འདུག །དབང་སྒྲུབ། འཛབ་ཐུན། དཀྱིལ་འཁོར། དབང་རྫས། མཆོད་གཏོར་ཕྱག་ལེན་མཐའ་དག་གཞུང་དང་བརྒྱུད་པའི་བཞེད་སྲོལ་མ་ཉམས་པའི་ལུགས་ཀྱི་གྲ་འགྲིག་ཅིང་བགེགས་སྐྲོད་སོགས་ལ་མེ་ཐུན། ཆུ་ཐུན། དབྱངས་རོལ། གིང་པའི་ཚམ་ངམ་དང་སྲོག་དབང་། བསྒྲལ་དབང་། ཟོར་དབང་ཚོར་བདུད་ཆས་སུ་ཞུགས་པས་མཚོན་སྔ་འགྱུར་བའི་ཆོས་བརྒྱད་པོ་དེ་ཤིན་ཏུ་འཕེལ་བར་


GLG006_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། འོན་ཀྱང་དྲེགས་པ་དབང་དུ་སྡུད་ཅིང་ལས་ལ་བསྐུལ་བ་ལ་ལྟ་བའི་རྩལ། གཉེན་པོའི་སྟོབས། སྤྱོད་པའི་བརྟུལ་ཞུགས་ཤིག་མེད་ན་གསར་མ་བའི་ངོ་ཞུམ་བག་མ་འདྲ་བ་དེས་ས་ལམ་མི་ཕྱོད་པར་གདའོ། །དབང་རྣམས་གྲུབ་ནས་ཆོས་རྗེ་ཆུ་མིག་པ་དང་བསམ་གྲུབ་དགོན་པ་བ་ཙམ་མ་གཏོགས་གཞན་མ་ཚང་བར་མ་ཏྲཾ་སྐོལ་བྱང་དཔེ་མ་རྙེད། གཞན་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཆོས་སྐོར་ཆ་ཚང་། གཤིན་རྗེ་ཚེ་བདག་ལྕགས་འདྲ་དང་ལྕགས་སྡིག་གི་སྐོར། བྱང་གཏེར་ཕུར་པ་ལུགས་གསུམ། འཆར་ཀ་གནམ་སྐས་མའི་སྐོར། འཇམ་དཔལ་རྫོགས་ཆེན། ཚེ་གྲུབ་བདུད་རྩི་འཁྱིལ་པའི་སྐོར་སོགས་ཐོབ་ཡིག་གསོར་གནས། བདེ་འདུས་ནས་སྔགས་བཟློག་ཆེན་མོ། མཆོད་པ་ཕུད་སྐོངས། འཆར་ཀའི་བརྐོས་རྗེ་ཞུ་བ་ཞུ་ལན། གསར་རྩོམ་བཀའ་བརྒྱད་ལས་བྱང་གི་ཆོག་སྒྲིགས། ཁྲོ་རོལ་ཆོག་སྒྲིགས། ལས་བྱང་ལེ་བརྒྱད་མ། བསྟན་མ་བཅུ་གཉིས་ཀྱི་མདོས་སོགས་ཁ་ཡར་གྱི་ལུང་རྣམས་ཕུལ་ནས་ཆོས་ཚན་ཉེར་ལྔ་ནས་དབུ་བཙུགས་པའི་རྟེན་འབྲེལ་བསྒྲིགས། ལུང་གི་རྐེད་པ་ནས་རྟ་ནག་སྒྲོལ་མ་བའི་གད྄ུང་བརྒྱུད་གཞོན་པའང་འབྱོར། སྔ་འགྱུར་གྱི་བསྟན་འཛིན་ཚོ་དང་གྲ་ཚང་གི་གྲ་པ་ཉི་ཤུ་སྐོར། གཞིས་ཀ་ཤར་ཕ་བུ་དང་ངག་དབང་འཕྲིན་ལས་བཅས་པ་ལ་མཆོད་རྟེན་བཅས་ཆོག་ལྕགས་འདྲ་ལུགས་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཕྱག་བཞེས་དང་། ལྕགས་སྡིག་ལུགས་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་ཕྱག་ལེན་བཞིན་དངོས་སུ་མཆོད་རྟེན་བརྩིག་པ་དང་འཁོར་ལོའི་དཔེ་རིས་ངོ་སྤྲོད། འཆི་བདག་ཞལ་དབྱེ། མཆོད་རྟེན་གྱི་གཟུངས་


GLG006_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། རབ་གནས་སྒྲུབ་པའི་བར་དམར་ཁྲིད་མཛུབ་བཙུགས་ཐུགས་ངེས་རྙེད་དུ་ལེགས་པར་ཁྲིད། ཟླ་མཚམས་ཚུན་འཆད་ཉན་འཕེལ་བར་བྱུང་། སྔ་འགྱུར་གྱི་དགོན་གཞིས་མང་པོར་མཆོད་རྟེན་བཅད་ཆོག་འདི་བཞུགས་ནའང་དིང་སང་རྡུལ་དང་མུན་པའི་མལ་དུ་བག་ལ་ཞ་བ་ད་ལམ་གད་བདར་ལེགས་པོ་བྱས་ནས་ལྷ་ངོ་མི་ངོ་འཕྲོད་པའི་ལུགས་སུ་བགྱིས། བླ་མ་ཞིག་གིས་ཤའི་ཉེས་དམིགས་བཤད་ནས་དེ་བཤད་ཚོད་ཡིན་འདི་ཡིན་ཞེས་པའི་དཔེ་ལྟར་གྲ་ཚང་གི་གྲ་པ་རྣམས་ཀྱིས་ཀྱང་འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་བཤད་ཚོད་དང་མི་འདྲ་བའི་ལག་ལེན་ཉམས་མྱོང་མ་འདི་ཚོ་ལག་ཏུ་བསྟར་ན་དབུ་ཁུག་མ་གཏོགས་དབུ་ཧྲིལ་མཛད་དགོས་མེད་དོ། །ཚེས་བཅུ་གཅིག་ལ་གོན་ཇོ་དཀའ་བཅུ་བློ་བཟང་ཕུན་ཚོགས་ཀྱི་བསྔོ་རྟེན་རྟ་བཞི་བཅུ་ཞེ་དྲུག་དང་དྲེའུ་དྲུག་ཅུ་རེ་ལྔ། པཱ་རས་ནང་སོ་གྲགས་པ་རྒྱལ་མཚན་ཅན་གྱིས་རྟ་བཞི་བཅུ་ཞེ་དགུ། མ་ལའི་མེར་གན་ཐའི་ཇིས་རྟ་བཅུ་གཅིག་རྣམས་བྱིན། བཅུ་བདུན་ལ་སྒྱེ་ཆུ་མཁན་པོ། ཨེ་ཝམ་བླ་མ། ད་ལའི་ཧུང་ཐའི་ཇིའི་མི་སྣ། ཤེལ་དཀར་དང་ངམ་རིང་མངའ་ཁུལ་སྐྱ་སེར་གྱིས་ལེགས་སོའི་ཚན་གྲངས་སྤེལ། འདར་གྲང་མོ་ཆེའི་མཁན་པོ་ཀ་དཔེ་བར་གསུང་ངག་སློབ་བཤད་ཀྱི་བསྟན་པ་སྤེལ་དགོས་ཚུལ་མོལ་ཞིང་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་གསུང་ངག་འཁྲིད་ཡིག་རྨི་ལམ་ནས་འཕྲོར་ལུས་པ་གང་ཡོད་ཀྱི་ལུང་ཐོབ་འདུག་རུང་དེ་མན་ལ་ངེད་ཀྱིས་ཟིན་བྲིས་བྱས་པ་དང་ལམ་ཟབ་ནང་མ། ནཱ་རོ་མཁའ་སྤྱོད་ཀྱི་དཔྱད་དོན་དང་སེམས་འཛིན་སྦྲགས་ནས་གཏོང་ཚུལ་གྱི་ལུང་བཀླགས། ཚེས་


GLG006_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དགུ་ལ་བྱ་བྲལ་གྱི་ཁམས་པ་དར་རྒྱས་ཅན་གྱིས་རྟ་བཅོ་ལྔ་བྱུང་། ཉེར་ལྔ་ལ་ཞིང་སྐྱོང་ནང་སོ་ཅན་རྫོང་བདའ་དང་སྣར་ཐང་ཁྲོན་པ་ཁའི་བླ་མ་བཅས་པར་ཕྱག་དྲུག་པའི་བྱིན་རླབས་བར་ཆད་ཀུན་སེལ་བྱས། ཁྲོན་པ་ཁའི་བླ་མ་འདི་བསྟན་པ་ལ་ཞེ་རུས་ཆེ་ཉམས་ཀྱི་འཕྲོས་པ་ཤུགས་དྲག་བྱེད་པར་སྣང་ཞིང་ལྷ་སར་སྐོར་བ་གསོག་རིང་ཟུར་གསོས་ཇ་མར་ཤ་རྩམ་གྱི་མཐུན་རྐྱེན་ཀྱང་སྦྱར། དབུས་གཙང་གི་ཆོས་སྡེ་བཅུ་གཉིས་སོ་སོ་ནས་གྲ་པ་རགས་བསྡུས་བརྒྱ་ཕྲག་གིས་ཉིན་རེར་སྨན་བླའི་མདོ་ཆོག་ཆེན་མོ་ཚར་བཞི་རེའི་རྩིས་ཀྱི་ཟླ་གཅིག་བར་གསུངས་པའི་ཁྱོན་ཆིག་འབུམ་བཞི་ཁྲི་བཞི་སྟོང་། འབྲས་སྤུངས་བདེ་ཡངས་གྲ་ཚང་བ་དགེ་འདུན་བརྒྱས་ལྷ་ས་དཀྱིལ་འཁོར་སྡིངས་སུ་ཉིན་ལྔའི་བར་བརྒྱ་མཆོད་སྣ་ལྔ་ཕུལ་ཐོག་ཞལ་འདོན་དུ་སྤྱན་འདྲེན་ཁྲུས་གསོལ་དང་སྨོན་ལམ་རྣམ་གསུམ། ལྷ་ལྡན། ར་མོ་ཆེའི་རྟེན་རྣམས་ལ་ཞལ་གསེར་སྤྱན་འབྱེད། ས་དགེའི་དགོན་ཆེ་ཆུང་ཉིས་བརྒྱར་མང་ཇ་སྦྱོར་སྦྲེལ་དང་འབྲུ་མཁར་ཁལ་ཕྱེད་གཉིས་བརྩིས་ཀྱི་འགྱེད། ཆོས་སྡེ་ཆེན་པོ་ཕན་ཚུན་དུ་ཞག་བཅོ་ལྔའི་རིང་མང་ཇ་འགྱེད་བཅས་ཀྱི་ཐོག་བཟང་སྤྱོད་གང་འགྲོ། ཆོས་འཁོར་རྒྱལ་དུ་དཔལ་ལྡན་རེ་མ་ཏཱིར་བཀང་བ་ཆིག་འབུམ། ཞལ་དང་བེག་ཙེར་ཆིག་ཁྲི། ཆོས་སྐྱོང་སྤྱིར་སྟོང་། ད་ལམ་གྱི་ཚོགས་གསོག་ཕལ་ཆེར་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ་རྒྱུར་ཐུབ་ན་ཕན་ཡོན་ཆེ་རབ་ཡོང་བ་འདུག་རུང་བདག་གཅེས་འཛིན་གྱི་འཆིང་བ་དམ་པོས་ལས་སྒྲིབ་སྲབ་ཏུ་སོང་ན་ནད་གདོན་ལ་ཕན་ནམ་སྙམ་པའི་འདུན་པ་ཡིན་ཡང་དཀོར་ནག་གིས་རྒྱུན་མི་འཆད་པར་འབགས་


GLG006_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་གསུམ་གྱི་སྤྱོད་པས་ཇེ་འཐུག་ཏུ་འགྲོ་འདུག་གཤིས་དགུན་གྱི་བེམ་པོ་ཡིན་ན་འོང་བར་གདའ། ཧོར་ཟླ་དགུ་པའི་ཚེས་གཉིས་ལ་དགའ་ལྡན་ཁྲི་རིན་པོ་ཆེའི་སྐུ་སྐྱེ་ངག་དབང་ཕུན་ཚོགས་སོགས་དགེ་ཚུལ་བཞི། ཐག་རིང་དུ་འགྲོ་མི་དགེ་སློབ་བཞི་བཅུ་སྐོར་བསྒྲུབས། བྲོ་འཚལ་བ་ལས་གྲོལ་བའི་ལེགས་སྐྱེས་སུ་རྭ་སྒྲེང་མཁན་པོས་རྟ་བཅོ་ལྔ། སྤྱི་སོས་དགུ། མཚོ་སྣ། ལྷོ་བྲག་མངའ་ཁུལ་གྱི་ལྷ་སྡེ་མི་སྡེས་བདོག་པ་གྱ་ནོམ་པ་བསྟར། དགའ་ལྡན་དོན་གཉིས་གླིང་གྲ་དམངས་ཀྱིས་རིང་འཚོའི་སྨོན་ལམ་གསུངས། ཉི་ལྡེེ་སྤྲུལ་པའི་སྐུར་སྔར་རྒྱུན་གྱི་བདག་རྐྱེན་གང་ལེགས་བྱས། ཏྲེ་བོ་ཇོ་རོ་དགོན་སྐུ་སྐྱེས་རྟ་བརྒྱད་ཅུ། ཟུང་ཆུ་བསམ་གཏན་ཅན་དང་བཀྲས་རྒྱམ་པ་ཅན་གྱིས་ཉི་ཤུ་རེ། བྲག་ཉི་གཉེར་རྒན་ཅན་གྱིས་བཅོ་བརྒྱད། ཇ་གོས་དར་རས་ཀྱིས་མཚོན་པ་སྤམས་བསྟོད། ཚེས་གསུམ་ལ་ཆོས་རྗེ་ལེགས་བཤད་གླིང་པས་གཙོས་པའི་ཆོས་འཁོར་རྒྱལ་གྲ་སློབ་སུམ་ཅུ་སྐོར། དེ་མཚུངས་དྭགས་པོ་བང་རིམ་ཆོས་སྡེ་བ་སུམ་ཅུ་སྐོར་གྱིས་རིམ་པ་བཞིན་དུ་ཡུལ་ལུགས་དང་མཐུན་པའི་སྐྱེས་བསྟར་ཏེ་སྨོན་ལམ་བཀྲ་ཤིས་མཛད། འདི་ཉིན་ནས་བཟུང་འབྲི་གུང་གཏེར་སྒྲོམ་གྱི་ཆུ་ཚན་ཉིན་བདུན་དང་མས་དྲོ་རུ་ཐོག་གི་ཆུ་ཚན་ཡན་ལག་ཚོར་ཉིན་གཉིས་ཀྱི་བར་བསྟེན་པས་སྔ་མ་འཕྲོད་བཞིན་པར་མ་ཟད་ཕྱི་མ་ཚིགས་ཀྱི་ནད་ལ་འཇམ་དབྱངས་ཧོར་སྒྲ་ཆེ་བ་ཙམ་སྣང་། ཚེས་བཅུ་གཉིས་ལ་དགའ་ལྡན་གསུང་རབ་གླིང་པས་བསྐུལ་བའི་ངེད་རང་དང་སྡེ་པའི་རིང་འཚོའི་ཚིགས་བཅད། རྒྱལ་གླིང་མཁན་པོ་ནུབ་སྒོ་སྟེང་པར་ཉམས་འཆར་ལ་བརྟེན་པའི་འཕྲིན་ཡིག་ཚིགས་བཅད། བསམ་བློ་


GLG006_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བཅུ་ཤེར་རིན་པའི་ངོར་སྨོན་ལམ་རྣམས་བྲིས། ཞོལ་གྱི་ཚེ་ཆོག་པ་བརྗེ་རེས་ཐུག་པའི་ལོག་མིར་ཇ་གྲལ་གྱི་ཐོག་སྒྲོལ་དཀར་གྱི་ཆོ་ག་སུས་མཛད་ཀྱི་དྲི་བ་བྱས་པར་ཤོད་རྒྱུ་མི་འདུག་པ་རྒྱ་མཚོའི་ནང་གི་སྦལ་ལྕོང་གྲལ་བསྒྲིགས་སུ་མངོན་ཞིང་དེ་ཙམ་ཡང་འཆད་རྒྱུ་མེད་པའི་བཞི་སྡེ་བ་ལ་ཆུ་བརྒྱབ་ནས་འབོད་དགོས་རིས་སུ་མི་འདུག །རྨི་རུ་ལྟ་བུ་ནས་བཙལ་ཡང་རྙེད་པར་གདའ་འོ། །དགའ་ལྡན་དོན་གཉིས་གླིང་པའི་གྲ་པ་གསུམ་གྱིས་གསར་རྩོམ་གྱི་ཕར་ཕྱིན་དབུ་མཛོད། དགའ་ལྡན་གསུང་རབ་གླིང་པའི་བློ་བཟང་དར་རྒྱས་ཅན་གཉིས་ཀྱིས་དབུ་མ། བློ་བཟང་མཆོག་ལེགས་ཀྱིས་དབུ་ཕར། བློ་བཟང་བསྟན་འཕེལ་གྱིས་བྱམས་ཆོས་སྡེ་ལྔ་དང་སྨྲ་སྒོ་མཚོན་ཆའི་རྒྱུགས་སྤྲད། དཔལ་འཁོར་ཆོས་སྡེའི་མཁན་ཟུར་པ་ཡོན་ཏན་སེང་གེས་རྟ་བཅོ་ལྔ། འབྲི་གུང་ཕྱག་མཛོད་ཀྱིས་རྟ་བཅུ་བཞི། དེ་མོ་དབོན་པོ་བསོད་ནམས་ནོར་བུས་ལྔ་བཅུ་མ་བཅུ། ཁམས་དངུལ་སྲང་སུམ་བརྒྱ། ཇ་ཁོར་དྲུག་མ་བདུན་བརྒྱ། རྟ་ལྔ། དྲེའུ་མཛོ་སོ་སོར་བརྒྱ་ཕྲག་སྒ་གདན་བཅས་པའི་སྟོང་འབུལ་བཏེག །རྒྱལ་ལེགས་བཤད་གླིང་པ། ཆོས་རྗེ་བཀྲ་བཟང་པ། དཔོན་བསོད་ནམས་བཀྲ་ཤིས། མ་གཅིག་ཐའི་ཇིའི་བུ་ཐོས་པ་དགའ། སེམས་དཔའ་ཆེན་པོའི་དབོན་པོ་སོགས་འཕྲད་མི་མང་དུ་བྱུང་། མཚམས་ཀྱི་བྲེལ་བ་ཡོད་གཤིས་དགའ་ལྡན་གསུང་རབ་གླིང་པའི་བླ་གྲ་རྣམས་འཕྲལ་དུ་ཤོག་གསུངས་པ་ལ་བརྟེན་ཉིན་ཤད་མཚན་ཤད་ཀྱིས་ཡོངས་པའི་ཚེས་བཅུ་གསུམ་གྱི་ཞོགས་གླིང་ཁར་ཀ་ཅ་དང་ཁལ་མ་ཚོ་བསྐྱུར་ཐབས་སུ་


GLG006_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ་ར་མདའ་བ་ལྟ་བུའི་རྒྱུགས་བཤར་དང་བཅས་འབྱོར། དགེ་འདུན་རྣམས་ཞལ་དབུགས་གསོས་པོ་མི་འདུག་རུང་བདོག་པའི་སྐྱེས་མཎྜལ་སྨོན་ལམ་བཀྲ་ཤིས་སྙན་པའི་དབྱངས་ཀྱིས་གྱེར། དེ་དགོངས་ནས་བཟུང་བདུན་ཕྲག་གཉིས་ཀྱི་བར་མཆོད་དཔོན་ངག་དབང་ཤེས་རབ། འབྲིང་ལུང་བློ་བཟང་དཔལ་འབྱོར། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་རྒྱུན་གྱི་ལས་བྱེད་དང་གཏེར་སྟོན་རིན་པོ་ཆེ་དང་དྲུང་འཚོ་ལྷག་བསམ་གཉིས་དམིགས་འོག་ཏུ་ཆུད་པའི་མི་འགྲུལ་ཉུང་ངུར་བྱས་ཏེ་སྒོ་གསུམ་མི་འདའ་བའི་བཅད་རྒྱ་ཤིན་ཏུ་དམ་པའི་ངོས་རླུང་སྦྱོར་ལ་བརྟེན་པའི་ཉམས་ལེན་ལ་བརྩོན་པར་བགྱིས། བདུན་གཉིས་པའི་ཁོངས་སུ་ལོག་ཏྲིའི་ལུང་དང་རིན་པོ་ཆེ་བཀྲ་བཟང་པ་ནས་བརྒྱུད་པའི་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབང་ལུང་བསྐྱར་ལྡབ་དང་ལ་སྟོད་དམར་པོའི་བདུད་རྩིའི་དབང་། སྒྲོལ་མ་ཕུག་ཏུ་གཏེར་སྟོན་ཡོལ་མོ་བ་ཆེན་པོར་དག་སྣང་དུ་བྱུང་བའི་མཁའ་འགྲོའི་བརྡ་དབང་། དེའི་ཡིག་ཆ། ཡོལ་མོ་སྤྲུལ་སྐུའི་རྣམ་ཐར་རྡོ་རྗེ་སྒྲ་མའི་རྒྱུད་མངས་ཀྱི་ལུང་རྣམས་གཏེར་སྟོན་རིན་པོ་ཆེར་ཞུས། དབོན་རིན་པོ་ཆེ་གཙོ་བོར་གྱུར་པའི་དོན་གཉེར་གནང་མཁན་མང་པོར་ནཱ་རོ་མཁའ་སྤྱོད་ཀྱི་འཁྲིད་རྒྱས་པ་ཞིག་འབུལ་དགོས་ཡོད་རུང་འཕྲལ་དུ་མ་ཐུབ་པར་མཆོད་དཔོན་ངག་དབང་ཤེས་རབ་དང་དགེ་སློང་འཇམ་དབྱངས་གྲགས་པ་ནན་ཆེས་པས་ཐུན་མཚམས་ལ་ཁའུ་པའི་བཞེད་སྲོལ་འཁྲུལ་མེད་ཀྱི་ཉམས་འཁྲིད་སྨིན་རྒྱས་སུ་ཕབ། ཚེས་བཅུ་བཞི་ནས་གྲ་ཚང་གི་གྲ་པ་གྲངས་བཅད་ལ་གཤིན་རྗེ་གཟའ་གདོང་དམར་ནག་དང་འཇམ་དཔལ་གཤིན་རྗེ་རླུང་སྒྲུབ་


GLG006_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ལས་སྦྱོར་བཙུགས། ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་ཞག་ཤས་ཀྱི་བར་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། དབོན་རིན་པོ་ཆེ། གཏེར་སྟོན་རིན་པོ་ཆེ། རྫོགས་ཆེན་སྤྲུལ་སྐུ་འོད་གསལ་ཀློང་ཡངས། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ་རྣམས་ལ་དཔྱིད་ཀ་འབུལ་འཕྲོར་ལུས་པའི་རིགས་འཛིན་ཡོངས་འདུས་ཀྱི་པོད་ལོངས། བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་བྱ་མང་ཕུག་ནས་གདན་དྲངས་པའི་ཀུན་བཟང་ཐུགས་གཏེར་གྱི་རྩ་དབང་། ཕྱག་རྡོར་གྱི་དབང་དང་པོ་ཏིའི་ལུང་ཡོངས་རྫོགས་གཏེར་ཁ་གོང་མའི་གཉེན་པོ་ལྷ་གསུམ་གྱི་དབང་ལུང་། གཏེར་ཁ་འོག་མ་དང་རིན་ཆེན་གླིང་པ་གཉིས་ཀྱི་འཇམ་དཔལ་ནཱ་ག་རཀྵའི་དབང་ལུང་། འཇོམས་བྱེད་ཉི་ཟླ་ནག་པོའི་བཀའ་གཏད་ཡང་བསྐྱར་དང་ལུང་ཡོངས་རྫོགས། གཏེར་ཁ་འོག་མའི་བསྟན་མ་བཅུ་གཉིས་ཀྱི་སྲོག་དབང་ལུང་། མངའ་བདག་ཉང་གིས་གཏེར་སྒྲོམ་ནས་སྤྱན་དྲངས་པའི་བསྟན་མའི་སྐོར། ཟུང་མཁར་ཨ་ཇོ་དཔལ་བོའི་གཏེར་མའི་རྡོ་རྗེ་དྲག་རྒྱལ་མའི་སྒྲུབ་སྐོར་ཆ་ཚང་བ། དེ་ཡང་ས་དགེ་གཉིས་ཀྱི་ནཱ་ག་རཀྵ་ལ་གསར་མའི་རྗེས་གནང་དཀྱུས་འགྲེའི། བདག་ལ་ནཱ་ག་རཀྵ་ཡི། སྐུ་ཡི་རྗེས་གནང་སོགས་སྦྱར་བའི་སད་མོ་ཆེའི་ནཱ་ག་རཀྵ་དང་རྙིང་རློམ་མང་པོས་གཏེར་གཞུང་སོར་གནས་བསྐུར་ཡང་ཐོད་པ་ཞལ་དབྱེའི་རྣམ་དབྱེ་མ་དོད་པར་ནང་མཆོད་ཀ་པཱ་ལ་ནས་ཀྱིས་བཀང་བའི་དབང་རྫས་བྱེད་པ་ཚོ་དང་མི་འདྲ་བར་ཆོས་རྒྱལ་འབྲི་གུང་ཡབ་སྲས་ཀྱི་ཕྱག་ལེན་འཁྲུལ་མེད་དང་བསྟན་མ་བཅུ་གཉིས་ལ་གཏོར་སྤུངས་བཅས་ནས་


GLG006_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གསར་མའི་ཆོས་སྐྱོང་གི་རིགས་འགྲེ་སྦྱར་ཏེ་གཞན་མགོ་བསྐོར་བའང་སྣང་མོད། ཕྱག་ལེན་འདི་ནི་ཨོ་རྒྱན་གྱི་མཁན་པོ་ཁ་སྤུ་ཅན་དེའི་བཞེད་པ་མ་ཉམས་པའི་ལུགས་ཡིན། དབོན་རིན་པོ་ཆེས་གཙོ་བོར་གསན་དགོས་བདག་ཆེན་རྡོ་རྗེ་འཆང་ཡན་ལག་ལ་དཔལ་ལྡན་ས་སྐྱའི་ལྕགས་རི་ཕྱིར་མི་འདའ་ཞིང་བར་སྐབས་ཀྱི་ཞལ་ངོ་གཉིས་ཙམ་གྱི་རིང་ཕྱི་ནས་ནང་ལ་ཡང་མི་འདའ། ཁྲི་ཆེན་ཀུན་དགའ་བསོད་ནམས་ནས་སླར་ཡང་བཀག་པོ་ཚང་འཛུད་བྱུང་བ་རྗེ་བཙུན་གོང་མའི་ཟབ་ཆོས་རྣམས་གསན་བཞེད་པར་ཚོགས་བཤད་ཟ་ཟིའི་གཏམ་གྱི་གསན་པ་ནི་ཤིན་ཏུ་མང་། ཨཥྚའི་བསྙེན་ཆེན་མ་སོང་བའི་སྟབས་གསུང་ངག་སློབ་བཤད་ནི་འཕྲལ་དུ་འབུལ་བདེ་རིས་སུ་མི་འདུག་པར་མ་ཟད་གསེར་ཆོས་དང་ཆོས་སྐྱོང་གི་སྐོར་སོགས་མཁའ་འགྲོ་ལྔ་མཉེས་པར་བྱེད་པ་ནས་བརྩམས་པའི་སྙན་རྒྱུད་བཞིའི་རྟེན་འབྲེལ་བསྒྲིགས་ཏེ་བྱེད་པ་ལས་རྐང་ཟིན་ལག་ཟིན་སྟབས་བདེ་དེ་ལུགས་འདི་ལ་སྲོལ་མེད་པས་ནམ་དུས་ཕྱི་མོར་སོང་བ་དང་བཅས་ལོ་རྟིང་མ་ཚོར་འཆད་ཉན་བྱེད་པ་བརླིང་བར་གོ་བས་ད་ལམ་ཚར་ལུགས་དང་རྫོང་ལུགས་ལ་དར་སོ་ཆེ་བ་པདྨ་ཡང་གསང་ཁྲོས་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བླ་ཆེན་ཆོས་དཔལ་བཟང་པོའི་ཡིག་ཆ་ལ་ལྷ་དབང་བསྣན་ཏེ་དབང་ཤིན་ཏུ་རྒྱས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཡིག་ཆའི་སྟེང་ནས་རྫོང་ཆུང་ཚེ་དབང་། རྟ་མགྲིན་བདེ་གཤེགས་སྤྱིར་དྲིལ་གྱི་དབང་། གྱིང་ལྔ་གཟའ་གདོང་གི་སྲོག་གཏད། རྟ་པོད་ཡོངས་རྫོགས་ཀྱི་ལུང་རྣམས་ཕུལ། སེར་བྱེས་ཀྱི་ཐོག་མའི་བླ་མ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་དང་ཐམས་ཅད་མཁྱེན་པ་དགེ་འདུན་


GLG006_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་གཉིས་ནས་རང་ཕྱོགས་ལ་དར་རབ་བྱུང་རུང་ཕྱི་སྐོར་ལུང་རྒྱུན་ཡང་ཆད་ཅིང་བྱེས་ཀྱི་སློབ་དཔོན་འགའ་རེས་གསང་བ་འདུས་པའི་དབང་ཆོག་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཏེ་ས་ཕུར་ལྷ་ཁྲ་ལ་ས་ལོས་ཀྱེེ་རྡོར་འབྱིན་འཇུག་གི་སྐུ་ཆེད་ར་གན་གསེར་ཆུས་བྱུགས་པར་བློ་མ་སོང་བས་བསྟན་རྒྱུན་ལ་ཕན་དུ་རེ་བའི་ཕ་བོང་ཁ་པ་ཞལ་སྔ་ནས་འཇམ་དབྱངས་གྲགས་པའང་དབང་ལུང་གཉིས་ཀ་ཉན་པར་བོས། ཁོང་པ་ཐུགས་རབ་དངོས་གཙང་བས་ཆོས་རྒྱུན་ཚད་ལྡན་ཞིག་མཛད་དམ་སྙམ། རྡོ་རྗེ་བྲག་སྤྲུལ་སྐུ་ལ་བྲག་དཀར་ཆུ་བཟང་གི་བླ་མས་གསར་མའི་ཤན་རེ་ཆེ་ཞུགས་པའི་ཡི་གེ་ཞིག་གི་སྟེང་ནས་དཀྱིལ་འཁོར་གྱི་དབང་དང་སློབ་དཔོན་ཆེན་པོའི་ཆེ་བྱང་རྒྱབ་ཏུ་བསྐྱུར་ཏེ་ཚེ་དབང་དཀྱུས་མ་ཞིག་ལ་རྫོང་ཆུང་ཚེ་དབང་གིས་མིང་བཏགས་ཏེ་ཕུལ་འདུག་པ་ད་ལམ་ཆོས་བདག་པོའི་ཕྱག་ཏུ་འཕྲོད་པའི་ཁུལ་ཡིན་རུང་ས་དྲི་ཁ་གསུང་བ་ལམ་དུས་མཛད་པ་ལས་ས་དྲི་ཁ་བ་རང་མེད་ལ་ཆེ། ད་ཆ་པདྨ་ཡང་གསང་འདི་ས་དགེ་གཉིས་ཀྱི་ཁྲོད་དུ་མི་ཚེ་མ་ཕྱིད་ན་རྙིང་མ་བ་ཚོས་བརྒྱ་བུད་དུ་བཏང་ནས་མི་ཆུད་ཐག་ཆོད་དུ་གདའ་འོ། །སྤྲུལ་པའི་སྐུ་དང་གཏེར་སྟོན་རིགས་འཛིན་ཆེན་པོ་གཉིས་ཀྱི་བཞེད་པ་ལྟར་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་ལེན་ཇི་ལྟ་བ་བཞིན་དང་གཏེར་གཞུང་ཡིག་རྙིང་གི་སྐོར་ཕུལ་ཞིང་ས་དགེ་ཞལ་གསུམ། དྭགས་ཤངས་ཞི་བྱེད་སོགས་ཆོས་ལུགས་ཕལ་ཆེར་ལ་རྒྱལ་བསེན་གྱི་གནོད་པ་བྱུང་ཚེ་འདི་ཉིད་ལ་སྐྱབས་སུ་འཛིན་པ་མང་ཡང་སོ་སོའི་བླ་མས་མཛད་པའི་མངོན་རྟོགས་རྗེས་གནང་ཙམ་ལས་གཏེར་གཞུང་དངོས་


GLG006_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གྱིས་གཟིགས་པ་ཉུང་ཞིང་འཁོར་ལོའི་དཔེའུ་རིས་ཐོར་བུ་སྣང་བའང་ཞ་ལུ་བ་ཕྱོགས་ཀྱི་གནོད་སྦྱིན་འཁོར་ལོའི་མཆེད་ཟླ་ཁོ་ནར་འདུག་པ་སྔགས་རྒན་རལ་པ་ཅན་རྣམས་ཀྱི་ཕྱག་ལེན་གྱི་འཕྲེང་དུ་བཅུར་བའི་ཕན་ཡོན་ལ་བརྟེན་གཏེར་གཞུང་བཞིན་བཀོད་པ་ལུགས་འདིའི་སྲོག་གི་མེ་རོ་བསླང་བ་ལྟ་བུར་སོང་། གཞན་ཡང་གནུབས་ཀྱི་ཧྲིཿདམར་དང་མཐུ་སྟོབས་དྲེགས་པའི་རྒྱལ་པོ། གཏེར་ཁ་འོག་མའི་གུ་རུ་དར་ནག་བེར་ཆེན། ཚེ་བརྟན་རྒྱལ་མཚན་གྱི་གཏེར་མའི་ཡུལ་འཁོར་སྲུང་གི་དམག་བཟློག །གུ་རུ་ཇོ་ཙེའི་གཏེར་མའི་དབང་ཕྱུག་ནག་པོ། ཆོས་དབང་དང་རྣམ་སྣང་ཐུབ་རྒྱལ་གཉིས་ཀྱི་རྒྱ་ནག་ཏིང་རྫོགས་ཀྱི་གསུང་འབུམ། བླ་མ་དགོངས་འདུས་ཀྱི་སྲུང་འབུམ། བྱང་གཏེར་དུག་དབང་གི་ཡི་གེ །ལས་འབྲེལ་རྩལ་དང་རཏྣ་གླིང་པའི་གནོད་སྦྱིན་བཤན་པ་དམར་པོའི་ཆོས་སྐོར། རྡོ་རྗེ་གླིང་པའི་ཟ་ཡིག་ནོར་བུའི་བང་མཛོད་དང་སེང་གདོང་མའི་ཟ་ཡིག་སོགས་གཏེར་ཁ་སྣ་ཚོགས་ཀྱི་ཟ་ཡིག་གི་སྐོར། ཕར་ཕྱིན་རྒྱལ་བའི་བཀའ་མཐུ་བཀའ་གཏེར་གཉིས། ཟངས་གླིང་གི་གཏེར་མའི་གཏད་རུལ། བྱ་མང་པའི་ཇག་འཆིང་རྭ་རུ་མ། འཁོན་སྤྱོད་གི་སྲུང་བ་ཁ་ཡར། དྲག་སྔགས་སྣ་ཚོགས། ཆོས་རྒྱལ་བྱང་པའི་གསུང་ཁ་ཤས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ནས་བརྒྱུད་པའི་ཛ་བིར་རླུང་ཁྲིད་ཀྱི་ལག་ལེན་མན་ངག་དང་བཅས་པ། ཆོས་མཚམས་ཀྱི་རྟེན་འབྲེལ་དུ་འཕྲང་འགོ་གཏེར་སྟོན་པའི་འཆི་མེད་སྐུ་གསུམ་འདུས་པའི་དབང་ལུང་རྣམས་ཕུལ། སྤྲུལ་སྐུ་རིན་པོ་ཆེར་འཇོམས་བྱེད་ཀྱི་ཕྱག་ལེན་ཐུགས་ལ་ངེས་པར་འདུག་པ་ཕྱག་འཁྲིད་དོགས་གཅོད་


GLG006_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ཤིང་གསལ་བྱེད་ཀྱི་ཡི་གེ་ཞིག་ཀྱང་རྗེས་བྱང་དུ་བཏབ། པཎ་ཆེན་སྐུ་མཆེད་དང་ཆོས་རྒྱལ་བྱང་པའི་གཏེར་གསར་གཙོ་བོར་འདོན་དགོས་པའི་གོང་ར་ལོ་ཙཱ་བའི་གནས་ཚུལ་དང་བཅས་རྒྱུ་མཚན་ནི་རྒྱས་པར་ཕུལ་ཞིང་ཐུགས་ལ་རུས་པ་འཇུག་མི་འཇུག་ནི་སླད་ནས་ཟོས་མ་ཟོས་དམར་ཆུང་བྱད་ཀྱི་དཔེར་འདུག །དམག་ཟོར་མའི་གཏོར་འབུལ་དགོས་ཕེབས་པ་བརྩམས། སྤྲུལ་སྐུ་རིན་པོ་ཆེ་དང་དབོན་རིན་པོ་ཆེར་བདོག་པའི་སྐྱེས་དང་བཅས་རང་གནས་སུ་བཏེག །རྫོགས་ཆེན་སྤྲུལ་སྐུས་གཏེར་ཁ་གང་ཡང་རུང་བའི་རྫོགས་ཆེན་གྱི་དབང་ལུང་ཉམས་འཁྲིད་ཆ་ཚང་བ་ཞིག་དགོས་ཚུལ་བྱུང་བ་ཁས་བླངས་ཤིང་ཁོང་དཔོན་སློབ་ཆོས་བསྒུགས་ལ་ཡར་ཀླུངས་ཚོར་བཞུགས་བརྩིས་འདུག་པ་མཐུན་རྐྱེན་ཀྱི་འབྲུ་འཛིན་སྤྲད། ཚོགས་གསོག་ཏུ་རྫོངས་གཞིས་ཁ་ཡར་ནས་ཞབས་ཏོག་བྱས་པའི་བཀའ་འགྱུར་རོ་ཅོག་ཚར་ཉིས་བརྒྱ་བཅུ་གསུམ། ཡིག་དྲུག་དུང་ཕྱུར་བཅུ་གསུམ། ཕ་བོང་ཁར་ཟླ་གཅིག་གི་བར་རིགས་གསུམ་མགོན་པོའི་གཟུངས། དབུས་གཙང་དྭགས་ཀོང་གི་དགོན་རིས་མེད་ལ་མང་འགྱེད་བཏང་། ཨེ་ཆོས་ལུང་དཀར་མོ་ནས་འོད་གསལ་ལྷ་རིགས་འཛིན་པའི་མི་དབང་ཡབ་སྲས་ཕེབས་ཏེ་ཚོགས་འཁོར་ཚན་གྲངས་འགྱེད་ཀྱི་ཡོན་སྦྱར་ནས་ཚེས་བཅུ་གཉིས་ལ་གྲ་ཚང་གིས་འཆི་མེད་འོད་སྣང་གི་གསུང་ཆོག་རྒྱས་པར་མཛད། འདི་ཉིན་ཚོགས་གྲལ་དུ་བཀྲ་ཤིས་སོགས་ཨོ་རོད་ཀྱི་དཔོན་ཁག་ཀྱང་མང་བར་སྣང་། སང་ཉིན་དེ་མོ་དབོན་པོས་ཉིན་སྔ་མ་དང་མཚུངས་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། རྭ་སྒྲེང་མཁན་ཟུར་བསྟན་པ་དར་རྒྱས་ཨོ་རོད་ནས་འཁོར་ཏེ་དེ་ཉིན་མཇལ་


GLG006_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ལ་རེས་བཤད་ནས་བྱུང་བ་ཚེ་ཆོག་གི་སྟབས་བྱིན་རླབས་མ་ཐུབ་རུང་ཚོགས་གྲལ་དུ་བསྒྲིགས་པའི་ངོས་ཕྲད་བྱས། ལྕགས་བྱི་རྒྱལ་པོ་སྐུ་མཆེད་ཀྱིས་མ་ག་དྷའི་དོན་སྐོར་ལ་མི་སྣ་གཏོང་དགོས་ཚུལ་བྱུང་བ་དང་དེར་མ་ཟད་ཨོ་རོད་ཚོ་པ་བཞིའི་གཞུང་མཐའ་དག་ལ་གང་ཕན་གྱི་བསླབ་བྱ་དང་བཅས་རྭ་སྒྲེང་མཁན་ཟུར་པ་བཏང་བར་བརྟེན་ལོ་ཡང་བཅུ་གཉིས་ཙམ་ཐོགས་ཤིང་ཅོད་པ་པཱ་ཐུར་ཁྱོ་ཤུགས་བཙོན་ར་ནས་བཏོན་ཏེ་དུད་གྲངས་ལྔ་བཅུ་སྐོར་གྱི་སྐལ་བ་དང་བཅས་པའི་བདེ་ཐབས་བག་ཙམ་ཐུབ་པར་སྣང་། ཁོང་ཚོས་ཚུར་ངན་མི་བྱེད་པའི་ཁག་ཐེག་བྱུང་ཚེ་སྡེའི་ཆ་གསུམ་ཆ་གཅིག་གཏོད་ཅེས་སེང་གེས་སྐོར་ཡང་བཏང་བར་ཏྲེ་བོ་སྐུ་སྐྱེ་ནམ་མཁའ་བསམ་གྲུབ་ཀྱིས་རྫི་གསང་མ་ཕྱེད་པའི་ཁས་ལེན་རྩིས་བྱས་འདུག་རུང་རྭ་སྒྲེང་མཁན་པོས་ཤོལ་བ་སྤུན་གཅིག་གིས་གཅིག་ལའང་ཡིད་ཆེས་མི་ཐུབ་པའི་སྙིགས་མའི་དུས་འདིར་ཤ་འཁོན་དེ་འདྲའི་ཁག་ཐེག་ཅི་ལ་ནུས་པས་སྐད་ཆ་ཐོས་ཙམ་ནས་རྒྱས་བསྡུས་འཚམས་པར་མངོན་ཞིང་རྗེས་ཀྱི་གནས་ཚུལ་ལ་དཔགས་ན་ཏྲེ་པོ་སྐུ་སྐྱེ་ལྟར་བྱས་ཏེ་སྦྱིན་བདག་ལ་ཉེ་རིང་གིས་བསླུས་བརྒྱབ་པ་ལྟ་བུའི་རོ་ས་འོག་དང་གཏམ་ས་སྟེང་ཡོང་བར་མ་ཟད་སླད་ནས་སོག་ཡུལ་ཕྱོགས་སུ་མི་སྣ་གཏོང་ཐེབས་དང་བྲལ་བ་ཞིག་འོང་བ་ལས་འོས་མེད་པར་གདའ། ཆོས་འཁོར་ཡང་རྩེ་བླ་གཉེར་སྤྱི་སོས་བསྐུལ་བའི་འདི་ག་དང་སྡེ་པའི་རིང་འཚོའི་ཚིགས་བཅད། དབོན་པོ་ཆོས་དབྱིངས་ལྷུན་གྲུབ་ཀྱི་ངོར་ངེད་རང་དང་གཏེར་སྟོན་རིན་པོ་ཆེའི་བརྟན་བཞུགས་བརྩམས། ཚེས་བཅུ་དགུ་ལ་འདམ་ནས་གནམ་སའི་དབང་ཕྱུག་བསྟན་འཛིན་


GLG006_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལའི་རྒྱལ་པོ་བཙུན་མོ་སྲས་བཅས། ད་ཡན་རྒྱལ་པོའི་དབུ་སྐོར་ཆེ་ཆུང་། དུ་རི་ཡལ་དགེ་ཚུལ་མ་སོགས་ཨོ་རོད་གཉུག་མར་གནས་པ་ཚོ་དང་ཆ་གན་བར་དང་སེ་ཆེན་ཇི་ནོང་གཉིས་ཀྱི་ཨེལ་ཆི་ཁ་ཡར་འབྱོར་བ་རྣམས་སྡེབས་མཚུངས་སུ་མཇལ་ཞིང་གསུང་གླེང་དང་དྲི་བཤད་རྒྱས་པར་བྱུང་། རྒྱ་གར་ནས་ཀྲིཥྞ་ཨུ་ད་ཡ་ཞེས་པའི་པཎྜི་ཏ་ཞིག་འོངས་པའི་གནས་ཆེན་གྱིས་མཆོད་སྦྱིན་གྱི་རིལ་བུར་བསྒྲུབས་པ་དང་། བྱང་ཆུབ་ཤིང་གི་ལོ་མ་བྱིན་ཞིང་ལེགས་སྦྱར་གྱི་སྐད་ལས་དྲངས་པའི་བསྔགས་བརྗོད་སྨོན་ལམ་བརྩམས་པ་འདར་པ་ལོ་ཙཱས་བསྒྱུར་བ་ནི། མིང་ལྡན་ཐམས་ཅད་སྐྱོང་བའི་དཔལ་མངའ་མཐའ་ཀླས་ཡོན་ཏན་ཚོགས་ཀྱིས་བརྒྱན་བྱས་ས་ཡི་ཟླ་བ་སྟེ། །རིག་དང་ཡེ་ཤེས་རྒྱ་མཚོས་ཡོངས་གང་དཔལ་དང་ལྡན་པའི་དགའ་བ་ལ་འཇུག་ལྷ་མིས་མཆོད་བྱེད་ཅིང་། །ཆ་ཤས་ཡོངས་རྫོགས་དཔག་ཡས་སྐྱེ་འགྲོའི་སྡུག་བསྔལ་མ་ལུས་ལེགས་བཅོམ་ཡང་དག་དོན་ལ་འགོད་མཛད་པ། །ལྷ་ལྡན་གནས་སུ་ཐམས་ཅད་མཁྱེན་ཁྱེད་བྱེ་བ་ཕྲག་བརྒྱར་བཞུགས་གསོལ་བདག་ཅག་རབ་ཏུ་དང་བས་འདུད། །ཀུན་མཁྱེན་ཉིད་དང་མེས་པོ་ཚངས་པ་གཉིས། ། མཐའ་ཡས་ཡོན་ཏན་སྲང་ལ་གཞལ་བ་ན། །བྱེད་པོ་ཡང་བས་མཐོ་རིས་གནས་སུ་སོང་། །མགོན་ཁྱོད་ལྕི་བས་ས་སྟེང་གནས་ཞེས་གླེང་། །ཞེས་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་སྣང་ངོ་། །རྩམ་འཐོར་འདི་ལ་ཐམས་ཅད་དགའ་བ་འདུག་པས་གསེར་སོགས་ཀྱི་སྟེར་ཆ་ལེགས་པ་བྱས། དགའ་ལྡན་གསུང་རབ་གླིང་པ་དང་དགའ་ལྡན་དོན་གཉིས་གླིང་པ་གཉིས་ལ་སྨན་བླའི་མདོ་ཆོག །བཟང་སྤྱོད།


GLG006_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་སྨོན། སྒྲོལ་མ། ཤེར་སྙིང་། ཚེ་གཟུངས་རྣམས་ཀྱི་ལུང་ཕུལ། གསུང་རབ་གླིང་པ་ཚོའི་ཚིགས་བཅད་གསར་པ་དེ་ལམ་དུ་འཛིན་ལོང་མ་བྱུང་བས་འདི་ཉིན་གདངས་འདུར་གྱི་ཞལ་འདོན་མཛད། ཚེས་ཉི་ཤུ་ལ་ས་སྐྱོང་རྒྱ་རི་བ་ཡབ་སྲས་འཁོར་བཅས། དེ་མོ་དབོན་པོ་ཅན་ལ་གྲུབ་རྒྱལ་ལུགས་ཀྱི་ལྷ་གཅིག་བུམ་གཅིག་བསྟེན་པའི་ཚེ་དབང་། ཤངས་ལུགས་ཀྱི་རྟ་མགྲིན་དང་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། རྣམ་འཇོམས་ལྗང་སྔོན། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། སྨེ་བརྩེགས་དུད་ཁ་རྣམས་ཀྱི་རྗེས་གནང་ཕུལ། བདོག་པའི་སྐྱེས་ལན་དང་བཅས་ཁོང་དཔོན་གཡོག་རང་གནས་སུ་བྱོན། ཉེར་གཉིས་ལ་རྟ་ཚག་སྤྲུལ་པའི་སྐུ། རྭ་སྒྲེང་མཁན་ཟུར་པ་བསྟན་པ་དར་རྒྱས། འབྲས་སྤུངས་ཀྱི་སློབ་དཔོན་པ་དྲུག །མཉྫུ་ཤྲཱི་སྐུ་སྐྱེ། ཁལ་ཁ་ཚོ་པ་བདུན་གྱི་མི་སྣ་དང་བཅས་པ། འདར་ནས་བསོད་ནམས་ལྷུན་གྲུབ་རྡོ་རྗེ་སྒེར་གཞིས་ནས་འོངས་པ་ལ་ཇ་གྲལ་བཏང་། འཇམ་དབྱངས་སྤྲུལ་སྐུ་དང་ཐུ་ཤི་ཡེ་ཐུ་རྒྱལ་པོས་གཙོས་ཁལ་ཁའི་དཔོན་ཁག་ཚོ་དང་སྤྱི་བའི་ཡི་གེ་རྟེན་བཅས་སྤྲད་ཅིང་ངག་མ་ཞིབ་པར་གླེང་། ཉིན་གསུམ་གྱི་བར་ལ་དགེ་ཚུལ་དྲུག་བརྒྱ་དྲུག་ཅུ་རེ་གཅིག་དང་དགེ་སློང་སུམ་བརྒྱ་ལྔ་བསྒྲུབས། ཉེར་དགུ་ལ་ཁལ་ཁའི་མི་སྣ་ཚོར་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་དང་སོ་སོའི་ཡིག་ལན་རྟེན་སྦྲགས་ངག་མ་དང་བཅས་རྫོང་བདའ་བྱས། རྒྱལ་པོའི་གཅུང་སིདྡྷི་ཤྲཱི་ཧུང་ཐའི་ཇིས་སྐུ་གསུང་ཐུགས་གསུམ་གྱི་བསྟོད་པ་དགོས་ཚུལ་མཛད་པ་ལྟར་ལུས་ངག་ཡིད་གསུམ་ཡོད་པ་རྒྱུ་


GLG006_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དུ་བགྱིས་ཏེ་བརྩམས། གནམ་གང་ལ་རུ་བཞིའི་བསྙེན་གནས་མ་རྣམས་ལ་སྡོམ་པ་ཕབ། ཐོར་གོད་མགོན་པོ་ཡེལ་དེང་ཁོ་རང་གི་ཇོ་ཇོ་དང་ཚ་བོ་དགྲར་ལངས་ཏེ་མངའ་ཐང་དང་བྲལ་བའི་ཉམ་ཐག་ཅིང་ན་ཚོད་ཀྱང་སྨིན་པོར་སོང་བ་བོད་དག་པའི་ཞིང་ལྟ་བུའི་མོས་པ་དང་བཅས་ཆེད་དུ་འཆི་བར་འོངས་པ་རྒས་ནད་ཀྱིས་བགྲོད་དཀའ་བར་འདུག་པ་གློ་བུར་དུ་ཚེའི་དུས་བྱས་ན་རེ་བ་མ་རྫོགས་དོགས་འབྱོར་འཕྲལ་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་ངོས་འཕྲད་དང་འཕྲོས་པ་ཞིབ་ཏུ་མོལ། དགའ་ལྡན་ཆོས་འཁོར་ཡང་རྩེ་བླ་གཉེར་སྤྱི་ཚོགས་ཀྱིས་ཚོགས་འགྱེད་སྟེར་ཆའི་བདོག་པ་གྱ་ནོམ་པ་བཤམས་ཏེ་གྲ་ཚང་གི་རྡུལ་ཚོན་ལ་བརྟེན་པའི་ཚེ་ཆོག་མཛད། དེ་རྗེས་ཁོང་རང་དཔོན་སློབ་ཀྱང་ཆོས་སྤྱོད་སྨོན་ལམ་བཀྲ་ཤིས་ཀྱི་བདེན་བརྗོད་དབྱངས་སུ་གྱེར། སང་ཉིན་འབྲོང་རྩེ་གསར་མ་འཕྱོང་རྒྱས་སྒེམ་བུ་བ་བསོད་ནམས་དར་རྒྱས་ཀྱིས་ཉིན་སྔ་མ་ཇི་ལྟ་བའི་ཚེའི་རྟེན་འབྲེལ་བསྒྲིགས་ཐོག་རྒྱལ་གླིང་མཁན་པོས་གཙོས་གོང་དཀར་མངའ་ཁུལ་སྐྱ་སེར་རྣམས་ཀྱིས་དངོས་པོའི་ལེགས་སྐྱེས་རིང་དུ་བརྐྱངས། གསུང་རབ་གླིང་གྲ་པ་དཀའ་བཅུ་པ་བསམ་གཏན་ཆོས་འཕེལ་གྱིས་གསར་རྩོམ་འཇུག་པ་དང་མཛོད་ཀྱི་རྒྱུགས་སྤྲད། རྒྱལ་བ་བཙོང་ཁ་པའི་རྣམ་ཐར་རྗེ་འཇམ་དཔལ་རྒྱ་མཚོས་མཛད་པ་སོགས་རྗེས་སུ་བསྐུར་བའི་པར་ཕལ་ཆེར་བརྐོས་ཟིན་པ་ཚོ་སྐྱེལ་བར་པར་ཞུས་རབ་འབྱམས་པ་དགེ་འདུན་ཆོས་འཕེལ་དང་བློ་གྲོས་བརྟན་པ་ཅན་འབྱོར།ངེད་རང་གི་དོན་ལ་གནས་པའི་རྣམ་ཐར་ཡིན་ཁུལ་གྱི་ཐོབ་ཡིག་པོ་ཏི་


GLG006_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོར་ཞུས་དག་རྐང་མ་སྡེ་པ་འདར་ལོ་དང་དེའི་རོགས་བྱེད་བྱ་སྒོ་ནས། སྤོས་འཛིན་པ་ངག་དབང་ནམ་མཁའ། འདར་གཞོན་ངག་དབང་འཕྲིན་ལས་བཞིས་ལན་གྲངས་མང་དུ་བྱས། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེས་ལྗགས་ཞུས་ཤིན་ཏུ་ཐེངས་པ་ཚར་གཅིག་དང་གཏེར་སྟོན་རིན་པོ་ཆེས་ཟུར་རྒྱན་བཅས་ཞུས་དག་གྲུབ་པས་འགྱངས་མེད་དུ་རབ་འབྱམས་པ་ཅན་ཐོན་སྐབས་པར་གྱི་མ་དཔེར་བསྲིངས། སྦུས་སྲང་སྨྱོན་པས་ལྟད་མོ་དགོས་ཚུལ་ལྟར་གཡར་པོ་བཏང་བ་ཤོག་རྟགས་དང་མཆན་བུ་འགའ་ཞིག་འདུག་པ་འདི་ག་ནས་ཞིབ་པ་ལྟ་ལོང་མ་བྱུང་རུང་དྲུང་འཁོར་ཞུས་དག་པ་རྣམས་ཀྱི་བརྗོད་རིས་ལ་གསར་དུ་བརྗོད་དོན་ལྷག་པོ་ཐོན་པ་མི་འདུག་ཟེར། ཆོས་འབྱུང་བསྟན་པ་རྒྱས་པའི་ཉིན་བྱེད་དང་ངོ་མཚར་རྒྱ་མཚོ་སོགས་ཀྱི་སྙན་གྲགས་མི་འདུག་ཀྱང་བློ་ལྡན་ཚོས་ཞིབ་མོར་དཔྱད་ན་ཨ་ཕའི་གསོལ་ཞལ་གྱི་ཆོས་འབྱུང་རྣམས་ལས་བོད་ཡུལ་དུ་ཆོས་དར་བའི་རྩ་ཁུངས་ཆོད་ཙམ་ཡོང་ངམ་སྙམ། དེ་མོ་སྤྲུལ་པའི་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་གྱི་སྐུ་སྐྱེ་ཡིན་ནམ་ཟེར་བ་ཁམས་ཀོང་དུ་འགའ་ཞིག་འདུག་པ་ཇི་ལྟར་ཡིན་གྱི་བརྟག་པ་དགོས་ཚུལ་ཁམས་ནས་དབོན་པོས་ཆེད་བསྟད་དྲི་བར་བཏང་བྱུང་སྐབས་རྩ་བ་གསུམ་ལ་མར་མེ་དང་ཆོས་སྐྱོང་ལ་དམོད་བཅོལ་ཕུལ་བ་མཐུན་པར་ཀོང་པོ་ཕྱོགས་ཀྱི་དེ་ཡིན་པའི་ངེས་ཤེས་རྙེད་པར་བྱུང་བས་དེ་གའི་རྒྱུ་མཚན་མོལ་བ་ལྟར་ད་ལམ་ངོས་ཀྱི་འཕྲོས་པ་གླེང་བ་ལ་སྤྲུལ་པའི་སྐུ་སྔ་ཐོག་འཁྲུངས་ཡུལ་དང་སྐྱ་རྩ་ལ་ཡེ་མི་དགྱེས་རུང་ཤིང་འབྲུག་འདི་ནས་ཕྱིར་བྱོན་ཞོར་མར་ལམ་འཁྲུངས་སའི་ཡབ་གཞིས་


GLG006_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞག་གསུམ་བཞུགས་སྐབས་ཡུལ་དང་གཞིས་ལ་ཆགས་ཉམས་ཆེན་པོ་མཛད་ཅིང་སྐུ་ཆས་ཀྱང་འགའ་ཞིག་བཞག་འདུག་པ་ངེས་འདྲོངས་ཀྱི་གཏན་ཚིགས་སུ་སྣང་། བར་ཁམས་པའི་རིས་འདི་ཕྱི་ལྐུགས་བརྫུ་བཏབ་པའི་མོ་བཅོས་པ་ལ་ནང་གཡོ་འཕྲུལ་ཆེན་པོ་ཞིག་ཡོང་འདུག་པས་ཁམས་ཕྱོགས་ཀྱི་སྐུ་སྐྱེ་དེ་ཚོ་ཕ་མས་དགོས་དབང་གིས་བཅོས་ཚོད་དུ་གདའ། སྙིང་པོ་ཀོང་སྨད་གྲོང་དུ་ཁྱུང་རྒྱལ་མཚན་གྱི་སྲས་པོར་འཁྲུངས་པར་མཚན་དཀོན་ཅོག་བསོད་ནམས་དབང་ཕྱུག་ཏུ་གསོལ། བར་ཆད་སེལ་བྱེད་ཀྱི་རིམ་གྲོས་མཚོན་བསླབ་བྱ་ཞིབ་པར་མོལ་ཞིང་རྫོང་བདའ་རྒྱས་པར་བགྱིས། སྤྲུལ་པའི་སྐུའི་བརྟན་བཞུགས་དགོས་ཚུལ་བྱུང་བའང་བརྩམས། ཉེར་གཉིས་ལ་ཁལ་ཁ་ནས་གསར་འབྱོར་ཨ་ཁའི་དའི་ཆིན་ཞེས་གྲགས་པ་ཅན་དེའི་སྲས་ཆ་གན་བར་གྱིས་གོས་དར་དངུལ་ཇ་སོགས་དང་ཁུན་དུ་ལེན་ཆོས་ཁུར་གྱི་དཔོན་མོ་བསོད་ནམས་རྒྱལ་མོས་གསེར་དངུལ་གྱི་མདོང་མོ། ཀ་ཏོ་ར། གོས་དར། ཇ་རིས་ཀྱི་བརྒྱ་འབུལ། ཨོ་རོད་ནས་དཔོན་མོ་མ་ག་དྷས་རྟ་ལྔ་བཅུ། རྔ་མོ་སུམ་ཅུ་སོ་དྲུག །དགའ་ལྡན་རབ་འབྱམས་པས་རྟ་སུམ་ཅུའི་སྟེར་སྦྱིན་བསྟར། སང་ཉིན་གེ་རེ་ལྷ་པ་བསྟང་ཞལ། ཆོས་འཁོར་ཡང་རྩེ་དང་བྲག་དབར་གྲ་ཚང་གཉིས་ཀྱི་སློབ་དཔོན་གྲ་བཅས། གནས་རྙིང་ཞབས་དྲུང་གི་སྤྲུལ་སྐུ། གཏེར་སྟོན་རིན་པོ་ཆེ། ཆོས་རྗེ་དཀོན་གཉེར་དཔོན། གང་དཀར་ཆོས་སྡེའི་དཔོན་སློབ་གཉིས། དཔལ་དེ་རས་ཆེན་གྱིས་མཚོན་སུམ་བརྒྱ་ལྷག་ལ་སྨན་བླའི་མདོ་ཆོག་ཆེན་མོ་


GLG006_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་འདེབས་དང་བཅས་པ། སྒྲོལ་མ་ཤེར་སྙིང་གི་ལུང་ཕུལ། གྲ་ཚང་གཉིས་སོ་སོ་ནས་མཎྜལ་སྨོན་ལམ་ཤིས་བརྗོད་ཀྱི་ཞལ་འདོན་མཛད། ཨོ་རོད་ཁོད་ཀྱི་དཔོན་པོ་བི་ལིག་ཨེར་ཁེ་ཐའི་ཇི་ནང་ཁུལ་དུ་སྡོད་མ་བདེ་བ་མགོ་དཀར་དུ་ཡུལ་འཁྱར་བ་ཕྱོགས་དེར་ཆོས་མ་དར་བའི་གཤིས་སྡོད་མ་འདོད་པར་བྲོས་སྟབས་སུ་ཡོངས་པ་དང་ཕྲད། ཕའི་བསྔོ་ཞུས་སོགས་བདོག་པ་རྒྱས་པར་བསྟབས། བཀྲ་ཤིས་ལྷུན་པོའི་གྲ་པ་དབུ་མཛད་བླ་མ་ཟེར་བས་ཐའི་ཇི་མགོ་དཀར་ནས་འབྲོས་ཐུབ་པའི་རོགས་རམ་བགྱིས་པར་མིང་འདོད་པར་འདུག་པ་དར་ཁན་ཆོས་རྗེའི་ཆོ་ལོ་བྱིན། གྲ་ཚང་གི་གྲ་པ་བློ་གསལ་བ་མང་ཞིག་ལྷ་ས་རྩེས་དང་གཉིས་སུ་གྲ་སྐོར་བྱེད་འདོད་འདུག་པ་གླང་ལོའི་སྨོན་ལམ་གྲ་སྐོར་ཕུན་ཚོགས་ལེགས་འབྱོར་གྱིས་རྒྱན་ཐོབ་ནས་བསྐུལ་བ་ལྟར་ཡུལ་དུས་རྒྱུད་སྡེ་སོ་སོ་དང་འབྲེལ་བའི་ཚིགས་བཅད་འཕང་འགྲོའི་སྒྲ་དབྱངས་བརྩམས། མགོན་པོ་ཡེལ་དེང་ན་བབ་ལྕི་རུ་སོང་སྟེ་འཕྲད་པར་བྱུང་བ་ལ་མགོན་པོ་ཕྱག་དྲུག་པའི་སྒོ་ནས་བཀའ་བསྒོ་དང་སངས་རྒྱས་ཀྱི་འཕེལ་གདུང་དམ་རྫས་བྱིན། སྨན་བླ་བདེ་གཤེགས་བརྒྱད་ཚར་གཉིས་དང་ཐུབ་དབང་གི་སྐུ་ཟུར་པ་གྲུབ་པར་ཉེ་བའི་ཆེ་གྲ་ལ་ཚིགས་བཅད་བི་ཝརྟ། ཆུང་བ་དང་ཐུབ་དབང་ལ་ཞལ་བྱང་བྲིས། མཎྜལ་ར་བའི་ལྕགས་ཁྲ་ལ་ཞིག་གསོས་དང་ཇོ་ཤཱཀྱ་ཐུགས་རྗེ་ཆེན་པོ་གཉིས་ཀྱི་སྤང་གཅལ་གསར་བརྗེས། དཔལ་ལྷ་ལྕོག་གི་སྒྲོམ་སྐས་རྣམས་བཟོ་བའི་འདུན་པ་ངེད་རང་ལ་ཤར་བ་ཞིག་མ་བྱུང་རུང་སྡེ་པས་དེ་བཞིན་བྱས་ན་འགབ་པའི་འཆར་


GLG006_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ལ་ཤིན་ཏུ་ལེགས་པའི་མཐུན་འགྱུར་བྱས་པ་བཞིན་མཎྜལ་ར་བའི་ལྕགས་ཁྲ་ནུབ་ངོས་དངུལ་ཚགས་དང་རུ་བཞི་ར་མ་ལུག་ལས་བྱས་པའི་མགར་བའི་ལྟོ་དང་སོལ་བ་རྣམས་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བཏོན་ཞིང་དགེ་བ་བསྔོ་བའི་ཚིགས་བཅད་བྲིས། དེ་མཚུངས་སྤང་བཅལ་སྒྲོམ་སྐས་ཚོ་གྲུབ་སྐབས་སྦུས་སྲང་གསེར་ཁང་པས་སྡེ་པར་ལེགས་འབུལ་འགོ་ལུང་བཟོ་བོ་རྣམས་ལ་ལྦ་དར་ཚན་གྲངས་ཀྱི་བདོག་པ་བསྟར། ངེད་རང་གི་ཕ་མར་དྲིན་ལན་གསབ་བྱེད་ཀྱི་དགོངས་རྫོགས་རྒྱུན་ཚུགས་ཤིག་བཙུགས་ན་སྙམ་པ་དང་འཆར་སྟོན་བྱེད་མཁན་བྱུང་རུང་སྟབས་མ་འགྲིག་པའི་འགྱངས་གཞིར་སོང་བ་འདི་ལོ་སྡེ་པའི་བསྐུལ་མར་བརྟེན། དེ་གའི་བཅའ་གཞི་ཤར་བ་བྱེད་ཡུལ་འོ་སྐོལ་གྱི་སྟོན་པའི་རྗེས་སུ་འཇུག་པ་གང་ལ་བྱས་ཀྱང་བསོད་ནམས་ཀྱི་ཞིང་དང་རང་རེའི་ངོས་ནས་མཉམ་མེད་རི་བོ་དགའ་ལྡན་པའི་ཕྱོགས་སུ་བྱེད་པ་བབ་འབྲེལ་འདུག་ཀྱང་འཕྱོང་རྒྱས་ཞབས་དྲུང་དེ་ཉིད་ཀྱི་ཐུགས་རྩེ་ཐུན་མོང་མ་ཡིན་པ་སྔ་འགྱུར་ལ་བསྟད་ཅིང་ཁྲི་ལྕམ་དེ་ཉིད་ཀྱི་བཞེས་དང་ལ་ས་ལུགས་མ་གཏོགས་མི་འགྲོ་བ་ཞིག་ཡོད་པས་ལོ་ལོ་བཞིན་ས་ག་ཟླ་བའི་ནང་དུ་ཞབས་དྲུང་བདུད་འདུལ་རབ་བརྟན་གྱི་དགོངས་རྫོགས་ལ་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྒྲུབ་མཆོད་དང་ཞབས་དྲུང་ཁྲི་ལྕམ་གྱི་དགོངས་རྫོགས་སུ་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་ཀྱེ་རྡོར་མན་ངག་ལུགས་ཀྱི་སྒྲུབ་མཆོད་ཞག་བདུན་གཏོང་བའི་ས་འབྱེད་སོགས་དང་རིམ་གྲོའི་ཆེད་དུ་ཚེ་དཔག་མེད་བདུད་རྩི་འཁྱིལ་པ་དང་སྐུ་གསུམ་རིགས་འདུས་


GLG006_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་སྒྲུབ་མཆོད་སླར་ཤིང་སྟག་ནས་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་བར་འཛུགས་པའི་ས་འབྱེད་ཀྱི་སྒོ་དོད་ཅིང་སྨིན་གྲོལ་གླིང་པ་དང་ལྕོག་སྒར་གཉིས་ཀྱིས་ཆོ་ག་གསར་འཛིན་དང་དབྱངས་རོལ་གྱི་བཅའ་བསྒྲིགས། གཏེར་སྟོན་རིན་པོ་ཆེའི་གསུང་གིས་བསྐུལ་བ་ལྟར་འཁོར་བ་དབྱིངས་སྒྲོལ་གྱི་འཕྲིན་ལས་སྒྲུབ་ཐབས་འཁྲུགས་བསྡེབས་ལས་བྱང་བཀླགས་པས་དོན་གྲུབ་བརྩམས། དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་བློ་བཟང་རྒྱལ་མཚན་དག་པའི་གནས་སུ་རྗེ་བཙུན་འཇམ་དཔལ་སྙིང་པོའི་སྤྱན་སྔར་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར། མགོན་པོ་ཡེལ་དེང་ཇོ་ཤཱཀ་གི་སྐུ་མདུན་དུ་སླེབས་ཏེ་བློ་ཁ་རྫོགས་མུར་འཇིག་རྟེན་ཕ་རོལ་ཏུ་སོང་བའི་བསྔོ་རྟེན་རྣམས་རྫོགས་བྱང་གི་རྒྱུར་བསྔོས། བྱང་བཞུ་བྱས་པར་ལྷ་གནས་སུ་སྐྱེ་བའི་མཚན་མ་ཤར། ཧོར་སོག་འདི་ཤ་ཁྲག་ལ་ལོངས་སྤྱོད་པའི་སྟབས་མཐོ་རིས་སུ་སྐྱེ་དཀའ་བ་འདྲ་ཞིག་འདུག་རུང་སྐྱེ་རྟགས་ལ་ལྷ་མིའི་ཡང་སྲིད་བཟུང་བ་མང་ཙམ་ཡོང་འདུག་པ་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་བརྟན་པའི་མཐུ་ཡིན་ནམ་སྙམ། ལྷ་ས་སྨོན་ལམ་གྱི་དུས་གྲ་ཚང་དཀྱིལ་འཁོར་སྡིངས་སུ་འཚོག་ས་ཁུལ་ཤིན་ཏུ་དོག་པ་ཡོད་པ་ནས་སྡེ་པས་བླ་བྲང་དུ་གྲ་ཁང་ཆེ་ལེགས་བརྒྱབ་པའི་ཞལ་སྤྲོར་ཚེས་བཅུ་དགུ་ནས་བཟུང་གྲ་ཚང་ཉིན་གསུམ་གྱི་བར་ཚོགས་པའི་ཆོས་སྲུང་ཚོར་བསྐང་གསོ་རྒྱས་པར་བཏང་། གསེར་བསྒྲིལ་བཏགས་ལས་གྲུབ་པའི་བེར་གྱི་གཙོས་གོས་དམར་སེར་ཚོན་ཁྲ་ལས་བྱས་པའི་གོས་བེར་བཅུ་གསུམ་ཙམ་བཤིག་ནས་མཎྜལ་ར་བའི་སྟེང་ལ་རན་


GLG006_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླ་བྲེ་བཙེམས། གོས་ཏཱ་ཧུང་ལྟོ་སྦྱར་ཐོག་ལྕགས་རི་དང་ཆལ་བུར་མུ་ཏིག་གི་རྒྱན་ཕྱུག་པའི་སྣམ་སྦྱར་ལ་སྨོན་ལམ་གྱི་ཁ་ཡིག་བྲིས་པ་ཇོ་བོ་རིན་པོ་ཆེར་ཕུལ། དགའ་ལྡན་དོན་གཉིས་གླིང་པའི་གྲ་པ་ཞིག་གིས་གསར་རྩོམ་འཇུག་པའི་རྒྱུགས་སྤྲད། རྣལ་འབྱོར་དབང་ཕྱུག་བིཪྺ་པའི་བཞེད་སྲོལ་ལྟར་གཤེད་དམར་ལྷ་ལྔའི་མངོན་རྟོགས་འཇམ་དཔལ་དགྱེས་པའི་ཞལ་ལུང་དང་དཀྱིལ་ཆོག་མཐོ་རིས་དབང་གི་ཆུ་རྒྱུན་གཉིས་བརྩམས་ཤིང་ཐོག་མར་གྲ་ཚང་དུ་འཛུགས་རྩིས་ཡིན་ནའང་། བྱུང་ན་བདེ་དགྱེས་གང་རུང་ཞིག་ཚུགས་ལ་རེ་ཞིག་ཐེན་ཙམ་བྱས། ཁམས་སྤོང་རི་དགོན་ཕྱོགས་སུ་སྲོག་བླུ་དར་པོ་ཡོད་འདུག་པས་དགའ་ལྡན་ཆོས་འཁོར་བླ་མ་བློ་བཟང་ཆོས་དཔལ་གྱིས་བསྐུལ་ངོར་དགེ་བ་བསྔོ་བའི་ཚིགས་བཅད་བྲིས། སྡེ་པས་ལྗགས་བཀོད་མཛད་ནས་གསེར་དངུལ་ལས་གྲུབ་པའི་ཅོག་ཙེ་རིན་པོ་ཆེའི་ཕྲ་མང་ཞིང་ཕུན་སུམ་ཚོགས་པ་ཞིག་ཆུ་བྱི་ཟླ་བ་དང་པོའི་ནང་དུ་བཟོ་གྲ་བཙུགས་པ་འདི་དུས་ཚར་ནས་མིག་ལམ་དུ་འབེབས་པ་མཛད་བྱུང་བ་ཅོག་ཙེའི་རྐང་ལ་འབྲུག་གིས་འཁྱུད་པའི་འཕྲུལ་ལྷོངས་ཆེ་བ་སོགས་བཟོ་བཀོད་ངོ་མཚར་བར་འདུག་པས་རྐྱེན་བྱས། འདི་འདྲ་བའི་ཇོ་བོ་རིན་པོ་ཆེར་བཞུགས་ཁང་། རྒྱ་ཕིབས། རྒྱབ་ཡོལ་བཟོ་ཐུབ་ན་ཚོགས་གསོག་པར་མཆིས་སྙམ་པ་ལྷན་སྐྱེས་སུ་ཤར་ཏེ་དེ་གའི་གླིང་གཞི་ཡང་བྱས། ཉེར་བདུན་ལ་སེ་རའི་ཕུར་པ་ལ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཞུས་ཤིང་སྙན་དར་ཕུལ། ཟླ་བ་བཅུ་གཅིག་པའི་མཇུག་དང་བཅུ་གཉིས་པའི་སྟོད་ཚོར་རྐང་པའི་དྲེག་ཅུང་ཟད་འཕར་བ་དར་མོ་སྨན་རམས་
པས་འབྱར་དང་གཏེར་སྟོན་རིན་པོ་ཆེས་མཁའ་འགྲོ་གྲིབ་སེལ་དང་ནཱ་ག་རཀྵའི་གདོན་འགྲོལ་གྱི་ཆོ་ག་གནང་བས་གཞི་མེད་དུ་སོང་རུང་འདི་ཉིད་ནས་ལག་པ་གཡོན་མའི་སོར་མོའི་ཚིགས་ན་བའི་འགོ་བརྩམས་ནད་གཡོག་དབུ་མཛད་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱིས་བྱས། དེ་ལོ་གསར་བཟོས་རྣམས་ཐེ་བའི་རིན་ཆེན་རྒྱན་ཆ་བཞི་བཅུ་ཞེ་ལྔ་གཟིམས་ཆུང་ཁམས་གསུམ་དུ་བསྒྲིགས་ཏེ་སྟོན་པར་མཛད་པ་ཤིན་ཏུ་གྲ་འགྲིག་པའི་ལེགས་པར་བྱུང་བར་སྣང་། ཕུར་སྒྲུབ་དང་ཚེ་བདག་གི་ལས་སྦྱོར་སྔར་འཁྱུད་བཞིན་བཏང་།

དགུང་ལོ་ང་བདུན་པར་ར་མོ་ཆེ་གཙུག་ལག་ཁང་གི་ནང་རྟེན་དང་ལྡེབས་བྲིས་སོགས་ལ་ཚོན་གསོལ་བཞེངས་བཀོད་དང་། འདུས་སྡེ་ཁག་ལ་ཆོས་རྒྱུན་རིམ་གྲོ་བཙུགས་ཤིང་ཞྭ་དམར་སྤྲུལ་སྐུ་སོགས་ཕྱོགས་འགྲུལ་ལྟོས་ཆེར་མཇལ་འཕྲད་མཛད་པ་སོགས་ཀྱི་སྐོར།


GLG006_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པའི་ནད་རིམ་འཕར་དུ་གྱུར་པས་གཉན་ཁ་ཞུགས་དོགས་ཆུ་གླང་གསར་ཚེས་ཀྱི་སྲིད་གསུམ་བདག་མོ་མཆོད་པའི་ཚོགས་གྲལ་འགྲོ་མ་བདེ་རུང་བཞུགས་གྲལ་ལ་འགྲོ་བར་མ་ནུས་ཙམ་བྱུང་བས་ཚེས་གཅིག་གི་ཉིན་བསྟན་འཛིན་ད་ལའི་རྒྱལ་པོས་གཙོ་མཛད་ཨོ་རོད་ཀྱི་དཔོན་ཁག་གསར་སླེབས་དང་གཉུག་མར་གནས་པ། ཁལ་ཁ་དའི་བུང་ཧུང་ཐའི་ཇི། བཟོད་པ་ཡེལ་དེང་། ཆ་གན་བར་སོགས་ཁལ་ཁ་ཨོ་རོད་བསྡོམས་པའི་དཔོན་ཆེ་བ་བརྒྱད། དེ་འོག་བདུན་ཅུ་དོན་ལྔ། སོ་སོའི་དཔོན་མོ། ཇའི་སང་། མི་བཟང་ཕོན་ཆེ་བ་ཕྱོགས་མཐའི་ལོ་གསར་འབུལ་མི་བཅས་པར་བཞུགས་གྲལ་གྱི་དགའ་སྟོན་ཐོག་འདར་ལོ་དང་གླང་བུ་ནས་གཉིས་ཀྱིས་དམ་པའི་ཆོས་ལས་བརྩམས་པའི་འབེལ་གཏམ་བཏང་། རོལ་ཆ་བ་རྙིང་པའི་སྟེང་རྒྱལ་རྩེ་ནས་གསར་པ་མཁས་བསྒྲུགས་སླེབས་པ་དང་བཅས་པས་རོལ་གར་གྱིས་མཚོན་བཀྲ་ཤིས་པའི་རྣམ་འགྱུར་སྣ་ཚོགས་བྱས། ལོ་སྔ་མའི་ནང་དུ་སྡེ་དཔོན་དང་ནང་སོ་རྣམ་པ་ཚོར་རིན་ཆེན་རྒྱན་ཆ་རང་


GLG006_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གོན་གྲ་བསྒྲིག་དགོས་པའི་བརྡ་འགྲེམས་སོང་བ་ལྟར་རྒྱ་རི་བ། སྟག་རྩེ་བ། ཚལ་པ་གསུམ་གྱི་གཏོགས་ཚང་མས་གྲ་འགྲིག་པའི་ཚེས་གཉིས་ཀྱི་ཉིན་རྩིས་འཁྲིའི་རིན་ཆེན་རྒྱན་ཆ་བ་བཞི་བཅུ་ཞེ་ལྔའི་ཐོག །སྡེ་སྲིད་རི་བོ་བྲག་པ། བདེ་ཆེན་ཞབས་དྲུང་། བྱ་ཞབས་དྲུང་། ཐོན་ནས། ནང་སོ་དཀོན་མཆོག་དར་རྒྱས། འབོག་གོང་ཁག་གཉིས། མདོ་མཁར་ནས། སྙེ་མོ་དགོན་པ་བ། དཔལ་དེ་བ། སྣ་དཀར་རྩེ་ཞབས་དྲུང་གི་སྐུ་ཚབ་གཉིས་དང་བཅས་ཀུན་དྲིལ་ལྔ་བཅུ་ང་བདུན་གྱིས་མདུན་བདར། གྲ་ཚང་གི་གྲ་པ་རྣམས་ཀྱིས་ཚིགས་བཅད་གསུང་བ། གྲལ་འཕྲོས། རོལ་ཆ་སོགས་དུས་སྟོན་གྱི་དགའ་སྟོན་རྒྱ་ཆེར་སྤེལ། གནས་གསར་རྗེ་དྲུང་མཁྱེན་རབ་རྣམ་རྒྱལ་གྱིས་ཛྷི་ཀྵིཾ་ལས་གྲུབ་པའི་རྡོ་རྗེ་ཞིག་བྱིན། སྦྱོར་ར་ནས་དང་མདོ་མཁར་ནས་གཉིས་སུམ་སྟན་སྙེ་འབོལ་གྱི་གྲས་ཙམ་ཡིན་འདུག་རུང་སྟོབས་འབྱོར་གྱི་དབང་ལས་གཟོས་རིམ་འགྲོས་བྱུང་ཞིང་གཟིམས་ཤག་ལྷོ་པ་ཕ་མེས་ནས་དགེ་ལུགས་ཀྱི་བསྟན་པར་དད་ཞེན་འགྱུར་མེད་ཀྱི་རྔ་མ་ནག་པོའི་ཚོས་མདོག་དང་དིང་སང་སྡེ་དཔོན་གྱི་ཚུགས་ཀ་བཟང་བ་ཐབས་ཤེས་ཟུང་འཇུག་ནས་གཟེངས་བསྟོད་འབྲེལ་ཆགས་སུ་མངོན། ལྕགས་སྦྲུལ་ཕན་གྱི་རང་བསྟན་འཆད་ཉན་གྱིས་གཏན་ལ་འབེབས་པ་དེ་གའི་མུས་བྱུང་ན་འདི་རིགས་ཀྱི་རྣམ་གཡེང་ལ་ཡ་མཚན་རྒྱུ་ཅི་ལ་ཡོད་རུང་དིང་སང་ཆོས་ལས་སྲིད་གཙོ་ཞིང་ཐམས་ཅད་དེ་ལ་དགྱེས་རྩེར་སོན་པའི་ལེགས་སོ་བརྗོད་སྐབས་འདིར་ཆེན་པོའི་ཁུངས་དང་འབྲེལ་བའི་དོན་སྤྱི་ཡོད་པ་ཞིག་མ་བྱུང་ན་སེང་གེ་རལ་པ་བྱས་


GLG006_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཉེན་སྣང་། དེ་ཉིན་སྡེ་དཔོན་ཁག་དང་རྫོང་དཔོན་འགའ་ཞིག་ལ་ཇ་གྲལ་བཏང་། ལོ་མ་གསར་གོང་ཙམ་དུ་རྨི་ལྟས་ལ་བརྟེན་གཏེར་སྟོན་རིན་པོ་ཆེས་རྫོངས་གནང་བས་ནང་ཟོར་ཡང་བ་འདྲ་མོ་མཆིས་རུང་ཚེས་གསུམ་ནས་བཟུང་ཞག་ཤས་ཡན་ལག་བྲོ་འཚལ་བཟོ་ཆུན་གྱི་ཁྱུད་མོ་ལྟ་བུ་ལ་དྲུང་འཚོ་བ་ལྷག་བསམ་དང་དར་མོ་བ་གཉིས་ཀྱིས་བཅོས་ཀ་བགྱིས་པ་འཕྲོད་ངོ་ཆེ་བ་བྱུང་། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དབུ་ཐོག་ཏུ་གསེར་ཟངས་ཀྱི་བླ་བྲེ་དང་རྒྱབ་ཡོལ་བཞེང་བའི་བཟོ་ཐབ་བཙུགས་པའི་བླ་བྲེ་དཀྱིལ་མ་ལ་རྒྱལ་པོ་བཀའ་འབུམ་གྱི་ཐུགས་རྗེ་ཆེན་པོ་དང་མངའ་བདག་ཉང་གི་འགྲོ་འདུལ་ཡིད་བཞིན་ནོར་བུ་གཉིས་ཞུས་དག་ཕེར་བས་གང་ལའང་ངོས་གཟུང་ཆོག་པ། གཡས་སུ་འགྲོ་བ་ཀུན་སྒྲོལ། གཡོན་དུ་འཁོར་བ་དབྱིངས་སྒྲོལ་གྱི་དཀྱིལ་འཁོར་གསུམ་འཕུལ་བའི་ཤོག་དཔེར་འགོད་པའི་ངག་བཀོད་བྱས་ཏེ་སྔགས་འཆང་གཞིས་ཀ་ཤར་པ་ཕ་བུས་བྲིས། དེ་ཡང་འཕྱོང་རྒྱས་སུ་རིམ་གྲོ་ཆོས་སྡེ་རེས་བསྐོར་ཡོད་པ་རྣམས་མེ་ཤིང་གིས་མ་སྡངས་པའི་མི་སེར་ལ་ཆ་སྙོམས་ཁྱད་དང་བཅས་རྒྱལ་རྩེར་སྤོས་པའི་ལོ་འཁོར་དུ་ཟླ་རེར་གྲ་པ་བརྒྱ་དང་དྲུག་རེ་འཕོ་ལེན་བྱས་པའི་ཟླ་བ་དང་པོའི་ཚེས་བཞི་ནས་བཟུང་དཔལ་འཁོར་ཆོས་སྡེ་དགེ་ལུགས་གྲ་ཚང་ཚོ་བསྡུས་ཀྱིས་སྨན་བླ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ། ཟླ་བ་གཉིས་པར་ས་ལུགས་གྲ་ཚང་ཚོ་བསྡུས་ཀྱིས་སྨན་བླ་གོང་འདྲ། ཟླ་བ་གསུམ་པར་བུ་ལུགས་གྲ་ཚང་ཚོ་བསྡུས་ཀྱིས་ཚེ་དཔག་མེད་ལྷ་དགུའི་ཚེ་ཆོག་མཇུག་འཆི་བླུ་དང་བཅས་པ། ཟླ་བ་བཞི་པར་གནས་རྙིང་པས་འབུམ་བརྒྱ། ཟླ་བ་ལྔ་པར་མཚན་སྒྲོགས་པས་བཟང་སྤྱོད་ཆིག་


GLG006_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་བཞི་ཁྲི་སུམ་སྟོང་། ཟླ་བ་དྲུག་པར་ངོར་པ་ཁག་གཉིས་སུ་བགོས་པའི་བསྙེན་སོང་ཕྱེད་ཀྱི་ཧྲཱིཿཁྱོན་ས་ཡ་བརྒྱད་དྲུག་འབུམ་དགུ་ཁྲི་བཞི་སྟོང་། ཡ་མ་རཱ་ཛ་ས་ཡ་གཅིག་བརྒྱད་འབུམ་དགུ་ཁྲི། ཡ་མཱནྟ་ཀ་ས་ཡ་གཅིག་ལྔ་འབུམ་ཆིག་ཁྲི་ཉིས་སྟོང་སོང་བའི་མཇུག་དྲུག་ཅུ་པའི་གཏོར་བཟློག །ཕྱེད་ཀྱིས་སེང་གེ་སྒྲའི་ཆོ་ག་མཇུག་གདོན་འགྲོལ་དང་བཅས་པར་སྙིང་པོ་བྱེ་བ་གཅིག་ས་ཡ་དྲུག་ཆིག་འབུམ་བཞི་ཁྲི་དྲུག་སྟོང་། ཡུམ་གྱི་སྙིང་པོ་བདུན་སྟོང་དགུ་བརྒྱ། གཟུངས་རིང་སུམ་ཁྲི་བདུན་སྟོང་བརྒྱད་བརྒྱ་ལྷག་བཅས། ཟླ་བ་བདུན་པར་ཞ་ལུ་རི་མཐིལ་ནས་བསྡུས་པའི་རྣམ་རྒྱལ་སྟོང་མཆོད། ཟླ་བ་བརྒྱད་པར་འབྲས་ཡུལ་སྐྱེད་ཚལ་པས་བརྒྱད་སྟོང་པ་ཆིག་སྟོང་ལྔ་བརྒྱ་དགུ་བཅུ། ཟླ་བ་དགུ་པར་རོང་བྱམས་ཆེན་པས་གདུགས་དཀར་ཆིག་འབུམ་བརྒྱད་སྟོང་བརྒྱད་བརྒྱ། ཟླ་བ་བཅུ་པར་དཔལ་འཁོར་ཆོས་སྡེ་རང་གི་དགེ་ལུགས་ཚོ་བསྡུས་ཀྱིས་བརྒྱད་སྟོང་པ་ཆིག་སྟོང་ལྔ་བརྒྱ་དགུ་བཅུ། ཟླ་བ་བཅུ་གཅིག་པར་བྱམས་ཆེན་པ་གྲ་གྲངས་དྲུག་ཅུ་རེ་གསུམ་དང་། ངེས་གསང་རྡོ་རྗེ་གླིང་པ་ཞེ་གསུམ་གྱིས་མཚན་བརྗོད་འབུམ་ཐེར། ཟླ་བ་བཅུ་གཉིས་པར་དཔལ་འཁོར་ཆོས་སྡེའི་ས་ཞལ་ཕྱེད་ཁྱེར་གྱིས་སྒྲོལ་མ་ཤེར་སྙིང་ཚེ་གཟུངས་འགྲོ་གང་ཆེ་ཡོང་རྩིས་ཀྱིས་བཙུགས། ཚེས་ལྔ་ནས་གྲ་ཚང་དུ་གཤིན་རྗེ་ཐམས་ཅད་འདུས་པའི་སྔགས་རིང་རྡོ་རྗེ་ཕ་ལམ་གྱི་བཟློག་པ་དང་བཅས་པ་བསྟར། ཚངས་པ་དུང་ཐོད་ཅན་གྱི་སྐུ་ཁོག་ན་ཚོད་སྨིན་པ་ནས་དུས་ཀྱི་ཆོད་ཉིད་དུ་གྱུར་ཚེ་སྐུ་ཕེབས་འགྱངས་གཞིར་སོང་ན་ནམ་མཁའི་མཛུབ་རིས་བཞིན་གཟུགས་མེད་ལ་རྒྱུ་མཚན་བྱེད་ཐེབས་མི་འདུག་གཤིས་སླར་ཚ་


GLG006_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ཁོག་ཞུགས་མུ་འཐུད་དགོས་པའི་འཕྲིན་ཡིག་ཚིགས་བཅད་མ་ཚོགས་འཁོར་སྤྱན་གཟིགས་སྤམས་བསྟོད་དང་བཅས་ཁང་གསར་རབ་བརྟན་ཚེས་བརྒྱད་ལ་སྐུ་ཕེབས་ཞུ་བར་བཏང་བ་ཇི་བཞིན་ཐོག་ཏུ་ཕེབས་པའི་ལན་བྱུང་། ཀླུ་དབང་གི་རྒྱལ་པོར་གཟུངས་བཞུགས་དབྱར་སྟོད་ནས་གྲུབ་རུང་བདེ་གཤེགས་བརྒྱད་ཚར་གཉིས་དང་ཐུབ་དབང་གི་བཟོ་ཕུད་ལ་སངས་རྒྱས་ཀྱི་འཕེལ་གདུང་ཁ་ཤས་སྐུ་གདུང་སྐུ་བལ་ཆོས་སྐུའི་རིང་བསྲེལ་གྱི་གཟུངས་བཞུགས་ངེད་རང་གིས་བཀོད་པ་དང་དགེ་སློང་འཇམ་དབྱངས་གྲགས་པས་ལག་ལེན་དངོས་གཙང་བ་ལོ་མཇུག་ལ་གྲུབ་པ་ཆོ་འཕྲུལ་གྱི་དུས་བཟང་དང་བཅས་ཚེས་བཅུ་བཞི་ལ་གཏེར་སྟོན་རིན་པོ་ཆེས་བླ་མ་ནོར་བུ་རྒྱ་མཚོའི་སྒོ་ནས་རབ་གནས་དང་ཉིན་གཉིས་ཀྱི་བར་གྲ་ཚང་གི་གྲ་པ་བཞི་གྲས་མཆོད་པ་གྱ་ནོམ་པའི་ཐོག་མདོ་ཆོག་བཏང་། འདི་ལོ་སྨོམ་ལམ་ཆེན་མོ་ཚོགས་ཤིན་ཏུ་ཆེ་བ་ཁྲིར་ཉེ་བ་ལ་དགེ་འདུན་རེའི་ཕྱག་ཏུ་ཇ་ཉག་གསུམ་རེ་ཡོང་རྩིས་ཀྱི་པཎ་ཞྭ་ཉེར་གཉིས། རྩེ་ཞྭ་བཅོ་ལྔ། བླ་གོས་སུམ་ཅུ་སོ་ལྔ། རྔུལ་གཟན་སུམ་ཅུ་སོ་བཞི། མཐང་གོས་ཉི་ཤུ་རྩ་བརྒྱད། ཤམ་ཐབས་གསུམ། རིང་འགག་ཉི་ཤུ་རྩ་གཅིག་སྟོད་འགག་གཉིས། སེར་རྐེད་བཞི། གདིང་བ་བཅུ། གོས་བེར་དགུ། འགན་སྦྱར་བཞི། སྦྱར་མ་ལྔ། ཞྭ་ཐུལ་བཞི། རྒྱ་ལྷམ་མུ་ཏིག་གི་རྒྱན་ཡོད་མེད་བསྡོམས་པས་དྲུག་དང་སོག་བོད་ཀྱི་བཞི། སྙེ་འབོལ། སྟན་དམར། གོས་སྟན་གསུམ། གསར་ཆས་ཆ་འགྲིག་གཉིས། གསེར་སྒ་བརྒྱད། ར་མ་ལུག་བརྒྱད། དངུལ་སྒ་དྲུག །སྒ་དམར་དངུལ་ཤར་མ་བདུན། རྟ་གསར་མ་


GLG006_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་རྒྱུགས་མ་ཉི་ཤུ་རྩ་དགུ །དཀར་ཡོལ། དངུལ་སྟེགས། རྒྱན་དྲུག །བཟེད་ཞལ། སྤོས་ཕོར། བླ་བྲེ་གཉིས། གོས་དང་འགང་གི་ཡོལ་པ་རེ། དངོས་པོ་གཞན་གྱིས་ཚུར་བླུས་པ་ཤེལ་རྒྱན་གྱི་སེ་རལ་ཁ་གདུ་བུ། ཧོར་དྲིལ། ཐོད་རྔ། རྟ་གསར་མ་སྒ་ཆས་ཆ་འགྲིག་གཉིས་རྣམས་ཀྱི་སྤོང་དག་ཕུལ། འཕྲུལ་སྣང་གཙུག་ལག་ཁང་དུ་བླ་བྲེ་མཐོངས་གོས་སྔོན་སྤྲིན་རིས་ཐོག་ལཱཉྪའི་ཡིག་དྲུག་སིའུ་མ། ཟུར་བཞི་པདྨ། མཐའ་གོས་སྔོན་བར་སྣང་མཛོད་རིས། ཤམ་བུ་ལིང་དམར་སེར་ལྗང་གུ་བརྩེགས་པ། རྒྱབ་ཤ་གོས་དམར་སྤྲིན་རིས་མ་ཐོབ་ཆིན་དབང་གིས་བྱིན་པ། འཕན་རྒྱ་བཟོ་མགོ་གོས་སྔོན་འབྲུག་རིས་མས་བྱས་པ་བཞི་དང་ལུ་ཧིས་བྱས་པ་གཉིས་བཅས་པའི་ལག་སྐུ་གཟུགས་འཕན་དུ་གྲགས་པ་གོས་གསེར་མ་སྣ་ཚོགས། མཚམས་སུ་དར་རྦོད་དང་གཡེར་ཁ་ཡོད་པ་ཆ་གསུམ། ཇོ་བོ་ཤཱཀྱ་མུ་ནེ། ཇོ་བོ་མི་བསྐྱོད་རྡོ་རྗེ། རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར། རྒྱལ་བ་བཙོང་ཁ་པ་ཆེན་པོ། དུང་སྐྱོང་རྒྱལ་མོ་རྣམས་ལ་ཞལ་བྱང་བཀོད་པའི་སྙན་ཤལ་ཕུལ། ཇོ་ཤཱཀ་གི་སྤྱན་སྔར་དངུལ་གྱི་མཎྜལ་ཆེ་ཚད་ཅིག་བཞེང་བའི་གླེང་གཞི་ཡོད་རུང་དེའི་སྔོན་དུ་ཇོ་བོ་རིན་པོ་ཆེའི་བཞུགས་ཁང་རྒྱབ་ཡོལ་དང་བཅས་པ་དངུལ། རྒྱབ་ཡོལ་ལ་སྨན་བླའི་མདོ་ཆོག་ཆེན་མོ་ལས་བྱུང་བའི་ལྷ་ཚོགས། བཞུགས་ཁང་སྟེང་དུ་གསེར་གྱི་རྒྱ་ཕིབས་རྣམས་བཞེང་བའི་ལས་གྲ་ཚེས་བཅོ་བརྒྱད་ནས་བཙུགས། རྒྱལ་ཁང་རྩེ་སྤྲུལ་པའི་སྐུ་ཁལ་ཁ་ནས་བྱོན་པ་ལམ་དུ་སྐུ་མ་འཚོ་བའི་བསྔོ་རྟེན་སྐྱེལ་མི་འབྱོར། གཤེགས་གདོང་མི་དཀར་པོ་སྨ་ར་ཅན་ཅིག་གིས་བདེ་བ་ཅན་


GLG006_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤོག་ཟེར་བ་བྱུང་ཞེས་སྤྲུལ་སྐུས་གསུངས་པའི་གནས་ཚུལ་ལྟར་ན་རེ་ཞིག་སྐུ་སྐྱེ་འབྱོན་མི་འབྱོན་ཐེ་ཚོམ་གྱི་གཞིར་འདུག་རུང་མྱུར་འབྱོན་གྱི་ཚིགས་བཅད་དགོས་ཚུལ་བྱུང་བ་བརྩམས། ཉེར་བཞི་ལ་དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་ཞིག་གིས་གསར་རྩོམས་དབུ་མའི་རྒྱུགས་སྤྲད། འདོད་ཁམས་དབང་ཕྱུག་མའི་གསང་མདོས་ཀྱི་བཀང་བ་གསར་དུ་བསྒྲིགས་ནས་མཆོད་གཏེར་སྤྱན་གཟིགས་བཤམས་ཏེ་གྲ་ཚང་དུ་འབུམ་ཐེར་བཏང་བའི་ཐོག་མ་ཉེར་གསུམ་གྱི་ཉིན་རླུང་འཚུབ་ཆེ་བར་མ་ཟད་དམར་པོ་རི་རང་ལ་སྒེར་དུ་རླུང་གི་གུར་ཕུབ་པ་ལྟ་བུ་བྱུང་བ་ལས་ཚོགས་བརྟག་ཡིག་གི་དབང་དུ་བྱས་ན་རེ་མ་ཏཱི་དགྱེས་པའི་མཚན་མར་མངོན། རིམ་གྲོ་རྣམས་དང་རིགས་འཛིན་ཆེན་པོས་གདོན་འགྲོལ་གྱི་ཆོ་ག་མཛད་པ་སྨན་གྱི་རྒྱབ་ཆོས་སུ་སོང་བའི་ཟུག་རྔུ་ལས་རྣམ་པར་གྲོལ་ཏེ་ཉེར་དགུ་ལ་ཁལ་ཁ་དའི་བུང་ཧུང་ཐའི་ཇིས་དངུལ་ལྔ་བཅུ་མ་དགུ། མདོང་མོ་ཐ་ཕག་གིས་མཚོན་སྤྱད་པ་སྣ་ཚོགས། གོས་དར་དངོས་གཙང་། ཇ་རས། རྔ་མོ་ལྔ་བཅུ་ང་བརྒྱད་དང་བཅས་པའི་བརྒྱ་འབུལ། བཟོད་པ་ཡེལ་དེང་གིས་གསེར་སྲང་དྲུག་ཅུའི་མཎྜལ། དངུལ་གྱི་ཐ་ཕག །མདོང་མོ། དུང་ཆེན། དཀར་ཡོལ་སྟེགས་བཅས། ཇ་གོས་དར། དྲེའུ་བརྒྱ་དང་བཞི། རྔ་མོ་ལྔ་བཅུ་སྐོར་སོགས་ཀྱི་སྟོང་འབུལ། ཏྲེ་བོ་ནོ་མོན་ཁན་གྱི་དངུལ་གྱི་མཎྜལ། གོས་དར་རྟ་སྒ་མ་གཉིས། རྔ་མོ་ཉི་ཤུ་རྩ་གསུམ། གཞན་ཡང་དཔོན་ཆུང་། སེར་མོ་བ་རྣམས་ཀྱིས་ཟང་ཟིང་གི་བདོག་པ་རིང་དུ་བརྐྱངས། རྒྱལ་མོ་བསོད་ནམས་ཆོས་འཛོམ་སྲས་བཅས། སྟག་རྩེ་ཐའི་ཇི་ཡབ་སྲས། བི་ལིག་ཨེར་


GLG006_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཁེ་ཐའི་ཇི། མཱ་མོད་པཱ་ཐུར་ཐའི་ཇི། མ་ལའི་མེར་གན་ཐའི་ཇི། མགོན་པོ་ཡེལ་དེང་གི་དགེ་ཚུལ་མ་ཅན་སོགས་ལོག་མི་ཁ་ཡར་དང་ཕྲད། ཧོར་ཟླ་གཉིས་པའི་ཚེས་གཉིས་ནས་ཉིན་གསུམ་གྱི་བར་མས་དྲོ་རུ་ཐོག་དང་བཞིའི་རིང་གཏེར་སྒྲོམ་གྱི་ཆུ་ཚན་བརྒྱབ། བྷྲུཾ་མཚན་རྡོ་རྗེའི་རྭ་གདེངས་ཐོག་མདའི་རྒྱ་ཅན་གྱི་ནང་ཚན་རྡོ་རྗེ་གྲོ་ལོད་ཀྱི་ཆོག་བསྒྲིགས་གནམ་ལྕགས་འབར་བ་དང་དེར་མ་གཏོགས་པའི་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན་གྱི་འཕྲིན་སྒྲུབ་སྨིན་གྲོལ་གྱི་ཆོག་བསྒྲིགས་བརྩམས། འཛུམ་ལང་རྒྱལ་པོར་འཕྲིན་ལན་གྱི་རྟེན་གསེར་དངུལ་གོས་དར་གྱི་སྐྱེས་དང་བཅས་མི་སྣ་ཛཱ་ལ་བྷཎྜ་རི་ཅན་རྫོང་བདའ་བྱས། ཚེས་གསུམ་ནས་ངེད་རང་གི་རིམ་གྲོར་དབུས་གཙང་གི་རྫོང་གཞིས་ཁག་ཚོར་དགེ་ལུགས་གཙོར་བཏོན་གྱི་དགེ་འདུན་བསྡུས་ནས་བཀའ་འགྱུར་ཚར་བརྒྱ་དང་ཉི་ཤུ། འབུམ་བརྒྱ། སྨན་བླ་ཁྲི། ཕྱག་འཚལ་ཉེར་གཅིག་དང་ཚེ་གཟུངས་ས་ཡ་རེ་མཚན་བརྗོད་དང་གདུགས་དཀར་སུམ་འབུམ་རེ། ཕྱིར་བཟློག་འཁོར་ལོ་འབར་བ་ས་ཡ་གཉིས། དུང་དགོན་པ་གྲངས་བཅས་ཀྱིས་ལྷ་འདྲེ་སྟོང་དྲའི་མདོས། ཉ་ས་ཡའི་སྲོག་བླུ། སྲོང་བཙན་དུ་དཔལ་རི་བ་གྲངས་བཅད་ཀྱིས་ཉིན་བཅུའི་རིང་མ་ནིང་གི་བསྐང་གསོ། ཐང་པོ་ཆེར་ཉིན་བཅུར་བཟབ་གསོལ། ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བ་གྲངས་བཅད་ཀྱིས་དམར་ཆེན་གཏོར་བཟློག །རྒྱལ་དུ་བེག་ཙེའི་བསྐང་བ་ཁྲི། འབྲས་སྤུངས་སྔགས་ཁང་དུ་སྟོད་རྒྱུད་པ་གྲངས་བཅད་ཀྱིས་ནག་པོ་སྐོར་གསུམ་གྱི་བསྐང་བ་གཏོར་བཟློག་དང་བཅས་པ། གནས་ཆུང་ལྕོག་ཏུ་ཉིན་བདུན་གྱི་རིང་


GLG006_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བཟབས་གསོལ། གོང་དཀར་དུ་ཆོས་སྡེ་བ་གྲངས་བཅས་ཀྱིས་ཞལ་གྱི་གཏོར་སྐྱོང་། ལོ་དུས་ཀྱི་མང་འགྱེད་དགོན་ཨངྐི་དང་པོར་གཤོར་ཁལ་གསུམ་རེ། གཉིས་པར་གཉིས་རེ། གསུམ་པར་ཁལ་རེར་དཔུས་ཆ་ཁམས་དངུལ་དང་འབྲུ་སྣ་ཚོགས། བརྟག་པར་ཤར་བའི་སྡེ་པའི་རིམ་གྲོར་བཀྲ་ཤིས་ཁང་གསར་དང་འཕྱོང་རྒྱས་ལུ་མའི་ས་སྐོར་དུ་ཀླུ་གཏའ། གཉན་གྱི་ཡོ་བཅོས། ཉིན་བཅུའི་རིང་ཀླུ་གཏོར་བཏང་། སྔོན་གྱི་གཙུག་ལག་ཁང་རྙིང་པར་སྲི་ཞུ་དཀོན་པ་དགུང་གྲངས་ལ་མཆོད་པ། སཱཙྪ་ཁྲི། འཕན་ཡུལ་ཁུལ་གྱི་མཆོད་རྟེན་ལ་སྐུ་དཀར་དང་ཅོད་པན། ཞག་གཅིག་གི་རིང་མར་མེ། ཤེར་སྙིང་དང་གདུགས་དཀར་སུམ་ཁྲི་རེ། ལོ་མ་གྱོན་མའི་གཟུངས་ཆིག་འབུམ། རྒྱལ་དུ་རྣམ་སྲས་ཀྱི་བསྐང་བ་ཁྲི། དཔལ་རི་བ་གྲངས་བཅས་ཀྱིས་ཁྲོ་རོལ། བསྟན་སྲིད་སྤྱི་རིམ་ལ་མང་ཇ་གཉིས་རེའི་མཐུན་རྐྱེན་དང་བཅས་དགེ་ལུགས་སྔགས་དགོན་དང་གཞིས་དགོན་ཐམས་ཅད་ནས་གཏོར་བཟློག །མདོ་པ་རྣམས་ཀྱིས་མདོ་སྒྲུབ། རྫོང་མགོ་ཚོར་དགྲ་ལྷ་དཔངས་བསྟོད། གྲ་ཚང་དུ་ཉིན་གསུམ་གྱི་རིང་བརྒྱ་བཞི་རྣམས་བཏང་། ཚེས་བཅུ་གཅིག་ལ་ཆོས་རྗེ་བཅོ་བརྒྱད་པ་ཁུ་དབོན་མཆེད་བཅས་དང་ཕྲད་ཅིང་ཀྱེ་རྡོར་གྱི་ས་ཆོག་སྐོར་ལ་དྲི་བ་ཁ་ཡར་བྱས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་དགེ་ལེགས་འབྱུང་གནས་ཀྱིས་ཕར་ཕྱིན་གསར་རྩོམ་གྱི་རྒྱུགས་སྤྲད། ས་བ་གྲུ་པ་ཕ་མེས་ནས་གྲུབ་མཐའ་གཙང་ཞིང་བསམ་གྲུབ་རྒྱལ་པོ་ལུགས་གཉིས་ཀྱི་ཡོང་ཕེར་ཆེ་བར་བརྟེན་དོལ་རྣམ་རྒྱལ་ཞལ་ཕུ་གཞིས་ཀ་ཐེམ་འཛིན་ཆེ་ཆུང་བསྡོམས་པ་ཉེར་བརྒྱད། ལག་འབབ་


GLG006_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་སྟོང་དྲུག་བརྒྱ་ཞེ་བཞི་སྤྲད། ཚེས་བཅུ་གཉིས་ལ་ཁལ་ཁའི་དཔོན་ཁག་དང་ཨོ་རོད་ཨེར་ཁེ་དའི་ཆིན་དུར་ཁེ་ཆེ། ཐོས་པ་དགའ། དུར་བོད་ཆོག་ཐུ་བུ་བཅས། དཔོན་མོ་བསོད་ནམས་ཚེ་དབང་། མཽ་ཇ་རག་གི་དཔོན་མོ་དང་ནུ་བོ་གཉིས། སྤོས་ཁང་མཁན་པོ། ཚལ་དབུས་གླིང་བླ་མ། སྡེ་པ་ཕོན་མདོ་བ་བསྟང་ཞལ། སྟག་ལུ་རྩེ་པའི་ཕྱག་མཛོད་འཚོ་བྱེད། མདོ་པ་ནང་སོ། བར་ཏ་བློ་བཟང་། ཀོང་པོ་བཅོས་མི་དང་གྲུས་སྨད་ཨ་བོ། ནང་སོ་དཀོན་དར་བ་སྤུན་མཆིས་བྲང་། ཕག་རིའི་སྤེལ་དཔོན་བརྒྱད་རྣམས་དང་ཁལ་ཁ་ཨོ་རོད་ཀྱི་སོག་དམངས་དང་བཅས་པར་བྱིན་རླབས་བྱས། གླིང་སྟོད་ཆོས་རྗེ་ལྷ་རྗེ་བློ་བཟང་རྒྱ་མཚོའི་སྐུ་སྐྱེའི་གཙུག་ཕུད་བླངས་ཤིང་མཚན་ངག་དབང་གཞོན་ནུར་བཏགས། ཚེས་བཅུ་གསུམ་ལ་རྭ་སྒྲེང་མཁན་ཟུར་བསྟན་དར་བས་དངུལ་ལྔ་བཅུ་མ་ཉེར་གཅིག་དང་གོས་དར་དངོས་གཙང་བའི་སྟེར་སྦྱིན་ཚོགས་འགྱེད་དཔངས་མཐོ་བའི་སྒོ་ནས་གྲ་ཚང་གི་རྡུལ་ཚོན་དང་འབྲེལ་བའི་ཚེ་ཆོག་མཛད། འགྲུལ་སྡེབས་ཨེར་ཁེ་དབོན་པོས་གོས་དར་ཚན་གྲངས་དང་སྨན་ཙེའི་འགྱེད་བྱས། ཚེས་བཅུ་བཞིར་གཡོན་རུའི་མི་སྣ་སྔུན་འབྱོར་སྨོན་ལམ་རྒྱ་མཚོས་ཚོགས་འགྱེད་སྟེར་ཆ་བསྒྲིགས་པའི་གྲ་ཚང་ནས་གསུང་ཆོས་སྔོན་བཞིན་བསྟར། ཆོས་རྗེ་ངག་དབང་ཐུབ་བསྟན་པས་གཙོས་ངེས་གསང་རྡོར་གླིང་པའི་གྲ་པ་ཁ་ཤས་ཀྱིས་བདོག་པའི་སྐྱེས་དང་བཅས་ཚེ་དཔག་མེད་བདུད་རྩི་འཁྱིལ་བའི་སྒོ་ནས་ཚེའི་རྟེན་འབྲེལ་དང་བླ་མས་གསར་རྙིང་གི་ལུང་འདྲེན་དུ་མས་བསྐལ་པར་སྡོད་དགོས་


GLG006_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་སྨེད། དེ་ཞོར་ལྷ་འདྲེ་སྟོང་དྲ་དང་མ་མོ་གླིང་བཞིའི་མདོས་ཞག་གྲངས་ཀྱི་བར་བཏང་། ཚེས་བཅོ་ལྔ་ལ་གཡོན་རུ་དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་ཚོགས་གསོག་རབ་འབྱམས་པ་ཅན་གྱིས་དངུལ་ལྔ་བཅུ་མ་བཅུ་བཞི་དང་སྲང་དོན་ལྔའི་མདོང་མོ་གསེར་དང་གོས་དར་དངོམ་ཆེ་བའི་སྟེར་སྦྱིན་ཚོགས་འགྱེད་དང་བཅས་གྲ་ཚང་ནས་ཚེ་དཔག་མེད་ལྷ་བཅུ་གསུམ་མའི་ཚེ་ཆོག་མཛད། རྭ་སྒྲེང་མཁན་ཟུར་གྱིས་གསེར་དངུལ་གོས་དར་པགས་རས་ཀྱིས་གཙོས་པའི་ཁྲི་འབུལ། ཨེར་ཁེ་དབོན་པོའི་སྟོང་འབུལ། ཁལ་ཁ་བཟོད་པ་ཡེལ་དེང་གི་སྲས་ལྷ་བཙུན་འགྲོ་མགོན་དུ་གྲགས་པ་འབྲས་སྤུངས་སུ་སློབ་གཉེར་དུ་སྡོད་པའི་མཐུན་རྐྱེན་རྟེན་དང་བཅས་དངོས་པོ་རྒྱ་ཆེར་བསྟར། རྭ་སྒྲེང་ཟུར་པས་ཁྲིད་ཡོངས་པའི་མི་གཉིས་ཀྱི་ཕུ་ཞིག་བཏབ་པས་སྐད་མང་པོ་འདོན་པའི་རོལ་མོ་དང་གར་གྱི་རྩེད་སྣ་བསྟན། ལྡིང་དཔོན་ཆུ་མིག་ཁ་པ་ཅན་ཁམས་ནས་འཁོར་བའི་མཁའ་འགྲོ་བློའི་འཆར་སྒོ་མཁའ་ལ་འཇའ་ཚོན་ལྟར་བཀྲ་ཡང་དྲེགས་པའི་སྡེ་དཔོན་ཚོགས་ཀྱི་མཐུས་འདི་བྱ་འདི་བྱེད་དང་བྲལ་བའི་ངང་ནས་ད་ལའི་ཧུང་ཐའི་ཇིས་གཙོས་པའི་དཔོན་ཁག་རྣམས་ཀྱི་ལག་ཏུ་འབྱོར་བས་ཐོག་མའི་གཏམ་སྙན་གྱི་སྒོ་ཕྱེ། ཆུ་ཤུར་ཐར་གླིང་པས་ཚོགས་ཡོན་སྟེར་སྦྱིན་སོགས་སྦྱར་བའི་གྲ་ཚང་ནས་ཚེ་ཆོག་གི་རམ་འདེགས་ལ་ཁོར་དུ་དཔོན་སློབ་ལྷན་དུ་ཚོགས་ཤིང་སྒེར་དུའང་ཞལ་འདོན་གསུངས། གྲ་ཚང་གི་གྲ་པ་དོན་གཉེར་ཅན་ཁ་ཤས་ལ་ལྕགས་འདྲ་ནས་བྱུང་བའི་བྱད་འགྲོལ་གྱི་ལག་ལེན་ཞིབ་པར་ཁྲིད། ཚེས་བཅོ་བརྒྱད་ལ་ཁལ་ཁ་དའི་བུང་ཧུང་ཐའི་


GLG006_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཇི། ཆ་གན་བར། ཨུ་ཁ་རེས་ཐའི་ཇིས་གཙོས་དགེ་བསྙེན་དགེ་ཚུལ་བསྡོམས་པ་དྲུག་ཅུ་རེ་གསུམ་དང་དགེ་སློང་བདུན་ཅུ་བསྒྲུབས་ཤིང་དའི་བུང་ལ་ལྷ་བཙུན་ངག་དབང་བསྟན་འཛིན་དུ་མཚན་གསོལ། ཚེས་བཅུ་དགུ་ལ་གྲ་ཚང་གིས་སྦྱིན་བདག་དང་ཆོ་ག་བ་སྦྲགས་ནས་རྟེན་འབྲེལ་བསྒྲིག་པ་མཛད། ཉེར་གཅིག་གཉིས་ཀྱི་རིང་རྡོ་རྗེ་བྲག་རིགས་འཛིན་སྤྲུལ་པའི་སྐུ་མཆོག །གཏེར་སྟོན་རིན་པོ་ཆེ། གྲ་ཚང་ཡོངས་རྫོགས་དང་བཅས་པར་རྡོ་རྗེ་གྲོ་ལོད། ཀརྨ་གུ་རུ། ཡང་གསང་དྲག་པོ། དངས་མ་བཅུད་འདྲེན་བཞིའི་དབང་ཕུལ། ཉེར་གསུམ་ལ་ཞལ་སྔ་ནས་དགེ་འདུན་གྲགས་པས་གཙོས་སྟོད་རྒྱུད་མཁས་འདུས་གྲ་ཚང་ཡོངས་རྫོགས་ཀྱི་བདོག་པ་བཞེས་སྤྲོ་བསྟར་ཏེ་ཚེའི་རྟེན་འབྲེལ་མཛད། རྟ་ཚག་རྗེ་དྲུང་། སྤོས་ཁང་མཁན་པོ། རྒྱ་ཕྲུག་རབ་འབྱམས་པ། གུ་རུ་ཆོས་དབང་དང་སྙིང་རི་བའི་གདུང་བརྒྱུད་ད་ཡན་རྒྱལ་པོའི་དབུ་སྒོར་ཆེ་ཆུང་སོགས་སོག་པོ་འདམ་དུ་འགྲོ་མི་མང་བ་དང་ཕྲད་ཅེས་སྤོས་ཁང་མཁན་པོས་ལང་ལབ་བྱང་ཆུབ་རྡོ་རྗེའི་ཞུན་ཐིགས་ལས་གྲུབ་པའི་རྡོ་རྗེ་གཞོན་ནུའི་སྐུ་སྟེར་བར་མཛད། ཉེར་ལྔ་ནས་བཟུང་ཉིན་གསུམ་གྱི་བར་འབྲོག་རྒན་འདྲའི་ཆུ་ཚན་བླངས་ཏེ་རྐང་ནད་ལ་ཕན་ནམ་སྙམ་པའི་རེ་དོགས་ཀྱི་འཁྲུལ་འཁོར་ཅི་ཡང་བསྐོར་མོད། འདི་ཕན་མེད་པའི་སྟོད་མི་བདེ་ཙམ་པའི་དངོས་གྲུབ་ཀྱང་གསར་དུ་བྱུང་། རྡོ་རྗེ་བྲག་སྤྲུལ་པའི་སྐུ་དང་གཏེར་སྟོན་རིན་པོ་ཆེར་གཟའ་པོད་འབུལ་རྩིས་ཡིན་རུང་རྡོ་རྗེ་བྲག་ཏུ་སྨན་སྒྲུབ་གནང་བའི་དུས་ཀྱིས་གཏུགས་ནས་ཉེར་བདུན་ལ་ཕེབས་


GLG006_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྫོངས་ཞུས། གོང་དཀར་བློ་བཟང་བསོད་ནམས་ཀྱིས་དགའ་ལྡན་གསང་སྔགས་གླིང་དུ་འཛུགས་རྒྱུའི་རིང་འཚོའི་ཚིགས་བཅད། འདར་ལོ་འཁོར་ཞག་ལ་འགྲོ་ཞོར་དུ་སྒོ་རུམ་དང་ཁའུར་གོས་ཡུག །པུ་ཏྲ་ཁང་དང་བྲག་རམ་གཉིས་ལ་གོས་བཅད། ཐུབ་བསྟན་དགེ་འཕེལ་དུ་རྟགས་བརྒྱད་ཁ་བཏགས་རྣམས་ལ་ཞལ་བྱང་བཀོད་པའི་སྙན་ཤལ་ཕུལ་ཅིང་ཁོང་རང་གི་ཐུབ་བསྟན་དགེ་འཕེལ་དུ་འབུལ་རྒྱུའི་ཁ་བྱང་རྣམས་བྲིས། ཉེར་དགུར་ཆ་གན་བར་གྱིས་གཙོས་ཁལ་ཁ་ཚོ་དང་ཐོས་པ་དགའ་ཅན་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར་ཞིང་བདོག་པའི་སྟེར་སྦྱིན་དང་བཅས་རྫོང་བ་བྱས། ཐོས་པ་དགར་ཇོ་རིག་ཐུ་ཨེར་ཁེ་དའི་ཆིན་གྱི་ཆོ་ལོ་བཏགས། དགའ་ལྡན་རབ་འབྱམས་པ། མ་ག་དྷ། མཽ་ཇ་རག་གི་དཔོན་མོ་སོགས་ཀྱིས་གོས་དར་ཇ་ཀོ་དྲ་ཚན་ཆེ་བའི་བདོག་པ་བཏེག །ཧོར་ཟླ་གསུམ་པའི་ཚེས་གཅིག་ལ་སྤོས་ཁང་མཁན་པོས་སྨན་བླ་ཚོགས་སུ་འཛུགས་རྩིས་ཀྱི་དྲི་སྨེད་མཛད། སེར་བྱེས་པ་བློ་གྲོས་ཕུན་ཚོགས་ཀྱིས་བརྒྱད་སྟོང་པའི་རྒྱུགས་སྤྲད། འདི་ཉིན་ནས་བཟུང་ར་མོ་ཆེའི་ཀུན་དགའ་ར་བའི་གཙང་ཁང་སྦུག་གི་རྗེ་བཙུན་བཙོང་ཁ་པ། ཉེ་སྲས་བརྒྱད། ཕྱག་རྡོར། དབྱུག་སྔོན་ཅན། སྒོ་བད་སྟེང་སངས་རྒྱས་རབས་བདུན། གཡས་གཡོན་དུ་རྒྱལ་ཆེན་བཞི། ཕྱི་རོལ་གྱི་ཕྱག་རྡོར་དང་བཅས་པའི་འབུར་སྐུ་ལ་ཚོན་གསོལ། འདུ་ཁང་དངོས་གཞིའི་ལྡེབས་ལྷོ་བྱང་དང་སྒོ་འགྲམ་བྱང་གི་ཤར་གསུམ་མཁས་མཆོག་དཔའ་བོས་མཛད་པའི་འཁྲུངས་རབས་གཤམ་ལ་སྦྱིན་བདག་གི་ཚུལ་དུ་རྒྱལ་པོ་མཆོད་ཡོན་


GLG006_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྦུག་གི་སྒོ་འགྲམ་གཡས་གཡོན་གྱི་ཕྱིའི་ལོགས་ལ་སྨན་བླ་བདེར་གཤེགས་བརྒྱད། ནང་སྐོར་ལྷོའི་ཕྱི་སྐྱ་འབུར་དོད་བྱང་ལྟར་ཇོ་བོ་རྗེ་ལ་སངས་རྒྱས་མར་མེ་མཛད། ཁུ་རྔོོག །ཀ་བ། ནག་ཚོ་རྣམས་ཀྱིས་བསྐོར་བ། ཤར་ལྟར་རྒྱལ་བ་བཙོང་ཁ་པ་ཆེན་པོ་ལ་འཇམ་དབྱངས། རྒྱལ་ཚབ། མཁས་གྲུབ། འདུལ་འཛིན་པ། འཇམ་དབྱངས་ཆོས་རྗེ། བྱམས་ཆེན་ཆོས་རྗེ་རྣམས་ཀྱིས་བསྐོར་བ། བྱང་གི་འབུར་དོད་ལྷོ་ལྟར་འབྲོམ་ལ་སྒྲོལ་དཀར། སྐུ་མཆེད་གསུམ། དགོན་པ་བ། སྣེའུ་ཟུར་པ་རྣམས་ཀྱིས་བསྐོར་བ། ཤར་ལྟར་འདྲ་འབག་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ། རྗེ་ཕ་བོང་ཁ་པ། མཆོད་ཡོན་གཉིས་རྣམས་ཀྱིས་བསྐོར་བ། མཆོད་འབུལ་ཁང་གི་སྐྱ་ཆུང་ཁ་བྱང་ལྟ་ལ་མཆོད་ལྷ། ཐོག་མཚམས་ཀྱི་ས་སྟོང་ཚོར་མཁན་སློབ་ཆོས་གསུམ། ཀླུ་དབང་། སྤྱན་རས་གཟིགས་སེང་གེ་སྒྲ། ཕྱག་རྡོར། སྒྲོལ་དཀར། ས་སྐྱའི་གོང་མ་ལྔ་རྣམས་དང་སེང་གཡབས་ལ་སངས་རྒྱས་ཤཱཀྱ་ཐུབ་པ། མཁན་སློབ་གཉིས། ཇོ་བོ་རྗེ། རྗེ་བཙུན་བཙོང་ཁ་པ། འབྲོམ་སྟོན་པ། རྗེ་བཙུན་གྲགས་པ། ཕག་མོ་གྲུ་པ། ཁ་ཆེ་པཎ་ཆེན། མངའ་བདག་ཉང་ཤོང་ལོ། བུ་སྟོན་རིན་པོ་ཆེ། བླ་མ་དམ་པ། རྒྱལ་ཚབ་དར་མ་རིན་ཆེན། རྗེ་དགེ་འདུན་གྲུབ་རྣམས། བསེ་གདོང་མགོན་ཁང་གི་ཤར་ལ་བེང་། བྱང་དུ་ཀླུ་རྒྱལ། བར་ཁྱམས་བྱང་ལྡེབས་ལ་དཔལ་ལྷ། གཡུ་སྒྲོན་མ། གཙང་ཁང་སྦུག་གི་ཕྱོགས་བཞི་དང་ནང་སྐོར་བར་


GLG006_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གྱི་ལྷོ་ནུབ་བྱང་གསུམ་བཅས་ལ་སྒྲོལ་དཀར། ཚེ་དཔག་མེད། རྣམ་རྒྱལ་མ། སྒྲོལ་ལྗང་བཞི་པོ་སོ་སོར་སྟོང་སྐུ། བར་སྐོར་ཤར་གྱི་ཕྱི་སྐྱ་ནང་ལྟ་ལ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག །བར་སྒོའི་འགྲམ་གཡས་གཡོན་ཤར་ལྟར་དཀར་ཆག །སྐོར་ཚད། སྲིད་པ་འཁོར་ལོ་རྣམས་འདྲི་བའི་དོ་དམ་འདར་པ་རྗེ་དྲུང་། ཀོང་པོ་གུར་བཟང་པ་བསོད་ནམས་དར་རྒྱས། བྲིས་པའི་དབུ་ཆེན་གོང་དཀར་ཆོས་སྡེ་གསང་སྔགས་མཁར་ཆོས་མཛད་གཞོན་ནུ་དང་འབྲས་སྤུངས་སློབ་དཔོན་ངག་དབང་འཕྲིན་ལས། དབུ་འབྲིང་གྲ་ནང་སྤུས་ཁྱིམ་པ་ངག་དབང་སྲི་ཆོད། ཞོ་ར་རྒྱལ་པོ། གསང་མཁར་ཚེ་འཕེལ། དབུ་ཆུང་སྤུས་ཁྱིམ་པ་ནོར་དབང་། བྱིངས་གྲས་བདེ་ཆེན་ཆོས་འཁོར་བ་ཛམ་བྷ་ལ་དང་དོལ་བྱམས་པ་རྒྱལ་མཚན་སོགས་མི་གྲངས་ཞེ་དགུ། འཇིམ་བཟོ་བ་ཨེ་ནས་དབུ་ཆེན་བག་དྲོ། དབུ་ཆུང་ཆོས་འཕེལ། བྱིངས་མི་གྲངས་བཅོ་ལྔའི་དོ་དམ་ཕོད་དཀར་བ་བསོད་ནམས་རྣམ་རྒྱལ་དང་རྒྱས་སྨན་བཀྲ་ཤིས་ཁ་པ་གཉིས་ཀྱིས་བྱས་ཏེ་སྒོ་ཁང་དུ་རྒྱལ་ཆེན་བཞིར་འཁོར་འགྲོགས་གནས་མཆེད་ལྔས་བསྐོར་བ། ལྷ་སའི་བར་ཁང་གི་ལྷོར་ནང་སྒོ་ཁ་བྱང་ལྟར་སྨན་བླ་བདེ་གཤེགས་བརྒྱད། ཉེ་སྲས་བརྒྱད། ཆོས་རྒྱལ་ལྷ་ཁང་གི་གཡོན་སྒོ་ཤར་ལྟའི་ནང་དུ་ཐུགས་རྗེ་ཆེན་པོར་ཐུབ་པ་དྲུག་གིས་བསྐོར་བ། གཡུང་དྲུང་ཁུག་སྒོ་ཤར་ལྟའི་ནང་དུ་སངས་རྒྱས་ལ་གཏད་རབས་བདུན་གྱིས་བསྐོར་བ། ཤོད་གཡུང་དྲུང་ཁུག་ཏུ་ཚེ་དཔག་མེད་ལྷ་དགུ་རྣམས་བཞེང་བའི་དབུ་བཙུགས། ཚེས་


GLG006_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལ་གཏེར་སྟོན་རིན་པོ་ཆེར་རྒྱ་སྦུག་གོས་དར་སོགས་ཕེབས་རྫོངས་རྒྱས་པར་བསྟར་ཏེ་རང་གི་བསྟི་གནས་སུ་གཤེགས། སེང་ལྡེང་ནགས་སྒྲོལ་ལ་བརྟེན་པའི་མདོས་ཆོག་མཐོང་བས་དོན་གྲུབ་དང་དབུ་མཛད་ངག་དབང་བཟོད་པས་བསྐུལ་བའི་ངོར་གཏེར་སྟོན་རིན་པོ་ཆེའི་བརྟན་བཞུགས་ཚིགས་བཅད་བྲིས། ཚེས་བརྒྱད་ཀྱི་དཔའ་བོ་དགའ་སྟོན་གྱི་ཚེ་དཔལ་རྡོ་རྗེའི་ཆོས་སྐྱོང་ཆེ་ཆུང་ལས་མཁན་དང་བཅས་པར་གཏོར་ཆོག་ཐུགས་དམ་སྐོང་བའི་གྲ་ཚང་གི་རྡོ་རྗེ་སློབ་དཔོན་དུ་ཕྱིན་ཐོག་སྡེ་པས་གོ་དཀར་ལྡེམ་གཉིས། སག་ཐག་གཉིས། མེ་སྒྱོགས་བདུན། གོས་བཟང་བསྒྲིགས་ཀྱི་འཕན་ལ་ཚེམས་རིས་ཀྱི་ཕྱི་རྟེན་རྣམས་རྔམ་བརྗིད་ཆགས་པ་བསྟར། བར་ཁམས་ཕྱོགས་སུ་རང་བསྟན་སེང་གེའི་ཁོག་པ་འབུས་ཟོས་ཀྱི་རྣམ་པ་མི་བདེ་བའི་རྩ་རྐྱེན་དྲུང་ནས་ཕྱུངས་པའི་སྔོན་འགྲོའི་བྱ་དགའ་མདོང་གསོལ་སྤེལ་བར་དར་རྒྱས་བཀྲ་ཤིས་རྫོང་བདའ་བྱས། ཇུས་ཡགས་ཀྱི་གཏང་རག་ལ་ཆོས་སྐྱོང་སྤྱི་དང་དམག་ཟོར་མར་འཕར་མ་དང་བཅས་ཉིན་བཞིར་བཟབས་རྒྱས་གྲ་ཚང་གིས་བཏང་སྐབས་གོ་མཚོན་སྤྱན་གཟིགས་རྒྱ་ཆེར་ཕུལ།ཚེས་བཅུ་ལ་འབྲི་གུང་དང་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད། དྭགས་པོ་བང་རིམ་པ་སོགས་དང་ཕྲད། ཤིང་སྟག་གི་ལེའུ་ཐོ་ལྐོག་པ་ཕུན་ཚོགས་དབང་པོས་བཟོ་བཅུག་པའི་འགོ་བརྗོད་བརྩམས། སྔོན་ཆད་གོས་སྐུའི་རིགས་བཟོ་བ་བྱུང་མ་སོང་བ་ད་ལམ་ངེད་རང་གི་འདོད་མཐུན་བཞིན་སྡེ་པས་ཁུར་བླངས་ཏེ་བུམ་སྟན་མ་དྲུག །ཧོར་གོས་ཁ་ཞེང་ཆེ་ཆུང་འདྲེས་པའི་ཡུག་


GLG006_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔ་དང་ཡུག་བཅད་བཞི། གསེར་གཞི་མ་ལེགས་པ་ཡུག་བརྒྱད། ཁ་ཐི་རྙིང་མ་ཡུག་བཅུ་དྲུག །སྒྲིལ་བཏགས་རྒྱ་ཡིག་དང་རྒྱན་གཞི་ཚོན་ཁྲ་སྣ་ཚོགས་ཡུག་བཅོ་བརྒྱད། ཡུག་བཅད་བཅུ་གཉིས། གསེར་མ་ཚོས་ཁ་སྣ་ཚོགས་ཡུག་བཅུ་དགུ་དང་ཡུག་བཅད་བཅུ་བཞི། བཟང་གོས་ཚོས་གཅིག་མ་དམར་པོ་ཡུག་དགུ་དང་ཡུག་བཅད་དགུ། སེར་པོ་ཡུག་ལྔ་དང་ཡུག་བཅད་ལྔ། ལྗང་གུ་ཡུག་ཉེར་བདུན་དང་ཡུག་བཅད་བཞི། སྔོན་པོ་ཡུག་ཞེ་བརྒྱད་དང་ཡུག་བཅད་བརྒྱད། ལི་ཧང་ཡུག་དྲུག་དང་ཡུག་བཅད་གཅིག །ཇ་ཁ་ཡུག་གསུམ་དང་ཡུག་བཅད་གཅིག །མཆིན་ཁ་ཡུག་བཅོ་བརྒྱད་དང་ཡུག་བཅད་ལྔ། གཡུ་ཁ་ཡུག་གཅིག་དང་ཡུག་བཅད་གཅིག །ན་རོས་ཡུག་གསུམ་དང་ཡུག་བཅད་གཉིས། སྟག་ཤུན་ཡུག་བཅད་གཉིས། གོས་ཕྲུག་སྣ་ཚོགས་སིའུ་ཡོ་མེད་འདྲེས་པ་ཡུག་དགུ་དང་ཡུག་བཅད་གཅིག །གོས་དཀར་བཅུ་གཉིས། ལྷོ་རས་ཡུག་བཞི་བརྒྱ་དང་བཅུ་གཅིག །ཁོམ་བུ་རྣམ་གཉིས་བུབས་བཅུ། ལིང་། ཆོར། དར་སོགས་ཚོས་ཁ་སྣ་ཚོགས་འདྲེས་པའི་ཡུག་བཅོ་བརྒྱད་དང་ཡུག་བཅད་བརྒྱད་རྣམས་ལས་གཙོ་བོ་རྗེ་བཙུན་བྱམས་མགོན་ལ་ཇོ་བོ་རྗེ། རྒྱལ་བ་བཙོང་ཁ་པ། རྗེ་ཕ་བོང་ཁ་པ། འདྲ་འབག །སྤྲིན་གསེབ་ཏུ་ཨོ་རྒྱན་རིན་པོ་ཆེ་དང་རྗེ་བཙུན་གྲགས་པ། སྨན་བླ་བདེར་གཤེགས་བདུན། བཀའ་གདམས་ལྷ་བཞི། གནས་ཆུང་ཆོས་སྐྱོང་ཆེན་པོ་རྣམས་ཀྱིས་བསྐོར་བ་དཔངས་ལ་རྒྱུག་འདོམ་ཉི་ཤུ་རྩ་ལྔ་དང་ཞེང་འདོམ་བཅུ་བདུན་ཡོད་པའི་སྔོན་མེད་ཆེ་ལེགས་ཀྱི་དབུ་བཙུགས་པ་ཟླ་བ་


GLG006_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའི་ཉེར་གསུམ་ལ་རྫོགས་པར་གྲུབ་པའི་དཀར་ཆག་ཆེ་བརྗོད་བརྩམས་ཤིང་བཟོ་བོ་ནི། རི་མོའི་དབུ་མཛད་རིན་སྤུངས་ཚེ་དབང་རིག་འཛིན། དབུ་ཆུང་རག་ཁ་འཇམ་དབྱངས་དབང་པོ། གོས་བཟོའི་དབུ་མཛད་རི་ནང་ཕུན་ཚོགས་དང་ལྷ་ས་རག་རྩེ་ཤག་ཨོ་རྒྱན། ཚངས་ལྡན། པ་རྣམ་བརྟན་པ། ཚེ་བརྟན། དབུ་ཆུང་རྒྱལ་རྩེ་པདྨ་ཚེ་རིང་། གཞིས་རྩེ་དར་རྒྱས་བཀྲ་ཤིས། གོང་དཀར་ཕུན་ཚོགས། བྱིངས་གྲས་སུམ་ཅུ་སོ་དགུ། དོ་དམ་པ་དར་ཁན་དཀའ་བཅུ། ལྷ་ཁང་པ་རྡོ་རྗེ་ནོར་བུ། བཀྲས་རབ་པ་དཀོན་མཆོག་གསུམ་གྱིས་བྱས་ཏེ་བསྒྲུབས་པ་ལ་རབ་གནས་རྟ་ཐོག་མ་བྱས་ཏེ་བཀྲ་ཤིས་མེ་ཏོག་ཆར་ཆེན་པོ་ཕབ། ཚེས་བཅོ་ལྔར་དགེ་སློང་འཇམ་དབྱངས་གྲགས་པས་བསྐུལ་ནས་གཏེར་གསར་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣམ་པར་རྒྱལ་བ་ཚངས་པའི་རྔ་ཆེན་དང་ལོག་ཏྲིའི་རིག་གཏད། ཐུགས་ཐིག་སྙིང་བུམ་གཡས་འཁྱིལ། སྒྲུབ་ཁག་བཙུགས་སྐབས་དབུ་མཛད་བློ་བཟང་བསྟན་འཛིན་སོགས་དང་རྗེས་སུ་མཆོད་དཔོན་ངག་དབང་ཤེས་རབ། དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོ། བྱང་འདྲེན་དཀོན་མཆོག་རྒྱ་མཚོ་གསུམ་གྱིས་བསྐུལ་ནས་ལས་བྱང་གནམ་ལྕགས་རྡོ་རྗེ་དྲག་འབེབས་བསྐུལ་བ་པོར་མ་བལྟོས་པར་གྲ་ཚང་གི་མཁོ་བྱེད་དུ་སྲུང་བཟློག་ཐུན་མོང་བ་ཉམས་སུ་ལེན་ཚུལ་བཙན་མཁར་བསྲུང་བའི་འཕྲུལ་སྒྱོགས་དང་བཟློག་བསད་ལས་སྦྱོར་གྱི་གསལ་བྱེད་གླང་སྨྱོན་སྣ་རྩེར་བཀོད་པའི་མཚོན་འཁོར་རྣམས་བྲིས། ཕོ་བྲང་བློ་བཟང་སྐྱེས་མཆོག་གི་འདོན་ཆ་ཡོངས་སུ་རྫོགས་པ་ཤོག་བུ་ལྔ་


GLG006_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་ཉེ་བའི་རྒྱུགས་སྤྲད། འཕན་ཡུལ་སྨན་ཙེར་རིགས་འཛིན་རཏྣ་གླིང་པའི་རྟ་ཕག་ཡབ་ཡུམ་ཡོད་འཕྲོས་ཐོས་པ་སྡེ་པས་རྩད་གཅོད་བཏང་བ་འཁྱར་བ་བཞིན་ཡིན་ནམ་མ་བྱུང་བའི་ཚབ་གུར་ཞལ་ཡབ་ཡུམ་གྱི་སྐུ་བྱིན་ཅན་འབྱོར། རི་བོ་བདེ་ཆེན་མཁན་ཟུར་བློ་བཟང་མཁས་བཙུན་གྱིས་ད་ཆ་ཡུན་རིང་སྡོད་མདོག་མ་ཁ་འདུག་པ་མི་ཚེ་ཆོས་ལ་དྲིལ་ཁུལ་ཡིན་ཀྱང་ལག་ཡོད་རྩ་བ་བཞི་ལ་མ་འབགས་པའི་གདེངས་ལས་མེད་ཚུལ་གསུང་བ་འཕྲལ་ཅ་ཞན་མདོག་ཁ་པོ་ལ་མྱངས་ན་ལས་འབྲས་མཁྱེན་པའི་དགེ་བའི་བཤེས་གཉེན་གྱི་གསུང་དུ་སྣང་། རིང་པོར་མ་ལོན་པར་ཁོང་པ་དང་གྲ་ཐང་མཁན་པོས་ཀུན་དགའ་གསང་སྔགས་གཤེགས་པའི་བསྔོ་རྟེན་བྱུང་བ་སྲས་བཅས་རྒྱལ་བར་མཆོད་སྤྲིན་སྤྲོས་ཏེ་བསྔོ་སྨོན་གྱིས་རྒྱས་བཏབ། ཉེར་གཉིས་ལ་ཡེར་པ་དགའ་ལྡན་གསང་སྔགས་ཡང་རྩེ་བས་བདོག་པའི་སྐྱེས་སྤེལ་ནས་རིང་འཚོའི་རྟེན་འབྲེལ་བསྒྲིགས། རྒྱལ་པོ་སྲས་ཡུམ་བློན་པོར་བཅས་པ། རྫིང་ཕྱི་དང་བཟང་ལྡན་མཁན་པོ། ཚལ་བ་ཡུམ་སྲས། དཔལ་རི་སྤྲུལ་སྐུ་སོགས་ལ་ཇ་གྲལ་བཏང་ཐོག་དུར་བོད་ཆོག་ཐུ་ཁྱོ་ཤུགས་ཀྱིས་གོས་དར་གསེར་དངུལ་གྱིས་གཙོས་སྟེར་ཆ་དཔངས་མཐོ་བ་བཏེག །གྲ་ཚང་གི་གྲ་པ་ཁ་ཤས་ལ་རྡོ་རྗེ་གྲོ་ལོད། ཡང་གསང་ཀརྨ་དྲག་པོ། གཤིན་རྗེ་འཇོམས་བྱེད་གསུམ་གྱི་དམིགས་སྐོར་ལག་ལེན་དང་བཅས་པ་ཁྲིད་ནས་མཚམས་བསྡམས། རྭ་སྒྲེང་མཁན་ཟུར་བས་དགོས་ཚུལ་དུ་བྱུང་བའི་ཟླར་གཡོན་རུ་སྐུ་སྐྱེ། ཞལ་སྔ་ནས་ཕ་བོང་ཁ་པ། གཟིམས་ཤག་ལྷོ་པའི་རབ་འབྱམས་པ། མདོ་པ་ནང་སོ། གྲ་ཚང་གི་གྲ་པ་འགའ་


GLG006_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བཅས་པར་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། འཇམ་དབྱངས་ཨ་ར་པ་ཙ་ན། གཉན་སྒྲོལ་ཡན་ལག་དྲུག་པ། ཕྱག་རྡོར་འབྱུང་འདུལ་བཞིའི་རྗེས་གནང་། མགོན་པོའི་གཏོར་དབང་བར་ཆད་ཀུན་སེལ། ཚེ་རྟ་རྣམས་བསྐུར། གདུགས་དཀར། ཤེར་སྙིང་། ཕྱག་འཚལ་ཉེར་གཅིག །སྤྱོད་འཇུག་བསྔོ་ལེ། ལས་ཀྱི་སྒྲིབ་པ་སྦྱོང་བའི་གཟུགས། བློ་བཟང་རྒྱལ་བ་མ། རབ་འབྱམས་སྐྱོབ་པ་མ། རང་རྩོམ་རིང་འཚོའི་ཚིགས་བཅད་རྡོ་རྗེའི་སྐུ་བརྙེས་མ། བདེ་ཆེན་ཞིང་མགོན་མ། བདེར་གཤེགས་གཙུག་ཏོར་མ་སོགས་ཀྱི་ལུང་བཀླགས། སྟག་རྩེ་ནས་ལྕམ་ངག་དབང་གྲོངས་པའི་བསྔོ་རྟེན་འབྱོར་དོན་ལྟར་བྱང་ཆུབ་ཀྱི་རྒྱུར་རྒྱས་བཏབ། ཉེར་ལྔ་ལ་སྡེ་པ་བསྙུན་པར་ཁམས་གསུམ་དུ་དྲུང་འཚོ་ལྷག་དར་གཉིས་ཀྱིས་གཏར་ཁ་བྱས་པའི་སྲུང་འཁོར་ལ་ཕྱིན། ཉེར་བརྒྱད་ལ་སྡེ་པའི་གཉིད་བསྲུང་བར་ཕྱིན་པ་སྡེ་པར་ཆོས་སྐྱོང་འདྲ་འཁུ་བའི་མཁྲེན་ཡིན་ནམ་གྲ་ཚང་གྲ་པ་ཐར་རྒྱན་དོལ་གནས་བརྟན་པས་ཁྱེར་བའི་གདོན་གྲིབ་ཇི་ལྟར་ཡང་རྐང་པ་གཡས་པའི་འབམ་འཕར་བའི་ནད་གཡོག་དབུ་མཛད། མཆོད་དཔོན། དགེ་སློང་འཇམ་དབྱངས་གྲགས་པ་དང་སྨན་པ་དྲུང་འཚོ་ལྷག་དར་གཉིས་ཀྱིས་བྱས། སྣང་སྲིད་ཀྱི་དྲེགས་པ་རང་སེམས་སུ་ངོ་མ་ཤེས་པར་ཕྱི་རོལ་ཏུ་ཁ་གདངས་མཆེ་བ་གཅིག་པ་ཞིག་ཡོད་པར་འཁྲུལ་ནས་ལ་མོ་གཉེར་པ་བློ་བཟང་སྦྱིན་པ། བསམ་ཡས་དང་ཚོང་འདུས་སུ་སྤུན་བདུན་ནས། ཐང་པོ་ཆེར་གཙང་དོན་ཆེན་པ་སོ་སོར་སྤྱན་གཟིགས་ཚོགས་འཁོར་བཟབས་རྒྱས་


GLG006_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ཡིག་ཚིགས་བཅད་དང་བཅས་རྫོང་བདའ་བགྱིས་ཤིང་གནས་ཆུང་དུའང་མཆོད་པ་སྤྱན་གཟིགས་བསྐྲུན། ཚང་མས་ཡང་ནས་ཡང་དུ་བརྟན་བཞུགས་བྱེད་རྒྱུ་ཡིན་ཞེས་ངེད་དག་ཞིང་དུ་འགྲོ་བར་རིངས་པའི་ཉམས་ཙམ་བྱེད་འདུག་ཀྱང་ལས་ཉོན་གྱི་དབང་གིས་འཁོར་བའི་འཁོར་ལོ་བསྐོར་བའི་རིགས་ལ་དེ་འདྲའི་དོགས་གནས་ག་ལ་དགོས། ད་ལམ་ཀྱང་འཆི་བས་འཇིགས་ཏེ་རིམ་གྲོར་དབུས་ཁུལ་གྱི་དགོན་ཁག་ཆེ་ཁ་རྡོག་བསྒྲུགས་བརྒྱ་དང་བཅོ་ལྔར་མང་ཇ་བསྔོ་རྟེན་འགྱེད། སེར་འབྲས་གཉིས་ལ་དགེ་འདུན་ལྔ་རེ་གསེར་ཞོ་རེ། དེ་ཕྱིན་དགེ་འདུན་དྲུག་རེར་རྒྱ་དངུལ་སྲང་རེ་རྣམས་བསྡོམས་པར་གསེར་ཞོ་བདུན་བརྒྱ་དང་བཞི་བཅུ། དངུལ་སྲང་ཉིས་སྟོང་ལྔ་བརྒྱ་སུམ་ཅུ་སོ་བརྒྱད་སོང་བའི་ཞལ་འདོན་དུ་མཚན་བརྗོད། གདུགས་དཀར། ཕྱག་འཚལ་ཉེར་གཅིག །ཚེ་གཟུངས་རྣམས་གང་འཚམ། ཆོས་འཁོར་རྒྱལ་དུ་དམག་ཟོར་མའི་བསྐང་བཤགས་འབུམ། བེག་ཙེ། གུར་ཞལ། པུ་ཏྲ་མགོན་ཆོས་ཚོར་ཁྲི། མངོན་དགའ་ལྕོག་ཏུ་སྒྲོན་དར་སྤྱན་གཟིགས་གསོལ་མཆོད། དོལ་ཆུ་མིག་དཀར་རྒྱལ་གྱི་ཚ་ངད་ཆེར་སོང་བ་དང་གཞན་ཡང་མི་བསྲུན་འགོང་པོའི་ཆོ་འཕྲུལ་སྣ་ཚོགས་སྣང་བར་དམིགས་གྲ་ཚང་དུ་རྡོ་རྗེ་སློབ་དཔོན་བྲག་སྣ་ཆོས་རྗེས་བྱས་པའི་ཨར་གཏད་བྱ་བ་མཇུག་ཏུ་སྲེག་པ་ཧོམ་གྱི་ལས་ལ་སྦྱར། འབྲས་སྤུངས་སྔགས་ཁང་དུ་སྟོད་རྒྱུད་པ་ལྔ་བཅུས་ཞག་བདུན་གྱི་རིང་ཤྭ་ས་ན་གཙོ་བོར་བཏོན་པའི་མཐར་གཏོར་བཟློག །ཐང་པོ་ཆེར་ཞག་ལྔའི་བར་བཟབས་གསོལ། སྲོང་བཙན་དུ་དཔལ་རི་བ་བརྒྱད་ཀྱིས་ཞག་ལྔར་སྤྱན་


GLG006_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དང་བཅས་བསྐང་བཤགས། འཕྱོང་རྒྱས་རྫོང་དུ་དཔལ་རི་སྤྲུལ་སྐུ་གྲ་བཅས་ཉི་ཤུས་བདུན་གཅིག་གི་རིང་རིགས་འཛིན་སྲོག་སྒྲུབ་ཀྱི་ཚེ་སྒྲུབ། བཀྲ་ཤིས་བདེ་ཆེན་པས་སྨན་བླ་ཁྲི། ཕོ་བྲང་རྫོང་དུ་བཀྲ་ཤིས་ཆོས་སྡེ་པ་ལྔ་བཅུས་སྒྲོལ་དཀར་གྱི་ཚེ་སྒྲུབ་རྣམས་ཀྱི་ཡོན་ཐོབ་ལ་གོས་ཆེན་ཁ་དྲུག་བརྒྱ་དང་དགུ་བཅུ། དབུས་གཙང་རྫོང་འགོ་རགས་བསྡུས་བརྒྱད་ནས་བཀའ་འགྱུར་བརྒྱ་ཉི་ཤུ་དང་སཱཙྪ་ས་ཡ་ཕྱེད་གཉིས་བཏབ་པའི་ཡོན་ལ་བརྒྱ་དངུལ་སྲང་སུམ་བརྒྱ་བཅུ་གཉིས། གོས་ཁ་བརྒྱད་བརྒྱ་རེ་གསུམ། མང་འགྱེད་སྔོན་སོང་གི་དགོན་ཁག་བརྒྱ་བཅོ་ལྔ་ཕུད་དེ་ཕྱིན་དབུས་གཙང་གི་རིས་མེད་དགོན་ཨངྐི་གཉིས་པ་ཡན་ལ་མང་ཇ་བསྔོ་རྟེན་སྔར་རྒྱུན་དང་འགྱེད་དབུས་ཁུལ་གྱི་གྲ་བཙུན་བཅོ་ལྔར་དངུལ་སྲང་རེ་དང་གཙང་དུ་ཉི་ཤུར་སྲང་རེ་བཅས་ཁྱོན་དྲིལ་སྲང་ཉིས་སྟོང་ཉིས་བརྒྱ་སོ་བཞི་རྣམས་སོང་བར་སྐབས་སྦྱར་གྱི་རིམ་གྲོ། དབུས་གཙང་གི་མི་སེར་གཞུང་རྒྱུག་སྒེར་མཆོད་གཞིས་ཐམས་ཅད་ལ་དུད་ཆེ་ཆུང་གཤོར་ཁལ་གཅིག་ནས་གསུམ་རིམ་འགྲོས། ཧོར་ཟླ་བཞི་པའི་ཚེས་གཅིག་ལ་རྫོང་གཞིས་ཁ་ཡར་དུ་བཙུགས་པའི་བཀའ་འགྱུར་ཆིག་བརྒྱ་ཉི་ཤུ། སྨན་བླ་ཁྲི། དཔལ་རི་སྤྲུལ་སྐུ་གྲ་བཅས་ཉི་ཤུས་བདུན་ཕྲག་གི་བར་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་ཚེ་སྒྲུབ་རིགས་འཛིན་སྲོག་སྒྲུབ། བཀྲ་ཤིས་ཆོས་སྡེ་བ་ལྔ་བཅུས་སྒྲོལ་དཀར་གྱི་ཚེ་སྒྲུབ། སཱཙྪ་ས་ཡ་གཅིག་དང་ལྔ་འབུམ། རྒྱལ་མཐིལ་གྱི་མགོན་ཁང་དུ་ཆོས་སྐྱོང་སྤྱིར་བསྐང་བཤགས་སྟོང་། དགེ་ཚལ་དུ་དམག་ཟོར་མར་ཆིག་འབུམ། གུར་


GLG006_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བེག་ཙེ་པུ་ཏྲར་ཁྲི། ཆོས་སྐྱོང་གཞན་ཚོར་སྟོང་། མངོན་དགའ་ལྕོག་ཏུ་བཟབས་གསོལ། འབྲས་སྤུངས་སྔགས་ཁང་དུ་རྒྱུད་སྟོད་པ་ལྔ་བཅུས་ཤྭ་ས་ནའི་སྔགས་རྒྱུན་གྱི་མཐར་གཏོར་བཟློག །ཐང་པོ་ཆེར་ཞག་ལྔའི་བར་གསོལ་མཆོད་རྒྱས་པ། སྲོང་བཙན་དུ་ཞག་ལྔར་མ་ནིང་གི་བསྐང་བཤགས། དབུས་གཙང་གི་རིས་མེད་དགོན་ཨངྐི་གཉིས་པ་ཡན་ལ་མང་སྐོལ་འཕར་མའི་ཐོག་སེར་འབྲས་ཀྱི་དགེ་འདུན་ལྔར་གསེར་ཞོ་རེ། དགའ་ལྡན་གྱིས་གཙོས་པའི་དགོན་ཆེ་ཁ་ཆིག་བརྒྱ་བཅུ་གསུམ་གྱི་དགེ་འདུན་དྲུག་རེར་ཞོ་རེ། དེ་ཕྱིན་དབུས་ཁུལ་གྱི་དགེ་འདུན་བཅོ་ལྔར་དངུལ་སྲང་རེ། གཙང་དུ་ཉི་ཤུར་སྲང་རེ་རྣམས་བསྡོམས་པ་གསེར་ཞོ་བདུན་བརྒྱ་དང་བཞི་བཅུ། རྒྱ་དངུལ་སྲང་བཞི་སྟོང་བདུན་བརྒྱ་དོན་གཉིས། གཞུང་རྒྱུག་མི་སེར་ཁྲལ་འཐེན་རྐང་རེར་གཤོར་ཁལ་གསུམ་རེ། དུད་ཆུང་དང་སྒེར་མཆོད་གཞིས་ཀྱི་ཐེམ་འཛིན་ཆེ་བ་རེར་ཁལ་གཉིས་རེ་དང་ཆུང་བ་ཚོར་ཁལ་རེ། ས་རིམ་ལམ་ཕོག་ཆེ་བའི་སར་སོ་ཧྲུག་ཤ་པགས་ཀྱི་འཕར་ཆ། ཉ་བཞི་འབུམ་སུམ་ཁྲི་བརྒྱད་སྟོང་གོ་ལྔའི་སྲོག་བླུ། མཆོད་རྟེན་དང་ལམ་འཕྲང་ཞིག་གསོས་ཀྱི་འུ་ལག་གི་ཆས་ཐེབས་ཁྱོན་ཁལ་ཆིག་འབུམ་བརྒྱད་ཁྲི་ཉིས་སྟོང་སུམ་བརྒྱ་གོ་བཞི། རྟ། ཚྭ། བལ། ཤ་པགས། རེ་སྣམ་སོགས་གོང་རྒྱབ་ཁལ་བཞི་ཁྲི་སུམ་སྟོང་ཉིས་བརྒྱ་སོ་གཅིག་རྣམས་སོང་བའི་ཚོགས་གསོག་རྒྱ་ཆེར་བསྒྲུབས། ཚེས་བདུན་ལ་སྡེ་པས་ཐུགས་ཁུར་བཞེས་ནས་ལྷ་ས་སྨོན་ལམ་གྱི་ཚོགས་ཁྲོ་ཆེ་བ་གཉིས་བླུག་པར་འཐོར་ནས་ལུགས་ཁྲོད་དུ་སོང་བའི་ནས་ཁྲོ་ཆུས་གཏུམས་པ་དང་ཕྱེད་དོན་པ། མཐིལ་ལ་ནོར་བུ་སོགས་རི་མོ་


GLG006_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མཚན་ཅན་འདུག་ཟེར་བ་དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཡིན་ནམ་སྙམ། དེའི་ཁ་བྱང་། དར་མོ་སྨན་རམས་པས་གསང་ནེའུ་ཐོག་གི་སྒྲོལ་མ་རྩོད་རྒྱལ་མ་དང་ཞང་བློན་ལ་འབུལ་རྒྱུའི་སྙན་དར་ཁ་ཡིག །མཆོད་དཔོན་པའི་ངོར་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱི་དག་སྣང་ཨ་ཏི་ཧྲིཿགཅིག་མའི་མཆན་འགྲེལ། མཚོ་སྣ་སྐུ་སྐྱེའི་དོན་དུ་གྲ་རིགས་ཀྱིས་བསྐུལ་ནས་སྨོན་ལམ། དགེ་སློང་ཕུན་ཚོགས་རྒྱ་མཚོས་བདེ་བ་ཅན་གྱི་ཞིང་བཀོད་བཞེངས་པའི་རྒྱབ་ཡིག །དགེ་སློང་འཇམ་དབྱངས་གྲགས་པ་སྤུན་གྱིས་གྲ་ཚང་དུ་སྙན་དར་ཉིས་བརྒྱ་སྐོར་ཕུལ་བའི་ཁ་བྱང་། རབ་འབྱམས་པ་དགེ་འདུན་ཆོས་འཕེལ་གྱི་ངོར་ཞུས་རྐོས་པ་རྣམས་ཀྱི་ཁ་ཏོན་དུ་རིང་འཚོའི་ཚིགས་བཅད། ཞི་གནས་སློབ་དཔོན་བྲ་ཞི་སྐུ་སྐྱེ་ངག་དབང་བཀྲ་ཤིས་ཀྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་བཞེངས་པའི་སྨོན་ལམ། དེ་དང་དབུ་མཛད་བློ་བཟང་ཡོན་ཏན། བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་། རྒྱལ་རི་ཁྲོད་པ་དགེ་སློང་ཆོས་འཕེལ་གསུམ་གྱི་ངོར་གསུར་བསྔོ་རྣམས་བྲིས། ཚེས་དགུ་ལ་ཚངས་པ་དུང་ཐོད་ཅན་ལ་དྲི་བ་ཞུ་བར་ཚོགས་འཁོར་སྤྱན་གཟིགས་དང་བཅས་གྲ་ཚང་གཉེར་པ་བཏང་བར་འཚུབ་ཆེ་ཚུལ་བཟློག་ཐབས་ཀྱི་རིམ་གྲོ་རྣམ་གྲངས་མང་ཙམ་ཕབ་པའི་དེ་རྣམས་གྲུབ་ནས་ངོ་སོ་མ་བྱུང་ན་སླར་དྲི་བ་དང་བྱུང་ན་གཏང་རག་བཏང་ཆོག་པ་གྱིས་ཤིག་པའི་ལུང་བསྟན་མཛད། རིམ་གྲོར་གཏེར་སྟོན་རིགས་འཛིན་ཆེན་པོ་གདན་དྲངས་པ་ཚེས་བཅུ་གཅིག་ལ་ཕེབས། སློབ་དཔོན་ཆེན་པོས་དུས་ཀྱི་མཐར་རྒྱལ་པོ་དང་ཀླུའི་གདོན་སྡེ་བརྒྱད་གཞན་


GLG006_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཚུབ་ཆེ་ཚུལ་ཇོ་མོ་འཚོ་རྒྱལ་ལ་གསུངས་པའི་ལོ་རྒྱུས་འཁྲུལ་པ་མེད་པའི་སྟེང་དིང་སང་རྒྱལ་གསར་སྤང་ལ་ཤ་མོ་ལྟ་བུར་རྡོལ་བའི་ཀུན་རྟོག་གི་རི་མོ་ཡིད་ལ་ཅི་ཡང་འཆར་བ་ནས་གཏེར་སྟོན་རིན་པོ་ཆེས་དབུ་མཛད་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་འབྱུང་པོ་དེ་དག་མཐུན་རྫས་དང་བཅས་རྫོངས་སུ་བཏབ། དབུ་མཛད་བློ་བཟང་ཡོན་ཏན་དང་བློ་བཟང་བསྟན་འཛིན། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ། དར་མོ་སྨན་རམས་པ་ལྔ་སོ་སོའི་གོས་དར་སོགས་བདོག་པ་བཅས་ཡུན་དུ་འཚོ་དགོས་པའི་གསོལ་བ་འདེབས་པར་བློ་བྲིད་ཙམ་དུ་ཁས་བླངས། ངེད་རང་བྲོ་འཚལ་བར་དམིགས་ནས་དབུ་མཛད་བློ་བཟང་བསྟན་འཛིན། བྲག་སྣ་ཆོས་རྗེ། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་སེར་འབྲས་གཉིས། སྔགས་རམས་པ་བསོད་ནམས་རྒྱལ་མཚན། དགེ་སློང་བློ་བཟང་ཀུན་དགའ། དགེ་སློང་རྣམ་རྒྱལ་དཔལ་བཟང་། བྱང་འདྲེན་དཀོན་མཆོག་རྒྱ་མཚོ། གྲམ་པ་བློ་བཟང་ངག་དབང་། ངག་དབང་བསྟན་འཛིན། རྣམ་གླིང་ཆོས་མཛད། ངག་དབང་ནམ་མཁའ་རྣམས་ཀྱིས་འབྲས་སྤུངས། དར་མོ་སྨན་རམས་པ་དང་དྲུང་ཡིག་འཇམ་དབྱངས་བསྟན་འཛིན་གཉིས་ཀྱིས་འབྲས་སྤུངས་དང་གསང་ཕུ། བློ་གྲོས་ལེགས་བཤད་དང་ཆོས་མཛད་ངག་དབང་བྱམས་པ་གཉིས་ཀྱིས་སེ་ར་རྣམས་སུ་མང་ཇ། བློ་གྲོས་རྣམ་རྒྱལ་གྱི་འབྲས་སྤུངས་སུ་ཐུག་པ། བློ་བཟང་བཟོད་པས་འབྲས་སྤུངས་སུ་མང་ཇ་དང་གྲ་ཚང་དུ་མི་བཅུ་རེར་དངུལ་སྲང་རེ། འདི་གར་བཅུ་གཅིག་


GLG006_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་དང་གཤིན་རྗེའི་དགྲ་མནན། གཞིས་རྩེར་ངོར་པས་འཇིགས་བྱེད་དྲུག་ཅུ་པའི་གཏོར་བཟློག །སྙིང་རི་བས་བེག་ཙེའི་གཏོར་བཟློག་དང་དགྲ་མནན། འུག་བྱ་ལུང་པས་མགོན་པོ་གཡུལ་བཟློག་དང་དགྲ་མནན། བོན་པོ་དར་སྡིངས་པས་གཏོར་བཟློག་དང་དགྲ་མནན། རིན་སྤུངས་སུ་གསང་སྔགས་གླིང་པས་འཆར་ཀའི་གཏོར་བཟློག་དང་དགྲ་མནན། གོང་དཀར་དུ་ཆོས་སྡེ་བས་ཞལ་གྱི་གཏོར་བཟློག །དཀོན་གཉེར་བས་ཕྱག་བཞི་པའི་མདོས། དུང་དགོན་པས་ལྷ་འདྲེ་སྟོང་དྲའི་མདོས་དང་དགྲ་མནན། འཕྱོང་རྒྱས་སུ་ཨོ་རྒྱན་སྨིན་གྲོལ་གླིང་པས་གཏེར་མགོན་ཕྱག་བཞི་པའི་མདོས་དང་ཀི་ཀང་གི་དགྲ་མནན། ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བས་གུར་གྱི་དམར་ཆེན་གཏོར་བཟློག །ཁྲ་འབྲུག་ཏུ་དཔལ་རི་བས་ནག་པོ་སུམ་དྲིལ་གྱི་གཏོར་བཟློག་དང་དགྲ་མནན། རྩེའི་དཀོན་གཉེར་བས་ཕྱག་བཞི་པའི་མདོས། བསམ་ཡས་སུ་གྲ་སྙེ་མདོ་བས་གཏེར་གསར་འཇོམས་བྱེད་ཀྱི་གཏོར་བཟློག་དང་ཀི་ཀང་གི་དགྲ་མནན། རྡོ་རྗེ་བྲག་ནས་འཆར་ཀའི་མདོས་དང་འཇོམས་བྱེད། དོ་བོ་རྫོང་དུ་སྨྲ་བོ་ལྕོག་པས་གཏེར་མགོན་ཕྱག་བཞི་པའི་གཏོར་བཟློག་དང་གཤིན་རྗེའི་དགྲ་མནན། ཆོས་འཁོར་རྒྱལ་མཐིལ་ནས་ཕྱག་དྲུག་པ། དགའ་ཚལ་ནས་བེག་ཙེ་དང་དམག་ཟོར་མའི་གཏོར་བཟློག །ལྷ་སར་རྒྱུད་སྟོད་སྨད་སོ་སོ་ནས་དྲུག་ཅུ་པའི་གཏོར་བཟློག །ཞང་སྟོན་པས་མདོས་དང་དགྲ་མནན། འབྲི་གུང་སྤྲུལ་སྐུ་རིན་པོ་ཆེས་མེའི་སྤུ་གྲིའི་སྒྲུབ་པ་ལས་སྦྱོར། རིགས་འཛིན་དཀོན་མཆོག་ལྷུན་གྲུབ་དང་སྔགས་འཆང་བན་གྲོང་པ་གཉིས་


GLG006_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀ་ཚལ་དུ་ཁྲོ་ཆུའི་གཏོར་བཟློག་རྣམས་སྨིན་རྒྱས་སུ་བསྒྲུབས་པས་རྟགས་མཚན་ཀྱང་སྣ་ཚོགས་བྱུང་ཚོད་དུ་འདུག །གྲོང་སྨད་ནས་མཆོད་ཡོན་ལ་བསྙེན་བཀུར་བའི་སྐལ་བ་ཧོར་ཟླ་བཅུ་གཉིས་པའི་ཚེས་གཉིས་ལ་དཀར་སྤྲོ་དམར་སྤྲོ་བཟབས་རྒྱས་སུ་བསྟར་ཞིང་འགན་སྦྱར་སོགས་ཀྱི་སྟེར་སྦྱིན་བྱས། སྟག་རྩེ་སྡེ་པ་ཐའི་ཇིས་བསམ་ཡས་ཀྱི་ཞིག་གསོས་ལྕགས་ཁྱི་ཚུན་མཛད་པ་པེ་དཀར་ལྕོག་གིས་མཐའ་བརྟེན་པའི་ངེད་རང་གི་བྱེད་སྒོ་རྣམས་ཟིན་པ་ཡིན་པས་དཀར་ཆག་དགོས་ཚུལ་བྱུང་བ་རྒྱས་པར་བྲིས། རབ་བརྟན་ཧུང་ཐའི་ཇིའི་དཔོན་མོས་སླར་ཡང་རྟ་ཉེར་གཉིས་དང་རྔ་མོ་བདུན་སྤྲད། འདི་གའི་རིམ་གྲོར་ཚེས་གསུམ་ནས་ཆོས་སྡེ་ཆེན་པོ་ཕན་ཚུན་དུ་ཇ་ཚུལ་བཅོ་ལྔའི་ཐོག་གདུགས་དཀར་བདུན་འབུམ་དྲུག་སྟོང་ཆིག་བརྒྱ་སོང་བའི་ཡོན་གྲ་པ་ལྔ་རེར་རྒྱ་དངུལ་སྲང་རེ་ཁྱོན་སྲང་ཆིག་བརྒྱ་བརྒྱད་ཅུ། མངའ་དྭགས། ཤེལ་བྲག །བོ་དོང་། ཀོན་ནེ་མ། བཞད་རི་བོ་གྲུ་འཛིན་རྣམས་སུ་མ་ཎི་དུང་ཕྱུར་ལྔའི་ཡོན་སྦྱར། འདར་པ་བསོད་ནམས་ལྷུན་གྲུབ་རྡོ་རྗེ་གཞིས་རྩེའི་རྫོང་སྡོད་ཐོག་གློ་བུར་དུ་མ་འཚོ་བར་བསྔོ་བྱང་གི་རྟེན་རྒྱས་པར་འབྱོར་དོན་བཞིན་བསྔོ་སྨོན་བྱང་བཞུ་ཡང་དག་བགྱིས་ཤིང་དགེ་ཐེབས་ཀྱི་མཐུན་རྐྱེན་ཀྱང་བྱིན། དཔོན་ཚང་བྱང་ངོས་ནང་སོ་དར་རྒྱས་ན་ཚོད་སྨིན་ཆེ་ཞིང་གཅོང་གིས་བསྙུན་ནས་ཡུན་རིང་སོང་བ་གྲོངས་པའི་བསྔོ་རྟེན་རྒྱས་པར་འབྱོར་ཞིང་དགེ་འཐུད་སྤམས་མཐོ་བ་བསྟར། བྱང་རྟགས་ཀྱང་དགོས་ཚུལ་བྱུང་བ་ཡན་ལག་མ་བདེ་གཤིས་འཕྲལ་དུ་མ་ཐུབ་རུང་འཁྲུལ་སྣང་ལ་ཁོང་བྱད་དབྱིབས་ཤིན་ཏུ་གསལ་


GLG006_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཐེབས་སུ་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་ཚེ་མཁར་བ་གཞོན་པས་འཛིན་ཤུལ་དང་ཕན་ཐད་བོགས་འཁྱར། ལྡུམ་ར་ཁང་གསར་གྱི་ཁང་པ་རྩི་ཤིང་རྩ་རིགས་ཀྱི་བདག་ཐོབ་མི་སེར་སྡད་གྲོང་རྐང་གཅིག་དང་དུད་ཆུང་གཅིག་གི་བོགས་ཤས་ལག་འདེབས་ཀྱི་ཐོན་བསྡོམས་པར་མཁར་རུའི་འབྲུ་ཁལ་ལྔ་བརྒྱ་རེ་དྲུག །དམག་རྐང་གཅིག་གི་ཚབ་ཏུ་བོགས་འོས་འཚམ་འགེལ་རྩིས་དང་། སྨིན་གྲོལ་གྱི་གླིང་དུ་ཞབས་དྲུང་བདུད་འདུལ་རབ་བརྟན་དེ་ཉིད་ཀྱི་དགོངས་རྫོགས་སུ་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྒྲུབ་མཆོད་ཐེབས་ལ་རྒྱང་སྒོ་སྦུག་པ་ཅན་ཐེམ་རྐང་བཞིའི་ཡོང་སྒོ་བོགས་འཁྱར་དང་བཅས་བསྡོམས་མཁའ་རུའི་ཁལ་སུམ་བརྒྱ་གོ་བརྒྱད་རྣམས་སྦྱོར་འཇགས་བགྱིས། ཉེར་གསུམ་ནས་བཙུགས་པའི་གྲ་ཚང་གིས་ཁྲོ་རོལ་དང་འཇམ་དཔལ་དུས་དགྲའི་དབང་པོའི་གཏོར་བཟློག་མཛད། ཉེར་བདུན་ནས་བྲོ་འཚལ་བ་ལས་རྣམ་པར་གྲོལ། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ལྷ་ཆེན་ཚངས་པ་དུང་ཐོད་ཅན་ལ་ཚོགས་འཁོར་སྤྱན་གཟིགས་འཕྲིན་ཡིག་ཚིགས་བཅད་དང་བཅས་གཏང་རག་འབུལ་མི་བཏང་། ཇོ་བོ་ཤཱཀྱ་མུ་ནིའི་བཞུགས་ཁང་འགྲུབ་ཏུ་ཉེ་བར་བོད་ཡུལ་དུ་འདོད་དགུ་རྒྱ་ཆེར་སྤེལ་བའི་ཆེད་ཛམ་ལ་དང་ཀླུའི་ནོར་གཏེར་ཟབ་གཏེར་སྣ་ཚོགས་ལས་བྱུང་བ་བཞིན་ལག་ལེན་ལྟར་ཁྲིར་བཞུགས་རྒྱུའི་བུམ་གཏེར་གྱི་རིམ་པ་བཟབས་རྒྱས་སུ་བཟོས། ཆོས་འཁོར་ཡང་རྩེའི་གྲ་པ་ཆོས་སྐྱོང་རྒྱ་མཚོས་གསར་རྩོམ་ཕར་ཕྱིན་གྱི་རྒྱུགས་སྤྲད། ཞོ་སྟོད་གཏེར་སྒྲོམ་བྲག་གི་རང་བྱུང་ཁྲུས་ཆུ་བདུན་ཕྲག་གི་བར་བསྟེན། ཚེས་དགུའི་ཉིན་ཕྱེད་ཡོལ་ལ་སྔར་མ་གྲགས་ལྟ་བུའི་


GLG006_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བས་ནེ་ལེ་དང་ཕོ་རོག་སོགས་ཀྱང་བསད་པ་སྲུང་མའི་འཁུ་ལྡོག་གམ་སྡེ་བརྒྱད་ཀྱི་འཚུབ་ལྷོངས་ཤིག་ཏུ་དོགས་ཤིང་ལ་ལ་ཞ་དམར་ནག་གང་དུ་ཕེབས་སར་མི་ཤེས་པ་རེ་ཡོད་གིན་ཡོད་འདུག་པས་ཁོང་དཔོན་སློབ་ཞལ་ཕྱོགས་ཡར་གཟིགས་པའི་སྔ་ལྟས་ཡིན་ནམ་ཟེར། ཚེས་བཅུ་ལ་གྲ་ཚང་གིས་ཚེས་བཅུ་ཆེན་མོའི་གར་འཆམས་ཀྱི་སྟངས་སྟབས་ཅི་ཡང་བསྒྱུར། ཚེས་བཅུ་གཅིག་ལ་བརྟག་བགྱིས་སྡེ་པའི་རིམ་གྲོར་དབུས་གཙང་གི་དགོན་ཨངྐི་གཉིས་པ་ཡན་ལ་མང་ཇའི་ཐོག་ཤེར་སྙིང་། ཚེ་གཟུངས། ཡར་ལྷ་ཤམ་པོར་གསོལ་མཆོད། སྤྲང་པོ་བརྒྱར་ཐུག་པ་རྩམ་མདའ་ཟོ་རེ་དང་སོ་ཧྲུག་ལག་པ་རེ། གོས་སྦྱིན་འོས་འཚམ། ཁྱི་ཡན་བརྒྱར་ཟན་སྦྱིན། བསྟན་སྲིད་སྐུ་རིམ་དུ་དགེ་ལུགས་གཞིས་དགོན་དང་སྔགས་དགོན་ནས་གཏོར་བཟློག །མཚན་ཉིད་པའི་རིགས་ནས་དགུ་བཟློག །ཟན་གཡང་དུ་མདོ་སྡེ་མཆོད་པའི་དུས་ཆོས་སྐྱོང་ཆེན་པོ་དཔོན་བློན་ལ་འཕྲིན་ལས་གསོལ་བའི་ཚིགས་བཅད་སྤྱན་གཟིགས་དང་བཅས་ཁ་རབ་གོང་པ་བརྫངས། ཚེས་བཅུ་བཞིའི་ཞོགས་སྟག་རུ་བ་བློ་བཟང་དངོས་གྲུབ་འདས་པའི་བསྔོ་རྟེན་འབྱོར་དོན་བཞིན་བྱང་ཆུབ་འགྲུབ་པའི་རྒྱུར་བསྔོས་ཤིང་དགེ་ཐེབས་རྒྱ་ཆེར་བྱིན། ཚེས་བཅུ་དྲུག་གི་ཉིན་མངའ་རིས་གྲ་ཚང་ཡོངས་རྫོགས་དང་རྒྱང་རོ་གསེར་སྡིངས་གྲ་ཚང་དྲིལ་བ་འཕན་ཡུལ་གསས་ཁང་བླ་མ་གྲ་བཅས། རྒྱ་མདའ་ཁུལ་གྱི་ལྷ་སྡེ་མི་སྡེ་སོགས་སོ་སོས་དངོས་པོ་སྤམས་མཐོ་བ་མཎྜལ་དུ་བཀོད་དེ་རིང་པོར་འཚོ་བའི་སྨོན་ལམ་མཛད། མངའ་རིས་གྲ་ཚང་པར་ཡིག་དྲུག་གི་བཟླས་ལུང་དང་གདུགས་དཀར་མཆོག་གྲུབ་མའི་བསྟོད་པ་དང་བཅས་པའི་ལུང་བཀླགས། བོ་དོང་སྦྱོར་ར་སྤྲུལ་སྐུ། ཐུགས་སྲས་སྤྲུལ་


GLG006_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། འཆད་ཀ་སྤྱན་སྔ་གསུམ་དང་ཕྲད། ཁལ་ཁ་ལྷ་བཙུན་ངག་དབང་བསྟན་འཛིན། བཟོད་པ་ཡེལ་དེང་སྐོར་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་བསྐུར་ཅིང་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་སྐུ་བརྙན། ངེད་རང་གིས་ལོངས་སུ་སྤྱད་པའི་གོས། སྣམ་ཕྲུག་གིས་གཙོས་དངོས་པོ་དང་བཅས་རྫོང་བདའ་བཟབས་པར་བསྟར། མངའ་བདག་སྨྲ་བོ་ལྕོག་པ་ལུང་བསྟན་བཞིན་དུ་གདུང་བརྒྱུད་རྫོགས་པའི་སྐུ་མག་དགོས་ཚུལ་བྱུང་བ་གཏེར་ཁ་འོག་མ་ཆོས་དབང་གི་གདུང་བརྒྱུད་བྲག་སྣ་བའི་སྲས་ལེན་བཅུག་པ་ཕྱོགས་མཐུན་དུ་བྱོན་པ་དང་ཕྲད་ཅིང་མཚན་མངའ་བདག་ངག་དབང་ཆོས་རྒྱལ་དུ་གསོལ། དབེན་ས་སྤྲུལ་སྐུ་གོང་མའི་གཟིམས་དཔོན་ཨེར་ཁེ་ཆོས་རྗེ་འདས་པའི་དགེ་རྩ་གཏོང་མི་ཆེད་གཉེར་འབྱོར་བའི་བསྔོ་རྟེན་དཔངས་མཐོ་བ་བྱུང་བ་དགེ་བ་རྫོགས་པའི་སངས་རྒྱས་ཀྱི་སར་རྒྱས་བཏབ། དར་རྒྱས་ཆོས་སྡིངས་པའི་གདུང་བརྒྱུད་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་ཐོག་དྲངས་པའི་བསྙེན་རྫོགས་ཞེ་ལྔ་དང་། ཞང་སྟོན་པའི་སྲས་སོགས་དགེ་ཚུལ་ཉེར་གཅིག་བསྒྲུབས། ཚེས་བཅུ་དགུ་ནས་སྲིད་གསུམ་བདག་མོ་མདོས་ཀྱི་མཆོད་པས་མཉེས་པར་བྱས། གཏེར་སྟོན་རིན་པོ་ཆེའི་གསུང་གིས་བསྐུལ་བའི་རྣོན་པོ་ནང་གཅོད་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་བྲིས། སྡེ་དྲུག་དང་སྐྱོར་ལུང་པའི་མཁན་པོ། གཡུལ་རྒྱལ་ལྷུན་རྩེ་ནས་ཞང་མཁར་དབང་འཛིན་པས་གཙོས་ལེགས་སྐྱེས་པ་རྣམས་དང་ཕྲད། གཡོན་རུའི་མི་སྣ་ཚོགས་གསོག་རབ་འབྱམས་པ་ཡོངས་སྐབས་མདོ་པ་ཟི་སྣ་སོགས་ལུང་ཚོ་ལྔ་སྦྱོར་འཇགས་བྱུང་


GLG006_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལེགས་སོ་རྒྱས་པར་བསྟར་ཅིང་ལྷ་འདྲེའི་གནོད་པ་བསྲུང་བའི་ཚིགས་བཅད་བསྲིངས་ཏེ་རྫོང་བདའ་བྱས། ཆོས་འཁོར་ཡང་རྩེའི་གྲ་པ་གཞོན་ནུ་བློ་གྲོས་དང་བློ་བཟང་ཆོས་གྲགས་གཉིས་ཀྱིས་གསར་རྩོམ་ཕར་ཕྱིན་གྱི་རྒྱུགས་སྤྲད། ཞྭ་དམར་སྤྲུལ་པའི་སྐུ་གོང་མའི་ལུང་ལ་བརྟེན་ཕིང་སིང་དབང་གིས་མས་ཆགས་པ་དང་འབུམ་ཐང་བསོད་དབང་ལ་རྩིས་སྤྲད་དོན་ལྟར་གདན་དྲངས་པར་ཐབ་བསུ་དང་ཆིབས་བསུ་སོགས་མཛེས་ལམ་གང་ཆེའི་སྒོ་ནས་ལྷ་སར་བྱོན། སྔོན་ཆད་གནང་སྒོ་སྣ་ཚོགས་པ་བྱུང་བའི་ཐུགས་གནོང་ལྟ་བུས་ཡ་ང་བའི་སྐུ་དང་གསུང་གི་བཀོད་པ་ཇི་སྙེད་པ་སྟོན་བཞིན་པའི་ངང་ནས་མཆོད་ཡོན་དུ་དགོངས་སངས་ཀྱི་འབུལ་བ་གཟེངས་བསྟོད་པ་དང་བཅས་བླ་བྲང་དུ་ཕེབས་སྐབས་སྡེ་པས་ཨེ་ཝཾ་ཕོ་བྲང་གི་མདོར་མཇལ་དར་དང་རྒྱལ་པོས་ནང་དུ་ལྡང་བ། མཆོད་ཡོན་གཉིས་ལས་ཁད་ཀྱིས་མཐོ་བའི་བཞུགས་ཁྲིས་མཚོན་བཀུར་གཟོས་དང་གཞིས་ལེན་རྒྱས་པར་བསྟར་བས་ཐུགས་ཀྱི་ཁྱེའུ་ཀུན་རྟོག་གི་ཞགས་པ་དམ་པོས་བཅིངས་པ་ལས་གྲོལ་ཏེ་གར་གྱི་དབང་པོ་རང་གནས་བདེ་བ་ཅན་དུ་བྱོན་པའི་ཉམས་ཤར། ངེད་ལུས་ཅུང་ཟད་མ་བདེ་ཙམ་ཡོད་པས་སླར་ངོས་མཇལ་གྱིས་བཅད་ཞུས་ནས་མཚུར་ཕུར་ཤར་རྒྱག་ཐེགས། ཧོར་ཟླ་དྲུག་པའི་ཚེས་བཞི་ལ་ཡར་འབྲོག་སྡེ་པ་རི་བོ་བྲག་པས་བསངས་ཡིག་ཆུང་ངུ་དང་གསོལ་འདེབས་ཚིགས་བཅད་དགོས་ཚུལ་ཕེབས་པ། སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱི་ཕྱི་རྟེན་རྣམ་སྣང་རྒྱ་ཐང་བཞེངས་པའི་རྒྱབ་ཡིག་རྣམས་བྲིས། ཐང་ཆེན་བཤན་པ་ལག་དམར་ལ་སྤྱན་གཟིགས་ཚོགས་རྫས་འཕྲིན་ཡིག་ཚིགས་བཅད་དང་བཅས་མངགས། རྒྱ་ནག་ནས་ཞྭ་དམར་སྤྲུལ་པའི་སྐུ་བོད་དུ་ཕེབས་


GLG006_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ་སོགས་ས་མཚམས་བདེ་འཇགས་བྱུང་བར་གྲ་ཚང་གིས་ཉིན་གསུམ་གྱི་རིང་རྡོ་རྗེའི་ཆོས་སྲུང་ཚོགས་ལ་གཏང་རག་ཕུལ། ཁལ་ཁ་ལྷ་བཙུན་ངག་དབང་བསྟན་འཛིན་དང་བཟོད་པ་ཡེལ་དེང་སོགས་ཀྱིས་སོག་པོའི་གཞུང་བསྟན་ལ་ཕན་པའི་བླ་མ་ཞིག་དགོས་ཚུལ་བྱུང་བ་སྡེ་དྲུག་མཁན་པོ་བློ་བཟང་དར་རྒྱས་རྫོང་བདའ་བྱས། བྱང་ཕྱོགས་ཀྱི་ཡུལ་གྲུ་འདི་ཧ་ཅང་ཐག་རིང་བས་མཁན་པོ་གསར་བསྐོས་འགབ་གྲས་སུ་འདུག་རུང་ཁོང་རང་ཡར་བྱོན་བསྟུན་གནས་མལ་འདྲ་མ་རྙེད་དོགས་པའི་ཉེས་དམིགས་དང་དགོན་ཁག་རྣམས་ཀྱང་རྒྱ་སོག་གི་འདོད་ཡོན་ཆར་དུ་བསྙིལ་ལ་རེའི་བླ་མ་བསྒུག་པར་ངན་སོང་པ་སྤྱི་རྫས་ལ་བགོ་བཤའ་རྒྱག་ན་ནི་མཆོད་རྟེན་ཡིན་ཀྱང་འཇིག་པར་ཉེ། གཞན་དུ་ངམ་ཤོད་བྱེད་མ་གསེར་དང་རྒུན་འབྲུམ་འབྱུང་ཉེན་ཆེ། སྐྱིད་ཚལ་ཀླུ་སྡིངས་ཀྱི་སྒྱེད་བུ་ཁ་དྲོའི་སྐལ་བ། དེ་མཚུངས་གཞིས་ཀ་ཤར་དང་ནང་པ་ལོ་པ་གཉིས་ཀྱིས་དཀར་སྤྲོའི་ཟ་མ་ཏོག་རིང་དུ་བསྒྲིགས། ཚེས་དགུ་ནས་མེའི་སྤུ་གྲི་དང་རླུང་སྒྲུབ་སོགས་ཁག་གསུམ་བཙུགས། ཚེས་བཅུ་གཉིས་ལ་བསྟན་འཛིན་ད་ལའི་རྒྱལ་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པར་ཚེ་དབང་གྲུབ་རྒྱལ་མ་ཕུལ་ཏེ་འདམ་དུ་བཏེག །དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་དཀོན་ཅོག་ཆོས་བཟང་དག་པའི་ཞིང་དུ་གཤེགས་པའི་ཐུགས་དམ་གསོལ་འདེབས་ཀྱི་བདོག་པ་རྒྱས་པར་བྱུང་བ་ལྟར་འགྲོ་བ་འདྲེན་བཞེད་ཡོངས་སུ་འགྲུབ་པའི་བསྔོ་སྨོན་བགྱིས། ཞ་ལུའི་སློབ་དཔོན་གཉིས་ལ་བྱམས་པས་དམ་བཅས་པ། སྒྲིབ་པ་རྣམ་སེལ། མཆོད་པའི་སྤྲིན་གྱི་གཟུངས་གསུམ་པོའི་ལུང་བཀླགས། གེ་རེ་ལྷ་རིན་པོ་ཆེ། ཆོས་རྗེ་སྒྲོལ་ཕུག་པ། མང་ར་མཁན་པོ། ཕ་བོང་ཁ་གདན་


GLG006_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ས་བ། མས་ཆགས་པ་ཅན་དང་ཕྲད། ཚེས་བཅུ་བཞིར་དཔལ་གསང་ནེའུ་ཐོག་གི་ཆོས་རྗེ་རྣམ་གཉིས། དྲུང་ཆེན། གཞུང་ལས་པ་སོགས་དཔོན་སློབ་བཞི་བཅུ་སྐོར་གྱིས་ཚན་གྲངས་ཀྱི་མཎྜལ་དང་བཅས་ཡན་ལག་བདུན་པ་དང་འབྲེལ་བའི་ཡུན་འཚོའི་རྟེན་འབྱུང་མཛད། རྟ་ཚག་རྗེ་དྲུང་། ཚ་མིག་མཁན་ཟུར། སེ་ར་ཐེག་ཆེན་གླིང་གི་ལས་སྣེ་བ། ཀོང་པོ་རྒྱལ་སྐོར་བ། གུང་ཐང་གཟིམས་ཁང་ཤར་དང་རྨི་རུ་བླ་མ། ཨོ་རོད་ནས་གསར་འབྱོར་གངས་ཅན་མཁན་པོ་དཀོན་ཅོག་རིན་ཆེན་རྣམས་དང་ཕྲད། ར་མོ་ཆེའི་འདུ་ཁང་གི་འཁྲུངས་རབས་སོ་བཞི་པ་བྲིས་པའི་ཁ་བྱང་། དགའ་ལྡན་ཐར་གླིང་བླ་རབས་གསོལ་འདེབས་དང་གདན་ས་པའི་བརྟན་བཞུགས། ཨེ་གཟིམས་ཤག་ལྷོ་པ་ནང་སོ་དཀོན་ཅོག་དར་རྒྱས་ཀྱིས་གསེར་གྱི་བཀའ་འགྱུར་བཞེངས་པ་ངེད་རང་ཚོ་ལ་དཔགས་བའི་བྱ་བ་རླབས་པོ་ཆེ་ཡིན་ཚུལ་དང་བཅས་བསྐུལ་བ་ལྟར་དཀར་ཆག་ཆེ་བརྗོད་སྨོན་ལམ། རྒྱུད་སྨད་དཔོན་སློབ་ཀྱིས་གསང་བ་འདུས་པའི་ལམ་དང་འབྲེལ་བའི་རིང་འཚོའི་ཚིགས་བཅད་དགོས་གསུང་བ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འདིའི་དགོངས་དོན་རྟོགས་པར་དཀའ་ཞིང་སྟོང་རྩ་ཟ་བར་མ་ཕྱིན་པའི་གཤིས་ཚད་ལྡན་མ་བྱུང་དོགས་ནའང་བསྐྱེད་རྫོགས་ཀྱི་དགོངས་དོན་ལ་ཆུ་བུན་མ་བྱུགས་ཙམ་ཞིག་དང་། དཔལ་དེ་ནས། བསྟན་པ་དར་རྒྱས་གཉིས་ཀྱི་ངོར་རིང་འཚོའི་ཚིགས་བཅད་རེ་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོས་བསྐུལ་བའི་རྗེ་བཙུན་བཙོང་ཁ་པ་དང་བདག་བསྟོད་ཐུན་མོང་། བར་ཏ་ཆོས་མཛད་ཀྱིས་རྒྱལ་བ་བཙོང་ཁ་པ་དང་ངེད་རང་གི་འདྲ་འབག །གདོང་ནས་ཀྱིས་མི་གཡོ་བ། མདོ་བཙུན་ངག་དབང་ལྷུན་གྲུབ་ཀྱིས་བདག་ཅག་གི་སྟོན་པ་དང་རྒྱལ་བ་བཙོང་ཁ་པ།


GLG006_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱམ་པ་ངག་དབང་ཆོས་འཛིན་གྱིས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས། འཇམ་དབྱངས་ཀྱིས་བརྒྱ་ཐང་། ཚེ་བདག །བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་གིས་བླ་མ་གསང་འདུས་ཀྱི་བརྒྱ་ཐང་། སྤོས་འཛིན་པ་ངག་དབང་ནམ་མཁས་འཇམ་དཀར་གྱིས་བྲིས་སྐུ་བཞེངས་པ་རྣམས་ཀྱི་རྒྱབ་ཡིག །ངག་དབང་བཟང་པོའི་ངོར་བླ་མ་དང་རྡོ་རྗེ་དྲག་པོ་རྩལ་དབྱེར་མེད་དུ་གསོལ་འདེབས་རྗེས་འཛིན་སྨོན་ལམ། གྲ་ཚང་དཀོན་གཉེར་གསུམ་གྱིས་རྣམ་རྒྱལ་མར་སྙན་དར་ཕུལ་བའི་ཁ་བྱང་། གནང་བྱུང་ཆོས་མཛད་ཀྱིས་བསྐུལ་བའི་ཀརྨ་དྲག་པོར་གསོལ་འདེབས་དང་ཟངས་མདོག་དཔལ་རིར་སྐྱེ་བའི་སྨོན་ལམ་རྣམས་བྲིས། ཚེས་ཉི་ཤུར་བོད་ཁམས་སྤྱིའི་ནད་ཡམས་བཟློག་ཐབས་སུ་བསྟན་མ་བཅུ་གཉིས་ཀྱི་མདོས་རྫོངས་ཁག་ལྔ། རྫོང་མགོ་ཚང་མ་ནས་དགེ་འདུན་བཞི་སྡེས་རྣམ་འཇོམས་དང་སྨེ་བརྩེགས་གང་རུང་གི་བུམ་པ་བསྒྲུབས་ནས་ཉིན་གསུམ་གྱི་བར་ཁྲུས་གསོལ། སྔགས་བོན་གྱིས་དགྲ་ལྷ་དཔངས་བསྟོད་བཟབས་རྒྱས། བླ་མ་བཀྲ་བཟང་པས་ནད་བདག་སྟོབས་འཇོམས་བཏང་བའི་ཡས་རྣམས་གངས་ཏེ་སེའི་འོག་ཙམ་དུ་བསྐྱལ། ཚེ་དཔག་མེད། རྡོ་རྗེ་གྲོ་ལོད། ཡང་གསང་ཀརྨ་དྲག་པོ། གཤིན་རྗེ་དྲེགས་པ་འཇོམས་བྱེད་བཞིའི་སྒྲུབ་པ་ཉིན་ལྔར་བཙུགས་པའི་འཛུགས་སྟོན་གཞུང་དང་གྲ་ཚང་གཉིས་ཀ་ནས་བཏང་། ཧོར་ཟླ་བདུན་པའི་ཚེས་ལྔ་ལ་གོང་གི་མི་སྣ་བསྟན་འཛིན་བླ་མ་དང་བསམ་བློ་ཨ་ཞང་ཨེར་ཏེ་ནི་རབ་འབྱམས་ཆོས་རྗེ་གཉིས་ཀྱིས་གཙོས་འགྲུལ་ལྡེབས་ཤན་ཏ་པའི་ལིའི་བླ་མ་མངའ་རིས་རབ་འབྱམས་པ། ཨེར་ཁེ་དབང་གི་བླ་མ་འབྲོང་རྩེ་རབ་འབྱམས་པ་སོགས་


GLG006_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་ཆེ་བར་འབྱོར་བའི་བཀའ་ཤོག་གནང་སྦྱིན་སྤྲད་ཅིང་སོ་སོའི་མཇལ་དར་བཏང་བའི་བཞུགས་གྲལ་གྱི་དགའ་སྟོན་རྒྱས་པར་བཤམས། རྒྱལ་པོའི་འཚམ་འདྲིའི་བཀའ་ཕེབས་བསྒྱུར་བྱུང་ཞིང་ཡུལ་དུས་དང་བསྟུན་པའི་འཕྲོས་གླེང་རྒྱས་པར་བྱུང་། ཏྲེ་བོ་དཀར་ལྕོག་སྤྲུལ་སྐུ་དང་གུ་ཡེང་ཇའི་སང་ཅན་དང་ངོས་ཕྲད། སྡེ་པའི་ཞབས་ཅུང་ཟད་བསྙུང་བར་དཔལ་ལྡན་དམག་ཟོར་མའི་རྗེས་གནང་བསྐུར། རྒྱལ་པོའི་བཀའ་ཤོག་སྤྲོད་སྐབས་སོ་སོའི་དོན་གཅོད་བྱེད་མི་ནུས་པའི་ཁྲིམས་བཙན་གཤིས་སང་ཉིན་མི་སྣ་འགྲུལ་སྡེབས། འདི་ནས་བཏང་བའི་མི་སྣ་བསམ་གྲུབ་དགའ་ལྡན་བླ་མ་དང་ལྕང་ལོ་ཅན་པ་སོགས་ཀྱིས་གོས་དར་གསེར་དངུལ་ཇ་རས་ཀྱིས་ཐོག་དྲངས་བདོག་པ་དཔངས་བསྟོད་པ་བསྟར། མཆོད་རྟེན་བླ་མ། འོར་དུས་སུ་རྒྱལ་མཚོ་གུན། ཚེ་རིང་ཐའི་ཇི། དར་རྒྱས་ཐའི་ཇི། ཨེ་ཏེ་ནི་ཐའི་ཇི་རྣམས་ཀྱི་བསྔོ་རྟེན་རྒྱ་ཆེར་བསྟབས་པ་བྱང་ཆུབ་མཆོག་གི་རྒྱུར་བསྔོས། རྒྱ་སོག་གི་ཡུལ་ནས་ཡིག་བསྐུར་རྟེན་བཅས་གཏོས་ཆེ་བ་སྔར་ལུགས་ལྟར་འདུག་པ་ཉིན་གྲངས་སུ་སྤེལ་ཏེ་རྩིས་ལེན་པའི་བཀོད་པ་བྱས། ཨུ་ཁེ་རེས་ཐའི་ཇིའི་བུ་དཀའ་བཅུ་བློ་བཟང་བསྟན་འཛིན་ལ་ཨེར་ཏེ་ནི་དར་ཁན་ཆོས་རྗེའི་ཆོ་ལོ་འཕགས་ཡུལ་གྱི་ལི་མས་གཙོས་བྱིན་རྟེན་སྣམ་ཕྲུག །དཔོན་པོ་ལ་ཕྱིར་སང་ཚུལ་གྱི་ཧུང་རྒྱ་དང་བཅས་རྫོང་བ་བྱས། གངས་ཅན་མཁན་པོས་ཨོ་རོད་ནས་འཁོར་བའི་བདོག་པ་བསྟར། ཚེས་བདུན་ལ་ལྷ་ས་ཟུར་ཁང་པས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་གྲ་ཚང་དུ་ཇ་སྦྱོར་གཉིས་ཀྱི་ཐོག་སྟེར་སྦྱིན་འགྱེད་སོགས་བཏང་ཞིང་དེ་གྲོལ་མཚམས་ཆོས་འཁོར་ལྷ་ས་བ་སྤྱི་ཚོགས་ཀྱིས་བུ་རམ་བཞེས་སྤྲོ་སྟེར་ཆ་


GLG006_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྤམས་མཐོ་བ་དང་བཅས་རིང་འཚོའི་རྟེན་འབྱུང་བསྒྲིགས། བདག་མོ་ཡུམ་སྲས་ལ་ཚེ་དབང་གྲུབ་རྒྱལ་མ་ཕུལ། བྱམས་གླིང་མཁན་པོ། རོང་ཁང་གསར་བླ་མ། གླིང་དགེ་སློང་གི་ཚ་བོ་བཅུད་འབུམ་རྣམས་དང་ཕྲད་ཅིང་ཞལ་སྔ་ནས་དཔོན་དར་བའི་སྐུ་སྐྱེའི་གཙུག་ཕུད་བླངས་ནས་མིང་ངག་དབང་དཔལ་འབྱོར་དུ་བཏགས། ཚེས་བརྒྱད་ལ་བྱམས་ཁང་རྒྱབ་ཆོས་སྐྱོང་དམག་དཔོན་གངས་ལ་ཉི་ཤར་གྱིས་ཚིགས་བཅད་བརྩམས་ཤིང་ཁོག་པར་བསླབས་པའི་རིང་འཚོའི་རྟེན་འབྱུང་ཟུར་ཁང་པ་དང་དབྱིབས་འདྲ་བ། སྨད་རྒྱུད་གསང་བ་འདུས་པའི་དགེ་འདུན་དཀོན་ཅོག་དཔོན་སློབ་ཀྱིས་བདོག་པ་མཎྜལ་ཚུལ་དུ་བཏེག་ནས་ཚེའི་རྟེན་འབྲེལ་བསྒྲིགས་ཤིང་སྨོན་ལམ་གསར་རྩོམ་གྱི་ལུང་ཕུལ། གཡོན་རུ་སྐུ་སྐྱེ། སྟག་རྩེ་ཐའི་ཇི་ཡབ་སྲས། འབྲས་སྤུངས་ཀྱི་སློབ་དཔོན་དགེ་སྐོས་དབུ་མཛད་གཉེར་པ། དུར་བོད་ཆོག་ཐུ་སོགས་དང་ངོས་ཕྲད། ཚེས་དགུ་ནས་སྡེ་པ་སྙུན་གདངས་པའི་བྲག་དམར་ལུ་གུ་རྒྱུད་ཀྱི་བྱིན་རླབས་བསྐུར། ཚེས་བཅུ་ལ་གྲ་ཚང་ཡོངས་རྫོགས་ལ་ལོག་ཏྲིའི་གསར་རྩོམ་ཆོས་ཚན་བཞིའི་ལུང་བཀླགས། ཚེས་བཅུ་གཅིག་ལ་ཀླུ་འབུམ་མེརྒན་ཆོས་རྗེའི་སྦྱིན་བདག་དབང་གི་བསྐུར་མ་དང་ཁོང་རང་གི་ལྔ་བཅུ་མ་བདུན་གྱིས་གཙོས་པའི་གསེར་དངུལ། ཤེལ་སྤྱད། གོས་ཡུག་སུམ་ཅུ་སྐོར། རྒྱ་སྒམ། མེ་ཏོག་སོགས་རྒྱ་ཟོག་དངོམ་ཆེ་བ་བསྟར། ནག་ཚང་ཚེ་སྐྱབས་སྤུན་གྱིས་སྲིང་མོ་ཤི་བའི་བསྔོ་རྟེན་ལ་གསེར་ཞོ་བརྒྱ་སྐོར་དང་ཁྲབ་ཀྱིས་ཐོག་དྲངས་དངོས་པོ་ཚན་ཆེ་བ་བྱུང་བར་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ། ཤེལ་དཀར་ཆོས་སྡེའི་གྲ་པ་ངག་དབང་དཔལ་སྐྱོང་དང་ངག་


GLG006_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕུན་ཚོགས་གཉིས་ཀྱིས་གསར་རྩོམ་ཕར་ཕྱིན་གྱི་རྒྱུགས་སྤྲད། སྡེ་པ་སྒེམ་བུ་ནས་ཀྱིས་བཀའ་འགྱུར་རིན་པོ་ཆེ་བཞེངས་པའི་དཀར་ཆག་ཆེ་བརྗོད་སྨོན་ལམ། གཡོན་རུ་སྐུ་སྐྱེས་གཅུང་འདས་པ་རྣམས་ཀྱི་དོན་དུ་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་དང་འབུར་སྐུ་ཁ་ཡར་བཞེངས་པའི་ཚིགས་བཅད་གསུམ་བརྩམས། ཚེས་བཅུ་བདུན་ལ་རྒྱལ་བ་སློབ་དཔོན་བན་ཆུང་གིས་རིགས་གྲའི་སྐལ་བའི་དཀར་སྤྲོ་དམར་སྤྲོ་སྟེར་སྦྱིན་རྒྱ་ཆེ་བ་སྤྲོས། ཚེས་བཅུ་དགུར་དུར་བོད་ཆོག་ཐུ་སྐོར། ཧོར་ལྷ་རྒྱལ་དར་གྱི་ནུ་བོ་སོགས་ལ་མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར་ཞིང་ཡུལ་དུས་དང་བསྟུན་པའི་སྟེར་ཆ་དཔངས་བསྟོད་པ་བྱས་ཏེ་རང་ཡུལ་ལ་བཏེག །རྫོང་མགོ་ཁ་ཤས་ནས་བཙུགས་པའི་བཀའ་འགྱུར་ཆིག་བརྒྱ། སྨན་བླ་ཆིག་ཁྲི་བཏང་། ཉེར་དྲུག་ལ་ཏྲེ་བོ་ཤིར་ལ་ཐུ་ཆོས་རྗེ་དང་སྐུ་སྐྱེ། མང་ཡུལ་ལོ་ཙཱ་བའི་དབོན་པོ། མཚོ་ཁ་ནས་གསར་འབྱོར་གྱི་མི་སྣ་ཁ་ཤས་རྣམས་དང་ཕྲད། གནམ་གང་ནས་བཟུང་དྲང་སྲོང་ཆུ་ལྷའི་བུས་དལ་འགྲོའི་དུག་ཐམས་ཅད་དབྱུང་སྟེ་ཡན་ལག་བརྒྱད་ལྡན་གྱི་ཆུར་བསྒྱུར་བའི་ཚེ་ཉིན་ལྔའི་བར་ཆུ་བླངས་ནད་ཀྱི་དྲི་མ་བཀྲུ་བའི་ཆོ་ག་བསྟར། སློབ་དཔོན་ཆེན་པོའི་སྒྲུབ་གནས་ཀུན་གྱི་རྒྱལ་པོ་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ཅེས་ཨོ་རྒྱན་ཧེ་རུ་ཀའི་གནས་དང་མཚུངས་པའི་གཟིམས་ཕུག་ཏུ་མཆོད་མེ་སྡོང་རྐང་གཅིག་ཁོར་ཡུག་ཆད་མེད་དུ་ཡོང་བའི་འཐེབས་སུ་བཙན་ཐང་སྐོར་ནས་ཤས་བོགས་འཁྱར་པ་ཁྱོན་དྲིལ་མཁའ་རུའི་ཁལ་དྲུག་ཅུ་སྦྱར། ཧོར་ཟླ་བརྒྱད་པའི་ཚེས་ལྔ་ལ་བསྟན་འཛིན་ད་ལའི་རྒྱལ་པོར་གོང་ནས་གནང་སྦྱིན་སྩལ་བ་ལེན་པར་རྟེན་འབྲེལ་གྱི་སྟབས་བསམ་གྲུབ་


GLG006_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་དུ་བྱོན་པ་དང་མཇལ། འབྲས་སྤུངས་ཚོགས་ཆེན་ནས་བླ་གྲ་རགས་བསྡུས་ཀྱིས་བདོག་པའི་སྐྱེས་མཎྜལ་གྱི་ཚུལ་དུ་བཏེག་ནས་ཡུན་དུ་འཚོ་བའི་རྟེན་འབྲེལ་མཛད། གཉལ་སེ་ཀུན་པ་གཏེར་ཁ་འོག་མ་ཆོས་དབང་གི་གདུང་བརྒྱུད་དུ་བརྫུ་བ་ཞིག་ཀྱང་སྣང་། དེས་ཡར་སྟོད་ཀྱི་མཆོད་རྟེན་ནང་ནས་སཱཙྪ་རྙེད་པ་གཏེར་ཡིན་མིན་འདྲི་བ་སོགས་ཟོག་རྫུན་ཅི་ཡང་བྱེད་འདུག་པ་ར་ཐང་འདི་དྭགས་ལྷ་སྒམ་པོ་དང་གསལ་བ་སྒང་ཁམས་ཀྱི་སྤོ་བོ་གསུམ་ན་མིན་པ་མེད་སྙམ་ནའང་དེ་ནི་མང་པོ་སླེབས་འདུག་པས་མཆོག་དམན་མཐའ་དག་གྲུང་པོ་མ་བྱས་ན་མགོ་ལ་གཡོག་པར་ཚེགས་མི་སྣང་ངོ་། །གོང་གི་གསེར་ཡིག་པ་གཉིས། སློབ་དཔོན་ངག་དབང་བཀྲ་ཤིས། འབྲི་གུང་སྤུ་ལུང་བླ་མ། ཞང་སྟོན་སྐུ་མདུན་ཕུན་ཚོགས་རྣམ་རྒྱལ། ཧོར་རྒྱ་མཚོ། ཨ་ཅོག་གི་ནུ་བོ་སོགས་དང་ཕྲད། འདི་གའི་རིམ་གྲོར་བརྒྱད་སྟོང་པ་ཉིས་སྟོང་། འབུམ་ཆིག་བརྒྱ་ཉེར་ལྔ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ང་གསུམ་པ་བཞི་སྟོང་ལྔ་བརྒྱ་རྣམས་བཏོན། ཚེས་དྲུག་ལ་རྟ་ཚག་སྤྲུལ་སྐུ། ཚ་མིག་མཁན་ཟུར་པ། སེ་ར་ཐེག་ཆེན་གླིང་གི་དཔོན་སློབ་ཕྱེད་སུམ་བརྒྱ་སྐོར་དང་གོང་དཀར་དཀོན་གཉེར་བ་རྣམས་ཀྱིས་ཚན་གྲངས་རིང་པོར་བརྐྱངས་ཏེ་སོ་སོའི་ལུགས་ཀྱི་རིང་འཚོའི་རྟེན་འབྲེལ་བསྒྲིགས། ཆོས་རྗེ་ངག་དབང་ཐུབ་བསྟན། འདར་ལོ་རྒན་གཞོན། སྣར་ཐང་གི་བླ་མ་གཉིས། གནས་གསར་ནས་ལྷ་ས་ཀརྨ་ཤག་པའི་མག་པར་བསྐྱལ་བའི་ལེགས་སྐྱེས་པ་སོགས་དང་ཕྲད། ཚེས་བདུན་ལ་དགའ་ལྡན་གསང་སྔགས་གླིང་པ་དང་ཚེར་གསེབ་དགོན་པ་བ་གཉིས་ཀྱིས་རང་རང་གི་ལུགས་ཀྱི་ཆོ་ག་དང་བདོག་པ་བཏེག་སྟེ་ཡུན་


GLG006_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་སྨོན་ལམ་བཏབ། ཚེས་བརྒྱད་ལ་འཇམ་མགོན་བླ་མའི་གདན་ས་རི་བོ་དགའ་ལྡན་ནས་ཁྲི་རིན་པོ་ཆེ། སློབ་ཆུང་། གྲ་པ་དྲུག་ཅུ་སྐོར་གྱིས་གོས་དར་ཇ་རས་ཀྱི་དངོས་པོ་དང་བཅས་ནམ་ཡང་གཡོ་བ་མེད་པའི་བདེན་ཚིག་གི་མེ་ཏོག་འཐོར་བར་མཛད། སྤྱོད་བསྡུས། ལམ་སྒྲོན། བདེན་པ་གཉིས་ལ་འཇུག་པ་གསུམ་གྱི་ལུང་ཕུལ། ཚེས་དགུ་ལ་རྒྱ་ནག་མི་སྣ་རྣམས་ཀྱི་ཞར་དུ་བསམ་གྲུབ་དགའ་ལྡན་དང་གསང་སྔགས་བྱང་ཆུབ་གླིང་གི་བླ་མ་སོགས་ལ་ལྷ་གཅིག་བུམ་གཅིག་ལ་བརྟེན་པའི་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། རྟ་མགྲིན་གསང་སྒྲུབ་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ། ལས་གཤིན་ཕྱི་སྒྲུབ། གོང་སྟེང་དུ་གསང་སྔགས་བྱང་ཆུབ་གླིང་གྲ་དམངས་ལ་སྒྲུབ་རྒྱ་ནས་བཤད་པའི་སྤྱན་རས་གཟིགས་ཁ་སཪྤཱ་ཎི་དང་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། གུར་ནས་གསུངས་པའི་ཕྱག་རྡོར་འབྱུང་འདུལ། སོ་སོར་འབྲང་མ། གསེར་གདུགས་ཅན་གྱི་འཇམ་དཀར་ཤེས་རབ་འཁོར་ལོ་རྣམས་ཀྱི་རྗེས་གནང་བསྐུར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ནང་གི་མགོན་པོ་སྙིང་ཞུགས་ཀྱི་ཕོ་བ། གསར་རྩོམ་ཀླུ་གཏོར། དཀར་ཆ་བཞི། མཁན་ཆེན་ཞ་ལུ་པས་མཛད་པའི་འབྱུང་བཞིའི་གཏོར་མ་སོགས་ཀྱི་ལུང་དང་། དམིགས་བརྩེ་མར་བརྟེན་པའི་བླ་མའི་རྣལ་འབྱོར་ཕུལ། བྱང་ཆུབ་གླིང་པ་སྒེར་ལ་གྲ་ཚང་གི་ཚོགས་འདོན་གྱི་རིང་འཚོའི་ཚིགས་བཅད་ནས་སྣོད་བཅུད་བདེ་ལྡན་མ། རྡོ་རྗེ་བྲག་སྤྲུལ་སྐུས་མཛད་པའི་རྒྱལ་ཀུན་ཐུགས་རྗེ་མ་མ་གཏོགས་ཡོངས་རྫོགས་དང་འགྲོ་ལ་རྗེས་བརྩེ་མ་རྣམས་ཀྱི་ལུང་ཕུལ། གོང་


GLG006_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གི་མི་སྣ་གཉིས། འགྲུལ་སྡེབས་ཀྱི་བླ་མ་གསུམ། གསང་སྔགས་གླིང་གི་བླ་མ་སོགས་ཉུང་བསྡུས་ལ་གསེར་ཆོས་འཇམ་ནག་གི་རྗེས་གནང་བསྐུར། ཚེས་བཅུ་ལ་རྒྱ་ནག་གི་གསེར་ཡིག་པ་འགྲུལ་སྡེབས་དང་བཅས་ཕྱོགས་ཐག་རིང་ནས་ཆེད་གཉེར་ཡོངས་པ་སོགས་དགེ་ཚུལ་གོ་དགུ། དགེ་སློང་ཆིག་བརྒྱ་དང་བཞིར་སྡོམ་པ་ཕབ། ཚེས་བཅུ་གསུམ་གོང་གི་མི་སྣ་གཙང་ལ་འགྲོ་གདོང་ངོས་ཀྱིས་ཕྲད། གོང་དཀར་ཆོས་སྡེའི་བླ་མ་ཆོས་འཆད། གྲ་རིགས་སུམ་ཅུ་སྐོར་འབྱོར་བར་སྔ་འགྲོས་སུ་བརྒྱད་སྟོང་པའི་གསུང་སྒྲོག་བཙུགས། སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་ཞབས་ངར་བརྒྱ་མཁར་གདུང་བརྒྱུད་དང་དེའི་དབུ་ཞྭ་དབུ་མཛད་བློ་བཟང་ཡོན་ཏན་གྱི་ལག་ཏུ་བྱུང་བ་ཡང་འབྱོར། ཚེས་བཅུ་དགུར་ཉི་ལྡེ་སྤྲུལ་སྐུ། མཁའ་འགྲོ་དགེ་ཚུལ། གསར་འབྱོར་ཨེར་ཁེ་ཐའི་ཇི་སྤུན་དང་ཕྲད། རྭ་སྒྲེང་མཁན་ཟུར་གྱི་གྲ་པ་རྣམས་ཀྱི་ངོར་མཁན་པོའི་བརྟན་བཞུགས་ཚིགས་བཅད། སྨོན་ལམ་ཆེན་མོར་ཉིན་གྲངས་ཀྱི་པར་བཀབ་མེད་ནའང་རིང་མཐའ་ཞག་བཅོ་ལྔ་ཙམ་ཡོང་བའི་དབང་དུ་བཏང་ནས་ཉིན་སྟར་གྱི་ཆོས་རའི་ཡོལ་བ་བླ་བྲེ་གདན་རྣམས་རེ་རེ་བཞིན་གསར་བརྗེས་བྱེད་རྩིས་ངེད་རང་གི་བློར་མ་ཤར་ཡང་སྡེ་པས་གཙོར་འདོན་མཛད་སོང་བ་རྣམ་པ་གཅིག་ཏུ་འཇིག་རྟེན་ཆོས་བརྒྱད་དུ་སོང་བས་ཧ་ཅང་གི་དགོས་པ་མི་ཆེ་མོད། འོན་ཀྱང་བླ་ཆེན་ཐམས་ཅད་ཀྱི་ངོམ་གཅིག་མར་སོང་གཤིས་གྲ་བསྒྲིགས་འདི་ཚོའི་ཐོག་སྨོན་ལམ་དུ་འགྲོ་ཐུབ་པ་ཞིག་དགོས་རྒྱུ་ཡིན་ཀྱང་སྔོན་བསགས་རྣམ་པར་སྨིན་པའི་ནད་གཅོང་གིས་ཟིན་སྟབས་སླེབས་མ་ཐུབ། སྔར་སྤུས་སྲང་དྲུང་འཚོ་བས་གདུགས་བྱིན་པ་སོགས་ཀྱི་གླེང་བརྗོད་ལྟར་སྒོ་དུ་མ་ནས་ལོ་རེ་ནས་ལོ་རེ་མདོར་


GLG006_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཀྱི་ཚེ་རྒྱ་རྒྱུག་རྒྱུག་བྱས་པའང་རྗེ་བཙུན་མི་ལས། ཕ་ཡོད་ཙ་ན་བུ་ཡང་མེད། བུ་ཡོད་ཙ་ན་ཕ་ཡང་མེད། ཅེས་པའི་དཔེར་སོང་མོད་གང་ལྟར་བཤད་མ་ཐག་པའི་ཡོལ་བ་བླ་བྲེ་གདན་ཆས། ངེད་རང་དང་སྡེ་པའི་རྟའི་གསར་ཆས་རྒྱུག་ཆས། རིན་ཆེན་རྒྱན་ཆའི་དུས་དྲུང་འཁོར་རྣམས་ལ་གཏོང་རྒྱུའི་གསར་ཆས། རིན་ཆེན་རྒྱན་ཆ་དངོས་གཞི། སྤྱི་བཀའ་དང་སྒོས་བཀའི་དབང་བྱིན་རླབས་རྗེས་གནང་རིག་གཏད་རབ་གནས་སོགས་ཀྱི་ཡོ་བྱད། ལོ་གསར་དུས་རིམ་ཆེན་མོ་དང་གཞན་ཡང་མདོས་བསྐང་ཚེས་བཅུ་ཁྲོ་རོལ་སོགས་ཀྱི་སྤྱན་གཟིགས་གར་འཆམས་རྣམས་ཀྱི་དེབ་ཀྱི་འགོ་བརྗོད། སྔགས་ཐང་ལེ་ཚན་གྱི་རྒྱབ་ཡིག་སོགས་བྲིས། ཉེར་གཅིག་ལ་གྲ་ཚང་གི་ལྷ་སར་ཞི་ཁྲོ་ཡོངས་རྫོགས་ཀྱི་སྒོ་ནས་སྐོང་བཤགས་ཉིན་ལྔ་བཏང་། ཉེར་གཉིས་ལ་སྡེ་པ་ལྷ་རྒྱ་རི་བའི་དཔོན་ས་ཡུམ་སྲས། དོལ་དུམ་བུ་ཆོས་འཁོར་གྱི་སློབ་དཔོན་མངོན་དགའ་རབ་འབྱམས་པ། དཔོན་མོ་བསོད་ནམས་ཚེ་དབང་སོགས་དང་ཕྲད། རྒྱ་རི་ལྕམ་གྱི་གཙུག་ཕུད་བླངས་ཤིང་མཚན་བློ་བཟང་ཆོས་སྒྲོན་དུ་གསོལ། གཉལ་རྫོང་སྡོད་ཞང་མཁར་ནས་ལ་ལབས་པ་ལྟར་འཚོ་བྱེད་དཀར་པོ་བཏང་བྱུང་བ་མན་ངག་དང་ཕྱག་ལེན་ཟུར་ཁྱད་མང་ཙམ་ཡོང་འདུག་པ་རྣམས་དར་མོ་བ་ཉན་དུ་བཅུག་པའི་བདག་རྐྱེན་གང་ལེགས་དང་བཅས་ཕྱིར་སློག །ཧོར་ཟླ་དགུ་པའི་ཚེས་གཉིས་ལ་གོང་དཀར་རྡོ་རྗེ་གདན་པ་རྣམས་ཀྱིས་ཚན་གྲངས་དང་བཅས་ཚེ་དཔག་མེད་ཀྱི་ཆོ་ག་དང་འབྲེལ་བའི་རིང་འཚོའི་རྟེན་འབྱུང་མཛད་ཐོག་ཆབ་ནག་བླ་མ་དཔོན་སློབ་ཀྱིས་སྣམ་ཕྲུག་གིས་གཙོས་ཡུལ་ལུགས་ཀྱི་སྐྱེས་དཔངས་མཐོ་བའི་མཎྜལ་བརྟན་སྡོད་ཀྱི་ཆེད་དུ་བསྟར། ཨ་མདོ། འ་ཤུར་ཕྱོགས་ནས་རྟ་འབུལ་བ་


GLG006_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བའི་བཞི་བརྒྱ་ལྷག་བཅས། རྭ་སྒྲེང་མཁན་པོ་མངའ་རིས་པས་རྟ་སྒ་བཅས་བཞི་བཅུས་ཐོག་དྲངས་དངོས་པོ་གཏོས་ཆེ་བ་བོད་ཀྱི་མཁན་པོ་ཞིག་ལ་གཏོང་བའི་ཕྱག་རིང་པོར་རྐྱོང་ནུས་པའི་སྟེར་སྦྱིན་མཛད། འབྲས་སྤུངས་ཀྱི་སློབ་དཔོན་རྣམས་ལས་ཚན། ཤངས་སྤོར་ཏོག་དང་ཀོང་པོ་རྙིང་ཕུ་བླ་མ་རྣམས་དང་ཕྲད། གོང་དཀར་ཆོས་སྡེར་ཡང་དག་གི་སྒྲུབ་མཆོད་མི་འདུག་པ་འཛུགས་པའི་མཐུན་རྐྱེན་སྦྱར་སྐབས་ཡིག་ཆའི་ཆོག་སྒྲིགས་ཀྱི་བསྐུལ་མ་བྱུང་བ་དཔལ་ལྡན་བླ་མ་དམ་པའི་ཕུར་པའི་མངོན་དཀྱིལ་རྙིང་མ་བཀའ་མའི་དགོངས་དོན་འཁྲུལ་མེད་ལ་སོང་གཤིས་ལྷ་ཁ་སྤོས་ཀྱང་བཏུབ་ཙམ་ཡོང་ནའང་ཧ་ཅང་གི་རིགས་འགྲེར་སོང་དོགས་ཤིང་། བདག་པོ་ཀུན་རིན་པས་མཛད་པ་ཞིག་སྣང་བ་དབྱར་ཚད་པ་ཆེ་སྐབས་གྱོ་མོ་སྤུངས་པའི་བསིལ་གྲིབ་ཙམ་ཡོང་ཤས་ཆེ་ཡང་འཁོན་སྟོན་གོང་མའི་བཞེད་པ་ལ་ཆུ་བུན་གྱི་ཚོས་ཆེན་པོ་རྒྱབ་འདུག་པས་ཕུགས་ཀྱི་བསྟན་རྒྱུན་ལ་ཕན་རེའི་སློབ་དཔོན་ཧཱུྃ་ཀཱ་རའི་མངོན་དཀྱིལ་རྩ་བར་བཟུང་སོ་ཟུར་གནུབས་གསུམ་གྱི་ཡིག་ཆ་དང་རྒྱབ་བརྟེན་རྙིང་མའི་རྒྱུད་རྣམས་ལ་ཞིབ་མོར་དཔྱད་ནས་དཔལ་ཡང་དག་ཟླ་གམ་དགུ་པའི་འཕྲིན་ལས་རྒྱུད་དོན་སྣང་བྱེད་དང་དཀྱིལ་ཆོག་ཧཱུྃ་མཛད་ཞལ་ལུང་གཉིས་གསར་རྩོམ་འདི་རེས་གྲུབ་པ་ཆོས་སྡེ་པ་དཔོན་སློབ་ལ་ལུང་ཕུལ། ཡིག་ཆ་འདི་ལ་གསང་འདུས་ཀྱེ་རྡོར་གཉིས་ཀྱི་ལྷད་འཇུག་རྒྱུ་མ་བྱུང་བས་ས་དགེའི་ཁྲོད་དུ་ར་ཕོ་དཀར་པོ་ལུག་ཁྱུར་མ་འདྲེས་དོགས་མི་དགོས་པར་སྣང་། རྩྭ་སྒྱེ་མོའི་རང་བྱུང་ཁྲུས་ཀྱི་རྫིང་བུ་ནས་ཆུ་བླངས་ཏེ་ཉིན་བདུན་གྱི་བར་ནད་རོར་ཕན་རེའི་འབད་པ་ཆེན་པོས་བསྟེན་པ་ཆུ་ཚན་ལ་ནུས་པ་མེད་པ་ག་ལ་ཡིན་ཀྱང་སྐྱེ་བ་མང་


GLG006_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པོར་རྩོལ་བས་བསྒྲུབས་པའི་ལས་ངན་གྱི་འབྲས་བུ་འདི་ཧ་ཅང་ཤུགས་ཆེས་པས་དེ་ལ་སྟོབས་བཞི་སོགས་ཀྱི་སྒོ་ནས་སྦྱོང་ཐབས་ཤིག་མ་བྱུང་ན་ཐབས་གཞན་གྱིས་ཕན་པར་དཀའ་ཚོད་དུ་འདུག་པས། བཤགས་སྟོད་དུ། དེ་ཡང་རྒྱུན་དུ་སེམས་ནི་རྣམ་རྨོངས་ལ། །ཡུན་རིང་དུས་སུ་ནད་གཞི་བསྟེན་བྱེད་ཅིང་། །མཛེ་ཅན་རྐང་པ་ལག་པ་ཆད་པ་ལ། །ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆིས། །ཞེས་པའི་དོན་དུ་མངོན། དགེ་སློང་བློ་བཟང་ཀུན་དགའ་སྨོན་ལམ་གྲ་སྐོར་གཏོང་བའི་སྔོན་བགྲོད་གྲ་ཚང་གི་ཞལ་འདོན་ཡོངས་རྫོགས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་དཀའ་བཅུ་བློ་བཟང་བཀྲ་ཤིས་ཀྱི་གསར་རྩོམ་མཛོད། བློ་བཟང་ལྷུན་གྲུབ་ཀྱིས་ཕར་ཕྱིན། དཀའ་བཅུ་བློ་བཟང་ལེགས་ལྡན་གྱིས་དབུ་མའི་རྒྱུགས་སྤྲད། དེ་སྐབས་ཕྱོགས་མཐའི་བགེགས་རིགས་ལ་དམིགས་ཏེ་ཚེས་བཅུ་གཅིག་ནས་གྲ་ཚང་གིས་ཁྲོ་རོལ། སེར་འབྲས་སུ་ཞག་བཅོ་ལྔའི་ཇ་ཚུལ་ཐོག་གདུགས་དཀར་ཤེར་སྙིང་། ཞང་སྟོན་པས་མོ་ཕྱྭ་བརྩིས་ནས་བཟློག་བསྒྱུར་བཏང་། གོང་གི་གསེར་ཡིག་པ་གཞོན་པའི་ངོར་དམིགས་བརྩེ་མའི་ཊཱིཀྐ་དང་འཛམ་ནག་གི་སྒྲུབ་ཐབས། མངའ་རིས་གྲ་ཚང་གི་སློབ་དཔོན་བློ་བཟང་ནོར་བུའི་ངོར་མ་ཎི་རིལ་སྒྲུབ། མྱུག་ཆོས་འཁོར་གླིང་པའི་ངོར་ཡུན་འཚོའི་ཚིགས་བཅད། ཆ་ཁར་ཐེ་ཡན་ཆིའི་ཚབ་དགེ་འདུན་གྲགས་པའི་ངོར་རིང་འཚོའི་སྨོན་ལམ། མཚན་སྒྲོག་མཁན་པོ་ངག་དབང་འཕྲིན་ལས་ཀྱི་གསུང་གིས་བསྐུལ་ནས་མཎྜལ་འབུལ་ཚིག་དང་འབྲེལ་བའི་སྨོན་ལམ། ཤེས་རབ་རྒྱ་མཚོས་བསྐུལ་བའི་སྨོན་ལམ། ཨུ་ཆུ་མུ་ཆུ་ཆེ་ཆེན་ཆིང་དབང་གི་འདོད་པ་ཙམ་དུ་འབྲལ་མེད་རྗེས་འཛིན་


GLG006_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྨོན་ལམ། ར་མོ་ཆེའི་རྟེན་དེབ་ཀྱི་འགོ་བརྗོད། རི་རྒྱ་བ་དབང་རྒྱལ་རྡོ་རྗེས་གྲ་ཚང་དུ་ཞལ་ཐང་གྲ་ཚར་བཞེངས་ཏེ་ཕུལ་བའི་རྒྱབ་ཡིག་དང་སྙན་དར་བརྒྱ་དོན་ལྔ་ཕུལ་བའི་ཁ་བྱང་། བྱིང་པ་བློ་བཟང་ཆོས་ལྡན་གྱི་ངོར་གནས་བརྟན་བཅུ་དྲུག་ལ་བརྟེན་པའི་རིང་འཚོའི་ཚིགས་བཅད། ཤེས་རབ་བཟང་པོས་བསྐུལ་པའི་བླ་མ་བློ་བཟང་འཕྲིན་ལས་ཀྱི་གསོལ་འདེབས། སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱི་དོན་དུ་འོལ་དགའི་ནང་མི་རྣམས་ཀྱིས་ཉི་ཁྲི་དང་བརྒྱད་སྟོང་པ་བཞེངས་པའི་སྨོན་ལམ་རྣམས་བརྩམས། འ་ཤུར་ཆོས་བཟང་། དགེ་སློང་ཤེས་རབ་ཅན་གྱིས་རྟ་ཉེར་བདུན། ཧ་སྡོང་མགོན་ནེ། ལྷུན་གྲུབ་བཀྲ་ཤིས། བསྟན་པ། དགེ་འདུན། ཕུར་རྩ་ངག་དབང་། ར་ཁོས་བསྟན་པ་སོགས་ཀྱི་རྟ་སྒ་མ་ཉེར་ལྔ་ཐེ་བའི་ཉིས་བརྒྱ་དང་བརྒྱད། རོང་པོ་རབ་འབྱམས་པ་བསྟན་པ་གྲགས་པ། ཟུང་ཆུ་རྒྱལ་མཚན། བློ་བཟང་དགེ་འདུན། མཆོག་གྲུབ་བཅས་པས་རྟ་ཉེར་ལྔ། ད་ཡན་ཆོས་རྗེའི་དབོན་པོ། མཛོ་དགེ་དཀའ་བཅུ། ཐང་ཁ་རི་ཇའི་སང་བླ་མ་སོགས་ཀྱིས་རྟ་ཉེར་བདུན། ཨེར་ཏེ་ནི་ཆོས་རྗེས་རྟ་ཞེ་ལྔ། བྱ་བྲལ་རྒྱལ་མཚན་ཅན་གྱིས་རྟ་དོན་གཅིག་རྣམས་བྱིན། ཟ་ཟིའི་འཁྲུལ་རྟོག་རྫུན་ཡིག་སྒྱུ་མའི་འཁྲུལ་འཁོར་སོས་ཀྱི་ཉི་རིང་འཕུལ་བའི་ཐབས་སུ་ཚར་གཉིས་འདྲི་བའི་རྒྱུས་ཡོད་པ་སྔགས་འཆང་གཞིས་ཀ་ཤར་པ། དོ་དམ་བྱ་སྒོ་ཆོས་མཛད་བློ་བཟང་དབང་ཕྱུག །རི་མོ་བ་དབུ་འབྲིང་ཕོ་བྲང་ཕུན་ཚོགས། དབུ་ཆུང་ཆོས་མཛད་བཀྲ་ཤིས། དམངས་ཉེར་བཞི་སྐོར་གྱིས་བྱས་པའི་དགོས་ཆ་ཚོ་ཕྱག་མཛོད་དང་ཞོལ་གཉེར་ཚང་ནས་སྤྲད། ཉེར་ལྔ་ལ་གོང་གི་མི་སྣ་འགྲུལ་སྡེབས་དང་བཅས་པར་ཐོན་གདོང་


GLG006_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཞུགས་གྲལ་སྟེར་ཆ་དང་གོང་གི་ཞུ་ཡིག་འབུལ་བར་སྤོས་ཁང་མཁན་པོ་རྒྱ་ཕྲུག་པ་དང་སྐྱིད་སྟོད་པ་གཉིས་ཀྱང་འདེགས་རྩིས་ཀྱི་འབུལ་བ་སོགས་སྤྲད། ཤེར་འཕེལ་སྤྲུལ་སྐུ། བྱ་ཡུལ་མཁན་པོ། ངམ་རིང་མཁན་པོ། ཆབ་ནག་གསང་གླིང་། རོང་དགའ་ལྡན་བྱམས་པ་གླིང་། ཐང་སག་བཞིའི་སློབ་དཔོན། གསེར་ཏོག་ཐོ་ཡོན། སྡེ་སྲིད་ལྷུན་པོ་རྫོང་པ་བསྟང་ཞལ་རྣམས་དང་མཇལ་ཕྲད་བྱས། ལྷུན་པོ་རྫོང་པའི་སྲས་ལ་ངག་དབང་ཚངས་པར་གསོལ། ས་ལུགས་ཕྱོགས་ལ་འགངས་ཆེ་བའི་རིགས་ཚོ་གསུང་ངག་གི་གྲུབ་མཐའ་སྙོག་པའམ་རྣལ་འབྱོར་གསང་མཐའི་ལམ་ལ་བརྟེན་ནས་དག་ཞིང་མྱུལ་བ་ལས་སྐུ་སྐྱེའི་སྲོལ་ཆེར་མི་འདུག་རུང་འཇམ་མགོན་གྲུབ་པའི་དཔའ་བོ་ཀླུ་སྒྲུབ་རྒྱ་མཚོ་ས་ལུགས་སྤྱི་དང་བྱེ་བྲག་ཁའུ་བྲག་རྫོང་པའི་བསྟན་པའི་ཉི་མ་ཆེན་པོ་ཡིན་པར་ཀླུ་སྒྲུབ་ཆོས་ཀྱི་རྒྱ་མཚོར་གྲགས་པའི་སྐུ་སྐྱེ་བྱུང་བ་མཁས་གྲུབ་ཀྱི་ཆ་ནས་གོང་མའི་ཞབས་ལ་ཐག་པ་མ་བཏགས་ཀྱང་རྟག་བརྟན་སྤྲུལ་སྐུ་སོགས་མི་དགེ་བའི་བཤེས་གཉེན་གྱིས་དབྱེན་བཅོས་ཏེ་ནད་པ་སྨན་གཞུང་ལྟར་ན་བ་མ་བྱུང་། སྔགས་པ་ཞིག་གི་བུར་ཁོང་གི་སྐུ་སྐྱེ་ཡིན་ཟེར་འདིར་བྱུང་བ་བཏང་སྙོམས་ལས་བཟང་ངན་གསལ་ཁ་མ་བྱས་རུང་མ་བྱུང་བྱུང་བརྫུའི་འབག་གཡོར་གྱིས་བྱ་རྒོད་གཤོངས་ཀྱི་ཁྲོད་དུ་བསྟན་པ་འཇིག་གྲབས་བྱུང་འཕྲོས་འདུག་པ་ཀར་འབྲུག་གྲ་རིགས་ཁ་གསོ་རྟེན་ལ་ཡང་ཤི་ཡང་ལོག་གི་ནད་དེ་དུས་ཕྱིས་རང་ཕྱོགས་དགེ་ལུགས་པ་ལ་ཡང་འགོས་ཤིང་ད་ནི་ས་སྐྱ་པར་ཡང་འགོས་དོགས་འདུག་གོ །མཚུར་ཕུ་ནས་ཞྭ་དམར་མཆོག་གི་སྤྲུལ་སྐུ་འདིར་ཕེབས་པའི་སྒོ་དོད་པར་ཕྱི་ནང་ཚང་མ་ནས་ཁོང་དཔོན་སློབ་དབང་མེད་ཀྱི་མི་འབྱོན་ཀ་མེད་ལ་བཀུར་གཟོས་ཀྱི་རིགས་ཆེར་


GLG006_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་གླེང་བ་སྔར་དཔལ་དེར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་མཇལ་འཛོམས་སྐབས་ཀརྨ་པ་དབང་ཕྱུག་རྡོ་རྗེས་ལྡང་བ་ཙམ་ཡང་མ་གནང་། ཞྭ་དམར་དཀོན་མཆོག་ཡན་ལག་གིས་བཞེང་བ་ཙམ་མཛད་འདུག་ཅིང་ཁོང་རང་དཔོན་སློབ་ནས་གནང་སྟབས་བདེ་སྐབས་སུ་ལའང་སྤྱན་མས་འགེབས་ཁོ་ནའི་རྒྱུན་མཆིས་པ། གང་གང་བ་ཡི་ལས་བྱས་པ། །འབྲས་བུ་དེ་ལྟ་ཉིད་དུ་སྨིན། །ཞེས་པའི་དོན་བཞིན་རྣམ་པ་གཅིག་ཏུ་མ་འོས་རྒྱུ་མི་སྣང་རུང་དབང་ཆེན་དབང་མེད་ཀྱི་དུས་དྲེའུ་རྔོག་ཙམ་པའི་སྟེང་དུ་བཞུགས་སུ་གསོལ་ཡང་དེ་ལྟར་ལགས་སོ་ལས་རྩོད་པ་ཡོང་དོན་ཅི་ལ་ཡོད་ཀྱང་ཡོངས་གྲགས་ཀྱི་བླ་ཆེན་ལ་གཟོས་མ་ཕུལ་ན་རང་གི་ནང་ཆ་སྟོན་པར་མ་ཟད་ངེད་འཕྱོང་རྒྱས་སྟག་རྩེར་བཅས་པ་སྐྱེ་སས་མ་ཁྱོགས་པའི་གདོང་ཁྲག་མེད་པ་མ་ནུས་པའི་གཤིས་ཆིབས་བསུ། འབྲི་སྟག་དང་ཆ་མཚུངས་པའི་བཞུགས་ཁྲི་ལྡང་བ་གཞིས་ལེན་སོགས་དམངས་ཀྱི་བློར་མི་ཤོང་བཞིན་དུ་གང་རྒྱས་བསྟར། ཚུར་གནང་སྐྱེས་ཀྱང་དིང་སང་དབུས་གཙང་དུ་གྲུ་བཞི་ལམ་མེར་བཞུགས་པའི་བླ་ཆེན་རྣམས་ལས་ཁོང་དཔོན་སློབ་བཀག་པོར་ཕེབས་ནའང་ལྷ་ཆེན་པོའི་རོའི་དཔེ་ལྟར་སྤྱན་བབས་མཐོ་བར་འདུག་ཅིང་ཕར་འབུལ་ཡང་གཟེངས་བསྟོད། གསུང་འཕྲོས་ནི་ཆོས་འཇིག་རྟེན་གཉིས་ཀ་ནས་ཆེར་མི་གནང་བ་རྗེ་གོང་མ་ཆོས་ཀྱི་དབང་ཕྱུག་གིས་ལྷག་མ་ལུས་པར་བསྣམས་ཚོད་དུ་མཆིས། ལར་ནས་སྒོ་ཡངས་ན་མཁས་པའི་ཚུལ་དང་སྦུབས་ཐུམས་ན་གྲུབ་པའི་ཚུལ་འདི་བླ་ཆེན་ཚོའི་སྒྲིབ་ཤིང་ལ་ཉེ་བར་མཁོ་བས་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱི་བྱིན་རླབས་ངམ་ངམ་ཤུགས་ཀྱིས་འབྱུང་བར་གདའ་འོ། །དེ་ཞོར་བསམ་ཡས་ནས་རིགས་འཛིན་དཀར་པོ་བའི་གདུང་བརྒྱུད་ཀུན་དགའ་ཆོས་


GLG006_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྒྱ་མཚོ་དང་ཕྲད་ཅིང་ཁོང་དཔོན་སློབ་ཟབ་བུ་ལུང་གི་ཞིག་གསོས་ལ་འབྱོན་རྩིས་ཀྱི་གུ་རུ་མཚོ་སྐྱེས་རྡོ་རྗེ་དྲངས་འདུག་པ་འཇལ་ནས་བྱིན་རླབས་ཞུས་ཤིང་སྨོན་ལམ་བཏབ། དཀར་ཆེན་ཀུན་གྲགས་པ་དེ་བསམ་ཡས་ལ་མཛད་པ་ཆེ་བ་ཡིན་ནའང་དིང་སང་གི་རྗེས་འཇུག་རྣམས་ཟན་གོང་ཆེན་པོའི་རྟིང་པ་མ་ཞིམ་དོགས་པར་སྣང་། གོང་གི་གསེར་ཡིག་པ་ཕལ་ཆེར་གྱིས་གྲ་ཚང་དུ་ཚེ་ཆོག་རྒྱས་པའི་སྦྱིན་བདག་བྱས་པ་མང་གཤིས་ད་ལམ་ཡང་རྒྱས་བསྡུས་ཇི་ལྟ་བུ་ཡོང་སྙམ་པའི་རེ་དོགས་ཀྱི་ངང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རྒྱུ་སྦྱོར་བ་བྱམས་གླིང་ཨེམ་ཆི་ལས་ཁྱད་ཀྱིས་དྲག་པ་བྱུང་། མི་སྣ་རྣམས་དང་ཕྱོགས་མཚུངས་སུ་སྤོས་ཁང་མཁན་པོ། ཤེར་འཕེལ་སྤྲུལ་སྐུ། སེ་རའི་སློབ་དཔོན་གསུམ། ཆབ་ནག་དང་གསང་གླིང་བླ་མ་སོགས་ལ་འོད་ཟེར་ཅན་མའི་རྗེས་གནང་དང་གསར་རྩོམ་དམིགས་བརྩེ་མའི་འགྲེལ་པ་གཉིས་ཀྱི་ལུང་བཀླགས། སང་ཉིན་མཁན་པོ་གཉིས། མི་སྣ་གཞོན་པ། ཕ་བོང་ཁ། ཆབ་ནག །གསང་གླིང་སློབ་དཔོན་གསུམ། འདར་ལོ་རྒན་གཞོན། ལྐོག་པ་ཕུན་དབང་རྣམས་ལ་ཕ་དམ་པ་ལུགས་ཀྱི་འཇམ་དབྱངས་སྨྲ་སེང་གི་རྗེས་གནང་དང་། དེ་གའི་སྒྲུབ་ཐབས་རྗེས་གནང་རིལ་སྒྲུབ་གསུམ་སྒྲུབ་ཁང་པས་མཛད་པའི་ལུང་། སྤྱན་རས་གཟིགས་སེང་གེ་སྒྲའི་རྗེས་གནང་དང་གསར་རྩོམ་མ་ཎི་རིལ་སྒྲུབ། འཇམ་ནག་སྒྲུབ་ཐབས་ཀྱི་ལུང་བཀླགས། འབྲོག་རྒན་འདྲའི་ཆུ་ཚན་སྡེ་པའི་འཕྲོད་བསྟེན་ལ་བླངས་འདུག་པའི་ཕུད་ནས་ལག་པར་ཕན་རེའི་ཉིན་གསུམ་གྱི་བར་ལྡིང་ཟངས་ནང་དུ་བརྒྱབ། ལྷ་ཆེན་ཚངས་པའི་སྤྱན་སྔར་ཞུ་འཕྲིན་སྤྱན་གཟིགས་ཚོགས་འཁོར་དང་བཅས་བླང་དོར་གྱི་དྲི་སྨེད་ལ་གྲ་ཚང་གཉེར་པ་མངགས།


GLG006_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་གྲ་ཚང་གི་ཤིན་རྗེ་ཐམས་ཅད་འདུས་པའི་སྔགས་རིང་བཟློག་པ་དང་བཅས་པ་བྱེ་བ་རེ། ཀ་ཚལ་བླ་མ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ཀྱི་འཕྲིན་ལན་སྙན་ངག་གི་ལམ་ནས་དྲངས་པ་བསྲིངས། པ་རྣམ་མཚན་སྒྲོག་མཁན་པོ་གྲ་བཅས་དང་མྱུག་ཆོས་གླིང་གྲ་ཚང་པ་རྣམས་ཀྱིས་སོ་སོས་མཎྜལ་གྱི་ཚུལ་དུ་ཚན་གྲངས་རིང་པོ་བརྐྱངས་ཏེ་ཡུན་དུ་འཚོ་བའི་རྟེན་འབྲེལ་བསྒྲིགས་ཤིང་སྨན་བླ་སྤྲུལ་སྐུའི་རྗེས་གནང་། གསར་རྩོམ་མདོ་ཆོག་བརྒྱུད་འདེབས། གཏོར་མ་བརྒྱ་རྩ་མུ་ཐི་ལའི་འཁྲི་ཤིང་། དཀར་ཆ་བཞི། གསུར་བསྔོ། མཁན་པོའི་ངོར་རིང་འཚོའི་ཚིགས་བཅད་དང་མཎྜལ་སྨོན་ལམ་སྟེ་དྲུག །བྱམས་པས་དམ་བཅས་པ། ཤེས་རབ་བསྐྱེད་པ། སྟོང་འགྱུར་ཏེ་གཟུངས་ཕྲན་བུ་རྣམས་ཀྱི་ལུང་ཕུལ། ཚངས་པ་དུང་ཐོད་ཅན་ལ་སྤྱན་གཟིགས་ཚོགས་ཆས་ལུང་བསྟན་གསོལ་བའི་འཕྲིན་ཡིག་དང་བཅས་གྲ་ཚང་གཉེར་པ་བཏང་། རིགས་གྲ་བའི་མཆོད་གཞིས་རག་མ་བ་ཚོས་མར་ཕྱུར་ལ་བརྟེན་པའི་བདོག་པ་བསྟར། མངའ་རིས་སུ་བཀྲ་ཤིས་རྩེ་པ་ཅན་བཏང་བ་ཕྱིར་འཁོར་བའི་ཟླར་པུ་རངས་བླ་མ་ཡེ་ཤེས་རྒྱལ་མཚན་ཟེར་བའི་གསེར་མདོག་ཅན་པ་ཞིག་དང་ཡེ་ཤེས་དྲི་མེད་གཉིས་ཀ་རྒྱུན་མང་བ་དང་བཅས་འབྱོར་བའི་གུར་ཀུམ་གཙོ་བོར་གྱུར་པའི་སྟེར་སྦྱིན་བྱས། དེ་ཞོར་གནས་རྙིང་སྐུ་སྐྱེ། གཡོན་རུ་སྐུ་སྐྱེ། འབྲུག་པ་ཕྱག་མཛོད་ལྷ་ཁང་པ་སོགས་དང་ཕྲད། དཔོན་མཁའ་འགྲོའི་སྙིང་ལ་བདུད་ཞུགས་པའི་བྱེད་ངན་གྱི་ཕུང་ཞོར་ལ་བརྟེན་སྒར་ཆེན་རྒྱལ་ཐང་ཕྱོགས་སུ་བཞུགས་ཐེབས་དང་བྲལ་བའི་ད་ལའི་ཧུང་


GLG006_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཐའི་ཇིས་སོག་པོའི་མི་བཟང་དཔུང་བཅས། ཞལ་དཔོན་འགྲོ་ཕན། དར་རྒྱས་བཀྲ་ཤིས་རྣམས་གདན་འདྲེན་ལ་མངགས་ཏེ་དབུས་ཕྱོགས་སུ་ཕེབས་དགོས་ཤར་བའི་ལྷ་སར་ཕེབས་གདོང་ཆིབས་བསུ་དང་ཐབས་སུ་གང་རྒྱས་ངོས་མཆོད་ཡོན་གཉིས་དང་མཇལ་ཕྲད་ཞྭ་དམར་སྤྲུལ་པའི་སྐུ་དང་ཕྱོགས་མཚུངས་པར་བྱུང་བར་སྣང་། ཚེས་དྲུག་ལ་པོ་ཏྭ་ལར་ཕེབས་ཉིན་བཀུར་གཟོས་རྗེ་ཞྭ་དམར་བ་དང་ཕྱོགས་འདྲ་ཙམ་ཞུས། དེའི་རྒྱུ་མཚན་ཡང་ཞྭ་དམར་ཆོས་དཔལ་ཡེ་ཤེས་ཡན་ལ་ཀརྨ་པའི་བུ་ཆེན་གྱི་གྲས་ཡིན་ཀྱང་རྗེ་སྤྱན་སྔ་ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས་པས་དཔལ་ཕག་མོ་གྲུ་པའི་གོ་ས་བཟུང་བ་ནས་ཞྭ་དམར་ནག་གཉིས་ལ་སྤང་རྟོགས་ཆེར་མི་སྣང་། རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེ་འདི་བ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་མན་གྱི་ཀར་ལུགས་པ་ཡོད་དོ་ཅོག་གི་བསྟན་པའི་རྩ་བ་སོ་སོར་ཐར་པའི་མཁན་པོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནས་བརྟན་འདུལ་བ་འཛིན་པ་བསྟན་པའི་བདག་པོ་ཆེན་པོར་གདོན་མི་ཟ་ནའང་དབུས་རལ་དང་སྟོད་ཧོར་གྱི་ན་བཟའ་ཇོ་མོ་དང་སྲས་ཕོ་མོ་སོགས་འཁོར་གྲངས་མེད་པ་དང་ཆབས་ཅིག་ཏུ་ཕེབས་པར་མི་གུས་པའི་བསམ་པ་ཅན་རྣམས་ཀྱང་བློ་འགྱུར་བ་བྱུང་འཕྲོས་འདུག་པ། འདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཞེས་པའི་དོན་ནམ་སྙིང་རྗེ་གྱེན་ལ་སྐྱེས་པ་ཡིན་ཆ་མ་འཚལ། གནང་སྐྱེས་ནི་ཆོས་རྗེ་སྒར་པའི་བརྟུལ་ཞུགས་ཀྱིས་ཤིན་ཏུ་དཔངས་མཐོ། དྲིལ་ཡུག་ལ་ཕྱག་འདར་འདར་སིལ་སིལ་མཛད་མཁན་རྣམས་དང་མ་འདྲ། གསོལ་ཇའི་ཐོག་


GLG006_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ངལ་མི་ངལ་བས་མཚོན་སྐྱེས་ཆེན་དམ་པའི་རྣམ་ཐར་དང་མཐུན་པའི་དྲི་བ་ཞུས་ཀྱང་དྲུང་རམས་པས་ལན་ཕུལ་གསུངས་སོང་བ་བཞིན་འཕྲོས་གླེང་མང་དུ་བྱུང་། ལྷ་ཐོ་ཐོ་རིའི་ཕྱག་ཏུ་དཔང་སྐོང་ཕྱག་རྒྱ་པ་བབས་ནའང་རྒྱལ་པོ་སྐུ་ཚེ་རིང་བ་སོགས་ཀྱི་རྟེན་འབྲེལ་ལས་བཤད་ཉན་མེད་པས་བསྟན་པའི་གོ་མི་ཆོད་པ་ལྟར་རྙིང་མ་བའི་ས་ཆོས་རྡོ་ཆོས་ཀྱིས་ཆོས་ཀྱི་གོ་མི་ཆོད་པའི་ཟུར་ཟ་མང་དུ་གླེང་བ་ཁོ་རང་དཔོན་སློབ་ཚོ་ལ་རྨོངས་དད་བྱེད་མཁན་རྣམས་ཀྱིས་ཕྱག་འཚལ་གྱི་མགོ་ལ་རྡོ་རྗེ་འདུག །རྒྱལ་བ་ཀརྨ་པའི་ཕྱག་གིས་ངེད་ཀྱི་ཕྱོགས་སུ་སྤོས་ཕོར་འདེགས་པའི་མི་ཆོས་མཁས་ཤིང་སྐུ་ན་ཕྲ་མོ་ནས་དབུས་གཙང་གི་སྡེ་པའི་བླ་མ་མཐའ་དག་དང་ཐུགས་འདྲིས་པའི་ཕྲ་ལག་སྦོམ་གསུམ་གྱི་གནང་སྒོ་གཞན་དང་མི་འདྲ་བར་མཆིས། རྗེ་ཀརྨ་པའི་སྐུ་སྐྱེ་ལུང་ཟིན་ཡོངས་སུ་གྲགས་པ་དད་པའི་ཡུལ་ཡིན་པར་མ་ཟད་གསང་སྔགས་པ་རྣམས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་འཁྱེར་བ་འདི་གནད་ཟབ་པས་སྐུར་ཞུས་བྱེད་མི་ཁ་ཡར་འདུག་ཀྱང་རང་ངོས་ལོག་ལྟ་ཡེ་མ་ཤོར་བ་བྱས། ཕྱགས་ཕྱིར་དཔའ་བོ་དང་རྩེ་ལྷ་སྒང་སྐུ་སྐྱེ་སོགས་ཀྱིས་ཕྲད་རྟེན་གྱི་དངོས་པོ་སྤེལ། དཔོན་སློབ་ཚང་མར་གཞིས་ལེན། འབུལ་བ་དང་སྐྱེས་ལེན་གྱིས་མཚོན་གང་ལ་གང་འཚམ་བསྐྲུན། འབྲས་སྤུངས་ཤག་སྐོར་བ། ཀོང་པོ་ཆབ་ནག་དགའ་ལྡན། གོང་ར་ངེས་རྡོར་གླིང་པ། ར་བ་སྟོད་པ་རྣམས་ཀྱི་བླ་མ། ཁལ་ཁའི་མི་སྣ་གསར་འབྱོར་མང་བ་ལ་ཇ་གྲལ་ཐོག་ཕྲད། ཚེས་དྲུག་ལ་མཚོ་སྔོན་མོའི་གཞིས་མ་རིན་ཅེན་དབོན་པོ། བློ་བཟང་ལེགས་ལྡན་


GLG006_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསྙེན་རྫོགས་གྱ་དྲུག །དགེ་ཚུལ་དྲུག་རྣམས་བསྒྲུབས། རྒྱལ་གྲོང་སྟག་རྩེ་ཕྱོགས་བཞི་བླ་མས་རྟ་ཉེར་ལྔ། ཆུ་བཟང་སྐུ་སྐྱེ་དང་ཞང་སྟོན་སྒར་པས་རྟ་ཉི་ཤུ་རེ། ཟུང་ཆུ་སོག་པོའི་རབ་འབྱམས་པ་ཆོས་རྒྱ་མཚོ། རབ་འབྱམས་པ་ཆོས་གྲགས་ཅན་ལྔས་རྟ་ཞེ་བཞི། པཱ་རས་གྲགས་པ་ཤེས་རབ་ཅན་གྱིས་རྟ་དྲུག་ཅུ། ཨ་མདོ་དར་ཁན་ཆོས་རྗེ། རྒྱལ་སྲོང་དཀའ་བཅུ་ཆོས་གྲགས་ཅན་གྱིས་རྟ་ཉེར་བཞི་རྣམས་བྱིན། རྭ་སྒྲེང་མཁན་ཟུར་པའི་ཚོང་པ་རྗེས་རེས་ཚོ་སླེབས་པས་གཟིམས་ཆུང་བརྟན་བཞུགས་སུ་མིང་བཏགས་པའི་རིང་འཚོའི་རྟེན་ལ་སྟེར་ཆ་དང་མང་འགྱེད་སྤམས་མཐོ་བར་སྣང་། དེ་ནུབ་ནས་ཉིན་གསུམ་གྱི་བར་བཅད་རྒྱ་བགྱིས། བློ་གསལ་གླིང་གི་ཚོགས་ཁྲོ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་གསར་དུ་བླུག་པའི་ཁ་བྱང་། འབྲི་ལུང་པ་བློ་བཟང་དཔལ་འབྱོར་གྱི་ངོར་སྨོན་ལམ། བློ་བཟང་ཆོས་འཕེལ་གྱིས་བསྐུལ་བའི་དགའ་ལྡན་ཐོས་བསམ་གླིང་སློབ་དཔོན་དགེ་འདུན་དོན་གྲུབ་ཀྱི་གསོལ་འདེབས་བརྟན་བཞུགས། བཀྲ་ཤིས་ཆོས་འཕེལ་གྱི་ངོར་བླ་མའི་སྐུ་གསུང་ཐུགས་ལ་བསྟོད་པ། སྡེ་པས་ཐུགས་ཁུར་བཞེས་ནས་སྐུ་དང་གསུང་གི་རྟེན་གཙུག་ལག་ཁང་གསེར་ཏོག་སོགས་དང་རིན་ཆེན་རྒྱན་ཆས་མཚོན་ལུགས་གཉིས་དང་འབྲེལ་བའི་བཟོ་བཀོད་བགྱིས་པའི་རྒྱུ་སོང་དེབ་ཀྱི་འགོ་བརྗོད་རྣམས་བྲིས། ཚེས་བཅུ་ལ་ཞིང་སྐྱོང་ཤི་རལ་ཐུ་ཅོ་ནེ་ཡེར་པ་ཆོས་རྗེ་རིན་ཆེན་འབྱུང་གནས། ཅོ་ནེ་ཤི་རལ་ཐུ། ནང་སོ་སྡེ་བདག་སོགས་ཀྱིས་དངུལ་དང་ཤེལ་ལས་གྲུབ་པའི་སྤྱད་པ། ཇ་གོས་དར་རྟས་གཙོས་པའི་དངོས་


GLG006_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རིང་པོར་བརྐྱངས་ཏེ་བཏེག་པར་བསྔོ་སྨོན་གྱིས་རྒྱས་བཏབ། ཁལ་ཁ་གཡོན་རུ་དར་ཁན་ཧུང་ཐའི་ཇིའི་དགེ་རྩར་གསེར་དངུལ་གོས་དར་དངོས་གཙང་ཞིང་གཏོས་ཆེ་བ་བསྟར་བ་ལ་ཀུན་ཏུ་བཟང་པོའི་སྨོན་ལམ་དང་མཚུངས་པའི་རྒྱས་འདེབས་ཡང་དག་བྱས་ཤིང་མེར་གན་ཧུང་ཐའི་ཇིའི་མི་སྣ་བསམ་ཡས་པ་ཟུང་དུ་བླ་མ་ཅན་དང་ཕྲད། ཚེས་བཅུ་ཕྱི་མར་དྲུང་འཁོར་སྤྱི་ཚོགས་ནས་བདོག་པའི་ཚན་གྲངས་ཚོགས་འགྱེད་དཔངས་བསྟོད་པའི་ཡོན་སྦྱར་ཏེ་གྲ་ཚང་ནས་འཆི་མེད་འོད་སྣང་གི་ཆོ་གར་བརྟེན་པའི་རིང་འཚོའི་རྟེན་འབྱུང་བསྟར། ཆུ་བོ་རི་ནས་མཁན་ཆེན་ཁྱབ་བདག་ཞ་ལུ་པ་ཆེན་པོ་སྙུན་ལས་རྣམ་པར་གྲོལ་ནས་ཕེབས་པ་དང་མཇལ་ཞིང་རེ་ཞིག་རྫོང་དུ་བཞུགས། རྭ་སྒྲེང་མཁན་ཟུར་གྱི་གྲ་པ་རྣམས་ཀྱིས་བསྐུལ་ངོར་ངེད་རང་དང་མཁན་པོའི་བརྟན་བཞུགས་ཀྱི་ཚིགས་བཅད་བརྩམས། མཁན་རིན་པོ་ཆེའི་སྐུའི་གེགས་སེལ་དུ་བྱད་འགྲོལ། ཆུ་བཟློག །ཁ་འབར་མ་དཀར་མོའི་འཆི་བླུ་གསུམ་བགྱིས། ཚེས་བཅུ་གསུམ་ལ་ཁལ་ཁ་གཡོན་རུའི་དུར་གྱི་ཆིའི་བླ་མ་ནོ་མོན་ཁན། ཤེས་རབ་དར་ཁན་བླ་མ། ས་སྦུག་རབ་འབྱམས་པ། ཚེ་བརྟན་དུར་ཁིའི་བསྔོ་རྟེན། ཇ་སང་དགེ་ཚུལ་རྣམས་ཀྱིས་རྒྱ་སོག་གི་སྤྱད་དངོམ་ཆེ་བ་དང་། གསེར་ཁ་འཇམ་དབྱངས་བླ་མའི་སྐུ་སྐྱེ། མདོ་སྔགས་རབ་འབྱམས་གཉིས་ཀྱི་དབོན་པོ་ཅན་གྱིས་གསེར་སིལ་མ་ཕྱུར་བུར་སྤུངས་པའི་ཕྱག་རྟེན། དུང་དཀར་སྐུ་སྐྱེ་སོགས་མང་བ་དང་ཕྲད། རྭ་སྒྲེང་མཁན་ཟུར་གྲ་བཅས། ཞིང་སྐྱོང་ཤི་རལ་ཐུ། སྒོ་མང་། ཆབ་ནག་


GLG006_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཐང་གསུམ་གྱི་སློབ་དཔོན་པས་གཙོས་བརྒྱད་ཅུ་སྐོར་ལ་ཤེར་ཕྱིན་ཡི་གེ་གཅིག་མ། འདའ་ཁ་ཡེ་ཤེས། རྣམ་འཇོམས། བཟང་སྤྱོད། གཙུག་ཏོར་རྣམ་རྒྱལ་རྟོགས་པ་དང་བཅས་པ། འོད་ཟེར་ཅན་མའི་གཟུངས། གཟའ་ཡུམ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། ཕྱོགས་བཅུ་མུན་སེལ། བཀྲ་ཤིས་བརྩེགས་པ། བཀྲ་ཤིས་དོན་གྲུབ་པ། རྡོ་རྗེ་མཆུ། གནམ་ལྕགས་མཆུ། འཕགས་པ་ལྕགས་མཆུ། ལྕགས་མཆུ་ནག་པོ། ནོར་རྒྱུན་མ། དེའི་གཟུངས། ལོ་མ་གྱོན་མ། ཚོགས་བདག་གི་སྙིང་པོ། སྒྲོལ་མས་དམ་བཅས་པའི་གཟུངས། ས་པཎ་གྱིས་མཛད་པའི་ཨ་ར་པ་ཙ་ན་དང་གསར་རྩོམ་ནས་སྒྲོལ་ལྗང་གི་སྒྲུབ་ཐབས། བླ་མའི་རྣལ་འབྱོར་སེམས་དཔའ་སུམ་བརྩེགས། སྤྲུལ་སྐུ་བློ་བཟང་ཡེ་ཤེས་ཀྱི་བརྟན་བཞུགས། དཔལ་ལྷ་ལྕོག་ཏུ་གཏོང་བའི་བསྐང་བའི་ཆོ་ག་དོན་གཉིས་ལྷུན་གྲུབ། ཞང་བློན་གྱི་གཏོར་འབུལ་ལེ་ཚན། རྒྱལ་གསོལ་རྒྱལ་ཀུན་མཁྱེན་བརྩེ་མ། བསེ་ཁྲབ་པའི་གཏོར་བསྔོ། དམིགས་བརྩེ་མའི་ཊཱིཀྐ་ཚིག་དོན་རབ་གསལ། མི་གཡོ་བའི་སྒྲུབ་ཐབས། རྭ་སྒྲེང་མཁན་ཟུར་གྱི་བརྟན་བཞུགས། ཛམ་དཀར་གྱི་སྒྲུབ་ཐབས་རྣམས་ཀྱི་ལུང་བཀླགས། རྭ་སྒྲེང་མཁན་ཟུར་པ་ད་ཆ་བོད་དུ་རི་ཁྲོད་ལྟ་བུ་བྱས་ཆོག་པ་དགོས་ཚུལ་ཟེར་བ་བྱེས་སུ་ཆས་བཞིན་པའི་མགྱོགས་ཐོན་སྟབས་ནས་ཁལ་ཁ་ཨོ་རོད་ཀྱི་གཞུང་ལ་ཕན་རེའི་སྐྱེས་ལན་སོགས་རྒྱས་པར་བགྱིས་པའི་རྫོང་བདའ་བྱས་ཤིང་ཤི་རལ་ཐུ་ནོ་མོན་ཁན་གྱི་ཆོ་ལོ་བཏགས། གྲ་ནས་གཏེར་སྟོན་རིགས་འཛིན་ཆེན་པོ་ཕེབས། ཚེས་བཅོ་ལྔར་ཁྱབ་བདག་ཞ་ལུ་པ་ཆེན་པོ། གཏེར་


GLG006_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་རིགས་འཛིན་ཆེན་པོ་མཆེད། ཀོང་པོ་རྙིང་ཕུ་སྐུ་སྐྱེ་རྣམས་ལ་ཉང་གི་དྲག་པོ་རྡོ་རྗེ་སྤྱི་བླུགས་དང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་དང་ཐང་ལྷའི་རིགས་གཏད་ཕུལ། སང་ཉིན་མཁན་རིན་པོ་ཆེར་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་མཛད་པའི་འཇིགས་བྱེད་དྲུག་ཅུ་པའི་ལུང་ཕྱག་ལེན་དང་དྲག་པོའི་སྦྱིན་སྲེག་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལྷག་བསམ་རབ་དཀར་གྱི་དྲི་ལན་གྱི་ལུང་ཞུས། སྔ་དྲོ་ཁྱབ་བདག་ཞ་ལུ་པ་ཆེན་པོས་དངོས་འབྱོར་གྱི་བདོག་པ་མཚོན་བྱེད་དང་གཙོ་བོར་ལྷ་སྔགས་ཡེ་ཤེས་ཀྱིས་ཚེ་མཐའ་ཡས་པའི་ཆོ་ག་ལ་བརྟེན་ནས་ཉི་བུའི་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་མཛད། ཕྱི་དྲོ་ཀླུ་འབུམ་ཆོས་རྗེ། ཚལ་དབུས་གླིང་ཟུར་པ། འཕྱོས་པ་རབ་འབྱམས་པ། ཁྲོ་ཕུ་བླ་མ་རིག་བྱེད་སྨྲ་བ་ངག་དབང་བསྟན་འཛིན། མགྲོན་གཉེར་དར་དར་ཨོ་རོད་ནས་འཁོར་བའི་སྡེབས་སུ་ཡོངས་པ་སེ་ཆེན་རྒྱལ་པོའི་མི་སྣ་དགེ་ལེགས་དགེ་སློང་། དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་དར་གོ་ཆོས་རྗེ། ཨལ་དར་ཐའི་ཇིའི་མི་སྣ། ཁལ་ཁ་ཨུ་རང་ཁང་ཨེར་ཁེའི་མི་སྣ་སོགས་དང་ཕྲད། སྡེ་པར་སྨེ་བརྩེགས་ཀྱི་བྱབ་ཁྲུས་བྱས། ཚེས་བཅུ་བདུན་ལ་སྡེ་པས་ལྷ་སར་ཀོང་ཕུལ་བའི་ཞལ་བྱང་དང་གྲོང་སྨད་ཨ་བར་གྱིས་སེ་ར་དང་གྲ་ཚང་དུ་འཛུགས་རྒྱུའི་ཚིགས་བཅད། མཆོད་དཔོན་བསྐུལ་ནས་ཇ་མཆོད་ལྗོན་ཤིང་ཕུར་མ་དང་བཅས་བྲིས། བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་ནས་སྔར་མ་ཐོབ་པ་ཡང་དག་གི་དབང་དང་ཐུགས་སྒྲུབ་ཀྱི་ཏིང་ངེ་འཛིན་དབང་


GLG006_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་གི་བཟང་གཏད། ཚེས་བཅུ་དགུ་ལ་མཁའ་འགྲོ་གྲིབ་སེལ་དང་གདོན་འགྲོལ་གྱི་རྐྱེན་སེལ་གཏེར་སྟོན་རིགས་འཛིན་ཆེན་པོས་གནང་། ཚེས་ཉི་ཤུར་སྟག་ལུང་ཞབས་དྲུང་ངག་གི་དབང་པོས་སྨོན་ལམ་ཚིགས་བཅད་དགོས་ཚུལ་ཕེབས་པ་བཞིན་ཕུལ། འདི་ཉིན་ནས་བཟུང་དྲི་ཟའི་རྒྱལ་པོའི་སྒྲུབ་པ་ལ་བརྟེན་པའི་བཅད་རྒྱ་དམ་པར་བྱས་ཤིང་གྲོལ་གདོང་གྲོང་སྨད་ཨ་བར་ལ་བཀའ་གཏད་བགྱིས། ཉེར་ལྔ་ལ་གཏེར་སྟོན་རིན་པོ་ཆེ་ལྷོ་ཁར་ཕེབས་རྫོངས་བསྟར། གླིང་མེའི་འཕྲེང་བ་ཤིན་ཏུ་གསལ་ཞིང་དངས་པ་རླུང་བསེར་བུ་ཙམ་གྱིས་འགུལ་བསྐྱོད་མེད་པ་བྱུང་། ལོ་དུས་ཀྱི་རིམ་གྲོར་དབུས་གཙང་རིས་མེད་ཀྱི་དགོན་ཨངྐི་གཉིས་པ་ཡན་ལ་མང་ཇ་བསྔོ་རྟེན་དེབ་གསལ་དང་འགྱེད་ཨངྐི་དང་པོར་གཤོར་ཁལ་གསུམ་རེ། གཉིས་པར་གཉིས་རེའི་རྩིས་ཀྱི་དཔུས་ཆ་ཁམས་དངུལ། རྟ། ཁོམ་བུ། བརྟག་པར་ཤར་པའི་སྡེ་པའི་རིམ་གྲོར་འཕར་མ་མང་ཇ་རེ། བོད་ཁམས་སྤྱིའི་བདེ་ཐབས་ལ་རྫོང་མགོ་རྣམས་ནས་དགྲ་ལྷ་དཔངས་བསྟོད། སྨེ་བརྩེགས་དང་རྣམ་འཇོམས་གང་རུང་གི་ཁྲུས་གསོལ་བྱས། གྲོང་སྨད་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་གསུམ་ལ་དངོས་པོའི་ཚན་གྲངས་དང་ཚོགས་ཡོན་གཟེངས་བསྟོད་དེ་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཆོ་ག་རྒྱས་པར་མཛད་ཅིང་ཞལ་འདོན་དུ་སྣོད་བཅུད་བདེ་ལྡན་མ་བཙུགས། དེ་ནུབ་ནས་བཟུང་སླར་ཡང་བཅད་བརྒྱ་དམ་དུ་བྱས། ཚེས་བརྒྱད་ནས་སྡེ་པ་གཉེན་ཚད་ཀྱིས་སྙུང་བར་བྱང་ངོས་ནས་ཡབ་སྲས། དར་མོ་བ་གསུམ་གྱིས་བལྟས་པར་ཐོག་མར་མཐུན་གྲུབ་ཀྱི་ནད་འདི་ཡིན་ཞེས་ཁ་དམར་འདོགས་དཀའ་བའི་ངང་ནས་


GLG006_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུ་སྨན་མ་ནུས་པ་དང་ལྷ་འདྲེའི་འཁུ་ལྡོག་གི་རྣམ་པ་འདོམ་པ་ལྟ་བུས་ཤིན་ཏུ་ཉེན་ཆེ་བ་བྱུང་བར་འདི་ག་ནས་བྱིན་རྟེན་དུད་རྫས་ཀྱིས་གཙོས་སྲུང་བ་ནན་ཏན་དུ་བྱས་ཤིང་གཏེར་སྟོན་རིགས་འཛིན་ཆེན་པོ་ཆེད་དུ་གདན་དྲངས་པའི་མཚན་བཅས་མཚན་མེད་སྲུང་འཁོར་སྐུ་རིམ་དང་དར་མོ་བས་སྙན་སྙན་མཛེས་མཛེས་ཀྱི་སྨན་དུ་མ་སོང་བའི་བདུད་རྩི་བུམ་པ་སོགས་ཀྱི་མན་ངག་ལ་བརྟེན་པའི་ཐབས་ཅི་ཤེས་བྱས། ཁྱབ་བདག་ཞ་ལུ་པ་ཆེན་པོས་ལྕགས་སྡོང་མའི་ཚེ་དབང་བརྒྱ་རྩ། གཏེར་སྟོན་རིན་པོ་ཆེས་འཆི་བླུ། གདོན་འགྲོལ། བྱབ་ཁྲུས། ཕྱག་རྡོར། གུར་དྲག །ཡང་བཟློག །རྟ་མགྲིན། ལོག་ཏྲི། ཚེ་དབང་རྣམས་སྩལ། འདི་གའི་བརྟག་པ་དང་བསམ་ཡས་ལ་མོའི་ལུང་བསྟན་ཞུས་པ་རྣམས་ཕྱོགས་གཅིག་ཏུ་རིམ་གྲོ་ལ་ཡར་ཀླུངས་ཀྱི་སྐྱེས་ལྷ་ཡུལ་ལྷ་ཚོར་གསོལ་མཆོད། དགོན་ཁག་ལྔ་བཅུ་ང་གསུམ་ལ་མང་སྐོལ་དང་ཡ་ཇུ་ཉག་རེའི་འགྱེད། ལྷ་སར་སྒོ་འགྱེད་དུད་སུམ་ཅུ་རེར་ཇ་སྦག་རེ། ལྷ་གདོང་ཤན་ཁ་དང་གདོང་དཀར་བུད་མཚམས་སུ་ཆ་གསུམ་བརྒྱ་རྩ་རེ། དགོན་ཁག་ཉིས་བརྒྱར་མང་སྐོལ། དགེ་འདུན་ཉི་ཤུར་ཁམས་དངུལ་སྲང་རེ་བཏང་ཐོག་ཤེར་སྙིང་། ཚེ་གཟུངས་གང་འགྲོ། རྒྱལ་དུ་དམག་ཟོར་མ་དང་བེག་ཙེར་བསྐང་བཤགས་སྟོང་། ཆོས་སྐྱོང་སྤྱིར་བརྒྱ། གཞིས་རྩེར་འུག་བྱ་ལུང་པས་མགོན་པོ་གཡུལ་བཟློག །རྫོང་གཞིས་ཁ་ཡར་འབྲེལ་མཚུངས་ཀྱི་ཆོས་སྡེ་ནས་བརྒྱད་སྟོང་པ་དགུ། འབུམ་ང་ལྔ། གསེར་འོད་ཆིག་བརྒྱ། རྒྱལ་བཙན་གྱི་མདོས། བདུད་ཀྱི་ཁ་བསྒྱུར། ཕྱུགས་ལུག་ལྔ་བརྒྱ་བརྒྱད་ཅུའི་སྲོག་བླུ། ཉེས་ཅན་


GLG006_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དོང་ཐར། ཕུར་བཟློག །དྲི་མེད་བཤགས་རྒྱུད་ཆིག་བརྒྱ། གཟའ་ཡུམ་ཉིས་བརྒྱ་དོན་གཅིག །ལྷ་ས་བར་ཁང་དང་བསམ་ཡས་སུ་རོལ་མོ་དུང་སོགས་གསོལ་མཆོད་བཟབས་རྒྱས། བརྒྱད་སྟོང་པ། བསྐལ་བཟང་། གསེར་འོད་གསུམ་ཆིག་བརྒྱ་རེ། དཀོན་བརྩེགས་དང་ཕལ་ཆེན་ཉིས་བརྒྱ་བརྒྱད་ཅུ་རེ། མདོ་མང་ཚར་བདུན། ལྷ་སར་སྒོ་འགྱེད་ནས་གཤོར་ཁལ་རེ། དཔལ་ལྷ་ལྕོག་ཏུ་ཉིན་བདུན་གྱི་བར་གསོལ་མཆོད་གོ་མཚོན་སྤྱན་གཟིགས་གང་རྒྱས། བར་ཁང་། བྱ་རུང་ལྕོག །དབུ་བཞི་ཤག །བྱམས་ཁང་རྒྱབ། འབྲས་སྤུངས། སེ་ར། དགའ་ལྡན། གནས་ཆུང་ལྕོག་རྣམས་སུ་བསྐང་གསོ་གསོལ་མཆོད། རྒྱུད་སྟོད་སྨད་དུ་མགོན་ཆོས་ཀྱི་བསྐང་གསོ། གྲ་ཚང་ནས་བརྒྱ་བཞི། ཚེ་གཟུངས་ས་ཡ། ཚེ་ཆོག་ཁག་བཅུ་གཅིག །མཆོད་རྟེན་སུམ་ཅུར་ཅོད་པན་དང་སྐུ་དཀར། ལྷ་ཁང་རྙིང་པ་མཆོད་པ་དཀོན་པ་བཅུ་ལ་མཆོད་པ་སྣ་ལྔ་རེ། སྤྲང་སྟོན་རྣམས་བྱས་པས་བདེ་བསྐྱེད་ཤིན་ཏུ་ཆེ་བའི་གཞི་མེད་དུ་སོང་། འདི་གའི་རིམ་གྲོར་དགོན་ཁག་ཆེ་བ་ལོ་གྲངས་ལ་མང་སྐོལ་ཐོག་དགེ་འདུན་བཅུར་རྒྱ་དངུལ་སྲང་རེའི་རྩིས་བསྡོམས་པར་སྲང་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ། སེར་འབྲས་སོ་སོར་ཇ་ཚུལ་བཅོ་ལྔར་གདུགས་དཀར་ཆིག་འབུམ་བརྒྱད་ཁྲི། ཤེར་སྙིང་དགུ་ཁྲི་སོང་བའི་ཡོན་དུ་འགྱེད་གསེར་ཞོ་བརྒྱད་བརྒྱ་བཞི་བཅུ། རྫོང་གཞིས་ཚང་མ་ནས་མཆོད་རྟེན་ལ་ཞིག་གསོས་དང་སྐུ་དཀར་ཅོད་པན་མང་བ། སྤྲང་སྟོན་རྒྱ་གང་ཆེ། ལྷ་སར་སྤྲང་པོ་བདུན་ཅུ་སྐོར་ལ་ཐུག་པ་རྩམ་མཁའ་རུའི་ཁལ་ལྔ་བཅུ། སོ་ཧྲུག་ཆུང་ཁོག་བརྒྱ་དང་བརྒྱད་ཅུ། སྣམ་འདོམ་ཉིས་སྟོང་ཆིག་བརྒྱ་


GLG006_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྟར། ཚེས་དགུར་འདམ་ནས་བསྟན་འཛིན་ད་ལའི་རྒྱལ་པོ་སྲས་ཡུམ་བློན་འབངས་གཉུག་མར་གནས་པའི་སོག་པོ་བརྒྱ་ཕྲག་དུ་མས་བསྐོར་བ་དང་། ཨོ་རོད་ནས་གསར་འབྱོར་སོལ་ཐོན་ཐའི་ཤི་འཁོར་བཅས། ཁུན་འདུ་ལེན་ཨོ་པ་ཤིའི་སྲས་ཨེར་ཁེ་དའི་ཆིན། རྟ་ཚག་རྗེ་དྲུང་། ཚ་མིག་མཁན་པོ། སེ་ར་སློབ་དཔོན་ལས་སྣ་བ། ཨོ་རོད་གཡས་རུ་གཡོན་རུའི་མི་སྣ་སོགས་སྟོང་ཕྲག་ལྷག་བཅས་དང་མཇལ་ཕྲད་བྱས་ཤིང་དར་དར་གྱིས་ཨོ་རོད་ནས་ཡོངས་པའི་སྐྱོས་མ་བྱུང་། སྲས་རིན་ཆེན་རྩེ་པ་ལྷ་བསངས་རྭ་ཐང་ཆེན་པོ་ཞིག་ནམ་མཁའི་མཐོངས་སུ་འཕྱར་བའི་སྔོན་འགྲོའི་ཚན་གྲངས་སྤེལ། ཨེར་ཁེ་དའི་ཆིན་གྱིས་བུ་མཚེ་མ་གཉིས་འདུག་པ་ཆོས་འཆོལ་ལམ་ཇི་ལྟར་བྱེད་ཀྱང་སྟེར་ཟེར་བ་ཆོས་བྱེད་དུ་བཅུག །ཚེས་བཅུར་ཁལ་ཁ་དར་ཁན་ཐོ་ཡོན་གྱི་བུ། ནོམ་ཆི་ཧུང་ཐའི་ཇི། ཨར་ས་ལང་ཐོའི་ལའི། ལྷ་བཙུན་གསུམ། པཎྜི་ཏ་ཆོས་རྗེ། ཅོ་ནེ་དང་དབོན་འདུར་གྱི་འཚམ་འདྲི་བྱེད་མི་རྣམས་འབྱོར་བའི་སོ་སོས་རྒྱ་ཟོག་ལ་བརྟེན་པའི་བདོག་པ་གྱ་ནོམ་པ་བསྟར། སྤོས་ཁང་མཁན་ཟུར་པ་པ་རྣམ་དགེ་སློང་། ཡངས་པ་ཅན་མཁན་པོ། སྡིངས་པོ་ཆེ་སྤྲུལ་སྐུ། ཆོས་རྗེ་སྙེ་མདོ་བ། གསང་ཕུ་མཆོད་ཁང་བླ་མ། ལྷོ་བོད་ཀྱི་ཆིངས་པ་བཞི། ཞང་སྟོན་བསྟན་རྒྱལ་གྱི་སྲས་རྣམས་དང་ཕྲད་ཅིང་ཁལ་ཁ་དར་ཁན་ཐོ་ཡོན་གྱི་ཆེད་དུ་དམིགས་པའི་སྲས་ཡོན་མཆོད་ཀྱིས་སྟེར་ཆ་སྤངས་མཐོ་བ་བཏེག །ཁྱབ་བདག་ཞ་ལུ་པ་ཆེན་པོས་འོལ་དགར་སྐུའི་འཕྲོད་བསྟེན་ལ་བྱོན་པ་ཆབ་ཚན་སྐུ་ལ་ཤིན་ཏུ་འཇུག་ངོས་ཟླ་ཤས་ཀྱི་བར་དཔལ་གྲོར་གསོལ་ཕོགས་སོགས་ཕུལ་ཏེ་སྐུ་མཚམས་གནང་། ཚེས་


GLG006_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་ལ་དཔོན་མོ་མ་ག་དྷ་བསོད་ནམས་ཚེ་དབང་། ཨོད་ཁོན་གྱི་བུ་རབ་འབྱམས་པ་ཡུམ་སྲས་གསུམ། བསྟན་འཛིན་དང་ཚེ་དབང་རབ་བརྟན་གྱི་དཔོན་མོ། ཁལ་ཁ་ཐོ་ཤི་ཡེ་ཐུ་རྒྱལ་པོའི་མི་སྣ་རྣམས་དང་ཕྲད་ཅིང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར། གཡོན་རུ་ཇོ་རིག་ཐུ་ཁོ་ཤོའུ་ཆིའི་བུ་སྡེ་སྐྱོང་དགོས་ནས་བན་ལོག་ཆོག་པ་དགོས་ཚུལ་ལྟར་སྡོམ་པ་བླངས་པའི་ཁྱིམ་པར་བཀོད་དེ་མིང་ཨེར་ཏེ་ནི་ཧུང་ཐའི་ཇིར་བཏགས། ཚེས་བཅུ་དགུ་ནས་སྲི་གནོན་དང་ཡང་བཟློག་གི་སྒྲུབ་ཁག་གཉིས་བཙུགས། མཆོད་དཔོན་པ་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱི་ངོར་རྒྱ་ཅན་གྱི་ནང་ཚན་རྟ་ཞལ་ཡིད་བཞིན་རྒྱ་ཅན་སྒྲུབ་འཕྲིན་དབང་ཆོག་བསམ་དོན་ལྷུན་གྲུབ་ཀྱི་ཆོག་བསྒྲིགས་བྱས། སྨན་བླའི་མདོ་ཆོག་འདི་མངའ་བདག་གི་སྐུ་རིམ་ལ་མཁན་པོ་བོ་དྷི་ས་ཏྭས་ཆོག་བསྒྲིགས་གནང་བ་ནས་བཟུང་གངས་ཅན་གྱི་ལྗོངས་འདིར་དར་རྒྱས་ཤིན་ཏུ་ཆེ་ནའང་དཔལ་འཁོར་ཆོས་སྡེ་བ་དང་ཚ་མིག་པ་སོགས་སྤྱན་འདྲེན་མཆོད་འཕྲེང་གི་རིགས་སྣ་ཚོགས་ནས་ཁ་བཀང་བའི་ཁ་ཐག་རིང་བ་གཙོ་བོར་བཏོན་ཞིང་ལ་ལ་དག་གིས་གཤིན་པོ་རྗེས་འཛིན་གྱིས་མཚོན་སྔགས་ཀྱི་ལྷན་ཐབས་ཀྱང་མང་དུ་སྦྱར། དྲུང་པ་གྲགས་པ་དོན་གྲུབ་ཀྱིས་ཐོག་དྲངས་བླ་མ་མང་པོས་ཤོག་ལྡེབས་བཞི་ལྔར་ཚང་བའི་ཤེར་སྙིང་ཤློ་ཀ་གཅིག་ལ་བསྡུས་པའི་དཔེ་མཛད་དེ་བདག་བསླུས་གཞན་བསླུས་ཀྱི་གནས་ལ་སྦྱོར་བ་དང་། མདོ་སྔགས་ཀྱི་ལུགས་སྲོལ་འདི་ཡིན་ཞེས་ངོས་བཟུང་དུ་མེད་པའི་སྣང་ཚུལ་མཐའ་ཡས་ཤིང་མདོ་བརྒྱད་བརྒྱ་པ་བྱ་རྒྱུད་ཀྱི་དེ་བཞིན་གཤེགས་པའི་རྒྱུད་དུ་སྔོན་བྱོན་གྱི་མཁས་


GLG006_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕལ་ཆེར་བཞེད་པ་བཞིན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་སྔགས་ཕྱོགས་དང་འབྲེལ་པའི་ཡིག་ཆ་མཛད་པ་ལྟར་ལག་ཏུ་ལོན་ན་མ་ལེགས་པ་མ་ཡིན་ཀྱང་རིགས་གསུམ་སྤྱིའི་དབང་ཐོབ་པ་ཉུང་གཤིས་གསང་སྔགས་འཇོལ་ཉོག་ཏུ་སྤྱོད་པ་ལས་མཁན་པོའི་དགོངས་པའང་མདོ་ལུགས་གཙོ་ཆེ་ཞིང་རིག་པའི་གནས་ཐམས་ཅད་ལ་འཁྲུལ་པའི་དྲི་མ་ཙམ་ཡང་སྤངས་པ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་ཡིག་ཆ་མཐོང་བ་སོགས་ལ་བརྟེན་རང་ཉིད་འདྲི་བའི་འདུན་པ་ཡོད་པར་མ་ཟད་དོན་གཉེར་ཅན་དུ་མས་བསྐུལ་བ་ལ་བརྟེན་ནས་ཆོག་སྒྲིགས་ཡིད་བཞིན་དབང་རྒྱས་བརྩམས་པ་འདིས་སྨན་བླའི་མདོ་ཆོག་གི་སྲོལ་གཉིས་པ་ཞིག་གསར་དུ་ཕྱེའམ་སྙམ། ཇོ་བོ་རིན་པོ་ཆེའི་བཞུགས་ཁྲི་གྲུབ་པར་ཉེ་བས་དཀར་ཆག་བྲིས། དགའ་ལྡན་ཕུན་ཚོགས་གླིང་གི་གྲ་པ་ནོར་བཟང་རྒྱ་མཚོས་མཛོད་རྩ་འགྲེལ་དང་བློ་བཟང་མང་ཐོས་ཀྱིས་དབུ་མ་རྩ་འགྲེལ་གཉིས་ཀྱི་རྒྱུགས་སྤྲད། རྒྱལ་བ་ཀརྨ་པ་ཡུམ་སྲས་རྣམས་ཀྱི་གསོལ་སྐལ་དུ་སྒྲགས་རྒྱལ་གྲོང་། ཞ་ལྡན་གཞིས་ཀ་ཐེམ་འཛིན་ང་བརྒྱད། ལག་འབབ་ཉིས་སྟོང་དྲུག་བརྒྱ་བཅོ་ལྔ། རྟ་དཔོན་རྣམ་འཇོམས་ཀྱི་སྐྱོར་ལུང་གཟིམས་ཁང་གོང་གི་ས་ཚབ་དང་ས་སྣོན་སྦྲགས་པར་དངོས་གཞི་ཤར་པས་འཛིན་ཤུལ་གཞིས་ཀ་ཐེམ་འཛིན་བཅུ་གསུམ། ལག་འབབ་ཆིག་སྟོང་བརྒྱད་བརྒྱ་ཉི་ཤུ། འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོ་རྒྱ་བོད་ཀྱི་ཡིག་རིས་དང་རྩིས་སོགས་ལག་གཡོག་ཏུ་འགྱུར་བ་བྱུང་བས་སྒྲུབ་རྟེན་དུ་ལྕང་གླིང་པའི་འཛིན་ཤུལ་ཁང་པ་ལེ་ཚན། ཐེམ་འཛིན་ཕྱེད་བརྒྱད། ལག་འབབ་ཆིག་སྟོང་ཆིག་བརྒྱ་སོ་བཞི་རྣམས་སྤྲད། ཧོར་


GLG006_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་ཚ་མིག་སྤྱི་སོས་བསྐུལ་བའི་ཇ་མཆོད་པད་རཱག་མདངས་འཕྲོག་མ། དགེ་སློང་འཇམ་དབྱངས་གྲགས་པའི་ཉལ་སྒོམ་གྱི་དམིགས་རྟེན་རྒྱབ་ཡིག །དགེ་སློང་ཕུན་ཚོགས་རྒྱ་མཚོ། དགེ་སློང་ཡོན་ཏན་དཔལ་བཟང་། འཇམ་དབྱངས་རྒྱལ་མཚན་གསུམ་གྱིས་དཀོན་གཉེར་ལས་ཐོག་བྱས་སྐབས་ཞལ་ཐང་བཅོ་ལྔའི་ཙནྡན་གྱི་ཏོག་དང་གོང་གཤམ་ཞིག་གསོས་མཛོ་སྣ་ཨ་ལུང་དང་བཅས་པ། ཀ་པཱ་ལ་གཉིས་ཀྱི་ནང་ཤ་དང་ཁ་གཅོད་ལ་དངུལ་སྲང་བཅོ་བརྒྱད། གཏོར་སླང་གཅིག །ལྕགས་སྡེར་གསུམ། ཏིང་ཆུང་གསུམ། པད་སྡེར་གཉིས། འཇོན་དམར་གྱི་ཡ་མགུ་མ་མགུ། དཀར་རྩིས། དམར་རྩི། ནག་རྩི་གསུམ་བཞུ་བའི་ཟངས་སྣོད་ཁ་གཅོད་དང་བཅས་པ། ཀྲོ་ལེ་མ་ཉི་ཤུར་བཟོས་པའི་མེ་སླང་། ཟངས་ཀྱི་སྒྲོན་སྐྱོགས་བཞི། སྒྲོན་སྐམ་གསུམ། ཟངས་རྐྱན་གཅིག །ལི་དང་ལྕགས་ཀྱི་མེ་ལོང་ལེགས་པ་གཉིས། རྔ་གདན་བཅུ། ཟངས་ཀྱི་ཕུང་ཕོར་སྟེགས་བཅས། གི་གུ་ཤེལ་གྱི་ཕུད་ཕོར་ནང་ཤ །ལྕགས་ཀོང་དྲུག །རྣམ་རྒྱལ་འཇོམས་ཀྱི་བུམ་སྟན། རྣམ་རྒྱལ་མའི་སྟེགས་བུ་དང་མདུན་ཅོག་གསུམ། དུང་ཆེན་ཆ་དང་རྒྱ་གླིང་ཆའི་ཤུབས། སྤོས་མདོང་ཆ། སྤོས་གཞོང་ཆ། སྒོ་ལྕགས་དགུ། རྒྱུན་རྣམས་ཀྱི་པགས་པ་གསར་བརྗེས། སྒོམ་གྲིལ་ཚས་ཇ་ལུང་སོགས་ཉེར་མཁོ་མང་དུ་བཟོས་ཤིང་རྙིང་པའི་ཞིག་གསོས་ཀྱིས་མཚོན་པའི་འཇོག་ལས་སྣ་བ་གཞན་ལས་དཔངས་མཐོ་བ་བགྱིས་དུས་བླ་མ་གསང་འདུས་དང་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དཀྱིལ་ཐང་བཞེངས་ཚེ་དགོས་ཚུལ་ལྟར་རྒྱབ་ཡིག་སྨོན་ལམ། རྡོ་དགོན་པ་བློ་བཟང་དོན་


GLG006_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞལ་ཐང་ཁ་ཡར་བཞེངས་པའི་རྒྱབ་ཡིག་རྣམས་བརྩམས། འདི་གའི་རིམ་གྲོར་རྫོང་གཞིས་ཁ་ཤས་ཀྱི་ཆོས་སྡེ་འབྲེལ་མཚུངས་སུ་བཀའ་འགྱུར་ཉིས་བརྒྱ། དཀོན་བརྩེགས། ཕལ་ཆེན་གྱིས་གཙོས་མདོ་མང་བརྒྱ། སྨན་བླ་ཆིག་འབུམ། ཆོས་འཁོར་རྒྱལ་ཚོགས་ཆེན་དུ་ཇ་ཚུལ་སུམ་ཅུའི་ཐོག་སྨོན་ལམ་རྣམ་གསུམ་འགྲོ་གང་ཆེ། དམག་ཟོར་མ་དང་བེག་ཙེའི་བསྐང་བ་ཁྲི། གུར་ཞལ་དང་མཐིལ་མགོན་ཁང་གི་ཆོས་སྐྱོང་སྤྱིར་སྟོང་། ཆོས་འབྱུང་སྟེང་གི་ཆོས་སྐྱོང་བྱིངས་ལ་བརྒྱ། དབུས་གཙང་གི་དགོན་ཨངྐི་གཉིས་པ་ཡན་གྱི་དབུས་ཁོག་ལ་དགེ་འདུན་བཅོ་ལྔར་རྒྱ་དངུལ་སྲང་རེ། གཙང་དུ་ཉི་ཤུ་རེར་སྲང་རེ་བཏང་བའི་ཁྱོན་བསྡོམས་སུམ་སྟོང་ལྔ་བརྒྱ། ལྷ་སར་ཕྱུགས་ལུག་སུམ་བརྒྱ་ཉེར་བརྒྱད་ཀྱི་སྲོག་བླུ་སོགས་ཚོགས་གསོག་སྒྲིབ་སྦྱོང་ཆེད་དུ་གང་རྒྱས་བསྒྲུབས། ཚེས་བཅུ་གཅིག་ལ་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེས་གཙོས་ཨེ་ཝཾ་ལྕོག་སྒར་བའི་གྲ་པ་བཞི་བཅུ་སྐོར་ལ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་ཟབ་གཏེར་ཡང་ཟབ་རྡོ་རྗེ་གྲོ་ལོད་ཀྱི་དབང་ལུང་ཡོངས་རྫོགས་ཕུལ་ཞིང་དེ་ཞོར་གྲོང་སྨད་ཨ་བར་ལ་ཡང་བསྐུར། ཚེས་བཅུ་གཉིས་ལ་རྡོ་རྗེ་བྲག་པ་དཔོན་སློབ་ཀྱིས་དགོངས་འདུས་ལུགས་ཀྱི་མཁའ་འགྲོ་བསུ་བཟློག་དང་ལུག་གཟུགས་ལ་བརྟེན་པའི་འཆི་བླུ། ཁྲི་སྲོང་ཡོན་ཏན་གྱི་རྣམ་སྤྲུལ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་གསར་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བའི་ཚེའི་རྟེན་འབྲེལ་མཛད་པའི་སྔོན་འགྲོར་ཟང་ཟིང་གི་


GLG006_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཡང་རིང་དུ་བརྐྱངས། རིགས་འཛིན་སྲོག་སྒྲུབ་ཀྱི་ལུང་བསྟན་དུ། པདྨའི་ཡང་སྤྲུལ་རྒོད་ཀྱི་ལྡེམ་ཕྲུ་ཡིས། །འཛམ་གླིང་རྒྱལ་བརྒྱུད་བདེ་བའི་རྒྱལ་ཁབ་རྩེར། །བར་ཆོད་སེལ་བའི་རྟེན་འབྲེལ་བསྒྲིག་པ་གནང་། །ཅེས་རྒྱལ་ཁབ་པོ་ཏ་ལར་རིགས་འཛིན་ཆེན་པོ་འདི་ཉིད་ཀྱིས་རྟེན་འབྲེལ་བསྒྲིག་དགོས་པ་གསལ་བར་བྱུང་ཞིང་། བྱང་སེམས་སྤྲུལ་པ་རྒྱལ་གྱི་མིང་ཅན་ལ། །རང་ལོ་མཐུན་པས་བརྟན་བཞུགས་བརྒྱ་རྩ་དང་། །ཞེས་པའི་ངོས་འཛིན་ཡུལ་བྱང་ཆུབ་སེམས་དཔའ་ཞིག་ཡིན་འདུག་པས་དེ་འདྲའི་ཁྲོད་དུ་ཞུགས་མ་དགོས་ཀྱང་རི་བོང་ཅལ་སྒྲོག་གིས་གླེང་བ་ལྟར་ན་ལོ་སྙིང་གཅིག་པའི་རིགས་ཀྱིས་བྱས་པ་ཕན་ཡོན་ཆེ་བར་བསྟན་པའི་ནང་ཚན་རིགས་འཛིན་ཆེན་པོའང་དགུང་སྙིང་སོགས་ནས་ཤིན་ཏུ་འགྲིག་གོ །སྡེ་པར་ཐང་སྟོང་རྒྱལ་པོའི་ཚེ་དབང་བརྒྱ་རྩ་དང་དཔལ་ལྷའི་རྗེས་གནང་བསྐུར། ཚེས་བཅུ་བཞིར་རྩེས་དང་ལྔ་མཆོད་སྤྱི་སོས་བསྐུལ་ནས་ངེད་རང་དང་སྡེ་པའི་བརྟན་བཞུགས། ས་དགེ་བཀའ་གསུམ་ལ་ལོ་བའི་ཇ་མཆོད་རྣམས་བྲིས། མཆོད་ཁང་དུ་རིགས་འཛིན་སྤྲུལ་པའི་སྐུ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་མཛད་པའི་དཔོན་སློབ་རྣམས་ཀྱིས་འཇམ་དཔལ་དུས་དགྲའི་དབང་པོ་ཕྱག་རྒྱ་ཟིལ་གནོན་གྱི་དྲག་པོ་ཟོར་གྱི་སྒྲུབ་པ་བདུན་གཅིག་མཛད། སྐུ་རིམ་བྱིན་ཆགས་ཤིང་ཟོར་བཀྲ་སོགས་ལེགས་པར་བྱུང་། ཉེར་གཅིག་ལ་གཏེར་སྟོན་རིགས་འཛིན་ཆེན་པོར་ཕེབས་རྫོངས་རྒྱས་པར་བགྱིས་ཏེ་རང་གནས་སུ་ཐེགས། འདི་ལོ་ཕྱོགས་མཐའི་ནད་རིམས་མཆེད་དོགས་དང་རྒྱ་བོད་ཀྱི་འདྲེ་ངན་གདུག་པའི་ཆོ་འཕྲུལ་


GLG006_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱི་འཚུབ་ལྟས་བྱུང་བར་ནད་བདག་སྟོབས་འཇོམས་དང་རྒྱལ་རྫོངས་ཉེར་ལྔར་བཏང་བའི་ནད་བདག་སྟོབས་འཇོམས་ཀྱི་སྔོན་འགྲོར་ལྷ་སྲིན་དམ་འདོགས་ཤིག་དགོས་པ་བོང་བུ་གཟིགས་ལྤགས་གྱོན་པའི་ཚུལ་གྱིས་དཔལ་ཨོ་རྒྱན་ཆེན་པོའི་ཆས་སུ་ཞུགས་ཏེ་ཆེ་མཆོག་པདྨ་ཐོད་འཕྲེང་གི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པའི་སྒོ་ནས་གནམ་ལྕགས་རྡོ་རྗེ་འབར་བའི་མཚོན་ཆ་སྤྱི་བོར་འགོད་པའི་སྟང་ཀ་ཙམ་བྱས། དཔེ་ནང་དུ་བཤད་པ་མཐའ་དག་ལག་ཏུ་མི་ཁེལ་བའི་སྔགས་པ་དབུ་ཡོན་མང་ནའང་ལྟ་སྒོམ་སྤྱོད་གསུམ་གྱི་གདེངས་མེད་བཞིན་དུ་སྔར་ཕན་སྔགས་པའི་ཨ་ཟོབ་བྱས་པ་ཐམས་ཅད་ཚབས་སུ་སོང་བ་རླུང་རྟའི་རྒྱུ་ཕྱོགས་ནི་ཡིན་ཤས་ཆེ། ཇོ་བོ་ཤཱཀྱ་མུ་ནིའི་བཞུགས་ཁང་རྒྱབ་ཡོལ་ལ་སྨན་བླ་བརྒྱུད་པའི་ལྷ་ཚོགས། རྒྱ་ཕིབས་སྟན་ཁྲི་རྣམས་གསེར་དངུལ་ལས་གྲུབ་པའི་རྒྱུར་གསེར་ཞོ་ཉིས་སྟོང་དགུ་བརྒྱ་སོ་གཉིས། དངུལ་སྲང་བདུན་སྟོང་ཉིས་བརྒྱ་ལྔ་བཅུ། དངུལ་ཆུ་སྲང་ཆིག་སྟོང་བཞི་བརྒྱ་དོན་བདུན། ཟངས་བཟོ་མ་མཁར་ཁལ་ཆིག་བརྒྱ་ཉེར་དགུ། བཤའ་དཀར་ཉག་ལྔ། ཏི་ཚ་ཁལ་ཕྱེད་ལྔ། སྤོས་དཀར་ཁལ་ཉི་ཤུ། ཛ་ཏི་ར་ཚོན་པ། ཕྲ་རྒྱན་གསེར་པད་བཅོ་ལྔ། གཡུ་པད་ཆུང་བ་བཅུ་གཅིག །གསེར་ག་གསུམ། སྤྱི་གཡུ་གཅིག །མར་པའི་ཡུམ་བདག་མེད་པའི་བླ་གཡུས་གཙོས་གཙུག་གཡུ་སྣ་ཚོགས་བཅུ་གསུམ། གཡུ་རྡོག་སོ་བརྒྱད། གཡུ་སྤྱང་གཅིག །ནས་འདྲ་ཆིག་བརྒྱ་རེ་བདུན། བྱུ་རུ་སྣ་ཚོགས་ཆིག་སྟོང་ཉིས་བརྒྱ་བཅོ་ལྔ། སྤོས་ཤེལ་གྱི་རྡོ་རྗེ་ཆེ་ཆུང་གསུམ། ཁ་ཆེ་སྦུར་ལེན་སྤུས་


GLG006_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཆེ་ངེས་དྲུག་དང་སྣ་ཚོགས་ཆིག་བརྒྱ་བཞི། ཕོར་པ་བཞི། ཧོར་ཤེལ་བདུན། ཐ་ན་མུ་ཏིག་བཅུ་དྲུག །རྒྱ་མུ་ཏིག་བྱ་སྒོང་དང་མཐེབ་མགོ་ཙམ་གྱིས་གཙོས་སྣ་ཚོགས་ཆིག་སྟོང་ལྔ་བརྒྱ་གོ་ལྔ། མུ་ཏིག་ཨ་མ་ཆེ་ཆུང་བཅུ་བཞི། མ་ན་ཧོ་དང་གཡང་ཊིའུ་བསྡོམས་ཕ་གུ་སྣ་ཚོགས་ཉིས་བརྒྱ་ང་བདུན། ཧྲིལ་མོ་བདུན་བརྒྱ་ང་བདུན། ཨ་ལུང་བཅོ་ལྔ། གཡང་ཊིའི་འཕན་མགོ་གསེར་གྱི་ཉག་ཐག་གཅིག །མུ་མེན་བཅུ་གསུམ། མཆོང་སྣ་ཚོགས་དགུ་བཅུ། བཻ་ཌཱུཪྻ་སེར་པོ་གསུམ། པད་རཱག །སུ་གནྟི། ན་ལ། ཀེ་ཀེ་རུ། བཞུ་ཤེལ། བསྒྱུར་ཤེལ་སྣ་ཚོགས་ཆིག་སྟོང་ཉིས་བརྒྱ་གྱ་དགུ། ཤེལ་རིལ་ཉིས་བརྒྱ་ཉེར་བདུན། རྡོ་ལྗང་གཉིས། གསེར་ལྗང་བརྡུངས་ཀྱི་གའུ་དྲ་ཧྲིལ་གཅིག །འཕན་མགོ །ཕ་གུ། བབ་གཟུགས། སྐྲ་རྒྱན། མེ་ཏོག །ལྕེ་ལེ་རྣམས་ཀྱི་ཐོག་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་རྒྱན་ཆིག་བརྒྱ་ཉེར་གཉིས། མུ་ཏིག་ཆུང་བསྒྲིགས་ཀྱི་དྲ་ཧྲིལ་གཅིག །གསེར་གྱི་ཨ་ལུང་བརྒྱད། གའུ་གཡུ་ཕྲ་མ་གཅིག་རྣམས་ཀྱིས་སྤྲས་པ་སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས། སྟག་ལུང་ཕྱག་མཛོད་པ་ཅན་བཞིས་དོ་དམ། བལ་པོ་མཁས་པ་སིདྡྷིས་གཙོས་ལྔ་བཅུ། ཟངས་བཟོ་དབུ་མཛད་རྣམ་སྲས་སོགས་བཅུ་དྲུག །ཤིང་བཟོའི་དོ་དམ་སྒེར་ལོགས་ཨ་དར། དབུ་མཛད་གནས་གསར་ཆོས་སྐྱོང་དང་རྩེ་དགའ་ཆོས་སྐྱོང་། སྨན་བླའི་དཔེ་སྔགས་འཆང་གཞིས་ཤར་ཕ་བུ། ངག་དབང་འཕྲིན་ལས། བྲིས་ཡིག་པ་འཇམ་དབྱངས་དབང་པོ་དང་ངག་དབང་ཕུན་ཚོགས། དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བགྱིས། དེ་ཡང་


GLG006_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ས་བསམ་ཡས་ཀྱིས་གཙོས་པའི་གནས་ཆེན་ཚོའི་རྟེན་གྱི་ཁྲི་འོག་ཏུ་མནན་པའི་རིགས་ཕན་ཡོན་ཆེ་བར་གསུངས་པ་ལྟར་ཆོས་རྗེ་རྐན་ཕུ་བས་རྡོ་རྗེ་སློབ་དཔོན་བྱས་ཏེ་གྲངས་བཅད་ཀྱིས་གཤིན་རྗེ་རླུང་སྒྲུབ་ཀྱི་སྒོ་ནས་དགྲ་བགེགས་ཀྱི་མནན་པ་བརྒྱབ་ཅིང་མཆོད་དཔོན་པ་མནན་པའི་ཕྱག་ལེན་ལ་ཡོང་བ་ཆར་ཅན་ཡིན་པར་མ་ཟད་བུམ་གཏེར་གྱི་རིམ་པ་རྣམས་འཇུག་པའི་ལག་ལེན་དངོས་གཙང་བར་བྱས། ཉེར་དྲུག་ལ་ཁལ་ཁ་ནོམ་ཆི་ཧུང་ཐའི་ཇི་སྤུན། འདུལ་བ་ཟུར་པ་དབོན་འདུར་ཆོས་རྗེ་སོགས་སུམ་ཅུ་སྐོར་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར་ཞིང་དཔོན་པོ་གཉིས་ལ་ཤལ་སྣམ་ཕྲུག་གི་བྱིན་རྟེན་གྱིས་ཐོག་དྲངས་རྫོང་བདའ་རྒྱས་པར་བྱས། ནོམ་ཆི་ཧུང་ཐའི་ཇིའི་གཅུང་ལྷ་དབང་གིས་གཙོས་དགེ་ཚུལ་དང་རབ་བྱུང་བསྡོམས་པ་བཅོ་ལྔར་སྡོམ་པ་ཕབ། བར་ཁམས་ཕྱོགས་སུ་མཁའ་འགྲོ་དང་སྒར་པ་སྐུ་ཉེར་འབྲེལ་བ་སོགས་སྐྱེ་འདོད་བྲག་ལ་ཤུག་པའི་དཔེས་རང་ཕྱོགས་ཞྭ་སེར་ཅོད་པན་འཛིན་པ་རྣམས་ཀྱི་བསྟན་པའི་སྐུ་ཆགས་བདོ་བའི་མི་སྲིད་པ་སྲིད་པ་ལྟ་བུ་རྣམ་པ་གཅིག་ཏུ་ཉི་མའི་གཉེན་གྱི་བརྒྱུད་དྲི་མ་མེད་པ་ཆོས་རྒྱལ་མེས་དབོན་གྱི་གདུང་ལ་གླང་དར་མ་འུ་དུམ་བཙན་བྱུང་བ་བཞིན་ཤེས་བྱ་མཐའ་མ་བཀག་པའི་དུས་ཀྱི་ཆད་པ་འབྱུང་བར་ཉེ་བར་གཙོ་བོར་དཀོན་ཅོག་གི་ཐུགས་རྗེ་དང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་རྡོ་རྗེ་མི་བཟད་པའི་སྟེངས་གནས་སྐབས་སུ་ད་ལའི་ཧུང་ཐའི་ཇིའི་དཔའ་མཛངས་བརྟུལ་ཕོད་པ་རྟ་རྨིག་གི་རྡུལ་གྱིས་ནམ་མཁའ་འགེང་བ་ལྟ་བུའི་


GLG006_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཆེན་པོའི་དམག་དཔོན་གྱི་ཁུར་གཟུང་། དགའ་ལྡན་དར་རྒྱས། ཚེ་དབང་རབ་བརྟན། ཐར་པ། ཨེར་ཁེ་ཇི་ནོར། སེ་ཆེན་ཐའི་ཇི། བསྟན་འཛིན། གཉེར་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་བར་ཁམས་ཀྱི་ལྟེ་བར་འབྱོར་བ་ཙམ་གྱིས་ཕ་རོལ་མ་རུངས་པའི་མི་མཐུན་ཕྱོགས་ཀྱི་ངན་དགྲ་མཐའ་དག་ནགས་མེ་རླུང་གིས་བསྐྱོད་པ་བཞིན་མཐུན་པའི་གཡང་དུ་ཁུགས་ནས་དྲེགས་ལྡན་ཐམས་ཅད་གདོང་པ་སྨད་དེ་རང་ཞབས་སུ་འདུས། ཤར་ཕྱོགས་ཀྱི་འཛིན་མའི་མཐར་ཐུག་པ་འཇམ་དར་ཡུག་གཅིག་ལ་བཏང་སྟེ་དཔུང་ཆེན་མཚོ་སྔོན་ཕྱོགས་ལ་ལོག་ནས་དཔོན་གཡོག་རགས་བསྡུས་སུ་འབྱོར་བའི་ཉེར་བདུན་གྱི་ཉིན་ངོས་ཕྲད་དང་སེར་བྱེས་ཀྱི་གཏེར་ཕུར་བྱིན་ཅན་དུ་གྲགས་པའི་བྱིན་རླབས་བཟབས་རྒྱས་བྱས། སྟག་ལུང་ཆོས་རྗེས་གློག་རྒྱབ་པར་འབྲུག་ཡོང་ཚུལ་ལས་མ་བྱུང་བས་སྒྲ་མི་སྙན་དུ་སོང་གསུངས་པའི་མཆེད་ཟླའི་མོ་ཕྱྭ་རྩིས་བསྡུར་ལ་རྒྱུ་ཐུགས་དམ་མེད་པར་འབྲས་བུ་བརྟག་པའི་གྲགས་སྐམ་ལ་བརྟེན་རྒྱལ་པོ་བཏེག་ནས་ཕྱིར་མ་འབྱོར་བར་དགེ་སྐྱོན་ཡོད་མེད་དྲི་བར་བཏང་བྱུང་བ་ལ་སྐུ་རིམ་དམིགས་བསལ་རྣམས་མཛད་རྗེས་ཚོ་བ་བདུན་གྱི་གཞུང་བསྟན་ལ་སྐྱོན་མི་ཡོང་བའི་རྒྱུ་མཚན་མེད་པར་ཡིད་བརྟན་མཛད་དེ། ཁལ་ཁ་གཡོན་རུའི་རྒྱལ་པོ་ཐུ་ཤེ་ཡེ་ཐུ། རྒྱལ་མོ། སྲས་ཐའི་ཇི། ཐ་བུ་ནད་ཇའི་སང་། བླ་མ་སེར་མོ་བའི་རིགས་སྐྱ་སེར་གཏོས་ཆེ་བའི་འགྲུལ་པས་ནོར་འཛིན་དཔལ་མོའི་མངལ་ཁུར་དུ་ལྕི་བ་འབྱོར་བའི་དཔོན་གཡོག་ཉུང་བསྡུས་དང་མཇལ་ཏེ་ལུགས་གཉིས་དང་འབྲེལ་བའི་མོལ་མཆིད་རྒྱས་པར་བྱུང་། སྡེ་སྲིད་སྣ་དཀར་རྩེ་བའི་


GLG006_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་གཞུང་ཟིལ་གནོན་དབང་རྒྱལ་རྡོ་རྗེ་ཐུགས་བློ་ཆོས་སུ་གཞོལ་བའི་ཆོས་སྡེ་འཛུགས་པས་མཚོན་རྣམ་དཀར་གྱི་དགེ་བ་རྒྱ་ཆེ་བ་ཆོས་ཟབ་དང་བདུད་ཟབ་ཀྱི་དཔེ་བཞིན་སྐུ་གཅོང་གིས་ཟིན་པའི་འཕྲོད་བསྟེན་ལ་རྒན་འདྲར་ཕེབས་པ་སྙུན་རོ་རྙིང་པ་དང་ཆབ་བསགས་འདོམས་ནས་སྐུ་གཤེགས་པའི་དགོངས་རྫོགས་ཀྱི་རྟེན་འབྱོར་དོན་ལྟར་བཞེད་པ་འགྲུབ་པའི་བསྔོ་སྨོན་ཅི་ནུས་སུ་བྱས་ཤིང་དགོངས་རྫོགས་ཐེབས་ཀྱི་འབུལ་བ་གཏོས་མི་ཆུང་བ་བསྟར། ཆུ་བྱི་ལོ་ངོས་ཕེབས་སྡེ་པས་དྲི་བ་མཛད་པར་ཟུར་སྲས་མེད་གསུངས་འདུག་པས་ཞལ་མ་བཞུགས་པའི་རྗེས་སུ་གདུང་བརྒྱུད་སྤང་ཤ་རྡོལ་བ་ལྟ་བུ་འོང་དོན་མི་འདུག་གཤིས་ཞུ་བའི་ལྕེ་ཆད་འདུག་ནའང་སྲས་ཡོད་ཟེར་བ་ཕྱགས་ཕྱི་རྣམས་ཀྱིས་དག་པ་བཏོན་རྗེས་རྩེ་སྟག་རང་འཇགས་ཀྱི་བཀའ་གྲོས་ལ་མཐུན་འགྱུར་བྱས་པར་རྗེས་སུ་ཡི་རང་དགོས་རྒྱུ་ཡིན་ནའང་ཁྱུང་པོ་དོ་བཞེས་པ་སོགས་ཀྱིས་འགྲོ་ཁར་སྐྱོས་མའི་ཨང་ཉན་བྱུང་བ་འདྲ། ཕུར་སྒྲུབས་རིམ་གྲོ་རྣམས་ཀྱང་དུས་ཐོག་བཏང་། སྡེ་པ་ད་ལའི་ཧུང་ཐའི་ཇི་ཐོག་མར་བྱོན་པའི་དགའ་སྟོན་དང་བཅས་མཆོད་ཡོན་གསུམ་ག་གདན་འཛོམ་ཡང་དེ་ཉིན་བཞུགས་གྲལ་ཡུན་རིངས་པའི་གྲང་ངད་ཀྱིས་བསྐྱེད་པ་ལྟ་བུའི་སྲིན་ནད་ཀྱི་རོ་མ་འཕར་བའི་པོ་ཏ་ལར་འཕྲོད་བསྟེན་ལས་བཞུགས་གྲལ་ལ་འབྱོན་མ་ཐུབ། ཁལ་ཁ་དང་ཨོ་རོད་རྒྱལ་པོའི་མཇལ་ཕྲད་ཤར་བར་ཁལ་ཁ་ནི་གནམ་ཆིང་གིར་གྱི་བརྒྱུད་ལས་ཆད་པ་སོགས་སྔར་གྱི་སོག་པོའི་གོ་བབས་ཀྱི་རྒྱུ་མཚན་གླེང་། ཨོ་རོད་ནི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་དབུས་
གཙང་ཁམས་གསུམ་དབང་དུ་བསྡུས་པའི་རྒྱལ་སར་གང་ཡོད་སྲོང་བཙན་སྒམ་པོའི་ཁྲི་གནོན་མཁན་ཡིན་པའི་སྒྲུབ་བྱེད་སྣ་ཚོགས་འདུག་པ་བསྟན་གཞུང་གི་རྒྱུན་ལ་ཕན་ཚུན་ལུགས་ལེགས་གལ་ཆེ་བའི་གཤིས་གསེད་བཀྲོལ་བཏང་བའི་བབས་འབྲེལ་དང་མཚུངས་པའི་མཇལ་ལུགས་སྟན་གྱི་མཐོ་དམའ་སོགས་ཕན་ཚུན་ཐམས་ཅད་རེ་ཁོན་མི་ཡོང་བའི་བཅའ་བསྒྲིགས།

དགུང་ལོ་ང་བརྒྱད་པར་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིག་འཛིན་ཞལ་ལུང་དང་། ལུགས་ཟུང་གི་བླང་དོར་མུ་ཐི་ལའི་འཁྲི་ཤིང་མཛད་ཅིང་འབྲས་སྤུངས་མཆོད་ཁང་ཆེན་མོར་བཀའ་འགྱུར་སོགས་རྟེན་མཆོད་གསར་བསྒྲིགས་གནང་བ་བཅས་ཀྱི་སྐོར།


GLG006_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྟག་གནམ་ལོ་གསར་ཚེས་ཀྱི་སྲིད་གསུམ་བདག་མོ་མཆོད་པ་དང་ཉིན་དང་པོ་ཁལ་ཁ་ཨོ་རོད་ཀྱི་རྒྱལ་བརྒྱུད་བློན་འབངས་གཙོ་བོར་གྱུར་པ། ཉིན་གཉིས་པར་སོག་པོ་རགས་བསྡུས་དང་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། སྡེ་པ་ལྷུན་པོ་རྫོང་པ། ལྷ་བྱ། སྐྱིད་ཤོད་ཁག །དབུས་གཙང་གི་ནང་སོ་རྣམ་པ་དྲག་གྲས་སོགས་རིན་ཆེན་རྒྱན་ཆ་རང་ཆས་པ་ཉེར་བདུན། གཞུང་གི་ལྔ་བཅུ་བཅས་ཆོས་བཟང་ལྷའི་བདུན་ས་ལྟར་བརྗིད་ཆགས་པ། ཉིན་གསུམ་པར་རྒྱུད་སྟོད་པ་སེར་འབྲས་སོགས་གཉུག་མར་གནས་པའི་མཁན་སློབ། དབོན་ཆོས་མཛད། ལས་སྣ་བ། སྒར་གྲ་ཚང་བླ་མ། ཕན་བདེ་ལེགས་བཤད་གླིང་པ་ཡོངས་རྫོགས་ལ་དགའ་སྟོན་རྒྱ་ཆེར་སྤེལ། འདར་ལོ་དང་རྣམ་གླིང་པཎ་ཆེན་གཉིས་ཀྱིས་བཀྲ་ཤིས་པའི་ཚིག་སྔོན་དུ་འགྲོ་བའི་འབེལ་གཏམ་རྒྱས་པར་བསྟར། ཚེས་བཞི་ལ་ནོམ་ཆི་ཐའི་ཇི་སྤུན་འགྲོ་གདོང་དུའང་སྟེར་ཆའི་ཚན་གྲངས་བཟབས། གཟེར་ཆེན་པ་རྣམ་རྒྱལ་ཚེ་རིང་སོགས་བསྙེན་རྫོགས་ཉེར་བདུན་དང་དགེ་ཚུལ་བཅུ་གཉིས་བསྒྲུབས། ལྷ་མདོངས་ལོ་ཙཱ་བའི་དབོན་བརྒྱུད་ཐ་མ་གྲོངས་པའི་བསྔོ་རྟེན་དུ་སྒྲ་སྙན་གཙོ་བོར་གྱུར་པའི་དཔེ་ཆ་དངོས་གཙང་ཞིང་གཏོས་ཆེ་


GLG006_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བ་འབྱོར། སྔར་རིག་གནས་ཀྱི་སློབ་གཉེར་བྱེད་སྐབས་དཔེ་ཚན་རེ་རེ་ཙམ་ལའང་ཐབས་དུ་མའི་སྒོ་ནས་བླུ་དགོས་པའི་བལ་པོ་གསེར་མཐོང་ཁོ་ན་ཡོང་། དིང་སང་ཐོས་བསམ་གང་ཡང་མི་ནུས་པའི་སོ་གསོད་ལྐོག་ཉལ་བགྱིད་དུས་དཔེ་ཆ་འབད་མེད་ལྷུན་གྲུབ་འདི་ནི་འཇིག་རྟེན་གྱི་བྱེད་པོས་ཁྱོད་ལ་འདི་འདྲ་ཨེ་མཁོས་ཟེར་བ་འདྲ་ཞིག་འདུག་རུང་ཚེ་རབས་གཞན་དུ་ད་ལམ་ལུགས་ལ་མ་སོང་བའི་མི་ཁོམ་པའི་གནས་དང་བྲལ་བའི་རྟེན་ཐོབ་ནས་ཐོས་བསམ་བྱར་ཡོད་པའི་རྟེན་འབྲེལ་ལྟ་བུ་ཨེ་ཡིན་སྙམ་པའི་རྗེས་སུ་ཡི་རང་བ་བྱུང་། ཚེས་ལྔར་རྩེས་དང་ལྔ་མཆོད་པ་སྤྱི་སོས་བདོག་པ་རྒྱས་པ་བཏེག་ནས་རིང་འཚོའི་རྟེན་འབྱུང་བསྒྲིགས་ཤིང་ལས་ཆེན་པ་གཞོན་པས་རིང་དུ་གནས་དགོས་ཚུལ་ལུང་རིགས་ནས་དྲངས་པའི་ལེགས་པར་བཤད། ཁོང་རང་རྣམས་ཀྱིས་བསྐུལ་བའི་གསར་རྩོམ་ལེ་ཚན་གྱི་ལུང་བཀླགས། དགའ་ལྡན་ཁྲི་རིན་ཆེ་ལ་ངོས་ཀྱིས་མཇལ་ཞིང་ཕྱག་དྲུག་པའི་བཀའ་བསྒོ་བར་ཆད་ཀུན་སེལ་ཕུལ། སྡེ་པའང་སྙུན་ལས་གྲོལ་བའི་ཚེས་བརྒྱད་ལ་ལྷ་སར་སྐྱ་རགས་ཀྱི་མགོན་དུ་འབྱོན་ཐུབ་པ་བྱུང་། ཚེས་བཅུ་བཞིར་ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲ་ཚང་པ་དཔོན་སློབ་བཞི་བརྒྱ་སྐོར་གྱིས་གསེར་དང་ཐེར་མ་སོགས་བདོག་པ་དཔངས་མཐོ་བའི་མཎྜལ་བཏེག་ནས་ཡུན་དུ་འཚོ་བའི་སྨོན་ལམ་མཛད། གནས་བརྟན་བཅུ་དྲུག་ལ་བརྟེན་པའི་བདེན་ཚིག་གི་ཚེ་འཕགས་པའི་གནས་བརྟན་འཁོར་བཅས་མངོན་སུམ་དུ་མདུན་གྱི་ནམ་མཁར་བྱོན་ཡོད་དམ་སྙམ་པའི་བྱིན་ཆགས་པ་ཞིག་སྣང་། ཁལ་ཁ་རྒྱལ་པོས་ལྷ་སར་


GLG006_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་དགོས་ཚུལ་བྱུང་ཡང་ལུས་ཀྱིས་མ་ལྕོགས་པའི་འདི་གའི་ཚོམས་ཆེན་དུ་ཁ་བཏགས་གོས་ཕྱི་ནང་གསེར་དངུལ་ཇ་རྟ་སོགས་ཁྲི་འབུལ་གྱི་དངོས་པོ་དངོམ་ཆེ་བ། རྗེས་འབྲང་གི་སེར་མོ་བ་ཐའི་ཇི་མི་བཟང་ཐམས་ཅད་ཀྱིས་ཀྱང་ཇི་ལྟར་རིགས་པའི་ཚན་གྲངས་ཕྱུར་བུར་སྤུངས་པ་དགེ་བ་བྱང་ཆུབ་མཆོག་གི་རྒྱུར་བསྔོས་ཤིང་སོག་བོད་བསྡོམས་པའི་ཉིས་སྟོང་ལྷག་ཙམ་གྱིས་མགོར་ལག་པའི་འདེགས་འཇོག་བླ་ཆེན་ཚོའི་མཛད་པའི་གཙོ་བོ་དེ་བྱས་པས་མི་ཀུན་ལ་བྱིན་རླབས་ཇི་ལྟར་བྱུང་ཡོད་ཀྱང་ཉི་མ་ཕྱི་མོར་སོང་སྟེ་དགུ་ཚིགས་ལ་ཕཊ་ཡིན་ངེས་ཐེངས་ཤིག་བརྒྱབ། གཏེར་སྟོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་འོད་ཟེར་གྱིས་རང་གཏེར་རྣམས་ལ་འཆད་རྩོམ་གསོ་བ་སོགས་གྱིས་ཤིག་པའི་འཁྲུལ་སྣང་འདྲ་བྱུང་བ་རྒྱུན་དུ་མ་རིག་པས་འཁྲུལ་བཞིན་དུ་ཉིང་འཁྲུལ་གྱི་རིགས་ལ་ཡིད་བརྟན་དེ་བས་ག་ལ་ཡོད། འོན་ཀྱང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་གང་ཡིན་དྲང་པོར་བཤད་པའི་དམའ་ས་བཟུང་ན་དམན་པར་བརྩི། མ་བྱུང་བྱུང་དང་མ་མཐོང་མཐོང་གི་ཨོ་ཟོབ་བྱས་ན་སྐྱེས་བུ་དམ་པར་འགྲོ་བར་ཚེགས་མི་འདུག་གཤིས་ཉིང་འཁྲུལ་ལ་ཚད་མར་བཟུང་བའི་ཁ་ཕོའི་དོ་ཀེར་དང་བཅས་རྫོགས་ཆེན་ལ་མོས་པའི་བློ་ཅན་དགེ་སློང་འཇམ་དབྱངས་གྲགས་པ་དང་གཡུ་ཐོག་སྙིང་ཐིག་པ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་གཉིས་ཀྱིས་བསྐུལ་བས་མཚམས་སྦྱར་ཏེ་རང་ནོར་རང་གིས་སྤྱོད་པའི་ཚུལ་གྱིས་འཁོར་བ་དབྱིངས་སྒྲོལ་གྱི་ཁྲིད་གཞུང་ཤིན་ཏུ་རྒྱས་པ་རིགས་འཛིན་ཞལ་ལུང་བྲིས། སྔར་བྱང་ཆུབ་ལམ་རིམ་གྱི་ཁྲིད་རྒྱལ་བ་བཙོང་ཁ་པའི་དགོངས་པར་འགྲོ་ཁུལ་དེ་བརྩམས་པས་དགེ་


GLG006_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་པའི་གྲལ་དུ་ཆུད་པོ་རང་མ་བྱུང་། ད་ཆ་རྙིང་མ་བའི་གྲལ་དུ་མི་ཆུད་ངེས་པ་ནས་ཟབ་མོ་སློབ་བཤད་པའི་གྲལ་དུ་དོགས་འཚངས་བྱེད་དགོས་པ་འདྲ། དབུ་མཛད་བློ་བཟང་བསྟན་འཛིན་གྱི་ཕྱི་རྟེན་ཡུམ་ཆེན་མོའི་སྟོང་ཐང་གི་རྒྱབ་ཡིག །ཟུར་མངས་ཆོས་རྗེ་དང་སྐུ་སྐྱེ་བློ་བཟང་བསྟན་འཛིན་གྱིས་བསྐུལ་བའི་རིང་འཚོའི་ཚིགས་བཅད་གསུམ། རྩེས་དང་ལས་ཆེན་པ་བློ་བཟང་ཆོས་གྲགས་ཀྱི་ངོར་བདག་བསྟོད། ཁལ་ཁ་སྐུ་སྐྱེ་བློ་བཟང་འཕྲིན་ལས་ཀྱིས་བསྐུལ་བའི་འཇམ་དབྱངས་སྤྲུལ་སྐུ་དང་ཐུ་ཤེ་ཡེ་ཐུ་རྒྱལ་པོ་གཉིས་ཀྱི་བརྟན་བཞུགས། པནྜི་ཏ་ཨེར་ཏ་ནི་ཐའི་ཇི་དང་བི་ལིག་ཐུ་ཇའི་སང་གཉིས། གུ་ཡེ་དར་ཁན་ནང་སོ། བྲེ་པ་བླ་ཆེན་ཆོས་རྒྱལ་རྡོ་རྗེ། ཐོས་བསམ་དར་རྒྱས་གླིང་སྤྱི་སོ་རྣམས་ཀྱིས་བསྐུལ་བའི་རིང་འཚོའི་ཚིགས་བཅད་རེ་རྣམས་བྲིས། ཉེར་གསུམ་ནས་བདུན་གཅིག་གི་བར་ཕྱི་ནང་གི་དོན་བགེགས་འབྱུང་པོའི་གཉེན་པོར་རྡོ་རྗེ་གྲོ་ལོད། ཡང་གསང་དྲག་པོ། གཤིན་རྗེ་དྲེགས་འཇོམས། ཚེ་དཔག་མེད་དངས་མ་བཅུད་འདྲེན་བཞིའི་སྒྲུབ་ཁག་བཙུགས། ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་སྒོ་མངས་བདེ་ཡངས་དྲིལ་བ་བརྒྱས་ཞག་བརྒྱད་ཀྱི་བར་སྤྱན་འདྲེན་ཁྲུས་གསོལ། ཀུན་ཏུ་བཟང་པོའི་སྨོན་ལམ་ཉི་ཁྲི་ཉིས་སྟོང་བཞི་བརྒྱ། ལྟུང་བཤགས་ཉི་ཁྲི་བཞི་སྟོང་། ལྷ་སར་ཕྱུགས་ལུག་སུམ་བརྒྱའི་སྲོག་བླུ། ཡེར་པར་སཱཙྪ་ཆིག་འབུམ་ཆིག་ཁྲི་ཆིག་སྟོང་ལྔ་བརྒྱ། དགའ་ལྡན་གསང་སྔགས་གླིང་དུ་གཤིན་རྗེ་འདུས་པའི་དྲག་སྔགས་བཟློག་བཅས་བྱེ་བ་གཉིས་རྣམས་ཀྱི་ཚོགས་གསོག་བགྱིས། ཉེར་ལྔ་ནས་འོལ་དགའི་ཆུ་ཚན་ཉིན་གསུམ་


GLG006_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིང་ཡན་ལག་ལ་ཕན་རེའི་བསྟེན། ཉེར་བདུན་ལ་ཞང་ཚ་དཀོན་ཅོག་རྣམ་རྒྱལ་གློ་བུར་དུ་འདས་པའི་གོས་སྣ་སོགས་བསྔོ་རྟེན་མང་བར་རྒྱས་འདེབས་དང་དགེ་འཐུད་བྱས། སྔར་བྲག་སྣ་ཆོས་རྗེས་བསྐུལ་བའི་ཚེ་བདག་གི་ལས་བྱང་ཤིན་ཏུ་བསྡུས་པ་དེ་གྲ་ཚང་ལ་སྟབས་འགྲོས་སུ་བཙུགས་པ་གང་ས་ནས་ཡིན་མདོག་ཁ་བ་མ་བྱུང་བ་ཤིང་བྱ་རྡོ་རྗེ་བྲག་གི་ཕྱག་ལེན་སྒྲ་ཇི་བཞིན་པ་ཨེ་ཡོང་སྙམ་པའི་ལས་བྱང་ལ་བཅོས་རྒྱག་པའི་འགོ་བཙུགས་ཚེ་ཨཱཪྻ་པ་ལོའི་གླིང་གི་ཀླུས་ལྷ་འདྲེ་གཞན་རྣམས་སྦྲན་ནས་བསམ་ཡས་ཉིན་མོ་བརྩིགས་པ་མཚན་མོ་བཤིག་པའི་དཔེ་ལྟར་དགེ་བཤེས་དགེ་དར་བས་ཁོ་རང་ཕྱག་ལེན་དཀའ་ལས་ཆེན་པོ་བྱེད་དགོས་བྱུང་དོགས་པ་ཁོངས་སུ་བཅུག་པའི་འཕྲལ་ཐུགས་རྩོམ་ལས་གནངས་ཆེ་བ་མི་ཡོང་ཡང་རོང་པ་སྐུ་མདུན་གྱི་རང་འདོད་ཁར་འཚངས་ཀྱི་བཅོས་བརྒྱབ་བོ་སྐད་དྲག་ཞན་ཚང་མའི་སར་རི་བསྒུལ་མཚོ་སྐྱོམས་བྱས་པར་བརྟེན་སྔར་གྱི་དེ་ལས་དོན་སྤྱི་དོད་ཙམ་ལས་བཟོ་བསྐྱར་ཚང་བ་མ་ཐུབ། དེ་རྗེས་ཁ་སྐོང་འདྲ་རིམ་གྱིས་བྱས་རུང་བློ་ཁ་རྫོགས་པ་ཞིག་མ་བྱུང་བ་འདི་དུས་ཞིབ་ཆའི་ཕྱག་ལེན་རིགས་འཛིན་སྤྲུལ་པའི་སྐུ་མཆོག་ཉིད་ལ་དོགས་བཅད། ལས་བྱང་སྲིད་གསུམ་རྣམ་རྒྱལ། ཟོར་ལས་གནམ་ལྕགས་ཐོག་མདའ། སྔོན་འགྲོའི་ཆོ་ག་ཉུང་ངུ་རྣམ་གསལ། རེག་ཟིག་ཞིབ་མོ་རྣམ་དག་བཞི་གསར་དུ་བསྒྲིགས་ཏེ་གྲ་ཚང་དུ་ཚུགས་པ་བསྒུགས་ཡུན་རིང་ན་ཡི་དམ་གྱི་ལྷ་དང་མཇལ་བའི་དཔེར་སོང་། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་སྡེ་པ་ཐོན་པས་སྟེར་ཆ་ཚོགས་འགྱེད་ཀྱི་ཡོན་སྦྱར་ནས་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་བཏང་། ཚེས་བཞི་ལ་ད་ལའི་


GLG006_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཧུང་ཐའི་ཇིར་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་བསྐུར་བའི་ཡོན་དུ་གསེར་སྲང་བརྒྱར་ཉེ་བ་བྱིན། དཔོན་ཆུང་མི་བཟང་སུམ་ཅུ་སྐོར་ལ་ཚེ་དབང་གྲུབ་རྒྱལ་མ། ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ། ཁལ་ཁ་རྒྱལ་བློན་རགས་བསྡུས་ལ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་དང་ཆག་ལུགས་ཚེ་དཔག་མེད་ཀྱི་ཚེ་དབང་རྣམས་ཕུལ། སྟག་རྩེ་ཡབ་སྲས། སོག་དམངས་གཏོས་ཆེ་བ་སོགས་དང་ཕྲད། ཚེས་བདུན་ལ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གོས་སྣ་ཆ་ཚང་གོས་ཡུག་བཅུ་དྲུག་དར་ཡུག་ཉི་ཤུ་རྩ་གསུམ་གྱིས་ཐོག་དྲངས་པའི་དགུ་ཚན་བཅུ་དྲུག་གི་སྟེར་སྦྱིན་གྲ་རྐྱང་ལ་བལྟོས་པའི་སྤམས་མཐོ་བ་དང་ཚོགས་ཆས་འགྱེད་ལེ་ཚན་ལྔ་སོགས་ཀྱི་ཡོན་སྦྱར་ནས་འཆི་མེད་འོད་སྣང་ལ་བརྟེན་པའི་ཚེའི་རྟེན་འབྲེལ་བསྒྲིགས་ཤིང་གྲ་ཚང་ལ་སྦུག་ཆོལ་ལེགས་པའི་སྤྱི་འབུལ་བྱས། ཚེས་བཅུ་ལ་ཁལ་ཁ་རྒྱལ་པོ། རྒྱལ་མོ། སྲས། བློན་འབངས་དང་བཅས་པ། རྟ་ཚག་རྗེ་དྲུང་། རྒྱུད་སྟོད་སློབ་དཔོན་སོགས་ལ་ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་རྗེས་གནང་དང་ཚེ་དབང་གྲུབ་རྒྱལ་མ་རྣམས་ཕུལ། མངའ་བདག་སྨྲ་བོ་ལྕོག་པས་ཉང་རིན་པོ་ཆེས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་གདན་དྲངས་པའི་ཨ་ཐམ་མའི་སྣོད་ཁྱད་འཕགས་ཀྱི་རྟེན་དང་བཅས་སྨྲ་བོ་ལྕོག་མཆོད་ཁང་གི་སྟེང་དུ་གཉྫི་ར་འཛུགས་རྒྱུར་མཐུན་རྐྱེན་དགོས་ཚུལ་བྱུང་བ་ལྟར་གསེར་ཞོ་བཞི་བཅུ་ཐམ་པ་བསྲིངས། སཱན་ཧུང་ཐའི་ཇིའི་སྲས་དང་ཨེར་ཏེ་ནི་ཕྱག་མཛོད་པ་གཉིས་ཀྱིས་རྒྱལ་ཁང་རྩེའི་སྐུ་སྐྱེའི་དགོངས་རྫོགས་ཀྱི་དངོས་པོ་དཔངས་


GLG006_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བ་དང་ཨོ་རོད་དཔོན་རྒྱུད་མ་ལས་ཀྱི་བསྔོ་རྟེན་བྱུང་བ་ལྟར་བྱང་ཆུབ་མཆོག་གི་རྒྱུར་རྒྱས་བཏབ། རྣམ་སྲས་གླིང་ནས་གཞོན་པ་ཆོས་ལ་བློ་གཞོལ་པའི་འཁོར་བ་ལས་ངེས་པར་འབྱུང་འདོད་བཞིན་དགེ་ཚུལ་གྱི་དངོས་པོར་བསྒྲུབས་ཤིང་མིང་དཀོན་ཅོག་ཆོས་གྲགས་སུ་བཏགས། ཁོང་པ་གཞུང་ལུགས་དང་ཐ་སྙད་ལ་སྦྱངས་སྟོབས་ཤིན་ཏུ་ཆེ་བའི་འཕྲོས་གཏམ་དང་ཞུས་དག་སོགས་ལ་མཁོ་བར་བྱུང་བས་གཞོགས་སུ་བསྐྱིལ། ཚེས་བཅོ་ལྔ་ལ་ཁལ་ཁ་རྒྱལ་པོ་སྲས་ཡུམ་སོགས་ཉི་ཤུ་རྩ་ལྔ་དང་རྟ་ཚག་རྗེ་དྲུང་། མང་ར་མཁན་པོ། ཕ་བོང་ཁ་པའི་གདན་ས་པ། གཡོན་རུ་སྐུ་སྐྱེ། ཁལ་ཁ་སྐུ་སྐྱེ། འབྲས་སྤུངས་བློ་གསལ་གླིང་། བདེ་ཡངས་པ། སྔགས་པ་གསུམ་གྱི་སློབ་དཔོན་པས་ཐོག་དྲངས་དབང་ཆ་གཉིས་ལ་ཛེ་ཏཱ་རི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཕུལ། དེ་ཁྲོད་ནས་འགྲོ་དོན་སྐྱོང་བཞིན་པ་འགས་དཀྱིལ་འཁོར་ལ་མེ་ཏོག་འདོར་བ་སོགས་ཀྱི་དོན་སྤྱི་མ་དོད་སྣང་བ་གཞན་ལ་དབང་བསྐུར་དུས་ཇི་ལྟར་མཛད་ནི་མ་ཤེས། འདུལ་བ་ཟུར་པ་དབོན་འདུར་ཁལ་ཁ་ནས་འཁོར་བའི་ནོ་མོན་ཨེ་ཇེན་གྱི་བུ་ཚ་བརྒྱུད་ཀྱི་དོན་སྐོར་རས་ཆུང་པའི་མཛེ་ལ་ལན་དེ་བཅུ་གསུམ་གྱི་དཔེ་ལྟར་དོན་སྨིན་ཆེར་མ་བྱུང་འདུག །ཁལ་ཁ་རྒྱལ་པོ་རང་གི་འདི་གའི་ཡི་གེ་བསྣམས་ནས་ཁེབས་གང་ཆེ་བྱེད་གསུང་ཡང་སྔར་ཕན་ནི་གནས་ཚུལ་མ་འབྱོར། ཚེས་བཅོ་ལྔ་ལ་ཁལ་ཁ་རྒྱལ་པོ་ཡུམ་སྲས་བཞི་ལ་མགོན་པོ་བཅུ་གསུམ་མའི་ནང་གི་མགོན་པོ་ཚེ་བདག་གི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཕུལ་ཞིང་


GLG006_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དཔོན་གཡོག་གི་སྡེབས་སུ་རྟ་ཚག་རྗེ་དྲུང་གིས་གཙོས་གོང་གི་བླ་མ་བདུན། གསང་གླིང་སློབ་དཔོན། འདུལ་བ་ཟུར་པ། བཀྲ་ཤིས་བདེ་ཆེན་སློབ་དཔོན། གྲ་ཚང་གི་གྲ་པ་ཁ་ཤས་རྣམས་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་དང་གསར་རྩོམ་མདོ་ཆོག །གཞན་ཡང་ལྟུང་བཤགས། ཤེར་སྙིང་། འདའ་ཁ་ཡེ་ཤེས། རྣམ་འཇོམས། བཟང་སྤྱོད་བཅས་པའི་ལུང་ཕུལ། སྒྲགས་སུ་རྗེ་ཀརྨ་པ་ཞིང་འདིའི་སྐུའི་བཀོད་པ་བསྡུས་པའི་དགོངས་པ་རྫོགས་ཐབས་ཀྱི་བདོག་པའི་ཚན་གྲངས་འབྱོར་དོན་ལྟར་ཞིང་ཁམས་རྒྱ་མཚོར་འགྲོ་དོན་མཐའ་ཀླས་མཛད་པའི་བཞེད་པ་གེགས་མེད་དུ་འགྲུབ་པའི་མཆོག་གསུམ་དམ་པར་གསོལ་འདེབས་དང་དགོངས་རྫོགས་ཐེབས་སུ་ཟང་ཟིང་གི་དངོས་པོ་རྒྱ་ཆེར་ཕུལ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྐྱེས་བུ་ལ་ལ་དག །ཙནྡ་དག་ནི་འདི་འདྲ་སྟེ། །སྤོས་ཀྱི་རྣམ་པ་ཡིད་འོང་ཞེས། །ཙནྡ་དག་གི་ཡོན་ཏན་བརྗོད། །དེ་ནས་མི་གཞན་ལ་ལ་ཡིས། ། དེ་ལྟར་བསྔགས་པ་བརྗོད་པ་ཡི། །ཙནྡ་ཅུང་ཟད་བསྲེལ་ཏམ་ཞེས། །སྐྱེས་བུ་ལ་ལས་དེ་དྲིས་ན། །སྐྱེས་བུ་དེ་ལ་སླར་སྨྲས་པ། །གང་གིས་འཚོ་བར་བྱེད་པ་ཡི། །སྤོས་ཀྱི་བསྔགས་པ་བརྗོད་པ་དེ། །སྤོས་དེ་ང་ལ་མེད་ཅེས་སྨྲ། །ཞེས་པ་ལྟར་རང་ཐོག་ཏུ་བླང་དོར་གང་ཡང་མི་ཡོང་བའི་ནེ་ཙོའི་སྨྲ་བ་བཞིན་གཞན་དག་ཁྲེལ་རྒྱུར་སྣང་ཡང་། ཁལ་ཁ་རྒྱལ་པོས་གསུང་གིས་བསྐུལ་བ་བཞིན་ལུགས་ཟུང་བླང་དོར་མུ་ཐི་ལའི་འཁྲི་ཤིང་དང་རིག་སྔགས་འཆང་བའི་དབང་ཕྱུག་དཀོན་ཅོག་ལྷུན་གྲུབ་ཀྱི་འཕྲིན་ལན་བརྩམས། བཀྲ་ཤིས་ལྗོངས་ཆོས་


GLG006_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། སྐྱེད་ཚལ་མཁན་པོ། འཆད་ཀ་སྤྱན་སྔ། དཀར་པོ་ཐུགས་སྲས། དྭགས་པོ་སྒྲོམ་མདའ་བ་རྣམས་དང་ཕྲད། ཉེར་གཉིས་ནས་དམ་གྲིབ་ལ་བརྟེན་པའི་ལག་པའི་ནད་རོ་འཕར་ཚབས་ཆེ་བ་ལངས་པའི་འཕྲོད་བསྟེན་སུམ་དགའ། དར་མོ་བ་དང་དབུ་མཛད་མཆོད་དཔོན་དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་ནད་གཡོག་བྱས། གཏེར་སྟོན་རིན་པོ་ཆེ་ཆེད་དུ་གདན་དྲངས་པའི་གདོན་འགྲོལ། ཉང་ལུགས་ཀྱི་ཕྱག་རྡོར། སྨེ་བརྩེགས་ཀྱི་བྱབ་ཁྲུས། འཆི་བླུ་རྣམས་གནང་ཞིང་བར་ཆད་ལམ་སེལ་རྩ་འགྲེལ་གྱི་ལུང་ཞུས། རིམ་གྲོར་བཀའ་འགྱུར་ལྔ། སྒྲོལ་མ་ཤེར་སྙིང་གདུགས་དཀར་གསུམ་ཆིག་འབུམ་རེ། སེར་འབྲས་སུ་ཇ་ཚུལ་ཉི་ཤུའི་ཐོག་སྒྲོལ་མ་ས་ཡ་དྲུག་འབུམ་སུམ་ཁྲི་དྲུག་སྟོང་། ཤེར་སྙིང་དྲུག་འབུམ་བརྒྱད་ཁྲི། ཚེ་གཟུངས་བྱེ་བ་བདུན་ཉིས་འབུམ་རྣམས་སོང་བའི་ཡོན་གྲ་པ་རེར་དངུལ་ཞོ་རེ་འབབ་རྩིས་ཀྱི་ཉེར་སྤྱད་ཀྱི་གོས། རྟ་སྒ་འཁོར་སོགས་སྤོང་དག །སྔགས་ཁང་དུ་གྲ་པ་སུམ་ཅུས་ཉིན་བདུན་དང་སེ་རར་གྲ་པ་སོ་ལྔས་ཉིན་བདུན་བསྐང་གསོ། གནས་ཆུང་ལྕོག་ཏུ་སྤྱན་གཟིགས་ཚོགས་བཅས་བཟབས་རྒྱས། ལྷ་སར་སོག་དམངས་ཉིས་སྟོང་སྐོར་ལ་ཡ་ཇུ་སྨར་འདེགས་ཁལ་གོ་ལྔ། མར་ཁལ་ཆིག་བརྒྱ་དགུ་བཅུ་རྣམས་དང་བརྟག་པར་བབས་པའི་སྡེ་པའི་རིམ་གྲོར་བསྐལ་བཟང་། གཟུངས་བསྡུས། གསེར་འོད་གསུམ་བརྒྱ་རྩ་རེ། གྲ་ཚང་ནས་དམག་ཟོར་མ་དང་རྣམ་སྲས་སེར་ཆེན་གྱི་བསྐང་བ་སྟོང་། རྒྱལ་ཐང་ཕྱོགས་སུ་དུས་གཟིངས་བྱུང་བའི་སྐུ་རིམ་ལ་སེར་འབྲས་དགེ་གསུམ་གྱིས་གཙོས་པའི་དགེ་ལུགས་


GLG006_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་ཆེ་ཁ་སྔགས་གྲ་སུམ་ཅུར་མང་སྐོལ་དང་བཅས་པའི་གཏོར་བཟློག །བསྟན་སྲིད་སྤྱི་རིམ་དུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་བརྒྱ་ཐང་། ཆོས་རྗེ་སྒྲོལ་མ་བས་ཁྲོ་རོལ། ཞ་ལུ་པས་གདུགས་དཀར་མདོས་ཆེན། ངོར་པས་འཇིགས་བྱེད་དྲུག་ཅུ་རྣམས་བཏང་། ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་ངེད་རང་གི་རིམ་གྲོར་ཚེ་གཟུངས་དུང་། བཀྲ་ཤིས་ཆོས་སྡེ་བ་གྲ་པ་སུམ་ཅུས་སྒྲོལ་དཀར་གྱི་ཆོ་ག་དང་འབྲེལ་བའི་གཟུངས། འུག་བྱ་ལུང་པས་གཡུལ་བཟློག །རྡོ་རྗེ་བྲག་ནས་འཆར་ཀ །དཔལ་རི་བས་ཁྲོ་རོལ། སེར་འབྲས་སུ་ཇ་ཚུལ་བཅོ་ལྔའི་ཐོག་གདུགས་དཀར་ཉིས་འབུམ་བཞི་ཁྲི། ཤེར་སྙིང་བྱེ་བ་གཅིག་དང་ས་ཡ་ཕྱེད་གཉིས་རྣམས་སོང་བར་སེ་ཧྲུག་སྦག་བཞི་སྟོང་དྲུག་བརྒྱ་ང་གསུམ། དབུས་གཙང་གི་དགོན་ཨངྐི་གསུམ་པ་ཡན་ལ་མང་ཇ། འགྱེད་དབུས་ཁུལ་གྱི་ཨངྐི་དང་པོར་དགེ་འདུན་བཅུར་སྲང་རེ། གཉིས་པར་བཅོ་ལྔར་སྲང་རེ། གསུམ་པར་ཉི་ཤུར་སྲང་རེ། གཙང་གི་ཨངྐི་དང་པོར་ཅུ་གསུམ་རེར་གསེར་ཞོ་རེ། གཉིས་པར་བཅོ་བརྒྱད་རེར་ཞོ་རེ། གསུམ་པར་ཉེར་བཞིར་ཞོ་རེ་བཏང་བའི་ཁྱོན་དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་ཞེ་ལྔ་དང་གསེར་ཞོ་ཉིས་སྟོང་བཞི་བརྒྱ་དོན་གཅིག་རྣམས་སོང་། གནས་ཆེན་ཁག་བཅུ་བཞིར་མཆོད་འབུལ། ཨངྐི་གཉིས་པ་ཡན་ལ་ལོ་དུས་ཀྱི་མང་ཇ་བསྔོ་རྟེན་དེབ་གསལ་དང་འགྱེད་ཨངྐི་དང་པོར་འབྲུ་གཤོར་ཁལ་ཕྱེད་གཉིས་རེ། གཉིས་པར་ཁལ་རེ་མའི་དཔུས་ཚར་རྟ། ལྕགས་ཆ་སོགས། གཞུང་སྒེར་ཆོས་གཞིས་དང་བཅས་པའི་མི་སེར་


GLG006_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བྱིངས་ལ་ཁྱད་མེད་ཀྱི་རྐང་ཕྱེད་ཡན་ལ་ཁལ་ཕྱེད་གཉིས་མ། སུམ་ཟུར་དང་དུད་ཆུང་ཡན་ལ་ཁལ་རེ་མ། སྤྲང་སྟོན་བཏང་བ་རྣམས་ཁྱོན་དྲིལ་བ་འབྲུ་ཁལ་ཆིག་འབུམ་ཆིག་ཁྲི་བདུན་སྟོང་དོན་བཞི། ཚྭ་བུལ་ཁལ་བཞི་སྟོང་བཞི་བརྒྱ་སོ་བརྒྱད་དངུལ་སྲང་གྱ་དྲུག །སྤུ་ཇ་སྦག་སོ་གཅིག །ཡ་ཇུ་ཁོར་དྲུག་མ་དོན་བཞི། སོ་ཧྲུག་ཆེ་བ་ཤ་བུབས་སུམ་སྟོང་སུམ་བརྒྱ་སུམ་ཅུ། ཆུང་ཤ་ཁོག་ཆིག་ཁྲི་ཆིག་སྟོང་བཞི་བརྒྱ་གྱ་གསུམ། ཀོ་པགས་བཞི་སྟོང་ཆིག་བརྒྱ་དོན་བཞི། ལྷ་སར་ཕྱུགས་ལུག་བརྒྱའི་སྲོག་བླུ་སོགས་རིམ་གྲོ་རྒྱ་གང་ཆེ་བསྒྲུབས། ཚེས་བརྒྱད་ལ་གྲ་ཚང་ནས་ཆོས་སྐྱོང་ཆེ་ཆུང་གི་བསྐང་གསོ་བཟབས་རྒྱས་དང་དེ་འཕྲོས་ཉིན་ལྔའི་བར་ཆོས་སྐྱོང་སྤྱིའི་བསྐང་གསོ་དང་ཁྱབ་འཇུག་གི་གསང་མདོས་མཛད། ཚེས་བཅུ་བཞིར་དཔལ་གྲོང་ཆོས་མཛད་ངག་དབང་དགེ་ལེགས་ཀྱིས་གྲ་ཚང་གི་ཞལ་འདོན་ཡོངས་སུ་རྫོགས་པར་ཤོག་བུ་ལྔ་བརྒྱར་ཉེ་བའི་རྒྱུགས་སྤྲད། དྲུང་འཚོ་ལྷག་བསམ་དང་དར་མོ་བ་གཉིས་ཀྱིས་རྩ་ལྟོ་སྦྲགས་པའི་ཁྲུས་བཏང་བ་འཕྲོད་ངོ་ཤིན་ཏུ་ཆེ་ཞིང་མཆོད་དཔོན་པས་ཉིན་མཚན་གཉིས་ཀ་བཅར་སྡོད་དང་ཆོས་རྗེ་ཁ་རེག་པས་ཉིན་མོའི་བར་གཉིད་བསྲུང་བའི་རོགས་བྱས། ཚེས་བཅུ་བདུན་ནས་གྲངས་བཅད་ཀྱིས་གཤིན་རྗེ་མེའི་སྤུ་གྲིའི་སྒྲུབ་པ་བདུན་གཉིས་དང་ཚེས་བཅུ་དགུ་ནས་ཚོགས་སུ་འགོང་པོ་ཨར་གཏད། དམག་ཟོར་མའི་གསང་མདོས། ཆོས་སྐྱོང་སྤྱིའི་བསྐང་བ་ཉིན་གསུམ་གྱི་བར་བཙུགས། ཉེར་དགུ་ལ་སྒོམ་སྡེ་ནང་ཆེན་གུ་རུ་དབང་དྲག་གིས་རྟ་བཅོ་ལྔ། བཱ་སུའི་རྟ་ཉེར་བཞི་བྱུང་། གནམ་


GLG006_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཚོགས་གསོག་ཏུ་འཕྲུལ་སྣང་། རྒྱ་བཏབ་བཅས་པར་མར་ཁལ་ཉིས་བརྒྱའི་དཀར་མེ། སྙན་ཤལ་ཁ་བཏགས་ཉེར་གསུམ། དུང་སྐྱོང་དབང་མོར་གསོལ་མཆོད་བདུན་བརྒྱ། ལྷ་སར་སྒ་འགྱེད་ལ་ཡ་ཇུ་ཁོར་དྲུག་མ་ཉེར་ལྔ། སྤྲང་པོ་ཕྱེད་དྲུག་བརྒྱར་སྟོན་མོ་ལ་རྩམ་མཁར་རུའི་ཁལ་ཞེ་བདུན། སོ་ཧྲུག་བརྒྱ་བཞི་བཅུ། ཇ་ཁལ་བཅུ་བཞི་རྣམས་བཏང་། ཧོར་ཟླ་བཞི་པའི་ཚེས་གསུམ་ལ་འདི་གའི་རིམ་གྲོར་འབྲས་སྤུངས་སུ་ཇ་ཚུལ་བཅུ་ལ་གདུགས་དཀར་ཉིས་འབུམ། ཤེར་སྙིང་ཆིག་འབུམ་སུམ་ཁྲི་བདུན་སྟོང་སུམ་བརྒྱ་བདུན་ཅུ། གཞན་ཡང་གྲ་ཚང་ཆོས་སྡེའི་རིགས་ནས་ཡུམ་རྒྱས་པ་ཉིས་བརྒྱ་ལྔ་བཅུ། སྨན་བླ་ཆིག་ཁྲི་ཉིས་སྟོང་རེ་བཞི། ཚེ་གཟུངས་བྱེ་བ་དྲུག་ས་ཡ་དྲུག །འབུམ་ཕྲག་བརྒྱད། བདུན་ཁྲི་སུམ་སྟོང་བརྒྱད་བརྒྱ་དགུ་བཅུ། ཕྱག་འཚལ་ཉེར་གཅིག་ཆིག་འབུམ་བཞི་ཁྲི་བཞི་སྟོང་སོ་གཉིས། བཛྲ་གུ་རུ་དུང་གཉིས། མཆིམས་ཕུའི་གནས་སྲུང་རྣམས་དང་ཁྲ་འབྲུག་ཆོས་སྐྱོང་། གཡའ་བཟང་ལྷ་མོ། སྲོང་བཙན། ཐང་པོ་ཆེ། ཤེལ་བྲག །རྫོང་བཙན་པ་སོགས་ལ་བསྐང་བ་བརྒྱ་ཚར་དང་སྒྲོན་དར་། ཡར་ལྷ་ཤམ་པོར་གསོལ་མཆོད་དང་དར་འཛུགས། བསམ་ཡས། མཆིམས་ཕུ། ཁྲ་འབྲུག །ཡུམ་བུ། ཤེལ་བྲག་ཏུ་དཀར་མེར་མར་ཁལ་ཆིག་བརྒྱ་ཉེར་གཅིག །སྙན་དར་ལྔ་བཅུ། ལྷ་སར་སྒོ་འགྱེད་ལ་སྤུ་ཇ་སྦག་བརྒྱ་བཅོ་བརྒྱད་རྣམས་ཀྱིས་ཕན་པ་བསྒྲུབས། སྣང་དཀར་རྩེར་ཕྱག་དཔེ་གསར་བཞེངས་གཏོས་ཆེ་བ་ཡོད་འདུག་པ་ཕྱགས་ཕྱི་རྣམས་ཀྱི་བརྗོད་རིགས་སྣ་དཀར་རྩེ་པར་བབས་འབྲེལ་ཡོད་པའི་གྲུབ་མཐའ་


GLG006_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལུགས་ཡིན། དིང་སང་དགེ་ལུགས་མཛད་ན་སྐབས་སུ་མ་བབས་པ་ཅི་ལ་ཡོད་རུང་རྙིང་མ་གནང་བས་ཤིས་རྒྱུ་མ་བྱུང་། དཔེ་འདི་ཚོ་ལུས་ན་སྲས་ཀྱང་ཐུགས་བློ་བསྒྱུར་དོགས་འདུག་པས་ཚང་མ་བཞེས་དགོས་ཚུལ་ནན་ཞུས་ལ་བརྟེན་དྲངས་པར་གསར་བཞེངས། རྙིང་པ་གཞན་གྱིས་ཕུལ་བ། གཡར་པོ་ཡུན་རིང་བདག་ཏུ་བཟུང་བ་སོགས་རྣམ་གྲངས་མང་བའི་ཁྲོད་ནས་རྡོ་རྗེ་བྲག་དང་གཏེར་སྟོན་རིན་པོ་ཆེར་ཉེར་མཁོའི་པོ་ཏི་བཅོ་ལྔ་སྐོར་རེ། བཀྲ་ཤིས་ཆོས་སྡེ་བ་ཚོར་ཁོང་རང་རྣམས་ཀྱིས་གཡར་པོའི་སྙན་བརྒྱུད་པོ་ཏི། འདི་གར་ཚགས་བྱེད་འོས་ཁ་ཤས། གྲ་ཚང་དང་དྲུང་འཁོར་ནས་དཔེ་ཆར་ཤེས་འདོད་ཡོད་པ་རྣམས་ལ་འདོད་སྦྱར་དང་གསང་སྔགས་ཆོས་གླིང་པ་རྣམས་ཀྱིས་དཔེ་ལྷག་བྱུང་ན་དགོས་ཚུལ་ལྟར་མ་ཉུང་ཙམ་དང་ལྷག་ཏུ་ཁམས་པ་བདུད་འདུལ་གྱི་ཟོག་གཏེར་དེ་ཚོ་མེད་པ་ས་གཙང་བས་ཕྱིར་སློག །སྡེ་པའི་སྡིག་སྦྱོང་ལ་དམིགས་ཏེ་བྱ་ས་ལྷ་ཁང་གི་རྣམ་སྣང་སྐུ་མདུན་དུ་འདི་ནས་བཟུང་ཇི་སྲིད་བར་བཀྲ་ཤིས་རྩེ་ཆོས་སྡེ་ནས་དགེ་འདུན་བཞི་སྡེས་ཉིན་སྟར་ཀུན་རིག་ཚར་གཉིས་རེ་གཏོང་བར་མཆོད་རྫས་ཕོགས་ཡོན་སོགས་དཔྱད་ཁྲ་ཐོ་གཞིར་འཁོད་པ་བཞིན་འབྲུ་ཆར་བཀུག་པ་མཁར་ཁལ་ལྔ་བརྒྱ་གོ་དགུ་ཐོབ་པའི་ཐེབས་སུ་བྱ་སའི་མཆོད་ཐེབས་མཚན་སྒྲོག་ཚོགས་པས་འཛིན་བདག་བྱེད་པ་རྣམས་ལ་བརྗེ་མར་གཤོར་འདེབས་སྤྲད་པའི་ས་རིས་རྙིང་ཁུངས་ཐོག་ཡར་མདའ་ཉེ་སྐོར་ནས་བགས་མནན་ཏེ་ཆག་མེད་ཚུགས། ས་ག་ཟླ་བའི་ནང་དུ་ཇི་སྲིད་བར་རྡོ་རྗེ་བྲག་གྲ་ཚང་ནས་ཕྱེད་འཁྱེར་གྱིས་


GLG006_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིགས་འཛིན་རྗེས་འབྲས་མོ་ལྗོངས་ནས་སྤྱན་དྲངས་པའི་ཚེ་དཔག་མེད་བདུད་རྩི་འཁྱིལ་པ་དང་ཆོས་ཀྱི་རྒྱལ་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ལྷང་ལྷང་བྲག་ནས་གདན་དྲངས་པའི་ཚེ་དཔག་མེད་སྐུ་གསུམ་རིགས་འདུས་ཀྱི་ཆོ་ག་ཞག་བདུན་གྱི་རིང་ཆག་མེད་དུ་འཛུགས་རྒྱུའི་ཐེབས་སུ་སྒྲགས་ཞ་ལྡན་གྱི་ས་ཚབ་ཏུ་སོང་འཕྲོས་ཀྱི་མཁར་ཆུ་ནས་བསྡད་གྲོང་ཐེམ་འཛིན་བཅུ་དྲུག །ལག་འབབ་ཆིག་སྟོང་ལྔ་བཅུ། བསམ་དར་ནས་ཀྱིས་ས་སྤྲེལ་བདེ་གཟར་གྱི་སྐབས་ཉེ་གནས་སྟག་ལུང་ཐང་པའི་རྣམ་ཐར་བཟུང་ནས་ས་རིས་མངའ་ཐང་ཐམས་ཅད་བཛྲ་མུཿས་གཤེགས་སུ་གསོལ་བའི་ལྟོ་རྟེན་དུ་སྣེའུ་སྡོང་ཆིབས་ར་དང་བཀྲ་ཤིས་མཐོང་དགའི་ཁང་པ། ལག་འདེབས་བོགས་འཁྱར་ཤས་བཅས་ལ་དྲུག་བརྒྱ། ཚོགས་རྒྱལ་གླིང་པ་དཀའ་བཅུ་བྱམས་པ་ཆོས་འཕེལ་སྔར་ནས་གུས་ཞབས་ཆེ་བ་དང་ཚོང་དཔོན་ཚེ་འཛིན་བྱེད་སེམས་འཇུག་པ་སོགས་ནས་བྱང་སྲིབས་ཐེམ་འཛིན་བརྒྱད་ལག་འབབ་ཆིག་སྟོང་བདུན་བརྒྱ་དོན་དྲུག་རྣམས་སྦྱོར་འཇགས་བྱས། ཚེས་ལྔར་གཏེར་སྟོན་རིན་པོ་ཆེས་ཀླུ་སྦུག་ཏུ་ཕྱག་རྡོར་དྲེགས་འདུལ་གྱི་ལས་མཐའ་ཀླུའི་གཏའ་བསྡམ་དང་གཏེར་གཞུག་གནང་། ཞ་ལུ་མཁན་རིན་པོ་ཆེ་དཔལ་གྲོར་བཞུགས་པ་གཟིམས་ཁང་ལེགས་རྒྱུ་མི་འདུག་པ་ནས་བཞུགས་ཡུལ་སྤྲོ་ཁྱད་དང་བཅས་ལྷོ་མོས་སུ་ཕེབས་པའི་སྣོད་ལྡན་གྱི་ཚོགས་ལ་གསང་ཆེན་ཆོས་ཀྱི་བདུད་རྩིས་ཐར་པ་བླ་ན་མེད་པའི་སྲོག་འཚོའི་བཅུད་ལེན་རྒྱ་ཆེར་སྩལ་མོད།


GLG006_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རྣ་ཅན་རྣམས་ནི་རང་དང་རིགས་མཐུན་པའི་ཁྱུ་ཆེན་པོར་འདུས་ཏེ་ཤིན་ཏུ་མངར་བའི་རོ་ལ་སྤྱོད་པར་མཆིས། རྒྱལ་རྩེ་ཞབས་དྲུང་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་ཐུགས་དམ་གསལ་འདེབས་རྟེན་རྒྱལ་བ་བྲག་ཕུག་པའི་ཕྱག་ཏིང་སོགས་བྱུང་བར་དགོངས་པ་རྫོགས་པའི་སྨོན་ལམ་བྱས། འདི་ཉིད་ཐུགས་དམ་སྨིན་ཆེས་པས་མཁའ་སྤྱོད་ཧེ་རུ་ཀའི་གྲོང་ཁྱེར་དུ་གཤེགས་པར་མ་ཟད་འགྲོ་བའི་མིག་ངོར་གདུང་རུས་ལ་རྗེ་བཙུན་རྣལ་འབྱོར་མ་སོགས་རང་བྱོན་ངོ་མཚར་ཅན་མང་དུ་བྱུང་བར་སྣང་། ཚེས་བཅུ་བདུན་ལ་གཏེར་སྟོན་རིགས་འཛིན་ཆེན་པོས་མཁའ་འགྲོ་གྲིབ་སེལ་དང་ཚེས་བཅུ་དགུར་མཁའ་འགྲོ་བསུ་བཟློག་གནང་། དེ་ཡང་སྐྱེ་རྒུ་ཀུན་ལ་དུས་ཀྱི་ཆད་པ་ལྟ་བུས་འཇམ་དཔལ་དབྱངས་གོང་མ་རྒྱལ་པོ་དང་བཀའི་ཁྲིམས་ཀྱི་བྱེད་པོ་མདུན་ན་འདོན་ཕིང་སིང་ཆིང་དབང་རྒྱལ་བློན་ཐུགས་ཀྱི་འཛིན་སྟངས་མ་གཅིག་པའི་མ་ཧཱ་ཙི་ནའི་རྒྱལ་ཁམས་ཆེན་པོར་གཡུལ་འཁྲུག་རླབས་པོ་ཆེ་བྱུང་སྐབས་གོང་ནས་བཀའ་ཤོག་བཀའ་ངག་བསྒྱུར་བར་མཁར་སྔོན་ཇོ་རཱའི་ཆི་བླ་མ། ལ་དུ་རྗར་གོ་ཆི། གུ་རུ་བི་ཡེ་ཆི་སོགས་རྫོང་བདའ་གནང་བ་བླ་མ་འཕན་ཡུལ་མདར་མ་འཚོ་ཞིང་རྗར་གོ་ཆི་ཅན་གྱིས་བཀའ་ཤོག་རྟེན་ལྡན་སྤྲད་པ་བླངས་ཤིང་གང་ཅིའི་གནས་ཚུལ་ཐམས་ཅད་ཞིབ་པར་ཉན། སྤྱིར་རིས་སུ་མ་ཆད་པའི་ལུས་ཅན་མཐའ་དག་དྲིན་ཅན་གྱི་ཕ་མ་ཤ་སྟག་ཡིན་ནའང་ཕྱོགས་འཛིན་གྱི་འཆིང་བ་འདི་ཧ་ཅང་དམ་དྲགས་པས་རང་གཞན་གྱི་ཆོས་པ་ཀུན་ཇོ་བོ་བཀའ་གདམས་པའི་རྣམ་ཐར་ཟིན་པའི་རེ་བ་ག་ལ་ཡོད་གཤིས། སུ་


GLG006_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་ཕ་མའི་དཔེ་ལྟར་བོག་ཏོ་རྒྱལ་པོའི་དུས་ཡི་གེ་རྟེན་བཟང་པོ་མི་སྣ་དང་བཅས་མངགས་པའི་འདྲིས་རྒྱུས་ཐོག་གནམ་གྱི་ལྷ་ཤུན་ཙི་རྒྱལ་པོ་མང་བཀུར་གྱི་ཁྲི་ལ་བཞུགས་པ་ནས་བཟུང་ད་ལྟའི་བར་བདག་རྐྱེན་བཟང་པོ་ཚད་མེད་པ་ཐུགས་ལ་བཏགས། ངེད་རང་ངོས་ཀྱིས་གསེར་གྱི་ཕོ་བྲང་དུ་ཕྱིན་གསེར་ཞལ་མཐོང་ཞིང་ལུང་ལས་གནང་བ་སོགས་ནས་གོང་མའི་ཆབ་སྲིད་བརྟན་ཅིང་རྒྱ་ནག་གི་རྒྱལ་ཁམས་ཐམས་ཅད་བདེ་བར་འགྱུར་བའི་རྣམ་དཀར་དང་འབྲེལ་བའི་ཚོགས་གསོག་ཅི་ནུས་བགྱིས། བོད་གླིང་དགུའི་རྒྱལ་ཁམས་པའི་དཔུང་གིས་རྒྱ་ཧོར་གྱི་ཡུལ་དུ་རྔོ་ཐོགས་པ་ནི་ག་ལ་སྲིད་སོག་པོ་ཨོ་རོད་ཀྱི་དཔུང་གིས་ཕྱིན་ཚེ་དགྲ་ནུས་ཆེ་ཡང་རང་དབང་འདུ་དཀའ་བ་དང་ཚད་པ་དང་འབྲུམ་པ་སོགས་ལ་འཛེམ་བག་དགོས་པའི་སྟབས་གོང་གི་ཞབས་ཏོག་ཏུ་འདི་འགྱུར་གྱི་ཁས་ལེན་དཀའ་རུང་མཆོད་ཡོན་ཚང་མ་བཀའ་བགྲོས་པའི་ཡས་ཕྱིན་རྣམས་ཁེབས་གང་ཆེའི་ཁྱད་ནས་ད་ལའི་ཧུང་ཐའི་ཇི་ཡང་མགྱོགས་ཙམ་འདེགས་པའི་བཅའ་གཞི་ཤར་ཞིང་། རྒྱལ་ཐང་ཕྱོགས་སུ་མི་སྲུན་པའི་སྐྱེ་བོའི་ཚོགས་ཀྱི་རྒྱབ་རྩ་ལྗངས་སོགས་སུ་ཡིན་ཐིངས་དཀའ་ནའང་རང་ཇུས་དང་ཐུན་མོང་གི་ཆེད་དུ་ཚེས་ཉི་ཤུར་རྒྱལ་སྲས་བཀྲ་ཤིས་ལ་ཚེ་དབང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར་ཞིང་ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇིའི་ཆོ་ལོ། བདོག་པའི་སྐྱེས་དང་བཅས་དམག་དཔོན། དམག་ལས་པར་བཀའ་བརྒྱད་ནོར་བུ། མས་ཆགས་པ་ཅན་རྫོང་བདའ་མཛད་སོང་། ཉེར་གཅིག་ལ་


GLG006_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་རིགས་འཛིན་ཆེན་པོས་དངོས་པོའི་མཎྜལ་དང་བཅས་རིང་འཚོའི་རྟེན་འབྱུང་མཛད་ཅིང་ཕྱགས་ཕྱིར་མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ། ཆོས་རྗེ་ཁ་རག་པ་བཅས་པར་མངའ་བདག་གི་གཏེར་བྱོན་སྲིད་པའི་གཏེར་ཁྱིམ་དང་གསར་རྩོམ་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་འཁྲིད་ལུང་བཀླགས། རི་བོ་བདེ་ཆེན་སྤྱི་སོའི་ངོར་ངེད་རང་དང་སྡེ་པའི་བརྟན་བཞུགས། གྲ་ཚང་གྱི་གྲ་རྒྱུན་རྣམས་ཀྱིས་བསྐུལ་བའི་འདི་གའི་རིང་འཚོའི་ཚིགས་བཅད། མཎྜལ་གསར་པའི་ཁ་བྱང་བི་ཝརྟ་ཅན། གཏེར་སྟོན་རིགས་འཛིན་ཆེན་པོའི་གསུང་གིས་བསྐུལ་བའི་དམག་ཟོར་མའི་བསྐང་བ་འཁྱེར་བདེ་སོགས་བརྩམས། རྒྱ་ནག་པོའི་རྒྱལ་ཁམས་ཀྱི་འཐབ་རྩོད་ཞི་ཞིང་ལེགས་ཚོགས་སྤེལ་བའི་ཆེད་དུ་སེར་འབྲས་སུ་ཇ་ཚུལ་བཅོ་ལྔ་རེ་དང་དགའ་ལྡན་དུ་བརྒྱད་ཀྱི་ཐོག་བདུད་བཟློག །ལྷ་སར་གྲ་ཚང་གིས་ཉིན་བདུན་གྱི་བར་ཁྲོ་རོལ་རྣམས་བཏང་། ཉེར་ལྔར་གཏེར་སྟོན་རིགས་འཛིན་ཆེན་པོར་ཕེབས་རྫོངས་དང་བཅས་རང་གནས་སུ་ཐེགས། རྒྱལ་དབང་པདྨའི་དྲག་པོའི་གནས་ཆེན་ཞོ་སྟོད་གཏེར་སྒྲོམ་བྲག་གི་རང་བྱུང་ཁྲུས་ཀྱི་རྫིང་བུ་ནས་ཆུ་བླངས་ཏེ་ཞག་བདུན་གྱི་རིང་འཕྲོད་བསྟེན་བྱས། ཁལ་ཁ་རྒྱལ་པོས་བདོག་པའི་སྐྱེས་དངོམ་ཆེ་བ་དང་ཚོགས་འགྱེད་ཀྱི་ཡོན་སྦྱར་བའི་ཧོར་ལྔ་ཟླ་བའི་ཚེས་གཉིས་ལ་གྲ་ཚང་ནས་རིང་འཚོའི་རྟེན་འབྱུང་བསྒྲིགས། དཔལ་འཁོར་ཆོས་སྡེ་སྤྱི་སོའི་ངོར་རིང་འཚོའི་ཚིགས་བཅད་བརྩམས་ཤིང་ཁལ་ཁ་རྒྱལ་སྲས་ཀྱིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་མཛད། འུར་དུ་སུའི་


GLG006_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ནོང་ཐུབ་པ་ཐའི་ཇི་བྱོན་སྐབས་དྲག་ཞན་དང་མཚུངས་པའི་ཆོ་ལོ་སོགས་ཚོ་ཆེན་དྲུག་གི་གཞུང་མ་ཞིག་པའི་སྔ་དུས་བཟང་པོའི་སྲོལ་རྒྱུན་སྣང་བ་དུས་ཀྱིས་འགྲིབས་ནས་མི་འདུག་པ་རྒྱས་པར་བྱེད་འདོད་རུང་རྒྱ་བོད་ཧོར་གསུམ་གྱི་དྲག་ཞན་མཐའ་དག་སྙིགས་མར་སྤྱོད་པའི་ཤུགས་ཀྱིས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་མདོར་བསྡུས་གཙོ་བོར་བཏོན་པའི་གཤིས་རྒྱལ་པོའི་ཐུགས་ལ་མ་བསྟད། ལོ་ཙཱ་བས་ཟེར་ཀྱང་རྗེས་སུ་བྱས་ཚེ་རྒྱལ་པོར་ཐུགས་རྒྱུས་མེད་པའི་སྐྱོན་ཡིན་འདྲ་ཚུལ་ལྟར་ན་སྔར་གྱི་དཔེ་སྲོལ་ཞིབ་མོར་མོལ་ན་མཛད་ཤས་ཁ་ཡང་བརྡ་མ་འཕྲོད་པའི་སྐྱོན་གྱིས་རྒྱལ་པོར་དད་སྟོབས་ལྡན་པ་ཐུ་ཤི་ཡེ་ཐུ་རྒྱལ་པོ། སྲས་བགྲེས་པར་པཎྜི་ཏ་ཨེར་ཏེ་ནི་ཐའི་ཇི། རྒྱལ་མོར་པུ་ཎྱ་དྷ་ར་ཛུང་གེན་དུ་ཚེ་ལོ་ཙམ་ལས། མི་བཟང་རྣམས་ལ་འདོགས་མ་ཐུབ། རྒྱལ་པོའི་མཚན་ཐཱ་སུན་ཨལ་ཁན་ལྟ་བུ་བཏགས་ན་སྙམ་པ་ཤར་ཡང་ཡབ་མེས་ཀྱི་མཚན་དེ་ག་བྱུང་ན་མ་བྱུང་དགོས་གསུང་བ་ཨ་ཏིར་ཕུག་པ་དེ་ས་སྐྱོང་བསོད་ནམས་རབ་བརྟན་ཐུགས་བཅག་ཐག་དྲགས་ནས་ཕོ་བྲང་འདི་གའི་ཐེམ་མི་འདའ་ཡིན་བསམས་ཀྱང་སོག་ཡུལ་དུ་སླེབས་འདུག །དེ་ཉིན་ཁོར་མོས་སོགས་ཀྱི་ན་བཟའ་སྒྲོན་པས་མི་མདོག་སྣལ་མས་བསྒྱུར་བའི་དཔེར་སོང་ཞིང་སག་ཐག་རལ་གྲིས་ཐོག་དྲངས་བདོག་པ་ཚར་དུ་དངར་བ་བསྟར། དེ་དོན་དང་མཐུན་པའི་འཇའ་སའི་ཡི་གེ་བྱས། ཚུར་ཡང་ལེགས་སོའི་ཚན་གྲངས་བཏེག །རྒྱལ་པོ་མགྱོགས་ཙམ་འབྱོན་རྩིས་འདུག་པ་ནས་དེ་བཞིན་གཤེགས་པའི་འཕེལ་གདུང་། ཐུབ་དབང་གི་སྐུ་


GLG006_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་མཛད་པ་དང་གནས་བཅུའི་ཞལ་ཐང་གྲ་ཚར། ལོངས་སྤྱད་པའི་རུང་མཐུན་གྱི་གོས་ཆ་ཚང་། ཤལ་དཀར་དམར། སྣམ་ཕྲུག་གཏོས་ཆེ་བ། སྒམ་གྱི་རིགས། ཤེལ་དཀར་བུ་རམ་གྱི་ལྟང་ཙེ་མང་བས་གཙོས་དངོས་པོའི་རྫོང་བ་ཕྱུར་བུར་སྤུངས། གནས་རྙིང་ཞབས་དྲུང་། དཔལ་འཁོར་ཆོས་སྡེའི་མཁན་སློབ་རགས་བསྡུས། རྩེ་ཆེན་ཆོས་སྡེའི་སློབ་གྲ། རྒྱལ་རྩེ་ཁུལ་གྱི་དྲུང་འཁོར་ཐོར་བུ་དང་བཅས་བདོག་པའི་ཚན་གྲངས་འཕྲེང་བར་བསྒྲིགས་ཏེ་ཡུན་འཚོའི་རྟེན་འབྱུང་བསྒྲིགས། ཁལ་ཁའི་ཁྲོད་ནས་དགེ་བསྙེན་ཕ་མ་ལྔ་ཕྲག་གཅིག་བསྒྲུབས། ཚེས་བཞིར་བཀྲ་ཤིས་བདེ་ཆེན་པ་བླ་གྲས་ཚན་གྲངས་སྔོན་དུ་འགྲོ་པའི་རིང་འཚོའི་སྨོན་ལམ་མཛད། དེ་དག་དང་རི་བོ་ཆོས་གླིང་པ་ལྷན་ཅིག་པར་དམིགས་བརྩེ་མའི་བླ་མའི་རྣལ་འབྱོར་གྱི་སྒོམ་ལུང་ཕུལ། ད་ལའི་ཧུང་ཐའི་ཇི་དཔོན་གཡོག་སུམ་ཅུ་སྐོར། རྟ་ཚག་རྗེ་དྲུང་སོགས་ལ་ཚེ་དབང་གྲུབ་རྒྱལ་མའི་དབང་། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས། ཕྱག་དྲུག་པའི་བྱིན་རླབས་བར་ཆད་ཀུན་སེལ་བསྐུལ། ཚ་མིག་མཁན་ཟུར། སེར་འབྲས་ཀྱི་ལས་སྣ་བ། གྲངས་ཅན་མཁན་པོ། ལ་ཐོག་ཟུར་མཁར་བས་ཐོག་དྲངས་པའི་ཀོང་པོའི་དཔོན་ཁག་ཁ་ཤས། འབའ་རྫོང་སྡོད་མཛེས་གྲོང་པ་ཅན་རྣམས་དང་ཕྲད། མཚོ་ཁྲི་ཤོག་རྒྱལ་མོ་འདི་རྒྱ་བོད་ཧོར་གསུམ་གྱི་ས་འདུས་ཆེ་ཞིང་བསྟན་ཇུས་ལ་རྒྱའི་འགོ་སྡུད་ལ་དཔོན་པོ་རྒན་པ་ཞིག་གལ་ཆེ་བར་མ་ཟད་རྒྱ་ནག་ཕྱོགས་ཀྱི་ཉེ་ལེན་དང་བཅས་མགྱོགས་ཐོན་དགོས་གཤིས་ད་ལའི་ཧུང་ཐའི་ཇི་ལ་ཤལ་སྣམ་ཕྲུག་གཙོ་བོར་བཏོན་པའི་རྫོང་བདའ་བྱས་ཤིང་ཐའི་ཇི་ཚེ་


GLG006_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རབ་བརྟན་ལ་ཨེར་ཁེ་དའི་ཆིན་གྱི་ཆོ་ལོ་དང་ཐམ་ཀ །དཔོན་མོའི་མིང་པོ་གཉེར་པར་ཐུ་ཤི་ལེ་ཐུ་ནོ་ཡོན་དང་དེའི་ནུ་བོ་བསྟན་འཛིན་ལ་ཨེར་ཏེ་ནི་པཱ་ཐུར་གྱི་ཆོ་ལོ་བཏགས། ཚེས་ལྔར་གོང་ནས་གསེར་ཡིག་པ་ལ་དུ་རྗར་གོ་ཆི། གུ་རུ་བི་ཆི་ཡེ་ཆི། སྦྱོར་རཱ་ཆི་བླ་མའི་དབོན་པོ། སྦོ་ཤོ་ཁོ་གཉིས་བཅས་སུམ་ཅུ་སྐོར་ལ་སྤྱན་གཟིགས་གཙོ་རྐྱང་གི་རྗེས་གནང་དང་བཞུགས་གྲལ་གྱི་ཐོག་ད་ལམ་མགྱོགས་འགྲོའི་གཤིས་མི་སྣ་ངོ་བོ་ཚོར་ཡང་ཆས་ཀྱི་སྟེར་ཆ་ཤལ་དཀར་དམར། གོང་དུ་ཞུ་ཡིག་འབུལ་བར་ཁང་གསར་རབ་བརྟན་དང་འབུམ་ཐང་བསོད་དབང་གཉིས་བཏང་བའི་ཁོ་པ་གཉིས་དང་གསེར་ཡིག་པའི་གཡོག་རྣམས་ལ་དངུལ་གྱི་སྟེར་སྦྱིན། གོང་དུ་སྐུ་རིམ་གྱི་རིགས་གང་རྒྱས། རྒྱལ་པོའི་ཆེ་བ། ལས་སྒོས་མཚོན་ཚང་མ་རྒྱ་ནག་རྙིང་མའི་དུས་ལྟ་བུའི་སྤྲོས་པ་གང་ཆེ་རྟེན་འབྲེལ་གྱི་སྟབས་ནས་གནང་དགོས་པའི་སྙན་འབུལ་ཕུལ། ཀོང་པོ་བཅོས་མི་སོགས་སྐྱ་སེར་མང་དག་དང་ཕྲད། ཚེས་བདུན་ལ་རི་བོ་བདེ་ཆེན་པ་གྲ་སློབ་ཉིས་བརྒྱ་སྐོར་གྱིས་སྣམ་ཕྲུག་གཙོ་བོར་གྱུར་བའི་བདོག་པའི་མཎྜལ་དང་བཅས་ཡུན་འཚོའི་རྟེན་འབྲེལ་བསྒྲིགས། རྒྱལ་སྲས་སྤྲུལ་པའི་སྐུས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་བ་ཡིན་ཚུལ་གྱི་ཤེས་རབ་འཕེལ་བའི་སྐུའི་སྐྱེ་བར་ཞལ་གྱིས་བཞེས་སོང་ཞིང་ངེད་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྔོན་གནས་རྗེས་དྲན་དོགས་པ་ཙམ་ཡང་མེད་ན་ཡང་མདའ་ཞོར་སྒོ་འདྲོངས་ཡོང་བ་ལས་འོས་མ་མཆིས། ད་ལམ་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་ཡིན་ཚུལ་རྒྱས་པར་


GLG006_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ཁལ་ཁ་རྒྱལ་པོ་དཔོན་གཡོག་རགས་བསྡུས་དང་མ་ཐོན་བར་ཉིན་སྟར་ཕྲད། རྒྱལ་རྩ་མཁན་པོ་དང་ས་ཞལ་བུ་གསུམ་སློབ་དཔོན་པར་དགེ་སློང་འཇམ་དབྱངས་གྲགས་པས་སྨན་བླའི་ཕྱག་ལེན་ཞིབ་ཏུ་ཁྲིད། ཚེས་བརྒྱད་ཀྱི་ཞོགས་ཁལ་ཁ་རྒྱལ་པོ་དང་ཧུང་ཐའི་ཇིའི་སྲས་ཨེར་ཁེ་དའི་ཆིན་གྱིས་གཙོས་སུམ་ཅུ་སྐོར་ལ་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། བར་སྐབས་སུ་ཁམས་མ་བདེ་བའི་བརྟག་པའི་རིགས་མང་ཙམ་ཕུངས་འདུག་པ་གནས་སྐབས་ཀྱི་གེགས་སེལ་དང་ཕྱི་མ་མཐོ་རིས་ཐོབ་པའི་ཐབས་ཀྱི་རིམ་པ་སུམ་བརྒྱ་ཙམ་གྱི་གསལ་ཆ་བྱས་པས་མོ་སྟོན་ཕག་མགོ་བ་ཡང་ཁ་སྐྱེངས་ནས་ད་ཆ་མྱུག་མྱུག་བྱེད་མདོག་མ་ཁ། ཚེས་བཅུ་གཅིག་གི་ཉིན་ཁལ་ཁ་ཨོ་རོད་ཀྱི་རྒྱལ་པོ་གཉིས་ཧུང་ཐའི་ཇི་སོགས་དཔོན་ཡོག་རགས་རིམ་ལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་གྱི་སྒོ་ནས་དམ་ཚིག་སྦྲེེལ་ཏེ་བྱང་ཕྱོགས་ཀྱི་སྐྱེ་རྒུའི་བདེ་སྐྱིད་དང་ཞྭ་སེར་ཅོད་པན་ཅན་གྱི་བསྟན་པ་བླ་ནས་བླར་འདེགས་པའི་ཚུལ་ལ་སྙིང་སྟོབས་གཅིག་ཏུ་དྲིལ་བའི་སྲིད་སྡེ་ལུ་གུ་རྒྱུད་ཀྱིས་བསྡམས། སང་ཉིན་དགའ་སྟོན་གྱི་ཚུལ་དུ་སྡེ་པས་ཁལ་ཁ་ཨོ་རོད་ཡོངས་རྫོགས་ལ་ཤ་ཆང་གཙོ་བོར་གྱུར་པའི་སྟོན་མོ་བཏང་། འཇམ་མགོན་བླ་མའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྣམ་འདྲེན་ཤཱཀྱ་སེང་གེ་ལ་རྒྱལ་བ་བཙོང་ཁ་པ། འཇམ་དབྱངས་དཀོན་ཅོག་ཆོས་འཕེལ། སྨན་བླ་བདེ་གཤེགས་བདུན། ཀླུ་དབང་གི་རྒྱལ་པོ། སྒྲོལ་དཀར། ལས་གཤིན། ཛམྦྷ་ལ་རྣམས་ཀྱི་སྐུ་རྒྱུར་གོས་ལུ་ཧི། མཆིན་ཁ། གོས་དཀར་གསེར་མ། ལྗང་གུ།


GLG006_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་སངས། དམར་པོ། གཡུ་ཁ། ཟི་ཧུན། སེར་ནག །ཡ་ཤེར། ལྭ་དམར། གོས་ཕྲུག་སིའུ་མ། ཁ་ཐི། ན་རོས། མི་ཤ་ཁ། སྨད་ཤམ། མཆིན་སྨུག་སོགས་སྣ་ཚོགས་པ་ཡུག་ཆིག་བརྒྱ་དང་དྲུག །འགང་དཀར། ཆོར། ལིང་གསུམ་ཚོས་ཁ་སྣ་ཚོགས་པ་ཡུག་ཞེ་བཞི་ལས་གྲུབ་པའི་དོ་དམ་དང་བཟོ་བོ་འབྲས་སྤུངས་ཀྱི་གོས་སྐུ་དང་མཚུངས་པར་བཞེངས་པའི་ཚེ་དཀར་ཆག་སྨོན་ལམ་དང་བཅས་ཏེ་འབུལ་བར་མངགས། རྒྱུད་སྨད་དབུ་མཛད་ཀྱིས་བསྐུལ་བའི་ཞལ་སྔ་ནས་བྱང་རྩེ་ཆོས་རྗེ་བློ་གྲོས་རྒྱ་མཚོའི་གསོལ་འདེབས་བརྩམས། ཚེས་བཅུ་གཉིས་ལ་གྲ་ཚང་གི་སྟེར་ཆ་ཚོགས་སོགས་ཡོན་སྦྱར་ཏེ་ཡུན་དུ་འཚོ་བའི་རྟེན་འབྲེལ་མཛད། ཚོགས་མགྲོན་དུ་གངས་ཅན་མཁན་པོ། ཐར་གླིང་སློབ་དཔོན། རྩེ་ཚོགས་པ། རི་བོ་ཆོས་གླིང་པ། བཀྲ་ཤིས་སྡེ་ཆེན་པ། ལམ་རིམ་པ། རི་བོ་རྣམ་རྒྱལ་བ། བསམ་གཏན་རྩེ་པ་རྣམས་ཀྱི་ལས་སྣ་བ་དང་གྲ་རྒན་ཁ་ཤས་གྲ་ཚང་གིས་བོས། དེ་ཉིན་ནས་ཆུ་བོ་རིའི་སྨན་ཆུ་འཕྲོད་ཚུལ་སྒེམ་བུ་ནས་དང་བླ་མ་ཁྲོ་ཕུ་བས་ཟེར་བ་ལྟར་བླངས་ཏེ་ཉིན་བདུན་གྱི་བར་བསྟེན་པས་ཁྲག་དང་ཚ་བ་སོགས་ལ་འཕྲོད་ཉམས་ཆེ་བ་བྱུང་ཞིང་ཚེ་ཆུ་ནས་ཀྱང་དྲངས། འདི་ལོ་སྨན་བླའི་ཆོག་བསྒྲིགས་དབུས་གཙང་གི་ཆོས་སྡེ་ཤིན་ཏུ་མང་བས་འཛུགས་པའི་རྩོལ་བ་འདུག་པ་བཞིན་ཕྱག་ལེན་གྱི་རིམ་པ་དང་ལུང་ཕལ་ཆེར་དགེ་སློང་འཇམ་དབྱངས་གྲགས་པ་དང་ཐོར་བུར་སྔགས་རམས་པ་བློ་བཟང་སྐྱེས་མཆོག །གནས་གསར་འཇམ་དབྱངས་བསྟན་འཛིན་གྱིས་བྱས། ར་དར་བླ་མས་


GLG006_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བཅོ་བརྒྱད། བསོད་ནམས་དབང་རྒྱལ་གྱིས་རྟ་དྲེལ་སོ་སོར་བཅུ་རེ། དཔལ་འཁོར་མཁན་ཟུར་དབོན་པོའི་རྟ་བརྒྱད་ཅུ་རྣམས་བྱུང་། གདན་ས་ཆེན་པོ་རི་བོ་དགའ་ལྡན་ནས་ཁྲི་རིན་པོ་ཆེ། རྩེ་ཤར་སློབ་ཆུང་སོགས་དཔོན་སློབ་ཁ་ཤས་ཕེབས་གོས་དར་གསེར་དངུལ་གྱིས་མཎྜལ་རིང་དུ་བརྐྱངས་ཏེ་ཡུན་དུ་འཚོ་བའི་བདེན་ཚིག་གནང་། ད་ལའི་ཧུང་ཐའི་ཇིར་བསྟན་གཞུང་ལ་རྒྱ་སྟོད་སྨད་ཚང་མར་ཁེབས་གང་ཆེ་དགོས་པའི་འཕྲོས་གླེང་ཞིབ་ཏུ་མོལ་ཏེ་མཚོ་ཁྲི་ཤོག་རྒྱལ་མོ་ཕྱོགས་སུ་ཐོན། ཁོང་རང་གི་སྒེར་འཛིན་གོ་འཇོའི་སྡེ་ཡོངས་རྫོགས་འབུལ་ཡིག་དང་བཅས་བྱིན། རང་ལོ་མཐུན་པས་བརྟན་བཞུགས་ཕུལ་ན་ཕན་ཡོན་ཆེ་བའི་ལུང་བསྟན་ལ་བརྟེན་བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་། ཨ་གླིང་ཆོས་མཛད་དངོས་གྲུབ་རྒྱ་མཚོ། བློ་བཟང་དོན་ཡོད་དང་བསླབ་གསུམ་རྒྱ་མཚོ་ལེ་ཚན་གསུམ་པོས་རུང་མཐུན་གྱི་གོས་སྣ་དང་ཚན་གྲངས་གྲ་ཚང་དུ་འགྱེད་སོགས་རྒྱས་པར་སྦྱར་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། ཁལ་ཁ་རྒྱལ་པོར་ལུགས་ཟུང་བླང་དོར་གྱི་ལུང་དང་ནང་རྟེན་གྱི་མཇལ་ཁ། རྒྱ་ཧོར་གྱི་བསྟན་གཞུང་ཁྱབ་ཆ་གང་ཆེ་མཛད་དགོས་པའི་སྙན་སྒྲོན་ཕུལ་ཞིང་རྒྱལ་པོ་འཁོར་བཅས་ས་ཆེན་པོར་རྟ་རྨིག་གི་རྡུལ་གྱིས་ནམ་མཁའ་འགེངས་པ་ཙམ་དང་བཅས་རང་ཡུལ་ཕྱོགས་སུ་བཏེག །དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་དཀའ་བཅུ་བློ་བཟང་མཁྱེན་བརྩེ། དཀའ་བཅུ་བཤེས་གཉེན། དཀའ་བཅུ་སངས་རྒྱས་རྒྱལ་མཚན་གསུམ་གྱིས་འཇུག་པ་རྩ་འགྲེལ་གྱི་རྒྱུགས་སྤྲད། ཚེས་ཉི་ཤུར་རྒྱལ་གླིང་མཁན་


GLG006_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པོ། པཎྜི་ཏ་ཨེར་ཏེ་ནི་ཐའི་ཇི། ཀོང་པོ་བཀྲ་ཤིས་རབ་བརྟན་བླ་མ། གསང་གླིང་སློབ་དཔོན་རྣམས་དང་ཕྲད། སན་ཧུང་ཐའི་ཇིའི་སྲས་བཀྲ་ཤིས་ལ་ཨུལ་ཇོའི་ཁ་དན་པཱ་ཐུར་གྱི་ཆོ་ལོ་དང་སྡེ་འཐོར་བ་གཏོད་དགོས་པའི་ཡི་གེ་བྱིན་ནས་རྒྱལ་ཁང་རྩེའི་ཕྱག་མཛོད་དང་བཅས་པར་སྣམ་ཕྲུག་སོགས་རྫོང་བདའ་བགྱིས། ཁལ་ཁ་རྒྱལ་པོས་བསྐུལ་བའི་མཆོག་དམན་གང་ལའང་སྦྱར་ཆོག་པ་མདོ་དང་འབྲེལ་བའི་བརྟན་བཞུགས། ཐུགས་རྗེ་མྱུར་འཇུག །པཎྜི་ཏ་ཨེར་ཏེ་ནི་ཐའི་ཇིའི་ངོར་བླ་མ་སངས་རྒྱས་བཀྲ་ཤིས་ཀྱི་གསོལ་འདེབས། རྒྱས་སྲས་ཤེར་འཕེལ་སྤྲུལ་སྐུའི་གསུང་གིས་བསྐུལ་བའི་བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས། དགེ་སློང་འཇམ་དབྱངས་གྲགས་པ་སྤུན་གྱིས་རྡོ་རྗེ་གྲོ་ལོད། ཡང་གསང་ཀརྨ་དྲག་པོ། དངས་མ་བཅུད་འདྲེན། གཏེར་གསར་འཇོམས་བྱེད་བཞིའི་བྲིས་ཐང་གཏེར་སྟོན་རིགས་འཛིན་ཆེན་པོའི་ལྗགས་བཀོད་ལྟར་བཞེངས་པར་སོ་སོར་སྙན་དར་ལྔ་རེ། ལྷ་ཙཀ་ཉེར་ལྔ། བུམ་པའི་མགུལ་ཆིངས། གཏོར་གདུགས་དང་བཅས་གྲ་ཚང་གི་ཆོག་གྲ་སོ་སོའི་སྒྲུབ་རྟེན་དུ་ཕུལ་བའི་རྒྱབ་ཡིག་རྣམས་བརྩམས། ཁྱབ་བདག་བཀའ་འགྱུར་བའི་དབོན་རིན་པོ་ཆེ། གསང་སྔགས་གླིང་དང་ཐར་གླིང་སློབ་དཔོན། རྫོགས་ཆེན་སྤྲུལ་སྐུ། ཆོས་རྗེ་ངག་དབང་ཐུབ་བསྟན། ཞི་གནས་སློབ་དཔོན། ཀོང་པོ་བྲག་ཞི་བ། དྲུག་བརྒྱ་བ་བློ་བཟང་དཀོན་ཅོག །འཚོ་བྱེད་ལྷག་བསམ། གཞིས་ཀ་ཤར་ཨ་གུར་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཁ་ཤས་དང་གྲ་ཚང་ཡོངས་སུ་རྫོགས་པར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་


GLG006_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་། ཆོས་སྐོར་ཡོངས་སུ་རྫོགས་པའི་རྒྱབ་རྟེན་གྱི་ལུང་། ཉེར་ལྔ་ནས་ཟླ་བ་ཕྱི་མའི་ཉི་ཤུའི་བར་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཉམས་འཁྲིད་ཤིན་ཏུ་སྨིན་པ་དང་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ཉལ་སྒོམ་གྱི་འཁྲིད། མཇུག་ཏུ་རྟེན་འབྲེལ་གྱི་ཁྱད་ནས་ཆག་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་རྗེས་གནང་རྣམས་ཕུལ། དབུ་མཛད་བློ་བཟང་ཡོན་ཏན་གྱི་སྙན་དར་ཁ་ཤས་ཀྱི་ཁ་བྱང་བྲིས། ཉེར་བརྒྱད་ལ་ད་ཡན་རྒྱལ་པོའི་དབུ་སྐོར་ཆུང་བ། རྒྱལ་སྲས་བསོད་ནམས་བཀྲ་ཤིས་ཡུམ་སྲས་སོགས་འདམ་དུ་འདེགས་གདོང་བྱིན་རླབས་དང་མི་ངོ་ཚོར་མདུད་པ་བྱས། རྟ་ཚག་སྤྲུལ་སྐུ། ཤེར་འཕེལ་སྤྲུལ་སྐུ། མང་ར་མཁན་པོ། གཡོན་རུ་སྤྲུལ་སྐུ། བཀྲ་ཤིས་རྩེ་དབོན་རིན་པོ་ཆེ། ཞལ་སྔ་ནས་ཕ་བོང་ཁ་པ། ཐར་གླིང་། གསང་གླིང་། ཞི་གནས་པ་གསུམ་གྱི་སློབ་དཔོན་པ། དྲུག་བརྒྱ་བ། དཔོན་མོ་ཕུན་ཚོགས་སྒྲོལ་མ་སོགས་དོན་གཉེར་ཅན་སུམ་ཅུ་སྐོར་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་ཇོ་བོ་ལུགས་ཀྱི་ཛམ་ལ་དཀར་པོའི་རྗེས་གནང་འདྲ་བཅོས་རྒྱས་བཀབ་མ་ཡིན་པའི་ཡིག་རྙིང་དང་མཐུན་པ་ཞིབ་རྒྱས་སྒྲུབ་སྐོར་རྙིང་པ་དང་ཤེའུ་ལོ་ཙཱ་བས་མཛད་པའི་ཡིག་ཆ། ངེད་རང་གི་གསར་རྩོམ་འཇམ་དབྱངས་ལུས་དཀྱིལ་གྱི་ལུང་རྣམས་ཕུལ་ཞིང་ཤེར་འཕེལ་སྤྲུལ་སྐུར་སྒེར་དུ་བཀའ་དྲིན་དྲན་པའི་གསོལ་འདེབས་ཀྱི་ལུང་བཀླགས། རྒྱལ་ཐང་གི་ཇུས་རིམ་ལ་ལྷ་སར་གྲ་ཚང་གིས་ཁྲོ་རོལ་བདུན་གཅིག་བཙུགས་པ་ཉེར་དགུར་གཏོར་ཟོར་འཕངས་པ་ཟོར་བཀྲ་


GLG006_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་སློབ་གྲ་ཉིས་བརྒྱ་སྐོར་བྱོན་ཏེ་ཟང་ཟིང་གི་བདོག་པ་དང་བཅས་ཡུན་དུ་གཞོམ་ཞིག་མི་འབྱུང་བའི་བདེན་པའི་ཚིག་གིས་བཀྲ་ཤིས་མེ་ཏོག་ཆར་དུ་ཕབ། དཔལ་ནཱ་རོ་པའི་ཐུགས་དམ་རྟེན་ཕམ་ཐིངས་པ་ནས་བརྒྱུད་དེ་དཔྱལ་ལོའི་ཕྱག་ཏུ་བྱུང་བ་ཐར་པའི་ནང་རྟེན་བྱང་ཆུབ་ལྗོན་ཤིང་ལས་གྲུབ་པའི་ཀྱེ་རྡོར་མན་ངག་ལུགས་ཀྱི་སྐུ་ཁྱད་པར་ཅན་གཙང་སྡེ་སྲིད་ཀྱི་ཆོས་སྡེ་ཆེན་པོ་ནས་དམག་དུས་འཁྱར་བ་ཐར་པ་ནང་སོ་གཟི་བརྗིད་སྙིང་པོས་བྱིན་བྱུང་བར་བདའ་ལན་བཟབས་པར་བྱས། ཚེས་གཉིས་ལ་སེ་ར་ཐེག་ཆེན་གླིང་གི་ཐོག་ལྷོ་ཁ་ནས་རིམ་གྲོར་བྱོན་པའི་སྤྱན་གཡས་པ། རི་བོ་རྣམ་རྒྱལ་བ། བྱིང་བསམ་གཏན་རྩེ་པ་གསུམ་གྱིས་ཞབས་འཐུད་དེ་སོ་སོས་ཡུལ་ལུགས་དང་བསྟུན་པའི་ཚན་གྲངས་བསྟར་ནས་རིང་པོར་གནས་པའི་རྟེན་འབྲེལ་གྱི་སྒོ་འཕར་བསྒྲིགས། གྲ་ཚང་གསུམ་པོར་བླ་མའི་རྣལ་འབྱོར་གྱི་དམིགས་རིམ་ཕུལ། ཞིང་བཀོད་ཀྱི་ཐང་ཁ་རྣམས་གྲུབ་པའི་རས་དང་བསེ་པགས་ལ་དབང་དང་སྒྲུབ་པའི་ཚེ་ཉེར་མཁོ་ཙཀ་ལི་གཏོས་ཆེ་བའི་དབུ་བཙུགས། ཚེས་གསུམ་ལ་གངས་རིའི་ཁྲོད་ཀྱི་རྡོ་རྗེ་འཆང་ངུར་སྨྲིག་གི་ཟློས་གར་ཅན་རྒྱུད་སྟོད་སྨད་གཉིས་ནས་རིམ་པ་བཞིན་ཟང་ཟིང་གི་སྐྱེས་དང་བཅས་འོག་མིན་ཞིང་གི་མགོན་པོ་ལྟར་མི་གཡོ་བའི་བདེན་བརྗོད་རྒྱ་ཆེར་མཛད། ཡར་ཀླུངས་བཀྲ་ཤིས་རྩེ་ནས་རྣམ་རྒྱལ་སྒྲུབ་མཆོད་ལ་བྱོན་པ་རྣམས་དང་ཕྲད་ཅིང་ཇ་གྲལ་གྱི་ཐོག་རིང་འཚོའི་ཚིགས་བཅད་གསུངས། དེ་ཉིན་


GLG006_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྨོག་ལྕོག་སྐུ་སྐྱེ་བྱུང་བ་ཟལ་མོ་བྲག་སྐུ་སྐྱེ་ལ་དབང་ཆོས་མང་པོ་ཞུས་པའི་འཕྲོས་བྱེད་འདུག་པ་བླ་བརྒྱུད་ཀྱང་ཤོད་རྒྱུ་མེད་པའི་རྫུན་ཟོག་རབ་རིབ་ཁོ་ན་གླེང་བ་ཕ་སྨྱོ་བུ་སྨྱོ་བརྒྱུད་པ་སྨྱོ། བརྒྱུད་པ་རྡོ་རྗེ་འཆང་ཆེན་སྨྱོ་བའི་དཔེར་སྣང་། ལྷ་ལྡན་རུ་བཞིས་གསེར་དངུལ་གོས་དར་གྱི་བདོག་པ་གཅིག་ཏུ་བསྡུས་ཏེ་སྐྱེ་བོ་ཕོ་མོ་རགས་བསྡུས་ཚོགས་པའི་གསོལ་འདེབས་རིང་འཚོའི་ཚིགས་བཅད་ཀྱི་སྒོ་ནས་རྟེན་འབྲེལ་གྱི་སྒོ་འཕར་བརྒྱ་ཕྲག་ཕྱེ། འདི་ལོ་རྒྱ་ལྗངས་ཀྱི་ཐུགས་བྲེལ་སྟབས་ནས་རྒྱལ་པོ་བྱང་དུ་ཕེབས་པ་འཕྱིས་པའི་དབྱར་ཐོག་འབྱོན་པའི་སྒོ་དོད་པར་ཞལ་ངོ་བློན་འབངས་དྲག་རིགས་ལ་ཚེ་དབང་གྲུབ་རྒྱལ་མ་དང་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས་ཕུལ་བའི་ཚེ་རྒྱལ་པོས་ག་ཛ་མུ་ཏིག་སྒོ་ང་ཙམ་པའི་ཁྱད་ནོར་བསྟར། ཞལ་ངོ་ཚོར་བཀྲ་ཤིས་ཁ་བཏགས་ཀྱི་མདུད་པ་དང་དམངས་སྟོང་དུ་ཉེ་བར་ལག་པ་མགོ་བོར་བཞག་པར་བྱིན་རླབས་སུ་གྲགས་པའི་ཆེན་པོའི་རྣམ་པར་བསྐྱངས། ཁལ་ཁ་རྒྱལ་པོའི་སྲས་པཎྜི་ཏ་གནས་རྙིང་རྒྱལ་པོར་དོགས་པའི་ནད་དྲག་པོས་བཏབ་ནས་རྗེས་སུ་ལུས་པ་ཟུག་རྔུ་ལས་གྲོལ་ཏེ་འགྲོ་བའི་སྔོན་འགྲོ་རིང་འཚོའི་ཚིགས་བཅད་བརྩམས་པའི་ལུང་བཀླགས་ཤིང་ཆོས་སྐྱོང་ལ་བཀའ་བསྒོ་སོགས་འདོད་དོན་རྣམས་བསྒྲུབས་པའི་ཡབ་རྒྱལ་པོའི་བཤུལ་རྗེས་ཟིན་པར་སོང་། ཚེས་དྲུག་ལ་གྲ་ཚང་དབུ་མཛད་དཀོན་ཅོག་རྒྱ་མཚོ་དང་ངག་དབང་དཀོན་ཅོག་གཉིས་ཀྱིས་གྲ་པ་སྔོན་མ་རྣམས་དང་དབྱིབས་མཚུངས། ངག་དབང་དཀོན་ཅོག་གིས་གོས་སྣ་མང་བ་ཤོག་སེར་ཁྱད་ཅན་བྱིན་བྱུང་ཞིང་གྲ་


GLG006_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་དུ་སྙན་ཤལ་བརྒྱ་ལྷག་གི་སྤྱི་འབུལ་བྱས། དཔོན་མོ་བསོད་ནམས་ཚེ་དབང་ཅན་མང་དག་ཡན་ལག་བརྒྱད་པའི་ཁྲིམས་ལ་བཀོད། རྒྱ་ནག་ཏུ་དཔོན་བློན་ནང་འཁྲུག་གི་མུར་ཕིང་སིང་དབང་གིས་ཡི་གེ་སྐྱེལ་མི་ཤེའུ་པེའི་ལི་ཆཱེང་ཀུའི་ཅན་ཆེད་བསྟད་ཀྱིས་མངགས། མི་སྣའི་སྣེ་ལེན་བྱས་པ་འགབ་མི་འགབ་སོགས་ཤར་ཚོད་ཀྱི་བརྗོད་རིགས་སྣ་ཚོགས་བྱུང་ཡང་བོད་ལུགས་ལ་ཕྱོགས་ཀྱི་གསེར་ཡིག་པར་སྣེ་ལེན་བྱེད་པ་སྔར་སྲོལ་ཡོངས་གྲགས་ཡིན་གཤིས་དེ་དོན་བཞིན་བགྱིད་པར་སྡེ་པ་དང་གྲོས་ཐག་བཅད། མི་སྣ་ལ་ཇི་ལྟར་འོས་པའི་བདག་རྐྱེན་དང་ཡིག་དག་བླངས། ཡིག་ལན་དང་ངག་མར་ཁྱེད་དཔོན་བློན་ཧེ་བག་བྱུང་བ་མངའ་འབངས་ཀྱི་ཚོགས་སྡུག་བསྔལ་གྱི་རྒྱུར་སོང་བས་མ་ལེགས་པའི་ཚུལ། མན་ཇུའི་རྒྱལ་པོ་གཅིག་དང་གོང་གི་རྒྱལ་རབས་གཉིས་ཏེ་རྒྱལ་རབས་གསུམ་གྱི་བར་བོད་ཀྱི་མཆོད་ཡོན་དང་འབྲེལ་ཟབ་ཆེ་ཞིང་ངེད་རང་གིས་གོང་དུ་ཕྱིན་པའི་བདག་རྐྱེན་མཐའ་ཀླས་མཛད་ཚུལ་དབང་རང་ལ་རྒྱུས་ཡོད་པས་གོང་དུ་བསམ་སྦྱོར་ལོག་པ་ནི་རྨི་ལམ་ཙམ་དུ་ཡང་མི་བྱེད། བྱས་ན་དཀོན་མཆོག་ཐུགས་ཁྲེལ་བར་མ་ཟད་ཁྱེད་རང་ཡང་ཞེ་ཁྲེལ་བ་ལས་འོས་ཅི་མཆིས། དབང་དང་སྔོན་ཆད་འདྲིས་མེད་ནའང་ད་ལམ་གསར་དུ་ངོ་ཤེས་ཐོགས་པ་དང་རྣམ་འདྲེན་ཤཱཀྱ་སེང་གེའི་རྗེས་སུ་ཞུགས་པ་རྣམས་འགྲོ་བ་མཐའ་དག་ལ་མཉེས་གཤིན་པར་བྱེད་པ་ཁྱད་ཆོས་ཡིན་པས་འཁོར་བཅས་ལ་བསམ་པ་རྣམ་དག་མ་གཏོགས་ལོག་སྒྲུབ་བྱེད་རྒྱུ་མེད། ལར་ནས་བོད་པས་ཕན་ཚུན་གཉིས་


GLG006_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཤོགས་ནུས་མི་ཐོན། སོག་པོ་ཨོ་རོད་ནི་དྲག་ཤུལ་ཆེས་པས་ཚང་མར་བསྡབས་གསིགས་ལས་སྤྲོས་པའི་ལེགས་ཚོགས་མེད་ཚུལ་སོགས་མཆོག་གསུམ་ཐུགས་མི་ཁྲེལ་བའི་རྒྱུ་མཚན་གྱི་ཡིག་ངག་དང་བཅས་གསེར་ཡིག་པ་རྣམས་རྫོང་བདའ་བྱས་པས་དབང་དེ་བློ་གྲོས་དཀྱིལ་ཆེ་བའི་ཉམས་ཀྱིས་མགུ་ཞེ་ཁྲེར་དང་མ་མགུ་ཡིད་ཆེས་ཀྱི་དཔེར་སོང་། དཔལ་འཁོར་ཆོས་སྡེའི་མཁན་ཟུར་ཡོན་ཏན་སེང་གེ །སེ་རའི་སློབ་དཔོན་གསུམ། ཧོར་ཨ་མདོ་བ་མང་དག་དང་ཕྲད། ཚེས་བཅུར་དཔོན་མོ་བསོད་ནམས་ཚེ་དབང་གིས་བེར་ཟླམ་གྱིས་གཙོས་པའི་གོས་སྣ། གསེར། གོས་ཡུག་གཏོས་ཆེ་བ། ཇ་ཀོ་དྲ་ཉི་ཤུ་སོགས་བདོག་པ་དངོམ་ཆེ་བར་བཏེག །གྲ་ཚང་དུ་གྲ་ཇ་གོས་ཆེན་གྱི་འགྱེད་ཀྱི་ཐོག་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རྟེན་འབྱུང་བསྒྲིགས། མནྜལ་ཞིང་ཁམས་རྒྱ་མཚོ་ལྷ་མིའི་འདོད་ཡོན་གཡས་འཁྱིལ་གང་འདིའི་རྒྱུར་གསེར་བཙོ་མ་ཞོ་དྲུག་བརྒྱ་ཞེ་གསུམ། དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་གྱ་གཉིས། དངུལ་ཆུ་སྲང་བཞི་བརྒྱ་གྱ་གསུམ། ཟངས་ཁལ་ཆིག་བརྒྱ་བཅུ་གསུམ། ཞ་ཉེ་ཁལ་གཅིག །ཕྲ་རྒྱན་སུ་གནྟི་རྡོག་གཅིག །རྒྱ་ནག་པད་རཱག་རྡོག་ཆེ་ཆུང་རེ་བཞི། ཛ་ཏ་རུ་པ་རྡོག་གཉིས། ཨིནྡྲ་ནཱི་ལ་རྒྱ་སྲན་ཆུང་ཙམ་གཉིས། བཞུ་ཤེལ་སྣ་ཚོགས་བདུན་བརྒྱ་རེ་གཉིས། བུམ་གཟུགས་གསུམ། གཡུ་ལྗང་བྲག་གཟུགས་དཔངས་སོར་ཕྱེད་གསུམ་གསེར་གར་བླུགས་ཀྱི་ལྗོན་ཤིང་རྒྱ་བཟོ་མ་ཉིས་འབྱར་གཅིག །གཙུག་གཡུ་དྲུག །གཡུ་ཆེ་ཆུང་འདྲེས་པ་དྲུག་བརྒྱ་ཞེ་གཅིག །མུ་ཏིག་ཆེ་ཆུང་བསྡོམས་པ་བརྒྱ་སོ་བརྒྱད། བཻ་ཌཱུཪྻ་རྡོག་གཅིག །བྱུ་རུ་བཞི་བརྒྱ་


GLG006_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་དང་ནར་མོ་ཉེར་བདུན། རྒྱལ་ལག་བཞི། མུ་མེན་རིལ་མོ་གཉིས་དང་ནས་འདྲ་སོ་གསུམ། སྤོས་ཤེལ་ནར་མོ་བཅུ་དྲུག །ཟུར་གསུམ་གཅིག །རིལ་མོ་ཆིག་བརྒྱ་གོ་བདུན། ནལ་ཆེ་ཙམ་ནར་མོ་གཅིག་དང་རྡོག་ཆིག་བརྒྱ་དང་གཅིག །མཆོང་གཉིས། གཟི་ཧྲིལ་བཞི། མ་ན་ཧོ་མགྲོན་གཟུགས་གཅིག །ཤེལ་རྡོག་བཅུ་དགུ། མགྲོན་གཟུགས་གཅིག །ནར་མོ་གཅིག །ར་ཤེལ་ཤིང་འབྲས་གཟུགས་གཅིག །མཆིང་བུ་པུ་ཤེལ་རྡོག་གསུམ། ནཱི་ལ་ཚ་ལི་རྡོག་གཅིག །བསྒྱུར་ཤེལ་རྡོག་བཞི་བརྒྱ་བཅུ་དགུ། ཤེལ་མཐོངས་བཅུ་གཉིས་རྣམས་ལས་གྲུབ་པ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་ཏེ་འགོ་ལུང་པ་སྟག་ལུང་ཕྱག་མཛོད་བློ་བཟང་ངག་དབང་སོགས་ལྔ། རི་མོ་བ་གཏིང་སྐྱེས་ཚེ་དབང་ལྷུན་པོ། བལ་པོ་དབུ་མཛད་ཨ་མ་ར་སིདྷ། དྷ་ན་ཤིང་། བྱིངས་གྲས་ཞེ་དྲུག །ཟངས་བཟོ་དབུ་མཛད་རྣམ་སྲས་ལྷས་བྱིན། དངོས་གྲུབ། བྱིངས་གྲས་བཅུ་བཞི། ཤིང་བཟོའི་དོ་དམ་སྒེར་ལོགས་ཨ་དར། དབུ་མཛད་ལམ་རྙེད། གནས་གསར་འཇམ་དབྱངས། བྱིངས་གྲས་ཁ་ཤས། རྒྱ་བོད་ཀྱི་ཡི་གེ་པ་འཇམ་དབྱངས་དབང་པོ། དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བགྱིས་པ་འཛམ་བུ་གླིང་གི་རྒྱན་གཅིག་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྨོན་ལམ་རྣམ་དག་གིས་མཚམས་སྦྱར་ནས་ཕུལ། ཚེས་བཅོ་ལྔའི་ཞོགས་དཔོན་མོ་ཕུན་ཚོགས་སྒྲོལ་མར་བསྙེན་གནས་ཀྱི་སྡོམ་པ་ཕབ་ཅིང་གནས་བཅུའི་གོས་ཡོལ་ཆེ་ལེགས་གླིང་གསུམ་ཡོད་པ་ཞིག་བྱིན་བྱུང་། གངས་རིའི་ཁྲོད་ཀྱི་རིགས་པར་སྨྲ་བ་རྣམས་ཀྱི་འབྱུང་ཁུངས་


GLG006_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་མ་དྲོས་པ་ལྟ་བུ་དཔལ་གསང་ཕུ་སྣེའུ་ཐོག་གི་ཆོས་རྗེ་རྣམ་གཉིས། ལས་ཆེན། གཞུང་ལས། གྲངས་སུམ་ཅུ་སྐོར་དང་བཅས་པས་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་ཡན་ལག་བདུན་པ་དང་འབྲེལ་བའི་ཡུན་འཚོའི་རྟེན་འབྱུང་གི་སྔོན་འགྲོར་བདོག་པའི་ཡོན་སྦྱར། དེ་མཚུངས་སྟག་ཚང་ར་བ་སྟོད་པ་གྲ་ཚང་ཡོངས་རྫོགས་དང་ཉི་ཐང་གྲ་ཚང་སོ་སོས་ཆོས་སྤྱོད་སྨོན་ལམ་གྱི་རིམ་པ་རྒྱས་པར་གསུངས། ཉི་ཐང་སློབ་དཔོན་སོག་པོ་ངག་དབང་ཤེས་རབ་དེ་པྲཛྙ་ཤིན་ཏུ་ཆེ་བ་ཞིག་ཡོད་ཚོད་ནས་ཁོང་རང་གིས་བརྩམས་པའི་ཚིགས་བཅད་མང་ཙམ་སྣང་བ་ཚིག་དོན་གཉིས་ཀ་མཚན་ཉིད་དང་ལྡན་པར་གོ །ལྷ་ས་བྱང་གླིང་པས་རིང་འཚོའི་སྟེར་ཆ་བྱུང་། ཚེས་ཉི་ཤུར་བདག་མོ་ཡུམ་སྲས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཕུལ། ཚངས་པ་དུང་ཐོད་ཅན་གྱི་སྐུ་ཁོག་སངས་རྒྱས་ཕུན་ཚོགས་ད་ཆ་ངེད་ན་ཚོད་ཀྱང་མཐོན་པོར་སླེབས་གཤིས་ཡང་ཡང་མཇལ་བ་མི་འཆར་བས་ད་ལམ་ནང་མི་ཡོངས་རྫོགས་དང་བཅས་ཅིས་ཀྱང་འགྲོ་བ་འགབ་ཅེས་གཞུང་ཀོ་ཕབ་ནས་འབྱོར་པ་དང་ཕྱོགས་མཚུངས་སུ་སྒྲགས་སྔགས་གྲའི་བླ་སྤྱི་སོགས་ཁ་ཤས་དང་ཕྲད། སྐུ་ཁོག་འབྱོར་བས་རྐྱེན་བྱས་སྐུ་ཆས་ལེན་པར་བཏང་ནས་སྤྱན་འདྲེན་ཞུས་ཞིང་མཐུན་རྫས་ཀྱི་སྤྱན་གཟིགས་རྒྱས་པར་སྤེལ། ཚ་བོ་དེ་ལ་སྐུ་ཕེབས་ཞུས་པ་ཨེ་འགབ་ཁོག་པར་དྲིས་པ་ལེགས་ཕྱོགས་བྱུང་ཡང་ཆོས་སྐྱོང་ཕེབས་པའི་དུས་ཁོག་གསར་གྱི་རིགས་ལ་འཕྲལ་འཇུག་དཀའ་བས་རྟེན་འབྲེལ་འགྲིག་མི་འགྲིག་ཡོང་རྗེས་སོར་ཁོག་ཞུགས་བྱེད་གསུང་བའི་ཞལ་ལེན་མཛད་ཅིང་ལེགས་


GLG006_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བླང་དོར་དྲི་ལན་རྒྱས་པར་སྩལ། ཧོར་ཟླ་བདུན་པའི་ཚེས་བཞིར་མདའ་དཔོན་གནས་གསར་བས་གྲ་ཚང་དུ་ཡོན་དང་བདོག་པའི་ཚན་གྲངས་ཀྱི་མཎྜལ་སྤེལ་ཏེ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། གཞིས་རྩེ་མངའ་ཁུལ་ནས་གངས་ཅན་ཆོས་འཕེལ། ངོར། ཐུབ་བསྟན་ཡངས་ཅན། མཚན་སྒྲོག །གསེར་མདོག་ཅན་ལྔའི་མཁན་པོ། ཡང་འུག །སྒྲོལ་མ་ཕུག་པ། བཀྲ་ཤིས་ལྷུན་པོའི་ཕྱག་མཛོད། རི་སྦུག་དབུ་མཛད། རིན་ཅེན་རྩེ་ནས། ཚ་རོང་ནས། གནས་གསར་ཚེ་དབང་། དོན་གྲུབ། དབང་རྒྱལ་སོགས་ལྔ་བཅུ་སྐོར་དང་ཕྲད་ཅིང་གང་འཚམ་གྱི་དྲི་མེད་བགྱིས། ཕིང་སིང་ཆིང་དབང་གི་མི་སྔན་མ་ཐོན་གདོང་རྗེས་མ་ཤེའུ་པེའི་ཞའུ་ཆི་ཏཱེ་དང་ཆཱེན་ཝའི་ཀུ་ཝེ་གཉིས་འབྱོར་པས་བདག་རྐྱེན་སྟེར་ཆ་དང་བཅས་ལྷན་ཅིག་པར་སོང་། ཚེས་ལྔར་ཚེ་དཔག་མེད་འཆི་མེད་འོད་སྣང་གི་དཀྱིལ་འཁོར་ལ་བརྟེན་ནས་ཡུན་འཚོའི་རྟེན་འབྲེལ་བསྒྲིག་པའི་ཚོགས་འགྱེད་སྟེར་སྦྱིན་གྱི་དངོས་པོ་གྱ་ནོམ་པ་དྲུང་འཁོར་སྐྱ་སེར་སྤྱི་བསྡུས་ཀྱིས་ཡོན་སྦྱར་བའི་སྒོ་ནས་གྲ་ཚང་གིས་ཕུན་སུམ་ཚོགས་པའི་སྒོ་འཕར་ཕྱེ། གཞིས་རྩེ་རྫོང་སྡོད་ཀྱིས་དོ་དམ་བྱས་པའི་མངའ་ཁུལ་རྣམས་ཀྱིས་སོ་སོའི་འབྱོར་པ་དང་བསྟུན་པའི་བདོག་པའི་ཚན་གྲངས་ཁྱད་པར་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ཀྱིས་གསེར་དངུལ་གོས་དར་དངོམ་ཆེ་བ། ཚོགས་ཆས། བཀྲ་ཤིས་ལྷུན་པོ་ནས་དངུལ་སྲང་རེས་གཙོས་པའི་སུམ་ཚན། སྤྱི་བསྡུས་ཀྱིས་ཁ་བཏགས་དང་དྲིལ་ཡུག་རེའི་ཡོན་སྦྱར་ཏེ་མཛོད་དབུས་མ་ལས་བྱོན་པའི་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་


GLG006_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒོ་ནས་རྟེན་འབྱུང་བསྒྲིགས། དེ་ཉིན་གདན་ཡིག་ལྟར་གོ་བབས་ཀྱི་བཟོས་སྒོ་ལ་བརྟེན་གསང་སྔགས་གླིང་པ་རློམ་པ་སྐྱེས་ནས་རྫོང་སྡོད་ལ་སྦུད་ཤར་བརྒྱབ་པའི་གྲགས་པའང་བྱུང་། ཞག་གསུམ་གྱི་བཅད་རྒྱ་གྲོལ་ནས་སྦས་ཏི་དགྲ་བཅོམ་པའི་དགོན་གནས་སྐྱོར་ལུང་ཆོས་སྡེའི་མཁན་སློབ་རགས་བསྡུས། མར་ཁུ་སྦུས་སྐྱུའི་བཙུན་མ་དང་བཅས་པས་ཟང་ཟིང་གི་སྐྱེས་སྔོན་དུ་འགྲོ་བའི་རྟེན་འབྲེལ་བསྒྲིགས་ཤིང་མཆོད་འཕྲེང་གི་གདངས་སོགས་ཤིན་ཏུ་སྙན་པའི་སྒྲ་སྐད་བཞག །འོན་ཀྱང་དེ་ཕྱོགས་རྒྱལ་འགོང་མངས་པའི་སྟབས་ཡིན་ནམ་དེ་ནུབ་སེར་དྲག་སོགས་ནམ་མཁའ་ཅུང་ཟད་འཚུབ། མང་ར་མཁན་པོ་ཐང་སྐྱར་བསྐོས་པའི་ཕྱག་དཀར། འཕགས་སྡེ་མཁན་པོ། དཔལ་རི་སྤྲུལ་སྐུ། ཆོས་འཁོར་ཡང་རྩེའི་སློབ་དཔོན། སྙེ་ཐང་བཀྲ་ཤིས་སྒང་གི་དྲུང་ཆེན་དང་གཉེར་པ། ཆོས་རྫོང་དང་མྱུག་ཆོས་གླིང་གཉེར་པ། རག་ཤུལ་དབོན་པོ། མཁར་ལྡན་ནོར་བུ་བསམ་གྲུབ། ས་ཁུད་པ། སྦུས་སྲང་ཨ་བོ་སྨྱོན་པ། ཤིང་བཟོ་གྲ་ས་བ་རྣམས་དང་ཕྲད། ཕིང་སིང་ཆིང་དབང་གི་མི་སྣ་གསུམ་པ་ཤེའུ་བེའི་ཕན་ཡུལ་ལོང་དང་ཏོང་མིང་ཀའུ་ཅན་འབྱོར་བའི་དབང་གི་ཡི་གེ་རྟེན་སྦྲགས་སྤྲོད་ཚུལ་རྒྱ་ལུགས་ཀྱི་བསྒྲིགས་མ་དམ། ཇ་གྲལ་ཐོག་གང་ཅིའི་གནས་ཚུལ་དང་སྒེར་དུ་ངག་མ་ཞིབ་ཏུ་ཉན་ཅིང་སྔར་ཡོང་མི་དང་འདྲ་བའི་དམག་དཔོན་གྱི་ལས་འཛིན་ཡིན་འདུག་པས་དེ་རྩིས་ཀྱི་བདག་རྐྱེན་གང་ལེགས་བྱས། ཚེས་བཅུ་གཉིས་ལ་འཕྱོང་རྒྱས་སྟག་རྩེ་མངའ་ཁུལ་སྐྱ་སེར་རྣམས་ཀྱིས་ཡུལ་ལུགས་དང་བསྟུན་པའི་ཡོན་རྒྱས་པར་སྦྱར་ཏེ་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔའི་བརྟན་བཞུགས་སུ་གྲགས་


GLG006_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་འབྲེལ་བསྒྲིགས། དབུས་འགྱུར་སྨན་ལྗོངས་ཀྱི་གསང་ཆེན་སློབ་བཤད་ཀྱི་སྔགས་གྲ་བཀྲ་ཤིས་ཆོས་སྡེ་བ་གྲ་པ་བརྒྱ་སྐོར་དང་ངོར་མཁན་པོ། མཚན་སྒྲོག་མཁན་པོ་སོགས་ལ་དཔལ་ལྡན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་དང་ཀླུ་པའི་གཅིག་སྟེ་བཅུ་བཞིར་གྲགས་པའི་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་ཕུལ་ཤིང་མངོན་རྟོགས་ཀྱང་ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱི་དེས་གོ་མི་ཆོད་པ་མིན་ཀྱང་ཚར་ལུགས་ཀྱི་ཡི་གེ་ཚིག་ཟུར་མ་ཉམས་པ་བྱས་ཏེ་ཕུལ། འབྲས་ཡུལ་སྐྱེད་ཚལ་དང་ཐར་པ་མཁན་པོ། ཤངས་དགའ་ལྡན་ཆོས་འཁོར། འུ་ཡུག་བྲག་དཀར། རྟ་ནག་རྡོར་གདན་གསུམ་གྱི་སློབ་དཔོན། གཟིམས་ཤག་ལྷོ་པའི་ཆོས་མཛད། རིན་སྤུངས་རྫོང་སྡོད་སྦངས་ཆེ་བ། ཤངས་བདེ་ཡངས་པ། བྲག་དཀར་བ། བཀྲ་ཤིས་གླིང་དོན་ཆེན། བསམ་གླིང་དཀྱིལ་ཁང་པ། སྒོ་མོ་རབ་པ་སྐྱ་སེར། དགའ་བདེ་བ། བྱམས་ཆེན་དང་མཚན་སྒྲོག་གཉེར་པ་སོགས་དང་ཕྲད། བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་ཁུར་བླངས་ཏེ་གངས་ཀྱི་ར་བས་བསྐོར་བའི་རྒྱལ་ཁམས་སུ་འགྱུར་རོ་ཅོག་གི་འཕགས་ཡུལ་ཁ་སྤུ་ཅན་གྱིས་མཛད་པའི་བསྟན་བཅོས་པུ་སྟ་ཀཿཉིས་བརྒྱ་ལྷག་བཅས་བཞེངས་པའི་སྨོན་ལམ་ཆེ་བརྗོད་དང་བཟང་པོའི་བསྐལ་པ་འདིའི་རྣམ་འདྲེན་སྟོང་གི་སྣང་བརྙན་བཞུགས་པའི་གནྡྷོ་ལའི་དེབ་ཀྱི་འགོ་བརྗོད། སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱི་དོན་དུ་ཆ་དབང་བཀྲ་ཤིས་ཀྱིས་སྨན་བླ་བདེ་གཤེགས་བརྒྱད་སོ་སོར་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག་སྨོན་ལམ། ཚ་མིག་གྲ་རིགས་


GLG006_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོར་མཁན་སྐྱོ་ང་བའི་གསོལ་འདེབས། སེ་ཆེན་དབོན་པོས་ཚེ་རིང་བསམ་གྲུབ་ཀྱི་དོན་དུ་རྣམ་སྣང་གི་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག །བསམ་བློ་ཨ་ཞང་རབ་འབྱམས་པ་བློ་བཟང་འཇམ་དབྱངས་ཀྱི་ངོར་བླ་མ་སངས་རྒྱས་ཀུན་འདུས་ཀྱི་གསོལ་འདེབས་སྨོན་ལམ་རྣམས་བརྩམས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་དཀའ་བཅུ་བློ་བཟང་ལེགས་ལྡན་གྱིས་གསར་རྩོམ་མཛོད་དང་དཀའ་བཅུ་ལེགས་ལྡན་རྒྱ་མཚོ་དང་བློ་བཟང་ལྷུན་གྲུབ་གཉིས་ཀྱིས་འཇུག་འགྲེལ་གྱི་རྒྱུགས་སྤྲད། ཟླ་ཤས་ཀྱི་བར་ལྷོ་མོས་སུ་ཕྱི་འཁྲིད་རྡོ་རྗེ་བྲག་རྫོང་དང་ནང་གསང་གི་འཁྲིད་སོགས་སྙན་བརྒྱུད་ཚད་མ་བཞི་ལྡན་གཙོ་བོར་བཏོན་པའི་ཆོས་འཁོར་ཁྱབ་བདག་ཞ་ལུ་པ་ཆེན་པོས་བསྐོར་བའི་ཚེ་གནས་གསར་དབོན་རིན་པོ་ཆེ་དང་འདར་པ་ཆོས་མཛད་གཉིས་ལ་ཕོགས་དང་ཆོས་རྗེ་བཅོ་བརྒྱད་པར་ཟུར་གསོས་ཡང་དག་བྱས། དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་ལ་ཆོས་རྒྱལ་བྱང་པ་ངག་གི་དབང་པོ་དང་སྤྲུལ་པའི་གཏེར་སྟོན་ཡོལ་མོ་བ་ཆེན་པོས་མཛད་པའི་ཡིག་ཆ་ཁ་ཡར་འདུག་པ་ཤིན་ཏུ་ཁུངས་བཙུན་ནའང་ཆ་ལག་ཚང་མི་ཚང་ཅི་རིགས་ནས་དེ་དག་གི་དགོངས་དོན་འཁྲུགས་བསྡེབས་སུ་བྱས་པའི་འཕྲིན་ལས་བརྒྱ་ཕྲག་ཉིད་ངོས་འཛིན་པའི་སྣང་གསལ། མདོས་ཆོག་རྒྱ་འབག་མིག་གི་རྣམ་འཕྲུལ། དེའི་ལག་ལེན་དྲན་པའི་གསལ་འདེབས། སྲེག་གཏད་རྗེས་གནང་མུ་ཐི་ལའི་འཕྲེང་བ་བཞི་པོ་ཚེས་གཅིག་ནས་བཅུ་གསུམ་གྱི་བར་ལ་གྲུབ་པར་བཀོད། ཚེས་བཅུ་བཞིར་མཚན་སྒྲོག་མཁན་པོ་དང་དར་མོ་སྨན་རམས་པར་སྨྱུང་གནས་ཀྱི་དུས་ཁྲིམས་ཕབ་སྟེ་རྐྱང་ཁུག་གཏོང་


GLG006_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅུག །ལྷ་ས་བྱང་གླིང་པས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོའི་རྟེན་འབྱུང་ལ་མཆིས་བྲང་གི་ལུས་རྒྱན་གྱི་རིན་པོ་ཆེ་ཁ་ཤས་སོགས་ཀྱི་སྟེར་སྦྱིན་དང་གྲ་ཚང་དུ་ཡོན་སྦྱར། ཚེས་བཅོ་ལྔའི་སྔ་དྲོ་ཕྱག་མཛོད་ཕུན་ཚོགས་རབ་བརྟན། ཁལ་ཁ་སྐུ་སྐྱེ། ཁུན་དུ་ལུ་ཨ་པ་ཤིའི་ཐོ་ཡོན་ངག་དབང་དོན་གྲུབ་སོགས་ལ་ཚེ་དབང་གྲུབ་རྒྱལ་མ། སྨན་བླ་སྤྲུལ་སྐུ་དང་སྒྲུབ་ཐབས་རྒྱ་མཚོའི་ནང་གི་རྣམ་རྒྱལ་མ་གཙོ་རྐྱང་གི་རྗེས་གནང་བསྐུར་ནས་ཕྱག་མཛོད་ཕུན་ཚོགས་རབ་བརྟན་ལ་སྒེར་གྱི་སྟེར་ཆ་དང་མཐུན་པའི་སློག་སོགས་རྫོང་བདའ་གང་ལེགས་བྱས། སྤྲུལ་པའི་སྐུ་ད་ལོ་དབུས་ཕྱོགས་སུ་ཕེབས་ན་ཨེ་ཡོང་གི་དྲི་བར་མཚན་ཉིད་ཀྱི་ཐུགས་གཉེར་སྐབས་ཕྱོགས་ཕེབས་འདི་གནོད་པོ་ཡོང་བས་རེ་ཞིག་གསན་སྦྱོང་གང་སྨར་འགབ་ཚུལ་མོལ། ཨེར་ཏེ་ནི་ཆོས་རྗེ། དཔོན་མོ་བསོད་ནམས་ཚེ་དབང་ཡུམ་སྲས་བཅས་པར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། མ་ཎི་དང་ཨ་ར་པ་ཙ་ནའི་བཟླས་ལུང་དང་ཤལ་སྣམ་ཕྲུག་གིས་ཐོག་དྲངས་པའི་རྫོང་བདའ་རྒྱས་པར་བགྱིས། ཨོ་རོད་གཡས་རུ་དའི་ཆིན་ནང་སོ་སོགས་གསར་འགྲུལ་བརྒྱ་སྐོར་གྱིས་རྒྱ་ནག་དང་སྟོད་ཧོར་ལ་བརྟེན་པའི་དངོས་པོ་ཚན་ཆེ་བ་བསྟར། ཕིང་སིང་ཆིང་དབང་གི་མི་སྣ་ལ་ཡིག་ལན་རྟེན་སྦྲག་ངག་མ་སྟེར་ཆའི་རྫོང་བ་བྱས། དབང་གིས་འདི་གའི་འདྲ་འབག་དང་མདུད་པ་ཁ་ཤས་དགོས་ཚུལ་བྱུང་བ་བསྲིངས། སྤོར་ཐོག་བླ་མ། ལྷ་ལུང་ནས་གཉིས་དང་ཕྲད་ཅིང་ཞང་སྟོན་སྐུ་མདུན་ཕུན་ཚོགས་རྣམ་རྒྱལ་ལ་ཚེ་དབང་གྲུབ་རྒྱལ་མ་བསྐུར། ཚེས་བཅུ་བདུན་ལ་ཐར་པ་མཁན་པོ། རྫོགས་ཆེན་སྤྲུལ་སྐུ། དཔལ་རི་


GLG006_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་གསུམ་ལ་བླ་མ་བདེ་ཆེན་དབང་ཕྱུག་གི་བྱིན་རླབས་དབང་བཞི་ཕུལ། མཚན་སྒྲོག །སྐྱེད་ཚལ། ཐར་པ་གསུམ་གྱི་མཁན་པོ། ཤངས་དགའ་ལྡན་ཆོས་འཁོར་དང་ཞི་གནས་པའི་སློབ་དཔོན་སོགས་ཉི་ཤུ་སྐོར་ལ་སྨན་བླ་སྤྲུལ་སྐུ་དང་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་གནང་ཕུལ། སྐྱེད་ཚལ་མཁན་པོ་སྨན་བླའི་སྐོར་ལ་དོན་གཉེར་ཆེ་བར་མ་ཟད་དམ་པའི་ཆོས་ཁོ་ནར་ཞོལ་བའི་དགེ་བའི་བཤེས་གཉེན་ཆེན་པོར་སྣང་། མཚན་སྒྲོག་མཁན་པོས་འདི་ག་དང་སྐྱེད་ཚལ་མཁན་པོས་སྡེ་པའི་བརྟན་བཞུགས་བསྐུལ་མ་མཛད་པ། རིགས་ཀུན་བདག་པོ་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱི་ཐུགས་དམ་དུ་འཕགས་པ་བརྒྱད་སྟོང་པ་བཞེང་བ་གནང་བ་དང་ཡར་འབྲོག་བསམ་སྡིངས་སྤྲུལ་སྐུས་རྒྱལ་བའི་བཀའ་འགྱུར་རོ་ཅོག་བཞེངས་པའི་སྨོན་ལམ། ངག་དབང་ནམ་མཁའ། ཀླུ་འབུམ་ཆོས་རྗེ་རིན་ཆེན། ངག་དབང་མཁས་བཙུན་གསུམ་གྱིས་འདི་ག་དང་ཆོས་རྗེ་བཅོ་བརྒྱད་པས་ངེད་རང་དང་ཞ་ལུ་མཁན་རིན་པོ་ཆེའི་བརྟན་བཞུགས། མདོ་བཙུན་གྱིས་འཇིགས་བྱེད་དང་ཕྱག་དྲུག་པའི་ཐང་ཁ། བློ་གྲོས་རྒྱ་མཚོས་བཀའ་གདམས་གླེགས་བམ་གྱི་འཁྲུངས་རབས། བདེ་བ་ཅན་གྱི་ཞིང་བཀོད། མཉན་ཡོད་ཀྱི་ཆོ་འཕྲུལ། མཛད་བཅུ། གནས་བཅུ། ལམ་རིམ་བརྒྱུད་པ། སྒྲོལ་མ་རྣམས་བཞེངས་པའི་རྒྱབ་ཡིག །ལྷ་ས་ཟུར་ཁང་པ་ཁྱོ་ཤུགས་ཀྱི་ཁ་ཏོན་དུ་དྲག་དམར་དང་ཚེ་དཔག་མེད་ཀྱི་སྒྲུབ་ཐབས། ཁྱབ་བདག་ཞ་ལུ་པ་ཆེན་པོས་རྩོམས་ཤིག་པའི་གནང་བ་ཐོབ་པ་ལ་བརྟེན་ནས་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་འཁྲུལ་མེད་ཡིད་


GLG006_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་སུམ་ལྡན། ཛ་བྷིར་གྱི་ཞལ་ཤེས་རྣམས་བྲིས། བཀྲ་ཤིས་རྩེ་ཆོས་སྡེ་བས་ཚེ་ཆོག་གྲུབ་མཚམས་ཨེ་ཝཾ་ཕོ་བྲང་དུ་ཉིན་བཅུའི་བར་གུར་ཞལ་གྱི་བསྐང་བ། དབུས་གཙང་གི་རྫོང་གཞིས་ཁ་ཤས་སུ་བཀའ་འགྱུར་ཉིས་བརྒྱ། ཐང་ཡིག་ལོ་གྲངས། མཚན་བརྗོད་འབུམ་ཐེར། ཕྱག་འཚལ་ཉེར་གཅིག་ས་ཡ། ཨྱཱཻ་རིང་བྱེ་བ་གཉིས། ཤེར་སྙིང་ལྔ་འབུམ། ཚེ་གཟུངས་ས་ཡ་གཉིས། སེར་འབྲས་སོ་སོར་ཇ་ཚུལ་ཉི་ཤུའི་ཐོག་དམིགས་བརྩེ་མ་གང་འགྲོ། རྒྱལ་དུ་དམག་ཟོར་མའི་བསྐང་བ་འབུམ། ཞལ་དང་བེག་ཙེའི་བསྐང་བ་ལྔ་སྟོང་རེ། ཕྱག་དྲུག་པ། ལས་གཤིན། གུར། རྣམ་སྲས་རྣམས་ལ་སྟོང་རེ། ཆོས་སྐྱོང་བྱིངས་ལ་བརྒྱ་རེ། སྲོང་བཙན་དུ་མ་ནིང་དང་ཐང་པོ་ཆེར་གསོལ་མཆོད་བརྒྱ་རྩ། ལྷ་སར་ཕྱུགས་ལུག་བརྒྱའི་སྲོག་བླུ་སོགས་ཚོགས་གསོག་རྒྱ་ཆེར་བསྐྲུན། ཚེས་བརྒྱད་ལ་སོལ་ཐོན་ཐའི་ཇི་ཕ་བུ་ལ་ཐོན་རྫོངས་བྱས། ཚེས་ཉི་ཤུ་ནས་བཙུགས་པའི་རྒྱལ་ཐང་ལྗངས་ཕྱོགས་ཀྱི་ཇུས་རིམ་དུ་དབུས་གཙང་གི་སྔགས་རྙིང་མའི་སྡེ་ཁ་ཤས་ནས་ཁྲོ་རོལ་གསུམ། ཟིལ་གནོན་ཁྲོ་ཆུ་འཆར་ཀ་སོགས་ཀྱི་སྒོ་ནས་དགྲ་མནན་དགུ། འཆར་ཀའི་གླང་ཆེན་སྣ་བསྒྱུར་དང་ཟོར་ལས་གནམ་ལྕགས་ཐོག་མདའ། ཚེ་བདག །ནག་པོ་གསུམ་དྲིལ། ཁྲོ་ཆུའི་གཏོར་བཟློག །སེར་འབྲས་དགེ་གསུམ་དུ་ཇ་ཚུལ་གྱི་ཐོག་ཤེར་སྙིང་གི་མདོ་སྒྲུབ་རྣམས་བསྟར། འབྲས་སྤུངས་བདེ་ཡངས་པའི་རིགས་གྲའི་སྐལ་བ་སྐྱེལ་བར་སློབ་དཔོན་ངག་དབང་བསྟན་འཛིན། དགའ་ལྡན་རབ་འབྱམས་པ། བསམ་ཡས་རབ་བྱུང་བླ་མ། དོ་ནང་


GLG006_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པད་གླིང་པ་རྣམས་དང་ཕྲད། ཉེར་གསུམ་ལ་རིན་སྤུངས། ཤངས། པ་རྣམ་སྟེ་རྫོང་ཁག་གསུམ་གྱི་འགོ་མིར་སྦངས་ཆེ་བ། སྟོང་ར་བ། མེ་དོ་བས་གཙོས་སྐྱ་སེར་རྣམས་གཅིག་ཏུ་བསྡོམས་ནས་ཚོགས་འགྱེད་སྟེར་ཆ་དང་བཅས་གྲ་ཚང་ནས་འཆི་མེད་འོད་སྣང་གི་དཀྱིལ་འཁོར་ལ་བརྟེན་ནས་རྟེན་འབྲེལ་བསྒྲིགས། དམིགས་བརྩེ་མའི་ཊཱིཀྐ་ཚིག་དོན་རབ་གསལ་གཟིམས་ཤག་ལྷོ་པས་པར་དུ་བརྐོས་པ་སྐྱེལ་བ་དང་ལྷན་དུ་སེ་མདོ་དཀའ་ལྡན་རྣམ་རྒྱལ་དུ་འཛུགས་རྒྱུར་རིང་འཚོའི་ཚིགས་བཅད་དགོས་ཚུལ་བཞིན་བསྲིངས། ཉེར་བཞིར་གཏེར་སྟོན་རིན་པོ་ཆེའི་གཅུང་གཏེར་གསར་གྱི་ཆོས་བདག་ཏུ་འདུག་པ་ལྟར་སྔ་འགྱུར་གྱི་རིང་ལུགས་ཁོ་ན་ཉམས་སུ་བླངས་ན་ལེགས་རྒྱུར་མཁས་རློམ་ལ་ལས་དབྱེན་བཅོས་པའི་སྒྲ་སྙན་གྱིས་མཚོན་གཞུང་ལུགས་མང་པོའི་ཐོས་བསམ་དང་འདུལ་བའི་བཅའ་ཁྲིམས་ཀྱང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ལྟ་བུར་སོང་བས་སྲུང་མ་འཁྲུགས་པ་སོགས་རྟེན་འབྲེལ་འཕྱུགས་ནས་གློ་བུར་དུ་གཤེགས་པའི་བསྔོ་རྟེན་འབྱོར་ཞིང་དངུལ་ལྔ་བཅུ་མས་གཙོས་པའི་དགེ་འཐུད་ཀྱི་བདོག་པ་རྒྱས་པར་སྦྱར། འཕགས་ཡུལ་ནུབ་ཕྱོགས་རཱ་ཎ་དེ་བའི་ཡུལ་གྲུ་ནས་འོངས་པའི་སེ་ཎྱཱ་སི་ཡསྨ་གི་རི་དང་གོརྡ་ན་གཉིས་ཀྱིས་ཆུ་བོ་གངྒཱའི་ཆུ་ཀ་ལཱ་ཤ་ལག་པའི་གྲངས་ལྡན་བྱུང་བའི་བདའ་ལན་དུ་གསེར་ཞོ་ལྔ་སོགས་སྟེར་ཆ་བྱས། ཉེར་དགུར་དབོན་འདུར་ཚང་གི་འགྲུལ་པ་གསར་འབྱོར་ཁ་ཡར་དང་ཕྲད། ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་དཀའ་བཅུ་བློ་བཟང་བརྩོན་འགྲུས་ཀྱིས་གསར་རྩོམ་འཇུག་པའི་


GLG006_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུགས་སྤྲད། ཚེས་གཉིས་ལ་ཡར་ཀླུངས་བཀྲས་རབ་པ་སྤུན་གྱིས་ཡོན་སྦྱར་ནས་གྲ་ཚང་གིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རྟེན་འབྲེལ་བསྒྲིགས། ཚེས་དྲུག་ལ་གསང་ཆེན་རྒྱུད་སྡེ་བཞིའི་འབྱུང་ཁུངས་གོང་དཀར་རྡོ་རྗེ་གདན་པ་མཁས་གྲུབ་དགེ་བའི་དབང་པོས་ཐོག་དྲངས། སློབ་དཔོན། ཆོས་འཆད། དགེ་འདུན་བརྒྱ་ལྷག་གིས་ཚེ་དཔག་མེད་ཀྱི་ཆོ་ག་དང་འབྲེལ་བའི་ཡུན་འཚོའི་རྟེན་འབྲེལ་བསྒྲིགས་པའི་སྔོན་འགྲོར་བདོག་པ་མཎྜལ་གྱི་ཚུལ་དུ་བཏེག །སློབ་དཔོན་རྣམ་མཁྱེན་གྲོང་པས་ལུང་སྦྱོར་གྱི་བཤད་པ་སོགས་གཅིག་ཏུ་བསྡོམས་ཏེ་མཚུངས་མེད་ཆོས་ཀྱི་ཞལ་སྔ་ནས་བསྐལ་བརྒྱར་བཞུགས་པའི་བཀའ་བཞེས་ཞུ་ལགས་ཞེས་པའི་ཀོང་པོ་ཁ་ཐག་ཅིག་མཛད། ཆོས་རྗེ་དགེ་བའི་དབང་པོས་གཙོས་ཁ་ཤས་ལ་ཆིག་ལུགས་ཚེ་དཔག་མེད་ཀྱི་རྗེས་གནང་ཕུལ། ནཱ་ལནྜ་ཆོས་རྗེ་བཅོ་བརྒྱད་པ། བྲག་དབར་སློབ་དཔོན། པོ་ཏི་བླ་མ་དང་ཚ་རོང་བླ་མ། འབྲི་གུང་སྤོ་བོ་བན་གྲོང་པ། རག་ཤུལ་དགེ་སློང་། བེ་ལིག་ཨེར་ཁེ་ཐའི་ཇི། ཐོད་རི་བཤད་སྒྲུབ་གླིང་གི་སློབ་དཔོན། སེ་ར་ཐེག་ཆེན་གླིང་ནས་བྱ་བྲལ་དང་ཧ་གདོང་གི་དགེ་རྒན་རིགས་གྲའི་སྐལ་བ་སྐྱེལ་མི་སོགས། མང་དག་དང་ཕྲད། ཆོས་རྗེ་བཅོ་བརྒྱད་པར་རྒྱུད་སྡེའི་སྐོར་ལ་དོགས་གཅོད་བྱས་པ་རྣམས་ལ་ལན་ཞིབ་པར་བྱུང་ཞིང་མ་ནས་ཆོས་རྗེ་འདི་པ་དཀྱིལ་འཁོར་རེ་གཉིས་ཀྱིས་གསོལ་གྲོད་སྦོོས་པ་དང་སྐྱེས་ཚད་མཐོང་ཚད་སྨན་དུ་གྱུར་པའི་དབང་བསྐུར་མཁན་པོ་ཚོ་དང་མི་འདྲ་བའི་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཏུ་སྣང་། བི་ལིག་ཨེར་ཁེ་ཐའི་ཇིར་སྐྱེར་སྒང་ལུགས་


GLG006_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟ་མགྲིན་གྱི་བྱིན་རླབས་བསྐུར། རྒྱལ་བ་བཙོང་ཁ་པ་ཆེན་པོས་ཚ་ཁོ་དབོན་པོར་གདམས་པའི་ལམ་གྱི་གཙོ་བོ་རྣམ་གསུམ་འདི་རྗེ་བླ་མའི་བཞེད་པ་ཐུན་མོང་མ་ཡིན་པ་ནས་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་གྱི་དྲུང་དུ་གསུང་བཤད་ལན་མང་དུ་ནོས་པས་རང་ལོ་ཉེར་གཉིས་པའི་དུས་ཞལ་དཔོན་སྦྱིན་དཔལ་གྱི་ངོར་མཆན་འགྲེལ་ཞིག་བརྩམས་ཀྱང་དྲུང་རམས་པ་དོམ་ཉག་གིས་ཞིབ་འཇུག་མཛད་པ་ལས་ཕལ་ཆེར་ཇི་མི་སྙམ་པའི་དཔེ་མ་འཕེལ། དུས་ཕྱིས་ཁམས་ཕྱོགས་ནས་དོན་གཉེར་ཅན་འདྲས་བསྐུལ་བ་དང་ཉེ་ཆར་དགེ་སློང་འཇམ་དབྱངས་གྲགས་པས་མཚམས་སྦྱར་བར་བརྟེན་དགོངས་འགྲེལ་ལུང་རིགས་གཏེར་མཛོད་བཀོད་པ་ཕྱག་རྒྱ་བའི་ཆོས་ཀྱི་མ་བསླད་པའི་དགེ་ལུགས་པ་གཙང་སིང་ངེ་བ་ཚོའི་ཐུགས་ལ་འཐད་རྒྱུའི་རེ་བ་ནི་ཡོད་མོད་དུག་སྨན་དུ་འགྱུར་བ་དང་སྨན་དུག་ཏུ་འགྲོ་བར་ངེས་པ་ནི་མི་སྣང་། ཚེས་བདུན་ལ་དབྱངས་ཨི། རེ་གཟའ་ལྷའི་བླ་མ། རྒྱུ་སྐར་ལྷ་མཚམས། འཕྲོད་ཀུན་དགའ། སྦྱོར་བ་ཤ་འཁོན། རྟེན་འབྲེལ་སྐྱེ་བ། སྟག་གི་ཉི་མ་རྣམས་ཡོད་པའི་འཕྲོད་སྦྱོར་དགེ་བའི་ཉིན་ཕོ་བྲང་ཆེན་པོའི་ཚོམས་ཆེན་དུ་གསར་བསྐྲུན་གྱི་བཀའ་འགྱུར་རོ་ཅོག་ཚར་བཞི་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོར་རྡོ་རྗེ་སློབ་དཔོན་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་བྱས་པའི་ཕན་བདེ་ལེགས་བཤད་གླིང་པ་ཡོངས་རྫོགས་ཀྱིས་ལྷ་བྲག་གཏེར་བྱོན་ཕུར་པ་ལྕགས་ཁང་མའི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་ཏེ་བཀྲ་ཤིས་དགའ་སྟོན་གྱི་ཆར་ཆེན་པོ་ཕབ། གསེར་ཞོ་རེ་


GLG006_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཚན་གྲངས་ཀྱི་ཡོན་དང་བསྙེན་བཀུར་གྱ་ནོམ་པ་བསྟབས། ཚེས་བརྒྱད་ལ་ཞྭ་དམར་མཆོག་གི་སྤྲུལ་སྐུའི་མཆོད་གཞིས་ལ། སྟོད་ལུང་རམ་པ་མདའ་སྒྲོའི་གཞིས་ཀ་ཐེམ་འཛིན་ཉེར་དྲུག་ལག་འབབ་ཆིག་སྟོང་སུམ་བརྒྱ་གྱ་བདུན། རྫོགས་ཆེན་སྤྲུལ་སྐུ་ངག་དབང་ཀུན་བཟང་འཇིགས་མེད་ལ་ཕོ་བྲང་ཐར་པ་གླིང་སྟོད་ཀྱི་སྤྱིལ་པོ། མདོ་པ་སྐུ་སྐྱེའི་འཛིན་ཤུལ་ཐེམ་འཛིན་བརྒྱད། ལག་འབབ་སུམ་བརྒྱ་གོ་དྲུག །ཁྱིམ་ཆུང་པ་དབང་ལྡན་གྱི་སྒྲུབ་རྟེན་དུ་གཞིས་རྩེ་ཁུལ་གྲོ་ཁུད་གཞིས་ཀ །ཐེམ་འཛིན་བཅུ་གཉིས། ལག་འབབ་བརྒྱད་དང་གསུམ་རྣམས་སྤྲད། ཚེས་དགུ་ལ་ཁལ་ཁ་ཨུ་རང་ཁང་ཐང་པ་ཨོ་པ་ཤི། སེ་ར་བྱེས་འཕྲིན་ལས་ལྷུན་གྲུབ་ཀྱི་སྐུ་སྐྱེའི་བསྔོ་རྟེན་སྐྱེལ་མི་ཇོ་རིག་ཐུ་ཧུང་ཐའི་ཇི་རྣམས་དང་ཕྲད་ཅིང་དངོས་པོ་གྱ་ནོམ་པ་བསྟར་པར་བྱང་ཆུབ་ཐོབ་པའི་རྒྱས་འདེབས་ཡང་དག་བགྱིས། ཕྱི་དྲོ་འདུལ་བ་ཟུར་པར་ས་ལུགས་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་དང་རྫོང་བདའ་བྱས། དྲང་སྲོང་ཨཱ་གསྟྱས་ཆུའི་དུག་དབྱུང་བའི་ཡན་ལག་བརྒྱད་ལྡན་ཚེ་ཆུ་བོ་རིའི་སྨན་ཆུ་ཞག་ལྔའི་བར་བསྟེན། གྲ་ས་ཆེན་པོ་སེར་འབྲས་གཉིས་ཀྱི་རྟེན་དེབ་ལེ་ཚན་གྱི་འགོ་བརྗོད། རབ་འབྱམས་པ་ཚུལ་ཁྲིམས་རྒྱ་མཚོ་དང་མགོན་པོ་དོན་གྲུབ་གཉིས་ཀྱི་ངོར་གསོལ་འདེབས་སྨོན་ལམ། ལྷ་ས་ཁང་གསར་བ་དགེ་བསྙེན་གྱི་དོན་དུ་བདེར་གཤེགས་བརྒྱད་ཀྱི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་བྱང་གླིང་བསམ་གྲུབ་རྒྱལ་པོས་དགོས་ཚུལ་བཞིན་དང་རྨེ་རུ་བླ་མ་རིན་ཅེན་རྒྱ་མཚོས་གསུང་རབ་དགོངས་འགྲེལ་དང་


GLG006_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་གླེགས་བམ་བརྒྱ་དང་སུམ་ཅུ་སྐོར་པར་དུ་བཏབ་ཅིང་གསེར་གྱི་སྨན་མདོ་བརྒྱད་བརྒྱ་པ་དང་སྤྱི་སོས་བདེ་གཤེགས་བརྒྱད་ཀྱི་ལྷ་ཚོགས་སྨན་འདམ་ལས་གྲུབ་པ་བཞེངས་པའི་སོ་སོའི་སྨོན་ལམ། སྔ་སོར་དཔྱད་པ་གསུམ་གྱིས་དག་པའི་འཇམ་དཔལ་ཚེ་བདག་གི་ཆོག་བསྒྲིགས་དང་ཕྱག་ལེན་རྣམས་གྲ་ཚང་དུ་ཚེས་བཅོ་བརྒྱད་མིག་དམར་དབྱུ་གུའི་འགྲུབ་སྦྱོར་ཐོག་བཙུགས་པའི་ཚེ་སྙན་དར་སྣ་ལྔར་ཁ་བྱང་བཏབ་སྟེ་ཕུལ། འཁོར་ལོ་སྡོམ་པ་ལཱུ་ཧི་པ་དང་དྲིལ་བུ་ལུས་དཀྱིལ་གཉིས་ལ་ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས་གནང་བའི་ཡིག་ཆ་ཟླ་མེད་པ་བཞུགས་ནའང་། དྲིལ་བུ་ལྷ་ལྔར་རང་བསྟན་ལ་ཡིག་ཆ་ཁུངས་ཐུབ་ཅིག་མི་སྣང་བས་རྩོམ་པའི་འདུན་པ་ཡོད་པའི་སྟེང་དུ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་སྒྲུབ་ཐབས་ལོ་པཎ་ཞལ་ལུང་དང་དཀྱིལ་ཆོག་དཔའ་བོ་གྲོང་འཇུག་རྣམས་བརྩམས་ཤིང་མཁན་ཆེན་ཞ་ལུ་པ་ཆེན་པོའི་སྤྱན་ལམ་དུ་འབེབས་པར་དགེ་སློང་འཇམ་དབྱངས་གྲགས་པ་བཏང་བའི་ཐེ་ཚོམ་གྱི་དྲི་མ་བསལ། ཁྱབ་བདག་ཞ་ལུ་པ་ཆེན་པོ་བསྟན་འགྲོའི་ཉེར་འཚོར་རྡོ་རྗེའི་ཁྲི་ལ་གཡོ་བ་མེད་པའི་ངོས་ཆོས་འཁོར་རྒྱ་ཆེར་སྐོར་བའི་རྟེན་འབྲེལ་དུ་བརྟན་བཞུགས་ཚིགས་བཅད་སྟན་དཀར་ན་བཟའ་ཆ་ཚང་། བཟང་ཇ་བར་ཁག་དང་བཅས་འབུལ་བར་དར་མོ་སྨན་རམས་པ་མངགས། ཉེར་བཞི་ལ་ཆ་དཀར་ནོ་མོན་ཁན་གྱི་ཇོ་རིག་ཐུ་ནང་སོ་ཅན་གྱིས་རྟ་སོ་གཅིག་བྱུང་། ཉེར་ལྔར་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེའི་མཁན་པོ་རྗེ་དབོན་ནམ་མཁའ་བསོད་ནམས་དབང་གིས་རྒྱལ་པོ། ཀ་ཚལ་བླ་མ་ཁྲི་ཟུར་


GLG006_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། ར་བ་སྟོད་བླ་མ་ཁྲི་ཟུར་གཉིས་གསང་ཕུ་རྣམ་རྒྱལ་གསེར་ཁང་དང་ཁུ་པེ་གྲ་ཚང་གི་སློབ་དཔོན། མཁའ་འགྲོ་དགེ་ཚུལ་མ། ཁལ་ཁ་གཡས་རུའི་ཐར་པ་ཨོ་པ་ཤི། ཨ་མདོ་དང་སོག་པོ་གཏོས་ཆེ་བ། ཚུར་ཕུའི་ཕྱག་མཛོད། ཀོང་པོ་བཅོས་མི་ཨ་བོ། སྡེ་པ་རག་པ་མ་བུ། ཁྲོམ་ས་བ་ཁུ་ཚན། དགུ་གཏོར་གྱི་ཚོང་དཔོན་བྲག་གདོང་པ་དང་རྣམ་རྒྱལ་སྒང་པ་སོགས་སྐྱ་སེར་རྣམས་ལ་ཇ་གྲལ་བཏང་། ཕྱིམ་རེད་ཁལ་ཁར་ལོག་མི་དགེ་སློང་དང་དགེ་ཚུལ་བདུན་རེ་བསྒྲུབས། ཀ་ཚལ་ཟུར་པ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ལ་གཤིན་རྗེ་ལོག་ཏྲི་སོགས་ཀྱི་མོལ་མཆིད་རྒྱས་པར་བགྱིས་ཤིང་གོས་སྣ་ཆ་ཚང་གི་སྟེར་ཆ་བསྟར། འབྲི་གུང་ཕྱག་མཛོད་དཀོན་ཅོག་རྒྱལ་མཚན་འབྱོར་བའི་རྟ་བཅོ་བརྒྱད་བྱིན། ཉེར་དྲུག་ལ་བཀྲ་ཤིས་རྩེའི་དབོན་རིན་པོ་ཆེར་ཁའུ་བྲག་རྫོང་པའི་རིང་ལུགས་གཙོ་བོར་བཏོན་པའི་རིས་མེད་ཀྱི་རྒྱུད་སྡེ་རྒྱ་མཚོ་ཆེན་པོར་གསན་བསམ་མཛད་དགོས་པའི་རྒྱུ་མཚན་མོལ་ཏེ་དངོས་པོའི་ཚན་གྲངས་དང་བཅས་རྫོང་བདའ་བྱས། ཉེར་བརྒྱད་ལ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་སྤྲུལ་སྐུའི་དོན་སྐོར་ལ་ཕྱག་མཛོད་དགོན་སྟོད་པ་ཅན་གྱིས་སྡེ་པར་ཆོས་ཀྱི་རྒྱལ་པོ་འཕགས་པའི་སྐུ་བེར་དིང་ཕོན་སྲབ་བཏགས་མ་བྱུང་བ་ནང་རྟེན་ཁྲོད་དུ་ཡོད། སློབ་དཔོན་ཆེན་པོ་པདྨའི་རྣམ་སྤྲུལ་འཕགས་ཡུལ་གྲུབ་ཆེན་ཛ་ཧ་བྷིར་གྱི་དངོས་སློབ་བཛྲ་ནཱ་ཐས་ཆོས་རྒྱལ་འབྲི་གུང་པར་གནང་བའི་རླུང་སྦྱོར་གྱི་སྐོར་ཆ་ལག་ཚང་བ་དང་མ་ནི་ཀ་བཛྲ་གྱིས་ཐམས་ཅད་མཁྱེན་པ་མཁྱེན་


GLG006_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་ཕྱུག་ལ་གནང་བ་གཉིས་ཀ་ཐོབ་ནའང་ཕྱི་མའི་ཕྱག་ལེན་བཞིན་ཧོར་ཟླ་དགུ་པའི་ཚེས་གཅིག་ནས་ཞག་བདུན་གྱི་རིང་མཆོད་དཔོན་པས་གྲོགས་བྱས་ཏེ་བྷྲུ་རླུང་གི་ཉམས་ལེན་ཆིག་དྲིལ་དུ་བགྱིས། ལ་ལ་ཉིན་ཞག་རེ་ལ་ཇ་ཕོར་པ་རེ་ཙམ་འཐུང་བའི་རྩིང་སྤྱོད་ཡོད་འདུག་རུང་ཆུ་ཐིགས་པ་གཅིག་དང་ཟས་ནས་འབྲུ་གཅིག་ཀྱང་མ་བཏང་བའི་ཉམས་ལེན་ལ་བརྟེན་རླུང་གིས་ནུས་པས་ལྟོགས་སྐོམས་ཀྱི་སྣང་བ་ནི་ཅུང་ཟད་ཙམ་ཡང་མ་བྱུང་། ཆོས་རྒྱལ་རིན་ཆེན་ཕུན་ཚོགས་དང་རྗེ་མཁྱེན་བརྩེའི་ཞབས་ལ་མངོན་མཁྱེན་དང་སྙུན་ལས་གྲོལ་བ་སོགས་ཀྱི་རྟགས་ཡ་མཚན་པ་བྱུང་བ་བཞིན་ནི་ག་ལ་ཡོང་། འོན་ཀྱང་རྒྱུ་མེད་ཀྱི་འབྲས་བུ་ལྟར་ཞག་རེ་ལ་དྲི་ཆུ་དཀར་ཚད་ཕྱེད་དོ་རེ་བྱུང་བ་ནད་རང་འཁྲུས་སུ་མངོན་། མཆིམས་ཕུར་དཔལ་རི་སྤྲུལ་སྐུ་གྲ་བཅས་བཅོ་ལྔས་འཆི་མེད་སྐུ་གསུམ་འདུས་པ་དང་གཡའ་མ་ལུང་དུ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་གྲ་བཅས་བཅོ་ལྔས་ཚེ་དཔག་མེད་བདུད་རྩི་འཁྱིལ་བ་སྒྲུབ་ཞག་བདུན་རེ་བཙུགས། ལྷ་སར་སྒོ་འགྱེད་ལ་ཡ་ཇུ་ཁོར་དྲུག་མ་ང་བཞི། སྤྲང་སྟོན་ཇ་འདུར་སྒེ་དོ་རྣམས་བཏང་། འབྲི་ལུང་གཞོན་ཚང་ལེགས་ལྡན་གྱི་ཞི་དྲག་སྒྲུབ་རྟེན་དུ་འོད་ཟེར་གྱང་པའི་འཛིན་ཤུལ་ཆུམ་པ་ཤོ་གོང་ནས་ཐེམ་འཛིན་བདུན། ལག་འབབ་ཆིག་སྟོང་སུམ་བརྒྱ་གྱ་དྲུག་བྱིང་བསམ་གཏན་རྩེ་པར་ས་སྣོན་དུ་རྩེས་དང་ལག་འདེབས་ཐོག་ནས་ལག་འབབ་སུམ་བརྒྱ་སྐོར་ཐོན་རྩིས་ཀྱི་ཞིང་བཅོ་ལྔ་སྤྲད། མཆོད་དཔོན་པས་ཞིང་བཀོད་གྲ་ཚར་སོ་ལྔ་བཞེངས་པའི་རྒྱབ་ཡིག་བྲིས། འདར་པ་ལོ་ཙཱ་བ་ཕ་བུ། ཕུ་ལུང་


GLG006_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་། བཀྲས་རབ་ཕུན་ཚོགས་དབང་པོ། རྡོ་དགོན་བློ་བཟང་དོན་ལྡན་ལྔས་ཕུག་པ་མན་ངག་ལུགས་ཐུན་མོང་མ་ཡིན་པའི་ལེའུ་ཐོ་ལོ་ལྔའི་བར་བཟོས། ཚེས་བཅོ་ལྔར་འདར་གྲང་ཆེན་མཁན་པོ་ཀ་སྤེ་བ་བློ་གསལ་བསྟན་པ་རབ་རྒྱས། ངོར་ཐར་རྩེའི་བླ་མ། དོན་གཉིས་གླིང་དང་དཔལ་འཁོར་ཆོས་སྡེའི་རྐྱང་འདུར་བདེ་བ་ཅན་གྱི་སློབ་དཔོན་ཟུར་པ། བྲ་ཡག་བླ་མ་སངས་རྒྱས་བཀྲ་ཤིས་ཀྱི་སྐུ་སྐྱེ། རྒྱལ་སྲས་བསོད་ནམས་བཀྲ་ཤིས་དཔོན་མོ་བཅས་པ། ལྕམ་ནོར་བུ་ཁྲ་སྒོར། ཞང་སྟོན་རི་ཁྲོད་པ། ཕིང་སིང་ཆིང་དབང་གི་མི་སྣ། སྣར་ཐང་མཁན་པོ་མ་ཡུམ་ལོ་ཆེན་གྱི་དབོན་པོ། མཆོད་རྟེན་བླ་མའི་གྲ་པ་དགེ་སློང་། བཀྲས་གཤོངས་རབ་འབྱམས་པའི་དབོན་པོ་རིན་ཅེན། སེ་ཆེན་ཁན་གྱི་ཤོག་ནས་མེརྒན་ཆོས་རྗེ། ཇའི་སང་རྗར་གོ་ཆའི་བུ་ཚེ་རིང་། རྒྱལ་པོའི་ཤོག་ནས་ཨེར་ཁེ་པག་ཤི །གནམ་བདེ་ལེགས་པའི་དཔོན་པོ་ཆོས་མཛད། བྱ་བྲལ་ཤེས་རབ་རྒྱལ་མཚན་སོགས་མང་དག་ལ་ཇ་གྲལ་དང་འཕྲོས་གླེང་བྱས། ཤངས་རྒོད་ཚང་རི་ཁྲོད་པ་སུམ་ཅུ་སྐོར་ལ་ཡི་གེ་དྲུག་པའི་སྒོམ་བཟླས་ཕབ། ཚེས་བཅུ་བདུན་ལ་ཐོས་བསམ་དར་རྒྱས་གླིང་གྲ་སློབ་སུམ་བརྒྱ་སྐོར་གྱིས་ཟང་ཟིང་གི་བདོག་པའི་མཎྜལ་དང་བཅས་རིང་པོར་གནས་པའི་སྨོན་ལམ་ཚིགས་བཅད་ཀྱི་རིགས་མང་དུ་གསུངས། འཇམ་དཔལ་ཟིལ་གནོན་གྱི་ཆོག་བསྒྲིགས་གསར་པའི་སྟེང་ནས་སྒྲུབ་ཞག་གསུམ་གྱི་བཅུ་དགུ་ལ་གདབ་ལས་རྒྱས་པ་སོགས་ཟོར་ལས་ཚང་བར་མཛད། ཨ་རིག་སངས་རྒྱས་དང་དབོན་པོ་དོན་


GLG006_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱིས་རྟ་དོན་བརྒྱད་བྱིན། རི་བོ་བདེ་ཆེན་གྱི་མཁན་ཟུར་ཏྲེ་བོ་ཆོས་རྗེ་ངག་དབང་དཔལ་བཟང་ཁམས་ནས་བྱོན་པའི་དབོན་སྐྱ་སེར་གཡོག་སུམ་བརྒྱ་སྐོར་འབྱོར་བའི་རྟ་བརྒྱ་བཅུ་བདུན། དྲེའུ་རེ་གསུམ་གྱིས་གཙོས་པའི་སྟེར་ཆ་སྤམས་མཐོ་བ་བྱུང་བར་དགེ་བ་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་བསྔོས། ཞིང་སྐྱོང་ནང་སའི་དབོན་ཆུང་གིས་གསེར་དངུལ་ཇ་གོས་དར་མང་བ་བསྟར་ཞིང་དེ་ཞོར་སྤང་གཤོངས་ཧ་རི་ཁའི་བླ་མ། ཐའི་ཇི་ནོར་བུ། རྭ་སྒྲེང་གི་ལས་སྣེ་བ། རི་བོ་ཆོས་གླིང་གི་གཉེར་གསར་རྙིང་། ཨ་མདོ་བ་ཉིས་བརྒྱ་སྐོར་རྣམས་དང་ཕྲད། ཉེར་གཅིག་ལ་མཁར་རྒྱ་རྣམ་སྒོམ་ཅན་གྱིས་རྟ་བཅོ་བརྒྱད། ཨ་རིག་བྱ་ཕྲལ་བློ་བཟང་ཅན་དང་རོང་པོ་བློ་བཟང་ཅན་གྱིས་རྟ་ཉེར་གསུམ་རེ། ནགས་ཤོད་སྦུས་མདའ་བླ་མས་རྟ་ཉི་ཤུ་རྣམས་ཀྱི་སྟེར་ཆ་བྱུང་། ཞག་བདུན་གྱི་རིང་དབུས་སྟོད་གཏེར་སྒྲོམ་གྱི་ཆུ་ཚན་བསྟེན། དིང་སང་སྔགས་འཆང་ཕལ་ཆེར་ཐུན་དང་ཕུར་པ་ཞོར་སྒྲུབ་ལས་མི་མཛད་པ་མང་ཡང་རྗེ་འབྲི་གུང་པས་དམག་བཏེག་ནས་ལག་ཆ་བཟོ་དགོས་བྱུང་ན་མདའ་ཐུངས་འགྲོ་བར་དགོངས་ཏེ་པད་གནུབས་བརྒྱུད་པའི་ཕྱག་བཞེས་བཞིན་ཐོག་མ་ནས་སྒྲུབ་པ་མཛད་པ་ལྟར་དགེ་སློང་འཇམ་དབྱངས་གྲགས་པས་རྡོ་རྗེ་སློབ་དཔོན་བྱས་ཏེ་གྲངས་བཅད་ཀྱིས་ཉེར་བདུན་ནས་ཐུན་ཕུར་སྒྲུབ་ཞག་བཅུར་ནུས་ལྡན་དུ་བསྟར། གནམ་གང་གི་དགོངས་ནས་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་རྡོ་རྗེ་སློབ་དཔོན་བྱས་ཏེ་གྲངས་བཅད་ཀྱིས་གཤིན་རྗེ་


GLG006_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་སྤུ་གྲིའི་སྲུང་བའི་དབུ་བཙུགས། ཟླ་བ་རྟིང་མའི་ཉེར་དགུ་ལ་མནན་ཟོར་གྱིས་མཐའ་བསྡུས་པའི་པུ་རི་དཀར་ནག་གི་ལས་སྦྱོར་པད་གནུབས་བརྒྱུད་པའི་མན་ངག་རྗེ་གནམ་ལྕགས་མེ་འབར་གྱི་ཕྱག་ལེན་ལྟར་གྲ་ཚང་གྱི་གྲ་པ་གྲངས་བཅད་ཀྱིས་ལག་ཏུ་བླངས་པས་ཁ་མ་རྡུགས་པའམ་སྟབས་འགྲིག་པ་ཇི་ལྟར་ཡང་རྒྱལ་ཐང་དུ་ཟླ་བ་བཅུ་གཅིག་པའི་ཚེས་ལྔའི་ཉིན་ཨུལ་ཇོའི་ཐུ་པཱ་ཐུར་གྱིས་གཙོས་པའི་བོད་སོག་གི་དམག་གིས་རྒྱབ་བྱ། མོ་བཀག །རབ་བརྟན། རྩི་བཞག །ཁང་གསར། ཨ་སྤོང་འགོ །རྩ་ཉེ་བ་སོགས་རྒྱལ་ཐང་ཡང་ཐང་གི་སྐྱ་སེར་ཚང་མ་བཅོམས་པར་སྣང་། ཧོར་ཟླ་བཅུ་པའི་ཚེས་ལྔར་དབུས་གཙང་གི་རྫོང་གཞིས་ཁ་ཡར་ནས་སྨན་བླ་བདུན་ཁྲི་དྲུག་སྟོང་སུམ་བརྒྱ་ཉི་ཤུ། མཚན་བརྗོད་སུམ་འབུམ། གཤིན་རྗེ་འདུས་པའི་དྲག་སྔགས་བྱེ་བ་གཉིས། དབུས་གཙང་གི་རིས་མེད་དགོན་ཨངྐི་གཉིས་པ་ཡན་ལ་ལོ་དུས་ཀྱི་མང་ཇ་བསྔོ་རྟེན་དེབ་གསལ་དང་འགྱེད་ཁམས་དངུལ་སྲང་ཉིས་སྟོང་དྲུག་བརྒྱ་རེ་དྲུག་རྣམས་སོང་། ཚེས་བརྒྱད་ལ་ལྷ་སའི་བསྙེན་གནས་མ་ཚོར་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། དགའ་ལྡན་ཤར་པ་ཆོས་རྗེ། ཉང་རོང་གྲ་ཚང་དང་ལྔ་མཆོད་པ་གཉིས་ཀྱི་བླ་མས་ཐོག་དྲངས་སྣེ་མོ་བ་ཁ་ཤས་ཨྱོན་མཚོ་མོ། རས་ཆུང་ཕུག་སྤྲུལ་སྐུ། རི་ཁྲོད་དགའ་ལྡན་ཟུར་པ་སྤྱན་གཡས་པ། དྭགས་ཟེ་མོ་དགོན་བླ་མ། ལྷ་རི་བླ་མ། སེམས་དཔའ་ཆེན་པོའི་དབོན་པོ། སེ་ཆེན་རབ་འབྱམས་པ། ཀོང་པོ་སྨན་སྒོམ་བླ་མ། མདོ་པ་སྐུ་སྐྱེ། འཛམ་གླིང་ཆོས་འཁོར་བའི་དབོན་


GLG006_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པོ། བཀྲ་ཤིས་རབ་བརྟན་པའི་རྟེན་འབྱུང་བསྒྲིག་མི་གཉིས། ཕག་མོ་ཆོས་སྡེའི་ལས་སྣ་བ། ལྷ་རྩེ་ཆོས་སྡེ་དང་ངོ་རྫོང་ཆོས་སྡེ་གཉིས་ཀྱི་སྨན་བླའི་ཕྱག་ལེན་འཁྲིད་མི། ནགས་ཤོད་སྦུད་མདའ་བླ་མའི་རྟ་སྟེར་མི། གཞིས་མགྲོན་རྟག་འདུ་སེ་སྐོར་བ། ཉན་པོ་ཕྱུག་པོ། སྟག་ལུང་སྦ་ཡན། དཀོན་ཅོག་བློ་གྲོས། གླིང་སྟོད་སྐུ་སྐྱེ། རི་བོ་ཆེ་བའི་པདྨ་སྐུ་སྐྱེ། བང་རིམ་ཆོས་སྡེའི་གཉེར་པ། ཆོས་འཁོར་ཡང་རྩེའི་གྲྭ་པ་བརྒྱ་ལྷག །བསོད་ནམས་བཀྲ་ཤིས་ཀྱི་མ་དང་དཔོན་མོ་འཁོར་བཅས། སྒོ་མངས་པའི་འབུལ་སྡུད་དཀའ་བཅུ་ཆོས་བློ་བཟང་། སེ་ཆེན་ཁན་གྱི་ཤོག་ནས་ཨེར་ཏེ་ནི་དབོན་པོ། ཨེར་ཁེ་དབོན། མེརྒན་ཆོས་རྗེ། ནགས་ཆུ་བླ་མ་བློ་གྲོས་རྒྱལ་མཚན། སེ་ཆེན་ཐའི་ཇིའི་མི་སྣ་ཨུ་ལང་པཱ་ཐུར་ཨེར་ཏེ་ནི་དའི་ཆེན་གྱི་མི་སྣ་ཆོས་མོས། སེ་ཆེན་ཞབས་དྲུང་གི་གྲྭ་པ་དའི་ཆེན་ནང་སོ། ཐར་པའི་སྲས་ཚེ་རིང་རྒྱ་མཚོ། ཨ་མདོ་བྱ་བྲལ་དཀའ་བཅུ་དགེ་འདུན་རིན་ཆེན། ཁ་རག་རྐན་ཕུ་བ་ཆོས་རྗེ་བསྟན་འཛིན་སོགས་ལྔ་བརྒྱ་སྐོར་དང་ཕྲད། རས་ཆུང་ཕུག་སྤྲུལ་སྐུས་ཀར་འབྲུག་ལ་མ་བལྟོས་པའི་རས་ཆུང་ལུགས་ཡིན་པའི་ཤེས་བྱེད་རྡོ་རྗེ་འཆང་ཏཻ་ལོ་ན་རོ་པ་ནས་བརྒྱུད་པའི་བཀའ་བབས་ལོ་རྒྱུས་ཡིག་འཕྲེང་གསུམ་གྱི་ཚོད་ལ་འོག་འོག་མིན་མིན་ཞེས་ཚིག་ལྷད་བཅུག་པའི་རྟ་རིང་མཛད་པས་ཇ་འདེབས་གཉིས་ཀྱི་ཡུན་འགོར། པདྨ་རྒྱལ་པོའི་སྐུ་སྐྱེ་ལ་སྟག་ལུང་ཕྱག་མཛོད་པ་ཅན་དོ་གལ་ཆེ་བ་འདུག་པ་ཝས་གཞུ་རྒྱུད་ཟོས་པས་མཆོག་སྣར་འཕོག་པའི་ཚོད་ཙམ་ཡིན་ཀྱང་རྔ་མོའི་འགྲམ་རུས་


GLG006_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མུར་བ་འདྲ། ཚེས་བཅུ་གཅིག་ལ་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གྱི་གྲ་པ་ཆོས་བཟང་པོས་བྱམས་ཆོས་སྡེ་ལྔ། རྩེ་གདོང་དྲུང་ཡིག་པ་དགེ་སློང་ཆོས་འཕེལ་གྲགས་པས་པདྨ་བཀའ་ཐང་། ཚ་རོང་དཔོན་ཚང་གི་སློབ་མ་ལྷ་མོ་ཚེ་རིང་གིས་གསོ་དཔྱད་རྒྱུད་བཞི་རྣམས་ཀྱི་རྒྱུགས་སྤྲད། ཁལ་ཁ་སྐུ་སྐྱེའི་ངོར་ངེད་རང་། ཤེས་རབ་བཟང་པོའི་ངོར་བཀྲ་ཤིས་ལྷུན་པོའི་སྤྲུལ་སྐུ་རིན་པོ་ཆེ། གྲགས་པ་ཤེས་རབ་ཀྱི་ངོར་རྒྱལ་སྲས་ཤེར་འཕེལ་སྤྲུལ་སྐུ་གསུམ་གྱི་བརྟན་བཞུགས། གཞིས་ཀ་ཤར་པས་མཚན་བརྒྱད་དང་བྱང་གླིང་བསམ་གྲུབ་རྒྱལ་པོས་སངས་རྒྱས་རབས་བདུན་གྱི་ཐང་ཁའི་རྒྱབ་ཡིག །སྔགས་བན་ངག་དབང་འཕྲིན་ལས་ཀྱིས་བུ་མོའི་དོན་དུ་ཞི་ཁྲོའི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག །དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་ངེད་རང་གི་འདྲ་འབག་བཞེངས་པའི་སྨོན་ལམ། རང་གི་ཁ་ཏོན་དུ་དམིགས་ཏེ་ཉང་ལུགས་དྲག་པོ་བདེར་གཤེགས་འདུས་པའི་སྒྲུབ་ཐབས་ཐོག་མདའི་ཚ་དབལ་རྣམས་བརྩམས། ཚེས་བཅུ་བདུན་ལ་རོང་པོ་བློ་བཟང་དོན་གྲུབ་ཅན་གྱིས་རྟ་སུམ་ཅུ་དང་ཨ་བསམ་པཱ་ཐུར་གྱིས་རྟ་དོན་དྲུག་བྱིན། རྩེ་གདོང་ནས་ཞབས་དྲུང་ཁྲི་རིན་པོ་ཆེ་བསོད་ནམས་བསྟན་འཛིན་དབང་པོ་ནཱ་ལནྜར་ཕེབས་རྩིས་ཀྱིས་ཆིབས་ཁ་བསྐྱོད་པ་ཤར་རྒྱག་སྟོད་ལུང་ཕུ་བརྒྱུད་ལྷ་སར་བྱོན་པར་ཆིབས་བསུ། ཚེས་ཉི་ཤུར་པོ་ཏ་ལར་ཕེབས་སྐབས་ངེད་རང་ནས་བསུ་བ་དང་ཕྱག་ལན་གྱི་རྣམ་པ། མཇལ་དར་བཞུགས་གདན་སོགས་ཆོས་ཀྱི་རྒྱལ་པོ་འཕགས་པའི་


GLG006_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་པོར་གོང་བརྒྱབ་ཀྱི་བཀུར་གཟོས་གང་ཆེ་ཕུལ། ཞལ་ངོ་ཁུ་དབོན་ཚང་མ་གསུང་སྒྲོས་ལ་ཐུགས་སྦུབས་འཐུམ་པ་ཞིག་སྣང་བས་དྲི་མལ་ཉང་ཉུང་འདྲ་ཞུས་པར་དེ་ལན་གྱི་ཕེབས་སྒོ་དང་གསུང་ངག་ཚོགས་སློབ་གསེར་ཆོས་ཆོས་སྐྱོང་གི་སྐོར་ལ་རྒྱུ་མཚན་ཕུལ་བར་སྲིད་གསུམ་རྣམ་རྒྱལ་སློབ་དཔོན་པར་ཞུ་ལན་ཕུལ་ཞིག་པའི་སྐབས་དབྱེ་སོང་བར་བདེ་བར་གཤེགས་པས་ཀྱང་རྗེས་སུ་གནང་བའི་བཀའ་ལ་དགོངས་པ་བསྟད་པ་འདྲ། མ་ནས་འཇམ་དབྱངས་འཁོན་གྱི་རིགས་སུ་འཁྲུངས་པའི་གསུང་ངག་དང་དབང་རྗེས་གནང་རེ་མང་གནང་རྒྱུ་ཡོད་ཚོད་དུ་འདུག་རུང་ཁྲི་ཆེན་གོང་མ་ཀུན་དགའ་བསོད་ནམས་ལྷུན་གྲུབ་དེ་རྒྱུད་སྡེ་རྒྱ་མཚོར་མཁྱེན་པ་ཆེ་བར་མ་ཟད་གནས་ལྔ་རིག་པའི་པཎ་ཆེན་ངག་དབང་ཆོས་གྲགས་ལ་སློབ་བཤད་སོགས་ཡབ་ཆོས་མཐའ་དག་གསན་ནས་བསྟན་པའི་སྒྲོན་མེ་སྤར་བར་བཞེད་ཀྱང་ཁམས་པ་ངག་དབང་བསྟན་པའི་རྡོ་རྗེར་གྲགས་པའི་མཁས་རློམ་གཡག་ཞར་བའི་བརྟུལ་ཞུགས་འཛིན་པ་ཞིག་གིས་འཕྲིན་ལས་ཀྱི་སྒོ་བཀག་པའི་སྐྱོན་གྱིས་ཞལ་ངོ་ཕྱི་མ་རྣམས་གདུགས་དཀར་སྔགས་ཀྱི་དཔེ་བཞིན་གསེར་ཆོས་ཀྱིས་གཙོས་པ་གཟིམས་ཁང་གི་ཐེམ་པའི་ནང་དུ་འདའ་ཡིན་མེད་པ་འདྲ། ཚེ་བདག་གི་དབང་གིས་མཚོན་ཆོས་བཀའ་ཁ་ཤས་དགོས་ཚུལ་ཕེབས་ཁ་ནམ་དུས་དང་དབང་ཆོག་རྗིབས་པས་འཕྲལ་འབུལ་མ་ཐུབ་པར་མ་ཟད་ཛེ་ཏཱ་རིའི་ལྷ་དགུ་དང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་སོགས་ལ་དབང་གྲལ་དུ་ཡང་ངེད་འགྲོ་མ་ལྕོགས་པས་ཆག་ལུགས་ཚེ་དཔག་མེད་དཀར་པོའི་རྗེས་གནང་ཕུལ།


GLG006_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གཞིས་ལེན་ཟུར་གསོས་ཚུར་གནང་གི་སྐྱེས་ལན་གང་རྒྱས་བསྟར་བས་དངར་མོ་དང་སྐྱུར་མོའི་དཔེ་བཞིན་ཐུགས་དགྱེས་པ་བསྐྱེད་པའི་འཕྲོས་ཤིག་སྣང་། མ་འགྱངས་པར་རོང་སྟོན་ཆེན་པོའི་གདན་སར་ཐེགས། ཁམས་བྱ་མོ་ནང་བླ་མ་དཔལ་ལྡན་གྲགས་པ། བོན་པོ་རྒྱལ་བ་ཡེ་ཤེས་ཀྱི་ཚ་བོ། དྭགས་པོ་གྲ་ཚང་གི་གཉེར་པ། གླིང་དགེ་སློང་བློ་བཟང་ཕུན་ཚོགས། འོན་དགོན་གོང་བླ་མ་ཉང་རོང་རབ་འབྱམས་པ་བློ་བཟང་བཀྲ་ཤིས། ད་ལའི་ཧུང་ཐའི་ཇིའི་མི་སྣ་མན་དུ་སྐྱབས། ཨེར་ཏེ་ནི་པཱ་ཐུར་ཐའི་ཇིའི་མི་སྣ་ཨོལ་མུད་གན། ཆེ་ཆེན་ཁན་གྱི་མག་པ་པཱ་ཐུར་ཐའི་ཇིའི་མི་སྣ་སུ་ཇུག་ཐུ་བླ་མ་དང་བཱ་ཁན་ཁུ་ཐུག་ཐུ། ཤས་བསོད་གླིང་སྟོད་པ། མང་ར་མཁན་པོ། བཟོད་པ་ཡེལ་དེང་གི་ལྷ་བཙུན། ཞང་སྟོན་བསྟན་རྒྱལ་ཡབ་སྲས། དགའ་ལྡན་ཚ་ཁོ་རབ་འབྱམས་པ། ར་ལ་ནོ་མོན་ཁན་གྱི་ནུ་བོ། ཨ་མདོ་སྟག་ལུང་དགེ་སློང་ལྷུན་གྲུབ་ཤེས་རབ། མཁས་པ་རྒྱ་མཚོའི་ཚ་བོ་འཇམ་དབྱངས། ཐར་པའི་མི་སྣ་བསམ་གཏན་དགེ་སློང་། ཁལ་ཁ་གཡས་རུ་བཟོད་པ་ཡེལ་དེང་དང་ནོམ་ཇི་ཧུང་ཐའི་ཇིའི་མི་སྣ་ཇའི་སང་དགེ་སློང་། གྲ་ཚང་ཆོས་རྗེའི་སྐུ་སྐྱེ་སོགས་སུམ་བརྒྱ་སྐོར་ལ་ཇ་གྲལ་བཏང་། རྒྱལ་བ་བཙོང་ཁ་པ་ཆེན་པོ་དགའ་ལྡན་དུ་གཤེགས་པའི་དུས་ཆེན་ལྷ་མཆོད་ཆེན་མོའི་ཉིན་དངུལ་སྐུ་མཐོང་བ་དོན་ལྡན་གྱི་དྲུང་དུ་མཆོད་པ་བཟབས་རྒྱས་དང་མཎྜལ་བརྒྱ་རྩ་ཕུལ་ཞིང་གསོལ་འདེབས་སྨོན་ལམ་ནན་ཏན་དུ་བཏབ། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་འཕྱོང་


GLG006_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ངག་དབང་བསྟན་འཛིན་གྱིས་གྲ་ཚང་དུ་དུང་གོས་དང་སྙན་ཤལ་འབུལ་རྩིས་ཀྱི་ཁ་བྱང་། ཁྱབ་བདག་ཞ་ལུ་པ་ཆེན་པོའི་བཀས་བསྐུལ་བར་བརྟེན་ནས་ཞ་ལུར་བཀའ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་བསྟོད་པ་པདྨ་རཱ་གའི་འཕྲེང་བ། མཁན་བརྒྱུད་གསོལ་འདེབས་ཁ་སྐོང་། ཞ་ལུའི་མ་ཧེའི་སྐད་གཏོང་བའི་ལམ་ཡིག །ལྷ་ལྡན་གྱི་བསྙེན་གནས་མ་ཚོའི་ངོར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་གསོལ་འདེབས་སྨོན་ལམ་དང་བཅས་པ་རྣམས་བྲིས། གདན་ས་གོང་ནས་འདི་ལོ་ཕེབས་བཞེད་ཀྱི་ཁྱབ་བདག་ཞ་ལུ་པ་ཆེན་པོ་བརྒྱུད་བཀའ་ཤོག་བྱུང་བར་ནམ་ཟླ་འཕྱིས་པ་ནས་ལོ་རྟིང་མ་ཙམ་འགབ་འདྲ་བསམ་རུང་སྡེ་པས་འདི་ལོ་རང་ཕེབས་པ་འགབ་ཚུལ་ནན་ཆགས་མཛད་པ་བསམ་ཡས་ནས་ཆོས་སྐྱོང་དཔོན་བློན་གྱིས་ལོ་སྔོན་མ་ཚོར་ཕེབས་གསུངས་པ་རིམ་འགྱངས་སུ་སོང་འདུག་པ་ད་ལམ་སྡེ་པའི་ཐུགས་རྒྱུད་བསྒུལ་བ་འདྲ། ཁོང་དཔོན་སློབ་ལ་ཀྱའུ། ཀྱ་རགས། ཀྱ་དར། རྒྱ་གླིང་སོགས་སྔ་ཐོག་གི་ལས་ཚན་ཐམས་ཅད་བསྒྲིགས་ཏེ་ཕེབས་དགོས་ཚུལ་ཞུས་རུང་དབུ་གདུགས་སྒིར་མཁན་རྐང་ཐང་པ་དང་རྒྱ་གླིང་པ་ཡང་ཆ་མ་འགྲིག་པས་གཏོང་མ་ཐུབ་པ་སོགས་ཐུགས་གྲ་འགྲིག་རྒྱུ་མ་མཆིས། གདན་ས་གོང་འོག་གཉིས་ལ་དངོས་གཞི་འགངས་ཆེ་ཆུང་མི་འདུག་ནའང་རྩེ་གདོང་གི་ཞལ་ངོ་ཕྱི་མ་གཉིས་འཕགས་པ་རིན་པོ་ཆེའི་བཞུགས་ཁྲི་པད་མ་ཅན་དུ་ཁྲི་འདོན་མ་མཛད་པ་ནས་ནང་གསེས་ཀྱི་ཁྱད་པར་ཅུང་ཟད་འདུག་པ་ཆིབས་བསུ་སོགས་ཤིན་ཏུ་རྒྱས་པ་དང་བཅས་ཆོས་འཁོར་དཔལ་གྱི་ལྷ་


GLG006_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སར་ཕེབས། ཚེས་ལྔའི་ཉིན་ཞབས་དྲུང་ཁྲི་ཆེན་ངག་དབང་བསོད་ནམས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། རིགས་ཆོས་ཀྱི་སྲས་ཁྲི་ཐོག་པ་ངག་དབང་ཀུན་དགའ་བཀྲ་ཤིས། རྡོ་རྗེ་བཙུན་མོ་ལྷ་གཟིགས་རིགས་ཀྱི་སྲས་མོ་བཀྲ་ཤིས་ལགས་དང་བཅས་པ་དཔོན་སློབ་རྣམས་དང་མཇལ་བའི་བཞུགས་སྟན་བསུ་ཕྱག་སོགས་བཀུར་གཟོས་གདན་ས་འོག་ལས་ཆེ་ཙམ་ཕུལ། གསེར་ཞོ་བརྒྱ་ཕྲག་ཤལ་དཀར་དམར་གྱིས་གཙོས་པའི་གནང་སྐྱེས་རྒྱས་པར་སྩལ། ཞབས་དྲུང་ཆེན་མོ་གསུང་སྟོད་སྐད་དམ་པ་ལྗགས་དིབ་ཀྱང་ཅུང་ཟད་སྣང་བས་ཡབ་རྗེ་སྔགས་འཆང་སེམས་དཔའ་ཆེན་པོ་དང་མི་འདྲ་བའི་ཐུགས་གུ་དོག་པ་ཙམ་འདུག་རུང་རྒྱུད་སྡེ་སྤྱི་དང་བྱེ་བྲག་ངོར་རྫོང་ཚར་གསུམ་སོགས་ཟབ་ཆོས་ཀྱི་སྐོར་ལ་དྲི་བ་ཞུས་པ་རྣམས་ལ་རྗེས་སུ་གནང་བའི་བཀའ་མཛད་མི་དགོས་པའི་ཞབས་དྲུང་ཉིད་ནས་གསུང་སྒྲོས་ཤིན་ཏུ་སྨར་བ་བྱུང་། གཞིས་ལེན་རྒྱས་པར་ཞུས་པའི་འཛུགས་ཆེན་ལྔའི་ནང་གི་ཐུད་སྒྲོམ་སྐུ་སྐྱོས་ཁྲོད་དུ་མགྲོན་གཉེར་གྱིས་ཐེན་པ་ཕྱོགས་དེར་སྲོལ་མེད་པའམ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བའི་དུས་ཀྱི་སྣང་ཚུལ་གྱི་རི་མོ་ཡལ་བ་གང་རུང་གི་ཚོད་དུ་མཆིས། ཚར་ལུགས་སྙན་བརྒྱུད་པོ་ཏི་ནས་མདོ་ཁམས་པ་རྡོ་རྗེ་བཀྲ་ཤིས་ཟིན་བྲིས་ཀྱིས་མཚོན་ལུང་མ་གསན་པ་ཁ་ཡར་དང་བྲམ་ཟེའི་མངགས་གཏད་སོགས་འགའ་ཞིག་དགོས་ཕེབས་པ་ཆོས་ཀྱི་བདག་པོར་འབུལ་བ་སྤྲོ་བ་ཆེ་ཡང་ནམ་དུས་དང་ལུས་གཅོང་གིས་འཕྲལ་དུ་འབུལ་མ་ཐུབ་པའི་སླར་


GLG006_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་རྩིས་དང་ད་ལམ་སྐུ་ཚེའི་རྟེན་འབྲེལ་དུ་ཆག་ལུགས་ཚེ་དཔག་མེད་དཀར་པོའི་རྗེས་གནང་ཕུལ། གདན་ས་གོང་འོག་གཉིས་ཀ་དང་ཐོག་མར་མཇལ་ཉིན་པུ་ཏྲ་མིང་སྲིང་གིས་འཁྲུལ་སྣང་ཆེ་བ་རེ་ཡོང་འདུག་པ་འཇམ་དབྱངས་འཁོན་གྱི་རིགས་ལ་སྲུང་མ་འདི་ངེས་པར་འཁོར་བ་ཞིག་ཡོད་པར་སྣང་། སང་ཉིན་ཞབས་དྲུང་ཡབ་སྲས་ཁྱབ་བདག་ཞ་ལུ་པ་དང་བཅས་དཔོན་སློབ་གསུམ་ལྷན་ཅིག་པར་ཇ་སྦྱོར་ལྔའི་རིང་ཕལ་ཆེར་ཆོས་ཕྱོགས་དང་འབྲེལ་བའི་གསུང་སྒྲོས་ཤིན་ཏུ་ཞིབ་ཅིང་ཞབས་དྲུང་གོང་མའི་གསན་རྒྱ་དང་དབྱིབས་མཚུངས་པ་སྣང་བར་ལེགས་སོ་དང་སླད་མར་ཡང་གདུང་བརྒྱུད་རིམ་པ་ཆིག་བརྒྱུད་དུ་བྱོན་པ་ཚར་ལུགས་གཙོ་བོར་གྱུར་པའི་རྗེས་འབྲང་མཁས་གྲུབ་རྣམས་ཀྱི་ཟབ་ཆོས་དང་བསྟན་པ་སྤྱི་བྱེ་བྲག་ལ་གསན་བསམ་འཆད་ཉན་སོགས་དིང་སང་སྐུ་ན་གཞོན་དུས་འདིར་གནང་དགོས་ཚུལ་དང་དེ་མཚུངས་ཞབས་དྲུང་ཁྲི་ཐོག་པར་ཡང་སྙན་སྒྲོན་ཕུལ། ལོ་ཆེན་རིན་ཅེན་བཟང་པོས་རྒྱ་གར་ནས་སྤྱན་དྲངས་པའི་ཡོན་ཏན་གྱི་རྟེན་མགོན་པོ་ཤིང་དྲུང་མ་དང་ཐུགས་རྟེན་གནམ་ལྕགས་ཀྱི་རྡོ་རྗེ་དཔལ་ལྡན་བླ་མ་དམ་པའི་སྐུ་གསུང་ལ་གདན་དྲངས་པའི་རྗེས་སུ་སྣེའུ་སྡོང་རྩེར་བཞུགས་པའི་ཁུངས་བཙུན། རྗེ་བཙུན་རིན་པོ་ཆེ་གྲགས་པ་དང་ཆོས་ཀྱི་རྒྱལ་པོ་འཕགས་པའི་དབུ་ཐོད། ཟུར་པ་ཤི་ཤཱཀ་འོད་ཀྱིས་བྲག་རྡོ་རྗེའི་ཚེ་བརྟན་ནས་ཚེ་ཆུ་དང་ལྷན་དུ་སྤྱན་དྲངས་པའི་སློབ་དཔོན་ཆེན་པོའི་ཕྱག་གི་པད་ཕུར་ཁམས་གསུམ་རྣམ་རྒྱལ། གཞན་ཡང་བསྙེན་ཕུར་ཆུ་བོ་གྱེན་བཟློག །མཁར་ཆེན་


GLG006_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཟའི་ཕྱག་རྡོར། ས་པཎ་གྱི་ཞུན་ཐིགས་ལས་གྲུབ་པའི་འཇམ་དབྱངས། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་ཤམ་ལ་སྐུ་བརྙན་བྲིས་པ་སོགས་ནང་རྟེན་ཁ་ཤས་ཀྱི་མཇལ་ཁ་ཕུལ། ཚེས་བཅུ་ལ་དྲིལ་བུ་བརྒྱ་དང་སུམ་ཅུ་སོ་གསུམ་གྲ་ཚང་དུ་སྦྱོར་འཇགས་བྱས། ཚེས་བཅུ་གཉིས་ལ་གདན་ས་གོང་ནས་སྦྱིན་བདག་གནང་སྟེ་ཚོགས་ཆས་འགྱེད་གསེར་ཞོ་བརྒྱས་གཙོས་པའི་གནང་སྐྱེས་དང་བཅས་གྲ་ཚང་ནས་མགོན་པོ་ཚེ་དཔག་མེད་འཆི་མེད་འོད་སྣང་གི་དཀྱིལ་འཁོར་ལ་བརྟེན་ནས་ཆོ་ག་རྒྱས་པར་མཛད། ཞབས་དྲུང་ཁྲི་ཆེན་གྱིས་གཙུག་ཏོར་རྣམ་པར་རྒྱལ་མའི་སྐུ་བརྙན་ལག་ཏུ་གཏོད་པ་གནང་བ་དང་སྦྲགས་རིང་པོར་གནས་དགོས་པའི་རྒྱུ་མཚན་ཞིབ་ཏུ་སྩལ་བ་སྐྱེས་ཆེན་དམ་པའི་བདེན་ཚིག་འགྲུབ་པ་གཞིར་བཅས་པས་རྟེན་འབྲེལ་ལྷུན་གྱིས་གྲུབ། ཚེས་བཅུ་བཞིར་ས་སྐྱ་ཞབས་དྲུང་ཡབ་སྲས་ལ་གསེར་དངུལ་ཤེལ་སྤྱད་ཇ་རས་གོས་དར་རྟ་སྒ་ཆས་སོགས་ཕྱིར་འབུལ་གྱ་ནོམ་པ་དང་ཕེབས་གདོང་ན་བཟའ་ཆ་སྐོར་ཞལ་དཀར་དངུལ་གྱི་སྟེགས་བཟེད་ཞལ་གྱིས་གཙོས་གཟིམས་ཆུང་འབུལ་བའི་ཚུལ་དུ་བཏེག །ནཱ་ལནྜ་ཆོས་རྗེ་བཅོ་བརྒྱད་པ་དབོན་བཅས། བསྟན་འཛིན་ད་ལའི་རྒྱལ་པོ་སྲས་འཁོར་དང་བཅས་པ་སུམ་བརྒྱ་སྐོར། རི་བོ་ཆོས་གླིང་བར་མཆོད་གཞིས་གསར་ཆོད་ཀྱི་ལེགས་སྐྱེལ་བ་རྒྱལ་སྲས་ཤེར་འཕེལ་བའི་དབོན་པོ་ཅན་དང་ཕྲད་ཅིང་ཁལ་ཁ་ནས་གསར་སླེབས་ཨུ་རང་ཁང་བིང་ཐུ་དའི་ཆིང་སྤུན་འཁོར་བཅས་ཀྱི་གསེར་དངུལ་ཇ་གོས་དར་གྱིས་ཐོག་དྲངས་དངོས་པོ་ཚན་ཆེ་བ་བསྟར་ཏེ་དགེ་བ་སངས་རྒྱས་ཐོབ་པའི་རྒྱུར་བསྔོས། ཆོས་སྡེ་


GLG006_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དཔལ་ལྡན་འབྲས་སྤུངས་སྤྱི་སོས་མཆོད་ཡོན་ལ་བསྙེན་བཀུར་བའི་སྐལ་བར་ཚེས་བཅོ་ལྔའི་ཉིན་གཉུག་མར་གནས་པའི་ཚོགས་དང་ཁྱབ་བདག་ཞ་ལུ་བ་ཆེན་པོ་ཕེབས། འདར་ལོ་དང་རྣམ་སྲས་གླིང་ནས་གཉིས་ཀྱིས་རིགས་གནས་ལྔར་སྤྱི་བཤད་ཀྱི་འཕྲོས་གཏམ་བྱས་ཐོག་དཀར་སྤྲོ་དམར་སྤྲོའི་གཞིས་ལེན་བཟབས་རྗེས་སློབ་དཔོན་རྣམས་དང་བློ་གསལ་གླིང་པའི་འབུལ་དཔོན་པས་བདོག་པའི་སྐྱེས་བཏེག་པར་ཇ་གྲལ་བཏང་། ཚེས་བཅུ་དགུར་བསྟན་སྲིད་སྤྱི་རིམ་དུ་དགེ་ལུགས་སྔགས་དགོན་ཚོ་ནས་གཏོར་བཟློག་ཉིན་ཆོག་མ་དང་མདོ་གྲ་ནས་མདོ་སྒྲུབ་མཛད་དགོས་པའི་བརྡ་འགྲེམས་ཐོག་ཇ་སྦྱོར་སྦྲེལ་ཞུས། ཆབ་མདོ་ནས་འཕགས་པ་ལྷའི་སྤྲུལ་སྐུ་རིན་པོ་ཆེས་ཆོས་རྗེ་ངག་དབང་འཕྲིན་ལས་བཟང་པོའི་སྐུ་སྐྱེའི་སྐོར་ལ་དོགས་དཔྱོད་བྱུང་བར་བརྟག་པའི་ཚུལ་གྱིས་མོ་ཕྱྭཱ་ལ་ང་ཕོད་པ་བསྟན་འཛིན་རྡོ་རྗེའི་བུར་དོགས་གནས་ཙམ་ཡང་མ་བྱུང་། གླང་གྲོང་ནས་ཚེ་རིང་བསམ་གྲུབ་གྱི་བུ་ཆོས་གྲགས་དང་བཀྲ་རི་ནས་སྔགས་རྙིང་མ་བ་ཡེ་ཤེས་ལྷུན་གྲུབ་ཀྱི་བུ་བསྟན་འཛིན་ཆོས་རྒྱལ་གཉིས་ཀ་གསལ་མཉམ་ལྟ་བུར་གཅིག་འདྲ་མིན་ལས་འོས་མེད་པས་ཁ་མཚོན་མ་ཆོད་གཤིས་བླ་མ་སྔོན་མའི་ཉེར་སྤྱད་ཀྱི་སྐུ་གསུང་ཐུགས་རྟེན་ཕྱག་འཕྲེང་དཀར་ཡོལ་བཅས་པར་ངོས་འཛིན་བྱུང་ན་དང་མ་བྱུང་ན་བུ་ཆུ་ལྷ་ཁང་དུ་ཟན་རིལ་སུ་ཐོན་ལ་ངོས་འཛིན་ཅིང་མཚན་ངག་དབང་བསྟན་འཛིན་ལྷུན་གྲུབ་ཏུ་གསོལ། ཉེར་གཅིག་ལ་ཁྱབ་བདག་ཞ་ལུ་པ་ཆེན་པོར་ཀླུ་སྒྲུབ་ལུགས་ཀྱི་བཅུ་གཅིག་ཞལ་ལྷ་སོ་བདུན་མ། འཇིགས་བྱེད་རྭ་ལུགས་ཡིག་རྙིང་དང་ཚར་ཆེན་ཡབ་སྲས་ཀྱི་


GLG006_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཆའི་སྟེང་ནས་སྔར་དབང་ཚར་གཅིག་ཐོབ་རུང་ཡང་བསྐྱར་གྱི་ཚུལ་དུ་ཉེར་གཉིས་ལ་སྟ་གོན་དང་གསུམ་ལ་དངོས་གཞི་ཞུས་ཤིང་། འདི་ལོ་ཕྲུག་པོ་ཆེ་བས་རྟག་བརྟན་རྟེན་དྲག་ཁྲོད་ནས་ལུས་པ་ཁྱེར་ཡོངས་པའི་རྭ་ལོའི་ཕྱག་དྲིལ་ཁུངས་བཙུན་དེ་རྟེན་འབྲེལ་གྱི་ཁྱད་ནས་དབང་རྫས་ལ་བླངས། ཉེར་བཞིར་རྣམ་སྲས་སྙན་གྲགས་སྒྲུབ་པའི་དུང་འབུད་ཀྱི་རྗེས་གནང་ཞུས། རྣམ་སྲས་སྐོར་ལ་སྟག་ལུང་ངག་དབང་རྣམ་རྒྱལ་གྱི་ཡིག་ཆ་ཞིག་འདུག་པ་མཁན་ཆེན་ངག་དབང་ཆོས་གྲགས་དང་ཁྱབ་བདག་བཀའ་འགྱུར་བའི་ཆོག་སྒྲིགས་རྣམས་དང་བསྟུན་ཚེ་དབུ་ཧ་ཅང་ཚོས་མདོག་མ་ཁ་ཡང་རྣ་བ་འདྲེག་སྔ་བ་འདི་བཀའ་བརྒྱུད་པའི་སྤྱི་སྲོལ་ཡིན་པས་ལོག་རྟོག་ཏུ་མི་སེམས། གོང་ནས་ཁང་གསར་རབ་བརྟན་དང་འབུམ་ཐང་བསོད་དབང་གཉིས་རྒྱལ་པོའི་བཀའ་ཤོག་རྟེན་སྦྲགས། མཁར་མཚོར་འགྲེམ་རྒྱུར་བཀའ་ཤོག་སྨྱུག་མདོང་གཉིས་ཁྱེར་བྱུང་བ་བླངས། སོ་སོའི་ཕྱག་རྟེན་ཚན་གྲངས་དང་ལྷག་ཏུ་བསོད་ནམས་དབང་པོས་གནང་སྦྱིན་གྱི་གསེར་སྒ་བྱིན། ཁོང་གཉིས་མཚོ་ཁ་ནས་ཐོན་པའི་སྐད་ཆ་སྔ་པ་ལ་དུས་ལ་མ་འབྱོར་བ་ཁང་གསར་རབ་བརྟན་ལྷ་ས་པའི་བརྟུལ་ཞུགས་ཀྱི་ཚོང་ཟོག་མངས་པས་ལན་འཕྲོས་སྣང་ཡང་སྡེ་པས་ཁྱབ་བདག་བླ་མའི་དབོན་པོར་གོང་བརྒྱབ་ཀྱིས་བརྗོད་མེད་དུ་བཞག་སོང་བས་ལེགས་ཐོག་ཏུ་འཁྱོལ། ཉེར་དྲུག་ལ་ལྷ་རི་བླ་མ་དང་མངའ་རིས་གྲ་ཚང་གཉེར་པ། ཚེ་དབང་རྒྱལ་མོའི་ལོག་མི་བཅས་དང་ཕྲད། ས་སྐྱ་ཞབས་དྲུང་ཡབ་སྲས་ནས་བཀའ་སྩལ་གནང་


GLG006_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་བྱང་ཆུབ་བར་དུ་འབྲལ་བ་མེད་པའི་སྨོན་ལམ་དང་རིང་འཚོའི་ཚིགས་བཅད། དཔལ་རི་སྤྲུལ་སྐུས་བསྐུལ་བའི་སྨོན་ལམ་རྣམས་བརྩམས། ཆུ་གླང་ཟླ་བ་ལྔ་པ་ནས་ཟླ་བ་འདིའི་ཉེར་དགུའི་བར་ལྷ་ས་ཁྱམས་ར་ཆེན་མོར་གྲ་ཚང་རེས་སྐོར་གྱིས་འདི་གའི་རིམ་གྲོར་དཀོན་ཅོག་བརྩེགས་པ་ཉིས་བརྒྱ་དང་བཅུ། འབུམ་ཆིག་སྟོང་དང་གསུམ། བརྒྱད་སྟོང་པ་ལྔ་སྟོང་བདུན་བརྒྱ་དོན་གསུམ། ཏིང་འཛིན་རྒྱལ་པོ་ཆིག་བརྒྱ། གཟུངས་བསྡུས་ཆིག་བརྒྱ། གསེར་འོད་སུམ་བརྒྱ་སོ་གཉིས། བསྐལ་བཟང་བཞི་བརྒྱ་ཞེ་གཉིས། སྨན་བླ་བརྒྱད་ཁྲི་དྲུག་སྟོང་དྲུག་བརྒྱ་དང་བཅུ། མཚན་བརྗོད་ཆིག་འབུམ་བདུན་ཁྲི་ཆིག་སྟོང་དྲུག་བརྒྱ། ཚེ་གཟུངས་ལྔ་འབུམ་ལྔ་ཁྲི་བདུན་སྟོང་དྲུག་ཅུ། ཚེ་དཔག་མེད་ལྷ་དགུའི་ཆོ་ག་དང་རྣམ་རྒྱལ་སྟོང་མཆོད་སོ་སོར་དགེ་འདུན་བརྒྱས་ཟླ་གཅིག་བར་བཏང་བ་ངེད་རང་ནས་ཆེད་བསྟད་བྱེད་པ་མ་ཤར་ཡང་སྡེ་པས་དོ་དམ་མཛད། ཁྱབ་བདག་ཞ་ལུ་པ་ཆེན་པོར་ཆོས་ཡོན་གྱི་སྐྱེས་བཟང་བར་དབུལ་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་གཙང་ཕྱོགས་སུ་ཆིབས་ཁ་བསྐྱོད། མས་དྲོ་ཆད་ཀ་སྤྱན་སྔ། ལྷོ་བྲག་གདང་དགོན་གསར། ཁམས་ལྡན་མ་ས་དཀར། ནུབ་དགོན། ཀོང་པོ་ནགས་ཕུ་བཞིའི་བླ་མ། སྡེ་པ་ཕོན་མདོ་བ། ཀོང་པོ་འབྲུག་ཆོས་སྡིངས་པའི་གཉེར་པ། རྨི་ཕུ་དགོན་གྱི་རིང་འཚོའི་རྟེན་འབྱུང་བསྒྲིག་མི། ཨུ་ཁེ་རེའི་བུ་དབོན་ཆུང་གི་མི་སྣ་བོས་བོས་ཆེ། དུར་གེ་ཆེའི་མི་སྣ་ཤེས་རབ་དགེ་སློང་། བང་རིམ་སྙེ་ཐང་གི་


GLG006_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཨེམ་ཆི། ལུང་ནག་དར་ཁན་ནང་སོ་སོགས་དང་ཕྲད་ཅིང་སོག་ཡུལ་ནས་འོངས་པ་རྣམས་ཀྱིས་སྟེར་ཆ་མང་བར་བྱས། ཨོ་རོད་དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་ཨུའི་ཆིང་དར་ཁན་ནང་སོ་མངགས་ཏེ་ཚོགས། འཁོར་སྟེར་སྦྱིན་འགྱེད་སོགས་བཟབས་པར་བསྟར་ནས་གྲ་ཚང་གིས་དཀྱིལ་འཁོར་དང་འབྲེལ་བའི་རྟེན་འབྱུང་བསྒྲིགས་པའི་ཞར་བྱུང་དུ་བསྟན་འཛིན་ཧུང་ཐའི་ཇིའི་མི་སྣ་སེ་ཆེན་ཆོས་རྗེ། ཨུ་ཁེ་རེའི་ཐའི་ཇིའི་ཤོག་ནས་རབ་འབྱམས་ཆོས་རྗེ། མཁས་པ་རྒྱ་མཚོའི་ནུ་བོ་འཇམ་དབྱངས་རྣམས་ཀྱིས་ཀྱང་དངོས་པོའི་ཚན་གྲངས་སྤམས་མཐོ་བ་བྱིན། དགའ་ལྡན་ཧུང་ཐའི་ཇིས་གཙོས་པའི་ཡི་གེ་རྟེན་སྦྲགས་ཆེས་མང་བ་དང་བསྟན་འཛིན་ཧུང་ཐའི་ཇིའི་རྟེན་དུ་སྟོད་ཧོར་གྱིས་གོས་ཆེན་དངོམ་ཆེ་བ་མེར་བསྲེགས་ན་ཕལ་ཆེར་གསེར་དུ་འགྱུར་ཟེར་བའི་ཁྱད་མཚར་ཡང་བྱུང་། སྐྱར་བོ་བ་བློ་བཟང་ལེགས་ལྡན་མཚོ་སྔོན་པོ་ཕྱོགས་སུ་མི་སྣར་འགྲོ་བའི་གེགས་སེལ་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་ལོ་གྲངས་དང་ཕྱག་དྲུག་པའི་རྗེས་གནང་བསྐུལ། མངའ་རིས་གྲ་ཚང་གྲ་པ་འགའི་འདོད་པ་ལྟར་འཁོར་གསུམ་གྱི་ཚེ་མཆོད་ཡར་རྦད་བཅས། མངའ་བདག་བསྟན་འཛིན་ཆོས་རྒྱལ་གཤེགས་པའི་བསྔོ་རྟེན་ཉང་རིང་པོ་ཆེའི་གཏེར་སྣོད་ཟངས་སྒྲོམ་དུ་གྲགས་པས་གཙོས་པའི་ཁྱད་མཚར་འབྱོར་དོན་བཞིན་ས་ལམ་གྱི་གེགས་སེལ་བའི་བསྔོ་སྨོན་གྱིས་རྒྱས་བཏབ་ཅིང་སྤང་སྟོན་ངག་དབང་ཆོས་རྒྱལ་སོགས་ཀྱི་ངོར་བླ་མའི་དགོངས་པ་རྫོགས་པའི་སྨོན་ལམ། དཔལ་ལྡན་ཡཾ་གྷ་བཟའ་ལ་གཏེར་


GLG006_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་ཟིན་སོར་མདོས་ཀྱི་གསལ་ཁ་ཡོད་ནའང་ཆོག་བསྒྲིགས་ཁྱེར་བདེ་ཞིག་མི་འདུག་པ་དང་བྱས་ན་ལེགས་སམ་སྙམ་པའི་འཁྲུལ་སྣང་ཡང་བྱུང་བར་བརྟེན་འཕྲིན་ལས་ཡིད་བཞིན་གཏེར་མཛོད་རྣམས་བྲིས། ཚེས་བརྒྱད་ནས་བཟུང་བདུན་གཅིག་གི་བར་མཚན་ཉིད་དང་ལྡན་པའི་བཅད་རྒྱའི་སྒོ་ནས་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་བསྙེན་པའི་ཁ་གསོ་བྱས། ཚེས་བཅོ་བརྒྱད་ལ་མངའ་རིས་ཁྲི་རྩེ་མཁན་ཟུར་པ། རྒྱས་ཤོད་བན་མཁར་བླ་མ། སྟོང་གཤོངས་པ་ཕ་བུ། བརྟུལ་མི་མིང་སྲིང་། ཨོ་རོད་ནས་སེ་ཆེན་རྒྱལ་པོའི་རྒྱལ་མོ་རྡོ་རྗེ་རབ་བརྟན། ཁ་དན་ནོ་ཡོན་གྱིས་གཙོས་དཔོན་ཆུང་བདུན། རབ་འབྱམས་པ་སངས་རྒྱས་བཀྲ་ཤིས། སྦྱོར་རཱ་ཆི་དགེ་སློང་། ཨེར་ཏེ་ནི་ཆོས་རྗེ། བྲག་པ་ཤ་བ་ཁ་པ་དཀོན་ཅོག་བཀྲ་ཤིས་སོགས་སུམ་བརྒྱ་སྐོར་དང་ཕྲད་ཅིང་ཤ་བ་ཁ་པས་དངུལ་གྱིས་ཐོག་དྲངས་བདོག་པའི་སྐྱེས་བསྟར། བྲག་དབར་གྲ་ཚང་ནས་གྲ་པ་བརྒྱ་རྩ་དང་ཁོ་ཤོའུ་ཐའི་ཇིར་ཇ་གྲལ་བཏང་། ཉེར་གསུམ་ལ་བདེ་ཡངས་དང་སྡིངས་ཁ་སློབ་དཔོན་དུ་བསྐོ་རྒྱུའི་ཚག་ཁུར་རབ་འབྱམས་པ་དང་དཀའ་བཅུ་དཔལ་འབྱོར་ཅན་དགེ་སློང་བརྒྱད་དང་དགེ་ཚུལ་གཉིས་བསྒྲུབས། ཐོབ་ཡིག་པོ་ཏི་ཕྱི་མ་གཉིས། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ་དང་འགྲེལ་ཊཱིཀ །ལས་ཆེན་ཀུན་རྒྱལ་བའི་བཀའ་དགེ་དགོངས་པ་གཅིག་སྒྲུབ་ཀྱི་དྲི་ལན་མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཀྱེ་རྡོར་དབང་གི་ལྷན་ཐབས། གསེར་འོད་རྔ་སྒྲ་རྣམས་ཀྱི་པར་འབྱོར།བོད་ཁམས་


GLG006_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནད་རིམས་བཟློག་ཐབས་སུ་རྫོང་ཁག་ཁ་ཤས་ནས་མགོན་པོ་གཡུལ་བཟློག །ཁྲོ་རོལ། བསྟན་མའི་མདོས་ཁག་གསུམ་རེ། ངེས་གསང་རྡོར་གླིང་པས་མ་མོ་གླིང་བཞིའི་མདོས་རྣམས་བཏང་། འབྲས་སྤུངས་མཆོད་ཁང་ཆེན་མོར་བཀའ་འགྱུར་ཁང་གསར་བསྒྲིགས་བྱས་པའི་དབུས་སུ་རྟེན་གཙོ་ཡུམ་ཆེན་མོ་སྨན་སྐུ་མི་ཚད་མ། དེའི་གཡས་གཡོན་རྟེན་སྟར་བདུན་གྱི་དང་པོར་ཐུགས་རྟེན་དྲུག་ཅུ་རེ་གསུམ། དེ་འཕྲོས་དྲུག་ལ་འཕགས་བོད་ཀྱི་ལི་རིགས་དང་རྒྱ་ནག་གསར་རྙིང་། བཀའ་གདམས་མ་སོགས་རག་སྐུ་སྣ་ཚོགས་ཀྱི་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྲུང་གི་སྣང་བརྙན་འདྲེས་པ་བརྒྱ་དོན་དགུ། དེའི་གཡས་གཡོན་དུ་སྔ་སོར་གྱི་ཐང་པོ་ཆེར་བཞེངས་པའི་བཀའ་འགྱུར་དེ་དང་། མཚལ་པར་མ་ཚར་ཉིས་ཁྲི་བཅས། མཆོད་རྫས་མདུན་ཅོག་བཞི་ཚར་སྟེང་དུ་གསེར་དངུལ་གྱི་མཎྜལ་ཆེ་ཆུང་དྲུག །གི་གུ་ཤེལ། ད་ཁབ། རག་གསུམ་གྱི་མཎྜལ་ལྔ། དུང་དཀར་གསུམ། གཡང་ཊིའི་དམ་ཕོར་གསུམ། ཁྲི་རྡོ་དང་ཉ་ཕྱིས་ཀྱི་ཕོར་སྡེར་ཉེར་དགུ། གི་གུ་ཤེལ་གྱི་བྱ་མ་བུམ་དམ་གཟུགས་སོགས་སྤྱད་པ་སོ་གཅིག་དང་དཀར་ཡོལ་གྱི་དགུ་བཅུ་གོ་དྲུག །བླུག་ཤེལ་གྱི་སོ་བདུན། ལི་རག་འཁར་གསུམ་གྱི་ཏིང་དྲུག་ཅུ་རེ་དྲུག །མེ་དམ་བརྒྱད། སྤོས་འཛིན་སྤོས་ཕོར་བཅས་པ་དགུ། ཡེ་ཕ་འུའི་པར་བུ་སྣོད་བཅས་གསུམ། བསེ་རུའི་རྭ་གསུམ། ཁྲོ་རག་གི་ཀོང་དྲུག །བཟང་གོས་ཁྲ་བསྒྲིགས་ཀྱི་གནམ་རྒྱན་སྦྱིབ་ཁེབས། གདུང་ཁེབས་གསེར་མ་དམར་སེར་
སྔོ་གསུམ་ཁྲ་སྤེལ་ལ་ཁ་བཏགས་ཀྱི་ལྕེ་ལ་བཞི་བསྒྲིགས་བཏགས་པ་རྣམས་དང་། འཁྲུངས་རབས་ལྷ་ཁང་དུ་ལྷོ་ནས་བྱང་གཟིགས་རྟེན་སྟར་དྲུག་གི་དང་པོའི་རྟེན་གཙོ་ཐུབ་དབང་ལི་དམར། གཉིས་པ་རྡོ་རྗེ་འཆང་ཆོས་ལི། གསུམ་པ་བྱམས་པ་ལི་བརྫུས། བཞི་པ་ཐུབ་དབང་ལི་དཀར། ལྔ་པ་འཇམ་དབྱངས་བཀའ་གདམས་མ། དྲུག་པ་སྒྲོལ་མ་ལི་བརྫུས་རྣམས་ཀྱི་གཡས་གཡོན་དུ་ལི་རིགས་སྣ་ཚོགས་དང་རྒྱ་ནག་བཀའ་གདམས་མ་སོགས་ཀྱི་སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་བརྒྱ་དང་ཉེར་བཞི། མདུན་ཅོག་བང་རིམ་གཉིས་ཀྱི་སྟེང་དངུལ་གྱི་མཎྜལ་གཉིས་དང་རག་གི་གཅིག །དཀར་ཡོལ་དང་བླུག་ཤེལ་གྱི་ཕོར་སྡེར་དམ་གཟུགས་སོགས་སོ་བརྒྱད་རྣམས་བསྒྲིགས་ཤིང་མཆོད་ཁང་ཆེན་མོའི་སྟེང་ཤོད་ཀྱི་ལྷ་ཁང་བཅུ་སོ་སོར་ཞལ་ཟས་དང་མཆོད་མེ་སྡོང་རྐང་གསུམ་རེའི་མཆོད་སྤྲིན་གྱི་རྒྱུན་ཇི་སྲིད་ཀྱི་བར་དུ་བཙུགས་པར་ལོ་རེར་རྩམ་མཁར་ཁལ་ཅིག་བརྒྱ་བརྒྱད་ཅུ་དང་མར་ཁལ་ལྔ་བརྒྱ་བདུན་ཅུ་རེ། དེ་མཚུངས་སྔགས་ཁང་གི་མཆོད་ཁང་སྟེང་ཤོད་གཉིས་ལ་ཞལ་ཟས་གསུམ་རེ་དང་མཆོད་མེ་སྡོང་རྐང་གཉིས་རེའི་རྒྱུན་ལ་ལོ་རེར་རྩམ་མཁར་ཁལ་སོ་དྲུག་དང་མར་ཁལ་ཞེ་ལྔ་རེ་འགྲོ་བར་སྣང་།

དགུང་ལོ་ང་དགུ་པར་སྡེ་པར་སྐུ་རྟེན་དངོས་ཆས་ས་རིས་དང་བཅས་པ་སྩལ་བ་དང་། པོ་ཏཱ་ལ་དང་ཆོས་འཁོར་རྒྱལ་གྱི་ཞིག་གསོས། སྡེ་སྲིད་བློ་བཟང་སྦྱིན་པ་སྡེ་སྲིད་ཀྱི་ཁྲི་ལ་འཁོད་པ་བཅས་ཀྱི་སྐོར།


GLG006_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རིམ་ལེ་ཚན་དང་ཤིང་ཡོས་གནམ་ལོ་གསར་དུ་ཚེས་པའི་སྲིད་གསུམ་བདག་མོའི་མཆོད་པ་དང་རིན་ཆེན་རྒྱན་སྤྲོད་སོགས་ཞུགས་གྲལ་སྔ་རྟིང་ཐམས་ཅད་སྔར་འཁྱུད་བཞིན་བྱས། རྐང་འགོས་ཅུང་ཟད་ཞེལ་བས་མཆོད་ཁང་རྩེའི་སྐས་མི་བདེ་བའི་གཤིས་གཏོར་སྐྱོང་རྟེན་འདོགས་ཉི་


GLG006_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དུ་བགྱིས་པ་ཁ་བ་བབས་པ་དང་ཐུག་པས་སྟབས་འགྲིག་པར་བྱུང་། ལོ་གསར་ལ་ཁ་བ་ཅུང་ཟད་བབས་ཀྱང་མི་ཤིས་པ་རེ་ཡོང་འདུག་པ་འདི་རེས་ཤིན་ཏུ་ཆེ་བས་ཚང་མ་རྣམ་རྟོག་གི་འཕྲོ་འདུ་མང་དུ་འཕེལ། ཚེས་གསུམ་ལ་མཁའ་འགྲོ་དགེ་ཚུལ་མ། འབྲོང་རྩེ་ནས། རྣམ་སྲས་གླིང་ནས། རབ་བརྟན་ཤར་པ། བླ་མ་དུང་དཀར་སྐུ་སྐྱེ། ཕྱག་མཛོད་དབུ་མ་བའི་བུ། སེ་ཆེན་ཁན་གྱི་དཔོན་མོ་རྣམས་དང་ཕྲད། སྡེ་པར་ཁ་བའི་དོགས་སེལ་ལ་ཚེ་དཔག་མེད་ལྕགས་སྡོང་མ་བརྒྱ་རྩ་དང་དཔལ་ལྡན་ལྷ་མོ་དུང་སྐྱོང་མ། ཁལ་ཁ་ཨུ་རང་ཁང་བིང་ཐུ་དའི་ཆིན་སྐོར་ལ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་བསྐུར། དྲུང་འཚོ་བ་ངག་དབང་ལྷག་བསམ་འདི་སྐོར་ལ་དོ་གལ་ཤིན་ཏུ་ཆེ་བས་ད་ལམ་གཏོང་རྩིས་ཡིན་ཀྱང་ཁམས་མ་བདེ་བའི་གཤིས་བང་ཆེན་ཞིག་ལ་མོར་བཏང་སྟེ་སྙན་ཤལ་གསེར་སྐྱེམས་དམོད་ནས་དང་བཅས་སྐུ་ཁོག་སངས་རྒྱས་ཕུན་ཚོགས་ཀྱི་ཚ་བོར་སྐུ་ཕེབས་ཞུ་བཅུག་པ་གཡར་དམ་གྱི་ཞལ་བཞེས་མ་འགྱུར་བར་ཕེབས་པའི་གནས་ཚུལ་མ་འགྱངས་པར་འབྱོར། ཚེས་དགུ་ད་ལའི་རྒྱལ་པོར་ལོ་གསར་ལ་གངས་བབས་པའི་དོགས་སེལ་དུ་ཚེ་དབང་གྲུབ་རྒྱལ་མ། རྟ་མགྲིན་གསང་སྒྲུབ། ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་རྣམས་ཕུལ། སྣེའུ་སྡོང་བདག་མོ་འབྱོན་བཞུགས་མཛད་པ་སྐྱ་སེར་ཚང་མའི་བློར་མི་ཤོང་བའི་བརྗོད་གླེང་གི་སྒྲོ་སྐུར་མང་བ་དང་དེ་ལ་བརྟེན་པའི་དགེ་སྐྱོན་ཀྱང་ཅི་རིགས་སྣང་བ་རང་བསྟན་ལ་རྒྱར་སླེབས་ཆུང་བ་འདུག་པ་བློས་མ་བཟོད་


GLG006_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྡེ་པ་གླང་ལོའི་མཇུག་ཏུ་སྙུན་དྲག་ལ་ཡུན་རིང་ཙམ་བྱུང་བ་ནས་ཟུར་བཞུགས་བྱས་ཆོག་པ་དགོས་ཚུལ་ནན་གྱིས་བྱུང་བ་གསོལ་སྐལ་སོགས་གང་འདོད་ཕྲ་བརྩེགས་ག་ལ་བྱེད་ཀྱང་བདག་མོ་ཡུམ་སྲས་གཟི་བརྗིད་དང་ལྡན་བཞིན་པར་ཕྱིར་བྱོན་ན་ཡིད་སྲུབས་སྙིང་ཞུགས་ཀྱི་སྒྲོ་བཏགས་མཁན་པོ་རྣམས་ཀྱིས་བསྟན་སེལ་གྱི་རྫུན་རིས་འཇིག་པར་མི་ནུས་པར་མ་ཟད་ཡུམ་སྲས་དེ་ཙམ་བཞེས་པའི་བབས་འབྲེལ་ཀྱང་མི་འདུག་པ་བཅས་སྒོ་དུ་མ་ནས་དྲག་ཤུལ་གྱི་ཆོ་གས་ཕྱིར་སྐྲོད་དགོས་ཤར་བ་སྡེ་པའང་ཚ་ཤུར་བ་ཡོད་གཤིས་རེ་ཞིག་ཤུན་དུ་བསྐྱིལ་དགོས་བྱུང་བ་བསྟན་པར་བསམ་པའི་མི་བྱེད་ཀ་མེད་ལས་ཡིད་སློང་སློང་པོར་གྱུར་ཅིང་ཕྱི་ཡུལ་དུ་མི་མཛེས་ཙམ་ལས་ནང་དུ་བག་ཕེབས་རྩིས་ཀྱི་ངག་དབང་སྨོན་ལམ་དང་བློ་བཟང་ཆོས་ལྡན་རྒྱུན་གྱི་ཉེ་འཁོར་བ་ཡིན་པ་བཏང་སྟེ་དགོས་ཆའི་རིགས་ཐོགས་མེད་དང་འདམ་ཆུ་མ་འཕྲོས་དོགས་གཙང་ཆུ་ནས་ལེན་པ་སོགས་ཀྱི་བཀོད་པ་བྱས། དེ་ཡང་བདག་མོ་དབྱུང་བའི་དགོས་དབང་ཙམ་ཡིན་ནའང་ཐོག་མར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ངོ་ཆེན་དང་དེ་རྗེས་ཆོས་སྡེ་ཆེན་པོ་སེར་འབྲས་གཉིས། རྒྱུད་སྟོད་སྨད། གྲོང་སྨད་སོགས་ཉེ་སྐོར་བ་འགའ་ཞིག་གིས་རྒྱུ་མཚན། འབྲི་གུང་པ་ནི་སྔར་ནས་ཡ་རབས་པའི་གྲགས་པ་དང་མཐུན་པར་འདི་གར་སྟེར་ཆ་རྟ་ཁྲབ་ཀྱི་བདོག་པ་བཏེག་སྟེ་སྤྲུལ་སྐུ་རིན་པོ་ཆེའི་ཆབ་ཤོག་ཁྱེར་ནས་ཕྱག་མཛོད་དཀོན་ཅོག་རྒྱལ་མཚན་མ་འགྱངས་པ་འབྱོར། རྒྱལ་པོ། དགའ་ལྡན་རབ་འབྱམས་པ། སྐྱིད་ཤོད་ཁག་གསུམ། གཏེར་སྟོན་རིན་པོ་ཆེ། དགའ་


GLG006_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གསང་སྔགས་གླིང་པ། རི་བོ་ཆོས་གླིང་པ། ཐར་པ་གླིང་པ་སོགས་ལྷ་སྡེ་མི་སྡེ་མང་པོས་གསོལ་ཆས་དང་བདོག་པ་ཉིན་གྲངས་ཁ་ཡར་གྱི་བར་རིམ་བཞིན་སྤེལ་རྩིས་འདོད་པ་དང་མཐུན་པར་སྦྱར་བཅུག །སྟོད་ཅུང་ཟད་བསྙུང་བར་འཕྲོད་བསྟེན་ལ་དར་མོ་བ་དང་གཞན་ཡང་ཉེར་ལེན་དབུ་མཛད། མཆོད་དབོན། གྲ་ཚང་གཉེར་པ་སོགས་བཏང་། ཚེས་བཅུ་གཉིས་ལ་ཁལ་ཁ་བིང་ཐུ་ཐའི་ཇི་འཁོར་བཅས་རྫོང་བདའ་བགྱིས་ཤིང་ཨེར་ཁེ་ཆོས་རྗེ་གསར་སླེབས་དང་དྲུང་འཁོར་ལྔ་བཅུ་སྐོར་དང་ཕྲད། སྨོན་ལམ་ཆེན་མོར་དགེ་འདུན་སྟོང་ཕྲག་དགུར་ཉེ་བར་མང་ཇའི་ཐོག་ཁ་བཏགས་རེ། གྲ་པ་རེར་དངུལ་ཞོ་རེའི་རྩིས་ཡོལ་བ་བླ་བྲེ། གོས་སྣ་མང་བ། དཀར་སྤྱད། དངུལ་སྤྱད། རྟ་སྒ་འཁོར་སོགས་གྲ་པ་རེར་རྒུན་འབྲུམ་མཁར་བྲེ་རེ་དང་བཅས་པའི་འགྱེད་གསུམ་བཏང་། གོང་དཀར་དུ་ཆོས་སྡེ་པ་ལྔ་བཅུས་ཞག་བཅོ་ལྔའི་བར་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད། འཕྱོང་རྒྱས་སུ་བཀྲ་ཤིས་ཆོས་སྡེ་བ་ཞལ་གྲངས་དང་ཡུན་གོང་འདྲས་རྣམ་རྒྱལ་སྟོང་མཆོད། ཐང་པོ་ཆེར་གསོལ་མཆོད་བརྒྱ་རྩའི་ཐོག་སྤྱན་གཟིགས་སྒྲོན་དར་དང་བཅས་སྐུ་ཕེབས་ཞུས། ཚེས་བཅུ་བཞི་ནས་གྲ་ཚང་དུ་གཤིན་རྗེ་ཐམས་ཅད་འདུས་པའི་དྲག་སྔགས་བཟློག་པ་དང་བཅས་པ་བྱེ་བ་རེ་བཙུགས། འབུམ་ཐང་བསོད་ནམས་དབང་པོ་རྒྱལ་ཐང་ཕྱོགས་སུ་བྱེད་སྒོའི་རྒྱུ་མཚན་སྨེད་པ་དང་སོག་པོ་ཐབས་མཁས་ད་ལའི་ཧུང་ཐའི་ཇིས་གཙོས་པར་བློ་འཁོལ་མི་དགོས་པའི་གནས་ཚུལ་སྐྱེལ་བར་བཏང་། ཕིང་སིང་ཆིང་དབང་


GLG006_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དར་རྩེ་མདོ་བརྒྱུད་འདི་གར་གསེར་སྲང་ཉི་ཤུ་དང་རྒྱལ་པོར་སྲང་བཅུའི་སྐྱེས་དང་བཅས་ཡི་གེ་བྱུང་བར་དེ་ལན་རིན་པོ་ཆེའི་རྟེན་ལྡན་འགྱངས་མེད་སྐྱེལ་བར་བརྫངས། སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ་བསམ་ཡས་སུ་ཆོས་སྐྱོང་དཔོན་བློན་ལ་ཚོགས་མཆོད་སྤྱན་གཟིགས་དང་བཅས་བཏང་བའི་ཚེས་བཅོ་ལྔའི་ཉིན་ཆོས་རྒྱལ་ཆེན་པོ་ཁོག་ཞུགས་ཀྱི་ལས་མཁན་ཚེས་གསུམ་གྱི་ཉིན་བྱང་ཤམ་བྷ་ལར་འགྲོ་ཞེས་ཟེར་བས་དེ་རིང་ཡོད་པ་མེད་ཚུལ། དྲི་བ་དང་འཕྲིན་ཡིག་གི་ལན་རིམ་གྲོ་དགོས་ཚུལ་མཛད་ཅིང་སང་ལས་མཁན་ཨེ་ཡོང་བལྟས་པར་འགལ་བ་མེད་གསུངས་པ་ལྟར་སྐུ་ཕེབས་ཞུས་པས་གནོད་སྦྱིན་ཆེན་པོ་མ་ཕེབས་པར་ཆོས་སྐྱོང་ཆེན་པོ་ཞུགས་ནས་ཀ་བ་རྣམས་ལ་འབག་བསྡམས་ཏེ་གར་མཁན་གྱི་ཐད་དུ་ཌཱ་མ་རུ་དཀྲོལ་ཞིང་ལག་ཏུ་རྡེའུ་ཆུང་ཐོགས་པའི་གར་མཁན་ཁྱེད་ནུབ་ཟངས་ཐང་དམར་པོའི་ཕྱོགས་སུ་སོང་ལ་སྡེ་བརྒྱད་འགུགས་པའི་ལས་ཀྱིས། དེ་བཞིན་དུ་བདུད་མོ་ལ་བྱང་འབྲོང་པོའི་ཕྱོགས་དང་སྤྲེའུར་ལྷོ་ནགས་རོང་གི་ཕྱོགས་གསུང་བ་ཅི་ཡིན་དྲིས་པར་ལས་མཁན་གྱིས་བསླབས་བྱུང་ཞེས་རབ་རིབ་མཛད་ནས་གསལ་བར་མ་བསྟན། ཟླ་བ་ཕྱི་མའི་ཚེས་གསུམ་ལ་བསྐྱར་མ་བཏང་བར་གནོད་སྦྱིན་ཆེན་པོ་ཕེབས་ཏེ་རྒྱ་གཏམ་བོད་དུ་མི་ཤོང་བ་ལབ་པར་ཡོངས་སམ་ཞེས་འཚུབ་ཀྱི་རྣམ་འགྱུར་དང་བཅས་རིམ་གྲོའི་བསླབ་བྱ་འཕྲིན་ལན་དུ་རྒྱས་པར་མཛད། ཚེས་བཅུ་དྲུག་ལ་སེ་ཆེན་ཁན་གྱི་ཤོག་ནས་སྦྱོ་རཱ་ཆིས་གཙོས་གསར་སླེབས། མཁའ་འགྲོ་དགེ་ཚུལ་མ། དཔལ་འབར་བླ་མ་


GLG006_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་ཕྲད་ཅིང་གཏེར་སྟོན་རིགས་འཛིན་ཆེན་པོ་ཕེབས་པ་དང་མཇལ།ཚེས་བཅུ་བདུན་ལ་སྔགས་པ་སེ་ཆེན་པའི་སྐུ་སྐྱེ་དང་ཨེར་ཁེ་ཆོས་རྗེས་དངུལ་ལྔ་བཅུ་མ་ཉེར་གཅིག་གིས་ཐོག་དྲངས་པའི་བདོག་པ་གྱ་ནོམ་པ་བསྟར། ཚེས་ཉི་ཤུར་ཏྲེ་བོ་ཧོར་ཚང་ཆོས་རྗེས་སྟེར་ཆ་ཚོགས་ཆས་འགྱེད་དང་བཅས་པའི་ཡོན་སྦྱར་ཏེ་གྲ་ཚང་གིས་ཚེ་དཔག་མེད་ཀྱི་ཆོ་ག་དང་འབྲེལ་བའི་རྟེན་འབྱུང་མཛད། དཀར་བྲག་པ་ངག་དབང་བྱམས་པ་འཕྲིན་གསོལ་ཚིགས་བཅད་དང་བཅས་ལ་མོར་སྐུ་ཕེབས་ལ་བཏང་བ་ཁོག་པ་སྔོན་མ་རྣམས་ཀྱི་དུས་ཀྱང་གསུང་རྒྱུ་དང་རྣམ་འགྱུར་སོགས་ཟླ་རེ་ཙམ་གྱི་བར་ཇི་བཞིན་མི་ཡོང་བའི་རྒྱུན་ལྟར་སྐུ་ཕེབས་པ་ཙམ་ལས་ཡིག་ལན་གྱིས་མཚོན་པའི་གསལ་ཆ་ཆེ་བ་མི་འདུག་རུང་ཚོགས་འཁོར་སྤྱན་གཟིགས་ཕུལ་བས་རྟེན་འབྲེལ་གྱི་སྒོ་འགྲིག །ཐར་པ་མཁན་པོ་འོད་མཆོག་པའི་ངོར་བླ་མ་བདེ་ཆེན་དབང་ཕྱུག་གི་བརྒྱུད་འདེབས་བྲིས། ཉེར་གསུམ་ལ་དགའ་ལྡན་ཁྲི་རིན་པོ་ཆེ་སྨོན་ལམ་གྱི་ཐུགས་བྲེལ་ཆོད་པའི་ཕེབས་གདོང་ངོས་མཇལ་ཞུས། ཉེར་བཞིར་རྒྱལ་མོ་རྡོ་རྗེ་རབ་བརྟན་འཁོར་བཅས་ལ་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་བསྐུར། ཉེར་དྲུག་ལ་ཨུ་ཇོའི་ཐུ་པཱ་ཐུར་ཐའི་ཇིས་གཙོས་པའི་བོད་སོག་གི་དམག་གཡུལ་ལས་རྣམ་པར་རྒྱལ་བའི་གཏམ་སྙན་སྐྱེལ་མི་འབྱོར་བ་དར་འཕྱར་རྒྱས་པར་བྱས་ཤིང་ཉེར་གསུམ་གྱི་བར་གྲ་ཚང་གིས་ཆོས་སྐྱོང་སྤྱི་བྱེ་བྲག་ལ་གཏང་རག་བཟབས་པར་བཏང་། དེ་དག་ཅི་བདེར་བཞག་ན་སླར་ཡང་དུས་མི་བདེ་བའི་རྩ་རྐྱེན་དུ་འགྲོ་ཞིང་ལུས་


GLG006_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལ་ཙ་ར་སོགས་ཀྱི་སྡིག་རྒྱུན་ཡང་གང་ཅི་ནས་སྐབས་སུ་མ་ཕྱེ་བས་ཞོད་འཇགས་ཆེད་དུ་དྲག་རིགས་ཉི་ཤུ་སྐོར་དབུས་གཙང་དུ་འཁྲིད་ཅིང་བྱིང་ཁྲོད་ནས་ན་རྒན་པ་སྐྱ་རྩར་བསྡམ་ར་དང་གཞན་མ་རྣམས་ཁམས་སྟོད་སྨད་ཀྱི་སྡེ་དགོན་དཔོན་རིགས་རྫོང་གཞིས་ཚོར་ཟོས་བདེར་འཇོག་པའི་ཡིག་ངག་དང་བཅས་ཕོ་ཉ་ཕྱིར་སློག །ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་བླ་མ་དམ་པ་དུ་མའི་དྲུང་དུ་དབང་དང་བྱིན་རླབས་སོགས་ཟབ་ཆོས་མང་ཕོ་ལྷན་ཅིག་ཏུ་ནོས་གཤིས་སྡེ་པའི་སེམས་བསྲེགས་པའི་སེལ་འདོན་དུ་དམིགས་ཏེ་གནམ་གང་ནས་བདུན་གཅིག་གི་བར་གྲ་ཚང་དུ་ན་རག་སྐོང་བཤགས། རྫོང་གཞིས་དང་འབྲེལ་བའི་དགོན་སྡེ་གཞན་དག་ནས་དྲི་མེད་བཤགས་རྒྱུད་བདུན་སྟོང་ཉིས་བརྒྱ། བསྐལ་བཟང་བཅོ་བརྒྱད། དྭགས་པོ་གྲ་ཚང་པས་མ་ཎི་དུང་ཕྱུར། ཡང་རྫོང་དུ་རྡོ་རྗེ་བྲག་དང་ཤེལ་བྲག་ཏུ་རྫོགས་ཆེན་པ་གྲ་སློབ་བདུན་རེས་ཚོགས་བརྒྱ་རྣམས་བྱས། རྩེ་གདོང་ཞབས་དྲུང་རིན་པོ་ཆེ་ནཱ་ལན་ད་ནས་ཡར་ཆིབས་ཁ་བསྐྱོད་གདོང་མགྲོན་གཉེར་གནང་བྱུང་བར་སྡེ་པ་དང་ཐུགས་ནང་དག་ན་སྐུ་ངོ་དང་དེ་མིན་འདི་གར་ཉེར་ལེན་ཙམ་གནང་དགོས་གྲས་ལས་སྙན་གྱི་དབང་པོ་འཇིམ་པས་བགགས་པ་ལྟ་བུའི་འཕྲོས་ཡེ་མེད་པར་གཏན་ཚིགས་ཀྱི་རྒྱབ་སྣོན་ཡང་བསྐྱར་དགོས་ཕེབས་པ་ཕུལ་ཡོད་ཅིང་མ་གཞི་ཐུགས་ཤིན་ཏུ་ཆུང་བའི་སྐྱ་འབྱར་སྔོ་འབྱར་ལ་སྐབས་འགར་ཐུགས་ཇི་མི་སྙམ་པའི་རས་ཆུང་པའི་ལྟ་བ་ཞིག་གནང་གི་ཡོད་ཚོད་དུ་འདུག །ཧོར་ཟླ་དང་པོ་ཉིས་བརྩེགས་ཀྱི་ཕྱི་མའི་


GLG006_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་གཅིག་ལ་ལོ་དུས་ཀྱི་མང་འགྱེད། སེར་འབྲས་གཉིས་མི་ཐེ་བའི་དབུས་ཁུལ་གྱི་དགོན་ཨངྐི་དང་པོའི་གྲ་པ་བརྒྱད་རེར་དངུལ་སྲང་རེ། གཙང་ཁུལ། ཡར་འབྲོག །ལྷོ་བྲག །ཉང་ཀོང་བཅས་པའི་ཨངྐི་དང་པོའི་གྲས་གྲ་པ་བཅུ་གཉིས་རེར་སྲང་རེ་བསྡོམས་སྲང་བཞི་སྟོང་ཉིས་བརྒྱ་ང་གཉིས། ཨངྐི་གཉིས་པའི་གྲས་གྲ་པ་བཅུ་གཉིས་ལ་སྲང་རེའི་རྩིས་དང་གཙང་ཁུལ། ཡར་འབྲོག །ལྷོ་བྲག །ཉང་ཀོང་བཅས་པའི་གྲ་བཙུན་བཅོ་བརྒྱད་རེར་སྲང་རེའི་རྩིས་ཀྱི་ཇ་ཡ་ཇུ་ཁོར་དྲུག་མ་ཆིག་བརྒྱ་ང་དགུ་བསྔོ་རྟེན་དང་བཅས་པ་རྫོང་གཞིས་ཁག་ཤས་ནས་བཀའ་འགྱུར་ཉིས་བརྒྱ་བཅུ་བདུན། སྒྲོལ་མ་དགུ་ཁྲི་དྲུག་སྟོང་སུམ་བརྒྱ། ཤེར་སྙིང་ཉི་ཁྲི་ཆིག་སྟོང་། ཚེ་གཟུངས་ཆིག་འབུམ་ཉི་ཁྲི་བརྒྱད་བརྒྱ། མཚན་བརྗོད་དང་གདུགས་དཀར་ཆིག་འབུམ་ཆིག་སྟོང་ལྔ་བརྒྱ་རེ། གཞིས་རྩེར་ངོར་བ་སུམ་ཅུས་ཞག་ཉི་ཤུའི་བར་ཚེ་དཔག་མེད་ལྷ་དགུའི་འཆི་བླུ་དང་ཞག་བཅུར་སེང་གེ་སྒྲའི་གདོན་འགྲོལ། ཡེར་པར་སཱཙྪ་འབུམ། རྒྱལ་དུ་དམག་ཟོར་མའི་བསྐང་བ་ཁྲི། གུར་ཞལ་བེག་ཙེར་སྟོང་། ཆོས་སྐྱོང་གཞན་རྣམས་ལ་བརྒྱ། སེར་འབྲས་གཉིས་སུ་ཇ་ཚུལ་བཅོ་ལྔ་རེའི་ཐོག་གདུགས་དཀར། ཡོན་ལ་གྲ་པ་ལྔར་དངུལ་སྲང་རེ་ཁྱོན་སྲང་བརྒྱད་བརྒྱ་ཉི་ཤུ། ལྟས་ངན་བཟློག་བྱེད་དུ་རྒྱལ་རྩེ་འུག་བྱ་ལུང་པས་མགོན་པོ་གཡུལ་བཟློག །གོང་དཀར་དུ་ཆོས་རྗེ་དུང་དགོན་པ་དང་། ལྷ་ཁང་དུ་སྨྲ་བོ་ལྕོག་པས་ཁྲོ་རོལ། བོད་འབངས་བདེ་ཐབས་སུ་གསང་སྔགས་གླིང་པ་དོན་བརྒྱད་ཀྱིས་ཞག་བཅོ་ལྔར་བསམ་པ་ལྷུན་གྲུབ་མ་


GLG006_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྤྱི་སྒོས་ཀྱི་ཆེད་དུ་རིམ་གྲོ་ཚོགས་གསོག་རྒྱས་པར་བསྐྲུན།ཚེས་ལྔ་ལ་སེར་འབྲས་ཀྱིས་གཙོས་ལྷ་སྡེ་མི་སྡེ་རྣམས་ཀྱི་ཐོག་ས་སྐྱ་དང་སྣེའུ་སྡོང་རྩེ། བཀྲ་ཤིས་ལྷུན་པོ། མངའ་རིས་གྲ་ཚང་གི་གཉེར་པ་སོགས་ཀྱི་ཁག་ཐེག་པ་དང་བཅས་སྡེ་པར་དག་པ་བླངས་ཏེ་ཕན་བདེ་ལེགས་བཤད་གླིང་པའི་བཀྲ་ཤིས་ཁང་གསར་དུ་བཞུགས། ཚེས་བརྒྱད་ལ་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་དགྲ་ལྷ་དཔངས་བསྟོད་བཏང་། དཔལ་གྲོང་རབ་འབྱམས་པ་ངག་དབང་དགེ་ལེགས་ཀྱིས་ལྷ་ས་སྨོན་ལམ་ཆེན་མོར་གྲ་སྐོར་བགྱིས་པའི་ཚེ་གྲ་ཚང་དུ་སྤྱི་འབུལ་དངུལ་སྲང་ཉེར་གསུམ་ལས་གྲུབ་པའི་ཀོང་གི་ཁ་བྱང་བརྩམས། གཏེར་སྟོན་རིགས་འཛིན་ཆེན་པོས་བདུན་གཅིག་གི་བར་པདྨ་གླིང་པའི་གུར་དྲག་གི་གཏོར་བཟློག་མཛད་པས་རྟགས་ལེགས་པར་བྱུང་། ཚེས་བཅུ་བཞིར་སེ་ཆེན་རྒྱལ་པོ། དགའ་ལྡན་ཧུང་ཐའི་ཇི། བསྟན་འཛིན་ཧུང་ཐའི་ཇི་སོགས་ཀྱི་མི་སྣ་རྣམས་ལ་ཡི་གེ་རྟེན་སྦྲགས་བསྟན་དོན་ལ་རྒྱར་ཁུར་བསམ་དགོས་པའི་བསླབ་བྱ་བདོག་པ་དང་བཅས་རྫོང་བདའ་བྱས་ཤིང་དགའ་ལྡན་ཧུང་ཐའི་ཇིས་དགོས་ཚུལ་བཞིན་བླ་མ་རྒྱུད་སྨད་རབ་འབྱམས་པ་བློ་བཟང་བྱམས་པ་དང་འཚོ་བྱེད་མས་དྲོ་རིན་ཅེན་གླིང་བློ་བཟང་དཀོན་ཅོག་གཉིས་བཏང་བར་བླ་མའི་ངོར་དམིགས་བརྩེ་མར་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་སྒོམ་ལུང་ཕབ། ཀ་ཚལ་ཟུར་པ་དཀོན་ཅོག་ལྷུན་གྲུབ། དགའ་ལྡན་རབ་འབྱམས་པ་ཅན་ཁ་ཤས་དང་ཕྲད། ཚེས་བཅུ་བདུན་ལ་རྒྱལ་མོ་རྡོ་རྗེ་རབ་བརྟན་གྱིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་ཡོན་སྦྱར་ཏེ་


GLG006_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་ཚང་གིས་ཚེའི་རྟེན་འབྲེལ་བསྒྲིགས་ཐོག་གསེར་སྲང་གྱ་བརྒྱད། དངུལ་སྲང་སྟོང་ཕྲག་ལྷག་བཅས། གོས་དར་ཇ་པགས་རིགས་སོགས་དངོས་པོ་སྤམས་མཐོ་བའི་སྟེར་ཆ་དང་ཚོགས་སུའང་འགྱེད་གྱ་ནོམ་པ་བཏང་། ཚེས་ཉི་ཤུར་གསར་སླེབས་དབུ་མཛད་ཆོས་རྗེ། ཨར་དག་སེ་ཆེན་ཇའི་སང་། དར་ཁན་དབོན་པོ། ཨུ་ཆིན་དགེ་ཚུལ། དར་ཁན་ནང་སོ། རྡོ་རྗེ་ཐའི་ཇིའི་མི་སྣས་གཙོས་བརྒྱ་སྐོར་དང་ཕྲད་ཅིང་གསེར་དངུལ་ཇ་གོས་དར་གྱིས་ཐོག་དྲངས་པའི་དཔངས་བསྟོད་པ་བྱུང་། ཧོར་ཚང་ཆོས་རྗེ་གྲོངས་པའི་བསྔོ་རྟེན་རྣམས་བྱང་ཆུབ་མཆོག་གི་རྒྱུར་བསྔོས་ཤིང་དགོངས་རྫོགས་མཐུན་རྐྱེན་དུ་ཤ་མར་འབྲུ་ཆ་སོགས་ཐེབས་རྒྱས་པར་སྤྲད། ལོ་ཉི་ཤུ་རྩ་བཞི་ཙམ་གྱི་བར་མཆོད་དཔོན་གཙོ་བོར་གྱུར་པའི་ལག་གཡོག་ཁུར་བསམ་ཆེ་ཞིང་། ཁྲི་ཐོག་ཏུ་འཁོད་ནས་ཀྱང་ལྷ་ས་ར་མོ་ཆེས་གཙོས་པའི་གཙུག་ལག་ཁང་གི་ཞབས་ཏོག །དཔག་བསམ་འཁྲི་ཤིང་དང་འཕྲེང་བའི་དཀྱིལ་ཐང་གིས་མཚོན་སྐུ་གསུང་ཐུགས་རྟེན་བཞེངས་བཀོད་རིན་ཅེན་རྒྱན་ཆ། རྟ་ཆས། གདན་ཆས་སོགས་སྔོན་ཆད་སེམས་ཀྱི་སོག་ལེ་ཤིང་ལ་མ་སོང་བ་མཐའ་དག་བློ་དང་མཐུན་པར་བསྒྲུབས། རབ་གསལ་གྱི་རྟོགས་བརྗོད་ལས། ཡུལ་ལ་མངོན་པར་ཕྱོགས་པའི་བློ། །དགའ་བའི་རོ་ལ་ཆགས་གྱུར་པ། །གཤོང་གཤོང་མང་པོར་རི་ཡི་ཆུ། །རྣམ་པར་ལྷུང་བཞིན་སུ་ཡིས་བཟློག །ལུས་ནི་ངལ་བའི་བསླབ་པ་ལ། །འདུལ་བར་བྱེད་པ་ཁོ་བོ་མཁས། །ཡིད་ནི་སྡོམ་པའི་བསླབ་པ་ལ། །ཐུབ་པ་རྣམས་ཀྱང་མཁས་པ་མིན། །ཞེས་


GLG006_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། ཕྲ་རྒྱས་ཀྱི་དབང་དུ་གྱུར་པ་ཙམ་ལས་སེམས་སྐྱོན་གཞན་མི་སྣང་བས། རང་ངོས་ནས་སེལ་མེད་ཀྱི་བདག་རྐྱེན་བྱེད་བསམ་པ་དངུལ་དཀར་གྱི་མེ་ལོང་བཞིན་རིམ་གྱིས་གསལ་བ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་ལྟར་ཡིན་མོད། ལ་ལ་དག་གྲོང་སྨད་ཨ་བར་དབུ་མཛད་མཆོད་དཔོན་དགེ་བཤེས་སྦྱིན་པས་གཙོས་གྲ་ཚང་ཕལ་ཆེར་བན་རྩར་སོང་བའི་ལབ་དབང་དུ་བཏང་ཞེས་གླེང་བ་ཁ་ཕན་ཚིག་ཕན་ཙམ་ནི་ཐོགས་པ་གཞིར་བཅས་གང་ལབས་རང་བྱེད་པའི་སྤྲེའུ་ཞིག་མིན་པ་རྟོགས་བརྗོད་འདི་གའི་མགོ་མཇུག་ལ་གཟིགས་ཀྱང་མཁྱེན་པར་མཆིས། ཉེར་གཉིས་ལ་སྡེ་པ་པོ་ཏ་ལར་ངོས་ཕྲད་ལ་འབྱོར་རྟ་བསུ་དྲུང་འཁོར་རྣམས་མཇལ་དར་ཕྱག་དབང་སོགས་ཟུར་པའི་རྩིས་ཀྱི་བདག་རྐྱེན་གང་ཆེ་དང་བཅས་ཕྲད། གུང་ཚིགས་ཀྱི་དུས་ཞིབ་ཏུ་མོལ། ཕྱི་དྲོ་སྡེ་པར་སྐུ་རྟེན་སྐོར་ལ། སངས་རྒྱས་ཀྱི་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕུང་པོ་ཆེ་བ་གསུམ་སྟེགས་བཞུགས་ཁང་དང་བཅས་པ། ལྷས་གྲུ་བཞི་པས་བཞེངས་པའི་རྒྱལ་བ་གཉིས་བ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་སྐུ་བརྙན་ཕྱག་ནས་མ་རྡོ་རྗེ་འཆང་ཕ་བོང་ཁ་པའི་ཐུགས་དམ་རྟེན། སངས་རྒྱས་ཀྱི་མཛད་པ་བརྒྱད་པའི་གྲས་རྒྱབ་ཡོལ་དང་བཅས་པས་གཙོས་ཀླུ་འཇིམ་ལི་མ་རྒྱ་ནག་མ། རྡོ་མཉེན། རག་སྐུ་བཅས་པའི་བླ་མ། ཡི་དམ། སངས་རྒྱས་བྱང་སེམས། ཉན་ཐོས། ཆོས་སྐྱོང་སོགས་ཀྱི་སྐུ་བརྙན་ན་བཟའ་དང་བཅས་པ་ལྔ་བཅུ་རྩ་ལྔ། རྩ་གསུམ་གྱི་ལྷ་ཚོགས་ཀྱི་ཚོན་ཐང་། གསེར་ཐང་ཞེ་མཚུངས་དང་སྣ་ཚོགས་གོང་གཤམ། ཞལ་ཁེབས།


GLG006_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བཅས་ཆིག་བརྒྱ་ཞེ་དྲུག་སྣོད་སྒམ་བཅས། གསུང་རྟེན་བཀའ་འགྱུར་རིན་པོ་ཆེ་སྐྱ་ཆོས་རྒྱལ་རྩེ་ཐེམ་སྤངས་མའི་ཞལ་བཤུས་བྲིས་ཤོག་ལེགས་པ་ཡོངས་རྫོགས་གླེགས་ཤིང་། གླེགས་ཐག །གདོང་དར་དང་བཅས་པ། པར་མ་བརྒྱད་སྟོང་པ། བསྐལ་བཟང་། མཛངས་བླུན། གྲ་ཏོག་གསེར་གསུམ། ཀླུ་འབུམ་དཀར་པོ། གཟུངས་བསྡུས། བཀའ་གདམས་གླེགས་བམ། རྒྱུད་བཞི། ཆ་ལག་བཅོ་བརྒྱད། ངེད་རང་གིས་གསར་རྩོམ་གྲས་སོགས་གླེགས་ཤིང་། གླེགས་ཐག་དང་བཅས་པའི་པུསྟ་ཀཿདོན་གཅིག །ཐུགས་རྟེན་གསེར་ཟངས་ལས་གྲུབ་པའི་བདེར་གཤེགས་མཆོད་རྟེན་བརྒྱད་བཟོ་ལེགས་པ། མཆོད་རྫས་སྐོར་ལ། མ་ན་ཧོ། གཡང་ཊི། གི་གུ་ཤེལ། དངས་ཤེལ། ལྗང་སེར། རག་སོགས་ཀྱི་སྤྱད་པ་སྣ་ཚོགས་ཞེ་གཅིག །རྒྱུ་སྣ་ཚོགས་ཀྱི་ཏིང་སོ་བརྒྱད། མཆོད་ཀོང་ཆིག་བརྒྱ་གོ་དྲུག །སྦུག་སིལ་བཞི། དྲིལ་བུ་གསུམ། དུང་རྒྱ་གླིང་སོ་སོ་ཆ། གོས་འཕན་སྣ་ཚོགས་ཞེ་བཞི། ཐོད་ཌཱཾ་གཅིག །ཧོར་དུས་ཀྱི་ཏིང་ཤགས་ཆ་གཉིས། དངུལ་གྱི་ནང་མཆོད་ཀཱ་པ་ལ་ཆ། རག་ལྕགས་ཀྱི་སྤོས་ཕོར་བཞི། ཟངས་དམར་གྱི་གཏོར་ཆ་བཅུ་ཆར། ཡ་མགུ་མ་མགུ་དང་བཅས་པ། སྤོས་མདོང་དང་སྤོས་གཞོང་རྩི་མ་རེ། དངོས་སྤྱད་སྐོར་ལ། དགའ་ལྡན་སྒར་ཞྭ་དང་སྦ་ཞྭ་ཕྲུ་ཡོད་མེད་ལེགས་ཉེས་བསྡོམས་པ་བཅུ་གཅིག །ན་ཕྱིས་ཀྱི་ཙེ་བེར་ལེགས་པ་གཅིག །ལྡིང་སློག །རྩག་པ། ཆུ་པ་བཅས་སོ་བཞི། སྐ་རགས་བཀྲོལ་མ་གཉིས་སྣག་སྨྱུག་ཐེལ་ཤུབས་དང་བཅས་པ། གཡང་ཊི་


GLG006_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་བཀོངས་མའི་ཕའུ་བཞི། དོར་མ་དྲུག །བོད་སོག་གི་ལྷམ་ཆ་སོ་གཅིག །སྨད་གཡོགས་བཞི། སྟོད་འགག་སུམ་ཅུ། ཤམ་ཐབས་དྲུག །སྐ་རགས་ཉི་ཤུ། གཟན་ཕྲུག་ཆེན་ཕྲུག་ཆུང་འཇག་ཅན་བརྒྱད། ཐེར་གཟན་སྤུ་ཧྲུག་འདྲེས་པ་བཅོ་བརྒྱད། གོས་ཀྱི་འགན་སྦྱར་དྲུག །གོན་ཕྱིང་གཉིས། སྦུ་ལ་ག །དབྱི། ཝ་མོ། སྣམ་བུ་བཅས་པའི་སྦྱར་མ་དང་ཞ་ཐུལ་བཅུ་དྲུག །གཟན་ཕྲུག་ཆེན་བཅུ་དགུ། གོས་གདན་ཁ་གང་མ་དང་གོས་འཇག་ཉེར་བདུན། གདན་དཀྱུས་མ་བཅུ་གཉིས་རས་ཐེར་གྱི་རྐྱོང་གདན་སྣ་ཚོགས་དྲུག་ཅུ་ཐམ་པ། འབོལ་གཅིག །སྙེ་འབོལ་གསུམ། ས་གདན་སྣ་ཚོགས་ཉེར་གསུམ། ཁ་གདན་གཉིས། སྟག་གཟིག་གི་གདན་དང་གྲུམ་འཇག་བཅུ་རེ། ཁྲི་གྲུམ། ལོ་གྲུམ། དཀྱུས་གྲུམ། གྲུམ་ཡུག་སོགས་བརྒྱད་ཅུ་གྱ་དྲུག །སྟན་དམར་བརྒྱད། བན་ཁེབས་སྦ་རི་བརྒྱད། འབོག་འཇོ་གསུམ། དགས་སླེ་བརྒྱད། འོག་འཇུག་གཉིས། གོས་དང་སྣམ་བུའི་སྟོད་གོས་ཉི་ཤུ་ཐམ་པ། སྣ་ཐིག་དང་སྔོན་པོའི་གོས་གསུམ། ལྷམ་ཉེར་གཅིག །བཟང་གོས་ཀྱི་བླ་བྲེ་ལྔ། གོས། དར། རས། ལ་ཏ་སོགས་ཀྱི་ཡོལ་བ་ཉེར་དྲུག །རྟེན་ཁེབས་སྣ་ཚོགས་བཅུ། མུ་ཏིག །སྤོས་ཤེལ། གཟི། མཆོང་། གཡང་ཊི་དྲུག་གི་བརྒྱ་འཕྲེང་། ཤལ་དཀར་དམར། ཀོང་རྣ་པད་འདབ། དཔྲལ་གཡུ། གཡུ་རྡོག་རྣམས་རེ། སྤོས་ཤེལ་རྡོག་ཆེ་ཆུང་གསུམ། གསེར་ཞོ་བཞི་བརྒྱ། གྲང་གསེར་ཞོ་རེ་བཞི། རྒྱ་དང་ཁམས་ཀྱི་དངུལ་སྲང་ཆིག་སྟོང་། ཁ་བཏགས་ཉིན་བདེ་མ་དང་རྟགས་བརྒྱད་ཁ་བཏགས་ལྔ། མཐིང་ཁྲ་ཆེ་ཆུང་ཉེར་བདུན། ཁ་བཏགས་ཆེ་ཆུང་


GLG006_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་སྟོང་། པི་ཅིང་ཁ་བཏགས་བཅུ་གཉིས། སྨན་ཙེ་གསར་རྙིང་འདྲེས་པ་ཡུག་བརྒྱ། དར་ལིང་ཚོས་སྣ་ཚོགས་ཡུག་བརྒྱ་དང་གཅིག །དིང་ཕོན་གསེར་ཚོན་མ་ཆེ་བ་གཅིག་དང་སྐ་རགས་མ་གཅིག །བུམ་གདན་མ་གཉིས། གོས་ཁ་ཐི་རྙིང་མ། མཐོན་ཐི། ཅོད་ལྡན། ལོག་ཐང་། འཕན་འཁོར་སོགས་ཚོས་ཁ་སྣ་ཚོགས་ཡུག་ཕྱེད་ཉིས་བརྒྱ། ཧུ་ཇ་ནག་པོ་འདྲེས་པ་ཁོར་དྲུག་མ་སོ་བརྒྱད། ཡ་ཇུ་ཁོར་དྲུག་མ་བརྒྱ་དང་གསུམ། ཤ་ཤན་དང་འུ་ཟི་བརྒྱ་དང་སོ་བདུན། ཟི་ལིང་སྦུ་ཇ། སཱན་ཚ། ཏཱ་ཚ་འདྲེས་པ་ཀོ་དྲ་ཆིག་བརྒྱ། སྣམ་བུ་དཀར། སེར། དམར། ལྗང་། སྔོ། རྒྱ་རྣམས་ཐིག་དང་རྐྱང་པ་ལེགས་ཉེས་འདྲེས་པ་འདོམ་ཆིག་ཁྲི་སུམ་སྟོང་ཕྱེད་དྲུག་བརྒྱ། ཕྱིང་དཀར་དོས་བཅུ། སྦོམ་ཚར་ཁོམ་དོ། ཤོག་བུ་བཅུ་དེབ་ཆིག་སྟོང་། བལ་ཁྱེམ་བཞི་བརྒྱ་དང་བཞི་བཅུ་ཐམ་པ། གཤོལ་ལྕགས་ལྔ་བརྒྱ་དང་སུམ་ཅུ་སོ་བདུན། ཟམ་སོ། སྤུ་ཁ། སྤེན་བུབས། དྲིལ།ཅོག་རས། ལྷོ་རས་རྣམས་བསྡོམས་པར་ཡུག་ཉིས་སྟོང་བདུན་བརྒྱ་རེ་བཞི། འབྲས་ལྟང་ཆིག་བརྒྱ། རྒུན་ལྟང་བཅུ་དྲུག །ཞལ་དཀར་སྒོབས་ཤུབས་ཆ་འགྲིག །དངུལ་སྟེགས་འཛེད་ཞལ་དང་བཅས་པ། གན་དཀར་བཅུ། དཀར་སང་། སྔོ་ཁྲ། ཡུ་རིང་། ཡུ་ཐུང་བཅས་པ་ཤུབས་བཅས་ཆིག་བརྒྱ་སུམ་ཅུ། གོས་ཀྱི་སྡེར་གདན་ལེགས་པ་གསུམ་དང་དཀྱུས་མ་ཆིག་བརྒྱ། དངུལ་གྱི་ལྟེ་རི་ཤུབས་བཅས་གསུམ། སྡིར་བུ་ཆེ་ཆུང་གསུམ། སྡེར་མ་ཆ། སྐྱོགས་གཅིག །ཐུར་མ་གཅིག །མདོང་མོ་ཆེ་བ་གཅིག་རྣམས་དངུལ་དང་། སྒོག་ཅན་


GLG006_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། གོས་དིང་བཏགས་ཀྱི་པང་ཁེབས། རག་སྡེར་གཅིག །བཤོས་ཕོར་གསེར་གཤོག་མ་གཅིག །ཇ་ཕོར་དྲུག །རྟེན་ཁེབས་ལྔ། གསོལ་ཁེབས་དང་གསོལ་གདན་ལྔ་རེ། གྲི་ཆུང་གཅིག །གངས་ཕྲུག་ཤུབས་གཅིག །ར་ཤེལ་དང་གཡང་ཊིའི་ཕོར་པ་ཤུབས་བཅས་རེ། ཟོ་ལག་བརྒྱད། སྡེར་མ་ལེགས་ཉེས་བསྡོམས་པ་ཆིག་སྟོང་ཆིག་བརྒྱ་སོ་དྲུག །ལི་འགག །རག་འགག་བསྡོམས་པ་ཆིག་བརྒྱ་དང་གཅིག །སྒམ་དང་སྐྲོང་ཙེ་གཉིས་རེ་སྣོད་དང་བཅས་པ། ཁྲོ་ཟངས་བསྡོམས་པར་བཞི་བཅུ་ཞེ་གཅིག །ལྕགས་ཟངས་ཀྱི་ཁ་གཅོད་ཉེར་གཉིས། ཟངས་བན་ཆ་གཉིས། ལྕགས་སྒྱེད་གསུམ་དང་ལྕགས་ཐབ་གཅིག །ཀ་ཊོ་ར་ཆེ་ཆུང་ཉེར་ལྔ། གཞོང་སྒོར་སྒོར་བཞི། ཁོལ་མེ་མཆུ་བཅས་གཉིས། ཇ་ཚགས་དང་ལྕགས་སྐམ་བཞི་རེ། མེ་ཁྱིམ་གཅིག །ལྕགས་སླང་ལྔ། ལྕགས་ཟངས་ཀྱི་སྐྱོགས་བཅུ་གསུམ། མར་ཐུར་གཉིས། ལྕགས་གཟར་དང་གྲི་རྡོབ་རེ། ལྕགས་ཟངས་ཀྱི་ཞུ་ཀོང་བཅུ། འགར་བུམ་གཉིས། རག་ཟངས་ཀྱི་ལྟ་རི་རེ་དང་སྦ་ལྟིར་ལྔ། ལྕགས་ཀྱི་མེ་འཐེན་གཉིས། སྟ་རེ་གཉིས། མདོང་མོ་བརྒྱད། ཀོ་ལྟེབ་གཅིག །ཆུ་ཟོམ་བཞི། སྦག་ཕོར་ཁེབས་ཡོད་མེད་སྣ་ཚོགས་ཆིག་བརྒྱ། བསེ་ཏོ་ར་ལེགས་པ་ཉི་ཤུ། གསེར་སྒ། དངུལ་སྒ།ར་མ་ལུག །གསར་ཆས་གཉིས་ཀྱིས་གཙོས་ཆ་འགྲིག་སུམ་ཅུ་སོ་ལྔ། འཐེབ་ལ་སྲབ་རྨེད་གོང་གསུམ་ཚེར་གསུམ་དང་། ཡབ་གདན་གཉིས། མཚལ། མཐིང་། སྤང་མ། བ་བླ། ལྡོང་རོས། ལི་ཁྲི་སོགས་སྣ་འཛོམ་རྐྱལ་ཁུག་བཅོ་ལྔ། རྩ་རྩི་ཟངས་བན་གང་། ཙནྡན་


GLG006_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་རྡུམ་བཞི། ཨ་ཀ་རུ་ཉེར་བརྒྱད། གུ་གུལ་དཀར་ནག་མཁར་ཁལ་ཆིག་བརྒྱ། སྟོད་ཇ་ཁལ་དོན་ལྔ། ཟངས་ཁལ་ཆིག་བརྒྱ་བརྒྱད་ཅུ། བྱེ་ཀར་ཁལ་ཉེར་བཞི། བུར་ཁལ་དྲུག་བརྒྱ་དང་བཅུ་གསུམ། རམས་དཔུས་ལེགས་ཉེས་ཁལ་ལྔ་བཅུ། རྒྱ་ཚོས་ཁལ་ཉིས་བརྒྱ། ཁྲོག་སྨན་ཁལ་ང་གཅིག །དམར་ཚོས་ཁལ་ཆིག་སྟོང་བརྒྱད་བརྒྱ་རེ་བདུན། ཞུན་ཁལ་བརྒྱད་བརྒྱ།ཚྭ་གཤོར་ཁལ་ཆིག་སྟོང་། བུལ་ཁལ་ཆིག་བརྒྱ། རྒྱ་བྱིའི་ཁྲག་རྨོག །དོང་པ་དཀར་ཐག །གྲི་ཁེ་གསུམ་འཛབ་བཅས། ཨོད་མ། མཚལ་ཕུབ། མདུང་། ལྕགས་གཞིབས་དང་བཅས་པ་ཆ་འགྲིག །གྲི་སོག་པོ་དང་དམར་བཅས་བརྒྱད། བུ་ལ་ཧ་རིའི་སག་ཐག །མདའ་གཞུ་ཆ་འགྲིག །གུར་ཆེ་བ་ཡོལ་སྒོར་དང་བཅས་པ་ཆ་འགྲིག་གཉིས་དང་། གཡབས་ཡོལ་སྐོར་དང་བཅས་པ་གཅིག །དཀྱུས་གུར་དཀར་ནག་དྲུག །གཡབས་བཅུ་གཅིག །ཕྱིང་གུར་གཉིས་རྣམས་ལ་འཇུག་ཚས་ཐག་ཆ་ཀ་གདུང་དང་བཅས་པ་ཆ་འགྲིག །མེ་སླང་གཅིག །སམ་ཊ་བཅུ་གསུམ། སྒམ་ཆེ་ཆུང་ཉི་ཤུ། སྐྲོང་ཙེ་བརྒྱད། ཀོ་འབོག་ཉེར་གཅིག །ཁྲོག་ཚས་ལ་གོས་དར་གྱི་འབོག །སླེའུ། རས་སྣམ་སོགས་མང་དུ་སོང་། རྨེ་ཕུ་ངང་པ། ཚོགས་རྒྱལ་འོལ་བས་གཙོས་རྟ་སོ་གཅིག །དྲེའུ་སུམ་ཅུ། གོང་གསལ་རིན་གོང་ཁྱོན་གཅིག་ཏུ་བསྡོམས་པར་དངུལ་སྲང་ཉི་ཁྲི་དགུ་བརྒྱ་བདུན་ཅུ། འབྲུ་ཐོག་ཏུ་ཕབ་པར་གཤོར་ཁལ་སུམ་འབུམ་ལྔ་ཁྲི་དྲུག་སྟོང་བཞི་བརྒྱ་གོ་བརྒྱད་རྣམས།ཟངས་རི་ལྷུན་གྲུབ་རབ་བརྟན་རྫོང་གི་བཀའ་རྒྱ་དང་རྩིས་འཁྲིར་ཡོད་པའི་དངོས་སྤྱད། འབྲུ་ཆ་


GLG006_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྩམ་སྣུམ། ཤ་མར། གནག་ལུག་སོགས་དང་སྲས་པོ་ཚེ་དབང་གི་ཟོག་ཟངས་རིར་དྲངས་པ་རྣམས་བསྡོམས་པར་མཁར་ཁལ་བརྒྱད་ཁྲི་སུམ་སྟོང་བདུན་བརྒྱ་དྲུག་ཅུ། མི་སེར་བསྡད་གྲོང་ཆེ་ཆུང་ཉིས་བརྒྱ་སུམ་ཅུ། ལག་འབབ་ཆིག་ཁྲི་ཆིག་སྟོང་ཉིས་བརྒྱ་བཅོ་ལྔ། ཁྱུང་པོ་དོ། ཤར་རེ། སྐྱི་ཁུ་བྲག །གྲམ་མདའ། ཐེ་པོ་ར། སྙེ་མོ་ལུང་། ན་མར། སྲམ་སྣ་སོགས་ཀྱི་ཐེམ་འཛིན་བསྡད་གྲོང་ཉིས་བརྒྱ་བཅུ་དགུ། སྔར་ཡོད་ཀྱི་ཆས་དང་ལག་འབབ་བསྒྲིལ་བར་མཁར་ཁལ་དགུ་སྟོང་བརྒྱད་བརྒྱ། གྲིབ་ཞང་ལྷ་ཚི་རུ། སྤུས་གྲོང་བཅས་མི་སེར་བསྡད་གྲོང་ལྔ་བཅུ་ང་གཅིག །སྔར་ཆས་འབྲུ་ཐོག་ཏུ་ཕབ་པ་སུམ་སྟོང་བཞི་བརྒྱ་ང་གཅིག་ལག་འབབ་སུམ་སྟོང་བདུན་བརྒྱ་ང་ལྔ། ལྷ་ས་དཔལ་འབྱོར་རབ་བརྟན། དར་རྩེ་མདོ། སོ་གར། སྐྱིད་མོས་ཚལ་བཅས་པ་དང་བློ་མདར་གཏོགས་པའི་མི་སེར། ཐེམ་འཛིན་ཉེར་བརྒྱད། ལག་འབབ་ཁལ་ཆིག་སྟོང་དྲུག་བརྒྱ་གྱ་གཉིས། གོང་གསལ་སྐུ་གསུང་ཐུགས་རྟེན་དངོས་ཆས་ས་རིས་ཀྱི་ཡོངས་སྒོ་བསྡོམས་པར་ཁལ་བཞི་འབུམ་བདུན་ཁྲི་བརྒྱད་སྟོང་སུམ་བརྒྱ་བཅུ་བཞི་རྣམས་སྤྲད། བདེ་བར་གཤེགས་པའི་གདུང་ཤ་རཱི་རམ་མཐེའུ་ཆུང་གི་མགོ་ཙམ། རིགས་འཛིན་རཏྣ་གླིང་པའི་གཏེར་སྐུ་པདྨ་མཐོང་གྲོལ། བྱང་གཏེར་གྱི་སློབ་དཔོན་ཆེན་པོའི་ཕྱག་ཕུར་ཛ་ལ་ནག་པོ་ལས་གྲུབ་པའི་འབར་བ་མཆོག །དཔྱལ་པའི་རྡོ་རྗེ་ཐོག་བཟློག་མ་སོགས་ཀྱི་བྱིན་རྟེན་ཡང་འདོད་པ་དང་སྦྱར། དེ་དགོངས་རྫོང་དུ་བཞུགས། བཞེད་པ་ལྟར་རྒྱུན་འདོན་ཚིགས་བཅད་གཅིག་བརྩམས། ཉེར་གསུམ་ལ་


GLG006_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ཟོར་མར་འཕྲིན་བཅོལ་གྱི་བཀའ་བསྒོ་དང་བཅས་བཀྲ་ཤིས་ཁང་གསར་དུ་གཏེག །ས་རིས་ནང་ཆས་དང་བཅས་རྩིས་སྤྲོད་ལ་གྲ་ཚང་གཉེར་པ་དང་དཀར་བྲག་པ་ངག་དབང་བྱམས་པ། སྤུན་དྲུག་རྫོང་པ་དང་དོན་གྲུབ་དབང་རྒྱལ་སོགས་དྲུང་འཁོར་སྐྱ་སེར་སུམ་ཅུ་སྐོར་རོགས་བྱེད་དུ་བརྫངས་པའི་ཟངས་རིར་ཐོན། རོང་བྱམས་ཆེན་གྱི་གྲ་པ་རབ་འབྱམས་པ་མདོ་རྒྱུད་རྒྱ་མཚོས་འཕགས་པ་བརྒྱད་སྟོང་པའི་རྒྱུགས་སྤྲད་ཅིང་ཚར་བརྒྱ་བཅུ་བདུན་ངེད་རང་གི་རིམ་གྲོར་འདོན་ཟེར་བ་ལྟར་ཡོན་སྦྱར། སྡེ་པ་ལྷུན་པོ་རྫོང་པས་ཕྱག་བྲིས་རྟེན་དུ་གནུབས་ཁུ་ལུང་པའི་ཕྱག་མཚན་བྱིན་ཅན་བསྐུར་བ་མཛད། འཕྱོང་རྒྱས་པ་བློ་བཟང་ཆོས་ལྡན་གྱིས་གྲ་ཚང་གི་ཞལ་འདོན་ཤོག་བུ་ལྔ་བརྒྱ་སྐོར་གྱི་རྒྱུགས་སྤྲད། སྔོན་བསགས་ཀྱི་སྟེང་དུ་ད་ལྟ་བར་གཅིག་འཕེལ་གཉིས་འཕེལ་ལས་གྲིབ་སྟུག་པོ་འདི་ལ་ཕན་དུ་རེ་བའི་ལྷ་ས་ཁྱམས་རར་བདེ་ཡངས་པ་དྲུག་ཅུས་ཞག་བཅོ་ལྔའི་བར་དཀར་སྡོར་བཤད་ཚོད་དང་མཐུན་པའི་སྨན་བླའི་མདོ་ཆོག་སུམ་སྟོང་དྲུག་བརྒྱ། སྤྱན་འདྲེན་ཁྲུས་གསོལ་དགུ་བརྒྱ། ལྟུང་བཤགས་ཉི་ཁྲི་བདུན་སྟོང་དང་མུ་འཐུད་ནས་ཞག་བཅོ་ལྔར་ཏོག་གཟུངས། ཁྱེའུས་ཞུས་པའི་མདོ། རྡོ་རྗེ་མཆུ། གནམ་ལྕགས་མཆུ། སྣང་བརྒྱད། གཟའ་ཡུམ་རྣམས་སོ་སོར་བརྒྱ། གདུགས་དཀར་སུམ་ཁྲི་བདུན་སྟོང་ཆིག་བརྒྱ། ཐང་སྐྱ་བས་བརྒྱད་སྟོང་པ་ཉིས་སྟོང་དང་བཅུ། སྒྲོལ་མ་ཆིག་ཁྲི་བཞི་སྟོང་ལྔ་བརྒྱ། ཤེར་སྙིང་བརྒྱད་སྟོང་བདུན་བརྒྱ། ཚེ་གཟུངས་ཉི་ཁྲི་དྲུག་སྟོང་། སེར་


GLG006_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སོ་སོར་ཟླ་རེའི་བར་ཇ་ཚུལ་ཐོག་འབྲས་སྤུངས་པས་གདུགས་དཀར་ཆིག་འབུམ་ཉིས་བརྒྱ། སེ་རར་ཤེར་སྙིང་ས་ཡ་གཅིག་དང་དྲུག་འབུམ་སོང་བའི་ཡོན་དུ་ནས་མཁར་ཁལ་གཉིས་རེའི་རྩིས་ཀྱི་གསེར་འགྱེད། དགའ་ལྡན་གྱིས་གཙོས་དབུས་ཁུལ་ནས་དགོན་པ་བརྒྱ་དང་བཅུ་གཉིས་ལ་མང་ཇ་སྦྱོར་སྦྲེལ་བསྔོ་རྟེན་དང་འགྱེད་གྲ་པ་རེར་ཁལ་རེ་མའི་རྩིས་ཀྱི་དགའ་ལྡན་ཆོས་འཁོར་རྒྱལ་དུ་གསེར། དེ་ཕྱིན་ཐག་ཉེར་ཡ་ཇུ། རིང་བར་སྔོ་ཆས། དངོས་སྤྱད་མང་བ་བཏང་། གྲ་ཚང་ལ་རྒྱ་ནག་མ་ཤས་ཆེ་བའི་སྐུ་བརྙན་ལྔ་བཅུ་ང་དྲུག་སྐོར་སྤྱི་རྫས་སུ་སྦྱར། གཏེར་སྟོན་རིན་པོ་ཆེ་གྲ་བཅས་ཀྱིས་བདུན་གཅིག་གི་རིང་གཤིན་རྗེ་དྲེགས་འཇོམས་ཀྱི་མནན་པ་དང་གཏོར་བཟློག་མཛད་པར་རྟགས་ལེགས་པར་བྱུང་། འདི་གའི་རིམ་གྲོར་གྲ་ཚང་ནས་ལྷ་མོའི་གསང་མདོས་སུམ་ཁྲི་དྲུག་བརྒྱ་དང་མུ་འཐུད་དུ་ཉིན་གསུམ་བེག་ཙེའི་བསྐང་བ་ཉིས་ཁྲི་ལྔ་བརྒྱ། ཉིན་གཅིག་རྒྱལ་བཙན་གྱི་གསོལ་ཁ་མཛད། ལོ་འདིའི་དབྱར་སྟོད་ཕལ་ཆེར་ཕྱོགས་མཐའི་དྲི་སྨེད་ཀྱི་བསླབ་བྱའི་ཡིག་ལན་དང་ཁ་མཆུ་ཆེ་ཕྲའི་གཟུ་ཟས་གནོན་ཆད་ལས་ཀྱིས་མཚོན་པའི་ཙ་རའི་རིགས་སོགས་མི་ལུས་སྟོང་ཟད་ཀྱི་འདུ་འགོད་ཁོ་ན་ལྷུར་བླངས་མོད་འབྲུག་པ་པདྨ་དཀར་པོའི་གསུང་མགུར་དུ། སྐབས་འགར་མི་ནག་སྐྱེ་བོའི་ཁྲོད། །སྡིག་ཅན་གྱི་སྲོག་ལ་ཙ་ར་བཏང་། །ཞེས་ཤིན་ཏུ་དགྱེས་པའི་ཞལ་ཕོ་ལྟར་ན་རྔ་བརྡུངས་དར་འཕྱར་ཀྱང་བྱས་ཆོག་པའི་ཚོད་དུ་ཡོད་དོ། །རིན་ལྡིང་པའི་རྩེ་མོའི་ཐེབས་ཀྱི་བར་ཚོ་གྲ་ཁང་ཆུ་རྟ་སྒར་པའི་ཆས་བཅོལ་བསྐུངས་པ་བརྡོལ་བས་སྡེ་པ་


GLG006_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་རབ་བརྟན་གྱིས་ཉེས་ཆད་ལ་བཞེས་པ་དོན་སྨིན་གྱི་བབས་འབྲེལ་མི་འདུག་རུང་ཁྱབ་བདག་ཞ་ལུ་པ་ཆེན་པོའི་བཀའ་ནན་དང་སྒྲུབ་མཆོད་བསྟན་རྒྱུན་ལ་གོང་བརྒྱབ་ཁང་པ་དང་དངོས་གཞི་ལྷོ་དགོན་པའི་སྡོད་གནས་སུ་སྡེ་པ་འཕྲིན་ལས་རྒྱ་མཚོའི་དུས་ཆོས་འདུག་པ་བསྒྱུར་བཀོད་མ་ཐུབ་པའི་ཚབ་གཟེར་ཆེན་པའི་འཛིན་ཤུལ་ཕུན་ཚོགས་གླིང་གྲ་ཁང་སྦྱར་བ་ཅུང་ཁ་མ་ལོངས་ཚུལ་མཁན་རིན་པོ་ཆེས་གསེར་གྱི་རྟེན་དང་བཅས་རྡོར་ལེགས་པ་ཡང་བསྐྱར་བྱུང་དོན་ལྟར་རང་གཞུང་གྲ་ཁང་སྤྲད། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་ཇོ་ཤཱཀ་གིས་གཙོས་པའི་ར་ས། ར་མོ་ཆེ། པོ་ཏ་ལ་གསུམ་གྱི་སྐུ་བརྙན་རགས་རིམ་ལ་སྲང་དོ་ཞོ་དྲུག་གིས་ཞལ་གསེར། དབུ་མཐིང་། སྤྱན་འབྱེད་ཞིབ་རྒྱས་སུ་བསྟར། གནས་ཆུང་ལྕོག་ཏུ་གཏེར་སྟོན་རིགས་འཛིན་ཆེན་པོས་མཁའ་འགྲོ་གྲིབ་སེལ་སྨིན་རྒྱས་སུ་མཛད། ཚངས་པ་དུང་ཐོད་ཅན་ཁོག་ཏུ་ཞུགས་ཀྱང་ལོ་རེར་ལན་ཅིག་ཙམ་ལས་མི་ཕེབས་ཚུལ་སྟག་རྩེ་ཐའི་ཇི་སོགས་ལ་གསུངས་པ་ཐོས་པར་བརྟེན་སྔར་ལུགས་ལྟར་སྐྱེ་རྒུའི་ལེགས་ཉེས་སྟོན་པར་འབྱོན་དགོས་པའི་འཕྲིན་གསོལ་ཚོགས་འཁོར་སྤྱན་གཟིགས་དང་བཅས་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་བཏང་། ཚེས་ལྔར་རྨེ་རུ་བས་ཁྱམས་རར་སཱཙྪ་སུམ་འབུམ། སོག་དམངས་དྲག་ཞན་མེད་པར་མི་རེར་ཏཱ་ཚང་ཉག་རེ། མར་ཉག་ལྔ་རེ། སྣམ་དཀར་འདོམ་ལྔ་རེ་བཏང་བར་ཇ་མཁར་རྒྱའི་ཁལ་གོ་དྲུག་ཉག་བཅུ་གསུམ། མར་ཁལ་བཞི་བརྒྱ་གྱ་གསུམ་ཉག་ལྔ། སྣམ་དཀར་རྒྱུག་འདོམ་དགུ་སྟོང་དྲུག་བརྒྱ་རེ་ལྔ་


GLG006_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སའི་སྒོ་འགྱེད་ལ་ཡ་ཇུ་ཉག་རེའི་རྩིས་ཁོར་དྲུག་མ་བཅུ་བདུན། སྤྲང་པོ་དྲུག་བརྒྱ་སྐོར་ལ་ཇ་ཐུག་ཐོག་རྩམ་ཁལ་ལྔ་བཅུ་ང་བདུན། སོ་ཧྲུག་ཁོག་ཆིག་བརྒྱ་དོན་གཅིག །རྒྱ་ཇའི་སིགས་སྐོགས་བཞི་བརྒྱ་གྱ་བརྒྱད། ཡེར་པ་མན་ནས་ཚར་སྣ་ཡན་གྱི་རྡོ་ལྷ་ལྔ་བརྒྱ་དང་ཞེ་དགུ། མ་ཎི་བཞི་སྟོང་སུམ་བརྒྱ་རེ་དགུར་སྤྱན་འབྱེད་དང་མཆོད་རྟེན་སུམ་བརྒྱ་ཉི་ཤུའི་ཞིག་གསོས་བྱེད་པའི་དོ་དམ་སྒོ་མོ་རབ་པ་རཏྣ་ཨཱི་ཤ་ཅན་གྱིས་བྱས་ཏེ་བསོད་ནམས་ཀྱི་ཚོགས་བསགས། སྡེ་པ་ཟངས་རིར་འབྱོན་གདོང་ཤིང་སྟག་ནག་ཆེན་སྟབས་ནས་མ་ཐུབ་པ་མ་གཏོགས་སྒོ་མཆོར་གྱི་ཞིག་གསོས་ད་ལོ་རང་གནང་དགོས་ཡོད་ཚུལ་འཕྲོས་གླེང་མཛད་པ་ལྟར་སྒེར་ལོགས་ཨ་དར་བསྒྱུར་བཀོད་བྱེད་དགོས་ཀྱི་བསླབ་སྟོན་ཉན་པར་སྡེ་པའི་སར་བཏང་བ་བཞིན་ཚེས་བཅུར་ལས་འགོ་བཙུགས་ཏེ་ཧོར་ཟླ་བཞི་པའི་ཚེས་བརྒྱད་ལ་གྲུབ་ཅིང་སྒོ་མངས་བྱ་གདང་སོགས་གསར་དུ་བསྐྲུན་པས་སྲ་མཛེས་བྱུང་ཁུལ་ཡིན། འགོ་མི་དང་བཀོད་པ་སྒེར་ལོགས་བློ་བཟང་དར་རྒྱས། ལས་རྒྱབ་ཀྱི་སྐྱིད་གྲོང་ཀུན་དགའ་དཔལ་བཟང་། སྤེལ་བཞི་དབང་རྒྱལ། ཤིང་བཟོ་དབུ་མཛད་གྲ་ཕྱི་དགོས་དགོས། རྡོ་བཟོ་དབུ་མཛད་སྤངས་གོག་མགོན་པོ་སོགས་དགོས་བྱེད་འདོན་པས་མཚོན་རོགས་རམ་བྱང་གླིང་བསམ་གྲུབ་རྒྱལ་པོས་བྱས། གཏེར་སྟོན་རིགས་འཛིན་ཆེན་པོ་གྲ་བཅས་ཀྱི་བདུན་ཕྲག་གཅིག་སྔོན་དུ་འགྲོ་བའི་ཚེས་བཅུ་གཉིས་ལ་མི་བསྲུན་པའི་འབྱུང་པོའི་རིག་ལ་བསྲེག་པའི་སྦྱོར་བ་དང་བཅུ་གསུམ་ལ་གཏོར་བཟློག་རྒྱས་པར་མཛད། ཚེས་བཅོ་བརྒྱད་ལ་ལ་མོ་ནས་ཚངས་པ་དུང་ཐོད་ཅན་གྱིས་


GLG006_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོའི་བསྐུལ་མའི་གསུང་འཕྲིན་བྱུང་བ་ཁོག་ཞུགས་སྔོན་མ་རྣམས་ཀྱི་དུས་དང་ཁྱད་པར་མེད་པའི་ཡིད་ཆེས་ཀྱི་གནས་སུ་འདུག་ཅིང་དེ་ལན་ཚིགས་བཅད་དུ་ཕུལ། ལུས་མེད་ཀྱིས་འཚུབ་ལྟས་ཆེ་བར་རྡོ་རྗེ་སློབ་དཔོན་དགེ་སློང་བློ་གྲོས་རྒྱལ་བས་བྱས་ཏེ་གྲ་ཚང་གིས་རིགས་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་སྒོ་ནས་འགོང་པོ་སྤྱི་དང་བྱེ་བྲག་ཆུ་མིག་དཀར་མོའི་དམ་སྲི་ཨར་ལ་གཏད་པའི་དྲག་སྔགས་བྱེ་བའི་མཇུག་ཏུ་ཧོམ་གྱི་ལས་སྦྱོར་དང་བཅས་བོད་འབངས་ཀྱི་བདེ་ཐབས་བསྒྲུབས། རིན་ཆེན་སྒང་པ་དབང་རྒྱལ་རྡོ་རྗེས་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་དགོས་ཚུལ་བྱུང་བ་ཁོག་ཞུགས་མྱུར་དུ་ཡོང་ལ་རེའི་གང་རྒྱས་བྱས་པ་རྗེས་གནང་དྲུག་འཚམས་རླུང་སོགས་རྐྱེན་ཡེ་མེད་པར་གཏོར་མ་ཅོག་ཙེའི་སྟེང་ནས་ལྷུང་བ་གས་ཆག་ནི་བྱུང་མ་སོང་། དེ་སྐབས་དཔྱད་མ་ཤེས་རུང་ཕྱ་ཕྱོ་དེ་དམ་སྲི་སྟོབས་ཅན་གྱི་ཆོ་འཕྲུལ་དུ་གོ །ལ་མོ་ནས་གིང་ཆེན་ཚངས་པའི་ལུང་བསྟན་སོགས་ལ་བརྟེན་དབུས་གཙང་གི་རྫོང་གཞིས་རྣམས་ནས་ཚེ་གཟུངས་ཆིག་དུང་བྱེ་བ་གཅིག་ས་ཡ་གཉིས་སུམ་འབུམ་བརྒྱད་ཁྲི་བཞི་སྟོང་བདུན་བརྒྱ། གདུགས་དཀར་ཆིག་འབུམ་ཉི་ཁྲི་ཆིག་སྟོང་། མཚན་བརྗོད་སུམ་སྟོང་། ཤེར་སྙིང་ཆིག་འབུམ་ཉི་ཁྲི་སུམ་སྟོང་དགུ་བརྒྱ་བཞི་བཅུ། ཕྱག་འཚལ་ཉེར་གཅིག་ཆིག་འབུམ་སུམ་སྟོང་ཆིག་བརྒྱ་ལྔ་བཅུ། རི་ཁྲོད་མའི་གཟུངས་དྲུག་སྟོང་སུམ་བརྒྱ། ལྷ་སར་བྲག་དབར་གྲ་ཚང་དང་གསལ་ཁང་པ་དྲིལ་བས་བཀའ་འགྱུར་ཆིག་བརྒྱ། འབུམ་ཆིག་བརྒྱ་དང་གསུམ། ཏིང་འཛིན་རྒྱལ་པོ་ཆིག་བརྒྱ་དང་ལྔ། བསྐལ་བཟང་ཆིག་བརྒྱ་དང་ལྔ་བཅུ། ཉི་ཁྲི་ཆིག་བརྒྱ།


GLG006_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྟོང་པ་ཆིག་བརྒྱ་སོ་ལྔ། འབྲས་སྤུངས་སུ་རྒྱུད་སྟོད་དབུ་མཛད་ཀྱིས་གཙོས་བཞི་བཅུས་བདུན་གསུམ་གྱི་བར་ཡ་མ་རཱ་ཛཱ་ས་ཡ་བཞི་ཉིས་འབུམ་བཏང་བའི་མཇུག་དྲུག་ཅུ་པའི་གཏོར་བཟློག །མཆོད་པ་སྔོན་དུ་འགྲོ་བའི་ཕྱག་དྲུག་པ་དང་ལས་གཤིན་གྱི་བསྐང་གསོ། དབུས་གཙང་གི་ཡུལ་གྲུ་དང་རྫོང་གཞིས་ནས་དགྲ་ལྷ་དཔངས་བསྟོད་སོགས་སྤྱི་སྒོས་ཀྱི་རིམ་གྲོ་མི་ཆུང་ཙམ་གྱིས་བགྱིས། ཞོ་སྟོད་གཏེར་སྒྲོམ་ཆུ་ཚན་ཞག་བདུན་གྱི་རིང་བསྟེན། གནས་ཆགས་ཀྱི་ཡོན་བདག་ཨ་བསམ་འབྲུག་ཕྱོགས་སུ་ཁ་བསྟད་པར་བུ་གཏེ་མནའ་སོག་དམ་ཞིང་ས་རིས་ལ་རང་དབང་མ་བྱུང་བས་བློ་ལོག །འབྲུག་པས་ཨ་ཆོག་ལ་ཆིངས་མ་གྲོལ་གོང་གསང་དམག་བྱེད་རྩིས་ཁོ་པས་ཤེས་ནས་བྱ་བཏང་བར་བརྟེན་ཁག་གཉིས་དྲིལ་ཏེ་ལག་སྔ་མགྱོགས་ཀྱིས་ཟླ་བ་དང་པོ་སྔུན་མའི་ཉེར་ལྔ་དྲུག་ཙམ་ལ་སྟེང་གདུང་རྫོང་མེར་བསྲེགས་པའི་ཆག་གྲུམ་རེ་ཆེ་བཟོས་པ་བྱེད་པ་ཕ་དང་བརྗོད་པ་བུའི་དཔེར་འདུག་རུང་འབྲུག་པས་དེ་ལན་གྱི་དམག་བྱེད་པ་མི་བདེན་རྒྱུ་ཅི་ལ་ཡོད་ནའང་དེ་ལན་ཙམ་གྱིས་ཞེ་སྡང་ཞི་བྱེད་བྱས་ངོས་ཕྱིར་ཐེན་ཡོང་ལ་རེ་དང་འཕྲལ་དུ་སྒབ་གསེང་བཏང་བའི་ཁྱིའི་ཡ་བོ་རྒྱུག་པས་བཅར་ན་ལྷོ་བོད་ཀྱི་འགྲོ་བ་མང་པོ་ཉམ་ཐག་གི་རྒྱུར་སོང་དོགས་འཇམ་གང་ཆགས་བྱས་པར་ལྷོ་འབྲུག་འགྲོ་གཟོར་རྒྱས་བསྡུས་མི་འདུག་གཤིས་ས་མཚམས་གྱི་ཉེ་ལེན་དུ་དཔལ་དེ་ནས་དང་བདེ་མཆོག་མགོན་པོ་རྟ་རྐང་གི་སོ་འཛིན་འོས་འཚམ་བཏང་ཞིང་རྒྱལ་རྩེ་སོགས་ནས་འཚམས་ཚིགས་རྣམ་པ་ལྟ་བར་མདའ་དཔོན་ཕུན་ཚོགས་ཀྱང་བརྫངས། ཧོར་ཟླ་གསུམ་པའི་ཚེས་བདུན་ལ་འཇམ་དབྱངས་གོང་མ་


GLG006_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོའི་ལུང་གིས་མི་སྣ་རྒན་པ་སྟག་ལུང་སྐུ་སྐྱེ། གཞོན་པ་དབུར་སྟོད་བློ་བཟང་དགེ་སློང་། ཁོ་ཡག་བཅུ། འགྲུལ་སྡེབས་ཆོག་ཐུ་ཆོས་རྗེ། ས་མ་གྱང་དབང་གི་རབ་འབྱམས་པ། དབུ་མཛད་དགེ་སློང་། ཆ་ཁར་ཆོས་རྗེ། ཨེམ་ཆི་བསྟན་འཛིན་སོགས་ངོ་བོ་བཅུ་དགུ། གཡོག་ཕྱེད་སུམ་བརྒྱ་སྐོར། སྤོས་ཁང་མཁན་པོ་ལམ་དུ་གྲོངས་པའི་སྐྱིད་སྟོད་པ། ད་ལའི་རྒྱལ་པོའི་མི་སྣ་དང་བཅས་པར་བཞུགས་གྲལ་རྒྱས་པར་བཏང་བའི་ཐོག་གོང་གི་བཀའ་ཤོག་གནང་སྦྱིན་བླངས་ཤིང་ཡུལ་དུས་དང་བསྟུན་པའི་འཕྲོས་གླེང་ཞིབ་པར་བྱུང་། བརྒྱད་གཏོར་ཆེན་མོའི་དུས་རིམ་བཟབས་རྒྱས་སུ་བཏང་ཞིང་མུ་འཐུད་དུ་རྒྱལ་ཐང་ཕྱོགས་སུ་བརླང་པོར་སྤྱོད་པའི་མི་སྲུན་པ་རྣམས་ཚར་བཅད་དེ་གཡུལ་ལས་རྣམ་པར་རྒྱལ་བའི་གཏང་རག་ཡང་བསྐྱར་ཆོས་སྲུང་སྤྱི་བྱེ་བྲག་ལ་སྙན་ཤལ་འབུལ་རྒྱུའི་ཁ་བྱང་། རྡོ་དགའ་ལྡན་རྣམ་རྒྱལ་གྱི་གནས་བདག་འཛིན་པ་ལག་མངས་ཀྱི་འཕྲིན་ལན། སྨན་བླ་དོན་གྲུབ་པས་མཛད་པའི་སྐུ་གཟུགས་ཀྱི་ཆ་ཚད་རབ་དབྱེ་ཡིད་བཞིན་ནོར་བུ་དང་སྤྲུལ་སྐུ་འཕྲང་ཁ་བས་མཛད་པའི་མཆོད་རྟེན་གྱི་ཐིག་རྩ་གཉིས། རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་ཀྱིས་མཚམས་སྦྱར་བར་བརྟེན་པར་བྱང་། ཐོར་གོད་དབུ་མཛད་ཆོས་རྗེས་བསྐུལ་བའི་སྨོན་ལམ་རྣམས་བརྩམས། དཔོན་མཁའ་འགྲོས་རྒྱ་བོད་ཀྱིས་མཚམས་མི་བདེ་བ་བྱས་པར་བརྟེན་གནས་ནས་ཕྱུངས་ཤིག་པར་གོང་ནས་ལུང་བྱུང་བ་ལྟར་ཚུལ་བཞིན་བསྒྲུབས་པའི་བྱ་དགར་ཚེས་བརྒྱད་ཀྱི་ཉིན་གོང་གི་བཀའ་ཤོག་རྟེན་དུ་གསེར་སྲང་ཆིག་བརྒྱ་སོ་ལྔ་ལས་གྲུབ་པའི་མཎྜལ་དང་


GLG006_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་ཆིག་བརྒྱ་ཡོད་པའི་ལྕུག །དངུལ་གྱི་མདོང་མོ། རྟ་མིག་མ་སོགས་སྲང་བཞི་བརྒྱ་དང་བཅུ། གན་གོས་ཡུག་ཉིས་བརྒྱ། ཉིན་བདེ་མ་དང་རྟགས་བརྒྱད་ཁ་བཏགས་སོགས་ཁྱོན་ལྔ་བརྒྱ་རྣམས་ཀྱི་གནང་སྦྱིན་བྱུང་བ་བླངས། ཤེར་འཕེལ་སྤྲུལ་སྐུ། སྐྱེད་ཚལ་གོང་མཁན་པོ། མངའ་རིས་གྲ་ཚང་སློབ་དཔོན། ལ་སྟོད་རི་བོ་ཆེའི་རྗེ་དྲུང་། ཆོས་རྗེ་ཆུ་མིག་པ། བླ་མ་སྙེ་མདོ་བ། ཀོང་པོ་རྫོགས་ཆེན་པའི་སྐུ་སྐྱེ། སྙིང་རི་གདན་ས་བ། བཞད་དར་སྡིངས་པའི་གདུང་བརྒྱུད། ཏྲེ་བོ་ཧོར་ཚང་དཔོན་གཡོག་བཅས་བདུན་ཅུ་སྐོར། སྒ་ཆག་ཨ་བོ། སྣ་དཀར་རྩེའི་མི་སྣ། མི་ཉག་རྒྱ་འགོ་བ་སོགས་ལྔ་བརྒྱ་སྐོར་དང་ཕྲད་ཆིང་ཨ་ཆི་མགོན་པོའི་མི་སྣ་རྫོང་བདའ་བགྱིས། མངའ་རིས་དགའ་ལྡན་འཕེལ་རྒྱས་གླིང་གི་གྲ་པ་བསྟན་འཛིན་བཟང་པོས་གསོ་རིག་རྒྱུད་བཞིའི་རྒྱུགས་སྤྲད། སྡེ་པ་བསོད་ནམས་རབ་བརྟན་མཉེལ་བབས་ལ་བརྟེན་རྗེས་སུ་ཕན་ཚུལ་སྐུ་མདུན་གཟུག་པོ་ནས་གཞོན་ནུ་སྐལ་བཟང་གིས་འཆར་སྟོན་ལྟར་སྔར་རྒྱལ་སྲས་བདེ་བ་བཟང་པོས་ཁྱབ་འཇུག་གི་ལམ་གཅོད་མཛད་པར་ཆར་ཆུ་སོགས་ཀྱིས་རབ་གནས་ལ་གནོད་པ་བྱུང་འདུག་གཤིས་ད་ལམ་གདན་ས་བས་ཡང་བསྐྱར་རྒྱས་པར་བྱས། ལྷོ་འབྲུག་གིས་ཇུས་ཚོད་མི་འཛིན་པའི་ཇེ་ལོད་དུ་གཏོང་བར་སྡིག་ཅན་གྱི་འཚུབ་ལྷོངས་ཞི་བྱེད་ལ་གོང་དཀར་དུ་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེ་གྲ་བཅས་ཉེར་ལྔས་འཆར་ཀའི་གླང་ཆེན་སྣ་བསྒྱུར་གྱི་རྒྱབ་ཆོས་སུ་ཆོས་འཁོར་ཡང་རྩེ་བ་ལྔ་བཅུས་ཤེར་སྙིང་། འཕྱོང་རྒྱས་སུ་དཔལ་རི་སྤྲུལ་སྐུ་གྲ་བཅས་ཉེར་གསུམ་གྱིས་ཁྲོ་རོལ་གྱི་རྒྱབ་ཆོས་ལམ་རིམ་པ་ལྔ་བཅུས་


GLG006_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་སྙིང་། འབྲས་སྤུངས་སྔགས་ཁང་དུ་རྒྱུད་སྟོད་པ་ལྔ་བཅུས་བདུན་གཅིག་གི་རིང་ནག་པོ་སྐོར་གསུམ་བཏང་བའི་ཡ་མ་རཱ་ཛ་སུམ་ཁྲི་དང་ཤཱ་ས་ན་བཞི་འབུམ་སོང་བའི་རྗེས་གཏོར་བཟློག་རྣམས་བསྟར། ལོ་སྔོན་མ་གདན་ས་ནས་ཞབས་དྲུང་ཆེན་མོ་ཁེར་རྐྱང་ཕེབས་པའི་ས་བཅད་ལས་མེད་པར་བཙུན་མོ་ལྕམ་བཀྲ་ཤིས་ལགས་ཞབས་ཕྱིར་འབྱོན་པ་དང་ཡབ་སྲས་ལྷོ་ཁ་ཕྱོགས་སུ་ཕེབས་རིང་ལྷ་སར་བཞུགས་པའི་རྩ་བ་མཐའ་དག་བདག་མོས་མཛད་པའི་རྗེས་ངན་གྱི་ལབ་བརྗོད་ཀུན་རྟོག་འོག་འགྱུའི་འཕྲོས་གླེང་སྣ་ཚོགས་ལ་བརྟེན་སྡེ་པ་ཟངས་རིར་འབྱོན་གདོང་འདི་སྐོར་ལ་ཁོ་རང་གིས་དག་སངས་མཛད་ན་སྨོས་མ་དགོས་དེ་མིན་ས་སྐྱའི་དྲུང་འཁོར་ཅི་རིགས་ཀྱིས་ངན་ཁག་བཙུགས་གཤིས་ཕན་ཚུན་སྣུམ་རྩེ་སྤྲོད་ཀྱི་ས་རིས་འབྱོར་སྤུད་དགོས་འདུག་ཚུལ་དོན་གཉེར་ཆེར་བྱུང་བ་འཇམ་དབྱངས་འཁོན་གྱི་གདུང་ལ་རྙོག་བྲལ་དུ་འགྲོ་བའི་ཞབས་འདེགས་དང་སྡེ་པར་མ་ཉེས་པའི་ཁ་གཡོགས་སེལ་བྱེད་དུ་ལྷ་རྩེ་རྫོང་སྡོད་ཕུག་པ་གདན་སར་རྫོང་བདའ་བྱས་པ་སྒོ་རུམ་དུ་རི་ཚིག་གི་དོན་བཞིན་རྡོ་རྗེ་བཙུན་མོས་དག་སངས་མཛད་པའི་བཙུན་མོ་དང་སྡེ་པ་སོ་སོར་ས་སྐྱའི་ཕྱགས་ཕྱི་རྣམས་ཀྱིས་ཤལ་དཀར་དམར་གསེར་གོས་དར་སོགས་དཀར་འདོན་ཡིག་གསལ་ལྟར་བསྒྲུབས། ལྕང་ལོ་ཅན་པ་ཀུན་དགའ་རབ་བརྟན་གྱིས་གླེང་བརྗོད་བྱས་འདྲ་ཟེར་བ་མི་དགའ་བ་ཞིག་གིས་ངན་ཁག་བཀལ་ཚོད་ནས་ར་མོ་ཆེར་དག་པ་བསྐྱལ་སོང་། ཚེས་དགུར་གོང་གི་མི་སྣ་རྒན་གཞོན་གཉིས། འགྲུལ་སྡེབས་ཆོག་ཐུ་ཆོས་རྗེ་སོགས་ཀྱིས་གཙོས་པ་རྣམས་ཀྱིས་


GLG006_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་རྩ་རྒྱུད་ཀྱི་གསེར་ཆོས་གླེགས་བམ་རྒྱ་བཟོ་ཁྱད་མཚར་གསེར་དངུལ་གོས་དར་ཇ་རས་མུ་ཏིག །བྱ་ཐ་དཀར་གྱི་སྒོ་ང་། ཁྱུང་སྒོང་གི་བུམ་པ། རྟ་རྔ་མོ་སོགས་བདོག་པ་དངོམ་ཆེ་བ་དང་སྐྱིད་སྟོད་པས་གོས་ཡུག་བཅུ་དྲུག་གིས་གཙོས་པའི་སྟེར་ཆ་རྣམས་བྱུང་། བསྟན་འཛིན་ད་ལའི་རྒྱལ་པོའི་མི་སྣ་ཆིང་ཁི་ཡས་དངུལ་སྲང་སུམ་ཅུའི་མདོང་མོ་སྨན་ཙེ་སོགས་དངོས་པོ་བྱིན། ཚེས་བཅུ་བཞིར་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་ཐང་ཤམ་མ་གཏོགས་པའི་འགན་སྦྱར་སོགས་གོས་སྣ་ཆ་ཚང་དངོས་པོའི་ཚན་གྲངས་དང་གྲ་ཚང་དུ་ཡོན་སྦྱར་ཏེ་འབྲས་ལྗོངས་དག་སྣང་བསུན་བཟློག་མའི་སྒོ་ནས་རྟེན་འབྱུང་བསྒྲིགས། དེ་ཐོག་རོང་པ་ཨེམ་ཆིས་སྟེར་ཆ་དང་འགྱེད་བཏང་། ཚེས་བཅོ་ལྔར་ཐོར་གོད་ཨཱ་ཡུ་ཥེའི་དཔོན་པོའི་བསྐུར་མ་དང་བཅས་པའི་དབུ་མཛད་ཆོས་རྗེས་གསེར་སྲང་ཕྱེད་བཞི་བརྒྱ། དངུལ་སྲང་བདུན་བརྒྱ། ཇ་གོས་དར་པགས་རས་སོགས་བདོག་པ་དཔངས་བསྟོད་པ། ཚོགས་འཁོར་འགྱེད་དང་བཅས་པའི་ཡོན་སྦྱར་ཏེ་གྲ་ཚང་ནས་ཚེ་མཐའ་ཡས་པའི་ཆོ་གར་བརྟེན་ནས་རྟེན་འབྱུང་མཛད། གཙང་རོང་གི་རྒྱ་ཆུ་ཚན་འདི་ཡན་ལག་ན་བ་ལ་ཕན་པ་ཞིག་ཡོད་པས་བུམ་པ་ཁ་ཤས་བླངས་པའི་ཞག་བརྒྱད་ཀྱི་རིང་བསྟེན། ལྷ་སར་ཐང་སྐྱ་བས་བརྒྱད་སྟོང་པ་ཉིས་སྟོང་དང་བཅུ། གདུགས་དཀར་ལྔ་སྟོང་བདུན་བརྒྱ། སྒྲོལ་མ་ཆིག་འབུམ་བཞི་ཁྲི་ལྔ་སྟོང་། ཤེར་སྙིང་བརྒྱད་སྟོང་བདུན་བརྒྱ། ཚེ་གཟུངས་ཉི་ཁྲི་དྲུག་སྟོང་ཆིག་བརྒྱ་རྣམས་བཏང་། གྲ་ཚང་སྤྱི་སྒེར་ནས་སྟེར་སྦྱིན་ཚོགས་འཁོར་སྤམས་བསྟོད་དེ་ཉེར་གཅིག་ལ་འཆི་མེད་འོད་སྣང་གི་དཀྱིལ་འཁོར་དང་འབྲེལ་


GLG006_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོ་ག་མཛད། ཉེར་གཉིས་ལ་ས་མ་གྱང་དབང་གི་རབ་འབྱམས་པ་བསམ་གཏན་གྱིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་ཡོན་རྒྱས་པར་སྦྱར་ཏེ་གྲ་ཚང་གིས་ཚེའི་རྟེན་འབྲེལ་བསྒྲིགས། ཉེར་བདུན་ལ་སྐྱིད་སྟོད་པ་བསྟན་པའི་རྒྱལ་མཚན་གྱིས་ཀྱང་གོང་འདྲའི་རྟེན་འབྱུང་བསྟར། ཉེར་དགུར་རྒྱལ་མོ་རྡོ་རྗེ་རབ་བརྟན། ཆོས་རྗེ་སྨྲ་བོ་ལྕོག་པ། བླ་མ་འཇམ་དབྱངས་ཀྱི་སྐུ་སྐྱེ། གུང་ཐང་རབ་འབྱམས་པ་བཤེས་གཉེན་རྣམ་རྒྱལ། མོན་འཛུམ་ལང་རྒྱལ་པོའི་མི་སྣ་རྣམས་དང་ཕྲད། འབྲོང་རྩེ་བ་བསོད་ནམས་དར་རྒྱས་ཀྱིས་གྲ་ཚང་དུ་ཡོན་ཚོགས་ཆས་བདོག་པ་མཎྜལ་གྱི་ཚུལ་དུ་གྱ་ནོམ་པ་བཏེག་སྟེ་ཧོར་ཟླ་བཞི་པའི་ཚེས་གཅིག་ལ་བཅོམ་ལྡན་འདས་འཆི་མེད་འོད་སྣང་གི་ཆོ་གའི་སྒོ་ནས་རྟེན་འབྲེལ་བསྒྲིགས་ཤིང་དེ་སྟེང་དཀའ་བཅུ་དར་ཁན་ཆོས་རྗེས་ཀྱང་རིང་འཚོའི་ཆེད་དུ་ཚན་གྲངས་དང་འགྱེད་བསྟར། འཕགས་ཡུལ་གྱི་སྨན་པ་རྨ་ན་ཧོ་ཞེས་པ་གསོ་རིག་གི་ཡན་ལག་དུ་མ་དང་ཁྱད་པར་མིག་བཅོས་ལ་ཤིན་ཏུ་མཁས་པ་ཞིག་གཡོར་པོ་ཕྱོགས་སུ་བྱུང་ཚུལ་ཐོས་པ་སྒེམ་བུ་ནས་ཀྱིས་དོ་དམ་བྱས་ཏེ་འབྱོར་བྱུང་བ་དར་མོ་སྨན་རམས་པ་བསླབ་ཏུ་བཅུག་པ་མང་པོའི་མིག་ཕྱེ་བའི་འགྲོ་ཕན་འཕེལ་བར་གྱུར། སྨན་པ་དེ་སྡོད་རིང་གི་མཐུན་རྐྱེན་དང་ཡུལ་དུ་ལྡོག་སྐབས་སྟེར་སྦྱིན་ལམ་ཡིག་སོགས་བདག་རྐྱེན་གང་ལེགས་བགྱིས། ལྷ་ས་སྨོན་ལམ་ཆེན་མོར་སེར་འབྲས་གཉིས་ཀྱི་དགེ་འདུན་ཡོངས་རྫོགས་དང་གཞན་མ་ཕྱོགས་བཞིའི་དགེ་འདུན་རིས་སུ་མ་ཆད་པ་འདུ་བའི་སེ་ར་བ་དཔོན་སློབ་ཀྱི་གྲལ་འབྲས་སྤུངས་པའི་ལས་སྣེ་བ་ཅི་རིགས་ཀྱི་བྱེད་པས་


GLG006_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་ཤོར་བ་དང་ར་མོ་ཆེའི་སྨོན་ལམ་གྱི་ཚེ་སེ་ར་བས་དེ་ལན་དེ་མཇལ་ལ་བརྟེན་པའི་དགེ་སྐྱོན་སྣ་ཚོགས་ཤིག་སྣང་བ་འདི་ལོ་སྨོན་ལམ་གྱི་དུས་འབྲས་སྤུངས་དགེ་སྐོས་ཀྱིས་ཆོས་སྐྱོང་བྱ་རུང་པ་བརྡུངས་པས་རྐྱེན་བྱས་དགེ་འདུན་གྱི་དབྱེན་དུ་འགྱུར་བའི་གཞི་མངོན་དུ་དོད་པ་གྲ་ཚང་གཉེར་པ་བློ་བཟང་སྦྱིན་པ་དང་སྒེར་ལོགས་བློ་བཟང་དར་རྒྱས་གཉིས་ཀྱིས་གྲ་ས་ཕན་ཚུན་གཉིས་ཀའི་སོ་སོའི་ཐུགས་འདོད་གྱང་མ་གྱང་སོགས་རྒྱུ་མཚན་མཐའ་དག་ཤ་བཅད་ཁྲག་གཏིགས་སུ་ཞིབ་བཅད། མཉན་ཡོད་ཀྱི་མཆོད་པའི་དུས་བཟང་པོར་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པའི་མཛད་ཆེན་དཔེ་ཟླ་དང་བྲལ་བ་བསོད་ནམས་རྒྱ་མཚོའི་ཞིང་མཆོག་དམ་པར་ཆོས་ཟབ་དང་བདུད་ཟབ་ཀྱི་དཔེའི་ཉེས་པ་ཆེན་པོ་ཁེགས་པའི་སླད་དུ་བཅའ་ཡིག་དང་གཟུ་སྦྲགས་མ་ལྟ་བུ་ཞིག་བཟོས་ནས་འདུས་ཚོགས་རྣམས་ཀྱི་སྙན་གྱི་དབང་པོར་བསྒྲགས། བྱེས་པ་སློབ་དཔོན་འཇམ་དབྱངས་ལྷུན་གྲུབ་པས་འབྲས་སྤུངས་དགེ་སྐོས་ལ་ལག་ལན་སློག་མིའི་སོག་བན་ལ་ལྦ་དར་གཟེངས་བསྟོད་བྱས་ཚུལ་འབྲས་སྤུངས་བླ་གྲའི་བརྗོད་རིགས་སེ་རར་སྦྲེེལ་པོ་གཉིས་ཀྱིས་གླེངས་འདུག་ཀྱང་བྱེས་པར་ནང་ནད་ཆེ་བ་ཞིག་ཡོད་པ་ཡིན་ནམ་གང་ལྟར་དོགས་སེལ་དང་བླ་མར་དྲི་སྐོར་སོགས་མ་བྱུང་བ་རྟིང་སོར་བླ་མ་ངོས་ཀྱི་འབྱོར་བས་སོག་པོ་དེས་དགེ་སྐོས་བསད་ནས་འགྲོ་རྩིས་ལ་བསྟན་བཤིག་མི་བྱེད་པའི་རྔན་པ་བྱིན་པ་ཕྱོགས་ལོག་དེ་བཞིན་ལ་དག་སངས་བྱེད་ཟེར་བའི་ཡུས་པ་འདུག་རུང་གཟུ་སོང་གི་བཤགས་སུ་མཆིས། ལར་ནས་བྱེས་པ་རྣམས་གད་ཁ་ས་པའི་དོ་གལ་གྱི་ཟུར་ཆ་ཙམ་ཞིག་ཆོས་ཞུས་ཀྱི་བླ་མར་དགོས་རྒྱུར་སྣང་།


GLG006_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྲིབས་རྩེས་དང་རང་གི་མི་སེར་ལ་མི་དགོས་ཀ་མེད་འདུག་པ་དེ་ཚབ་རི་བོ་ཆོས་གླིང་པར་མཐིལ་མཛེས་རྒྱན་གླིང་ཁུངས་བཀྲས་རབ་པས་ས་བརྗེས་དགོས་ཚུལ་ལྟར་འཛིན་ཤུལ་ལྗངས་ཁྲི་ཁང་གཞིས་ཀ །ཐེམ་འཛིན་བཅུ་གཅིག །ལག་འབབ་ཆིག་སྟོང་ཆིག་བརྒྱ་ལྔ་བཅུ། མེ་ཤིང་ཐེབས་སུ་ཐུབ་རྒྱལ་གླིང་། མས་དྲོ་གླིང་ནས་གནག་ཕྱུགས་སུམ་བརྒྱ་ལྡངས་པའི་རྩ་ཁ། གྲུབ་རྒྱལ་གླིང་གི་གཟིམས་ཁང་གོང་ལ་མིང་དགོས་ཚུལ་ལྟར་བསམ་གྲུབ་བདེ་ཆེན་དུ་བཏགས་ཤིང་། མེ་ཤིང་ཐེབས་སུ་གྲུབ་རྒྱལ་གླིང་ཀླུ་སྡིངས་ལྕང་ར་དང་རྒྱལ་བཟང་གླིང་། རྒྱལ་དར་གོང་པ་ངག་དབང་ཤེས་རབ་ཀྱི་གཏོར་བཟོས་སོགས་ཆོ་ག་ཕྱག་ལེན་གྱི་རིགས་ལ་དོ་དམ་ཆེ་བ་བྱུང་བའི་ལག་གཡོག་སྒྲུབ་རྟེན་དང་མི་ངོ་གཞན་རྣམས་ཀྱང་འཚོ་བྱེད་ཡིན་འདུག་གཤིས་བརྒྱུད་བཅས་ལ་ཡར་ཀླུངས་ཁེ་གསུན་གཞིས་ཀ །ཐེམ་འཛིན་ཉེར་བཞི། ལག་འབབ་སུམ་སྟོང་སུམ་བརྒྱ་ལྔ་བཅུ། སྒྲགས་འབྲོག་རྩྭ་ཁའི་སྟེང་ནས་ཕྱུགས་མ་སུམ་བརྒྱ་ལྡངས་པའི་རྩྭ་ཁ། འབྲས་སྤུངས་ལྷ་དབང་གླིང་གི་སྤྱིལ་ས། ཆོས་འཁོར་གླིང་རྟ་ར་དང་སྒྲོལ་མ་ལྷ་ཁང་གི་གོ་ར། ལྐོག་པ་པའི་ས་ཆ་ཚུར་བླངས་པའི་ས་ཚབ་འཕར་ཁ་དང་སྦྲགས་པར་བསམ་དར་བས་འཛིན་ཤུལ་གྱི་གྲ་ཕྱི་ཁང་རྙིང་ཐེམ་འཛིན་ཉི་ཤུ། ལག་འབབ་ཆིག་སྟོང་ཉིས་བརྒྱ་སུམ་ཅུ། ཞབས་དྲུང་ནོར་བུ་ཁྲ་སྒོར་གཙང་ཕྱོགས་སུ་ཐུགས་བློ་མ་ཕེབས་ཤིང་མི་དང་བྱའི་དཔེ་བཞིན་འཕྱོང་རྒྱས་རང་དུ་བཞུགས་བཞེད་སྟག་ལོ་སྡེ་པར་རྒྱུ་མཚན་གནང་བའི་ཞལ་བཞེས་གྲུབ་འདུག་པ་ལྟར་བཞུགས་ཡུལ་དཔལ་རི་བར་ཚེ་རིང་ཕོ་བྲང་


GLG006_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཡར། རྟ་ནག་གི་གསོལ་སྐལ་ས་ཚབ་དང་བཅས་པར་འཕྲལ་དགོས་ཕྱགས་ཕྱིར་ཐེམ་འཛིན་དྲུག །བཞེས་ཡོང་འབྲུ་ཁལ་དགུ་བརྒྱ་བཅུ་བཞི། ཚྭ་ཁལ་བཅུ། སྣུམ་ཁལ་ཕྱེད་དྲུག །རྒྱ་ཇ་ནག་པོ་སྲང་ཁལ་བཅུ་བཞི། ཟི་ལིང་སྦུ་ཇ་ཁལ་བཅུ་གསུམ་ཡ་ཇུ་དང་ཤ་ཤན་ཕྱེད་ཁྱེར་ཁལ་བཅུ་གསུམ། མར་ཁལ་ཆིག་བརྒྱ་དང་ཕྱེད་སོ་བཞི། ལུག་ཁོག་གྱ་བཞི། ཚག་བུབས་ཉི་ཤུ། གསེར་ཞོ་བཅུ། བལ་འདེགས་ཁལ་ཆིག་བརྒྱ་སུམ་ཅུ། བར་འཇམ་འདོམ་སུམ་བརྒྱ་གོ་ལྔ་སྐོར་རྣམས་སྐྱིད་ཤོད་དང་འཕྱོང་རྒྱས་ནས་འཛིན་ནང་ལྟར་ལོ་ལོ་བཞིན་ཕུལ་བའི་ལོ་གཅིག་གི་ཁྱོན་བསྡོམས་འབྲུ་ཐོག་ཏུ་ཕབ་པ་མཁར་ཁལ་སུམ་སྟོང་ཆིག་བརྒྱ་ཞེ་དྲུག །རྩྭ་ཤིང་ལྡངས་ཚོད་དང་བཅས་པས་རྗེས་འཇུག་ཚོ་ངལ་གསོའི་མཁར་བར་སོང་། གཏེར་གསར་ལུང་བསྟན་གབ་རྒྱ་ཅན་དུ། ཁྱད་པར་དབུ་རུ་གཙང་མའི་སར༔ འདི་ཉིད་འཆད་ཅིང་སྒྲུབ་པའི་སྡེཿ ཚོམ་བུ་གཅིག་ཏུ་འདུས་པ་དག༔ བརྩོན་པས་བསྒྲུབས་ན་འགྲུབ་གྱུར་ཅིང་༔ མ་འོངས་བསྟན་པ་ཆེར་འཕེལ་ཏེ༔ བོད་ཀྱི་བདེ་སྐྱིད་གོང་དུ་སྤེལ༔ ཞེས་གཏེར་གསར་ཉམས་ལེན་གྱི་སྔགས་སྡེ་ཞིག་འཛུགས་བཞེད་འདུག་པ་ལྟར་གཏེར་སྟོན་རིན་པོ་ཆེར་བཟང་ཡུལ་གྲོང་གསར་དང་སྡེ་པ་བློ་བཟང་མཐུ་སྟོབས་ཀྱི་དུས་ལྷོ་བྲག་ནས་གཤོར་འདེགས་དར་ལུང་གི་དགོན་པ་སོགས་ཡོད་ནའང་གྲ་གྲངས་གཏོང་སྒོ་གང་ས་ནས་ཁ་ཐུག་པ་མ་བྱུང་གནང་བའི་ས་སྣོན་ཞུ་རྟེན་མངའ་བདག་ཉང་གིས་མཁོ་མཐིང་ལྷ་ཁང་ནས་གདན་དྲངས་པའི་དེ་བཞིན་གཤེགས་པའི་གསེར་སྐུ་མཐོང་བ་དོན་ལྡན་སྨྲ་བོ་ལྕོག་པའི་ནང་རྟེན། གཏེར་སྟོན་སངས་རྒྱས་གླིང་པའི་ཕྱག་བྲིས་


GLG006_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འདུས་པོ་ཏི་བརྒྱད་ཀྱི་ནང་ནས་བསམ་ཡས་འོག་ཁང་དུ་བཞུགས་པའི་ཨོ་རྒྱན་རིན་པོ་ཆེའི་གསེར་སྐུ་ཆེན་མོའི་ནང་དུ་ཡོད་པའི་འཕྲོས་པོ་ཏི་བཞིས་ཐོག་དྲངས་གོས་དར་རྟ་སོགས་ཀྱི་དངོས་པོ་དང་བཅས་དགོས་ཚུལ་གསུང་བར། བཟང་ཡུལ་ཕུ་མདའ་སྐོར་དང་གཤོར་འདེགས་ཚུར་བླངས། ས་ཚབ་འཕར་ཁ་དང་བཅས་པར་ཆོས་འཁོར་གླིང་པའི་འཛིན་ཤུལ་ཐར་པ་གླིང་པ་གཏོགས་པ་ཕྱིར་སོང་བ་ཡང་སློག་པའི་བླ་བྲང་འདུ་ཁང་གྲ་ཤག་སྒོ་ཕྱི་ས་སྐོར་རྟེན་གསུམ་མཆོད་ཆས་ནང་ཆས། ཐེམ་འཛིན་ཆིག་བརྒྱ་དང་བདུན། ལག་འབབ་ལྔ་སྟོང་དྲུག་བརྒྱ་རེ་གཉིས། རི་བོ་རྣམ་རྒྱལ་བར་ཆོས་འཁོར་གླིང་ཁུངས་ནས་བོགས་འཁྱར་འདུག་པའི་ས་ཚབ་ཏུ་གྲ་ནང་ནས་ཕྱག་མཛོད་ཁུངས་ཀྱི་བོགས་འཁྱར་འབྲུ་ཁལ་གྱ་གཅིག །སྡེ་པ་བསྟན་འཛིན་ཕུན་ཚོགས་ལ་ཐར་གླིང་ཁུངས་ནས་ས་རིས་འཛིན་བདག་བྱེད་པའི་ཚབ་གྲ་ཕྱི་འཇུ་བདེ་སྐྱིད་ཁང་གསར་རྐང་གཅིག་ལ་ལག་འབབ་ཉིས་བརྒྱ་རེ་གསུམ། ཆོས་འཁོར་རྒྱལ་བར་ས་བྱ་ལོ་སྦྱོར་འཇགས་བྱས་པའི་མཆོད་གཞིས་གྲ་ཕྱི་ཐར་གླིང་ཁུངས་ར་མ་སྟེང་པ་དུད་བརྒྱད་ཁུངས་སློག་བྱེད་དགོས་བྱུང་བའི་ཚབ་ཏུ་གྲ་ནང་བསམ་དར་པའི་འཛིན་ཤུལ་གསེར་ཁུང་མས་བཟང་འདེམས་ཐེམ་བརྒྱད་ལག་འབབ་དྲུག་བརྒྱ་སོ་བདུན། འབྲི་ལུང་གཞོན་ཚང་ལ་སྔ་སོར་འོད་ཟེར་གྱང་པའི་འཛིན་ཤུལ་ནས་སྤྲད་པ་ཁ་འཐོར་སྐྱོན་གྱི་ས་བརྗེས་དགོས་ཚུལ་བྱུང་བ་ལྟར་ཚབ་ཏུ་ཆུམ་ནས་ཐེམ་འཛིན་བཅུ། ལག་འབབ་སྔར་དང་མཚུངས་པ། ལྕང་ལོ་ཅན་པ་འདྲེ་གནོད་ཀྱི་དོགས་པ་ཆེས་པའི་ས་བརྗེས་དགོས་ཚུལ་སྡེ་པར་


GLG006_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པའི་ཞལ་ལེན་བྱུང་འདུག་པ་བཞིན་ས་རིས་རྙིང་པ་རྣམས་ཚུར་བླངས་པའི་ཚབ་སྟོད་ལུང་གྲམ་མདོའི་གཞིས་ཀ་ཐེམ་འཛིན་སོ་དྲུག །ལག་འབབ་ཉིས་སྟོང་དྲུག་བརྒྱ་བཅུ་དྲུག །གྲ་ཚང་གཉེར་པ་བློ་བཟང་སྦྱིན་པ་བསམ་པ་རྣམ་དག་གིས་ཁུར་བསམ་ཆེ་བ་བྱུང་བར་བརྟེན་ཚ་བོ་ཐང་སྲས་བརྒྱུད་བཅས་ལ་ལྕང་གླིང་པས་འཛིན་ཤུལ་ཐེམ་འཛིན་བརྒྱད། ལག་འབབ་ཆིག་སྟོང་ཆིག་བརྒྱ་དྲུག་ཅུ། སྤུས་སྲང་དྲུང་འཚོ་བ་བློ་བཟང་ནོར་བུ་སྤུན་ཆོས་དཔལ་གྱིས་ལྷ་སའི་གཉེར་ཁ་བྱེད་དུས་ནས་བཟུང་ཁ་ཕྱོགས་མ་ལོག་པའི་གཞུང་དུ་གུས་ཞབས་ཆེ་བ་དང་དིང་སང་དཀོན་གཉེར་སྨྱོན་པ་དད་ཞེན་དང་མཆོད་ཁང་གི་ཞབས་ཏོག་ལ་ཁུར་བསམ་ཆེ་བར་བརྟེན་རྣམ་འཇོམས་ཀྱི་འཛིན་ཤུལ་སྣང་རྩེ་ཁུངས་ལྕགས་རུ་བ་ཅན་བཅས་ཐེམ་འཛིན་བཅུ་གསུམ་ལག་འབབ་བདུན་བརྒྱ་སོ་ལྔ་རྣམས་བྱིན་འཇགས་བྱས། ཚེས་བཞི་ལ་ཞབས་དྲུང་ནོར་བུ་ཁྲ་སྒོར། བཅོ་བརྒྱད་ཆོས་རྗེ། མས་དྲོ་ཆད་ཀ་བླ་མ། གྱང་རོ་ལྷ་ཁང་སློབ་དཔོན་པ་རྣམས་དང་ཕྲད་ཐོག་ཆོས་རྗེ་དུང་དགོན་པ་དཔོན་སློབ་ཀྱིས་རིང་འཚོའི་ཚིགས་བཅད་ཁ་ཡར་གསུངས། གདན་ས་གོང་ནས་ཞབས་དྲུང་རིན་པོ་ཆེ་ཕེབས་སྐབས་བསྟན་རྒྱུན་ལ་དགོངས་ནས་སྙན་བརྒྱུད་ཚད་མ་བཞི་ལྡན་གསུང་ངག་སློབ་བཤད་གསན་ན་ལེགས་ཚུལ་ཞུས་པ་དགོངས་པར་ཤིན་ཏུ་བབས་པའི་ཞབས་ཕྱིར་བཀྲ་ཤིས་ཆོས་སྡེ་ནས་གནས་གསར་དབོན་རིན་པོ་ཆེ་སོགས་དོན་གཉེར་ཅན་ཁ་ཤས་ལ་ཞ་ལུ་མཁན་ཆེན་ཀུན་སྤངས་པ་ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་གདན་ས་བར་དགེ་སྡིངས་བཀྲ་ཤིས་བསམ་གྲུབ་ཏུ་ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་


GLG006_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབུལ་བ་གནང་རྩིས་ཀྱི་ཞབས་དྲུང་རིན་པོ་ཆེར་ལེགས་སོའི་ཚིགས་བཅད་སྙན་ངག་གི་ལམ་ནས་དྲངས་པ་གོས་ཡུག་གི་རྟེན། མཁན་ཆེན་ཞ་ལུ་པ་ཆེན་པོར་སྙན་ཚིག་གི་འཕྲིན་གསོལ་བསྐལ་བརྒྱར་འཚོ་ཞིང་བཞེས་པའི་རྟེན་འབྱུང་དུ་ཚེམས་ལྷས་ཀྱི་རྡོ་རྗེའི་རེ་ཁཱས་མཚོན་པའི་བཞུགས་སྟན། བཟང་གོས་གསོལ་ཇ་སོགས་ཀྱི་ཚན་གྲངས་དང་བཅས་པ། ཟབ་ཆོས་འདི་ཉིད་མཉན་དྲགས་པའི་འཚུབ་ལྷོངས་འགའ་རེ་སྔོན་དུས་ཀྱང་བྱུང་འཕྲོས་འདུག་པ་ད་ལམ་ཡང་དཔོན་སློབ་ཚང་མར་ཐུགས་དོགས་ཤིག་གནང་བའི་མི་མཐུན་ཕྱོགས་ལ་ཕན་རེའི་སྒོ་རུམ་དུ་བསེ་མགོན་ཡིད་བཞིན་ནོར་བུར་གོས་ཡུག་མུ་མེན་མདོག །གྲུམ་སྟོད་ཁའུ་བྲག་རྫོང་དུ་གཉན་མགོན་ཞལ་བཞི་པར་བཟང་གོས་དམར་པོ་ཡུག །པུ་ཏྲ་ཁང་དང་རིན་ཆེན་སྒང་བླ་བྲང་གི་མགོན་ཁང་། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་བསྟི་གནས་འདར་སྟོད་རྨུ་གཤོངས་རྡོ་རྗེའི་ཕོ་བྲང་གི་བེག་ཙེ་གསུམ་ལ་ནོར་བུ་ཆ་བདུན་གྱི་རི་མོ་ཡོད་པའི་ཁ་བཏགས་རྣམས་ལ་སོ་སོར་འཕྲིན་བཅོལ་གྱི་ཞལ་བྱང་དང་བཅས་པ་ཕུལ་ཞིང་ཆོས་བདག་པོའི་ལག་ཏུ་སྤྲོད་པར་འཆུབ་འོང་དོན་མི་འདུག་རུང་བདག་པོ་ཀུན་རིན་པས་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་བཀྲོང་རྩིས་ཀྱི་འདར་དུ་དམག་དྲངས་རྨུ་གཤོངས་མགོན་ཁང་གི་སྐུ་བཤིག་པ་སོགས་མཚམས་མེད་ཀྱི་ལས་གླང་དར་ལ་སྐྱེངས་པ་སྟེར་བའི་མཛད་པས་རྗེ་བཙུན་གོང་མའི་རྡོ་རྗེ་ཆོས་སྐྱོང་གི་ཚོགས་འཁྲུགས་པའི་ལྷགས་ཅུང་ཟད་ལུས་ཉམས་དང་བདག་པོ་རང་གི་སྒེར་སྲུང་འདྲ་དགའ་མི་དགའི་སྐྱོན་གྱིས་སྣང་གསུམ་རྫོགས་མཚམས་མཁན་ཆེན་རྡོ་རྗེ་འཆང་སྐུ་ཁམས་


GLG006_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྲེབ་པའི་རེ་ཞིག་ཆོས་འཕྲོ་གཤོལ་བར་ཤར་ནའང་དཔོན་སློབ་མཐའ་དག་གིས་སླར་འཆད་ཉན་རྒྱ་ཆེན་གནང་བའི་དགོངས་པ་གཏད་པ་སྐྱེས་ཆེན་དམ་པའི་མཛད་པ་ལྷུན་ཀྱིས་འགྲུབ་པ་ནི་གོར་མ་ཆག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་རྒྱུན་གྱི་དུས་གཏོར་སྟར་ཆགས། སྒྲུབ་མཆོད། གློ་བུར་བའི་ལས་སྦྱོར་སོགས་གཏོང་དེབ་ཆ་ལམ་ཙམ་ལས་ཧ་ཅང་མི་ཞིབ་ཅིང་གཉེར་ལས་འཛིན་སོ་སོའི་ཤོག་རིལ་མི་རེས་གླུ་རེ་དང་རྟ་རེས་བང་རེ་བརྒྱུགས་པའི་དཔེ་དེ་བཞིན་མཐོ་དམའ་སྣ་ཚོགས་ཀྱི་རྒྱུ་ཁོ་ནར་མཐོང་བས་དགེ་སྐྱོན་མཐའ་དག་ཞིབ་མོར་དཔྱད་དེ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་ཁུར་བླངས་པའི་དེབ་ཀྱི་འགོ་བརྗོད། སེ་ཆེན་དབོན་པོ་བློ་བཟང་ཆོས་འཕེལ་གྱིས་རང་བྱུང་འཕགས་པར་ཕྱེ་ཕུར་ཕུལ་བའི་ཁ་བྱང་། ལྷ་ས་བྱང་གླིང་པས་གནས་བཅུ། མཚན་བརྒྱད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་འཁྲུངས་རབས་ཀྱིས་གཙོས་པའི་སྨན་སྐུ་མང་དུ་བཞེངས་པའི་ཆེ་བརྗོད་སྨོན་ལམ། བལ་པོ་སི་ལ་ཇུས་ཡོ་བྱད་རྣམས་ལག་འདོན་བྱས་པའི་སྨན་བླ་བདེ་གཤེགས་བརྒྱད་ཀྱི་གསེར་སྐུ་སྔ་སོར་ནས་བཞེངས་ཡོད་སྣང་བའི་སྟེང་ཉེ་ལམ་སྨན་བླའི་ཡིག་ཆ་གསར་བྲིས་དང་མཐུན་པའི་དཀྱིལ་འཁོར་ལ་འགྲེམ་རྒྱུའི་ལྷ་ཚོགས་ཡོངས་རྫོགས་ཀྱི་གསེར་སྐུ་བཞེངས་འདུག་པར་གཟུང་བཞུགས་དང་རབ་གནས་བསྡུས་པ། དག་པ་རྫོགས་བྱང་དུ་བསྔོ་བའི་སྨོན་ལམ་རྣམས་བྲིས་ཤིང་བལ་པོའི་རིགས་འདི་དངོས་སྤྱད་ལ་འཇུངས་པའི་སེམས་དང་ལྡན་པ་མང་ཡང་འདི་ཉིད་དགེ་སྟོབས་ཆེ་བར་མངོན། རྟེན་བཞེངས་ལ་ལེགས་སོའི་གོས་དར་འབྲུ་འཛིན་སོགས་དཔངས་བསྟོད་


GLG006_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོ་རྡོ་རྗེ་རབ་བརྟན། མཚན་སྒྲོག་མཁན་པོ། གོང་གི་གསེར་ཡིག་པ་འགྲུལ་སྡེབས་དང་བཅས་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས། སྒྲོལ་དཀར་སྤྱན་བདུན་མ་བ་རི་ལུགས། སེང་ལྡེང་ནགས་སྒྲོལ་གསུམ་གྱི་རྗེས་གནང་། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་དང་ནང་རྟེན་རགས་རིམ་གྱི་མཇལ་ཁ་བཏང་ཞིང་རྒྱལ་མོ་སྒེར་ལ་ཚེ་དབང་གྲུབ་རྒྱལ་མ་བརྒྱ་ཚར་དང་། སྲས་ཆུང་མ། དབུ་མཛད་ཆོས་རྗེ། དཀའ་བཅུ་སངས་རྒྱས་བཀྲ་ཤིས་གསུམ་ལ་ཉེར་ལྔ་རེ་བྱས། མཚན་སྒྲོག་མཁན་པོས་ཡོན་སྦྱར་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་གྲ་ཚང་ནས་ཡུན་གནས་ཀྱི་སྨོན་ལམ་མཛད། རང་ཉིད་ནད་ཀྱིས་མནར་བའི་ཚེ་ལྷ་མི་འབྱུང་པོའི་གནོད་པ་འདྲ་ཡོད་དུ་དོགས་པའི་བཅས་ཀ་སྣ་ཚོགས་བྱེད་བཞིན་དུ་སྡེ་བརྒྱད་ཀྱི་གནོད་པ་མི་ཡོང་པའི་སྤྲིངས་ཡིག་སྟེར་བ་གཙང་སྡེ་སྲིད་ཀྱིས་སོག་ཡུལ་དུ་ལམ་ཡིག་གཏོང་བ་དང་སྟག་ལུང་ཞབས་དྲུང་གིས་འདྲེ་ཤིག་པར་བཀའ་ཤོག་གི་དཔེ་ཁོ་ནར་འདུག་ཀྱང་བླ་ཆེན་གྱི་རིགས་འདི་གདོང་ལྤགས་འཐུག་དྲགས་པའི་གཤིས་རྒྱལ་མོ་རྡོ་རྗེ་རབ་བརྟན་གྱིས་དགོས་ཚུལ་ལྟར་སྤྲིངས་ཡིག་བྱས་ཤིང་རྒྱལ་མོ་འཁོར་བཅས། མཚན་སྒྲོག་མཁན་པོ། ཐོར་གོད། དབུ་མཛད་ཆོས་རྗེ། ཏྲེ་བོ་ཧོར་ཚང་གི་དཔོན་རྣམས་ལ་རྟེན་གསུམ་ཤལ་པ་སྣམ་ཕྲུག་སོགས་སོ་སོར་གང་ལ་གང་འཚམ་གྱི་རྫོང་བ་བཟབས་ཤིང་བར་ཆད་སེལ་བྱེད་ཀྱི་བཀའ་བསྒོ་དང་རྗེས་གནང་བསྐུར། རྒྱལ་མོས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་ཁས་ལེན་དགོས་ཟེར་བ་ངེད་རང་སྔོན་ཆད་འཁོར་བར་འཁྱམས་པ་


GLG006_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་ཡུན་རིང་བ་ཞིག་ཡོང་མི་ཡོང་མི་ཤེས་པའི་གར་འགྲོའི་བསྟད་སོ་ཆ་མ་འཚལ་ནའང་དེ་ག་རང་བྱེད་དོ་ཞེས་ཁས་བླངས་པ་ཁྲི་སྟན་མཐོན་པོ་དང་བེར་འདི་བྱིན་རླབས་ཆེ་དྲགས་པས་དད་ལྡན་རྣམས་ཀྱི་མགོ་བོ་མགལ་མེ་ལྟར་འཁོར་འགྲོ་བ་གནད་ཤིན་ཏུ་ཆེ་བར་གདའ། ཚེས་དགུ་ནས་ཆོས་སྡེ་ཆེན་པོ་ཕན་ཚུན་དུ་ཇ་ཚུལ་བཅུ་བདུན་རེའི་ཐོག་ཤེར་སྙིང་ས་ཡ་བརྒྱད་འབུམ་དྲུག་ཁྲི་ཆིག་སྟོང་ལྔ་བརྒྱ་སོང་བའི་ཡོན་གྲ་པ་བཅོ་ལྔ་རེར་གསེར་ཞོ་རེའི་རྩིས་ཁྱོན་ཞོ་ཉིས་བརྒྱ་གྱ་དྲུག་བཏང་། མདོ་སྡེ་མཆོད་པ་སྔར་རྒྱུན་བཞིན་འབུལ་བར་སྦྱར་ར་དངོས་གྲུབ་བཏང་བའི་སྔོན་གྱི་གཡར་དམ་རྗེས་དྲན་གྱི་བསྐུལ་མའི་འཕྲིན་ཡིག་ཚིགས་བཅད་དུ་བསྲིངས། ཚེས་བཅུ་གཉིས་ལ་མཚན་སྒྲོག་མཁན་པོ་ངག་དབང་འཕྲིན་ལས། ཨེར་ཁེ་ཆོས་རྗེ། ཐོར་གོད་པཱ་ཐུར་གྱི་མི་སྣེ་ཨེར་ཁེ་དགེ་སློང་། སྔགས་པ་སེ་ཆེན་ཞབས་དྲུང་གི་སྐུ་སྐྱེ་རྣམས་ལ་སྒྲུབ་ཐབས་རྒྱ་མཚོ་ནས་བཤད་པའི་ཁ་སར་པཱ་ཎི་ལྷ་བཅུ་གསུམ་མའི་རྗེས་གནང་དང་ཨེར་ཁེ་ཆོས་རྗེར་བན་ཆས་སྣམ་ཕྲུག་སོགས་རྫོང་བདའ་གྱ་ནོམ་པ་བྱས། སེ་ཆེན་ནོ་མོན་ཁན་སྤྱི་སྒེར་ཚང་མར་བྱས་པ་ལག་རིས་ཆེ་གཤིས་གྲ་རིགས་སྡེ་དང་བཅས་པར་འཛིན་རྒྱུའི་དར་ཁན་གྱི་ཡི་གེ །ཚེས་བཅུ་བཞིར་གོང་གི་མི་སྣ། སྟག་ལུང་སྐུ་སྐྱེ་རྗེས་འབྲང་བསྡུ་ཆས་ཚོགས་འགྱེད་སྟེར་ཆ་སོགས་ཀྱི་སྦྱིན་བདག་བྱས་ཏེ་གྲ་ཚང་ནས་ཡུན་གནས་ཀྱི་ཚེ་ཆོག་མཛད། མཁན་ཆེན་ཕྱག་རྡོར་བའི་སྐུ་གདུང་རིན་པོ་ཆེ་བཞུགས་གནས་ཐིག་ཕྱིའི་གཙུག་ལག་ཁང་གི་ཤིང་ཆ་རུལ་སྐྱོན་གྱིས་དིབ་ཏུ་ཉེ་བར་དགོས་ཆ་བཟོ་བོ་འུ་ལག་སོགས་གྲ་བསྒྲིགས། དོ་དམ་པ་བླ་མ་ཚེ་བདག་དབང་


GLG006_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་འཕྱོང་རྒྱས་སྤུན་གསུམ་པ་གཉིས་ཀྱིས་བྱས།ཚེས་བཅོ་ལྔར་བཙུགས་པ་ཧོར་ཟླ་དྲུག་པའི་ཉེར་དྲུག་ལ་གྲུབ་པའི་སྲ་བརྟན་ལེགས་པ་བཟོས། ཆོས་རྗེ་གདུང་འཛིན་པས་བཀའ་བརྒྱད་བདེ་གཤེགས་འདུས་པའི་པོ་ཏི་གཉིས་ཀྱི་ཞུ་རྟེན་བྱུང་བ་དང་སྨྲ་བོ་ལྕོག་དར་ན་བོད་ཀྱི་བདེ་སྐྱིད་ལ་ཕན་གཤིས་རྒྱ་རི་དམར་དགོན་མ་ལག་དང་བཅས་པ་བོང་བུ་སྐུ་སྐྱེར་གྲགས་པའི་ཟོག་པོ་དེས་བཟུང་བ་གང་ཅི་ནས་སྐབས་སུ་མ་ཕྱེ་བས་སྨྲ་བོ་ལྕོག་ཏུ་སྦྱར་ཞིང་ཁོ་པ་བསམ་སྡེངས་སུ་སྡོད་བཅུག །དགེ་ཡེ་དགོན་པའང་ས་ཐག་འབྲེལ་མཚུངས་སྟབས་ནས་ཆག་བྱང་ཆུབ་གླིང་པར་སྤྲད། ཆུ་བོ་རིའི་སྨན་ཆབ་དེ་ཁྲག་གཞིར་ཕན་པ་བྱུང་བས་བདུན་གཅིག་གི་བར་བསྟེན། ཚེས་བཅུ་དགུ་ལ་བསྟན་འཛིན་ད་ལའི་རྒྱལ་པོ་ཡུམ་སྲས་འཁོར་བཅས། ཁོད་དཔོན་རྒྱལ་པོའི་མིང་ཅན། གཟིམས་ཤག་བྱང་མ། སྡེ་པ་བྱིང་པ། རོང་པ་རྫོགས་ཆེན་པའི་སྐུ་སྐྱེ། གཉལ་རི་འདག་བླ་མ། ཆོས་རྗེ་གུང་རུ་བ། ཤ་གཟུགས་སྐུ་སྐྱེ། འབྲུག་ཕྱག་མཛོད་དཔག་བསམ་མཆོག་སྟེར། སྒྲོལ་མ་ལ་ཁ་བའི་རྟེན་འབྱུང་བསྒྲིག་མི། འཕྱོས་ལམ་རིམ་པའི་ལས་སྣ་བ་སོགས་དང་མཇལ་ཕྲད་བྱས་ཤིང་རྒྱལ་པོ་སྲས་བཅས་ལ་ཚེ་རྟ་དང་ཁོང་དབོན་པོར་ཚེ་དབང་བསྐུར། ཆོས་རྗེ་གནས་གཞི་བ་སྲས་བཅས། གླང་ལུང་བླ་མ། ནུབ་དགོན་བླ་མ། རྩེ་ཚོགས་མཁན་པོ་རྣམས་ལ་ཇ་གྲལ་བཏང་ཞིང་གནས་གཞི་བའི་སྲས་ལ་མཚན་པདྨ་ཆོས་དབང་བསྟན་པ་རྒྱ་མཚོར་གསོལ། པོ་ཏ་ལའི་རྫོང་ལེ་ལག་རྣམས་གཅོང་ཅན་མངས་པའི་ཚུགས་ཀ་མི་རྒྱག་ཀ་མེད་དང་དེས་


GLG006_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཕན་གནོད་ཅི་རིགས་སུ་འགྲོ་ཡིན་འདུག་པ་གྲ་ཤག་ཟིལ་གནོན་ལྕོག་ལ་འབྱར་ཀ་རྒྱབ་པས་ལྷོ་ནུབ་ཀྱི་རྩིག་པ་ནས་གྲུལ་མི་ཐུབ་པའི་འགོ་བརྩམས་ཏེ་ནམ་ལངས་ཉི་མའི་དཔེ་ལྟར་ཨར་པོ་རྒྱུན་མི་ཆད་པའི་རྟེན་འབྲེལ་ལྷུན་གྱིས་གྲུབ་པར་ལྕོག་རྙིང་པ་གྲ་པ་མངས་པའི་ཁུལ་དོག་སྐྱོན་ནས་ཤར་དུ་བསྐྱེད་པའི་རྒྱ་མ་ཆུང་ཙམ་བྱེད་རྩིས་རིག་གཙང་ལ་ས་གཉན་ཡོད་དོགས་ཀྱི་ལྷོ་ཁ་ནས་ཁོག་པ་བོས་ཏེ་ཀླུ་ཕབ་པའི་གནས་གཞན་དུ་སྤོ་ཐབས་དང་སྔགས་པ་ངག་དབང་གིས་སྤོམ་གཏའ་སོགས་རྩིས་ནས་བཤད་པའི་བཅོས་ཀ་རྣམས་སྔོན་དུ་འགྲོ་བའི་བཀོད་པ་དང་དོ་དམ་གྱི་གཙོ་བོ་སྒེར་ལོགས་ཨ་དར་དང་ལས་རྒྱབ་འོ་རློན་པ་སོགས་བཅུ་གཉིས། ཤིང་བཟོ་དབུ་མཛད་ལྷ་ས་ལམ་རྙེད་དང་གྲ་ཕྱི་དགོས་དགོས། དབུ་ཆུང་བྱིངས་གྲས་བཞི་བཅུ་སྐོར། རྡོ་བཟོ་དབུ་མཛད་རྒྱ་མོན་དར་རྒྱས། དབུ་ཆུང་བྱིངས་གྲས་བཞི་བཅུ་ཞེ་ལྔ། ཤིང་དང་བཟོ་བོར་ཕོགས་སྤྲོད་པའི་དོ་དམ་བྱང་གླིང་བསམ་གྲུབ་རྒྱལ་པོས་བྱས་ཉེར་དྲུག་ལ་རྨང་བཏིང་། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ལ་སྒོ་སྒེ་ཁུང་དང་ཞལ་བ་ཞིབ་ཆ་མ་གཏོགས་ཧ་ལམ་གྲུབ་ཅིང་བཀོད་པ་བྱེད་མི་རྣམ་གྲངས་མང་དྲགས་ན་རྗེས་སུ་མི་ལེགས་པའི་རྒྱུ་ཡོང་གཤིས་ཨ་དར་རང་ཤེས་སུ་བཅུག་པ་ཀ་བརྒྱད་སྟེང་དུ་ཀ་བཅུ་ཡོད་པ་སོགས་སྔར་མ་གྲགས་མེད་པའི་ལེགས་རབ་བྱུང་འཕྲོས་སྣང་། ས་སྐྱ། སྡེ་པ་བློ་བཟང་མཐུ་སྟོབས། སྟག་རྩེ་བ། ཐོན་པ། གྲོང་སྨད། སྟར་སྡོང་པ། སྐྱར་པོ་བ། ལྷ་ས་བྱང་གླིང་པ། རི་བོ་བདེ་ཆེན། བཀྲ་ཤིས་བདེ་ཆེན། དར་རྒྱས་གླིང་། རི་བོ་ཆོས་གླིང་། རྩེ་ཚོགས། རྩེས་


GLG006_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྔ་མཆོད། མངའ་རིས་གྲ་ཚང་སོགས་དང་གྲ་ཚང་རང་དང་གྲ་པ་རྒན་གཞོན་བྱེད་པ་བཟང་ངན་དང་བསྟུན་པའི་ཇ་ཆང་ཐུག་པ་བག་ཚས་མཚོན་ཉིན་གནངས་ཆག་དང་གཞེས་ཆག་སྣ་ཚོགས་ཀྱི་འུ་ལག་རྣམས་ཚིམ་ཞིང་འགོ་ལུང་བཟོ་བོ་སོགས་ལའང་ཚན་གྲངས་ཀྱིས་གཙོས་པའི་ཨར་སྟོན་རྒྱས་པར་བྱུང་། པ་རྣམ་དུ་འཕར་བ་དང་ཁྱི་གཟིག་འོངས་པ་བསྟན་སྲིད་ལ་རྒྱར་འཚུབ་ངོ་ཙམ་ཤར་བ་ཟློག་བྱེད་དུ་ཞ་ལུ་བ་གྲངས་བཅད་ཀྱིས་གདུགས་དཀར་མདོས་ཆེན། ཉ་མགོ་གྲུའི་ལྕགས་ཆད་པའི་ཉེས་སེལ་ལ་དཔལ་རི་བས་ཁྲོ་རོལ་སྨིན་རྒྱས་སུ་བཏང་། ཚ་མིག་མཁན་པོ། བླ་མ་སྙེ་མདོ་བ། རྒྱལ་སྐོར་བསོད་ནམས་དབང་པོ། ཇོ་རྫོང་ནས། སྙིང་རི་གདན་ས་བ། སོག་དམངས་སུམ་བརྒྱ་སྐོར་རྣམས་དང་ཕྲད། ཆོས་འཁོར་རྒྱལ་གྱི་མགོན་ཁང་ཤོད་དང་ལྷུན་གྲུབ་དགའ་ཚལ་གྱི་ཞིག་གསོས། སྟོད་ཕྱོགས་ནས་དྲངས་པའི་དངུལ་གདུང་ཁང་བཀོད་ཀྱི་དོ་དམ་ལ་པད་རྡོར་འགྲོ་རྒྱུ་ཡིན་ནའང་མགོན་ཁང་ནང་གི་གཏོར་གཞི་སྤོ་བས་མཚོན་ཞིབ་ཆ་གྲ་ཚང་གི་གྲ་པ་དགེ་སློང་ཕུན་ཚོགས་རྒྱ་མཚོ་དང་བློ་བཟང་བཟོད་པ་གཉིས་ལ་ཚོགས་སུ་མང་ཇ་ཁ་ཤས། བྱམས་ཆེན། མགོན་ཁང་ཚོར་འབུལ་རྒྱུའི་སྙན་ཤལ་ཁ་བྱང་བྲིས་ཏེ་ལྷ་ཁང་གསར་རྒྱག་གིས་ཡུལ་དང་མགོན་ཁང་རྣམས་ཀྱི་བབས་ཡུལ་སྡེ་པ་བློ་བཟང་མཐུ་སྟོབས་ལ་དྲི་བ་བྱེད་ཁྱད་ནས་ཟངས་རི་བརྒྱུད་བརྫངས་པ་ཧོར་ཟླ་ལྔ་པའི་ཚེས་གཉིས་ནས་ལས་འགོ་བཙུགས་པའི་མགོན་ཁང་ཤོད་རྣམ་སྲས་ཀྱི་སྐུའི་རྒྱབ་ཀྱི་རྩིག་པ་སྦོོ་ལུག་ཉེན་ཆེ་བའང་སྐུ་སོགས་ལ་ཆག་གྲུམས་མེད་པའི་བཟོ་བཅོས། ལྷུན་


GLG006_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དགའ་ཚལ་གྱི་དབུས་མ་གཟིམས་ཁང་དཀར་པོ་གཅོང་དང་བབ་ཞོལ་ཆེ་བ། དེ་ཝཱི་ཀོ་ཊི་དང་བསིལ་བ་ཚལ་ལ་ཡང་སྐྱོན་ཡོད་པ་རྣམས་ཀྱི་རྩིག་པ་ཞལ་བ་ཤིང་ཆ་བརྗེ་དགོས། རྩིག་སྐྱོན་ཡོད་པའི་རིགས་ལ་ཕྱི་ནང་དུ་ཞབས་འབུམ་སོགས་སྲ་མཁྲེགས་བརྟན་བརླིང་ཡོང་རྩིས། གཞན་ཡང་རི་མཐིལ་གྱི་གོག་བརྗེས་དགོས་པ་གྲུབ་ནས་གདུང་རྟེན་གྱི་བཞུགས་ཁང་དང་འདུ་ཁང་ཀ་བ་བཅུ་དྲུག་གི་ས་ཙམ་ཟླ་བ་གསུམ་གྱི་ཁོངས་སུ་ཕྱེད་ལྷག་ལེགས་པར་གྲུབ། རྒྱལ་སྲས་བསོད་ནམས་བཀྲ་ཤིས་ཀྱི་དཔོན་མོ་ཁམས་མ་བདེ་བའི་གེགས་སེལ་དུ་ཕྱག་དྲུག་པའི་རྗེས་གནང་བསྐུར། བྲག་སྣ་གདུང་བརྒྱུད། ཀོང་པོ་རྫོགས་ཆེན་པའི་དབོན་པོའི་སྐུ་སྐྱེ། འཛུམ་ལང་གི་མི་སྣ་རྣམས་དང་ཕྲད། ཆོས་རྗེ་བཀྲ་བཟང་བ་ལ་སྟོད་ནས་ཆེད་དུ་འབྱོན་པར་བསྐུལ་བ་འབྱོར་ཏེ་ཞག་ཤས་ཀྱི་བར་གཏེར་སྟོན་རིན་པོ་ཆེར་བྱང་གཏེར་གྱི་ཟབ་ཆོས་མང་དུ་མཛད། འདི་ལོ་ཐེན་པ་ལྷག་པར་ཆེ་བས་གྲ་ཚང་ནས་ཀླུ་སྦུག་ལྷ་ས། གསང་ཡིབ་གསུམ་གྱི་མཚོ་དང་ཆུ་མིག་ལ་རྫས་སྔགས་ཏིང་འཛིན་གྱི་སྦྱོར་བ་ཅི་རིགས་དང་སྤྲུལ་སྐུ་གཏེར་སྟོན་ཆེན་པོ་དང་ཆོས་རྗེ་བཀྲ་བཟང་པ་གཉིས་ནས་ཀྱང་མཛད་པས་ཕབ་ཆར་ངེས་ཤེས་འདྲོངས་པ་ཞག་ཤས་བབས། རི་བོ་བཀྲ་བཟང་གི་རྩེར་ཨོ་རྒྱན་ཟ་ཧོར་མ། རྐེད་པར་རྡོ་རྗེ་གཞོན་ནུ། རྩ་བར་རྡོ་རྗེ་རྣམ་འཇོམས་ཏེ་ཐུགས་ཀྱི་ལྷ་གསུམ་བཞུགས་པའི་གཙུག་ལག་ཁང་སོ་སོར་བོད་འབངས་བདེ་ཐབས་སུ་མཚན་མོ་ཁོར་ཡུག་སྡོང་རྐང་རེ་སྔར་ཡོད་ཆག་པའི་རྒྱུན་བཙུགས། གནས་འཛིན་ཐེབས་ལ་འབྲུ་གཤོར་ཁལ་ཉིས་བརྒྱ་རེ། རྩེའི་གཙུག་ལག་ཁང་


GLG006_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ཁམས་དང་མཐུན་པའི་དར་ལྕོག་དམར་ལྗང་རེ་ཟླ་བ་དགུ་པའི་ཚེས་གསུམ་ལ་འཛུགས་པ་རྣམས་སྟར་ཆགས་དང་ལྷ་ཁང་རྩེར་གཉྫི་རར་ནད་མུག་འཁྲུག་རྩོད་ཞི་བའི་མན་ངག་ལྟར་གཟུངས་བཞུགས་རིགས་འཛིན་ཉིད་ཀྱིས་ཕྱག་ལེན་བསྟར་ནས་བཙུགས་པར་རབ་གནས་མཛད་དགོས་ཀྱི་བསླབ་བྱ་ཟང་ཟིང་གི་སྐྱེས་དང་བཅས་རང་གནས་སུ་རྫོང་བདའ་བྱས། གསང་ཆེན་བསྟན་པའི་འབྱུང་གནས་རྒྱུད་སྟོད་སྨད་དང་གངས་ཁྲོད་རིགས་པ་སྨྲ་བ་ཀུན་གྱི་མ་དྲོས་མཚོ་ཆེན་དཔལ་ནེའུ་ཐོག་གི་མཁན་སློབ་རྣམས་ཀྱིས་རིམ་པ་བཞིན་དངོས་བཤམས་ཡིད་སྤྲུལ་གྱི་མཎྜལ་དང་བཅས་རིང་པོར་གནས་པའི་བདེན་ཚིག་མཛད། ས་སྐྱོང་བདེ་ཆེན་པ་ཡབ་སྲས་དཔོན་ས་ཧོར་མོ་གསར་འབྱོར་དང་བཅས་པ། ཐོན་ལེགས་ལྡན་དབང་པོ། དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་དགེ་སློང་དགེ་ལེགས་དཔལ་འབྱོར། གཡོན་རུ་ཨ་ཁས་ཀྱི་མི་སྣ་དགེ་སློང་ངག་དབང་ཡེ་ཤེས། སེ་ཆེན་ཁན་གྱི་ཤོག་ནས་ཚུལ་ཁྲིམས་དགེ་སློང་། བཀྲ་ཤིས་ལྗོངས་སུ་སྡོད་མི་ཡིད་བཞིན་ཐའི་ཇི། དུང་དཀར་སྐུ་སྐྱེ། ལི་ཐང་སྐུ་སྐྱེ། ལྷོ་བྲག་བསམ་དགོན་པ་སོགས་ལ་ཇ་གྲལ་བཏང་། ཕོ་ལྷ་གངས་ལ་ཉི་ཤར་གྱིས་སྦྱིན་བདག་བྱས་ཏེ་གྲ་ཚང་གིས་འབྲས་ལྗོངས་དག་སྣང་མའི་སྒོ་ནས་རྟེན་འབྲེལ་བསྒྲིགས། ཁྲ་འབྲུག་ཆོས་སྐྱོང་གིས་མཐུན་རྫས་དགོས་ཚུལ་བྱུང་ལན་སྙན་ཚིག་གི་ལམ་ནས་དྲངས་པ་དང་གྲ་རིགས་རྣམས་ཀྱི་ངོར་ཚ་མིག་མཁན་པོ་ལས་ཐོག་པའི་གསོལ་འདེབས་བྲིས། འཕགས་ཡུལ་མེ་ལ་ཝ་རིའི་ཡ་མ་རི་གི་རི་ལ་ས་སྙིང་ཞོ་བཅུ་གསུམ། གླ་འཁོར་བཅུ།


GLG006_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་དར་གྱིས་གཙོས་པ་དང་པ་ཏྲ་ནའི་གར་མཁན་རྡོ་ལིར་ས་ཟླ་ཞོ་གསུམ། གླ་འཁོར་བཅུ། ཐོན་ཆས་བཟབས་ཏེ་བློའི་རེ་བ་བཀང་། ལ་སྟོད་སྙེ་ནམ་ཕྱོགས་སུ་རང་བསྟན་རྒྱ་ཆུང་ཞིང་ལེགས་གཤིན་པའང་བླ་མ་སོགས་གང་ས་ནས་རྣམ་པ་བཀྲ་བ་ཞིག་མེད་འདྲ་བ་དགོན་གནས་སྤོ་བ། གྲ་རྒྱུན་ཡོན་ས། ཤོ་ཁང་གི་མཁར་ལས་ཀྱིས་གཙོས་པའི་དོན་གཅོད་ལ་ཤོ་བ་མཚོ་སྣ་གདོང་པ་དང་མཉམ་དུ་འབྲོང་རྩེ་ལྷུན་གྲུབ་གླིང་པ་དང་ཨ་བར་དཔལ་ཡགས་གཉིས་རྫོང་བདའ་བྱས་པའི་ཧོར་ཟླ་དྲུག་པའི་ཚེས་བཅུ་བཞི་ནས་ལས་འགོ་བཙུགས། གཤིན་རྗེ་འཇོམས་བྱེད་ཀྱི་སྐུ་ཆོས་འཁོར་སྟོད་སྨད་དུ་བཞུགས་ན་མཐའི་འཁྲུག་རྩོད་སོགས་བཟློག་པ་ལ་ཕན་ཡོན་ཆེ་བར་གསུངས་པ་བཞིན་ལྷ་ས་བྱང་གླིང་པའི་རྟེན་བཞེང་གི་ཞར་བྱུང་དུ་དབུ་མཛད་བག་དྲོ་ཅན་མི་གསུམ་གྱིས་བཞེངས་པ་དང་རིགས་འཛིན་ཆེན་པོའི་དག་སྣང་མར་རྒྱལ་ཆེན་ཡུལ་འཁོར་བསྲུང་གི་སྐུ་ལ་བརྟེན་ནས་མཐའི་རྒོལ་བ་རྣམས་ཟིལ་གྱིས་གནོན་པར་བཤད་པ་བཞིན་ཟླ་བ་གསུམ་པའི་ནང་དུ་གསེར་ཟངས་ཀྱི་སྐུ་བཞུགས་ཁང་དང་བཅས་ཟིན་པ་རྣམས་ཀྱི་གཟུངས་བཞུགས་རབ་གནས་སྒྲུབ་པ་ཀུན་རིགས་འཛིན་ཆེན་པོ་ཉིད་ཀྱིས་ཕྱག་དར་ཏེ་གཤིན་རྗེའི་སྐུ་ལྷ་ས་བསམ་ཡས་དང་དམར་པོ་རིའི་ཕོ་བྲང་རྩེར་ཡུལ་འཁོར་བསྲུང་བཞུགས་སུ་གསོལ། སྙེ་མདོ་ཆོས་རྗེ་སོ་ཤཱཀྱ་ངག་དབང་དཔལ་འབར་གྱིས་རོག་སྙེ་མདོ་ཐམས་ཅད་མཁྱེན་པའི་ཕྱགས་ས་འབུམ་ནས་ཐོན་པ་དང་གོང་དཀར་དཀོན་གཉེར་དཔོན་གྱིས་དགེ་སྟེང་གི་ཞིང་ལ་ཁུང་སློབ་སྐོར་ལ་ཐུ་བཙུན་འཇིགས་མེད་དཔའ་བོའི་ཤངས་མཚལ་ལས་


GLG006_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཉིད་ཀྱི་སྐུ་ཐང་ཞུ་རྟེན་དུ་བྱུང་། ཚེས་བཅོ་བརྒྱད་ལ་རི་བོ་ཆེ་ནས་ཞབས་དྲུང་ངག་གི་དབང་ཕྱུག །སྟག་རྩེ་ཐའི་ཇི་ཡབ་སྲས། གེ་རེ་ལྷ་པ་ཡུམ་སྲས། དགའ་ལྡན་ཐོས་བསམ་གླིང་བླ་གཉེར། ལྷོ་སྒང་ཐོག་ལྕགས་ཟམ་པ། རྨོག་ལྕོག་སྐུ་སྐྱེ། དབུས་གླིང་བླ་མ། མཚུར་ཕུ་ཕྱག་མཛོད། རྒྱལ་དར་འཚོ་བྱེད་སོགས་མང་བར་ཇ་གྲལ་བཏང་། རི་བོ་ཆེའི་ཞབས་དྲུང་དེ་སྔར་རབ་བྱུང་གི་ཟློས་གར་བར་སྐབས་སུ་ཆུ་པ་དང་རྩག་པའི་རྣམ་པར་སོང་བ་སླར་ཡང་སྐྱ་རེངས་ཤར་བ་ལྟར་ངུར་སྨྲིག་གི་ན་བཟས་ཀླུབས་ཀྱིན་འདུག་པ་མཛད་པ་བཅུ་གཉིས་ལས་ལྷག་ཙམ་གནང་བཞེད་ཡོད་པ་འདྲ། ཀཿཐོག་གདགས་དཀར་བླ་མའི་སྐུ་སྐྱེའི་གཙུག་ཕུད་བླངས་ཤིང་མིང་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོར་བཏགས། ཐའི་ཇི་མཚོ་སྐྱེས་རྡོ་རྗེའི་སྐུ་སྐྱེ་དགེ་ཚུལ་དུ་བསྒྲུབས། སྤྱིར་ཡང་དུས་ཀྱི་དབང་གིས་འབྱུང་པོའི་རིགས་འདི་འཚུབ་ཅིང་བྱེ་བྲག་གངས་ལྗོངས་འདིར་གོང་པོ་དང་དམ་སྲིའི་འཕྲུལ་གྱིས་མི་བདེ་བར་བཤད་པ་བཞིན་མཆོག་དམན་མང་པོར་འཁྲུལ་སྣང་ཡང་ཅི་རིགས་བྱུང་འདུག་པ་དང་དངོས་སུའང་རླུང་གིས་སྤྲིན་གཏོར་ཞིང་གྲང་ངད་སོགས་སད་ཉེན་གྱི་རྟགས་ཆེར་སྟོན་པར་བོད་འབངས་བདེ་ཐབས་སུ་དམིགས་ནས་རྡོ་རྗེ་སློབ་དཔོན་དགེ་སློང་བློ་གྲོས་རྒྱལ་བས་བྱས་ཏེ་གྲངས་བཅད་ཀྱིས་སྒྲུབ་ཞག་བདུན་ཕྲག་གཉིས་ཀྱི་རིང་ལྷ་བྲག་གཏེར་བྱོན་གྱི་དགོངས་པ་ལྟར་ཧོམ་མནན་གྱི་ཕྱག་ལེན་འཁྲུལ་མེད་སྨིན་རྒྱས་སུ་བསྟར་བས་དམ་སྲིའི་ཚ་ངད་ཞི་ཉམས་ཀྱི་འཕྲལ་དུ་སྤྲིན་འཁྲིགས་ནས་ཆར་རྡེའུ་ཤལ་བ་བབས། ཉེར་ལྔར་ཝ་ར་ཎཱ་སིའི་བྲམ་ཟེ་ཧ་རི་


GLG006_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དཱ་ས་དང་ཛ་ཡ་དཱ་སས་གངྒཱའི་ཆུ་སོགས་བྱུང་བར་གསེར་ཞོ་དྲུག་དང་འབྲས་གྲོ་ཞིབ་ཀྱིས་མཚོན་པའི་ཟུར་ཆས་བྱིན། ཐོད་རི་དགའ་ལྡན་བཤད་སྒྲུབ་གླིང་གི་གྲ་པ་ཆོས་འཕེལ་རྒྱ་མཚོས་གསོ་རིག་རྒྱུད་བཞིའི་རྒྱུགས་སྤྲད། གདན་ས་གོང་འོག་བཀྲ་ཤིས་ལྷུན་པོ། བདེ་ཆེན་པའི་མི་སྣ་རྣམས་ལྷོ་ནང་དུ་འབྱོར་ནས་རྒྱང་ཙམ་སོང་བའི་ད་ཆ་བོད་ནས་མི་སྣ་མེད་ན་སྐོར་ཡང་ཐལ་མོ་ཡ་གཅིག་གི་དཔེར་འདུག་པ་ལྟར་རྗོང་བདའ་དགོས་ཚུལ་བཞིན་ཚག་རྩེ་སྦྲེལ་པོར་གསར་སྐྱེས་ཀྱི་ཧམ་འཛུད་བཞག་སྟེ་ས་བྱའི་ཆིངས་ལ་ཆ་བཞག་ངོས་གངས་ཏེ་སེ་དང་སྤ་གྲོ་སྟག་ཚང་གི་མཆོད་འབུལ་སྐོར་སོགས་དོད་སྙོམ་དགོས་པའི་རྡོ་ཁ་བསྐུར་ནས་བརྫངས། གོང་དཀར་དཀར་བྲག་པའི་ས་བརྗེས་དང་ས་སྣོན་བསྡོམས་པར་ཐེམ་འཛིན་བཞི། ལག་འབབ་སུམ་བརྒྱ་དོན་བརྒྱད། ཆང་ཁྱིམ་པར་ས་སྣོན་དུ་གྲ་ནང་དཔལ་རབ་མདའ་ནས་ཐེམ་འཛིན་ལྔ། ལག་འབབ་བཞི་བརྒྱ་ཉི་ཤུ། དགེ་སློང་འཇམ་དབྱངས་གྲགས་པའི་བོགས་སྟེང་ནས་ཁལ་སུམ་ཅུ་བཅག་ཅིང་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་གྱི་སྤྱིལ་པོ་གོ་ར་དང་བཅས་པ་རྩ་འཇགས། ཁམས་ནམ་བཟང་རིང་གཤོར་འདེབས། འབུམ་ཐང་བསོད་ནམས་དབང་པོས་གོང་དུ་གསེར་ཡིག་དང་ཁམས་ཕྱོགས་སུ་སྔ་ཕྱིར་བཏང་བ་སོགས་ལ་དོ་ཁུར་བྱུང་བའི་བདག་རྐྱེན། སྔར་འཛིན་ལ་གཡོགས་རིས་མེད་པའི་ས་སྣོན་དུ་འཕྱོས་ཞོལ་མོ་བས་འཛིན་ཤུལ་བཅས་ཐེམ་འཛིན་བཅུ། ལག་འབབ་བདུན་བརྒྱ་དོན་གསུམ། ཞལ་དཔོན་འགྲོ་ཕན་གྱིས་གཙང་གི་ས་ཆར་ས་བརྗེས་དགོས་ཚུལ་ལྟར་འཕྱོང་ཕུ་ཞོལ་ཁང་། ཆེན་


GLG006_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མོ། གླང་གཤོངས། མགོ་སྣེ་བཅས་པར་ཐེམ་འཛིན་བརྒྱད། ལག་འབབ་བརྒྱད་བརྒྱ། འཕྱོས་བཀྲ་ཤིས་སྡེ་ཆེན་པར་འདུ་ཁང་ཞིག་གསོས་ཐེབས་སུ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་ཁང་ཞིང་ཞུ་རྟེན་དངུལ་ལྔ་བཅུ་མ་བྱུང་བར་ཤིང་ཐམ་ཕོག་པར་མིག་འགྲན་བྱུང་དོགས་ཀྱི་དོན་སྨིན་མ་བདེ་བའི་འཕྲལ་ཕུགས་སླེབས་ཚེེ་ཁྱད་ཀྱི་སྨན་བླ་ཉིན་གཉིས་གསུམ་རེ་གསར་འཛུགས་གཏོང་རྒྱུར་འཕྱོས་མདའ་སྡངས་པས་འཛིན་ཤུལ་དང་གཞུང་རྒྱུག་ཐེམ་འཛིན་བཞི་བཅས་ལག་འབབ་དྲུག་བརྒྱར་ཉེ་བ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ལ་ཡར་སྟོད་ར་མོ་ལྡིང་ནས་དུད་སྟོངས་ཀུན་སྦུག་པའི་ཞིང་ཁོལ་གྱི་སྐོར་བོགས་ཐོན་ཁལ་བཅུ་གཉིས། ཐ་ལུས་རྩྭ་རིགས་དང་བཅས་པ་འཁྲི་མེད། ལུ་མ་འགོ་པ་སྔགས་པ་ངག་དབང་སྔ་སོར་རིམ་གྲོ་རྩིས་སོགས་ཀྱི་ལག་གཡོག་ཏུ་འགྱུར་བ་བྱུང་བ་དང་སླར་གཡུལ་རྒྱལ་དང་བཅས་པ་སྒྲུབ་རྟེན་དུ་ཞོལ་ཕྱག་འཚལ་ཤག་ཁང་པ་ལག་འབབ་དོན་གཉིས། ཡིག་མཁན་ཨ་ལྷུན་ལ་སྔ་སོར་སོང་ཁྲོད་ནས་ཟ་མ་ཟོས་པའི་ས་རྗེས་ངོ་དཀར་དུ་གྲ་ཐང་ནས་ཐེམ་འཛིན་ཕྱེད་གཉིས་ལག་འབབ་ཆིག་བརྒྱ་གོ་དགུ། སྒེར་ལོགས་བློ་བཟང་དར་རྒྱས་མཁར་ལས་སྔ་ཕྱི་ཐམས་ཅད་ལ་ཁུར་བསམ་ཆེ་བ་བྱུང་བར་འཕན་ཡུལ་གྲུབ་རྒྱལ་ནས་ཐེམ་འཛིན་བཞི། ནུབ་ཁང་གསར་ཚོམས་ཀ་བ་བཅུ་གཉིས་ཀྱི་སྟེང་གཤོད་བར་འཁྱམས་དེ་ཐོབ་ཀྱི་མདོ་ར་དང་བཅས། ལག་འབབ་ཉིས་བརྒྱ་བཅུ་བཞི། ལྕོག་སྦུག་པར་ལྕང་ལོ་ཅན་གྱི་ས་ཚབ་ཏུ་རྒྱལ་རྩེ་བསམ་གྲུབ་དགེ་འཕེལ་གྱི་ཁང་པ་ཐེམ་འཛིན་བདུན། ལག་


GLG006_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་སུམ་བརྒྱ། མེ་རྡོ་བར་སྐྱེད་ཚལ་གྱིས་ཚབ་དང་ཞི་དྲག་སྒྲུབ་རྟེན་འཕར་ཁ་སྦྲགས་པར་རྟ་ནག་ཤོད་ཁུད་གཞིས་ཀ་ཐེམ་འཛིན་ཞེ་བརྒྱད། ལག་འབབ་ཆིག་སྟོང་བདུན་བརྒྱ་གྱ་དྲུག །བཀྲ་ཤིས་རྩེ་ཆོས་སྡེ་བར་བོགས་འཁྱར་གྱི་ཚབ་དང་སྣོན་མར་ཆེ་མཁར་གཞོན་ཁུངས་ཕུ་ལུང་འོང་བ་བྱང་ནས་ཞིང་ཤས་ཐོན་ཐེམ་འཛིན་གཅིག་གི་ཡོང་འབབ། གོང་གི་མི་སྣ་གཞོན་པ་ཕག་མོ་བློ་བཟང་དགེ་སློང་གིས་ཞུ་རྟེན་སྤམས་མཐོ་བ་བྱུང་བར་དྲག་འདོན་མི་གྲ་རྐང་གཅིག་གཙང་ཆག་ཐོག་སྒེར་ཤའུར་ལྟོ་སྐལ་ཕྱེ་གསལ་བྱས་པ་ཕུད་པའི་ས་རིས་བྱིངས་དང་ཁ་སློང་གཞུང་རྒྱུག་ཕྱེ་བ་བཅས་ཐེམ་འཛིན་དགུ། ལག་འབབ་དྲུག་བརྒྱ་ང་གཅིག །ཀོང་པོ་རྫོགས་ཆེན་པར་ཐར་པ་གླིང་སྟོད་ཀྱི་འཐུས་ཚོད་ཡིན་རུང་གླིང་སྨད་དགོས་ཚུལ་ནན་ཆེས་པར་བརྟེན་ཟླ་འདྲིལ། སྡེ་པ་བློ་བཟང་མཐུ་སྟོབས་ཀྱི་ས་སྣོན་དུ་རབ་རྩེས་དང་། འབྲིང་མས་དྲོ་གུང་མཁར། ཐ་མ་སྙེ་འཕྲང་གང་རུང་དགོས་ཚུལ་ལྟར་རྩེས་དང་མ་ལག་དང་བཅས་པ་དྲུང་འཁོར་ཐེམ་ཆེ་འབྲིང་ཆུང་གསུམ་མོ་བྲན་བསྡོམས་པ་བདུན་བརྒྱ་སྐོར། ལག་འབབ་ཆིག་ཁྲི་ཆིག་སྟོང་བརྒྱ་དགུ་བཅུ་རྣམས་དང་སྐུ་གསུང་ཐུགས་རྟེན་སོགས་ནང་ཆས་ལྷག་ལུས་ཆེ་བ། བཀར་རྒྱའི་འབྲུ་ཁལ་ཆིག་སྟོང་། ལོགས། ལྷ་ལུང་བཅས་པར་ཐེམ་འཛིན་ལྔ་བཅུ། ལག་འབབ་ཆིག་སྟོང་བདུན་བརྒྱ་ཞེ་ལྔ། ཚོགས་རྒྱལ་གླིང་པར་ཁ་འཐོར་སྐྱོན་གྱིས་བྱང་སྲིབས་ཚབ་ཏུ་ཡར་སྟོད་གོ་མལ་ནས་ཐེམ་འཛིན་དྲུག །ལག་འབབ་བརྒྱད་བརྒྱ་གྱ་བཞི། བཀྲས་རབ་པར་ལྗངས་ཁྲི་ཁང་གི་ཚབ་ལ་དོལ་གསེར་སྟེང་བསམ་གྲུབ་གླིང་གི་ཁང་པ་ཐེམ་འཛིན་བཅུ་གཉིས། ལག་འབབ་


GLG006_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བརྒྱ་རེ་གཉིས། རྒྱལ་རྩེ་ཚེ་དབང་ལ་ས་བརྗེས་ས་སྣོན་སྦྲགས་པར་སྣེ་སྟོད་གཞིས་ཀ་ཐེམ་འཛིན་བཅོ་བརྒྱད། ལག་འབབ་དགུ་བརྒྱ་རེ་གསུམ། དོལ་སྦར་མདོ་བའི་གསང་མདའ་ཀླུ་ཆུ་ཤར་མ་ཁུངས་ཀྱི་བོགས་ཤས་ཚབ་ལ་ཆག་ཆ། ཕོ་བྲང་བདེ་ཆེན་ཁང་གསར་བར་བོགས་ཆག །དར་རྒྱས་བཀྲ་ཤིས་ལ་ལྷ་ས་ནས་ཁང་མིག་ཁ་ཤས། དར་ཁན་དབོན་བོར་སྙེ་མོ་ནས་ཁལ་ཉེར་ལྔའི་ཤས་ཐོན། ནཱ་ལནྡ་བཅོ་བརྒྱད་པས་སྣ་མོ་ཇོ་གདན་དགོན་ལ་ས་བརྗེས་དགོས་ཚུལ་བྱུང་བ་བླ་མར་བསྐོས་པའི་དེབ་ནང་གི་ཡོང་སྒོ་རྣམས་ཀྱིས་ཕན་རེའི་ལུགས་དང་རྐང་འགྲོ་ལག་འདོན་ཐོག་ཏུ་ཕན་པ་མ་བྱུང་བ་འདུག་གཤིས་ད་ལྟའི་ཆོས་རྗེ་འདི་པ་གསང་སྔགས་ཀྱི་དབང་རིག་གཏད་རྗེས་གནང་འཁྲིད་ལུང་སོགས་བསྟན་རྒྱུན་ལ་ཕན་ངེས་ནས་འབྲེལ་མཚུངས་མཐོང་སྨོན་ནས་ཐེམ་འཛིན་ལྔ། ལག་འབབ་ལྔ་བརྒྱ་ང་བཞི། པད་ཚལ་བཙུན་པས་བར་ཁམས་སུ་མཁའ་འགྲོའི་ངོ་འཛིན་ཆེས་པའི་བྱེད་འཛོལ་ཆེ་བར་བཀའ་སྐྱོན་བབས་ལྕི་བ་བྱུང་འདུག་ནའང་སྔར་བྱས་ལ་བསམ་པད་ཚལ་རྙིང་ཁུངས་རང་སློག་བྱས་པར་གཞིས་ཀ་ཐེམ་འཛིན་བཅུ་དྲུག །ལག་འབབ་ཆིག་སྟོང་སུམ་བརྒྱ་གྱ་དགུ། ནས་འབྲས་པར་ས་སྣོན་དུ་གྲ་ནང་བཅུར་པ་ཐེམ་འཛིན་བཅོ་ལྔ། ལག་འབབ་སུམ་བརྒྱ། འོ་རློན་པའི་རྣམ་རྒྱལ་སྒང་གི་ཚབ་ཏུ་རོང་སྤང་ཆེན་གཞིས་ཀ་ཐེམ་འཛིན་བཅུ་བདུན། ལག་འབབ་ཆིག་སྟོང་བདུན་བརྒྱ་ཉེར་གཅིག །རྒྱལ་བ་ཀརྨ་པའི་ཇོ་མོ་སྲས་བཅས་ཀྱི་གསོལ་སྐལ་སྒྲགས་རྒྱལ་གྲོང་དང་ཞ་ལྡན་གྱི་ས་ཚབ་ཏུ་ལྕང་ལོ་ཅན་གཞིས་ཀ་དང་འཇུན་ཁ་ལོངས་གཞུང་


GLG006_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་མི་སེར་བཅས་ཐེམ་འཛིན་ཞེ་དྲུག །ལག་འབབ་ཉིས་སྟོང་ལྔ་བརྒྱ་དྲུག་ཅུ། འཇུན་རྩེ་ཞོལ་ས་འདྲེས་ཆེས་པའི་བདག་པོ་མ་གཅིག་ཕྱིན་སུ་ལའང་འཛིན་བདེ་མི་འདུག་པས་ཟླ་འདྲིལ་ཁྱད་ནས་འཇུན་ཞོལ་བར་ས་ཚབ་དང་ས་སྣོན་སྦྲགས་པར་ཤེལ་གྲོང་གཞིས་ཀ་ཤར་གྱི་ཁང་པ། ཐེམ་འཛིན་སུམ་ཅུ། ལག་འབབ་ཉིས་སྟོང་བཞི་བརྒྱ་རེ་གསུམ་གྱི་ཁ་འགྲིག་ལྷག་དང་བཅས་པ་ཡོད་རུང་ས་སྣོན་དུ་ཞལ་ཕུ་མདའ་ལོང་མོ་གྲོང་པ་ཐེམ་འཛིན་དགུ། ལག་འབབ་བཞི་བརྒྱ་དོན་བརྒྱད། བ་ར་བས་གསེར་འདུལ་སོགས་ལག་གཡོག་སྒྲུབ་རྟེན་དུ་ལྕིང་མཁར་གཞིས་ཀ་ཐེམ་འཛིན་བརྒྱད། ལག་འབབ་བརྒྱད་བརྒྱ། འབྲས་སྤུངས་རྩེས་དང་སྤྱི་ཁང་འཛིན་ཐེབས་ལ་སྐྱོར་ལུང་བོགས་འཁྱར་ནས་ཁལ་དྲུག་ཅུ། སྐྱར་བོ་བ་རྡོ་རྗེ་དབང་ཕྱུག་ལ་དྲུང་པ་རྒྱལ་ཚབ་པའི་སྐུ་སྐྱེ་ཡུམ་བཅས་ཀྱི་སྔ་སོར་མཆོད་གཞིས་སུ་མི་གྲ་ཆོད་པའི་ལག་འདོན་བརྒྱ་བཅུ་གཅིག །མལ་དྲོ་ཚེ་བརྟན་ལ་འཕན་ཡུལ་བན་གྲོང་པའི་བགོས་ཕུད་བན་གྲོང་གཞིས་ཀ་ཐེམ་འཛིན་བརྒྱད། ལག་འབབ་བཞི་བརྒྱ་བརྒྱད་ཅུ། ཕོ་བྲང་གེ་ར་བས་གསོལ་དཔོན་གྱི་ལས་ཚན་ཁྲོལ་ཆ་སྔ་ཕྱིར་དགོས་ཚུལ་བྱུང་བ་ལྟར་དེ་ཚབ་རྩེས་དང་རབ་འབྱམས་པ་ངག་དབང་དགེ་ལེགས་བསྐོས་པའི་སྒེར་གཡོག་འཁྲིད་ཁྱད་ནས་ཡར་སྟོད་གོ་མལ་གཞིས་ཀ་ཐེམ་འཛིན་ལྔ། ལག་འབབ་བདུན་བརྒྱ། གྲོང་སྨད་ཨ་བར་གྱིས་འབྲེལ་མཚུངས་ཁྱད་ནས་སྤ་རི་དང་གོང་དཀར་དཔལ་གྲོང་གི་གཞིས་གཡོག་གི་ཚབ་དགོས་ཚུལ་བྱུང་བ་དེར་མ་བལྟོས་པའི་སྦྱོར་འཇགས་བྱས་པར་བཟང་ཡུལ་བཀྲ་ཤིས་སྟེང་དང་གྲོང་གསར་གཞིས་ཀ་ཐེམ་འཛིན་ཉེར་གཉིས།


GLG006_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལག་འབབ་ཆིག་སྟོང་ཉིས་བརྒྱ་བདུན་ཅུ། གོང་དཀར་སྐྱི་ནག་གཞིས་ཀ་ཐེམ་འཛིན་སུམ་ཅུ། ལག་འབབ་སུམ་སྟོང་དགུ་བཅུ། འཇུན་གྱི་གཞིས་ཀ་ཐེམ་འཛིན་སུམ་ཅུ་སོ་ལྔ། ལག་འབབ་ཉིས་སྟོང་ཉིས་བརྒྱ་སུམ་ཅུ། སྤ་རི་གཞིས་ཀ་འདམ་ར་ཕྲན་བུ། ཐེམ་འཛིན་བཞི། ལག་འབབ་བཞི་བརྒྱ། གསང་ཕུ་དུས་མཆོད་པར་སྣོན་བཀྲས་གཤོངས་ཀྱི་སྦྱར་ཡིག་ཤུན་ཞབས་དྲུང་དང་ཡར་རྒྱབ་ཞབས་དྲུང་སོགས་བཀའ་ཤོག་དམར་ནག་གི་རིགས་སྡེ་པ་འཕྲང་འགོ་བས་གཞི་བ་གྲ་ཚང་ལ་བར་རྫིང་གཞིས་ཀ་སྐོར་སྦྱར་བའི་གཏན་ཚིགས། བྲག་ཁ་བས་མངའ་རིས་བློ་བཟང་དཔལ་འབྱོར་ལ་ཞིང་རྩ་བྱིན་པ་ཉི་ཐང་པར་ཆོད་པའི་འཁྲ་བཟུང་བྱེད་ཟེར་བ་དང་གཞུང་ནས་བེ་སེར་ཉི་ཐང་ལ་གསར་ཆོད་གནང་བ་ཕུད་དེ་ཕྱིན་སྣོན་ཡོངས་རྫོགས་སྟར་སྡོང་པར་གནང་བའི་སྡེ་པ་བསོད་ནམས་རབ་བརྟན་གྱི་གཏན་ཚིགས་ལ་རྒྱབ་སྣོན་གྱི་ཡིག་རིས་དང་བཅས་ཕན་ཚུན་གཉི་ག་ཡུས་ཤིང་རི་པའི་རྦབ་དང་ཀླུངས་པའི་ཁུའི་དཔེར་འདུག་པ་མགྲོན་གཉེར་གུ་རུ་བྱས་པ་ཆེ་བར་གོང་བརྒྱབ་གསང་ཕུ་བ་ཁག་གི་ས་ཚབ་རྣམ་རྒྱལ་སྒང་ནས་སྤྲད། མི་སེར་རྣམས་དང་འཐེན་ཁྱེར་ཆེ་བ་སོ་སོའི་འདོད་པ་སྙེ་མ་རྐེད་གཅོག་ལུགས་ཀྱི་ཤིང་སྟག་གི་ཁྲ་མའི་ཆོད་ཡིག་ཚུལ་ཁ་མཆུ་བཅད་ཅིང་བར་སྐབས་སུ་འཛིན་བདག་བྲལ་བའི་རྟ་ནགས་པའི་གཞིས་ཀ་ཐེམ་འཛིན་ཞེ་བཞི། ལག་འབབ་ཆིག་སྟོང་ཉིས་བརྒྱ་ང་ལྔ། འདར་བསམ་གྲུབ་པ་ས་རིས་དང་འདོན་རྐང་མ་འགྲིག་པ་འདོན་ཕྱེད་ང་གསུམ་དང་བོགས་ཁལ་ཉིས་བརྒྱ་བཅག །རྣམ་སྲས་གླིང་པས་ཐ་ལུས་ཆུས་ཁྱེར་མངས་པའི་རྣམ་རྒྱལ་


GLG006_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་ནས་ཆག་ཆ་དགོས་ཚུལ་བྱུང་བ་གཞན་མ་མ་བདེ་བའི་སྔར་བརྒྱད་གྲར་འགྲོ་བའི་བོགས་ཁལ་བརྒྱ་བདུན་ཅུ་ར་བ་སྟོད་པ་དང་གསུང་གླིང་པའི་དུས་རིམ་འཕར་ལ་སོང་བ་སྔར་སྲོལ་ལ་ཆ་བཞག་དེ་འཕྲོས་རྣམས་བཅག །གདན་ས་གོང་གི་བླ་བྲང་བཞིར་གྱེས་པའི་ནང་ནས་རིན་ཆེན་སྒང་བླ་བྲང་འདི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་གསང་ཆེན་སློབ་བཤད་ཀྱི་བདག་པོ་རིམ་པར་བྱོན་པའི་བསྟན་པའི་འབྱུང་གནས་ལྟ་བུ་ཡིན་ཀྱང་བདག་རྐྱེན་ཁྲི་ཐོག་པ་ན་རིམ་གྱི་བཞུགས་གནས་བཞི་ཐོག་དང་བླ་བྲང་གཞན་གསུམ་གྱི་རྒྱུན་ཆད་པའི་ཞལ་ངོ་རྣམས་དུས་མཆོད་བླ་བྲང་གི་གདུང་བརྒྱུད་དུ་སོང་བའི་སྐྱོན་བཞིན་ཡིན་ནམ་གང་ལྟར་ཞབས་ཏོག་ཧ་ཅང་གིས་ཁྱོགས་པ་ཞིག་མི་འདུག་གཤིས་ཚོགས་གསོག་དང་བསྟན་རྒྱུན་ལ་བསམ་ནས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྐུ་མཆོད་ཀྱི་དུས་དྲན་ལ་ཀྱེ་རྡོར་མན་ངག་ལུགས་ཀྱི་མངོན་དཀྱིལ་འཁོར་ལོ་སྡོམ་པ་དཀོན་ཅོག་རྒྱལ་མཚན་གྱིས་མཛད་པར་ལྷན་ཐབས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ནོར་བུའི་འཕྲེང་བ་སྐྱར་བའི་ཕྱག་ལེན་ལྟར་གྱི་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་པའི་ཆོག་གྲ་གྲ་སློབ་སུམ་ཅུས་ཟླ་བ་དྲུག་པའི་ཉེར་ལྔ་ལ་སྟ་གོན་དང་བཅས་པའི་ཉིན་བརྒྱད། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་མཆོད་ལ་ཉིད་ཀྱིས་མཛད་པའི་ནཱ་རོ་མཁའ་སྤྱོད་ཀྱི་སྐུ་ཚོམ་བུ། གསུང་བདུད་རྩི། ཐུགས་སིནྡྷུ་ར་གསུམ་ལ་བརྟེན་པའི་ཆོག་གྲ། གྲ་སློབ་གོང་བཞིན་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ནས་ཉིན་བདུན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དུས་ནས་ཆོས་སྐྱོང་གི་གཙོ་བོར་གནང་ཞིང་


GLG006_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་རང་ཡང་ལྷག་པར་མོས་པ་ཡོད་པས་ཁའུ་སྐྱེད་ལྷས་སུ་དུས་གཏོར་ཞིག་འཛུགས་པའི་སྟ་གོན་བྱས་སྐབས་སོ་སྐྱེའི་འཁྲུལ་སྣང་ལ་ཏིག་བསྟད་ག་ལ་ཡོད་རུང་ལས་མགོན་ལྕམ་དྲལ་གྱིས་བསྐུལ་མའི་རྣམ་པ་འབྱུང་བས་རྐྱེན་བྱས། ཆོས་སྐྱོང་གཉིས་ཀར་འཛུགས་པའི་འདུན་པ་ཤར། མ་འོངས་པ་ན་འདི་འདྲའི་རིགས་ཀྱིས་ཞལ་གཟིགས་དང་མངོན་མཁྱེན་སོགས་ཀྱི་སྒྲོ་བཏགས་ཨ་ཙི་བར་མི་འགྲོ་བའི་ངེས་པ་མེད་ནའང་དེ་འདྲ་ཡོང་རེའི་ལྟོགས་ལ་མིན་ཀྱང་རང་ངོས་བྱང་ཆུབ་བསྒྲུབས་པའི་འཕྲིན་ལས་ཞུ་བའི་ཆེད་གྲ་སློབ་ཉི་ཤུས་ཞལ་ལ་གཏོར་ཆོག་ཕོ་ཉ་མྱུར་མགྱོགས་བསྐང་གསོ་ལྷན་ཐབས་དང་བཅས་པ་ཟླ་བ་བཅུ་པའི་ཉེར་ལྔ་ནས་འཚུགས་པའི་ཉིན་ལྔ། སྒོ་རུམ་དུ་དིང་སང་གདན་ས་རང་དུ་མཛད་པའི་ཕྱག་ལེན་ལྟར་གུར་མགོན་གྱི་གཏོར་ཆོག་བསྐང་བ། པུ་ཏྲ་ཁང་དུ་གྲ་སློབ་བཅུས་ཞག་གོང་མཚུངས་འཁོར་རྐྱང་མི་ཤིས་པར་བཤད་པས་བདག་བསྐྱེད་ཀྱི་ཀྱེ་རྡོར་དུ་མ་ཟད་མགོན་པོ་ཆེ་ཆུང་གི་གཏོར་ཆོག་སྔོན་དུ་འགྲོ་བའི་ལས་མགོན་གྱི་བསྐང་བསྟོད་རྣམས་གཏོང་བའི་མཆོད་ཐེབས་སུ་ཤབ་བྲག་དཀར་གཞིས་ཀ་ཐེམ་འཛིན་དགུ། གདོང་སྣའི་ཤས་ཞིང་དང་བཅས་པར་ལག་འབབ་དགུ་བརྒྱ་བཅུ་བཞི། སྒྲུབ་བླངས་ས་སྐྱའི་མཆོད་གཞིས་རྙིང་ཁུངས་དཔེ་འགྲེ་ལས་གཞུང་ཁྲལ་ཆག །གཞི་རྩེ་ལྷ་རྩེ། དགའ་ལྡན་ཕུན་ཚོགས་གླིང་། ཆོས་རྒྱལ་ཕོ་བྲང་། མཁར་རྩེ་རྣམས་ནས་གཏོང་དེབ་སྟར་ཆགས་སུ་བཀོད་པའི་བྲག་རམ་དུ་བླ་མ་སྙིང་རི་བ་གྲ་བཅས་བཅོ་ལྔ། རྨུ་གཤོངས་བླ་བྲང་དུ་འདར་གྲང་མོ་ཆེ་


GLG006_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྡོ་རྗེ་སློབ་དཔོན་ཐེ་བའི་གྲ་པ་ཉི་ཤུ་བཅས་པས་ཟླ་བ་བཅུ་པའི་ཚེས་ལྔར་ཚུགས་ཏེ་ཉིན་ལྔའི་རིང་བེག་ཙེའི་བསྐང་བ། བྲག་རམ་མགོན་ཁང་གི་གཏོར་གཞི་སྦོ་ཆས་སྔ་སོར་ས་བཅད་ཙམ་ལས་མི་འདུག་པས་ད་ཆ་ཟླ་བ་བཅུ་གཅིག་པའི་གཟའ་ཚེས་གང་ལེགས་ལ་གྲ་པ་བཅུ་གཅིག་གིས་བསྐང་བ་ཉིན་གཅིག་མ། སྙན་ཤལ་དར་ལྕོག་སོགས་ཉམས་གསོས་རྒྱས་པ། ས་སྐྱ་བསམ་བརླིང་དང་བོ་དོང་ཨེ་གཉིས་སུ་གདན་ས་གོང་བན་གཙང་པ་རྡོ་རྗེ་སློབ་དཔོན་ཐེ་བའི་གྲ་པ་བཅོ་ལྔ་རེས་ཟླ་བ་བཅུ་པའི་ཚེས་བཅུ་ནས་ཉིན་ལྔའི་བར་དཔལ་ལྡན་དམག་ཟོར་མའི་བསྐང་བ། འཕན་ཡུལ་དཔལ་ལྡན་རྩེར་ནཱ་ལནྡ་བཅོ་བརྒྱད་ནས་རྡོ་རྗེ་སློབ་དཔོན་ཐེ་བའི་གྲ་པ་བརྒྱད་ཀྱིས་ཟླ་བ་བཅུ་པའི་ནང་དུ་གུར་ཞལ་པུ་ཏྲའི་བསྐང་གསོ། རྩེས་དང་བསམ་གཏན་གླིང་དུ་བཀྲ་ཤིས་རྩེ་ཆོས་སྡེ་ནས་རྡོ་རྗེ་སློབ་དཔོན་ཐེ་བའི་གྲ་པ་བཅོ་ལྔས་ཟླ་བ་བཅུ་པའི་ནང་དུ་གུར་ཞལ་པུ་ཏྲ་བེག་ཙེ་དང་བཅས་པའི་བསྐང་བསྟོད་བཙུགས། ཤངས་བཀྲ་ཤིས་རྩེ་བར་གཡོག་བསྡད་གྲོང་གིས་དམག་འཁྲིས་ཀྱི་འདོན་མ་ལོངས་ཟེར་བར་ཆ་བཞག་མ་ཐུབ་ཀྱང་བདག་རྐྱེན་དུ་གྲམ་ནས་ཐེམ་འཛིན་བཞི། ལག་འབབ་ཆིག་བརྒྱ་བདུན་ཅུ། དར་ཆུང་པར་སྔ་སོར་བྱིན་པ་དང་བགོས་ཕུང་གཉིས་བརྗེ་དགོས་ཚུལ་བྱུང་བ་ལྟར་དུད་དྲུག་དང་འཕར་ཁ་ཆོས་ཁང་འབྲོག་པ་དུད་གསུམ་གྱི་ལག་འབབ་ཕྱེད་བདུན་བརྒྱ། སྐྱ་རྒྱལ་ལ་ལུང་ཁང་ནང་མིག་བཅུ་གསུམ་ཡོད་པ་ཤས་ཞིང་ཐོན་སུམ་ཅུ་སོ་དགུ་འཁྲི་མེད། གྲ་ཚང་ལ་དར་པོ་གླིང་ཁང་པ་ས་སྐོར། ཆོས་འཁོར་གླིང་ཆོས་ར་སྙེ་ཐང་གདལ་


GLG006_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཤོངས་ཀྱི་ཡོང་འབབ་རྣམས་གཉེར་པ་བློ་བཟང་སྦྱིན་པས་མཆོད་དཔོན་པ་བརྒྱུད་ནན་ཆགས་བྱུང་བ་བཞིན་སྦྱོར་འཇགས་བྱས། ཉེར་བརྒྱད་ནས་སེར་འབྲས་གཉིས་སུ་ཇ་ཚུལ་བཅོ་ལྔའི་ཐོག་གདུགས་དཀར་བདུན་འབུམ་བཞི་ཁྲི་བཞི་སྟོང་། ལྷ་སར་ཡེར་པ་གྲ་ཚང་གིས་སྨན་བླ་བདུན་སྟོང་ལྔ་བརྒྱ། གསས་ཁང་པས་འབུམ་ཆིག་བརྒྱ་ཉེར་ལྔ། གདུགས་དཀར་སུམ་སྟོང་། སྒྲོལ་མ་ཤེར་སྙིང་ཆིག་ཁྲི་ལྔ་སྟོང་རེ། ཚེ་གཟུངས་སུམ་ཁྲི་རྣམས་ཀྱི་ཚོགས་གསོག་ལ་སྟོད་དིང་རི་སྟོན་ཆེན་ཁྲོ་བོ་ལྷ་མོ་ཇུ་ཐིག་ལ་ཤིན་ཏུ་མཁས་པར་འདུག་པས་བཅུ་གསུམ་ཁོར་རྩིས་བཏབ། ཧོར་ཟླ་དྲུག་པའི་ཚེས་བརྒྱད་ཀྱི་ཉིན་ཚངས་པ་དུང་ཐོད་ཅན་ལ་ལུང་བསྟན་ཞུ་བར་ཆང་ཁྱིམ་པ་བློ་བཟང་མཁྱེན་བརྩེ་བཏང་བའི་འཕྲིན་ཡིག་ཚིགས་བཅད་ཚོགས་འཁོར་སྤྱན་གཟིགས་སྙན་ཤལ་དང་བཅས་དངོས་བཤམས་ཡིད་སྤྲུལ་བསྐྲུན། དེའང་དྲག་ཞན་རགས་རིམ་གྱིས་གང་ཅི་ནས་ཁྲི་འདོན་བྱེད་དགོས་ཚུལ་བཞིན་འོས་ཐོ་བསྡུས་པར་གྲོང་སྨད་ཨ་བར། དབུ་མཛད། མཆོད་དཔོན་པ། གྲ་ཚང་གཉེར་པ་བཞི་པོ་ཕལ་ཆེར་གྱིས་དེབ་བཤར་མ་དང་འགའ་ཞིག་གིས་སྟག་རྩེ་ཐའི་ཇི་བགྲེས་པ། སྡེ་པ་ཐོན་པ། ར་མ་རྩེ་བ། སྟག་ལུང་དབུ་མ་ཕྱག་མཛོད། དར་ཁན་དཀའ་བཅུ། རྗེ་དྲུང་རྟ་ཚག་པ། བསོད་ནམས་དབང་རྒྱལ། སྐྱར་པོ་ནས། གདོང་ནས། རྩེ་ཆེན་ནས། བཀའ་བརྒྱད་ནོར་བུ། སྟག་རུ་བ་ཚེ་དབང་བཀྲ་ཤིས། སྒེམ་བུ་བ། མདའ་དཔོན་ཚེ་དབང་། བྱང་གླིང་བསམ་གྲུབ་རྒྱལ་པོ། ནང་སོ་དགོས་དགོས། སྟར་སྡོང་བློ་བཟང་ཚེ་བརྟན་རྣམས་དང་


GLG006_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཚང་བྱང་ངོས་ནས་ཀྱིས་སྡེ་པ་ཟུར་པ་བལྡབས་ན་ཨེ་འབག་དང་གྲོང་སྨད་ཨ་བར་གྱིས་སྡེ་པ་བལྡབ་པ་གནང་ཚེ་ཆོས་སྡེ་ཁག་དང་དྲུང་འཁོར་ཆོས་སྤྱི་ཞུས་ཀྱི་གྲ་བསྒྲིགས་ན་ཨེ་ལེགས་ཀྱི་གླེང་གཞི་སྣ་ཚོགས་བྱུང་བ་བརྟག་པ་ཕུལ་བར་གྲོང་སྨད་ཨ་བར་རྩེ་ཐོན་ཞིང་གྲ་ཚང་གཉེར་པ་འབྲིང་སྟོད་འཚུབ་ཆེ་ཙམ། གཞན་མ་རྣམས་འབྲིང་སྨད་ལས་མཐར་ལྷུང་བའི་ལོད་པ་རང་ནི་མ་བྱུང་། གང་ལྟར་བརྟག་པར་མ་ཟད་ལུང་བསྟན་དང་བཅས། ཚེས་བཅུའི་ཕྱི་དྲོ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ཐོག་མདའ་དཔོན་ཚེ་དབང་དང་སྟག་རུ་པ་ཚེ་བརྟན་བཀྲ་ཤིས་གཉིས་གྲོང་སྨད་ཨ་བར་ལ་ཁུར་ལེན་བྱེད་དགོས་པའི་རྒྱུ་མཚན་ལབ་པར་བཏང་བའི་ལན་དུ་གང་ཅི་ནས་མི་ལྕོགས་ཟེར་བར་ད་ལོའི་གནས་ཚུལ་དང་བཅས་ཁྱོད་འཇིག་རྟེན་པར་སོང་བས་གུ་དོག་བྱུང་བ་འདྲ། ཕྱག་མཛོད་རྒྱ་སེང་གཉིས་ནས་བཟུང་རིམ་པར་བཙུན་པའི་ཐ་སྙད་མེད། བླ་བྲང་དུ་བདག་མོ་ལེན་པ་སོགས་སྔར་མ་གྲགས་ནི་ད་ཆ་སུས་ཀྱང་བྱས་མི་ཡོང་ཁྱོད་ཁྱིམ་པ་ལ་རབ་བྱུང་སྒྲུབ་དགོས་པའི་དོན་མ་གོ་ནི་ཅི་ལ་ལབ་ཀྱི་རྒྱུ་མཚན་བྱས་པར་ཕེབས་སྒོ་དེ་འདྲ་བྱུང་དོགས་མིན་ཤེས་སྒོ་དོག་པ་སོགས་རྒྱས་ཙམ་གླེང་བར་བདག་མོའི་སྐོར་མ་གཏོགས་སྡེ་པ་སྔ་རྟིང་སུ་དང་ཡང་དགེ་སྐྱོན་ཆེ་བ་མེད་ཅིང་། ལྷག་པར་ཁྱོད་དང་ཐེན་ཁྱེར་མི་ཡོང་བའི་གསེད་བཀྲོལ་བཏང་བར་ལུས་གཅོང་པ་སོགས་ནན་ལབ་ཟེར་འདུག་པ་དེ་ཉིན་ལབ་མཚམས་མ་བཅད་པར་བཞག །ཟླ་བ་རྟིང་མའི་ཚེས་བདུན་ལ་སྟག་ལུང་ཕྱག་མཛོད་པ་དང་མཆོད་དཔོན་པ་གཉིས་བརྒྱུད་པའི་སྡེ་པ་ཨ་བར་ལ་ལན་


GLG006_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཉིས་བལྡབས་པར་ནན་ཞུས་ཧ་ཅང་ཆེས་པར་ཁྲོལ་ཆ་བྱེད་དགོས་ཤར། ལྷོ་ནས་བར་ཆིངས་པ་རྣམས་ཕག་རིར་འབྱོར་བར་རྡོ་ཁ་ལབས་འདུག་རུང་ལྷོ་འབྲུག་གིས་ཨ་ཅོག་ཁོ་རང་ཚོར་དབང་བ་དང་སྒང་ཐོག་འབྲས་གཤོངས་ཀྱང་སྤྱི་པར་འཇོག་དགོས་པའི་རྒྱལ་པོ་ང་ལུང་ལ་སྐྱིད་སྡུག་ལེགས་ཉེས་སྔོན་གྱི་བསྐོས་ཚད་ལས་འོས་མ་འདས་གཤིས་ས་བྱའི་ཆིངས་ལྷ་པ་ཁ་རྒྱལ་དུ་སོང་བ་དེས་ཀྱང་མ་འཐུས་ཕྱིན་ལབ་པའི་སྤྲོས་པ་དང་བྲལ་ནའང་བདེ་གཟར་གྱི་རིགས་འདི་འགྲོ་བ་མཐའ་དག་སྡུག་བསྔལ་ལ་སྦྱོར་བའི་རྒྱུ་ཁོ་ནར་བསམ་ནས་སླར་རྡོ་ཁ་འབྲིང་དང་ཐ་མ་བསྐུར་བའི་རང་རྒྱལ་གཞན་ཕམ་གྱི་རེ་བ་སྐྱུང་བའི་ལུགས་བྱས། རིམ་གྲོར་མཆོད་རྟེན་དྲུག་ཅུར་སྐུ་དཀར་དང་ཞིག་རལ་བྱུང་བ་ཁ་ཤས་གསོས། རྒྱལ་དུ་དཔལ་ལྡན་དམག་ཟོར་མ། གུར་ཞལ། པུ་ཏྲ། བེག་ཙེ་རྣམས་ཀྱི་བསྐང་བ་ཆིག་སྟོང་ལྔ་བརྒྱ་རེ། ཕྱག་དྲུག་པ། ལས་གཤིན་སོ་སོར་ཉིས་སྟོང་། འཕྱོང་རྒྱས་སུ་རི་བོ་བདེ་ཆེན་པས་འབུམ་བརྒྱ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་མཆོད་པ་སྣ་ལྔ་སོ་སོར་བརྒྱ་རྩ་དང་ཞལ་གསེར་སྙན་ཤལ། མཆིམས་ཕུ། ཤེལ་བྲག །ཡང་རྫོང་གསུམ་དུ་ཚོགས་བརྒྱ། བོད་འབངས་བདེ་ཐབས་དང་ཁྱད་པར་འབྲུམ་པ་སོགས་ནད་རིམས་བཟློག་ཐབས་ལ་བཀྲ་བཟང་ཆོས་རྗེ། ཟུར་ཆུ་མིག་པ། ནུབ་དགོན་པ། བྲག་དཀར་ཆུ་བཟང་པ་བཞིས་ནད་བདག་སྟོབས་འཇོམས་བཏང་པའི་ཡས་རྣམས་གངས་ཏེ་སེར་བསྐྱལ། སྒྲོལ་མ་བ། བྲག་ལྷ་བ། དུང་དགོན་པ། རྡོ་རྗེ་བྲག་པ། དཔལ་རི་བ་ལྔས་བསྟན་མའི་


GLG006_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མདོས། ཡུལ་གྲུ་སོ་སོ་ནས་བཀའ་འགྱུར། ཡུམ་རྒྱས་པ། བརྒྱད་སྟོང་པ། གཟུངས་བསྡུས། ཁ་མཆུ་ནག་པོ། མཆུ་སྡེ་ལྔ། སཱཙྪ། མཆོད་རྟེན་ལ་ཞིག་གསོས་དང་སྐུ་དཀར་ཅོད་པན། ཀླུ་གཏོར། ཆབ་གཏོར། སྲོག་བླུད་ལམ་འཕྲང་ཞིག་གསོས། དག་ལུགས་བསྟན་སྲིད་ཀྱི་རིམ་གྲོར་བཙོན་དོང་མ་གསུམ་གློད་བཀྲོལ། ཡེར་པ་གྲ་ཚང་གིས་སཱཙྪ་འབུམ་སོགས་གང་རྒྱས་བགྱིས། ཡེ་ཤེས་རྒྱ་མཚོའི་ངོར་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་གསོལ་འདེབས། བློ་བཟང་དར་རྒྱས་ཀྱིས་བསྐུལ་པའི་སྨོན་ལམ། དབུ་མཛད་བློ་བཟང་ཡོན་ཏན་གྱིས་རྒྱ་ནག་ཏུ་ཁ་བཏགས་ལ་ཐགས་སུ་འཐག་རྒྱུའི་ཚིགས་བཅད་དགོས་ཚུལ་རྣམས་བརྩམས། གྲ་སྙེ་མདོ་བ་འདི་རོག་གི་བརྒྱུད་པ་དང་། དེ་ནས་སྔགས་འཆང་ཤཱཀྱ་དཔལ་བས་སྐུ་མག་མཛད་དེ་སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པའི་སོའི་གདུང་འཁྲུལ་མེད་ཡིན་ནའང་ཞལ་ངོ་ཕྱི་མ་འགའ་ཞིག་ནས་ཐོས་བསམ་བསྙེན་སྒྲུབ་སོགས་རིམ་གྱིས་ཅ་ཞན་དུ་སོང་ཞིང་ཆོས་རྗེ་ངག་དབང་འཕྲིན་ལས་ཀྱི་སྲས་ངོ་བོ་ངག་དབང་ཤཱཀྱ་དཔལ་འབར་དགེ་སྐྱོན་གྱིས་སྡིངས་པོ་ཆེའི་གྲ་པ་བྱས་འདུག་ནའང་རྗེས་སུ་སྨྱོན་པ་མི་ཁྱུར་ཞུགས་ཏེ་ཕ་མེས་ཀྱི་ཆོས་ལ་བློ་ཁུག་པར་ཀུན་བཟང་པའི་ཆང་སྐྱོན་དང་། སྡིངས་པོ་ཆེར་སྡོད་མིའི་བརྟོལ་གཉིས་ལ་ཆོས་གོས་འོག་ནས་དུག་མདའི་དཔེ་བཞིན་ཀླད་པ་ལྡུགས་མི་འདྲ་བྱུང་བ་ཡིན་ནམ་གང་ལྟར་ཕྱོགས་གཅིག་ཏུ་དྲིལ་བའི་མི་ངོ་བོ་ཟོས་མི་བདེ་ཞིང་སྙེ་མདོའི་དགོན་ས་རིས་རྣམས་ཆོས་འཇིག་རྟེན་གང་གིའང་ལག་རྗེས་མེད་པའི་ཆང་རིན་ཁོ་ནར་མཛད་སྣང་བ་བྱུང་ཆོས་པ་


GLG006_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དང་བ་ར་བ་བཏང་བའི་ཆུ་དང་འོ་མ་སོ་སོར་ཕྱེ་ངོས་ད་ཆ་སྙེ་མདོ་བས་སྤྱི་སྒོས་ཀྱི་རིམ་གྲོར་སྔགས་པ་ཚད་ལྡན་ཡོད་པའི་བཀོད་འདོམ་བྱས། དོལ་ཆུ་མིག་དཀར་མོར་སྨོན་ལམ་ལོག་པའི་དམ་སྲི་མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་གིས་བསྟན་འགྲོ་སྤྱི་བྱེ་བྲག་ལ་གནོད་པའི་གྲགས་པ་མེ་བྱ་ནས་ཇེ་ཆེར་སོང་བའི་དོན་ཐོག་ཏུའང་ཁེལ་བ་མང་རུང་ང་ལ་མ་རག་ལྟ་བུའི་བྱེད་མི་དཀོན་ཞིང་དོལ་ཆུ་མིག་དཀར་མོར་ས་བྱའི་མཇུག་ཁང་པ་གསར་བརྩིགས་དང་ཀ་ཅ་སོགས་སྤོས་པའི་རྒྱལ་པོ་ཆགས་རྟེན་ཡོང་ལ་རེ་བྱས་ནའང་གནོད་པ་ཇེ་འཕེལ་བྱུང་ཞིང་ཉེ་ཆར་སྐྱ་སེར་དུ་མར་ནད་ཡམས་དང་གྲ་པ་རེ་གཉིས་ཤི་ཆད་བྱུང་བས་རྐྱེན་བྱས་གྲ་ཚང་གི་གྲ་པ་རྣམས་མགྲིན་གཅིག་པ་ལྟ་བུའི་ལས་སྦྱོར་བྱེད་ཟེར་བར་བརྟེན་འདི་གར་རྡོ་རྗེ་གྲོ་ལོད་ཀྱི་རྡོ་རྗེ་སློབ་དཔོན་སྔགས་རམས་པ་དོན་གྲུབ་རྒྱ་མཚོ་དང་ཡང་གསང་ཀརྨ་དྲག་པོའི་རྡོ་རྗེ་སློབ་དཔོན་གནང་བྱུང་སྔགས་འཆང་བློ་བཟང་མཁྱེན་བརྩེས་བྱས་པའི་གྲངས་བཅད་ཀྱིས་སྒྲུབ་ཁག་གཉིས། རྡོ་རྗེ་བྲག་རིགས་འཛིན་སྤྲུལ་པའི་སྐུ་མཆོག །ཆོས་རྒྱལ་གཏེར་བདག་གླིང་པ། འུག་བྱ་ལུང་པ། འབྲི་གུང་སྤྲུལ་སྐུ་རིན་པོ་ཆེ། ཀ་ཚལ་ཟུར་པ་མངའ་རིས་དཀོན་ཅོག་ལྷུན་གྲུབ། དཔལ་རི་སྤྲུལ་སྐུ་རྣམས་ཀྱིས་བླ་མ་དྲག་པོ། གཤིན་རྗེ། ཕུར་པ། ལོག་ཏྲི་སོགས་ཀྱི་སྒོ་ནས་སྒྲུབ་ཞག་བདུན་སྔོན་དུ་འགྲོ་བའི་སྲེག་པ་མེའི་ལས་སྦྱོར་གྱིས་དམ་སྲི་འབྱུང་པོ་འཁོར་བཅས་བསྲེགས་པར་རྟགས་མཚན་གྱི་རིགས་ངོ་མཚར་བ་ཤིན་ཏུ་མང་ཞིང་། རོ་བསྲེགས་པའི་དྲི་མ་ལྟ་བུ་ཀུན་གྱིས་ཚེར་བའི་ཡིད་ཆེས་


GLG006_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་སུ་གྱུར་པ་དངོས་སུ་འགྲོ་བ་མང་པོར་མི་འཇིགས་པ་སྲོག་གི་སྦྱིན་པ་དང་རྒྱུད་ནས་འབྱུང་པོ་དེ་དག་ལས་ངན་ཇེ་རྒྱས་སུ་སོང་སྟེ་གནས་ངན་ལེན་གྱི་དུཿཁ་མི་བཟད་པ་མྱོང་བ་ལས་ཐར་པའི་བདེ་བ་ལ་བཀོད། འདི་སྐབས་འབྱུང་པོ་དེ་དག་མགོན་སྐྱབས་དང་བྲལ་བའི་གཟུ་དཔང་བྲིས་ཤིག་གྲ་ཚང་རྡོ་རྗེ་བྲག་དར་སྡིངས་པ་རྣམས་ནས་སྔགས་སྡེབས་ཀྱང་མཛད། རྒྱབ་ཆོས་ལ་སེར་འབྲས་གཉིས་སུ་ཇ་ཚུལ་བཅུ་གཅིག་རེའི་ཐོག་གདུགས་དཀར་བཞི་ཁྲི་བཞི་སྟོང་། ཤེར་སྙིང་ཆིག་འབུམ་ཆིག་ཁྲི་བརྒྱད་སྟོང་སོང་བའི་ཡོན་གྲ་པ་རེར་འབྲུ་ཁལ་གཉིས་རེ། ཉེ་སྐོར་དགོན་གྲ་གཙང་བ་རེ་བདུན་ལ་མང་ཇ་སྦྱོར་སྦྲེལ་བསྔོ་རྟེན་གྲ་པ་རེ་ལ་འབྲུ་ཁལ་རེ་འབབ་རྩིས་ཀྱི་གསེར་བཏང་བའི་གདུགས་དཀར་འགྲོ་གང་ཆེ། ཡེར་པར་རྒྱུད་སྟོད་པས་ཞག་གསུམ་གྱི་བར་མགོན་ཆོས་ཀྱི་བསྐང་བ་དྲུག་བརྒྱ་གོ་གསུམ། ཤཱ་ས་ན་ས་ཡ་གཅིག་ཆིག་འབུམ་ཉི་ཁྲི་ཆིག་སྟོང་བརྒྱད་བརྒྱ། དྲུག་ཅུ་པའི་གཏོར་བཟློག །ཆོས་འཁོར་རྒྱལ་དུ་དམག་ཟོར་མ། གུར་ཞལ། བེག་ཙེ། དགའ་ཚལ་དུ་ཆོས་སྐྱོང་སྤྱིའི་བསྐང་བ་རྣམས་ཁྲི། ཕྱག་དྲུག་པ། ལས་གཤིན། རྣམ་སྲས་གསུམ་ལ་སྟོང་། རྫོང་མགོ་བཅུ་གཅིག་ཏུ་དགྲ་ལྷ་དཔངས་བསྟོད། ཡུལ་ལྷ་གཞིས་བདག་ལ་གསོལ་མཆོད་རྣམས་བསྒྲུབས། བར་སྐབས་སུ་སྔར་མནན་པའི་ཕུང་སྲི་འདྲ་ལངས་པའི་འབྱུང་པོ་མི་བསྲུན་པ་འགའ་ཞིག་ལ་དམིགས་ནས་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེས་འཇམ་དཔལ་རླུང་སྒྲུབ། གཏེར་སྟོན་རིན་པོ་ཆེས་འཇོམས་བྱེད། གྲ་ཚང་གི་གྲ་པ་གྲངས་བཅད་ཀྱི་རྡོ་རྗེ་སློབ་དཔོན་ཆོས་རྗེ་ཟིལ་གནོན་རྡོ་རྗེས་བྱས་ཏེ་


GLG006_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འགོང་པོ་ཨར་ལ་གཏད་པའི་སྒྲུབ་པ་བཙུགས་པར་མཚན་ལྟས་ལེགས་པ་མང་དུ་བྱུང་ཞིང་རྡོ་རྗེ་བྲག་པས་མནན་པ་གནང་སྐབས་ཀླུ་བདུད་སྡོམ་ཁ་བརྒྱད་པའི་རྣམ་པར་དངོས་སུ་བསྟན་ནས་བླངས་ཚོད་དུ་འདུག །ཧོར་ཟླ་བདུན་པའི་ཚེས་གཉིས་ལ་ཆོས་རྗེ་བཅོ་བརྒྱད་པ། བཟང་ལྡན་མཁན་ཟུར་པ་རྒྱལ་རྩེ་ཆོས་རྗེ། རས་ཆུང་ཕུག་ཕྱག་མཛོད། ཁམས་རྒྱ་སྟོན་ཆོས་རྗེ། ཏྲེེ་བོ་དཔོན་ཆུང་། ཨཱ་ཡུ་ཥེ། དུར་བོད་བློ་བཟང་སྒྲོལ་མ། སྡེ་པ་ཕོན་མདོ་བ། སྡེ་པ་ཐོན་པ། ཀོ་ང་པོ་གྱར་པ། བར་བཟུང་ཚེ་རིང་དར་རྒྱས། ཨེར་ཁེ་གུ་རུ་ཚེ་རིང་། མཉྫུ་ཤྲཱིའི་སྐུ་སྐྱེའི་གཉེར་པ། ཁོད་ཀྱི་དབོན་མོ། ཕན་ཕྱིི་དཔོན། ཡེར་པ་བླ་གཉེར། ལྡན་ཆོས་འཁོར་བ་བརྒྱད་ཅུ་སྐོར། རྒྱལ་སྲས་བསོད་ནམས་བཀྲ་ཤིས། གཏེར་སྟོན་གྱི་ཡུམ་སོགས་དང་ཕྲད་ཅིང་ལ་མོ་སྐུ་རྟེན་པའི་སྐྲ་ཕུད་བླངས། མིང་དབང་འདུས་རྒྱལ་པོ་བཏགས། དགེ་བསྙེན་ལྔ། དགེ་ཚུལ་དོན་གཅིག །དགེ་སློང་བརྒྱ་ཉེར་གཅིག་རྣམས་ལ་སྡོམ་པ་ཕབ། ཚེས་བཞིར་གོང་གི་གསེར་ཡིག་གཞོན་པས་སྟེར་སྦྱིན་ཚོགས་ཡོན་སོགས་སྦྱར་ཏེ་གྲ་ཚང་ནས་སྒྲུབ་མཆོད་དང་འབྲེལ་བའི་རྟེན་འབྲེལ་བསྒྲིགས། གཡོན་རུའི་མི་སྣ་དགེ་ལེགས་དཔལ་འབྱོར་གྱིས་ཀྱང་ཚེས་ལྔར་གོང་མཚུངས་བསྟར། འབྲོག་སྟག་ལུང་གསང་སྔགས་ཆོས་འཁོར་གླིང་གི་སྔགས་རམས་པ་ཀུན་དགའ་རྒྱ་མཚོས་ཐང་ཡིག་ཤེལ་བྲག་མའི་རྒྱུགས་སྤྲད། འོས་ཐོ་གཞན་མ་རྣམས་ལས་གྲ་ཚང་གཉེར་པ་བརྟག་པ་ངོ་དཀར་བ་དང་གྲོང་སྨད་ཨ་བར་གྱིས་ཀྱང་ད་ཆ་ཐུགས་བསམ་གནང་


GLG006_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རུང་གསར་དུ་ཐོན་རྒྱུ་དཀའ་བས་གྲ་ཚང་གཉེར་པ་རང་ལ་ཐུགས་ཐག་བཅད་པ་འགབ་ཚུལ་ཟེར་བ་ཁོང་པ་བསམ་པ་ཆེ་ཞིང་གྲ་ཚང་རང་དུའང་མེད་ཐེབས་མེད་པ་ཞིག་ཡིན་ཀྱང་ཚེས་བརྒྱད་ཀྱི་འགྲུབ་སྦྱོར་ཐོག་སྡེ་པ་ཨ་བར་དང་བདེ་ཆེན་ཁང་གསར་བ་གཉིས་འབྲས་སྤུངས་བཀྲ་ཤིས་ཁང་གསར་དུ་ཁུར་ལེན་བྱེད་དགོས་ཚུལ་ལབ་པར་བཏང་བ་ངེད་ལ་ལྷག་བསམ་རྣམ་དག་ཙམ་ལས་སྤྲོས་པའི་ཤེས་ཡོང་ཆེར་མེད་པས་ཤེས་འདོད་ནི་གཏན་ནས་མེད། འགངས་ཆེས་པས་བརྟག་པ་ཞིབ་པ་ཞིག་གནང་བའི་བབས་བྱུང་ན་བཀའ་མི་བཅག་ཟེར་བ་དེ་ཉིན་སྟབས་འགྲོས་སུ་སོང་བའི་ཐག་མ་ཆོད་གཤིས་སླར་མོ་རྩིས་ཞིབ་ཏུ་བགྱིས་པར་དངོས་གཞི་ལེགས་པ་ལ་ལོ་གསུམ་ཙམ་ནས་ངེད་རང་ངམ་དེ་མིན་སྡེ་པ་རང་ལ་གེགས་ཆགས་ཤིན་ཏུ་ཆེ་བ་དེ་ཐོག་ཁུར་བཞག་ཚེ་འཚུབ་སངས་པ་བྱུང་བར་བརྟེན་ལོ་གསུམ་གྱི་རིང་ཁུར་ལེན་བྱེད་པར་ཐག་བཅད། དེ་ཉིན་གོང་གི་གསེར་ཡིག་པ་འགྲུལ་སྡེབས་རྣམས་དང་འདི་ག་ནས་ཞུ་ཡིག་འབུལ་བར་མངགས་པའི་ཚ་མིག་མཁན་པོ་དང་སྡེ་པ་གནས་གསར་བ་བཅས་ལ་ཚོམས་ཆེན་དུ་ཡུལ་ལུགས་དང་བསྟུན་པའི་རྫོང་བ་བཟབས་ཤིང་དེའི་སང་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། འཇམ་དབྱངས་དམར་སེར་གྱི་རྗེས་གནང་། མཁན་པོ་ཅན་ལ་སྒེར་དུ་ཚེ་དཔག་མེད་གྲུབ་རྒྱལ་ལུགས་དང་རྟ་མགྲིན་གསང་སྒྲུབ་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ། ཐོས་བསམ་དར་རྒྱས་གླིང་བླ་གཉེར། དགའ་ལྡན་རབ་འབྱམས་པ། རྫོགས་ཆེན་སྐུ་སྐྱེ། དགའ་ལྡན་ཕུན་གླིང་


GLG006_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ལུང་རིགས། ཞང་སྟོན་ཕུ་མདའ། ཡབ་སྐུ་སྐྱེ། ཁོད་དཀའ་བཅུའི་དགེ་རྩ་བྱེད་མི། བྱ་ཁྱུང་མཁན་པོའི་མི་སྣ། སྔགས་པ་སྙིང་ཕུ་བ། ཨེར་ཁེ་ཆོས་སྐྱབས་ཀྱི་བུ། ལྷ་རྒྱལ་དར་གྱི་བུ། མཛྙུ་ཤྲཱིའི་སྐུ་སྐྱེ། སྡེ་པ་ཚལ་པ་བསྟང་ཞལ། ཡམ་བུ་རྒྱལ་པོའི་མི་སྣ། ཁམས་རྒྱལ་སྟོན་ཆོས་རྗེ། སྟག་རྩེ་ཐའི་ཇི་ཡབ་སྲས། བླ་མ་སྙེ་མདོ་བ། སྲས་རིན་ཆེན་རྩེ་བ། དགེ་སློང་དར་ཁན་ནང་སོ། དེ་མོ་དབོན་པོའི་ཚ་བོ། མེ་ལོང་དགོན་བླ་མའི་སྐུ་སྐྱེ། མཚོ་ཁ་ནས་བི་ལིག་ཨེར་ཁེ་ཐའི་ཇི་དང་། ཨོ་རོད་རྡོ་རྗེ་ཐའི་ཇིའི་མི་སྣ། འབྲས་སྤུངས་བློ་གསལ་གླིང་པའི་རིགས་གྲའི་སྐལ་བ་སྐྱལ་མི། མེརྒན་ཆོས་རྗེ་སོགས་དང་མཇལ་ཕྲད་བྱས། རས་ཆེན་དཔལ་འབྱོར་བཟང་པོ་ལ་མཁའ་འགྲོ་སེང་གེའི་གདོང་ཅན་མིར་སྤྲུལ་པའི་དབུ་ཐོད་རྙེད་པར་མཁའ་འགྲོས་ལུང་བསྟན་པ་བཞིན་ཙ་རིར་ལན་གསུམ་བྱོན་པའི་གསུམ་པའི་དུས་རྙེད་པའི་རང་བྱོན་མ་ཀུན་མཁྱེན་རྡོ་རྗེ་གདན་པའི་དངོས་སློབ་འབྲི་གུང་མཁན་ཆེན་དྲི་མེད་རྣམ་རྒྱལ་ལ་བྱུང་བ་རིམ་གྱིས་བླ་མ་ནམ་མཁའ་མཛོད་པར་ཡོད་འདུག་པ་ཁྱབ་བདག་ཞ་ལུ་པ་ཆེན་པོར་གཏུམ་མོ་ཞག་བདུན་མ་ཞུས་དུས་ལོ་རྒྱུས་དང་བཅས་དགོངས་པར་བབ་ན་ཁོང་གི་འབུལ་བ་འདྲ་གསུང་བ་ལྟར་འདི་ལོ་བྱིན་བྱུང་། ཚེས་བཅུ་ནས་རབ་འབྱམས་པ་ཀུན་དགའ། འཕྱོང་རྒྱས་པ་ངག་དབང་ནམ་མཁའ་ཕུན་ཚོགས་ལྷུན་གྲུབ། བློ་གྲོས་ལེགས་པ། ངག་དབང་མཁས་བཙུན་རྣམས་ཚེ་བདག་དང་། བློ་བཟང་དབང་རྒྱལ་གཤིན་རྗེ་འཇོམས་བྱེད། བློ་བཟང་འཕགས་པ་ཀརྨ་གུ་རུ་རྣམས་ཀྱི་དམིགས་སྐོར་ཁྲིད་དེ་བསྙེན་མཚམས་བསྡམ་བཅུག །ཚེས་བཅུ་


GLG006_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལ་དགེ་སློང་འཇམ་དབྱངས་གྲགས་པ་སྤུན་གྱིས་འགན་སྦྱར་གྱིས་གཙོས་པའི་གོས་སྣ་ཆ་འགྲིག་སོགས་སྟེར་སྦྱིན། མང་འགྱེད་དང་བཅས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རྟེན་འབྱུང་བསྒྲིགས། ཚེས་བཅོ་བརྒྱད་ལ་སྐྱར་པོ་བ་འབྱོར་བའི་རྒྱ་སོག་གི་གནས་ཚུལ་གླེང་བ་རྣམས་ཉན། གོང་ནས་གསེར་ཡིག་པ་ཨ་ཞང་གི་དབོན་པོ་རྒྱལ་མཚན་དོན་གྲུབ་དང་རབ་འབྱམས་པ་སྦྱིན་པ་བསམ་གཏན་འབྱོར་བའི་ཚེས་བཅུ་དགུར་ངོས་ཕྲད་ཐོག་བཀའ་ཤོག་གནང་སྦྱིན་སྤྲད་ཅིང་བཀའ་ངག་བསྒྱུར། ཚེས་ཉི་ཤུ་ནས་ཞག་ལྔའི་རིང་ཡན་ལག་བརྒྱད་ལྡན་གྱི་ཆུར་ཞུགས་པའི་འཕྲོད་བསྟེན་བྱས། མངའ་རིས་གུང་ཐང་ཕྱོགས་ནས་གཏེར་སྟོན་ཟླ་བ་ཟེར་བ་ཞིག་གིས་བྱང་གཏེར་གྱི་གཏེར་ཞབས་རྫོགས་ཆེན་ཐུགས་ཀྱི་མེ་ལོང་བཏོན་པ་དགའ་ལྡན་འཕེལ་རྒྱས་གླིང་བླ་མས་བསྐུར་བྱུང་བ་ཐེ་ཚོམ་གྱི་གཞི་ལས་ཁ་མཚོན་མ་ཆོད། རས་ཆུང་ཕུག་པའི་སློབ་མ་ཀརྨ་བློ་བཟང་གི་གྲ་པར་སོང་བའི་ཀོ་ལོང་སྐྱོན་ཅན་ཡོད་འདྲ་རེ་ཞིག་གང་འདོད་བྱེད་མ་བཅུག་པ་འགབ་ཚུལ་གླེང་མི་བྱུང་བ་ནས་གླང་བུ་མཁར་རྫོང་སྡོད་ལ་དེ་གའི་འཕྲོས་སོང་རྗེས་ཁོ་རང་གི་ཡི་གེ་དང་མང་ཡུལ་འཕགས་པའི་ལྷ་ཁང་ནས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཏིག་དང་བཅས་སྙེ་མོ་བན་སྟག་པ་བརྒྱུད་བྱུང་བ་དུས་དབང་གིས་མི་རྣམས་གཡོ་སྒྱུ་ཆེ་བས་ཚིག་གི་སྦྱོར་སྡེ་ཙམ་ལ་ཡིད་བརྟན་མི་འདུག་གཤིས་གཏེར་སྐུ་འགངས་ཅན་རྣམས་ཀྱི་དྲུང་དུ་བརྟག་པ་ཕུལ་བ་ལེགས་ཕྱོགས་ཙམ་བབས་པས་ཁོང་རང་ལ་འཕྲོད་ལན་དང་གླང་བུ་མཁར་དུ་མི་ཆེད་གཉེར་བཏང་བའི་འགྲོ་དོན་འཕྲིན་ལས་


GLG006_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་འབབས་སུ་སྐྱོང་འཇུག་པའི་བསླབ་སྟོན་བྱས། ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེས་ཐོག་མར་ཚོགས་འཁོར་ཡིན་གསུང་བ་དོན་དུ་དཀར་སྤྲོ་གནང་ཆ་བཟབས་རྒྱས་ཐོག་མཁའ་འགྲོ་མ་འགྲོ་བ་བཟང་མོའི་ལུགས་ཀྱི་ཡུན་དུ་གནས་པའི་ཞལ་འདོན་གནང་། ཕྱི་དྲོ་ཕེབས་རྫོངས་དང་ཕྱག་དྲུག་པའི་བཀའ་བསྒོ་དགོངས་བཞེད་ལྟར་ཕུལ། ཚེས་གསུམ་ལ་ཆོས་རྗེ་རྐན་ཕུ་བ་བསམ་ཡས་སུ་འཕྲིན་གསོལ་ཚོགས་འཁོར་སྤྱན་གཟིགས་དང་བཅས་ལུང་བསྟན་ཞུ་བར་བཏང་བ་མཁར་ལས་སྟབས་ཀྱིས་གནོད་སྦྱིན་ཆེན་པོ་འཁོར་གདུག་པ་ཅན་ཁྲིད་ནས་བྱང་ཤམ་བྷ་ལར་བྱོན་ཞེས་ཁོག་ཞུགས་མ་བྱུང་ཞིང་ཆོས་རྒྱལ་ཆེན་པོ་ཕེབས་པའི་དྲི་ལན་རྣམས་རྒྱས་པར་གསུངས། ཚེས་དགུར་རི་བོ་ཆེའི་ཞབས་དྲུང་ངག་གི་དབང་པོ་དང་། གོང་གི་གསེར་ཡིག་པ་ཚོར་འཇམ་དབྱངས་ཨ་ར་པ་ཙ་ན། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། གུར་ནས་བཤད་པའི་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་། མེརྒན་ཆོས་རྗེས་གཙོས་བསྙེན་རྫོགས་བཅོ་བརྒྱད། དགེ་ཚུལ་ཉེར་གསུམ་རྣམས་བསྒྲུབས། གྲ་ཚང་སྤྱི་སོའི་ཞལ་ཐང་གྲ་ཚང་གཉེར་པ་བློ་བཟང་སྦྱིན་པས་ཁུར་བླངས་ནས་བཞེངས་པའི་རྒྱབ་ཡིག་སྨོན་ལམ་བྲིས། མཚོ་སྣ་བཤད་སྒྲུབ་ཆོས་འཁོར་བས་ལྕགས་སྦྲུལ་བདེ་གཟར་གྱི་མཇུག་ཏུ་དགའ་ལྡན་ཕོ་བྲང་གི་གཉེར་པའི་ཡིན་ཟེར་བའི་ཐེལ་རྫུས་བྱས་པ་ས་ཁད་འགྱངས་སྐྱོན་གྱིས་ཚབས་སུ་སོང་བ་འདི་ལོ་ལྷོ་བྲག་བསམ་འགྲུབ་དགོན་པ་བ་དང་ས་རིས་ཀྱི་སྐོར་ལ་ཟློས་རྩོད་བྱུང་བའི་རྐྱེན་གྱིས་རྫུན་ཕུགས་རྡིབ་པས་དགོན་པ་


GLG006_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པར་ཉེ་བར་ཤར་རུང་འཆད་ཉན་གྱི་གྲ་ས་ཡིན་འདུག་པས་གསེར་ཆད་དང་གཉལ་གྱི་གཤོར་འདེབས་བླངས་པ་ཙམ་ལས་ཉེས་དམིགས་དངོས་གཞི་རྣམ་པར་གྲོལ། ཚེས་བཅུ་གཅིག་ལ་གོང་དུ་འབུལ་རྒྱུའི་ཞུ་ཡིག་རྟེན་སྦྲགས་ངག་མ་སྟེར་སྦྱིན་དང་བཅས་གཞིས་ལེན་ཐོག་གསེར་ཡིག་པ་གཉིས་འདི་ག་ནས་བཏང་བའི་རབ་འབྱམས་པ་བློ་བཟང་དོན་གྲུབ་དང་ལམ་གདོང་པ་ངག་དབང་གྲགས་པ་རྣམས་རྫོང་བདའ་དང་བཀའ་བསྒོ་བྱས། རྫིང་ཕྱི་ཟུར་པ་མཁན་རབ་འབྱམས་པ་སེང་གེ །ལྷ་རིན་པོ་ཆེ། སྡེ་པ་ཕོན་མདོ་བ། གྱང་རོ་གསེར་སྡེངས་བླ་མ་བྱམས་གླིང་མཁན་པོ། ར་བ་སྟོད་སློབ་དཔོན་ཟུར་པ་ཟིང་པ་སྟག་མགོའི་བླ་མ་གུང་ཐང་རབ་འབྱམས་པ་བཤེས་གཉེན་རྣམ་རྒྱལ་འཕགས་སྡེ་མཁན་པོ་དིང་རི་གླང་འཁོར་བླ་མ་རྐན་ཕུ་ཆོས་རྗེ་བསྟན་འཛིན། བར་ཏ་དཔོན། ཇོ་བོ་སྐྱབས། མོན་པ་གདུང་ནག་པོ། བསོད་སྙོམས་པ་གྲུབ་པའི་རྡོ་རྗེ། གདན་ས་གོང་གི་མགྲོན་གཉེར། སློབ་དཔོན་ངག་དབང་བཀྲ་ཤིས། བྲག་དབར་བླ་གྲ་སྔགས་འཆང་དཀོན་ཅོག་ལྷུན་གྲུབ། བོ་དོང་སྨན་ཕྱི་བླ་མ། དབུས་གླིང་བླ་མ་རྣམས་དང་ཕྲད། ཚེས་བཅུ་གསུམ་ལ་དགའ་ལྡན་ཆོས་འཁོར་ཡང་རྩེའི་བཙུན་ཆུང་ཆོས་ཕུན་ཚོགས་ཀྱིས་ཆོས་སྤྱོད་རབ་གསལ་དང་སྨན་བླའི་རྒྱུགས་སྤྲད། གྲ་ཚང་གི་ཐང་ཁ་རྣམས་ལ་ཚེས་བཅུ་བཞིར་རབ་གནས་མདོར་བསྡུས་ཐོག་མེ་ཏོག་བརྒྱ་རྩ་གཏོར་ཞིང་རབ་སྟོན་དུ་དཀར་སྤྲོ་བཤམས། ཚེས་བཅོ་བརྒྱད་ལ་ཐུགས་སྲས་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེ་དགོན་ལག་གི་བླ་མ་


GLG006_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་བཅས་པས་རྒྱ་གར་སྤེན་ཏོག་སོགས་རས་ཆ་གཙོ་བོར་གྱུར་པའི་བདོག་པའི་དངོས་པོ་གྱ་ནོམ་པ་མང་འགྱེད་ཐོག་གྲ་ཚང་གིས་འབྲས་ལྗོངས་དག་སྣང་མའི་སྒོ་ནས་རྟེན་འབྲེལ་བསྒྲིགས། སྤྲུལ་སྐུས་མི་ཚོས་བསྐལ་པ་མང་པོར་བཞུགས་ཟེར་མཁན་ཡོང་གི་འདུག་ནའང་ངེད་ཀྱིས་ཞེ་ཐག་པ་ནས་གསོལ་བ་བཏབ་པའི་ངོར་ལོ་གསུམ་བཞི་ལས་མི་ཉུང་བ་ཞིག་བཞུགས་དགོས་གསུང་བ་ཟླ་རེ་ཙམ་འཕུལ་ཐུབ་ཀྱང་ཆོག་པ་པད་ལས་ཧ་ཐལ་དུ་མ་སོང་བའི་དྲང་པོའི་གཏམ་དུ་མཆིས། ཉེར་གཉིས་ལ་འདམ་ནས་བསྟན་འཛིན་ད་ལའི་རྒྱལ་པོ་དཔོན་གཡོག་རགས་བསྡུས་ཁྲི་འདོན་ལ་བྱོན་པ་དང་མཇལ། ཨ་མདོ་ཨ་དྲག་ཅན་གྱིས་རྟ་བཅུ་དགུ་བྱིན། དགེ་རྒྱུན་དུ་དམིགས་པའི་ལྷ་རྩེ་ཆོས་སྡེར་ཆོས་ཐོག་ཟླ་བ་བརྒྱད་བྱུང་རེས་བཞིན་ཚེས་བཅོ་ལྔར་རྫོང་ནས་མཆོད་ཆས་ཚ་ར་ཇ་ཐུག་སོགས་བཏང་བའི་སྨན་བླ་ཉིན་གཅིག་མ་དང་ཉེར་ལྔར་ཆོས་སྡེའི་གཉེར་ཚང་ནས་མཆོད་པ་སྣ་ལྔ་བདུན་ཚར་ཇ་ཐུག་གསུམ་རེར་སྨན་བླ། དབྱར་གནས་ཀྱི་རིང་ཞལ་འདོན་གཞན་མ་བཞག་པའི་ཚབ་ཏུ་སྨན་བླ་གཏོང་བ། ལྕགས་རྩེ་གྲི་གུའི་ལྷ་ཁང་གི་འཛིན་སྤྲས་དང་ཡུལ་པའི་གསོན་དགེ་གཤིན་ལས་ཀྱི་མཆོད་གནས་སུ་རི་བོ་བདེ་ཆེན་པའི་གྲ་པ་བརྒྱད་གྲར་ཕོགས་ཇ་ཐུག་རྐྱེན་ཐེག་མཐུན་རྐྱེན་དང་བཅས་སྦྱར། སྡེ་པ་ཁྲི་བསྐོས་ཀྱི་ཟླ་དུས་ཚེས་གྲངས་སོགས་གཞིས་ཀ་ཤར་ཨ་གུར་དང་ལུ་མ་འགོ་སློབ་དཔོན་ངག་དབང་གཉིས་ཀྱིས་ཞིབ་ཏུ་བརྩིས་པའི་གནམ་བསྐོས་རྒྱལ་ཁབ་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་མོར་ཚེས་ཉེར་བཞི་དབྱངས་ཨེ། མཆན་གྱི་དར་


GLG006_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྒུད་ལང་ཚོ། གསལ་བྱེད་ཊ་དང་འབྱུང་བ་རླུང་མ་ནུབ་པ། རེས་གཟའ་ཉི་མ། ལས་སྐར་རྒྱལ། འཕྲོད་དཔལ་བེའུ། སྦྱོར་བ་གྲུབ་པ། བྱེད་པ་རིག་ཅན། ཉི་མ་ཆུ་ལུག །རྟེན་འབྲེལ་ཚོར་བ། སྤར་ཁ་གིང་། སྨེ་བ་དྲུག་དཀར་རྣམས་ཡོད་པའི་གཟའ་ཚེས་སྐར་སྦྱོར་མཐའ་དག་ལེགས་པའི་ནམ་ལངས་ཏཏྐཱལ་བུ་མོའི་ཐོག་ས་སྐྱོང་བློ་བཟང་སྦྱིན་པ་ལུགས་གཉིས་ཁྲིམས་ཀྱི་བྱེད་པོར་དབང་བསྐུར་བའི་རྟེན་འབྲེལ་དུ་རིན་པོ་ཆེའི་ནོར་གཞོང་གྲོ་སོགས་འབྲས་བུས་གཏམས་པའི་སྟེང་ཐམ་ཀ་དེབ་ལྡེ་མིག་གིས་ཐོག་དྲངས་ཏེ་རྩིས་སྤྲད་རྗེས་མཚན་བཀྲའི་ཁྱད་ནས་སྡེ་པ་བདེ་ཆེན་པའི་རྒྱལ་བུ་བསོད་ནམས་རབ་བརྟན་གྱིས་སྣ་དྲངས་གནམ་སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོས་གཙོས་སོག་པོའི་དཔོན་ཁག་མི་བཟང་། རྟ་ཚག་རྗེ་དྲུང་། ཆོས་གྲ་ཆེན་པོ་སེར་འབྲས་གཉིས་ཀྱི་སློབ་དཔོན། གཉེར་ལས་འཛིན། སྣེ་མོ་བ། སྐུ་སྐྱེ། དབོན་ཆོས་མཛད། རྨེ་རུ་བླ་སྤྱི། གེ་རེ་ལྷ་རིན་པོ་ཆེ། རིགས་འཛིན་དཀོན་ཅོག་ལྷུན་གྲུབ། ཆོས་འཁོར་ལྷ་སའི་རུ་དཔོན་བཞི། སློབ་དཔོན་གསུམ། གནས་ཁག །ཉེ་སྐོར་རྙིང་ཁུངས་དྲུང་འཁོར། སྐྱོར་ལུང་མཁན་སློབ། ར་བ་སྟོད་བླ་གཉེར། འཕགས་སྡེ་མཁན་པོ། འབྲུག་ཕྱག་མཛོད། ཞང་སྟོན་ཕུ་མདའ། ཞྭ་དམར་ནག་གི་ཕྱག་མཛོད། མཚུར་ཕུ། གནས་ནང་། ཡངས་པ་ཅན། ཆུ་ལམ་སྡིངས་གསུམ་སོགས་སྟོད་ལུང་ཕུ་མདའི་ཆོས་སྡེ་ཁག་དང་དྲུང་འཁོར། གླིང་སྟོད་སྨད་སོགས་སྣེའུ་ཁུལ་གྱི་མཁན་སློབ་ཆོས་རྗེ་དྲུང་འཁོར་རྣམས་ཀྱིས་དྲག་ཞན་གོ་བབས་མཚུངས་པའི་ཞལ་དཀར་བཏེག །སྡེ་པ་འདར་ལོ། རྣམ་གླིང་པཎ་


GLG006_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན། གུང་ཐང་རབ་འབྱམས་པ་བཤེས་གཉེན་རྣམ་རྒྱལ་གསུམ་གྱིས་གྲལ་འཕྲོས་རྐང་མ་དང་མིག་ནས་སླད་མར་བྱེད་རྩིས་ཀྱི་འཕྲོས་གཏམ་འོས་འཚམ་གྱིས་ཟུར་བརྒྱན། ཕྱི་དྲོ་ལྷ་ས་བའི་རྒྱལ་སྲིད་སྣ་བདུན་གྱིས་ཐོག་དྲངས་ཉི་མ་ཁ་ཡར་གྱི་བར་ལྷ་སའི་ཚེས་བཅུ། རྨི་རུ་བ། ཚལ་ཡང་དགོན་དབུས་གླིང་། གུང་ཐང་ཆོས་ཁྲི་བ། སྙེ་ཐང་བཀྲ་ཤིས་སྒང་པ་རྣམས་ཀྱིས་འཆམ་དང་ཉེ་སྐོར་སྟོད་སྨད་ཀྱི་བྲོ་གཞས་ཤོན་སོགས་རྩེད་སྣ་ཤིན་ཏུ་མང་། རུ་འདྲེན་གྱི་ནམ་མཁའ་ཁ་དོག་དམར་པོར་འགྱུར་ཞིང་རླུང་དམར་ནག་ཏུ་འཁྲུག་པའི་འཚུབ་ཆེ། སྡེ་པའི་ཐམ་ཕུད་འཕགས་མཆོག་ལོ་ཀེ་ཤྭ་ར། རྗེ་བཙུན་རིགས་བྱེད་མ། དཔལ་ལྡན་དམག་ཟོར་མ་གསུམ་ལ་སྙན་ཤལ་དང་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གྲ་ཚང་དུ་རྡོ་རྗེ་གསང་ལམ་མའི་སྙན་དར་གོང་བ། གོས་དམར་རྒྱན་བཞིའི་ཡོལ་བ་ཆ། རི་བོ་ཆོས་གླིང་དུ་སྙན་དར་གོང་བཅས་ཕུལ་བ་རྣམས་ཀྱི་ཁ་བྱང་བྲིས། སྐྱིད་གཤོངས་ར་བ་སྨད་ནས་བསྟན་སྲུང་བཙན་རྒོད་ཆེན་པོས་རང་ལོ་ཉེར་ལྔ། སོ་བདུན། བརྒྱ་བཅོ་ལྔ་འགྲོ་བ་གསུམ་གྱི་ན་ཚོད་དང་མཐུན་པའི་འདྲ་འབག་བཞེངས་པར་སྤྲུལ་སྐུ་གསུམ་གྱིས་རབ་གནས་མཛད་ན་ལེགས་ཚུལ་བྱུང་བ་བྱང་གླིང་བསམ་གྲུབ་རྒྱལ་པོས་དད་བླངས་ཀྱིས་སྦྱིན་བདག་བྱས་པ་གྲུབ་ནས་དགེ་སློང་འཇམ་དབྱངས་གྲགས་པས་གཟུངས་ལེགས་པར་ཕུལ་ཏེ་བླ་མ་ལྷ་ཁང་དུ་བཞུགས་པ་ལ་ཉེར་བཞིར་གཏེར་སྟོན་རིགས་འཛིན་ཆེན་པོས་བླ་མ་ནོར་བུ་རྒྱ་མཚོ། གནམ་གང་ལ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེས་ལྷ་བྲག་གཏེར་བྱོན་གྱི་རྡོ་རྗེ་


GLG006_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་རྩལ། ཟླ་བ་རྟིང་མའི་ཚེས་བརྒྱད་ལ་དཔལ་རི་སྤྲུལ་སྐུས་དགོངས་པ་ཡང་ཟབ་རྣམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་པ་རྒྱས་པར་མཛད། འདི་དག་གི་སྐབས་ཁྲི་འབུལ་ལ་ཡོངས་པའི་སྒེར་དུ་ཕྲད་པ་དང་དོན་གཅོད་པར་འོངས་པ་སོགས་མི་འཛོམས་ཆེ་གཤིས་འདི་ཉིན་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། རྫིང་ཕྱི་མཁན་ཟུར། རིགས་འཛིན་དཀོན་ཅོག་ལྷུན་གྲུབ། དབུས་གླིང་ཟུར་པ། དགའ་ལྡན་གསང་སྔགས་གླ྄ིང་དང་ཐར་གླིང་སློབ་དཔོན། རྣམ་གླིང་འབྱོར་རྒྱས། བརྒྱད་གྲ་རབ་འབྱམས་པ་ཀུན་ཏུ་བཟང་པོ། རྒྱལ་ལེགས་བཤད་གླིང་ཆོས་རྗེ། བཅོ་བརྒྱད་ཆོས་རྗེ། ཀོང་ཆབ་ནག །བཀྲ་ཤིས་རབ་བརྟན། སྟོད་ལུང་ཆུ་བཟང་། འབྲོག་པད་གླིང་། སྙེ་མོ་རྒྱལ་བྱེད་ཚལ། ཐང་སག །ལྷོ་བསམ་གྲུབ་དགོན། ཁྱུང་ཚང་། ཐོབ་རྒྱལ་སྨན་རི་བ། ཆོས་འཁོར་ཡང་རྩེ་རྣམས་ཀྱི་བླ་མ། ཚངས་པ་དུང་ཐོད་ཅན་གྱི་སྐུ་ཁོག །མེརྒན་ཐའི་ཇིའི་མི་སྣ། དགེ་སློང་དར་ཁན་ནང་སོ། མི་ཆིང་དབོན་པོ། པཱ་ཐུར་དབོན་པོ་སོགས་མང་དག་ལ་ཇ་གྲལ་བཏང་ཞིང་ལྷོ་བྲག་ཐུགས་སྲས་ཟླ་བའི་གྲ་པ་ཡོན་ཏན་ཕུན་ཚོགས་ཀྱིས་ཤིང་རྟ་ཆེན་པོ་རྩ་འབྲེལ་གྱི་རྒྱུགས་སྤྲད། ཉེར་དགུ་ལ་གྲོང་སྨད་ནས་ཁྲི་འདོན་དུ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དང་གཏེར་སྟོན་རིག་འཛིན་ཆེན་པོ་སྐུ་མཆེད། གྲ་ཚང་དྲུང་འཁོར་སྐྱ་སེར་ཡོངས་རྫོགས་ལ་དཀར་སྤྲོ་དམར་སྤྲོ་དང་བདོག་པ་རྒྱས་པར་བསྟར། གནམ་གང་ལ་གདན་ས་ཆེན་པོ་རི་བོ་དགའ་ལྡན་གྱི་ཁྲི་རིན་པོ་ཆེའི་སྐུ་ཚབ་དང་གྲ་ཚང་གཞི་བྱེས་ཀྱི་བླ་མ། ལས་སྣེ་བ། སྡེ་པ་སྟག་རྩེ་བ་དང་ཚལ་པ།


GLG006_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁུལ་གཞུང་རྒྱུག་དྲུང་འཁོར། འབྲི་སྟག་ཕྱག་མཛོད། མངའ་ཁུལ་གྱི་ཆོས་སྡེ་ཁག །སྡེ་པ་ཕོན་མདོ་བ་མ་ཟུར། དབུ་མ་ཕྱག་མཛོད། གུང་མཁར་གཞིས་སྡོད་རྡོ་རྗེ་དབང་ཆེན་སོགས་མས་དྲོ་ཁུལ་གྱི་ལྷ་སྡེ་མི་སྡེ་རྭ་སྒྲེང་མཁར་རྩེ་རྫོང་སྡོད་དར་བྱུང་ནས། ཆོས་རྗེ་བཅོ་བརྒྱད་པ་སོགས་འཕན་ཡུལ་གཞུང་རྒྱུག་གི་ལྷ་སྡེ་མི་སྡེ། འོལ་དགའ་རྫོང་སྡོད་རྣམ་སྲས་གླིང་པ། ཆོས་སྡེ། དྲུང་འཁོར། ཆུ་ཤུར་རྫོང་སྡོད་རི་གསུམ་པ་མངའ་ཁུལ་ལྷ་སྡེ་མི་སྡེ། རྒྱལ་དང་རྣམ་རྒྱལ་རྫོང་སྡོད་འབྱོར་རྒྱས་པ་གཞུང་རྒྱུག་སོགས་དགས་སྟོད་སྨད་ཀྱི་ཆོས་སྡེ་དྲུང་འཁོར། སྙེ་ཐོན་གྱི་ཆར་གཏོགས་པའི་ལྷ་སྡེ་མི་སྡེ། ཁམས་རྒྱ་སྟོན་དེ་མོ་བ་ལྷོ་རོང་རྫོང་གསུམ་གྱི་ངོ་ཚབ། སྟར་རྫོང་དང་ལྷུན་གྲུབ་མི་འགྱུར་རབ་བརྟན་གྱི་རྫོང་སྡོད་ཁ་རུ་བ་དང་ཆ་དཀར་བ་གཉིས་རྣམས་ཀྱིས་ཡུལ་ལུགས་དང་བསྟུན་པའི་དངོས་པོའི་ཚན་གྲངས་རྒྱ་ཆེར་སྤེལ་བར་གཞིས་ལེན་བཤམས། ཚངས་པ་དུང་ཐོད་ཅན་གྱི་ལུང་བསྟན་དང་དིང་རི་ཁྲོ་བོ་ལྷ་མོའི་མོ་ངག་ལྟར་རྫོང་གཞིས་ཁ་ཡར་དང་། འབྲེལ་མཚུངས་ཆོས་སྡེ་ཁག་ནས་བཀའ་འགྱུར་ཆིག་བརྒྱ་སུམ་ཅུ། འབུམ་ལྔ་བརྒྱ་བཅུ་གཅིག །རྒྱས་འབྲིང་བསྡུས་གསུམ་སོ་སོར་བདུན། བརྒྱད་སྟོང་པ་ཆིག་སྟོང་། བསྐལ་བཟང་གསུམ། གདུགས་དཀར་བདུན་ཁྲི་བརྒྱད་སྟོང་སུམ་བརྒྱ་དྲུག་ཅུ། ཤེར་སྙིང་ཆིག་འབུམ་ཉི་ཁྲི་ལྔ་སྟོང་ཆིག་བརྒྱ་བདུན་ཅུ། ཕྱག་འཚལ་ཉེར་གཅིག་ཆིག་འབུམ་བདུན་ཁྲི་སུམ་སྟོང་དགུ་བརྒྱ། ཚེ་གཟུངས་བདུན་འབུམ་བརྒྱད་ཁྲི་བཞི་སྟོང་བཞི་བརྒྱ། ལྷ་རྩེར་ཐུབ་བསྟན་དགེ་འཕེལ་བ་བཞི་བཅུས་རྣམ་རྒྱལ་སྟོང་མཆོད། གཞི་རྩེར་ངོར་པས་


GLG006_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་དང་གྲ་གྲངས་གོང་མཚུངས་ཀྱིས་ཚེ་དཔག་མེད་འཆི་བདག་འཇོམས་པའི་ཚེ་ཆོག་འཆི་བླུ་དང་བཅས་པ། པ་རྣམ་དུ་ཞ་ལུ་བ་གོང་མཚུངས་ཀྱིས་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་འཆི་བསླུ་དང་བཅས་པ་འཕྱོང་རྒྱས་སུ་ཞག་གོང་འདྲ་དཔལ་རི་བ་ཡོངས་རྫོགས་ཀྱིས་འཆི་མེད་སྐུ་གསུམ་འདུས་པའི་ཚེ་ཆོག །ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བ་བཞི་བཅུས་ཞག་གོང་མཚུངས་སྒྲོལ་དཀར་གྱི་ཚེ་ཆོག །ཆོས་འཁོར་རྒྱལ་དུ་དམག་ཟོར་མའི་བསྐང་བ་ཁྲི། ཆོས་འབྱུང་སྟེང་གི་ཆོས་སྐྱོང་སྤྱིར་བརྒྱ། གུར་ཞལ་པུ་ཏྲ་བེག་ཙེ་ཕྱག་དྲུག་པ་ལས་གཤིན་རྣམས་ལ་སྟོང་། གཞན་ཚོར་བརྒྱ། རྭ་སྒྲེང་དུ་ཇ་ཚུལ་བཅུའི་ཐོག་ཇོ་འབྲོམ་གྱི་བསྟོད་པ་ཉི་ཁྲི་ལྔ་སྟོང་སུམ་བརྒྱ་རེ། དགའ་ལྡན་གསང་སྔགས་གླིང་དུ་གཤིན་རྗེ་འདུས་པའི་སྔགས་རིང་བྱེ་བ་བཟློག་པ་དང་བཅས་པ། ཡར་འབྲོག་ནས་ཉ་འབུམ་ཕྲག་གི་སྲོག་བླུ། རྒྱ་འདྲེའི་ཆོ་འཕྲུལ་ལ་དམིགས་ཏེ་ཆོས་འཁོར་རྒྱལ་ནས་ཕྱོགས་བཞིར་དྲུག་ཅུ་པ། དེ་མཚུངས་དགའ་ཚལ་ནས་ཕྱག་དྲུག་པའི་གཏོར་བཟློག །ལྷོའི་ཇུས་རིམ་དུ་དམག་ཟོར་མའི་གཏོར་བཟློག །གོང་དཀར་དུ་གླ་བ་དང་སྒྲ་སྡིགས་བྱུང་བས་ཡུལ་རིམས་ལ་དེ་ཁུལ་མི་སེར་སྤྱི་བསྡུས་ཀྱིས་དགྲ་ལྷ་དཔངས་བསྟོད། ཡུལ་ལྷ་གསོལ་མཆོད། ཐར་གླིང་པ་ཉི་ཤུས་ཕྱག་དྲུག་པ། ལས་གཤིན། དམག་ཟོར་མ་གསུམ་གྱི་བསྐང་བ་བརྒྱ་རེའི་མཇུག་དྲུག་ཅུ་པའི་གཏོར་བཟློག་རྣམས་རྒྱས་པར་བསྟར། ཧོར་ཟླ་དགུ་པའི་ཚེས་གཅིག་ལ་རྒྱལ་ལེགས་བཤད་གླིང་། བང་རིམ་ཆོས་སྡེ། ཆབ་ནག་པ། བཀྲ་ཤིས་རབ་བརྟན་བཞིས་བདོག་པའི་དངོས་པོ་གྱ་ནོམ་པ་བརྐྱང་སྟེ་རིང་དུ་སྡོད་པའི་


GLG006_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་བསྒྲིགས། ཚེས་གཉིས་ཀྱི་ཉིན་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་སྤྱི་སོས་ཁྲི་འདོན་དུ་རྡོ་རྗེ་བྲག་སྤྲུལ་སྐུ་དང་གཏེར་སྟོན་སྐུ་མཆེད་དྲུང་འཁོར་སྐྱ་སེར་བཅས་པར་དཀར་སྤྲོ་དམར་སྤྲོའི་གཞིས་ལེན་དང་སྤྱི་སྒེར་གྱིས་དངོས་པོ་བཟབས་རྒྱས་བཏེག །སྒམ་པོ། བསམ་སྡིང་། ཉི་ལྡེ། ལྕགས་ཟམ། སྡིང་པོ་ཆེ་རྣམས་ཀྱི་སྤྲུལ་སྐུ། སྡེ་པ་རྒྱ་རི་བ། སྐྱིད་ཤོད་ཆོས་རྗེ། ཐོད་རི་བཤད་སྒྲུབ་གླིང་དང་། གསུང་རབ་གླིང་གི་སློབ་དཔོན། ལྕང་ར་ཆོས་མཛད་མ་དཔལ་དེ་བའི་དཔོན་ས། ཨཱ་ཡུ་ཥའི་མི་སྣ་བསྟན་པ་བཟང་པོ། གོང་དཀར་དཀོན་གཉེར་དཔོན། ཡང་རི་སྒར་པ། མཚུར་ཕུ་ཕྱག་མཛོད། བྷྲུམ་ནས། སྒྲོམ་མདའ་བ། བང་རིམ་པ། ལ་ཐོག་ཟུར་མཁར་བ་སོགས་དང་མཇལ་ཕྲད་བྱས། སྒམ་པོ་སྤྲུལ་སྐུ་སྡེ་པ་དང་གཟིམས་ཆུང་དུ་མཇལ་ཕྲད་མཛད་ཁུལ་ཁྲི་འདོན་གྱི་ཉིན་མ་ཕེབས་ཞུས་པར་བསྙད་པས་ཕྱགས་ལེན་ཆར་ཅན་མ་རབ་རིབ་མཛད་ནས་བྱོན་མ་སོང་། ཚེས་གསུམ་ལ་གོང་དཀར་རྫོང་སྡོད་འབྲོང་རྩེ་བ། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། གཏེར་སྟོན་རིགས་འཛིན་ཆེན་པོ། ཞབས་དྲུང་ལྷུན་པོ་རྫོང་པ་སོགས་གོང་དཀར། ཡར་འབྲོག །ལྷོ་བྲག་ཕྱི་ནང་། རྒྱ་མདའ་རྫོང་སྡོད་བདེ་གླིང་པ་སོགས་ཉང་པོ་སྐོར་གྱི་ལྷ་སྡེ་མི་སྡེ་རྣམས་ཀྱི་ཞལ་དཀར་འདེགས་པའི་དངོས་པོ་གྱ་ནོམ་པ་དབུལ་ཞིང་བཞུགས་གྲལ་གྱི་ཐོག་གུང་ཐང་རབ་འབྱམས་པའི་དྲི་ལན་སྡིང་པོ་ཆེའི་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་ཆོས་མངོན་པ་མཛོད་ཀྱི་ལེའུ་གསུམ་པ་གཙོ་བོར་བཏོན་པའི་འཕྲོས་གཏམ་མགྲིན་པའི་འཁོར་ལོ་རྣམ་པར་གྲོལ་བའི་ལེགས་བཤད་ཚར་


GLG006_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དངར་བས་ཁྲི་དང་སུམ་སྟན་སྙེ་འབོལ་བ་ཐམས་ཅད་སྤྱན་སྒོར་མོར་བཏང་། འོལ་དགའ་རིན་ཆེན་གླིང་། དགའ་ལྡན་དོན་གཉིས་གླིང་། སྒར་པ། དེ་མོ་དགོན། མཆོད་ཁང་རྩེ། ལྷ་རྩེ་ཆོས་སྡེ། བྲག་ལྷ། སྡེ་པ་ལྷུན་པོ་རྫོང་པ། གླང་ལུང་དུམ་བུ་ཆོས་འཁོར་བ། གདང་དགོན། རྫ་མོན་རྩེ། སང་སིང་། བཀྲ་ཤིས་ཆོས་གླིང་། ཨེ་ལྷ་ཁང་དགོན། ལྷོ་བྲག་དགེ་བཅུ་རྣམས་ཀྱི་བླ་མ། སྲས་རིན་ཆེན་རྩེ་ནས། འཕྱོང་རྒྱས་རྫོང་སྡོད་ལྕང་ལོ་ཅན་པ། གཡུལ་རྒྱལ་རབ་བརྟན་རྫོང་སྡོད་མྱུག་ནས། རྩེ་ལྷ་སྒང་རྫོང་སྡོད་བོན་གྲོང་བསྟན་པ། འབྲི་གུང་གཞིས་སྡོད་སྒྲོག་ར་བ། ལྡུམ་ར་ནས། མཁར་ལྡན་ནས། པུ་ཤུད་ནས། རྫོང་རི་བ། བྲག་པ་ཤ་བ་ཁ། གྲ་ལྡུམ་པོ་ནས། རིན་སྤུངས་རྫོང་སྡོད་ན་ག་བློ་བཟང་། ཀ་བཞི་སྨད་ཆོས་མཛད། ལྷོ་བྲག་གནས་གཞི་ཆོས་རྗེ། ཀོང་པོ་ཟིན་པོ་བ། ང་ཕོད་པ། ཆུ་སྐོར་ཨ་བོ། ལྷོ་བྲག་གདང་པ། གེ་ར་ནས། སྟག་སྨད་པ། གླང་བུ་ནས། ས་བ་གྲུ་པ། བཙན་སྤྲོ་བ་རྣམས་དང་ཕྲད་ཅིང་སྦྱོར་ར་ཆུང་བ་འགྲོ་བའི་མགོན་པོའི་སྤྲུལ་སྐུའི་གཙུག་ཕུད་བླངས་ཏེ་མཚན་ངག་དབང་དབྱངས་ཅན་དགའ་བའི་ལྷར་གསོལ། ཆཱན་སུའི་གྱི་བདོག་པའི་སྐྱེས་གསེར་ཡིག་པ་རྒྱལ་ཐང་དུ་སླེབས་པའི་ཇ་དངུལ་སོགས་དངོས་པོ་གཏོས་ཆེ་བ་འདྲེན་པའི་ས་རིམ་དགོས་ཚུལ་ཆེད་དུ་མངགས་པའི་ཕོ་ཉ་འབྱོར། རིན་ཆེན་བསྟན་འཕེལ་གྱིས་གྲ་ཚང་དགེ་བསྐོས་བྱས་པའི་འཇོག་ལ་དངུལ་སྲང་བཅུ་གསུམ་ལས་གྲུབ་པའི་རྣམ་རྒྱལ་བུམ་པའི་ཁ་བྱང་། འབྲི་གུང་སྤྲུལ་སྐུ་རིན་པོ་ཆེའི་ཆབ་ཤོག་ལན་སྙན་ཚིག་གི་ལམ་ནས་དྲངས་པ་བྲིས། ཚེས་དྲུག་ལ་འཕྱོང་རྒྱས་


GLG006_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་སྡོད་ལྕང་ལོ་ཅན་པ་རྡོ་རྗེ། ཕོ་བྲང་རྫོང་སྡོད་བསྟན་འཛིན། གཡུལ་རྒྱལ་ལྷུན་རྩེ་དང་མཚོ་སྣ་ལྷུན་གྲུབ་ཡང་རྩེའི་རྫོང་སྡོད་ཀྱི་ངོ་ཚབ། སྡེ་པ་བྱ་བའི་སྐུ་ཚབ། སྦྱོར་ར་སྤྲུལ་སྐུ་སོགས་རྫོང་ཁག་སོ་སོའི་ལྷ་སྡེ་མི་སྡེ་དྲུང་འཁོར་དང་བཅས་པས་དངོས་པོའི་སྐྱེས་སྤམས་མཐོ་བར་བཏེག་པར་བཞུགས་གྲལ་དགའ་སྟོན་བཟབས་པར་བཏང་། ཚེས་བདུན་གྱི་ཉིན་ཆོས་སྡེ་ཆེན་པོ་ཕན་ཚུན་གཉིས་ནས་སློབ་དཔོན། ལས་ཚན། གྲ་པ་རགས་བསྡུས་ཆབས་ཅིག་པར་སྤྱི་སྒེར་གྱིས་ཟང་ཟིང་གི་བདོག་པ་གྱ་ནོམ་པ་མཎྜལ་དུ་བསྟར་ཏེ་མཆོག་གསུམ་དཔང་པོར་བཞུགས་པའི་བདེན་ཚིག་གསུངས་ནས་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་ཕབ། གནས་རྙིང་ཞབས་དྲུང་། རྒྱལ་སྲས་ཤེར་འཕེལ་བ། རས་ཆུང་ཕུག །དཔལ་རི་བ་གསུམ་གྱི་སྤྲུལ་སྐུ། དཔལ་འཁོར་ཆོས་སྡེའི་མཁན་པོ། ལྷོ་བྲག་སྨྲ་བོ་ལྕོག་པ་དང་རྙིང་ཕུ་བའི་ཆོས་རྗེ། མདོ་སྔགས་གླིང་། དར་རྒྱས་གླིང་། གྲ་མིག་རྩེ། ལི་ཐང་། རི་ཁྲོད་དགའ་ལྡན་ལྔའི་བླ་མ། ཕུག་ནས། འབྲི་ལུང་ནས། རི་བོ་བདེ་ཆེན་གཉེར་པ། འབྱོར་རྒྱས་པ། རི་སྒོ་ཤག་ལྷོ་བྱང་། བསམ་གྲུབ་སྒང་པ། རིན་སྤུངས་སྐྱིད་ཁང་པ། ཞལ་ཆེ་བོན་གྲོང་པ། རྒྱ་རྒན་པ། སྣེའུ་སྡོང་རྩེའི་མི་སྣ། སེ་ཆེན་ཧུང་ཐའི་ཇིའི་དབུ་མཛད་དགེ་སློང་། ཀོང་པོ་བརྟུལ་མི། ཨོ་རོང་། སྤྱང་ཀི་གྲོང་པ། ལྷོ་སྒོ་བ། རྡོ་དགོན་ནས། ལྷུན་གྲུབ་རབ་བརྟན་པ། ཁྱམས་སྟོད་པ་རྣམས་དང་ཕྲད། རྡོ་རྗེ་བྲག་སྤྲུལ་སྐུས་རིན་པོ་ཆེ་རང་གནས་སུ་འབྱོན་པའི་རྫོང་བ་ཞུས། ཚེས་བརྒྱད་ལ་སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་གཏེར་སྟོན་སྐུ་མཆེད། གྲ་ཚང་དྲུང་འཁོར་སྐྱ་སེར་བཅས་


GLG006_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགའ་སྟོན་ཐོག་ཞལ་དཀར་འདེགས་པའི་ལེགས་སྐྱེས་ཀྱི་ཚན་གྲངས་སྤེལ་བའི་ངོ་ཚབ་ཏུ་བྲག་གདོང་རྒྱལ་ཕུར་མངགས། ཚེས་བཅུར་པ་རྣམ་རྫོང་སྡོད་ས་གྲུ་པ། རིན་སྤུངས་རྫོང་སྡོད་ན་ག་བློ་བཟང་། གཡུལ་རྒྱལ་རབ་བརྟན་རྫོང་སྡོད་མྱུག་པ། རྩེ་ལྷ་སྒང་རྫོང་སྡོད་བོན་གྲོང་པ། རྒྱལ་རྩེ་འུ་ཡུག་གླིང་དཀར་གཉིས་ཀྱི་རྫོང་སྡོད་དང་ཀོང་པོ་སྐྱེམ་གྱི་གཞིས་སྡོད་རྣམས་ཀྱི་དོ་དམ་བྱས། གནས་རྙིང་ཞབས་དྲུང་། སྤོས་ཁང་དང་དཔལ་འཁོར་ཆོས་སྡེའི་མཁན་པོས་ཐོག་དྲངས་རྫོང་ཁག་ཡུལ་གྲུ་སོ་སོའི་སྐྱ་སེར་འཛོམ་པའི་ཞལ་དཀར་འདེགས་པའི་ཚན་གྲངས་ལས་སྒོ་དང་བསྟུན་པའི་དཔངས་མཐོ་བ་བཞུགས་ཕྲལ་གྱི་དགའ་སྟོན་དུ་སྤེལ། སྤྱན་གཡས། ངམ་རིང་། སྤོས་ཁང་། བཟང་ལྡན། ཐུབ་བསྟན་རྣམ་རྒྱལ། གངས་ཅན། ངོར། གྲང་མོ་ཆེ། སྒྱེ་ཆུ་རྣམས་ཀྱི་མཁན་པོ། བྱང་རྩེ་ཆོས་རྗེ། འུག་པ་ལུང་པ། གནས་གཞི་བ། ཟུ་ལུང་པ། ལྕགས་ཟམ་རྗེ་དྲུང་། ཤངས་དགའ་ལྡན་ཆོས་འཁོར། གཡག་སྡེ་དགོན། ཞི་གནས། བཀྲ་ཤིས་རབ་བརྟན། རྒྱང་རོ་གསེར་སྡིངས། ནུབ་དགོན། ལྷ་ཁང་། གུར་པ། དུས་འཁོར་ཤར་ཆེན། རྩེ་ཆེན་བདེ་བ་ཅན། བྲག་དཀར་ཆུ་བཟང་། བསམ་གྲུབ་དགའ་ལྡན། ཞ་ལུ་ཁང་རྙིང་རྣམས་ཀྱི་བླ་མ། གདན་ས་གོང་འོག་བཀྲ་ཤིས་ལྷུན་པོ་གསུམ་གྱི་ཕྱག་མཛོད། རུ་ཐོག་དབང་པོ། འདར་པ་བསོད་ནམས་ལྷུན་གྲུབ་རྡོ་རྗེ། སྒང་ཆེན་ནས། བཀྲ་ཤིས་མཐོང་སྨོན་རབ་བརྟན། བསམ་གྲུབ་བདེ་ཆེན་དར་རྒྱས། ཤུན་གཞི་ག་བ། རམ་པ་བ། འ་སྲས་པ། ཡུལ་ལྷ་བ། དགའ་བདེ་བ། ཚོགས་རྒྱལ་གླིང་པ། བཀྲ་ཤིས་རྩེ་པ། གྲོང་སྟོད་ཁང་གསར་བ།


GLG006_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་རོང་ནས། བཞད་ཆོས་པ། མདའ་ཐང་པ། རྡོ་རྫོང་པ། བཀྲས་མཐོང་པ། དར་མོ་བ། ནས་ཁང་པ། གསེར་སྡིངས་པ། སྲས་སྐུད་པ། སྐྱིད་སྟོད་པ། པཱ་རས་དང་ཨམ་མདོ་བ་བརྒྱ་སྐོར་རེ་རྣམས་དང་ཕྲད། མདོ་དགོངས་པ་འདུས་པའི་ལུང་སྔོན་ནས་ཐོབ་ཟིན་ཀྱང་རིགས་འཛིན་མངའ་རིས་པ་ཆེན་པོ་ནས་བརྒྱུད་པ་ཞིག་འོད་མཆོག་སྤྲུལ་སྐུར་གཏེར་སྟོན་རིགས་འཛིན་ཆེན་པོས་གསན་པ་དང་མགོན་པོ་གཡུལ་བཟློག་ཡོངས་རྫོགས་ཁྱབ་འཇུག་གི་བཅོས་སྐོར་ཟུར་པ་རཏྣ་གླིང་པའི་དྲག་དམར་གྱི་དབང་འབྲིང་པོ། ཚེ་དཔག་མེད་འཆི་མེད་འོད་སྣང་། གཏེར་གསར་ཚེ་དབང་གསུམ་རྐྱེན་སེལ་གྱི་ཆེད་དུ་ཞུས། འབྲས་སྤུངས་ཧ་སྡོང་སྤྱི་སོས་ཚེས་བཅུ་གསུམ་ལ་རིང་འཚོའི་རྟེན་འབྱུང་དང་འབྲེལ་བའི་སྟེར་ཆའི་བདོག་པ་དྲུང་འཁོར་སྐྱ་སེར་བཅས་པར་དཀར་སྤྲོ་དམར་སྤྲོའི་གཞིས་ལེན། གྲ་ཚང་དུ་ཇ་འགྱེད་བཏང་། སྒར་པ་ཁམས་སུ་བཞུགས་པ་ནས་བཟུང་ཀར་ལུགས་ཀྱི་སྐུ་སྐྱེ་རྣམས་ཀྱང་དེ་ཕྱོགས་སུ་བྱུང་བར་དགོས་པའི་དབང་གིས་བཟོས་པར་མི་དམངས་ཚོ་གླེང་ཞིང་ཐེ་ཚོམ་གྱི་གཞིར་བྱེད་འདུག་པ་དང་རྗེ་ཆོས་དབྱིངས་རྡོ་རྗེས་ད་ལའི་ཧུང་ཐའི་ཇི་ལ་ངེད་ཀྱི་བུ་འདི་རྒྱལ་ཚབ་པ་ཡིན་མིན་མ་ཤེས་གསུངས་པར་བརྟེན་གང་ཡིན་དཔྱད་དཀའ་རུང་སྒར་པ་གཞིས་བྱེས་མཐའ་དག་མགྲིན་གཅིག་ཏུ་ངོས་འཛིན་བྱས་ཆོག་པ་དགོས་ཚུལ་ཟེར་བ་ཀརྨ་པའི་སྐུ་ཞབས་ནས་ངོས་འཛིན་མཛད་པ་སོགས་ཡིད་ཆེས་ཡོད་ན་འདོད་པ་དང་བསྟུན་ཆོག་ཅེས་ལབས་པ་ལྟར་ལས་སྣེ་བ་རྣམས་ཀྱིས་ལྷ་སར་དག་པས་བཏོན་པའི་དོན་


GLG006_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཚེས་བཅུ་བཞི་གཟའ་ཚེས་ལེགས་ཐོག་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་སྐུ་སྐྱེ་ཀརྨ་པའི་རིགས་སྲས་ནོར་བུ་བཟང་པོ་དགེ་ཚུལ་དུ་བསྒྲུབས་ཤིང་མཚན་བློ་བཟང་མཆོག་དབྱངས་སྙན་གྲགས་ཀརྨ་ཡོངས་འདུའི་སྡེར་གསོལ། ཆོས་རྗེ་སྒར་པ་བླ་སྒབ་ཆེ་བའི་གནང་ཆ་སྤམས་བསྟོད། བླ་ཆེན་དུ་རློམ་པའི་ཕྱག་སྦར་དམ་པའི་ཚོགས་དང་མི་འདྲ་བ་མཛད་ཅིང་དེ་ལན་གྱི་འབུལ་བ་གཞིས་ལེན་བཟབས། སྤྲུལ་པའི་སྐུ་ཐུགས་སྒམ་ཞིང་གསུང་སྒྲོས་ཀྱིས་མཚོན་པ་ལའང་སྒོ་ཧ་ཅང་མི་དོག་པའི་མཁྱེན་པ་ཡངས་པ་ཞིག་ཡོང་བ་འདྲ། བརྒྱད་གྲ་རབ་འབྱམས་པས་ཟ་དམ་དུ་གཞི་གསུམ་གྱི་ཕྱག་ལེན་ཡོད་ཚུལ་སོགས་འདུལ་བའི་འཕྲོས་གཏམ་ཞིབ་ཏུ་མོལ་བ་ཀར་ལུགས་ཀྱི་འདུལ་བསྟན་སྔགས་ཕྱོགས་དང་མཐུན་པར་འགྲེལ་ཐུབ་པ་གླིང་རས་པདྨ་རྡོ་རྗེའི་རྣམ་ཐར་ལ་ཐོག་དགྲ་གཏོང་བ་ཡོད་པར་སྣང་། ཚེས་བཅོ་ལྔ་ལ་གཞིས་རྩེ་རྫོང་སྡོད་འདར་པ་བསོད་ནམས་ལྷུན་གྲུབ་རྡོ་རྗེ་དང་། རྣམ་གླིང་རྫོང་སྡོད་ཁྱམས་སྟོད་པ་གཉིས་ཀྱིས་དོ་དམ་བྱས། གདན་ས་འོག་དང་བཀྲ་ཤིས་ལྷུན་པོ་གཉིས་ཀྱི་ཕྱག་མཛོད་པ་སོགས་མངའ་འོག་སོ་སོའི་ལྷ་སྡེ་མི་སྡེ་རྣམས་ཀྱིས་དཔལ་འབྱོར་དང་བསྟུན་པའི་ལེགས་སྐྱེས་ཀྱི་བདོག་པ་བསྟར་བར་དགའ་སྟོན་སྤེལ། ཟུར་ཆུ་མིག་པ། སྔགས་པ་རྡོ་དམར་པ། མེ་ལོང་དགོན་བླ་མ། ཉིན་པོ་ཕྱུག་པོ་བ། གདོང་ཁ་བཀྲ་ཤིས་རྩེ་པ། ལྷ་རི་རྩེ་པ། ཀ་དྲུག་མ། མངོན་ཐོང་པ། ཀ་སྤེ་བ། སྐྱིད་སྦུག་པ། ཁབ་པ། དགུ་གཏོར་འཁོར་བའི་ཇ་གསར་སྐྱེལ་བར་གྲ་ཚང་གཉེར་པ་ངག་དབང་སྨོན་ལམ། ཚོང་དཔོན་དགོས་དགོས་བཅས་


GLG006_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལག་དོ་རགས་བསྡུས། སྔོ་མ་ལུང་པ་སོགས་ཉིས་བརྒྱ་སྐོར་ལ་ཇ་གྲལ་བཏང་། ཨ་རིག་བསམ་གཏན་ཅན་གྱིས་རྟ་ཞེ་བཞི་བྱིན། ལྕགས་ཟམ་སྤྲུལ་སྐུ་བར་མ་རབ་བྱུང་དུ་བསྒྲུབས་ཤིང་མཚན་བློ་གསལ་ཉི་ཟླ་འོད་འབར་དབང་ཕྱུག་གྲུབ་པའི་ཤིང་རྟར་གསོལ། སྔར་གྲུབ་ཆེན་རིན་པོ་ཆེའི་སྐུ་བརྙན་དྲུང་དུ་བརྟག་པ་ཕུལ་བ་དང་མཐུན་པའི་ཐ་མལ་གྱི་སྤྱོད་ཚུལ་ལས་འདས་པའི་ངེས་ཤེས་འདྲོང་ངེས་པར་མཆིས། འདར་པ་བསོད་ནམས་ལྷུན་གྲུབ་རྡོ་རྗེས་ཚར་ཆེན་ཡབ་སྲས་ཀྱི་ཕྱག་ནས་མ་གསེར་ཆོས་ཞལ་ཐང་ཁྲོད་ཀྱི་དམར་པོ་སྐོརགསུམ་བྱུང་བ་ནང་རྟེན་དུ་བཞུགས། རྒྱལ་བྱེད་ཚལ་པ་འཕྲིན་ལས་རྣམ་རྒྱལ་དང་པདྨ་ཆོས་འཕེལ་གཉིས་ཀྱིས་མཛོད་དང་དབུ་མ་གསར་རྩོམ་གྱི་རྒྱུགས་སྤྲད། ཚེས་བཅུ་བདུན་གྱི་ཉིན་ཤེལ་དཀར་རྫོང་སྡོད་ཤུལ་གཞིས་ཀ་བ། ངམ་རིང་རྫོང་སྡོད་གོང་དཀར་ལྷུན་གྲུབ་རབ་བརྟན་པ། ལྷ་རྩེ་དང་མངའ་རིས་ཁྱུང་རྫོང་དཀར་པོའི་རྫོང་སྡོད་གཉིས་ཀྱི་ངོ་ཚབ་རྣམས་ཀྱིས་དོ་དམ་བྱས། གདན་ས་གོང་གི་ཕྱག་མཛོད། རུ་ཐོག་དབང་པོ་དང་གློ་པོ་སྡེ་པའི་ཚབ་མ་སོགས་རྫོང་གཞིས་སོ་སོའི་འབངས་སྐྱ་སེར་རྣམས་ཀྱིས་ལེགས་སྐྱེས་ཀྱི་ཚན་གྲངས་བཞུགས་གྲལ་གྱི་ཐག་རིང་པོར་བརྐྱང་། དཔལ་འཁོར་ཆོས་སྡེའི་མཁན་ཟུར། སེམས་དཔའ་ཆེན་པོ། ངོར་ཀླུ་སྡིངས་པ། རྟ་ནག་སྒྲོལ་མ་བ། གོང་དཀར་དཀོན་གཉེར་དཔོན་རྣམས་དང་ཕྲད། ཆོས་རྗེ་སྒྲོལ་མ་བ་བགྲེས་པར་སྲས་མིན་སྲས་སུ་བཏགས་པའི་གཞན་འཕྲུལ་དབང་བྱེད་ཀྱི་དགེ་སྐྱོན་ཡོད་འདུག་པ་དབྱུང་སྟེ་སྐུ་མཆེད་རྣམས་ཕྱོགས་


GLG006_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་དུ་ལུགས་གཉིས་ཀྱི་འཛིན་སྐྱོང་ཡོང་བའི་གཞིས་རྩེ་ནས་བསྡམ་ར་བྱེད་བཅུག །ཞྭ་དམར་མཆོག་གི་སྤྲུལ་སྐུ་ཕེབས་པར་ཆིབས་བསུ་ལྡང་བ་བཞུགས་ཁྲིས་མཚོན་པའི་བཀུར་གཟོས་སྔར་འཁྱུད་ལྟར་དང་ཚུར་གནང་ཕར་འབུལ་སོགས་གཞིས་ལེན་ཞུས། ཆོས་འབྲེལ་དགོས་ཚུལ་ཕེབས་པར་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་བཟླས་ལུང་ཕུལ། ལྷོ་བྲག་དཔའ་བོ་སྤྲུལ་སྐུ་བསྙེན་རྫོགས་བཞིས་འདོད་འདུག་པ་དགེ་ཚུལ་མན་ཆད་ཞྭ་དམར་མཆོག་གི་སྤྲུལ་སྐུས་མཁན་པོ་དང་རབ་འབྱམས་པ་ཀུན་ཏུ་བཟང་པོས་སློབ་དཔོན་མཛད་ནས་བསྒྲུབས་ཟིན་པ་བལྡབ་དགོས་མེད་གསུང་བ་རབ་འབྱམས་པ་རྒྱལ་བ་ཀརྨ་པ་དང་ཇོ་མོ་ཕྱོགས་མཐུན་དུ་མཛད་པ་སོགས་སོ་སོ་ཐར་པ་གཞིར་བཞག་ན་ཕྱོགས་དུས་གནས་སྐབས་ཐམས་ཅད་ནས་མདོར་བསྡུས་པ་ཞིག་སྣང་ཡང་ས་དགེ་ལྟ་བུའི་རྟོག་གེ་བ་རྣམ་རྟོག་ཅན་དང་མི་འདྲ་བའི་དཔལ་དྭགས་པོའི་བཀའ་བརྒྱུད་འདིར་གང་ཤར་ཕྱག་རྒྱ་ཆེན་པོའི་ཡོ་ལང་གིས་ཅི་མཛད་ཆོས་སུ་འགྲོ་བའི་གུ་ཡངས་པ་འདུག་གཤིས་སྐྱ་ཀའི་ཚང་འདྲ་བ་བྱུང་རུང་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ་ཞིང་མཚན་དགོས་ཕེབས་པ་ངག་དབང་གཙུག་ལག་དོན་གྲུབ་ཏུ་གསོལ། སྤྲུལ་པའི་སྐུ་གསུང་སྒྲོས་འབྱོན་པ་རྒྱས་ཤིང་ཐུགས་རྒྱུད་དུལ་ཉམས་ཆེ་བའི་ལྟར་སྣང་སྤྲོ་བར་མཆིས། ལྷོ་བོད་ཀྱི་ཆིངས་ཐ་མའང་ལྷོ་འབྲུག་གི་མ་བྱས་པའི་ཆིངས་པ་རྣམས་ཀྱིས་བཙན་གདོང་དབུ་མཛད་ཀྱི་རྗེས་ཟློས་ལྟ་བུའི་གཟུ་ཆུང་བཏང་བ་སྡེ་པ་ཐུགས་ཚིག་ཅིང་ཤེས་ལྡན་ཕལ་ཆེར་ཞུ་ཆིངས་ཕན་ཚུན་གཉིས་ཀའི་འདོད་པར་བགོ་བཤའ་བརྒྱབ་པ་དགོས་རྒྱུར་


GLG006_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་པའི་གང་ལབ་ལ་ཆ་བཞག་ན་ཆིངས་ཀྱི་ཐ་སྙད་ག་ལ་ཡོད་སོགས་གླེང་བ་ནས་མི་མཛད་ཀ་མེད་ལྟ་བུའི་ཚ་བལ་གྱིས་གཙོས་ལས་སྒོ་བསྡམས་པ་དང་ཤེལ་དཀར་ནས་མཚོ་སྣའི་བར་གྱི་སོ་སྲུང་གི་དམག་བཏེག་པའི་བདེ་གཟར་གྱི་འགོ་ཚུགས་པ་སེམས་ཅན་སྤྱི་མཐུན་གྱི་ལས་སུ་མངོན། བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་པས་སྟེར་ཆ་དངོམ་ཆེ་བ་གྲ་ཚང་དུ་མང་འགྱེད་གྱ་ནོམ་པ་དང་བཅས་ཚེས་བཅོ་བརྒྱད་ལ་འབྲས་ལྗོངས་དག་སྣང་མར་བརྟེན་པའི་འཆི་བདག་གཡུལ་ལས་རྒྱལ་བའི་རྟེན་འབྱུང་བསྒྲིགས། གདན་ས་གོང་དུ་གསུང་ངག་སློབ་བཤད་ཡོངས་རྫོགས་འདར་སྟོད་ཆོས་འཁོར་ཡང་རྩེའི་མཁན་པོར་གསན་ན་ལེགས་ཚུལ་གྱི་སྙན་སྒྲོན་ཕུལ་བ་དགོངས་པར་འཛེམས་པའི་ཉེ་ཆར་ཕྱག་མཛོད་པར་བཀའ་ཤོག་བཀའ་ངག་གནང་འདུག་པའི་ཞུ་ལན་རྒྱས་པར་ཕུལ། ཚེས་ཉི་ཤུར་སྡེ་པ་ཐོན་པས་གྲ་ཚང་དྲུང་འཁོར་སྐྱ་སེར་བཅས་པར་གཞིས་ལེན་བཟབས་རྒྱས་ཐོག་ཚན་གྲངས་སྤེལ་ཞིང་འདི་ཡན་སྒེར་གཞུང་གི་དགའ་སྟོན་ཚང་མ་ལ་རྒྱལ་པོ་བྱོན་པར་འབུལ་བ་དང་ཁལ་ཁ་ཨོ་རོད་ཆཱན་སུའི་གྱི་གསེར་ཡིག་པའི་མི་སྣ་རྣམས་ཀྱང་ཆད་མེད་དུ་ཡོད། རྒྱལ་པོ་དཔོན་གཡོག་བྱང་ལ་འབྱོན་གདོང་གི་ཇ་གྲལ་དང་དེ་ཐོག་སྨན་ཁབ་དཔལ་སྡིངས་བླ་མ་ཕན་ཕྱི་དཀའ་བཅུ། ལྷ་ལུང་པ། དགའ་ལྡན་པ། འགྲམ་པ། སྨན་ཁབ་སྨད་པ། མཚོ་དབར་བ། ཉན་པོ་བ། མཐོང་སྨོན་པ། དགའ་གདོང་པ། དགུ་གཏོར་ཇ་གསར་བ་གདན་ས་གོང་འོག །རྒྱལ་མཚན་མཐོན་པོ། ངོར་ཀླུ་སྡིངས། ཐར་པ་རྩེ་དང་ལྔའི་ཚོང་དཔོན། སྟག་འདུ་སྐྱིད་ཁང་པ། བཞད་ཁང་ཤར་པ། དངུལ་


GLG006_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བ། རྒྱང་འགོ་བ་སོགས་དང་ཕྲད། དགའ་ལྡན་ཆོས་འཁོར་ཡང་རྩེ་བ་བློ་བཟང་ཆོས་འཕེལ་གྱིས་ཕར་ཕྱིན་མཐའ་གཅོད་རྒྱུགས་སྤྲད། ཞག་དགུའི་བར་གཏེར་སྒྲོམ་གྱི་ཆུ་ཚན་བསྟེན། རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེས་ངེད་རང་གི་ལུས་ལ་བཅར་བའི་བསྙེན་ཕུར་ལྟ་བུ་ཞིག་དགོས་ཚུལ་ཕེབས་པ་ཆོས་རྒྱལ་བྱང་པའི་གཏེར་མ་ཡིན་མིན་སོམ་ཉིར་འདུག་རུང་རིགས་འཛིན་ངག་གི་དབང་པོའི་བསྙེན་ཕུར་ཡུན་རིང་མཛད་དེ་སྔགས་འཆང་ཀུན་བཟང་དབང་པོར་གནང་། དེ་ནས་ཟུར་རྩ་བའི་བླ་མས་སྐུ་ལ་ཡུན་རིང་བཅངས་ནས་ངེད་ལ་སྩལ་བ་ལོ་གྲངས་ཉི་ཤུ་སྐོར་བསྙེན་ཕུར་བྱས་པ་དེ་ཕུལ་བ་གཟིམས་ཆུང་དུ་ཕུར་སྒྲུབ་མཛད་པ་དང་དུས་འགྲིག་པས་དགྱེས་རྩེར་སོན་ནས་གཙོ་ཕུར་དུ་བཀོད་པར་མཛད་པ་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་འགྲིག་གམ་སྙམ། མཉན་ཡོད་བྱ་གཤོངས་མཁན་པོ་མང་ཐོས་གྲགས་པ་རྡོ་རྗེའི་གསུང་གིས་བསྐུལ་བ་ལྟར་གསོལ་འདེབས། མཁས་བཙུན་རྒྱ་མཚོའི་ངོར་བླ་བསྟོད། པདྨ་བཀའ་ཐང་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་དཔལ་རིའི་པར་འཕྲིན་ལས་ཀྱི་སྟབས་ཡིག་འབྲུ་མི་གསལ་བ་ཁ་ཡར་འདུག་པ་ནས་གསར་བརྐོའི་འདུན་པ་ཡོད་ཐོག་གྲོང་སྨད་ཨ་བར་གྱིས་ཀྱང་མཚམས་སྦྱར་བར་བསྟེན་པར་བྱང་སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་བསླབ་སྟོན་མཛད་དེ་ལྷོ་རོང་རྫོང་དུ་བཀའ་འགྱུར་ཚར་གཉིས་བཞེངས་པའི་དཀར་ཆག་སྨོན་ལམ། བྱང་གླིང་བསམ་གྲུབ་རྒྱལ་བ་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་ལ་སྙན་ཤལ་ཕུལ་བའི་ཁ་ཡིག །དམག་དཔོན་གངས་ལ་ཉི་ཤར་གྱི་གསོལ་མཆོད་རྣམས་བྲིས། ཉེར་བརྒྱད་


GLG006_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་དགའ་ལྡན་འཕེལ་རྒྱས་གླིང་བླ་སྤྱིས་རྟ་ཞེ་བརྒྱད། ཨ་མདོ་དར་ཁན་ཆོས་རྗེ། གསེར་ཁང་དབོན་ཆུང་། དབོན་བཙན་རྒོད་དར། དབང་རྒྱལ། སྤང་རྒྱལ། སེར་སྦར། དབང་དྲག །རྟ་མགྲིན་སྐྱབས་སོགས་ཀྱིས་གཙོས་རྟ་ཉིས་བརྒྱ་ཉེར་བདུན་བྱུང་། ཧོར་ཟླ་བཅུ་པའི་ཚེས་གཅིག་ལ་སྤྲུལ་སྐུ་རིགས་འཛིན་ཆེན་པོས་བསུ་བཟློག་སོགས་རྐྱེན་སེལ་གྱི་རིམ་གྲོ་ཁ་ཤས་གནང་། ཁྲི་འདོན་ཞལ་དཀར་དུ་ལྷ་ས་ཟུར་ཁང་པས་གཏེར་སྟོན་སྐུ་མཆེད། གནས་གཞི་ཆོས་རྗེ། ལྷ་རིན་པོ་ཆེ། རུ་ཐོག་དབང་པོ། ཨ་མདོ་སུམ་བརྒྱ་སྐོར་སོགས་ཕྱི་མགྲོན་འགའ་ཞིག་དང་གྲ་ཚང་དྲུང་འཁོར་སྐྱ་སེར་གྱི་ཚོགས་ལ་དགའ་སྟོན་གྱི་བཞུགས་གྲལ་ལེགས་སྐྱེས་ཀྱི་བདོག་པ་བསྟར། གྲལ་འཕྲོས་པ་རྣམ་གླིང་པཎ་ཆེན་གྱི་དྲི་ལན་སྦུས་སྲང་དཀོན་གཉེར་སྨྱོན་པས་ལྷོ་ནས་འབྲས་དང་བྱང་ནས་ཚྭའི་དཔེ་བཞིན་ལྷ་སའི་དཀར་ཆག་ཤས་ཆེ་བའི་ལན་བཏབ། དེ་རྫོགས་ནས་རྣམ་གླིང་དཀོན་ཆོག་ཆོས་གྲགས་ཀྱིས་མཇུག་སྡུད་ཀྱང་བགྱིས། རྒྱུ་སྦྱོར་འཁོར་བཅས་ལ་ཕྱག་དྲུག་པའི་བཀའ་བསྒོ་བྱས། ཐང་ཆེན་མཁན་པོ་དུང་དཀར་བ། ཁལ་ཁ་སྐུ་སྐྱེ། དགའ་ལྡན་འཕེལ་རྒྱས་གླིང་། དགའ་ལྡན་གསང་སྔགས་གླིང་། བསམ་གྲུབ་དགའ་ལྡན། དགའ་ལྡན་རབ་བརྟན། མངོན་དགའ་ཆོས་སྡེ། འབྲུག་ལ་བ་རྣམས་ཀྱི་བླ་མ། སྤོ་རོང་ནམ་མཁའ་དགོན། ཨ་མདོ་བའི་རྟ་འབུལ་བ་བླ་མ་གསུམ། དཔོན་ཁག་དྲུག །བྱིངས་སུམ་བརྒྱ་སྐོར་ལ་ཇ་གྲལ་ཐོག་ཐུགས་རྗེ་ཆེན་པོའི་སྒོམ་ལུང་ཕབ། ཚེས་དྲུག་ལ་དུམ་བུ་ཆོས་འཁོར་བས་བདོག་པའི་སྐྱེས་སྤེལ་ཏེ་ཚེ་དཔག་མེད་ཀྱི་ཆོ་གའི་སྒོ་


GLG006_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིང་འཚོའི་རྟེན་འབྱུང་མཛད། རབ་འབྱམས་ཆོས་རྗེ་མདོ་རྒྱུད་ཀྱི་ལུང་སྐྱོར་དང་བཅས་པའི་ལེགས་པར་བཤད་པའི་རྒྱུ་མཚན་རྒྱས་པར་གསུངས། སྐྱེད་ཚལ་མཁན་ཟུར་རྩེས་དང་ཆེན་མོ་བྱང་མ་བས་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོའི་དྲུང་དུ་གསུང་ངག་སློབ་བཤད་རྫོགས་པར་གསན་ཡང་རྣམ་གཡེང་གི་བསྙེན་ཆེན་སོགས་ཡེ་མ་བྱུང་འདུག་པ་བསྟན་རྒྱུན་ལ་ཕན་དུ་རེ་བས་བར་སྐབས་སུ་མདོའི་འཆད་ཉན་སྟབས་ཆོས་རྗེ་བཅོ་བརྒྱད་པའི་དྲུང་དུ་ཆག་མེད་གསོ་དགོས་རྣམས་གསོས་ཏེ་ལྷོ་མོས་སུ་མཐུན་རྐྱེན་སྦྱར་ནས་གཞི་བསྙེན་མཛད་དུ་བཅུག །བར་ཁམས་ནས་འཕགས་པ་ལྷའི་ཕྱག་མཛོད་གེ་རེ་དཀའ་བཅུ། ཆོས་ལུང་དང་ཐར་པ་མཁན་པོ། ཞི་གནས་སློབ་དཔོན། འོན་དགོན་གོང་བླ་མ། རྭ་སྒྲེང་མེརྒན་ཆོས་རྗེ། དར་ཁན་ཨེམ་ཆི། ཀོང་པོ་ཨེམ་ཆི། རབ་བརྟན་ཧུང་ཐའི་ཇིའི་གཞི་མ་དང་སྨད་ཏ་དཀོན་ཅོག་གཉིས་ཀྱི་ཚ་བོ་རྣམས་དང་ཕྲད། གཉལ་གུང་སྣང་ཆོས་རྗེ་མཛེས་པ་ནམ་མཁའ་བསོད་ནམས་གྲགས་པའི་སྐུ་སྐྱེའི་གཙུག་ཕུད་བླངས་ཤིང་མིང་ངག་དབང་ནམ་མཁའ་བསྟན་འཛིན་དུ་བཏགས། གུང་སྣང་གདུང་བརྒྱུད་ཀྱིས་འཛིན་སྲོལ་ཡོད་གཤིས་སྐུ་སྐྱེ་དྭགས་གྲ་ཚང་དུ་སློབ་གཉེར་དུ་བཏང་བ་འགབ་ཚུལ་མོལ། དཔལ་ཞ་ལུ་གསེར་བཀང་གི་མ་ཧེ་མཆོད་པའི་དུས་སྟོན་ཐོག་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འབོད་པའི་སྐད་གཏོང་བ་བྱ་བཏང་རྟོག་མེད་ཧེ་རུ་ཀའི་ཆས་ཅན་འབྱོར་བ་དང་ཕྲད་ཅིང་བཀའ་བསྒོ་བྱས། ཕོ་བྲང་རྩེ་ནས་ཀྱང་མི་རྐང་ལན་གསུམ་བུས་ཏེ་སྐད་གཏོང་བྱེད་ཀྱིན་འདུག་པ་ཚམ་ངམ་ཆེ། དགའ་ལྡན་གསང་གླིང་པས་ཚེས་བཅུའི་འཆམས་རྒྱས་པ་དང་


GLG006_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བདོག་པའི་མཎྜལ་དང་འབྲས་གཤོངས་དག་སྣང་ལ་བརྟེན་པའི་ཚེའི་རྟེན་འབྲེལ་བསྒྲིགས། རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུའི་དག་སྣང་དུ་བྱུང་བའི་སློབ་དཔོན་ཆེན་པོའི་བླ་མའི་རྣལ་འབྱོར་བརྡ་དོན་ལམ་ཟབ་ཏུ་གྲགས་པར་རྒྱས་འབྲིང་བསྡུས་གསུམ་ལས་འབྲིང་པོ་དང་། ཚེ་ཕུར་གཉིས་ཀྱི་བསྙེན་པའི་དམིགས་སྒོར་ཕྱག་ལེན་དང་བཅས་པ་ཞིབ་པར་ཕུལ། རྒྱལ་ཚབ་སྤྲུལ་སྐུ་གོང་མའི་གདན་སར་ཁྲི་འདོན་མངའ་གསོལ་ལ་སྡེ་པ་འདར་ལོ་དང་བཀྲ་ཤིས་རྩེ་ནས་གཞོན་པ་མངགས་པའི་གོས་ཕྱི་ནང་དངུལ་སྤྱད་ཇ་རས་སོགས་ཀྱི་ལེགས་སྐྱེས་སྤམས་མཐོ་བ་བསྟར། སྡེ་པ་བློ་བཟང་མཐུ་སྟོབས་དཔོན་གཡོག་བྱོན་པར་རྟ་བསུ་དང་བཅས་དགའ་ལྡན་ཁང་གསར་དུ་གནས་མལ་མཛད་ཅིང་དཔོན་གཡོག་ཡོངས་རྫོགས་དང་ཕྲད་ཐོག་སྟེར་སྦྱིན་གྱ་ནོམ་པ་འདུག །འདི་ནས་བཟུང་ཐོན་གདོང་བར་མཚམས་དམ་པ་བདུན་གཅིག་གི་བར་མ་གཏོགས་ཉིན་གནངས་ཆག་བཞེས་ཆག་གིས་པོ་ཏ་ལར་བྱོན་པའི་ཉིན་ཁྱོངས་ཀྱི་ལྷོད་པ་བྱུང་། ཆོས་དང་རིམ་གྲོའི་ཡོན་སོགས་བདོག་པའི་ཚན་གྲངས་བསྟབས་ཏེ་རིགས་འཛིན་ཆེན་པོ་རང་གནས་སུ་ཐེགས། སྟག་ལུང་ཞབས་དྲུང་རིན་པོ་ཆེ་ཁུ་དབོན་ཕེབས་པའི་ཟུར་པས་རྟ་ང་ལྔ་དང་ཁྲི་པས་ཉེར་ལྔས་གཙོས་པའི་གནང་ཆ་མཛད། ཚེས་བཅུ་གསུམ་ལ་སྟག་ཚང་ར་བ་སྟོད་པ་དཔོན་སློབ་ཀྱི་དངོས་པོའི་ཚན་གྲངས་དང་བཅས་ཡུན་འཚོའི་སྨོན་ལམ་གྱི་བདེན་བརྗོད་གསུངས། སྟག་ལུང་ཞབས་དྲུང་ཟུར་པས་བརྟན་བཞུགས་ཤིག་འབུལ་གསུང་བ་རྗེ་ཐང་པའི་ཕྱག་ལེན་དུ་གྲགས་པ་ཕྱོགས་བཞི་ག་ནས་ཞལ་འདོན་


GLG006_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་རྒྱུ་འདུག་པ་དེ་ག་ཡིན་ནམ་སྙམ་ཞབས་སྐོར་གནང་རྩིས་ཀྱི་གྲ་བསྒྲིགས་རུང་ཕྱགས་ཕྱིར་ཞབས་དྲུང་རྩེ་པའང་མ་ཆུད་པའི་སྐུ་རྐྱང་གིས་གནང་ཆ་དང་ཐུགས་རྩོམ་ཚིགས་བཅད་མ་ལག་གཏོད་མཛད། རྗེས་སུ་བརྟགས་ཚེ་སྡེ་པ་དང་ངེད་རང་མ་གཏོགས་གཞན་མེད་ན་སྐུ་དོན་གསུང་སྒྲོས་གནང་བའི་གཡོ་ཐབས་ཀྱི་དགོངས་བཞེད་ལ་བཀའ་བརྒྱུད་ཀྱི་ཐུགས་གནད་ཟབ་མོ་དེ་མ་གོ་བའི་གྲོང་སྨད་ཨ་བར། མཆོད་དབོན། འདར་ནས་རྣམ་གྲལ་ལ་ཡོད་སྐྱོན་གྱིས་དེ་ཉིན་གྱི་བྲེལ་བ་དེ་འབྲས་མེད་སྦུན་བ་འཕྱར་བ་ཞིག་བྱུང་། ཁུ་དབོན་སོགས་ལ་གུར་ནས་བཤད་པའི་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་དང་གནང་སྐྱེས་ཀྱི་ལན་རྒྱས་པར་ཕུལ། ལྷ་རྩེ། ངམ་རིང་། སྟག་རྩེ། ཤེལ་དཀར། གཏིང་སྐྱེས་དང་ལྔའི་ལྷ་སྡེ་མི་སྡེ་རྣམས་ཀྱི་ས་སྙིང་གཙོར་གྱུར་གྱི་སྟེར་སྦྱིན་དང་ཚོགས་འགྱེད་རྒྱ་ཆེར་བཏེག་པའི་ཚེས་བཅུ་བཞིར་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཆོ་གར་བརྟེན་པའི་ཚེ་ཆོག་མཛད། ཁྱབ་བདག་སྨན་ལུང་པ་ཆེན་པོའི་སྤྲུལ་སྐུ་འཕྱོང་རྒྱས་དུང་དགོན་དང་བོན་ལུང་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐུ་སྐྱེ་སྙེ་མོ་ཨ་ཏ་གླིང་པར་བྱུང་བའི་དོགས་གནས་ལ་བརྟེན་ཆོས་རྗེ་ངག་དབང་ཐུབ་བསྟན་དང་ཐུགས་སྲས་སྤྲུལ་སྐུ་གཉིས་ཀྱིས་བརྟག་པ་དགོས་ཚུལ་ལྟར་ཨོ་རྒྱན་ཆེན་པོའི་གཏེར་སྐུ་རྣམས་ཀྱི་དྲུང་དུ་མར་མེ་ཕུལ་བ་ངེས་པ་རྙེད་ནས་ཁ་དམར་གདགས། ཚེས་བཅོ་བརྒྱད་ལ་སྟག་རྩེ་ཐའི་ཇི་ཡབ་སྲས། དཔོན་ཨེ་མི་གན། ཀྲེ་པ་ཁྲོ་བོ་དཀར་པོ་བུ། པཱ་རས་རྟ་འབུལ་བ་བརྒྱ་སྐོར། ལྷ་ས་ལྕང་གསེབ་ཁང་པས་དཀར་སྤྲོ་སྤོམས་འབུལ། ཞང་སྟོན་


GLG006_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྒར་པ་ཁམས་ནས་འཁོར་བའི་རྟ་སོ་བརྒྱད་དང་ཧོར་བར་ཏ་དཔོན་གྱིས་ཞེ་ལྔ་བྱིན། ནག་སྦུག་དགོན་བླ་མ། ནག་ཚང་ཚེ་སྐྱབས་ཀྱི་བུ། ཨེར་ཏེ་ནི་དའི་ཆིན་དང་ཨོད་ཁོན་གཉིས་ཀྱི་མི་སྣ། སྐྱོར་ལུང་མཁན་པོ། དོན་གཉིས་གླིང་སློབ་དཔོན་ཟུར་པ་རྣམས་དང་ཕྲད་ཅིང་ཁལ་ཁ་ཨེར་ཏེ་ནི་དའི་ཆིན་ཅན་གྱིས་རྟ་ཉེར་བདུན། ཀོང་པོ་དར་ཁན་ཨེམ་ཆིས་གསེར་དངུལ་ཇ་གོས་དར་གྱིས་སྣ་དྲངས་པའི་བརྒྱ་འབུལ་དངོམ་ཆེ་བ་བཏེག །ཚེས་ཉི་ཤུར་ཐར་པ་གླིང་པས་ཕུར་པ་སྨད་ལས་ཀྱི་འཆམས་བསྟན་པའི་ཚེ་ཕག་པའི་ཞལ་བརྙན་གྱོན་མི་དེས་འདོན་ཡིན་ཁུལ་གྱི་དྲན་པར་ཤར་ཚད་ལས་ཐ་སྙད་ཡོད་པ་མི་བྱེད་འདུག་པ་རྗེས་སོར་སྣེ་མོ་བ་རྣམས་ཀྱིས་བསྡམ་ར་སྡོམ་གཅོད་དགོས་རིགས་སུ་མཆིས། ཞར་བྱུང་དུ་ཚན་གྲངས་བརྐྱང་སྟེ་ཚེའི་རྟེན་འབྲེལ་མཛད། ཚོགས་གསོག་ཏུ་རྫོང་གཞིས་འབྲེལ་མཚུངས་ཀྱི་ཆོས་སྡེ་ནས་བཀའ་འགྱུར་བརྒྱ་ཉི་ཤུ། ཤེར་སྙིང་བཞི་འབུམ་དྲུག་སྟོང་། འབུམ་བརྒྱ། གདུགས་དཀར་ཉིས་སྟོང་ཆིག་བརྒྱ། སྒྲོལ་མ་ལྔ་ཁྲི་ཆིག་སྟོང་ལྔ་བརྒྱ། ཚེ་གཟུངས་དྲུག་ཁྲི། ཕོ་བྲང་དུ་བཀྲ་ཤིས་སྡེ་པ་སུམ་ཅུས་ཞག་བཅོ་ལྔའི་བར་སྒྲོལ་དཀར་གྱི་ཚེ་ཆོག །འཕྱོང་རྒྱས་སུ་དཔལ་རི་བ་བཞི་བཅུས་ཞག་གོང་མཚུངས་གཤིན་རྗེ་ནག་པོ་སུམ་དྲིལ་གྱི་སྔགས་གང་འགྲོའི་མཇུག་གཏོར་བཟློག །གཞིས་རྩེར་དར་པ་བཞི་བཅུས་ཞག་བཅུར་དྲུག་ཅུ་པ། ལྷ་རྩེར་གྲང་ཆེན་པ་སུམ་ཅུས་སྒྲུབ་ཞག་གོང་འདྲའི་དམར་ཆེན་གཏོར་བཟློག །གོང་དཀར་དུ་ཆོས་སྡེ་བ་སུམ་ཅུས་ཞག་གོང་མཚུངས་ཞལ་གྱི་གཏོར་བཟློག །དགའ་ལྡན་གསང་སྔགས་གླིང་པས་


GLG006_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སར་གཤིན་རྗེ་འདུས་པའི་སྔགས་རིང་བཟློག་བཅས་བྱེ་བ་གཉིས། ལྷ་སར་སྲོག་བླུ་སུམ་བརྒྱ། དབུས་གཙང་རིས་མེད་དགོན་ཨངྐི་གཉིས་པ་ཡན་ལ་མང་ཇ་སྦྱོར་སྦྲེལ་བསྔོ་རྟེན་རྣམ་གཞག་འགྱེད་ཨངྐི་དང་པོར་དགེ་འདུན་རེར་འབྲུ་མཁར་ཁལ་གཉིས་རེ། གཉིས་པར་ཁལ་རེ་མ། སེར་འབྲས་དགེ་གསུམ་ལ་དངུལ་སྲང་ཆིག་སྟོང་ཆིག་བརྒྱ་བདུན་ཅུ། བཀྲ་ཤིས་ལྷུན་པོར་གསེར་ཞོ་སུམ་བརྒྱ་ལྷག་བཅས། དེ་ཕྱིན་ལ་ཇ་དང་རྟ་སོགས་དཔུས་ཆ། མང་ཇ་འགྱེད་བསྡོམས་པར་ཡ་ཇུ་ཁོར་དྲུག་མ་ཆིག་སྟོང་ཆིག་བརྒྱ་བཅུ་དགུ། རྟ་ཉིས་བརྒྱ་བཅུ་བདུན། དྲེའུ་བཅུ་གཉིས་རྣམས་བཏང་ཞིང་། ཆོས་སྐྱོང་རྣམས་ཀྱི་ལུང་བསྟན་དང་འདི་གའི་བརྟག་པ་བསྟུན་པའི་སྡེ་པའི་སྐུ་རིམ་ལ་རྫོང་འགོ་ཆེ་བ་བདུན་ནས་དགྲ་ལྷ་དཔངས་བསྟོད། རྒྱལ་དུ་དམག་ཟོར་མ་དང་བེག་ཙེའི་བསྐང་བ་སྟོང་། ཆོས་སྐྱོང་གཞན་ཚོར་བརྒྱ། ཐོད་རི་བཤད་སྒྲུབ་གླིང་པས་མཚན་བརྗོད་ཆིག་འབུམ་སུམ་སྟོང་ལྔ་བརྒྱ། ཚེ་གཟུངས་དྲུག་ཁྲི། སྒྲོལ་མ་ཉི་ཁྲི། ཤེར་སྙིང་ཆིག་ཁྲི། རི་མགོ་མཐོ་བ་བརྒྱར་དར་ལྕོག །ལྷ་ས་བསམ་ཡས་ཁྲ་འབྲུག་གསུམ་དུ་དར་ཆེན། དཔལ་ལྷ་ལྕོག་དང་གནས་ཆུང་ལྕོག་ཏུ་བསྐང་བ་བརྒྱ་རྩ་རྣམས་དང་རྒྱལ་ཁམས་སྤྱི་རིམ་ལ་ཡུལ་ཆེ་བ་ནས་འབུམ་གྲ་ལྔ་དཀོན་བརྩེགས་ཐར་པ་ཆེན་པོ་སྤྲིན་ཆེན་ཀླུ་འབུམ་རྣམས་བཅུ་རེ། འབྲིང་གིས་ཉི་ཁྲི་གྲ་ལྔ་ཀླུ་འབུམ་གསུམ་ལྔ་རེ། ཆུང་བས་བརྒྱད་སྟོང་པ་གྱ་ལྔ་ཀླུ་འབུམ་གསུམ་ལྔ་རེ། སོ་སོའི་ཡུལ་ལྷ་མཆོད་པ། རྒྱགས་རྔན་གཏོང་བ་དང་ཇུས་རིམ་དུ་ལྷ་ས་བསམ་ཡས་ཁྲ་འབྲུག་གསུམ་དུ་ཉིན་ལྔའི་བར་མཆོད་པ་སྣ་ལྔ་བརྒྱ་རྩ་རེ་


GLG006_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བགྱིས། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་སྤྲུལ་སྐུ་ལྷ་ས་བྱང་གླིང་པ། ལ་མོ། སྔགས་པ་རི་རྒྱ་བས་མཚོན་ཁ་ཤས་ལ་བྱུང་འདྲ་ཟེར་བའི་འཕྲོས་གླེང་ཐོས་ནའང་ཞིབ་ཏུ་དཔྱད་པར་ཡིད་ཆེས་ཀྱི་གནས་སུ་མ་གྱུར་བཞིན་དུ་ལག་འཐོགས་ཀྱི་བློ་འཚུབ་ཀྱང་དགོས་དོན་མེད་པས་སྐད་ཉན་ཙམ་ལས་མུན་ནག་མདའ་འཕེན་གྱི་རྩོལ་བ་མ་བྱས་རུང་དྲུང་འཚོ་བ་ངག་དབང་ལྷག་བསམ་གྱི་སྐད་ཆར་གསང་ཕུ་དར་མ་སྒང་གི་བླ་མ་བསོད་ནམས་དཔལ་འབྱོར་གྱི་བུར་ཡོད་འདྲ་ཟེར་བས་བདེན་རྫུན་བརྟག་པར་དྲུང་འཚོ་ལྷག་བསམ་དང་གཞིས་ཀ་ཤར་ལགས་ཨ་གུར་གཉིས་ལ་རྗེ་ཉིད་ཀྱི་དབང་ཞྭ་བསྐུར་ཏེ་བཏང་བ་ཁ་མ་ཕྱེ་བ་ནས་འདི་ངའི་ཞྭ་ཡིན་གྲིལ་ཆས་ཡང་འདི་འདྲ་ཡོད་ཅེས་མངོན་ཤེས་ལྟ་བུ་བཤད་འདུག་པ་ནས་སློབ་དཔོན་ཆེན་པོའི་ཞབས་རྗེས་མའི་ཞལ་ཐང་། པདྨ་མཐོང་གྲོལ། པདྨ་གུ་རུ། གུར་དྲག །རྟ་ཕག་སོགས་གཏེར་བྱོན་གྱི་སྐུ་བྱིན་ཅན་མང་པོ་བཤམས་པའི་སྤྱན་སྔར་མར་མེ་ཕུལ་བར་དངོས་གཞི་ཡིན་པའི་ཕྱོགས་ལ་དུད་པས་མི་གསལ་བ་བྱུང་བར་རྣམ་འཇོམས་དང་བྱད་འགྲོལ་གྱི་ཆུས་ཁྲུས་གསོལ་བ་ཙམ་གྱིས་ཤིན་ཏུ་དངས་པར་གྱུར་པ་གཞན་དོན་དུ་གཤེགས་རྐྱེན་སློབ་མ་དམ་ཚིག་མི་གཙང་བའི་གྲིབ་ཏུ་དོགས་ཤིང་སླར་ཕྱག་དཔེ་ངོ་མ་ལྟར་སྣང་ལེགས་རྒྱུ་མེད་པ་འདྲ་དང་ཁ་ཐིའི་ཤུབས་བྱས་པའི་དཔེ་ཡིད་དུ་འོང་བ་བཅས་བསྐུར་བས་མ་འདྲེས་པར་ངོས་འཛིན་གསལ་བར་བྱུང་། གཏེར་སྟོན་རིགས་འཛིན་ཆེན་པོའི་མནལ་ལམ་དུ་ཤིང་འབྲས་སྨིན་པ་སོགས་དང་ངེད་རང་གི་ཉིང་འཁྲུལ་དུ་ཡང་ཡང་


GLG006_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གསང་དྲག་པོའི་གཏེར་ཁ་འདོན་རྒྱུ་ཡོད་ཁུལ་གྱིས་འདོན་པར་དགེ་སློང་འཇམ་དབྱངས་གྲགས་པ་གཏོང་རྩིས་བྱེད་པ་སོགས་སྒོ་དུ་མ་ནས་ངེས་ཤེས་འདྲོངས་པ་བྱུང་བར་བརྟེན་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་རྒྱལ་ཕུར་འགྲུབ་སྦྱོར་གྱི་ཐོག་འཕེལ་གདུང་སྲུང་མདུད་དམ་རྫས་བཟང་ཇ་དང་བཅས་མཚན་ངག་དབང་ཀུན་དགའ་བསོད་ནམས་སུ་གསོལ་བར་དྲུང་འཚོ་བ་དང་ལགས་ཨ་གུར་གཉིས་བཏང་། དམ་སེལ་གྱིས་སྲུང་མའི་འཁུ་ལྡོག་ལ་བརྟེན་པའི་སྤྲུལ་སྐུའི་བར་ཆད་ཞི་ཕྱིར་ཡར་ཀླུངས་བཀྲ་ཤིས་རྩེར་མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་པར་བསྐང་བཤགས་ཐོག་ཀྱེ་རྡོ་རྗེ། མགོན་པོ་ཡབ་ཡུམ། ཞལ། པུ་ཏྲ། བེག་ཙེ་རྣམས་ལ་འབུལ་རྒྱུའི་སྙན་དར་ལ་ཁ་བྱང་བཏབ་སྟེ་དབུ་མཛད་བློ་བཟང་ཡོན་ཏན་ཆུ་ཚན་ལ་འགྲོ་ཞོར་དུ་བསྐུར། གུང་ཐང་གི་ཆོས་སྐྱོང་རྣམས་དང་ཁྱད་པར་ཟིང་པ་སྟག་མགོ། སྣང་གསལ་སྒང་སོགས་སྐུ་སྐྱེ་ན་རིམ་གྱི་དམ་ཅན་སྲུང་མ་རྣམས་ལ་མཆོད་གཏོར་བསྐང་གསོ་གཞིས་ཀ་ཤར་པ་དང་། བློ་ཁར་ཡུམ་སྲས་ལ་གཏོང་དགོས་པའི་བསླབ་བྱ་བྱས། འོད་མཆོག་སྤྲུལ་སྐུ་འོད་གསལ་རང་གྲོལ་ཀློང་ཡངས་ཀྱིས་དགོས་ཚུལ་ལྟར་བླ་མ་བདེ་ཆེན་དབང་ཕྱུག་གི་ཞལ་ཤེས་འཆི་མེད་སྲོག་འཛིན་དང་ཡང་གསང་ཀརྨ་དྲག་པོའི་བསྙེན་སྒྲུབ་འཇིགས་པ་མེད་པའི་ཞལ་ལུང་། བྱ་ནག་རིགས་ཀྱི་ཐིག་ལེ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་འདི་གའི་འདྲ་འབག་བཞེངས་པའི་རྒྱབ་ཡིག །དྲུང་ཡིག་རྒྱ་མཚོས་ལྷ་མོ་ལྕགས་ཕུར་མར་སྙན་དར་འབུལ་རྒྱུའི་ཁ་བྱང་། ལྷ་ས་བ་བློ་བཟང་དཔལ་འབྱོར་


GLG006_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདེ་བ་ཅན་གྱི་ཞིང་བཀོད། སངས་རྒྱས་སུམ་ཅུ་སོ་ལྔ། གནས་བཅུ། ལམ་རིམ་བརྒྱུད་པ། འཁྲུངས་རབས་འགྲོ་ལ་རྗེས་བརྩེ་མ་ལྔ་དང་། དགེ་སློང་བློ་གྲོས་རྒྱལ་བས་འཇམ་དཔལ་ཚེ་བདག་གི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་རྣམས་བྲིས། འོད་མཆོག་པའི་དགོན་གནས་ལྷས་སྒང་སྡེ་པ་བསོད་ནམས་རབ་བརྟན་གྱིས་ལྷོ་ཀ་ཐོག་པར་བཀག་རྟེན་དུ་གནང་གཤིས་སྤྲུལ་སྐུར་རོང་ཟངས་ལ་མཁར་སྡེ་པ་འཕྲིན་ལས་རྒྱ་མཚོས་གནང་ནའང་རེ་ཞིག་བྱ་བྲལ་རྙིང་པ་རྣམས་ཀྱིས་གོ་བགགས། དེ་རྣམས་ཟགས་ནས་གྲ་ཚང་ཞིག་བཙུགས་པར་ཐེབས་དགོས་ཚུལ་ནན་ཆེ་བར་བརྟེན་འོག་ལྕང་ར་གཞིས་ཀ་ཐེམ་འཛིན་བརྒྱད། ལག་འབབ་ཆིག་སྟོང་ཆིག་བརྒྱ་རྣམས་སྣང་སོག་གོང་གསུམ་གྱི་བསྲེ་བསླད་མེད་པའི་བཀའ་གཏེར་གྱི་བསྟན་པ་སྤྱི་དང་བྱེ་བྲག་སྤྲུལ་སྐུ་རྒྱ་ཞང་ཁྲོམ། གཏེར་ཁ་གོང་འོག །བྱང་གཏེར། རཏྣ་གླིང་པ། མངའ་རིས་པཎ་ཆེན་སྐུ་མཆེད། ཆོས་རྒྱལ་འབྲི་གུང་རིན་ཆེན་ཕུན་ཚོགས། བྱང་བདག་དབང་པོའི་སྡེ་སོགས་ཀྱིས་སྤྱན་དྲངས་པའི་གཏེར་རྙིང་དང་། རིགས་འཛིན་ཐུགས་ཏིག །རྒྱ་ཅན་གྱི་ཡང་གསང་ཀརྨ་དྲག་པོ་སོགས་ཀྱི་རིང་ལུགས་སྤེལ་ཆེད་སྦྱོར་འཇགས་བྱས་ཤིང་གྲ་ཚང་གི་མིང་ཨོ་རྒྱན་ཆོས་གཏེར་གླིང་དུ་བཏགས། ལྡུམ་པོ་ནས་རྩིས་རིག་སྨྲ་བའི་ཁྱུ་མཆོག་དོན་གྲུབ་དབང་རྒྱལ་གྲོངས་པའི་སྨོན་ལམ་རྟེན་འབྱོར་བར་དགེ་ཐེབས་ཀྱི་མཐུན་རྐྱེན་རྒྱས་པར་བསྒྲུབས། བསྔོ་སྨོན་དང་བྱང་བུ་བཞུ་བར་ཐུགས་དམ་སྨིན་པོ་ཡོད་འདུག་པ་དང་མཐུན་པའི་མཚན་མ་ལེགས་པ་བྱུང་། གཏེར་སྟོན་རིན་པོ་ཆེ་ཁོང་གི་གསལ་འདེབས་ལ་བྱོན་སྐབས་ནཱ་རོ་མཁའ་སྤྱོད་


GLG006_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིག་བྱེད་མའི་ཐང་སྐུ་གོང་དཀར་རྡོ་རྗེ་གདན་པའི་ཐུགས་དམ་རྟེན་ཡར་རྒྱབ་སྤྱི་རུ་བ་བརྒྱུད་པའི་བྱིན་རླབས་ཅན་དེ་ཕྱག་བྲིས་རྟེན་དུ་བྱུང་། བསྙེན་སྒྲུབ་ཀྱི་ལོང་མ་བྱུང་བའི་བར་ཆད་ཀྱི་དབང་གིས་ཀོང་པོ་རྫོགས་ཆེན་སྤྲུལ་སྐུ་གྲོངས་པའི་སྨོན་ལམ་རྟེན་དུ་གཡུ་གོང་དྲག་ནས་གཏེར་སྟོན་ཨོ་རྒྱན་གླིང་པས་སྤྱན་དྲངས་པའི་ལི་དམར་གྱི་གུ་རུ་དྲག་པོའི་སྐུ་སོགས་འབྱོར་དོན་ལྟར་སྤྲུལ་སྐུ་མྱུར་འབྱོན་གྱི་སྨོན་ལམ་ཡང་དག་བྱས། ཕྱག་རྫོགས་དབུ་གསུམ་གསུང་ངག་རིན་པོ་ཆེ་སོགས་ལྟ་བ་མང་པོར་ངོ་སྤྲད་པ་བྱ་ལམ་རྗེས་མེད་ཀྱི་སེམས་རྣམ་རྟོག་མཚན་འཛིན་གྱི་འཆིང་བ་དམ་པོས་བཅིངས་པར་རེ་དོགས་ཀྱིས་ལུང་བསྟན་ཞུ་འདོད་གནས་སྐབས་སུ་ཇི་མི་སྙམ་པ་ལྟ་བུར་ལྐོག་ཏུ་མི་གཏོང་བས་མཚོན་པའི་ཕྱི་ནང་མ་ཤེས་པས་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་སྲོག་བདག་གི་རྒྱལ་པོ་ཚངས་པ་ཆེན་པོར་ཚིགས་བཅད་ཀྱི་འཕྲིན་གསོལ་ཚོགས་ཆས་སྤྱན་གཟིགས་དང་བཅས་དགེ་སློང་འཇམ་དབྱངས་གྲགས་པ་རྫོང་བདའ་བྱས། གཙང་སྟོད་ཞ་ལུའི་ཆོས་གྲ་ནས་མཁན་ཆེན་ཀུན་སྤངས་རྡོ་རྗེ་འཆང་ཕེབས་པ་དང་མཇལ། ཞག་བཞིའི་བར་སྟན་ཆགས་ངོས་ལྷོ་མོས་སུ་སྐུ་མཚམས་གནང་བའི་གསོལ་ཆས་འཁྱུད་བཞིན་ཕུལ། ཁལ་ཁ་རབ་བརྟན་ཧུང་ཐའི་ཇི་ལམ་དུ་མ་འཚོ་བའི་དཔོན་མོ་ཌཱ་ཀི་མ་སྲས་ཨེར་ཁེ་ཐའི་ཇི་བློན་འབངས་བཅས་པས་གསེར་དངུལ་ཇ་གོས་དར་སོགས་ཀྱི་སྟོང་འབུལ་བྱུང་བ་དགེ་བ་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་བསྔོས། རྒྱལ་ལེགས་བཤད་གླིང་གི་བླ་མ་གྲོང་གསར་བས་མ་ལྕོགས་པར་བདེ་ཡངས་ཟུར་པ་འཕྱོས་པ་ངག་དབང་བསྟན་འཛིན་རྫོང་བདའ་བགྱིས། བཟང་ལྡན་མཁན་


GLG006_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་དཔལ་རྩེ་དྲུང་། རིན་སྡིངས་བླ་མ། ན་བཟའ་གླིང་པ། རིགས་འཛིན་དཀོན་ཅོག་ལྷུན་གྲུབ། ཞང་སྟོན་སྒར་བ་རྣམས་དང་ཕྲད་ཅིང་བྱང་ཆུབ་གླིང་སྐུ་སྐྱེའི་ཡང་སྲིད་ཀྱི་གཙུག་ཕུད་བླངས་ནས་མིང་ངག་དབང་རིན་ཆེན་དུ་བཏགས། ཁམས་ཟུར་མངས་ཆོས་རྗེས་རྟ་ཉེར་བདུན། དགའ་ལྡན་རབ་འབྱམས་པའི་ཞང་པོ་མ་གཅིག་ཅན་གྱིས་རྟ་བཅོ་ལྔ་དང་རྔ་མོ་བརྒྱད་རྣམས་བྱུང་། ཁལ་ཁ་དཔོན་མོ་ཌཱ་ཀི་མས་གཙོས་དགེ་ཚུལ་ཕ་མ་ཉེར་གཉིས་དང་། དགེ་བསྙེན་ཕ་མ་བཅུ་གཉིས་ལ་སྡོམ་པ་ཕབ། ཞ་ལུ་མ་ཧེ་མཆོད་པའི་ལས་གཤིན་ཡབ་ཡུམ་ལ་སྙན་དར་དཀར་དམར་མཐིང་གསུམ་རེ་འབུལ་རྒྱུའི་ཁ་བྱང་བརྩམས། ཚེས་བཞི་ནས་བཟུང་བདུན་གཅིག་གི་བར་སྒོ་གསུམ་མི་འདའ་བའི་བཅད་རྒྱ་ཤིན་ཏུ་དམ་པའི་ངོས་པད་གནུབས་བརྒྱུད་པའི་ཟབ་ཆོས་གཤིན་རྗེ་དམར་ནག་གི་སྲུང་བཟློག་བསད་མནན་ཉམས་ལེན་གནད་བསྣུན་དུ་བྱས། མ་ཧེ་མཆོད་པའི་སྙན་དར་དམོད་ནས་གསེར་ཕུད་ལེན་མི་ཡོངས་དོགས་ཏེ་ཐོག་མ་ནས་མཚམས་ཁོག་ཏུ་བཅུག་པས་མཚམས་རལ་སྐྱོན་མ་དགོས་པར་བང་ཆེན་འཕྲལ་དུ་སློག །ཚེས་བཅུ་བཞིར་སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་རྒྱལ་པོར་གཞིས་ལེན་དང་སྡེ་པར་སྤོམས་འབུལ་གྱི་སྐལ་བར་དཀར་སྤྲོ་དམར་སྤྲོའི་བཞུགས་གྲལ་བསྟར་ཞིང་གོས་སྣ་ཁ་ཡར་བྱིན། ཁྲ་འབྲུག་ཆོས་སྐྱོང་གིས་བསྐུལ་མ་མཛད་པ་ལྟར་ཚངས་པ་གཙོ་བོར་གྱུར་པ་དང་མཆོད་དཔོན་པའི་ངོར་ཕོ་ལྷ་དཔལ་འབྱོར་རྒྱལ་པོའི་གསོལ་མཆོད། འཕྱོང་རྒྱས་རབ་འབྱམས་པ་ངག་དབང་རྣམ་རྒྱལ་གྱི་ངོར་བླ་མ་


GLG006_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་མོས་ཀྱི་གསོལ་འདེབས་དང་བྱེས་གྲ་ཚང་འཕེལ་རྒྱས་ཀྱི་ཚིགས་བཅད་སྨོན་ལམ། གསང་སྔགས་མཁར་ངག་དབང་བསོད་ནམས་ཀྱི་འདོད་མོས་ལྟར་རྒྱལ་བ་བཙོང་ཁ་པ་དང་ངེད་རང་ཐ་མི་དད་པ་དང་བ་སོ་ཆོས་རྒྱལ་བའི་འཁྲུངས་རབས་ས་བོན་གང་འཁོད་རྒྱུ་མཚན་དུ་བྱས་པ། བློ་བཟང་དབང་རྒྱལ་གྱི་ངོར་བླ་མ་ཆོས་དབང་རྒྱ་མཚོའི་གསོལ་འདེབས་རྣམས་བྲིས། ཚེས་ཉི་ཤུ་ནས་ལག་པ་གཡོན་པའི་དྲེག་ནད་འཕར་བ་དར་མོ་བས་ཚིགས་བཤལ་བཏང་བས་འཇུག་པ་བྱུང་རུང་སླར་རྐང་པའི་དྲེག་ཀྱང་རིམ་བཞིན་ལངས་པ་ཞག་བཞི་བཅུ་སྐོར་བྲོ་འཚལ་བའི་འཕྲོད་བསྟེན་དྲུང་འཚོ་ལྷག་བསམ་དང་དར་མོ་བ་གཉིས། གྲོང་སྨད་ཨ་བར། དབུ་མཛད། དགེ་སློང་འཇམ་དབྱངས་གྲགས་པ། དཔལ་གྲོང་རབ་འབྱམས་པ་རྣམས་ཀྱིས་ནད་གཡོག་རྐང་མ་དང་ཕུར་སྒྲུབ་མ་ཚུགས་བར་མཆོད་དཔོན་པས་ཀྱང་རོགས་བྱས། གཞིས་ཀ་ཤར་པས་གདོན་འགྲོལ་དང་དགེ་སློང་འཇམ་དབྱངས་གྲགས་པས་ཁ་འབར་མའི་འཆི་བླུ་ཁ་ཡར་བཏང་། ཀརྨ་པ་དབང་ཕྱུག་རྡོ་རྗེས་སྒྲོལ་མ་ལུང་བསྟན་མ་གདན་དྲངས་པ་སྙེ་ཐང་སོགས་ཉེ་སྐོར་གྱི་ས་བཅུད་ལ་གནོད་འདུག་གཤིས་མཁའ་འགྲོའི་ལག་ནས་ད་ལའི་ཧུང་ཐའི་ཇིས་ཆེད་དུ་སྐྱེལ་མི་མངགས་པ་ཡུལ་ཁམས་ལ་ཕན་ཆེད་ཟེའུ་ལྷ་ཁང་གསར་དུ་བཟོས་ནས་འོར་མཆོད་ཁང་དུ་བཞུགས་སུ་གསོལ་རུང་སྒར་པའི་སྐུ་ཆས་ས་སྐྱོང་བསོད་ནམས་རབ་བརྟན་གྱི་དུས་ལྷ་སར་དྲངས་པའི་ཡིག་དྲིལ་ཧྲུལ་པོའི་ཁྲོད་ན་ལུང་བསྟན་སྒྲོལ་མའི་འདྲ་དཔེ་ཡིན་ཟེར་བའི་ཤོག་བུར་སྒྲོལ་དཀར་སྤྱན་བདུན་མ་བྲིས་པ་ཞིག་ཐོན་


GLG006_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས་མཚན་ལྡན་དབུ་ཐོད་བཞིན་ཐུག་མེད་དུ་འགྱུར་རམ་སྙམ། ལྷ་སར་བློ་གསལ་གླིང་། བདེ་ཡངས། ར་བ་སྟོད་པ་གསུམ་གྱི་འབུམ་བརྒྱ་གསུམ། ཆོས་སྡེ་ཆེན་པོ་ཕན་ཚུན་གཉིས་སུ་དགེ་འདུན་ལྔ་བཅུ་རེར་ཡ་ཇུ་ཁོར་དྲུག་མ་རེའི་རྩིས་ཁྱོན་ཁོར་དྲུག་མ་གོ་གཉིས། དགའ་ལྡན་ཕུན་གླིང་ནས་པར་ཞུས་པར་མཁན་རྣམས་འབྱོར་བ་དང་ལྷན་དུ་གསར་རྩོམ་སྨོན་ལམ། ཡིག་བསྐུར། སྙན་དར་ཞལ་ཡིག །བསླབ་བྱ་རྣམས་ཀྱི་འཕྲོས། སྨན་བླ། འགྲོ་དོན་ཆེ་སྟབས་པར་སྔོན་མ་ཟད་ཉམས་དང་། གཟུངས་སྔགས་པར་ཐུང་སོར་བཞག་མ་དག་པ་མིན་ཀྱང་རྒྱལ་རྩེའི་གཟུངས་འབུམ་གླེགས་བམ་མ་སྐད་གཉིས་སྨྲ་བ་ཐུགས་རྗེ་དཔལ་ཞབས་ཀྱིས་ཞུས་དག་གནང་གཤིས་དེ་དང་བསྟུན་པའི་སླར་ཡང་པར་གསར། དཔལ་ཡང་དག་མར་མེ་དགུ་པའི་མངོན་དཀྱིལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་ཕྱི་བསྐྱེད་རིམ་གྱི་རྣམ་བཤད་ཉི་མའི་འོད་ཟེར། ནང་རྫོགས་རིམ་རྣམ་བཤད་སྐལ་བཟང་སྙིང་གི་པདྨ་བཞད་པ། བསྐལ་པར་ཡིག་འབྲུ་རྣམས་གསར་ངད་ཅན་དུ་བཞུགས་ཐེབས་ལ་ཀློང་ཆེན་པས་མཛད་པའི་གསར་སྙིང་འགྲེལ་པ་ཕྱོགས་བཅུ་མུན་སེལ། སེ་དཀར་རིགས་ཀྱི་ཐིག་ལེ་འདར་པ་ལོ་ཆེན་གྱིས་གསར་བསྒྱུར་དབྱངས་ཅན་བརྡ་སྤྲོད་ཀྱི་རྩ་བ་དང་རྒྱ་འགྲེལ་སློབ་དཔོན་ཆེན་པོ་ཨ་ནུ་བྷུ་ཏིས་མཛད་པའི་རབ་ཏུ་བྱ་བ་གསལ་ལྡན། འདི་ག་ནས་བརྩམས་པའི་བརྡ་སྤྲོད་ཀྱི་སྨོན་ལམ། སྨན་བླ་དོན་གྲུབ་པས་མཛད་པའི་སྐུ་གཟུགས་ཆ་ཚད་དང་སྤྲུལ་སྐུ་ང་ལ་གཟིགས་ཀྱིས་མཛད་པའི་མཆོད་རྟེན་གྱི་ཐིག་རྩ་དང་བཅས་པའི་གསར་བསྐྲུན་རྣམས་འབྱོར། ལྷོ་ཕྱོགས་ཀྱི་ཇུས་རིམ་ལ་དགེ་ལུགས་གྲ་ཚང་རྣམས་ལ་མང་ཇ་འཕར་མ་སྦྱོར་སྦྲེལ་ཐོག་སྔགས་དགོན་དང་གཞིས་དགོན་རྣམས་ཀྱིས་གཏོར་བཟློག །མདོ་གྲ་རྣམས་དང་ས་ལུགས་ཨངྐི་དང་པོ་རྣམས་ལ་ཇ་ཐུག་བཞི་རེའི་ཐོག་ཤེར་སྙིང་། གྲ་ཚང་གིས་ཚེ་བདག་གི་གཏོར་བཟློག །སེར་འབྲས་གཉིས་སུ་ཇ་ཚུལ་བཅོ་ལྔ་སྔོན་དུ་འགྲོ་བའི་འདི་ཉིན་འཕར་ཇ་བཞི་དང་དབུས་གཙང་གི་དགོན་ཁག་ཐམས་ཅད་ནས་མདོ་སྒྲུབ་དང་བཅས་ཚོགས་ཟངས་ཁ་སྦུབ། ཞ་ལུ་མ་ཧེ་མཆོད་པའི་སྐབས་གཞན་གྱི་མང་ཇ་སོགས་མ་འདྲེས་པའི་གཏོང་སྒོ་སྒྲིག་ཆུག་སྔར་རྒྱུན་ཐོག་ཇ་འཕར་མ་གསུམ་དང་དགེ་འདུན་རེར་འབྲུ་མཁར་ཁལ་གཉིས་རེ་འབབ་རྩིས་ཀྱི་གསེར་འགྱེད། བཞེས་སྒྲ་དང་བཅས་ལྷོ་འབྲུག་སྟེང་དུ་ཁ་བསྒྱུར། གཞན་མ་གྲ་སློབ་ཉེར་གསུམ་རེས་གྲབས་ཞག་གསུམ་སྒྲུབ་ཞག་བདུན་མའི་སྒོ་ནས་གཏོར་མདོས་མནན་སྲེག་པ་ངམ་རིང་དུ་ནུབ་དགོན་པ་དང་ལྷ་སར་དགའ་ལྡན་གསང་སྔགས་གླིང་པ་གཉིས་ཀྱིས་ཚེ་བདག་གི་གཏོར་བཟློག་དང་ཀི་ཀང་གི་དགྲ་མནན། ཤེལ་དཀར་དུ་བྲག་དཀར་ཆུ་བཟང་པ། རི་བོ་བཀྲ་བཟང་དུ་ཆོས་རྗེ་བཀྲ་བཟང་པ། པ་རྣམ་དུ་བྲག་ལྷ་བ། རྒྱལ་རྩེར་ཡར་འབྲོག་གསང་སྔགས་ཆོས་གླིང་དང་བགྲད་པ། རྣམ་གླིང་དུ་སྒྲོལ་མ་བ་སོ་སོ་ནས་ཚེ་བདག་གི་གཏོར་བཟློག་དང་དགྲ་མནན། ལྷ་རྩེར་འདར་གྲང་ཆེན་པས་ཞལ་གྱི་གཏོར་བཟློག །ཐུབ་བསྟན་དགེ་འཕེལ་བ་དང་བསམ་གྲུབ་དགོན་གསར་བ་གཉིས་ཀྱིས་དམར་ཆེན་གཏོར་བཟློག །ཆུ་མིག་པས་འཆར་ཀའི་གཏོར་


GLG006_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཚན། དཀའ་བཅུ་ཀུན་དགའ་རྒྱ་མཚོས་གྲ་ཚང་དུ་ཇ་འགྱེད་གྲ་པ་ཕལ་ཆེར་གྱིས་གྲ་ཇ་དང་ཚ་བ་ཅི་རིགས། གྲ་པ་སྤྱིས་བསྡུས་པའི་སེར་འབྲས་གསང་ཕུར་མང་ཇ་བཞེས་ཐུག་ཁ་ཤས། གཟེར་ལྔ་འཁྲུག་པ་ཡུན་རིང་གཏོང་བའི་གྲ་ཇ། གྲ་ཚང་རང་གིས་ཚོགས་སུ་དྭངས་མ་བཅུད་འདྲེན་གྱི་ཆོ་ག་བདུན་གཅིག་གི་བར་མཛད་ཅིང་མཆོད་དཔོན་པས་འཛུགས་སྟོན་ཉིན་ཐུབ་བཟབས་རྒྱས་དང་བཅས་ཨ་ཏི་ཧྲཱིཿགཅིག་མ་བཙུགས། ཞང་ཚ་དཀོན་མཆོག་རྣམ་རྒྱལ་གྱིས་རིང་འཚོར་དམིགས་ཏེ་ཇ་འགྱེད་དང་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེས་གྲ་ཇ་འགའ་ཞིག་སྐོལ། ཞང་སྟོན་ཕུན་ཚོགས་རྣམ་རྒྱལ་གྱིས་ཕོ་བྲང་གི་ཡས་མས་ཚོར་གཏའ་གཏེར་དང་རྟེན་འཛུགས་ཀྱི་བཅོས་ཀ་བགྱིས། ཕ་བོང་ཁའི་གྲ་པ་བརྒྱད་ཀྱིས་ཞག་བཅོ་ལྔའི་རིང་ཀླུ་གཏོར། པོ་ཏ་ལའི་རྩེར་སེ་ར་ནས་བརྒྱད་གྲས་གཙུག་ཏོར་སྡེ་ལྔ་སྒྲོགས། འབྲས་སྤུངས་ནས་བརྒྱད་གྲས་ཆབ་གཏོར་འབུམ། དགའ་ལྡན་གསང་སྔགས་གླིང་དུ་གཤིན་རྗེ་ཐམས་ཅད་འདུས་པའི་དྲག་སྔགས་བྱེ་བ་བཟློག་བཅས། བསམ་ཡས་སུ་རབ་བྱུང་པས་དྲི་མེད་བཤགས་རྒྱུད་སྟོང་། རྫོང་གཞིས་ཁག་བཅུ་བཞིར་བཀའ་འགྱུར་ཆིག་བརྒྱ་ཉི་ཤུ། བསྐལ་བཟང་ཆིག་བརྒྱ། འབུམ་བརྒྱ། བརྒྱད་སྟོང་པ་སྟོང་། ཐང་ཡིག་ཉིས་སྟོང་། གསེར་འོད་ཉིས་སྟོང་ཉིས་བརྒྱ། དཀོན་བརྩེགས། ཏིང་འཛིན་རྒྱལ་པོ། ཐར་པ་ཆེན་པོ་གསུམ་ཆིག་བརྒྱ་རེ། གཟུངས་འདུས་ཉིས་བརྒྱ། སྨན་བླ་ཆིག་ཁྲི་ཆིག་སྟོང་། ལེའུ་བདུན་མ་ཆིག་ཁྲི། སྤྱན་འདྲེན་ཁྲུས་གསོལ་སུམ་ཁྲི། སྨོན་ལམ་རྣམ་གསུམ་ལྔ་ཁྲི་རྣམས་བཏང་བའི་ཡོན་ཐོབ་རྒྱ་དངུལ་སྲང་ཉིས་བརྒྱ་གྱ་བཞི། གོས་ཁ་ཆིག་


GLG006_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དྲུག་བརྒྱ་སོ་གཅིག །ཟི་ལིང་སྤུ་ཇ་སྦག་གོ་གཅིག་རྣམས་སོང་། གྲ་ཚང་ནས་བརྒྱ་བཞི། གཏེར་སྟོན་རིན་པོ་ཆེས་རྒྱལ་མཚན་དང་མ་མདོས། སེ་འབྲས་སུ་ཇ་ཚུལ་འགྱེད་བཅས་སྟེང་ལྟུང་བཤགས་འབུམ། སྒྲོལ་མ་སུམ་འབུམ། གཡག་ལུག་སོགས་ཀྱི་སྲོག་བླུ་བརྒྱ་རྩ། དབུས་གཙང་གི་རིས་མེད་དགོན་ཨངྐི་གཉིས་པ་ཡན་ལ་མང་ཇ་བསྔོ་རྟེན་འགྱེད་དབུས་ཁུལ་ནས་གཉལ་བྱར་སོགས་ལ་གྲ་བཙུན་བཅོ་ལྔར་ཁམས་དངུལ་སྲང་རེ། དྭགས་ཀོང་། ཨེ་རོང་། ལྷོ་བྲག །གཙང་ཁུལ་བཅས་པར་ཉི་ཤུར་སྲང་རེ་བཏང་བ་བསྡོམས་པར་སུམ་སྟོང་བཞི་བརྒྱ་ང་གསུམ། དབུས་གཙང་གི་རྫོང་གཞིས་ཐམས་ཅད་ནས་ངན་ལོང་དབུལ་ཕོངས་གང་འཛོམ་ལ་སྦྱིན་གཏོང་རྒྱ་ཆེ་བ། འུ་ལག་ལ་མར་ཁལ་ལྔ་བརྒྱ་ཆས་ཐེབས་སུ་བཏང་བའི་ལམ་འཕྲང་བཟོ་བཅོས། རི་རྩེ་བཅུ་གསུམ་ལ་བསངས་དང་དར་ལྕོག །ལྷ་ས་རུ་བཞིར་སྒོ་འགྱེད་དུད་རེར་ཏཱ་ཚང་མཁར་ཉག་རེ་དང་དུད་བརྒྱད་རེར་ཁམས་དངུལ་སྲང་རེ་སོང་བ་དྲིལ་བར་ཇ་སྦག་གྱ་བདུན་དང་དངུལ་སྲང་ཆིག་བརྒྱ་བརྒྱད་ཅུ། ཉེ་སྐོར་འུ་ལག་སྤྱིར་ཇ་སྦག་བཅུ་བདུན་དང་རྩམ་གཤོར་ཁལ་ཆིག་བརྒྱ་བཅུ་དྲུག །ཕྱི་ཤ་ཉིས་བརྒྱ་སོ་བཞི། ལྷ་ལྡན། ར་མོ་ཆེ། པོ་ཏ་ལའི་མཆོད་ཁང་ཚོར་གསེར་ཆབ་ལ་སྲང་གང་དང་ཞོ་གསུམ། དཀར་མེ་འབུལ་ཐེངས་གསུམ་ལ་མར་ཁལ་བརྒྱད་བརྒྱ་རྣམས་སོང་། རིམ་གྲོ་གང་ལའང་མི་བསླུ་བའི་འབྲས་བུ་འབྱུང་བ་གཞིར་བཅས་ཀྱང་ཚེ་རབས་སྔོན་མ་མང་པོར་གཞན་གྱི་ཡན་ལག་བཅད་པས་མཚོན་ལས་ཚན་པོ་ཆེ་བསགས་ཚོད་ནས་སྨན་བླ་བཟང་སྤྱོད་སོགས་སྡིག་བཤགས་ཀྱི་རིགས་རྣམས་འཕྲོད་ངོ་ཆེ་བར་སྣང་། ཞབས་དྲུང་ཁྲི་ལྕམ་དེ་ཉིད་ཀྱི་སྐུ་མཆོད་ཀྱེ་རྡོར་སྒྲུབ་


GLG006_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛུམ་བག་དང་བཅས་ལྷོ་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་ཡེར་རེར་བཞུད་པ་བྱུང་བས་ལྷའི་སྲིད་པ་འཛིན་འདྲ་ཞེས་ཁ་དམར་གདགས། དེ་དང་མཐུན་པ་སྲེག་སྦྱངས་དུས་ཨ་དང་དུང་རང་བྱོན་གདུང་ལྕགས་གཅོད་སོགས་མཚན་ལྟས་ལེགས་པར་བྱུང་སྣང་བས་ལྷ་གནས་ཁྱད་པར་ཅན་ཞིག་ཏུ་འཕོས་པ་ཡིན་ནམ་སྙམ། ཁོང་པ་སྐུ་ཚེའི་སྟོད་ལ་གསོ་དཔྱད་ཀྱི་འཆད་ཉན་དང་འགྲོ་དོན་གཉིས་ཀ་འཕེལ་བའི་ཕན་ཡོན་དུ་མཆིས། གསེར་བཏུལ་མ་སྲང་གསུམ་ཞོ་དོའི་གསེར་ཆབ་འཕྲུལ་སྣང་། ར་མོ་ཆེ། དམར་པོ་རི་གསུམ་གྱི་སྐུ་བརྙན་ཕལ་ཆེ་བར་སྒྲོན། རྡོ་དགའ་ལྡན་རྣམ་རྒྱལ་གྱི་ཁོག་རྙིང་ལ་ཇོ་བོ་རྒྱལ་མཚན་པ་ཡིན་ཟེར་བ་བབས་པའི་རྟ་སྟག་གདན་དཀར་ཡོལ་གསོལ་མཆོད་དགོས་ཚུལ་བྱུང་བ་ལྟར་དང་དགའ་གདོང་སྔགས་རམས་པས་གསེར་ཟངས་ལས་གྲུབ་པའི་འདྲ་འབག་བཞེངས་པའི་སྨོན་ལམ་བརྩམས ལྷ་ས་དཀྱིལ་འཁོར་སྡིངས་སུ་འབྲས་སྤུངས་བདེ་ཡངས་པ་གྲ་པ་བརྒྱས་ཞག་ལྔའི་རིང་ཇོ་ཤཱཀ་ལ་མཆོད་འབུལ་བཟབས་རྒྱས་ཐོག་བཟང་སྤྱོད་བྱམས་སྨོན་ལྟུང་བཤགས་ལ་སོགས་སྡིག་བཤགས་ཀྱི་ཞལ་འདོན་མཛད། རུ་བཞིའི་སྒོ་འགྱེད་ལ་ཏཱ་ཚང་ཉག་དོ་རེའི་རྩིས་ཇ་སྦག་ཆིག་བརྒྱ་བརྒྱད་ཅུ། འདི་གར་བྲོ་འཚལ་བའི་རིམ་གྲོར་དར་རྒྱས་ཆོས་སྡིངས་ནས་གཏེར་སྟོན་རིགས་འཛིན་ཆེན་པོ་གདན་དྲངས། གདོན་འགྲོལ། བྱབ་གཏོར། འཆི་བླུ། མཁའ་འགྲོ་དང་སྡེ་བརྒྱད་ཀྱི་གྲིབ་སེལ་རྣམས་རིམ་པར་གནང་ཞིང་རྒྱ་འདྲེ་འགོང་པོར་དམིགས་པའི་དྲག་དམར་གྱི་སྒྲུབ་པར་གཏོར་བཟློག་དང་བཅས་སྨིན་རྒྱས་སུ་མཛད།


GLG006_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཐའི་ཇི་བསོད་ནམས་ལྷའི་དབང་ཕྱུག་སྐུ་གཤེགས་པའི་བསྔོ་བྱང་འབྱོར་དོན་ལྟར་དགེ་བ་རྫོགས་བྱང་དུ་བསྔོས་ཤིང་དགོངས་རྫོགས་ཐེབས་ཀྱི་བདོག་པ་བསྟར།ཕུར་སྒྲུབ་དང་འཇམ་དཔལ་དུས་དགྲའི་དབང་པོའི་ཟོར་སྒྲུབ་གཉིས་སྔར་འཁྱུད་ངོས་ངེད་རང་ནད་མཇུག་སྟབས་འགྲོ་མ་ཐུབ་རུང་གྲ་ཚང་ནས་མེ་འབྲུག་གནམ་ལོ་ཚེས་པའི་སྲིད་གསུམ་བདག་མོ་མཆོད་པ་དང་མཆོད་ཡོན་གཉིས་གཙོ་བོར་གྱུར་པའི་ལོ་གསར་གྱི་དགའ་སྟོན་ཉིན་གསུམ་སྔ་འཁྱུད་ཐོག་ཆཱན་སུའི་གྱི་མི་སྣ་ཧཱའི་ཆའུ་ལུང་དང་ལང་ལང་སུ་ཁལ་ཁ་ཨོ་རོད་ཀྱི་གསེར་ཡིག་པས་མཚོན་ཕྱོགས་འདུས་མང་པོར་གཞིས་ལེན་བཟབས། ངེད་རང་གི་གཞོགས་སུ་སྡེ་པ་བློ་བཟང་མཐུ་སྟོབས། གཏེར་སྟོན་རིན་པོ་ཆེ་སོགས་ནང་སྐོར་ཁ་ཤས་ལ་བཞུགས་གྲལ་དང་རྒྱལ་པོ་སྲས་བློན་ཉུང་བསྡུས་ལ་ཇ་གྲལ་བཏང་། སྡེ་པ་ཅུང་ཟད་བསྙུང་བའི་རྩ་མ་བདེ་བ་སྒོས་ཀྱི་དགྲ་ལྷར་སོང་གཤིས་ཐང་ཆེན་བཤན་པ་ལག་དམར་ལ་གསོལ་མཆོད་བཟབས་རྒྱས་འབུམ་ཐང་བསོད་དབང་འབུལ་བར་བཏང་བའི་སྡེབས་སུ་ཚན་གྲངས་སྤྱན་གཟིགས་དང་བཅས་ཀ་འཕྲེང་ལས་བརྩམས་པའི་འཕྲིན་ཤོག །དྲུང་འཚོ་དར་མོ་བས་ལྷ་ས། ར་མོ་ཆེ། པོ་ཏ་ལ་གསུམ་དུ་བརྒྱ་མཆོད་སྙན་ཤལ། གྲ་ཚང་དུ་གྲ་ཇ་བཅུ་མཁའ་འགྲོ་ལྔར་སྙན་དར་སྣ་ལྔ་ཕུལ་བའི་ཁ་བྱང་། དྲུང་འཚོ་ངག་དབང་ལྷག་བསམ་གྱིས་མཁར་རྒྱར་འཕན་ཕུལ་བའི་ཁ་ཡིག་སྔགས་རམ་པ་བསོད་ནམས་རྒྱལ་མཚན་དང་དགེ་སློང་ཡོན་ཏན་དཔལ་བཟང་གཉིས་ཀྱིས་ཚེ་བདག །དགེ་སློང་དཔལ་རྒྱམ་པ། བློ་བཟང་དཔལ་འབྱོར། གཉོས་གུང་རུ་བ་


GLG006_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་དབང་རྒྱལ་ལྷུན་གྲུབ་གསུམ་གྱིས་ཞི་ཁྲོ་བཀའ་བརྒྱད། སྔགས་རམས་པ་བློ་བཟང་སྐྱེས་མཆོག་གིས་ཐུགས་སྒྲུབ་དྲག་པོ་རྩལ། བློ་བཟང་ཐབས་མཁས་ཀྱིས་ཀརྨ་གུ་རུ་རྣམས་ཀྱི་གཞི་བསྙེན་གཏོང་བཅུག་སྐབས་དགོས་ཚུལ་ལྟར་བླ་མ་ཡི་དམ་རང་སེམས་དབྱེར་མེད་དུ་གསོལ་བ་བཏབ་ཆོག་པ། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་རི་བོ་ཆོས་གླིང་དུ་གོས་རྟགས་བརྒྱད་རི་མོ་ཅན་གྱི་གནམ་རྒྱན། འབྲུག་རིས་མའི་རྒྱལ་མཚན་བཞི་ཕུལ་བའི་ཁ་བྱང་། འཕྱོང་རྒྱས་པ་བློ་བཟང་ཆོས་ལྡན་གྱིས་སྨོན་ལམ་ཆེན་མོར་གྲ་སྐོར་བྱས་པའི་ཚེ་གྲ་ཚང་དུ་དངུལ་སྲང་ཉེར་གསུམ་ལས་གྲུབ་པའི་ཀོང་ཕུལ་བ་དང་། རྡ་པ་བློ་བཟང་མཐུ་སྟོབས་ཀྱིས་གྲ་ཚང་གི་དགེ་སྐོས་ཀྱི་འཇོག་ལ་དངུལ་སྲང་བཅུ་གསུམ་གྱི་པད་སྡེར་ཕུལ་བའི་ཁ་བྱང་། དགེ་སློང་འཇམ་དབྱངས་གྲགས་པས་ནུ་བོ་བཀྲ་ཤིས་ཐོག་ཆོད་ཀྱི་དོན་དུ་སྨན་བླ་རིན་འབྱུང་མི་འཁྲུགས་པ་གསུམ་གྱི་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག་སྨོན་ལམ། དྲི་མེད་བཤགས་རྒྱུད་སྔ་སོར་པར་བརྐོས་གྲུབ་པ་རྒྱུད་ཁ་ཤས་དང་བསྟུན་ཚེ་དག་མ་དག་ཅི་རིགས་སྣང་བ་ཞུས་དག་དང་ཞབས་དྲུང་བྱང་པའི་ཕྱག་དཔེ་ཕྱག་དྲེག་མ་གཞན་རྣམས་དང་ཚིག་ཟུར་ཅུང་མི་མཐུན་པ་འདུག་པ་བསྟན་རྒྱུན་ལ་དམིགས་ནས་བརྐོས་རྒྱུའི་པར་བྱང་ལེ་ཚན། བློ་བཟང་ཐབས་མཁས་ཀྱི་ཉམས་ལེན་དུ་ཀརྨ་གུ་རུའི་བསྙེན་ཡིག །རྫིང་ཕྱི་མཁན་ཆེན་ཅོ་ནེ་ཆོས་རྗེ་བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས་སུ་གཞུང་སྤེལ་བར་འབྱོན་པའི་སྟ་གོན་དུས་གསུང་གིས་བསྐུལ་བའི་བླ་མ་དང་རིགས་གསུམ་མགོན་པོ་དབྱེར་མེད་དུ་གསོལ་བ་འདེབས་པའི་ཚིགས་


GLG006_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་གོང་དཀར་ཆོས་སྡེའི་འཆད་ཉན་པ་དཀྱིལ་འཁོར་རྒྱ་མཚོའི་འབྱུང་གནས་རྡོ་པ་ཆོས་རྗེ་དགེ་བའི་དབང་པོའི་ཞལ་འདོན་དུ་བདག་བསྟོད་དང་། བླ་ཆེན་ཤཱཀྱ་རྡོ་རྗེའི་གསོལ་འདེབས་རྣམས་བྲིས། སྡེ་པ་བསྙུན་པའི་སྐུ་རིམ་དུ་བྲག་དབར་བ་བརྒྱས་བརྒྱད་སྟོང་པ་ཆིག་སྟོང་ལྔ་བརྒྱ་བཅུ་བདུན། གདུགས་དཀར་དྲུག་སྟོང་། སྒྲོལ་མ་ཤེར་སྙིང་ཆིག་ཁྲི་ལྔ་སྟོང་། ཚེ་གཟུངས་སུམ་ཁྲི། ཚེས་དགུར་རིག་འཛིན་ཆེན་པོ་ཐར་པ་གླིང་གི་ཞིག་གསོས་ཀྱི་ཐུགས་བྲེལ་སྟབས་སྲི་ཞུ་བགྱིས་ཏེ་ཆིབས་ཁ་བསྐྱོད། སྡེ་པ་བློ་བཟང་མཐུ་སྟོབས་འདི་ལོ་སྨན་འདམ་གྱི་སྐུ་བསྙན་གྲ་ཚར། རྒྱལ་བའི་བཀའ་འགྱུར་རོ་ཅོག །དངུལ་གདུང་སོགས་རྟེན་བཞེངས་མང་བར་མཛད་པའི་ཁྱད་ནས་ཟང་རིར་ཚེས་བཅུ་གཉིས་ལ་ཐོན་པའི་སྔོན་འགྲོར་གསེར་དངུལ་གོས་དར་ཇ་རས་སོགས་ཀྱི་སྟེར་ཆ་བཟབས་པར་བྱས། རིགས་འཛིན་པདྨ་གླིང་པས་སྨན་མདོ་ནས་གདན་དྲངས་པའི་རྟ་ཕག །ཐུགས་སྲས་ཟླ་བ་བསམ་ཡས་སུ་རབ་གནས་ལ་བྱོན་སྐབས་ཆུར་ཤོར་ནས་ཟླ་གཉིས་ཙམ་སོང་ཡང་མ་གནོད་པར་ཉ་དོལ་གྱི་ཁྲོད་ནས་བཏོན་པ་རྗེ་སྣ་ཚོགས་རང་གྲོལ་གྱི་ཕྱག་ཏུ་བྱུང་བའི་ངོ་མཚར་ཅན། སློབ་དཔོན་ཆེན་པོས་བཟའ་བདུད་དམ་ལ་བཏགས་པའི་ཕྱག་རྡོར་ཉང་གི་གཏེར་མ། རྒྱལ་བ་བཙོང་ཁ་པའི་སྐུ་བརྙན་བཀྲ་ཤིས་རྡོ་ཁ་མ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྐུ་མེ་ཐུབ་མ་སོགས་སྐུ་གསུང་ཐུགས་རྟེན། སྦུབ་སིལ་གྱིས་མཚོན་པའི་འཕྲལ་གྱི་ཉེར་དཔྱད་གང་དགོས་དང་། ལོ་ལོ་བཞིན་གསེར་ཞོ་ཕྱེད་ཉིས་བརྒྱ། རྒྱ་དངུལ་སྲང་ཕྱེད་ཉིས་བརྒྱ་རྣམས་ཡོང་བའི་འཛིན། གཟུངས་བཞུགས་ལ་འབུལ་


GLG006_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་བྱིན་རྟེན་རྣམ་གྲངས་མང་བ། འབྱོན་གདོང་དམག་ཟོར་མའི་ཞལ་ཐང་དང་བཅས་བཀའ་བསྒོ་རྒྱས་པར་བྱས། སྨོན་ལམ་ཆེན་མོ་སྔར་རྒྱུན་ལྟར་ཚུགས་པར་དགེ་འདུན་དྲུག་སྟོང་ཉིས་བརྒྱ་ལྔ་བཅུ་སྐོར་ལ་གྲ་པ་བཅུར་ཡ་ཇུ་བར་ཁག་རེ་དང་མཐའ་གྲལ་ལ་ལྔ་རེར་འགོ་ཁག་རེའི་རྩིས་ཁྱོན་ཁོར་དྲུག་མ་ཆིག་བརྒྱ་ཉེར་ལྔ། གྲ་པ་རེར་དངུལ་ཞོ་དོ་རེའི་རྩིས་ཀྱི་གོས་སྣ། དཀར་ཡོལ། བཟེད་ཞལ། ཆབ་རིལ རྟ་སྒ་ཆས་སོགས་ཀྱི་སྤོང་དག །གྲ་པ་བཅུ་རེར་ཁམས་དངུལ་ཞོ་རེའི་རྩིས་འགྱེད་གསུམ་གྱིས་བསྙེན་བཀུར། ཞིང་མོ་ཆེ་བ་འཕྲིན་ལས་སྡེ་པ་བློ་བཟང་མཐུ་སྟོབས་ཀྱི་ལག་གཡོག་ཏུ་འགྱུར་པ་བྱུང་འདུག་པས་དགོས་ཚུལ་ལྟར་ལྷ་ས་གད་པོ་ཤག་པའི་མག་པ་དང་རྣམ་རབ་བློ་རྩ་ཁུངས་ཀྱི་མི་སེར་དུད་འཛིན་བཅུ། ལག་འབབ་དྲུག་བརྒྱ་གྱ་དགུ་སྤྲད། གྲ་ཚང་དུ་དཔལ་ལྡན་དམག་ཟོར་མའི་བསྐང་བཤགས་ཞག་བཅུའི་བར་བཏང་བས་ནད་མཇུག་ལ་འཕྲོད་པ་བྱུང་། བཟང་ལྡན་ཆོས་སྡེ་པ་བཀའ་ལྔ་པ་ངག་དབང་ནོར་བུས་བྱམས་ཆོས་སྡེ་ལྔ་དང་དྭགས་ལྷ་སྒམ་པོའི་གྲ་པ་ཆོས་དབྱིངས་རབ་བརྟན་གྱིས་བཀའ་ཐང་ཤེལ་བྲག་མའི་རྒྱུགས་སྤྲད། དགེ་རྒྱས་ངག་དབང་རྡོ་རྗེ་ཅན་གྱི་རྟ་ཉེར་དྲུག་བྱུང་། ཚེས་ཉི་ཤུའི་ཉིན་ཚོམས་ཆེན་མོར་མཆོད་ཡོན་གཉིས་དང་ལྷན་ཅིག་པར་ཆཱན་སུའི་གྱི་མི་སྣ་གཙོ་བོ་ཧཱའི་ཆའུ་ལུང་དང་ལང་ལང་སུ་གཉིས་འབྲིང་ཤེའུ་པེའི་བདུན། དེ་འོག་གཡོག་དང་བཅས་བདུན་ཅུ་སྐོར། ཁལ་ཁ་ཁུན་དུ་ལེན་དུར་གེ་ཆི། དའི་ཆིན་ཁོ་ཤོའུ་ཆི། ཨེ་བུ་གེན། སེ་ཆེན་རྒྱལ་པོ། ད་ལའི་ཧུང་ཐའི་ཇི། དགའ་ལྡན་དར་རྒྱས། ཐོར་གོད་ཚེ་རིང་རྣམས་ཀྱི་མི་སྣ་སོགས་སྐྱ་སེར་


GLG006_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྒྱ་སྐོར་ལ་གཞིས་ལེན་བཟབས་རྒྱས་ཀྱི་ཐོག་ཆཱན་སུའི་གྱིས་འདི་གར་ཡི་གེ་སྒམ་བཅས། རྟེན་གསེར་དབུས་ཞོ་ཁྲི་ཚོ་ལས་གྲུབ་པའི་གསེར་གྱི་ཁོག་མ། སྐྱོགས། མདོང་མོ་བཞི། དངུལ་སྲང་ཁྲི་ཚོ། ལྗངས་ཇ་རྒྱ་ཁལ་ཁྲི་ཚོ་རྣམས་དང་དཔོན་མོས་གའུ། བཞི་ནས། ཝང་ཅ་སྐྱོན། སྦ་ཡན། ལེའུ་ཤན་སོགས་ཀྱི་བསྐུར་མ། སྡེ་པ་དང་རྒྱལ་པོ་སོ་སོར་གསེར་མདོང་ཆ་རེར་དབུས་ཞོ་ལྔ་སྟོང་དོན་བརྒྱད་རེ། དངུལ་སྲང་སྟོང་ཕྲག་ལྔ་རེ། ལྗངས་ཇ་རྒྱ་ཁལ་ལྔ་སྟོང་རེ། ཁལ་ཁ་ཨོ་རོད་ཀྱི་རྒྱལ་པོ་དང་དཔོན་སོ་སོའི་རྟེན་ཆས་སོགས་སྲིད་པའི་འབྱོར་པ་ཕྱུར་བུར་སྤུངས་པ་སྙིགས་དུས་ཀྱི་རབ་ཏུ་བྱུང་བ་ཚོའི་རྙེད་པའི་མཆོག་ལེགས་པར་རྙེད་པའི་རྩེར་སོན། རྣམ་གླིང་པཎ་ཆེན་དང་ས་བ་གྲུ་པ་ལྷ་དབང་རྡོ་རྗེ་གཉིས་ཀྱིས་འཕྲོས་གཏམ་བགྱིས། བཞུགས་གྲལ་དངོས་གཞི་གྲོལ་ནས་རྒྱ་སོག་གི་མི་སྣ་སོ་སོར་ངོས་ཀྱི་དྲི་མལ་བྱས། ཕྱི་དྲོ་རྫིང་ཕྱི་མཁན་པོ། ཕ་བོང་ཁ་པ། སེར་སྟོད་ཟུར་པ། བདེ་འབྱོར་གྲ་ཚང་། མྱུག་ཆོས་གླིང་། འཕེལ་རྒྱས་གླིང་། གསང་དོ་བོ་མགོ་རྣམས་ཀྱི་བླ་མ། མདོ་པ་ཆོས་རྗེ། སྤོ་བོ་བན་གྲོང་པ། དཔལ་དེ་རས་ཆེན། སྟག་ལུང་ཁྲི་པའི་ཕྱག་མཛོད། པར་ཞུས་པ་བཞི། ཡིག་མཁན་བཞི། པར་པ་སོ་བརྒྱད། ཟུར་ཁང་ཤར་པའི་ལྕམ། རྣམ་སྲས་གླིང་པ་བཀྲ་ཤིས་རབ་བརྟན་རྣམས་དང་ཕྲད་ཅིང་ཀརྨ་ལྷ་ཁང་གི་སྐུ་སྐྱེར་ཆོས་དབང་བསྟན་འཛིན་རྒྱ་མཚོར་བཏགས། ཉེར་བཞི་ལ་དགའ་ལྡན་ཁྲི་རིན་པོ་ཆེ་བྱམས་པ་བཀྲ་ཤིས་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཞོར་ངོས་ཀྱི་མཇལ་བ་ལུགས་གཉིས་དང་འབྲེལ་པའི་གསུང་གླེང་འཕེལ་ཞིང་བབས་ཆགས་པར་སྣང་། འབྲས་སྤུངས་པའི་


GLG006_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ལས་སྣེ་བ་སོགས་ལ་ཇ་གྲལ་བཏང་། ལྷ་ས་བྱང་གླིང་པས་མཆོད་ཡོན་ལ་བསྙེན་བཀུར་གྱི་སྐལ་བའི་དཀར་སྤྲོ་དམར་སྤྲོའི་གཞིས་ལེན་སྟེར་ཆ་སོགས་སྤམས་མཐོ་བ་བཏེག །སྦུས་སྲང་གསེར་ཁང་པས་དཀར་སྤྲོའི་སྤོམ་འབུལ་བསྟར། ཆོས་འཁོར་ཡང་རྩེའི་གྲ་པ་བློ་བཟང་ཚེ་རིང་གིས་གསར་རྩོམ་ཕར་ཕྱིན་གྱི་རྒྱུགས་སྤྲད། ཉེར་བརྒྱད་ལ་པར་པ་ཚོར་རྟ་མགྲིན་སྐྱེར་སྒང་ལུགས། གུར་ནས་བཤད་པའི་འབྱུང་འདུལ། ཆཱན་སུའི་གྱི་མི་སྣ་ཉུང་བསྡུས་ལ་ཚེ་དབང་གྲུབ་རྒྱལ་མ། འཇམ་དབྱངས་ཨ་ར་པ་ཙ་ན་གཙོ་རྐྱང་། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། རྫིང་ཕྱི་མཁན་པོ་ཅོ་ནེ་ཆོས་རྗེ། རབ་བརྟན་ཧུང་ཐའི་ཇིའི་དགེ་ཚུལ་ནོ་གོན་དྷ་ར། ཀོང་པོ་དར་ཁན་ཨེམ་ཆི། སེ་ཆེན་རྒྱལ་པོ་སོགས་ཀྱི་མི་སྣ་ཁག་རྣམས་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། འབྱུང་འདུལ་གྱི་རྗེས་གནང་རྣམས་བསྐུར། སེ་ཆེན་རྒྱལ་པོའི་མི་སྣ་ནོ་ཡོན་དབོན་པོ། ཕུན་གླིང་པར་ཞུས་པ་གསུམ་སོགས་དགེ་སློང་བཅུ་གསུམ། ཐར་རྒྱས་ཆོས་མཛད་སོགས་དགེ་ཚུལ་ཉེར་བཞི་རྣམས་བསྒྲུབས། དོལ་ཆོས་རྫོང་པར་ཡར་རྒྱབ་བྱང་པ་སོགས་མང་པོས་ཕུལ་པའི་རང་བྱོན་རིང་བསྲེལ་སྐུ་བརྙན་སོགས་མང་ཙམ་ཡོད་པ་རྣམས་དོལ་གསུང་གླིང་པར་བྱུང་འདུག་པ་ནས་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་ཞུན་ཐིགས་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྣང་བརྙན་གྱི་མཐར། རྗེ་བཙུན་གྲགས་པ། ས་པཎ། བྱང་སེམས་ཟླ་རྒྱལ། ཇོ་མོ་ཚ་རྩི་མ། རྒྱལ་སྲས་ཐོགས་མེད། རྒྱལ་ཐང་པ། མཁན་ཆེན་དོན་ཡོད་རྒྱལ་མཚན། མཁན་ཆེན་གྲགས་རྒྱལ་བ་རྣམས་ཀྱི་ཡུང་བྲུ་ལྟ་བུའི་རིང་


GLG006_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེལ་གྱིས་བསྐོར་ཞིང་། མི་ལའི་རས་གོས། ཁ་ཆེ་པཎ་ཆེན། ས་པཎ། ཁྲོ་ལོ། བུ་སྟོན་རྣམས་ཀྱི་དབུ་ལོ་བཞུགས་པའི་གནྡྷོ་ལ། འཕགས་ཆེན་བསོད་ནམས་དར་གྱི་ཚེམས་རིང་བསྲེལ་ཅན་བཞུགས་པའི་དངུལ་གདུང་། དེ་བཞིན་གཤེགས་པའི་གདུང་ཤ་རཱི་རམ། བྲམ་ཟེ་མཆོག་སྲེད། ཤ་བོ་སྒང་པ། རྗེ་བཙུན་གྲགས་པ། ཀུན་མཁྱེན་དོལ་བོ་བ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྒྱལ་སྲས་ཐོགས་མེད། དགྲ་བཅོམ་པ་གཞོན་ནུ་བྱང་ཆུབ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་རྣམས་ཀྱི་རིང་བསྲེལ། རྗེ་དུས་གསུམ་མཁྱེན་པ། འཕགས་ཆེན་བསོད་ནམས་དར། འཕགས་དབོན་གསུམ་གྱི་ཚེམས། དགེ་སློང་མ་དཔལ་མོའི་དབུ་ཀླད་རིང་བསྲེལ་གྱི་གོང་བུ་ཅན། ཕ་དམ་པའི་གདུང་། ཀརྨ་པ་ཤིའི་ཐུགས་རིང་བསྲེལ་ཅན་དུང་དཀར་གཡས་འཁྱིལ་གྱིས་མཚན་པ་རྣམས་བཞུགས་པའི་གསེར་ཟངས་ཀྱི་རྣམ་རྒྱལ་མཆོད་རྟེན། པཎ་ཆེན་ནགས་རིན་དང་འཕགས་དབོན་གྱི་ཞུན་ཐིགས་བཞུགས་པའི་གབ་ཙེ། གཉགས་དབོན་གྱི་སྐུ་ཅོག་གང་མ་ཆེ་གྲ་མེ་ཐུབ་མ། དུས་འཁོར་རྒྱ་ནག་མ་ཙནྡན་དཀར་པོ་ལས་གྲུབ་པ་དངོས་གཙང་བ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཀཱ་མ་རཱུ་པའི་རྡོ་ལས་གྲུབ་པ། ཙནྡན་གོཪྵི་ཥ་ལས་གྲུབ་པའི་བཅུ་གཅིག་ཞལ་གྱི་སྐུ། མཁན་པོ་བོདྷི་ས་ཏྭའི་ཞབས་རྗེས་ལ་འོད་ཟེར་འཕྲོས་པའི་ལྷས་བསྐོར་བའི་བྲིས་ཐང་། འཕགས་དབོན་གྱི་ནང་མཆོད་ཀ་པཱ་ལ་མཁའ་འགྲོ་སྡེ་ལྔའི་སྣང་བརྙན་རང་བྱོན་ཡོད་པ། ཧོར་ཇུས་ཀྱི་རྟེན་ཁེབས། རྗེ་བཙུན་གྲགས་པ། ས་པཎ། འཕགས་པ། བླ་མ་དམ་པ། ཐེག་ཆེན་ཆོས་


GLG006_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྣམས་ཀྱིས་རིམ་པར་དབང་གདན་དུ་བསྟར་བའི་བྱིན་རྟེན། མཉམ་མེད་ཇོ་བོ་ཆེན་པོའི་ཆོས་དུང་སོགས་ཕོ་བྲང་འདིར་བཞུགས་འོས་རྣམས་རྩིས་བླངས་ཤིང་འཕྲོས་རྣམས་ཕྱིར་སློག །ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་དཔོན་མོ་བསོད་ནམས་ཆོས་འཛོམ