cover

རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

གླེགས་བམ། ཐ༽

ངག་དབང་བློ་བཟང་རྒྱ་མཚོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ཐ་བའི་དཀར་ཆག


GLG010_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ཐ་བའི་དཀར་ཆག་བཞུགས་སོ།


GLG010_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཕྱག་ན་པདྨོ་ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་འབུམ། ༼ཐ༽ པར་བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟར་ཤོག་གྲངས་ ༡༤ བཀའ་གདམས་རིན་པོ་ཆེའི་ཐིག་ལེ་བཅུ་དྲུག་གི་རྒྱུན་འཁྱེར་དབང་ཁྲིད་ཀྱི་ལེགས་བཤད་ཕུལ་བྱུང་དགོངས་རྒྱན་ལ་ཤོག་གྲངས་ ༡༦ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུན་འཁྱེར་གྱི་རྣལ་འབྱོར་རེ་གཟིག་བཀླག་ཆོག་ཏུ་བཀོད་པ་ལ་ཤོག་གྲངས་ ༢༠ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་རབ་དཀར་བདུད་རྩིའི་བུམ་བཟང་ལ་ཤོག་གྲངས་ ༦ འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་ལུང་ལ་ཤོག་གྲངས་ ༡༧ འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་མཐོ་རིས་དབང་གི་ཆུ་རྒྱུནལ་ཤོག་གྲངས་ ༤༣ དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་ལ་ཤོག་གྲངས་ ༡༨ དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་དཀྱིལ་འཁོར་དཔའ་བོའི་གྲོང་འཇུག་ལ་ཤོག་གྲངས་ ༤༣ ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་ལག་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་བཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིག་ལ་ཤོག་གྲངས་ ༦ ལམ་


GLG010_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ནང་མའི་བླ་མའི་རྣལ་འབྱོར་མཐོ་རིས་དབང་གི་ཆུ་བོར་ཤོག་གྲངས་ ༥ ལམ་ཟབ་ཕྱི་མའི་ཉམས་ལེན་གནད་སྒྲིལ་འཇུག་བདེར་ཤོག་གྲངས། ༦ གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས་བསྟན་པ་རྒྱས་བྱེད་ཅེས་བྱ་བ་ལས་བུམ་དབང་གི་རྨི་ལམ་མན་གྱི་ཟིན་བྲིས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བར་ཤོག་གྲངས་ ༡༥ ཟབ་ལམ་འཕོ་བའི་མན་ངག་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ལ་ཤོག་གྲངས་ ༦ ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་ཁྲིགས་སུ་བསྡེབས་པར་ཤོག་གྲངས་ ༥ རྣམ་རྒྱལ་འཇོམས་སོགས་ལ་དགོས་པའི་གསོ་སྦྱོང་གི་ཆོ་ག་ལ་ཤོག་གྲངས། ༥ ཛེ་ཏཱ་རི་ལུགས་ཀྱི་རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་འཆི་མེད་དཔལ་སྟེར་ལ་ཤོག་གྲངས་ ༩ རྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ངན་སོང་ཚ་གདུང་ཀུན་སེལ་ག་བུར་གསར་པའི་ཆུ་རྒྱུན་ལ་ཤོག་གྲངས་ ༡༦ རྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་འཕྲིན་བསྙེན་པ་རྗེས་གནང་སོགས་ཀྱི་ཉམས་ལེན་མཆོག་ཐུན་དངོས་གྲུབ་འདོད་དགུའི་སྙེ་མ་གཡུར་ཟའི་ནང་ཚན་ཡི་དམ་ཞི་ཁྲོ་སོ་སོའི་མཚན་བྱུང་དགོད་པར་ ༡ན༡ འཇམ་དབྱངས་ལུས་དཀྱིལ་གྱི་སྒྲུབ་ཐབས་འདོད་འཇོའི་གཏེར་མཛོད། ༡བ༡ འཇམ་དབྱངས་སྒྲུབ་ཐབས་ཤེས་རབ་ཀུན་ཕན་གསར་པ་ ༧བ༢ སྦྱན་


GLG010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་ཕྱག་བཞི་པའི་སྒྲུབ་ཐབས་ ༧ན༥ སྣར་ཐར་བརྒྱ་རྩའི་ལུགས་ཀྱི་མི་གཡོ་སྔོན་པོའི་སྒྲུབ་ཐེབས་ཨུཏྤ་ལའི་ཆུན་པོ་ཆེན་པོ་ ༡༠ན༦ འཇམ་དབྱངས་དམར་སེར་ཀྱི་སྒྲུབ་ཐབས་ ༡༠བ༣ ཐུན་མཆོག་ཉུང་ངུ་། ༡༡བ༣ རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དབང་ཆེན་དགྱེས་པའི་རོལ་གར། ༡༤བ༤ སྤྱན་རིས་གཟིགས་ཀྱི་སྒྲུབ་ཐབས་སྲིན་ཞིའི་གཙུག་རྒྱན། ༡༦བ༤ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། ༡༨བ༡ འཇམ་དབྱངས་ཨ་ར་པ་ཙའི་སྒྲུབ་ཐབས་ཤེས་རབ་སྣང་རྒྱས། ༢༠བ༣ འཇམ་དབྱངས་ཆོས་སྐོར་ནང་ཚན་བདེ་མཆོག་དཀར་པོའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་། ༢༥ན༤ བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས། ༢༧ན༦ རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས། ༣༡བ༢ སེང་ལྡེང་ནགས་སྒྲིལ་གྱི་སྒྲུབ་ཐབས། ༣༣ན༡ སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་རི་བོ་གྲུ་འཛིན་དུ་བགྲོད་པའི་ཐེམ་སྐས། ༣༦ན༦ སྤྱན་རས་གཟིགས་ཡིག་དྲུག་སྒྲུབ་ཐབས་ཕན་བདེའི་གཏེར་མཛོད། ༣༧ན༢ རྡོ་རྗེ་སེམས་དཔའི་སྒོམ་བཟླས། ༣༧བ༦ པདྨོ་ལུགས་ཀྱི་སྨྱུང་བར་གནན་པའི་ཕྱག་ལེན་ཟུར་རྒྱན། ༤༡ན༥ སྨྱུང་ཆོག་བསྡུས་པ། ༤༤ན༣ རིལ་སྒྲུབ་ལག་ལེན། ༤༥ན༥ འཇམ་དཀར་སྒྲུབ་ཐབས་ཤེས་རབ་གསལ་བྱེད་མ་ཏིའི་ལུགས། ༤༧ན༦ དབང་ཆེན་ཡང་གསང་ཁྲོས་པའི་སྒྲུབ་ཐབས། ༥༠ན༥ གྲུབ་རྒྱལ་ནས་གསུངས་པའི་ཐུགས་རྗེ་ཆེན་པོ་འཇིར་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ༥༡བ༡ རྡོ་རྗེ་སེམས་དཔའི་སྒོམ་བཟླས། ༥༢བ༢ ཇོ་ལུགས་ཛཾ་དཀར་སྒྲུབ་ཐབས་ཆུ་སྦྱིན་དང་གཏོར་མ་ལ་བརྟེན་ནས་སྒྲུབ་པ། ༥༥ན༡ ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས། ༥༥ན༥ ལྷ་བཞིའི་ནང་མཚན་གྱི་མི་གཡོ་སྔོན་པོའི་སྒྲུབ་ཐབས། ༥༦བ༥ ཟབ་


GLG010_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་འཆི་མེད་དཔལ་སྟེར་རྒྱུན་འཁྱེན། ༥༧ན༢ འོད་དཔག་མེད་ཀྱི་སྒྲུབ་ཐབས། ༥༧བ༡ སྤྱན་རས་གཟིགས་ཕྱག་བཞི་པའི་སྒྲུབ་ཐབས། ༥༧བ༥ གྲོལ་ཏིག་ཆོས་སྡེའི་ཁྲོ་བོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས། ༦༠བ༦ སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། ༦༡བ༡ མ་ཎ་རིལ་སྒྲུབ་ཉུང་དུ་རྣམ་གསལ། ༦༦བ༦ འཇམ་དཔལ་ནག་པོའི་ཉམས་ལེན་རྒྱུན་འཁྱེར། ༦༧བ༥ རྟ་མགྲིན་ཤཱ་ན་བཞི་སྐོར་གྱི་སྒྲུབ་ཐབས། ༧༥བ༥ འདྲེན་པ་ཚར་གཅོད་ཀྱི་སྒྲུབ་ཐབས་ཉུང་ངུ་དང་ཚེ་དཔག་མེད་ཀྱི་སྒྲུབ་ཐབས། ༧༦བ༥ རྟ་མགྲིན་གསང་སྒྲུབ་གྱི་པར་རག་ཕྲེང་། ༨༠བ༤ སྣར་ཐར་བརྒྱ་རྩའི་གྲས་མི་འཁྲུགས་གཙོ་རྐྱང་གི་སྒྲུབ་ཐབས། ༨༢ན༡ ཨ་བྷ་ཡཱ་ཀ་རའི་ལུགས་ཀྱི་གདུགས་དཀར་སྒྲུབ་ཐབས་རྡོ་རྗེ་ཕ་ལམ། ༨༣ན༣ ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས། ༨༤བ༣ རྡོར་སེམས་སྒོམ་བཟླས་རྒྱུན་འཁྱེར། ༨༥ན༦ ལྷ་བཞི་གངས་ཅན་དྲི་མེད་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས། ༨༦བ༤ ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། ༨༧བ༥ འཇམ་དཀར་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྟ་ལྗང་དབང་པོ། ༧༤ན༤ དབྱངས་ཅན་ལྷ་མོའི་བསྟོད་པ་ཉུང་ངུ་། ༧༤བ༡ ཨ་བྷ་ཡཱ་ཀ་རའི་ལུགས་འཇམ་དབྱངས་སྒྲུབ་ཐབས་དགའ་ལྡན་བགྲོད་པའི་ཐེམ་སྐས། ༧༦ན༡ བཟང་སྤྱོད་ནས་བྱུང་བའི་ཉལ་སྒོམ་པའི་ཉམས་ལེན་དགའ་ལྡན་ཞིང་གི་འཇུག་ངོགས། ༧༨བ༡ ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ཚོགས་མཆོད་བཅས་བཞུགས་པར་ཤོག་གྲོངས། ༡༠༣ན༤ གཟུར་གནས་བློ་ལྡན་ངོ་མཚར་སྐྱེད་བྱེད་གཟུངས་འབུལ་གྱི་ལག་ལེན་འཁྲུལ་སྤོང་ཉིན་མོར་བྱེད་པ་ལ་ཤོག་གྲངས། ༢༤ སཙྪ་འདེབས་


GLG010_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསལ་བྱེད་ལེགས་ཚོགས་ལྷུན་གྲུབ་ལ་ཤོག་གྲངས། ༣ དཀར་ཆག་བཅས་ཁྱོན་བསྡོམས་ ༣༨༢ བཞུགས།།

བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་བསྒྲུབ་པའི་ཤིང་རྟ།།


GLG010_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་བསྒྲུབ་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


GLG010_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་པྲ་ཛ་བྷྱཿམཧཱ་དཱ་རྫ་ཡནྟུ། ལེགས་བྱས་རིན་ཆེན་བྱེ་བའི་གཏེར་གྱུར་ཡེ་ཤེས་དབུ་བའི་དོ་ཤལ་ཅན། །སྐུ་གསུམ་གོ་འཕང་རླབས་ཕྲེང་སྩོལ་ལ་ནམ་ཡང་ཡོལ་བ་མེད་པ་ཡི། །རྒྱལ་བ་རྒྱ་མཚོའི་བདག་ཉིད་གཅིག་པུ་རྡོ་རྗེ་སློབ་དཔོན་ཞབས་པད་ཟུང་། །གཙུག་གི་རྒྱན་དུ་འབྲལ་མེད་བསྟེན་ནོ་དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །བློ་གྲོས་ཡངས་པའི་དགའ་ཚལ་གསར་པ་ལས། །མཁས་བཙུན་བཟང་པོའི་དཔག་བསམ་ཡོངས་འདུའི་ལྗོན། །གྲགས་སྙན་ལོ་འབྲས་དུད་པའི་རྐང་འཐུང་དབང་། །བསླུ་མེད་འདྲེན་པ་ཁྱོད་ནི་གཏན་གྱི་སྐྱབས། །རྒྱལ་ཀུན་ཡབ་གཅིག་ཟུར་ཕུད་ལྔ་པ་གང་། །བཤེས་གཉེན་དམ་པར་བསྟན་ལ་ངེས་རྙེད་ཕྱིར། །སངས་རྒྱས་རྣམས་ཀྱང་གང་གི་སྐུར་ཚང་བས། ཁྱོད་ཉིད་མཆོད་པ་དངོས་གྲུབ་ཀུན་གྱི་གཞི། །འོན་ཀྱང་སྔོན་རབས་དམ་པའི་གསུང་སྒྲོས་དག །ཅུང་ཟད་རྒྱས་བསྡུས་ཙམ་གྱིས་བསྒྱུར་བ་ལ། །སྦྱར་བྱང་བཀོད་མིན་སྔོན་མེད་ལེགས་བཤད་ཀྱི། །རྗོད་བྱེད་ཚིག་གི་སྙན་འགྱུར་ལྡན་པའི་སྟེང་། །དོན་བཟང་རྒྱུད་སྡེའི་དགོངས་པ་མ་འཕྱུགས་པར། །རྡོ་རྗེའི་སློབ་དཔོན་ཚུལ་བཞིན་དགྱེས་བསྐྱེད་པའི། །ཟུང་འཇུག་བསྒྲུབ་པའི་(༢ན)


GLG010_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟ་ཆེན་པོ་འདི། ཁོ་བོས་ལེགས་བཤད་དོ་རར་འདྲེན་ནོ་ཀྱེ། །བསོད་ནམས་ཞིང་གི་མཆོག་གྱུར་པ། །རྩ་བརྒྱུད་བླ་མ་མཆོད་འདོད་པའི། །བློ་དང་རྣམ་དཔྱོད་བརྩོན་པ་ཅན། །བཟང་པོའི་སྐལ་བ་ལྡན་རྣམས་ཀྱིས། །ཐོག་མར་གནས་ཁང་ཆག་ཆག་གདབ། །དཀོན་མཆོག་སྤྱི་ཡི་རྟེན་རྣམས་དང་། ཁྱད་པར་ལམ་རིམ་བརྒྱུད་པ་སོགས། །ཞྭ་སེར་ཅོད་པན་འཛིན་རྣམས་ཀྱི། །དབང་ཁྲིད་རྒྱབ་རྟེན་ལུང་མན་ངག །མདོ་རྒྱུད་བཤད་སྲོལ་སྩོལ་མཛད་པའི། །བླ་བརྒྱུད་བྲིས་འབུར་རབ་གནས་ཅན། །བཀོད་པས་ཁྱད་པར་མཛེས་པ་བསྟར། །མདུན་དུ་ཆུ་བཞི་ཉེར་སྤྱོད་ལྔ། །བཀྲ་ཤིས་རྟགས་རྫས་རིན་ཆེན་བདུན། །བཟའ་དང་བཅའ་བ་བཏུང་བའི་ཚོགས། །བལྟམས་བྱེད་རིན་ཆེན་མཛེས་པའི་སྣོད། །མཎྜལ་སྣ་ཚོགས་རོལ་མོ་དང་། །གཞན་ཡང་སྟེང་འོག་ཕྱོགས་མཛེས་པའི། ཕན་གདུགས་རྒྱལ་མཚན་བླ་བྲེ་སོགས། །ཅི་འབྱོར་འབད་པ་ཆེན་པོས་བཤམ། །སླ་ཆོས་སེར་སྣས་ཉེར་བཅིངས་པའི། །ངན་ངོན་མཆོད་པའི་ཐན་སྤྲིན་ལ། །དངོས་གྲུབ་ཆར་ཆེན་འབེབས་འདོད་པའི། །གསོལ་འདེབས་དགུན་གྱི་འབྲུག་སྒྲ་བཞིན། །དེ་ཕྱིར་རང་ཉིད་ལེགས་(༢བ)


GLG010_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྣམས། །བཅམ་བུ་གཡོ་སྒྱུའི་ཟོལ་སྤངས་ནས། །བསོད་ནམས་ཚོགས་ཆེན་གྲུ་གཟིངས་ལས། །དོན་གཉིས་ནོར་བུའི་གླིང་དུ་བགྲོད། །ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་། །ཚད་མེད་བཞི་བསྒོམ་སྔོན་བཏང་ནས། །ཕྱི་ནང་གསང་མཆོད་བླ་མེད་བཞིན། །བྱིན་བརླབས་དངོས་གཞི་འདི་ལྟར་རོ། །རྨད་བྱུང་འཁོར་འདས་བརྟན་གཡོའི་ཆོས་མ་ལུས། །ཀུན་རྫོབ་སེམས་ཀྱི་འཁྲུལ་ངོར་བཏགས་ཙམ་ལས། །གདོད་ནས་རང་བཞིན་དག་པ་དབུ་མའི་ལམ། །སྣང་སྟོང་ཟུང་འཇུག་བདེ་བ་ཆེན་པོའི་ངང་། །མདུན་གྱི་མཁའ་དབྱིངས་སྲ་ཁྲེགས་རྡོ་རྗེའི་གུར། །བདུད་དཔུང་སྲེག་པའི་ཡེ་ཤེས་མེ་དཔུང་ནང་། །ཕུན་ཚོགས་རིན་ཆེན་ལྔ་ལས་ལེགས་གྲུབ་པའི། །ཡིད་འཕྲོག་ལྟ་ན་སྡུག་པའི་གཞལ་མེད་ཁང་། །ཕྱི་ནང་མ་ལུས་ཀུན་བཟང་མཆོད་པའི་ཚོགས། །དབྱར་གྱི་ཆར་སྤྲིན་ལྟ་བུར་འཁྲིགས་པའི་དབུས། །གཉིས་འཐུང་གདོང་ལྔའི་དབང་པོ་རྟ་མཆོག་དང་། །རྨ་བྱ་ནམ་མཁའ་ལྡིང་གིས་ལེགས་སྟེག་པའི། །གྲངས་མེད་རིན་ཆེན་ལས་གྲུབ་ཁྲི་སྟེང་དུ། །འཇའ་ཚོན་ལྟར་བཀྲ་དར་ཟབ་བརྩེགས་པའི་སྟན། །སྣ་ཚོགས་པད་མ་རྒྱས་པའི་ཟེའུ་འབྲུའི་རྩེར། །ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་ལྟེ་བར་ནི། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་མཆོག །རྣམ་པ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །སྐུ་མདོག་དཀར་ལ་དམར་བའི་མདངས་འོད་ཅན། །ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ཡིས། །འཇམ་གཉེན་ཨུཏྤལ་ནས་འཛིན་པ། །སྙན་གྱི་ཐད་ཀར་འདབ་མ་རྒྱས་པའི་སྟེང་། །ཤེས་རབ་རལ་གྲི་གླེགས་བམ་རྣམ་པར་མཛེས། །(༣ན)


GLG010_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་ཅན། །མཐོང་བས་རྣམ་གྲོལ་མཚན་དཔེ་ལྡན་པའི་སྐུ། །ཐོས་པས་སྲིད་ཞིའི་འཇིགས་སྐྱོབ་ཚངས་པའི་གསུང་། །དྲན་པས་བདེ་ཆེན་ལ་སྦྱོར་ཀུན་མཁྱེན་ཐུགས། ཁྱབ་བདག་འཁོར་ལོའི་མགོན་པོ་བླ་མ་ཡིས། །གནས་གསུམ་ཨོཾ་དཀར་ཨཱཿ་དམར་ཧཱུཾ་མཐིང་ཁ། །མེ་ལོང་དངས་པའི་གཟུགས་བརྙན་ལྟར་ཤར་པའི། །ཧཱུཾ་ལས་འོད་འཕྲོས་ཟབ་མོ་ལྟ་བ་དང་། །རྒྱ་ཆེན་སྤྱོད་པ་ཉམས་ལེན་བྱིན་རླབས་བརྒྱུད། །མདོར་ན་མདོ་སྔགས་ཆོས་ཚུལ་ཀུན་སྟོན་པའི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་སོགས། །སྐྱབས་གནས་མ་ལུས་བཛྲ་ས་མཱ་ཛཿ མཁའ་ཁྱབ་དོན་དམ་དག་པ་ཆོས་ཀྱི་དབྱིངས། །སྣ་ཚོགས་སྤྲུལ་པའི་དབང་པོ་གཞུ་རིས་ཅན། །བརྗོད་བྲལ་སྒྱུ་འཕྲུལ་དྲ་བའི་གར་མཁན་མ། ཁྱབ་བདག་འཁོར་ལོའི་དབང་ཕྱུག་གནས་འདིར་གཤེགས། །གསང་གསུམ་ཤེལ་དཀར་དྲི་བྲལ་མེ་ལོང་ལ། །མཆོག་གསུམ་དམ་པའི་སྣང་བརྙན་ཀུན་འཆར་བས། དངོས་གྲུབ་གཟིགས་མོར་མཚར་བའི་བྱེད་པོ་མཆོག །ཀུན་འདུས་རྡོ་རྗེ་སློབ་དཔོན་འདིར་གཤེགས་ཤིག །མི་ཕྱེད་དད་པའི་ཤིང་རྟ་ཆེན་པོ་ཡིས། །ཡེ་ཤེས་འཁོར་ལོའི་ལྷ་ཚོགས་ཡིད་བཞིན་ནོར། །འགྲོ་བའི་བསོད་ནམས་རྒྱལ་མཚན་རྩེར་འགོད་ཕྱིར། །གནས་འདིར་སྤྱན་འདྲེན་ཐོགས་མེད་ད་ཚུར་བྱོན། ཨོཾ་ཨཱུ་ལཻརྨྨ་ལ་སྱ་གུ་རུ་བུངྔྷ་བོ་ངྷི་ས་ཏྭ་ས་པ་རི་ཝ་ར་ཛཿཧཱུཾ་བཾ་ཧོཿ མཐོ་བརྩེགས་ཁྲོམ་ཚོགས་ནོར་བུ་ལུགས། །རང་རང་མོས་པ་དང་སྦྱར་ནས། ཡུལ་དེར་བསོད་ནམས་ཚོགས་གསོག་པའི། །ཡན་ལག་བདུན་ལས་ཐོག་མའི་ཕྱག །གྲངས་མེད་དཀྱིལ་འཁོར་(༣བ)


GLG010_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བའི་གླིང་བཞི་ལ། ཁྱབ་བདག་རིགས་ཀྱི་གསེར་སྦྱངས་འཁོར་ལོ་ཡིས། །དམ་པའི་ཆོས་ཀྱི་སྲིད་ལ་དབང་སྒྱུར་བའི། །དཔལ་ལྡན་བླ་མ་དམ་པར་ཕྱག་འཚལ་ལོ། །མཚན་བཟང་བཅུ་དྲུག་ཆ་ཤས་ཡོངས་རྫོགས་པས། །མཐོང་ན་མི་མཐུན་མེད་པའི་བཤེས་གཉེན་གཟུགས། །འགྲོ་ཀུན་ཐར་པར་འཁྲིད་པའི་ས་མཁན་དུ། །མེས་པོས་སྤྲུལ་ཞེས་འགྲོ་ལ་ངོམ་པ་འདྲ། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ལུགས་ཀྱི། །རྩེ་དགའ་ཁོང་ནས་རྒོད་པའི་མཁྱེན་པའི་སྤྱན། དཀྱུས་རིང་གསུང་རབ་རྒྱ་མཚོར་འཇུག་པའི་རྫས། །ཐམས་ཅད་གཟིགས་པའི་དབང་པོར་ལྷུན་གྱིས་གྲུབ། །བྱམས་ལྡན་མཆུ་སྒྲོས་ཨུཏྤལ་དམར་པོའི་འདབ། །འགྲོ་ལ་རྗེས་སུ་ཆགས་པའི་འཛུམ་རླབས་ཀྱིས། །ཕན་བདེའི་མགྲོན་རྣམས་རིང་ནས་འགུགས་པ་ལ། །ལུང་རྟོགས་ཆོས་ཀྱི་སྒོ་འཕར་ཕྱེ་བ་བཞིན། སྲིད་པ་བརྒལ་དཀའི་ཆུ་མཚོར་བྱིང་པའི་འགྲོ། །སྐད་ཅིག་རྡོ་རྗེ་འཛིན་པའི་ས་ཆེན་པོར། །གྲངས་རིང་བགྲོད་དཀར་སྨྲ་བའི་དངུལ་ཆུའི་ཐིགས། །རིགས་པའི་སོར་མོས་བཅད་ཚེ་འཇིག་སྙམ་བྱེད། །དྲི་མེད་སྡོམ་གསུམ་ལུས་སྟོབས་རབ་ཏུ་རྒྱས། །རླབས་ཆེན་སྤྱོད་པའི་གསེར་སྦྱང་དྲ་བས་མཛེས། །སྨིན་གྲོལ་མཚོན་ཆའི་འཁོར་ལོས་བདུད་སྡེའི་གཡུལ། །ཕམ་མཛད་བཤེས་གཉེན་ས་སྲུང་དབང་པོ་ཆེ། །འཁོར་འདས་ཆོས་ཀྱི་ལེགས་པའི་ལམ་ཡངས་པོར། །འབད་མེད་བདེ་བར་འཁྲིད་པའི་ས་མཁན་མཆོག །དངོས་དང་བརྒྱུད་པའི་བླ་མའི་ཚོགས་རྣམས་ལ། །རྩེ་གཅིག་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །མཆོད་པའི་ནང་ཚན་མཎྜལ་ནི། ཕུན་ཚོགས་ཁོད་སྙོམས་ལྟ་ན་སྡུག་པའི་ཞིང་། །ཕུན་ཚོགས་རིན་ཆེན་ལས་གྲུབ་དབྱིག་འཛིན་སྟེང་། །(༤ན)


GLG010_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་ཤེལ་དཀར་དབང་སྔོན་པད་རཱག་དང་། །ཕུན་ཚོགས་གསེར་སྦྱངས་ལས་གྲུབ་རི་རབ་རྩེར། འཆི་མེད་བདག་པོའི་ཁང་བཟང་ཉམས་དགའ་བ། །སྲིད་པའི་འབྱོར་བ་མ་ལུས་བསྡུས་པ་བཞིན། །བང་རིམ་བཞིའི་སྟེང་ལེགས་བྲིས་གྲོང་ཁྱེར་ནི། །བཀོད་པ་རྒྱ་མཚོའི་དགེ་མཚན་ཚར་དུ་དངར། །དགེ་བཅུའི་ཡོན་ཏན་ཚང་བ་ཡུལ་གྱི་ལྗོངས། །ཕྱོགས་མཚམས་འགྱུར་མེད་གླིང་བཞི་གླིང་ཕྲན་བརྒྱད། །གསེར་རི་བདུན་སོགས་གྲངས་མེད་ས་འཛིན་རྣམས། །བྱེད་པོས་མ་བསྐྲུན་སྤེལ་ལེགས་ཕྲེང་བར་བསྒྲིགས། །རོལ་མཚོ་བདུན་དང་ཆུ་གཏེར་ཆེན་པོ་ཡི། །འཛུམ་རླབས་དགའ་སྟོན་བསུ་བའི་ཆོ་ག་མཁན། །རྒྱལ་སྲིད་སྣ་བདུན་བུམ་བཟང་འདོད་འཇོའི་བ། །དཔག་བསམ་ཤིང་དང་ཉི་མ་ཟླ་བ་ཟུང་། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་རྣམས། །སྐྱབས་གནས་ཀུན་འདུས་དྲུག་པ་རྡོ་རྗེ་འཆང་། །བཤེས་གཉེན་གཟུགས་སུ་རྣམ་རོལ་དངོས་བརྒྱུད་ཀྱི། དཔལ་ལྡན་བླ་མ་རྣམས་ལ་དབུལ་བར་བགྱི། །མཆོད་པའི་ནང་ཚན་ཆུ་བཞི་ནི། གནམ་སྔོན་བཞུན་མར་འཁྱིལ་འདྲའི་དལ་འགྲོའི་རྒྱུན། །མུ་ཏིག་ལྟར་དཀར་དབུ་བའི་འཛུམ་ཕྲེང་ཅན། །དྲི་བཟང་ངད་ལྡན་ཡོལ་མེད་རླབས་ཕྲེང་གཡོ། །རིན་ཆེན་སྣོད་དུ་གཏམས་པའི་མཆོད་ཡོན་འདི། །རྒྱལ་བ་ཀུན་དངོས་དཔལ་ལྡན་བླ་མ་ལ། །དངོས་བཤམས་ཡིད་གྱིས་སྤྲུལ་ནས་ལེགས་འབུལ་གྱི། །བརྩེ་ཆེན་ཐུགས་རྗེ་ཆེན་པོས་རབ་བཞེས་ཏེ། །དངོས་གྲུབ་རྣམ་གཉིས་བཀའ་དྲིན་སྩལ་དུ་གསོལ། །ཨོཾ་མུ་ལཻ་རྨྨལ་སྱ་གུ་རུ་བུངྔྷ་བོ་ངྷི་ས་ཏྭ་ས་པཱ་རི་ཝཱ་རི་ཨརྒཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཞབས་བསིལ་ཞལ་བསིལ་བསང་གཏོར་རྣམས། །མཆོད་ཡོན་གནས་འཇུག་(༤བ)


GLG010_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ཉྩིར་དང་། །པཉྩ་མཱ་ནཾ་པྲོ་ཀྴ་ཎཱཾ། །རིགས་དཔྱད་ཉེར་སྤྱོད་རོལ་མོ་ནི། །པད་དཀར་ཀུ་མུད་ཨུ་དུམ་ཝ་ར་སོགས། །འཇའ་ཚོན་ལྟར་བཀྲ་ཆུ་སྐྱེས་སྣ་ཚོགས་པ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨརྒཾ་ཚབ་ཏུ་པུཥྤེ་ཏེ། །ཨེ་རྡཾ་དཀའི་བར་ཀུན་སྦྱོར། །དྲི་ཞིམ་ངད་ཀྱིས་ཕྱོགས་བྲལ་འཁོར་ལོ་ཀུན། །རབ་འགེངས་བདུག་སྤོས་ཆུ་འཛིན་ལྟར་འཁྲིགས་པ། །ལྷག་མའི་ཚིག་རྐང་ཉིས་འདབ་འདི། །འོག་མ་ཀུན་ལ་ཤེས་པར་བྱ། དྷཱུ་པེ། རྨོངས་པའི་མུན་ཚོགས་སེལ་བ་རྡུང་བའི་གཏེར། །ཉི་ཟླ་ནོར་བུའི་འོད་ལྡན་སྒྲོན་མེའི་ཚོགས། །༝༝ཨཱ་ལོ་ཀེ །སྣ་ཚོགས་སྨན་གྱི་བཅུད་ལྡན་བདུད་རྩིའི་རྒྱུན། །རྦ་རླབས་ཆལ་ཆིལ་གཡོ་བའི་དྲི་ཆབ་འདི། །༝༝གནྡྷེ། རོ་བརྒྱའི་ཟས་ཀྱི་བཅུད་ཀུན་མ་ལུས་པ། །གཅིག་ཏུ་བསྡུས་པའི་བཤོས་བཟང་དམ་པ་འདི། །༝༝ནཻ་ཝཾཏྱ། སིལ་སྙན་རྫ་རྔ་པི་ཝང་གླིང་བུ་སོགས། །སྙན་ཚིག་གླུ་དབྱངས་རོལ་མོར་བཅས་པའི་ཚོགས། །༝༝ཤཔྟ། འདོད་ཡོན་སྣ་ལྔས་མཆོད་འདོད་ན། །སྐེད་ཕྲ་ལུས་ལྡེམ་འདྲེན་བྱེད་ཡོན་པོར་ལྟ། །རབ་མཛེས་གར་སྒྱུར་གཟུགས་ཀྱི་མཆོད་པའི་ཚོགས། །༝༝རཱུ་པ་ཀ་མ་གུན་པཱུ་ཛེ་ཏི་ཨཱཿཧཱུཾ། ཀ་མ་གུ་ན་འདོད་ཡོན་ལྔའི། །ཁྱད་ཆོས་ཡིན་གྱིས་པུ་ཛེ་མིན། །འདི་ནས་ཨེ་རྡོ་དཀའི་བར། །ཀུན་གྱི་མཇུག་ལ་འདོགས་པར་བྱ། །གྲངས་མེད་ཚིག་གི་ཉམས་ལྡན་རྒྱུད་མང་ལས། །སྙན་འགྱུར་གླུར་ལེན་སྒྲ་ཡི་མཆོད་པའི་ཚོགས། །༝༝ཤཔྟ། སྦྲུལ་གྱི་སྙིང་པོའི་དཔལ་ལ་འགྲན་བཟོད་པའི། །མངར་བའི་ངད་ལྡན་དྲི་ཡི་མཆོད་པའི་ཚོགས། །༝༝ངྷཱུ་པེ། སྐབས་གསུམ་དབང་པོས་ལོངས་སུ་ཉེར་སྤྱོད་པའི། བདུད་རྩིའི་སྤུན་ཟླ་རོ་ཡི་མཆོད་པའི་ཚོགས། །(༥ན)


GLG010_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༝༝ར་ས། །ལེགས་བྲིས་རྣམས་ཀྱི་གོས་ཟུང་དར་ཟབ་སོགས། །པད་འདབ་ལྟར་འཇམ་རེག་བྱའི་མཆོད་པའི་ཚོགས། །༝༝སྤཪྴ། ལོང་ཡོད་རྒྱས་པར་སྤྲོ་འདོད་ན། རིག་མ་བཅུ་དྲུག་མཆོད་པ་ནི། །མཛེས་སྡུག་ལྷ་མོ་རྡོ་རྗེ་པི་ཝཾ་མས། །རྒྱུད་མང་སྟོང་དང་ལྡན་པའི་སྒྲ་སྒྲོག་པ། །༝༝ཝཱི་ནི། །མཛེས་སྡུག་ལྷ་མོ་རྡོ་རྗེ་གླིང་བུ་མས། །ཕུལ་བྱུང་རྣ་བའི་བཅུད་དུ་འབུད་པའི་སྒྲ། །༝༝ཝཾ་ཤེ །མཛེས་སྡུག་ལྷ་མོ་རྡོ་རྗེ་རྫ་རྔ་མས། །སྙན་བརྗིད་དབྱུག་གུས་བསྣུན་པའི་དུནྦྷུབི། །༝༝མྲི་ཏི་གེ །མཛེས་སྡུག་ལྷ་མོ་རྡོ་རྗེ་རྔ་ཟླུམ་མས། །དབྱར་གྱི་འབྲུག་སྟོང་ལྟ་བུར་བསྐུལ་བའི་སྒྲ། །༝༝མུ་རན་ཛེ། །མཛེས་སྡུག་ལྷ་མོ་རྡོ་རྗེ་བཞད་པ་མས། །ཀུན་དགའ་ཁོང་ནས་རྒོད་པའི་འཛུམ་གྱི་རླབས། །༝༝ཧཱ་སི་ཏ། །མཛེས་སྡུག་ལྷ་མོ་རྡོ་རྗེ་སྒེག་མོ་མས། །ཡིད་འཕྲོག་ཕྲ་ལྡེམ་ལུས་ཀྱི་རྣམ་འགྱུར་ཚོགས། །༝༝ལཱ་སྱེ། །མཛེས་སྡུག་ལྷ་མོ་རྡོ་རྗེ་གླུ་ལེན་མས། །མགྲིན་པའི་དྲིལ་ཆུང་འཁྲོལ་བའི་འགྱུར་ཁུགས་དབྱངས། །༝༝གཱི་ཏི། །མཛེས་སྡུག་ལྷ་མོ་རྡོ་རྗེ་གར་མཁན་མས། །གྲངས་མེད་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་དག །༝༝ནི་རྟི། །མཛེས་སྡུག་ལྷ་མོ་རྡོ་རྗེ་མེ་ཏོག་མས། །བསིལ་མའི་ཆུ་སྐྱེས་ཕྲེང་མཛེས་བསྟར་བ་འདི། །༝༝པུ་ཥྤེ། །མཛེས་སྡུག་ལྷ་མོ་རྡོ་རྗེ་བདུག་སྤོས་མས། །ཆར་སྤྲིན་ལྟར་འཁྲིགས་དྲི་བསུང་འཐུལ་པ་འདི། །༝༝ངྷཱུ་པེ། །མཛེས་སྡུག་ལྷ་མོ་རྡོ་རྗེ་མར་མེ་མས། །ཉི་ཟླ་ལྟ་བུའི་སྣང་གསལ་སྤར་བ་འདི། །༝༝ཨཱ་ལོ་ཀེ །མཛེས་སྡུག་ལྷ་མོ་རྡོ་རྗེ་དྲི་ཆབ་མས། །བཟང་པོའི་སྨན་མཆོག་ཆུ་ཡི་བྱུག་པ་འདི། །༝༝གནྡྷེ། །མཛེས་སྡུག་ལྷ་མོ་གཟུགས་ཀྱི་རྡོ་རྗེ་མས། །གཟིགས་མོར་ཚར་དུ་དངར་བའི་སྣང་བརྙན་ཚོགས། །༝༝རཱུ་པ། །(༥བ)


GLG010_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་སྡུག་ལྷ་མོ་རོ་ཡི་རྡོ་རྗེ་མས། །བདུད་རྩིའི་དཔལ་ལྡན་གཡོས་སུ་བྱས་པའི་ཟས། །༝༝ར་ས། །མཛེས་སྡུག་ལྷ་མོ་རྡོ་རྗེ་རེག་བྱ་མས། །འཇམ་གཉེན་ལྷ་རྫས་གོས་སུ་བྱས་པ་འདི། །༝༝སྤཪྴ། །མཛེས་སྡུག་ལྷ་མོ་ཆོས་དབྱིངས་རྡོ་རྗེ་མས། །ཆོས་ཁམས་ལས་བསྐྱེད་བླ་མེད་བདེ་ཆེན་འདི། །༝༝ངྷརྨ་ངྷཱ་ཏུ། །རིན་ཆེན་སྣ་བདུན་གྱིས་མཆོད་པ། །ཕུན་ཚོགས་གླིང་བཞིའི་དཔལ་ལ་དབང་བྱེད་པའི། །ཐོགས་མེད་རྩིབས་སྟོང་གསེར་གྱི་འཁོར་ལོ་འདི། །༝༝ཙཀྲ་རཏྣ། །ཕུལ་བྱུང་འདོད་པའི་རེ་བ་མ་ལུས་པ། །སྐོང་བྱེད་ནོར་བུ་དབང་གི་རྒྱལ་པོ་འདི། །༝༝མ་ཎི་རཏྣ། །ཟག་མེད་བདེ་བའི་མཆོད་སྦྱིན་སྟེར་མཁས་པའི། །མཛེས་སྡུག་ཡིད་འོང་བཙུན་མོ་དམ་པ་འདི། །༝༝སྟྲཱི་རཏྣ། །བྱམས་བརྩེའི་སྟོབས་ཀྱིས་དབྱིག་འཛིན་མ་ལུས་པ། །བདེ་བར་སྐྱོང་བའི་ནུས་ལྡན་བློན་པོ་འདི། །༝༝པུ་རུ་ཥ་རཏྣ། །ཀེ་ལ་ཤ་ཡི་ས་འཛིན་དབང་པོ་ལ། །རིན་ཆེན་རྒྱན་གྱིས་སྤྲས་འདྲའི་གླང་པོ་འདི། །༝༝ཧསྟི་རཏྣ། །རླུང་གི་ཤུགས་འཆང་སྟོང་གསུམ་སྐད་ཅིག་ལ། །ཐོགས་མེད་ཉུལ་བའི་ཅང་ཤེས་རྟ་མཆོག་འདི། །༝༝ཨ་ཤྭ་རཏྣ། །རཱ་མ་ཎ་ལྟར་དཔའ་འཛངས་རྟུལ་ཕོད་པའི། །ཕྱོགས་ལས་རྣམ་པར་རྒྱལ་བའི་དམག་དཔོན་འདི། །༝༝ཁཌྒ་རཏྣ། །བཀྲ་ཤིས་རྟགས་བརྒྱད་ཀྱིས་མཆོད་པ། །དགེ་ཚོགས་ནོར་བུའི་ཡུ་བས་རབ་བཏེག་པའི། །ཉོན་མོངས་ཚ་གདུང་སེལ་བའི་གདུགས་དཀར་འདི། །༝༝ཚ་ཏྲ་མངྒ་ལ། །འཛམ་བུ་ཆུ་བོའི་གསེར་སྦྱངས་ལས་གྲུབ་པའི། །ཕན་བདེའི་ཉལ་འགྲོའི་ཀླུང་ལ་བརྟེན་པའི་ཉ། །༝༝མཏྶ་མངྒ་ལ། །བཀྲ་ཤིས་རི་མོ་གཡས་སུ་རབ་འཁྱིལ་བའི། །སྙན་པ་ཕྱོགས་བཅུར་སྒྲོག་པའི་དུང་(༦ན)


GLG010_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་འདི། །༝༝ཤི་ཥ་མངྒ་ལ། །ཉེས་པའི་འདམ་གྱི་དྲི་བྲལ་བྱང་གྲོལ་གྱི། །འདབ་མ་རྣམ་པར་རྒྱས་པའི་པད་མ་དཀར། །༝༝པདྨ་མངྒ་ལ། །ཕུན་ཚོགས་ཟད་པ་མེད་པའི་འདོད་དགུའི་གཏེར། །རིན་ཆེན་ལས་གྲུབ་བུམ་པ་བཟང་པོ་འདི། །༝༝ལ་ཤ་མངྒ་ལ། །མིག་གི་གཟིགས་མོར་མཚར་བའི་རི་མོ་མཆོག །ཡོངས་སུ་སྨིན་པའི་དཔལ་གྱི་བེའུ་འདི། །༝༝ཤྲཱི་པདྨ་མངྒ་ལ། །ཐར་པ་མཆོག་གི་ཁང་བཟང་དམ་པའི་རྩེར། །ཟུང་འཇུག་རྒྱལ་མཚན་རྣམ་པར་བསྒྲེང་བ་འདི། །༝༝ངྷཱ་ཛ་མངྒ་ལ། །རྫོགས་ལྡན་མགྲོན་དུ་འགུགས་བྱེད་སུ་ཝ་རྞའི། །མ་སྨད་འཁོར་ལོ་རྩིབས་སྟོང་མུ་ཁྱུད་ཅན། །༝༝ཙཀྲ་མངྒ་ལ། །བཀྲ་ཤིས་རྫས་བརྒྱད་ཀྱིས་མཆོད་པ། །ཇི་ལྟ་ཇི་སྙེད་ཆོས་ཀྱི་གཟུགས་བརྙན་ཀུན། །མ་འདྲེས་གསལ་བར་འཆར་བའི་མེ་ལོང་འདི། །༝༝ཨཱ་དར་ཤ་མངྒ་ལ། །དུག་གསུམ་ཉོན་མོངས་མ་ལུས་སེལ་བྱེད་པའི། །སྙིང་པོ་མཆོག་གྱུར་སྨན་བཟང་གྷི་ཧཾ་འདི། །༝༝གོ་རི་ཙ་ན་མངྒ་ལ། །ཟླ་བ་བཞུན་མ་སྣོད་དུ་འཁྱིལ་འདྲ་བའི། །རབ་དཀར་བཅུད་ཀྱི་སྙིང་པོར་གྱུར་པའི་ཞོ། །དངྷི་མངྒ་ལ། །འཆི་བའི་དངོས་པོ་འཇོམས་པའི་རྡོ་རྗེའི་སྲོག །རིང་པོར་སྒྲུབ་པའི་རྩ་མཆོག་དུར་པ་འདི། །༝༝དུར་བ་མངྒ་ལ། །གསང་སྔགས་ཉེ་ལམ་གྲུབ་པའི་འབྲས་བུ་ཆེ། །བྱང་ཆུབ་སྙིང་པོར་འགྱུར་བྱེད་བིལ་པ་འདི། །༝༝ཕ་ལ་བིལ་པ་མངྒ་ལ། །སྙན་པའི་གྲགས་པ་སྲིད་པའི་རྩེ་མོའི་བར། །སྒྲོག་པར་བྱེད་པའི་ཆོས་དུང་གཡས་འཁྱིལ་འདི། །༝༝ཨ་ཛི་ཧཱ་མངྒ་ལ། །སྲིད་ཞིའི་བརྟན་གཡོའི་ཡོན་ཏན་མ་ལུས་པ། །དབང་དུ་བསྡུ་བར་བྱེད་པའི་ལི་ཁྲི་འདི། །༝༝སིན་ངྷཱུར་མངྒ་ལ། །ཡིད་སྲུབས་སྡེར་བཅས་ཐལ་བར(༦བ)


GLG010_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རློག་བྱེད་པའི། །མི་བཟད་རྡོ་རྗེའི་མཚོན་ཆ་ཡུངས་ཀར་འདི། །༝༝ས་རཱ་བ་མངྒ་ལ། །མཁོ་བའི་ཡོ་བྱད་འབུལ་འདོད་ན། མཐོ་རིས་གྲོང་ཁྱེར་ས་ལ་འཕོས་འདྲ་བའི། །དགེ་བཅུའི་ཡོན་ཏན་ཀུན་ཚང་ཡུལ་གྲུ་འདི། །༝༝དེ་ཤ །རིན་ཆེན་ལས་གྲུབ་བ་གམ་མཐོ་ལྡན་པ། །ངོ་མཚར་བཀོད་མཛེས་ཁང་བཟང་དམ་པ་འདི། །༝༝གྲི་ཧ། འཕན་གདུགས་བླ་བྲེ་དར་གྱི་ཡོལ་བ་ཅན། །གདོང་ལྔའི་དབང་པོས་བཏེག་པའི་འགྱུར་མེད་གདན། ༝༝ཨཱ་ས་ན། །ཅོད་པན་ཕྱག་ཞབས་གདུ་བུ་སྙན་ཆ་དང་། །མགུལ་རྒྱན་འོག་པགས་ལ་སོགས་རྒྱན་གྱི་ཚོགས། །༝༝ཨ་ལངྒ་ར། །ངུར་སྨྲིག་གོས་དང་པཉྩ་ལི་ཀ་སོགས། །སྣ་ཚོགས་ན་བཟའི་ཁྱད་པར་ཇི་སྙེད་པ། །༝༝བསྟྲ། །རྣམ་རྒྱལ་གསེར་མདོག་བཟང་དྲུག་ཙནྡན་སོགས། །སྣ་ཚོགས་སྨན་གྱི་ཁྱད་པར་ཇི་སྙེད་པ། །ཨོ་ཥ་ངྷི། ཕུན་ཚོགས་ལྗོན་པའི་ཤིང་ལས་གྲུབ་པའི་ཇ། །ག་བུར་དྲི་ངད་འཐུལ་བའི་བཏུང་བ་འདི། །༝༝ཨེ་ངྷོ་ད་ཀ །སྙིང་པོ་སྒྲུབ་པའི་མཆོད་པ་ནི། མཐའ་བྲལ་འཁོར་བ་ཀུན་གསལ་འགྲམ་པ་ལ། །བདེ་སྡུག་གློག་གི་གར་མཁན་ལྟ་བུའི་འོད། །མ་རིག་སྡེ་བསངས་མུན་པ་སྟུག་པོའི་རུམ། ངན་སོང་གཡང་དུ་གོམ་པ་འཕྱན་རིག་ནས། །རྣམ་དག་ངེས་འབྱུང་སྐྱ་རེངས་ཀྱིས་དྲངས་པའི། །དྲི་མེད་ཚུལ་ཁྲིམས་ཉིན་བྱེད་དབང་པོ་མཆོག །ཚངས་སྤྱོད་དབང་ཕྱོགས་འཛིན་མའི་རྩེར་འོངས་པས། །ཕན་བདེའི་འདབ་བརྒྱ་སྐྲུན་པའི་ཆོ་ག་རྫོགས། གཞན་ཕན་དོན་དུ་འགྱུར་ན་ངན་སོང་གནས། །མཐོ་རིས་སྐྱེད་ཚལ་ལྟ་བུར་དགའ་བཞིན་དུ། །འཇུག་ནུས་ལྷག་པའི་བསམ་པས་ལེགས་དྲངས་པའི། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཅན། །སྒྲ་ཚད་བཟོ་གསོ་(༧ན)


GLG010_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་རིག་པའི་གནས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །ལེགས་པའི་ལམ་སྟོན་གཞུང་ལུགས་རྒྱ་མཚོ་ཆེ། །དྲི་མེད་ཀུན་མཁྱེན་རྒྱལ་བའི་བསྟན་པ་ལ། །ཀློག་པ་ཐོས་བསམ་སྙན་འགྱུར་གླུར་ལེན་ཞིང་། །སྤོང་བ་བསམ་གཏན་སྦྲང་རྩིས་རབ་མྱོས་པའི། །ཉམ་ཆུང་རྐང་དྲུག་བདག་གི་སྤྱོད་ཚུལ་རྣམས། །མཆོག་གསུམ་བླ་མ་དགྱེས་པའི་མཆོད་པར་འབུལ། སྟོབས་བཞིའི་སྒོ་ནས་སྡིག་བཤགས་པ། སྒོ་གསུམ་ལང་ཚོ་དར་བའི་གླང་པོ་ཆེ། །ཐོག་མེད་བསགས་པའི་ཉོན་མོངས་ཆུས་མྱོས་པས། །མཐའ་ཡས་དགེ་བཅུའི་པད་དཀར་རབ་བཅོམ་ནས། །ནག་པོའི་ལས་ཀྱི་སྣ་ཞགས་རིང་དུ་རྐྱོང་། །བག་མེད་མཚོན་ཆའི་འཁོར་ལོ་རྣོན་པོ་ཡིས། །རྣམ་པར་དག་པའི་ཚུལ་ཁྲིམས་སྲོག་རྩ་བཅད། །རང་བདེ་འདོད་པའི་མི་གཙང་འདམ་བཙོག་ཏུ། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཡན་ལག་བྱིང་། །ཐེག་དམན་ལམ་དུ་གོལ་བའི་ཉི་འོད་ཀྱིས། །ངེས་གསང་ཟབ་མོའི་ལུས་ཀུན་གདུང་བས་མནར། །མདོར་ན་གནས་ངན་ལེན་གྱི་རྒྱུ་བསྒྲུབས་པའི། །ཉེས་པའི་ཚོགས་ཀུན་སྟོབས་བཞིའི་སྒོ་ནས་བཤགས། །དགེ་བའི་ཚོགས་ལ་ཡི་རང་བ། །རྣམ་འདྲེན་ཐབས་མཁས་མཛད་པའི་སྒྱུ་མ་ཡིས། སྲིད་ཞིའི་རྒུད་པའི་སཱི་ཏ་རབ་ཕྲལ་ནས། །མི་གནས་མྱ་ངན་འདས་པའི་ཐང་ཡངས་པོར། །འགྲོ་ཀུན་འཁྲིད་པའི་ཤིང་རྟ་ལེགས་འདྲེན་ཅིང་། །དོན་དུ་འགྱུར་ན་གཞན་ཕྱིར་རང་ཉིད་ཀྱི། །ཕུན་ཚོགས་བདེ་བའི་དཔལ་ཀུན་གཏོང་བ་ལ། །ཞུམ་མེད་སྙིང་སྟོབས་ཆོ་ག་བཙན་པོ་ཅན། །དཔལ་ལྡན་རྒྱལ་བའི་སྲས་ཀྱི་མཛད་བཟང་མཆོག །སྲིད་འབྱོར་ཨེ་རཎྜ་ལྟར་ཡ་མ་རླའི། །ངང་(༧བ)


GLG010_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཤེས་ནས་གཏན་བདེའི་ནགས་ཀླུང་དུ། །བདག་མེད་རྟོགས་པའི་ཤེས་རབ་རྣོན་པོ་ཡིས། །འཁོར་བ་འཁྱོག་པོའི་ཡལ་ག་བཅད་པ་སོགས། །ཐེག་གསུམ་སྐྱེ་འཕགས་ཀུན་གྱི་རྣམ་དཀར་ལས། །རྒྱ་ཆེར་སྤེལ་དང་གྲངས་མེད་འགྲོ་རྣམས་ཀྱི། །དུས་གསུམ་བསགས་པའི་དགེ་ཚོགས་རྒྱ་མཚོ་ལ། །ཀུན་ནས་དགའ་བའི་སེམས་ཀྱིས་ཡི་རང་ངོ་། །ཆོས་འཁོར་སྐོར་ཞེས་གསོལ་འདོད་ན། འགྲོ་འདིའི་མཆོག་དམན་ཁམས་དང་དབང་པོའི་གཞིར། །སྣ་མང་ཐེག་པའི་དབྱར་སྐྱེས་གཞོན་ནུའི་ཚོགས། །ཐབས་མཁས་དཔྱིད་ཀྱི་ཕོ་ཉས་ལེགས་བསྐྱངས་པའི། །ཕན་བདེའི་དུས་སྟོན་ཕུན་ཚོགས་འགྲུབ་བྱེད་སོགས། །མདོར་ན་རྒྱལ་བ་རྣམས་དང་དེ་ཡི་སྲས། །ཉན་ཐོས་རང་རྒྱལ་ཀུན་གྱིས་འགྲོ་བ་ལ། །མཐའ་ཀླས་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །འཁོར་ལོ་རྒྱུན་ཆད་མེད་པར་སྐོར་བར་བསྐུལ། །དེ་ནས་ཞར་བྱུང་བུམ་པའི་དབང་། །བྱིན་རླབས་ཚུལ་དུ་བླང་བ་ནི། །རྡོ་རྗེ་འཆང་དངོས་བླ་མའི་དཔྲལ་བ་ནས། །བདུད་རྩིའི་རྒྱུན་དང་ཨོཾ་ཡིག་དཀར་པོ་བྱུང་། །རང་གི་དཔྲལ་བའི་གནས་སུ་ཐིམ་པ་ཡིས། །བུམ་པའི་དབང་བསྐུར་བྱིན་རླབས་ཚུལ་དུ་ཐོབ། །ལུས་ཀྱི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །སྐུ་ཡི་རྡོ་རྗེ་འགྲུབ་པའི་ནུས་པ་རྙེད། །ཕྲ་རགས་བསྐྱེད་རིམ་སྒོམ་ལ་དབང་བར་བྱས། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ས་བོན་བཞག །མྱ་ངན་མི་འདར་བཞུགས་གསོལ་བ། རིང་ནས་མགོན་ཁྱོད་བྱམས་བརྩེའི་དམག་དཔུང་གིས། །བདུད་སྡེའི་ཚོགས་རྣམས་ཕྱེ་མར་རབ་བཏགས་ཏེ། །མི་འགྱུར་འཆི་བ་མེད་པ་རྡོ་རྗེའི་སྐུས། །རྣམ་པར་རྒྱལ་བའི་སྲིད་ལ་དབང་སྒྱུར་ཡང་། །མ་ངེས་འགྲོ་བློའི་རིན་ཆེན་རྩིག་(༨ན)


GLG010_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོས། །ཐ་མའི་སྦྱང་གཞིའི་འབོད་གྲོགས་གཟུགས་བརྙན་སྟོང་། །ཤར་ཡང་བློ་ལྡན་ཧ་ནུ་མནྠ་ཡིས། །མི་ཤེས་རླུང་སེམས་ལུས་དེ་གང་དུ་མཆིས། །དེ་ཕྱིར་བསླུ་བ་མེད་པའི་སྐྱབས་གནས་ཚོགས། དོན་ལ་གཤེགས་བཞུགས་བྲལ་ཡང་དམན་བློའི་ངོར། །སྒྱུ་མའི་སྐུ་དེ་མངོན་སུམ་མཐོང་དཀའ་བས། །རགས་པའི་ལུས་འདི་གཡོ་མེད་བརྟན་པར་འོས། །བཤེས་གཉེན་དམ་པའི་ཟློས་གར་ཉིན་མོའི་མགོན། །ཆོས་དབྱིངས་ཐུན་འཚམས་ཕང་པར་ངལ་གསོ་ན། །ལྷ་ལམ་ཕ་མཐས་གཞལ་དཀའི་ལུས་ཅན་གྱི། །མགོན་སྐྱབས་དཔུང་གཉེན་བྱེད་པོ་སུ་ཞིག་མཆིས། །ཚེ་རབས་དུ་མར་གནས་ངན་ལེན་གྱི་རྒྱུ། །རང་གིས་འབད་པས་བསགས་པའི་འབྲས་བུ་ཞེས། །ཡལ་བར་འདོར་ན་འགྲོ་ལ་བུ་གཅིག་ལྟར། །བརྩེ་བའི་ལྷག་པའི་བསམ་པའང་གཏམ་དུ་ཟད། །མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོའི་ནང་། །ཉོན་མོངས་ཆུ་སྲིན་རྣོན་པོའི་མཆེ་བ་གཙིགས། །ལས་ངན་མི་འདོད་རླུང་ཤུགས་དྲག་པོས་གཡེངས། །མི་བཟད་སྡུག་བསྔལ་ཀློང་དུ་བྱིང་བའི་འགྲོ། །མགོན་པོ་ཁྱོད་ཀྱིས་རྗེས་སུ་མི་འཛིན་ན། །གཞན་ཕྱིར་ཐུགས་བསྐྱེད་དཀའ་བ་བརྒྱ་ཕྲག་གིས། །རླབས་ཆེན་སྤྱོད་པའི་དཀའ་ཐུབ་བསྟེན་པ་ཡང་། །རང་ཉིད་ངལ་བའི་འབྲས་བུ་ཙམ་དུ་ཟད། །བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ་སྒྲུབ་པའི། །བླང་དོར་གནས་ལ་རྨོངས་པའི་སྐྱེས་བུ་རྣམས། །ཀུན་ཁྱེན་ཡེ་ཤེས་ས་ལ་མ་བཞག་བར། །མྱ་ངན་མི་འདའ་བརྟན་པར་བཞུགས་སུ་གསོལ། དགེ་བ་རྫོགས་བྱང་གི་རྒྱུར་བསྔོ་བ་ནི། འཁོར་འདས་ཀུན་གྱི་དགེ་ལེགས་ཡིད་བཞིན་ནོར། །འབྱུང་གནས་རྗེ་བཙུན་(༨བ)


GLG010_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གདེངས་ཅན་དབང་། །ལུང་རྟོགས་ཡོན་ཏན་རྒྱ་མཚོ་ཆེན་པོའི་བདག །ཐུགས་རྗེ་དུས་ལས་ཡོལ་མེད་རླབས་འཕྲེང་ཅན། །གང་གི་སྐུ་ལ་ཕྱོགས་བཅུའི་རྒྱལ་བ་རྣམས། །བཞུགས་ནས་བླ་ན་མེད་པའི་བསོད་ནམས་ཀྱི། །ཞིང་མཆོག་དམ་པ་སྐྲུན་ཞེས་རྒྱུད་སྡེ་ལས། །ལན་ཅིག་མིན་པར་གསུངས་པ་དོན་དང་ལྡན། །ཆོས་ལོངས་མངོན་སུམ་སྣང་བའི་སྐལ་བ་དག །མ་རིག་མུན་པས་བསྒྲིབས་པའི་འགྲོ་བ་ལ། །རྒྱལ་བ་རྣམས་ཀྱང་ཐ་མལ་བཤེས་གཉེན་ཚུལ། །བསྟན་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་ལས། ཁྱོད་ཀྱི་བ་སྤུའི་ཁུང་བུ་གཅིག་ཙམ་ཡང་། །ཚུལ་བཞིན་མཆོད་པའི་བསོད་ནམས་ལས་དཀར་གྱི། །སྲང་ལ་གཞལ་ཚེ་མངོན་པར་ལྕི་མིན་ནམ། །ལུང་དང་རིགས་པའི་གཏན་ཚིགས་རྟ་བདུན་པས། །རབ་དྲངས་མཆོད་པའི་ཆོ་ག་ཉིན་མོར་བྱེད། །ཐོས་བསམ་སྒོམ་པའི་འཆི་མེད་ལམ་ཤར་ཚེ། །ཕན་བདེའི་འདབ་བརྒྱ་འཛུམ་ལས་གཞན་དུ་ཅི། །དེ་ལྟར་ཕུལ་བྱུང་ཐུགས་རྗེ་ཆེན་པོའི་རྒྱུད། །ཚུལ་འདིར་འབད་པས་དགེ་བའི་སོར་མོ་ཡིས། །བསྐུལ་བས་མཆོག་ཐུན་དངོས་གྲུབ་སྙན་འགྱུར་སྒྲ། །གཏན་བདེའི་ཐོས་འཛིན་དགའ་སྟོན་འཕེལ་བའི་ཚོགས། འདིར་སྣང་ཕུན་ཚོགས་གློག་གི་གར་མཁན་མ། །སྲིད་འབྱོར་ཨེ་རཎྜ་ལི་སྙིང་པོ་ལྟར། །རྟོགས་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་དག །ནན་ཏན་སྙིང་པོས་ཚུལ་བཞིན་ལེགས་པར་བསྲུངས། །ཚེ་རབས་མང་པོར་དྲིན་གྱིས་བསྐྱངས་པ་ཡིས། །མར་གྱུར་འགྲོ་ལ་རང་གི་བདེ་བ་གཏོང་། །གཞན་གྱི་སྡུག་(༩ན)


GLG010_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་དུ་ལེན་ནུས་པའི། །བྱང་ཆུབ་སེམས་མཆོག་རྒྱུད་ལ་རབ་ཏུ་འཕྱོངས། །སྨིན་བྱེད་དབང་གིས་སྐུ་བཞིའི་ས་བོན་ཐེབས། །གྲོལ་བྱེད་ལམ་གྱིས་ཟུང་འཇུག་སྒྲུབ་པ་སོགས། །བྱས་དང་བྱེད་བཞིན་བྱེད་འགྱུར་དགེ་བ་ཀུན། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུར་བསྔོའོ། །ནང་གི་མཆོད་ཡུལ་གསལ་གདབ་པ། ངུར་སྨྲིག་གར་གྱིས་རོལ་པའི་བཤེས་གཉེན་མཆོག །སྐད་ཅིག་གནས་གྱུར་མགོན་པོ་འཇམ་དཔལ་དབྱངས། །སྐུ་མདོག་དམར་སེར་ཞི་འཛུམ་སྒེག་པའི་ཉམས། །མཐོན་མཐིང་དབུ་སྐྲ་ཟུར་ཕུད་ལྔ་ལྡན་པ། །ཕྱག་གཡས་མི་ཤེས་གཅོད་པའི་རལ་གྲི་འཕྱར། །གཡོན་པས་ཐུགས་ཀར་ཨུཏྤལ་ཡུ་བ་ནས། །བཟུང་བའི་འདབ་སྟེང་ཤེར་ཕྱིན་གླེགས་བམ་འཛིན། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །རིན་ཆེན་རྒྱན་དང་ལྷ་རྫས་ན་བཟས་མཛེས། །ཆོས་སྐུ་བདེ་བ་ཆེན་པོའི་མཁའ་དབྱིངས་སུ། །གཟུགས་སྐུ་འཇའ་ཚོན་ལྟ་བུར་རྣམ་བཀྲ་བ། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གྱུར། །ཡན་ལག་བདུན་གྱི་ཕྱག་འཚལ་བ་ནི། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཟུགས། །བསླུ་མེད་འདྲེན་པར་ཤར་བ་བླ་མ་རྗེ། །ལོངས་སྤྱོད་རྫོགས་སྐུའི་ཟློས་གར་འཇམ་དཔལ་དབྱངས། །གཉིས་མེད་གཏན་གྱི་སྐྱབས་གནས་ལ་ཕྱག་འཚལ། །མ་འདྲིས་ཀུན་ལ་མཛའ་བའི་བཤེས་གཉེན་མཆོག །རྒྱུ་མེད་དུག་གསུམ་ཀུན་ལ་སྡང་བའི་དགྲ། །ཆགས་མེད་ཤེས་རབ་མ་ལ་རྗེས་སུ་བརྩེ། །འདོད་བྲལ་བདེ་བ་མཆོག་ལ་ལྷག་པར་སྲེད། གཉིས་མེད་གཏན་གྱི་སྐྱབས་གནས་ལ་ཕྱག་འཚལ། །མ་འདྲིས་ཀུན་ལ་མཛའ་བའི་བཤེས་གཉེན་མཆོག །རྒྱུ་མེད་དུག་གསུམ་ཀུན་ལ་སྡང་བའི་དགྲ །ཆགས་མེད་ཤེས་རབ་མ་ལ་རྗེས་སུ་བརྩེ། །འདོད་བྲལ་བདེ་བ་མཆོག་ལ་ལྷག་པར་སྲེད། །རོ་ནུས་མ་བསྡེབས་དུག་གསུམ་ནད་སེལ་སྨན། །རླུང་གིས་མ་དྲངས་ཕན་བདེའི་དྲི་བསུང་ཅན། །ཀུ་མུད་མི་འཇོམས་ལེགས་བཤད་སྣང་བའི་གཏེར། །(༩བ)


GLG010_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པོས་མ་བསྐྲུན་ཟུང་འཇུག་ཟ་མ་ཏོག །སྙིགས་དུས་ཚེ་ཐུང་གཅིག་གི་ཡུན་ཚད་ལ། །སྐུ་གསུམ་གླིང་དུ་འཁྲིད་པའི་ས་མཁན་མཆོག །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །ཀུན་འདུས་འཁོར་ལོའི་མགོན་ལ་ཕྱག་འཚལ་ལོ། །མཆོད་པའི་ནང་ཚན་མཎྜལ་ནི། འབྱུང་བ་བཞི་འདུས་ལུས་ཀྱི་ས་གཞིའི་སྟེང་། །རྣམ་པར་ཤེས་པའི་ས་འཛིན་དབང་པོ་ལ། །ཕུང་ཁམས་གསེར་རི་རོལ་མཚོ་བདུན་གྱིས་བསྐོར། །སྐྱེ་མཆེད་བཅུ་གཉིས་གླིང་བཞི་གླིང་ཕྲན་བརྒྱད། །རོ་རྐྱང་ནམ་མཁའི་ནོར་བུ་མཚན་མོའི་མགོན། །དབང་པོ་ལྔ་ཡི་གཏེར་ཆེན་བུམ་པ་སོགས། །དཀྱིལ་འཁོར་གཙོ་བོ་དཔལ་ལྡན་བླ་མར་འབུལ། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །ཨ་མྲྀ་ཏ་ཡི་མཆོད་པ་ནི། རིན་ཆེན་ཀ་པཱ་ལ་ཡི་སྣོད་ཡངས་པོར། །ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་རྫས། །ཐ་མལ་སྣང་ཞེན་ཡོངས་དག་ཟག་པ་མེད། །རོ་མཆོག་བདུད་རྩིའི་རྒྱ་མཚོའི་མཆོད་པ་འབུལ། །སྒྲུབ་པའི་མཆོད་པས་མཉེས་བྱེད་ན། །ཕྱི་ནང་མཚན་ཉིད་ལྡན་པའི་དཀྱིལ་འཁོར་དུ། །ཐེག་མཆོག་འཇུག་སྒོ་དབང་གིས་ལེགས་སྨིན་ཅིང་། །བསྙེན་སྒྲུབ་ལས་གསུམ་ཕྲིན་ལས་རྣམ་པ་བཞི། །རིལ་བུ་མིག་སྨན་ལ་སོགས་གྲུབ་ཆེན་བརྒྱད། །ཐུན་མོང་ལས་ཀུན་སྒྲུབ་ལ་ཐོགས་མེད་ཅིང་། །བསྐྱེད་རིམ་ཕྲ་རགས་སྒྱུ་ལུས་གཏུམ་མོ་སོགས། །འཁྲུལ་མེད་ཚུལ་བཞིན་ཉམས་སུ་བསྟར་བ་ཡིས། །བཀའ་བཞིན་སྒྲུབ་པའི་མཆོད་པ་དམ་པ་འབུལ། །སྔར་བསགས་ཀྱི་མི་དགེ་བཤག་པ་ནི། དངོས་གྲུབ་འབྱུང་གནས་རྡོ་རྗེ་སློབ་དཔོན་གྱི། །ཐུགས་དང་འགལ་སོགས་ངེས་གསང་ཐེག་པ་ཡི། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། (༡༠ན)


GLG010_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ལོ་བཤགས། དགེ་ལ་རྗེས་སུ་ཡི་རང་བ། སྐལ་བཟང་སྙིང་གི་རིན་ཆེན་བུམ་པའི་ནང་། །རྒྱུད་སྡེ་རྣམ་བཞིའི་ཆོས་ཀྱི་བདུད་རྩི་ཡིས། །ལེགས་གཏམ་ཚེ་འདིར་སངས་རྒྱས་སྒྲུབ་པ་སོགས། །རྣམ་དཀར་དགེ་བའི་ཚོགས་ལ་ཡི་རང་ངོ་། །ཆོས་འཁོར་སྐོར་བར་བསྐུལ་པ་ནི། དམན་པའི་ཐེག་པར་གོལ་པའི་རི་དྭགས་སྲོག །དབང་རྣོན་མཚོན་གྱིས་གཅོད་པའི་ཤ་ཝ་རི། །བཟང་པོའི་སྐལ་པ་ཅན་གྱི་གདུལ་བྱ་ལ། །ཐེག་ཆེན་གསང་སྔགས་ཆོས་འཁོར་སྐོར་དུ་གསོལ། གསང་དབང་བྱིན་རླབས་ཀྱི་ཚུལ་དུ་ལེན་པ། བླ་མའི་མགྲིན་པའི་གནས་ནས་བདུད་རྩིའི་རྒྱུན། །དམར་པོ་ཨཱཿཡིག་དང་བཅས་ཐོགས་མེད་བྱུང་། །རང་གི་མགྲིན་པའི་གནས་སུ་ཐིམ་པ་ཡིས། །སྨིན་བྱེད་གསང་དབང་བྱིན་རླབས་ཚུལ་དུ་ཐོབ། །ངག་གི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །གསུང་གི་རྡོ་རྗེ་འགྲུབ་བའི་ནུས་པ་རྙེད། །གཏུམ་མོའི་རྣལ་འབྱོར་སྒོམ་ལ་དབང་བར་བྱས། །འབྲས་བུ་ལོངས་སྐུ་འགྲུབ་པའི་ས་བོན་བཞག །མྱ་ངན་མི་འདར་གསོལ་བ་གདབ་པ། དམིགས་མེད་ཆོས་སྐུའི་རང་བཞིན་སྟོང་པའི་གཟུགས། །བདེ་ཆེན་འཁོར་ལོའི་མགོན་པོར་ཡོངས་ཤར་བའི། །དཔལ་ལྡན་བླ་མ་སྐལ་བཟང་གདུལ་བྱའི་དོན། །མཛད་ཕྱིར་བསྐལ་བ་རྒྱ་མཚོར་རྟག་བཞུགས་གསོལ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དུས་གསུམ་དག་ཏུ་རྙེད་དཀའི་ཟབ་མོའི་ལམ། །མངོན་པར་སྒྲུབ་པའི་དགེ་ཚོགས་ལྕགས་ཀྱི་ཁམས། །རྣམ་དག་དྲི་མ་མེད་པའི་བསྔོ་བའི་རྩིས། །རྣམ་མཁྱེན་བཙོ་མའི་གསེར་དུ་འགྱུར་བར་ཤོག །(༡༠བ)


GLG010_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཆོད་འཕུལ་བའི་རྟེན་སྐྱེད་པ་ནི། མགོན་པོ་འཇམ་དབྱངས་སྐད་ཅིག་གནས་གྱུར་ཏེ། །དཀྱིལ་འཁོར་བཙོ་བོ་དྲུག་པ་རྡོ་རྗེ་འཆང་། །སྐུ་ལ་བཤེགས་པ་གཤེགས་མ་སེམས་དཔའ་བརྒྱད། །ཁྲོ་བོ་བཅུ་སོགས་གདན་གསུམ་ཚང་བར་གྱུར། །ཡན་ལག་བདུན་ལས་ཕྱག་འཚལ་བ་ནི། མི་འགྱུར་རིན་ཆེན་མཚན་དཔེའི་ཟློས་གར་ལ། །སྟོང་ཉིད་མཛེས་སྡུག་དགའ་མས་ལེགས་འཁྱུད་པའི། །གཉིས་མེད་གཉིས་སུ་སྣང་བའི་སྒྱུ་མ་མཁན། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་ལ་ཕྱག་འཚལ། །གར་དགུའི་ཉམས་ལྡན་ཡིད་བཞིན་མཚོ་ནང་དུ། །རིགས་གསུམ་ལྷ་ཡི་ཟླ་སྣང་གྲངས་མེད་པ། །དོན་དམ་ངང་དུ་རོ་གཅིག་ཀུན་རྫོབ་ཏུ། །མ་འདྲེས་སྣང་བ་དབང་པོའི་གཞུ་རིས་བཞིན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེའི་མཚོན། །རྣོན་པོས་བདུད་བཞིའི་སྲོག་རྩ་བཅད་པའི་ཁྲག །བདེ་ཆེན་ལང་ཚོར་སྨིན་པའི་འོད་རིམ་གྱིས། །སྟོང་གཟུགས་མཐིང་གསལ་དམར་བའི་མདངས་ཀྱིས་མཛེས། །ཕུང་པོ་རྣམ་དག་བདེ་བར་གཤེགས་པའི་ཚོགས། །ལྟ་བས་མི་ངོམ་མཚན་དཔེའི་ལང་ཚོ་ཅན། ཁམས་བཞི་ཡུལ་ལྔ་རྣམ་པར་དག་པའི་ཡུམ། །བདེ་ཆེན་ཡེ་ཤེས་འདྲེན་པའི་མཛའ་ན་མོ། །སྐྱེ་མཆེད་ཡོངས་སུ་དག་པའི་སེམས་དཔའ་རྣམས། ཁྲོ་ཆགས་ཞི་བའི་ཉམས་ཀྱི་རོལ་གར་མཁན། །ཡན་ལག་ཁྲོ་བོར་ཤར་བའི་གཏུམ་བརྔམས་ཀྱིས། །བདུད་བཞིའི་སྙིང་ལ་འཆི་བའི་འཇིགས་པ་སྟེར། །གཙོ་དང་འཁོར་ཞེས་སེམས་ཀྱི་རོལ་བ་ཡིས། །མ་རྟོགས་བཅས་པས་སྤངས་རྟོགས་ཡོན་ཏན་ཀུན། །མཉམ་པར་རྫོགས་པས་མཆོག་དམན་སོ་སོ་རུ། །འཛིན་པར་བྱེད་རྣམས་བྱིས་པའི་བློ་གྲོས་བཞིན། །དེ་ཕྱིར་མགོན་ཁྱོད་དཀྱིལ་འཁོར་བྱེ་བ་ཡི། །གཅིག་(༡༡ན)


GLG010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་སྤྲོ་དང་བསྡུ་བའི་བྱེད་པོ་སྟེ། །དུས་གསུམ་སངས་རྒྱས་ཀུན་གྱི་འབྱུང་གནས་སུ། །ངེས་བརྙེད་དད་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །མཆོད་པའི་སྐབས་ཀྱི་མཎྜལ་ནི། རྡོ་རྗེའི་ལུས་ཀྱི་གསེར་ལྡན་ལྟོ་བ་ན། །མཉམ་སྦྱོར་རྡོ་རྗེ་པད་མའི་ལྷུན་པོ་མཆོག །བཅུ་དྲུག་དགའ་བའི་རི་མཚོ་གླིང་བཞིས་བསྐོར། །དབུ་མ་བཅུ་གཉིས་ཁྱིམ་གྱི་རྒྱུ་ལམ་དུ། །རོ་རྐྱང་རླུང་གི་ཉི་ཟླའི་དཀྱིལ་འཁོར་འཆར། །སྒྱུ་མའི་ལུས་སུ་ལྡང་བའི་རིན་ཆེན་བདུན། །ཟུང་འཇུག་བུམ་བཟང་ཡོངས་འདུ་ས་བརྟོལ་སོགས། །དཀྱིལ་འཁོར་མགོན་པོ་དཔལ་ལྡན་བླ་མར་འབུལ། །སྙོམས་འཇུག་ཕྱག་རྒྱའི་མཆོད་པ་ནི། མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་དུ། །འཁོར་ལོའི་མགོན་པོ་ཡབ་ཡུམ་མཉམ་སྦྱོར་བའི། །བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག །བདེ་སྟོང་ཟུང་དུ་འཇུག་པའི་མཆོད་པ་འབུལ། །སྒྲུབ་པའི་མཆོད་པ་འབུལ་བ་ནི། རྩ་ཁམས་རླུང་ལ་གནད་དུ་བསྣུན་པ་ཡིས། །སེམས་ཀྱི་རྡོ་རྗེའི་རྣལ་འབྱོར་ལ་གཞོལ་ནས། །དོན་གཉིས་འདོད་དགུའི་དཔལ་འབྱོར་ལོངས་སྤྱོད་པའི། །ཡིད་བཞིན་དབང་གི་རྒྱལ་པོ་ཁྱོད་ལ་འབུལ། །སྡིག་སྒྲིབ་ཉེས་ལྟུང་སོགས་བཤགས་པ་ནི། མྱང་འདས་ཨ་ཝ་ངྷཱུ་ཏཱིའི་གྲོང་ཁྱེར་དུ། །སེམས་ཀྱི་ཁྱེའུ་ཆུང་དྲི་བཞོན་རྟར་བསྐྱོན་ནས། །འཁྲིད་བྱེད་ཆོས་དང་གཟུང་མར་བཅས་པ་ལ། །ལོག་རྟོག་སོམ་ཉི་བགྱིས་པ་མཐོལ་ལོ་བཤགས། །དགེ་བ་ལ་རྗེས་སུ་ཡི་རང་བ་ནི། གྲངས་མེད་བསྐལ་པར་ཚེགས་ཀྱིས་མི་སྐྲུན་པར། །སྐད་ཅིག་ཙམ་གྱིས་རྡོ་རྗེ་འཛིན་པའི་སར། །བྱོན་ཟིན་འབྱོན་འགྱུར་ད་ལྟར་བཞུགས་བཞིན་པའི། །ཕུལ་བྱུང་མཛད་པ་ཀུན་ལ་རྗེས་ཡི་རང་། །ཆོས་འཁོར་(༡༡བ)


GLG010_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་བར་བསྐུལ་བ་ནི། སྐད་ཅིག་བཟོད་དཀའི་སྡུག་བསྔལ་མེ་འོབས་སུ། །ཆུད་པའི་འགྲོ་རྣམས་མྱུར་དུ་བསྒྲལ་བའི་སླད། །བདེ་ཆེན་ཡེ་ཤེས་འདྲེན་པའི་མྱུར་ལམ་གྱི། །ངེས་གསང་ཐེག་པའི་ཆོས་འཁོར་སྐོར་དུ་གསོལ། ཤེར་དབང་བྱིན་རླབས་ཀྱི་ཚུལ་དུ་བླང་བ་ནི། བླ་མ་མཆོག་གི་ཐུགས་ལས་བདུད་རྩིའི་རྒྱུན། །མཐིང་ཁ་ཧཱུཾ་སྔོན་བཅས་པ་ཐོགས་མེད་བྱུང་། །རང་གི་སྙིང་གའི་གནས་སུ་ཐིམ་པ་ཡིས། །ཤེར་དབང་བྱིན་གྱིས་བརླབས་པའི་ཚུལ་དུ་ཐོབ། །ཡིད་ཀྱི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །ཐུགས་ཀྱི་རྡོ་རྗེ་འགྲུབ་པའི་ནུས་པ་རྙེད། །ཕོ་ཉའི་ལམ་མཆོག་སྒོམ་ལ་དབང་བར་བྱས། །འབྲས་བུ་ཆོས་སྐུ་འགྲུབ་པའི་ས་བོན་བཞག །མྱ་ངན་མི་འདར་གསོལ་བ་གདབ་པ། ཉོན་མོངས་བདུད་བཞི་བསད་པའི་དམར་འོད་ཁྲག །འཕོ་མེད་བདེ་བ་ཆེན་པོར་ཤར་བའི་མདངས། །རྣམ་ཀུན་མཆོག་ལྡན་སྐུ་དང་ཟུང་འཇུག་ཁྲིར། །སྒྲིབ་བྲལ་སྐུ་བཞིའི་རྡོ་རྗེ་རྟག་བཞུགས་གསོལ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དམན་པའི་ཐབས་ཀྱིས་འགྲོལ་མིན་འཁོར་ལོའི་མདུད། །རྩ་ཁམས་ཐིག་ལེའི་རྣལ་འབྱོར་སོར་མོ་ཡིས། །བཀྲོལ་ནས་ཟུང་འཇུག་གྲོང་དུ་སྒྱུ་ལུས་གར། །བསྒྱུར་བའི་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་ཉིད་ཁོ་ནའི་མཆོད་ཡུལ་ནི། བསམ་པའི་རེ་བ་སྐོང་བའི་ཡིད་བཞིན་ནོར། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་བླ་མ་མཆོག །སྤྱི་བོའི་པད་མཚོར་ཐོགས་མེད་རབ་གཤེགས་ནས། །དབུ་མའི་ལམ་བརྒྱུད་སྙིང་དབུས་ཟེའུ་འབྲུར་བྱོན། །འོད་བཞུ་རང་གི་སེམས་དང་དབྱེར་མེད་པ། །སོ་སོར་མཚོན་དུ་མི་ནུས་རོ་གཅིག་ཙམ། །སྣང་དང་སྟོང་པ་ཟུང་དུ་འཇུག་པའི་དངོས། །བྱར་མེད་བློ་འདི་བརྗོད་བྲལ་ངོ་བོར་གྱུར། །ཡན་ལག་བདུན་གྱིས་ཕྱག་འཚལ་པ་ནི། །བརྗོད་བྲལ་ལྷ་ཡི་(༡༢ན)


GLG010_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལྟར་རྣམ་དག་པའི། ཆོས་དབྱིངས་དོན་དམ་ཟད་མི་ཤེས་པའི་མཛོད། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོའི་གཞི། །ངེས་པ་དོན་གྱི་བླ་མར་ཕྱག་འཚལ་ལོ། །མཆོད་པའི་ནང་གི་མཎྜལ་ནི། དྲི་བྲལ་རང་སེམས་དག་པའི་ས་གཞི་ལ། །རང་བཞིན་གདོད་ནས་སྟོང་པའི་ས་འཛིན་ཆེ། །མེད་ཀྱང་རྫུན་པར་སྣང་བའི་གླེང་བཞི་སོགས། །རྨི་ལམ་ཡུལ་གྱི་རོལ་པ་ཇི་བཞིན་འབུལ། །དོན་དམ་སྤྲོས་བྲལ་གྱི་མཆོད་པ་ནི། དམིགས་མེད་དོན་དམ་ཆོས་སྐུའི་ཞིང་མཆོག་ཏུ། །སྨྲ་བསམ་བརྗོད་མེད་ཀུན་བཟང་མཆོད་པའི་སྤྲིན། །བརྟན་གཡོ་ཀུན་ཁྱབ་འཁོར་འདས་དབྱེར་མེད་པ། །སྤྲོས་ཀུན་ཉེར་ཞི་མཉམ་ཉིད་ངང་དུ་འབུལ། སྒྲུབ་པའི་མཆོད་པ་འབུལ་བ་ནི། བཏགས་ཙམ་ཀུན་རྫོབ་ཆོས་ཀྱི་རྫུན་པའི་གྲུ། །དོན་དམ་རྒྱ་མཚོར་ཞིག་པའི་མཐའ་བྲལ་ཀློང་། །དབུ་མར་གནས་པའི་ནོར་ལ་ལོངས་སྤྱོད་པའི། །ངེས་པ་དོན་གྱི་སྙིང་པོའི་མཆོད་པ་འབུལ། །ཉེས་པའི་ཚོགས་ཀུན་བཤགས་པ་ནི། སྒྱུ་མའི་སྐྱེས་བུ་བསད་པའི་དཔའ་བོ་ལྟར། །མེད་བཞིན་བདེ་དང་སྡུག་པའི་གར་མཁན་མ། །གཟུང་འཛིན་སྒྲོག་ཏུ་ཆུད་པའི་ལས་ངན་ཀུན། །བཤགས་བྱ་བཤགས་བྱེད་བྲལ་བའི་ངང་དུ་བཤགས། གཞན་གྱི་དགེ་བ་ལ་ཡི་རང་བ་ནི། མ་དག་གཉིས་སུ་འཛིན་པའི་འཁྲུལ་པའི་རྒྱ། །རྟེན་ཅིང་འབྲེལ་བར་འབྱུང་བའི་མཚོན་ཆ་ཡིས། །བཅད་དེ་སྡུག་བསྔལ་ལྔ་པའི་འཇིགས་པ་ལས། །ཐར་པའི་མཛད་པ་མཆོག་ལ་རྗེས་ཡི་རང་། ཆོས་འཁོར་སྐོར་བར་བསྐུལ་པ་ནི། གཞན་གྱིས་བརྗོད་དུ་མེད་པ་ཆོས་ཀྱི་སྐུ། །རང་བཞིན་མ་གྲུབ་སྣང་སྟོང་ཟུང་འབྲེལ་བའི། །ཚིག་དང་ཡེ་གེར་བསྟན་དུ་མེད་པའི་ཆོས། །འཁོར་ལོ་གཉུག་མའི་ངང་དུ་སྐོར་དུ་གསོལ། ཚིག་དབང་བྱིན་རླབས་ཚུལ་དུ་བླང་པ། བླ་མའི་ཐུགས་(༡༢བ)


GLG010_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་གི་སེམས་གཉིས་པོ། །དབྱེར་མེད་ཟུང་དུ་འཇུག་པའི་བདེ་བ་ཆེ། །མཁའ་ལྟར་སྒྲིབ་བྲལ་འཇའ་ཚོན་ལྟར་བཀྲ་བའི། །བཞི་བའི་དབང་བསྒྱུར་བྱིན་རླབས་ཚུལ་དུ་ཐོབ། །ལུས་ངག་ཡིད་གསུམ་དྲི་མ་མ་ལུས་སྦྱངས། །གསང་གསུམ་རྡོ་རྗེ་འགྲུབ་པའི་ནུས་པ་རྙེད། །ཟུང་འཇུག་ལམ་བཟང་སྒོམ་པ་དབང་བར་བྱས། །འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་བཞག །བཞི་པ་གསུམ་པས་ཟླས་དྲངས་པའི། །སྒོ་ནས་ངོ་སྤྲོད་དགོས་ན་ཡང་། །གོང་དུ་དབང་རྣམས་བྱིན་རླབས་ཀྱི། །ཚུལ་ཙམ་བླངས་པས་དངོས་གཞི་མིན། །མྱ་ངན་མི་འདར་གསོལ་གདབ་ནི། །རྒྱུ་དང་རྐྱེན་གྱིས་བཅོས་སུ་མ་མཆིས་པའི། །གདོད་ནས་རྣམ་དག་ཆོས་སྐུ་བདེ་བ་ཆེ། །ལུས་ཅན་ཀུན་ལ་དངོས་སུ་རབ་སྣང་ཞིང་། །ནམ་ཡང་འཕོ་འགྱུར་མེད་པར་གསལ་གྱུར་ཅིག །དགེ་བ་རྫོགས་བྱང་དུ་བསྔོ་བ་ནི། རང་བཞིན་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས། །རྟག་ཆད་མཐའ་བྲལ་དབུ་མའི་ལམ་བསྒོམས་པས། ཀུན་རྫོབ་འཁྲུལ་ངོར་སྣ་ཚོགས་སྣང་བ་ཀུན། །དོན་དམ་དབྱིངས་སུ་ངོ་བོ་གཅིག་པར་བསྔོ། །སྨོན་ལམ་དག་པས་འཚམས་སྦྱར་ནི། དེ་ལྟར་དངོས་གྲུབ་ལེགས་ཚོགས་ཀུན་གྱི་གཞི། །རྡོ་རྗེ་སློབ་དཔོན་ཚུལ་བཞིན་མཆོད་པ་སོགས། །གྲངས་མེད་དུས་གསུམ་དགེ་བ་ཅི་བསགས་པའི། །མཐའ་ཀླས་རྣམ་པར་དག་པའི་ཕུང་པོ་ཡིས། །ཚེ་རབས་ཀུན་དུ་དལ་བའི་རྟེན་ཐོབ་ཅིང་། །བཤེས་གཉེན་དམ་པའི་མགོན་གྱིས་ལེགས་ཟིན་ནས། །ཐུན་མོང་ལམ་གྱི་རྒྱུད་ཀུན་རབ་སྦྱངས་ཏེ། །རྡོ་རྗེ་ཐེག་ལ་བཞུགས་པར་བྱིན་གྱིས་རློབས། །འབད་པ་ཆེན་པོས་སྙིགས་དུས་ཚེ་གཅིག་ལ། །སྐུ་བཞི་ཡེ་ཤེས་ལྔ་ཡིས་བདག་ཉིད་མཆོག །ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་བྱས་ནས། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །(༡༣ན)


GLG010_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་ཤིས་པ་བརྗོད་པ་ནི། དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་ལས་སྐྱོབ། །མཐོང་ཐོས་དྲན་རེག་ལེགས་པའི་ལམ་ལ་སྦྱོར། །གསོལ་བ་བཏབ་པས་འདོད་དགུའི་རེ་སྐོང་བའི། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཞི་བ་མྱ་ངན་འདས་པའི་ས་བརྙེས་ཀྱང་། །གདུལ་བྱའི་སྣང་ངོར་ཁྲོ་ཆགས་རྣམ་འགྱུར་གྱིས། །བདུད་སྡེའི་སྙིང་ག་རྫི་བའི་སྟངས་སྟབས་ཅན། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །མཐུ་སྟོབས་རྡོ་རྗེའི་ཐེག་གི་རྗེས་འགྲོ་ཞིང་། །འཕྲིན་ལས་ཐོགས་མེད་སྒྲུབ་པའི་དཔག་བསམ་དབང་། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་རྣམས་གྱིས། །དགེ་ལེགས་བཀྲ་ཤིས་ཆར་ལྟར་འབེབས་པར་མཛོད། །འདི་ནི་དམིགས་བརྩེ་མ་སོགས་དང་། །གཙོ་བོར་འབྲེལ་བའི་དབང་བྱས་ཀྱི། །ཡང་ན་ནང་གསང་མཆོད་ཡུལ་ངོར། །ཐོག་མའི་སྐྱེད་ཆོག་འདི་ལྟར་རོ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་མཆོག །རྣམ་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། །དབང་སྔོན་མདངས་ལྡན་ཉི་མའི་གཟི་བརྗིད་ཅན། །དགྱེས་པའི་འཛུམ་གྱིས་འགྲོ་ཀུན་བདེ་བར་བསུ། །བུང་བ་ལྟར་གནག་རལ་པའི་ཐོར་ཅོག་གཡོ། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་ཅན། །འདི་ཙམ་གྱིས་ནི་བདེ་བླག་ཏུ། །རྟོགས་པར་ནུས་སོ་རང་བཟོ་ཡི། །དོན་མེད་ཚིག་ཚོགས་ངལ་བའི་རྒྱུ། །གཟུ་བོར་གནས་རྣམས་ཚུལ་འདི་ལོངས། །དེ་ལྟར་རྣམ་སྨིན་དཀར་པོར་འཛག་པའི་རྔ། །རྨད་བྱུང་བློ་གྲོས་དབྱུ་གུས་བསྐུལ་བའི་ཚེ། །སྐལ་བཟང་རྣ་བའི་བཅུད་ལེན་རྒྱས་བྱེད་པའི། །ལེགས་བཤད་སྒྲ་དབྱངས་སྲིད་རྩེའི་བར་དུ་(༡༣བ)


GLG010_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག །སྔོན་བྱོན་མཁས་པའི་དགོངས་དོན་མ་འཆུགས་ཤིང་། རྣམ་དཔྱོད་མཐུ་ཡིས་བརྗོད་དོན་ཕུལ་བྱུང་བ། །བསྐྲུན་འདིར་སྦྱར་བྱང་སྤེལ་བ་རིགས་མོད་ཀྱི། །ངག་བགྲོས་རྙིང་པ་ལྡབས་དང་གང་ལ་མཚུངས། །བདུད་རྩིས་ལེགས་གཏམ་འཇིམ་པའི་བུམ་པ་དག །དོར་ནས་ངན་སྐྱུགས་ཀྱིས་གང་གསེར་བུམ་ལ། །དགའ་བར་བྱེད་ལྟར་དེང་དུས་སྐྱེ་བོ་རྣམས། །ལེགས་ཉེས་འབྱེད་པའི་བློ་གྲོས་སྐལ་པ་ཕྲ། །སྔོན་རབས་མཁས་པའི་ལེགས་བཤད་ཉིན་མོར་བྱེད། །དུས་ཀྱིས་འགྲིབ་པའི་ཆུ་ལྷའི་ཕང་པར་ཉལ། །ཚིག་དོན་དམན་པའི་དུ་བ་མཇུག་རིང་ཞིག །ཐུབ་བསྟན་ནམ་མཁའི་མཛེས་པ་འཕྲོག་ཕྱིར་རྒྱུ། །དེ་ཕྱིར་ཚད་ལྡན་མཁས་པའི་གསུང་རབ་ཀྱང་། །སྐལ་ངན་དུས་ཀྱི་ནུབ་ལ་ཉེ་བའི་ཚེ། བློ་དམན་བདག་འདྲས་ཡི་གེར་འདྲི་བ་དག །རང་ཉིད་ངལ་བའི་འབྲས་བུ་ཙམ་དུ་ཟད། །འོན་ཀྱང་བོད་དང་ཧོར་གྱི་སྐད་གཉིས་པ། །སྨྲ་བའི་དཔྱོད་ལྡན་མེར་རྒན་བཀའ་བཅུ་ཞེས། །ཤེས་རབ་རྒྱ་མཚོར་འབོད་དེས་རིང་མོ་ནས། །འབད་པ་ཆེན་པོས་ཡང་ཡང་བསྐུལ་བ་དང་། །ཉེ་ཆར་གནས་ལྔ་རིག་པའི་ཆུ་གཏེར་དབུས། །ལེགས་བཤད་ཕུད་སྒྲ་སྒྲོག་པའི་འཇིག་རྟེན་མིག །བློ་ཆེན་ཤེས་བྱ་ཀུན་རིག་གང་དེ་ཡིས། །ནན་ཏན་བསྐུལ་བའི་བཞེད་པ་སྐོང་ཕྱིར་བྱས། །དེ་འདྲ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་མགོན། །འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཞབས་པད་རྡུལ། །སྤྱི་གཙུག་རྒྱན་དུ་བསྟེན་པའི་རྒྱལ་ཁམས་པ། །ཟ་ཧོར་རིགས་ཀྱི་བནྡྷེས་ཡི་གེར་བཀོད། །དགེ་དེས་མཁའ་མཉམ་ལུས་ཅན་མ་ལུས་པ། །ཡང་དག་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །དོན་གཉིས་ལྷུན་གྲུབ་སྟོབས་བཅུའི་གོ་འཕང་མཆོག །ཐོབ་ནས་འགྲོ་ཀུན་འདྲེན་པའི་མགོན་གྱུར་ཅིག །དེ་(༡༤ན)


GLG010_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། །བོད་སོག་གི་ལོ་ཙཱ་བ་དཔྱོད་ལྡན་མེར་རྒན་བཀའ་བཅུ་ཤེས་རབ་རྒྱ་མཚོ་དང་། །བོད་ལུགས་ཀྱི་གནས་ལྔ་རིག་པའི་པཎྜི་ཏ་སྨོན་འགྲོ་ལོ་ཙྪཱ་བའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ལ་གཞི་བྱས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྦྱོར་ཚུལ་སོགས་དམིགས་སུ་ཕྱེ་སྟེ། ཟ་ཧོར་གྱི་རིགས་ལས་ཨཱ་ཝ་ངྷཱུ་ཏི་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་བའི་ལོ་ཆུ་སྟོད་ཟླ་བའི་དབྱངས་ཨུ་འཆར་བའི་ཚེས་ལ་བྱང་ཕྱོགས་གྱི་ཆུ་བོ་ལོ་ཧི་ཏའི་འགྲམ་དུ་སྦྱར་བའི་ཡི་གེ་པ་ནི་མཉྫུ་གྷོ་ཥ་ཤྲཱི་བྷ་དྲ་ན་ཀ་ར་ཛ་ཡནྟུ། །མངྒ་ལཾ།། །།

བཀའ་གདམས་རིན་པོ་ཆེ་ཐིག་ལེ་བཅུ་དྲུག་གི་རྒྱུན་ཁྱེར་དབང་ཁྲིད་ཀྱི་ལེགས་བཤད་ཕུལ་བྱུང་དགོངས་རྒྱན།


GLG010_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གདམས་རིན་པོ་ཆེ་ཐིག་ལེ་བཅུ་དྲུག་གི་རྒྱུན་ཁྱེར་དབང་ཁྲིད་ཀྱི་ལེགས་བཤད་ཕུལ་བྱུང་དགོངས་རྒྱན་བཞུགས་སོ།།


GLG010_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཥྩ་ཏྲི་རཏྣེ་བྷྱཿ། རྨད་བྱུང་བསོད་ནམས་ཡེ་ཤེས་ས་བོན་དག་གིས་རིང་མོ་ཉིད་ནས་བསྐྲུན་པ་ལས། །སྐུ་གསུམ་སྡོང་བུ་རྣམ་པར་རྒྱས་པའི་མཚན་དཔེའི་ལོ་འབྲས་ཕྱོགས་བཅུར་རབ་གཡོ་བ། །མཚན་གྱི་གཟིས་ཀྱང་ཕན་དང་བདེ་བའི་འདོད་དགུ་ལེགས་སྩལ་ཡིད་བཞིན་དབང་གི་རྒྱལ། །རྣམ་འདྲེན་གཙོར་གྱུར་འོད་དཔག་མེད་ཅེས་སྔོན་མེད་དཔག་བསམ་ལྗོན་པ་རྒྱལ་གྱུར་ཅིག །གང་དེའི་ཡེ་ཤེས་སྒྱུ་མའི་རོལ་གར་ལས། །སྡོམ་བརྩོན་གནས་ལྔ་ཀུན་མཁྱེན་ལྔ་བརྒྱའི་གཙོ། །ཨ་ཏི་ཤ་ཞེས་སྙན་པའི་གྲགས་པ་ཡིས། །སྲིད་འདིའི་རྣ་བར་སྙན་པའི་གཏམ་དུ་འཇེབས། །མི་ཟད་གསང་བའི་གདམས་པ་བདུད་རྩིའི་རྒྱུན། །ཐུགས་ཀྱི་བུམ་པར་ལེགས་འཁྱིལ་འབྲོམ་སྟོན་རྗེ། །བརྒྱུད་པར་བཅས་པའི་སྙན་བརྒྱུད་མཛོད་འཛིན་རྣམས། །སྐལ་བཟང་གཟུར་གནས་ཡོངས་ཀྱིས་ཕྱག་བྱའི་གནས། །མན་ངག་ཆུ་ཤེལ་ཞུན་མའི་ཐིག་ལེ་གང་། །ཉམས་ལེན་སྙན་བརྒྱུད་བཅུ་དྲུག་ཆ་ཤས་སུ། །རྫོགས་པར་འཁྱིལ་བའི་བཀའ་གདམས་འོད་དཀར་ཅན། །བློ་ལྡན་ཀུན་ད་ཁོང་ནས་འཛུམ་པ་བཞིན། །ཕྱོགས་རེས་ཚིམ་མིན་ཐུབ་པའི་བསྟན་པ་རྣམས། །ཡོངས་རྫོགས་གཅིག་ཏུ་དྲིལ་ནས་ཉམས་ལེན་པའི། །ལེགས་པར་བཤད་པ་ཕུལ་བྱུང་དགོངས་རྒྱན་འདི། །མགྲིན་པའི་འཁོར་ལོ་རྣམ་པར་གྲོལ་ཏེ་བྲི། །(༢ན)


GLG010_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་མཉམ་མེད་ཇོ་བོ་ཆེན་པོ་ཡབ་སྲས་ཀྱི་གསང་ཆོས་གླེགས་བམ་རིན་པོ་ཆེར་གྲགས་པ། རྟོག་གེ་པ་རྣམས་ཀྱི་བློའི་ཡུལ་དུ་ཤོང་བར་དཀའ་བའི་ཟབ་དོན་འདི་ཉིད་ཀྱི་སྙིང་པོའི་ཡང་སྙིང་པོར་གྱུར་པ། ཟབ་དོན་སྙིང་གི་ཐིག་ལེ་བཅུ་དྲུག་ཏུ་གྲགས་པ་འདི་ནི་སློབ་དཔོན་བྱང་ཆུབ་བཟང་པོ་ཡན་ཆད་དུ་ཆིག་བརྒྱུད་བཀའ་རྒྱ་ཤིན་ཏུ་དམ་ཞིང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་བར་དུའང་ཁྱབ་གདལ་དུ་མི་མཛད་པར་ཟབ་གནད་རྣམས་སྙན་བརྒྱུད་ཁོ་ནར་བཞུགས་པས། བཀའ་རྒྱ་དབྲོལ་ན་སྲས་སུ་ག་ལ་འགྱུར། །སྙིང་གཏམ་སྙིང་དུ་བརྒྱུད་ན་ཟབ་ཆོས་ཡིན། །ལེགས་བཤད་སེམས་ལ་འཆང་ན་ཡུན་དུ་འཕྲོད། །མངོན་རྟོགས་སེམས་ལ་བརྒྱུད་ན་བརྟན་པ་ཡིན། ཞེས་གསུངས་པ་ལྟར་འདི་ཉིད་ཡི་གེར་འདྲི་བའི་ཡུལ་མིན་ནའང་། དུས་དབང་གིས་མཆོག་དམན་མཐའ་དག་དམ་པའི་ཆོས་ཀྱི་རྗེས་སུ་ཕྱོགས་པ་ཆེས་ཉུང་ཞིང་། རྒྱུ་མཚན་དེས་ཆོས་ཟབ་མོ་རྣམས་ཀྱང་རིམ་གྱིས་ནུབ་པ་ལ་ཉེ་བའི་དུས་འདིར་དགོས་པའི་དབང་གིས་ཡི་གེའི་ཕྲེང་བར་སྤེལ་བ་ལ་ཉེས་པ་མེད་པས་སྔ་རབས་ཀྱི་ཡིག་རྙིང་རྣམས་སུ་གབ་པ་དང་མི་གསལ་བ་དང་འཁྲུགས་པ་སོགས་ལེགས་པར་བསྡེབས་ཤིང་། རང་བློའི་རྩལ་དང་རྗེ་སྟག་ཚང་པའི་ཟུར་འདེབས་རྣམས་ཀྱིས་བརྒྱན་ཏེ་བྲི་བར་བྱའོ། །དིང་སང་འདིའི་དབང་ཁྲིད་རྒྱུན་གྱི་ཉམས་ལེན་སོགས་འབྲོམ་གཞོན་ནུ་བློ་གྲོས་ཀྱིས་མཛད་(༢བ)


GLG010_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡིག་རྙིང་རྣམས་ཧ་ཅང་ཁ་མི་གསལ་ཞིང་། རང་གཞན་གྱི་ཡིག་ཆ་སྣ་ཚོགས་སྣང་བའང་གཡར་ཁྲལ་ཁོ་ན་ལས་བརྗོད་དོན་གྱི་འབྲས་བུས་དབེན་པར་མཐོང་ལ། རྗེ་གློ་བོ་གྲོལ་མཆོག་པའི་ཁྲིད་བརྒྱའི་ནང་གི་དེའང་ས་བོན་ཙམ་ལས་ལེགས་པར་བཤད་པའི་ཆ་ཆེ་བར་མ་མཐོང་བས་འདིར་མངོན་པར་གསལ་ཞིང་མ་འདྲེས་པར་བརྗོད་པ་ལ་བཞི། །དུས་ཁྱད་པར་ཅན་གྱི་སྐབས་སྒྲུབ་པའི་མཆོད་པ། རང་ཉིད་རྒྱུན་འཁྱེར་དུ་ཉམས་སུ་བླང་ཚུལ། གཞན་རྗེས་སུ་འཛིན་པ་དབང་གི་ཆོ་ག །སྐལ་ལྡན་གྱི་སློབ་མ་ལ་ཉམས་འཁྲིད་དུ་འདེབས་པའི་རིམ་པའོ། །དང་པོ་ནི། སློབ་མ་རྗེས་འཛིན་གྱི་ཆེད་མ་ཡིན་ཡང་ཆོ་འཕྲུལ་དང་བླ་མའི་དུས་མཆོད་ལ་དམིགས་ཏེ་དཀྱིལ་འཁོར་བྲི་བ་སོགས་བཅས་ཀྱི་རིམ་པ་དང་ཐུན་འཛིན་པའི་སྒྲུབ་གྲོགས་རྣམས་དབང་ཆོག་ནས་འབྱུང་བ་ལྟར་ལེན་ཞིང་དངོས་གཞིའི་ཉམས་ལེན་དབང་ཆོག་དོར་བ་ཙམ་མོ། །གཉིས་པ་ནི་མཆོད་པ་བདུན་ཚར་དང་། ཀུན་འདུས་ཀྱི་དཀར་གཏོར་ཞིག་བཤམས། ཐོག་མར་སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་འཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཆེན་པོ་རྣམས་ལ་སྐྱབས་སུ་མཆིའོ། །སེམས་བསྐྱེད་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་མཁའ་མཉམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་(༣ན)


GLG010_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ་བདག་སོགས་སེམས་ཅན་རྣམས་ཀྱིས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ་ཞེས་ལན་གསུམ་བརྗོད། བླ་མེད་ཀྱི་ཉམས་ལེན་གཙོ་ཆེ་བར་བྱེད་ན་སྔགས་སྡོམ་སྤྱི་འགྲོ་ལྟར་བཟུང་ན་ལེགས་པར་མངོན་ནོ། །མཆོད་པ་བྱིན་གྱིས་བརླབས་པ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་གཡས་ནོར་བུའི་ཕྲེང་བ་དང་གཡོན་ཤེལ་གྱི་འཁོར་ལོ་རྩེ་མོར་སངས་རྒྱས་སྟོང་གིས་མཚན་པ་འཛིན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས། སྣོད་བཅུད་ཀྱི་མ་དག་པ་སྦྱངས། ཨོཾ་ལས་རིན་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་བསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་དུ་བཟང་པོའི་རྣམ་པར་སྤྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཟད་མི་ཤེས་པ་ནམ་མཁའ་དང་(༣བ)


GLG010_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་གྱུར། ཨོ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྡའི་བར་བརྗོད། དངོས་གཞི་ནི། ཨོཾ་སྭ་བྷཱ་ཝ་ཤུངྔྷ་སརྦྦཱ་ངྷརྨ་སཱ་བྷཱ་ཝ་ཤུ་དྡྷོཿཧཾ། སྣོད་བཅུད་ཀྱིས་བསྡུས་པའི་བརྟན་གཡོའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་འདོད་སྣམ་ཕ་གུ་དྲ་བ་དྲ་ཕྱེད་མདའ་ཡབ་པུ་ཤུ་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་སྟེང་དང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། འོག་སྔོན་པོར་གྱུར་པའི་ཁ་དོག་སོ་སོའི་རང་མདོག་ལྟར་འཆར་བ་ལ་རྣམ་པ་ཡི་གེའི་གཟུགས་ཅན་གྱིས་བར་མཚམས་མེད་པར་ཁྱབ་པ། ཁ་དོག་དང་དབྱིབས་རྣམས་མ་འདྲེས་པར་སོ་སོར་བཀྲ་བའི་སྟེང་གི་ཡི་གེ་ཐམས་ཅད་ཨོཾ། ཤར་མ། ལྷོ་ཎི། ནུབ་པད། བྱང་མེ། འོག་ཧཱུཾ་དུ་སྣང་བའི་གཞལ་ཡས་ཁང་གི་ནང་དུ་སེམས་ཉིད་ཐིག་ལེ་དཀར་པོ་གསལ་སྟོང་འོད་ཀྱི་རང་བཞིན་ཅན་དེ་ཉིད་ཇེ་ཆེར་སོང་བ་ལས་རང་ཉིད་ཐུབ་པ་དང་དབྱེར་མེེད་པའི་ཐུགས་རྗེ་ཆེན་པོར་གྱུར་པ་འོད་དུ་ཞུ་བ་ལས་སྐད་ཅིག་གིས་པཾ་ཡིག་དཀར་པོ་ལས་ནམ་མཁའི་མཐའ་དང་མཉམ་པའི་པད་མ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་ཐིག་ལེ་དཀར་པོ་ནམ་མཁའ་ལྟར་མཐའ་དང་བྲལ་བའི་རང་བཞིན་ཅན་ཡོངས་སུ་གྱུར་པ་ལས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ནམ་མཁས་གར་ཁྱབ་ཏུ་སྐུས་ཁྱབ་པ། དབུ་བཅུ་གཅིག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ། རྩ་ཞལ་དཀར། གཡས་དམར་གཡོན་ལྗང་། དེའི་སྟེང་གི་ཞལ་དབུས་ལྗང་གཡས་དཀར་གཡོན་དམར། དེའི་སྟེང་གི་ཞལ་དབུས་དམར་གཡས་ལྗང་གཡོན་དཀར་བ། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་པ་(༤ན)


GLG010_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བརྫེས་པ། དེའི་སྤྱི་བོར་ཞི་བའི་ཞལ་དམར་པོ་གཙུག་ཏོར་ཅན། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པ་ན་བགྲང་འཕྲེང་། གསུམ་པ་ཡི་དགས་ཀྱི་སྐོམ་པ་སེལ་བ། བཞི་པ་ན་འཁོར་ལོ། གཡོན་གྱི་གཉིས་པ་ན་པད་མ། གསུམ་པ་ན་རིལ་པ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པོ་ཐམས་ཅད་མཆོག་སྦྱིན་མཛད་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། བ་སྤུའི་བུ་ག་རེ་རེ་ན་སངས་རྒྱས་ཀྱི་ཞིང་གྲངས་མེད་པ། དེ་རྣམས་ནས་སངས་རྒྱས་བྱང་སེམས་མཐའ་ཀླས་པ་མཐོང་བ། གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ། །དེའི་ཐུགས་ཀར་ཐིག་ལེ་གཉིས་པ་མི་མཛད་ཀྱི་བཀོད་པ་སྔར་ལྟ་བུའོ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཨོཾ་སེར་པོ་ལས་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་གངས་ཆེན་འཚོ་སྤྲུལ་སྐུའི་ཆ་བྱད་ཅན། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་མཉམ་གཞག་མཛད་པ། གཡས་གཡོན་དུ་མཆོག་ཟུང་བཞེངས་ཏེ་བཞུགས་པ། ཐེག་པ་གསུམ་གྱི་འཁོར་ཚོགས་རྒྱ་མཚོས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་གསུམ་པ་ཁ་བ་ཅན་གྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བཀོད་པ་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བ་བཞིན་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཞི་པ་ཡང་སྒོས་དབུ་རུ་བྱང་ཕྱོགས་ཀྱི་ཐིག་ལེ། གཞལ་ཡས་ཁང་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿལས་འབྲོམ་ཤེལ་གྱི་ཁྱེའུ་དཀར་པོ་ཞི་ཞིང་འཛུམ་པ། དབུ་སྒྲ་མཐིང་ཁ་དཔུང་པའི་ཐད་དུ་སླེབ་པ། ཕྱག་གཡས་ཤེལ་དཀར་གྱི་འཕྲེང་བ་དང་། གཡོན་ཤེལ་གྱི་མཁར་བ་རྩེ་མོར་པད་མ་དཀར་པོ་(༤བ)


GLG010_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་གདན་ལ་ཡུམ་ཆེན་མོ། གཡས་སུ་བླ་མ་མར་མེ་མཛད། གཡོན་དུ་རྒྱལ་བ་ཤཱཀྱ་ཐུབ་པ། འདབ་མ་སྟོང་ལ་སངས་རྒྱས་སྟོང་བཞུགས་པས་མཚན་པ་འཛིན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་ལྔ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཨ་སེར་པོ་ལས་ཡུམ་ཤེར་ཕྱིན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་ཐུགས་ཀར་སྐྱབས་སྦྱིན་གི་ཕྱག་རྒྱ་དང་། གཡོན་དང་པོ་མཉམ་གཞག་མཛད་པ། གཡས་འོག་མས་རྡོ་རྗེ་དང་གཡོན་འོག་མས་གླེགས་བམ་འཛིན་པ། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱོགས་བཅུའི་རྒྱལ་སྲས་བཅས་ཀྱིས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་དྲུག་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མུཾ་སེར་པོ་ལས་ཐུབ་པ་བདུད་འདུལ་སྤྲུལ་སྐུའི་ཆ་ལུགས་ཅན། གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ། དེའི་ཐུགས་ཀར་ཐིག་ལེ་བདུན་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿདཀར་པོ་ལས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཤེལ་འཕྲེང་དང་པད་དཀར་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་བརྒྱད་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཏཾ་ལྗང་གུ་ལས་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོད་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ལ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ། འཁོར་ཞི་བའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་བ། དེའི་ཐུགས་གར་ཐིག་ལེ་དགུ་པ་གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་ན་ཏི་ལྗང་ནག་ལས་སྒྲོལ་མ་དྲག་མོ་ལྗང་ནག་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་གྲི་ཐོད། །(༥ན)


GLG010_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཾ་ག་འཛིན་པ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསོལ་ཞིང་གཡོན་བརྐྱང་གིས་བཞུགས་པ། འཁོར་དུ་ལྷ་མོ་དྲག་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་བཅུ་པ་གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་ན་ཧཱུཾ་མཐིང་ནག་ལས་མི་གཡོ་བ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཞིང་གཏུམ་པ། གཡས་རལ་གྲི་དང་གཡོན་ཞགས་པ་འཛིན་པ། སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་གླང་ལྤགས་དང་སྟག་ཤམ་གསོལ་བ། གཡས་བརྐྱང་གིས་ཚོགས་ཀྱི་བདག་པོའི་གདན་ལ་མེ་དཔུང་གི་དབུས་ན་ཁྲོ་བོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་གཅིག་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུཾ་དཀར་པོ་ཨ་ཏི་ཤ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པ། སྐྱིལ་ཀྲུང་གིས་བཞུགས་པ། དེའི་མདུན་ཐུབ་པ་ལོངས་སྐུའི་ཆ་ལུགས་ཅན། གཡས་སུ་སྤྱན་རས་གཟིགས། གཡོན་དུ་སྒྲོལ་མ། རྒྱབ་ཏུ་མི་གཡོ་བ། ཤར་ལྷོར་ཇོ་བོ་པཎྜི་ཏའི་ཆ་བྱད་ཅན། ལྷོ་ནུབ་ཏུ་འབྲོམ་དགེ་བསྙེན་གྱི་ཆ་བྱད་ཅན། ནུབ་བྱང་དུ་རྔོག་དང་བྱང་ཤར་དུ་ཁུ་སྟོན་གཉིས་བོད་སྟོན་རབ་བྱུང་གི་ཆ་བྱད་ཅན། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་གཉིས་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿདཀར་པོ་ལས་འབྲོམ་ཆོས་ཀྱི་རྒྱལ་པོ་ལོངས་སྐུའི་གར་ཆས་སུ་བཞུགས་པ། དགུང་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། གཡས་པད་དཀར་དང་གཡོན་དྲིལ་བུ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་མདུན་དུ་ཕྱི་ལྟར་ན་རང་དང་ཆ་ལུགས་མཚུངས་པའི་ཁྱེའུ་དཀར་པོ་བཞི། གཡས་སུ་སེར་(༥བ)


GLG010_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞི། གཡོན་དུ་ལྗང་གུ་བཞི། རྒྱབ་ཏུ་དམར་པོ་བཞི། ནང་ལྟར་ན་སྐུ་མཆེད་གསུམ་སོགས། གསང་བ་ལྟར་ན་རིགས་ལྔའི་ངོ་བོ། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མ་རྣམས་དང་། གསང་བ་ཡེ་ཤེས་སོགས་མཁའ་འགྲོའི་ཚོགས་དུ་མ་རྣམས་ཨུ་རྒྱན་གྱི་ཡུལ་དུ་མཛད་པ་ཇི་ལྟ་བ་བཞིན་གར་སྟབས་སྣ་ཚོགས་སུ་སྒྱུར་བ། དེའི་ཐུགས་ཀར་ཐིག་ལེ་བཅུ་གསུམ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མིཾ་སེར་པོ་ལས་རྒྱལ་བ་བྱམས་པ་དགེ་སློང་སྣམ་སྦྱར་ཆོས་གོས་གྱོན་པ། མཚན་དཔེ་དང་ལྡན་པ། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་གཡོན་ན་ནམ་མཁའ་དྲི་མ་མེད་པ་དང་བཙུན་པ་སྤྱན་རས་གཟིགས་གཉིས་དགེ་སློང་གི་ཆ་བྱད་ཅན་བཞེངས་དང་བཞུགས་པ། སྟེང་གི་ཆ་ལ་འཕགས་པ་ཐོགས་མེད་སོགས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་བཞི་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ངྷཱི་དམར་སེར་ལས་རྗེ་བཙུན་འཇམ་དཔལ་དབྱངས་རང་བྱུང་སྤྲུལ་སྐུའི་ཆ་ལུགས་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་ཇོ་བོ་དང་སྤྱན་རས་གཟིགས་གཉིས་རབ་བྱུང་གི་རྣམ་པ་ཅན། སྟེང་གི་ཆ་ལ་མགོན་པོ་ཀླུ་སྒྲུབ་སོགས་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅོ་ལྔ་པ་གཞལ་ཡས་ཁང་གི་ནང་དུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་མ་ཉི་མ་ཟླ་བའི་གདན་ལ་ཧཱུཾ་མཐིང་ཁ་ལས་རྒྱལ་བ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་སྐུ་མདོག་སྔོན་པོ། རྡོ་རྗེ་དང་དྲིལ་བུ་ཐུགས་གར་བསྣོལ་སྟེ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་མཆོག་ཟུང་ལོངས་སྐུའི་ཆ་ལུགས་ཅན་གྱིས་བཞེངས་པ། སྟེང་གི་ཆ་ལ་ཏེ་ལོ་ན་རོ་སོགས་ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་(༦ན)


GLG010_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་དྲུག་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུཾ་སྔོན་པོ་ལས་སངས་རྒྱས་ཆོས་ཀྱི་སྐུ་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཏིང་འཛིན་གྱི་ཕྱག་རྒྱ་མཛད་པ། སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཤིན་ཏུ་ཕྲ་བའི་རླུང་སེམས་ཐིག་ལེ་དཀར་སེར་རྟེན་བརྟེན་པའི་རྣམ་པ་ཅན་ཡུངས་ཀར་གྱི་འབྲུ་ཚད་ཙམ། སྤྲོ་ན་ནམ་མཁའི་མཐར་ཁྱབ་པར་ནུས་ཤིང་། བསྡུ་ན་རྡུལ་ཕྲན་ཙམ་གྱི་ཚད་དུ་བསྡུ་བར་ནུས་པའི་འོད་ཟེར་སྣ་ལྔའི་རང་བཞིན་ཅན་དུ་བསམ་མོ། །ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། པད་མ་ཀ་མ་ལ་ཡེ་སྟྭཾ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་སྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་དབང་བསྐུར། ལུས་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་པ་ལས་རང་རང་གི་ས་བོན་གྱིས་དབུ་བརྒྱན་པར་གྱུར། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི་ཞེས་སོགས་ཀྱི་ཡན་ལག་བདུན་པའམ། ཡང་ན་ཇི་སྙེད་སུ་དག་མ་ལྟ་བུ་བྱས་ཀྱང་རུང་། དེ་ནས་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ། འདོད་ཡོན་ལྔ། རྒྱལ་སྲིད་བདུན་རྣམས་རྒྱུད་སྡེ་གཞན་ནས་འབྱུང་བ་ལྟར་རྒྱས་པར་བྱ་བའམ། རྒྱུན་འཁྱེར་མདོར་བསྡུས་སུ་བྱེད་ན་འདི་ལྟ་སྟེ། ཡིད་བཞིན་འོ་མཚོ་འཁྱིལ་(༦བ)


GLG010_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་འགྲན་པའི། །མཆོད་ཡོན་ཞབས་བསིལ་གང་གཱའི་རྒྱུན་བཞིན་འབབ། །ཆུ་སྐྱེས་ཡལ་འདབ་ཟེའུ་འབྲུ་གཡུར་དུ་ཟ། །བདུག་སྤོས་དབྱར་སྐྱེས་སྤྲིན་བཞིན་ལང་ལོང་གཡོ། །སྣང་གསལ་སྒྲོན་མེ་ཉི་ཟླའི་འོད་བཞིན་གསལ། །དྲི་བཟང་ངད་ལྡན་རྦ་རླབས་ཕྱོགས་བཅུར་འཁྲུག །བཤོས་བཟང་འཆི་མེད་བདུད་རྩིའི་དཔལ་ལ་འཁུ། གྲངས་མེད་རོལ་མོ་རྣ་བའི་གསོས་སུ་འཇེབས། །ཕུལ་བྱུང་ཀུན་དུ་བཟང་པོའི་མཆོད་པའི་སྤྲིན། །དངོས་བཤམས་ཡིད་ཀྱིས་རྣམ་པར་རབ་སྤྲུལ་ནས། །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་ལ། །གུས་པས་འབུལ་ལོ་བཞེས་ནས་དངོས་གྲུབ་སྩོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾནས། ཤཔྡའི་བར་བརྗོད། ཡིད་འཕྲོག་གཟུགས་སྒྱུར་སྙན་པའི་རོལ་མོ་སྒྲོག །དྲི་ཞིམ་ངད་འཐུལ་རོ་མཆོག་ཕྱུར་བུར་སྤུངས། །འཇམ་མཉེན་རེག་བྱའི་ཚོགས་ཀུན་འབུལ་བྱེད་ན། །ཉེ་བར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་རཱུ་པ་ནས་སྤར་ཤའི་བར། རྩིབས་སྟོང་འཁོར་ལོ་རིན་ཆེན་དབང་གི་རྒྱལ། །ཡིད་འོང་བཙུན་མོ་ཁྱིམ་བདག་རིན་པོ་ཆེ། །གཉིས་འཐུང་དབང་པོ་ཅང་ཤེས་རྟ་མཆོག་དཔལ། །བདུད་སྡེའི་གཡུལ་ལས་རྒྱལ་བའི་དམག་དཔོན་སོགས། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྟགས་བརྒྱད་རྫས། །ཡིད་འཕྲོག་ཕྱི་ནང་གསང་བའི་མཆོད་པའི་ཚོགས། །སླུ་མེད་མཆོག་གསུམ་དམ་པའི་ཚོགས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སཔྟ་རཏྣ་ཨཥྚ་མངྒལ་པྲ་ཏཱི་ཙྪ་སྭཱ་ཧཱ། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བས་ཚིམ་པར་བསམས་ལ། ཨོཾ་གུ་རུ་བུངྔྷ་བོ་ངྷ་ས་ཏྭ་སརྦྦ་ཏ་ཐཱ་ཏ་ངྷརྨྨ་པཱ་ལས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་བདུན་ནམ་གསུམ་གྱིས་དབུལ་ཞིང་། སྔགས་མཆོད་(༧ན)


GLG010_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དབུལ། །མ་དག་ཞིང་གི་འཇིག་རྟེན་ཇི་སྙེད་པ། །དག་པ་རབ་འབྱམས་ལྷ་ཡི་གཞལ་ཡས་སུ། །མངོན་པར་ལེགས་སྒྱུར་བཅོམ་ལྡན་ཐུབ་པ་ཆེ། །རྗེ་བཙུན་ཕྱག་ན་པད་མའི་ཚོགས་ལ་བསྟོད། །སྡེ་སྣོད་གསུམ་གྱི་ཡུམ་ཆེན་ཤེར་ཕྱིན་མ། སངས་རྒྱས་ཞི་དང་ཁྲོ་བོ་མཁའ་འགྲོའི་ཚོགས། །ཀུན་འདུས་བཀའ་གདམས་ལྷག་པའི་ལྷ་མཆོག་བཞི། སྐྱབས་མཆོག་ཡི་དམ་ཆོས་སྐྱོང་རྣམས་ལ་བསྟོད། །རྒྱ་ཆེན་སྤྱོད་དང་ཟབ་མོ་ལྟ་བའི་ལམ། །ཉམས་ལེན་སྙན་བརྒྱུད་གདམས་པ་མཆོག་གི་གཏེར། །རྒྱུན་ཆད་མེད་པར་འཛིན་ཅིང་སྤེལ་མཁས་པས། །ལྷ་ཆོས་བདུན་ལྡན་བརྒྱུད་པ་རྣམས་ལ་བསྟོད། །གདོད་ནས་རྣམ་དག་སྣང་སྟོང་དག་པའི་གཤིས། །བཞིན་ལག་མཚན་དཔེའི་འཇའ་ཚོན་རྣམ་བཀྲ་བ། །འགྱུར་མེད་ཆོས་སྐུ་གསལ་སྟོང་རླུང་སེམས་ཟུང་། །ཆེས་ཕྲ་ཐིག་ལེའི་རྣམ་པར་ཤར་ལ་བསྟོད། །ལྷ་ཆོས་བདུན་གྱི་ཉིང་ཁུ་ཐིག་ལེའི་ཆོས། །ཉམས་སུ་བསྟར་བས་ཚེ་འདིར་ཟུང་འཇུག་སྐུ། །མངོན་དུ་བྱས་ཏེ་དོན་གཉིས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། ཞེས་དང་། གཞན་ཡང་བསྟོད་པ་གསོལ་འདེབས་སོགས་སྐབས་སྦྱར་བྱ། དེ་ནས་ཐིག་ལེ་བཅུ་དྲུག་པོའི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་གི་སྒྲ་ལྟར་སྒྲོག་ཅིང་། སྐུ་གསུང་ཐུགས་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས་འཕགས་པའི་ཚོགས་རྣམས་མཆོད། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་རྣམས་བྱང་ཞིང་དག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་བསམས་ལ་ཡི་གེ་དྲུག་པ་ཅི་ནུས་སུ་བཟླ། མཐར་བླ་མ་རྡོ་རྗེ་འཛིན་པ་རྣམས་ཞེས་སོགས་བསྔོ་བ་སྨོན་ལམ་དཀྱུས་ནས་འབྱུང་བ་ལྟར་རྒྱས་པར་བྱ་བ་འམ། ཡང་ན་རྨད་བྱུང་སྲས་(༧བ)


GLG010_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་མ་སོགས་སྐབས་ཐོབ་ཀྱིས་ཕྱེ་བའི་གང་འོས་བྱ། དེ་ནས། ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེའི་སྣོད་ཀྱི་གཞལ་ཡས་ཁང་འོད་དུ་ཞུ། བཅུད་ཀྱི་ལྷ་རྒྱལ་བ་རྒྱ་མཚོ་ལ་ཐིམ། དེ་བཞིན་དུ་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་རིམ་བཞིན་ཐིམ་སྟེ། སངས་རྒྱས་ཆོས་ཀྱི་སྐུ་ལ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ངོ་བོར་གྱུར་པའི་ཐིག་ལེ་ལ་ཐིམ། ཐིག་ལེའང་ཇེ་ཕྲར་གྱུར་ནས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་བསམ། སླར་ཡང་ཆད་མཐའ་སེལ་བའི་ཕྱིར་དུ་སྟོང་པའི་ངང་ལས་སྐད་ཅིག་གིས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་སྐུར་ལངས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །དེ་ཡང་རྒྱས་པར་སྤྲོ་ན་མཆོད་པའང་ལྷ་བཅུ་དྲུག་པོ་སོ་སོ་ལ་རེ་རེ་ནས་དབུལ་ཞིང་། བཟླས་པའི་སྐབས་ལྷ་སོ་སོའི་སྔགས་བཟླ་བ་དང་། དམིགས་པའང་སོ་སོར་བྱས་ན་རྒྱས་པའི་ཆ་ལག་ཏུ་འགྱུར་མོད་ཀྱི། རྒྱུན་འཁྱེར་དུ་མཆོད་པ་ཅིག་ཅར་དུ་འབུལ་ཞིང་། བཟླས་པའང་ཅིག་ཅར་དུ་བྱེད་པ་འཇུག་པ་བདེ་བས་ལེགས་པ་ཡིན་ནོ། །སྨྲས་པ། ཟབ་དོན་ཆུ་ཤེལ་ནོར་བུ་དག །བློ་གྲོས་ཟླ་བའི་འོད་ཟེར་དང་། །ཕྲད་ཚེ་ལེགས་བཤད་བདུད་རྩིའི་རྒྱུན། །མངོན་པར་འབབ་པ་འདི་རྨད་བྱུང་། །ལྷ་ཆོས་བདུན་གྱི་ཉིང་ཁུ་འདིའི། །དཀའ་གནད་ལྟ་བའི་བློ་མེད་པར། །སྔོན་འགྲོའི་ཆོས་འགའ་ཤེས་པ་ལ། །བཀའ་གདམས་པར་རློམ་གད་མོའི་གནས། །འོན་ཀྱང་དེང་དུས་གངས་ཅན་འདིར། །བླང་དོར་ཤེས་པ་ཆེས་ཉུང་བས། །བླུན་པོ་དྲེགས་པའི་འུར་རྒྱངས་ཅན། །དམ་པར་འཛིན་པ་འཚང་རེ་ཆེ། །ཡིད་བཞིན་ནོར་དང་མཆིང་བུའི་རྡོ། །ཁྱད་པར་མེད་པའི་ཡུལ་ཕྱོགས་སུ། །འབད་པས་རྒྱ་མཚོ་ཆེར་བགྲོད་ནས། །ནོར་བུ་ལེན་པ་ངལ་བར་ཟད། །དེ་ལྟ་ན་ཡང་ཐུབ་པའི་བསྟན། །འཛིན་པའི་རྣམ་དཔྱོད་ཕུལ་བྱུང་ཞིང་། །གསང་ཆེན་རྒྱ་མཚོར་མངའ་སྒྱུར་བའི། །རྡོ་རྗེ་འཛིན་(༨ན)


GLG010_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དགྱེས་ཕྱིར་བཀོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་གཞན་རྗེས་སུ་འཛིན་པ་དབང་གི་ཚིག་ལ་དིང་སང་གི་ཕྱག་ལེན་ཡོངས་གྲགས་ཀྱི་ལུགས་དགོད་པ། ཕྱག་ལེན་ཅུང་ཟད་གཙང་ཞིང་རྒྱས་པའི་ལུགས་དགོད་པ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ལུགས་སྲོལ་ཡོངས་སུ་རྫོགས་པར་ཆད་པ་ཤིན་ཏུ་རྒྱས་པའི་ལུགས་དགོད་པ་དང་གསུམ། དང་པོ་ནི། རང་གིས་མཐོང་ཞིང་ཐོས་པ་དང་། དབུར་སྟོད་ལོ་བྱ་ཡུལ་བའི་ཕྱོགས་ནས་བརྒྱུད་པའི་བཀའ་བརྒྱུད་པ་འགའ་ཞིག་གི་ཕྱོགས་སུའང་ཆོས་འདི་སྤེལ་བའི་སྲོལ་ཡོད་འདུག་པ་རྣམས་བརྟགས་ཚེ་ཕལ་ཆེར་སྒོ་མཚུངས་པར་བསྒྲུབ་གཞིའི་དཀྱིལ་འཁོར་ཡང་ནས་ཀྱི་ཚོམ་བུ་སྤུངས་པ་དང་། ལོ་ཕྱོགས་ནས་བརྒྱུད་པ་ལ་ཇོ་འབྲོམ་གྱི་སྐུ་དང་མཆོད་གཏོར་ངེས་ཅན་དུ་མཛད། གཞན་དག་ལ་ལ་ཆེད་གཉེར་དུ་མི་མཛད་པར་འདུག་ཅིང་། རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་སྒྲོག་དགོས་པར་བཤད་པའང་མཛད་པའི་རྒྱུན་ཡོད་པར་མ་མཐོང་། དབང་དངོས་གཞིའི་སྐབས་གསོལ་གདབ་སྐྱབས་སེམས་རྣམས་ཡིག་ཆ་རྙིང་པ་ཇི་ལྟ་བ་བཞིན་མཛད། དེ་ནས་སློབ་མ་དཀྱིལ་འཁོར་ཕྱི་མ་ནས་རིམ་པ་བཞིན། སྒོ་ཕྱེ་ནས་ནང་དུ་ཁྲིད་དེ་ལྷ་གང་ཡིན་པ་དེའི་མདུན་དུ་སློབ་མ་སླེབ་པ་ན་དེ་ལ་དམིགས་ནས་གསོལ་གདབ་མཆོད་འབུལ་ཡིད་ཀྱིས་བྱས་པས་བྱིན་ཀྱིས་བརླབས་པའི་དམིགས་པ་སྤྲད། ལྷ་གང་ཡིན་པའི་སྔགས་རྗེས་ཟློས་སམ། དཔོན་སློབ་གཉིས་ཀས་ལྷན་ཅིག་ཏུ་ཚར་གསུམ་བཞི་ཙམ་གསུང་བ་མཛད། ཕྱག་ལེན་དེ་ག་སངས་རྒྱས་ཆོས་ཀྱི་སྐུའི་བར་དུ་རིགས་འདྲ་པར་བཀབ་མཛད་པའི་རྗེས་སུ་སློབ་མ་རྣམས་བུམ་ཆུས་ཁྲུས་བྱས། སྨོན་ལམ་ཤིས་བརྗོད་མཛད་པ་ཙམ་མོ། །གཉིས་པ་ཕྱག་ལེན་ཅུང་ཟད་གཙང་ཞིང་རྒྱས་པའི་ལུགས་དགོད་པ་ལ་སྔོན་འགྲོ། དངོས་(༨བ)


GLG010_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། མཇུག་གི་ཆོ་ག་དང་གསུམ། དང་པོ་ལ་གསོལ་བ་གདབ་པ། ས་བསླང་བ། བགེགས་བསྐྲད་པ། མཚམས་གཅད་པ། དཀྱིལ་འཁོར་བྲི་བ། མཆོད་པ་དང་ཡོ་བྱད་བཤམ་པ། སྒྲུབ་པ་དངོས་དང་བདུན། དང་པོ་ནི། མདུན་དུ་མཆོད་པ་ཚར་གཅིག་བཤམས། གྲོགས་དགེ་སློང་བཞིའམ། བཅུ་དྲུག་གི་བར་ཆོས་གོས་གསུམ་དང་ལྡན་པ་དང་ལྷན་ཅིག་པའམ། རང་ཉིད་གཅིག་པུས་ཀྱང་རུང་སྟེ། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས། ཡན་ལག་བདུན་པ་རྒྱས་བསྡུས་སྐབས་དང་སྦྱར་བ་བྱས། དེ་རྗེས་རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཅན་གྱིས་བདག་ལ་ནི། །མི་དགེའི་ལས་རྣམས་སྦྱང་བའི་ཕྱིར། །གསོ་སྦྱོང་དམ་པ་སྩོལ་བར་མཛོད། ཅེས་ལན་གསུམ་གསོལ་བ་བཏབ། རྒྱལ་སྲས་རྣམས་ཀྱིས་ཇི་ལྟ་བར། །བདག་ཀྱང་དེ་བཞིན་བསྒྲུབ་པར་བགྱི། ཞེས་ལན་གསུམ་གྱིས་གསོ་སྦྱོང་བླངས། དེ་ནས། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་རྣམས། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །ཟབ་མོ་ཐིག་ལེ་བཅུ་དྲུག་གི ། དཀྱིལ་འཁོར་བྲི་ཞིང་བསྒྲུབ་པ་དང་། སློབ་མ་རྗེས་སུ་འཛིན་བྱེད་ན། །གནང་བ་སྩོལ་ལ་བྱིན་གྱིས་རློབས། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས་དགྱེས་བཞིན་དུ་གནང་བར་བསམ་མོ། །གཉིས་པ་ནི། གཞི་བདག་གི་གཏོར་མ་དང་། སའི་ལྷ་མོའི་གཏོར་མ་མཆོད་པ་དང་བཅས་པ་བཤམས། རང་གི་ཐུགས་ག་ནས་འོད་ཟེར་འཕྲོས། མགྲོན་རྣམས་སྐད་ཅིག་གིས་སྤྱན་དྲངས་པར་བསམ་མོ། །ཨ་མྲི་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད། (༩ན)


GLG010_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་རྣམས་དྭངས་ཤིང་། མགྲོན་རྣམས་ཀྱི་དབང་པོ་རྣམས་ཚིམ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་གྱུར། །ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། །ས་ཕྱོགས་འདི་ཉིད་སྲུང་ཞིང་སྐྱོང་བ་ཡི། །དཀར་ཕྱོགས་ལ་དགའ་ལྷ་ཀླུ་གཞི་བདག་དང་། །ས་ཡི་ལྷ་མོ་བརྟན་མར་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་མཆོད་པ་འདི་བཞེས་ལ། །དཀྱིལ་འཁོར་བྲི་བར་ས་ནི་གནང་བ་དང་། །འགལ་རྐྱེན་སེལ་ལ་མཐུན་རྐྱེན་སྒྲུབ་པར་མཛོད། ཅེས་གསོལ་བས་ཁས་བླངས་པར་བསམ་མོ། །གསུམ་པ་ནི། རང་ཉིད་སྐད་ཅིག་གིས་མི་གཡོ་བར་གསལ་བཏབ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བར་དུ་གཅོད་པའི་བགེགས་རྣམས་སྐད་ཅིག་གིས་མདུན་དུ་བཀུག་པར་བསམས་ལ། སྔར་བཞིན་གཏོར་མ་བྱིན་གྱིས་བརླབས། སརྦ་བིགྷཱན་སོགས་གྱིས་བསྔོས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པ་སོགས་ཀྱིས་བདེན་པ་བདར་ཞིང་། མི་གཡོ་བའི་སྔགས་དང་སུམ་བྷས་བགེགས་བསྐྲད། བཞི་པ་ནི། སླར་ཡང་སྟེང་འོག་ཕྱོགས་མཚམས་མ་ལུས་པ། །རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་དང་། །མེ་དཔུང་ཁྲོ་བོའི་འཁྲིགས་པའི་གུར་ཁང་གིས། །གཏམས་པས་བར་གཅོད་ཀུན་ལས་སྲུང་བར་གྱུར། བཛྲ་རཀྵ། རྒྱལ་ཆེན་བཞི་ལ་དཀར་གཏོར་གྱི་མཆོད་པ་བཤམས། བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲང་པར་བསམས་ལ། ཨོཾ་མ་ཧཱ་རཱ་ཛཱ་ཌྷྲྀ་ཊ་རཥྚ་བི་རུ་ཌྷྲ་ཀ །བི་རུ་པཀྵ། བཻ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ སྔགས་ཀྱི་རྗེས་སུ་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། གོང་གི་སྔགས་གཤམ་དུ་གཏོར་མ་དཀྱུས་ལྟར་ཕུལ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །དེང་འདིར་བར་ཆད་སྲུང་(༩བ)


GLG010_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །བསམས་པ་ཆོས་བཞིན་འགྲུབ་པ་ཡི། །མགོན་སྐྱབས་དཔུང་གཉེན་མཛད་དུ་གསོལ། །དེ་བཞིན་དུ་འཕགས་སྐྱེས་པོ། སྤྱན་མི་བཟང་། རྣམ་ཐོས་སྲས། ཞེས་འདོན་པ་བསྒྱུར་རོ། །ལྔ་པ་ལ་ཆག་ཆག་གདབ་པ། སྟེག་བུ་བརྩིག་པ། དཀྱིལ་འཁོར་བྲི་བ་དངོས་དང་གསུམ། དང་པོ་ནི། འགྲུབ་ན་གནས་ཁང་གི་སྟེང་འོག་ཕྱོགས་མཚམས་རྣམས་སུ་ཡི་གེ་དྲུག་པ་ཆོ་ག་དང་མཐུན་པར་དགོད། དྲི་བཟང་གི་ཆུ་གཙང་མ་མདུན་དུ་བཞག་ལ། རང་ཉིད་སྐད་ཅིག་གིས་རྒྱལ་བ་ཤཱ་ཀྱ་ཐུབ་པར་བསྐྱེད་པའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། ཆུ་ལ་ཐིམས་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་མང་དུ་བརྗོད་ཅིང་དྲི་བཟང་གི་ཆུ་དེས་གནས་ཁང་གི་ཕྱོགས་མཚམས་ཐམས་ཅད་དུ་ཆག་ཆག་གདབ་བོ། །གཉིས་པ་ནི། ཆུའི་ལྷག་མ་རྣམས་དང་བཀྲ་ཤིས་པའི་ས་སྣ་རྣམས་བསྲེས་པ་ལ་སྟེགས་བུ་དཀྱིལ་འཁོར་ཆེ་ཆུང་ཇི་ཙམ་བཞེང་པ་དང་བསྟུན་པའི་རྒྱ་ཁྱོན་གྱི་ཚད་བྱས་ཏེ་བརྩིག་གོ །གསུམ་པ་ལ། ཐིག་ཚོན་བྱིན་གྱིས་བརླབ་པ་དང་། བྲི་བ་དངོས་གཉིས། དང་པོ་ནི། ཐིག་སྐུད་མཚན་ཉིད་དང་ལྡན་པ་ཁ་དོག་སྣ་ལྔ་པ་དང་། ཚོན་རྣམས་སྟ་གོན་བྱས། ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པད་མ་དཀར་པོ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ཚོན་རྣམས་རིམ་པ་བཞིན་ཐུགས་རྗེ་ཆེན་པོ་ས་བོན་ལྔ་ལས་དཀར་སེར་དམར་ལྗང་སྔོ་བའི་སྐུ་མདོག་ཅན། ཕྱག་གཡས་རིམ་པ་བཞིན་འཁོར་ལོ། རིན་པོ་ཆེ། ཨུཏྤལ་དམར་པོ། རལ་གྲི །རྡོ་རྗེ་འཛིན་པ། གཡོན་ཐམས་ཅད་པད་མ་དཀར་པོ་བསྣམས་པ། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་བྱིན་གྱིས་བརླབས། སྤྱན་འདྲེན་མཆོད་བསྟོད་(༡༠ན)


GLG010_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་བྱ། ལྷ་རྣམས་འོད་དུ་ཞུ་བ་ཐིག་ཚོན་སོ་སོར་གྱུར་པར་བསམས་ལ་ཡི་གེ་དྲུག་པ་དང་། འབྲུ་གསུམ་དང་། ཨོཾ་སྭཱ་ཨཱཿཧཱ་ཧཱུཾ། ཞེས་མང་དུ་བཟླ། དེ་ནས་ཐིག་སྐུད་བསྒྲིལ་ཏེ་བདུད་རྩིའི་ཆུ་བྱུག་གོ །གཉིས་པ་ལ་ཐིག་གདབ་པ་དང་ཚོན་དགྱེ་བ་གཉིས། དང་པོ་ནི། འབྲོམ་ཀུ་མ་ར་མ་ཏིའི་ཡིག་ཆར་ཧ་ཅང་མི་གསལ་ཞིང་། དེའི་རྒྱུན་དེང་སང་ཆད་པས་སྒོ་གསལ་བ་ཞིག་མི་འདུག་པས་དེའི་རྒྱུ་མཚན་མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས་གསུང་པ་ཤིན་ཏུ་ཐུགས་མད་པར་འདུག་ཅིང་། ཐིག་རྒྱས་འབྲིང་བསྡུས་གསུམ་སོ་སོར་བྱེད་ན་མཁས་པ་དེ་ཉིད་ཀྱིས་མཛད་པའི་ལྷན་ཐབས་ཀྱི་ཡིག་ཆའི་ལེགས་པར་བཤད་པ་ལས་ལོགས་སུ་མ་དགོས་ཤིང་། འདིར་ལག་ལེན་འཇུག་པ་བདེ་བར་སྙིང་པོར་དྲིལ་ན་འདི་ལྟ་སྟེ། ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་གཞལ་ཡས་ཁང་གི་ཐིག་རྩ་རྟ་བབས་སྣམ་བུ་བཞི་པ་བདེ་ཞིང་། གཞན་རྒྱུད་སྡེ་སྤྱིའི་ཐིག་རྩ་སོར་གནས་དང་། དེའི་ནང་དུ་དཀྱིལ་འཁོར་བཅོ་ལྔ་དགོས་རྒྱུ་ཕྱི་མ་ཕྱི་མའི་ནང་དུ་ནང་མ་ནང་མ་ཤོང་བ་དགོས་པ་དང་བཅས་སྒོ་རྫོགས་འགྲུབ་པར་དཀའ་བས་རྩིག་པ་རང་འདོད་སྣམ་གཉིས་ཙམ་བྱ་ཞིང་། སྒོའི་རྣམ་པ་ཅུང་ཟད་གདོན་ལ། བཅོ་ལྔ་པོ་ཐམས་ཅད་བཟོ་ཐིག་ལས་ཐིག་རྩ་དངོས་གཞི་མི་ཐོན། དཀྱིལ་འཁོར་ནང་མའི་དབུས་སུ་པད་མ་འདབ་མ་བཞི་པའི་ལྟེ་བར་ཡུམ་ཆེན་མོ། འདབ་མ་བཞིའི་ཤར་དུ་ཐུབ་པ། ལྷོར་སྤྱན་རས་གཟིགས། ནུབ་ཏུ་མི་གཡོ་བ། བྱང་དུ་སྒྲོལ་མ་རྣམས་ཀྱི་བྲིས་འབུར་རམ། བསྡུ་ན་ས་བོན་བཀོད། ཕྱི་རོལ་དུ་དཀྱིལ་འཁོར་སྤྱི་ལ་པད་མ་རྡོར་རྗེ་མེ་རི་འོང་བའི་ཚབ་ལ་འདིར་པད་མ་དང་འཇའ་རིས་སུམ་གཤིགས་སུ་བྱའོ། །གཉིས་པ་ནི། ལྷ་སྣམ་སོགས་དཀྱིལ་འཁོར་གྱི་ནང་གི་ཁ་དོག་རྣམས་དཀྱིལ་འཁོར་སྤྱི་དང་མཐུན་ཞིང་ལྟེ་བའི་ལྷ་ལྔའི་ས་བོན་འགོད་ན་སོ་སོའི་ཁ་དོག་དང་མཐུན་པའི་ཚོན་(༡༠བ)


GLG010_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དགོད། གཞན་ཡང་ཇོ་བོ་ཡབ་སྲས་ཀྱི་སྐུ་སོགས་དཀོན་མཆོག་གི་རྟེན་གསུམ་ཅི་འབྱོར་གནས་ཁང་དང་མཐུན་པར་བཤམ་མོ། །དྲུག་པ་རྫས་དང་མཆོད་པ་བཤམ་པ་ལ་བུམ་པ་བཤམ་པ། གཏོར་མ་བཤམ་པ། མཆོད་པ་བཤམ་པ། རྒྱན་དགོད་པ་དང་བཞི། རྒྱས་པར་སྤྲོ་ན་རྣམ་རྒྱལ་བུམ་པ་དང་བཅས་པའི་བུམ་པ་བཅུ་བདུན། བསྡུ་ན་གཅིག་གིས་ཀྱང་རུང་ལ། ལས་ཀྱི་བུམ་པ་དང་བཅས་པར་བུམ་རྫས་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་སོགས་རྒྱུད་སྡེ་སྤྱི་དང་མཐུན། ལས་བུམ་བགེགས་བསང་བའི་སྟབས་ཀྱིས་ཐོག་མ་ཉིད་ནས་ཟུར་དུ་བསྒྲུབས་ན་འཇུག་པ་བདེ་བས་བུམ་པའི་ནང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐྱེད་པ་སོགས་སྒྲུབ་ཚུལ་སྤྱི་དང་མཐུན་ནོ། །རྣམ་རྒྱལ་བུམ་པ་རྣམས་སྤྱི་ལྟར་ན་ལོགས་སུ་སྒྲུབ་དགོས་པ་འདྲ་ཞིག་འདུག་ནའང་། འདིར་དཀྱིལ་འཁོར་དང་ལྷན་ཅིག་ཏུ་སྒྲུབ་པ་ཡིན་ནོ། །དེ་ཡང་དཀྱིལ་འཁོར་གྱི་དབུས་སུ་མནྫི་འམ་ཁྲེའུའི་ཁར་རྣམ་བུམ། དཀྱིལ་འཁོར་གྱི་མཐར་སྟེགས་ཀྱི་བར་ཕྱོགས་རེ་རེར་བུམ་པ་བཞི་བཞི་དགོད། ལས་བུམ་ཡང་ཤར་དུ་གཞག་གོ །གཉིས་པ་ནི། བླ་མ་རྣམས་ལ་གཏོར་མ་གཅིག །ལྷ་བཞི་ལ་གཏོར་མ་རེ་རེ། དེང་སང་གསང་སྔགས་རྙིང་མར་གྲགས་པའི་བརྟན་མ་བཅུ་གཉིས་དང་མི་གཅིག་པའི་ཇོ་བོ་ཆེན་པོའི་རྗེས་འབྲང་གི་བརྟན་མ་བཅུ་གཉིས་ལ་གཏོར་མ་གཅིག །དཀར་པོ་བརྒྱད་ཅུ་ལ་གཏོར་མ་གཅིག །གཞི་བདག་གི་གཏོར་མ་དང་། མགྲོན་རིགས་སྤྱིའི་གཏོར་མ་རྣམས་བཤམ་མོ། །གསུམ་པ་ནི། མཆོད་པ་བདུན་ཚར་ཕྱོགས་རེ་རེར་ཚར་བཅུ་དྲུག་གམ། བསྡུ་ན་ཀུན་བསྒྲིལ་ལས་བཅུ་དྲུག་ཙམ་བྱ། བཞི་པ་ནི། ས་རྒྱན་གནམ་རྒྱན་སོགས་བཀོད་པས་མཛེས་ཤིང་ཡིད་དུ་འོང་བར་བཤམ་མོ། །བདུན་པ་སྒྲུབ་པ་དངོས་ནི། བུམ་པ་དང་དཀྱིལ་འཁོར་བསངས་སྦྱངས་ཏེ། རང་ཉིད་དཀྱིལ་འཁོར་གྱི་(༡༡ན)


GLG010_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཞུགས་པའི་ཚུལ་གྱིས་སྒྲུབ་པ་ཡིན་ལ། འདོན་ཆའི་ཚིག་སྐྱབས་འགྲོ་ནས་བཟུང་བསྟོད་པའི་བར་རྒྱུན་འཁྱེར་གྱི་སྐབས་ཇི་ལྟ་བ་བཞིན་བྱ། སྒྲུབ་གྲོགས་གནས་བརྟན་བཅུ་དྲུག་ཡོད་ན་དགེ་སློང་བཞི་བཞིས་ཕྱོགས་རེ་རེར་གནས་ནས་སྔགས་རྒྱུན་མ་ཆད་པར་གཟུང་། བསྡུ་ན་རང་ཉིད་གཅིག་པུས་ཀྱང་རུང་བས། དབུས་ཀྱི་སྤྱིའི་བུམ་པའི་གཟུངས་ཐག་བསྙེན་པ་ཐམས་ཅད་དང་། བུམ་པ་གཞན་རྣམས་ཐིག་ལེ་འཕོས་རིམ་གྱིས་གཟུངས་ཐག་ཀྱང་སྤོ། ལ་ལ་བུམ་པ་ལྔར་བྱེད་པ་སོགས་དང་། སྒྲུབ་གྲོགས་ཀྱི་དགེ་སློང་རེས་ཐིག་རེ་གྲུབ་པར་བཤད་པ་ནི་བྱེད་པར་མི་སེམས་སོ། །སྐབས་འདིར་སྔགས་བཟླ་ཞིང་སྒྲུབ་པའི་དམིགས་རིམ་ནི་སྔར་རྒྱུན་འཁྱེར་གྱི་སྐབས་བཞིན་ཐིག་ལེ་བཅུ་དྲུག་པོ་ཐམས་ཅད་རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་བདག་སྐྱེད་ཀྱི་ང་རྒྱལ་འཛིན་ནའང་། རང་ཉིད་ལས་རང་ཉིད་གཉིས་པ་ཞིག་གོ་ས་ལོགས་སུ་ཕྱེ་སྟེ་སྤྱན་རས་གཟིགས་ཕྱག་གཉིས་པའི་རྣམ་པར་གྱུར་ནས་ཐིག་ལེ་ཕྱི་མའི་གཞལ་ཡས་ཁང་གི་སྒོ་ཕྱེ་སྟེ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་མཆོད་པ་དང་། ཕྱག་སྐོར་བ་སོགས་བྱས་པར་མོས་ཤིང་ངག་ནས་ཀྱང་སྔར་གྱི་མཆོད་པ་དང་བསྟོད་པ་སྨོན་ལམ་སོགས་རྒྱས་པར་བྱས། དེའི་སྐུའི་བ་སྤུའི་བུ་ག་རེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་མཐོང་ཞིང་། དེ་དག་རྣམས་ལའང་མཆོད་པ་སོགས་ཡིད་ཀྱིས་བྱས་ཏེ་དད་པ་དང་བཅས་པའི་ངང་ནས་རྒྱལ་བ་རྒྱ་ཚོའི་ཐུགས་ཀར་ཟླ་གདན་ལ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་པས་བསྐོར་བ་ལ་དམིགས་ཏེ་ཡིག་དྲུག་ཅི་ནུས་སུ་བཟླས་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་ཆུ་རྒྱུན་དང་བཅས་པ་བྱུང་། རང་གི་གནས་གསུམ་དུ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་(༡༡བ)


GLG010_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དག །དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། །དེ་ལྟར་ཐིག་ལེ་རེ་ལ་ཞག་རེ་བྱས་ནས་སྒྲུབ་ཞག་བཅུ་དྲུག་ཙམ་བྱས་ཏེ་ཐིག་ལེ་རེ་རེའི་སྒྲུབ་པ་སོང་འཚམས་སུ་དེ་གའི་དཀྱིལ་འཁོར་དུ་སློབ་མ་བཅུག་སྟེ་དབང་སྐུར་བ་ནི་སྒྲུབ་པ་དང་འབྲེལ་བའི་དབང་ཡིན་པས་སློབ་དཔོན་ནམ་རིན་པ་ཡན་ལ་ཕྱག་ལེན་འདི་ག་བཞིན་མཛད་པ་བྱུང་འདུག །དེང་སང་འཇུག་པ་བདེ་བ་སྒྲུབ་པ་ཡུན་རིང་ཐུང་ཇི་ཙམ་བྱེད་ཀྱང་སྔོན་དུ་སོང་བར་བྱས་ནས་དབང་དཀྱུས་ཐོག་གཅིག་ཏུ་སྐུར་བར་བྱེད་པ་མང་ངོ་། །དེ་ལྟར་གོང་དུ་བཟླས་པ་ཟིན་པ་དང་། རྒྱལ་བ་རྒྱ་མཚོ་དེ་ཉིད་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་རང་ཉིད་དཀྱིལ་འཁོར་ནང་མར་ཁྲིད་པར་བསམས་ལ། ཐུབ་ཆེན་རྣམ་སྣང་གངས་ཆེན་མཚོ་ལ་མཆོད་བསྟོད་བཟླས་པའི་དམིགས་པ་སོགས་སྔར་གྱི་རིགས་འགྲེ་ཞིང་། ཐིག་ལེ་ལྷག་མ་ཀུན་ལའང་རྒྱས་དགབ་པར་བྱའོ། །འདིའི་སྐབས་བཟླ་རྒྱུའི་སྔགས་ནི་ཐིག་ལེ་གཉིས་པ་ལ་ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱཧཱ། གསུམ་པ་དང་བཞི་པ་ལ་ཡིག་དྲུག །ལྔ་པ་ལ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ། པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷཱི་སྭཱཧཱ། དྲུག་པ་མུ་ནི། བདུན་པ་ཡིག་དྲུག །བརྒྱད་པ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། དགུ་པ་སྭཱཧཱའི་ཚབ་ཏུ་ཧཱུཾ་ཕཊ་སྦྱར། བཅུ་པ་ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། བཅུ་གཅིག་པ་ཨོཾ་མཧཱ་གུ་རུ་དཱི་པཾ་ཀ་རཱ་ཨ་ཏི་ཤ་སྭཱཧཱ། བཅུ་གཉིས་པ་ཡིག་དྲུག །བཅུ་གསུམ་པ་ཨོཾ་མཻ་ཏྲཱི་ཡེ་སྭཱཧཱ། བཅུ་བཞི་པ་ཨོཾ་ཝཱ་གི་ཤྭ་རི་མུཾ། བཅོ་ལྔ་པ་ཨོཾ་བཛྲ་ངྷྲྀ་ཀ་ཧཱུཾ། བཅུ་དྲུག་པ་ཨོཾ་ངྷརྨྨ་ཀཱ་ཡ་སི་ངྔྷི་ཧཱུཾ་ཞེས་པ་རྣམས་སོ། །བུམ་པ་རྣམས་ཀྱང་དཀྱིལ་འཁོར་དང་ཐ་མི་དད་དུ་ལྷན་ཅིག་བསྒྲུབས་ནས། དབང་གི་ཚེ་ལྷ་ཚོགས་རྣམས་ལས་གཉིས་པ་ཞིག་ཆད་པ་འོད་དུ་ཞུ་བ་བུམ་ཆུར་གྱུར་པར་བསམས་ཏེ་བསྐུར་བ་ཡིན་ནོ། །གཉིས་པ་དངོས་གཞི་ནི། སློབ་མ་རྣམས་ཕྱི་རོལ་ཏུ་ལས་བུམ་གྱིས་ཁྲུས་བྱས། ནང་(༡༢ན)


GLG010_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡོན་དབུལ་ཞིང་ཕྱག་འཚལ། གྲལ་ལ་འཁོད་དེ་ཐོག་མར་གསོལ་བ་གདབ་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཉེས་དམིགས་ཅན་གྱི་འཁོར་བ་འདི་སྤངས་ཏེ་ཐར་པའི་ཡོན་ཏན་ཐོབ་པར་འཚལ་བས་སློབ་དཔོན་གྱིས་དེའི་ལམ་བསྟན་དུ་གསོལ་ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས། མིང་འདི་ཞེས་བྱ་བ་ཁྱེད་རྣམས་འཁོར་བའི་འདམ་ལས་འདའ་བར་བྱེད་པའི་ལམ་ཐུན་མོང་མ་ཡིན་པ་ང་ལས་ཉན་པར་འདོད་དམ་ཞེས་དྲིས་ནས། སློབ་མས། དེ་ཁོ་ན་ལྟར་འཚལ་བས་ཐུགས་བརྩེ་བ་ཅན་སློབ་དཔོན་ཁྱེད་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་ལན་བཏབ། དེ་ནས་སློབ་དཔོན་གྱིས་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་སོགས་སྤྱིའི་སྔོན་དུ་འགྲོ་བ་རྒྱུད་འཁུལ་ངེས་དང་། གླེགས་བམ་རིན་པོ་ཆེའི་ལོ་རྒྱུས། ཁྱད་པར་ཆོས་འདིའི་ཆེ་བ་དང་བླ་མ་བརྒྱུད་པའི་ལོ་རྒྱུས་སོགས་བརྗོད་དེ་སྤྲོ་བ་བསྐྱེད། འབྲོམ་ཆོས་ཀྱི་རྒྱལ་པོས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་པད་མའི་ལྗོན་ཤིང་ཚར་གཅིག་བསྒྲགས། དེ་ནས་མདུན་གྱི་ནམ་མཁར་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། བར་ཆད་སེལ་བའི་མཁའ་འགྲོ་ཆོས་སྐྱོང་རྣམས་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་སེམས་སྐྱེད་པ་ལ་སྔར་རྒྱུན་འཁྱེར་གྱི་སྐབས་ཀྱི་ཚིག་རྣམས་ལན་གསུམ་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །རྗེ་སྟག་ཚང་ལོ་ཙཱ་བའི་དགོངས་པ་ལྟར་ན་སྔགས་སྡོམ་བཟུང་བ་ལེགས་པ་འདྲ་ཞིག་འདུག་ཅིང་། ཁོ་བོའང་འཐད་པར་སེམས། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་རྣམས་དང་ཐ་མི་དད་པའི་རང་བཞིན་ཅན་གྱི་ངང་ནས་བླ་མ་(༡༢བ)


GLG010_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བླ་མ་གཉིས་པ་ཞིག་ཟུར་དུ་ཕྱེ་སྟེ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པར་གསལ་བས་སློབ་མ་རྣམས་ཁྲིད་དེ་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་གཞལ་ཡས་ཁང་གི་ཤར་སྒོ་ཕྱེ་ནས་ནང་དུ་ཁྲིད། དེར་སློབ་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པར་བསྐྱེད། གནས་གསུམ་བྱིན་གྱིས་བརླབས། འོད་ཟེར་གྱི་འཕྲོ་འདུས་ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་སྤྱན་དྲངས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ས་མ་ཡ་ཨ་བ་ཤ་ཡ་ཨཱ་ཨཱ་ཞེས་ཡེ་ཤེས་པ་དབབ་བོ། །སྒྲུབ་པ་དང་འབྲེལ་བའི་ཞག་རེ་ལ་ཐིག་ལེ་རེ་རེ་བྱེད་པའི་སྐབས་ཡེ་ཤེས་པ་དབབ་པའང་དཀྱིལ་འཁོར་སོ་སོའི་ནང་དུ་ལྷ་གང་ཡིན་པར་བསྐྱེད་ན་ལེགས་སོ། དཔེ་ཕལ་ཆེར་ན་ཡེ་ཤེས་པ་འབེབས་པའི་གསལ་ཁ་མི་འདུག་ཀྱང་དོན་གྱི་འཐོབ་པས་ཁ་བཀང་བ་ཡིན་ནོ། །དེ་ནས་དབང་དངོས་གཞིའི་དོན་དུ། གང་དྲིན་མ་དང་། ཀུན་མཁྱེན་ཡེ་ཤེས་ཀྱི་གསོལ་བ་གདབ། དེ་ནས་སློབ་མས་སྤྱན་རས་གཟིག་རྒྱལ་བ་རྒྱ་མཚོ་དེའི་བ་སྤུའི་བུ་ག་ཐམས་ཅད་ན་སངས་རྒྱས་བྱང་སེམས་གྲངས་མེད་པ་བཞུགས་པ་ལ་དམིགས་ཏེ། དཔོན་སློབ་གཉིས་མཉམ་འདོན་ནམ་རྗེས་ཟློས་གང་རུང་གིས་ཡན་ལག་བདུན་པ་བྱ། དེ་ནས་ལྷན་ཅིག་ཏུ་ལྷ་གང་ཡིན་པའི་སྔགས་འུར་བར་བགྲངས་པའི་རྐྱེན་གྱིས་རྒྱལ་བ་རྒྱ་མཚོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། སློབ་མའི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ། དེ་ནས་བླ་མའི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་ནས་སངས་རྒྱས་བྱང་སེམས་ལྷ་དང་ལྷ་མོ་ཁྲོ་བོ་ཁྲོ་མོ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སློབ་མའི་སྟེང་ཕྱོགས་སུ་བཞུགས། དབང་ལྷ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་(༡༣ན)


GLG010_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་མཆོད་སྤྲིན་གྱིས་བར་སྣང་འགེངས། མེ་ཏོག་དང་གུར་ཀུམ་དང་ཙན་དན་ཕྱེ་མ་སོགས་ཀྱི་ཆར་འབེབས། ལྷའི་རྔ་བོ་ཆེ་ལ་སོགས་པ་རོལ་མོའི་སྒྲ་དང་བཀྲ་ཤིས་ཀྱི་ཚིགས་བཅད་གསུང་བར་མོས་ནས། ཕུན་སུམ་ཚོགས་པ་སོགས་རོལ་མོ་དང་བཅས་པར་བརྗོད། ཇི་ལྟར་བལྟམས་པ་སོགས་དང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ག་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་སྤྱི་བོ་ནས་དབང་བསྐུར། བུམ་ཆུ་སྦྱིན་ཞིང་གཏོར་བས་ལུས་གང་། དྲི་མ་དག །ལྷ་རང་རང་གི་ས་བོན་གྱིས་སྤྱི་བོར་བརྒྱན་པ་ལ་དབང་ལྷ་བསྟིམ་པར་བྱའོ། །དེ་ལྟར་སངས་རྒྱས་ཆོས་སྐུའི་བར་དུ་རིགས་འགྲེ་སྟེ། ཡན་ལག་བདུན་པ་མན་ཆད་ཚར་རེ་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་བསྟོད། སྲུང་མ། ཡུལ་ལྷ་གཞི་བདག །རྒྱལ་ཆེན་རྣམས་ལ་གཏང་རག་གཏང་། རྒྱུན་འཁྱེར་གྱི་སྐབས་བཞིན་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་བར་བསྡུ་བྱ། རྡུལ་ཚོན་གཤེགས་ཤིང་ཡོ་བྱད་བསྡུ་བ་སོགས་ལས་ཀྱི་རྗེས་མ་མངོན་པར་བྱའོ། །གསུམ་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ལུགས་སྲོལ་ཡོངས་སུ་རྫོགས་པར་ཚང་བ་ཤིན་ཏུ་རྒྱས་པའི་ལུགས་དགོད་པ་ནི། སྤྱིར་འདི་ཉིད་ཉམས་ལེན་ཕྱོགས་རེ་ཙམ་མ་ཡིན་པར་བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་ཡིན་པས་ཐིག་ལེ་དང་པོ་སྣོད་བཅུད་མཐའ་དག་ལ་ཐ་མལ་གྱི་སྣང་བ་བཀག་སྟེ་དག་པའི་སྣང་བ་བསྐྱེད། དེ་ནས་ཐིག་ལེ་གཉིས་པ་གསུམ་པ་བཞི་པ་རྣམས་ནི་འདུལ་བ་མདོ་སྡེ་མངོན་པ་གསུམ་སྟེ། དབང་ཡང་མདོ་ལུགས་ཀྱི་འོད་ཟེར་ཆེན་པོ་ལྟ་བུས་བྱིན་གྱིས་བརླབས་ཏེ་བསྐུར། དེ་བཞི་ལ་རྟེན་དཀྱིལ་འཁོར་གྱི་ཐིག་ལེ་ཞེས་ཀྱང་གྲགས། དེ་རྗེས་ཤེར་ཕྱིན་མ་ཐུབ་པ་སྤྱན་རས་གཟིགས་སྒྲོལ་མ་ཞི་བ་རྣམས་བྱ་རྒྱུད་དེ། ཆུ་ཅོད་པན་གྱི་དབང་མཚན་ཉིད་ཚང་བར་བསྐུར། སྒྲོལ་མ་ཁྲོ་མོ་དང་མི་གཡོ་བ་སྤྱོད་རྒྱུད་དུ་བྱས་(༡༣བ)


GLG010_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རིག་པའི་དབང་ལྔ་མཚན་ཉིད་ཚང་བར་བསྐུར། འདི་དྲུག་ལ་བརྟེན་པ་ལྷའི་ཐིག་ལེ་དྲག་ཟེར། ཇོ་འབྲོམ་བྱམས་འཇམ་དབྱངས་བཞི་རྣལ་འབྱོར་རྒྱུད་དེ། རྡོ་རྗེ་སློབ་དཔོན་གྱི་དབང་མན་མཚན་ཉིད་ཚང་བར་བསྐུར། ཉམས་ལེན་བྱིན་རླབས་རྒྱུད་གསང་སྔགས་བླ་མེད་ཡིན་པས་དབང་བཞི་མཚན་ཉིད་ཚང་བར་བསྐུར། འདི་ལྔ་ལ་རྩ་རྒྱུད་བླ་མའི་ཐིག་ལེར་གྲགས། བཅུ་དྲུག་པ་སངས་རྒྱས་ཆོས་ཀྱི་སྐུའི་ཐིག་ལེ་འདི་ལ་དབང་བཞི་པའི་ཟུང་འཇུག་ཏུ་ངོ་སྤྲོད་པ་ཙམ་གྱིས་ཀྱང་རུང་མོད། དེང་སང་གང་དག་གི་བླ་ཆོད་དང་བསྟུན་ན། ཆོས་ཀྱི་སྐུ་ལས་བཞིན་ལག་གི་རྣམ་པ་ཅན་དུ་བཞེངས་འདུག་པས་དབང་བཞི་ཚང་བར་བསྐུར་ན་ལེགས་པར་སེམས། འདི་ལ་ཟུང་འཇུག་བྱང་ཆུབ་སེམས་ཀྱི་ཐིག་ལེར་གྲགས་སོ། །ཡིག་རྙིང་ན་ཐིག་ལེ་བཅུ་བཞི་པའི་གཙོ་བོ་ཀླུ་སྒྲུབ་ལ་མཛད་འདུག་ཀྱང་། བཅུ་གསུམ་པ་བྱམས་པར་མཛད་པ་དང་། བརྒྱུད་པའི་རྩ་བ་གང་ལ་དཔགས་ཀྱང་འཇམ་དབྱངས་ཉིད་ལུང་རིགས་ཀྱིས་འགྲུབ་བོ། ལ་ལ་དག་ན་རེ། ཁ་ཅིག་ཇོ་བོ་ལ་བོད་ཀྱི་སློབ་མས་བསྐོར་བའི་དཀྱིལ་འཁོར་བྲིས་ནས་དབང་བསྐུར་དང་རྗེས་གནང་སོགས་བྱེད་པ་ཡང་སྣང་སྟེ། དེ་ལྟར་ན་ནཱ་རོ་པ་ལ་མར་པ་སོགས་ཀྱིས་བསྐོར་བ་དང་། ག་ཡ་ངྷ་ར་ལ་འབྲོག་མི་སོགས་ཀྱིས་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བའང་ཅིའི་ཕྱིར་མི་རུང་། དེ་དག་རྒྱུད་སྡེ་གང་གི་ཆོ་ག་ཡིན། རྣམ་པར་མི་འཚམ་པའི་ཆོ་ག་རྫུན་མས་བླུན་པོ་སླུ་བར་མ་བྱེད་ཅིག་ཅེས་ཟུར་ཟ་བར་བྱེད་མོད། དེ་ལྟར་ན། རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །གསུང་བ་པོའང་བརྗོད་པའང་དེ། །དེ་ལས་གཞན་དག་ཡོད་མིན་པས། །བདེ་ཆེན་ལས་གཞན་གསུང་བ་མེད། ཅེས་དང་། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པོ་ང་། ཞེས་གསུངས་པ་ལྟར་གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་གསུང་པ་པོའི་སྟོན་པ། (༡༤ན)


GLG010_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་བརྗོད་དོན། ཉན་པའི་འཁོར་ཚོགས་ཐམས་ཅད་འབྲས་དུས་ལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་ཤ་སྟག་ཏུ་བཤད་པས། དེ་ལྟ་ན་སྐབས་འདིར་ཡང་མགོན་པོ་སྣང་བ་མཐའ་ཡས་ཨ་ཏི་ཤ་ཡབ་སྲས་གྱི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་ཏུ་ཤར་བར་སྨྲ་ན། མ་ཤར་བའི་སྒྲུབ་བྱེད་གང་དུ་འཆད་རྒྱུ་ཡོད། ཤར་ན་འདི་དང་རྒྱུད་གསུང་པ་པོ་སྟོན་པ་རྡོ་རྗེ་འཆང་གི་བདེ་སྟོང་ལ་མཆོག་དམན་ནམ་སྤངས་རྟོགས་ཀྱི་ཁྱད་པར་འབྱེད་རྒྱུ་ཡོད་པ་ཨེ་ཡིན། ཡོད་ན་སངས་རྒྱས་ལ་མཆོག་དམན་ཡོད་པར་ཁས་ལེན་དགོས་པར་འགྱུར། གཞན་ཡང་ཇོ་འབྲོམ་ཞེས་པའི་ཚིག་ཙམ་ལ་ཞེན་ནས་ཁྱེད་རང་གིས་གོང་དུ། དེ་ལྟ་ན་མིའི་བླ་མ་དང་སློབ་དཔོན་གཞན་ཐམས་ཅད་ལ་ཡང་རྗེས་གནང་ཅིའི་ཕྱིར་མི་རུང་ཞེས་པའི་ཞེ་འདོད་དེ་ཀས་ཧ་ལས་པར་གདའ་བ། མིའི་བླ་མ་ལ་བྱིན་རླབས་དང་རྗེས་གནང་མི་འོང་ན་སྨན་བླ་སྤྲུལ་སྐུ་དང་བདག་ཅག་གི་སྟོན་པའི་རྗེས་གནང་ཡང་མ་འཐད་པར་འགྱུར་ཞིང་། འཐད་ན་དེ་དག་འགྲོ་བའི་བླ་མ་ཡིན་པ་ལ་སྨོས་མ་དགོས། མི་མ་ཡིན་ན་མཆོག་གི་སྤྲུལ་སྐུ་དགེ་སློང་རྣམ་དག་མ་ཡིན་པར་འགྱུར་རོ། །གཞན་ཡང་ནཱ་རོ་པ་དང་ག་ཡ་ངྷ་ར་ལ་བརྟེན་པའི་དཀྱིལ་འཁོར་མེད་པ་ཡང་མི་འགྲུབ་སྟེ། རང་གི་རྩ་བའི་བླ་མ་གང་ཡིན་པ་དེ་དཀྱིལ་འཁོར་གྱི་གཙོ་བོར་བྱས་ཏེ་བླ་མ་མཆོད་པ་དང་བླ་མའི་རྣལ་འབྱོར་སོགས་མཁས་གྲུབ་ཚད་ལྡན་ལ་གྲགས་པ་རྣམས་འཐད་པར་ཁས་ལེན་དགོས་ལ། དེ་ལྟར་ན་དེ་འདྲ་བ་དངོས་སུ་སྟོན་བྱེད་ཀྱི་དཀའ་བསྟན་བཅོས་ཀྱི་ལུང་ཁུངས་མ་གང་སྟོན་རྒྱུ་ཡོད། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། ཞེས་པ་ལྟ་བུའི་ཚིག་ལ་ངོས་འཛིན་ན། དེ་འདྲའི་ཚིག་གིས་ཐིག་ལེ་བཅུ་དྲུག་(༡༤བ)


GLG010_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དོན་གྱིས་བསྟན་པར་བཤད་ན་དེ་ལ་སྐྱོན་གཏོང་རྒྱུ་ཡང་ཡོད། ཐིག་ལེ་བཅུ་དྲུག་ལ་དབང་སོགས་བཤད་པས་མི་འདྲ་ཟེར་ན། བླ་མ་མཆོད་པ་དང་བླ་མའི་རྣལ་འབྱོར་ལའང་དབང་བཞི་ལེན་པར་འདུག་པས་དེ་གཉིས་དོན་ཅིས་མི་མཚུངས། གཞན་ཡང་ཐིག་ལེ་བཅུ་དྲུག་འདིའི་དབང་དང་སྒྲུབ་སྐོར་སོགས་གསང་སྔགས་སྤྱིའི་སྐད་དང་མཐུན་མི་མཐུན་སྣ་ཚོགས་འདུག་པར་སྨྲ་ན། དུས་ཀྱི་འཁོར་ལོའང་རྒྱུད་གཞན་དང་བཤད་སྲོལ་མི་མཐུན་པས་ཆོས་ལོག་ཏུ་སྨྲོས་ཤིག །གཞན་ཡང་ཇོ་བོ་ཨ་ཏི་ཤ་ལྟ་བུའི་སྐྱེས་བུ་ལའང་གསང་སྔགས་ལམ། མཁས་པའི་ཐུགས་རྒྱལ་ལན་གཉིས་སུ་ཆག་པར་བཤད་པས་རྡོ་རྗེ་ཐེག་པ་ལ་ཡོད་མེད་ཀྱི་ཚད་གཟུང་སེམས་ཅན་གྱིས་བྱ་བའི་ཡུལ་མིན་ཞིང་། འཕགས་ཆེན་དམ་པ་རྣམས་ཀྱི་དག་པའི་སྣང་བ་ལ་འདི་འཆར་དང་འདི་མི་འཆར་ཞེས་རང་ཅག་ཚུར་མཐོང་གི་སྐྱེ་བོ་རྣམས་ཀྱིས་དཔྱོད་པའི་གནས་ག་ལ་ཡིན། །གསང་བ་འདུས་པ་མཐའ་དྲུག་དང་ཚུལ་བཞིའི་རྒྱས་འདེབས་པ་དང་། དུས་འཁོར་ཕྱི་ནང་གཞན་གསུམ་གྱི་རྒྱས་འདེབས་པའང་སྣང་ཚུལ་འདི་འདྲ་ལ་དགོངས་ཤིང་། ཉན་ཐོས་སྡེ་པ་རྣམས་ཀྱིས་ཐེག་པ་ཆེན་པོ་བཀའ་མིན་ཞེས་ཟེར་རོ། །ལ་ལ་དག་རྗེ་བླ་མས་གླེགས་བམ་མ་གསན་ཅིང་། བྱང་ཆུབ་ལམ་གྱི་རིམ་པར་གླེགས་བམ་གྱི་ལུང་འདྲེན་གཏན་ནས་མ་མཛད་འདུག་པས་གླེགས་བམ་ཆོས་རྣམ་དག་མིན་ནོ་ཞེས་ཟེར་མོད། སྤྱིར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སངས་རྒྱས་དངོས་ཡིན་པ་ལ་དེ་ཉིད་ཀྱིས་གླེགས་བམ་གྱི་ཆོས་གསན་མ་གསན་སོགས་ཀྱི་ཚད་གཟུང་སུས་རྟོགས། རྟོགས་ན་ནི་ཁྱོད་ཀྱིས་ནམ་མཁའི་མཐའ་འཇལ་བར་ནུས་འདུག་པས་ངོ་མཚར་ཆེ། བྱང་ཆུབ་ལམ་རིམ་ནི་སྐྱེས་བུ་མཆོག་དམན་མཐའ་དག་སངས་རྒྱས་སུ་འཁྲིད་པར་བྱེད་པའི་ལམ་གྱི་འགྲོས་སྟོན་པའི་ཚོགས་ཆོས་ཡིན་ལ། གླེགས་བམ་འདི་ནི་སློབ་དཔོན་(༡༥ན)


GLG010_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་རིན་པ་ཡན་ཆད་དུ་བཀའ་རྒྱ་ཤིན་ཏུ་དོག །དེ་ནས་ཅུང་ཡངས་སུ་སོང་ཡང་རྗེ་དགེ་འདུན་གྲུབ་ཡན་ཆད་དུ་བཀའ་རྒྱ་དམ་མེ་བ་རང་མཛད་པ་ཞིག་བྱུང་འདུག་པས་རྒྱལ་བ་ཙོང་ཁ་པ་ཆེན་པོས་སྙན་བརྒྱུད་ཡིན་པར་དགོངས་ནས་ལམ་རིམ་དུ་གཞུང་འདྲེན་མ་མཛད་པ་ཡིན་ན། སྙན་བརྒྱུད། ཆིག་བརྒྱུད། ཚོགས་ཆོས་སོགས་ཀྱི་རྣམ་དབྱེ་མ་དོད་པར་མིག་གིས་མཐོང་བ་དང་། རྣ་བས་ཐོས་ཚད་ཀྱི་ཚིག་སྐམ་ཁ་ལ་ཁྱེར་ནས་ལྟོ་ཕྱིར་དུ་ཀུན་ལ་སྒྲོག་ཅིང་། རང་ཉིད་དང་མ་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་ཆོས་ལ་བརྟེན་པའི་སྡིག་པ་གསོག་པའི་སྨྲེ་སྔགས་ཀྱི་སྐད་ངན་ཕྱོགས་བཅུར་སྒྲོག་པ་རྣམས་དང་སྔོན་བྱོན་གྱི་དམ་པའི་སྐྱེས་བུ་རྣམས་ཀྱི་རྣམ་ཐར་མི་འདྲ་བས་བློ་ལྡན་རྣམས་ལེགས་པར་རྟོགས་ཤིག །ཨེ་མ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཐབས། །རྨད་བྱུང་སྙིང་གི་ཐིག་ལེའི་ཉིན་བྱེད་ཀྱིས། །སྐལ་བཟང་འདབ་བརྒྱའི་ཚོགས་རྣམས་རིང་ནས་འཛུམ། །བརྒལ་ཞིང་བརྟག་པ་མཁས་པའི་ལུགས་ཡིན་ཡང་། །ཀུན་སློང་ངན་པས་ཉེར་དྲངས་རང་བཞིན་ཆོས། །དུ་མར་སྨད་པའི་དཀར་མིན་ལས་འབྲས་ཀྱིས། །མཐའ་མེད་འཁོར་བའི་འཁོར་ལོ་བསྐོར་གྱི་དོགས། །བློ་ངན་བཟང་བརྫུས་བསྟན་པ་ཉམས་པའི་ལས། །དར་ཞིང་རྒྱས་བྱེད་མེ་ཏོག་མདའ་ཅན་སྐུ། །སྐྱེ་བའི་ཟློས་གར་སྒྱུར་དེ་དེང་དུས་ཁ། །བདུད་ཀྱིས་ཕྱེ་བ་ཟུམ་པར་ནུས་དཀའ་ཡང་། །ཅལ་སྒྲོག་བྲག་ཅའི་སྒྲ་ཡིས་རི་དྭགས་ཀུན། །འཇིགས་སྐྲག་དུཿཁའི་ཕ་མཐར་བཏང་བ་བཞིན། །འགྲོ་མང་ལོག་པར་འཕྱན་ལས་བཟློག་སླད་དུ། །ཐེ་ཚོམ་སེལ་བའི་ཚིག་སྦྱོར་ཅུང་ཟད་སྤེལ། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གསུམ་པ་སྐལ་ལྡན་གྱི་སློབ་མ་ལ་(༡༥བ)


GLG010_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཁྲིད་དུ་འདེབས་པའི་རིམ་པ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་སྔོན་འགྲོ་ལ་སྐྱབས་འགྲོ། སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས། བླ་མའི་རྣལ་འབྱོར་དང་བཞི། དང་པོ་ནི། སྐྱབས་ཡུལ་གྱི་གཙོ་བོ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྤྱན་རས་གཟིགས་བསྒོམ། གཞན་འཁྲིད་སྤྱི་དང་མཐུན། གཉིས་པ་དང་གསུམ་པའི་སྤྱི་དང་མཐུན། བཞི་པའང་བླ་མ་སྤྱན་རས་གཟིགས་སུ་སྐྱེད་པ་ཙམ་མ་ཏོགས། ཀུ་སུ་ལུའི་ཚོགས་གསོག་མཎྜལ་དབང་བཞི་རྣམས་སྤྱི་དང་འདྲ། གཉིས་པ་དངོས་གཞི་ལ་འཁྲིད་སྐོར་བཅུ་དྲུག་ལས། དང་པོ་ནི། ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་རྟེན་པ་ཙམ་ཞིག་བདག་ཉིད་གསལ་འདབ། སྣོད་བཅུད་ཐམས་ཅད་ལ་ཐ་མལ་གྱི་སྣང་ཞེན་ཡང་ནས་ཡང་དུ་བཀག་སྟེ་དག་པའི་སྣང་བར་སྒྱུར་བ་ལ་ནན་ཏན་བྱ། དེའི་ངང་ནས་རང་ལས་གཉིས་པ་ཞིག་ཆད་དེ་དཀྱིལ་འཁོར་གྱི་ནང་དུ་འོངས། སྔར་གྱི་ལྷ་ཚོགས་རྣམས་ལ་ཡན་ལག་བདུན་པ་དང་། བཟླས་པ་ལན་གྲངས་མང་པོའི་བར་དུ་བྱ། ཐུན་བསྡུ་བའི་ཚེ་མི་དམིགས་པའི་ངང་དུ་འཇིག །འཁྲིད་རྐང་གཞན་བཅོ་ལྔ་པོ་རྣམས་ལའང་ཕྱག་མཆོད་བཟླས་པ་ལ་ནན་ཏན་དུ་བྱ་བ་ལ་ཁྱད་པར་མེད། མི་འདྲ་བའི་ཁྱད་པར་ཐིག་ལེ་གཉིས་པ། གསུམ་པ། བཞི་པ་རྣམས་ལ་རིམ་པ་བཞིན་སྐྱེས་བུ་ཆུང་ངུའི་ཁྲིད། འབྲིང་གི་ཁྲིད། ཆེན་པོ་ཐེག་པ་ཆེན་པོའི་བློ་སྦྱོང་བའི་ཁྲིད་རྣམས་བསྒོམ། ལྔ་པ་ལ་ཤེར་ཕྱིན་གྱི་ཐུགས་ཀའི་འོད་ཟེར་གྱི་འཕྲོ་འདུས་བདུད་སྡེའི་དཔུང་ཚོགས་རྣམས་བཅོམ་ནས་ཞི་བར་བསམ་མོ། །དྲུག་པ་བདུན་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ་བཀའ་གདམས་ལྷ་བཞིའི་ཁྲིད་བསྒོམ་ཞིང་། ཁྱད་པར་སྒྲོལ་མ་དྲག་མོ་དང་མི་གཡོ་བ་གཉིས་ལ་དགྲ་བགེགས་ཚར་གཅོད་པའི་དམིགས་པ་དང་དྲག་སྔགས་(༡༦ན)


GLG010_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ། ཐིག་ལེ་བཅུ་གཅིག་པ་འདིར་ནི་བརྒྱུད་པ་གསུམ་ལ་བརྟེན་པའི་བླ་མའི་སྒྲུབ་པ་གཙོ་བོར་བྱ། བཅུ་གཉིས་པར་གླེགས་བམ་རིན་པོ་ཆེའི་སྐྱེས་རབས་སྤྱི་དང་། ཁྱད་པར་དཀོན་མཆོག་འབངས་ཀྱིས་ཨུ་རྒྱན་གྱི་ཡུལ་དུ་བྱོན་པའི་རྡོ་རྗེའི་གླུ་དང་ཆོས་ཟབ་མོ་དཔག་ཏུ་མེད་པའི་སྐོར་གྱི་རྣམ་ཐར་རྣམས་ཡིད་ཡུལ་དུ་ངེས་པར་བྱས་ནས་རང་ཉིད་ཀྱང་བློས་དེར་ཕྱིན་པ་དང་དེ་འདྲ་བ་བྱས་པའི་བསམ་སྒོམ་ནན་ཏན་དུ་བྱ། བཅུ་གསུམ་པ་ལ་ཞི་གནས་གཙོ་བོར་བསྒོམ། བཅུ་བཞི་པ་ལ་ཟབ་མོ་དབུ་མའི་ལྟ་བ་བསྒོམ། བཅོ་ལྔ་པར་རང་གང་མོས་པའི་བླ་མེད་ཀྱི་རྒྱུད་སྡེ་ཞིག་གི་རྫོགས་རིམ་དང་སྦྱར་ན་ལེགས། བཅུ་དྲུག་པ་ནི་སངས་རྒྱས་ཆོས་སྐུའི་ཐིག་ལེ་དེ་ཉིད་གྲངས་མེད་པར་སྤྲོ་ཞིང་སྡུད་པ་སོགས་ཀྱི་ངང་ནས་ཐིག་ལེའི་ནང་དུ་སངས་རྒྱས་ཀྱི་ཞིང་རྟེན་བརྟེན་པར་བཅས་པ་གྲངས་མེད་པ་འཆར་བ་དང་། དེ་རྣམས་ལ་རང་ཉིད་ཀྱིས་མཇལ་ཞིང་ཆོས་ཉན་པ་སོགས་མང་དུ་བསམས་པའི་མཐར་ཐིག་ལེ་དེ་ཉིད་གསལ་སྟོང་དབྱིངས་རིག་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་གཞོག །ཐུན་བསྡུ་བ་ནི་བཅུ་དྲུག་པོ་ཐམས་ཅད་ལ་རིགས་འགྲེའོ། །གསུམ་པ་མཇུག་བསྡུ་བ་ནི། འཁྲིད་རྒྱུན་འཁྱེར་དུ་ཉམས་སུ་ལེན་ན་བཅུ་དྲུག་པོ་གཞན་རྣམས་རྒྱས་བསྡུས་སྐབས་སྦྱར་འཆག་མེད་ཙམ་བྱས། རང་གང་མོས་པ་ཞིག་དང་། བཅུ་དྲུག་པ་གཉིས་ལ་ནན་ཏན་དུ་བྱ། ཤིན་ཏུ་བསྡུས་པ་བྱེད་ན། ཐིག་ལེ་ཐམས་ཅད་ཀྱི་སྐྱེད་ཆོག་ཙམ་བྱས་ནས། ཉམས་ལེན་དམིགས་ཕུག་པ་གཅིག་ལ་བྱས་ཀྱང་རུང་ངོ་། །སྨྲས་པ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་བདག་ཉིད་མཆོག །གཅིག་བསྡུས་བཀའ་གདམས་མེས་པོ་འབྲོམ་སྟོན་རྗེ། །གངས་ཅན་འགྲོ་བའི་གཉེན་གཅིག་པད་དཀར་འཆང་། ཁྱོད་ཀྱི་གསང་གསུམ་ཕ་(༡༦བ)


GLG010_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རྟོགས་ནུས་མིན། །དེ་ཕྱིར་ཟབ་མོའི་དོན་འདི་ཆུ་གཏེར་བཞིན། །གཏིང་མཐའ་ཚད་དུ་གཞལ་བའི་ཡུལ་མིན་ཡང་། །མཁས་པའི་ལེགས་བཤད་ལ་བརྟེན་རང་ཉིད་ཀྱི། །བློ་གྲོས་དག་གིས་ཞིབ་མོར་དཔྱད་དེ་བཀོད། །དགེ་འདིས་ལྷ་ཆོས་བདུན་ལྡན་བརྒྱུད་པའི་སྲོལ། །བཀའ་གདམས་བསྟན་པའི་ཉིན་བྱེད་འོད་སྟོང་གིས། །ཡངས་པའི་ནོར་འཛིན་ཁྱོན་ཀུན་རབ་ཁྱབ་སྟེ། །ཕན་བདེའི་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བཀའ་གདམས་རིན་པོ་ཆེའི་གླེགས་བམ་གྱི་ཉིང་ཁུ་ཐིག་ལེ་བཅུ་དྲུག་ཏུ་གྲགས་པའི་རྒྱུན་འཁྱེར་དབང་འཁྲིད་དང་བསམ་པའི་རིམ་པ་ཕུལ་བྱུང་དགོངས་རྒྱན་ཞེས་པ་འདིའང་གསང་སྔགས་རྡོ་རྗེ་ཐེག་པ་གསར་རྙིང་གི་ཆོས་ཚུལ་རྒྱ་མཚོ་ཆེན་པོ་ལ་རྣམ་དཔྱོད་ཀྱི་འཇུག་པ་མཆོག་ཏུ་ཡངས་ཤིང་ཁྱད་པར་རྗེ་བཙུན་ས་སྐྱ་བའི་ཟབ་ཆོས་ཀུན་གྱི་ཡང་རྩེ་ས་སྐྱ་ཚང་ཀྱི་རྣ་བར་མ་གྲགས་པའི་གསང་ཆེན་སློབ་བཤད་ཅེས་པ་རྗེ་ཁའུ་པའི་བསྟན་འཛིན་ཆེན་པོ་གནས་གསར་ནས་ཆོས་ཀྱི་རྗེ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་རྒྱལ་བ་རྡོ་རྗེ་འཆང་བཤེས་གཉེན་དམ་པའི་གཟུགས་ཅན་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་སོགས་དམ་པ་དུ་མའི་བཀའ་དྲིན་ལས་ས་དགེ་བཀའ་ཕྱག་གསང་སྔགས་རྙིང་མ་སོགས་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་དཀར་ཞིང་ཁྱད་པར་ཆོས་ཚུལ་འདི་པ་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་ཀྱི་ཟླ་ཟེར་སྙིང་ལ་འཕོས་པའི་བཀའ་གདམས་ཀྱི་བཙུན་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་རྒྱལ་བ་ཞེས་པ་ས་མོ་གླང་གི་ལོ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་སྟོན་གྱི་ཚེས་བཅུ་དཔའ་བོ་མཁའ་འགྲོ་འདུ་བའི་དུས་དགེ་བར་གྲུ་འཛིན་གཉིས་པ་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །མངྒ་ལཾ།།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུན་འཁྱེར་གྱི་རྣལ་འབྱོར་རེག་ཟིག་བཀླགས་ཆོག་ཏུ་བཀོད་པ།


GLG010_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུན་འཁྱེར་གྱི་རྣལ་འབྱོར་རེག་ཟིག་བཀླགས་ཆོག་ཏུ་བཀོད་པ་བཞུགས་སོ།།


GLG010_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལྡན་ཡེ་ཤེས་གཤིན་རྗེའི་རིགས་ཀུན་གྱི། ཁྱབ་བདག་མ་ཧེའི་ཞལ་ཅན་གཞོན་ནུའི་སྐུ། །ལྕང་ལོའི་ཟུར་ཕུད་ངོམ་པ་མཚམས་སྤྲིན་གོས། །ལེགས་མནབས་བློ་བཟང་གྲགས་པའི་དཔལ་གྱིས་སྐྱོངས། །འཇིག་རྟེན་མིག་གཅིག་ལྔ་ཡི་བཞེད་སྲོལ་ལ། །བལྟོས་མིན་འཇམ་དཔལ་དབྱངས་ཀྱི་ཞལ་ལུང་བཅུད། །སྒྲུབ་ཐབས་ཐུགས་གསང་རིན་ཅེན་ཟ་མ་ཏོག །འཁྱིལ་བདེ་སྤྱོད་ལྡན་དགའ་བསྐྱེད་ལེགས་པའི་ལམ། །བཅུ་གསུམ་འཁོར་ལོའི་ཟ་འོག་ཐགས་རིས་ལ། །བྱིན་རླབས་དབང་གཞུའི་མདངས་ཚོན་བཀྲག་པོ་ཆེ། །ཀུན་གྱི་གཟིགས་མོར་ཡ་མཚན་རྣམ་འཕྲུལ་གྱིས། །སྒྱུ་མའི་ཁེངས་པ་ད་གདོད་བག་ལ་ཞ། །རྩེ་གཅིག་ཉམས་སུ་བསྟར་ན་སྐྱེད་རིམ་གྱི། །སྐུ་གསུམ་ལམ་བྱེད་ཏིང་འཛིན་རྟ་བདུན་པས། །ཉེར་དྲངས་རྫོགས་རིམ་མི་སློབ་ཟུང་འཇུག་གི །མཁའ་དབྱིངས་ས་དེར་བགྲོད་ལ་གཅིག་ཏུ་ཉེ། །དེ་ཕྱིར་བསྒོས་དོན་ཉ་ཕྱིས་ཁོག་པ་རུ། །ཟབ་བརླིང་མུ་ཏིག་ཕྱུར་བུར་སྤུངས་པའི་མིག །ཁ་སྐོང་མཚོན་གྱིས་ཕུག་པ་(༢ན)


GLG010_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བདེ་ཡི། །སྲད་བུར་བརྒྱུས་པའི་འཕྲེང་རྒྱན་དེང་འདིར་སྤེལ། །དེ་ཡང་དགྲ་གདོང་འཇིགས་གསུམ་སོགས་གཤིན་རྗེ་ནག་པོའི་ཆོས་སྐོར་གྱི་ནང་ནས་གཙོ་བོར་གྱུར་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་དཀྱིལ་གཞུང་མན་ངག་ལ་པཎ་གྲུབ་ལོ་ཙཱ་བའི་བཞེད་སྲོལ་མི་འདྲ་བ་མང་དུ་བྱུང་བར་བོད་ཀྱི་བླ་མ་སྔ་ཕྱི་མང་པོས་འགྲེལ་ལུགས་ཐ་དད་ནའང་། རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཡོངས་འཛིན་གཞན་ལ་མ་བལྟོས་པར་བླ་མ་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཤིང་རྟའི་སྲོལ་ཕྱེ་བའི་སྒྲུབ་ཐབས་ཟ་མ་ཏོག་རྡོ་རྗེའི་ཚིག་རྐང་ལྟ་བུ་ལ་ནག་འགྲོས་སུ་བྲིས་པ་འགའ་ཞིག་སྣང་བར་རས་བྲིས་རྡུལ་ཚོན་སོགས་ཀྱི་དམིགས་རྟེན་གང་ཡང་མེད་པར་བདག་བསྐྱེད་ཀྱི་རྣལ་འབྱོར་ཙམ་ལ་བདག་མདུན་འཇུག་པ་གཅིག་པུ་ལ་ཁྱད་གཞི་མེད་པའི་ཁྱད་ཆོས་ངག་འདོན་གྱི་མཚམས་སྦྱོར་དང་མངོན་རྟོགས་ཀྱི་གསལ་བྱེད་ཁ་འགེང་དགོས་པ་རྣམས་མ་བཀང་བ། ཐུན་མོང་མ་ཡིན་པའི་སྲུང་འཁོར་མེད་ཀྱང་ཆད་ལྷག་ཏུ་མ་འགྱུར་བ་འབད་པས་བཅུག་པར་མཇུག་ཏུ་(༢བ)


GLG010_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་འཁོར་བ་དང་བཟློག་པ་སོགས་ཀྱི་ཤམ་བུ་གང་ཡང་མེད་པ་ཕྱོགས་སྐྱོང་གི་མངོན་རྟོགས་གཏོར་ཆོག་གི་སྐབས་དགོས་པ་ཆོ་གའི་དཀྱུས་སུ་འཇུག་པ་སོགས་རྗེ་བླ་མའི་དགོངས་པ་མ་ལོན་ཞིང་གསུང་འཕྲོས་མ་ཟིན་པ་འདྲ་སྙམ་པའི་དོགས་གནས་རྒྱུད་སྡེ་སྤྱི་ནས་གཞལ་ཚེ་ཀུན་རྟོག་མེ་ལོང་དུ་ཤར་བ་རྒྱུན་འཁྱེར་གྱི་རྣལ་འབྱོར་ཁོ་ནའི་རེག་ཟིག་ཆུ་འབབ་གྱི་ཚུལ་དུ་བཀོད་པར། དང་པོ། སྦྱོར་བའི་ཏིང་ངེ་འཛིན་ལ་སྐྱབས་འགྲོ་ན། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཐམས་ཅད་དུ་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ལན་གསུམ། བླ་མ་དང་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་བསྒོམ་པར་བགྱིའོ། ལན་གསུམ། རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་པཾ་ལས་པད་མ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ་གཉིས་ཀའང་རིན་པོ་ཆེའི་རྒྱན་སྣ་(༣ན)


GLG010_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་། མི་བསྐྱོད་པས་དབུ་བརྒྱན་པར་བསམ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག །སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ཡིག་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་ཕུན་སུམ་ཚོགས་པར་བསམ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་(༣བ)


GLG010_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཥྱོ་མེ་བྷ་ཝ། སརྦ་སིརྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲིཡཾཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུ་ཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །གས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ། ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་གོ །ཞེས་གསུངས་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་བསམ། ཚོགས་ཞིང་ནི། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་པད་མ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་བར་བྱས་དེ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིགས་བྱེད་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འོད་ཟེར་རང་གི་སྙིང་གར་བསྡུ། །གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཅེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། ཞེས་བླ་མ་དང་ལྷ་ལ་ཕྱག་བྱ། རང་གི་སྙིང་གའི་ས་བོན་གྱི་འོད་(༤ན)


GLG010_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ལས་བྱུང་བའི་ཙ་རྩི་ཀཱ་དཀར་མོ། ཕག་མོ་སྔོན་མོ། དབྱངས་ཅན་མ་དམར་མོ། གཽ་རཱི་ལྗང་གུ །ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མཆོད་པར་བསམ། ཨོཾ་ཧྲཱིཿཥྚཱི་ཧས་མཆོད་ཡོན། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཀྱིས་ཞབས་བསིལ། ཨོཾ་ཝི་ཀྲི་ཏཱ་ན་ན་དུ་ཥྚཾ་སཏྭ་ད་མ་ཀ་གཿགཿཡིས་དྲི། ཨོཾ་ཀུ་མཱ་ར་རཱུ་པི་ཎི་ཛཿཛཿཧཱུཾ་ཕཊ་ཀྱིས་མེ་ཏོག །ཨོཾ་ཧྲཱི་ཧཱཿཧཻ་ཕཊ་ཀྱིས་བདུག་སྤོས། ཨོཾ་དཱིཔྟ་ལོ་ཙ་ན་ཝི་ཀྲི་ཏཱ་ན་ན་མ་ཧཱ་ཨཊྚཊྚ་ཧ་ས་ན་དི་ནི་དཱིཔྟ་ཡེ་སྭཱཧཱས་མར་མེ། ཨོཾ་བཛྲ་ནཻ་ཝི་ཏྱ་ཨཱཿཧཱུཾ་སྭཱ་ཧཱས་ལྷ་བཤོས། ཨོཾ་བཛྲ་ཤཔྡ་ཨཱཿཧཱུཾ་གིས་རོལ་མོ་རྣམས་དབུལ་ལ་ལྷ་མོ་རྣམས་སླར་བསྡུ། སྡིག་པ་རྣམས་ནི་བཤགས་པར་བྱ། །སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། །མི་བྱེད་པ་ཡང་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང་། །བདག་གིས་བདེ་འགྲོར་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། སེམས་ཅན་ཐམས་ཅད་བདག་གིས་དགྲོལ། །བྱང་ཆུབ་གནས་ལ་འགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་ནི་དབུལ་བར་བགྱི། །ཡང་དག་རྫོག་པའི་སངས་རྒྱས་དང་། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པར་བགྱི། །ཞེས་དེ་དག་གི་དོན་ཡིད་ལ་བསམ། །རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་དང་སྡོམ་པ་སྔར་བཟུང་བ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གཟུང་བར་བྱའོ་སྙམ་དུ་བསམས་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བདག་ལ་དགོངས་པར་(༤བ)


GLG010_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། །ཡོངས་གྲགས་ཀྱི་མིང་ལས་གསང་མཚན་མི་བརྗོད། བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས། བསྐྱེད་པར་བགྱི། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་ཅོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཅེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པད་མའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་བཟུང་། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་(༥ན)


GLG010_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཆོས་བརྒྱད་དང་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་སྙོམས་ལ་གནས་པར་བྱའོ་སྙམ་དུ་ཚད་མེད་བཞི་བསྒོམས་ཏེ་བསོད་ནམས་ཀྱི་ཚོགས་བསགས་པའོ། ཨོཾ་སྭ་བྷཱ་ཝ་ཤུངྔྷཱཿསརྦ་ངྷ་རྨཱཿསྭ་བྷཱ་ཝ་ཤུངྔྷ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བ་བདག་མེད་པའི་སྟོང་པ་ཉིད་དུ་བསམ་ཏེ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སྔོན་གྱི་སྨོན་ལམ་དྲན་པར་བྱས་ལ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པ་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བའི་ཕྲེང་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིར་རྡོ་རྗེས་མཚན་པའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་རྭ་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་བྲེ་སྟེ་ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་(༥བ)


GLG010_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་བསྐལ་པ་འཇིག་པའི་མེ་ལྟ་བུའི་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བར་བསམ་པ་སྲུང་འཁོར་ཐུན་མོང་བའོ། །རྭ་བའི་དབུས་སུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དཀར་མཐིང་དམར་བ་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པད་མ་འཛིན་པ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་གྱེན་དུ་འགྲེང་བའི་འོག་ཏུ་ཕྲ་ཞིང་སྟོད་ཡངས་པ། འོག་ཟུར་ནས་བཾ་ལས་བྱུང་བའི་སྣ་ཚོགས་པད་མའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར། ལྷོའི་རྭ་སེར། ནུབ་ཀྱི་རྭ་དམར། བྱང་གི་རྭ་ལྗང་། དབུས་ཀྱི་ལྟེ་བ་སྔོན་པོས་བརྒྱན་པ། ལྟེ་བའི་དབུས་སུ་བྷྲཱུཾ་ལས་འཁོར་ལོ་བྷྲཱུཾ་གིས་མཚན་པ་ལས་བྱུང་བའི་རྣམ་སྣང་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རྡོ་རྗེ་ལ་གནས་པའི་འཁོར་ལོ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པད་མ་འཛིན་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཕྱི་རོལ་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་པས་མཛེས་པར་བྱས་པའི་རིན་པོ་ཆེའི་ཕ་གུས་བསྐོར་བའི་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེའི་འཕྲེང་བས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པའི་ནང་གི་ཤར་དཀར་(༦ན)


GLG010_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། ཕ་གུའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་མདའ་ཡབ་པད་མ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བ་དན་དང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱས་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་བ་ལ་ལྷ་མོ་མཆོད་རྫས་ཐོགས་པ་རྣམས་འཁོད་ནས་མཆོད་པ་བྱེད་པ། སྒོ་དང་སྒོ་འཁྱུད་ཀྱི་ཕྱིའི་མཚམས་དང་འོག་གི་ཕྱི་ནང་གི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཅེན་གྱིས་སྤྲས་པ། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ། དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྡོ་རྗེའི་ར་བ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་བརྒྱད་ན་ནཱ་ག་གེ་སར་གྱི་ཤིང་ལ་སོགས་པའི་ཤིང་བརྒྱད། དེའི་རྩ་བར་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད། རྩེ་མོར་རྫུ་འཕྲུལ་ཆེན་པོ་བ་གླང་པོ་ཆེའི་གདོང་པ་ཅན་ལ་སོགས་པའི་ཞིང་སྐྱོང་བརྒྱད། ཐུགས་རྗེའི་ཆུ་བརྒྱད། དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད། དེ་དག་གི་སྟེང་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད། ཡེ་ཤེས་ཀྱི་མེ་བརྒྱད། མཆོད་རྟེན་བརྒྱད། གཞན་ཡང་ཀེང་རུས་དང་། གསལ་ཤིང་གིས་ཕུག་པའི་རོ་དང་། ཤིང་ལ་དཔྱངས་པ་དང་། སྐྱེས་བུ་ཟ་བ་དང་། མཚོན་གྱིས་ཕུག་པ་ལ་སོགས་པ་དང་། བྱ་(༦བ)


GLG010_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རོག་དང་། བྱ་རྒོད་དང་། ཁྱི་དང་། ཅེ་སྤྱང་དང་། སེང་གེ་དང་། སྟག་ལ་སོགས་པ་དང་། ཅ་ཅོ་སྒྲོག་པའི་རོ་ལངས་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་། རིག་པ་འཛིན་པ་དང་། དམ་ཚིག་སྤྱོད་པའི་རྣལ་འབྱོར་པ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ། གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དུ་འཇུག་པ་སོགས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་ནང་གི་རེ་མིག་དགུ་པའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དང་། ནང་གི་ཕྱོགས་གཞན་གསུམ་དང་སྒོ་བཞིར་སྣ་ཚོགས་པད་མ་དང་ཉི་མའི་གདན། ནང་གི་ཤར་དང་གྲྭ་བཞི་དང་ཕྱིའི་གྲྭ་བཞིར་སྣ་ཚོགས་པད་མ་དང་ཟླ་བའི་གདན་ཟུང་རེ་རེ་བསྒོམས་ཏེ་རྟེན་བསྐྱེད་པའོ། །གདན་དབུས་མའི་སྟེང་དུ་ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཆུ་ལས་ཆུ་བུར་གྱི་ཚུལ་དུ་ངྷཱིཿསེར་པོ་ལས་བྱུང་བའི་རལ་གྲིའི་དབུས་སུ་ངྷཱིཿས་མཚན་པ་ལས་འོད་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཡིད་ཙམ་ཁྲོས་པ་ཕྱག་གཡས་རལ་གྲི་འཕྱར་ཞིང་། གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་(༧ན)


GLG010_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང་། རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང་། སེམས་མ་རྡོ་རྗེ་མ་ལ་སོགས་པའི་རིག་པ་རྣམས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཏེ་འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པས་འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་བསམ། དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ཁ་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ནས་ཧཱུཾ་ལ་ཞུགས་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ་རྭ་ཤིན་ཏུ་གདེངས་པ། འོད་ཟེར་ལྔ་དང་ལྡན་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་དང་རིག་པའི་ཚོགས་རྣམས་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བ། ཉི་མ་ལ་གནས་པས་སེམས་ཅན་རྣམས་སྨིན་པར་བྱས་ནས་རྡོ་རྗེ་འཇིགས་བྱེད་ཐོབ་པར་བྱས་པ་དང་ལྷན་ཅིག་ཏུ་འདུས་ནས་རྡོ་རྗེ་ལ་ཐིམ་པར་བསམ། ཟླ་བ་ཉི་མ་རྡོ་རྗེ་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམ་ཞིང་(༧བ)


GLG010_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། ཁམས་གསུམ་པོ་ཟ་བར་ནུས་པ། ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འདྲིལ་པ། མཆེ་བ་རྣམ་པར་གཙིགས་པ་ཁྲོ་གཉེར་ཅན་ཁྲོ་གཉེར་གྱི་འགྲམ་དུ་སྨིན་མ་དང་སྤྱན་འཇིག་པའི་དུས་ལྟར་འབར་བ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སྡིགས་མཛུབ་བྱེད་པ། འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ། ཕཻཾ་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོག་པ། མིའི་ཁྲག་དང་། ཞག་དང་། རྐང་དང་ཚིལ་བུ་ཟ་བ། འཇིགས་སུ་རུང་བའི་ཐོད་པ་སྐམ་པོ་ལྔས་ཐོད་བྱས་ཤིང་། མགོ་བོ་རློན་པ་ལྔ་བཅུའི་ཐོད་པའི་འཕྲེང་བས་བརྒྱན་པ། སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་། མི་རུས་ཀྱི་འཁོར་ལོ་དང་རྣ་ཆ་ལ་སོགས་པའི་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། གསུས་པ་ཆེ་བ་གཅེར་བུའི་གཟུགས་ཅན་སྨིན་མ་དང་རྫི་མ་དང་སྨ་ར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང་རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན་ཤིན་ཏུ་ཁྲོས་པ་རྭ་རྣོན་པོ་ཅན། དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ་རབ་ཏུ་འཇིགས་པའི་ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཡིད་ཙམ་ཁྲོས་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་དང་ལྡན་པ། རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ། དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ། རྭའི་རྩ་བའི་གཡོན་གྱི་ཞལ་དང་པོ་དཀར་པོ། དེའི་གཡས་ཞལ་དུད་ཁ། གཡོན་ཞལ་ནག་པོ་ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་དང་ལྡན་པའོ། །ཕྱག་གཡས་གཡོན་གྱི་དང་པོ་གཉིས་(༨ན)


GLG010_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང་སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐང་པའི་པགས་པ་གཡོན་པ་ནས་བརྒྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་བྷི་དྷི་པཱ་ལ། གསུམ་པ་ན་གཏུན་ཤིང་། བཞི་པ་ན་ཆུ་གྲི །དྲུག་པ་ན་དགྲ་སྟ། བདུན་པ་ན་མདུང་། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཏོ། བཅུ་གཅིག་པ་ན་ཁ་ཊྭཱཾ་ག །བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་པ་ན་རྡོ་རྗེ་རྩེ་ལྔ་པ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི། །བཅུ་དྲུག་པ་ན་ཅང་ཏེའུ་བསྣམས་ཤིང་། ལྷག་མ་གཡོན་གྱི་དང་པོ་ན་ཁྲག་གིས་གང་བའི་ཐོད་པ། གཉིས་པ་ན་ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་རས་བསྣམས་པའོ། །ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང་། བཞི་པས་བོང་བུ། ལྔ་པས་རྔ་མོ། དྲུག་པས་ཁྱི། བདུན་པས་ལུག །བརྒྱད་པས་ཝ་དང་གཡོན་གྱི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག །བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པས་བྱ་ཆེན་པོ། བདུན་པས་ཁྱིམ་བྱ། བརྒྱད་པས་བཞད་མནན་པ། ཚངས་(༨བ)


GLG010_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དབང་པོ་དང་། ཁྱབ་འཇུག་དང་། དྲག་པོ་དང་། གཞོན་ནུ་གདོང་དྲུག་དང་། ལོག་འདྲེན་དང་། ཟླ་བ་དང་། ཉི་མ་རྣམས་ཁ་སྦུབ་ཏུ་བྱས་ཏེ་ཞབས་འོག་ཏུ་མནན་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུག་པར་བསམ། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ། འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཡིད་ཙམ་ཁྲོས་པ་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ཁ་འོད་ཟེར་ལྔ་འཕྲོ་བར་བསམ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང་། གཡོན་ཐོད་པ་གདུག་པའི་ཁྲག་གིས་བཀང་བ་འཛིན་པས་ཡབ་ལ་འཁྱུད་པ། ཐོད་སྐམ་ལྔས་དབུ་བརྒྱན་ཅིང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་ཞིང་གཡོན་པས་ཡབ་ལ་འཁྱུད་པ། ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ཨོཾ་ལས་བྱུང་བའི་ནོར་བུའི་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་པད་མ་དམར་པོ་འདབ་མ་བརྒྱད་པ། ཨཱཿལས་བྱུང་བའི་ཟེའུ་འབྲུའི་བུ་ག་ཕཊ་ཀྱིས་བཀག་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་འདུ་ཤེས་གསུམ་དྲན་པར་བྱས་པ། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ནི། རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་གྱི་ལྕགས་ཀྱུས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་བཀུག་ནས་རང་(༩ན)


GLG010_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཞལ་དུ་བཅུག །ཐུགས་ཀར་འོད་དུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པད་མར་ཞུགས་པའི་ཐིག་ལེ་ཆ་གཅིག་ཧཱུྃཿདང་བཅས་པ་དེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གདན་དང་བཅས་པར་བསམ། ཐིག་ལེ་ཆ་གཅིག་གདན་དེ་རྣམས་ཀྱི་སྟེང་དུ་ཆ་བཅུ་བདུན་དུ་བསམ། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ནང་གི་ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ། ལྷོར་མ་ལས་རིན་པོ་ཆེ་མས་མཚན་པ། ནུབ་ཏུ་མེ་ལས་པད་མ་མེས་མཚན་པ། བྱང་དུ་ད་ལས་རལ་གྲི་དས་མཚན་པ། ཤར་སྒོར་ཡཾ་ལས་ཐོ་བ་ཡས་མཚན་པ། ལྷོ་སྒོར་ཙ་ལས་དབྱུག་པ་ཙས་མཚན་པ། ནུབ་སྒོར་ནི་ལས་པད་མ་ནིས་མཚན་པ། བྱང་སྒོར་རཱ་ལས་རལ་གྲི་རཱས་མཚན་པ། ནང་གི་ཤར་ལྷོར་ཛཱ་ལས་འཁོར་ལོ་ཛཱས་མཚན་པ། ལྷོ་ནུབ་ཏུ་ས་ལས་རྡོ་རྗེ་སས་མཚན་པ། ནུབ་བྱང་དུ་དོ་ལས་པད་མ་དོས་མཚན་པ། བྱང་ཤར་དུ་རུ་ལས་རལ་གྲི་རུས་མཚན་པ། ཕྱིའི་གྲྭ་བཞིར་ཎ་ཡོ་ནི་རའི་ཡི་གེ་བཞི་རྣམས་འོད་ཟེར་འཕྲོ་ཞིང་འདུ་བ་ཕྱག་མཚན་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་བ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྐུ་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ། ཞེས་པ་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས། ཞེས་པ་ནས་(༩བ)


GLG010_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་ཡབ་ལ་འཁྱུད་པ། ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི །གཡོན་གཉིས་ནོར་བུ་དང་པད་མ་འཛིན་པ། ལྷོར་སེར་སྣ་གཤིན་རྗེ་གཤེད་སེར་པོ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ནོར་བུ་དང་རལ་གྲི །གཡོན་གཉིས་འཁོར་ལོ་དང་པད་མ་འཛིན་པ། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་པད་མ་དང་རལ་གྲི །གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་པད་མ་འཛིན་པ་ཤར་སྒོར་ཐོ་བ་གཤིན་རྗེ་གཤེད་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་ལ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཐོ་བ་སྔོན་པོ་རྭ་ཉི་ཤུ་པ་དང་རལ་གྲི །གཡོན་གཉིས་ནོར་བུ་དང་པད་མ་འཛིན་པ། ལྷོ་སྒོར་དབྱུག་པ་གཤིན་རྗེ་གཤེད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་དབྱུག་པ་དང་རལ་གྲི །གཡོན་གཉིས་པད་མ་དང་འཁོར་ལོ་འཛིན་པ། ནུབ་སྒོར་པད་མ་གཤིན་རྗེ་གཤེད་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་པད་མ་དང་རལ་གྲི །གཡོན་གཉིས་འཁོར་ལོ་དང་ནོར་བུ་འཛིན་པ། བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་པད་མ་འཛིན་པ། ཡབ་(༡༠ན)


GLG010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པོ་ཐམས་ཅད་དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་འབར་བ། སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ་གླང་པོ་ཆེའི་ཀོ་བའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། རུས་པའི་རྭ་ལུགས་ཀྱི་མངོན་རྟོགས་ཡིད་བཞིན་ནོར་བུ། རྡོ་རྗེ་འཆང་སྒོ་རུམ་པས་དགྲ་ནག་གི་སྒྲུབ་ཐབས་ཞི་ཁྲོ་རྣམ་རོལ་སོགས་ནས་འཁོར་གྱི་ལྷའི་མངོན་རྟོགས་མི་གསལ་བ་ཁ་བཀང་། རྒྱན་དྲུག་དང་རྡོ་རྗེའི་ཕྲེང་བ་ཅན། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་། འབར་བའི་མཆེ་བ་རྣོན་པོ་བཞི་བཞི་རབ་ཏུ་གཙིགས་ནས། ལྗགས་རྣམ་པར་འདྲིལ་ཞིང་འོད་ཟེར་རབ་ཏུ་འཕྲོ་བ། མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང་འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཅིང་དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། པད་མ་དཀར་པོས་མགུལ་རྒྱན་བྱས་ཤིང་སྟོབས་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྲཾ་པ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས་བྱས་ཤིང་པད་མ་ཆེན་པོ་དཀར་པོས་ཞབས་གདུབ་བྱས་པ། ཀླུ་བརྒྱད་པོ་ཐམས་ཅད་ཀྱང་ཕུད་ཀྱི་སྒྲ་སྒྲོག་ཅིང་། ལྕེ་གཉིས་པ་དུག་དང་ལྡན་པའི་མཆེ་བའི་འཕྲེང་བ་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་སྟེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །ནང་གི་ཤར་ལྷོར་ཙ་ཙི་ཀཱ་དཀར་མོ་ཤིན་ཏུ་སྐེམ་ཞིང་དྲག་ཏུ་ཁྲོས་པ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་(༡༠བ)


GLG010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ལ་འཁྱུད་པ། ལྷག་མ་གཡས་གཉིས་འཁོར་ལོ་རལ་གྲི །གཡོན་གཉིས་ནོར་བུ་དང་པད་མ་འཛིན་པ། ལྷོ་ནུབ་ཏུ་ཕག་མོ་སྔོན་མོ་ཕག་གདོང་ཅན་སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡབ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི །གཡོན་གཉིས་འཁོར་ལོ་དང་པད་མ་འཛིན་པ། ནུབ་བྱང་དུ་དབྱངས་ཅན་མ་དམར་མོ་ཞི་བའི་ཆ་བྱད་ཅན་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡབ་ལ་འཁྱུད་པ། ལྷག་མ་གཡས་གཉིས་པད་མ་དང་རལ་གྲི །གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། བྱང་ཤར་དུ་གཽ་རཱི་ལྗང་གུ་སྦོམ་ཞིང་ཐུང་ལ་གསུས་པ་ཕྱང་བ་ལྗང་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡབ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་པད་མ་འཛིན་པ། ཡུམ་བཞི་ཀའང་ཐོད་སྐམ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་སྐུམ་ཞིང་གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། ཕྱིའི་དྲྭ་བཞིར་ཡི་གེ་བཞི་ཡོངས་སུ་གྱུར་པ་ལས་མིའི་ཐོད་པ་བདུད་རྩིས་གང་བ་བཞིར་བསམ། ཨོཾ་ཧྲཱི༔ཥྟི་ནས་ཧཱུྃ་ཕཊ། གཙོ་བོ་ཡབ་ཡུམ་བསྐུལ་དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ཨོཾཛི་ན་ཛི་ཀ །གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་བསྐུལ། དཔག་ཏུ་མེད་པར་གྱུར། གོང་དང་འགྲེའོ། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་གཏི་མུག་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ནང་གི་ཤར་གྱི་གདན་ལ་འཁོད། ཨོཾ(༡༡ན)


GLG010_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་ངྷྀ་ཀ །སེར་སྣ་གཤིན་རྗེ་གཤེད་བསྐུལ། དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། སེམས་ཅན་རྣམས་ཀྱི་ང་རྒྱལ་དང་སེར་སྣ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ལྷོའི་གདན་ལ་འཁོད། ཨོཾ་ཨ་རོ་ལི་ག །འདོད་ཆགས་གཤིན་རྗེ་གཤེད་ཡབ་ཡུམ་བསྐུལ། དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་འདོད་ཆགས་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ནུབ་ཀྱི་གདན་ལ་འཁོད། ཨོཾ་པྲ་ཛྙཱ་ངྷཱྀ་ཀ །ཕྲག་དོག་གཤིན་རྗེ་གཤེད་ཡབ་ཡུམ་བསྐུལ། དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ཕྲག་དོག་སྦྱངས། བྱ་བ་གྲུབ་པའི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། བྱང་གི་གདན་ལ་འཁོད། ཨོཾ་མུངྒ་ངྷྲྀ་ཀ །ཐོ་བ་གཤིན་རྗེ་གཤེད་ཡབ་ཡུམ་བསྐུལ། དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ཕུང་པོའི་བདུད་བཅོམ། དད་པའི་སྟོབས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ཤར་སྒོའི་དབུས་སུ་འཁོད། ཨོཾ་དཎྜ་ངྷྲྀཀ །དབྱུག་པ་གཤིན་རྗེ་གཤེད་ཡབ་ཡུམ་བསྐུལ། དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ལེ་ལོ་སྦྱངས། བརྩོན་འགྲུས་ཀྱི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ལྷོ་སྒོའི་གདན་ལ་འཁོད། ཨོཾ་པདྨ་ངྷྲྀ་ཀ །པད་མ་གཤིན་རྗེ་ཤེད་ཡུམ་བསྐུལ། དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་འཆི་བདག་གི་བདུད་བཅོམ། དྲན་པའི་གཤིན་རྗེ་གཤེད་ཡབ་ཡུམ་བསྐུལ། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ནུབ་སྒོའི་གདན་ལ་འཁོད། ཨོཾ་ཁངྒ་ངྷྲྀ་ཀ །རལ་གྲི་གཤིན་གཤིན་རྗེ་གཤེད་ཡབ་ཡུམ་བསྐུལ། དཔག་དུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ལྷའི་བུའི་ཞེ་སྡང་སྦྱངས། ཏིང་ངེ་འཛིན་གྱི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། བྱང་སྒོའི་གདན་ལ་འཁོད། ཨོཾ་མོ་ཧ་ར་ཏི། ཙ་ཙི་ཀ་ཡབ་ཡུམ་བསྐུལ། དཔག་དུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་སའི་ཁམས་སྦྱངས། བྱམས་པ་ཚད་མེད་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ནང་གི་ཤར་ལྷོའི་གྲར་གདན་ལ་འཁོད། ཨོཾ་དྭེ་ཥ་ར་ཏི། ཕག་མོ་ཡབ་ཡུམ་བསྐུལ། དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ཆུའི་ཁམས་སྦྱངས། སྙིང་རྗེ་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ལྷོ་ནུབ་གོང་དང་འགྲེ། ཨོཾ་རྭ་ག་ར་ཏི། དབྱངས་ཅན་མ་ཡབ་ཡུམ་(༡༡བ)


GLG010_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་མེའི་ཁམས་སྦྱངས། དགའ་བ་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ནུབ་བྱང་གི་གདན་ལ་འཁོད། ཨོཾ་བཛྲ་ར་ཧི། གཽ་རི་ཡབ་ཡུམ་བསྐུལ། དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་རླུང་གི་ཁམས་སྦྱངས། བཏང་སྙོམས་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། བྱང་ཤར་གདན་ལ་འཁོད། ཨོཾ་ཨཱཿཧཱུཾ། ཐོད་པ་བཞི་བསྐུལ། དཔག་དུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། ཡུལ་དྲུག་གི་དྲི་མ་སྦྱངས། སླར་འདུས། ཕྱིའི་གྲྭ་བཞིར་འཁོད། ཨོཾ་ཨཱཿཧཱུཾ། གཞལ་ཡས་ཁང་བསྐུལ། དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ཕྱོགས་བཅུར་གཤེགས། སྣོད་ཀྱི་སྐྱོན་སྦྱངས། བདེ་བ་ལ་གནས་པ་རྣམས་བརྟན་པར་བྱས། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། དམ་ཚིག་གི་གཞལ་ཡས་ཁང་ཐིམ་པར་བསམ། གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ་དང་འཁོར་ལོ་ལས་རྡོ་རྗེ་མིག་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི །གཡོན་གཉིས་ནོར་བུ་དང་པད་མ་འཛིན་པ། རྣ་བ་གཉིས་སུ་ཛྲིཾ་དང་རྡོ་རྗེ་ལས་རྡོ་རྗེ་རྣ་བ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། གོང་ལྟར་འགྲེ། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི །གཡོན་གཉིས་འཁོར་ལོ་དང་པད་མ་འཛིན་པ། སྣ་གཉིས་སུ་ཁཾ་དང་རིན་པོ་ཆེ་ལས་རྡོ་རྗེ་སྣ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། ལྷག་མ་གཡས་གཉིས་ནོར་བུ་དང་རལ་གྲི །གཡོན་གཉིས་འཁོར་ལོ་དང་པད་མ་འཛིན་པ། ལྕེའི་རྩ་བར་རཾ་དང་པད་མ་ལས་རྡོ་རྗེའི་ལྕེ་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། ལྷག་མ་གཡས་གཉིས་པད་མ་དང་རལ་གྲི་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། དཔྲལ་བར་ཀཾ་དང་རལ་གྲི་ལས་རྡོ་རྗེའི་ལུས་ལྗང་ཁུ་ལྗང་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། ལྷག་མ་གཡས་གཉིས་རལ་གྲི་དང་འཁོར་ལོ། གཡོན་(༡༢ན)


GLG010_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནོར་བུ་དང་པད་མ་འཛིན་པ། ལྟེ་བར་སཾ་དང་རྡོ་རྗེ་ལས་རྡོ་རྗེའི་ཡིད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི །གཡོན་གཉིས་འཁོར་ལོ་དང་པད་མ་འཛིན་པ་སྟེ། ཐམས་ཅད་ཀྱང་པད་ཟླ་ལ་གནས་པའོ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་ལས་རྡོ་རྗེའི་ཡིད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པད་མ་འཛིན་པ། མགྲིན་པར་ཨཱཿལས་པད་མ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཨཱཿདང་པད་མ་ལས་གསུང་རྡོ་རྗེ་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། ལྷག་མ་གཡས་གཉིས་པད་མ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་དབུས་སུ་ཨོཾ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་དཀར་པོ་དཀར་སྔོ་དམར་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་པད་མ་འཛིན་པ། ཐམས་ཅད་ཀྱང་ཁྲོ་བོའི་རྒྱན་ཆ་ལུགས་དང་ལྡན་པ་གཡོན་བརྐྱང་གིས་བཞུགས་པའོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་ལ་སྔར་བཞིན་མཆོད་ནས། འོད་ཟེར་གྱིས་བཀུག་སྟེ་ཐུགས་རྡོ་རྗེའི་ལྷ་ཚོགས་རྣམས་ལྷ་རྣམས་ཀྱི་ཐུགས་ཀའི་ཐུགས་རྡོ་རྗེ་ལ་ཐིམ་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱ་མ་ཀོ྅ཧཾ། འོད་ཟེར་གྱིས་བཀུག་སྟེ་གསུང་རྡོ་རྗེའི་ལྷ་ཚོགས་རྣམས་ལྷ་རྣམས་ཀྱི་མགྲིན་པའི་གསུང་རྡོ་རྗེ་ལ་ཐིམ་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། འོད་(༡༢བ)


GLG010_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གྱིས་བཀུག་སྟེ་སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ལྷ་རྣམས་ཀྱི་སྤྱི་བོའི་སྐུ་རྡོ་རྗེ་ལ་ཐིམ་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། རྡོ་རྗེ་གསུམ་གྱི་ངོ་བོ་ང་ཡིན་སྙམ་དུ་ང་རྒྱལ་བྱ། ཛཿའཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །དུས་གྱི་ཁམས་བཞིན་ཐུགས་རྗེ་འགྲོ་འོང་བྲལ། །སྤྲུལ་པ་འགྲོ་དང་བྲལ་བའི་གཟུགས་བརྙན་བཞིན། །འགྲོ་དང་འོང་བའི་མཚན་ཉིད་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བས། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ་བའི་ལྷ། །སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་དཔལ་དབྱངས། །གདུག་པ་འདུལ་ཕྱིར་འཇིགས་བྱེད་གཤིན་རྗེ་གཤེད། །ལས་བྱེད་སྤྲུལ་པ་གཤིན་རྗེ་འཁོར་དང་བཅས། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། ཨོཾ་ཧྲཱིཿཧ་བྷོ་མ་ཧཱ་ཀྲོ་ངྷ་ཨཱ་གཙྪ་ཨཱ་གཙྪ་ཨ་སྨ་ད་པཱུ་ཛ་པྲ་ཏི་གྲྀ་ཧྞ་པྲ་སཱ་ད་མེ་ངྷཱི་མཱན་ཀུ་རུ་སྭཱཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཧྲཱིཿཥྚྲཱིཿས་ཁྲོ་བོ་སྤྲོས་ཏེ་ཕྱིར་འབྲང་གི་བགེགས་བསྐྲད་ལ་བསྲུངས་ཏེ་སྔར་བཞིན་མཆོད། ཨོཾ་མངྒ་ར་ཛཿ ཨོཾ་དཎྜ་ཧཱུཾ། ཨོཾ་པད་མ་བཾ། ཨོཾ་ཁངྒ་ཧོཿས་དགུག་གཞུག་བཅིང་མཉེ་བྱ། ཨོཾ་ཧྲཱིཿཧི་བྷོ་ཞེས་པ་ནས་ཀུ་རུ་སྭཱཧཱ། སླར་ཡང་ཐུགས་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཧྲཱིཿཥྚྲཱིཿས་ཁྲོ་བོ་སྤྲོས་ཏེ་ཕྱིར་འབྲང་གི་བགེགས་བསྐྲད་ལ་བསྲུངས་ཏེ་སྔར་བཞིན་མཆོད། ཨོཾ་མངྒ་ར་ཛཿ ཨོཾ་དཎྜ་ཧཱུཾ། ཨོཾ་པད་མ་བཾ། ཨོཾ་ཁངྒ་ཧོཿས་དགུག་གཞུག་བཅིང་མཉེ་བྱ། ཨོཾ་ཧྲཱིཿཧི་བྷོ་ཞེས་པ་ནས་ཀུ་རུ་སྭཱཧཱ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་བདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་(༡༣ན)


GLG010_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ལ་སྔར་བཞིན་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་ཙ་ཙི་ཀཱ་ལ་སོགས་པ་རྣམས་ཀྱིས་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས་ཟླ་བ་ལྟ་བུའི་བུམ་པ་དཀར་པོ་བདུད་རྩི་ལྔས་གང་བ་བཟུང་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐྱེ་བས་ཐོབ་པའི་དབང་བསྐུར་བ། །ཇི་ལྟར་དེ་བཞིན་བདག་གིས་ནི། །དག་པ་ལྷ་ཡིས་ཆུས་དབང་བསྐུར། ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས། དབང་གི་ཆུས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོའི་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པ། ལྷ་གཞན་ཤར་དང་ཤར་ལྷོ་བ་རྣམས་ལ་རྣམ་སྣང་། ལྷོ་དང་ལྷོ་ནུབ་པ་རྣམས་ལ་རིན་འབྱུང་། ནུབ་དང་ནུབ་བྱང་པ་རྣམས་ལ་འོད་དཔག་མེད། བྱང་དང་བྱང་ཤར་བ་རྣམས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ཅིང་། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་བསམ་སྟེ་ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་བའོ། །ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ནི། མཆོད་པ་དངོས་སམ་བཤམས་ན་ཡིད་བྱུང་ཙམ་ལ་བྱིན་གྱིས་བརླབ་མི་དགོས་ཤིང་ཏིང་ངེ་འཛིན་གྱིས་སྤྲུལ་ལ། ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱི་སྔགས་ཀྱིས་མཆོད། ནང་མཆོད་ལ་བདུད་རྩི་རིལ་བུ་བཏབ་མི་དགོས་པས། མཆོད་དོ། ཕྱོགས་བཅུ་དུས་གསུམ་གྱི་དེབཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་(༡༣བ)


GLG010_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། དཔལ་རྡ་ོརྗེ་འཇིགས་བྱེད་ཆེན་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ལ་ལཱི་ཏ་བཛྲ་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨ་མོ་གྷ་བཛྲ་ཞལ་དུ་ཨོཾ་ཨཱཿཧཱུཾ། ཡེ་ཤེས་འབྱུང་གནས་སྦས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། པད་མ་བཛྲའི་ཞལ་དུ་ཨོཾ་ཨཱཿཧཱུཾ། དཱི་པཾ་ཀ་ར་རཀྵི་ཏའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྭ་ཆོས་རབ་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྭ་ཡེ་ཤེས་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྭ་འབུམ་སེང་གི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེ་བཙུན་རྒ་ལོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རོང་པ་ཤེས་རབ་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། བླ་མ་ཡེ་ཤེས་དཔལ་བའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཆོས་རྗེ་དོན་གྲུབ་རིན་ཅེན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། མཁས་གྲུབ་ཤེས་རབ་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྒྱུད་པ་སྦྱིན་པ་དཔལ་བའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྩ་བ་ཤེས་རབ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་འཆང་ཆོས་སྐྱོང་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེ་ནམ་མཁའ་གྲགས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཆོས་རྗེ་ཉི་མ་བཀྲ་ཤིས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། མཁས་གྲུབ་བདེ་ལེགས་ཉི་མའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཤར་ཆེན་ནམ་མཁའ་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། འཇམ་དབྱངས་དཔལ་འབྱོར་འཕྲིན་ལས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དམ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཥྚྲཱིཿནས་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཨོཾ་བཛྲེ་བེཏྟ་ལཱི་ནས་ཧཱུཾ་ཛཿསྭཱ་ཧཱ་ཨོཾ་ཨཱཿཧཱུཾ། ཨོཾ་ཛི་ན་ཛི་ཀ་ཧཱུཾ་ཕཊ་ཨོཾ་ཨཱཿཧཱུཾ། ཞེས་པ་ནས། ཨོཾ་བཛྲ་ར་ཏི་ཧཱུཾ་ཕཊ་ཨོཾ་ཨཱཿཧཱུཾ། གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། སྔོན་སངས་རྒྱས་(༡༤ན)


GLG010_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དམ་པའི་ཆོས་ཐོས་པ། འཕགས་པའི་དགེ་འདུན་ལ་བརྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པའི་བླ་མ་གོང་མ་རྣམས་ཀྱིས་བསྟེན་ཅིང་བསྒྲུབས་པའི་སྲུང་མ་དམ་ཚིག་ཅན་རྣམས་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཡུལ་སུམ་ཅུ་རྩ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་དཔའ་བོ་དང་དཔའ་མོ་དང་། རྣལ་འབྱོར་མ་དང་། ཕྱོགས་སྐྱོང་དང་ཞིང་སྐྱོང་ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞི་བདག་གཉུག་མར་གནས་པ་རྣམས་དང་། སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། རང་གི་ལུས་ལ་ཐིམ་པར་བསམ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཞེས་དབུལ་ལ་བདུད་རྩི་ལྕེ་ཐོག་ཏུ་མྱང་ཞིང་། རང་གི་ལུས་ལ་གནས་པའི་རྒྱལ་བ་རྣམས་ཡེ་ཤེས་ཀྱི་བདུད་རྩིས་མཉེས་ཤིང་ཚིམ་པར་བསམས་ལ། མཆོད་བྱ་མཆོད་བྱེད་མཆོད་པ་ཐམས་ཅད་རང་བཞིན་མེད་བཞིན་དུ་སྣང་བ་སྒྱུ་མ་བཞིན་དུ་བལྟས་ལ་འཁོར་རྣམས་ཀྱི་གཙོ་བོར་བྲག་ཅའི་དབྱངས་ལྟ་བུར་བསྟོད་པར་བསམས་ཏེ། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་དཔལ་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེ་ཐབས་ཀྱིས་ཁྲོ་རྒྱལ་སྐུར་སྟོན་པ། །(༡༤བ)


GLG010_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱགས་འཚལ་ལོ། །གཙོ་བོས་ཀྱང་འཁོར་རྣམས་ལ། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རིན་ཅེན་རྡོ་རྗེ་༝། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། གཤིན་རྗེ་གཤེད་པོ་རབ་འཇིགས་པ། །རྡོ་རྗེ་གསུང་དང་རབ་མཚུངས་པ། རྡོ་རྗེ་གསུང་ལ་༝། །ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་མཚུངས་པ། །ཕྱག་ན་རལ་གྲི༝། །ཡང་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་གཙོ་བོ་ལ། སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་༝། ཅེས་བསྟོད། དེ་ལྟར་རེ་རེ་ནས་གསལ་འདེབས་པའི་དཔྱད་ནས་བསྒོམ་པ་དང་རྣམ་པ་གསལ་བ་ལ་རྩེ་གཅིག་ཏུ་འཇོག་པའི་སྒོམ་པ་གཉིས་ཀྱིས་གསལ་སྣང་བསྒྲུབ་ཅིང་བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་དོ་སྙམ་དུ་ངེས་པ་ཤུགས་ཅན་ལ་ང་རྒྱལ་བརྟན་པར་བྱ་བ་ནི་རྒྱ་ཆེ་བ་ལ་བསླབ། སྒོམ་པ་པོ་དང་བསྒོམ་བྱ་དང་སྒོམ་རྣམས་བརྟགས་ན་ཡང་དག་པར་ཅིར་ཡང་མ་གྲུབ་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའི་དོན་ལ་འཇོག་པ་དམིགས་པ་ལྷ་སྐུར་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་རྒྱུན་སྐྱོང་བ་སྟེ་ཟབ་པ་ལ་བསླབ། དེ་ནས་སྟེང་དང་འོག་གི་སྣ་རྩེར་ཟླ་བ་ལ་གནས་པའི་རྡོ་རྗེ་སྔོན་པོ་ཡུངས་འབྲུ་ཙམ་ལ་སེམས་བཟུང་བ་བརྟན་པ་ན་དེ་ལས་(༡༥ན)


GLG010_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་མང་པོ་སྤྲོ་ཞིང་སླར་ཡང་སྡུད་པའི་ཕྲ་མོ་ལ་སེམས་འཛིན། །དེ་ལྟར་བསྒོམས་པས་སྐྱོན་དག་པ་དྲན་པར་བྱ་སྟེ། ཞལ་དགུ་ནི་གསུང་རབ་ཡན་ལག་དགུ །རྭ་གཉིས་ནི་བདེན་པ་གཉིས། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་ཏེ་སོ་བདུན་ནི་བྱང་ཕྱོགས་སོ་བདུན། ཞབས་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག །ཡུམ་དང་སྦྱོར་བ་ནི་བདེ་བ་ཆེན་པོ་རྒྱས་པ། མི་ལ་སོགས་པ་ནི་དངོས་སྒྲུབ་བརྒྱད་དང་། བྱ་རྒོད་ལ་སོགས་པ་ནི་དབང་ཕྱུག་བརྒྱད་དག་པ་ཡིན་ལ། གཅེར་བུར་ནི་སྒྲིབ་གཡོགས་མེད་པ་དང་སྐྲ་གྱེན་དུ་བརྫེས་པ་ནི་མྱང་ངན་ལས་འདས་པའི་གོ་འཕང་སྟོན་པའོ། །དེ་དག་གི་དོན་མདོར་བསྡུ་ན་གཏན་ལ་དབབ་པའི་གཞི་གསུང་རབ་ཡན་ལག་དགུའི་བརྗོད་བྱ་ཀུན་རྫོབ་སྒྱུ་མ་དང་དོན་དམ་ནམ་མཁའ་ལྟ་བུ། ཁོང་དུ་ཆུད་པའི་ལམ་བྱང་ཕྱོགས་སོ་བདུན་ཡིན་ལ། ལམ་དེའི་གཙོ་བོ་དོན་དམ་རྟོགས་པ་ལ་ནི་སྟོང་ཉིད་བཅུ་དྲུག་གི་རྟོགས་པ་ཡོད་དེ། དེ་ཡང་ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་པར་བཞུགས་པའོ། །ལམ་དེས་བགྲོད་པའི་འབྲས་བུ་དངོས་གྲུབ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་གཙོ་བོ་ནི་སྒྲིབ་པ་ཟད་པའི་མྱང་འདས་སོ། །ཞེས་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་ཤར་བའི་སྐུས་དེ་ལྟར་མཚོན་པར་གོ་བར་བྱེད་པའོ། །འཕྲེང་བ་བྱིན་གྱིས་བརླབ་པ་ནི། ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། འཕྲེང་བ་མི་དམིགས་པ་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་མེ་ལས་པད་མ་མེས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དམར་སྔོ་དཀར་བའི་ཞལ་(༡༥བ)


GLG010_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་པད་མ་དང་རལ་གྲི །གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསམ། ཨོཾ་ཨ་རོ་ལི་ག་ཧཱུཾ་ཕཊ ཅེས་བཟླ། གསུང་འདོད་ཆགས་གཤིན་རྗེ་གཤེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་ཁྲག་འཛག་པའི་མི་མགོའི་ཕྲེང་བ་བརྒྱ་རྩ་བརྒྱད་ཀྱི་རྣམ་པ་ཅན་དུ་བསམ། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའི་མཐར་རྩ་སྔགས་ལ་སོགས་པ་དང་ལྷ་གཞན་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་རང་རང་གི་ཕྱག་མཚན་ལ་ས་བོན་བཀོད་པའི་མཐར་སྔགས་ཀྱི་ཡི་གེ་རྣམས་གཡས་སྐོར་དུ་འགྲེང་སྟེ་འོད་ཟེར་འབར་བའི་རྣམ་པ་ཅན་དུ་བལྟས་ལ། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ་ཡ་མེ་དོ་རུ། ཎ་ཡོ་ད་ཡ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། རྩ་སྔགས་སོ། །ཨོཾ་ཧྲཱིཿཥྚྲི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། སྙིང་པོའོ། །ཨོཾ་བཛྲ་བེཏྟ་ཝཱི་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཛཿསྭཱཧཱ། ཨོཾ་ཛི་ན་ཛི་ཀ་ཧཱུཾ་ཕཊ། ཨོཾ་རཏྣ་ངྷྲྀ་ཀ་ཧཱུཾ་ཕཊ། ཨོཾ་ཨ་རོ་ལི་ག་ཧཱུཾ་ཕཊ། ཨོཾ་མུངྒ་དྷྲི་ག་ཧཱུཾ་ཕཊ། ཨོཾ་དཎྜ་ངྷྲྀ་ཀ་ཧཱུཾ་ཕཊ། ཨོཾ་པད་མ་ངྷྲྀ་ཀ་ཧཱུཾ་ཕཊ། ཨོཾ་ཁངྒ་ངྷྲྀ་ཀ་ཧཱུཾ་ཕཊ། ཨོཾ་མོ་ཧ་ར་ཏི་ཧཱུཾ་ཕཊ། ཨོཾ་དྭེ་ཥ་ར་ཏི་ཧཱུཾ་ཕཊ། ཨོཾ་རྭ་ག་(༡༦ན)


GLG010_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཏི་ཧཱུཾ་ཕཊ། ཨོཾ་བཛྲ་ར་ཏི་ཧཱུཾ་ཕཊ། ཅེས་འཁོར་གྱི་སྔགས་རྣམས་བཟླ། ཐུན་མཐར་གཏོར་འབུལ་མི་བྱེད་ན་སླར་ཡང་མཆོད་བསྟོད་བྱ་ཞིང་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱས་ལྷག་ཆད་ཁ་འགེང་ལ་གཏོར་འབུལ་བྱེད་ན་དེ་རྣམས་དོར་ནས། གཏོར་མ་བྱིན་གྱིས་བརླབ་པ་ནི། སྔར་བཞིན་བསངས་སྦྱངས། སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྷྲུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཱཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པཱཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་བསམ། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་(༡༦བ)


GLG010_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འཕྲོས་པས་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས་ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་བསམ། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། གཏོར་མ་འབུལ་བ་རྒྱས་པར་སྤྲོ་ན། དཀྱིལ་འཁོར་རྟེན་བརྟེན་པའི་དམ་ཚིག་པ་བསྐྱེད་པ་ལ། ཡེ་ཤེས་པ་བསྟིམ། དེ་ནས་ཕྱོགས་སྐྱོང་བཅོ་ལྔ་བཀུག་པ་ལ་ཕུར་བུ་བཏབ་སྟེ་གནས་བསྒྱུར་གཙོ་འཁོར་རྣམས་ཀྱི་སྐྱེ་མཆེད་བརླབ་པ་ནས་བསྟོད་པའི་བར་སྔར་བཞིན་བྱ་བ་ཡོད་ཀྱང་རེ་ཞིག་བཞག་པའི་འཇུག་པ་བདེ་བ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་ལ་ཕྱོགས་སྐྱོང་རྣམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པད་མ་ཀ་མ་ལཱ་ཡ་སྟཱཾ་གྱིས་གདན་ཕུལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་སརྦ་དུ་ཥྚཾ་ནྡ་ཨ་དི་ན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ཕྱག་ན་ཕུར་བུ་ཐོགས་པ་སྤྲོས་ཏེ། ཕྱོགས་སྐྱོང་རྣམས་ཀྱི་སྙིང་ག་དང་མགྲིན་པ་དང་རྐང་མཐིལ་གྱི་བར་དུ་ཕུར་བུ་བཏབ་པས་གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པར་བསམ། འཇིག་རྟེན་ལས་འདས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམ། ཧྲཱིཿཥྚྲཱིཿའི་མཐར། ཨོཾ་(༡༧ན)


GLG010_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བྷཻ་ར་ཝ་ཨ་ངྷི་པ་ཏི། བཛྲ་བེཏྟཱ་ལཱི་དཾ་བ་ལིཾ་ཏ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་བདུན་ནམ་ཉེར་གཅིག་གིས་གཙོ་བོ་ཡབ་ཡུམ་དང་། ཨོཾ་ཛི་ན་ཛི་ག །ཅེས་པ་ནས། བཛྲ་ར་ཏི་བ་ལིཾ་པྲ་ཏཱི་ཙྪ་སྭཧཱ། ལན་གསུམ་གྱིས་འཁོར་རྣམས་ལ་འབུལ། ཕྱི་ནང་གི་མཆོད་པས་མཆོད། གཟུགས་མཆོག་མས་བསྟོད། ཕྱོགས་སྐྱོང་འཁོར་དང་བཅས་པས་ལྗགས་ནས་སྦུ་གུ་ཅན་དུ་བསམ། ཡ་མ་རཱ་ཛ་བརྗོད། ཨོཾ་བྷུ་ཙ་ར་ནཾ། ཡ་པ་ཏཱ་ལ་ཙ་རཱ་ཡ། མཱན་ཁེ་ཙ་རཱ་ཡ། ཏ་པཱུ་ཝ་ཎི་གཱ་ཎཾ། ཀ་དཀྵི་ན་དཱི་ཀཱ་ཡ། ཧཱུཾ་པཤྩི་མ་ནཾ་ཕཊ་ཨུཏྟ་ར་ཏི་གཱ་ཡ། ཨོཾ། ཧྲཱིཿཡ། ཥྚྲཱིཿཝ། ཝི་ཀྵི། ཀྲི་ཀོ །ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོ། ཕཊ་སརྦ་བྷུ་ཏེ་བྷྱཿ ཨོཾ་ད་ཤ་དི་ཀཱ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱའི་བར་གྱིས་མཆོད། སྔགས་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་དབུལ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤེན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་པ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་དགེ་བའི་བྱ་བ་རྣམས་མཐར་ཕྱིན་པ་དང་། དེའི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག །ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱ་ནྟ་ཀ་ཏྭེ་ནོ་པ་ཏིཥྛ། ཌ་ིཌྷྲོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦྦ་སིངྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨཱ་(༡༧བ)


GLG010_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཙ་མེ། ཙིཏྟཾ་ཤྲི་ཡཾཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝ་ན། ཡ་མཱནྟ་ཀ་མ་མེ་མུ་ཉྩ། ཡ་མཱནྟ་ཀ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿཞེས་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བཟླ། མ་རྙེད་ཡོངས་སུ་མ་ཤེས་དང་། གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། སོགས་བརྗོད། གཏོར་མགྲོན་གྱི་ལྷ་རྣམས་ཨོཾ་ཨཱཿཧཱུཾ་མུ༔ས་རང་གནས་སུ་གཤེགས་པར་བསམ། རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བར་འཇམ་དབྱངས་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །རྣམ་དག་ཡིད་ཀྱི་ཟླ་ཤེལ་རྩིག་ངོས་ལ། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དཀྱིལ་འཁོར་ནི། །ཏིང་འཛིན་པིར་གྱིས་དབང་པོའི་གཞུ་ལྟ་བུར། །རབ་བཀོད་བསྒོམ་དང་མཆོད་བསྟོད་བཟླས་སོགས་ཀྱིས། །རྣམ་དཀར་ཟླ་འོད་དུང་དང་ཀུནྡ་ལྟར། །མཆོག་ཏུ་དཀར་བ་གང་ཞིག་བསགས་པ་དེས། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད། དངོས་གྲུབ་རྩ་བ་ཐེག་མཆོག་དགེ་བའི་བཤེས། །མཚན་ཉིད་ལྡན་པས་རྗེས་སུ་འཛིན་པར་ཤོག །ཚེ་འདིའི་ཆོས་བརྒྱད་བྱིས་པའི་རོལ་རྩེད་དང་། །འཁོར་བའི་ཕུན་ཚོགས་དུག་སྦྲུལ་ཚང་ལྟ་བུར། །རིག་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ཕྱིན་དྲུག་སྤྱོད་པས་རྟག་ཏུ་འཚོ་བར་ཤོག །རྣམ་དག་དབང་བཞིའི་ཆུ་བོས་སྒོ་གསུམ་གྱི། །དྲི་མ་ཀུན་བཀྲུས་སྐུ་བཞིའི་ས་བོན་བཞག །དམ་ཚིག་སྡོམ་པ་མིག་གི་འབྲས་བུ་ལྟར། །བསྲུངས་པས་རིམ་གཉིས་ལམ་གྱི་སྣོད་གྱུར་ཅིག །སྐྱེ་ཤི་བར་དོའི་མུན་པ་ཀུན་སེལ་ཞིང་། །སྐུ་གསུམ་འོད་བརྒྱའི་དྲ་བ་འགྱེད་བྱེད་པ། །བསྐྱེད་རིམ་ཟབ་མོ་ཐུན་བཞིར་བསྒོམས་པ་ལས། །རྫོགས་རིམ་ཡོངས་རྫོགས་སྐྱེ་བའི་རྒྱུད་སྨིན་ཤོག །བླ་མ་གཤིན་རྗེ་གཤེད་ཀྱི་ལྷ་ཡི་ཚོགས། ནམ་(༡༨ན)


GLG010_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་གང་བའི་བསོད་ནམས་ཞིང་མཆོག་ལ། །འཁོར་གསུམ་རྣམ་པར་དག་པའི་མཆོད་སྦྱིན་གྱིས། །རང་གི་རྒྱུད་ནི་ཡོངས་སུ་སྨིན་པར་ཤོག །སྔགས་གཉིས་དོན་ལྟར་གདོད་ནས་དག་པའི་དབྱིངས། །བདེ་ཆེན་རང་གི་སེམས་དང་རོ་གཅིག་པ། །ཡེ་ཤེས་ཚོགས་རྫོགས་འཆི་བའི་སྐྱོན་སྤངས་ཤིང་། །འོད་གསལ་ལམ་གྱིས་ཆོས་སྐུ་ཐོབ་པར་ཤོག །གཏུམ་ཆེན་གནོད་མཛེས་དཔལ་ལྡན་ཁྲོ་བོ་བཅུས། །ཡོངས་སུ་བསྐོར་བའི་ཏིང་འཛིན་ལ་གཞོལ་བས། །བདུད་དང་བགེགས་སོགས་ནག་པོའི་རྩ་ལག་ཀུན། །སྐད་ཅིག་ཉིད་ལ་དྲུང་ནས་འབྱིན་པར་ཤོག །རྣམ་མང་རིན་ཅེན་ཚོགས་འབར་གཞལ་མེད་ཁང་། །རྣམ་སྣང་རྣམ་པར་དག་པའི་བདག་ཉིད་ཅན། །རྣམ་པར་བསྒོམས་པས་མ་དག་ཞིང་སྦྱངས་ཏེ། །རྣམ་དག་ཡེ་ཤེས་གཞལ་ཡས་ཁང་འགྲུབ་ཤོག །དེར་ནི་གུར་གུམ་ལྷུན་པོ་བརྩེགས་པ་བཞིན། །རྒྱུ་ཡི་རྡོ་རྗེ་འཛིན་པའི་རྣལ་འབྱོར་གྱིས། །བར་དོའི་སྨིན་སྦྱངས་སྒྱུ་ལུས་སྣོད་གྱུར་ནས། །རྒྱལ་བའི་ལོངས་སྐུ་མྱུར་དུ་འགྲུབ་པར་ཤོག །ཟླ་ཉི་ས་བོན་ཕྱག་མཚན་སྐུ་རྫོགས་པའི། །རིམ་པས་ཡེ་ཤེས་ལྔ་ཡི་མངོན་བྱང་ལས། །འབྲས་བུ་རྡོ་རྗེ་འཛིན་པའི་རྣལ་འབྱོར་གྱིས། །སྐྱེ་སྲིད་སྦྱོང་ཞིང་སྤྲུལ་སྐུ་འགྲུབ་པར་ཤོག །འབུམ་ཕྲག་ཉི་འོད་སྤུངས་པའི་གཟི་བརྗིད་ཅན། །རང་ཉིད་སེམས་དཔའ་གསུམ་གྱི་བདག་ཉིད་དང་། །རང་རིག་ཕྱག་རྒྱར་སྦྱོར་བའི་རྣལ་འབྱོར་ཀྱིས། །སྤྲུལ་པའི་སྤྲིན་གྱིས་ས་གསུམ་ཁྱབ་བྱས་ནས། །མ་དག་སྣོད་བཅུད་དྲི་མ་ཀུན་སྦྱངས་ཏེ། །དག་པའི་རྟེན་དང་བརྟེན་པར་རྟག་འཆར་བའི། །གཞན་དོན་ཕུན་(༡༨བ)


GLG010_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པའི་བདག་ཉིད་ཅན། །དཀྱིལ་འཁོར་རྒྱལ་མཆོག་ཏིང་འཛིན་མཐར་ཕྱིན་ཤོག །ཕྱི་ནང་བཟླས་བརྗོ་མཐར་ཕྱིན་བསམ་གཏན་དང་། །རྫས་སོགས་རྟེན་འབྲེལ་འཁྲུལ་འཁོར་རིམ་པ་ལ། །བརྟེན་ནས་ཞི་སོགས་རབ་འབྱམས་ཀུན་འགྲུབ་པའི། །ལས་ཀྱི་རྒྱལ་པོ་མཆོག་ནི་འགྲུབ་པར་ཤོག །ཟབ་ལམ་རིམ་པ་ལྔ་ཡི་གནད་ཀྱི་དོན། །མ་ལུས་བསྡུས་པ་རྣལ་འབྱོར་རྣམ་པ་བཞི། །སྤྱོད་པ་གསུམ་དང་བཅས་པའི་ལམ་བཟང་གིས། །སྐུ་གསུམ་གོ་འཕང་ཚེ་འདིར་ཐོབ་པར་ཤོག །སྤྲུལ་པའི་འཁོར་ལོར་འདོད་ལྷ་ཡབ་ཡུམ་ལ། །སེམས་གཞོལ་རྗེས་གཞིག་སྡུད་རིམ་མཆོག་གིས་ནི། །ཟླ་ཉིའི་རྒྱུ་བ་སྒྲ་གཅན་ལམ་བཀག་པས། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །ཆོས་ཀྱི་འཁོར་ལོར་སྔགས་ཀྱི་རྣལ་འབྱོར་མཆོག །བུམ་པ་ཅན་དང་རྡོ་རྗེའི་བཟླས་པ་ཡིས། །སྙིང་གའི་རྩ་མདུད་མ་ལུས་གྲོལ་བྱས་ནས། །ལྷན་སྐྱེས་བདེ་བས་ཡིད་ལ་མྱོས་ཐོབ་ཤོག །སླར་ཡང་བྱིན་གྱིས་བརླབས་པའི་རྣམ་འབྱོར་གྱིས། །ནང་གི་རྗེས་གཞིག་བསམ་གཏན་རིམ་པ་དང་། །ཕྱག་རྒྱ་གཉིས་དང་སྦྱོར་བའི་ཐབས་མཁས་ལས། །སེམས་དབེན་མཐར་ཐུག་ཏིང་འཛིན་འདྲེན་པར་ཤོག །འཆི་རིམ་ཇི་བཞིན་རླུང་རྣམས་མ་ལུས་པ། །སྙིང་གར་ཐིམ་པའི་འོད་གསལ་དེ་ཉིད་ལས། །དབྱིབས་ཀྱི་རྣལ་འབྱོར་མཚན་དཔེའི་དྲ་བ་ཅན། །སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས་པར་ཤོག །དབང་པོའི་གཞུ་ལྟར་དངས་པའི་སྐུ་དེ་ཉིད། །ནམ་མཁའི་དབྱིངས་སུ་ཆུ་འཛིན་ཞི་བ་བཞིན། །སྦྱངས་པའི་རྣམ་དག་ཡེ་ཤེས་རྣལ་འབྱོར་གྱིས། །བདེན་པར་འཛིན་པའི་ས་བོན་དྲུང་འབྱིན་ཤོག །དོན་གྱི་ལྷན་ཅིག་སྒོམ་པ་དེ་ཉིད་ལས། །མཚན་དཔེས་བརྒྱན་པའི་ཡོངས་སུ་དག་པའི་སྐུ། །དོན་དམ་འོད་གསལ་ཐུགས་དང་མཉམ་སྦྱོར་བའི། །ཟུང་དུ་འཇུག་པའི་རྣལ་འབྱོར་མཆོག་(༡༩ན)


GLG010_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཤོག །ནམ་མཁའ་ཇི་སྲིད་སྐུ་ལྔའི་བདག་ཉིད་ཅན། ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་གྱུར་ནས། །མཐའ་དག་འགྲོ་འདི་གོ་འཕང་དེ་ཉིད་ལ། །སྐད་ཅིག་ལ་ཉིད་ལ་བདེ་བླག་འགོད་པར་ཤོག །ཉེར་བསྡུ་ནི། དུར་ཁྲོད་སྲུང་འཁོར་དང་བཅས་པ་གཞལ་ཡས་ཁང་ལ། གཞལ་ཡས་ཁང་འཁོར་རྣམས་ལ། འཁོར་རྣམས་དང་ཡུམ་རང་ལ། རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་འཛིན་སེམས་དཔའ་ལ། དེ་ཡང་ཞབས་ཀྱུ་ཨུ་ནི་ཧ་ལ། ཧ་མགོ་བོ་ལ་དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། དེ་ཡང་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་བསམ། ཤིས་བརྗོད་ནི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད། འཆི་མེད་ལམ་ཀུན་ཁྱབ་པའི་ཆུ་འཛིན་ནི། །བགྲང་ཡས་ཉི་འོད་རྩེ་དགས་རོལ་བ་བཞིན། །དཔལ་ལྡན་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་པ། །དགེ་ལེགས་མེ་ཏོག་སྣ་ཚོགས་ཆར་དུ་འབེབས། །ཤིས་པ་བརྗོད་པའི་འབྲུག་གི་གད་བརྒྱངས་ཅན། །མི་བཟད་མཐུ་སྟོབས་རྡོ་རྗེའི་གནམ་ལྕགས་ཀྱིས། །ནག་པོའི་རྩ་ལག་ཐལ་བར་བརླག་མཛད་པས། །ས་གསུམ་འགྲོ་འདི་ཤིས་པས་སྐྱོང་གྱུར་ཅིག །རྒྱལ་བ་ཀུན་གྱི་ཡེ་ཤེས་འཇམ་དཔལ་དབྱངས། །མ་རུངས་བདུད་དཔུང་འཇོམས་མཛད་གཤིན་རྗེ་གཤེད། །མི་ཡི་གཟུགས་ཀྱི་རྣམ་རོལ་བཙོང་ཁ་པ། །དབྱེར་མེད་བླ་མ་ཡི་དམ་ཁྱོད་ཕྱག་འཚལ། །རྒྱུད་རྒྱལ་སྡུད་མཛད་ཡེ་ཤེས་མཁའ་འགྲོ་མ། །ལམ་འདིས་གྲུབ་པ་མཆོག་བརྙེས་ལ་ལཱི་ཏ། །དོན་ཡོད་རྡོ་རྗེ་མར་མེ་མཛད་བསྲུང་བ། །བསྐྱེད་རིམ་མཐར་ཕྱིན་རྭ་ལོ་རྡོ་རྗེ་གྲགས། །ལ་སོགས་དངོས་དང་བརྒྱུད་པའི་བླ་མ་ནི། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཁྱེད་རྣམས་ཀྱི། །བྱིན་རླབས་བདུད་རྩི་སྙིང་ལ་(༡༩བ)


GLG010_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་ལས། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཡེ་ཤེས་ལྔ་བདག་གཤིན་རྗེ་གཤེད་རྣམ་ལྔ། །བདུད་དཔུང་འཇོམས་མཛད་སྒོ་སྐྱོང་ཁྲོ་བོ་བཞི། །ཚད་མེད་བཞི་ཡི་དངོས་གྱུར་ཡུམ་ཆེན་བཞི། །མཚམས་ཀྱི་པད་མར་གནས་པའི་ཐོད་པ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང་། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །རྡོ་རྗེ་འཆང་དབང་ཐུགས་བཅུད་བདུད་རྩིའི་ཕུལ། །དཔལ་ལྡན་རྒྱུད་རྣམས་ཀུན་གྱི་རྒྱལ་པོ་མཆོག །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་རྩ་བའི་རྒྱུད། །བཤད་པའི་རྒྱུད་དང་ཕྱོགས་མཐུན་རྒྱུད་རྣམས་ལ། །ལེགས་ཚོགས་ཇི་སྙིད་མཆིས་པའི་བཀྲ་ཤིས་དེས། ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང་། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །རབ་འབྱམས་ཞིང་ན་བཞུགས་པའི་དཔའ་བོ་དང་། །རྣམ་པར་དག་པའི་དཔའ་མོའི་དབང་ཕྱུག་མ། །རྒྱུད་ཀྱི་རྒྱལ་པོའི་ལུང་རྟོགས་དམ་ཆོས་ཀྱི། །ཕྱོགས་གཅིག་ཡན་ཆད་འཛིན་པ་ཐམས་ཅད་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང་། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་བསྐོར་བའི། །སྣ་ཚོགས་རྡོ་རྗེའི་ལྟེ་བར་རབ་གནས་པའི། །ནོར་བུའི་ཏོག་མཛེས་རིན་ཅེན་བ་གམ་ཅན། །ཡེ་ཤེས་ལྔ་ཡི་རང་བཞིན་གཞལ་ཡས་ཁང་། །རྣམ་སྣང་རྣམ་པར་དག་པའི་བདག་ཉིད་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །མ་དག་འཁོར་བའི་གནས་འདི་རབ་སྤངས་ནས། །དག་པའི་ཞིང་ལ་རོལ་པའི་བཀྲ་ཤིས་ཤོག །མཁས་པའི་དབང་པོ་ཞབས་བརྟན་ཅིང་། །རིག་འཛིན་བུ་སློབ་རྒྱས་པ་དང་། །བཤད་སྒྲུབ་ཉི་ཟླ་ལྟར་གསལ་བ། །རྒྱུན་མི་ཆད་པའི་བཀྲ་ཤིས་ཤོག །བསླབ་པ་སུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །འདུས་པའི་ཚོགས་ཀྱི་གནས་འདི་ཡོངས་གང་(༢༠ན)


GLG010_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཐུན་གྱི་ངོ་བོ་ལ་དེ་ལྟར་ཉམས་སུ་བླངས་ནས་ཐུན་མཚམས་ལ་ཇི་ལྟར་བྱ་བ་སོགས་རིན་པོ་ཆེའི་ཟ་མ་ཏོག་བཞིན་བྱའོ། །རྙེད་དཀའ་དོན་ཆེ་རྡོ་རྗེ་ཐེག་མཆོག་རྩེ། །དུས་ཀྱི་དགྲ་བོའི་རྣལ་འབྱོར་ཆེན་པོའི་ལམ། །རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་བཙོང་ཁ་པའི། །བཞེད་གཞུང་འདི་ཀོ་ཡོངས་འདུ་ས་བརྟོལ་དབང་། །ཚུལ་བཞིན་བསྟར་བའི་མཐུ་སྟོབས་ཐོག་མདའ་ཡིས། །དགྲ་བགེགས་བྲག་རི་ཕྱེར་འཐག་དེ་བས་ཀྱང་། །སྙིགས་དུས་ཚེ་ཐུང་ཡུན་དེར་བཅུ་གསུམ་གྱི། །རྡོ་རྗེའི་ས་ལ་བགྲོད་པ་གཅིག་ཏུ་རྨད། །དགེ་བས་དེང་ནས་ཚེ་རབས་ཐམས་ཅད་དུ། །འཇམ་དཔལ་སྙིང་པོའི་གསུང་རབ་ཟིལ་མངར་གྱིས། །ངེས་ལེགས་སྲོག་གི་ཀ་བ་རབ་ཚུགས་ཏེ། །བྱང་ཆེན་སུམ་རྩེན་དགའ་སྟོན་ལ་སྤྱོད་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་ཟ་མ་ཏོག་གི་གསུང་འདོན་བྱར་དགོས་པ་རྣམས་རིས་སུ་མ་བོར་ཞིང་། ཁ་སྐོང་དང་མཚམས་སྦྱོར་ཚིག་ཕྲད་དགོས་ངེས་རྣམས་སྦྱར་བའི་རེག་ཟིག་བཀླགས་ཆོག་མ་འདི་ཡང་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཞལ་འདོན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་རབ་དཀར་བདུད་རྩིའི་བུམ་བཟང་།


GLG010_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་རབ་དཀར་བདུད་རྩིའི་བུམ་བཟང་བཞུགས་སོ། །


GLG010_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་བྷཻ་ར་ཝཱ་ཡ། ཨིནྡྲ་ནཱི་ལའི་ས་འཛིན་དབང་པོ་ཉིན་བྱེད་འབུམ་གྱིས་འཁྱུད་པ་བཞིན། ཁྲོ་ཆགས་བརྗིད་པའི་ངོ་མཚར་རོལ་གར་ཅིར་ཡང་སྟོན་པའི་སྒྱུ་མ་མཁན། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དབང་པོ་རྡོ་རྗེ་འཆང་ཆེན་གཤིན་རྗེའི་གཤེད། །ངུར་སྨྲིག་ཟོལ་གྱིས་འགྲོ་ལ་རྗེས་ཆགས་ཀུན་མཁྱེན་དབང་པོ་བཙོང་ཁ་པ། །གང་གི་གསུང་ལས་བཅོམ་ལྡན་གཤིན་རྗེའི་གཤེད། །སྦྱིན་སྲེག་མཆོད་པས་མཉེས་བྱེད་དངོས་གྲུབ་ཀུན། །འབད་མེད་སྩོལ་བའི་རྒྱ་མཚོའི་དགོངས་བཞེད་དག །འཁྲུལ་མེད་ཇི་བཞིན་རྟོགས་པའི་རྡོ་རྗེ་འཛིན། །གསང་ཆེན་ཆོས་ཀྱི་འདོད་དགུའི་བང་མཛོད་ལ། །དབང་སྒྱུར་འཕྲིན་ལས་ཐོགས་མེད་འཁོན་སྟོན་རྗེའི། །ལེགས་པར་བཤད་དང་གདམས་པའི་དཀའ་གནད་བཞིན། །ཚད་ལྡན་ལག་ལེན་སྙིང་པོར་དྲིལ་ཏེ་འདྲི། །དེ་ལ་འདིར་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་སྦྱིན་སྲེག་གི་མཆོད་པས་མཉེས་པར་བྱེད་པའི་ཚུལ། །ཞི་རྒྱས་དབང་དྲག་བཞི་ལས། དང་པོ་ཉིད་ལག་ལེན་འཁྱེར་བདེ་བར་བརྗོད་པར་བྱའོ། །འདི་ལ་སྔོན་འགྲོ། དངོས་གཞི། །རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ནི། གནས་ཁང་(༢ན)


GLG010_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དུ་འོང་བར་ཕྱག་དར་ལེགས་པར་བྱས་ལ། ཡར་ངོའི་ཚེས་གཅིག་ལྟ་བུའི་དུས་སམ། གཟའ་སྐར་སྦྱོར་བྱེད་འཇམ་ཞིང་བཟང་བ་ལ། །གནས་ཁང་དང་བསྟུན་པའི་ཤར་གྱི་ཕྱོགས་སུ། ཐབ་བརྩིགས་ཏེ་རྫས་རྣམས་ཚོགས་པར་བྱའོ། །ཙན་དན་དཀར་པོའི་ཆུས་སྦྲུས་པའི། །བསྐ་ཁའི་རོ་ལྡན་ས་དཀར་སྟེགས། །ནང་དུ་གཏེར་མན་ངག་གི་ཕྱག་ལེན་ལྟར། གཞུག་སྟེང་དུ་ཐབ། །ཟླུམ་པོ་བརྒྱད་ཁྲུ་དེའི་ཕྱེད་དཔངས། །ས་འཁོར་ཐིག་བརྒྱད་སྔོན་འགྲོ་བའི། །སོར་མོ་མཚོའི་གྲངས་ཟླུམ་པོར་བསྐོར། །དེའི་ཕྱི་སྔར་བཞིན་དེའི་ཕྱི་མིག །ལྟེ་བར་པད་ཉི་ཁྲོ་བོ་ཡི། ཁ་གྱེས་རྡོར་སྔོན་སྲིད་སོར་བརྒྱད། ཆུང་མཐའི་ཚད། །དཔངས་སུ་སོར་གཅིག་དེའི་ཕྱི་རོལ་ལ། མུ་ཁྱུད་དག་རྡོ་རྗེས་མཛེས། འདབ་མ་བརྒྱད་ཀྱི་ཕྱོགས་བཞི་དམར། མེ་རླུང་སེར། དབང་ལྡན་སྔོ། སྲིན་པོ་ལྗང་། གེ་སར་སེར་པོའོ། །དེའི་ཕྱི་རྡོར་ཕྲེང་སྔོན་པོས་བསྐོར། མདོག་དབྱིབས་གདན་གསུམ་དངོས་གྲུབ་རྒྱ་མཚོར་མན་ངག་གི་དབང་དུ་མཛད་དེ་སྦས་པ་ཡིན་ལ། ཞི་བ་ཐུན་མོང་མ་ཡིན་པའི་འདྲི་ཚུལ་མན་ངག་ཞལ་ལས་ཤེས་དགོས་པ་ཡོད་དོ། །ཟུར་བཞི་ཟླ་ཕྱེད་རྡོ་རྗེས་མཚན། །མཆོད་རྫས་ཕྱི་མཆོད་རྣམ་པ་ལྔ། ལོགས་ཐིག་མཛེས་ཁྱད་དང་བཅས་པས་བྱ། །ཆུ་བཞི་སོ་སོའི་རྫས་ཕྱག་ལེན་ལྟར་ལྡན་པ། །སྲེག་(༢བ)


GLG010_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་འོམ་བུ་སྲིད་དུ་སོར། བཅུ་གཉིས་སྦོམ་ཕྲ་མཐེའུ་ཆུང་ཟླུམ། །ལ་སོགས་འོག་ནས་འབྱུང་བ་ཀུན། །ཁྱད་ཆོས་དམིགས་གསལ་རྫས་ཀྱིས་སྦགས། །ཀུན་ཀྱང་ཤེལ་དཀར་ཉ་ཕྱིས་དུང་། །དཀར་སྣོད་ཅི་འབྱོར་ནང་དུ་བཤམ། །འདས་དང་མ་འདས་གཏོར་མ་དང་། །གོས་ཟུང་རང་སྲུང་ཆས་འཇུག་སོགས་བུམ་པ་དགང་བླུག་རླུང་གཡབ་ཉེར་དཔྱད་ཀུན། །ཀུན་ཀྱང་འཁྲུལ་མེད་བསྟར་བར་བྱ། །རྡོ་རྗེ་ནི་ཐབས་དང་དྲིལ་བུ་ནི་ཤེས་རབ། །དེ་གཉིས་ཀའང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིངྔྷི་བཛྲ་ས་མ་ཡེ་ཏིཥྛ་ཨེ་ཥ་སྟྭཾ་ངྷར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། བུམ་པ་དགང་རླུང་གཡབ་ཉེར་དཔྱད་ཀུན། ཨོཾ་བཛྲ་གྷཎྜེ་ཧཱུཾ་གཡོན་པའི་དིས་ཀྱང་དཀུར་བཞག །རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་མཉེས་པར་བྱའོ། །ཧཱུཾ། སེམས་ཅན་རྨོངས་དང་བྲལ་བ་ཡི། །རྡོ་རྗེ་གསོར་བ་མཛེས་པ་ཡིས། །རྣམ་ཐར་ཆོས་ཀྱི་བྱ་བ་སྟེ། གཡས་པའི་མཐེ་བོང་དང་མིང་མེད་སྤྲོ་དང་བཅས་པས་རྡོ་རྗེ་བཟུང་། །རྡོ་རྗེ་གསོར་ཧཱུཾ་ཧཱུཾ་ཧཱུཾ་ཧོཿཧོཿཧོཿ ཨོཾ་བཛྲ་ངྷ་རྨ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུངྔྷ་ཀྵེ་ཏྲ་པྲ་ཙཱ་ལི་ནི་པྲ་ཛྙཱ་པཱ་ར་མི་ཏཱ་ར་མི་ཏཱ་ནཱ་བ་སྭ་བྷཱ་ཝེ་བཛྲ་སཏྭ་ཧྲི་ད་ཡ་སནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། ལས་སྔགས་ཀྱིས་བསངས། མཆོད་ཡོན་གྱི་སྔོན་དུ་བསངས་གཏོར་ཞལ་བསིལ་ཞེས་པ་དང་། མཆོད་པ་དང་གཏོར་མ་བྱིན་རླབས་དཀྱུས་ལྟར་བྱེད། རྡོ་རྗེ་གསོར། རྫས་ཀུན། ཨོཾ་ཨོཾ་སྭཱཧཱ། ཨརྒྷཾ་གྱི་སྔོན་དུ་ཨོཾ་པྲོ་ཀྵཱ་ཎཱཾ་ཨཱཿཧཱུཾ་ཞེས་པ་སྦྱོར། དངོས་གྲུབ་རྒྱ་མཚོར་ཨོཾ་གཅིག་ལས་མི་འདུག་པ་པར་མཁན་གྱི་སྐྱོན་ཡིན་པ་འདྲ། གདན་བཞིའི་འགྲེལ་པར་གཉིས་འབྱུང་ཞེས་བདག་གི་བླ་མ་གསུང་པ་ནི་ལེགས་སོ། །ཨོཾ་ཨཱཿསྭཱ་ཧཱ་ཡཾ་ཤིང་། ཨོཾ་ཤྲིཾ་སྭཱཧཱ་ཞུན་མར། ཨོཾ་ཛྲྀ་སྭཱ་ཧཱ་འབྲུ། དེ་ལས་གཞན་པའི་རྫས་རྣམས་ཨོཾ་ཀུ་རུ་(༣ན)


GLG010_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་ནུས་པའི་སྐྱོན་ཐམས་ཅད་སྦྱངས་ཏེ་བདུད་རྩི་ལྔའི་ངོ་བོར་གྱུར། ཨོཾ་ཨཱཿཧུཾ་ལན་གསུམ་བརྗོད། ལས་སྔགས་བརྗོད། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ལན་བདུན་བརྗོད། ལས་སྔགས་བདུན་བརྗོད། ཨོཾ་བཛྲ་ས་ཏྭ་ཨཱཿལན་བདུན་བརྗོད། གཉིས་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ། བྲམ་ཟེ་རྒྱུན་བཞག་གི་མེ་ལོང་དུ་མི་རྙེད་ཀྱང་དགེ་འདུན་གྱི་མེ་འམ་ནོར་བུའི་མེ་བཙུག །སྒྲོན་མེ་སྤར་བསངས་ཆུ་དང་ནང་མཆོད་ཀྱིས་བསངས། བུད་ཤིང་བཅུག་ལ་རླུང་གཡབ་ཀྱིས་སྤར་རོ། །བླུགས་གཟར་གྱིས་མར་ཁུ་བདུན་གྱིས་མེ་གསོ་ཀུ་ཤ་མན་ངག་ལྟར་འགྲམ། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ། སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་གསུམ། དང་པོ་ལ། ཐབ་དང་མེ་ལྷ་བསྐྱེད་ཅིང་ཡེ་ཤེས་པ་བསྲེ་བ། མཆོད་ཅིང་བསྟོད་དེ་དམ་ཚིག་བསྒྲག་པ། སྲེག་རྫས་ཕུལ་ནས་སླར་ཡང་མཆོད་པ་དང་གསུམ། དང་པོ་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པད་མ་དང་ཟླ་བའི་སྟེང་དུ་པཾ་དང་རྡོ་རྗེ་ལས་རྡོ་རྗེ་འཛིན་པ་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་རང་འདྲའི་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་རྡོ་རྗེ་དང་རལ་གྲི། གཡོན་འོག་མ་གཉིས་རིན་པོ་ཆེ་དང་པད་མ་འཛིན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་དཀར་ཞིང་ཟླུམ་པ་མུ་ར་ན་ལ་རྡོ་རྗེའི་ཕྲེང་བ་དང་ཁ་ཁྱེར་ལ་རྡོ་རྗེ་གྱེན་དུ་བསྒྲེངས་པས་བསྐོར་བ། གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། །དབུས་སུ་པད་མ་དང་ཉི་གདན་ལ་རྡོ་རྗེ་ལས་ཐམས་ཅད་པའི་དབང་དུ་བྱས་པ་སྟེ་ཞི་བ་ལ་མན་ངག་བཞིན་འདོན་པ་ཁ་སྤོ་དགོས་སོ། །སྔོན་པོ་རྩེ་ལྔ་པ་གྱེན་དུ་བསྒྲེང་བར་གྱུར་པའི་དབུས་སུ་རཾ་ལས་མེ་གྲུ་གསུམ་གྱི་ནང་དུ་པཾ་ལས་པད་མ་ཨ་ལས་ཟླ་བའི་གདན་ལ་(༣བ)


GLG010_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་དཀར་པོ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། མེ་ལྷ་བཅུ་གཉིས་ཀྱི་ནང་ནས་འཛིན་བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་བགྲང་ཕྲེང་དང་དབྱུག་གུ་རྩེ་གསུམ། བར་པ་གཉིས་ཀྱིས་མི་འཇིགས་པ་དང་སྤྱི་བླུགས། ཐ་མ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ། ཞི་ཞིང་དུལ་བ་དྲང་སྲོང་གི་ཆ་ལུགས་ཅན། ཨག་ཚོམ་རིང་ཞིང་རལ་པའི་ཐོར་ཚུགས་དང་ལྡན་པ། སྙིང་གར་རི་མོ་རྩེ་གསུམ་གསུམ་མདོ་བས་མཚན་པ། རྒྱན་དང་ན་བཟའ་དཀར་པོ་གསོལ་ཞིང་ར་དཀར་པོ་ལ་གཡོན་བརྐྱང་གིས་བཞུགས་པ། གཉུག་མར་གནས་པའི་རིག་མ་དང་མཉམ་པར་སྦྱོར་བའི་ཐུགས་ཀར་མེ་གྲུ་གསུམ་པ་རཾ་གྱིས་མཚན་པ། དམ་ཚིག་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་སྤྲོས་པའི་ཁྲོ་བོ་འདོད་རྒྱལ་གྱིས་ཤར་ལྷོ་ནས་བསྒོམས་པ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་འཁོར་གྱིས་བསྐོར་བ་སྤྱན་དྲངས། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཤཱཀྐི་ཧཱུཾ་ཛཿཐབ་ཀྱི་མེ་མཚམས་ཀྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར། ཕྱག་རྒྱ་དང་བཅས་ཏེ། ཨོཾ་མུངྒ་རཱ་ཛཿ ཨོཾ་དཎྜ་ཧཱུྃཿ ཨོཾ་པད་མ་བཾ། ཨོཾ་ཁངྒ་ཧོཿ གཉིས་པ་ནི། ཨོཾ་ཨཱཿཧྲཱིཿ པྲ་བ་ར་ས་ཀ་རཾ་པྲོ་ཀྵཱ་ཎཱཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨཉྩ་མཱ་ཎཱཾ་ཞལ་བསིལ། མཆོད་ཡོན་ཨརྒྷཾ། པཱ་དྱི་ཞབས་བསིལ་གསུམ་པོ་འདི་གོང་གི་བསངས་གཏོར་གྱི་གནས་སུ་རིམ་པ་བཞིན་རྗོད། ཨོཾ་ཨགྣ་ཡེ། ཨཱ་དཱི་བྱཱ། ཨཱ་བཱི་ཤ །མ་ཧཱ་ཤྲི་ཡེ། ཧཱ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ། པུཥྤེ་ནས་ཤཔྟའི་བར་བརྗོད། (༤ན)


GLG010_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཱཀྐཱིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཛཱ་ལཱ་ཡ་སརྦ་བྷི་སྨཾ་ཀུ་རུ་སརྦ་དུ་ཥྚན་ཧཱུཾ་ཕཊ་ཏྲི་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧཾ། གསུམ་པ་ནི། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་། དགང་བླུགས་ཀྱི་ཁ་ལ་ཡ་ཡིག་འོད་ཟེར་འབར་བ་དང་བཅས་པར་གྱུར། གོང་གི་མེ་ལྷའི་སྔགས་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན། ལན་གསུམ་གྱིས་དམ་ཚིག་བསྒྲགས་སོ། །བར་ཆད་མི་མཐུན་པའི་ཕྱོགས་རྣམས་དང་། ཁྱད་པར་སྐུ་གསུང་ཐུགས་རྟེན་གཙུག་ལག་ཁང་བཟང་འདི་དག་གི་རྣམ་པར་དཀར་བའི་འཕྲིན་ལས་ལ་བར་དུ་གཅོད་པ་ཐམས་ཅད་ཤཱི་ནྟཾ་ཀུ་རུ་ཨོཾ། ཨོཾ་སྲེག་རྫས་ལྷའི་གནས་གང་དུ་འབུལ་གྱི་ཁྱད་པར་དམིགས་པས་དབྱེ་དགོས་བོ་ངྷི་བྲྀ་ཀྵཱཡ་ཨཱཿཧཱུཾ། །ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་གྱི་བདུད་རྩིའི་ངོ་བོར་གྱུར། །ཨོཾ་ཨགྣ་༝ཨོཾ་བོ་ངྷི་བྲྀ་ཀྵཱ་ཡ་ཡམ་ཤིང་། སྤེལ་ཚིག་དམིགས་གསལ་བསྒྱུར་དགོས་པ་ཞལ་ལས་ཤེས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་༝མར་ཁུ། བདག་ཅག་འབྱོར་པ་ཕུན་སུམ་ཚོགས་པ་ལ། ཨོཾ་ཨགྣ་༝། ཏིལ་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། བདག་ཅག་༝སྡིག་སྒྲིབ་ཐམས་ཅད། ཨོཾ་ཨགྣ་༝དུར་བ་ཨོཾ་བཛྲ་ཨཱ་ཡུ་ཥེ། བདག་ཅག་༝ཚེ་ལ་བར་དུ་གཅོད་པ་ཐམས་ཅད་༝ཨོཾ་ཨགྣ་༝ཨོཾ་བཛྲ་(༤བ)


GLG010_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པུཥྚཱ་ཡ་འབྲས་བགྲུས་པ། བདག་ཅག་༝བསོད་ནམས་ལ་བར་དུ་གཅོད་པ་ཐམས་ཅད༝ཨོཾ་ཨགྣ་༝ཨོཾ་སརྦ་པཾ་ཞོ་ཟན།པཱདེ། ༝བདག་ཅག་༝མི་འདོད་པའི་དུཿཁ་ཐམས་ཅད་༝ཨོཾ་ཨགྣ་༝ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ། བདག་ཅག་༝ཉེ་བར་འཚེ་བ་ཐམས་ཅད་༝ཨོཾ་ཨགྣ་༝ཡུངས་ཀར་ཨོཾ་སརྦ་ཨརྠ་སིངྔྷ་ཡེ། བདག་ཅག་༝དོན་གྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་༝ཨོཾ་ཨགྣ་༝ཨོཾ་བཛྲ་བི་ཛྲ་ཡ། བདག་ཅག་༝རྣམ་པར་རྒྱལ་བ་ལ་བར་དུ་གཅོད་པ་ཐམས་ཅད་༝ཨོཾ་ཨགྣ་༝མ་ཨོཾ་མཧཱ་བེ་གྷཱ་ཡ། ནས། བདག་ཅག་༝ལས་ཐོག་མེད་དུ་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་༝ཨོཾ་ཨགྣ་༝ཨོཾ་མ་ཧཱ་བ་ལཱ་ཡ། སོག །བདག་ཅག་༝༝མཐུ་སྟོབས་ཆེན་པོ་ལ་བར་དུ་གཅོད་པ་ཐམས་ཅད་༝ཨོཾ་ཨགྣ་༝ཨོཾ་གྲོ་བཛྲ་གྷ་སྣ་རི། བདག་ཅག་༝༝ནད་ཐམས་ཅད་༝ཨོཾ་ཨ་གྣ་ཡེ་༝བདག་ཅག་༝མཆོག་མཐུན་གྱི་དངོས་གྲུབ་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་༝དེ་ནས་སྔར་གྱི་ཆུ་བཞི་ནས་ཞལ་བསིལ་དང་བསངས་གཏོར་ཕུལ། གཉིས་པ་ནི་ལས་སྔགས་ཀྱིས་བསངས། འབྲས་ཟན། ཙན་དན། པྲི་ཡངྐུ། ཐང་ཆུ། འབྲས་ཡོས་མེ་ཏོག་དཀར་པོ། སྨན་སྣ། རིན་པོ་ཆེ། དར་སྣ། ཞོ་འོ་མ། མར་སོགས་ཕྱག་ལེན་ལྟར་འཇུག་པ་བདེ་བར་བྱེད་དོ། །མེ་ལྷའི་ཐུགས་ཀར་བྷྲུཾ་ལས་གཞལ་ཡས་ཁང་། ཞེས་པ་ནས། ཟླ་བའི་གདན་ཟུང་རེ་རེ་ཞེས་པའི་བར་དཀྱུས་ལྟར་བརྗོད་རྗེས་ཐོད་པ་འདུད་རྩིས་གང་བ་བཞིན་གྱུར། སྒྲུབ་མཆོད་དང་། འབྲེལ་བ་དང་། རབ་གནས་རྒྱས་པ་ལྷ་ལ་དབང་བསྐུར་བ་དང་འབྲེལ་བ། རང་གཞན་གྱི་ཞི་བའི་ལས་བསྒྲུབ་པ་དང་འབྲེལ་བ་གསུམ་ལས། འདི་ནི་དང་པོའི་དབང་བཏང་བ། རབ་གནས་འབྲིང་པོ་ལ་སྒྲུབ་མཆོད་ཁག་(༥ན)


GLG010_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱེད་པ་ལག་ཏུ་བླང་བདེ་ཙམ་དུ་གོ་ཞེས་ཁོ་བོའི་བླ་མ་གསུང་ངོ་། །བར་པ་ལ་ལྷ་གནས་འགྱུར་ཚུལ་དང་། ཕྱི་མ་དམ་ཚིག་པ་བསྐྱེད་ཚུལ་དང་། ཡེ་ཤེས་པ་བསྟིམ་པ་སོགས། ཕྱག་ལེན་ཞལ་ཤེས་ལྟར་བྱ་དགོས་ཤིང་། བསྙེན་པའི་ཁ་སྐོངས་སོགས་ལ་ལས་ཐམས་ཅད་པའི་སྦྱིན་སྲེག་ཅེས་བྱ་བ་འཕྲིན་ལས་བཞི་ག་དོན་གྱིས་ཚང་བའི་མན་ངག་འདུག་ཀྱང་རྣམ་དབྱེ་དོད་པ་ལྟ་ཅི་སྨོས་མིང་ཐོས་པ་ཡང་ཉིན་མོའི་སྐར་མ་ཙམ་མོ། །ཨོཾ་ཧྲཱིཿཥྚྲཱྀ་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཀརྨ་རྡོ་རྗེས་དཀྱིལ་འཁོར་རབ་ཏུ་གནས་བྱའི་ལྷའི་དྲུང་དུ་སོང་སྟེ་ཕྱག་བཙལ། བདག་ཅག་དཔོན་སློབ་ཡོན་བདག་དང་བཅས་པ་ལ་མཆོག་ཐུན་གྱི་དངོས་གྲུབ་སྩོལ་ཕྱིར་དུ་སྦྱིན་སྲེག་འབུལ་བས། ཐབ་ཀྱི་གཞལ་ཡས་ཁང་དུ་གཤེགས་པ་ཞུ་ཞེས་བརྗོད་དེ། ལག་ལེན་ལྟར་ལྷ་གྲངས་ཀྱི་མེ་ཏོག་བླངས་ལ་ཐབ་ཀྱི་དྲུང་དུ་འོངས་པ་རྡོ་རྗེ་སློབ་དཔོན་གྱི་སྔགས་དང་བསྟུན་ནས་ཐབ་ཏུ་གཞུག་གོ །ཞེས་པ་ནས་བཛྲ་ར་ཏི་ཧཱུཾ་ཕཊ་ཀྱི་བར་བརྗོད། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ། ཤར་གྱི་གདན་ལ་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ། ལྷོའི་གདན་ལ་སེར་སྣ་༝ནུབ་ཀྱི་གདན་ལ་འདོད་ཆགས་༝བྱང་གི་གདན་ལ་ཕྲག་དོག་༝ཤར་སྒོའི་གདན་ལ་ཐོ་བ་༝ལྷོ་སྒོའི་གདན་ལ་དབྱུག་པ་༝ནུབ་སྒོའི་གདན་ལ་པད་མ༝བྱང་སྒོའི་གདན་ལ་རལ་གྲི་༝ཤར་ལྷོའི་གདན་ལ་ཙ་རྩི་ཀ་ལྷོ་ནུབ་ཀྱི་གདན་ལ་ཕག་མོ་༝ནུབ་བྱང་གི་གདན་ལ་དབྱངས་ཅན་མ་༝བྱང་ཤར་གྱི་གདན་ལ་གཽ་རི་༝ལྷ་རྣམས་ཀྱང་རང་རང་གི་སྐུ་མདོག་ལ་དཀར་པོའི་གཟི་འོད་ཀྱི་ཉམས་དང་ལྡན་ཞིང་འགའ་ཞིག་སྐུ་མདོག་དཀར་པོར་འདོན་པ་བསྒྱུར་བ་ནི། དངོས་གྲུབ་རྒྱ་མཚོ་སོགས་ཀྱི་དགོངས་བཞེད་མ་ལོན་པའི་རྟོག་བཟོར་ཐལ་ཞིང་། དེ་ལྟར་འཇིགས་བྱེད་ཞི་བའི་རྣམ་པ་ཅན་དུ་བསྒྱུར་ན་ཁྲོ་བོའི་ཆས་རྣམས་སྤང་དགོས་ལ། དེ་འདྲ་ནི་ཀུན་ལ་མ་གྲགས་པའི་གཏམ་དང་། མ་སྤངས་ན་ཁྱིམ་པས་རབ་བྱུང་གི་རྟགས་འཛིན་པ་བཞིན་ནོ། ཁོ་བོའི་(༥བ)


GLG010_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མས་རྒྱས་པའི་སྐབས་རིན་པོ་ཆེས་བརྒྱན་གསུང་པ་ནི་ཁྲོ་བོའི་མདོག་དང་ཆ་ལུགས་སོགས་དང་ལྡན་བཞིན་པའི་ངང་ནས་རྒྱས་པའི་མདངས་དང་གཟི་བརྗིད་ལ་ནི་དམིགས་པ་གཙོ་བོར་གཏོད་པའི་དགོངས་པ་ཡིན་ནོ། །སྐུའི་ཆ་ཐམས་ཅད་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོ་བར་གྱུར། བསྟོད་པ་བྱ། འགའ་ཞིག་སྐབས་དེར་སྤྱན་འདྲེན་པ་འདུག་ནའང་སྤྱན་དྲངས་ཟིན་པའི་ཡེ་ཤེས་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྤྱན་དྲངས་པའི་རྣམ་དབྱེ་མ་ཤེས་པར་མངོན་ནོ། །སྔར་བཞིན་ཆུ་བཞི་དང་མཆོད་པ་རྒྱས་བསྡུས་སྐབས་སྦྱར་དང་ཧྲཱིཿཥྚྲཱྀཿསོགས་ཀྱིས་གཙོ་འཁོར་རྣམས་ལ་ནང་མཆོད་འབུལ། བསྟོད་པ་བྱ། གཙོ་འཁོར་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་ཞེས་པ་ནས། བཅས་པར་གྱུར་ཞེས་པའི་བར་སྔར་བཞིན། ཧྲཱིཿཥྚྲཱྀའི་མཇུག་ཏུ། བདག་ཅག་དཔོན་སློབ་ཅེས་པ་ནས། ཤཱཎྟ་ཀུ་རུ་ཨོཾ། ཨོཾ་བོ་ངྷི་བྲྀ་ཀྵཱ་ཡ་ཨཱཿཧཱུཾ་ཞེས་པ་ནས། མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་༝གཙོ་བོ་ཡབ་ཡུམ་ལ་མེ་ལྷའི་སྔགས་ཚབ་ཏུ་ཧྲཱིཿཥྚཱྀ་དང་བཛྲ་བཻ་ཏ་ལི་གཉིས་སྦྲེལ་ནས་འབུལ། འཁོར་རྣམས་ལ་ཛི་ན་ཛི་ཀ་ནས་བཛྲ་ར་ཏིའི་བར་སྦྲེལ་ཏེ་བཟླ་ཞིང་། གཙོ་འཁོར་ལ་སྲེག་རྫས་མང་ཉུང་གི་ཁྱད་པར་དང་དམིགས་བསལ་ལ་བྱེ་བྲག་སོགས་ཞལ་ཤེས་ལྟར་བྱའོ། །ཞེས་པའི་བར་སྔ་མ་ལྟར་རོ། །ལྷ་རྣམས་ཀྱི་ཐུགས་ཀ་ལས་སྤྲོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐུ་མདོག་དཀར་པོ། །བུམ་པ་དཀར་པོ་བདུད་རྩིས་གང་བ་འཛིན་པ་ནམ་མཁའི་ཁམས་གང་བ་སྤྲོས་ཏེ། བསྒྲུབ་འདིའི་སྐབས་སུ་བསྒྲུབ་བྱ་གཅིག་དང་དུ་མ་སྐབས་ཐོབ་སྣ་ཚོགས་བརྩི་ཤེས་དགོས་སོ། །བྱ་པད་མ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལ་དབང་བསྐུར་བས། །ནད་གདོན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཁ་དོག་ནག་པོའི་རྣམ་པར་གྱུར་པ་ཕྱིར་བཀྲུས་ཏེ། གསལ་ཞིང་དངས་པ་འོད་ཟེར་དཀར་པོའི་གཟི་མདངས་འཕྲོ་བར་གྱུར། ཨོཾ་ཨཱཿཧྲཱིཿ སོགས་ཀྱིས་ཞབས་(༦ན)


GLG010_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་མ་གཏོགས་པ་གསུམ་འབུལ། ཨོཾ་བཛྲ་ཝ་གོས་ཟུང་སྟ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཏམྦུ་སོ་རྩི་ལ་ཡེ་སྭཱ་ཧཱ། མཆོད་པ་རྒྱས་བསྡུས་སྐབས་དང་སྦྱར། གཏོར་མ་དང་ནང་མཆོད་ཕུལ། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །སོགས་ཀྱིས་བསྟོད། ཨོཾ་ཨཱཿཧྲཱིཿསོགས་ཀྱིས་མཆོད་ཡོན་ཕུལ། མ་རྙེད་ཡོངས་སུ་མ་ཤེས་དང་། ཞེས་སོགས་དང་། གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པ་བརྗོད། རྡོ་རྗེ་སློབ་དཔོན་གྱིས་སྤོས་དང་བཅས་ཏེ་མེ་ཏོག་རྣམས་སྔར་བཞིན་བླངས་ནས་ཀརྨ་རྡོ་རྗེ་ལ་གཏད་ནས་སྔར་གྱི་གནས་སུ་སྐྱེལ་བ་སོགས་ཕྱག་ལེན་ལྟར་བྱེད། ཧཱིཿཥྚྲཱྀ་ནས་བཛྲ་ར་ཏིའི་བར་བརྗོད། གཙོ་བོ་ཡབ་ཡུམ་ལུགས་གཞན་རྣམས་ལ་མན་ངག་ལྟར་ཁ་སྤོ་ཤེས་དགོས་སོ། །འཁོར་དང་བཅས་པ་སླར་ཡང་སྔར་གྱི་གནས་སུ་གཤེགས་ཏེ་གཉིས་སུ་མེད་པར་གྱུར། གསུམ་པ་ནི། མེ་ལྷའི་སྔགས་མཇུག་ཏུ། པུཥྤེ་ནས་ཤ་པྟའི་བར་དང་ཨོཾ་ཨཱཿཧྲཱིཿསོགས་ཀྱིས་བསངས་གཏོར་དང་ཞལ་བསིལ། ཝ་སྟྲ་དང་ཏམྦུ་ལའི་སྔགས་ཀྱིས་གོས་དང་སོ་རྩི་འབུལ། རང་སྔགས་ཀྱི་མཇུག་ཏུ་ཨ་ཀཱ་རོ་མུ་ཁཾ་བཏགས་ལ་གཏོར་མ་འབུལ། ཨོཾ་བོ་ངྷི་བྲྀ་ཀྵཱ་ཡ་ཨཱཿཧཱུཾ་ཞེས་པ་ནས། མཆོག་ཐུན་སྲེག་རྫས་ལྷག་མ་རྣམས་འབུལ་གྱི་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཅེས་པའི་བར་དཀྱུས་ལྟར་བཏང་། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། སོགས་ཀྱིས་བསྟོད། མེ་ལྷའི་རྒྱལ་པོ་འཁོར་བཅས་ཀྱིས། །བདག་གཅག་དཔོན་སློབ་ཡོན་མཆོད་ཀྱི། །འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ལེགས་ཚོགས་དངོས་གྲུབ་མ་ལུས་སྩོལ། །གང་ཡང་བདག་བློ་རྨོངས་པ་ཡིས། སོགས་བརྗོད། ཨོཾ་དེ་བ་ཨགྣེ། བཛྲ་མུཿཡེ་ཤེས་པ་རང་བཞིན་གྱི་(༦བ)


GLG010_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གཤེགས། །དམ་ཚིག་པ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། །གསུམ་པ་ནི། མེ་མ་ཤི་བར་དུ་འཇོག་པའི་ལོང་མེད་ན་གཞིལ་བའི་ཐབས་དང་། ལས་ཀྱི་རྗེས་མི་མངོན་པ་སོགས་ལག་ལེན་ལྟར་བྱའོ། །སྨྲས་པ། ཉེས་བརྒྱའི་ཚང་ཚིང་སྟུག་པོའི་ནགས་ཀླུང་ཀུན། །ཡེ་ཤེས་མེ་དཔུང་མཆོག་གིས་སྲེག་བྱེད་པའི། །ཞི་བའི་སྦྱིན་སྲེག་རབ་དཀར་བདུད་རྩིའི་བཅུད། །སྔོན་མེད་གཏེར་གྱི་བུམ་བཟང་ཆེ་འདི་བསྐྲུན། །རྟོག་གེས་དྲེགས་པའི་བློས་བྱས་ཡི་གེ་དང་། །བླུན་པོ་རང་བཟོའི་མུ་ཅོར་མགལ་དུམ་ཕྲེང་། །འཕོངས་པ་ཟས་འཚོལ་ཆེད་དུ་སྦྱིན་སྲེག་གི །འབྲེལ་མེད་ལག་ལེན་བྱེད་པ་རྣམ་པར་མང་། །སྙན་བརྒྱུད་ཟབ་དོན་མཐའ་དག་ཡལ་བོར་ནས། །ཆོས་ཀྱི་རྣམ་གྲངས་ཐོས་ལོ་ལྷུར་ལེན་པའི། །ཞབས་རྡོལ་སྣོད་དང་འདྲ་བའི་མཁས་རློམ་ཁྲོད། །ལེགས་བཤད་ཟུར་རྒྱན་སྤྲོ་བ་ངལ་བའི་རྒྱུ། །འོན་ཀྱང་ཤེས་ལྡན་འགའ་སྲིད་ན། །ཕན་སྙམ་ལྷག་བསམ་གྱིས་བཀོད་པས། །ཞེ་སྡང་ཐབས་རྒྱུད་གཤིན་རྗེ་གཤེད། །ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་རབ་དཀར་བདུད་རྩིའི་བུམ་བཟང་ཞེས་པ་འདི་ཡང་། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དཔལ་འབྱོར་ལྷུན་གྲུབ་ཀྱི་བཀའ་དྲིན་ལས། གསང་སྔགས་གསར་འགྱུར་གཤེད་སྐོར་གྱི་སྙན་བརྒྱུད་མན་ངག་ཕྲ་ཞིང་ཕྲ་བ་རྣམས་ཀྱང་ཐོབ་པར་རློམ་པའི་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ། །

འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་ལུང་།


GLG010_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་ལུང་བཞུགས་སོ།།


GLG010_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་སིངྔྷཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་འཇམ་མགོན་གྲུབ་པའི་དཔའ་བོ་ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པད་མར་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། །སྤྲོས་པའི་མཚན་མ་ཀུན་དང་ཡོངས་བྲལ་བདེ་ཆེན་ཆོས་སྐུའི་ངང་ཉིད་ལས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུར་འོག་མིན་ཞིང་གི་གཙོར་བཞེངས་ཀྱང་། ཤེས་རབ་ཨེ་དབྱིངས་རོ་ལངས་མར་སྦྱོར་ཐབས་མཆོག་ཝཾ་ཡིག་དུས་ཀྱི་དགྲར། །འཇམ་པའི་རྡོ་རྗེ་གར་དགུའི་ཉམས་ཀྱིས་གཏུམ་ཆེན་ཁྲོ་བོར་བསྟན་དེ་བསྔགས། །ལམ་འདིའི་ཤིང་རྟའི་སྲོལ་འབྱེད་བི་རཱུ་པ། །དཔལ་འཛིན་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར། །གྲགས་ལས་གྲུབ་པའི་འཁོར་ལོས་སྒྱུར་བ་ཡི། །(༢ན)


GLG010_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཆོས་སྐྱོང་གཙུག་གི་རྒྱན་ཏུ་མཛེས། །སྨིན་བྱེད་དབང་གི་ཆུ་བོ་མ་ནུབ་རྒྱུན། །སྤེལ་མཛད་དཔྱལ་ལོ་ཆག་དང་འཇམ་གསར་རྗེ། །གྲོལ་བྱེད་གདམས་པའི་བཀའ་བབས་གློ་བོ་པ། །སྐད་གཉིས་སྨྲ་བ་ཤེས་རབ་རིན་ཅེན་དྲིན། །འཁོར་ལོའི་མགོན་པོ་བསོད་ནམས་མཆོག་ལྡན་ཞབས། །བྱིན་རླབས་བདུད་རྩིའི་ཆར་འབེབས་ཞ་ལུ་པ། །ལྷན་སྐྱེས་ཡེ་ཤེས་ངོ་སྤྲོད་ཟུར་ཆེན་རྗེ། །རྣམ་གསུམ་བྱང་ཆུབ་བར་དུ་རིགས་ཀྱི་བདག །གཤིན་རྗེའི་གཤེད་གྱུར་ལྷ་ལྔའི་རྣལ་འབྱོར་གྱི། །སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་གྱི་ལུང་། །རང་བཟོའི་བསྲེ་བསླད་དྲི་མས་མ་གོས་པར། །འཁྲུལ་མེད་བརྒྱུད་པའི་བཀའ་སྲོལ་ཇི་བཞིན་འདྲི། །དེ་ལ་འདིར་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་ཀྱི་རིམ་པ་བསྒོམ་པ་པོ་ནི་བཅོས་མའི་དཀྱིལ་འཁོར་གཉིས་པོ་གང་ཡང་རུང་བར་(༢བ)


GLG010_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ལེགས་པར་ནོད་པའི་རིག་སྔགས་འཆང་བ་རྣམས་ཀྱིས་ནུབ་མོ་ཉལ་བའི་རྣལ་འབྱོར་ལ་གནས་བཞིན་པའི་ངང་ནས། ཐོ་རེངས་ལྡང་བའི་རྣལ་འབྱོར་གྱིས་གཤིན་རྗེའི་གཤེད་ཀྱི་སྐུར་ལངས་ཏེ་བདེ་བའི་སྟན་ཚོམ་བུ་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་པ་སྐད་དང་སྟ་གོན་བཞི་དང་སྒྲུབ་མཆོད་མ་བྱས་པའི་ཟག་ཟོག་གི་གོ་མི་ཆོད་ལ་གནས་པས་ཉམས་སུ་བླང་བ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི། དང་པོ་ལ་སྐྱབས་འགྲོ། སེམས་བསྐྱེད། རྡོར་བཟླས་དང་གསུམ་ཡོད་པའི་དང་པོ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་ལ་ཉུང་མཐའ་བརྗོད་ཅིང་ཐལ་མོ་སྦྱར་ཏེ་བླ་མ་དང་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། གཉིས་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དཔལ་གཤིན་རྗེའི་གཤེད་དམར་པོའི་ལམ་གྱི་རིམ་པ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་བརྗོད། གསུམ་པ་ནི་ཀུན་མཁྱེན་བུའི་ཕྱག་ལེན་དུ་ཐུན་མོང་མ་(༣ན)


GLG010_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་རྡོར་སེམས་མཛད་པ་མི་འཐད་པ་མ་ཡིན་མོད། འདིར་འཇུག་པ་བདེ་བའི་དབང་དུ་བཏང་སྟེ་སྒྲུབ་ཐབས་བདུད་རྩིའི་བུམ་པའི་རྗེས་སུ་འབྲངས་སོ། །རང་གི་སྤྱི་བོར་སྣ་ཚོགས་པད་མ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ་དེ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཧཱུཾ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ཧཱུཾ་ལས་བདུད་རྩི་བབས་ཏེ་ཡབ་ཀྱི་སྐུ་གང་། དེ་ནས་དབྱིབས་བརྒྱུད་དེ་ཡུམ་གྱི་སྐུ་གང་། ཡབ་ཡུམ་གཉིས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས། བདག་གི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་གི་རྣམ་པས་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་འཐོན་ཏེ་ཤུལ་ཐམས་ཅད་བདུད་རྩིས་གང་བར་བསམ་ལ་ངག་ཏུ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་(༣བ)


GLG010_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིངྔྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ། ཞེས་ཅི་ནུས་བཟླས་ནས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། ཕྱག་འཚལ་བསྟོད་དེ་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་བྱེད་ཕྱག་འཚལ་བསྟོད། །གུས་པས་སྐུ་ལ་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་སྤྱི་བོ་ནས་རང་ལ་ཐིམ་པས་རང་གི་ལུས་ཤེལ་གོང་དག་པ་ལྟར་བསམ། གཉིས་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས། དང་པོ་ལ་ཡུལ་དག་པ་དང་མ་དག་པ་གཉིས་ལས། དང་པོ་ནི་རང་སྐད་ཅིག་གི་གཤིན་རྗེའི་གཤེད་དམར་པོར་གསལ་བའི་ཐུགས་ཀར་ཨོཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དམར་པོ་ཡོངས་སུ་གྱུར་པ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པའི་རྐང་བརྒྱད་བཞོགས་ཇེ་འཕེལ་དུ་སོང་བའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུཾ་དམར་པོ་དེ་ལས་འོད་ཟེར་ཁ་དོག་འཇའ་ཚོན་ལྟ་བུ་འཕྲོས་ལུས་ཀྱི་ནས་གང་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། འོད་ཟེར་སྣ་བུག་གཡས་ནས་ཕྱིར་འཐོན་(༤ན)


GLG010_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿན་མཿསརྦ་ག་ཏ་ཤྲཱི་ར་ཀྟ་ཡ་མཱ་རི་མཎྜ་ལ་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་སོགས་ཀྱི་རྗེས་ལ་བུ་ལུགས་ལ་ཨོཾཧྲཱི༔ཥྚཱི༔ཧ་མཛད་པ་འགྲེལ་པ་མེད་ཀྱང་མཆོད་འཕྲེང་གི་གདངས་འགེབས་དཀའ་བས་འདིར་བདུད་རྩིའི་བུམ་པའི་རྗེས་སུ་འབྲངས། ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་པད་ཀོར་སྔོན་དུ་འགྲོ་བའི་སོ་སོའི་ཕྱག་རྒྱ་དང་བཅས་མཆོད། དཀོན་ཅོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་གུར་ནས་བྱུང་བའི་ཡན་ལག་བདུན་པ་བྱས་ལ། བུ་ལུགས་ལ་གོང་གི་ཕྱག་འཚལ་སྟོང་ཉིད་སྙིང་རྗེ་མ་དང་། འདིར་ལུས་དང་ངག་ཡིད་མ་སོགས་མཛད་པ་རྒྱུད་ལེའུ་བཅུ་དགུ་པ་ནས་ཁ་བསྐངས་ཀྱང་བུ་ལུགས་ལ་ཨོཾཧྲཱིཿཥྚྲཱིཿཧ་འཇུག་པ་བདེ་ཕྱིར་བདུད་རྩིའི་བུམ་པ་བཞིན་བཀོད། ཨོཾ་བཛྲ་མུཿས་ཚོགས་ཞིང་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། གཉིས་པ་ནི། ཚད་མེད་བཞི་བསྒོམ་མོ། གཉིས་པ་ནི། སྔགས་ཚན་གསུམ་གྱི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་གསོག་པས། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཟུང་བའི་ཡུལ་དང་བྲལ་བ་རང་གི་སེམས་ཀྱི་ངོ་བོར་བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུངྔྷཱཿསརྦ་ངྷརྨཱཿསརྦ་བྷཱ་ཝ་ཤུ་ངྔྷོ྅ཧཾ། དེ་ལྟར་གཟུང་ཡུལ་མ་གྲུབ་པས་འཛིན་པ་མི་འགྲུབ་པའི་ཕྱིར། གཟུང་འཛིན་གྱི་རྟོག་(༤བ)


GLG010_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བྲལ་བ་རང་རིག་པ་ལྷའི་སྐུར་བསམས་ལ། འཁྱུད་རྒྱ་དང་བཅས། ཨོཾ་ཡོ་ག་ཤུངྔྷཱཿསརྦ་དྷརྨཱཿཡོ་ག་ཤུངྔྷོ྅ཧཾ། རང་ཉིད་ལྷའི་སྐུ་གདན་དང་བཅས་པ་དབྱུག་པ་ལ་ཐིམ། དེ་ཧཱུཾ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ་དེ་ཐིག་ལེ་ལ། དེ་ནཱ་ད་ལ་ཐིམ་པའི་མཐར་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་བསམས་ལ། འཁྱུད་རྒྱ་དང་བཅས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་དངོས་གཞི་བསྐྱེད་རྫོགས་གཉིས། དང་པོ་ལ་རྟེན་དང་བརྟེན་པ་གཉིས་ཀྱི། དང་པོ་ལ་འབྱུང་བཞི་བསྲུང་འཁོར་བུ་ལུགས་ལ་འདི་འབྱུང་བཞིའི་སྔོན་དུ་མཛད་ཀྱང་འདིར་བདུད་རྩིའི་བུམ་པའི་རྗེས་སུ་འབྲངས། གཞལ་ཡས་ཁང་དང་གསུམ་ལས། དང་པོ་ནི། སྟོང་པའི་ངང་ལས་ཨེ་ལས་ནམ་མཁའི་ཁམས་བདུད་རྩིའི་བུམ་པར་མི་གསལ་ཡང་བུ་ལུགས་སུ་མཛད་པ་ལེགས་ཆ་ལས་སྐྱོན་དུ་མི་འགྱུར་བར་མངོན། ཆོས་འབྱུང་གི་རང་བཞིན་དེའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླུམ་པོ་དབུས་ཅུད་ཟད་མཐོ་བ་ཕྱོགས་ཀྱི་དབང་ལས་གཞུའི་དབྱིབས་ལྟ་བུ་དབུས་སུ་ཡཾ་དང་འཆང་བཟུང་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་དབུས་སུ་རཾ་དང་གྲུ་གསུམ་འབར་བའི་འཕྲེང་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ཆུས་གང་བ་ལྟ་བུ་བཾ་གྱིས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་དབུས་སུ་ལམ་དང་གྲྭ་བཞིར་རྡོ་རྗེ་ཕྱེད་པས་མཚན་པ། དེའི་སྟེང་དུ་སུཾ་ཡིག་སྔོན་པོ་ཞུ་བ་ལས་རི་རབ་རྩ་བ་བང་རིམ་བཞི་རྩེ་མོ་ལྕོག་བཞི་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་(༥ན)


GLG010_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་མདོག་གི་དབང་ལས་ལྕོག་བརྒྱད་དུ་སྣང་བ། གཉིས་པ་ནི་རྒྱ་གཞུང་དུ་མི་གསལ་ཡང་འཕགས་པ་རིན་པོ་ཆེ་དང་དཔྱལ་ལོས་སྐབས་འདིར་བཤད་པ་ལེགས་པའི་ཆའོ། །དེའི་སྟེང་དུ་པཾ་ལས་པད་མ་འབུམ་ཨཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་ར་བ་དང་འདྲ་བ། སྟེང་རྡོ་རྗེའི་བླ་བྲེ་དང་གུར་རྡོ་རྗེ་ཕྱེད་པའི་ཏོག་ཅན་ཐམས་ཅད་ཀྱང་ཁ་དོག་ནག་པོ་རྡོ་རྗེ་ཕྲ་མོས་བར་མཚམས་མེད་པར་གཏམས་པས་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཀུན་ཏུ་ཡེ་ཤེས་ཀྱི་མེ་དམར་ནག་བུ་ལུགས་ལ་ཁ་དོག་ལྔ་ལྡན་སྣང་ཡང་འདིར་བསྐྱེད་རིམ་རྣམ་བཤད་ཀྱི་དགོངས་པ་ལྟར་བཀོད་འུར་སྒྲ་དང་བཅས་འབར་པའི་བསྲུང་འཁོར་གྱི་དབུས་སུ། གསུམ་པ་ནི། པཾ་ལས་སྣ་ཚོགས་པད་མ་འདབ་མ་འབུམ་ལ་ལི་ཏའི་རྗེས་སུ་འབྲངས་ཏེ་རྣམ་བཤད་ལས་གསུངས་པ་ལྟར་བཀོད་པའོ་དང་ལྡན་པ། ཨོཾ་ལས་ཉི་མའི་དཀྱིལ་འཁོར་ལྗང་སེར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་གྲུ་བཞི་ནག་པོའི་ལྟེ་བར་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་རྟ་བབས་བཞིས་མཛེས་པར་བྱས་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་གཙོ་བོའི་སྐུ་མདོག་ལ་བརྟེན་ནས་ཁ་དོག་བསྒྱུར་བ་རྒྱུད་སྡེ་གཞན་དུ་ཡོང་འདུག་ཀྱང་ས་ཞལ་གཉིས་ཀ་མཐུན་པར་འདི་བཞིན་བྱུང་། ལྡན་པའི་སྟེང་ན་གསེར་གྱི་ཕ་གུ་འཆར་ཁ་ཡོད་པ་རིན་པོ་ཆེའི་ཕྲ་ཚོམ་ཅན། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱིས་བཏེག་པའི་གསེར་གྱི་གདུང་(༥བ)


GLG010_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལེབ་ལ་བརྟེན་པའི་ཙི་པ་ཏྲཱི་ཁ་ནས་འཕྱང་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ་ལ་མེ་ལོང་དང་རྔ་ཡབ་དང་། མེ་ཏོག་གི་འཕྲེང་བ་དང་། དར་གྱི་ཆུན་པོ་དུ་མས་སྤྲས་པས། དེའི་སྟེང་དུ་བྱ་འདབ་ཀྱི་སྣེར་སྤྱི་བླུགས་མཆུ་མེད་མགོ་བོ་ཐུར་བསྟན་ལྟ་བུའི་མདའ་ཡབ་དང་པད་མ་ཕྱེད་པའི་དབྱིབས་ཅན་གྱི་པུ་ཤུ་གྱེན་བསྟན་གྱིས་བསྐོར་བ། ནང་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་བྱ་འདབ་ཀྱི་འོག་གི་རྩིགས་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྤྲོ་བ། གདུང་ཟླུམ་གྱི་སྟེང་དུ་རྩིག་པ་ལྔ་བསྒྲིགས་ལས་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་པ། དབུས་གྲུ་བཞི་པའི་རྩིག་སྟེང་ནས་རྒྱ་ཕིབས་ཀྱི་རྣམ་པར་ཕུབ་པའི་རྩེ་མོར་རྡོ་རྗེ་ཕྱེད་པ་ནོར་བུ་མིག་གསུམ་པའི་རྟོག་གིས་སྤྲས་པ། སྒོ་བཞིར་རྟ་བབས་སྣམ་བུ་བཞི་པ་དམར་དཀར་སྔོ་སེར་ལྗང་བའི་མདངས་ཅན། དེའི་སྟེང་དུ་པད་མ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་གཡས་གཡོན་དུ་རི་དྭགས་ཕོ་མོ། སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕྱོགས་ཀུན་ཏུ་གདུགས་དང་རྒྱལ་མཚན་དང་བུམ་པ་ལས་ཐོན་པའི་མེ་ཏོག་གི་སྡོང་པོ་སོགས་བཀོད་པ་ཕུན་སུམ་ཚོགས་པས་མཛེས་པ། ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་དབུས་སུ་པཾ་ལས་སྣ་ཚོགས་པད་མ་འདབ་མ་བརྒྱད་པའི་ཕྱོགས་བཞི་དམར། མེ་རླུང་སེར། དབང་ལྡན་སྔོ། བདེན་བྲལ་དང་ལྟེ་བ་ལྗང་། གེ་སར་སེར་བའི་ལྟོ་བ་དང་ཕྱོགས་བཞིར་ཨཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེ། གཉིས་པ་བརྟེན་(༦ན)


GLG010_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། བསྐྱེད་པ་ལ་བསྙེན་པ། ཉེ་བར་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོ་དང་བཞི་ཡོད་པའི་དང་པོ་ནི། གདན་དབུས་མའི་སྟེང་དུ་སླར་ཡང་ཉི་མའི་དཀྱིལ་འཁོར་དང་ཧཱུཾ༔་ལས་སྣ་ཚོགས་རྡོ་རྗེ་བརྩེགས་པའི་ལྟེ་བའི་ཧཱུཾ་ལས་འོད་འཕྲོས་པར་སྲིད་ཀྱི་ནཱ་ད་བཀུག་སྟེ་ཐིམ་པའི་རྐྱེན་གྱིས་ཕྱག་མཚན་ས་བོན་ཉི་མ་དང་བཅས་པ་འོད་དུ་ཞུ་ནས་ཧཱུཾ་དམར་པོ་ཆ་ལྔ་ལྡན་དུ་གྱུར་པ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པའི་རྐང་བརྒྱད་བཞོགས་ཇེ་འཕེལ་དུ་སོང་བའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུཾ་དམར་པོ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཨ་བྷ་ཡས་བཤད་པའི་རྣམ་གྲངས་སུ་བཀོད་པ་ལུགས་འདི་ལ་མི་སྦྱོར་བ་རྡོ་རྗེ་རིགས་ཀྱི་ནང་གསེས་ཀྱི་རིགས་ལྔའི་དཀྱིལ་འཁོར་ཡིན་པས་རྡོ་རྗེའི་དབྱུག་པ་ཁོ་ནའོ། །ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་གཤིན་རྗེའི་གཤེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧཱུཾ་ལ་ཐིམ། དབྱུག་པ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་ལྷ་ལྔའི་དཀྱིལ་འཁོར་དུ་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཉི་མ་བྱེ་བའི་འོད་དང་མཚུངས་པ་ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། ཤར་གྱི་འདབ་མ་ལ་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་ཙ་རྩི་ཀ་ནག་མོས་འཁྱུད་པ། ལྷོར་སེར་སྣ་གཤིན་རྗེའི་གཤེད་སེར་པོ་ཕག་མོ་སེར་མོ་ཕག་ཞལ་ཅན་མས་འཁྱུད་པ། ནུབ་ཏུ་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་དབྱངས་ཅན་མ་དཀར་མོས་འཁྱུད་པ། བྱང་དུ་ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ་གཽ་རཱི་ལྗང་སྔོན་མས་(༦བ)


GLG010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པ་སྟེ་དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། གཡས་ན་འཇིག་རྟེན་གསུམ་འདུལ་བའི་དབྱུག་པ་དཀར་པོ་འཆར་བའི་ཚུལ་གྱིས་འཛིན་ཅིང་། གཡོན་ན་བདུད་མཐའ་དག་གི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཅུང་ཟད་བཞད་པའི་ཞལ་རྣམ་པར་བགྲད་པ། མཆེ་བ་བརྩིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། སྨིན་མཚམས་སུ་ཁྲོ་གཉེར་གསུམ་བསྒྲེང་བ། གསུས་ཁྱིམ་དང་བརླ་དང་བྲང་ཞེང་རྣམས་ཆེ་ཞིང་སྦོམ་ལ་རྒྱས་པ། སྐུ་དང་ཡན་ལག་དང་ཉིང་ལག་ཐུང་ཞིང་རགས་པ། དབུ་སྐྲ་དང་སྨིན་མ་སྨ་ར་དམར་སེར་གྱེན་དུ་འབར་བ། མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་སྣ་ཆ། དུང་སྐྱོང་སེར་པོས་ཕྱག་གདུབ། པད་མ་དཀར་པོས་མགུལ་རྒྱན། རིགས་ལྡན་ཁྲ་བོས་དཔུང་རྒྱན། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས། སྟོབས་རྒྱུ་ལྗང་གུས་སེ་རལ་ཁ། པད་ཆེན་དཀར་པོའི་ཞབས་གདུབ་བཅིངས་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། མི་མགོ་རློན་པ་ཁྲག་འཛག་པའི་ཁ་ནས་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་དང་རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་སྐམ་པོ་ལྔས་དབུ་ལ་བརྒྱན་པ། སྙན་གོང་ཨུཏྤལ་དང་དར་དཔྱངས་གཡོ་བ། སྒེག་པ་དཔའ་བ་མི་སྡུག་པ། རྒོད་དང་དྲག་ཤུལ་འཇིགས་སུ་རུང་། སྙིང་རྗེ་རྔམས་དང་ཞི་བ་སྟེ་གར་གྱི་ཉམས་དགུ་དང་ལྡན་པས་གཤིན་རྗེའི་ཚོགས་སྐྲག་པར་བྱེད་པ། མ་ཧེ་དམར་པོ་རབ་ཏུ་ཁྲོས་པ་རུས་པའི་ཟིན་བྲིས་མང་པོར་ཀེང་རུས་ཀྱི་དྲ་བ་ཞེས་པར་ཞ་ལུ་ཙནྡྲ་པས། རུས་(༧ན)


GLG010_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀེང་རུས་ཁྱད་པར་ཆེ། །རུས་རྒྱན་བཤར་མར་ཀེང་རུས་ཀྱི། །དྲ་བས་གཡོགས་ལ་ལུང་རྒྱབ་མེད། །གསུང་པ་འཐད་པར་སྣང་། དྲ་བས་གཡོགས་པའི་སྟེང་ན་ཞབས་གཡས་བསྐུམས་པས་མ་ཧེའི་རྭ་དང་གཤིན་རྗེ་ནག་པོ་གཡས་དབྱུག་པ་དང་གཡོན་ཞགས་པ་ཐོགས་པ་ཁ་སྦུབ་ཏུ་བསྒྱེལ་བའི་ལྟག་རྩ་དང་གཡོན་བསྐུམས་པས་མ་ཧེའི་ཚང་ར་དང་གཤིན་རྗེའི་རྐང་པ་མནན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཙནྡྲ་པས་འཁོར་རྣམས་ལ་མ་ཧེ་དང་གཤིན་རྗེའི་གདན་གྱི་ཁུངས་མེད་གསུང་ཡང་ཞལ་གྱི་ཡིག་ཆ་ཀུན་མཐུན་པས་བླ་མའི་མན་ངག་ལས་སོ། །དེ་དག་གི་པང་ན་གནས་པའི་ཡུམ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་ནག་པོ་གྲོལ་བས་སྐུ་སྐེད་ཡན་ཆད་ནོན་པ། སྟོད་སྨད་རྒྱས་ལ་སྐེད་པ་ཕྲ་བ། ཕྱག་རྒྱ་ལྔ་དང་སྦྲུལ་གྱིས་བརྒྱན་པ། གཡས་པས་རྡོ་རྗེ་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། མགོ་བོ་བསྐམ་པོ་ལྔའི་དབུ་རྒྱན་དང་བསྐམ་པོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་འཁྱུད་པའོ། །ཤར་ལྷོར་མུ་མེན་གྱི་བུམ་པ་ངོ་བོ་བཞི་མཉམ་རྣམ་པ་གསེར་བཙོ་མའི་ཁུ་བ་ལྟ་བུས་གང་བ། ལྷོ་ནུབ་ཏུ་གསེར་གྱི་བུམ་པ་གླ་རྩི་བཻཌཱུརྱའི་ཁུ་བ་ལྟ་བུས་གང་བ། ནུབ་བྱང་དུ་བྱུ་རུའི་བུམ་པ་སིཧླ་མཚལ་ཅོག་ལ་མ་ལྟ་བུས་གང་བ། བྱང་ཤར་དུ་དངུལ་གྱི་བུམ་པ་ག་བུར་ཤེལ་དཀར་བཞུ་བ་ལྟ་བུས་གང་བ་སྟེ་བཞི་ག་འདི་ཐོད་པ་ཟླ་བ་ལྟར་དཀར་བ་དངས་མའི་མཆོག་གིས་ཡོངས་སུ་གང་བས་ཁ་བཅད་པའོ། གཙོ་བོའི་(༧བ)


GLG010_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་པཾ་ལས་པད་མ་དང་ཨཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུཾ་དམར་པོ་ཡོངས་སུ་གྱུར་པ་ལས། དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ་རྐང་བརྒྱད་བཞོགས་ཇེ་འཕེལ་དུ་སོང་བའི་ལྟེ་བར་ཉི་མ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་དམར་པོར་བསམ། གཉིས་པ་ཉེ་བར་བསྙེན་པ་ལ། བདེ་བ་བསྒྲུབ་པ། ཤེས་རབ་བསྐྱེད་པ། གནས་གསུམ་བྱིན་རླབས་དངོས་དང་གསུམ། དང་པོ་ནི་རང་ཉིད་གཤིན་རྗེའི་གཤེད་དམར་པོ་དང་རིག་མ་རོ་ལངས་མར་བསྒོམ་པ་ལྷའི་འདུ་ཤེས། ཧཱུྃ་ལས་བྱུང་བའི་ཡབ་ཀྱི་བུ་ལུགས་ལ་རྩེ་མོར་ཧཱུཾ་དང་བུ་གར་ཕཊ་སོགས་བཤད་ནའང་བདུད་རྩིའི་བུམ་པ་དང་རྣམ་བཤད་ན་མི་གསལ་བས་བཏང་སྙོམས་སུ་བཞག་རྡོ་རྗེ་དང་ཨ་ལས་བྱུང་བའི་ཡུམ་གྱི་པད་མ་གསལ་འདེབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་དང་ལྡན་པའི་སྒོ་ནས་སྙོམས་པར་ཞུགས་པའི་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་ནི། ཡུམ་གྱི་ལྟེ་བའི་འོག་ཏུ་ཧྲཱིཿལས་པད་མ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདམར་པོ་དྲོད་ཀྱི་རང་བཞིན་ཅན་གྱིས་བརྒྱན་པ། དེའི་རྩེ་མོ་ནས་ཡབ་ཀྱི་སྤྱི་བོར་ས་ཞལ་གཉིས་ཀའི་གཞུང་དུ་མི་གསལ་ཡང་མཁས་པ་ཙནྜས་གཙོ་བོའི་སྤྱི་བོ་ནས་ཞེས་པ་ལེགས་བཤད་དོ། །ཧཾ་དཀར་པོ་ཧྲཱིཿའི་དྲོད་ཀྱིས་བསྐུལ་བ་ལ་བརྟེན་ནས་སྤྱི་བོའི་བདུད་རྩི་ལས་འཐོན་པའི་རི་ཁཱ་དཀར་པོ་ཤེལ་དཀར་གྱི་སྐུད་པ་ལྟ་བུས་(༨ན)


GLG010_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲེལ་བར་བསམ། གསུམ་གཞུང་ཆེ་ཆུང་ན་མེད་པས་མ་བྱས་ཀྱང་རུང་ཞེས་ཐམས་ཅད་མཁྱེན་པ་བུ་གསུང་ཡང་ད་ལྟ་ས་ཞལ་གཉིས་ཀའི་ཕྱག་ལེན་ལ་མཛད་པ་ནི། ལྷ་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བར་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པད་མ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ་གིས་མཚན་པ། དེ་དག་ལས་འོད་འཕྲོས་པས་གདོད་མ་ནས་གྲུབ་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱིས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་གསུང་ཐུགས་རྡོ་རྗེ་རྣམས་བདག་གི་གནས་གསུམ་དུ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསམ། འཁྱུད་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་པྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གསུམ་པ་སྒྲུབ་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག ཁྲོ་བོ་བཅུ་དང་བཅས་པའི་གདན་གསུམ་ཚང་བའི་ལྷ་ཚོགས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་(༨བ)


GLG010_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏཱ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ། སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་མཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་གང་། དྲི་མ་དག་ནས་དབང་བསྐུར་གྱི་ལྷ་རྣམས་ཅོད་པན་དུ་གྱུར་པ་ནི་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན་པར་བསམ། བཞི་པ་ནི། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་མདུན་གྱི་ནམ་མཁར་ཡེ་ཤེས་སེམས་དཔའ་ལྷ་ལྔའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་འཐོར་ཞིང་། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱས། ཕྱི་འབྲངས་ཀྱི་བགེགས་བསྐྲད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་སོགས་ཀྱི་མཐར་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཛཿཧཱུཾ་བཾ་ཧོཿས་བསྟིམ། འདིའི་འོག་ཏུ་མཆོད་བསྟོད་བདུད་རྩི་མྱང་བ་བུ་ལུགས་ལ་མཛད་ཀྱང་རྣལ་འབྱོར་དབང་ཕྱུག་གི་གཞུང་ན་མི་གསལ་བས་བཏང་སྙོམས་སུ་བཞག་མོད། ཆོས་རྗེ་ཐམས་ཅད་མཁྱེན་པ་ལ་འཁྲུལ་པ་མི་མངའ་བས་བྱས་ཀྱང་སྐྱོན་དུ་མི་སེམས་སོ། །གཉིས་པ་རྫོགས་རིམ་ནི། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ། སྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ། དེ་གཞལ་ཡས་ཁང་ལ། དེ་འཁོར་རྣམས་ལ། དེ་གཙོ་བོའི་ཡུམ་ལ། དེ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཨཱུ་ལ། དེ་ཧ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལི་ལ། དེ་ནཱ་ད་(༩ན)


GLG010_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ནཱ་ད་ཡང་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསམ་མོ། གསུམ་པ་མཇུག་ལ། དག་པ་དྲན་པ། བཟླས་པ། མཆོད་བསྟོད། ཁ་ཟས། ཉལ་བ། ལྡང་བ། སྤྱོད་ལམ་དང་བདུན་ལས་དང་པོ་ནི། འོད་གསལ་གྱི་ངང་ནས་ཆུ་ལས་ཉ་ལྡང་བ་བཞིན་དུ་སྐད་ཅིག་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བར་བསམ། དམར་བ་ཉིད་ནི་འདོད་ལ་སོགས་པ་བརླག་པའི་དོན་ཏོ། །སྤྱན་གསུམ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་གྱི་ཕྱིར་རོ། །ཕྱག་གཉིས་ནི་དངོས་པོ་དང་དངོས་མེད་ལ་སོགས་པའི་རྟོག་པ་འཇོམས་པའོ། །ཤེས་རབ་མ་ལ་འཁྱུད་པ་ནི་སྟོང་པ་དང་སྙིང་རྗེ་ཐ་མི་དད་པའི་སྦྱོར་བས་སོ། །ཀླུ་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་མཚོན་པའོ། །མགོ་བོའི་འཕྲེང་བ་རྒྱ་ཕྱེད་ནི་ཡི་གེ་ལྔ་བཅུའི་སྦྱོར་བས་སོ། །གཡོན་ན་ཐོད་པ་ནི་ཡེ་ཤེས་ལྔའི་བདུད་རྩིའི་རོས་ཡོངས་སུ་གང་བའི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གཡས་ན་དབྱུག་པ་ནི་ཕུང་པོ་དང་ཉོན་མོངས་པ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་བཞི་རྣམ་པར་འཇོམས་པ་སྙིང་རྗེའི་རང་བཞིན་ནོ། །གཡོན་བརྐྱང་གི་གོམ་སྟབས་ནི་ཁམས་གསུམ་རྣམ་པར་མཚོན་པའོ། །ལྷ་མོའི་ཕྱག་གཡོན་པར་བདུད་བཞིའི་ཁྲག་ན་རེ་དང་བཅུད་ལེན་དུ་མ་ཀུན་ནས་མྱང་བའི་ཕྱིར་རོ། །གཡས་པར་རྡོ་རྗེ་གྲི་གུག་ནི་དངོས་པོ་དང་དངོས་མེད་ཀྱི་རྣམ་རྟོག་གཅོད་པའི་ཕྱིར་རོ། །གདུག་པ་འདུལ་བའི་ཕྱིར་ཁྲོོ་བོའི་གཟུགས་ཉིད་དོ། །གསུས་པ་ཆེ་བ་ནི་མྱ་ངན་ལས་མི་འདའ་བའི་ཕྱིར་རོ། །དབུ་སྐྲ་དམར་སེར་(༩བ)


GLG010_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བརྫེས་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གོང་ནས་གོང་དུ་རྒྱས་པའི་ཕྱིར་རོ། ངོས་བཞི་ནི་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་བདེན་པ་བཞི་རབ་ཏུ་རྟོགས་པའི་ཕྱིར་རོ། །སྒོ་བཞི་ནི་བདུད་བཞི་ཀུན་ནས་སྐུག་པའི་ཕྱིར་རོ། །ཟུར་བཞི་ནི་ཚངས་པའི་གནས་གཞི་རབ་ཏུ་རྟོགས་པའི་ཕྱིར་རོ། །ཀ་བ་བརྒྱད་ནི་རྨི་ལམ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། མེ་ལོང་གི་གཟུགས་བརྙན་དང་། ཆུའི་ཟླ་བ་དང་། ནམ་མཁའི་དངོས་པོ་དང་། དངོས་པོ་མེད་པའི་ཉོན་མོངས་པ་འཇོམས་པའི་ཕྱིར་རོ། རྟ་བབས་བཞི་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་ཉིད་དང་། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་དོན་ཏོ། །གཉིས་པ་ནི། དཔའ་བོ་གཡུལ་དུ་བསད་པའི་ཐོད་པ་ལྟ་བུ་མཚན་ཉིད་དང་ལྡན་པའི་ཐོད་འཕྲེང་ངམ་མ་འབྱོར་ན་རུ་རཀྴ་འམ་འབོ་ཏི་ཙེ་གང་རུང་ལག་གཡས་སུ་བཞག །གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་གཏོར། ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེའི་ངོ་བོ་ཡང་ཧཱུཾ་དང་རྡོ་རྗེ། དབྱུག་པ་ལས་སྐྱེས་པའི་ཞེ་སྡང་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ། ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། ཞལ་གཅིག་ཕྱག་གཉིས་པ་ཞེས་པ་ནས། དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ་ནས། ཛཿཧཱུཾ་བཾ་ཧོཿའི་བར་དང་། ཨོཾ་སརྦ་ཏ་ཤྲཱི་རཀྟ་ཡ་མཱ་རི་ཨརྒྷཱཾ་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་(༡༠ན)


GLG010_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། ཞེས་པས་བསྟོད། ལག་པ་ཁ་སྦྱར་བའི་བར་དུ་འཕྲེང་བ་བཅུག །ཐབས་ཤེས་སྙོམས་པར་ཞུགས་པས་གཤིན་རྗེ་གཤེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་མི་མགོ་ཁྲག་འཛག་པའི་ཕྲེང་བར་བསམ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱའི་བར་དུ་འཕྲེང་བ་བཟུང་བས་སྙིང་མགྲིན། དཔྲལ་བར་རེག་ཅིང་། ཧཱུཾ་ཨཱཿཨོཾ་ལྕེ་ལ་རེག །ཨོཾ་བཛྲ་ཛི་ཧྭཱ། དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་དམར་པོ་རེ་རེས་མཚན་པའི་མཐར་སྔགས་ཀྱི་འཕྲེང་བ་འོད་ཟེར་འབར་བ་དང་བཅས་པར་གྱུར་ཏེ། སྔགས་འཕྲེང་རྣམས་ལས་ཁྲོ་བོའི་ཚོགས་ནམ་མཁའ་ཁྱབ་པར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་བྱས། ཞི་བ་ལ་སོགས་པའི་འཕྲིན་ལས་དཔག་མེད་བསྒྲུབས། སླར་འདུས་ནས་རང་ཉིད་ལ་ཐིམ་པར་བསམ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོ། ཨོཾ་ཧཽ་ཀྵཽ་ཀྵ་ཡཾ་ཀ་རཱ་ཡ་གྲྀ་ཧྞ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོ། ཨོཾ་མ་ཧཱ་ཡཀྵ་སེ་ནཱ་ངྷི་པ་ཏ་ཡེ་མ་ཧཱ་དུ་རྡཱནྟ་ད་མ་ཀཱ་ཡ། ནཱ་ཤ་ཡ། ནཱ་ཤ་ཡ། པི་དྲཱ་པ་ཡ། པི་དྲཱ་པ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འཕྲེང་སྔགས། ཨོཾ་དཻ་ཥ་ར་ཏི་སྐུད་ནུ་ད་ཏྲུ་ཊ་ཧཱུཾ་ཧཱུཾ་ཛཿསྭཱ་ཧཱ། གཙོ་བོའི་ཡུམ་དང་འཁོར་གྱི་ཡབ་བཞིའི་ས་བོན་ལ་ཧཱུཾ་ཉེས་བརྩེགས་ས་ཞལ་གྱི་ཡིག་ཆ་ཚོར་མི་གསལ་ཡང་རྒྱལ་རྩེ་(༡༠བ)


GLG010_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་འབུམ་ནས་ཞུས་དག་པ་ཡིན། ཡུམ་གྱི་སྔགས། ཨོཾ་མོ་ཧཱ་ནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། གཏི་མུག་གཤིན་རྗེའི་གཤེད། ཨོཾ་མོ་ཧ་ར་ཏི་ཧཱུཾ་ཛཿ ཙ་རྩི་ཀ །ཨོཾ་པི་ཤུ་ནཱ་ནྟྲ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། སེར་སྣ་གཤིན་རྗེའི་གཤེད། ཨོཾ་པི་ཤུ་ན་ར་ཏ་ཧཾ་ཧཱུཾ་ཛཿ ཕག་མོ་ཨོཾ་རཱ་གཱནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། འདོད་ཆགས་གཤིན་རྗེའི་གཤེད། ཨོཾ་རཱ་གར་ཏི་ཧཱུཾ་ཛཿ དབྱངས་ཅན་མ། ཨོཾ་ཪྵྱཱནྟ་ཀྲྀ་ཏ་ཧཱུཾ་ཕཊ། ཕྲག་དོག་གཤིན་རྗེའི་གཤེད། ཨོཾ་རྵྱཱ་ར་ཏི་ཧཱུཾ་ཛཿ གཽ་རཱི་མའོ། །བདུད་རྩིའི་བུམ་པར་མི་གསལ་ཡང་བུ་ལུགས་ཀྱི་ཕྱག་བཞེས་ལ་འདུག་པས་ལེགས་པར་མངོན། ཨོཾ་ཡ་མཱ་ར་ཛཱ་ས་ཏོ་མེ་ཡ་སོགས་གཤིན་རྗེ་སྤྱིའི་འཕྲེང་སྔགས། གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བཟླ། གསུམ་པ་ནི། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་གནང་བའི་མཎྜལ་སྒྲུབ་མཆོད་ཀྱི་ཕྱག་ལེན་འཕྱུགས་མེད་དུ་བཀོད་ན་ལེགས་པར་མཐོང་བས་སྟེགས་བུའི་ཁར་མེ་ཏོག་གི་ཚོམ་བུ་དབུས་སུ་ཡབ་ཡུམ་གཉིས། ཕྱོགས་མཚམས་བརྒྱད་དུ་རེ་རེ་བཀོད་པའི་མཐར། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། མེར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི། བྱང་དུ་ཞལ་ཟས་རྣམས་གྲུ་བཞི་ཆ་སྙོམས་པར་བཤམ་པ་ནི་སྤྱི་མཆོད། དེའི་ནང་དུ་ཕྱོགས་བཞིར་སྤོས། མར་མེ། ཞལ་ཟས་རྣམས་གཡས་སྐོར་དུ། ཤར་ནུབ་ཏུ་ལྷག་པོ་རེ་དང་བཅས་པའི་སྒོས་མཆོད། བྱང་ཤར་དུ་འདས་གཏོར། མེར་འཇིག་རྟེན་པའི་གཏོར་མ་དང་བཅས་པ་བཤམ། རྒྱུན་གྱི་ཐུགས་དམ་ལ་མཆོད་པ་རྒྱས་པར་མ་གྲུབ་ཀྱང་། རྟེན་གྱི་དྲུང་དུ་མཆོད་པ་སྦྲེང་(༡༡ན)


GLG010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་དུ་བཤམས་པའི་ནང་ངོས་སུ་གཏོར་མ་ཅི་འབྱོར་བཤམ། ཚོམ་བུ་མ་གྲུབ་ཀྱང་ཏིང་ངེ་འཛིན་ཙམ་གྱིས་བསྐྱེད་པ་ཕྱག་ལེན་དུ་མཛད། བདག་བསྐྱེད་བཟླས་པ་དང་བཅས་པ་གྲུབ་པའི་མཐར། རྡོ་རྗེའི་རྩེས་ནང་མཆོད་འཐོར་བའི་སྟང་ཀ་དང་ཧྲཱིཿཥྚྲཱིཿས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུཾལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྟ་བབས་བཞིས་མཛེས་པ། སྟེང་ཐོག་རིམ་པར་ཕུབ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཧཱུཾ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས་སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་བཟང་ཞིང་རྒྱ་ཆེ་བ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾནས་ཤཔྟ་ཨཱཿཧཱུཾ་གི་བར་སོ་སོའི་སྔགས་རྒྱས་བྱིན་གྱིས་བརླབས། རྒྱུན་གྱི་ཐུགས་དམ་ལ་འདི་བཞིན་དང་། དུས་བཟང་ལྟ་བུ་ལ་རྒྱས་པར་བྱེད་ན་འདིར་རོལ་ཆེན་དང་གཎྜེ་རཏྣ་ཚར་གསུམ་གྱིས་བྱིན་དབབ། དེ་ནས་སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་རྫོགས་པའི་མཐར། སླར་མཆོད་པ་བྱིན་རླབས་མན་ཆད་བྱེད། མཎྜལ་ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ནམ་མཁའི་ཁམས་ཆོས་འབྱུང་གི་རང་ཞིན་དེའི་དབུས་སུ་ཡཾ་ལས་རླུང་གི་(༡༡བ)


GLG010_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྔོན་པོ་ཞེས་པ་ནས། ཕྱོགས་བཞིར་ཨཾ་ལས་ཉི་མའི་དཀྱིལ་འཁོར་མེ་མེ་ཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད། བསྡུས་པ་ལ་སྤྲོ་ན། སྟོང་པའི་ངང་ལས་ཡཾ་རཾ་བཾ་ལཾ་སུཾ་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་པཾ་ལས་པད་མ་ཞེས་པ་མན་བརྗོད་ཀྱང་རུང་ངོ་། །དེ་ནས་གནས་སོ་སོར་མེ་ཏོག་གི་ཚོམ་བུ་བཀོད་པར་བསམས་ལ། ཧྲཱིཿཥྚྲཱིཿསོགས་ཡབ་ཡུམ་ལྔའི་སྔགས་སྦྲེལ་བ་ཚར་གཅིག་དང་ཨོཾ་ཨཱཿཧཱུཾཿཚར་བཞི་བརྗོད་ལ། སོ་སོའི་སྔགས་ཀྱི་ལྷ་བསྐྱེད་པ་ནི། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་དྭེ་ཥ་ར་ཏི་ནུ་ད་ད་ཏྲུ་ཊ་ཧཱུཾ་ཧཱུཾ་ཛཿསྭཱ་ཧཱ། དབུས་སུ་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེའི་གཤེད་དམར་པོ་ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། ཨོཾ་མོ་ཧཱནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མོ་ཧ་ར་ཏི་ཧྲཱི་ཛཿ ཤར་དུ་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་རྡོ་རྗེ་སྤྱོད་བྱེད་མ་ནག་མོས་འཁྱུད་པ། ཨོཾ་པི་ཤུ་ནཱནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པི་ཤུ་ན་ར་ཏི་ཧཱུཾ་ཛཿ ལྷོར་སེར་སྣ་གཤིན་རྗེའི་གཤེད་སེར་པོ་ཕག་མོ་སེར་མོ་ཕག་ཞལ་ཅན་མས་འཁྱུད་པ། ཨོཾ་རཱ་གཱནྟ་ཀྲྀ་ཏ་ཧཱུཾ་ཧཱུྃ་ཕཊ། ཨོཾ་རཱ་ག་ར་ཧི་ཧཱུཾ་ཛཿ ནུབ་ཏུ་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་དབྱངས་ཅན་མ་དཀར་མོས་འཁྱུད་པ། ཨོཾ་ཨིརྵྱཱ་ནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨིརྵྱཱ་ར་ཏི་ཧཱུཾ་ཛཿ བྱང་དུ་ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ་གཽ་རཱི་ལྗང་སྔོན་མས་འཁྱུད་པ་སྟེ་དཔའ་བོ་རྣམས་ནི་ཞེས་པ་ནས་གཡས་བརྐྱང་གི་སྟབས་ཀྱིས་འཁྱུད་པའོ། །ཨོཾ་ཨཱཿཧཱུཾ་ཤར་ལྷོར་མུ་མེན་གྱི་བུམ་པ་བཞི་མཉམ་རྣམ་པ་གསེར་བཙོ་མའི་ཁུ་བ་ལྟ་བུས་གང་བ། ཨོཾ་ཨཱཿཧཱུཾ་ལྷོ་ནུབ་གསེར་གྱི་སོགས། ཨོཾ་ཨཱཿཧཱུཾ་(༡༢ན)


GLG010_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་དུ་བྱུ་རུའི་སོགས། ཨོཾ་ཨཱཿཧཱུཾ་བྱང་ཤར་དུ་དངུལ་གྱི་བུམ་པ་ག་བུར་ཤེལ་དཀར་བཞུ་བ་ལྟ་བུས་གང་བ་སྟེ་བཞི་གའང་ཐོད་པ་ནས་ཁ་བཅད་པའོ། །གཙོ་བོའི་ཐུགས་ཀར་པཾ་ལས་པད་མ་དང་ཨཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུཾ་དམར་པོ་ཡོངས་སུ་གྱུར་པ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པའི་རྐང་བརྒྱད་བཞོགས་ཇེ་འཕེལ་དུ་སོང་བའི་ལྟེ་བར་ཉེ་ས་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་དམར་པོར་བསམ། །ལྷ་རྣམས་ཀྱི་དཔྲལ་བར་ཨོཾ་ནས་དགུག་གཞུག་གི་བར་སྒྲུབ་ཐབས་བཞིན། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མཱ་རི་སོགས་སྔགས་དང་ཕྱག་རྒྱ་རིམ་པ་བཞིན་སྦྱོར། དེ་བཞིན་དུ་ཚིག་རྐང་དང་པོ་དང་གསུམ་པ་མན་ཐམས་ཅད་ལ་སྦྱར་ཞིང་། ལྷ་རྫས་དམ་པའི་ཞབས་བསིལ་འདི། མེ་ཏོག །མར་མེ། དྲི་ཆབ། ཞལ་ཟས། རོལ་མོའི་བར་གྱིས་མཆོད། ནང་མཆོད་བདུད་རྩི་རིལ་བུ་བཏབ་པའི་དབང་དུ་བྱས་ནས་གོང་དུ་བྱིན་རླབས་ཀྱི་གསལ་ཁ་མེད་མཐེབ་སྲིན་གྱིས་སྤྱི་བོ་ནས་གཏོར་ཞིང་། མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་བའི་བདག་(༡༢བ)


GLG010_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བི་རྭ་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། གྲུབ་ཆེན་ཌཱོམྦྷི་ཧེ་རུ་ཀའི་ཞལ་དུ་ཨོཾ་ཨཱཿཧཱུཾ། གྲུབ་ཐོབ་ཀྱི་འཁོར་ལོ་སྒྱུར་བ་དཔལ་འཛིན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། བྲམ་ཟེ་བིར་ཌི་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། པཎ་ཆེན་མ་ཏི་གརྦྷའི་ཞལ་དུ་ཨོཾ་ཨཱཿཧཱུཾ། པཎ་ཆེན་གམྦྷིར་མ་ཏིའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་གདན་པ་ནི་ཥལཱཾ་ཀ་དེ་ཝའི་ཞལ་དུ་ཨོཾ་ཨཱཿཧཱུཾ། པཎྜི་ཏ་རེ་བེནྡྲ་པྲ་བྷ་བའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཆག་ལོ་ཆོས་རྗེ་དཔལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གོ་ལུང་པ་མདོ་བདེ་དཔལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཤོང་ལོ་རྩ་བ་བློ་གྲོས་བརྟན་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ལོ་ཙཱ་བ་མཆོག་ལྡན་བཀའ་བབས་དང་པོ་དཔྱལ་དག་གསུམ་པ་དཱ་ནཱ་ཤཱོ་ལ་དང་བྱེ་བྲག་ཐུགས་སྲས་ལོ་ཙཱ་བ་དང་ར་ཁ་བྲག་པ་ནས་བརྒྱུད་པ་སོགས་རྣམ་གྲངས་མང་ཡང་འདིར་གཙོ་ཆེ་ཤོས་གཅིག་ལས་ཡི་གེར་འཇིགས་ནས་མ་བཀོད་དོ། །ལེགས་པའི་བློ་གྲོས་ཀྱི་ཞལ་དུ་ཨོ་ཨཱཿཧཱུཾ། བླ་མ་དཔལ་ལྡན་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། བདག་ཆེན་རྡོ་རྗེ་འཆང་གི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེ་བཙུན་རྡོ་རིང་(༡༣ན)


GLG010_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཞལ་དུ་ཨོཾ་ཨཱཿཧཱུཾ། མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རིགས་ཀུན་བདག་པོ་མགོན་པོ་བསོད་རྣམས་མཆོག་ལྡན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། སྙིང་གའི་ཐད་ནས་འཐོར་ཞིང་ཨིཧྲཱིཿཥྚཱིཿ་ནས། ཨོཾ་རྵྱ་ར་ཏི་ཧཱུཾ་ཛཿ དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རང་གི་ལྕེ་རྩེ། དཔྲལ་བ། སྤྱི་བོར་རེག་ལ་ཨོཾ་ཨཱཿཧཱུཾ། འདིའི་སྐབས་སུ་ནང་མཆོད་ནས་བླངས་ཏེ་གཏོར་མ་སྐྱོང་ཞིང་། བར་ཕུད་ཞེས་པའི་ཐ་སྙད་མཛད། ལྟེ་བ་ཙམ་ནས་འཐོར་ཞིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་དཔལ་གུར་གྱི་མགོན་པོ་སོགས་ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾཤྲཱི་ངྷརྨ་པཱ་ལ་ཙ་ཏུ་རྨཱུ་ཁ་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿ་ཧཱུཾ། ཨོཾ་བཛྲ་ཀཱ་ལ་ཡཀྵ་ཡཱེ། ཀ་ལི་ཡཀྵཡཀྵ་བུ་ཏྲ་ཡེ། རུ་དྲ་བྷ་ཏྲ་ཡེ། རུ་ལུ་རཀྑ་སཱི། གནོད་སྦྱིན་ལྕམ་དྲལ་པུ་ཏྲ་མིང་སྲིང་འཁོར་དང་བཅས་པའི་ཞལ་༝། ཨོཾ་རཀྨོ་པྲ་ཎ་ཨཱཏྨ་གནོད་སྦྱིན་བེག་ཙེ་ལྕམ་སྲིང་(༡༣བ)


GLG010_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པའི་ཞལ་༝། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་འཆི་བདག་ལས་ཀྱི་གཤིན་རྗེའི་ལྕམ་དྲལ་འཁོར་དང་བཅས་པའི་ཞལ་དུ་༝། གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་༝། ཕྱོགས་སྐྱོང་བཅུ་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། འཇིགས་བྱེད་དགུ །རྒྱལ་ཆེན་བཞི། གཟའ་དགུ ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས་ཀྱི་ཞལ་༝། གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། མཁའ་འགྲོ། ཞིང་སྐྱོང་། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་༝། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་༝། ཐུར་དུ་ཕྱོགས་པར་གཏོར་ཞིང་། གནས་བདག་གཞི་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཨོཾ་ཨཱཿཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏ་སྭ་དཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དཀྱིལ་འཁོར་པ་རྣམས་ཀྱིས་གཙོ་བོ་ལ་བསྟོད་པར་བསམ་ཞིང་། དྲིལ་སྟབས་སུམ་སྐོར་བྱེད་ཅིང་གདངས་དང་བཅས། ཨ་ཡེ་ཀྱེ་ཀྱེ་བདུད་རྩིའི་བུམ་པར་མི་གསལ་ཡང་གཙོ་བོའི་བསྟོད་པ་བུ་ལུགས་ལྟར་བཀོད་གཤིན་རྗེའི་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། ཁོ་བོ་ཁྱོད་མཐོང་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །ཁྱོད་ཀྱི་གར་མཛད་ས་སྟེང་དང་། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པའི་ཁྲོ་པའི་ཡིད། །གར་(༡༤ན)


GLG010_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཁྱོད་ཉིད་རོ་ལངས་ལགས། །སྐུ་ལུས་སྦོམ་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་སྐུར་སྤྲུལ་པ། །རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚྲཱིཿགསང་སྔགས་དག་གིས་ནི། ཁྱོད་ནི་ས་གསུམ་འཁྲུལ་པ་སེལ། །རྗེ་བཙུན་སྙིང་རྗེའི་ཁྲོ་བོ་ལགས། །གར་མཛད་ཁྱོད་ནི་འཇིག་རྟེན་གཟིགས། །རྡོར་དྲིལ་དང་བཅས་འཁྱུད་རྒྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅ཧཾ། དེ་ནས་སྒྲ་དང་བྲག་ཆའི་ཚུལ་གྱིས། གཙོ་བོས་ཀྱང་འཁོར་རྣམས་ལ། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་རབ་ཏུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་ཏུ་གསལ། །རིན་ཅེན་རྡོ་རྗེ་ཁྱོད་ཕྱག་མཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། ཁྱབ་བདག་ཆགས་པའི་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །ཡང་འཁོར་རྣམས་ཀྱིས་གཙོ་བོ་ལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། ཅེས་པས་བསྟོད། གཏོར་མ་དང་པོ་ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་(༡༤བ)


GLG010_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐོད་པའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། པི་ར་ཤུམ་མུ་ལས་བདུད་རྩི་ལྔ། དེ་དག་གི་སྟེང་དུ་ཨོཾ་ཡིག་དང་། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། འོག་གི་རླུང་བསྐྱོད་པས་མེ་འབར་ནས་རྫས་རྣམས་སྐོལ་ཞིང་གཅིག་ཏུ་གྱུར་ཏེ། ཨོཾ་དང་ཟླ་བ་རྡོ་རྗེ་དང་བཅས་པའང་ལྷུང་བས་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་བསམས་ལ། ལག་པ་གཡོན་མ་བསྟན་ཏེ་ཨོཾ་ཞེས་པས་སྦྱངས། ལག་གཡས་པ་བསྟན་ཏེ་ཨཱཿཡིས་རྟོགས། གཉིས་ཀ་ཕན་ཚུན་བསྣོན་ཏེ་མཐེའུ་ཆུང་སྦྲེལ། མཐེ་བོང་ལག་མཐིལ་དུ་བཀུག །སོར་མོ་ལྷག་མ་གཤིབས་ཏེ་ཅུང་ཟད་ཐུར་དུ་བསྐྱངས་པ་འདབ་ཆགས་སྤྱིའི་ཕྱག་རྒྱས་སྦྱར། ལག་གཉིས་བསྣོལ་ཏེ་རྒྱབ་སྦྱར་བའི་སྲིན་ལག་སྦྲེལ། མཐེའུ་ཆུང་དང་གུང་མོ་གཉིས་བཀུག་པ་མཐེ་བོང་གིས་མནན། མཛུབ་མོ་གཉིས་བསྒྲེང་བ་འཆི་མེད་རྣམ་རྒྱལ་གྱི་ཕྱག་བྱ་ཁྱུང་གི་ཕྱག་རྒྱ་དང་འདི་གཉིས་བུ་ལུགས་ལ་གཞན་ཞིག་སྣོན། རྒྱ་བསྟན་ཏེ་ཧཱུཾ་གིས་སྒྲོན་མ་ལྟར་བྱ། མཛུབ་མོ་གཉིས་གུང་མོའི་རྒྱབ་ནས་ཅུང་ཟད་མ་རེག་པར་བཀུག་པ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ཏེ་ཨོཾ་ཨཱཿཧཱུཾ་གིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ་པར་བསམས་ལ། དེ་དག་གི་ལྗགས་རྡོ་རྗེའི་སྦུ་གུ་ཅན་ལས་འོད་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང་། རྡོ་རྗེ་ཐལ་མོ་ཁ་གྱེན་ཏུ་ཕྱེ་ལ། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊཱ་ཡ། རཀྟ་མུ་ཁཱ་ཡ། རཀྟ་ཤ་རཱི་རཱ་ཡ། རཀྟ་བྷུ་ཛཱ་ཡ། རཀྟ་མུ་ཎྜ་མཱ་ལཱ་བྷ་ར་ཎྜ་ཡ། རཀྟ་ར་ཐས་མ་རཱུ་ཌྷཱ་ཡ། རཀྟ་པདྨཱས་ནཱ་ཡ། རཀྟ་བྷ་ར་ཎ་བྷཱ་ཥ་ཎཱ་ཡ། ཨི་དཾ་བ་ལིཾ། གྲྀ་ཧྞ་(༡༥ན)


GLG010_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྲྀ་ཧྞ། མ་མ་བིགྷཱ་ནཾ། ཧ་ར་ཧ་ར། ཙ་ཏུ་རྨཱ་རནྣི་བཱ་ར་ཡ་ནི་བཱ་ར་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲ་མ་ཡ། བྷྲ་མ་ཡ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ནཱ་ཤ་ཡ། ནཱ་ཤ་ཡ། ཤོ་ཥ་ཡ། ཤོ་ཥ་ཡ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ཨོཾ་ཤྲཱི་རཀྟའི་མཇུག་ཏུ་ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། སྔགས་གཤམ་དུ་འབྲུ་གསུམ་གྱིས་ནང་མཆོད་འབུལ། དྲིལ་སྟབས་སུམ་སྐོར་དང་བཅས་གོང་བཞིན་བསྟོད། ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པའང་ཡི་གེ་བཞི་པས་སྔགས་རྒྱས་སྔར་ལྟར་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེའི་གཤེད་ལྕགས་ཀྱུ་དང་ཞགས་པ་འཛིན་པ་སྤྲོས་ཏེ། ཕྱོགས་སྐྱོང་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཏབ། མགྲིན་པ་ནས་ཞགས་པས་བཅིངས་ཏེ་བཀུག་པར་བསམ། ལག་གཉིས་རྡོ་རྗེ་ཁུ་ཚུར་ལས། གཡོན་པའི་མཐེའུ་ཆུང་དང་། གཡས་པའི་མཛུབ་མོ་སྦྲེལ་བ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨོཾཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་སརྦ་དུཥྚཾ་ནྡྲ་ཨཱ་དིན་ས་པཱ་རི་ཝཱ་རི་ཝཱ་ར་ཨཱ་ཀརྵྱཱ་ཡ་ཛཿསྭཱ་ཧཱ། གཏོར་སྣོད་ཀྱི་མཐར་གཡས་སྐོར་གྱིས་ཤར་དུ་དབང་པོ་ས་སྲུངས་ལ་ཞོན་པ། ལྷོར་གཤིན་རྗེ་མ་ཧེ་ལ་ཞོན་པ། ནུབ་ཏུ་ཆུ་ལྷ་ཆུ་སྲིན་ལ་ཞོན་པ། བྱང་དུ་ལུས་ངན་གཏེར་ལ་གནས་པ། དབང་ལྡན་དུ་དབང་ལྡན་ཁྱུ་མཆོག་ལ་ཞོན་པ། མེར་མེ་ལྷ་ར་སྐྱེས་ལ་ཞོན་པ། བདེན་བྲལ་དུ་སྲིན་པོ་རོ་ལངས་ལ་ཞོན་པ། རླུང་དུ་རླུང་ལྷ་རི་དྭགས་ལ་ཞོན་པ། དབུས་སུ་ཚངས་པ། མདུན་དུ་ཟླ་བ། རྒྱབ་ཏུ་ཉི་མ། གཞོགས་གཡས་སུ་ནོར་འཛིན་མ། གཡོན་དུ་ཐགས་བཟང་རིས། དེ་རྣམས་ལ་(༡༥བ)


GLG010_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་གསུམ་ན་སྤྱོད་པའི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་བསམས་ལ། གཡོན་རྡོ་རྗེ་ཁུ་ཚུར་ཕུར་བུ་འཛིན་ཚུལ། གཡས་རྡོ་རྗེ་དང་བཅས་ཐལ་མོ་བརྐྱངས་པའི་མཐེ་བོས་མཐེའུ་ཆུང་མནན། སོར་མོ་དབུས་མ་གསུམ་བརྐྱངས་པའི་ཕྱག་རྒྱ་བཅས་ཏེ། རང་གི་སྙིང་ག་ནས་ཁྲོོ་བོ་གཤིན་རྗེའི་གཤེད་ཕྱག་ན་ཐོ་བ་དང་ཕུར་བུ་ཐོགས་པ་སྤྲོས་ཏེ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། སྔར་གྱི་ཕྱག་རྒྱས་ཕུར་བུ་བརྡུང་ཚུལ་བྱ། ཧཱུཾ་སརྦ་དུ་ཥྚཾ་ནྡྲ་ཨཱ་དིན་ས་པ་རི་ཝཱ་རན་ཀཱི་ལཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། སྙིང་ག་དང་མགྲིན་པ་དང་རྐང་པའི་བར་དུ་ཕུར་བུས་བཏབ་པས་གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ་སྐད་གཅིག་གིས་སྟོང་པའི་ངང་ལས། ཞེ་སྡང་གཤིན་རྗེའི་གཤེད་ཀྱི་སྐུ་གཉུག་མའི་ཤེས་རབ་མས་འཁྱུད་པ། གཡོན་བརྐྱངས་ཀྱིས་གནས་པ། སྒྲུབ་པ་པོའི་བསམ་པ་ཡོངས་སུ་རྫོགས་པའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨོཾ་བཛྲ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་དབང་བསྐུར་བས་ཞེ་སྡང་གཤིན་རྗེའི་གཤེད་རེ་རེས་དབུ་བརྒྱན་པར་བསམ། ཨོཾ་ཨ་རྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་པཱ་དྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་ཞབས་བསིལ་ཕུལ། ཕྱོགས་སྐྱོང་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གསལ་བར་བསམས་ནས་རྡོར་ཐལ་གྱེན་ཕྱེ་མཐར་སེ་གོལ་བཅས། ཨིནྡྲཱ་ན་མཿ འདི་རྣམས་བདུད་རྩིའི་བུམ་པར་མི་འདུག་རུང་། བུ་ལུགས་དང་རྒྱལ་རྩེ་གཟུངས་འབུམ་མཐུན་པར་བྱུང་ཡ་ན་མཿཧྲཱིཿ ཡ་མཱ་ཡ་ན་མཿ ཥྚྲཱིཿ ཝ་རུ་ཎཱ་ཡ་ན་མཿཝི། ཀུ་བེ་རཱ་ཡན་མཿཀྲྀ། ཤ་ནཱ་ཡ་ན་མཿཏ། ཨགྣ་ཡེ་ན་མཿ་ཨཱ། ནི་རི་ཏ་ན་མཿ ན། བཱ་ཡ་བེ་ན་མཿན། ཙནྡྲཱ་ཡ་ན་མཿཧཱུཾ། ཨརྐཱ་ཡ་ན་མཿཧཱུཾ། བ་སུནྡྷཱ་རཱ་ཡཻ་ན་མཿབཞུ། བཻ་མེ་ཙི་ཏྲི་ཎེ་མཿ (༡༦ན)


GLG010_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ། སརྦ་བྷཱུ་ཏེར་བྷྱོ་ན་མཿཧཱ། ཧཱ་ཧཱ་ཧཱ། ཧཱི་ཧཱི་ཧཱི། ཧཱུཾ་ཧཱུཾ་ཧཱུཾ། ཕིཾ་ཕིཾ་ཕིཾ་སྭཱ་ཧཱ། ལན་གསུམ་གྱིས་འབུལ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་པུ་ཥྤེ་ནས་ཤཔྟའི་བར་གྱིས་མཆོད། སྔགས་མཇུག་ཏུ་འབྲུ་གསུམ་གྱིས་ནང་མཆོད་དབུལ། དྲིལ་བུ་བསིལ་ཞིང་། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུག་པ་འདུལ་མཛད་པ། གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང་། ཕྱོགས་སྐྱོང་བཅོ་ལྔའི་ཚོགས་ལ་འདུད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་གཏོར་མ་གཙང་སར་གཏོང་། །རྡོར་དྲིལ་བཅས་འཁྱུད་རྒྱ་ལ་གནས་པས། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་ལ་བདེ་སྐྱིད་འབྱུང་བ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་དོན་དུ་གཉེར་བ་བདག་གི་འཁོར་དང་བཅས་པ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་བ་དང་སྐྱོབ་པ་དང་། སྦ་བའི་འཕྲིན་ལས་མཛོད་ཅིག་(༡༦བ)


GLG010_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་མུཿའཇིག་རྟེན་པའི་མགྲོན་རྣམས་གཤེགས་པར་བསམས་ལ། ཧྲཱིཿཥྚྲཱིཿརྗོད་ཅིང་རོལ་མོ་དྲག་ཏུ་བྱ། འདི་འམ་འདས་གཏོར་གྱི་འོག་ཏུ་ཆོས་སྐྱོང་རྣམས་ལ་གཏོར་བསྔོས་བྱ། མདུན་གྱི་མཎྜལ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྟ་ཡ་མཱ་རི་མནྜལ་ས་པ་རི་ཝཱར་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་དབུལ་བསྟོད་པ་བྱ། བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སོགས་ཀྱིས་གསོལ་བ་གདབ། ཡིག་བརྒྱ་བརྗོད། ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་ཤིས་བརྗོད་བྱ། བཞི་པ་བཟས། ལྔ་པ་ཉལ་བ། དྲུག་པ་ལྡང་བ། བདུན་པ་སྤྱོད་ལམ་གྱི་རྣལ་འབྱོར་ཀུན་མཁྱེན་མཁྱེན་བརྩེའི་རྣམ་བཤད་སོགས་ལས་ཤེས་པར་བྱའོ། །དེ་ལྟར་མཐུ་སྟོབས་དབང་ཕྱུག་བི་རཱུ་པའི། །བཞེད་སྲོལ་མ་དྲོས་མཚོ་རུ་ལེགས་གཏམས་པ། །རྒྱ་བོད་མཁས་གྲུབ་བཀའ་བབས་ཆུ་བོ་བཞི། །ཚད་མེད་སྐལ་ལྡན་ཟླ་བའི་མ་མར་འཁྱིལ། །ལྗོངས་འདིར་དྲི་མེད་རིང་ལུགས་ལེགས་སྤེལ་བ། །ཐམས་ཅད་མཁྱེན་ངེས་བུ་སྟོན་ལོ་ཙཱ་དང་། །བགྲང་ཡས་དཀྱིལ་འཁོར་མགོན་པོ་ཨེ་ཝཾ་པའི། །སྨིན་གྲོལ་གདམས་པའི་གཏེར་མཛོད་ཚར་པ་རྗེ། །མགོན་འདིའི་རྡོ་རྗེའི་ཚིག་གི་གསང་བ་རྣམས། །འཛིན་མཛད་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་གི །རྣམ་བཤད་དཔང་པོར་བྱས་ལས་རང་བཟོ་དང་། །ལུགས་གཞན་སྲོལ་བཀག་མུན་མདའ་འདི་ན་མེད། །ཚིག་ཉུང་བློ་དམན་རྣམས་ཀྱིས་རྟོགས་དཀའ་དང་། །ངལ་བའི་ཁུར་གྱིས་མནར་བའི་སྤྲོས་པ་ཅན། །མ་ཡིན་མཐའ་གཉིས་མ་ལྷུང་དབུ་མའི་ལམ། །འདི་ཀོ་འཇམ་དཔལ་དགྱེས་པའི་ཞལ་ལུང་ལགས། །དགེ་བས་སྒྲིབ་གཉིས་ལྷ་ཆེན་ཉི་མའི་བུའི། །གཡུལ་ལས་རྣམ་པར་(༡༧ན)


GLG010_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བ་དན་ལྕེ། །སྲིད་པའི་རྩེ་མོར་ཕྱར་ནས་ལུས་ཅན་ཀུན། །གཟུང་འཇུག་གཤིན་རྗེའི་གཤེད་པོ་འགྲུབ་པར་ཤོག །ཅེས་རྣལ་འབྱོར་དབང་ཕྱུག་བི་རཱུ་པ་ཆེན་པོའི་བཞེད་སྲོལ་འཇམ་དཔལ་གཤིན་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་འཇམ་དཔལ་དགྱེས་པའི་ཞལ་ལུང་འདི་ནི་རང་ཉིད་ཀྱི་དྲན་པ་གསོ་བ་དང་། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡབ་སྲས་ཀྱི་རིང་ལུགས་འཛིན་པའི་འདུས་པའི་གྲྭ་རྣམས་སུ་ཕན་པར་གྱུར་ན་སྙམ་པའི་ཀུན་རྟོག་གིས་ཡིད་དྲངས་ཏེ་དཀྱིལ་འཁོར་རྒྱ་མཚོའི་མགོན་པོ་རྗེ་བཙུན་བཀའ་འགྱུར་བ་ཆེན་པོ། ཐམས་ཅད་མཁྱེན་པ་ཟུར་ཆོས་དབྱིངས་རང་གྲོལ། མཁས་བཙུན་གྲུབ་པའི་དབང་ཕྱུག་མཁན་ཆེན་ཞ་ལུ་པ་གསུམ་གྱི་བཀའ་དྲིན་ལས་ཆོས་ཚུལ་འདི་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཤར་བའི་ཟ་ཧོར་གྱི་བན་རྒན་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ། །མངྒ་ལཾ། །

འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་མཐོ་རིས་དབང་གི་ཆུ་རྒྱུན།


GLG010_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་མཐོ་རིས་དབང་གི་ཆུ་རྒྱུན་བཞུགས་སོ།།


GLG010_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྩ་ཡ་མཱ་རཱ་བྷྱ། བཀའ་དྲིན་མཉམ་མེད་དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་བསྡུ་བའི་བྱེད་པོ་རྗེ་བཙུན་བཀའ་འགྱུར་པ་མགོནཔོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཟུང་འཇུག་འཇམ་པའི་རྡོ་རྗེའི་གོ་འཕང་མ་ཐོབ་པ་དེ་སྲིད་དུ་རྗེས་སུ་གཟུང་དུ་གསོལ། །རབ་འབྱམས་རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་དབྱངས། །རབ་དམར་རྗེས་ཆགས་ཉམས་ལྡན་དུས་ཀྱི་དགྲར། །རབ་ཁྲོས་སྲིན་པོའི་གཟུགས་ཅན་ཁྲོ་བོའི་དབང་། །རབ་བརྗིད་གར་དགུའི་རྣམ་རོལ་མགོན་དེས་སྐྱོངས། །འཕགས་ཡུལ་པཎ་གྲུབ་ཡོངས་ཀྱི་གཙུག་གི་རྒྱན། །རྒྱན་མཆོག་གྲུབ་པའི་འཁོར་ལོས་སྒྱུར་པའི་དཔལ། །དཔལ་ལྡན་ཆོས་སྐྱོང་ཁྱོད་ཞབས་བྱང་ཆེན་ལམ། །ལམ་བཟང་མངོན་གྱུར་དེ་སྲིད་སྤྱི་བོར་མཛེས། །ངལ་ངལ་འཕགས་པའི་ཡུལ་བགྲོད་མཁས་རྣམས་བསྟན། །(༢ན)


GLG010_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་ཆོས་འདིའི་གནད་ལ་ཞུན་ཐར་བཅད། །གསལ་གསལ་བློ་གྲོས་ཡངས་པའི་འཇིག་རྟེན་མིག །མང་མང་བརྒྱུད་པར་བཅས་རྣམས་ཕྱག་གི་ཡུལ། །བཀའ་དང་དགོངས་འགྲེལ་བཞེད་སྲོལ་མ་ཉམས་ཤིང་། །བཀའ་བབས་རྣམ་པ་གསུམ་ལས་ཉེར་འོངས་དབང་། །བཀའ་བརྒྱུད་ཆུ་བོས་སྨིན་མཛད་གནས་གསར་བ། །བཀའ་དྲིན་མཉམ་མེད་བླ་མས་རྟག་ཏུ་སྐྱོངས། །ཟབ་མོའི་བྱིན་རླབས་སྩོལ་བའི་ཞ་ལུ་པ། །ཟབ་རྒྱས་གྲོལ་བའི་ལམ་སྟེར་ཟུར་ཆེན་རྗེ། །ཟབ་གསང་སྤྲོས་མེད་དྲན་ཚེ་མགོན་ཁྱོད་ཀྱི། །ཟབ་ལམ་རྣལ་འབྱོར་བསྒོམ་ལ་གཅིག་ཏུ་སྤྲོ། །དེ་ཕྱིར་མཐོ་རིས་དབང་གི་ཆུ་བོའི་རྒྱུན། །རྒྱུན་ཆད་མེད་པས་རང་རྒྱུད་སྨིན་པའི་ཐབས། །ཐབས་ཤེས་ཟུང་འཇུག་དཀྱིལ་འཁོར་ཆོ་གའི་ཚུལ། །ཚུལ་ལྡན་དམ་པའི་ཕྱག་བཞེས་ཇི་བཞིན་འགོད། །དེ་ལ་འདིར་འཇམ་དཔལ་གཤིན་རྗེའི་གཤེད་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་(༢བ)


GLG010_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བ་དང་སློབ་མ་རྗེས་སུ་འཛིན་པར་བྱེད་པ་ལ་སའི་ཆོ་ག་སྟ་གོན་གྱི་ཆོ་ག་དངོས་གཞིའི་ཆོ་ག་དང་གསུམ། དང་པོ་ལ་ས་བརྟག་པ། བསླང་བ། སྦྱར་བ། བཟུང་བ། ཕུར་བ་གདབ་པ་དང་ལྔ་ལས། དང་པོ་ནི། གཙུག་ལག་ཁང་། ཀུན་དགའ་ར་བ། རྒྱལ་པོའི་ཕོ་བྲང་། སྐྱེད་མོས་ཚལ་སོགས་སྔར་ནས་ལོངས་སྤྱོད་བཞིན་པའི་གནས་སུ་མི་དགོས་ཤིང་མ་དུལ་བའི་སར་བྱེད་ན་རྒྱུད་སྡེ་སྤྱིའི་ཁོག་དབུག་རྣམས་ལས་འབྱུང་བས་འདིར་མ་སྤྲོས། གཉིས་པ་བསླང་བ་ལ་སྣང་བ་དང་མི་སྣང་བ་གཉིས་། དང་པོ་ནི། གནས་དང་སའི་བདག་པོ་ལ་སློང་བ་ཡུལ་དུས་གནས་སྐབས་དང་བསྟུན། གཉིས་པ་ནི། དེ་ནས་དཀྱིལ་འཁོར་འདྲི་རྒྱུའི་ས་གཞིའི་དབུས་སུ་དྲི་བཟང་གི་ཐིག་ལེའི་སྟེང་དུ་ཚོམ་བུ་གཅིག་བཀོད། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ། མཉྫིའི་ཁར་གཏོར་ཟླུམ་ལ་ཆུ་ཆང་ནང་མཆོད་ཀྱིས་བྲན། རང་སྐད་ཅིག་གིས་ཞེ་སྡང་གཤིན་རྗེའི་གཤེད་ཡབ་ཡུམ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་བསམ། ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་གྱུར་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་བསམ། ཨོཾཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟ་ཨཱཿཧཱུྃ་གི་བར་སོ་སོའི་སྔགས་རྒྱས་བྱིན་གྱིས་བརླབ། གཏོར་མ་ཨོཾ་ཨཱཿཧོ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཞེས་ཕྱག་རྒྱ་དང་བཅས་བརླབ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨོཾ་(༣ན)


GLG010_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཤ་གྲ་མ་སྠི་ཏ་ཀྵེ་ཏྲ་པ་ཏི་ཨཱ་ཀརྵྱ་ཡ་ཛཿ ཞེས་ཚོམ་བུ་ལ་ཐིམ་པས་དངོས་སུ་གྱུར་པར་བསམ། ཨོཾ་དེ་ཤ་ནས་པ་ཏིའི་མཇུག་ཏུ་པྲ་ཀྲྀ་ཏི་ཀ་ས་པ་རི་ཝཱ་ར་དཾ་པ་ལི་གྲྀ་ཧྞ་གྲྀ་ཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། གོང་གི་སྔགས་གཤམ་དུ་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། མཐེབ་སྲིན་གྱིས་ནང་མཆོད་གཏོར་ཏེ་ཨོཾ་ཨཱཿཧཱུྃ་གིས་དབུལ། རྡོར་དྲིལ་སྤོས་བཅས་འཛིན་པས། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། བདག་ཞུ་ཁྱོད་ཀྱིས་སྩལ་དུ་གསོལ། ཞེས་སོགས་པ་བཏབ་པས། རིག་པ་འཛིན་པ་ཁྱོད་དཀྱིལ་འཁོར་གྱི་བྱ་བ་ཅི་བདེར་གྱིས་ཤིག་ཅེས་གནང་བ་བྱིན་པར་བསམ། མཆོད་ཡོན་གྱི་རྒྱས། ཨོཾ་ཨརྒྷཾ་སྭཱ་ཧཱ། གཡས་པའི་ཁུ་ཚུར་གྱི་མཐེབ་མཛུབ་ཀྱིས་ཕྱིར་སེ་གོལ་གཏོག་ཅིང་། ཨ་པ་རསྠ་ནཾ་གཙྪ་ཞེས་བརྗོད་དེ་གཏོར་མ་དོར་རོ། །གསུམ་པ་སྦྱང་བ་ནི། དཀྱིལ་འཁོར་གང་དུ་བྱ་བའི་ས་དེར་སློབ་དཔོན་རྡོར་དྲིལ་འཛིན་པས་ཞལ་དཀྱིལ་འཁོར་ཤར་ལ་གཟིགས་ཏེ་བཞེངས་པའི་ཕྱག་ཏུ་ལས་ཀྱི་རྡོ་རྗེས་ཡུངས་ཀར་སོགས་གྲུབ་རིམ་བཞིན་འབུལ། ཧྲཱིཿཥྚྲཱིཿབཟླ་ཞིང་བྱང་ཤར་ནས་འགོ་བརྩམས་ཏེ་གཡས་སྐོར་དུ་རིམ་པ་ལྟར་ཡུངས་ཀར་དང་སྦྱིན་སྲེག་གམ་མི་རུས་ཀྱི་ཐལ་བ་གཏོར། ཙནྡན་བུ་ལུགས་འཇིག་རྟེན་ཤར་མཛད་དང་གུར་ཀུམ་གྱིས་སྦྲན་པའི་དུང་ཆུ་ཀུ་ཤས་འཐོར་ཞིང་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་མངོན་པར་འདུ་བགྱིས་པའི་བ་བྱུང་ལྔ་ཤར་ནས་བརྩམས་ཏེ་འབྱུང་། དབུས་སུ་སློབ་དཔོན་ཞལ་ཤར་དུ་ཕྱོགས་པས། ཕྱག་གཉིས་ས་གནོན་གྱི་ཕྱག་རྒྱས་ས་ལ་རེག་ལ། ཨོཾ་(༣བ)


GLG010_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཁཾ། །ས་ནམ་མཁའི་རང་བཞིན་དུ་བསམ། ཧཱུྃ་ལཾ་ཧཱུྃ། ས་རྡོ་རྗེའི་རང་བཞིན་དུ་བསམ། ཨོཾ་མེ་དཱི་ནི་བརྫྲི་བྷ་ཝ་བཛྲ་བནྡྷ་ཧཱུྃ། ས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པར་བསམ། སའི་ཕྱོགས་འདིར་བཅོམ་ལྡན་འདས་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཆེན་པོ་འདྲི་བར་བྱའོ། །ཞེས་བརྗོད། བཞི་པ་ས་གཟུང་བ་ནི། ས་གཞིའི་དབུས་སུ་སློབ་དཔོན་སྟན་བཤམས་པ་ལ་བཞུགས་ཤིང་སློབ་མ་རྣམས་གྲལ་ལ་འཁོད་པའི་མདུན་རྡོར་དྲིལ་རོལ་ཆེན་གྱི་ཆ་ལག་རྣམས་བསྒྲིགས། སྟེགས་ཀྱི་ཁར་སྔོན་འགྲོ་གཏོར་མ་བཤམས་པ་ལས་ཀྱི་རྡོ་རྗེས་ཆུ་ཆང་ནང་མཆོད་ཀྱིས་རིམ་གྱིས་སྦྱངས། ཕྱག་གསུམ་བཙལ་ནས་འགྲེངས་ཏེ་ཐལ་མོ་འདུད་པ་དང་བཅས་སྔོན་འགྲོ་གཏོར་མ་བྱིན་རླབས་མཛད་པ་ཞུ། ཞེས་བརྗོད། ཨོཾ་ཨཱཿཧོ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཞེས་ཕྱག་རྒྱ་དང་བཅས་པས་བརླབ། ཧྲཱིཿཥྚྲཱིཿས་བསངས། ཧཱུྃ་སརྦ་དུ་ཥྚཾ་ནས་བཟུང་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་མཎྜལ་སྒྲུབ་མཆོད་ལྟར་ལ། གཏོར་མ་བཏང་ཞིང་འཁྱུད་རྒྱ་བྱས་ནས། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བར་འཚལ་ན། དཀར་ཕྱོགས་ལ་མངོན་པར་དགའ་བའི་སྲུང་མ་ཁྱད་པར་ཅན་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་(༤ན)


GLG010_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་འདི་བཞེས་ལ། དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་བསྲུང་བ་དང་། དེ་ནས་ཀྱང་བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པ་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་བར་ཆད་ཐམས་ཅད་བསྲུང་བ་དང་། བྱང་ཆུབ་སྒྲུབ་པའི་གྲོགས་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་ཞེས་པས་རང་དང་སྒྲུབ་གྲོགས་ཀྱི་གནས་གསུམ་བསྲུངས། བཛྲ་མུཿཞེས་དང་། ལག་གཡས་རྡོ་རྗེ་དང་བཅས་པ་ས་ལ་རེག་སྟེ། གང་དག་ནག་པོའི་ཕྱོགས་སུ་གྱུར་པའི་གསང་སྤྱོད་ལྟ་བར་མི་དབང་བའི་འགེགས་དང་ལོག་པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཧྲཱིཿཥྚྲཱིཿབརྗོད་ཅིང་རྡོ་རྗེ་གསོར་དྲིལ་བུ་དྲག་ཏུ་དཀྲོལ་གཏོར་མ་ཕྱིར་དོར་རོ། །མཆོད་པ་བྱིན་རླབས་གནས་ཁང་བྱིན་རླབས་དོར་བའི་གཞན་མ་མཎྜལ་སྒྲུབ་མཆོད་ལས་བྱུང་བ་ལྟར་དང་སྐྱབས་འགྲོ་ནས་བཟུང་བཟླས་པའི་བར་སྒྲུབ་ཐབས་བདུད་རྩིའི་ཆུ་རྒྱུན་དུ་བདག་བསྐྱེད་ས་སྦྱང་པའི་གོང་དུ་བྱུང་ཡང་འདིར་བུ་ལུགས་ཀྱི་ཕྱག་ལེན་བདེ་བར་སྣང་བས་འདིའི་རྗེས་སུ་འབྲངས་བཞིན་བྱ། དེ་ནས་སན་ཇི་ལའི་སྟེང་དུ་གར་ཆས་སུ་ཞུགས་ཏེ་འཁོད་པར་ཕྱོགས་བཞི་ནས་སྒྲུབ་གྲོགས་ཇི་ལྟར་འོས་པས་རྡོ་དྲིལ་འཛིན་ཅིང་ལྷའི་ང་རྒྱལ་དང་ལྡན་པས་འགྲེངས། ཕྱོགས་བཞི་གའམ་བསྡུ་ན་སློབ་དཔོན་གྱི་མདུན་ཕྱོགས་སུ་མཆོད་པ་ཚར་གཅིག་བཤམས། མཆོད་པ་གོང་བཞིན་བྱིན་གྱིས་བརླབ། མཆོད་འཕྲེང་གི་ཚིགས་བཅད་རྣམས་ལ་ཐལ་མོ་སྦྱར། སརྦ་ཏ་ཐཱ་ག་ཏ་ལ་པད་ཀོར། མཆོད་སྔགས་སོོ་སོ་ལ་སོ་སོའི་ཕྱག་རྒྱའི་མཐར་སེ་གོལ་གཏོག་པ་ཐམས་ཅད་ལ་འགྲེ་བས། འཛམ་བུའི་གླིང་དང་གླིང་གཞན་ན། །མཆོད་(༤བ)


GLG010_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཚོགས་ཀྱིས་བཀང་བ་ཡང་། །བླ་མ་གཤིན་རྗེའི་གཤེད་པོ་ལ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མཱ་རི་ས་པ་རི་ཝཱ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། །དེ་བཞིན་དུ་ཉེར་སྤྱོད་རོལ་མོའི་བར་འདོན་པ་བསྒྱུར་ཤཔྟ་ལ་རོལ་ཆེན། ཁ་དོག་བུས་མཛད་པའི་མཆོད་སྤྲིན་བསམ་ཡས་ཀྱི་ཕྱག་ལེན་བཞིན། བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་རྫས་ལས་བྱུང་བའི། །ན་བཟའི་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བགྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །སྤཪྴའི་ཕྱག་རྒྱ་བཅས་ལ། །སྔགས་མཇུག་ཏུ་ཨོཾ་བང་ཝ་ས་སེ་ཨོཾ་ཨཱཿཧཱུྃ། །གཟུང་འཛིན་ང་རྒྱལ་བཅོམ་པའི་སྟག་ལྤགས་ལ། །ཤེས་རབ་ཁྲག་དང་ཐབས་ཀྱི་སྡེར་བཞི་ལྡན། །ཤིན་ཏུ་དཔའ་མཚན་ཤམ་ཐབས་འདི་ཕུལ་བས། །མངོན་པའི་ང་རྒྱལ་མ་ལུས་ཟད་པར་ཤོག །སྤཪྴའི་ཕྱག་རྒྱས་སྔགས་མཇུག་ཏུ་ཨོཾ་བྱཱ་གྷྲ་ཙརྨ་ཝ་ས་སེ་ཨཱཿཧཱུྃ། །ཉོན་མོངས་ཤ་ཁྲག་ཟད་པའི་ཐོད་པ་ལྔ། །ཐབས་ཤེས་མ་བྲལ་རྫོགས་པའི་ཡེ་ཤེས་ཀྱི། །རྡོ་རྗེར་བརྒྱུས་པའི་ཅོད་པན་འདི་ཕུལ་བས། །བདེ་གཤེགས་རིགས་ལྔའི་ཅོད་པན་ལྡན་པར་ཤོག །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་མགོ་བའི་གནས་ལྔར་བཞག་ལ། །སྔགས་མཇུག་ཏུ་ཨོཾ་བཛྲ་ཤུ་སྐ་ཀ་པཱ་ལ་མཱ་ལ་མུ་ཀུ་ཊ་ཨཱཿཧཱུྃ། །བདུད་རིགས་གཤིན་རྗེ་བསད་པའི་མགོ་བོའི་འཕྲེང་། ཁྲག་འཛག་ལྔ་བཅུ་རྒྱུ་མར་བརྒྱུས་པ་འདི། ཁྲོ་རྒྱལ་སྐུ་ཡི་དོ་ཤལ་དུ་ཕུལ་བས། །ཡི་གེ་ལྔ་བཅུ་དག་པའི་གསུང་ཐོབ་ཤོག །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱས་དཔུང་པ་གཡས་པའི་ཐད་ནས་གཡོན་དུ་བསྐོར་བའི་ཚུལ། །སྔགས་མཇུག་ཏུ་ཨོཾ་སད་རཀྟ་མུཎྜ་མཱ་ལ་བྷ་ར་ཎ་ཨཱཿཧཱུྃ། །དུག་ལྔ་ལྕེ་གཉིས་ལྡན་པ་གདུག་(༥ན)


GLG010_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦྲུལ། །མགོ་ལ་ཡིད་བཞིན་ནོར་བུས་རབ་བརྒྱན་པའི། །གདེངས་ཀ་ཅན་རྣམས་སྐུ་ཡི་རྒྱན་དུ་འབུལ། །དུག་ལྔ་ཡེ་ཤེས་ལྔ་རུ་གནས་འགྱུར་ཤོག །སྔགས་མཇུག་ཏུ་ཨོཾ་ཨཥྚཱ་ནཱ་གཡོན་པའི་མཛུབ་གུང་སྲིན་གསུམ་བཀུག་མཐེ་བོང་མཐེའུ་ཆུང་གཉིས་བརྐྱངས་པའི་རྒྱབ་ནས་གཡས་ཀྱི་སོར་མོ་ལྔ་ཅུང་ཟད་བཀུག་པའི་ཚུལ་ག་རཱ་ཛཱ་བྷུ་ཛི་ག་ཨཱ་ལཾ་ཀ་ར་ཨཱཿཧཱུྃ་གཟུགས་ཀྱི་མཆོད་པ་ཁྱད་པར་ཆེ། །སྒྲ་ཡི་མཆོད་པ་ཡིད་འོང་ལྡན། །དྲི་ཡི་མཆོད་པ་ཚིམ་པའི་མཆོག །རོ་ཡི་མཆོད་པ་བླ་ན་མེད། རེག་བྱའི་མཆོད་པ་བདེ་མཆོག་ལྡན། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །རབ་འབྱམས་ཞིང་རྣམས་ཡོངས་བཀང་སྟེ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་མཆོད། །སྔགས་མཇུག་ཏུ་ཨོཾ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། །ཞིང་འདི་རིན་ཆེན་སྣ་བདུན་གྱི། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་མཆོད། །སྔགས་མཇུག་ཏུ་སཔྟ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ཏེ། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་དཀྱིལ་འཁོར་ལྷ་ཚོགས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱིས། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། །སྔགས་མཇུག་ཏུ་ཨོཾ་ཨཥྚ་མདྒ་ལ་དྲ་བྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། ཨོཾ་སརྦ་བིད་པཱུ་ར་ནས་ཨོཾ་བཛྲ་སྥ་ར་ཎ་ཁཾ། །ལག་གཉིས་ཐལ་མོ་བརྐྱངས་པ་ཁ་གྱེན་བསྟན་པུས་མོ་གཡས་གཡོན་གྱི་སྟེང་དུ་བཞག་ནས། རྡུལ་ཡབ་ལག་གཉིས་ཐལ་མོ་བརྐྱངས་པ་ཁ་གྱེན་བསྟན་པུས་མོ་གཡས་གཡོན་གྱི་སྟེང་དུ་གཡབས་སྦྲང་ཡབ་བསིལ་ཡབ་དང་། ཁྱམས་དང་སྐྱེད་མོས་ཚལ་(༥བ)


GLG010_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་། །གཟིམས་མལ་དང་ནི་གདན་ཁྲི་དང་། །མྱུར་འགྲོ་རྟ་དང་གླང་པོ་དང་། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །རྟ་བབས་དང་ནི་བླ་བྲེ་སོགས། བཟའ་བཏུང་རོ་མཆོག་སྣ་ཚོགས་དང་། །གླུ་གར་ལ་སོགས་མཐའ་ཡས་མཆོད། བུམ་པ་བཟང་པོ་འདོད་འཇོའི་བ། །རིན་ཅེན་ལག་དང་ནམ་མཁའ་མཛོད། །བློ་ཡིས་བླངས་ནས་དབུལ་བར་བགྱི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ནག་རྡོ་རྗེ་ཁུ་ཚུར་ལས་གཡོན་པའི་གུང་སྲིན་གཉིས་ཀྱི་རྒྱབ་ཏུ་གཡས་པའི་གུང་སྲིན་གཉིས་སྦྱར་པའི་མཛུབ་མོ་གཉིས་ཀྱིས་བསྣོལ་པའི་སྟེང་ནས་མཐེ་བོང་གཉིས་བསྣོལ་ནས་མནན། མཐེའུ་ཆུང་བརྐྱངས་པའི་ཚུལ། པོ་ར་རི་མེད་པ་ཡི། །བུམ་པ་ལྟོ་ཆེ་བྲ་ཆད་པ། །མཆུ་འཕྱང་མགྲིན་རིང་གདན་ལྡན་པར། །སྙིང་པོར་བཅས་པའི་སྨན་སོགས་གཞུག །མགྲིན་པ་རས་བཟང་དག་གིས་དཀྲིས། །འདབ་མར་ལྡན་པའི་ལྕུག་མ་ཡང་། །དྲི་དང་ལྡན་པའི་ཁ་རྒྱན་ཅན། །བདུད་རྩིར་ལྡན་པ་ཡིས་ཀྱང་མཆོད། །གཞན་ཡང་མཆོད་པའི་རྣམ་པ་ནི། །བླ་བྲེ་གདུགས་དང་རྒྱལ་མཚན་དང་། །བ་དན་སིལ་སྙན་རོལ་མོ་ཡིས། །གུས་པས་དཀྱིལ་འཁོར་པ་ལ་མཆོད། རོལ་ཆེན་བྱ། །བླ་མེད་མཆོག་གི་མཆོད་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ། །དམ་ཚིག་གསང་པའི་མཆོད་པ་བཞེས་སུ་གསོལ། ནང་མཆོད་མཐོར། གཙོ་འཁོར་ལྔ་ཡབ་ཡུམ་ལ་མཎྜལ་སྒྲུབ་མཆོད་བཞིན་ནང་མཆོད་དབུལ། །དེ་ནས་ཤར་ཕྱོགས་པ་རྣམས་ཀྱིས་དྲིལ་སྟབས་སུམ་སྐོར་དང་བཅས་གཏི་མུག་རྡོ་རྗེ་སོགས་ཤློ་ཀ་གཅིག་གིས་བསྟོད། །དྲི་ཆུ་དང་ཚོམ་བུ་འགོད་ཚུལ་མཐོང་བརྒྱུད་ཀྱི་ཕྱག་ལེན་བཞིན་བྱས་ནས་(༦ན)


GLG010_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་བྷཱུ་མོ་ནས་ཐམས་ཅད་ཀྱིས་ཡོངས་སུ་གང་པ་ཞེས་པའི་བར་འོག་ནས་འབྱུང་བ་ལྟར་ལ་བླ་མ་དང་དཀྱིལ་འཁོར་ཀྱི་གཙོ་བོ་ཐ་མི་དད་པ་ལ་དབུལ་བར་བགྱིའོ། །དེ་ནས་གཡས་རྡོ་རྗེ་དང་བཅས་མཎྜལ་བཟུང་གཡོན་དྲིལ་བུ་འཛིན་པས། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དྲིལ་གསིལ་གྱི་ཚེ་མཎྜལ་དྲིལ་བུ་ལ་སྐོར་ཙམ་བྱེད། །གཡོན་སྔོན་འགྲོའི་གཞི་བཅའ། །པུས་མོ་གཡས་བཙུགས་ཏེ་རྡོ་རྗེ་སློབ་དཔོན་ལ་དབུལ་ཞིང་། །དེས་མཚོན་འབུལ་ལུགས་འོག་མ་རྣམས་ལ་འགྲེ། །ཨི་དཾ་གུ་རུ་མཎྜལ་ཀཾ་ནིཪྻ་ཏ་ཡ་མི། །དེ་བཞིན་དུ་ལྷོ་ནས་སེར་སྣ་རྡོ་རྗེ་སོགས་ཀྱིས་བསྟོད་པ་དང་མཎྜལ་གོང་ལྟར་ཕུལ་ཏེ །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ནུབ་ནས་འདོད་ཆགས་རྡོ་རྗེ་སོགས་དང་མཎྜལ་ཕུལ་ཏེ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་ནས་ཕྲག་དོག་སོགས་དང་མཎྜལ་ཕུལ་ཏེ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། །གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་ཐམས་ཅད་ཟད་བྱེད་པ། །མགོན་པོ་དཀྱིལ་འཁོར་བྲི་བར་(༦བ)


GLG010_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། ཅེས་བརྗོད། །སློབ་དཔོན་གྱིས་མཎྜལ་རྣམས་ཀྱི་ཁ་ནས་མེ་ཏོག་བླངས་ཏེ་ནམ་མཁར་འཐོར། །ཨི་དཾ་གུ་རུ་སོགས་བརྗོད་དེ་མཎྜལ་གྱི་ཁ་གསོས་རྟེན་གྱི་དྲུང་དུ་དབུལ། །རྒྱས་པར་སྤྲོ་ན་འདི་ལྟར་ལེགས་ཞེས་ཁོ་བོའི་བླ་མ་ཁྱབ་བདག་ཞ་ལུ་པ་ཆེན་པོའི་གསུང་ལས་ཐོས་པ་ལྟར་བཀོད་ཀྱིས་སྤྲོས་པ་ཆུང་བ་དང་སློབ་དཔོན་གཅིག་པུས་མཛད་པ་སོགས་ལ་བསྟོད་པ་རྣམས་ལྷན་ཅིག་པའི་མཐར་མཎྜལ་དང་གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་སོགས་ཀྱི་མཇུག་ཏུ་གཞི་བཅའ་མན་ཚར་གཅིག་བྱས་པས་ཁྱབ་བོ། །ཐམས་ཅད་ཤར་དུ་ཕྱོགས་པས། །སེམས་ཅན་མཐའ་དག་ཉོན་མོངས་པས་གཟིར་བ་ལ་བལྟས་ལ། །ཉོན་མོངས་པ་སླར་ཁྲོས་པས་ཁྲོ་བོའི་རྣམ་འགྱུར་དང་ལྡན་པར་བསམས་ནས། །རྡོ་རྗེ་སློང་བའི་ཁྲོ་བོའི་ཁུ་ཚུར་ལས་མཛུབ་རྩེ་སྦྲེང་དེ་གྱེན་དུ་འདེགས་པ་ཕྱག་རྒྱས། ཧཱུྃ་བཛྲོ་ཏྟིཥྛ། བསྒོམས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ནམ་མཁར་གནས་པར་བསམ། །རང་གཙོ་བོ་ལས་ཆད་པའི་གཙོ་བོ་གཉིས་པར་གསལ་བའི་མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བ། ཧཱུྃ་ལས་མིག་འབྲས་བསྐལ་བའི་མེ་ལྟར་བསམ། །རྡོ་རྗེའི་ལྟ་བས་གཡོན་སྐོར་དང་གཡས་སྐོར་གྱིས་བལྟ་ཞིང་། བཛྲ་ཊྲྀ་ཤྚི་མཊ། བགེགས་ཐམས་ཅད་བསྐྲད་ཅིང་རྡོ་རྗེ་ར་བ་དང་གུར་ལ་སོགས་པར་བསམ། རྐང་མཐིལ་གཉིས་སུ་ཧཱུྃ་ཧཱུྃ་ལས་རྡོ་རྗེ་འབར་བར་བསམ། །སྐབས་འདི་ནས་གར་རྒྱས་བསྡུས་ཅི་རིགས་པ་འཕྲེང་བ་དང་གུར་གང་རུང་ནས་བླངས་ན་ལེགས་ཤིང་མི་སྤྲོ་ན་རྡོ་རྗེའི་ལྟེ་བས་དཀྱིལ་འཁོར་གྱི་ས་གཞིའི་ལྟེ་བ་ནས་བརྩམས་ཏེ་སྣ་ཚོགས་རྡོ་རྗེའི་འགྲོས་གཅིག་བྱ་བའམ། །མ་གྲུབ་ན་ཧྲཱིཿཥྚཱིཿབརྗོད་ཅིང་རྡོ་རྗེ་གསོར་དྲིལ་བུ་(༧ན)


GLG010_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གསིལ། །དབང་ལྡན་ནས་བརྩམས་ཏེ་སྐོར་བ་གཅིག་བྱས་ལ། །རང་གི་རྐང་མཐིལ་གྱིས་ཡོངས་སུ་བཟུང་བའི་རི་རབ་ཀྱི་རྩེ་མོ་ནས་འོག་གཞི་རླུང་གི་དཀྱིལ་འཁོར་གྱི་བར་དུ་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བསམས་ནས་བགེགས་ལ་བཀའ་བསྒོ་བར་བྱ་སྟེ་གདངས་དང་བཅས། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཀུན་ཉོན་ཅིག །ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །བསྲུང་པའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་གཟུགས་ནི་འབར་བ་ཡི། །ལུས་གསུམ་ལས་སྐྱེས་འགས་པར་བྱ། །གལ་ཏེ་ཁ་གཅིག་བདག་ལས་འདའ། །འཇིག་པར་འགྱུར་གྱི་གཞན་དུ་མིན། རྡོ་རྗེའི་གནས་སུ། འཁོར་ལོ། རིན་ཆེན། པདྨ། རལ་གྲི་བཅུག་ལ་བརྗོད། རོལ་མོ་དྲག་པོ་དང་། ལྷའི་ང་རྒྱལ་བརྟན་པོས་ཡུངས་ཀར་གྱི་ཆུན་པོས་བྲབ། གུ་གུལ་གྱིས་གདུགས། །ཧྲཱིཿཥྚྲཱིཿབཟླ་ཞིང་བགེགས་བསྐྲད་དོ། །ལྔ་པ་ཕུར་བུ་གདབ་པ་ནི། །དེ་ནས་ཕུར་པ་བཅུ་འམ་གཅིག་ཀ་ཊོ་རའི་ནང་འབྲུས་བཀང་བར་བཙུགས་པ་མཆོད་གཡོག་གིས་བཏེག །མཆོད་པ་དང་བཅས་གཤམས་པ་གོང་ལྟར་བརླབ། ནང་མཆོད་དང་ཧྲཱིཿ ཥྚྲཱིཿབསངས། སྭ་བྷཱ་ཝས་སྦྱངས། །སྟོང་པའི་ངང་ལས་ཕུར་བུ་རྣམས་ཧཱུྃ་དང་རྡོ་རྗེ་དབྱུག་པ་ལས་སྟོད་ཕྲག་དོག་གཤིན་རྗེའི་གཤེད་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དབྱུག་པ་དང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་(༧བ)


GLG010_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་གནས་ནས་ཕྲག་དོག་གཤིན་རྗེའི་གཤེད་ཀྱི་ཡེ་ཤེས་སེམས་དཔའ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃབཾ་ཧོཿས་བསྟིམ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་ཞེས་པ་ནས་བཟུང་སྟེ་དབང་བསྐུར་གྱི་ལྷ་ཅོད་པན་དུ་གྱུར་ཏེ་གཙོ་བོས་དབུ་བརྒྱན་པར་བསམ། ཨོཾ་ཨཱི་ཪྵྱ་ར་ཏི་ཨརྒྷཾ་ནས་ཤ་པྟའི་བར་གྱིས་མཆོད། སྔགས་གཤམ་དུ་འབྲུ་གསུམ་གྱིས་ནང་མཆོད་དབུལ། ཕྲག་དོག་རྡོ་རྗེས་བསྟོད། དྲིལ་གསིལ་བྱ། ཨོཾ་ཧྲཱིཿཥྚྲཱིཿནས་ཛཿསྭ་ཧཱའི་བར་སྔོན་འགྲོ་གཏོར་མའི་ཕྱོགས་སྐྱོང་དགུག་སྔགས་དང་། རང་གི་སྙིང་ཀ་ནས་ཁྲོ་བོ་གཤིན་རྗེའི་གཤེད་ནས། ཞགས་པས་བཅིངས་ཏེ་བཀུག་ནས། ཕྱོགས་མཚམས་བརྒྱད་དང་། སྟེང་གི་ཤར་གྱི་ཤར་དང་། འོག་གི་ནུབ་ཀྱི་ནུབ་རྣམས་སུ་ཧཱུྃ་རིང་པོ་ལས་གྲུབ་པའི་ཁྲོན་པ་རྣམས་སུ་བཅུག་པར་བསམ། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཐོ་བ་དང་ཕུར་བུ་གཏད་པ་བཟུང་སྟེ་རྡོ་རྗེའི་འགྲོས་དང་བཅས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་དེ་རྣམས་ཀྱི་སྤྱི་བོར་ཕུར་བུ་བཙུགས། གཡས་པས་རྡོ་རྗེ་འབར་བའི་ཐོ་བས་བརྡུང་བར་བསམ་ཞིང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུ་ཥྚྲི་ཕཊ། ཀཱི་ལཱ་ཡ་ཀཱི་ལཱ་ཡ་སརྦ་པཱ་པཾ་ཕཊ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལཱ་ཡ་བཛྙ་ངྷ་རོད་ཨཱ་ཛྙཱ་བ་ཡ་ཏི་སརྦ་བིགྷྣཱ་ན་ཀཱ་ཝ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་དབང་ལྡན། ཤར། མེ། ལྷོ། བདེན་བྲལ། ནུབ། རླུང་། བྱང་། སྟེང་། འོག་རྣམས་སུ་བཏབ། མཐར་བགེགས་རྣམས་ཀྱི་སྤྱི་བོ་ནས་བཟུང་སྟེ་རྐང་མཐིལ་གྱི་བར་དུ་ཕུར་བུས་བཏབ་ནས། དབང་ཆེན་གསེར་གྱི་ས་གཞི་ལ་སྦྲགས་པས། ལུས་སྒུལ་བསྐྱོད་མེད། ངག་རླུང་རྒྱུ་བ་མེད། སེམས་རྣམ་པར་རྟོག་(༨ན)


GLG010_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་འོད་གསལ་གྱི་ངང་དུ་གནས་ཏེ་འགྲོ་བ་རྣམས་བགེགས་དང་བྲལ་བར་བསམ། དེ་ནས་གདན་ལ་འཁོད་དེ། དཀྱིལ་འཁོར་གྱི་ས་གཞི་ཐམས་ཅད་པཾ་ལས་རྡོ་རྗེའི་ར་བ། ཧཱུྃ་ལས་རྡོ་རྗེའི་དྲ་བ། ལ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོས་ཕྱོགས་བཅིངས། རཾ་ལས་མེའི་དཀྱིལ་འཁོར་དམར་པོས་མཚམས་བཅིངས་ཏེ། ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན་ཅན་གྱི་འོད་ཟེར་རྣོན་པོས་ཁྱབ་པར་བསམ་མོ། །གཉིས་པ་སྟ་གོན་ལ་ས་ལྷ་ལྷག་གནས། ལྷ་ལྷག་གནས། བུམ་པ་ལྷག་གནས། སློབ་མ་ལྷག་གནས་དང་བཞི། དང་པོ་ནི་ཕྱག་ལེན་གྱི་སྐབས་ས་བཅད་གཉིས་པ་དང་ཕྱོགས་མཚུངས་སུ་མཛད་པ་འཇུག་པ་བདེ་བས། གཉིས་པ་ལྷ་ལྷག་གནས་ལ་ལྷ་གནས་མི་འཆོལ་བའི་ཕྱིར་ལས་ཐིག་གདབ་ཅིང་ཆོ་གར་མི་གཏོགས་པའི་གཤོམས་བྱ་བ། ལྷག་པར་གནས་པའི་ཆོ་ག་དངོས། གསོལ་བ་གདབ་པ་དང་གསུམ། དང་པོ་ནི། གང་དུ་བྱ་བའི་གནས་ཁང་ཕྱག་བདར་དང་བྱི་དོར་བྱས། གནམ་ས་བར་གསུམ་གྱི་རྒྱན་རྣམས་ཇི་ཙམ་ཤོང་བ་བཀོད་པ་ཁྱད་པར་དུ་འཕགས་པས་མཛེས་པར་བྱ། དེའི་ནང་དུ་དཀྱིལ་འཁོར་སྒོ་རྐྱང་། ནང་པདྨ་འདབ་བརྒྱད། རྟ་བབས་སྣམ་བུ་བཞི། ཕྱི་བདར། རྡོ་ར། མེ་རི་དང་བཅས་པའི་སྤྱི་ཐིག་བཞིན་དུ་བཏབ། མཆོག་དང་འབྲེལ་པའི་ལྷ་མར་འབེབས་རྒྱུ་མེད་ན་སྐབས་འདིར་དྲི་ཐིག་ཚོམ་བུ་བཀོད་ན་འཇུག་པ་བདེ་ཞིང་ཚོམ་བུ་བཀོད་ཚེ་དེའི་སྟེང་དུ་ས་ལྷའི་ཚོམ་བུ་སྟེགས་བཅས་འགོད། །དེའི་སྟེང་དུ་མཉྫིས་བཏེག་པའི་མཎྜལ་ལ་དྲི་བཟང་གིས་བྱུགས་པའི་ཁར་ས་ལྷའི་ཚོམ་བུ་དགོད། རས་བྲིས་ལ་བརྟེན་ན་སྟེགས་བུ་ལྟ་བུའི་ས་དེར་མཎྜལ་ཆུང་བ་ཞིག་ལས་ལྷའི་ཚོམ་བུ་དང་དེའི་སྟེང་དུ་མཉྫིས་བཏེག་པའི་མཎྜལ་ཆེ་(༨བ)


GLG010_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལྷ་ཚོགས་ཀྱི་དྲི་ཐིག་ཚོམ་བུ་འགོད། དྭགས་ཤང་ཞི་བྱེད་བོ་དོང་པ་སོགས་མ་དག་པའི་ཕྱག་ལེན་འཆོལ་བར་སྤྱོད་པ་ལ་མཐའ་ཅི་བཀག །རང་ཕྱོགས་ཀྱི་མཁས་རློམ་མང་པོ་ཡང་ས་ལྷ་དང་ལྷ་སྟ་གོན་གཉིས་མི་དགོས་པ་སོར་བཞག་གི་ཕྱག་ལེན་མཛད་མོད། དེ་ལྟར་ན་ཐམསཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས་འདུས་པ་མི་བསྐྱོད་པའི་དབང་དོན་དེ་ཉིད་རབ་གསལ་གྱི་བར་མའི་ཤོག་ལྡབས་བཅུ་གཉིས་པའི་མདུན་འཕྲེང་གཉིས་འོག་ཏུ་ཐིག་གདབ་པ་མ་གཏོགས་པའི་ལྷག་གནས་རྣམས་ནི་རས་བྲིས་ཀྱི་ཆ་ོག་ལ་ཡང་བྱའོ། །ཞེས་བཀའ་རྩལ་པ་མ་གཟིགས་པ་འདོད་ཡོན་ལ་ཧ་ཅང་གཡེངས་པའི་སྐྱོན་དུ་འདུག་པས་སྤྱན་ཟུར་ཙམ་ལྡང་བར་འཚལ་ལོ། །དེ་དག་གི་མཐའ་ཕྱི་རོལ་དུར་ཁྲོད་ཀྱི་ཐད་ཙམ་ནས་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བཟུང་སྒོས་མཆོད་ཀྱི་བར་བཤམ་ལུགས་མཎྜལ་སྒྲུབ་མཆོད་ཀྱེ་རྡོར་གྱི་ལྷན་ཐབས་ནོར་བུའི་འཕྲེང་བར། སྤྱི་མཆོད་ཟླུམ་པོ་རང་སྒོ་མཆོད་གྲུ་བཞིར་བཤད། །གོང་དཀར་བ་དང་ཞ་ལུ་བ་གཉིས་སྒོས་མཆོད་མི་མཛད་པ་ཡེ་ཤེས་ཀྱི་ལྷ་ལ་བཀྲེས་ལྟོགས་མི་ཡོང་བས་སོར་བཞག་ཡིན་ནམ་སྙམ། ཇི་ལྟ་བ། དེ་ཡང་འདོད་སྣམ་གྱི་ཐད་ཙམ་གྱི་ནང་གི་ཤར་གྱི་མཆོད་པ་ནི་ཡབ། ནུབ་ནི་ཡུམ། ཤར་གྱི་ཕྱི་མ་ནི་འདོད་ཆགས་གཤིན་རྗེའི་གཤེད་ཀྱི་ཡིན་པས། ལྷ་སོ་སོའི་གཡས་སུ་ཞལ་ཟས། མདུན་དུ་མར་མེ། གཡོན་དུ་སྤོས་ཡོང་བ་མ་ཕྱུགས་པ་བྱེད། རྩ་ཐིག་གི་ནང་གི་བྱང་ཤར་དུ་ས་ལྷའི་སྒོས་མཆོད། སྤོས། མར་མེ། ལྷ་བཤོས། གཏོར་མ་དེའི་འཁྲིས་སུ་སྔོན་འགྲོ་གཏོར་མ་ཅུང་ཟད་ཆེ་ཙམ་དང་བཅས་པ། དེ་དག་གི་མདུན་ངོས་དབང་ལྡན་ནས་བརྩམས་ཏེ་ཉེར་སྤྱོད་ལྔ་སྦྲེང་བུམ་པའི་ལྷ་དང་། དབང་ལྷ། གཏོར་མགྲོན་སོགས་ཐམས་ཅད་ཀྱི་ཐུན་མོང་ལ་ཁྱབ་པས་ནོར་འཕྲེང་དུ་གསལ་བར་བཤད། ཤར་པའི་བདུད་རྩི་རོལ་མཚོར་མི་གསལ། ཚར་དུ་བཤམས་པ་ལས་ཐམས་ཅད་པའི་མཆོད་པ། བྱང་ཤར་དུ་འདས་གཏོར། ཤར་ལྷོར་འཇིག་རྟེན་པའི་གཏོར་(༩ན)


GLG010_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཇོག །རྒྱས་པར་སྤྲོ་ན་ཕྱག་དྲུག་པ། རྣམ་སྲས། ལས་གཤིན། དམག་ཟོར་མ། གུར་ཞལ། བེག་ཙེ་རྣམས་ཀྱི་གཏོར་མ་བདུན་ཚར་དུ་བསྒྲིག །དབང་བསྐུར་བྱེད་ན་སློབ་མའི་གྲངས་དང་མཉམ་པའི་སོ་ཤིང་། ཀུ་ཤ །སྲུང་སྐུད། ཁྱོར་ཆུའི་སྣོད་ཀྱི་དུང་ཕོར། ཞལ་ཟས་མ་གཏོགས་པའི་མཆོད་པ། ཀུ་ཤའི་འཐོར་ཡབ་ལ་སོགས་པ་འོག་ཏུ་དགོས་པ་རྣམས་ཚང་བར་གསོག །དྲི་བཟང་གི་ལྡེ་གུ །ཞུ་འབུལ་གྱི་ཆས། མཎྜལ། མེ་ཏོག །སྤོས་རེ་དང་བཅས་པ་སློབ་དཔོན་གྱི་མདུན་དུ་བུམ་པ་གཉིས་མགུལ་ཆིངས་ཁ་རྒྱན་དང་ལྡན་པ། གཟུངས་རྡོར། དུང་ཆོས། སྒྲུབ་པ་པོ་ཐམས་ཅད་ཀྱི་མདུན་དུ་གཡས་ནས་རིམ་པ་བཞིན་རྡོར་དྲིལ། གོས་ཟུངས། ནང་མཆོད་ཀྱི་ཀ་པཱ་ལ་རྣམས་ཀྱང་བཤམ་མོ། །གཉིས་པ་ལྷ་ལྷག་པར་གནས་པའི་ཆོ་ག་དངོས་ལ། ལས་ཀྱི་རྡོ་རྗེས་སྔོན་འགྲོ་གཏོར་མ་མཉྫི་ལ་སོགས་པའི་སྟེང་དུ་བཞག །ཆུ་ཆང་གིས་སྦྱངས་ལ་ཕྱག་བཙལ་ཏེ། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་སྔོན་དུ་འགྲོ་བའི་གཏོར་མ་བསང་སྦྱང་བྱིན་རླབས་མཛད་ནས་འབུལ་བ་ཞུ། ཞེས་བརྗོད། སྒྲུབ་པ་པོ་རྣམས་ཀྱིས་རྡོ་རྗེས་ནང་མཆོད་འཐོར་བའི་སྟང་ཀ་བྱས་ལ། སྔོན་འགྲོ་གཏོར་མ་བྱིན་རླབས་འབུལ་བ་སོགས་གོང་བཞིན་བྱ། གནས་ཡོ་མཆོད་རྫས་རྣམས་མཎྜལ་སྒྲུབ་མཆོད་ལྟར་ལ་གཎྜེ་རཏྣ་ཚར་གསུམ་གྱི་མཐར་རོལ་ཆེན་གྱིས་བྱིན་འབེབས། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ་ན། ཕྱག་གསུམ་བཙལ་ལ་མཎྜལ་བཤམ། ཕྱག་གསུམ་བཙལ་ནས་མེ་ཏོག་དགྲམ། ཕྱག་གསུམ་བཙལ་ནས་ཞུ་འབུལ་བྱ། །ཕྱག་(༩བ)


GLG010_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཙལ་ནས་མེ་ཏོག་བསྡུ། ཕྱག་གསུམ་བཙལ་ནས་མཎྜལ་འབུལ། །ཕྱག་གསུམ་བཙལ་ནས་གྲལ་ལ་འདུག །ཅེས་སྡོམ་ཚིག་ཏུ་མཛད་བུ་ལུགས་ལ་ཕྱག་འཚལ་ཉེར་གཅིག་མཛད་པ་མི་འཐད་པ་མ་ཡིན་མོད། འདིར་ཀྱེ་རྡོར་ལྷན་ཐབས་ནས་འབྱུང་བ་འཇུག་པ་བདེ་ཞིང་ལེགས་པར་མངོན་ནས་བཀོད། པ་ལྟར། །ལས་ཀྱི་རྡོ་རྗེས་མཎྜལ་མེ་ཏོག་དྲི་བཟང་གི་ཆུ་དང་བཅས་པ་གྲལ་གཤམ་དུ་ཁྱེར་ལ་ཕྱག་གསུམ་བཙལ་ཏེ། མཎྜལ་ཚོམ་བུ་བདུན་པ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་དབང་ཆེན་དག་པ་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་མུ་ཁྱུད་ཀྱིས་བསྐོར་བའི་དབུས་སུ་ཧཱུྃ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་པ་མེད་པ་འདི་ཉིད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་གཙོ་མཛད། །འདིར་འདུས་པའི་རིག་པ་འཛིན་པའི་དགེ་འདུན་རྣམས་ལ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་གནས་པར་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཞེས་སོགས་བརྗོད་ཅིང་དབུལ། ཡང་ཕྱག་གསུམ་བཙལ་ནས་བླ་མའི་ཕྱག་ཏུ་མེ་ཏོག་གིས་གང་བའི་ཏིང་ཕོར་དུ་རེང་བུ་བཙུགས་ལ་དབུལ། གཞན་རྣམས་ལ་གཡས་སྐོར་དུ་མེ་ཏོག་སིལ་མ་དགྲམ། ཡང་སྔར་གྱིས་གནས་ནས་ཕྱག་གསུམ་བཙལ་ནས་སྙིམ་པས་མེ་ཏོག་དང་བཅས་པས་འགྲེངས་ཏེ་ཅུང་ཟད་འདུད་པས་ངག་ཏུ། ཨིནྡྲ་བྷཱུ་ཏིས་མཛད་པའི་སམྦུ་ཊིའི་འགྲེལ་པ་ལས་བྱུང་ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཕུང་གིས། །མཁའ་འགྲོ་ལྔ་ཡི་ཚོགས་རྣམས་མཆོད་པ་དང་འདོན་པ་བསྒྱུར། །དཔའ་བོ་རྣལ་འབྱོར་མ་(༡༠ན)


GLG010_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཆོད་པ་དང་། །ཡོན་བདག་གེགས་ཞི་ཚོགས་གཉིས་གསག་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་མཛོད། །ཅེས་ལན་གསུམ་བརྗོད་ཅིང་མེ་ཏོག་འཐོར་ཙམ་བྱའོ། །ཡང་ཕྱག་གསུམ་བཙལ་ནས། བླ་མ་མ་གཏོགས་པ་གཞན་རྣམས་ཀྱི་མེ་ཏོག་ཕྱེད་ཙམ་རེ་གཡོན་སྐོར་ཀྱིས་བསྡུ། ཡང་ཕྱག་གསུམ་བཙལ་ནས། ཀུན་གྱིས་ཐུན་མོང་དུ་མཎྜལ་འབུལ་བ་ཞུ། ཞེས་བརྗོད་ཅིང་ཚོགས་པ་ཐམས་ཅད་ཀྱི་མཎྜལ་ཚོམ་བུ་བདུན་ལ། ཨོཾ་བཛྲ་བྷཱུ་མི་ནས་མ་ཚང་བ་མེད་པ་འདི་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ལ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཞེས་སོགས་བརྗོད་ཅིང་མཎྜལ་མེ་ཏོག་གིས་ཕྱུར་བུར་གང་བ་དེ་ཉིད་བླ་མའི་དྲུང་དུ་ཁྱེར། བླ་མས་ཀྱང་སྔར་གྱི་ཚོམ་བུ་རྣམས་ཁ་གསོ་བའི་ཚུལ་གྱིས། ཨོཾ་བཛྲ་བྷཱུ་མི་ནས་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བདག་ཅག་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་པ་དང་། །ཆོ་གའི་སྐབས་དབྱེ་བར་མཛད་དུ་གསོལ། །ཞེས་བརྗོད་དེ་མེ་ཏོག་གི་སྣོད་རེང་བུ་དང་བཅས་པ་མཎྜལ་གྱི་སྟེང་དུ་བཞག་ལ། །བླ་མའི་སྐུ་འདྲ་ལ་སོགས་པའི་རྟེན་གྱི་དྲུང་ངམ། །དཀྱིལ་འཁོར་གྱི་མདུན་གང་རུང་དུ་འབུལ་ལོ་དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་བའི་བདག་བསྐྱེད་ཀྱི་རྣལ་འབྱོར་ལ་ས་གཞི་སྤོས་ཀྱིས་སོགས་གསུང་མཁན་ཡོད་འདུག་པ་དབྱེ་བ་མ་(༡༠བ)


GLG010_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་པར་དཀྱུས་ལ་ཤོར་པའི་སྐྱོན་ནོ། །དེ་ནས་ཕྱག་གསུམ་བཙལ་ནས། ལས་ཀྱི་རྡོ་རྗེ་ཉིད་རང་གནས་སུ་འཁོད། བདག་གི་རྣལ་འབྱོར་ནི། བླ་མས་ཐུགས་དམ་ཟབ་མོའི་རིམ་པ་ལ་འཇུག་པར་ཞུ། ཞེས་བསྐུལ་ཏེ་སྐྱབས་འགྲོ་ནས་བཟུང་བཟླས་པའི་བར་དཀྱུས་ལྟར་བྱ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་རྣམས་ཀྱིས་བདག་དང་སེམས་ཅན་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དཀྱིལ་འཁོར་གོང་དུ་བསྡུས་གྲུབ་པས་སྐབས་འདིར་འོད་གསལ་གྱི་དཀྱིལ་འཁོར་མི་དམིགས་པར་བསམ་པ་ལས་བསྡུ་མི་དགོས། ནང་མཆོད་ལ་བདུད་རྩི་རིལ་བུ་མ་བཏབ་ན་གཏོར་མ་ལྟར་བྱིན་གྱིས་བརླབ། མཆོད་པ་རྣམས་ཀྱང་གོང་བཞིན་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱིས་ཕྱོགས་དེ། རྡོ་རྗེའི་ས་གཞི། ར་བ། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོར་བསམ། རང་གཤིན་རྗེའི་གཤེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ས་འོག་ནས་པཾ་ལས་བྱུང་བའི་སའི་ལྷ་མོ་སྐུ་མདོག་སེར་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལུས་ཕྱེད་འཐོན་པ་ཕྱག་གཡས་པ་དམ་བཅའ་ཁས་ལེན་པའི་ཕྱག་རྒྱ་དང་གཡོན་པས་བུམ་པ་འཛིན་པ་ཨོཾ་བཛྲ་ས་མཱ་ཛཿརྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་སྤྱན་དྲངས། མཎྜལ་གྱི་ཚོམ་བུའི་སྟེང་དུ་བདག་ལ་ཞལ་ཕྱོགས་པས་བཞུགས་པར་བསམ། ཨོཾ་ལྒྀ་ཐི་ཝཱ་དེ་ཝཱི་ཞེས་མཚན་སྔགས་(༡༡ན)


GLG010_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འགྲོ་བའི་ཨརྒྷཾ་ནས་ཤཔྟའི་བར་དང་གནྜེ་ར་ཎིས་རོལ་མོ་དབུལ། ཨོཾ་པྲི་ཐི་ཝི་དེ་ཝཱི་ཨོཾ་ཨཱཿཧཱུྃ། ཞེས་པས་ནང་མཆོད་གཏོར། གཏོར་མ་སྦྱངས་ལ། ཨོཾ་ཨཱཿཧཱུྃ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ལག་པ་གཡས་མཆོག་སྦྱིན་དང་ཨོཾ་པྲྀ་ཐི་ཝི་དེ་ཝཱིར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། པུས་མོ་གཡས་པ་ས་ལ་བཙུགས་ཏེ་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་བཅད་གཏུབས་སུ་གསིལ་ཞིང་། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །ད་ལྟར་བདག་གིས་བདུད་ཀྱི་དཔུང་། །བཅོམ་ནས་དཀྱིལ་འཁོར་བྲི་བར་བགྱི། ཞེས་ལན་གསུམ་གྱི་མཐར། དཔལ་ལྡན་བླ་མ་དམ་པ་ཞེས་པ་ནས་འཚལ་ན་ཞེས་པའི་བར་སྔོན་འགྲོ་གཏོར་མ་བཞིན་བརྗོད་ལ། སའི་ཕྱོགས་འདི་བདག་ལ་གནང་ཞིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། རིག་པ་འཛིན་པ་ཁྱོད་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་ཐོབ་པར་བསམ། སླར་ཡང་གོང་ལྟར་མཆོད་ལ། ལག་པ་གཡས་རྡོ་རྗེ་དང་བཅས་ས་ལ་རེག་སྟེ། བཛྲ་མུཿསའི་ལྷ་མོ་དེ་ཉིད་ལ་ཐིམ་པར་བསམ། མཆོད་གཏོར་དམན་པ་རྣམས་བསྡུའོ། །དེས་ས་བཅད་དང་པོ་ས་ལྷ་སྟ་གོན་འདིར་བླངས་པ་སོང་ནས། །ལྷ་སྟ་གོན་དངོས་བྱ་བ་ལ་མདུན་བསྐྱེད་ཀྱི་མཎྜལ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ནམ་(༡༡བ)


GLG010_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་ཁམས་ཞེས་པ་ནས་ཕྱོགས་བཞིར་ཨཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེ་ཞེས་པའི་བར་སྒྲུབ་ཐབས་ལྟར་བརྗོད། ལས་ཀྱི་རྡོ་རྗེས་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་གི་ཆུས་ལྷ་ལྔའི་གནས་སུ་གྲུ་བཞི། བུམ་པ་བཞིའི་གནས་སུ་ཟླུམ་པོའི་ཐིག་ལེ་བྱ། མེ་ཏོག་གི་ཚོམ་བུ་འགོད་པ་དང་བསྟུན་ཏེ་སློབ་དཔོན་གྱིས་དབུས་སུ་ཧྲཱིཿཥྚཱིཿ དང་། ཤར་ནས་བརྩམས་ཏེ། ཨོཾ་མོ་ཧཱནྟ་ཀྲྀ་ཏ་ཧཱུཾ་ཧཱུྃ་ཕཊ། ཅེས་སོགས་བཞི་དང་། །དེ་རྣམས་ཀྱི་སྟེང་དུ་སླར་ཡང་མེ་ཏོག་ཅུང་ཟད་རེ་བསྣན་ལ། ཨོཾདྭེ་ཥ་ར་ཏི་སོགས་དང་མཚམས་བཞིར་ཨོཾ་ཨཱཿཧཱུྃ་སྟེ་སྔགས་རྣམས་ལན་གསུམ་རེ་བརྗོད། །ནམ་མཁར་བཞུགས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས། །ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཏེ། །དྲིའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་གྱུར་པ་ལས་དབུས་སུ་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེའི་གཤེད་ཅེས་པ་ནས་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་དམར་པོར་བསམ་གྱི་བར་སྒྲུབ་ཐབས་ས་ཆོག་དང་འབྲེལ་ནས་ནམ་མཁར་བཏེག་པའི་ལྷ་མོར་བཞེངས་པའི་ཕྱག་ལེན་སོར་བཞག་པ་ཡིན་ལ། ས་བཅད་དང་པོའི་སྐབས་དོར་བ་དང་རས་བྲིས་ལ་བརྟེན་ཚེ་དྲི་དང་ཐིག་ལེ་ཐོག་མ་ནས་བཀོད་ཟིན་པ་ལ་དམིགས་ཏེ་སྔགས་ཙམ་བརྗོད་རྗེས་སྔགས་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཅེས་པ་ནས་བཟུང་ཏིང་ངེ་འཛིན་སེམས་དཔའི་བར་སྒྲུབ་ཐབས་བཞིན་བསྐྱེད་རྗེས་ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ། ཞེས་པ་འོད་ཟེར་འཕྲོས་པས་དབང་གི་ལྷ་ཞེས་སོགས་དབང་བསྐུར་དང་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པའི་བར་སྒྲུབ་ཐབས་ལྟར་བྱ་དགོས་པ་སྐབས་ཐོབ་དབྱེ། ལྟར་གསལ་བཏབ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱིས་ཕྱོགས་བཟུང་སྟེ། (༡༢ན)


GLG010_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བའི་འཁོར་ལོར་བསམ་གྱི་བར་ས་ལྷ་ལྟར་བརྗོད། །མཆོད་པ་རྣམས་བྱིན་གྱིས་བརླབ། །བླ་མ་དང་དཀྱིལ་འཁོར་པའི་གཙོ་བོ་ཐ་མི་དད་པར་མོས་ལ། །མཆོད་འཕྲེང་ནི་ས་གཟུང་བའི་སྐབས་ནས་ལེན་ཅིང་རྒྱས་པར་སྤྲོ་ན་མདུན་བསྐྱེད་ཀྱི་མཆོད་འཕྲེང་ལེན་རུང་བས་དལ་བྲེལ་སྐབས་དང་སྦྱོར། །བླ་མ་བརྒྱུད་པ་ལ་ནང་མཆོད་འབུལ་བ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་གྱི་བར་མཎྜལ་སྒྲུབ་མཆོད་ཇི་ལྟ་བ་བཞིན་བྱ། །ཆོས་སྐྱོང་རྣམས་ཀྱི་གཏོར་མ་ཕུལ། །ཕྱོགས་སྐྱོང་གི་གཏོར་མ་བརླབ་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་མཎྜལ་སྒྲུབ་མཆོད་ལྟར་བརྗོད། །གསུམ་པ་གསོལ་བ་གདབ་པ་ནི། །ཞྭ་ཕུད་རྡོར་དྲིལ་སྤོས་བཅས་འཛིན་པས། །ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་བསམ། ཨོཾ་བཛྲ་ཛི་ཧྭཱ། །བཅོམ་ལྡན་གཤིན་རྗེའི་གཤེད་རྡོ་རྗེ། །རིག་པའི་རྒྱལ་མཆོག་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འདྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །འབྱུང་པོ་བྱང་ཆུབ་བསྟན་གནས་དང་། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག་གསང་མཚན་ཤུབ་བུར་བརྗོད་ན་ལེགས་མོད་ཀྱང་(༡༢བ)


GLG010_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲའི་རྣམ་དབྱེ་ཡོད་མེད་སྣ་ཚོགས་ཡོད་པས་རྡོ་རྗེ་འཛིན་པ་བདག་ཅག་གིས། གཤིན་རྗེའི་གཤེད་དམར་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པའི་ཉེར་སྤྱད་ཀྱིས། །འགྲོ་བ་སྦྱང་ཕྱིར་བྲི་བར་བགྱི། །དེང་བདག་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །འདུས་པ་ཐམས་ཅད་དཀྱིལ་འཁོར་དུ། །ཉེ་བར་གནས་པར་མཛད་པར་རིགས། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། །རིག་པ་འཛིན་པ་ཁྱོད་རྣམས་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་བྱིན་པར་བསམ། །གསུམ་པ་བུམ་པ་ལྷག་གནས་ནི། །པད་ཉི་ལ་གནས་པའི་རྡོ་རྗེ་དབྱུག་པ་ལྔས་མཚན་པའི་རྣམ་རྒྱལ་དང་། །ལས་བུམ་ལ་རྡོ་རྗེ་དབྱུག་པའི་མཚན་མ་གདགས། །མགྲིན་པར་རས་བཟང་པོའི་ཆིངས་སྲོག་བདུན་ལྡན་གྱིས་དཀྲིས། །ཧྲཱིཿཥྚྲཱིཿབཟླས་ཏེ་ཡུངས་ཀར་བརྡེག་གུ་གུལ་གྱིས་བདུག །བུམ་རྫས་ཉེར་ལྔ་དང་བདུད་རྩི་ལྔ་བླུག །ཆུ་གཙང་མས་དགང་། ཀུ་ཤས་ཁ་བརྒྱན། །སྟེང་དུ་དུང་ཆོས་གཟུངས་རྡོར་བཞག་ལ། །ཧྲཱིཿཥྚཱིཿས་བསངས། །སྭ་བྷཱ་ཝས་སྦྱངས། །སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ་བཾ་ལས་རིན་པོ་ཆེའི་བུམ་པ་བུ་ལུགས་ལ་རྣམ་རྒྱལ་ཆེན་པོ་མཚན་མའི་གནས་རྣམས་སུ་ལྷ་བསྐྱེད་པའི་ཕྱག་ལེན་མཛད་པ་མི་འཐད་པ་མ་ཡིན་མོད་འདིར་བདུད་རྩིའི་ཆུ་རྒྱན་བཞིན་འདུག་པ་བདེ་བར་བྱས་ཏེ་བཀོད། གཉིས་ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བ། རྣམ་རྒྱལ་བུམ་པར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་། ཕྱོགས་བཞིར་ཉི་(༡༣ན)


GLG010_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དཀྱིལ་འཁོར་རེ་རེ། ལས་ཐམས་ཅད་པའི་བུམ་པར་པདྨ་དང་ཉི་མའི་གདན། རྣམ་རྒྱལ་བུམ་པའི་དབུས་ཀྱི་གདན་གྱི་སྟེང་དུ་ཡ་ལས་ཞེ་སྡང་གཤིན་རྗེའི་གཤེད་དམར་པོ་ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། དེ་བཞིན་དུ་ཤར་དུ་ཀྵ་ལས་གཏི་མུག་གཤིན་རྗེའི་གཤེད་སོགས། །ལྷོར་མ་ལས་སེར་སྣ་གཤིན་རྗེའི་གཤེད་སོགས། །ནུབ་ཏུ་མ་ལས་འདོད་ཆགས་གཤིན་རྗེའི་གཤེད་སོགས། །བྱང་དང་ལས་བུམ་དུ་ད་ལས་ཕྲག་དོག་གཤིན་རྗེའི་གཤེད་སོགས་དང་། ཤར་ལྷོར་མུ་མེན་གྱི་བུམ་པ་ཞེས་སོགས་སྒྲུབ་ཐབས་བཞིན་བསྐྱེད། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ཞེས་སོགས་ནས་ཛཿཧཱུྃ་བཾ་ཧོཿཞེས་པའི་བར་ལྷ་སྟ་གོན་བཞིན་ལས། ལྷག་པོར་ལས་བུམ་གྱི་ཕྲག་དོག་གཤིན་རྗེའི་གཤེད་ལའང་གཙོ་བོ་ཉིད་ཀྱིས་དབུ་བརྒྱན་པར་བསམ། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མཱ་རི་ས་པ་རི་ཝཱ་རི་ཞེས་རེ་རེ་ནས་སྔོན་དུ་འགྲོ་བའི་ཨརྒྷཾ་ནས་ཤཔྟའི་བར་དང་། གཎྜེ་ར་ཎིས་རལ་ཆེན་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟའི་མཇུག་ཏུ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དེ་དབུལ་གཙོ་འཁོར་རྣམས་ལ་བསྟོད། པད་ཀོར་སྔོན་དུ་འགྲོ་བས་གཟུངས་ཐག་བླངས་ནས། བདག་གི་ཞལ་ནས་སྔགས་ཀྱི་འཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་ལྷ་རྣམས་ཀྱི་སྐུ་ལ་ཕོག་པས་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། རྣམ་རྒྱལ་ལ་ལྷ་སོ་སོའི་སྔགས་དང་། ལས་བུམ་ལ་ཧྲཱིཿཥྚྲཱིཿ དང་ཧཱུྃ་བཟླ། སླར་ཡང་གོང་བཞིན་མཆོད་བསྟོད་དང་འདོད་དོན་ལ་གསོལ་བ་གདབ། ཡིག་བརྒྱ་དང་མ་འབྱོར་བ་དང་ཞེས་སོགས་ཀྱི་མཐར། པད་ཀོར་གྱི་ལག་(༡༣བ)


GLG010_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པས་དུང་ཆོས་ཀྱི་ཆུ་བུམ་པ་གཉིས་སུ་བླུགས་ལ། ཨོཾ་ཨཱཿཧཱུྃ་མཆོད་ཡོན་ཕུལ་པའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རང་བཞིན་དུ་བསམ་མོ། །དེ་ནས་གྲུབ་ན་སྐབས་འདིར་སྦྱིན་སྲེག་ཀྱང་བྱའོ། །བཞི་པ་སློབ་མ་ལྷག་པར་གནས་པ་ནི། སློབ་མ་ལྷག་གནས་རིམ་པ་ནི། ཁྲུས་བྱས་ཕྱག་དང་མཎྜལ་ཕུལ། ངེས་འབྱུང་བློ་བསྐྱེད་ནང་དབང་བསྐུར། གསོལ་བཏབ་སྔགས་ལ་སྤྲོ་བ་བསྐྱེད། རྒྱུན་བཤགས་བྱས་ཏེ་ཧྲཱིཿཥྚཱིཿས་བསྲུངས། གནས་གསུམ་བྱིན་རླབས་མཆོད་པས་མཆོད། སོ་ཤིང་ཁྱོར་ཆུ་ཀུ་ཤ་སྦྱིན། །སྲུང་སྐུད་གཡོན་བཅིངས་ཆོས་ཟབ་བཤད། རྨི་ལམ་བསྒོ་ཞིང་མཎྜལ་ཕུལ། །གསོལ་གདབ་སྡོམ་གཟུང་རང་གནས་བཏང་། ཞེས་པ་ལྟར་ལས། དང་པོ་ནི། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཁྲུས་བྱས། །ཕྱག་དང་མཎྜལ་སློབ་མ་སྟ་གོན་གྱི་ཡོན་དུ་ཞེས་སྦྱོར་བ་ཁྱད་པར་ཡིན། ཕུལ་ལ། གཉིས་པ་ངེས་འབྱུང་འདི་དག་གི་སྔ་ཕྱིའི་འཚམས་སྦྱོར་གྱི་བཤད་པ་ནི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་མཛད་པའི་འཇིགས་བྱེད་ཀྱི་དཀྱིལ་ཆོག །རྗེ་དཀོན་ཅོག་ལྷུན་གྲུབ་ཀྱི་ཀྱེ་རྡོར་གྱི་དབང་བཤད། གི་བློ་བསྐྱེད་དུ་གཞུག་པ་ནི། །རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བློ་ཆེན་རྣམས་ལ་ནི། །དེ་བཞིན་གཤེགས་ཐར་རྩེ་བའི་འཕྲེང་བ་སོགས་ཕྱོགས་འདི་ལ་བརྡ་བྱང་བའི་མཁས་པ་རྣམས་ཀྱི་གསུང་ལས་ཤེས་པར་བྱ། པས་གསུངས་པ་ཡི། །ཡང་དག་ཆོ་ག་རྗེས་སུ་གནང་། ཁ་ཅིག་གསང་སྔགས་སྒྲུབ་དོན་གཉེར། །དཀྱིལ་འཁོར་དུ་ནི་འཇུག་པར་འགྱུར། །དེ་བཞིན་གཞན་ནི་བསོད་ནམས་འདོད། །གཞན་དག་འཇིག་རྟེན་ཕ་རོལ་གཞོལ། །བློ་བཟང་ཕལ་ཆེར་དད་བྱས་ནས། །འཇིག་རྟེན་ཕ་(༡༤ན)


GLG010_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དོན་གཉེར་འཇུག །འཇིག་རྟེན་འདི་འབྲས་དོར་ནས་ནི། །འཇིག་རྟེན་ཕ་རོལ་འབྲས་གཉེར་ན། །གང་ཕྱིར་ཚེ་འདི་བདེ་བླག་འགྲུབ། །འདི་ཡིས་འཇིག་རྟེན་ཕ་རོལ་མིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་གྱི། །དོན་དུ་ཡིད་ནི་བརྟན་པར་གྱིས། ཞེས་པའི་དོན་བཤད། །གསུམ་པ་ནང་དབང་བསྐུར་བ་ནི། །བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས། སློབ་མ་རྣམས་སློབ་དཔོན་གྱི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་གཤིན་རྗེའི་གཤེད་ཀྱི་གཟུགས་སུ་གནས་པ་ལ། །སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་རང་གི་ཞལ་ནས་ཞུགས་ཤིང་བྱང་སེམས་ཀྱི་རང་བཞིན་དུ་ཞུ་བར་གྱུར་པ་རྣམས་ཀྱིས་དབང་བསྐུར་ཏེ་ཧཱུྃ་ཞེས་བརྗོད་པས་པདྨ་ནས་ཕྱིར་དབྱུང་སྟེ་རང་རང་གི་གྲལ་ལ་འཁོད་པར་བསམ་མོ། །བཞི་པ་གསོལ་བ་བཏབ་པ་ནི། །མཱ་མ་ཀི་བུ་ལུགས་ལ་རོ་ལངས་མ་དང་ལྷན་ཅིག་སྦྱོར་ཞེས་པ་འབྲེལ་མཚུངས་པར་མངོན། དང་ལྷན་ཅིག་སྦྱོར། །བདག་གི་སྟོན་པ་དགའ་ཆེན་ཁྱོད། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། །ལྔ་པ་སྤྲོ་བ་བསྐྱེད་པ་ནི། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་(༡༤བ)


GLG010_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བུ་ལུགས་ལ་ལན་གསུམ་བརྗོད་པར་བཤད་ཀྱང་མི་དགོས་པར་སེམས་བརྗོད། །དྲུག་པ་རྒྱུན་བཤགས་ནི། །སྒྲུབ་ཐབས་ནས་བྱུང་བ་ལྟར་ཐུན་མོང་བའི་སྡོམ་པ་བཟུང་། །བདུན་པ་བསྲུང་ཞིང་གནས་གསུམ་བྱིན་རླབས་ནི། །ཧྲཱིཿཥྚཱིཿས་བསངས་ནས། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་དྲིའི་ཆུས། །གནས་གསུམ་དུ་རེག་ཅིང་། །ཧཱུྃ་ཨཱཿཨོཾ་ཞེས་བརྗོད་པས་སྙིང་གར་ཧཱུྃ་ལས་རྡོ་རྗེ། །མགྲིན་པར་ཨཱཿལས་པདྨ། །སྤྱི་བོར་ཨོཾ་ལས་འཁོར་ལོ་བསྒོམ། །ཡང་མས་རིམ་གྱིས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཕྱག་མཚན་དེ་རྣམས་ཡིག་འབྲུ་དེ་དག་གིས་མཚན་པར་བསམས་ཏེ་བྱིན་གྱིས་བརླབ་བོ། བརྒྱད་པ་མཆོད་པ་ནི། མགོ་བོར་མེ་ཏོག །མདུན་དུ་སྤོས། སྙིང་གར་དྲི། མདུན་དུ་མར་མེ་རྣམས་སོ་སོའི་སྔགས་ཀྱིས་མཆོད་དོ། །དགུ་པ་སོ་ཤིང་ནི། ཨ་ཤྭ་རྟྟ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་མ་གས་ཤིང་དྲང་བ་སྲོག་ཆགས་མེད་པ། དྲི་བཟང་པོས་བྱུགས། རྩེ་མོ་ལ་མེ་ཏོག་བཏགས་ཧྲཱིཿཥྚཱིཿབཟླས་ལ་སློབ་མ་ལ་བྱིན། དེས་ཀྱང་ཁ་ཤར་དུ་བལྟས་(༡༥ན)


GLG010_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོ་ཤིང་གི་ར་བར་སོ་ཤིང་རྩེ་ནས་འཆོས་ཏེ། ཨོཾ་བཛྲ་ཧཱ་ས་ཧཱ་ཞེས་བརྗོད་ཅིང་ཁ་ཤར་དུ་བལྟས་ལ་བལྟོས་པ་མེད་པར་དོར་རོ། །རྩེ་མོ་ཤར་ལྷོ་ནུབ་བྱང་སྟེང་འོག་ཏུ་བསྟན་ན་ཞི་རྒྱས་དབང་དྲག་རིག་འཛིན་ས་འོག་འགྲུབ་ཅིང་དཀྱིལ་འཁོར་དུ་མ་ལྷུང་ན་དངོས་གྲུབ་མེད་ཅེས་བསྒོ་བར་བྱའོ། བཅུ་པ་ཁྱོར་ཆུ་ནི། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ནི་ཙཱ་སྱ་སཾ་ཤོདྷཡ་སརྦབིཀལྤཱནཨབན ཡཧཱུཾ། ཞེས་བཟླས་པའི་ཆུ་ཁྱོར་བར་ལན་གསུམ་འཐུང་དུ་བཅུག་གོ །བཅུ་གཅིག་པ་ཀུ་ཤ་ནི། ཧཱུཾ་ལས་སྐྱེས་པའི་ཀུ་ཤ་ཆུང་བ་སྔས་དང་། ཆེ་བ་སྟན་གྱི་དོད་དུ་བྱིན་གྱིས་བརླབ་ལ་ཧྲི༔ཥྚི༔བཟླས་ཤིང་སྦྱིན་ནོ། །བཅུ་གཉིས་པ་སྲུང་སྐུད་ནི། སྲུང་སྐུད་དམར་པོ་ལུས་ཚད་དང་མཉམ་པ་སུམ་བསྒྲིལ་དུ་བྱས་ལ། རྡོ་རྗེའི་མདུད་པ་གསུམ་བོར་ཏེ། སློབ་མའི་དཔུང་པ་གཡོན་པར་བཅིངས་ཤིང་ཧྲཱིཿཤྚཱིཿབཟླས་ལ་རྡོ་རྗེ་དྲི་ཆུ་དང་བཅས་པས་བསྲུང་ངོ་། །བཅུ་གསུམ་པ་ཆོས་བཤད་པ་ནི། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། བརྒྱ་ལམ་ན་ནི་རེས་འགའ་འབྱུང་། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་བ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་ཅི་མཆིས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་གསང་སྔགས་ཀྱི། །སྤྱོད་ཚུལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་(༡༥བ)


GLG010_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མེད་པ། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་པའི་ངན་འགྲོ་ཡང་དག་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་པ་འདི་ལས་ཐམས་ཅད་ནི། །ཡོངས་སུ་བཟུང་ཞིང་སྐྱེ་འགྱུར་པ། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལས། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཕྱིར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་ལ་ཁྱེད་རྣམས་འགྲོ་འགྱུར་པ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་བརྗོད། །བཅུ་བཞི་པ་རྨི་ལམ་བརྟག་པར་གདམས་པ་ནི། དོ་ནུབ་ཀུ་ཤའི་སྟན་ལ་གོས་དྲི་མ་མེད་པ་གྱོན་ཏེ་ལྷ་དང་བླ་མ་ཡིད་ལ་དྲན་བཞིན་པའི་ངང་ནས་གཉིད་ལོག་སྟེ་རྨི་ལམ་གང་བྱུང་བ་དེ་ང་ལ་སྨྲ་བར་གྱིས་ཤིག །ཅེས་བརྗོད། བཅོ་ལྔ་པ་སྡོམ་པ་བཟུང་པའི་ཕྱིར་མཎྜལ་ཕུལ་ནས། འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་རྟག་ཏུ་ནི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །སློབ་དཔོན་བདག་འགྱུར་གསུང་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། །སྡོམ་པ་གཟུང་བའི་ཕྱིར། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཆེ་གེ་མོ་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། (༡༦ན)


GLG010_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །དགེ་བ་དང་ནི་ཆོས་སྡུད་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོ་བརྟན་པོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་ཅོག་གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང་། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་བསྡུས་པ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །དེ་ཉིད་ཀྱིས་ནི་རབ་ཏུ་གཟུང་། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཅེན་ཆེན་པོའི་རིགས་མཆོག་ནི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །པདྨ་ཆེན་པོའི་རིགས་དག་པས། །བྱང་ཆུབ་ཆེན་པོ་འབྱུང་བ་ལ། ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཆེན་རིགས་ནི་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ནི་གང་ནུས་བཞིན། །ཀུན་ནས་སོ་སོར་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་ཡང་དག་བསྐྱེད་བགྱི་ཞིང་། །སྡོམ་པ་མ་ལུས་བཟུང་བགྱིས་ནས། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་བགྱི།(༡༦བ)


GLG010_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

།སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་ལན་གསུམ་རྗེས་ཟློས་བྱ། རྗེས་ཆོག་ནི། མཆོད་པ་རྣམས་ཁ་གསོས་ལ་བརླབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མཱ་རི་རེ་རེ་ནས་སྦྱར་པའི་ཨརྒྷཾ་ནས་གཎྜིར་ར་ཎིའི་བར་གྱིས་མཆོད་སྔགས་མཇུག་ཏུ་ཨོཾ་ཨཱཿཧཱུྃ་ཞེས་པས་ནང་མཆོད་གཏོར། །གཙོ་འཁོར་གྱི་བསྟོད་པ་བྱ། །རྡོ་རྗེ་རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་གཉིས་སྦྲེལ་མཛུབ་མོ་བརྐྱངས་ཏེ་རྩེ་སྤྲད་པ། གཙུག་ཏོར་རམ། །རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་སྤྱི་བོར་ལྡོག་སྟེ། །ཨོཾ་བཛྲ་བེ་གཱ་ཀྲ་མ་ཧོཿཞེས་དཀྱིལ་འཁོར་ནམ་མཁར་བཏེག །སྟ་གོན་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་བྱོན་ཏེ། །ཇི་སྲིད་སང་སྤྱན་མ་དྲངས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་བརྗོད། སླར་ཡང་གོང་བཞིན་མཆོད་བསྟོད་བྱས་ལ། ཡིག་བརྒྱའི་མཐར། མ་འབྱོར་བ་དང་ཞེས་སོགས་ཀྱིས་བཟོད་པར་གསོལ། གཏོར་མགྲོན་རྣམས་ལ་བྲིས་སྐུ་སོགས་རྟེན་ཡོད་ན་ཕྱོགས་བཅུ་ན་བཞུགས་པ་སོགས་ཀྱིས་བརྟན་བཞུགས་བྱ། མེད་ན་ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་གྱི་མཐར་མཐེབ་སྲིན་གྱིས་སེ་གོལ་དང་། །ལག་པ་གཉིས་བསྣོལ་བའི་མཐེབ་སྲིན་གྱིས་སེ་གོལ་ཕྱིར་གཏོག་ཏེ། །བཛྲ་མུཿས་རྟེན་མེད་པའི་ཡེ་ཤེས་པ་རྣམས་གཤེགས། །དམ་ཚིག་པ་རྣམས་ཛ༔ཧཱུྃ་བཾ་ཧོཿས་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། །རང་གི་དཔྲལ་བར་ཨོཾ་ཞེས་སོགས་ཀྱིས། །རང་གི་གནས་གསུམ་བསྲུངས་ལ། །སྟ་གོན་གྱི་མཆོད་གཏོར་དམན་པ་རྣམས་བསྡུའོ། །གསུམ་པ་དངོས་གཞི་ལ་ཐིག་ཚོན་གྱི་ཆོ་ག །བུམ་པ་འབུལ་ཞིང་དཀྱིལ་འཁོར་བརྒྱན་པ། །སྒྲུབ་ཅིང་མཆོད་ནས་དབང་བསྐུར་བ་དང་གསུམ་ལས། (༡༧ན)


GLG010_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། །ཐིག་ཚོན་བྱིན་རླབས་སོ་སོར་བཤད་ཀྱང་སྐབས་འདིར་གཉིས་ཀ་ཕྱོགས་མཐུན་དུ་མཛད་པས། རང་གི་མདུན་དུ་ཅོག་ཙེ་ལྟ་བུའི་སྟེང་དུ་རྡུལ་ཚོན་ཁ་དོག་དང་མཐུན་པའི་རིན་པོ་ཆེ་དང་དྲི་བཟང་ཡུངས་ཀར་གྱི་ཕྱེ་མ་བསྲེས་པ་ལ། ཡ། ཀྵེ། མ། མེ། ད། བྲིས་པ་དཀྱིལ་འཁོར་ཕྱོགས་མ་འཆོལ་བར་བཀོད་པའི་ཁར་ཁ་དོག་དང་མཐུན་པའི་ཐིག་སྐུད་དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་གཞོན་ནུ་མས་བཀལ་བའི་སྲད་བུ་ཚོན་དྲི་ཞིམ་པོ་དང་ཡུངས་ཀར་གྱི་ཕྱེ་མ་བསྲེས་པས་ཁ་དོག་བསྒྱུར་བ་ཁ་དོག་རེ་རེ་ལའང་ལྔ་ལྔར་བྱས་ལ། རིང་བ་སློབ་དཔོན་དང་སློབ་མའི་ལག་པས་བཟུང་བའི་ཆ་མ་གཏོགས་དཀྱིལ་འཁོར་ཉིས་འགྱུར། སྦོམས་སུ་ཀུན་དྲིལ་ན་སྒོའི་ཉི་ཤུ་ཆ་འབྱུང་བར་བྱས་པ་ཁ་དོག་དང་མཐུན་པའི་ཚོན་སོ་སོའི་ཁར་བཞག །དེའི་མདུན་དུ་མཆོད་པ་བཤམ། ཐིག་ཚོན་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉི་ལྔའི་སྟེང་དུ་ཐིག་ཚོན་སྔོན་པོ་ཡ་ལས་ཞེ་སྡང་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། དཀར་པོ་ཀྵེ་ལས་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་ཙརྩི་ཀཱ་ནག་མོས་འཁྱུད་པ། སེར་པོ་མ་ལས་སེར་སྣ་གཤིན་རྗེའི་གཤེད་སེར་པོ་ཕག་མོ་སེར་མོ་ཕག་ཞལ་ཅན་མས་འཁྱུད་པ། དམར་པོ་མེ་ལས་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་དབྱངས་ཅན་མ་དཀར་མོས་འཁྱུད་པ། །ལྗང་གུ་ད་ལས་ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ་གཽ་རཱི་ལྗང་སྔོན་མས་འཁྱུད་པ་སྟེ་ཞེས་སོགས་ཀྱིས་གཙོ་འཁོར་ཡབ་ཡུམ་ལྔར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། དབང་(༡༧བ)


GLG010_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། རང་གི་མིག་གཉིས་ཛ་ལས་བྱུང་བའི་ཟླ་བ་དང་ཉི་མར་བསྒོམས་ལ། ཨོཾདཱཔྟུ་དྲིཥྚ་ཨརྐུ་ཤ་ཛ། མིག་གཉིས་ལ་བཀོད་པར་བསམས་ནས་སྔགས་དེ་ཉིད་ཚར་གཉིས་བརྗོད། ཡང་སྔགས་དེ་ཚར་གསུམ་བརྗོད་ཅིང་། འབུར་བའི་ལྟ་སྟངས་ཀྱི་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། དེ་བཞིན་གཤེགས་པ་རྣམས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ། རྡོ་རྗེ་བསྡུ་པའི་ཕྱག་རྒྱ་དང་བཅས་སྤྱན་དྲངས་ལ། ཨོཾ་ཨཱཿཔྲ་ཡཙྪ་མོ་ཧོ་ཡ་མ་ཨ་རི་སྭ་ཙཀྲ་སུ་པྲ་ན་མ་ཧཱུྃ། ཞེས་དང་། དེ་བཞིན་དུ་མོ་ཧའི་གནས་སུ་པི་ཤུན་དང་། རཱ་ཀ་དང་། ཨི་རཱ་རྵྱཱན་དང་། དྭེ་ཥ་རྣམས་བཅུག་ལ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། ནམ་མཁའ་ནས་ཐིག་ཚོན་གྱི་ཡེ་ཤེས་པ་ཡང་ཡང་བྱོན་ནས་ཐིམ་པར་བསམ། ཉེར་སྤྱོད་ལྔས་མཆོད། གཙོ་འཁོར་ལ་བསྟོད། ལྷ་རྣམས་ཞུ་བ་ལས་བྱུང་བའི་ཐིག་ཚོན་དུ་བསམས་ལ། སློབ་དཔོན་རྡོར་དྲིལ་ཐོགས་པའི་ལག་གཉིས་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་ཀྱིས་ཚོན་རྣམས་མཉེད་ཅིང་། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། གསུམ་མམ་བདུན། ཧྲཱིཿཥྚཱིཿ། གསུམ་མམ་བདུན། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། གསུམ་མམ་བདུན། ཨོཾ་མོ་ཧཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། དེ་བཞིན་དུ་ཙི་ཏྲའི་སྔགས་དང་དཔའ་བོ་བཞིའི་སྔགས་གསུམ་མམ་བདུན་བདུན་བཟླ་ཞིང་ཚོན་ཉེད། ཡང་ཚོན་སོ་སོར་དཱིཿ་རིང་པོ་ཚེག་དྲག་ཅན་རེ་བྲིས། སློབ་དཔོན་གྱིས་རྡོར་དྲིལ་བཅས་མེ་ལྟར་འབར་བའི་དམ་རྒྱ་བཅས་ལ་རྡོ་རྗེ་ནང་བསྡམས་ཁ་གྱེས་པས་སྲིན་ལག་པུས་མོའི་བར་དུ་མཐེ་བོང་གཤིབས་ཏེ་བསྒྲེངས་པ། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་(༡༨ན)


GLG010_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སེམས་ཅན་ལ་ཆགས་པ་དང་རྗེས་སུ་ཆགས་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག ཧཱིཿཧཱིཿ། ཞེས་སྦར། ཐིག་སྐུད་རྣམས་སློབ་དཔོན་གྱི་ལག་པར་བླངས་ཏེ། གཏི་མུག་གཤིན་རྗེའི་གཤེད་བུ་ལུགས་ལ་ཕྲག་དོག་གཤིན་རྗེའི་གཤེད་དང་འདམ་ཀ་འདུག་ཀྱི་ང་རྒྱལ་འཛིན་པའི་སློབ་མ་ལ་ཐིག་སྐུད་སྔོ་དཀར་སེར་དམར་ལྗང་གུའི་རིམ་པས་ཐིག་སྣ་གཏད་དེ་བརྐྱངས་ལ་དཔོན་སློབ་གཉིས་ཀ་རྡོར་དྲིལ་འཛིན་པས། ཨོཾ་ཨཱཿནྱ་ནྱ་ཨ་ནུ་ག་ཏ་སརྦ་ངྷརྨཱ་སྥ་ར་སྥ་ར་ཨ་ནུ་ག་ཏཿསརྦ་དྷརྨཿཨ་ཏྱ་ནྟ་ཨ་ནུ་པྲ་བིཥྚཿ་སརྦ་དྷ་རྨཿཧཱུྃ། ཞེས་བརྗོད་ལ་དང་པོ་སོ་སོ་དང་། དེ་ནས་ལྷན་ཅིག་ཏུ་བསྒྲིམས་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་པར་བསམས་ལ། རྡོ་རྗེ་ལ་དཀྲིས་ཏེ་དྲི་བཟང་གིས་བྱུགས་གསེར་གྱི་སྣོད་དུ་བཞག་ནས་ཉེར་སྤྱོད་ལྔ་རོལ་ཆེན་གྱིས་མཆོད། ཧྲཱིཿཥྚྲཱིཿབཟླས་པས་བསྲུང་། དེ་ནས་སློབ་དཔོན་ལངས་ཏེ། དཀྱིལ་འཁོར་གྱི་ནུབ་ཏུ་གནས་པས་ཛྫཿ་སོགས་ཀྱིས་གྲོགས་ལ་ཐིག་སྣ་གཏད། དེས་ཀྱང་ཛྫཿགསུམ་བརྗོད་ཅིང་དྲངས་ལ་ལྟེ་བར་བཟུང་སྟེ། སློབ་དཔོན་གྱི་གཡས་རྡོ་རྗེ་དང་བཅས་པའི་མཐེབ་སྲན་གྱིས། ཨོཾ་ཨཱཿབཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་། ཐིག་གི་སྒྲ་དང་། སེམས་ཅན་དོན་ལ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྦྱོན་ཅིག །ཅེས་པས་བསྐུལ། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཐིག་ལ་ཐིམ་པར་བསམས་ལ། །ཚངས་ཐིག་དང་པོ་གདབ་པ་ནས་བཟུང་སྟེ་ཐིག་རྣམས་གཡས་སྐོར་གྱིས་གདབ་དགོས་པ་ལས། གདབ་པའི་གོ་(༡༨བ)


GLG010_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ནི། ནུབ་ཤར་ལྷོ་བྱང་མེ་དབང་ལྡན། རླུང་སྲིན་རླུང་དབང་མེ་སྲིན་པོ། གཡས་སྐོར་རྒྱབ་འགྲོས་ཚངས་ལོགས་གདབ། །མེ་རླུང་སྲིན་པོ་དབང་ལྡན་ནས། །རྒྱབ་འགྲོས་སྤངས་ཏེ་ཟུར་ཐིག་གདབ། །གཉིས་པ་སྡེབས་དང་པོ་སློབ་དཔོན་དང་། །ཕྱི་མ་སློབ་མར་ཤེས་པར་བྱ། ཞེས་པ་ལྟར་རོ། །མཐར་སློབ་དཔོན་བདེན་བྲལ་དང་། སློབ་མ་དབང་ལྡན་དུ་གནས་བཞིན་པས། ཐིག་སྐུད་ལ་ཉེར་སྤྱོད་རོལ་ཆེན་བཅས་པས་མཆོད། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སྟ་གོན་ཐུགས་ཀར་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། བསྡུ་རྒྱ་ཕྱིར་བསྟན་ནས་དགྲོལ་ཞིང་། ཨོཾ་ཨཱཿཧཱུྃ། བཛྲ་མུཿཐིག་གི་ཡེ་ཤེས་པ་སྟ་གོན་གྱི་ལྷའི་ཐུགས་ཀར་གཤེགས་བསྡུ་རྒྱ་དང་བཅས་དམ་ཚིག་པ་བདག་ཉིད་ལ་ཛཿཧཱུྃ་བཾ་ཧོཿ། ཐིག་སྐུད་རྡོ་རྗེ་ལ་དཀྲི་བ་ཕྱག་ལེན་ནོ། །དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་ནུབ་ཕྱོགས་ནས། །ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་ཐིག་གི་འོག་ནས་རྡོ་རྗེ་ཤུགས་ཀྱི་འཇུག་པས་ནང་དུ་ཞུགས་ལ། །དཀྱིལ་འཁོར་དབུས་སུ་གནས་པས། །རང་གི་མིག་གཡས་གཡོན་ཧཱིཿཧཱིཿལས་ཉི་མ་དང་ཟླ་བ། །མིག་འབྲས་ཧཱུྃ་ལས་ཁྲོ་བོའི་རྡོ་རྗེར་བསམ། །ཧཱིཿཧཱིཿཞེས་བརྗོད་ཅིང་ཁྲོ་བོའི་ལྟ་བས་ཤར་སྒོ་ནས་གཡས་སྐོར་གྱིས་བལྟས་པས་ཁྲོ་བོའི་རྡོ་རྗེ་འཕྲོས་ཏེ་ཐར་པའི་སྒོའི་གེགས་སུ་གྱུར་པ་རྣམས་བཅོམ་ནས་སྒོ་རྣམས་ཕྱེ་བར་བསམས་ལ། དྲིའི་ཆུས་སྒོ་བཞིའི་ནང་གི་རྩ་ཐིག་ལག་གཉིས་ཁྲོ་བོའི་ཁུ་ཚུར་གྱི་མཛུབ་མོས་(༡༩ན)


GLG010_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ལ། ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སུ་གྱུར་པ་ཐམས་ཅད་དབྱི་བ་ཡང་བགྱིའོ་ཞེས་བརྗོད། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་ཞལ་ཤར་དུ་ཕྱོགས་པས་འདུག་ལ༔། འདི་ནི་ཆོས་དབྱིངས་དག་པ་སྟེ། སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །འཇམ་དབྱངས་རྒྱལ་པོ་རང་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོའི་ནང་དུ་ཡང་དག་གནས། ཞེས་བརྗོད་ཅིང་། །གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་རྩིག་པ་རྣམས་རིམ་པ་བཞིན་སྒོ་ཚད་གཅིག་ཙམ་བྲིས་ལ་ཐོད་པའམ་ཏིང་ཕོར་ལྟ་བུ་བཀབ་བུ་ལུགས་ཚོན་པས་བརྟགས་མི་བཞེད་ཅིང་བསྲུང་། མེ་ཏོག་ལ་སོགས་པ་ལྔས་མཆོད་དེ། དབུས་ཀྱི་ཁུང་བུ་འོག་ནས་དཀར་པོ་སོགས་ཀྱིས་རིམ་པས་བཀང་ལ། སློབ་མ་ལ་སོགས་པས་དབུས་ནས་རིན་པས་བླངས། །རྩིག་པ་སྤེལ་རན་པ་ན་ཁེབས་བསལ་ཏེ་སྦྲེལ། མཚན་མ་བརྟགས་ལ། དམན་ནམ་མཁའ་ལྷ་ལ་མཚན་གཏོར་ཕུལ་ཏེ་བསྲུང་ངོ་། །ཚོན་གྱི་ཁ་དོག་ནི། དབུས་ཀྱི་སྣ་ཚོགས་པདྨ་ནི། །ཕྱོགས་བཞི་དམར་ལ་མེ་རླུང་སེར། །བདེན་བྲལ་ལྗང་ལ་དབང་ལྡན་སྔོ། །ལྟེ་བ་ལྗང་གུ་གེ་སར་སེར །ཕྱོགས་མདོག་ཤར་དཀར་ལྷོ་ཕྱོགས་སེར། །ནུབ་དམར་བྱང་ལྗང་དབུས་སྔོ་བའོ། །སྒོ་དང་རྟ་བབས་མེ་རིའི་བར། །དཀྱིལ་འཁོར་སྤྱི་དང་མཐུན་པར་བྲི། པདྨའི་ལྟེ་བ་རང་ཕྱོགས་ཀྱི་འདབ་མ་བཞིར། །ཉི་མ་ལ་གནས་པའི་དབྱུག་པ་ཐམས་ཅད་དཀར་པོ་ཡིན་ལ། །གཙོ་འཁོར་མི་ནོར་བའི་ཕྱིར་དུ་(༡༩བ)


GLG010_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་ཕྱག་མཚན་གྱིས་མཚན་པར་འདྲི་ནའང་ལྷ་བསྐྱེད་པའི་ཚེ་རྡོ་རྗེ་དབྱུག་པ་ཁོ་ན་ཡིན་པ་ལུང་སྦྱོོར་ལས་བཤད། མཚམས་ཀྱི་འདབ་མ་བཞིར། མེར་བུམ་པ་སྔོན་པོ། སྲིན་པོར་སེར། རླུང་དུ་དམར། དབང་ལྡན་དུ་དཀར་པོ་བུ་ལུགས་རྡོ་རྗེས་མཚན་པར་དབྱུག་པ་ཁོ་ན་དྲི་བ་དོན་ལ་གནས་པར་མཐོང་། །རྣམས་ཀྱི་སྟེང་དུ་ཐོད་པ་བདུད་རྩིས་གང་བས་བསྒོམ་དོན་དང་མི་འཛོལ་བ་གནད་དུ་ཆེ། བ་དེ་འདྲི། དེ་ལྟར་ལེགས་པར་བྲིས་ཟིན་པ་དང་། ཡེ་ཐིག་དང་ཚོན་ལྷག་མ་རྣམས་བསྡུས་ཏེ། མཆོད་བསྟོད་བྱས་ལ། ཡེ་ཤེས་པ་རྣམས་སྟ་གོན་གྱི་ལྷའི་ཐུགས་ཀར་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་ཐིམ་པར་བསམ། ཡེ་ཤེས་ཀྱི་ཐིག་ནམ་མཁར་བཏེག་པ་བྲིས་པའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧཱོཿ ཞེས་བརྗོད་དོ། །རས་བྲིས་ལ་བརྟེན་ན་ཐིག་ཚོན་གྱི་ཕྱོགས་རྣམས་དོར་ཏེ་རས་བྲིས་བྱིན་རླབས་ཅན་བཤམས་པ་ལས་གཞན་སྔ་ཕྱིའི་ཕྱག་ལེན་རྣམས་འདྲའོ། །གཉིས་པ་བུམ་པ་འབུལ་ཞིང་དཀྱིལ་འཁོར་བརྒྱན་པ་ནི། སྤོས་དང་རོལ་མོར་བཅས་པས་སློབ་དཔོན་གྱིས་རྣམ་རྒྱལ་དང་། ལས་ཀྱི་རྡོ་རྗེས་ལས་བུམ་བཟུང་ལ་ཡིག་བརྒྱ་བརྗོད་ཅིང་དྲིལ་བུ་གསིལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ལ། ལྷ་སོ་སོའི་སྔགས་ཀྱི་མཐར་བདག་གམ་སློབ་མ་ལ་དབང་བསྐུར་དུ་གསོལ། ཞེས་བརྗོད། ལྷ་དེ་དང་དེའི་མཚན་མའི་ཐད་ནས་བུམ་ཆུ་ཕུལ་བའི་ཚུལ་བྱས་ཏེ་དཀྱིལ་འཁོར་ཀྱི་ཤར་དུ་ཇི་ལྟར་རིགས་པའི་གདན་ལ་བཞག །ལས་བུམ་ལ་ཧྲཱིཿཥྚྲཱིཿབཟླས་ཏེ། ཕྲག་དོག་གཤིན་རྗེའི་(༢༠ན)


GLG010_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ཀྱིས་དཀྱིལ་འཁོར་གྱི་ལས་ཀྱི་བར་ཆད་ཐམས་ཅད་བསྲུང་དུ་གསོལ། ཞེས་དབང་ལྡན་དུ་འགོད་དོ། །དེ་ནས་སྤྱི་མཆོད་དང་སྒོས་མཆོད་ཐམས་ཅད་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཟླུམ་པོར་བཤམ་པ་ཙམ་མ་གཏོགས་གཞན་མཆོད་གཏོར་གྱི་བཀོད་པ་ཕལ་ཆེར་སྟ་གོན་སྐབས་སུ་བཤད་པ་དང་མཚུངས་ཤིང་འདིར་ས་ལྷའི་མཆོད་གཏོར་མི་དགོས། སྔོན་འགྲོ་དང་ཕྱི་རོལ་པའི་གཏོར་མ། སློབ་མའི་གྲངས་དང་མཉམ་པའི་མིག་དང་། མེ་ཏོག །དབུ་རྒྱན། རྡོར་དྲིལ། རིགས་ལྔའི་ཕྱག་མཚན། ཉེར་སྤྱོད་ལྔའི་མཆོད་པ་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་ཚང་ཞིང་བཀོད་པས་མཛེས་པར་བཤམ་མོ། གསུམ་པ་སྒྲུབ་ཅིང་མཆོད་ནས་དབང་བསྐུར་བ་ལ། སྒྲུབ་མཆོད་དངོས་དང་བདག་ཉིད་འཇུག་ཅིང་སློབ་མ་རྗེས་སུ་འཛིན་པ་གཉིས། དང་པོ་ནི། སློབ་དཔོན་གྱི་གཡས་སུ་ཅོག་བུ་ལུགས་དང་གོང་དཀར་བ་སོགས་པའི་བཀོད་ལུགས་གཞན་འདུག་ཀྱང་འདིར་ཚར་ལུགས་སོར་བཞག་ཙེའི་ཁར། གཡོན་ནས་བརྩམས་ནང་མཆོད་ཀ་པཱ་ལའི་སྟེགས་ཀྱི་ཟུར་ཕྱིར་སྟོན། །དྲིལ་བུའི་ཞལ་རྡོ་རྗེ་ལ་བསྟན་པ། རྡོ་རྗེ། ཌཱ་མ་རུ་ཟུར་བསླང་། མེ་ཏོག་ཕོར་བ། དེ་དག་གི་ཕྱིར་བུམ་པ་གཉིས་ཀྱི་ཕྱི་ནས་རྟེན། ཁེབས་ཟུར་བལྟ་བ་བྱས་པས་མཛེས་པར་གཡོགས་པ་སོགས་ཕྱག་ལེན་ལྟར་བྱ། སྔོན་འགྲོ་གཏོར་མ་དང་། གནས་མཆོད་བྱིན་རླབས་ནས་བརྩམས་ཏེ་སྒྲུབ་ཐབས་ནས་འབྱུང་བ་ལྟར་བདག་བསྐྱེད་བཟླས་པ་དང་བཅས་པ་རྫོགས་པར་བསྒོམ་པ་ནས། ནང་མཆོད་བྱིན་རླབས་ཀྱི་བར་ཐམས་ཅད་སྟ་གོན་བཞིན་བྱས་ལ། སྔར་(༢༠བ)


GLG010_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་རྡོ་རྗེ་ཤུགས་ཀྱི་སྔགས་དང་ཕྱག་རྒྱས་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཞུགས་པར་བསམས་ལ། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་གཤིན་རྗེའི་གཤེད་ཡབ་ཡུམ་གྱི་རྣམ་པས་འཁོད་པར་བསམ། བྲིས་པའི་དཀྱིལ་འཁོར་བསངས་སྦྱངས་སྟོང་པའི་ངང་ལས་ཨེ་ལས་ནམ་མཁའི་ཁམས་ནས། ཨཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེ་ཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད། དབུས་ཀྱི་མཚན་མ་ཡ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ་ལས་རང་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། དེ་བཞིན་དུ་ཤར་གྱི་མཚན་མ་ཀྵེ་དང་དབྱུག་པ་ལས་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་ཞེས་སོགས་ཀྱི་རིགས་འགྲོས་དང་སྦྱར་ཏེ་ལྷ་ལྔ་དང་། མཚམས་ཀྱི་མཚན་མ་རྣམས་ཡོངས་སུ་གྱུར་པ་ལས་ཤར་ལྷོར་མུ་མེན་གྱི་བུམ་པ་ཞེས་པ་ནས་ཨ་ནུ་རཱ་ག་ཎ་བཛྲ་ཨཱཏྨ་ཀོ་྅་ཧཾ་གི་བར་སྒྲུབ་ཐབས་བཞིན་དང་། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་ཞལ་མཁྱེན་རབ་རྗེ་བདེ་གཤེགས་རྣམས་རང་ཉིད་ལ་བཅུག་ནས་ཞུ་བའི་ལྷ་ཚོགས་ཕྱིར་སྤྲོས། རྟེན་བརྟེན་པར་གྱུར་པ་རང་གི་ཚངས་བུག་ནས་ཞུགས་པར་བཞེད། དུ་ཞུགས་པ་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏེ་ཡུམ་གྱི་མཁར་བབས་པའི་ཐིག་ལེ་ཆ་གཉིས་སུ་བསམ། ཆ་གཅིག་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞིས་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ལྷ་སོ་སོའི་གདན་དང་བཅས་པར་(༢༡ན)


GLG010_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། ཐིག་ལེ་ཆ་གཅིག་ཆ་དགུར་གྱུར་པ་ལྷ་ལྔ་བུམ་ཐོད་དང་བཅས་པ་རྣམས་སུ་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེའི་གཤེད་ཡབ་ཡུམ། ཤར་དུ་གཏི་མུག་གཤིན་རྗེའི་གཤེད་ཡབ་ཡུམ་ཞེས་སོགས་ཀྱི་ལྷ་ལྔ་དང་། མཚམས་བཞིར་བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི་དང་བཅས་པའོ། །ཞེས་མིང་ཙམ་བརྗོད་པས་གསལ་གཏབ། དེ་ནས་ཧྲཱིཿཥྚྲཱིཿབརྗོད་དེ། ཡུམ་གྱི་མཁའ་ནང་གི་གཙོ་བོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དང་རྣམ་པར་ཤེས་པའི་ཕུང་པོ་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས་རང་ལ་ཐིམ་པས། རང་ཉིད་ཞེ་སྡང་གཤིན་རྗེའི་གཤེད་དམར་པོ་ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། དེ་བཞིན་དུ། ཨོཾ་མེ་ཧཱནྟ་ཀྲྀ་ཏ་ཧཱུྃ་ཧཱུྃ་ཕཊ། གཏི་མུག་གཤིན་རྗེའི་གཤེད་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་དང་གཟུགས་ཀྱི་ཕུང་པོ་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། ཚུར་འདུས་ཤར་གྱི་གཏི་མུག་གཤིན་རྗེའི་གཤེད་ལ་ཐིམ་པས། གཏི་མུག་གཤིན་རྗེའི་གཤེད་དཀར་པོ་སོགས་ཀྱི་གསལ་གདབ། ཨོཾ་པི་ཤུ་ནཱནྟ་ཀྲྀ་ཏ་༝། སེར་སྣ་གཤིན་རྗེའི་གཤེད་༝། སེམས་ཅན་ཐམས་ཅད་ཀྱི་སེར་སྣ་དང་ཚོར་བའི་ཕུང་པོ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས་ལྷོའི་སེར་སྣ་གཤིན་རྗེའི་གཤེད་ལ་ཐིམ་པས། སེར་སྣ་སོགས། ཨོཾ་རཱ་གཱནྟ་ཀྲྀ་ཏ་༝། འདོད་ཆགས་གཤིན་རྗེའི་གཤེད་༝། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་འདུ་ཤེས་ཀྱི་༝། སོ་སོར་(༢༡བ)


GLG010_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཡེ་ཤེས་༝། ཚུར་འདུས་ནུབ་ཀྱི་འདོད་ཆགས་གཤིན་རྗེའི་གཤེད་ལ་ཐིམ་པས། འདོད་ཆགས་སོགས། ཨོཾ་ཨཱིཥྱནཀྲ་ྀ༝། ཕྲག་དོག་གཤིན་རྗེའི་གཤེད་༝། སེམས་ཅན་ཐམས་ཅད་ཀྱི་ཕྲག་དོག་དང་འདུ་བྱེད་ཀྱི་༝། བྱ་བ་གྲུབ་པའི་ཡེ་ཤེས་༝། ཚུར་འདུས་བྱང་གི་ཕྲག་དོག་གཤིན་རྗེའི་གཤེད་ལ་ཐིམ་པས། ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ་གཽ་རཱི་ལྗང་སྔོན་མས་འཁྱུད་པ། དཔའ་བོ་ཐམས་ཅད་ཀྱང་ཞེས་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་བར་དང་། ཨོཾ་ཨཱཿཧཱུྃ་མཁའ་ནང་གི་བུམ་ཐོད་བཞི་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ཡུལ་དྲུག་གི་སྒྲིབ་པ་སྦྱངས། །ཟག་པ་མེད་པའི་བདེ་བ་ལ་བཀོད། །ཚུར་འདུས་དཀྱིལ་འཁོར་གྱི་མཚམས་ཀྱི་བུམ་ཐོད་བཞི་ལ་ཐིམ་པས། ཤར་ལྷོར་མུ་མེན་གྱི་བུམ་པ་ནས་ཁ་བཅད་པའོ། ཨོཾ་ཨཱཿཧཱུྃ། མཁའ་ནང་གི་གཞལ་ཡས་ཁང་དཔག་ཏུ་མེད་པ་སྤྲོས། མ་དག་པ་སྣོད་ཀྱི་འཇིག་རྟེན་སྦྱངས། དག་པ་བདེ་ཅན་གྱི་ཡེ་ཤེས་ལ་བཀོད། ཚུར་འདུས་གཞལ་ཡས་ཁང་ལ་ཐིམ་པས། འབྱུང་བཞི་ལྷུན་པོ་དང་བཅས་པས་སྟེང་དུ་བསྲུང་བའི་འཁོར་ལོའི་ནང་དུ་ཚུད་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་བསམ། ཞེས་བརྗོད། དེ་ནས་གནས་གསུམ་བྱིན་གྱིས་བརླབས། དབང་བསྐུར་ཡེ་ཤེས་པ་བསྟིམ་པ་རྣམས་སྟ་གོན་བཞིན་དང་། ཉིན་དང་པོའི་ཚེ་སྟ་གོན་གྱི་ལྷ་ལ་རྡོ་རྗེ་གསོར་ཞིང་ཧྲཱིཿཥྚཱི་བརྗོད་པས་བགེགས་བསྐྲད། མཚན་སྔགས་སྔོན་དུ་འགྲོ་བའི་ཨརྒྷཾ྄་ནས་ཤཔྟའི་བར་གྱིས་མཆོད་ལ། ཛཿཧཱུྃ་བཾ་ཧོཿས་བསྟིམ། (༢༢ན)


GLG010_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བྱེད་ཀྱི་བཟླས་པ་བྱ་མི་དགོས། དེ་ནས་མཆོད་པ་བསངས་སྦྱངས་གྱིས་བྱིན་བརླབས་ནས། །དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། རྣམ་ལྔ་འདོད་ལག་པ་གཉིས་པད་ཀོར་སྙིང་ཀ །ནུ་མ་གཡས། ནུ་མ་གཡོན། ཡང་སྙིང་ག་རྣམས་སུ་སྐོར་དུ་གྲགས་པ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མཱ་རི་ས་པ་རི་ཝཱ་རའི་བར་བརྗོད། ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ་ཞེས་པའི་འབྲུ་གཉིས་ཀྱི་དང་པོ་ལ་ལག་པ་གཉིས་ལས་གཡས་ནང་དུ་བསྣོལ་བ་ཁ་ཕྱིར་བསྟན་པའི་སེ་གོལ་དང་། རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་རྩེ་སྤྲད་པའི་ཚུལ་གྱི་ཕྱི་མ་ལ་འབྲུ་གཉིས་ཀྱི་དང་པོ་ལ་ལག་པ་གཉིས་ལས་གཡས་ནང་དུ་བསྣོལ་བ་ཁ་ཕྱིར་བསྟན་པའི་སེ་གོལ་དང་། ཕྱི་མ་ལ་གཡོན་ནང་དུ་བསྣོལ་བ་ཁ་ནང་དུ་བསྟན་པའི་སེ་གོལ་གཏོག །གཡོན་ནང་དུ་བསྟན་པའི་སེ་གོལ་གཏོག །མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ཞེས་དང་། ཨརྒྷཾ་གྱི་གནས་སུ། པཱ་དྱ་ཕྱག་རྒྱ་གོང་བཞིན་ཞབས་བཀྲུ་པའི་ཚུལ། པུཥྤེ། །རྡོ་རྗེ་ཁུ་ཚུར་ཁ་གྱེན་དུ་བསྟན་པའི་ཚུལ། དྷུ་པེ་རྡོ་རྗེ་ཁུ་ཚུར་ཐུར་དུ་སྤུབ་པའི་ཚུལ་ཨ་ལོ་ཀེ །རྡོ་རྗེཁུ་ཚུར་ལས་མཐེ་བོང་གཉིས་བསྒྲེང་པའི་ཚུལ། གནྡྷེ་རྡོ་རྗེ་ཁུ་ཚུར་དཀྲོལ་བ་ལས་ཐལ་མོ་གཉིས་ཕྱིར་བསྟན་ཏེ་ཕྱུང་པའི་ཚུལ། ནཻ་ཝཱི་དྱ། གོང་བཞིན་ལས་ཐལ་མོ་གྱེན་ཕྱེ་ནས་བཏེགས་པའི་ཚུལ། །ཤཔྟ་ཞེས་བསྒྱུར་རྡོ་རྗེ་ཁུ་ཚུར་ལས་གུང་མཛུབ་གཉིས་བརྐྱངས་ཏེ་སིལ་སྙན་དཀྲོལ་པའི་སྟང་ཀ་དང་སེ་གོལ་གཅིག་གཏོག་ཚུལ། རོལ་ཆེན་གཎྜེ་ར་ཎིས་བྱ། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ་ཞེས་པ་ནས་བཟུང་། སྦྲུལ་རྒྱན་འབུལ་བའི་བར་ས་བཟུང་པའི་སྐབས་ལྟར་བྱ། །འདོད་ཡོན་(༢༢བ)


GLG010_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནི། །འཛམ་བུའི་གླིང་དང་གླིང་གཞན་ན། །གཟུགས་མཆོག་ཚོགས་ཀྱིས་བཀང་བ་ཡང་། །བླ་མ་གཤིན་རྗེའི་གཤེད་པོ་ལ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །སྔགས་མཇུག་ཏུ་རཱུ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སྟེང་ནས་གཡས་པའི་མཐིལ་ཕྱིར་བསྟན་པའི་ཚུལ་པ། གཟུགས་མཆོག་གི་གནས་སུ། སྒྲ་སྙན། དྲི་མཆོག །རོ་མཆོག །རེག་འཇམ་རྣམས་བསྔོ། རཱུ་པའི་གནས་སུ་ཤཔྟ། གནྡྷེ། གཡོན་པའི་ཁུ་ཚུར་གྱེན་དུ་བསྟན་ནས་དུང་ཆོས་འཛིན་ཚུལ་དང་གཡས་སོར་མོ་བཞི་བརྐྱངས་མཐེ་བོང་ཅུང་ཟད་བཀུག་པའི་ཚུལ། རཱ་རྡོ་རྗེ་བསྡམས་པ་ལས་ཐལ་མོ་ཁ་ཕྱེ་བའི་ཚུལ། ས། སྤཪྴ་རྣམས་འདོན་པར་བསྒྱུར་རོ། །རིན་ཅེན་སྣ་བདུན་ནི། གཡོན་པའི་ཁུ་ཚུར་ནུ་མ་གཡོན་ཐད་ནས་ཕྱིར་བསྟན། འཛམ་བུ་གླིང་དང་གླིང་གཞན་དག །འཁོར་ལོ་རིན་ཅེན་རྡོ་རྗེ་ཁུ་ཚུར་ལས་ནུ་མ་གཉིས་ཀྱི་ཐད་དུ་མཐེབ་མཛུབ་རྩེ་སྦྱར་བ་གཡས་ནས་གཡོན་མའི་སྟེང་དུ་སྐོར་བས་ཕྱིར་བསྟན་པའི་ཚུལ། བཀང་བ་ཡང་། སྟོང་གསུམ་ལ་སོགས་དེ་བཞིན་ཏེ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །སྔགས་མཇུག་ཏུ་ཙཀྲ་ལག་པའི་རྒྱབ་གཉིས་རྩེ་བསྣོལ་མཐེ་བོང་གཉིས་ལག་མཐིལ་དུ་བཀུག་ནས་ལྟེ་བའི་ཚུལ། རཏྣ་༝། འཁོར་ལོའི་གནས་སུ། ནོར་བུ། གླང་པོ། རྟ་མཆོག །བུད་མེད། ཁྱིམ་བདག །བློན་པོ། ཞེས་དང་། ཙཀྲའི་གནས་སུ། མ་ཎི་རིན་ཅེན་ཁུ་ཚུར་ལས་གུང་སྲིན་མཐེའུ་ཆུང་བསྡམས་པའི་ཚུལ། ཧ་སྟི་གོང་མ་འདི་གཤེད་སྐོར་གྱི་ལུགས་སྲོལ། ཨ་ཤྭ་རྡོ་རྗེ་ཁུ་ཚུར་ཁ་སྦྱར་པ་ལས་གུང་སྲིན་གཉིས་སོ་སོར་རྩེ་སྦྱར་བའི་བར་གཉིས་མ་འབྱར་བར་གདེང་། །མཐེ་བོང་གཉིས་སྒྲེང་ཚུལ། གཡོན་པའི་ལག་མཐིལ་དུ་གཡས་པའི་གྲུ་མོ་བཙུགས་རྡོ་རྗེ་ཁུ་ཚུར་གྱི་གུང་མཛུབ་བརྐྱང་པའི་ཚུལ་སྟི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ཁ་སྦྱར་པའི་རྒྱབ་ཏུ་མཛུབ་མོ་གཉིས་རྩེ་སྤྲད་པའི་ཚིགས་བར་པ་བཅུག་མཐེ་བོང་གཡས་ཀྱིས་གཡོན་མནན་པའི་ཚུལ། གྲྀ་ཧསྦ་(༢༣ན)


GLG010_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་རྡོ་རྗེ་བསྡམས་པ་ལས་གུང་མོ་སྦྱོར་ནས་བརྐྱང་། །མཐེ་བོང་དང་མཐེའུ་ཆུང་གཉིས་རྩེ་མ་སྦྱར་བར་བརྐྱང་པའི་ཚུལ། པ་རི་ཎ་གཡོན་རྡོ་རྗེ་ཁུ་ཚུར་གཡས་དེའི་མདུན་ནས་ལག་མཐིལ་ཁ་སྤུབ་པ་གྱེན་དུ་བསླང་བ་པུས་མོ་གཡས་པའི་ཐད་དུ་མཆོག་སྦྱིན་པའི་ཚུལ་ཡ་ཀ་ཞེས་བསྒྱུར། །ལྷ་ཡི་དབང་པོ་སོགས་བཀྲ་ཤིས་རྫས་བརྒྱད་གོང་ལྟར། ཨོཾ་སརྦ་བིད་ནས། །སྥ་ར་ཎ་ཁཾ་ཞེས་པས་མཆོད་པའི་ཡོ་བྱད་རྣམས་ཉེ་བར་མཁོ་བ་དཔག་ཏུ་མེད་པ་བློས་སྤྲུལ་ལ། །དཀྱིལ་འཁོར་མཆོད་པ་ཉི་ཤུ་པ་འདི་ཀུན་མཁྱེན་རྡོ་རྗེ་གདན་པས་མཛད་པ་ཀུན་རྣམ་པར་དག་བྱའི་ཕྱིར། མི་གཙང་རྙོག་སེལ་རིན་ཆེན་རྡུལ་ཡབ་མཆོག །གུས་པས་བློ་ཡིས་བླང་ནས་དབུལ་བར་བགྱི། །དགྱེས་ཤིང་འགྲོ་བའི་དོན་དུ་བཞེས་སུ་གསོལ། སྔགས་མཇུག་ཏུ་རཱ་ཛཱ་ཝ་ར་ཎཾ༝། དཀྱིལ་འཁོར་པ་ཀུན་ཉེར་འཚེ་བྲལ་བྱའི་ཕྱིར། །མི་མཐུན་ཕྱོགས་འཇོམས་ནོར་བུའི་སྦྲང་ཡབ་མཆོག །ཚིག་རྐང་མཐའ་མ་གཉིས་ཀུན་ལ་སྦྱོར། །སྔགས་མཇུག་ཏུ་མ་ཤ་ཀ་ཝ་ར་ཎ༝། དཀྱིལ་འཁོར་པ་ཀུན་བསིལ་པ་མྱོང་བའི་ཕྱིར། །ཚ་གདུང་གཞིལ་བྱེད་ཡིད་འོང་བསིལ་ཡབ་མཆོག །སྔགས་མཇུག་ཏུ་གསུམ་ག་ལ་གཡོན་པའི་ལག་མཐིལ་དུ། །གཡས་པའི་གྲུ་མོ་བཙུགས་ཏེ་བསྒྲེངས་ནས་རྔ་ཡབ་གཡབ་ཚུལ་བྱཉྫ་ན༝། དཀྱིལ་འཁོར་པ་ཀུན་བརྟན་པར་བཞུགས་པའི་ཕྱིར། །ཡངས་ཤིང་མཛེས་པ་ཡིད་འོང་གཞལ་མེད་ཁང་། སྔགས་མཇུག་ཏུ་པཱིཥཱི༝། དཀྱིལ་འཁོར་པ་ཀུན་བདེ་བར་རོལ་པའི་ཕྱིར། ལྗོན་ཤིང་མེ་ཏོག་རྣམ་བཀྲ་སྐྱེད་ལག་པ་གཡོན་པའི་ཁུ་ཚུར་སྙིང་གར་བཞག་སྟེ་གཡས་པའི་གུང་མོ་དང་འཛུབ་མོ་གཉིས་ཀྱིས་ཕོ་བྲང་ཟླུམ་པོ་འབུལ་བའི་ཚུལ། མོས་ཚལ། །(༢༣བ)


GLG010_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མཇུག་ཏུ་ཨུརྱ་ན་༝། དཀྱིལ་འཁོར་པ་ཀུན་ཐུན་འཚམས་ངལ་གསོའི་ཕྱིར། །དར་ཟབ་ལ་སོགས་བདེ་སྟེར་གཟིམས་མལ་མཆོག །སྔགས་མཇུག་ཏུ་ཤ་ཡ་ཨཱ་ས་རྡོ་རྗེ་ཁུ་ཚུར་གཉིས་གཡས་གཡོན་དུ་བསྒྲེང་བ་ནི་གཟིམས་ཆ་གཡོག་པའི་ཚུལ། ན༝། དཀྱིལ་འཁོར་པ་ཀུན་རྡོ་རྗེའི་གདན་བཞུགས་ཕྱིར། །རིན་ཅེན་དུ་ཕྱག་རྒྱ་དེ་ཉིད་ལས་གཞལ་མེད་ཁང་གྲུ་བཞི་འབུལ་པའི་ཚུལ། མས་བརྒྱན་པའི་སེང་གེའི་ཁྲི། །སྔགས་མཇུག་ཏུ་རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ཏེ་སེང་གེའི་གདན་འབུལ་པའི་ཚུལ་དུ་འཇོག་ཁཊྒ་༝།དཀྱིལ་འཁོར་པ་ཀུན་འགྲོ་དོན་ལ་གཤེགས་ཕྱིར། །རྫུ་འཕྲུལ་ཤུགས་ལྡན་མྱུར་འགྲོ་ཅང་ཤེས་ཁྱུ། །རྟའི་ཕྱག་རྒྱ་བཅས་ལ། སྔགས་མཇུག་ཏུ་ཏུ་རཱཾ་ག་ཨ་ཤྭ༝། དཀྱིལ་འཁོར་པ་ཀུན་ཐེག་ཆེན་སར་གནས་ཕྱིར། ཤིན་ཏུ་སྟོབས་ལྡན་གླང་ཆེན་དུ་མའི་ཚོགས། །གླང་པོའི་ཕྱག་རྒྱ་བཅས་ལ། །སྔགས་མཇུག་ཏུ་ག་ཛ་༝། དཀྱིལ་འཁོར་པ་ཀུན་འགྲོ་བའི་རེ་སྐོང་ཕྱིར། །འདོད་དགུ་འབྱུང་བའི་ཡིད་བཞིན་རིན་པོ་ཆེ། །རིན་པོ་ཆེའི་ཕྱག་རྒྱ་དང་བཅས། སྔགས་མཇུག་ཏུ་ཙིཏྣ་མ་ཎི་༝། དཀྱིལ་འཁོར་པ་ཀུན་གོས་རྒྱན་སོགས་སྤྱོད་ཕྱིར། །འདོད་པའི་དངོས་སྟེར་དཔག་བསམ་ཤིང་ལྗོན་པ། །སྔགས་མཇུག་ཐལ་མོ་ཁོང་སྟོང་། ཀ་ལྤ་པྲྀཀྵ༝། དཀྱིལ་འཁོར་པ་ཀུན་གཞལ་ཡས་ཁང་བརྒྱན་ཕྱིར། །གདུགས་འཁོར་རི་དྭགས་མཆོག་མཛེས་རྟ་བབས་བཟང་། སྔགས་མཇུག་ཏི་ཏོར་རིན་ཆེན་ཁུ་ཚུར་ལས་སྲིན་ལག་དང་མཐེའུ་བསྣོལ་གུང་མོ་གཉིས་མཉམ་པར་བརྐྱང་པའི་ཚུལ། ཎཾ་༝། དཀྱིལ་འཁོར་པ་ཀུན་སྟེང་དུ་རབ་བརྒྱན་ནས། །ཆར་སོགས་བླ་བའི་གནོད་སེལ་བླ་བྲེ་མཆོག །སྔགས་མཇུག་ཏུ་པིཏཱ་ན༝། ལག་མཐིལ་གཡོན་མཉམ་གཞག་དང་གཡས་དཔྲལ་བའི་ཐད་ནས་ཐུར་དུ་སྒྲུབ་པའི་ཚུལ། དཀྱིལ་(༢༤ན)


GLG010_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་པ་ཀུན་ལྗགས་དབང་ཚིམ་བྱེད་ཅིང་། །སྐུ་ལུས་རྒྱས་བྱེད་བཟའ་བཏུང་རོ་སྣ་ཚོགས། རོའི་ཕྱག་རྒྱ་བཅས་ལ། སྔགས་མཇུག་ཏུ་ཨནཱ་པཱ་ནི༝། དཀྱིལ་འཁོར་པ་ཀུན་སྒྲུབ་ལ་སྙན་གསན་ཕྱིར། །སྔགས་ཀྱི་རང་བཞིན་སྙན་པའི་གླུ་དབྱངས་དག །སྔགས་མཇུག་ཏུ་གཱཏི་༝། རྡོ་རྗེ་ཁུ་ཚུར་གཉིས་གཡས་གཡོན་ཁའི་ཐད་ནས་འབྱེད་འཛུམ་གྱི་ཚུལ་གོང་དཀར་བ་པི་ཝཾ་བརྡུང་པའི་ཕྱག་རྒྱ་མཛད། དཀྱིལ་འཁོར་པ་ཀུན་སྒྲུབ་པས་མཉེས་བྱའི་ཕྱིར། །ལྷ་ཡི་ཏིང་འཛིན་གསལ་བྱེད་གར་དག་གིས། །སྔགས་མཇུག་ཏུ་མཁུར་ཚོས་གཡས་གཡོན་དང་དཔྲལ་བ་གསུམ་གྱི་ཐད་དུ་པད་ཀོར་རེ་བྱས་མཐར་དཔྲལ་བར་ཐལ་མོ་སྦྱར་པ་ཅུང་ཟད་གཡོན་དུ་སྐོར་ཚུལ་ནི་རྟ༝། དཀྱིལ་འཁོར་པ་ཀུན་རྟག་ཏུ་མཆོད་བྱའི་ཕྱིར། །ཟད་པ་མེད་པའི་གཏེར་གྱི་བུམ་པ་བཟང་། །སྔགས་མཇུག་ཏུ་བྷ་དྲ་གྷ་ཐལ་མོ་ཁོང་སྟོང་ཊ། །དཀྱིལ་འཁོར་པ་ཀུན་རྒྱུན་མི་ཆད་མཆོད་ཕྱིར། །ཅི་འདོད་རྒྱུན་ལྡན་འདོད་འཇོའི་བ་མཆོག་ཀུན། །སྔགས་མཇུག་ཏུ་ཀཱ་མ་ལག་གཉིས་གུང་སྲིང་མཐེའུ་ཆུང་གསུམ་རྩེ་སྤྲད་མཐེ་བོང་གཉིས་གཤིབས་ཏེ་བརྐྱངས་མཛུབ་མོ་གཉིས་སོ་སོར་གདངས་མཁྲིག་མ་སྦྱར་བས་དྷེ་ནུ༝། དཀྱིལ་འཁོར་པ་ཀུན་བྲེལ་བ་མེད་པའི་ཕྱིར། །གང་འདོད་འབྲས་འབྱུང་རིན་ཆེན་ཡལ་གའི་འགོ །སྔགས་མཇུག་ཏུ་རཏྣ་རྡོ་རྗེ་བསྡམས་པ་ལས་ཀུང་མོ་དང་ཐ་མ་བཞི་གཤིབས་བསྒྲེངས་ལདྷ་སྟ། དཀྱིལ་འཁོར་པ་ཀུན་རང་གི་འབྲས་སྤྱོད་ཕྱིར། །མཐའ་དབུས་མེད་པར་གང་བ་ནམ་མཁའ་མཛོད། །ནམ་མཁའ་མཛོད་གྱི་ཕྱག་རྒྱ། །ཁ་གཉྫ༝། ནག་པོ་ར་རི་མེད་པ་སོགས་གོང་ལྟར་བྱེད་ནམ་མཁའ་མཛོད་སྤྱི་ཁྱབ་ལས་ཟུར་དུ་མི་འདྲེན་འདི་ཐེབས་ཉི་ཤུའོ། །དེ་རྗེས་ནང་མཆོད་རྒྱས་པ། བསྟོད་པ་(༢༤བ)


GLG010_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཞིན་བྱས་ལ། །བཟླས་པའི་ཚེ་ལྷ་རྣམས་ཀྱི་སྐུ་ལ་དམིགས་ཏེ། །དཀྱིལ་འཁོར་ཀྱི་ལྷ་སོ་སོའི་སྔགས་ཅི་མང་བཟླ། །མཇུག་ཏུ་འདོད་པའི་དོན་ལ་གསོལ་བ་གདབ། སྐབས་འདིའམ་འོག་བདག་འཇུག་ཚར་ནས་སྔར་སྟ་གོན་གྱི་སྐབས་སུ་བཤད་པ་ལྟ་བུའི་ཆོ་གས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་རྒྱས་པར་ཕུལ། རང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་གཤིན་རྗེའི་གཤེད་ཀྱི་རྣམ་པར་བྱ་སྟེ། དཔོན་སློབ་ཐམས་ཅད་ཞྭ་གྱོན་རྡོར་དྲིལ་རོལ་ཆ་དང་བཅས་སྒྲུབ་ཁང་གི་ཕྱིར་འཐོན་ཡུལ་དུས་ཀྱི་དབང་གིས་ཕྱིར་འགྲོ་མ་ཐུབ་ན་ཡོལ་བས་བཅད། སློབ་དཔོན་ཁྲིའུ་ཤིང་ལ་ཁྲུས་བཞུགས། གཞན་རྣམས་དེ་ལ་ཕྱོགས་པས། རང་བཞན་གྱི་དཀྱིལ་འཁོར་བསྲུང་བའི་ཧྲཱིཿཥྚཱིཿཁ་ཡར་བཟླ། སྟེགས་ལ་ཕྱི་རོལ་པའི་གཏོར་མ། དེའི་གཡས་ནས་ཆུ་གཉིས་དང་། གཡོན་ནས་ཉེར་སྤྱོད་ལྔ་བཤམ། ཆུ་ཆང་གིས་སྦྱངས། རྡོ་རྗེའི་རྩེས་ནང་མཆོད་གཏོར་བའི་སྟང་ཀ་དང་བཅས། མཆོད་གཏོར་བརླབ། གཏོར་སྣོད་ཀྱི་མཐར་ཞེས་སོགས་ནས་སྦ་བའི་འཕྲིན་ལས་མཛོད་ཅིག་གི་བར་བརྗོད། ལས་ཀྱི་རྡོ་རྗེས་ཞལ་ཟས་ནས་གཡས་སྐོར་དུ་མཆོད་པ་རྣམས་གཏོར་སྣོད་ཀྱི་ནང་དུ་རིམ་གྱིས་བསྡུ། མཐར་མཆོད་ཡོན་གཏོར་སྣོད་ལ་བསྐོར་ཏེ་འགྲོ་ཕྱོགས་སུ་བསྒྲེངས་ལ། སློབ་དཔོན་གྱིས་མཆོད་ཡོན་གྱི་ཕྱག་རྒྱ་དང་། ཧྲཱིཿབི་ཤུདྡྷྱ་སརྦ་དྷ་རྨ་སརྦ་པཱ་བཾ་ནི་ཙཱ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀ་ལྤཱན་ཨ་པ་ན་ཡ་ཧཱུྃ་ཞེས་བརྗོད། ཡིག་བརྒྱའི་མཐར། ཨོཾ་ཨཱཿཧཱུྃ་ཞེས་པ་ནས་གསུམ་བསྲུངས་ལ་ལག་པ་གཡས་(༢༥ན)


GLG010_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་བརྐྱངས་ཏེ། བཛྲ་མུཿ ཡེ་ཤེས་པ་སྒྲུབ་ཁང་གི་ཕྱོགས་མཚམས་སུ་གཤེགས། གང་དག་ནག་པོའི་ཕྱོགས་ཞེས་སོགས་གོང་བཞིན་བཏང་། །གཏོར་མ་རིང་དུ་དོར། །ཧྲཱིཿཥྚྲཱིཿབཟློས་ཤིང་རོལ་མོས་མཚམས་བཅད། ཉེ་རེག་བྱ། སློབ་དཔོན་གྱིས་རྟིང་མནན་ནས་ནང་དུ་འོང་། སྒྲུབ་ཁང་གི་སྒོ་ནང་དུ། ལས་བུམ་གྱི་ཆུས་བསངས། སྤོས་ཀྱིས་བདུགས། ཨོཾ་བཛྲ་ཡེ་གཱ་ཀྲ་མ་ཧཱུྃ་ཡིག་བརྒྱ་རོལ་མོ་དང་བཅས་དཀྱིལ་འཁོར་ལ་བསྐོར་བ་བདུན་ནམ་གསུམ་བྱ། ཤར་སྒོ་ནས། ཨོཾ་པྲ་ཏཱི་ཙྪ་བཛྲ་ཧོཿས་མེ་ཏོག་ཕུལ། ཨོཾ་པྲ་ཏཱི་གྲྀཧྞ་སྟྲཾ། ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ། རང་གི་མགོ་ལ་བཅིངས། ཨོཾ་བཛྲ་ཨུཏྒ་བུ་རྡོ་རྗེ་ཁུ་ཚུར་རྒྱབ་སྤྲད་པ་ལས་མཐེའུ་ཆུང་བསྣོལ། །མཛུབ་མོ་གཉིས་བསྒྲེང་པ་ཧཱུྃ་མཛད་ཀྱི་ཕྱག་རྒྱའི་ལྟ་བ་ལ། མཛུབ་མོ་དྲིལ་ཞིང་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ་གིས་སྒོ་བཞི་ཕྱེ། ཤར་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ན་ཀཱ་རོ་མི་ཞེས་ཕྱག་བྱ། དཀྱིལ་འཁོར་གྱི་ཤར་དུ་འགྲེངས་ཏེ་འདུད་པ་དང་བཅས་པས། བདག་ལས་དང་པོ་བའི་རྟེན་གྱི་གང་ཟག་ཏུ་གྱུར་པས། ཏིང་ངེ་འཛིན་མི་གསལ་བ་དང་། བྱིང་བ་དང་། རྒོད་པའི་དབང་དུ་གྱུར་པ་དང་། ཆོ་ག་ལྷག་ཆད་དུ་གྱུར་པ་དང་། མཆོད་པའི་ཡོ་བྱད་མ་འབྱོར་བ་དང་། ཉམས་པ་ལ་སོགས་པ་དཀྱིལ་འཁོར་ཆེན་པོ་སྒྲུབ་པ་ལ་སྐྱོན་དུ་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་བཟོད་པར་མཛད་དེ་ལྷག་ཆད་བསྐོང་བར་མཛོད་ལ། བདག་སོགས་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་བཀའ་དྲིན་རྒྱ་ཆེན་པོ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །གཉིས་པ་ལ་བདག་ཉིད་འཇུག་ཅིང་སློབ་མ་རྗེས་སུ་འཛིན་(༢༥བ)


GLG010_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཉིས་། དང་པོ་དཀྱིལ་འཁོར་ཀྱི་གཙོ་བོ་དང་རང་གི་རྩ་བའི་བླ་མ་ཐ་མི་དད་པ། ཆོ་ག་དཔོད་པ་སོགས་སློབ་དཔོན་གྱི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་དང་དབང་རྫས་འགྲེམ་མཁན་དེའི་ཐུགས་ཀ་ནས་ཕྱེ་བའི་གཤིན་རྗེའི་གཤེད་ཀྱིས་མཛད་པར་བསམ་པ་གསུང་རྒྱུན་ནོ། །དཀྱིལ་འཁོར་དུ་གཞུག་པ་དང་ཞུགས་པ་ལ་དབང་བསྐུར་བ་གཉིས། དང་པོ་ནི། སློབ་དཔོན་གྱི་མདུན་ཅོག་ཁར། མཎྜལ་སྣོད་ཀ་ཊོ་ར་མེ་ཏོག་དང་བཅས་པ། དབུ་རྒྱན་བཞི་སྒོམས་སུ་འཇོག་བུ་ལུགས་ལ་རིན་འབྱུང་ཞལ་རང་ལ་བསྟན་པའི་སྟེང་དུ་ཅོད་པན་གྱིས་མཛེས་པར་མཛད། ལས་ཀྱི་རྡོ་རྗེས་ཚོགས་པ་ཐམས་ཅད་ལ་ལས་བུམ་གྱི་ཆུ་དང་། མཎྜལ་གྱི་མེ་ཏོག་བཀྲམ་ལ། སློབ་དཔོན་གྱིས་སྣ་དྲངས་ཏེ། ཐམས་ཅད་ཀྱིས་བུམ་ཆུ་ཅུང་ཟད་འཐུང་ཞིང་ཀུ་ཤས་འཐོར་བའི་སྟང་ཀ་བྱས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ཞེས་སོགས་སྔགས་དང་བཅས་བརྗོད། མཎྜལ་དྲི་བཟང་གི་སྨན་དང་བཅས་མཎྜལ་ཚོམ་བུ་བདུན་པ། ཨོཾ་བཛྲ་བྷཱུ་མི་ནས། མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མཎྜལ་དབུལ། །མཱ་མ་ཀི་དང་ལྷན་ཅིག་སྦྱོར། ཞེས་སོགས་ཀྱིས་གསོལ་བ་གདབ། རང་སྐད་ཅིག་གིས་གཏི་མུག་གཤིན་རྗེའི་གཤེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པའི་སྐུར་གྱུར། ཞེས་བརྗོད། ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་པས་མེ་ཏོག་གི་འཕྲེང་བ་བླངས། སྔགས་དེ་ཉིད་དང་བཅས། མིག་དར་འཆིང་བའི་སྟང་(༢༦ན)


GLG010_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རྡོ་རྗེ་ཁུ་ཚུར་ལས་གུང་མཛུབ་གཉིས་བརྐྱང་ཏེ་མིག་གཡས་གཡོན་གྱི་བར་སྐོར་ཙམ་བྱ། །སློབ་མ་རྗེས་འཛིན་གྱི་ཚེ་དངོས་སུ་མིག་དར་འཆིང་བས་ཕྱག་རྒྱ་མི་དགོས། བྱེད། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ག་ནས་ཕྲག་དོག་གཤིན་རྗེའི་གཤེད་དཔག་ཏུ་མེད་པ་སྤྲོས་ཏེ་དབང་ལེན་པ་ལ་བར་དུ་གཅོད་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་བསམས་ལ། ཧྲཱིཿཥྚྲཱིཿབརྗོད་ཅིང་ལས་བུམ་གྱི་ཆུ་གཏོར། དཀོན་ཅོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱི་རྒྱུན་བཤགས་དང་ཐུན་མོང་མ་ཡིན་པའི་སྡོམ་པ་ཞུ་བའི་ཡོན་དུ་མཎྜལ་སྟེང་དུ་མེ་ཏོག་སྤུངས་ནས་མེ་ཏོག་འབུལ་བའི་སྟང་ཀ་དང་བཅས། མཎྜལ་རི་རབ་གླིང་བཞི། ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་ཐུན་མོང་མ་ཡིན་པའི་སྡོམ་པ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ་སོགས་འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། ཞེས་སོགས་ཀྱིས་གསོལ་བ་གདབ། རྡོ་རྗེ་ཐལ་མོའི་བུ་ལུགས་ལ་མཐེ་བོང་གཉིས་ཀྱི་བར་དུ་འཕྲེད་ལ་བསྙལ། བར་དུ་བཅུག་ནས་རིགས་ལྔའི་སྡོམ་བཟུང་རྣམས་སྟ་གོན་བཞིན་ནོ། །དགའ་བ་ལ་དགའ་ཁྱོད་སུ་ཡིན། ཞེས་འདྲི། དེས། བདེ་ཆེན་བདག་ནི་སྐལ་བཟང་ལགས། །ཞེས་ལན་གདབ། །རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་མཚོན་བྱེད་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན། །མི་མགོ་རློན་པ་སེར་པོས་མཚན་པ་དང་བཅས་པར་བསམ། ཨོཾ་སརྦ་ཡོ་ག་ཙིཏྟ་(༢༦བ)


GLG010_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་པཱ་ད་ཡ་མི། ཞེས་དང་། སྙིང་གར་མེ་ཏོག་དང་བཅས་པའི་རྡོ་རྗེ་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་པ་བརྟན་བུ་ལུགས་ལ་འདིའི་འོག་ཏུ་གསང་བར་གདམས་པ་མཛད། པར་བྱའོ། །ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་སྒོ་ཕྱེ་ནས་དཀྱིལ་འཁོར་གྱི་ནང་དུ་ཁྲིད་པར་བསམ། དཀྱིལ་འཁོར་ལ་མགོ་འདུད་ཙམ་བྱ། ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ་རྡོ་རྗེ་སྙིང་གར་འཇོག་པའི་ཚིག་མཇུག་ཏུ་རྫོང་གོང་གསུམ་དལ་བུ་གསལ་ཡང་ངོ་མ་ཚར་གཉིས་མི་དཀྲོལ་བས་ཕྱི་མའི་ལུགས་སུ་བྱེད། དེང་ཁྱོད་སློབ་མ་འཇུག་པའི་ཆ་ཡོལ་བ་ངེས་པར་གསལ་ཡང་བདག་འཇུག་གི་སྐབས་འདིར་རྩི་རོལ་མཚོར་མི་མཛད་པའི་ཕྱགས་སྣང་མེད། ཡོལ་བ་བསལ་ན་ལེགས་པར་མངོན། བུ་ལུགས་ལ་དཀྱིལ་འཁོར་ལ་བསྐོར་བ་དང་ཕྱག་བྱ་བ་སྣང་ཡང་བདུད་རྩིའི་ཆུ་རྒྱུན་དུ་མི་གསལ་བས་བཏང་སྙོམས་སུ་བཞག །དེ་བཞིན་རྡོ་རྗེ་མགོ་དང་སྙིང་གར་འཇོག་པའི་ཚིག་མཇུག་ཏུ་རྫོང་གོང་གསུམ་དལ་བུགས་ལ་ཡང་དེར་ཚར་གཉིས་མི་དཀྲོལ་བས་ཕྱི་མའི་ལུགས་སུ་བྱེད། གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་འཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད། ཉེས་དམིགས་ཀྱི་སྒོ་ནས་དམ་ལ་གཞག་པ་ནི། རྡོ་རྗེ་སྤྱི་བོ་དང་། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། འདི་སྨྲས་ན་ནི་སྤྱི་བོ་འགེམས། ཞེས་བརྗོད། ཕན་ཡོན་ཉེས་དམིགས་གཉི་གའི་སྒོ་ནས་དམ་ལ་གཞག་པ་ནི། སྙིང་གར་རྡོ་རྗེ་བཞག་ལ། དེ་རིང་རྡོ་རྗེ་སེམས་དཔའ་རང་། ཁྱོད་(༢༧ན)


GLG010_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཞེས་བརྗོད། མནའ་ཆུ་བླུད་པའི་སྒོ་ནས་དམ་ལ་གཞག་པ་ནི། དུང་ཆོས་སུ་དྲི་བཟང་པོའི་ཆུ་ལ། ཨོཾ་བཛྲ་ཨུ་དཀའ། བདུན་བཟླས་པ་ཁ་ལ་བཏུངས་ལ། བུམ་པའམ་དུང་ཆོས་ཡོད་པ་རྣམས་ཀྱིས་དབུས་སུ་བྱ་ཞིང་མེད་པ་རྣམས་ཀྱིས་སྲིན་མཛུབ་ཀྱིས་ལྕེ་ཐོག་ཏུ་འཇོག་ཚུལ་ལམ་དུང་གི་ཕྱག་རྒྱ་བྱེད། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག ཨོཾ་བཛྲ་ཨུ་ད་ཀ་ཋཿཋཿཋཿ། ཞེས་བརྗོད། བླ་མ་བཀའ་གཉན་པའི་སྒོ་ནས་དམ་ལ་གཞག་པ་ནི། སྤྱི་བོར་རྡོ་རྗེ་བཞག་ལ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི་ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ་ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་པས་དམ་ལ་བཞག་གོ །མཎྜལ་གླིང་བཞི་རི་རབ་ཅེས་སོགས་ནས། ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། ཞེས་སོགས་བརྗོད་པ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་གཤིན་རྗེའི་གཤེད་པོ་བསྒྱུར་ན་ལེགས་སེམས་དཔའ་བདག་ལ་དབབ་ཏུ་གསོལ། ལན་གསུམ་གྱིས་གསོལ་བ་གདབ། རང་ཉིད་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་གཡས་དབྱུག་པ་དང་གཡོན་ཐོད་ཁྲག་འཛིན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུ་ཅན་དུ་གསལ་བའི་སྤྱི་(༢༧བ)


GLG010_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བོར་པཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པའི་དབུས་སུ་ཧ༔། སྙིང་གར་ལཾ་ལས་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དབུས་སུ་ཨཱཿ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྣོ་ཞིང་འབར་བའི་དབུས་སུ་ཨཱཿ རྐང་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་མཚན་པ། དེ་ལ་ཛྷཻཾ༔དྲག་ཅིང་བཟོད་པར་དཀའ་བ་འབར་བའི་གཟུགས་བརྙན་རླུང་གིས་བསྐྱོད་པས་རྐང་མཐིལ་ནས་ཞུགས་ཏེ་ལྟེ་བའི་མེའི་དཀྱིལ་འཁོར་དང་མཉམ་པར་ཕྱིན་ནས། དེའང་དེས་བསྐྱོད་ནས་ཤིན་ཏུ་དྲག་ཏུ་འབར་བའི་སའི་དཀྱིལ་འཁོར་བསྲེགས། དཔྲལ་བའི་ཆུ་ཁོལ། དེ་ལས་བདུད་རྩིའི་ཚོགས་བབས། འབྱུང་པོ་ཚིམ་པར་གྱུར་ནས། རྐང་འོག་གི་རླུང་གིས་འདེགས་བཞོན་པར་བསམ། དེའི་ཚེ་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རང་གི་བ་སྤུའི་བུ་ག་སོགས་ལུས་ཀྱི་ཆ་ཐམས་ཅད་སིབ་སིབ་ཐིམ་པར་བསམ། གཙོ་བོས་མཛད་པར་བསམ་ཞིང་རྡོ་རྗེ་གསོར་དྲིལ་བུ་གསོལ་ཞིང་རོལ་ཆེན་བྱ། ཧྲཱི༔ཥྚཱིལ་ཨབེ་ཤ་ཡ་ཛྷམྦྷཡ་ར་ར་ན། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱཾཨཱ༔ཧ༔ཛྷཻ༔ཧཱུཾཕཊ ཅེས་མང་དུ་བརྗོད་ཅིང་དབབ་བོ། བདག་འཇུག་གི་ཚེ་རྫས་ཀྱི་དུད་པ་མི་མཛད། ཕེབས་པ་རང་འདོད་ཆགས་གཤིན་རྗེའི་གཤེད་དུ་དམིགས་པའི་ལྟེ་བ་ལ་ཨཱ༔དམར་པོ་བཀོད་ལ། བརྟེན་པའི་ཕྱིར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ནས། ཏི་ཥྛ་བཛྲཱ(༢༨ན)


GLG010_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ལ། །འདི་ནས་མི་འགུལ་བར་འགྱུར་རོ་ཞེས་པའི་བར་བདག་འཇུག་གི་ཚེ་མི་མཛད་མགོན་པོ་རྡོ་རྗེ་ཆོས་ཆེན་པོ། སྣང་བ་མཐའ་ཡས་བདེ་བ་ཆེ། །སྨྲོས་ཤིག་འདོད་ཆགས་ཆོས་ཆེན་པོ། །དགེ་དང་མི་དགེ་ལེགས་པར་འདྲི། ཞེས་བརྗོད་ལ་དྲི་བར་བྱའོ། དེའང་གསུང་རབས་ལས་དགེ་བ་དང་མི་དགེ་བ་སྨྲ་བའོ། ཐུགས་བབས་ན་འཇིག་རྟེན་གསུམ་དུ་གཏོགས་པ་ཤེས་སོ། །སྐུ་བབས་པས་ནམ་མཁའ་ལ་འཕར་རོ། །དེའི་ཚེ་མགོ་བོའི་སྟེང་དུ་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་མཚན་པ། དེས་མནན་པར་བསྒོམས་ན་མི་འགུལ་བར་འགྱུར་རོ། །དེ་ནས་སྔར་གྱི་མེ་ཏོག་གི་འཕྲེང་བ་དེ་ཏྲཾ་ལས་རིན་པོ་ཆེའི་མེ་ཏོག་ཏུ་མོས། གཙོ་བོའི་དབུ་ལ་མེ་ཏོག་ཕུལ་བར་བསམས་ལ། ཨོཾ་པྲ་ཏཱི་ཙྪ་བཛྲ་ཧོཿ། ཞེས་བརྗོད་ཅིང་དབུལ། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་པས་མེ་ཏོག་མགོ་ལ་འཆིང་། མིག་ཏུ་ཨོཾ་བསམ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་དང་། ཁྱེད་ཀྱི་མིག་ནི་འབྱེད་པར་བརྩོན། རྡོ་རྗེའི་མིག་ནི་བླ་མེད་པ། ཐམས་ཅད་མིག་ནི་འབྱེད་པར་མཛད། ཅེས་པས་གདོང་གཡོགས་བཀྲོལ་ལ། ཧེ་བཛྲ་པཱ་ཤྱ། ཞེས་བརྗོད་ཅིང་མིག་དར་འགྲོལ་པའི་ཕྱག་རྒྱ་སྔ་མ་ལས་གོ་ལྡོག་སྟེ་བྱ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སློབ་མ་རྗེས་འཛིན་གྱི་ཚེ་དཀྱིལ་འཁོར་ཡོངས་རྫོགས་བསྟན་ནས་ངོ་སྤྲོད་ཚུལ་ས་ལུགས་རྒྱུད་སྡེ་ཐམས་ཅད་ལ་ལུགས་འབྱུང་བཞེད་ཅིང་། བུ་ལུགས་ཀྱིས་རྣལ་འབྱོར་རྒྱུད་ལ་ལུགས་ལྡོག་དང་། བླ་མེད་ལ་ལུགས་འབྱུང་དུ་མཛད་པས་སྐབས་འདིར་(༢༨བ)


GLG010_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་གཅིག་ཏུ་གནས་སོ། །ཆེན་པོ་མངོན་སུམ་དུ་མཐོང་བར་བསམ། ཞེས་བརྗོད་དོ། །གཉིས་པ་ཞུགས་པ་ལ་དབང་བསྐུར་བ་ལ། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་དང་བཞི་ལས། དང་པོ་ལ་ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་དང་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་གཉིས། དང་པོ་ནི། གོང་གི་མཎྜལ་བསྡུས་པའི་མཇུག་ཏུ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་དུ་ཞེས་སོགས་སྦྱར་ནས་མཎྜལ་དབུལ། སངས་རྒྱས་ཤེས་རབ་ཆེན་པོ་ཡིས། རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། བདག་ལའང་མགོན་པོས་དབང་བསྐུར་ཞིང་། མཆོག་ཀྱང་བདག་ལ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྦྱངས་བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་གཉིས་ཀ་མི་དམིགས་ཏེ་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་དག་དབྱུག་པ་ལས་སྐྱེས་པའི་ཞེ་སྡང་གཤིན་རྗེའི་གཤེད་དམར་པོ་གཡས་དབྱུག་པ་དང་གཡོན་ཐོད་ཁྲག་འཛིན་པ། ཡུམ་རོ་ལངས་མ་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རྣམ་རྒྱལ་བུམ་པའི་ཁ་རྒྱན་གྱིས་དེ་ཉིད་དབང་བསྐུར་ཚུལ་དང་བཅས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་མི། ཞེས་གསུང་ཞིང་། དབང་རྫས་ལ་དབང་བསྐུར། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས། ཅོད་པན་དུ་གྱུར་པ་ནི། རྡོ་རྗེ་སེམས་དཔའི་རྣམ་པར་བྱས་ནས་དབང་རྫས་ཀྱི་ལྷའི་དབུ་རྒྱན་(༢༩ན)


GLG010_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཞེ་སྡང་གཤིན་རྗེའི་གཤེད་ཀྱི་རྣམ་པར་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསམ། དབང་རྫས་ཀྱི་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྣམ་རྒྱལ་བུམ་པའི་ཆུར་བསམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དྲིལ་བུ་གསིལ། ཐལ་མོ་སྦྱར་ཏེ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། དེ་ལྟར་འདི་ལ་གནང་བར་ཞུ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རྡོ་རྗེ་ཙ་རྩི་ཀཱ་ལ་སོགས་པའི་ཡུམ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བར་བསམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། གསང་གསུམ་གནས་བྱུང་སྦྱིན་བུ་ལུགས་ལ་བཀྲ་ཤིས་གང་ཞིག་མ་སོགས་སྤྲོས་པ་ཆེ་བར་འདུག་པ་མི་ལེགས་པ་མ་ཡིན་མོད་འདིར་བདུད་རྩིའི་ཆུ་རྒྱུན་བཞིན་བཀོད། པར་བྱ། ཞེས་རྣམ་རྒྱལ་བུམ་པ་ནས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་ཅིང་དབང་བསྐུར། ལུས་གང་དྲི་མ་དག་སྟེ། དབང་(༢༩བ)


GLG010_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷ་རྣམས་ལས་དབང་ལྷ་གཉིས་པ་རྡོ་རྗེ་སེམས་དཔའི་རྣམ་པར་ཆད་དེ་བྱུང་བ། བདག་གི་སྤྱི་བོར་དབུ་བརྒྱནཔར་བསམ་འཇམ་དབྱངས་མཁྱེན་བརྩེའི་ཟིན་བྲིས་ཀྱི་དགོངས་པ་བཞིན་དབང་ལྷ་ཐོག་མར་སྤྱན་དྲངས་པ་དེ་རེ་རེ་ནས་མི་བསྟིམ་པའི་དབང་དུ་བྱས་ཀྱི་སྤྱན་འདྲེན་མཆོད་བསྟོད་སོ་སོར་སྤྲོ་ན་དབང་གི་ལྷ་རྣམས་རྡོ་རྗེ་སེམས་དཔའི་རྣམ་པར་བྱོན་ཏེ་རང་གི་དབུ་བརྒྱན་ཞེས་བརྗོད་དོ། །མོ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཞེ་སྡང་གཤིན་རྗེའི་གཤེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་རང་ཉིད་ལ་གཉིས་སུ་མེད་པར་བསམ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱ་བུ་ལུགས་ལ་ཆུ་གཉིས་སྔོན་འགྲོའི་མཆོད་པ་རོལ་མོའི་བར་དང་། །བདུད་རྩི་རོལ་མཚོར་ཉེར་སྤྱོད་རོལ་མོ་བྱུང་ཡང་། །ཀུན་མཁྱེན་མཁྱེན་བརྩེའི་ཟིན་བྲིས་བཞིན་བཀོད་ཨཱཿཧཱུྃ། དེ་ལྟར་ན་ཞེ་སྡང་གཤིན་རྗེའི་གཤེད་ཀྱི་སྒོ་ནས་ཆུའི་དབང་ཐོབ། ཞེ་སྡང་དག་རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། ཞེ་སྡང་གཤིན་རྗེའི་གཤེད་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །འདི་ནས་བཟུང་རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ལྷན་ཐབས་སོར་བཞག་བཀོད་ན་ལེགས་པར་མཐོང་བས། ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་རིན་པོ་ཆེའི་ཅོད་པན་གཉིས་ཀ་མི་དམིགས་ཏེ་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མེ་དང་དབྱུག་པ་ལས་སྐྱེས་པའི་སེར་སྣ་གཤིན་རྗེའི་གཤེད་སེར་པོ་གཡས་དབྱུག་(༣༠ན)


GLG010_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཡོན་ཐོད་ཁྲག་འཛིན་པ། ཡུམ་ཕག་མོ་སེར་མོ་ཕག་ཞལ་ཅན་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཨོཾ་བཛྲི་བྷ་ཝཱ་ཨབྷི་ཥིཉྩ་མི། དབང་རྫས་ལ་དབང་བསྐུར། དྲི་མ་དག་དབང་ལྷ་གཉིས་པ་བྱོན་དབང་ལྷ་བསྡུ་ཚེ་དབང་བསྐུར་ལུགས་མི་བསྐྱོད་པའི་ལུགས་བཞིན་བྱེད། ཏེ། ཞེ་སྡང་གཤིན་རྗེའི་གཤེད་ཀྱི་རྣམ་པར་བྱས་ནས་དབང་རྫས་ཀྱི་ལྷའི་དབུ་བརྒྱན། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སེར་སྣ་གཤིན་རྗེའི་གཤེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ། ཛཿཧཱུྃ་བཾ་ཧོཿ དབང་རྫས་ཀྱི་ལྷ་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རིན་པོ་ཆེའི་ཅོད་པན་དུ་བསམ། རྡོ་རྗེ་ཅན་རྒྱས་པར་སྤྲོ་ན་གོང་གི་དབང་ལྷ་ཚུར་བསྡུས་ནས་སྤྱན་འདྲེན་མཆོད་བསྟོད་བྱེད། ཀྱིས་སངས་རྒྱས་ལ་སོགས། དབུ་རྒྱན་མགོ་ལ་འཆིང་ཞིང་། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷ་ཥིཉྩ་བཛྲ་རཱ་ག་ཏ་བཛྲ་ཤ་ལི་ཧོ། ཀུ་ཤས་སྤྱི་བོར་རེག་ལ། ཨོཾ་བཛྲི་བྷ་ཝཱ་ཨ་བྷི་ཥིཉྩ་མི། ལུས་གང་། དྲི་མ་དག་དབང་གི་ལྷ་རྣམས་མི་བསྡུ་ཚེ་དབང་ལྷ་རྣམས་ལས་གཉིས་པ་ཞིག་བྱུང་ནས་ཞེ་སྡང་གཤིན་རྗེའི་གཤེད་ཀྱི་རྣམ་པར་བྱོན་ཏེ་རང་གི་དབུ་བརྒྱན། ཐུགས་ཁ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སེར་སྣ་གཤིན་རྗེའི་གཤེད་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ། ཛཿཧཱུྃ་བཾ་ཧོཿས་རང་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་སེར་སྣ་གཤིན་རྗེའི་གཤེད་ཀྱི་སྒོ་ནས་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དང་ཚོར་བའི་ཕུང་པོ་གནས་(༣༠བ)


GLG010_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། སེར་སྣ་གཤིན་རྗེའི་གཤེད་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །ཧྲཱིཿ ཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་རྡོ་རྗེ་མི་དམིགས་ཏེ་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མེ་དང་དབྱུག་པ་ལས་སྐྱེས་པའི་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་གཡས་དབྱུག་པ་དང་གཡོན་ཐོད་ཁྲག་འཛིན་པ། ཡུམ་དབྱངས་ཅན་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཨོཾ་བཛྲི་བྷ་ཝ་ཨབྷི་ཥིཉྩ་མི། དབང་རྫས་ལ་དབང་བསྐུར་དྲི་མ་དག་དབང་ལྷ་གཉིས་པ་བྱོན་ཏེ་ཞེ་སྡང་གཤིན་རྗེའི་གཤེད་ཀྱི་རྣམ་པར་བྱས་ནས་དབང་རྫས་ཀྱི་ལྷ་ལ་དབུ་བརྒྱན། །ཐུགས་ཀ་ནས་འོད་ཟེར་འཕྲོས་པས། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འདོད་ཆགས་གཤིན་རྗེའི་གཤེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ། ཛཿཧཱུྃ་བཾ་ཧོཿ། དབང་རྫས་ཀྱི་ལྷ་ཡབ་ཡུམ་སྙོམས་པར་ཞུགས། །ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་བསམ། །རྡོ་རྗེ་ཅན་སོགས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་འགྲུབ་པའི་ཕྱིར། ཞེས་བརྗོད་ཅིང་རྡོ་རྗེ་སྙིང་ག མགྲིན་པ། དཔྲལ་བར་རེག་ལ། སླར་སྙིང་གར་བཟུང་། སྤྱི་བོར་ཀུ་ཤས་རེག་ཅིང་། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་མི། ལུས་གང་། དྲི་མ་དག །དབང་གི་ལྷ་རྣམས་(༣༡ན)


GLG010_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་གཤིན་རྗེའི་གཤེད་ཀྱི་རྣམ་པར་བྱོན་ཏེ་རང་གི་དབུ་བརྒྱན། ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདོད་ཆགས་གཤིན་རྗེའི་གཤེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ། ཛཿཧཱུྃ་བཾ་ཧོཿརང་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་འདོད་ཆགས་གཤིན་རྗེའི་གཤེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འདོད་ཆགས་གཤིན་རྗེའི་གཤེད་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་དྲིལ་བུ་གཉིས་ཀ་མི་དམིགས་ཏེ་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མེ་དང་དབྱུག་པ་ལས་སྐྱེས་པའི་ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ་གཡས་དབྱུག་པ་དང་གཡོན་ཐོད་ཁྲག་འཛིན་པ། ཡུམ་གོ་རཱི་ལྗང་སྔོན་མ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་མི། དབང་རྫས་ལ་དབང་བསྐུར། དྲི་མ་དག །དབང་ལྷ་གཉིས་པ་བྱོན་ཏེ། ཞེ་སྡང་གཤིན་རྗེའི་གཤེད་ཀྱི་རྣམ་པར་བྱས་ནས་དབང་རྫས་ཀྱི་ལྷ་ལ་དབུ་བརྒྱན། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཕྲག་དོག་གཤིན་རྗེའི་གཤེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ། ཛཿཧཱུྃ་བཾ་ཧོཿ། དབང་རྫས་ཀྱི་ལྷ་ཡབ་ཡུམ་སྙོམས་པར་ཞུགས། ཞུ་(༣༡བ)


GLG010_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་བྱུང་པའི་དབང་རྫས་དྲིལ་བུར་བསམ། །རྡོ་རྗེ་ཅན་སོགས། དྲིལ་བུ་དཀྲོལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟཾ། ཨ་བྷི་ཥིཉྩ་མཾི། ཏིཥྛ་བཛྲ་ས་མ་ཡ་སྟཾ། ཀུ་ཤས་སྤྱི་བོར་རེག །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་མི། ལུས་གང་། དྲི་མ་དག །དབང་གི་ལྷ་རྣམས་ཞེ་སྡང་གཤིན་རྗེའི་གཤེད་ཀྱི་རྣམ་པར་བྱོན་ཏེ་རང་གི་དབུ་བརྒྱན། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཕྲག་དོག་གཤིན་རྗེའི་གཤེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛ༔། ཛཿཧཱུྃ་བཾ་ཧོཿས་རང་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་ཕྲག་དོག་གཤིན་རྗེ་གཤེད་ཀྱི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་འགྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཕྲག་དོག་གཤིན་རྗེ་གཤེད་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། བདག་ཉིད་མི་དམིགས་ཏེ་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཀྵེ་དང་དབྱུག་པ་ལས་སྐྱེས་པའི་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་གཡས་དབྱུག་པ་དང་གཡོན་ཐོད་ཁྲག་འཛིན་པ། ཡུམ་རྡོ་རྗེ་སྤྱོད་བྱེད་མ་ནག་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྡོ་རྗེ་ཅན་སོགས། རྡོ་རྗེ་དྲིལ་བུ་བསྣོལ་ཏེ་སྤྱི་བོར་དཀྲོལ། ཨོཾ་བཛྲ་ས་ཏྭ་ཨབྷི་ཥིཉྩ་མི་བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ལུས་གང་། དྲི་མ་དག དབང་གི་(༣༢ན)


GLG010_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ཞེ་སྡང་གཤིན་རྗེའི་གཤེད་ཀྱི་རྣམ་པར་བྱོན་ཏེ་རང་གི་དབུ་བརྒྱན། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་གཏི་མུག་གཤིན་རྗེའི་གཤེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ། ཛཿཧཱུྃ་བཾ་ཧོཿས་རང་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་གཏི་མུག་གཤིན་རྗེའི་གཤེད་ཀྱི་སྒོ་ནས་མིང་གི་དབང་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། གཏི་མུག་གཤིན་རྗེའི་གཤེད་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་གོ །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་དང་མཐའ་རྟེན་གཉིས་ལས། དང་པོ་ནི། མཎྜལ་རི་རབ་གླིང་བཞི་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ་སོགས་ཀྱིས་དབུལ། །གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །སྙིང་རྗེའི་གཏེར་གྱི་བདག་ལ་སྩོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་དབང་སྟེགས་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཤིང་སྟན་གྱིས་བཏེག་པའི་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། བདག་ཉིད་ཧཱུྃ་དང་རྡོ་རྗེ་དབྱུག་པ་ལས་སྐྱེས་པའི་ཞེ་སྡང་གཤིན་རྗེ་གཤེད་བསྡུ་ན་དཀྱིལ་འཁོར་གྱི་ཤར་དུ་དབང་སྟེགས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རང་ཉིད་གཙོ་བོའི་སྐུར་གྱུར་ཞེས་པས་ཀྱང་འཐུས། སྐུ་མདོག་(༣༢བ)


GLG010_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཞེས་སོགས་ནས་ཡེ་ཤེས་ཀྱི་མེ་འབར་པའི་དབུས་ན་བཞུགས་པའི་བར་སྒྲུབ་ཐབས་བཞིན་གཙོ་བོ་ཡབ་ཡུམ་གྱི་མངོན་རྟོགས་བརྗོད། གནས་གསུམ་བྱིན་གྱིས་བརླབས། ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསམ། ཀུ་ཤས་བུམ་ཆུ་སྤྱི་བོར་གཏོར། དབང་བསྐུར་རྡོ་རྗེ་ཆེན་པོ་ནི་ནས། སྦྱིན་པར་བྱ། ཨོཾ་བཛྲི་བྷ་ཝཨ་བྷི་ཥིཉྩ་མི། དབུ་རྒྱན་ལ་ལག་པ་རེག་ཙམ་བྱ་ཞིང་། ཨོཾ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་བཛྲ་རཱ་ག་ཏ་བཛྲ་ཤ་ལི་ཧོཿ རྡོ་རྗེ་སྙིང་གར་བཟུང་། སངས་རྒྱས་བུ་ལུགས་ལ་དབང་རྫས་བསྐྱེད་ཆོ་ག་རྒྱས་པར་མཛད་ལ་སྐྱོན་དུ་མི་འགྱུར་མོད་འདི་ཙམ་གྱིས་དོན་ཚང་བའི་ཕྱིར་བདུད་རྩིའི་ཆུ་རྒྱུན་གྱི་དགོངས་པར་སོར་བཞག་གོ །ཀུན་གྱི་རྡོ་རྗེ་ཡི་ནས། འགྲུབ་ཕྱིར་བཟུང་། དྲིལ་བུ་དཀྲོལ་ཏེ། ཨོཾ་བཛྲ་ཨ་རྟི་པ་ཏི་ནས། ས་མ་ཡ་སྟྭཾ་གྱི་བར། རྡོ་དྲིལ་བསྣོལ་ནས་སྤྱི་བོར་དཀྲོལ་ཞིང་། ཨོཾ་བཛྲ་ས་ཏྭ་སྟྭི་ཨ་བྷི་ཥིཉྩ་མི། བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སོགས། ཧཱུྃ་ལས་བྱུང་བའི་རྡོ་རྗེ། ཁམས་གསུམ་པ་ཡི་རལ་གྲི་ཆེ། སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། ལས་ཀྱི་རལ་གྲི་མཆོག་ལྟ་བུ། བདུད་ལས་རྒྱལ་བར་བྱ་ཕྱིར་བཟུང་། རྡོ་རྗེ་ལན་གསུམ་གསོར། སྙིང་གར་བཟུང་སྟེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙོམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །རང་གི་སེམས་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ། དེ་བཞིན་(༣༣ན)


GLG010_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དམ་ཚིག་ཡིན་ནོ། ཞེས་ངོ་སྤྲད། ཨཱཿལས་བྱུང་བའི་དྲིལ་བུ། ཤེས་རབ་ཐབས་ཀྱི་རང་བཞིན་ཉིད། རྡོ་རྗེ་དྲིལ་བུ་རབ་གྲུབ་ཕྱིར། བུ་ཡིས་ཡང་དག་གུས་པར་གཟུང་། ཁྱོད་ཀྱིས་སློབ་མ་བསྡུ་བར་གྱིས། དྲིལ་བུ་ལན་གསུམ་དཀྲོལ་སྟེ་ཟུར་གཡོན་དུ་བཟུང་ལ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཆེ། །སྲིད་པའི་དམ་པ་བྱེད་པར་འགྱུར། རང་གི་ངག་སྐྱེ་འགག་གནས་གསུམ་དང་བྲལ་བ་གྲག་སྟོང་གཉིས་སུ་མེད་པའི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་གྱི་གསུང་གི་དམ་ཚིག་ཡིན་ནོ། །ཞེས་ངོ་སྤྲོད། རྡོ་དྲིལ་ཐུགས་ཀར་བསྣོལ་ཏེ་བཟུང་། རང་ཞེ་སྡང་གཤིན་རྗེའི་གཤེད་དམར་པོ་གཡས་དབྱུག་པ་དང་གཡོན་ཐོད་ཁྲག་འཛིན་པ། ཡུམ་རྡོ་རྗེ་རོ་ལངས་མ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་པའི་སྐུ་ཅན་དུ་བསམ། །ཕྱག་རྒྱ་དང་འཁྱུད་པའི་ཚུལ་བྱས་ལ། །ཡིད་ཀྱིས་ལུས་བརྟེན་དེ་ཉིད་ཀྱིས། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བཤད། །གང་གི་ལུས་ནི་ཐམས་ཅད་བརྟེན། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པ་ནི་ཕྱག་རྒྱའི་དམ་ཚིག་ཡིན་ལ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །ཐ་མལ་པའི་བདེ་བ་ནི་མ་དག་པའོ། །རང་གི་ལྷག་པའི་ལྷ་ཡབ་ཡུམ་གྱི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུའི་རྣལ་འབྱོར་དུ་བྱས་ཏེ། འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱོད་ཅིག །གཞན་ཐམས་ཅད་ཀྱང་དེ་བཞིན་དུ་ཤེས་(༣༣བ)


GLG010_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས་ལ་མཆོད་པར་གྱིས་ཤིག །དེ་ལྟར་བྱས་པས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་བ་འདི་ནི་མི་འདའ་བའི་ཕྱིར་དམ་ཚིག་ཡིན་ནོ། །ཞེས་བླ་མ་དཀྱིལ་འཁོར་གྱི་གཙོ་བོས་ངོ་སྤྲད་པར་བསམ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ་སོགས་དང་དབང་བསྐུར་རྡོ་རྗེ་ཆེན་པོ་ནི་ནས་སྦྱིན་པར་བྱ་ཧྲཱིཿཥྚྲཱིཿདང་། །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་མི། ཨོཾ་དྭེ་ཥ་༝། ཨོཾ་བཛྲི་༝། ཐོག་མར་ཡབ་བཞི་དང་དེ་རྗེས་ཡུམ་བཞི་སོ་སོའི་སྔགས་ཀྱི་མཐར། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་མི། ཞེས་བཏགས། དབང་གི་ཆུ་རྒྱུན་དེས་ལུས་གང་། དྲི་མ་དག །རྩ་བའི་དབང་ལྷ་རྣམས་རེ་རེ་བཞིན་ནས་དབང་ལྷ་སྤྱན་དྲངས་ཚེ་དབང་བསྐུར་གྱི་ལྷ་རྣམས་ཅོད་པན་དུ་གྱུར་པ་ནི་ཞེས་བརྗོད། རྫོགས་པར་བྱོན་ནས་རྡོ་རྗེ་སེམས་དཔའི་རྣམ་པར་གྱུར་ཏེ་རང་གི་སྤྱི་བོར་དབུ་བརྒྱན། སླར་ཡང་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་གཤིན་རྗེའི་གཤེད་རིགས་ལྔའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ། ཛཿཧཱུྃ་བཾ་ཧོཿས་རང་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསམ་པ་ཏོག་གཏོར་ཏེ། ཨོཾ་སུ་པྲཏི་ཥྵ་བཛྲེ་སྭ་ཧཱ། ཞེས་བརྗོད་ཅིང་རབ་ཏུ་གནས་པར་བསམ། ཉེར་སྤྱོད་ལྔས་མཆོད་དོ། །གཉིས་པ་མཐའ་རྟེན་ནི། དམར་བ་ཉིད་ནི་ཞེས་སོགས་ཀྱིས་ལྷ་དང་དཀྱིལ་འཁོར་གྱི་རྣམ་དག་སྒྲུབ་ཐབས་ལྟར་བརྗོད་ལ། དོན་བསམ། དེ་ནས་རང་ཉིད་སྐད་ཅིག་གིས་ཞེ་སྡང་གཤིན་རྗེའི་གཤེད་དམར་པོ་ཡུམ་དང་བཅས་པའི་སྐུར་བསམ། ཞེས་དང་། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནི། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་(༣༤ན)


GLG010_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར། ཞེས་བརྗོད་ཅིང་། བདག་འཇུག་གི་ཚེ་རིགས་ལྔའི་ཕྱག་མཚན་བཅའ། སློབ་མ་དབང་བསྐུར་གྱི་ཚེ་འཁོར་ལོ་སོགས་རིགས་ལྔའི་ཕྱག་མཚན་འགྲིམ་ཞིང་། ཆོས་ཀྱི་གནས་སུ་རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་རྣམས་འདོན་པ་བསྒྱུར་བ་ནི་རྗེས་གནང་ངོ་། བརྟུལ་ཞུགས་ཀྱི་ཚེ་ཧྲཱིཿཥྚྲཱིཿ དང་ལས་བུམ་གྱི་ཆུས་བསངས། སྭ་བྷཱ་ཝས་སྦྱངས། རང་དང་དབང་རྫས་རྡོ་རྗེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་པའི་སྐུ་ཅན་དུ་བསམ། ཞེས་བརྗོད། ཡན་ལག་ལྷག་མ་རྣམས་བྱེད་མི་དགོས། དབང་རྫས་ཀྱི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་བསམ། ཞེས་དང་། རྡོ་རྗེ་བསླང་བ་གསོར་ཞིང་། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏི་ཥྛ་ཨེ་ཥ་སྟྭཾ་ར་ཡ་མི། བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད། རྡོ་རྗེ་སྤྱི་བོའམ་སྙིང་གར་བཟུང་ལ་སྒོ་གསུམ་ཐ་མལ་དུ་འཛིན་པའི་རྟོག་པ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེས་བཏུལ་ནས། རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ལ་ཞུགས་པར་གྱིས་ཤིག །ཅེས་ངོ་སྤྲད། ཕྱག་ལེན་ལ་དབང་རྫས་དང་སློབ་མ་གཉིས་ཀ་རྡོར་སེམས་སུ་བསྐྱེད་པ་མཛད་ཀྱང་། སློབ་མ་གཤིན་རྗེའི་གཤེད་ཀྱི་ང་རྒྱལ་ཅན་ལ། རྡོར་(༣༤བ)


GLG010_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཕུ་བོའི་རྡོ་རྗེ་སྟེར་བ་ཡིན། དེ་ནས་བླ་མ་ཤཱཀྱ་ཐུབ་པའི་རྣམ་པར་འཕོས་ནས། གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུ་སྙིང་གར་འཛིན་ཅིང་གཡས་པས་མཆོག་སྦྱིན་པའི་ཕྱག་རྒྱས་རང་གི་གསང་མཚན་ནས་ལུང་སྟོན་པར་བསམས་ལ། དངོས་སུ་རང་གི་ལུས་ཀྱི་ཕྱག་རྒྱ་དེ་ལྟར་བྱས་ཏེ། ཨོཾ་འདིར་ནི་ངས་ཁྱོད་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་ཏུ་གྲུབ་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །ཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ། །ཏ་ཐཱ་ག་སིདྡྷི་ས་མ་ཡ་སྟྭཾ་བྷཱུར་བྷུ་ཝ་སྭཿ། གང་འདི་དག་ལས་བྱུང་བའི་ཕྱག་རྒྱས་ལུང་སྟོན་པར་བྱེད་པ་དེ་ལ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། དེ་ཉིད་ལས་བྱུང་བའི་ཕྱག་རྒྱའི་མཐུ་དང་སྔགས་འདིའི་སྟོབས་ཀྱིས་སོ། །ཞེས་བརྗོད་དེ་ལུང་བསྟན་པའོ། །དེ་ནས། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་པས་ཉན་རང་གི་ཡིད་བྱེད་ཀྱི་སེམས་བཅོམ་པར་བསམས་ཏེ་གསང་བ་བརྗོད་པའོ། །དེ་ནས། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ཡིས་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། སྲིད་པ་ཤིན་ཏུ་འགྲུབ་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པ། །གང་ཞིག་བསྐྱེད་པ་(༣༥ན)


GLG010_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་གཏང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང་། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཡང་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་འདོར་བར་མི་བྱའོ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་དོར་ནས་ནི། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང་། །ཅི་བདེ་བར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་མཐུན་པར་དགོངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། ཞེས་པའི་དོན་བཤད་དེ་དབུགས་དབྱུང་སྦྱིན་པའོ། རྗེས་གནང་ལ་སོགས་ལྔ་པོ་འདི་དག་ནི་སློབ་མའི་དབང་ཙམ་དོན་དུ་གཉེར་བ་ལ་ཅོད་པན་གྱི་དབང་སོགས་དབང་ལྔའི་རྗེས་སམ། སྐབས་འདིའི་དབང་བཞི་ཡོངས་སུ་རྫོགས་པའི་རྗེས་ལ་སྦྱར་བ་ཡང་བཤད་དོ། དེ་ནས་རྟོགས་པ་བསྐྱེད་པ་ནི། ཕྱི་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་གང་ཡིན་སྐབས་དང་སྦྱར་ལ་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་པའི་རིམ་པ་དང་མཉམ་མེད་སྙིང་རྗེའི་རྣལ་འབྱོར། རྩ་བརྒྱུད་རྣལ་འབྱོར་རྣམས་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་(༣༥བ)


GLG010_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། ཞེས་བརྗོད། སློབ་དཔོན་ནམ་བུམ་པའི་དབང་ངོ་། །གཉིས་པ་གསང་བའི་དབང་ནི། སློབ་མས་རིག་མ་དང་མཎྜལ་ཕུལ་བར་བསམས་ལ། མཎྜལ་གླིང་བཞི་རི་རབ་སོགས་ནས། གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་དབུལ་བར་སོགས་ཀྱིས་དབུལ། བྱང་ཆུབ་རྡོ་རྗེ་སོགས་དང་། །ཨེ་མ་སངས་རྒྱས་སློབ་དཔོན་ཆེ། །ཨེ་མ་ཆོས་དང་ཚོགས་ཀྱི་གཙོ། །བདག་ལ་དམ་ཚིག་དེ་ཉིད་སྩོལ། ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མིག་དར་འཆིང་། བླ་མ་གཤིན་རྗེའི་གཤེད་དང་རིག་མ་རོ་ལངས་མ་སྙོམས་པར་ཞུགས་པའི་སྦྱོར་བ་བྱས་པས། དགའ་བའི་སྒྲས་སངས་རྒྱས་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སྤྱི་བོ་ནས་ཞུགས། རྗེས་སུ་ཆགས་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་བ། རྡོ་རྗེ་ནོར་བུའི་རྩེ་མོར་བརྟན་པ་དེ་ཉིད་སྲིན་ལག་དང་མཐེ་བོང་གིས་གཙིར་ཏེ། རང་གི་ལྕེ་ཐོག་ཏུ་བཞག་པར་བསམས་ལ། དངོས་སུ་ནང་མཆོད་བདུད་རྩི་ལྕེར་བཞག་ལ། །བཏུང་བ་རིན་ཆེན་འདི་དེ་ནི། ལུས་ཀྱི་རྡོ་རྗེ་རབ་གསལ་བྱེད། བུ་ཁྱོད་རྟག་ཏུ་ཤེས་ནས་སྐྱེ། ཡིད་ལས་བྱུང་བའི་ཆུ་འཐུང་མཛོད། །ཧྲཱིཿཥྚྲཱིཿས་སྦྱིན་ལ། དེས་ཀྱང་ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་ཅིང་བླངས་ནས་མྱངས་པ་མགྲིན་པར་མིད། ཡུམ་གྱིས་ཀྱང་རང་གི་པདྨར་གནས་པའི་ཐིག་ལེ་བྱིན་པར་བསམས་ལ། སླར་ཡང་བཏུང་བ་རིན་ཅེན་སོགས་བརྗོད་ཅིང་མྱང་བ་སོགས་གོང་བཞིན་བྱས་པས་(༣༦ན)


GLG010_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་དགའ་བའི་བདེ་བས་རྒྱུད་གང་ཞིང་། ཡུལ་སྣ་ཚོགས་ལ་དམིགས་པའི་རྟོག་པ་རགས་པ་རྣམས་འགགས་ནས། གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་རྒྱུད་ལ་རྒྱས་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བསལ། དེ་ལྟར་ན་ཁྱོད་ཀྱིས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་སྲོག་རྩོལ་རླུང་གི་རྣལ་འབྱོར་དང་། རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ་གསང་བའི་དབང་ངོ་། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། མཎྜལ་གླིང་བཞི་རི་རབ་སོགས་ནས་། ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་དབུལ་བར་སོགས་ཀྱིས་འབུལ། ཇི་ལྟར་བླ་མེད་དཔའ་བོ་ཡིས། །མགོན་དང་དབང་ནི་བསྐུར་བ་ལྟར། །མགོན་པོས་བདག་ལ་དབང་བསྐུར་ཞིང་། །བདག་ལ་དོན་མཆོག་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མིག་དར་བཀབ། བླ་མས་རིག་མའི་ལག་པ་བདག་གི་ལག་པར་གཏད་པར་བསམས་ལ། གཟུང་མ་ཡིད་འོང་འདི་དེ་ནི། བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་འཚང་རྒྱ་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་བས་འཁོར་བར་(༣༦བ)


GLG010_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བྲལ་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་སྦྱིན་པར་བསམ། །དེས་ཙན་དན་ལ་སོགས་པས་བྱུགས། མེ་ཏོག་གི་འཕྲེང་བས་བརྒྱན། གོས་མེད་པར་བྱས་ཏེ་པདྨ་རྒྱས་པ་སྟོན་ཅིང་། དྲི་ཆེན་དྲི་ཆུ་ཟ་བ་དང་། ཁྲག་དང་ཁུ་བ་དེ་བཞིན་ཤ། བུད་མེད་གུས་མཆོག་དེ་བཞིན་དུ། །བྷ་ག་པད་མར་ཙུམྤ་ན། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཇི་ལྟར་བདེ་བར་བུས་སྨྲོས་ཤིག །ཅེས་དྲི་བ་བྱས་པར་བསམས་ལ། དེས་ཀྱང་། །དྲི་ཆེན་དྲི་ཆུ་སོགས་ཟ་བ། །ལྷ་མོ་ཅིའི་ཕྱིར་བདག་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་བྱ། །བྷ་ག་ཉིད་ལ་ཙུམྤ་ན། ཞེས་ལན་བཏབ་པས་མཉེས་ཏེ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པད་མར་བྱ་བ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫ་མོཀྵ་ཧོཿ། ཞེས་བརྗོད་པར་བསམ་མོ། །རང་ཉིད་གཤིན་རྗེའི་གཤེད་དམར་པོ་དང་། རིག་མ་རོ་ལངས་མར་བསྒོམ་པ་ལྷའི་འདུ་ཤེས། ཧཱུྃ་ལས་བྱུང་བའི་ཡབ་ཀྱི་རྡོ་རྗེ་དང་། ཨ་ལས་བྱུང་བའི་ཡུམ་ཀྱི་པད་མ་གསལ་འདེབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་(༣༧ན)


GLG010_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ལྷན་སྐྱེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་གསུམ་དྲན་པར་བྱས་ལ། འོ་དང་འཁྱུད་པ་ལ་སོགས་པས་སྐད་ཅིག་དང་པོ་ལ་དགའ་བའི་ཡེ་ཤེས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བཙལ་ཏེ། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པས་སྐད་ཅིག་གཉིས་པ་ལ་མཆོག་དགའི་ཡེ་ཤེས་རིམ་གྱིས་བསྲུབས་པས། བྱང་ཆུབ་སེམས་ཀྱིས་གསང་གནས་ཀྱི་བར་གང་བ་ཁྱད་པར་གྱི་དགའ་བའི་ཡེ་ཤེས། ནོར་བུའི་རྩེ་མོའི་མཐར་ཐུག་པའི་བར་གང་ནས། ཕྱིར་མ་འཛགས་པ་ཆགས་པ་དང་ཆགས་བྲལ་གྱི་མཐའ་སྤངས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཏེ་དེ་ལ་ཅི་ནུས་སུ་གནས་པར་བྱས་ཏེ། རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་སེམས་འབྱིན་པར་མི་བྱེད་པ། །དེ་སྲིད་ཐོབ་འགྱུར་རྒྱུན་མི་འཆད། །དགའ་བ་ལས་སྐྱེས་བདེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་རྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་ཁམས་རྡོ་རྗེ་ཀུན་སྤྱོར་དང་། །རེག་པས་ཀྱིས་ནི་རྨད་བྱུང་ཆེའི། །བདེ་བ་སྐྱེད་པར་བྱེད་པ་གང་། །དེ་ནི་མཆོག་དགའ་བྱེད་པ་པོ། །དགའ་བྲལ་དག་གིས་དབུས་སུ་ནི། །མཚོན་པ་ལྟོས་ལ་བརྟན་པར་གྱིས། །པད་མའི་ནམ་མཁར་རྡོ་རྗེ་ཡིས། །ལྟེ་བ་མནན་པའི་གནས་དག་ཏུ། །རྡོ་རྗེའི་སྐྱིལ་ཀྲུང་དག་གིས་སེམས། །ནོར་བུའི་ནང་དུ་སོན་བལྟས་པས། །(༣༧བ)


GLG010_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བསྐྱེད་པ་གང་ཡིན་ཏེ། །ཡེ་ཤེས་ངོ་བོ་ཞེས་པས་བརྒྱན། །གས་པ་མ་ཡིན་ཆགས་བྲལ་ཡིན། །དབུ་མར་དམིགས་པ་མ་ཡིན་ནོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང་། །དེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་ཕྱེད་ཟླ་བ་ལོ་དང་ནི། །བསྐལ་བ་བསྐལ་བ་སྟོང་དུ་ཡང་། །ཡེ་ཤེས་མངོན་སྦྱོར་གྱི་གནས་བྱ། ཞེས་བརྗོད་ལ་ཡེ་ཤེས་ངོས་གཟུང་དུ་བཅུག་ལ། །རླུང་ནུས་པ་ཅན་གྱིས་མཁའ་གསང་གཉིས་ཀྱི་རྩེ་མོ་ནས་བྱང་ཆུབ་ཀྱི་སེམས་གྱེན་དུ་དྲངས་ཏེ། ལྟེ་བར་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་ཁྱད་པར་གྱི་དགའ་བ། སྤྱི་བོར་ལྷན་སྐྱེས་མངོན་དུ་བྱས་པར་བསམས་ལ། ལུས་ཐམས་ཅད་ལ་བདེ་བས་ཁྱབ་པ་ལ་སེམས་གཟུང་ངོ་། །འབྲུ་གསུམ་གྱིས་མིག་དར་དཀྲོལ། དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག །ལམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། བཞི་པ་ཚིག་དབང་ནི། མཎྜལ་གླིང་བཞི་རི་རབ་ནས། ཚིག་དབང་ཞུ་བའི་ཡོན་དུ་དབུལ་བར་སོགས་ཀྱིས་དབུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ་སོགས་ཀྱིས་གསོལ་བ་གདབ། ཨཱ་ཁཾ་སོགས་ཀྱིས་མིག་དར་འཆིང་། དབང་གསུམ་པའི་དུས་སུ་མྱོང་བའི་ལྷན་ཅིག་(༣༨ན)


GLG010_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་དགའ་བའི་ཡེ་ཤེས་དེས་མཚོན་པའི་དོན་གྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་དབང་བཞི་པ་ཉིད་ཚིག་གི་སྒོ་ནས་ངོ་སྤྲད་ནི། རྒྱུད་ལས། དེ་ལྟར་བཞི་པ་དེ་བཞིན་ཡང་། །ཞེས་གསུངས་པས། དབང་གསུམ་པའི་དུས་སུ་ཡུམ་དང་ཞལ་སྦྱོར་གྱི་ལྷའི་སྐུར་བསྒོམ་པ། དེ་ཉིད་གོམས་པའི་སྟོབས་ཀྱིས་གཉིས་སྣང་གི་རྟོག་པ་ཐམས་ཅད་འོད་གསལ་ལྷའི་སྐུར་གནས་གྱུར་ཏེ། རང་དང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལྷ་སྐུ་ཞལ་སྦྱོར་གྱི་རྣམ་པ་ཅན་གསལ་ལམ་འགགས་པ་མངོན་དུ་གྱུར་པ་སྤྲུལ་པའི་སྐུ་དང་། དབང་གསུམ་པའི་གནས་སྐབས་སུ་ཕྱག་རྒྱ་ལ་བརྟེན་པའི་བདེ་བ་དེ་ཉིད་རྒྱུན་གོམས་པས། སྔར་གྱི་བདེ་བ་ལས་ཆེས་ཁྱད་པར་དུ་འཕགས་པ་འཇིག་པ་མེད་པའི་བདེ་བ་ཆེན་པོ་ཡང་དག་པར་རིག་པ་འཁོར་འདས་ཐམས་ཅད་བདེ་བ་ཆེན་པོའི་རྣམ་པར་མངོན་དུ་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དབང་གསུམ་པའི་དུས་སུ་བདེ་བའི་ངོ་བོ་སྟོང་པར་བསྒོམས་པའི་དོན་གོམས་པ་ལས། གཟུང་འཛིན་གྱི་དྲི་མ་ཐམས་ཅད་དག་སྟེ། ཐོབ་བྱ་འབྲས་བུ་དང་། ཐོབ་བྱེད་ལམ་དང་། ལམ་དེ་སྒོམ་པའི་སེམས་ལ་སོགས་པའི་རྟོག་པ་དང་བྲལ་ཞིང་ཁམས་བཅོ་བརྒྱད་དང་། ཀུན་གཞིའི་རྣམ་ཤེས་ལ་སོགས་པ་དོན་དམ་པར་མ་གྲུབ་པ་ཐམས་ཅད་སྟོང་པ་འོད་གསལ་ནམ་མཁའ་ལྟ་བུ། རྟོག་པ་ཐམས་ཅད་དང་བྲལ་བ་མངོན་དུ་གྱུར་པ་ནི་ཆོས་ཀྱི་སྐུ་དང་། དེ་གསུམ་དབྱེར་མེད་ཟུང་འཇུག་(༣༨བ)


GLG010_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འདྲེས་ནས་ལྷ་སྐུ་བདེ་བ་དང་བཅས་པའི་སྣང་བ་མི་འདོར་ཞིང་། །དེ་དག་གི་ངོ་བོ་ཡང་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ཆོས་རྣམས་ཀྱི་ཤིན་ཏུ་གསལ་ལ་ཞུགས་པའི་ངོ་བོ་ཉིད་ཀྱི་སྐུ་སྟེ། འབྲས་བུ་ཉིད་དབང་བཞི་པ་ཞེས་བྱ་བ་ཡིན་ནོ། དེ་མངོན་དུ་བྱེད་པའི་ཐབས་ནི། ལུས་མཉམ་གཞག་གི་སྤྱོད་ལམ་དང་ལྡན་ཞིང་། ངག་རླུང་རྒྱུ་བ་སོར་བཞག །སེམས་ཀྱིས་ལུས་ཡུམ་དང་བཅས་པའི་ལྷའི་སྐུར་གསལ་བ་དང་། དེའི་སེམས་རྒྱུད་ཟག་མེད་ཀྱི་བདེ་བས་གང་བ་དང་། དེ་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀྱི་སྐྱེ་འཇིག་འགྲོ་འོང་། རྟག་ཆད། འཁོར་འདས། བདེ་སྡུག་ལ་སོགས་པའི་གཉིས་སྣང་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ནམ་མཁའ་ལྟ་བུ་སྟེ། དེ་གསུམ་དབྱེར་མེད་པའི་ངང་ལས་མ་ཡེངས་པར་མཉམ་པར་འཇོག་པ་སྟེ། །རྣལ་འབྱོར་དབང་ཕྱུག་གིས། །འདི་ཉིད་གསལ་ཞིང་སྟོང་པ་དང་། །རིག་པ་དེ་ཉིད་མ་འགགས་པ། །རང་རིག་ཡེ་ཤེས་སྐད་ཅིག་མ། །འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །འདི་ཉིད་གསལ་ཞིང་སྟོང་པ་ཉིད། །འདི་ལས་མཚོན་ཏེ་ཤེས་པར་བྱ། །འདི་ཡི་རང་བཞིན་སྐུ་གསུམ་དང་། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །སངས་རྒྱས་(༣༩ན)


GLG010_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་བསྟན་པ་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །གཞན་དུ་བཙལ་བས་རྙེད་མ་ཡིན། ཞེས་གསུངས་སོ། །དེ་ནས་ཨོཾ་ཨཱཿཧཱུྃ་གིས་མིག་དར་བཀྲོལ། དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཤིན་ཏུ་སྤྲོས་མེད་དང་། །རྣམ་རྟོག་འོད་གསལ་གྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ་དབང་བཞི་པའོ། །དེ་ནས་སྤྲོ་བ་བསྐྱེད་ཅིང་དམ་ཚིག་བསྲུང་བར་གདམས་པ་ནི། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་གྲོལ་བ། །དེ་རིང་ཁྱོད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །མི་ཚུགས་པ་དང་མ་བཅིངས་པ། །གང་ལའང་འཇིགས་མེད་དགའ་བར་གྱིས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱེད་འདས། སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་(༣༩བ)


GLG010_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་སྤང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མི་སྣང་ངོ་། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང་། །གདུག་པའི་བྱམས་པ་རྟག་ཏུ་སྤང་། །ཆོས་ལ་ཚད་གཟུང་མི་བྱའོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་རྣམས། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློང་མོས་མི་རྒྱུ་ཞིང་། །རྣལ་འབྱོར་སྤང་བར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླ། །རྟག་ཏུ་དམ་ཚིག་ལ་སོགས་བསྟེན། །གལ་ཏེ་བླ་མ་སྨོད་དེ་བཞིན། །དམ་ཚིག་བག་མེད་པར་གྱུར་ན། །དེ་ཚེ་དཀྱིལ་འཁོར་ངེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་པར་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །གནས་པར་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་བཅས་པས། །ཀུན་གྱི་ཚེ་ལྡན་དེང་དབང་བསྐུར། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྒྱལ་སྲིད་བདག་པོར་བསྟན་པ་ཡིན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཞུགས་(༤༠ན)


GLG010_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་རིང་ཁྱོད་ཀྱི་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །འདི་ལྟར་ཡིད་ནི་རབ་དངས་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །དེ་རིང་འགྲོ་ལ་བདེ་མྱུར་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། ཞེས་བརྗོད་ལ་དོན་བཤད་དེ་དམ་ཚིག་དང་སྡོམ་པའི་བསྲུང་མཚམས་ཕྱེད་པར་བྱའོ། དེ་ནས་གནས་སྐབས་དེ་དག་ཏུ་ཐོབ་པའི་དམ་ཚིག་ལ་བསྲུངས་སྡོམ་བགྱིད་སྙམ་པས། །གཙོ་བོས་ཇི་ལྟར་བཀའ་བསྒོ་བའི། །གསུང་ནི་དེ་ལྟར་བདག་གིས་བགྱི། ཞེས་ལན་གསུམ་དང་། །དབང་ཡོངས་སུ་རྫོགས་པར་ཐོབ་པའི་གཏང་རག་ཏུ། །ཨོཾ་བཛྲ་བྷཱུ་མི་སོགས་ཀྱིས་མཎྜལ་རྒྱས་པར་ཕུལ་ཏེ། །ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱང་འབུལ། །ཆ་ཤས་ནས་ལོངས་སྦྱོད་དུ་གསོལ་སྙམ་པས། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། ཞེས་དང་། གཉིས་པ་སློབ་མ་རྗེས་སུ་འཛིན་པ་ནི། ཚིག་ཟུར་རྣམས་རིག་པས་ཁ་བསྒྱུར་ཞིང་མཚམས་སྦྱོར་གྱི་བཤད་པ་རྣམས་སྟ་གོན་སྐབས་ཁུངས་སྨོས་པ་བཞིན་བླངས་ཏེ། སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པ་སོགས་དབང་དོན་ལམ་གྱི་རིམ་པར་དྲིལ་ལོ། །སྐབས་འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་འབུལ་ཚུལ་ནི། །སྔར་སྟ་གོན་གྱི་སྐབས་སུ་བཤད་པ་ཇི་ལྟ་བ་(༤༠བ)


GLG010_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །གྲོལ་བའི་ཉིན་ལྟ་བུ། འདས་གཏོར་མ་གཏོགས་གཞན་གཏོར་མ་རྣམས་སྟེང་དུ་ཁྱེར་ལ། སྔགས་དབྱངས་ཀྱིས་སྣ་དྲངས་པའི་སྤྱི་སྟོབ་རྔ་བརྡུང་ཞིང་འབུལ་བ་སོགས་མཐོང་བ་བརྒྱུད་པ་ལྟར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། མཆོད་པ་ཁ་གསོ་བའམ་གསར་དུ་བཤམ་པ་གང་རུང་སྐབས་དང་སྦྱར་བ་བྱིན་རླབས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོའི་བར་གྱིས་དབུལ། བསྟོད་པ་རྣམས་གོང་ལྟར་བྱེད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཅེས་སོགས་ཀྱིས་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་བ་སོགས་ཀྱི་ཚིགས་བཅད་བརྗོད། མེ་ཏོག་དང་བཅས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། བདག་ལས་དང་པོ་བའི་རྟེན་ཀྱི་གང་ཟག་ཏུ་གྱུར་པས། མཆོད་པའི་ཡོ་བྱད་མ་འབྱོར་བ་དང་ཉམས་པ་སོགས་དང་། སེམས་སྒྲིབ་པ་དང་མ་བྲལ་བའི་དབང་གིས་ཏིང་ངེ་འཛིན་མ་གསལ་བ་བྱིང་རྒོད་དུ་གྱུར་པ་དང་། ཆོ་ག་ལྷག་པ་དང་། མ་ཚང་བ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཞེས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་ནས། མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་ནས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། (༤༡ན)


GLG010_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད། གཏོར་མགྲོན་གྱི་ཡེ་ཤེས་རྣམས་བྲིས་འབུར་གྱི་རྟེན་ཡོད་ན་ཕྱོགས་བཅུ་ན་སོགས་ཀྱིས་བརྟན་བཞུགས་དང་། མེད་ན་ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ཀྱིས་གཤེགས་གསོལ་བྱ། སང་ནང་སྔོན་འགྲོ་གཏོར་མ། མཎྜལ་ཞུ་འབུལ་སོགས་ཀྱི་རྗེས་སུ་སྐྱབས་འགྲོ་ནས་བཟུང་བཟླས་པའི་བར་སྒྲུབ་ཐབས་བཞིན་དུ་བྱ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ་ཞེས་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་དབུས་སུ་ཞུགས་པར་མོས། མདུན་བསྐྱེད་ལ་དམིགས་ཏེ་ཆུ་གཉིས་སྔོན་འགྲོའི་མཆོད་པ་ནང་མཆོད། བསྟོད་པ་ཤོ་ལོ་ཀ་གཅིག་གིས་བསྟོད་ནས་སྔགས་རྒྱས་དཀྱིལ་འཁོར་ནམ་མཁར་བཏེག་པ་ལ་མཆོད་བསྟོད་བྱས། སྦྱན་འདྲེན་གྱི་དུས་བསྟིམ་པ་བུ་ལུགས་ཀྱི་ཕྱག་བཞེད་ལ་གནང་བ་ལེགས་མོད། ཨེ་ཝཾ་པའི་ཕྱག་བཞེས་ལ་མི་མཛད་པ་རེ་ཞིག་བཏང་སྙོམས་སུ་བཞག་གོ །དེ་ནས་མདུན་བསྐྱེད་སྒྲུབ་པ་སོགས་སྔར་ལྟར་རོ། །སྒྲུབ་མཆོད་གྲོལ་རྒྱུའི་ནུབ་མཐའ་མ་ལ་མཆོད་པ་རྣམ་གསར་དུ་བཤམ། མཆོད་བསྟོད་བདུད་རྩི་མྱང་བ་སོགས་རྒྱས་པར་བྱ། ཡི་གེ་བརྒྱ་པ་ཅི་ནུས་བཟླ། བུམ་པ་གཉིས་དཀྱིལ་འཁོར་གྱི་ཤར་སྒོའི་ཁྱམས་གཡས་གཡོན་དུ་སྤྱན་དྲངས། སློབ་དཔོན་རྡོ་དྲིལ་འཛིན་པས་ཤར་སྒོའི་ཐད་དུ་འགྲེངས། སློབ་མ་རྣམས་ཀྱིས་མཐའ་བསྐོར། བདག་ལས་དང་པོ་པ་སོགས་འདོད་གསོལ་རྒྱས་པར་བྱ། རྡུལ་ཚོན་དང་བུམ་པའི་ལྷ་ལ་དམིགས་ཏེ། གདངས་དང་བཅས་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ལན་གསུམ་བརྗོད་པའི་མཐར་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ཕྱིར་བསྟན་ཏེ། (༤༡བ)


GLG010_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་མུ༔རས་བྲིས་ལ་བརྟན་བཞུགས་སུ་པྲ་ཏི་ཥྛ་དང་བཅས་མེ་ཏོག་འཐོར་བ་ལས་གཤེགས་གསོལ་བྱས་ན་རབ་གནས་འཇིག །མདུན་བསྐྱེད་དང་བུམ་པའི་ལྷའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རྡོ་རྗེ་བསྡུ་རྒྱ་དང་བཅས། དམ་ཚིག་པ་བདག་ཉིད་ལ་ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམས་ལ། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཞེས་གནས་གསུམ་བསྲུངས། ལྷའི་ང་རྒྱལ་བརྟན་པོས། ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའོ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ། ཞེས་དེ་ཁོ་ན་ཉིད་ཀྱི་དོན་དྲན་བཞིན་པའི་སྒོ་ནས། །རྡོ་རྗེའི་རྩེས་ཐོག་མར་བྲིས་པའི་དབང་ལྡན་གྱི་རྩིག་པ་ནས་བརྩམས་ཏེ་ཨ་ཀྵ་རོ་བརྗོད་ཅིང་ཁོར་ཡུག་ཏུ་བཤིག །ཤར་གྱི་ཚངས་ཐིག་ནས་གཙོ་བོའི་མཚན་མའི་བར་བུ་ལུགས་ལ་ཤར་སྒོ་ནས་གཙོ་བོའི་མཚན་མའི་བར་བསྡུ་བར་བཤད། དུ་རི་མོ་བྱ། དེ་བཞིན་དུ་ཕྱོགས་གཞན་གསུམ་ལ་ཡང་འགྲེ ། ལྷ་མཚན་གྱི་རྡུལ་ཚོན་ནས་ཅུང་ཟད་བླངས་པ་རང་གི་སྤྱི་བོར་འཇོག །ལས་ཀྱི་རྡོ་རྗེས་ཚོན་རྣམས་བསྡུས་ཏེ་བྱིན་རླབས་རྟེན་དང་སློང་བ་ལ་སྤྱིན་པ་སོགས་བྱར་རུང་ཞིང་ལྷག་མ་རྣམས་རྒྱས་པར་སྤྲོ་ན་རྡུལ་ཚོན་སྤྱན་འདྲེན་པའི་ཆོ་ག་དང་བཅས་ཆུ་བོ་ཆེན་པོར་དོར། ཐིག་ཤུལ་རྣམས་བུམ་ཆུས་བཀྲུས་ཏེ་རྗེས་མི་མངོན་པར་བྱེད། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཀཱི་ལི་ངོར་ལུགས་ལ་མ་གསལ་ཡང་བུ་ལུགས་ཀྱི་ཕྱག་ལེན་ལེགས་པར་མཐོང་ནས་དེ་དོན་བཞིན་བཀོད། ཨུཏ་ཀཱི་ལཱ་ཡ། སརྦ་བིགྷྣཱན་བཛྲ་དྷ་ར་ཨཱཉཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཧོཿ ཞེས་ཕུར་བུ་ཕྱུང་། རྡོ་རྗེ་བསྡུ་(༤༢ན)


GLG010_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། ཕུར་བུའི་ལྷ་རང་གི་ལག་གི་རྡོ་རྗེ་ལ་ཐིམ་པར་བསམས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙཱ་ནི་སརྦ་ཨ་རྠ་སཱ་ཐ་ནཱ་སྭ་ཧཱ། ཞེས་འོ་མས་ཕུར་ཤུལ་བཀྲུ་ཁུང་བུ་དགང་། བགེགས་ཐམས་ཅད་ཀྱི་རྨ་དང་ཟུག་རྔུ་ཐམས་ཅད་ཞི་ནས་སྒྲིབ་པ་དག་སྟེ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བསམ། བཀྲ་ཤིས་རྒྱས་པར་བརྗོད་དེ་མེ་ཏོག་སིལ་མས་ཕྱོགས་ཀུན་ཏུ་ཆར་ཕབ། བསྔོ་བ་སྨོན་ལམ་བྱའོ། །འབུམ་ཕྲག་གསུམ་པའི་རྒྱུད་མཚོར་བི་རཱུ་པ་ཤ། མཁྱེན་དཔྱོད་རི་བོ་བསྒྲིལ་ལས་ཉེར་ཐོན་པ། །གཤེད་དམར་གདམས་པའི་ས་སྲུངས་གོམ་པའི་འགྲོས། ། བླ་མེད་རྣལ་འབྱོར་ས་ལ་ལྷོད་པོར་རྒྱུ། །རྒྱ་གར་མཁས་གཞུང་ཚངས་པའི་རོལ་ཀླུང་ནས། །གངས་ཅན་སྐད་གཉིས་སྨྲ་བས་དྲངས་པའི་ཚལ། །སྨིན་བྱེད་ཆུ་བོ་མ་ནུབ་གདྒཱའི་རྒྱུན། །སྐལ་བཟང་ཁྱབ་འཇུག་དགའ་བའི་ཞབས་སུ་བསིལ། །རྣམ་གསུམ་བཀའ་བབས་གཅིག་འདྲེས་དཔལ་བེའུས། །ཐུགས་ཀར་རི་མོ་རབ་བཀྲ་བུ་སྟོན་རྗེ། །སཱ་ལའི་ལྗོངས་འདིར་རྒྱས་མཛད་ཨེ་ཝཾ་པ། །བརྒྱུད་པའི་ཕྱག་བཞེས་ཞིབ་མོས་དཔྱད་དེ་བཀོད། །དགེ་ཚོགས་སྟོན་མཚན་ཟླ་བ་ཉ་གང་ལས། ལེགས་བྱས་འཛད་པ་མེད་པ་ཀེ་པུ་རས། །སྲིད་ཞིའི་དཀར་མིན་འབྲས་ཀྱི་ཚ་གདུང་ཀུན། །རབ་གཞིལ་ཕན་བདེའི་འོད་སྣང་འབར་བར་ཤོག ཁྱད་པར་སྐྱེ་བ་ཀུན་ཏུ་དགེ་བའི་བཤེས། །གདན་གསུམ་ཚང་(༤༢བ)


GLG010_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྡོ་རྗེ་སློབ་དཔོན་གྱིས། །རྗེས་བཟུང་ཚད་མ་བཞི་ལྡན་ངེས་གསང་ལམ། །སྙན་བརྒྱུད་གདམས་པའི་ཆོས་ཀྱིས་འཚོ་བར་ཤོག །སྦྱང་གཞིར་བགོས་པའི་སྒྲིབ་གཉིས་ཀུན་དག་ནས། །སྒོ་གསུམ་སྐུ་བཞི་ཡེ་ཤེས་ལྔ་ལྡན་དུ། །རབ་བསྒྱུར་ཚེ་འདིར་ཟུང་འཇུག་གོ་འཕང་མཆོག །མངོན་གྱུར་མཁའ་མཉམ་འགྲོ་ཀུན་འདྲེན་ནུས་ཤོག །འཇམ་དཔལ་འགྲོ་ལ་རྗེས་ཆགས་དམར་བའི་ཞལ། །གདངས་པའི་མགྲིན་ལས་ཧ་ཧར་བཞེད་པའི་སྒྲས། །ཡིད་སྲུབས་མྱ་ངན་ཁང་བུར་བརྒྱལ་བའི་གཏམ། །སྙན་པའི་དབྱངས་ཀྱིས་ཀུན་ཁྱབ་བཀྲ་ཤིས་ཤོག །ཅེས་འཕགས་ཡུལ་གྲུབ་དབང་ཀུན་ཀྱི་འཁོར་ལོས་སྒྱུར་བ་བི་ཪྺ་བའི་བཞེད་སྲོལ་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་སྨིན་བྱེད་ཀྱི་རིམ་པ་གངས་ཅན་གྱི་ལྗོངས་འདིར་བཀའ་བབས་སུམ་ལྡན་དུ་ཞུགས་པའི་དབང་གི་ཆུ་བོ་ཀུན་འདུས་ཀྱི་སྲོལ་འབྱེད་ཤེས་བྱ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་དང་། ཁྱབ་བདག་ཨེ་ཝཾ་པ་ཀུན་དགའ་བཟང་པོ་གཉིས་ཀྱི་བཞེད་པ་ཅུང་ཟད་མི་མཐུན་པ་བུ་ལུགས་ཀྱི་ཕྱག་བཞེས་ངོ་མཚར་རྨད་དུ་བྱུང་བའི་ཡུལ་དུ་སྣང་ནའང་། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡབ་སྲས་རྣམས་ཕྱི་མའི་ལུགས་བཞིན་མཛད་པའི་རྗེས་སུ་འབྲངས་ནས། འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་མཐོ་རིས་དབང་གི་ཆུ་རྒྱུན་ཞེས་པ་འདི་ནི་རང་གི་བརྗེད་བྱང་དང་། ཁའུ་བྲག་རྫོང་པའི་རྗེས་འཇུག་གསང་སྔགས་ཀྱི་འདུས་སྡེ་མང་པོར་ཕན་པའི་(༤༣བ)


GLG010_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་བསམ་གྱིས་ཀུན་ནས་བླངས་ཏེ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། རིགས་ཀུན་ཁྱབ་བདག་ཞ་ལུ་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ་གསུམ་གྱི་བཀའ་དྲིན་ལ་བརྟེན་ནས་ཆོས་ཚུལ་འདི་ཉིད་ཀྱི་དབང་བྱིན་རླབས་ཉམས་འཁྲིད་རྒྱབ་བརྟེན་ལུང་རྣམས་ཐོབ་ཅིང་ཁོང་དུ་ཆུད་པར་བྱས་པའི་ཟ་ཧོར་གྱི་བན་རྒན་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་བག་ཡོད་ཅེས་པ་ཆུ་གླང་ནག་པ་ཟླ་བའི་དཀར་ཆའི་བཟང་པོ་གཉིས་པའི་ཚེས་ལ་རང་བྱུང་འཕགས་པའི་གཙུག་ལག་ཁང་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་བགྱིས་པ་ཕྱོགས་དུས་ཀུན་ཏུ་དག་པར་གྱུར་ཅིག །མདྒ་ལཾ།། །།

དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།


GLG010_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།


GLG010_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ན་མྉྤརམ་གུ་རུ་ཤྩཙཀྲསེ་ཝ་རཱ་ཡ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་དབང་ཕྱུག་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཞ་ལུ་པ་ཆེན་པོ་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཟུང་འཇུག་རྡོ་རྗེ་འཛིན་པ་མ་ཐོབ་ཀྱི་བར་དུ་རྗེས་སུ་གཟུང་དུ་གསོལ། །གར་གུའི་ཉམས་ལྡན་ཨིནྡྲ་ནཱི་ལའི་རི། །མཛེས་སྡུག་འཚམས་སྤྲིན་མདངས་ཀྱིས་ཉེར་འཁྱུད་པ། །ཨེ་ཝཾ་ཟུང་འཇུག་བླ་མ་ཧེ་རུ་ཀཿ། །མཉམ་སྦྱོར་རྡོ་རྗེ་བཙུན་མོས་དེང་འདིར་སྐྱོངས། །ཨཽ་ཊི་བི་ཤཱའི་ནགས་སུ་འཇའ་ལུས་སྐུ། །བརྙེས་ནས་མངོན་སུམ་མཁའ་སྦྱོད་སར་གཤེགས་པས། །གྲུབ་པའི་འཁོར་ལོས་སྒྱུར་བ་དྲིལ་བུ་པ། ཁྱོད་ཞབས་བྱང་ཆུབ་བར་དུ་བསྙེན་ལ་སྤྲོ། །འཇིག་རྟེན་མིག་གཅིག་མལ་ལོ་བཞེད་པའི་གཞུང་། །ཤིང་རྟའི་སྲོལ་འབྱེད་བླ་ཆེན་ས་སྐྱ་བ། །སྒྲ་སྒྱུར་མར་དོ་ཆོས་ཀྱི་དབང་ཕྱུག་ལུགས། །འཛིན་མཁས་(༢ན)


GLG010_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གཟེ་བ་བློ་ལྡན་སེང་གེ་རྒྱལ། །བཀའ་བབས་དབང་ཆུའི་གངྒཱ་རྣམ་དཔྱོད་ལྟོར། །ལེགས་འཁྱིལ་ཀུན་མཁྱེན་བུ་སྟོན་ཛཧྣུ། །ཟབ་ལམ་གནད་ཀྱི་མདུད་འགྲོལ་བཙོང་ཁ་པ། །ཕྱོགས་འདིར་མཁས་ཤིང་གྲུབ་རྣམས་ཕྱག་གི་ཡུལ། །རང་རྒྱུད་ཐ་རྒོད་སྨིན་བྱེད་དྲོད་གཤེར་ཆུས། །གྲོལ་ནུས་རྟོག་པའི་ས་བོན་ཡོངས་སྦྲུམ་ནས། །ཟུང་འཇུག་སྙེ་མ་སྟེར་མཛད་རྡོ་རྗེ་འཆང་། །རིན་ཅེན་བསོད་ནམས་མཆོག་གྲུབ་རིགས་ཀྱི་བདག །མ་རྒྱུད་རྣལ་འབྱོར་གསང་མཐའི་སྙིང་པོའི་བཅུད། །དབང་དང་བྱིན་རླབས་དམར་འཁྲིད་ཟིལ་མངར་གྱིས། །རང་བློའི་བུམ་བཟང་འགེང་བའི་ཡོངས་འཛིན་ཚོགས། །བསམས་ཀྱིན་ལམ་ཟབ་ཉམས་ལེན་བསྒོམ་ལ་བྲོད། །སྔོན་རབས་མཁས་མང་བཞེད་གཞུང་ལ་བརྟེན་ནས། །མ་དག་རྙོག་དྲི་དཔྱད་གསུམ་ཀེ་ཏ་ཀས། །ཉེར་བགྲུངས་ཁྲག་འཐུང་ལྷ་ལྔ་སྒྲུབ་པའི་ཐབས། །འཁྲུལ་མེད་ལོ་པཎ་ཞལ་ལུང་དེང་འདིར་སྤེལ། །དེ་ལ་འདིར་གྲུབ་པའི་དབང་ཕྱུག་རྡོ་རྗེ་དྲིལ་བུ་པའི། །(༢བ)


GLG010_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་སྲོལ་དཔལ་འཁོར་ལོ་སྡོམ་པའི་ཟབ་དོན་དྲིལ་བུ་བ་ཕྱི་དཀྱིལ་གྱི་སྒྲུབ་པའི་ཐབས་ཀྱི་རིམ་པ་ཉམས་སུ་བླང་བ་ལ་མཉམ་པར་བཞག་པ་དང་མ་བཞག་པའི་རྣལ་འབྱོར་གཉིས། དང་པོ་ལ་བསྐྱེད་རྫོགས་གཉིས་ལས། དང་པོ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི། དང་པོ་ལ་སྐྱབས་སེམས། རྡོར་སེམས། དག་གསུམ། ཕུང་ཁམས་སྐྱེ་མཆེད་བརླབ་པ། ཚོགས་ཞིང་དང་ལྔའི། དང་པོ་ནི། སྲོད་ཐུན་གྱི་མཐར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་གྱི་ངང་ལ་ཉལ་ཏེ། ཐོར་ཐུན་ལ་རྣལ་འབྱོར་མའི་གླུས་བསྐུལ་བའི་རྐྱེན་གྱིས་ཧེ་རུ་ཀའི་ང་རྒྱལ་གྱིས་ལངས་ནས་ཁྲུས་ཀྱི་རྣལ་འབྱོར་སྤྲོ་ན་བྱ། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་སྐྱབས་ཡུལ་རྣམས་གསལ་བཏབ་སྟེ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་གྱི་མཇུག་ཏུ། བླ་མ་དང་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཔལ་འཁོར་ལོ་སྡོམ་པའི་ལམ་གྱི་རིམ་པ་བསྒོམ་པར་བགྱིའོ། །ཞེས་ལན་གསུམ་བརྗོད། གཉིས་(༣ན)


GLG010_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོར་སེམས་ནི། རང་གི་སྤྱི་བོར་བཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དང་རྡོ་རྗེ་ལས་དཔལ་ཧེ་རུ་ཀཿསྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བརྒྱད་པ་གཡས་དམར། གཡོན་དཀར། སྟེང་ཞལ་སེར་པོ། རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་ལྤགས་བརྒྱངས་པ། གཡས་འོག་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊཾ་ག །གཡོན་འོག་མ་གཉིས་ཀྱིས་ཞགས་པ་དང་ཚངས་མགོ་འཛིན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་དུས་མཚན་དང་འཇིགས་བྱེད་མནན་པ། རང་འདྲའི་ཡུམ་རྩ་ཕྱག་གཉིས་ཀྱིས་རྡོ་དྲིལ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། དེ་འོག་གཉིས་རྡོ་རྗེ། ཕྱག་ལྷག་མ་ཡབ་དང་འདྲ་བ་ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་བསམ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། མཛུབ་མོ་གཉིས་མདུད། གུང་མོ་གཉིས་རྩེ་སྤྲད། །མཐེ་བོང་གཉིས་ཀྱང་རྩེ་སྦྱར་ཏེ་སོར་མོ་ལྷག་མ་བརྐྱང་བ་འབར་བའི་ཕྱག་རྒྱ་དཔྲལ་བར་བཞག་ནས་གཡོན་དུ་བསྐོར། མིག་གྱེན་དུ་བལྟ་བ་དང་བཅས་གདོང་བསྒྱུར་རྐང་པ་གཡས་པས་གཡོན་པ་མནན་ཏེ། ཕཾཻ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དང་དབང་གི་ལྷ་རྣམས་པད་ཀར་དང་བཅས་ཐུགས་ཀར་གཡས་སྟེང་དུ་བསྣོལ་བ་མཛུབ་མོ་ལྕགས་ཀྱུ་ལྟར་ཅུང་ཟད་གུག་པའི་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་ཨོཾ་བཛྲས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲཏཱི་ཙྪ་ཨཱཿཧཱུྃ་(༣བ)


GLG010_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཉྩི་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་ཡབ་ལ་མི་བསྐྱོད་པ་དང་ཡུམ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་སྟེང་དུ་ཧཱུྃ་སྔོན་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཀྱི་འཕྲེང་བས་བསྐོར་བ་དེ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཧཱུྃ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཧཱུྃ་ལས་བདུད་རྩི་བབས། ཧེ་རུ་ཀའི་སྐུ་གང་། སྐུའི་དབྱིབས་བརྒྱུད། ཡུམ་གྱི་སྐུ་གང་། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབས། བདག་གི་སྤྱི་གཙུག་ནས་ཞུགས་པ་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་གི་རྣམ་པར་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་མཐེན་ནས་ཤུལ་ཐམས་ཅད་བདུད་རྩིས་གང་བར་བསམ། ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་སུ་བཟླ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། སྐུ་གསུང་ཐུགས་རྩ་བ་དང་ཡན་(༤ན)


GLG010_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་དམ་ཚིག་ཉམས་པ་ཐམས་ཅད་འཐོལ་ལོ། །བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བའི་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀཿཡབ་ཡུམ་འོད་དུ་ཞུ་ནས་སྤྱ་བོ་ནས་རང་ལ་ཐིམ་པས་རང་གི་ལུས་ཤེལ་གོང་ལྟ་བུར་བསམ་མོ། །གསུམ་པ་དག་པ་གསུམ་གྱི་རྣལ་འབྱོར་ནི། ཤྲཱི་ཧེ་རུ་ཀཿཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་བའི་སེམས་ཏེ། རྒྱུའི་བདག་ཉིད་དུ་བརྟག་པར་བྱ་བས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང་། རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་པའི་གང་ཟག་གི་བདག་མེད་པ་དང་། དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང་། ཤྲཱི་ནི་ཡུལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གྱི་དོན་ནོ། ཞེས་པས་ཡིད་དག་པར་བྱའོ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གི་ཧེ་རུ་ཀཿསྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱང་གིས་བཞུགས་པ་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པར་བསམ། ཤྲཱི་ཧེ་རུ་ཀོ྅་ཧཾ། ཞེས་པས་ལུས་དག་པར་བྱའོ། ཨོཾ་ཨ་ཨཱ། ཨི་ཨི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། ཧཱུྃ་ཧཱུྃ་ཕཊ། ཡི་གེའི་འཕྲེང་བ་གཡོན་དུ་ལྟེ་བའི་(༤བ)


GLG010_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་ལན་གསུམ་བསྐོར་བ་ལས་འོད་ཟེར་ཁ་དོག་ལྔ་འཕྲོ་བ། དེ་དག་ལས་མཁའ་འགྲོ་མ་ལྔ་དཔག་ཏུ་མེད་པ་སྣ་བུག་གཡས་ནས་སྤྲོས་ཏེ་བགེགས་ཐམས་ཅད་བཅོམས། གཡོན་ནས་ནང་དུ་ཞུགས་སྔགས་འཕྲེང་ལ་ཐིམ་པར་བསམས་ཞིང་ཨཱ་དི་ཀཱ་དི་ལན་གསུམ་བརྗོད་པ་ནི་ངག་དག་བྱེད་དོ། །བཞི་པ་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། རང་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་མ་ནས་རྣམ་པར་དག་པ་ཡེ་ཤེས་ཀྱི་ལྷའི་རང་བཞིན་དུ་ཡོད་པ་སོ་སོའི་རྣམ་པ་ཇི་ལྟ་བར་བསམ། ལྔ་པ་ཚོགས་ཞིང་ནི། ཕྱག་རྒྱ་དང་བཅས་ཕེཾ། རང་གི་སྙིང་གར་པཾ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་ལས་འཕྲོས་པའི་འོད་ཟེར་གྱིས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། འགྲོ་བ་དྲུག་གི་སེམས་ཅན་རྣམས་ཀྱང་ལྷར་བྱས་པ་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཇཿས་སྤྱན་དྲངས།དེ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར་ཅིང་བླ་མ་རྣམས་གཅིག་ཏུ་འདུས་གཙོ་བོའི་རིགས་བདག་ཏུ་བཞུགས་པར་བསམ། །ཧེ་རུ་ཀཿདཔལ་དཔའ་བོ་ཆེ། །རྣམ་རྟོག་རྡོ་རྗེའི་དབང་ཕྱུག་དང་། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདིར་། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་དང་། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་ལ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །སྙིང་གའི་ཧཱུྃ་ལས་སྤྲོས་པའི་མཆོད་པའི་ལྷ་མོ་(༥ན)


GLG010_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྫས་ཐོགས་པ་རྣམས་ཀྱིས་མཆོད་པར་བསམ། ཨོཾ་སརྦ་བཱི་ར་ཡོ་གེ་ནཱི་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ། དེ་བཞིན་དུ། ཨརྒྷཾ་གྱི་གནས་སུ། པཱ་དྱཾ་ནས། ཤཔྟའི་བར་བཅུག །ཨོཾ་རུ་པ་བཛྲི་ཧཱུ་ཾཧཱུཾ་རཱུ་པའི་གནས་སུ། ཤཔྟ་ནས། སྤཪྴའི་བར་བཅུག །ཐུགས་ཀའི་ཧཱུྃ་ལས་བྱུང་བའི་སྙིང་པོའི་རྣལ་འབྱོར་མ་བཞིས་ཐོབ་པའི་ནང་གི་བདུད་རྩི་ལྔས་མཆོད་པར་བསམ་ཨོཾ་སརྦ་བཛྲ་ཀཱ་མ་ནི་སརྦ་བྷ་ཀྵཾ་ཤོ་དྷ་ཡ་གུ་ཧྱ་བཛྲི་ཎི་ཧཱུྃ་སྭཱ་ཧཱ། མཁའ་འགྲོ་མ་ལ་སོགས་པ་བཞི་ཕག་མོ་ལ་ཐིམ། ཕག་མོ་ཧེ་རུ་ཀཿ དང་སྙོམས་པར་ཞུགས་པར་ཞུགས་པའི་བདེ་བ་ཉམས་སུ་མྱོང་བར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་པ་ཎ་རཱ་ག་ཎ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅་ཧཾ། གུར་ལས་བྱུང་བའི་རྒྱུད་བཤགས་ལན་གསུམ་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་བའི་ཕྱིར་ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་ལོ། །རྒྱལ་བ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་འགྲོ་བ་ཀུན་ལ་ཕན་པ་དང་བདེ་བའི་དོན་དུ་བསྐལ་པ་ཞིང་གི་རྡུལ་སྙེད་དུ་བཞུགས་པར་གསོལ་བ་འདེབས་སོ། །བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། །རང་གི་བདག་ཉིད་སྐད་ཅིག་མར། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། ཞེས་ཡན་ལག་བདུན་པའི་རྗེས་སུ་ཡིག་བརྒྱ་བརྗོད། །ཨོཾ་བཛྲ་མུཿས་ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སེམས་ཅན་ཐམས་ཅད་ཁྱད་པར་དུ་འཕགས་པའི་བདེ་བ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཐོབ་ཟིན་པའི་བདེ་(༥བ)


GLG010_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་མི་འབྲལ་བར་གྱུར་ཅིག །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ལ་རྟེན་བརྟེན་པ་གཉིས་ཀྱི། དང་པོ་རྟེན་ལ་སྲུང་འཁོར། འབྱུང་བ། གཞལ་ཡས་ཁང་དང་གསུམ་གྱི་དང་པོ་ནི། ཨོཾསྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། །ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་གཟུང་འཛིན་དང་བྲལ་བ་སེམས་ཙམ་གྱི་ངོ་བོར་བསམ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅ཧཾ། ཆོས་ཐམས་ཅད་སྟོང་པར་བསམ། དེའི་དགོས་པ་ནི་འཛམ་བུ་གླིང་པའི་མངལ་སྐྱེས་ཁམས་དྲུག་ལྡན་འཆི་བ་དང་ཆོས་མཐུན་པས་རང་ཉིད་ཀྱི་འཆི་བ་ཆོས་སྐུར་འཁྱེར་བའི་གནད་དོ། །སྟོང་པའི་ངང་ལས་རང་གི་སེམས་ཉིད་ནཱ་ད་ཤིན་ཏུ་དཀར་བ་ལ་དམར་བའི་མདངས་ཆགས་པར་ལངས་ནས་ནམ་མཁར་གནས་པར་བསམ་པ་ནི་གཞི་ལ་འཆི་བ་འོད་གསལ་གྱི་གཞོན་པའི་རླུང་སེམས་ལས་བར་དོ་གྲུབ་པ་ལྟར་རང་ཉིད་ཀྱི་བར་དོ་ལོངས་སྐུར་འཁྱེར་བའི་གནད་དོ། །དེའི་འོད་ཟེར་ལས་པཾ་ལས་སྣ་ཚོགས་པདྨའི་སྟེང་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སེར། ལྟེ་བར་ཧཱུྃ་ཡོངས་སུ་གྱུར་པ་ལས་རང་ཉིད་ཧེ་རུ་ཀཿ སྔོན་པོ་ཞལ་གཅིག་ཕྱག་གཉིས་པར་བསམ། ཕྱོགས་གཡོན་དང་མཚམས་གཡས་སྐོར་དུ་གཡོན་པའི་མཐེ་བོས་མཛུབ་མོ་མནན་པ་མཛུབ་མོ་ཕྱིར་བཏད་པའི་སེ་གོལ་གཏོག་ཅིང་སུམྦྷ་སྔགས་ཚན་བཞིར་བཅད་པ་ལན་གཉིས་བཟླ། ཞེས་བརྗོད་ཅིང་སྤྲོ་བ་མཉམ་དུ་ཐུགས་ཀའི་ཧཱུྃ་ལས་(༦ན)


GLG010_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་བཅུ་སྟེང་འོག་ཕྱོགས་མཚམས་སུ་འཕྲོས་པ་ལས། །ཤར་དང་སྟེང་དུ་ཁྭ་གདོང་མ་སྔོན་མོ། བྱང་དུ་འུག་གདོང་མ་ལྗང་གུ། །ནུབ་དང་འོག་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། །ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་ཐོ་བ་དང་གཡོན་རང་འདྲའི་ལྟེ་བ་མན་ཆད་ཕུར་བུའི་དཔལ་མདུང་རྩེ་གཅིག་པའི་རྣམ་པ་ཅན་ཐོགས་པ། ཉི་མའི་གདན་ལ་གཡོན་བརྐྱང་གིས་བཞུགས་པར་བསམ། འདིར་སྒྲུབ་ཐབས་སྤྱི་དང་ཆོས་ཀྱི་རྒྱལ་པོ་འཕགས་པའི་སྒྲུབ་ཐབས་ཀྱི་རྗེས་སུ་འབྲངས་པ་ཡིན་ཅིང་ལྭ་བ་པས་མཛད་པའི་བཅུ་གསུམ་མའི་སྒྲུབ་ཐབས་སུ་ཐམས་ཅད་སྐུ་མདོག་དམར་མོར་བཤད་པའང་ཡོད་པས་གང་བདེར་བྱའོ། །ཕོ་ཉ་བཅུ་ཞལ་ཕྱིར་ཕྱོགས་ཀྱི་མདུན་དུ་ཧཱུྃ་རིང་པོ་ལས་གྲུབ་པའི་དོང་གྲུ་གསུམ་པ། གཏིང་ཟབ་པ་བཅུའི་ནང་དུ་ཁྲོ་མོ་རྣམས་ཀྱི་སྐུའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཕྱི་རོལ་གྱི་བགེགས་རྣམས་རང་དབང་མེད་པར་བཀུག་པར་བསམ། རང་ཉིད་ཁྲོ་བོའི་ལྟ་བ་དང་ལྡན་པས་བཀའ་བསྒོ་བ་ནི། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚཱཾ་བིགྷྣཱན་ཧཱུྃ་ཕཊ ཀཱི་ལཱ་ཡཱ་ཀཱི་ལཱ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལཱ་ཡ་བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི་སརྦ་དུཥྚཾ་བིགྷྣཱན་ཀཱ་ཡ་ཝཱ་ཏྟ་བཛྲ་ཀཱི་ལཱ་ཡ་ཧཱུྃ་ཕཊ །ཅེས་བསྒོམ་ཤིང་ཕུར་བུ་བཙུགས་ཏེ་ཕོ་ཉ་(༦བ)


GLG010_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། ཨོཾ་བཛྲ་མུདྒར་བཛྲ་ཀཱི་ལཱ་ཡ་ཨཀོཊཡ་ཧཱུྃ་ཧཱུྃ་ཕཊ་བགེགས་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཕུར་བུས་བཏབ་པས་བགེགས་རྣམས་ཀྱི་སེམས་འོད་གསལ་དུ་ཐིམ་ཞིང་ལུས་དང་སྒྲིབ་པ་ལྷན་ཅིག་ཏུ་བསྲེགས་བཅོས་ཐལ་བར་བསམ། སྔགས་བཞི་པའི་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་ར་བ་གྲུ་བཞི་པ་ཕྱོགས་ཀྱི་མདོག་ཅན། དེ་དང་དུས་མཉམ་དུ་སྣ་ཚོགས་རྡོ་རྗེའི་ཧཱུཾ་དང་བཅས་པ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ས་གཞི། དེའི་འོད་ཟེར་སྟེང་དུ་འཕྲོས་པ་ལས་རྡོ་རྗེ་རྩེ་ལྔ་པ་ཕུར་བུའི་མདེའུ་ཅན་གྱི་མདོའི་དྲ་བ། དེའི་འོག་རྡོ་རྗེ་ར་བའི་སྟེང་དུ་རྡོ་རྗེའི་གུར། གུར་དང་ར་བའི་མཚམས་སུ་རྡོ་རྗེའི་བླ་བྲེ་རྣམས་སྲ་ཞིང་མཁྲེགས་པ་དུམ་བུ་གཅིག་ཏུ་གྲུབ་པར་བསམ། ཨོཾ་མེ་དཱི་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུྃ། གིས་རྡོ་རྗེའི་ས་གཞི་དང་། ཨོཾ་བཛྲ་པྲ་ཀཱ་ར་ཧཱུྃ་བཾ་ཧཱུྃ། རྡོ་རྗེ་ར་བ་དང་། ཨོཾ་བཛྲ་པ་ཉྩར་ཧཱུཾ། གིས་རྡོ་རྗེའི་གུར་དང་། ཨོཾ་བཛྲ་བི་དཱ་ནཱ་ཧཱུཾ། གིས་རྡོ་རྗེའི་བླ་བྲེ་དང་། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཱཾ། གིས་རྡོ་རྗེའི་མདོའི་དྲ་བ་རྣམས་སོ། །སྒོ་མཚམས་མ་རྣམས་རྡོ་རྗེ་ར་བ་ལ་ཐིམ་པས་ཆུ་ལ་ཆུ་ཐིམ་པའི་ཟེགས་མ་ཕྱིར་འཕྲོས་པ་ལྟར་རྡོ་རྗེ་ར་བའི་གུར་ཁང་དུ་བསམ། ཨོཾ་བཛྲ་པྲ་ཀཱ་ར་ཧཱུྃ། དེའི་ཕྱིར་རོལ་ཏུ་སྣ་ཚོགས་པདྨའི་གུར་ཁང་དུ་བསམ། ཨོཾ་པདྨ་པྲ་ཀཱ་ར་ཧཱུཾ། དེའི་ཕྱི་རོལ་ཏུ་འཁོར་ལོ་འབར་བའི་གུར་ཁང་དུ་བསམ། ཨོཾ་ཙཀྲ་པྲ་ཀཱ་ར་ཧཱུྃ། དེའི་ཕྱི་རོལ་ཏུ་རྡོ་རྗེ་མེ་བསྐལ་པ་འཇིག་པའི་མེ་དཔུང་ལྟ་བུར་བསམ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་རྐ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་དོ། །གཉིས་(༧ན)


GLG010_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་བ་བསྐྱེད་པ་ནི། རང་ཉིད་ལྷའི་སྐུ་སྒྱུ་མ་ལྟ་བུའི་ངང་ནས། སྲུང་འཁོར་གྱི་དབུས་ནམ་མཁའི་དབྱིངས་ཆོས་འབྱུང་གི་ནང་དུ་སྔར་གྱི་ནཱ་དའི་འོད་ཟེར་ལས་བྱུང་བའི་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་ཟུར་བཞིར་རྡོ་རྗེ་རྩེ་གསུམ་གྱིས་མཚན་པ། དེའི་སྟེང་དུ་སུ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་ལྷུན་པོ་གྲུ་བཞི་པ་རྩེ་མོར་ལྕོག་བརྒྱད་ཀྱིས་མཛེས་པ། །གསུམ་པ་གཞལ་ཡས་ཁང་བསྐྱེད་པ་ནི། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་གསེར་དང་ལྡན་པའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཕྱོགས་ཀྱི་མདོག་ཅན། དེའི་ལྟེ་བར་བྷྲཱུ་ལས་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རིམ་པ་ལྔ་དང་ལྡན་པའི་རིམ་པོ་ཆེའི་རྩིག་པས་བསྐོར་བའི་སྟེང་ན། རིན་པོ་ཆེའི་ཕ་གུ་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་པ་དང་གྲུ་བཞི་པ་ལ་སོགས་པས་སྤྲས་པ། དེའི་སྟེང་ན་གནས་པའི་གསེེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁར་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། དེའི་ཕྱི་ངོས་སུ་བྱ་འདབ་ལ་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་ཐོན་པའི་རྒྱལ་མཚན་(༧བ)


GLG010_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དང་བ་དན་བརྒྱད་བརྒྱད་ཀྱིས་མཛེས་པར་བྱས་པ། ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞིས་བརྒྱན་པ། གཞན་ཡང་གོས་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་། ཟླ་བ་རླུང་གིས་བསྐྱོད་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་སྤྲས་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་སྟངས་དང་ཁ་དོག་སྣ་ཚོགས་པའི་རིག་མ་བཅུ་དྲུག་གིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་རྩིག་པའི་ཕྱི་ནང་གི་ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། ནང་ཀ་བ་བརྒྱད་ཀྱིས་གདུང་བཞི་བཏེག་ཅིང་དབུས་ཕྱུར་བུར་ཕུབ་པའི་རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་པ། པདྨ་དང་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་། རི་དྭགས་གནས་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བར་བར་དུ་གྲུབ་པ་དང་། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་འཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། སྲུང་འཁོར་གྱི་ཕྱི་རོལ་དུར་ཁྲོད་བརྒྱད་དུ་ཕྱོགས་སྐྱོང་བརྒྱད། ཤིང་བརྒྱད། ཞིང་སྐྱོང་བརྒྱད། ཀླུ་བརྒྱད། སྤྲིན་བརྒྱད། མེ་བརྒྱད། རི་བརྒྱད། མཆོད་རྟེན་བརྒྱད། རྣལ་འབྱོར་པ་བརྒྱད། གཞན་ཡང་དུར་ཁྲོད་དུ་རྒྱུ་བ་རྣམས་ཀྱིས་གང་བའི་ནང་གི་ལྷོ་སྣམ་ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སེར། དབུས་སྔོ་བའི་(༨ན)


GLG010_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པ། མུ་ཁྱུད་ལ་གྲི་གུག་གི་ཕྲེང་བས་བསྐོར་བ། དེའི་ལྟེ་བར་དུས་མཚན་དང་འཇིགས་བྱེད། ཕྱོགས་བཞི་རོ་དང་ཟླ་བ། མཚམས་བཞིར་ཟླ་བའི་གདན་རེ་རེ། གཉིས་པ་བརྟན་པ་ལྷ་ལ་མངོན་བྱེད་ལྔ་ལས་གཙོ་བོ་བསྐྱེད་པ། འཁོར་བསྐྱེད་པ། ཕུང་ཁམས་སྐྱེ་མཆེད་བརླབ་པ། གོ་ཆ། ཡེ་ཤེས་པ་དྲང་པ། དབང་བསྐུར་རྒྱས་གདབ། མཆོད་བསྟོད། དག་པ་དྲན་པ་དང་བརྒྱད་ཀྱི། དང་པོ་ནི། དབུས་ཀྱི་གདན་གྱི་སྟེང་དུ་སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་སོ་གཉིས་ཀྱི་ངོ་བོ་སྐར་མའི་རྣམ་པ་ལྟ་བུའི། ཨ་ཨཱ་ནས། །ཨཾ་ཨཿ ཕྲག་གཉིས་བརྗོད་ལ། །ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་མར་མེའི་རྣམ་པ་ལྟ་བུའི། ཀ་ཁ་ནས། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་བརྗོད་དེ། ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་བར་དུ་སྔར་གྱི་ནཱ་ད། དེ་ལས་ཧཱུཾ་དངུལ་ཆུའི་མདོག་ལྟ་བུ་ལས་རྡོ་རྡེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གྱིས་མཚན་པ། བཾ་ལས་གྲི་གུག་བཾ་གྱིས་མཚན་པ་སོར་རྟོགས་ཡེ་ཤེས། དེ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ལྷ་ལྔར་བྱས། དེ་དག་དང་གདོད་མ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས། ཧཱུཾ་ལ་ཐིམ་པས་རྐྱེན་བྱས་ཏེ། ཉི་ཟླ་ཕྱག་མཚན་ས་བོན་དང་བཅས་པ་གཅིག་ཏུ་གྱུར་པ་བྱ་གྲུབ་ཡེ་ཤེས། དེ་ཡོངས་སུ་གྱུར་(༨བ)


GLG010_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་སྐུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་སྔོན་པོ། གཡོན་ཞལ་དམར་པོ། རྒྱབ་ཞལ་ལྗང་ཁུ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དྲག་ཅིང་འཇིགས་སུ་རུང་བ། དབུ་སྐྲ་རལ་པ་ནག་པོ་ཐོར་ཚུགས་སུ་བཅིངས་པའི་རྩེ་མོར་ནོར་བུ་རིན་པོ་ཆེ། མཚོགས་མར་སྣ་ཚོགས་རྡོ་རྗེ། ལྟེ་བ་ལ་རིགས་ཀྱི་བདག་པོ། གཡོན་དུ་ཟླ་བ་ཕྱེད་པ། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་འཕྲེང་བས་སྟོད་སྨད་ནས་བརྒྱན་པའི་ཐོད་པ་སྐམ་པོ་ལྔ་ལྔས་བརྒྱན་པ། དེའི་འོག་ཏུ་རྡོ་རྗེའི་ཕྲེང་བ་དང་དཔའ་བོའི་དར་དཔྱངས་བཅིངས་པ། ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། །གཡས་གྱི་གཉིས་པ་ན་ཅང་ཏེའུ། གསུམ་པ་ན་རྩེ་གསུམ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །གཡོན་གཉིས་པ་ན་ཁ་ཊྭཱཾ་ག །གསུམ་པ་ན་ཐོད་པ་ཁྲག་གིས་གང་བ། བཞི་པ་ན་ཞགས་པ། ལྔ་པ་ན་ཚངས་པ་མགོ་གདོང་བཞི་པ་བསྣམས་པ། ཐ་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་ཁྲག་དང་བཅས་པའི་ན་བཟའ་ཕྱག་གཡས་པས་ལག་པ་གཡོན་པ་དང་། གཡོན་པས་རྐང་པ་གཡོན་པ་དང་བཅས་ཏེ་བརྐྱངས་ནས་བཟུང་པའི་སྡིགས་མཛུབ་ཀྱི་རྩ་གཉིས་སྨིན་མའི་ཐད་སོར་གནས་པ། མི་ལྤགས་ཀྱི་ན་བཟའ་གསོལ་བ། མིའི་རྒྱུ་མ་ལ་བརྒྱུས་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཕྲག་པར་འཕྱང་བ། ཕྱག་རྒྱ་དྲུག་དང་ཉེ་བའི་ཕྱག་རྒྱས་བརྒྱན་ཅིང་གར་གྱི་ཉམས་དགུ་(༩ན)


GLG010_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་དང་གཡོན་བསྐུམ་པས་འཇིགས་བྱེད་ནག་པོའི་མགོ་བོ་རྒྱབ་ཏུ་བསྟན་ནས་མནན་ཅིང་སྟེང་ཕྱོགས་སུ་གདུགས་དཀར་པོ་ཕུབ་པའོ། དེའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་མཆེ་བ་གཙིགས་པ། གཅེར་མོ་དབུ་སྐྲ་སིལ་བུ་ཐུར་དུ་གྲོལ་ཞིང་ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། ཐོད་པའི་དུམ་བུས་སྤུད་པའི་སྐ་རགས་ཅན། ཕྱག་རྒྱ་ལྔས་སྤྲས་ཤིང་མིའི་རྒྱུ་མ་ལ་བརྒྱུས་པའི་མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ། གཡས་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་བདུད་ཐམས་ཅད་ལ་བསྡིགས་པར་མཛད་པ། གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་པའི་ཐོད་པ་ཁྲག་དང་རྒྱུ་མས་གང་བ་བསྣམས་པ། ཞབས་གཡོན་བརྐྱང་ཞིང་གཡས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། ཡབ་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའི་ཐུགས་ཀར་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དང་ཧཱུྃ་ཡིག་སྔོན་པོ་འོད་འཕྲོ་བར་བསམ། གཞི་ལ་ཕ་མའི་ཁུ་ཁྲག་གི་དབུས་སུ་བར་དོའི་རྣམ་ཤེས་ཞུགས་ཏེ་ཉིང་མཚམས་སྦྱར་ནས་སྐྱེ་བ་ལེན་པ་ལྟར་རང་ཉིད་ཀྱི་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་གནད་དོ། །གཉིས་པ་འཁོར་བསྐྱེད་པ་ནི། ཤར་གྱི་འདབ་མར་མཁའ་འགྲོ་(༩བ)


GLG010_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྔོན་མོ། བྱང་དུ་ལཱ་མ་ལྗང་གུ །ནུབ་ཏུ་དུམ་སྐྱེས་མ་དམར་མོ། །ལྷོར་གཟུགས་ཅན་མ་སེར་མོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་སྤྱན་གསུམ་དང་ལྡན་ཅིང་མཆེ་བ་གཙིགས་པ། གཅེར་མོ་སྐྲ་གྲོལ་ཞིང་ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། དུམ་བུ་ལྔ་བཅུའི་དོ་ཤལ་དང་ཕྱག་རྒྱ་ལྔས་བརྒྱན་པ། གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་ཁྲག་གིས་གང་བ་དང་ཁ་ཊཾ་ག་བསྣམས་པ་ཐམས་ཅད་ཀྱང་ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། མཚམས་རྣམས་སུ་བུམ་པ་བདུད་རྩིས་གང་བའི་སྟེང་དུ་ཀ་པཱ་ལ་བྱང་ཆུབ་སེམས་ཀྱིས་གང་བ་བཞིས་ཁ་བརྒྱན་པའོ། ། གསུམ་པ་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ནཱི་ཀཱ་ཡ་ཝཱ་ཏྟ་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ་ཉ་ཧཾ། ཞེས་སྐད་ཅིག་མས་བསྐྱེད་པའི་སྔགས་བརྗོད། ལྷ་ཐམས་ཅད་ཀྱི་མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་རྡོ་རྗེ། སྣ་ཕྲག་དོག་རྡོ་རྗེ། ལྕེ་འདོད་ཆགས་རྡོ་རྗེ། ལུས་སེར་སྣ་རྡོ་རྗེ། ཡིད་དབང་ཕྱུག་རྡོ་རྗེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བའི་ཕུང་པོའི་རྡོ་རྗེ་ཉི་མ། འདུ་ཤེས་ཀྱི་ཕུང་པོ་པདྨ་གར་གྱི་དབང་ཕྱུག །འདུ་བྱེད་ཀྱི་ཕུང་པོ་རྡོ་རྗེ་རྒྱལ་པོ། རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་པ་ཉིད་དཔལ་ཧེ་རུ་ཀཿ སའི་ཁམས་ལྟུང་བྱེད་མ། ཆུའི་ཁམས་གསོད་བྱེད་མ། མེའི་ཁམས་འགུགས་བྱེད་མ། རླུང་གི་ཁམས་གར་གྱི་དབང་ཕྱུག་མ། ནམ་མཁའི་ཁམས་པདྨའི་དྲ་བ་ཅན་མ། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ(༡༠ན)


GLG010_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ། སྙིང་གར་ཧཱུྃ་སྔོན་པོས་མཚན་པར་བསམ། བཞི་པ་གོ་ཆ་བགོ་བ་ནི། བཅོམ་ལྡན་འདས་ཀྱི་སྙིང་གར་རྡོ་རྗེ་སེམས་དཔའི་ངོ་བོ་ཨོཾ་ཧ་དཀར་པོ། མགོ་བོར་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། ཕྲག་པ་གཉིས་སུ་དཔལ་ཧེ་རུ་ཀའི་ངོ་བོ་ཥ་ཌ་ཧེ་ནག་པོ། མིག་གཉིས་སུ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུྃ་ཧཱུྃ་ཧོ་དམར་སེར། ཡན་ལག་ཐམས་ཅད་ལ་རྟ་མཆོག་གི་ངོ་བོ་ཕཌ་ཧཾ་ལྗང་གུ །ཞེས་དཔའ་བོའི་གོ་ཆ་དང་། ཡུམ་རྣམས་ཀྱི་ལྟེ་བར་རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བཾ་དམར་མོ། སྙིང་གར་གཤིན་རྗེ་མའི་ངོ་བོ་ཧཾ་ཡོཾ་སྔོན་མོ། ཁར་རྨོངས་བྱེད་མའི་ངོ་བོ་ཧྲི་མོཾ་དཀར་མོ། མགོ་བོར་སྐྱོང་བྱེད་མའི་ངོ་བོ་ཧྲཾ་ཧྲིཾ་སེར་མོ། སྤྱི་གཙུག་ཏུ་སྐྲག་བྱེད་མའི་ངོ་བོ་ཧཱུྃ་ཧཱུྃ་ལྗང་གུ་ཡན་ལག་ཐམས་ཅད་ལ་ཙཎྜི་ཀའི་ངོ་བོ་ཕཌ་ཕཌ་དུད་ཁས་མཚན་པར་བསམ་དཔའ་མོའི་གོ་ཆ་བཀོད་པས་གཙོ་བོ་ཡབ་ཡུམ་ཞལ་སྦྱོར་པའི་ཚེ་སྔགས་ཡིག་རྣམས་རྡོ་རྗེ་ལུ་གུ་རྒྱུད་དུ་བཅིངས་པའོ། །ལྔ་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། ཕྱག་རྒྱ་དང་བཅས། ཕཻཾ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསམ། ཡོ་ག་ཤུཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། དྲུག་པ་དབང་བསྐུར་རྒྱས་(༡༠བ)


GLG010_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་ནི་ཕྱག་རྒྱ་དང་བཅས། ཕཻཾ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་བསྡུ་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་བཅས་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། ཡུམ་ལ་མི་བསྐྱོད་པ། མཁའ་འགྲོ་མ་ལ་རྟག་པ། ལཱ་མ་ལ་རྟ་མཆོག དུམ་སྐྱེས་མ་ལ་པདྨ་གར་དབང་། གཟུགས་ཅན་མ་ལ་རྡོ་རྗེ་ཉི་མས་དབུ་བརྒྱན་པར་བསམ། བདུན་པ་ལ་ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་ཀྱིས་མཆོད་པ། བསྟོད་པ། དག་པ་དྲན་པ་དང་དྲུག་གི་དང་པོ་ནི། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ། སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཨརྒྷཾ་སོགས་ཀྱིས་ཚོགས་ཞིང་(༡༡ན)


GLG010_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མཆོད། གཉིས་པ་ནང་མཆོད་ནི། བདུད་རྩི་རིལ་བུ་བཏབ་ན་བརླབ་མི་དགོས་ཤིང་མེད་ཚེ་འོག་ནས་འབྱུང་བའི་གཏོར་མ་ལྟར་བརླབ། བསྡུ་ན་ལག་པ་གཡོན་བསྟན་ལ་ཨོཾ། ཞེས་སྟོང་པར་བསམ། གཡས་བསྟན་ལ་ཨཱཿ ཞེས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པར་བསམ། །གཉིས་ཀ་བསྟན་ཏེ་ཧཱུྃ། ཞེས་ཤ་ལྔ་བདུད་རྩི་ལྔས་གང་བར་བསམ། ལག་གཉིས་བཀན་པའི་སྲིན་ལག་གཉིས་དཀྲིས་པའི་བར་ནས་གུང་མཐེབ་སྦྱར་བ་མཛུབ་མོ་གཉིས་ཀྱིས་མནན་པ་བྱ་ཁྱུང་གི་ཕྱག་རྒྱ་བསྟན་ལ། ཧ་ཧོ་ཧྲིཿ ཞེས་ལན་གསུམ་བརྗོད་པས་ཡེ་ཤེས་བདུད་རྩིར་བསམ་མོ། །ཨོཾ། མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ངོ་བོ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། སློབ་དཔོན་རྡོ་རྗེ་དྲིལ་བུ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རུས་སྦལ་ཞབས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཛ་ལནྡྷ་ར་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ནག་པོ་སྤྱོད་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གུ་ཧྱ་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣམ་རྒྱལ་ཞབས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཏཻ་ལོ་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ནཱ་རོ་ཏ་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བལ་པོ་ཕཾ་མཐིང་པ་གཅེན་འཇིགས་མེད་གྲགས་པའི་ཞལ་(༡༡བ)


GLG010_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཨོཾ་ཨཱཿཧཱུྃ། གཅུང་ངག་གི་དབང་ཕྱུག་གི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཀློག་སྐྱ་ཤེས་རབ་བརྩེགས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། སློབ་དཔོན་བསོད་ནམས་རྩེ་མོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡང་རྩེ་བ་རིན་ཆེན་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙཱ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཐུགས་སྲས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ཞལ་དུ་ཨོཾ་ཨཱཿཧཱུྃ། རྗེ་ཀུན་དགའ་རིན་ཅེན་གྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བཟང་པོ་རིན་རྒྱལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བྲག་ཐོག་པ་བསོད་ནམས་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཀུན་མཁྱེན་རྡོ་རྗེ་གདན་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། མདོ་ཁམས་པ་ཡོན་ཏན་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྗེ་ཤཱཀྱ་ཀུན་དགའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱན་མཚན་གྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། པཎ་ཆེན་བསོད་ནམས་མཆོག་ལྡན་གྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དམ་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡབ་ཀྱི་ཉེ་སྙིང་། ཡུམ་དང་མཁའ་འགྲོ་མ་བཞིའི་སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་དབུལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་(༡༢ན)


GLG010_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པ་སྟེ་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཨོཾ་ཀཱ་ལི་དེ་ཝཻ། ཁྱད་པར་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་འཁོར་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཤྲཱི་དྷརྨ་པཱ་ལ་ཙ་ཏུ་རྨུ་ཁ། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་བཀའ་སྡོད་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚནྡྷ་དང་ཉེ་བའི་ཚནྡྷོ། འདུ་བ་དང་ཉེ་བའི་འདུ་བ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་དེ་ཡུལ་སུམ་ཅུ་རྩ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་སྤྲུལ་པའི་སྐུས་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞིང་སྐྱོང་བཞི་བཅུ་རྩ་བརྒྱད། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོའི་ཚོགས་དང་། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད་ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་དང་། གནས་བདག །གཞི་བདག །གྲོང་(༡༢བ)


GLG010_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བདག །ཡུལ་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཚིམ་ཞིང་ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག རང་གི་ལྕེ་ཐོག་ཏུ་བདུད་རྩི་མྱངས་ལ། རང་གི་ལུས་ལ་གནས་པའི་ལྷ་ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཨོཾ་ཨ་མྲྀ་ཏ་སྭ་ད་ན་བཛྲས་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། ། གསུམ་པ་གསང་བའི་མཆོད་པ་ནི། །ཡབ་ཀྱི་གསང་གནས་ཧཱུྃ་དཀར་པོ་ལས་བྱུང་བའི་རྡོ་རྗེ་ནག་པོ་ལ་བྱ་དམར་པོ་ལས་བྱུང་བའི་ནོར་བུ་དམར་པོ་བྱ་དམར་པོས་མཚན་པ། ཡུམ་གྱི་གསང་གནས་ཨཱཿལས་པདྨའི་འདབ་མ་གསུམ་པ་དྱཱ་སེར་པོ་ལས་བྱུང་བའི་ཟེའུ་འབྲུ་དཀར་པོ་དྱཱ་སེར་པོས་མཚན་པ། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུྃ་ཧཱུྃ་ཕཊ། ཡབ་ཀྱི་ཡུམ་ལ་ཙུམྤ་ན་དང་ཡུམ་གྱིས་ཀྱང་ཡབ་ལ་ཙུམྤ་ན་བྱས་ལ། ཕན་ཚུན་སྙོམས་པར་འཇུག་པའི་དགའ་བ་བརྩམས་ནས། །དགའ་བ་བཞི་ཉམས་སུ་མྱོང་ནས་ཟག་པ་མེད་པའི་བདེ་བས་མཉེས་པ་བསམ། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། དེ་ལྟར་མཆོད་བྱ་མཆོད་བྱེད་མཆོད་པ་ཐམས་ཅད་སྐྱེ་མེད་མཉམ་པ་ཉིད་དུ་བསམ། ལྔ་པ་རྐང་བརྒྱད་ཀྱིས་བསྟོད་པ་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝི་རེ་ཤཱ་ཡ་དུཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མཧཱ་ཀལྤ་ཨགྣཾ་ས་ནྣ་བྷ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ཊཱ་མུ་གུ་ཊེ་ཏྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾ་ཥགྲྭ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷུ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏཾ་ཤཱུ་ལ་ཁ་ཊྭཱཾག་དྷ་རི་ཎི་ཧཱུྃ་ཧཱུྃ་ཕཊ། (༡༣ན)


GLG010_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བྱཱ་གཱ་ཛིཾ་ནཱཾ་པ་རི་དྷྱ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མཧཱ་དྷཱུ་དྷུ་ནྡྷ་ཀཱ་ར་ལ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། རྣལ་འབྱོར་རོ་གཅིག་བདུད་རྩི་འཐུངས་པས་རྣམ་པར་དག་པའི་ཐུགས། །གནས་ལ་སོགས་པ་ཡུལ་དུ་བགྲོད་པས་རྣམ་པར་དག་པའི་སྐུ། །དཔལ་གྱི་གནས་ཀྱི་དབུས་མཆོག་དཀྱིལ་འཁོར་ལོའི་མགོན་པོ་དང་། བླ་མ་མཆོག་ལ་སྤྱི་བོས་བཏུད་དེ་རྟག་ཏུ་ཕྱག་འཚལ་ལོ། །དྲུག་པ་དག་པ་དྲན་པ་ནི། ལུས་དྲན་པ་ཉེ་བར་བཞག་པ་མཁའ་འགྲོ་མ། ཚོར་བ་དྲན་པ་ཉེ་བར་བཞག་པ་ལཱ་མ། ཆོས་དྲན་པ་ཉེ་བར་བཞག་པ་དུམ་སྐྱེས་མ། །སེམས་དྲན་པ་ཉེ་བར་བཞག་པ་གཟུགས་ཅན་མ། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀཿདང་རྡོ་རྗེ་ཕག་མོའོ། གཉིས་པ་རྫོགས་རིམ་ནི། ལུས་སྐྱིལ་ཀྲུང་ལག་པ་མཉམ་གཞག་བཅས་ལ་རླུང་ནང་དུ་འདྲེན་པ་དང་བསྟུན་ནས། ཕྱིའི་དཀྱིལ་འཁོར་མ་ལུས་པ་སྣ་བུག་གཉིས་ནས་སྙིང་གའི་ཧཱུྃ་ལ་བསྟིམ་མ། ཡུམ་ཡང་ལྟེ་བའི་ཨཾ་ལ་བསྟིམ། ཡབ་ཉིད་ཀྱང་ཞལ་གཅིག་ཕྱག་གཉིས་པར་གསལ་ཀྱང་རུང་ལ་རྒྱུན་གྱི་རྣལ་འབྱོར་ལ་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་བཞིན་པའི་ངང་ནས་རང་གཙོ་བོར་གསལ་བའི་ལུས་ཀྱི་དབུས་སུ་ཨ་བ་དྷཱུ་ཏཱི་ཕྲ་ཞིང་དྲང་བ་རླུང་སེམས་འདྲེས་པས་གང་བ། གཡས་རོ་མ་མེའི་རང་བཞིན་ཀཱ་ལིའི་རྣམ་པའི་རཀྟས་གང་བ། གཡོན་རྐྱང་མཆུའི་རང་བཞིན་ཨཱ་ལིའི་རྣམ་པའི་ཐིག་ལེས་གང་བ། དབུ་མ་ལ་བརྟེན་པའི་ལྟེ་བ་སྤྲུལ་པའི་འཁོར་ལོ། འདབ་མ་དྲུག་ཅུ་རྩ་བཞི་པའི་སྙིང་པོར་ཕག་མོའི་ངོ་བོ་ཨ་དམར་པོ་མེའི་རང་བཞིན་(༡༣བ)


GLG010_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་གྱེན་དུ་ལྟ་བ། ནང་སྐོར་ལ་ཨ་ག་ཙ་ཊ་ཏ་པ་ལ་ཤ །ཕྱི་སྐོར་ལ་ཨཱ་ལི་ཀཱ་ལི་དང་། དབྱངས་ཀྱི་ཡི་གེ་རིང་པོ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པའི་ལྟེ་བར་ཧེ་རུ་ཀའི་ངོ་བོ་ཧཱུྃ་དཀར་པོ་ཐིག་ལེའི་རྣམ་པ་མགོ་ཐུར་དུ་ལྟ་བ། ཕྱོགས་བཞིར། ཨོཾ་ཨཱཿཧྲི་ཏྲཾ། གཡོན་སྐོར་དང་མཚམས་བཞིར། ལཱཾ་མཱཾ་པཱཾ་ཏཱཾ་གཡས་སྐོར་དུ་གནས་པ། མགྲིན་པ་ལོངས་སྤྱོད་གྱི་འཁོར་ལོ་འདབ་མ་བཅུ་དྲུག་པའི་ལྟེ་བར། ཕག་མོའི་རང་བཞིན། ཨཾ་དམར་པོ་མགོ་གྱེན་དུ་ལྟ་བ། ནང་གི་འདབ་མ་ལ། ཡ་ར་ལ་ཝ། ཕྱི་སྐོར་རྀ་རཱྀ་ལྀ་ལཱྀ་ལཱ་སྤངས་པའི་ཨཱ་ལི་བཅུ་གཉིས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཧེ་རུ་ཀའི་རང་བཞིན་ཧཾ་དཀར་པོ་མགོ་ཐུར་དུ་ལྟ་བ། འདབ་མ་ལ་ཨཱ་ལི་ཕྲག་གཉིས་གནས་པར་བསམས་ནས་ལྟེ་བའི་ཨཾ་གི་མེ་འབར་བ་དབུ་མའི་ནང་ནས་སོང་བས། ཧཱུྃ་ལ་བསྣུན་པས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་ནས། ཨཾ་གི་མེ་ཆེར་གསོས་འོག་གི་དཔྱིད་དང་ཐིག་ལེ་ཁ་སྦྱོར་དང་། མེའི་ནུས་པ་སྙིང་ག་ནས་ཀྱང་གྱེན་དུ་སོང་བས་མགྲིན་པའི་ཨཾ་བསྐུལ་བའི་མེས། སྤྱི་བོའི་ཧཾ་ལ་བསྣུན་དེ་ལས་ཀྱང་བྱང་ཆུབ་ཀྱི་རྒྱུན་བབས་པས་མགྲིན་པའི་མེ་ཆེར་གསོས་པ་སྟེང་གི་དཔྱིད་དང་ཐིག་ལེ་ཁ་སྦྱོར་དུ་བསྒོམ་མོ། །དེ་ལྟར་འབར་བས་རོ་མའི་ནུས་པ་འཕེལ་བས་ལུས་དྲོད་ཀྱིས་གང་། འཛགས་པས་རྐྱང་མའི་ནུས་པ་འཕེལ་བས་གང་། འབར་འཛག་དབུ་མར་འདྲེས་པས་སེམས་མི་རྟོག་པར་གྱུར་པར་བསམ་ཞིང་། དེ་(༡༤ན)


GLG010_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོམས་པས་དུ་བ་ལ་སོགས་པའི་རྟགས་འབྱུང་ལ། དེ་ལས་སྐྱེས་པའི་ཡེ་ཤེས་དང་། བསྐྱེད་པའི་རིམ་པའི་རྣལ་འབྱོར་བསྲེས་ནས་བསྒོམས་པས། མཐོང་བའི་ལམ་གྱི་ཡེ་ཤེས་ཀྱང་མྱུར་དུ་སྐྱེ་བར་འགྱུར་རོ། །འདིར་འཕགས་པ་རིན་པོ་ཆེའི་སྒྲུབ་ཐབས་ལས་ཇི་ལྟར་འབྱུང་བ་བཞིན་བྲིས་པ་ཡིན་ཅིང་དྲིལ་བུ་རིམ་ལྔ་ཉམས་འཁྲིད་དུ་ཐོབ་པ་རྣམས་ཀྱིས་དེ་བཞིན་དུ་ཉམས་སུ་བླང་བར་བྱའོ། །གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་བཟླས་པ། ཉེར་བསྡུ། གཏོར་མ། ཉལ་བ། ལྡང་བ། ཁྲུས། ཟས་ཀྱི་རྣལ་འབྱོར་དང་བདུན་གྱི། དང་པོ་ནི། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ནས་ཀོ྅ཧཾ། སྟོང་པར་བསམ། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེའི་ངོ་བོ་ཡང་སྭ་ཧཱ་ཧུ་དམར་པོ་རེ་ཡོངས་སུ་གྱུར་པ་ལས་པདྨ་གར་གྱི་དབང་ཕྱུག་དམར་པོ་ཞལ་གཅིག་ཕྱག་བཞིའི། གཡས་གཉིས་པདྨ་དང་ཌཱ་མ་རུ། གཡོན་གཉིས་དྲིལ་བུ་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་ཐོགས་པ། ཉི་མ་ལ་གཡས་བརྐྱང་པས་བཞུགས་པ། སྤྱན་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པ་རྨོངས་བྱེད་མ་དཀར་མོས་འཁྱུད་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་ཨ་བྷི་ཥིཉྩ་མིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། ཨོཾ་བཛྲ་(༡༤བ)


GLG010_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྔགས་མཇུག་ཏུ། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། ཨོཾ་པདྨ་ནིརྟི་ཤྭ་ར་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླ། ཡབ་ཡུམ་སྙོམས་པར་ཞུགས་ཏེ་འོད་གསལ་དུ་ཞུ་བ་ལས་བྱུང་བའི་ཕྲེང་བའི་རྣམ་པར་བསམ། རང་གི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཡི་གེ་རྣམས་རང་གི་ཐུགས་ཀའི་ཧཱུྃ་ལས་འོག་ཏུ་ཕྱུང་། རྡོ་རྗེའི་བུ་ག་ནས་ཡུམ་གྱི་བྷ་གར་ཐོན། དེ་ལས་བརྒྱུད་དེ་ཡུམ་གྱི་ཞལ་ནས་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ་པར་བསམ། ཞལ་བཞི་དང་རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ཟློས་པར་བསམ་ཞིང་། ཡབ་ཀྱི་སྙིང་པོ་ནི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱཀི་ནི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། ཉེ་སྙིང་ནི། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཡུམ་གྱི་སྙིང་པོ་ནི། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཉེ་སྙིང་ནི ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། དཔའ་མོ་བཞིའི་སྔགས་ནི། ཨོཾ་ཌཱ་ཀིཾ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལཱ་མེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜལ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླའོ། ཕྱི་མཆོད་དང་རྣལ་འབྱོར་རོ་གཅིག་མས་བསྟོད། གཉིས་པ་ཉེར་བསྡུ་ནི། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སྣོད་བཅུད་ཐམས་ཅད་འོད་དུ་གྱུར་པ་དཀྱིལ་འཁོར་པ་ལ། དེ་དུར་ཁྲོད་ལ། དེ་གཞལ་ཡས་ཁང་ལ། དེ་ལྷ་མོ་བཞི་ལ། དེ་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། དེ་ཉི་བཅས་ཧཱུྃ་ལ། དེ་ཞབས་ཀྱུ་ལ། དེ་ཧའི་ཁོག་པ་ལ། དེ་མགོ་བོ་ལ། དེ་ཟླ་(༡༥ན)


GLG010_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། དེ་ཡང་འོད་གསལ་དུ་གྱུར་པའི་ངང་ནས་རང་ཉིད་སྐད་ཅིག་གིས་ཧེ་རུ་ཀཿཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པའི་སྐུར་བསམ། དཔའ་བོ་དང་དཔའ་མོའི་གོ་ཆ་སྔར་བཞིན་བགོ་སྟེ་སེ་གོལ་ཕྱོགས་བཞིར་གཏོག་ཅིང་སུམྦྷ་བརྗོད་ལ་བསྲུང་། བྱང་ཆུབ་སེམས་ཀྱིས་ཟིན་པར་བྱས་ལ་དངོས་པོ་ཐམས་ཅད་བདེ་མཆོག་ཏུ་ཤེས་པར་བྱའོ། །གསུམ་པ་གཏོར་མ་ནི། སུམྦྷས་བསངས། སྭ་བྷཱ་བས་སྟོང་པར་བསམ། སྟོང་པའི་ངང་ལས་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར། ཨ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་སྐྱེས་པའི་ཐོད་པའི་ནང་དུ། དབུས་སུ་ཧཱུྃ་ལས་དྲི་ཆུ་ཧཱུྃ་གིས་མཚན་པ། ཤར་དུ་ཨོཾ་ལས་དྲི་ཆེན་ཨོཾ་གྱིས་མཚན་པ། ལྷོར་ཏྲཾ་ལས་རཀྟ་ཏྲཾ་གིས་མཚན་པ། ནུབ་ཏུ་ཨཾ་ལས་ཤུ་ཀྲ་ཨཾ་གིས་མཚན་པ། བྱང་དུ་ཁཾ་ལས་ཀླད་པ་ཁཾ་གིས་མཚན་པ། དབུས་སུ་བཱཾ་ལས་ཤ་ཆེན་བཱཾ་གྱིས་མཚན་པ། ཤར་དུ་མཱཾ་ལས་བ་ལང་གི་ཤ་མཱཾ་གྱིས་མཚན་པ། ལྷོར་ལཱཾ་ལས་གླང་པོ་ཆེའི་ཤ་ལཱཾ་གྱིས་མཚན་པ། ནུབ་ཏུ་པཱཾ་ལས་རྟའི་ཤ་པཱཾ་གྱིས་མཚན་པ། བྱང་དུ་ཏཱཾ་ལས་ཁྱིའི་ཤ་ཏཱཾ་གྱིས་མཚན་པ། རླུང་བསྐྱེད་པ་ལས་མེ་སྦར་ཏེ་སྐོལ་བས་ས་བོན་གྱི་ཡི་གེ་དང་བཅས་པ་ཞུ་ནས་ཁ་དོག་ཉི་མ་ལྟ་བུ། དེའི་རླངས་པ་ལས་གྲུབ་པའི་ཧཱུྃ་དཀར་པོ་ལས་བྱུང་བའི་ཁ་ཊྭཱཾ་ག་དཀར་པོ་བདུད་རྩིའི་རང་བཞིན་ཁ་འོག་ཏུ་བལྟས་པ་ཞུ་བར་རྣམ་པར་བལྟ་ཞིང་དེའི་(༡༥བ)


GLG010_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དང་རོ་མཉམ་དུ་བསམ། དེའི་སྟེང་དུ་ཨ་ཨཱ་ནས། ཧ་ཀྵ་ཡོངས་སུ་གྱུར་པ་ལས། ཨོཾ་ཨཱཿཧཱུྃ་གི་ཡི་གེ་སྟེང་ནས་སྟེང་དུ་གནས་པ་དེ་ལས་དཀྱིལ་འཁོར་གྱི་ལྷ་སྤྲོས། འགྲོ་དོན་བྱས། སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་བ་རྣམས་ཡི་གེ་གསུམ་ལ་ཐིམ། ཡི་གེ་གསུམ་ཡང་བདུད་རྩིར་ཞུ་ནས་ཐིམ་པས་ཇི་ལྟར་འདོད་པ་བཞིན་དུ་བསམ། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། ཕྱག་རྒྱ་དང་བཅས། ཕཻཾ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་། རྣལ་འབྱོར་མ་དང་། ཆོས་སྐྱོང་སྲུང་མ་དང་། འཇིག་རྟེན་སྐྱོང་བ་དང་། མཁའ་འགྲོ་དང་། འབྱུང་པོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ། ཕྱི་ནང་གི་མཆོད་པས་མཆོད། ལྷ་རྣམས་ཀྱི་ལྗགས་ཧཱུྃ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བར་བསམས་ལ་རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས་ཨོཾ་བཛྲ་ཨ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟཾ། དྲྀ་ཤྱ་ཧོཿ དང་པོས་གཙོ་བོ། གཉིས་པས་ཡུམ། གསུམ་པས་རྣལ་འབྱོར་མ་བཞི་ལ་དབུལ། ཕྱི་ནང་གི་མཆོད་པས་མཆོད་ཅིང་། རྣལ་འབྱོར་རོ་གཅིག་མས་(༡༦ན)


GLG010_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དེ་འདས་གཏོར་དབུལ། འཇིག་རྟེན་པ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧཱུྃ། སརྦ་ཡཀྵ་རཱ་ཀྵ་ས། བྷཱུ་ཏ་པྲེ་ཧ། པི་ཤཱ་ཙ། ཨུནྨཱ་ད། ཨ་པ་སྨཱ་ར། བཛྲ་ཌ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾཾ་བཾ་ལཾ། གྲྀཧྞ་ནྟུ། ས་མ་ཡ་རཀྵ་ནྟུ་མ་མ་ས་རྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཤྲཻ་བི། ཡཐེཥྚཾ། བྷུཾ་ཛ་ཐ། ཛི་གྷྲ་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦཱ་ཀཱཏྲ། སཏྶུ་ཁཾ། བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བཱ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དབུལ། ཕྱི་ནང་གིས་མཆོད། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་མ་ལུས་དང་། །གནོད་སྤྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །འབྱུང་པའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་བཞེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་(༡༦བ)


GLG010_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང་། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷ་རྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་དེ་པད་ཀར་གྱི་ཕྱག་རྒྱས་མཉེས་པར་བྱས་ལ་ཕྱག་རྒྱ་ཉེ་བར་སྡུད་པ་ན་འཁྱུད་པའི་ལྟང་ཀ །ཡིག་བརྒྱ་དང་མ་འབྱོར་བ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། མཐེ་བོང་དང་མིང་མེད་ཀྱིས་སེ་གོལ་གཏོགས་ལ། བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། རྨི་ལམ་ནི། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་རྡུལ་(༡༧ན)


GLG010_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་པར་ལྡན། །ཧ་ེརུ་ཀ་དཔལ་དེ་དང་ལྷན་གཅིག་གར་བྱེད་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པའི་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་ཤོག །ཤིས་བརྗོད་ནི། ཕུན་སུམ་ཚོགས་པ་བྱའོ། །བཞི་པ་ཉལ་བའི་རྣལ་འབྱོར་ནི། །གོང་གི་བསྡུ་ཆོག་ལྟར་ལ་ནཱ་ད་ཡང་འོད་གསལ་ལ་ཐིམ་པའི་ངང་ལ་ཉལ་ལོ། ལྔ་པ་ལྡང་པའི་རྣལ་འབྱོར་ནི། ནང་པར་རྣལ་འབྱོར་མས་རྒྱུད་བསྐུལ་བས་ལངས་ཏེ་ཧེ་རུ་ཀཿཡབ་ཡུམ་དུ་གསལ་ལོ། །དྲུག་པ་ཁྲུས་ཀྱི་རྣལ་འབྱོར་ནི། །དབང་བསྐུར་པའི་ཆོ་ག་བཞིན་ནོ། །བདུན་པ་ཟས་ཀྱི་རྣལ་འབྱོར་ནི། སྐད་ཅིག་མའི་སྔགས་བརྗོད་ནས་ལུས་དཀྱིལ་གསལ་གདབ། ཁ་ཟས་གཏོར་མ་ལྟར་བྱིན་བརླབ་པའམ། དེ་ཙམ་མ་ནུས་ན་ཕྱག་རྒྱ་དང་བཅས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་པས་བརླབས་ལ་གཡོན་པས་བཟའོ། གསང་ལས་ཡང་གསང་རྣལ་འབྱོར་མ་རྒྱུད་ཀྱི། །རྩེར་སོན་འཁོར་ལོ་བདེ་མཆོག་ཟབ་མོའི་ལམ། ཁྲག་འཐུང་ཁྱབ་བདག་རྡོ་རྗེ་དྲིལ་བུ་པའི། །ལུགས་འདི་སྐལ་བཟང་བསོད་ནམས་ཟོང་གིས་(༡༧བ)


GLG010_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས། །འཕགས་ཡུལ་གྲུབ་པའི་དབང་ཕྱུག་མཐའ་ཀླས་པ། །བཤུལ་ཉེར་གཤེགས་ནས་ཧེ་རུ་ཀཿདཔལ་གྱི། །གྲོང་ཁྱེར་ཆེར་བགྲོད་བཅུ་གསུམ་རྡོ་རྗེའི་ས། །མངོན་དུ་གྱུར་པའི་ལག་རྗེས་མང་ཞིག་བཞག །ལྗོངས་འདིར་འཇིག་རྟེན་མིག་གཅིག་བཀའ་དྲིན་ལས། །མི་འདྲའི་འཆད་ཉན་རྣམ་པ་བགྲངས་ཡས་ཀྱང་། །ཟབ་དོན་གནོད་ཀྱིས་ཟུང་འཇུག་སར་བརྙེས་པ། །ས་སྐྱའི་བླ་ཆེན་ཡབ་སྲས་ཙམ་དུ་འཁུམས། །རྩ་བཤད་ཆེ་མཐུན་དགོངས་པ་ཡོངས་བཀྲལ་པར། །འགྲན་མེད་མཁས་རྣམས་ཡང་རྩེར་ལེགས་སོན་པ། །ཀུན་མཁྱེན་བུ་སྟོན་འཇམ་མགོན་བཙོང་ཁ་པ། །ཐུབ་བསྟན་མཁའ་ལ་ཉི་ཟླ་ཟུང་བཞིན་མཛེས། །དེ་ཕྱིར་གོང་མའི་བཞེད་སྲོལ་ཕ་མཐའ་ཡས། །རྗེས་འབངས་དཔྱོད་ལྡན་འགྲེལ་ལུགས་དེ་བས་མང་། །བླུན་རྨོངས་རང་བཟོའི་མུན་མདའ་ཟད་པ་མེད། །མཐོང་ཚེ་བདག་འདྲའི་བློ་དམན་མགོ་བོ་འཁོར། །འོན་ཏེ་བདེ་མཆོག་འཁོར་ལོ་འཚམས་སྤྲིན་གོས། །རབ་མཛེས་དམ་པའི་ཞབས་པད་བསྟེན་པའི་མཐུས། །མ་འདྲེས་སོ་སོར་འབྱེད་ནུས་སྤོབས་པའི་མགྲིན། ཅུང་ཟད་བཏེག་ནས་སྨྲ་བའི་སྐལ་བཟང་ཐོབ། །མི་འཛད་དགེ་བའི་རྫིངས་ཀྱིས་འཁོར་བའི་མཚོ། །བསྒྲལ་ཏེ་མ་དང་མཁའ་འགྲོ་འདུ་བའི་གྲོང་། །མུ་མེད་འགྲོ་རྣམས་བསུས་ནས་བདེ་བ་ཆེ། །སྐུ་གསུམ་རིན་ཅེན་ནོར་ལ་སྤྱོད་པར་ཤོག །ཅེས་གྲུབ་པའི་དབང་ཕྱུག་རྡོ་རྗེ་དྲིལ་བུ་པའི་བཞེད་གཞུང་དཔལ་འཁོར་ལོ་སྡོམ་པ་ཕྱི་དཀྱིལ་(༡༨ན)


GLG010_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་ཞེས་བྱ་བ་འདི་ནི་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བསྐུལ་བས་འཚམས་སྦྱར་བ་ལ་བརྟེན་ནས་ཐུགས་སྲས་ལོ་ཙཱ་བས་མཛད་པའི་མངོན་རྟོགས་ཀྱི་དགོངས་པ་གཙོ་བོར་བཟུང་སྟེ་རྩ་བའི་བླ་མ་ཁྱབ་བདག་ཞ་ལུ་པ་ཆེན་པོས་མཛད་པའི་མི་འགྱུར་བདེ་བ་ཆེན་པོའི་དཔལ་སྟེར་ལ་གཞི་བྱས། ཆོས་ཀྱི་རྒྱལ་པོ་འཕགས་པ། ཞ་ལུ་ཤར་ཆེན་ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་གསུམ་གྱི་གསུང་རབ་ལའང་ཞིབ་མོར་དཔྱད་དེ་ཟ་ཧོར་གྱི་བནྡེས་ཀུན་དགའ་ཞེས་པ་ཤིང་སྟག་ཁྲུམས་ཀྱི་ཟླ་བའི་ཁྲག་འཐུང་རྣམ་པར་རོལ་བའི་ཚེས་ལ་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །མངྒ་ལཾ།། །།

དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ཆོ་ག་དཔའ་བོའི་གྲོང་འཇུག


GLG010_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ཆོ་ག་དཔའ་བོའི་གྲོང་འཇུག་ཅེས་བྱ་བ་བཞུགས་སོ།།


GLG010_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྴཱི་པ་ར་མ་སུ་ཁསྱ་དཻ་ཝཱ་ཡ། དཔལ་ལྡན་ཁྲག་འཐུང་ཚོགས་ཀྱི་དབང་ཕྱུག་འཁོར་ལོ་སྡོམ་པ་གདན་གསུམ་ཚང་བའི་རྡོ་རྗེ་སློབ་དཔོན་གྱི་སྒྱུ་འཕྲུལ་དྲ་བའི་གར་མཁན་ཞ་ལུ་པ་ཆེན་པོ་རིན་ཆེན་བསོད་ནམས་མཆོག་གྲུབ་ཚེ་དབང་ལྷུན་གྲུབ་དཔལ་བཟང་པོར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། །མ་ནུབ་མཐོ་རིས་དབང་གི་ཆུ་བོ་ཡིས། །བགྲངས་ཡས་གདུལ་བྱའི་སྒོ་གསུམ་དྲི་བཀྲུས་ནས། །སྐུ་བཞིའི་འབྲས་བཟང་སྨིན་མཛད་རིགས་བརྒྱའི་བདག །རིན་ཅེན་བསོད་ནམས་མཆོག་གྲུབ་གཙུག་ན་མཛེས། །མ་དང་མཁའ་འགྲོའི་ཞལ་ལུང་མངར་པོའི་ཆང་། །བཏུངས་པས་ཟག་མེད་བདེ་བས་ཆེར་མྱོས་པའི། གསང་ཆེན་སྙན་པའི་རྒྱང་གླུ་ལེན་མཁས་པ། །རྡོ་རྗེ་དྲིལ་བུ་པ་ཞེས་གྲགས་པ་འབར། །པཎ་གྲུབ་བཞེད་སྲོལ་མ་ཉམས་ལྷ་ཡི་སྐད། །ལྗོངས་འདིར་སྒྱུར་བྱེད་མལ་གྱོ་མར་དོ་སོགས། །ལོ་ཆེན་ཆོས་མིག་ལྡན་པའི་ལེགས་བཤད་རོར། །ཅི་དགར་(༢ན)


GLG010_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་ཕྱག་ལེན་ཕ་མཐའ་ཡས། །ཁྱད་པར་རྡོ་རྗེ་འཆང་དབང་མི་ཡི་གཟུགས། །འཛིན་མཛད་ས་སྐྱའི་རྗེ་བཙུན་རྗེས་འབྲངས་དང་། །བུ་སྟོན་ལོ་ཙཱ་ཀུན་མཁྱེན་བཙོང་ཁ་པ། །སྐལ་བཟང་ཡོངས་ཀྱི་སྤྱི་བོས་བཏུད་བྱའི་གནས། །མཁྱེན་ལྡན་གསང་སྔགས་འཆང་རྣམས་ཧེ་རུ་ཀའི། །གྲོང་ཁྱེར་ཆེན་པོར་བདག་འཇུག་གཞན་ཁྲིད་ཀྱང་། །བློས་བྱས་རྗེས་གནང་བསྐུལ་ནས་རྨོངས་པའི་མགོ །བསྐོར་མཐོང་རྟགས་ཙམ་འཛིན་པའི་སྔོན་འགྲོ་བཞིན། །དེ་ཕྱིར་རྣམ་གཡེང་ཁོལ་པོར་དལ་འབྱོར་རྟེན། །འཛད་པར་འདོད་མིན་གཟུར་གནས་བློ་ལྡན་རྣམས། །ཡང་དག་ལམ་ལ་བཀྲི་ཆེད་དབང་ཆུའི་གཞུང་། །དཔའ་བོའི་གྲོང་ཁྱེར་འཇུག་པའི་སྒོ་འདི་དབྱེ། །དེ་ལ་འདིར་གྲུབ་པའི་དབང་ཕྱུག་རྡོ་རྗེ་དྲིལ་བུ་པའི་བཞེད་སྲོལ་དཔལ་འཁོར་ལོ་བདེ་མཆོག་ཕྱི་དཀྱིལ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ལ་སའི་ཆོ་ག །སྟ་གོན་གྱི་ཆོ་ག །དངོས་གཞིའི་ཆོ་ག་དང་གསུམ། དང་པོ་ལ་ས་བརྟག་པ། བསླང་བ། སྦྱང་བ། གཟུང་བ་(༢བ)


GLG010_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཞིའི། དང་པོ་ནི། དགེ་འདུན་གྱི་ཀུན་དགའ་ར་བ་དང་རྒྱལ་པོའི་ཁབ་སོགས་གནས་ཁང་དུལ་མའི་རིགས་ལ་གནས་ཁང་དུ་ལོ་མའི་རིགས་ལ་མི་དགོས་ཤིང་སྔོན་ཆད་ལོངས་མ་སྤྱད་པའི་སར་བྱ་ན་དཀྱིལ་འཁོར་གྱི་ཆོ་ག་དུ་མ་ནས་འབྱུང་བ་ལས་ཤེས་པའི་དབང་དུ་བགྱིས་ནས་མ་སྤྲོས་སོ། གཉིས་པ་ས་བསླང་པ་ལ་སྣང་བ་དང་མི་སྣང་བ་གཉིས་ཀྱི། དང་པོ་ནི། ཁང་པའམ་ཡུལ་གྱི་བདག་པོ་ལ་རིན་བཙལ་ཏེ་བསླང་ངོ་། །གཉིས་པ་མི་སྣང་བ་ལས་བསླང་བ་ནི། དཀྱིལ་འཁོར་གང་དུ་བྱ་བའི་ས་གཞིར། གཏོར་མ་དང་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་སྦྲེང་ཚར་ནང་མཆོད་དང་བཅས་བཤམ། གཏོར་མར་ཆང་ཆུ་ནང་མཆོད་སྤྲོ་ན། རང་ཉིད་སྐད་ཅིག་གིས་ཧེ་རུ་ཀཿ སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་བསམ། མཆོད་པ་དང་གཏོར་མ་བྱིན་གྱིས་བརླབ། རྡོ་རྗེ་ཁུ་ཚུར་ལས་གཡོན་པའི་མཐེའུ་ཆུང་གཡས་པའི་མཛུབ་མོས་སྦྲེལ་བ་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵྱ་ཡ་ཛ༔ས་སྤྱན་དྲངས་ཞིང་ཕྱོགས་སྐྱོང་འཁོར་བཅས་སྐད་ཅིག་གིས་འོད་གསལ་དུ་ཞུགས། འོད་གསལ་གྱི་ངང་ལས་ཟུང་འཇུག་གི་སྐུ་འཁོར་ལོ་སྡོམ་པའི་ལྷན་ཐབས་དང་ཤེས་རབ་ལྷན་ཅིག་སྐྱེས་པའི་བདག་ཉིད་དུ་བསམ། །རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས། ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་དཾ་བ་ལིཾ་གྲྀཧྞ་མ་མ་ཤནྟིཾ་ཀུ་རུ་སྭཱ་ཧཱ། །ཕྱག་རྒྱ་དང་བཅས་སེ་གོལ་གཏོག་ཅིང་ལན་གསུམ། ཀྵེ་ཏྲ་པཱ་ལས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྔགས་མཇུག་ཏུ་ཨོཾ་ཨཱཿ(༣ན)


GLG010_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་གིས་ནང་མཆོད་མཐེབ་སྲིན་གྱིས་འཐོར། རྡོར་དྲིལ་སྤོས་བཅས་འཛིན་པས། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་འམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ལན་གསུམ་བརྗོད། ཞེས་གསོལ་བཏབ་པས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ། གསུམ་པ་སྦྱང་བ་ནི། དཀྱིལ་འཁོར་གྱི་སར་སློབ་དཔོན་ཧེ་རུ་ཀའི་ཆས་དང་ལྡན་པ་ཞལ་ཤར་དུ་ཕྱོགས་ནས་བཞེངས་པའི་ཕྱག་ཏུ་ལས་ཀྱི་རྡོ་རྗེས་རྫས་རྣམས་རིམ་བཞིན་ཕུལ་བ་དང་བསྟུན་སུམྦྷ་བཟླ་ཞིང་དཀྱིལ་འཁོར་བྲི་གཞིར་དབང་ལྡན་ནས་བརྩམས་ཏེ་ཡུངས། ཆུ། ཐལ་བ། བ་བྱུང་། དྲི་བཟང་བདུད་རྩི་དང་བཅས་པ་གཏོར་ཞིང་བྱུགས། ས་གཞིའི་དབུས་སུ་སློབ་དཔོན་སྐྱིལ་ཀྲུང་ས་གནོན་གྱིས་འཁོད་དེ། ས་གནོན་གྱི་ཕྱག་རྒྱ་ས་ལ་རེག་ལ། ཨོཾ་བྷུ་ཁཾ། ས་ནམ་མཁའི་རང་བཞིན་དུ་བསམ། ཧཱུྃ་ལཾ་ཧཱུྃ། ས་རྡོ་རྗེའི་རང་བཞིན་དུ་བསམ་མོ། །བཞི་པ་ས་གཟུང་བ་ལ་བློས་གཟུང་བ་དང་ཆོ་གས་གཟུང་བ་གཉིས་ཀྱི་དང་པོ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སའི་ཕྱོགས་འདིར་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །ཞེས་བརྗོད། གཉིས་པ་ཆོ་གས་གཟུང་བ་ནི། དཀྱིལ་འཁོར་གྱི་སའི་དབུས་སུ་སྔོན་འགྲོ་གཏོར་མ། མཆོད་པ་སོགས་མདུན་དུ་སྟེགས་མཛེས་པར་བཀོད་པ་དང་བཅས་པའི་གདན་བཤམས་པ་ལ་སློབ་དཔོན་དང་། སྒྲུབ་གྲོགས་རྣམས་ཕྱོགས་སོ་སོར་འཁོད། ལས་ཀྱི་རྡོ་རྗེས་གཏོར་མ་(༣བ)


GLG010_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ཆུ་ནང་མཆོད་ཀྱིས་རིམ་གྱིས་སྦྱངས་ཏེ་ཕྱག་གསུམ་བཙལ་ནས་ལངས་ཐལ་མོ་འདུད་པ་དང་བཅས། །སྔོན་འགྲོ་གཏོར་མ་བྱིན་རླབས་མཛད་པ་ཞུ། ཞེས་བྱིན་གྱིས་བརླབ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཨོཾ་མ་ཧཱ་བྷཱུ་ཏ་ག་ཎ་ས་པ་རི་ཝཱ་ར་ཨཱ་ཀརྵྱ་ཡ་ཛཿས་སྤྱན་དྲངས། ཕྱོགས་སྐྱོང་འཁོར་བཅས་སྐད་ཅིག་གིས་འོད་གསལ་དུ་ཞུགས་ནས་ལྷན་ཅིག་སྐྱེས་པའི་བདག་ཉིད་དུ་བསམ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧཱི་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་སྒྲུབ་ཐབས་བཞིན་བྱ། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་གོ་འཕང་འཐོབ་པར་བྱ་བའི་ཕྱིར་དུ་དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བར་འཚལ་ན་དཀར་ཕྱོགས་ལ་མངོན་པར་དགའ་བའི་སྲུང་མ་ཁྱད་པར་ཅན་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་བསྲུང་པ་དང་། དེ་ནས་ཀྱང་བདག་ཅག་རྣལ་འབྱོར་བ་འཁོར་དང་བཅས་པ་བྱང་ཆུབ་མ་ཐོབ་བར་གྱི་བར་ཆད་ཐམས་ཅད་བསྲུང་བ་དང་། བྱང་ཆུབ་སྒྲུབ་པའི་གྲོགས་མཛད་དུ་གསོལ། གང་དག་ནག་པོའི་ཕྱོགས་སུ་གྱུར་བའི་གསང་སྤྱོད་ལྟ་བར་མི་དབང་བའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་(༤ན)


GLG010_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་གཞན་དུ་སོང་ཞིག །གཡས་པའི་ཁུ་ཚུར་གྱི་མཐེབ་མཛུབ་ཀྱིས་ཕྱིར་སེ་གོལ་གཏོག་ཅིང་། སརྦ་བིགྷྣཱ་ན་གཙྪ། ཞེས་གཏོར་མ་དོར། སུམྦྷ་བཟླ་ཞིང་རོལ་ཆེན་དྲག་ཏུ་བྱའོ། གནས་ཡོ་བྱིན་རླབས་དང་མཎྜལ་ཞུ་འབུལ་འོག་ནས་འབྱུང་བ་ལྟར་དང་སྐྱབས་འགྲོ་ནས་བཟླས་པའི་བར་རྫོགས་པར་བྱ། མདུན་གྱི་ནམ་མཁར་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་གསོལ་བ་འདེབས་པ་ནི། རྡོར་དྲིལ་སྤོས་བཅས་འཛིན་པས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །མགོན་པོ་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཧེ་རུ་ཀའི། །བདག་ནི་དཀྱིལ་འཁོར་འབྲི་བར་བྱེད། །བདག་གིས་བསྒྲུབ་བྱ་བསྒྲུབ་བྱའི་ཕྱིར། །དཀྱིལ་འཁོར་བྱིན་གྱིས་རླབས་ཏུ་གསོལ། ཞེས་ལན་གསུམ་བརྗོད་ལ། བདག་ཉིད་ངོ་བོ་ཉིད་ཀྱིས་དག་པའི་བདེ་མཆོག་གི་གཟུགས་སུ་རྡོར་དྲིལ་འཁྱུད་རྒྱ་དང་བཅས་གནས་པ་ལས། ས་གར་མཛད་ན་སློབ་མ་རྣམས་བཞེངས། སློབ་དཔོན་ས་ན་ཇ་ལའི་སྟེང་དུ་འཁོད་པར་ཕྱོགས་བཞི་ནས་སྒྲུབ་གྲོགས་མཁའ་འགྲོ་མའི་ང་རྒྱལ་འཛིན་པ་རྣམས་ཀྱིས། སློབ་དཔོན་གྱི་ཕྱོགས་བཞིའམ་མདུན་དུ་མཆོད་པ་ཚར་གཅིག་བཤམས། གོང་བཞིན་བརླབ། མཆོད་འཕྲེང་གི་ཚིགས་བཅད་རྣམས་ལ་ཐལ་མོ་སྦྱར་ཨོཾ་སརྦ་བཱི་ར་སོགས་ལ་པད་ཀོར། མཆོད་སྔགས་དང་བསྟུན་པའི་སོ་སོའི་ཕྱག་རྒྱའི་མཐར་སེ་གོལ་གཏོག་པ་ཐམས་ཅད་ལ་འདྲ། འཛམ་བུའི་གླིང་དང་གླིང་གཞན་ན། །མཆོད་ཡོན་ཚོགས་ཀྱིས་བཀང་བ་ཡང་། །བླ་མ་འཁོར་ལོ་སྡོམ་པ་ལ། །ཞུམ་པ་མེད་པར་བྱས་ཏེ་འབུལ། ཨོཾ་སརྦ་བཱི་ར་ཡོ་(༤བ)


GLG010_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནི་ཨརྒྷཾ་ནས་ཤཔྟའི་བར་འདོན་པ་བསྒྱུར། །ཨེ་མ་ཧོ་མཆོད་པ་བླ་ན་མེད། །རང་བྱུང་མཆོད་པ་ཆེན་པོ་སྟེ། །གཟུགས་ཀྱི་ལྷ་མོ་མེ་ལོང་འཛིན། །གཟུགས་ཀྱི་མཆོད་པ་སྤྱན་ལ་འབུལ། །ཨོཾ་བཛྲ་བཱི་ར་ཡོ་གི་ནི་རཱུ་པ། ཁྱད་པར་གཟུགས་ཀྱི་ལྷ་མོ་མེ་ལོང་གནས་སུ། །སྒྲ་ཡི་ལྷ་མོ་པི་ཝང་། དྲི་ཡི་ལྷ་མོ་དུང་ཆོས། རོ་ཡི་ལྷ་མོ་ཞལ་ཟས། རེག་བྱའི་ལྷ་མོ་ན་བཟའ་ལ་སྔགས་རིམ་པ་བཞིན། སྤར་ཤའི་བར་གྱིས་མཆོད། གཙོ་འཁོར་ལྔའི་སྔགས་མཇུག་ཏུ་འབྲུ་གསུམ་བཏགས་པས་ནང་མཆོད་དབུལ། ཨོཾ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ། བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད། །རལ་པའི་ཅོད་པན་མི་བཟད་པ་དང་ལྡན། །མཆེ་བ་རྣམ་པར་གཙིགས་པ་འཇིགས་པའི་ཞལ། །སྟོང་ཕྲག་ཕྱག་ན་འབར་བའི་འོད་ཟེར་ཅན། དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱཾ་འཛིན། །སྟག་གི་པགས་པའི་ན་བཟའ་འཛིན་པ་ཅན། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད། ཧཱུྃ་ཧཱུྃ་ཕཊ། ཅེས་བསྟོད། ཤར་ཕྱོགས་པ་རྣམས་རྡོ་དྲིལ་མཎྜལ་ཐོགས་ཏེ་འདས་ནས་མཎྜལ་ཚོམ་བུ་བདུན་མ་ཁྱད་པར་བླ་མ་དང་། །དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དབུལ་བར་བགྱིས་ཞེས་གདང་དང་བཅས། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལན་གསུམ་འོག་མ་རྣམས་འགྲེ། ཨི་དམ་གུ་རུ་མཎྜལ་ཀཾ་ནིར་ཡ་མི། ཞེས་རྐང་པ་གཡོན་སྔོན་འགྲོའི་གཞི་བཅའ་དང་བཅས་པས་བླ་མ་ལ་མཎྚལ་དབུལ། སློབ་དཔོན་གྱི་མཎྜལ་(༥ན)


GLG010_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབུས་ནས་མེ་ཏོག་ཅུང་ཟད་བླངས་ཏེ་ཨི་དཾ་གུ་རུ་སོགས་བརྗོད་ཅིང་བླ་མ་དཀོན་ཅོག་ལ་འབུལ། མཎྜལ་ཁ་གསོས་ཏེ་རྟེན་གྱི་དྲུང་དུ་འཇོག །དེས་འོག་མ་རྣམས་ལ་འགྲེ། བྱང་ནས། མཎྜལ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤོངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཨི་དཾ་སོགས། ནུབ་ནས། མཎྜལ། ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཨི་དཾ་སོགས། ལྷོ་ནས། མཎྜལ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཨི་དཾ་སོགས། སློབ་དཔོན་གཅིག་པུ་ཡིན་ན་སྒྲུབ་གྲོགས་མཁའ་འགྲོ་མའི་ང་རྒྱལ་འཛིན་པ་ཡིད་ཀྱིས་སྤྲུལ་ཞིང་སྤྲོས་པ་ཆུང་བར་འདོད་ན་ཕྱི་ནང་གི་མཆོད་པ་སྔགས་མཆོད། རྐང་བརྒྱད། མཎྜལ་ཚར་གཅིག་གི་མཐར་ཕྱོགས་བཞི་ནས་གསོལ་བ་གདབ་པར་བསམས་ནས་གསོལ་གདབ་ཚར་གསུམ་རེའི་གཤམ་དུ་ཨི་དཾ་གུ་རུ་སོགས་བརྗོད་པས་ཆོག་གོ ། སློབ་དཔོན་བཞེངས་ཏེ་འཁོར་རྣམས་ཀྱང་ཞལ་མཐུན་པར་ཕྱོགས་ནས། ཁྲོ་བོའི་ཁུ་ཚུར་ཁ་གྱེེན་དུ་བསྟན་པའི་མཐེའུ་ཆུང་སྦྲེལ་མཛུབ་རྩེ་སྤྲད་དེ་གྱེན་དུ་འདེགས་པར་རྡོ་རྗེ་སློང་བའི་ཕྱག་རྒྱས། ཧཱུྃ་བཛྲོ་ཏྟིཥྵ། བསྒོམས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ནམ་མཁར་གནས་པར་བསམ། རང་གཙོ་བོ་(༥བ)


GLG010_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཙོ་བོ་གཉིས་པར་ཆད་ནས་སའི་སྟེང་དུ་བབས་ཏེ་མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུྃ་ཐུང་ལས་ཁྲོ་བོའི་རྡོ་རྗེ་འབར་བ། རྐང་མཐིལ་གཉིས་སུ་ཨཿལས་སྣ་ཚོགས་རྡོ་རྗེ་འབར་རེ་རེར་བསམ། རྡོ་རྗེ་ཁུ་ཚུར་གཡས་སྟེང་དུ་བཞག་པ་རྒྱབ་སྤྲད་པའི་མཐེའུ་ཆུང་སྦྲེལ་མཛུབ་མོ་གཉིས་བསྒྲེང་བ་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཐུགས་ཀར་བཅས་ཏེ། ཉོན་མོངས་པ་ལ་ཁྲོས་པའི་བསམ་པས་ཁྲོ་བའི་ལྟ་བས་བལྟ་ཞིང་། ཀྲོ་དྷ་དྲྀཥྚི་ཧཱིཿཧཱིཿ ལན་གཉིས་དབང་ལྡན་ནས་བརྩམས་ནས་གཡོན་སྐོར་དང་གཡས་སྐོར་དུ་བལྟས་པས་བགེགས་ཐམས་ཅད་ཚིག་ཅིང་བྲོས་པར་བསམ། རྡོ་རྗེའི་འགྲོས་སམ་ཧཱུྃ་ཞེས་པ་ཙམ་གྱིས་དབང་ལྡན་དུ་སོང་སྟེ། འཁྱུད་རྒྱ་ལ་གནས་པའི་གདངས་དང་བཅས། །ཨོཾ་ཨཱཿཧཱུྃ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང་། སྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་འབར་བའི་གཟུགས་ཀྱིས་ནི། །ལུས་གསུམ་ལས་སྐྱེས་དག་པར་བྱ། །གལ་ཏེ་ང་ལས་བཀའ་འདས་ན། །འདི་དག་བཤིག་བྱ་གཞན་དུ་མིན། རྡོ་རྗེའི་གནས་སུ། འཁོར་ལོ། རིན་ཆེན། པདྨ། རལ་གྲི་རྣམས་འདོན་པ་བསྒྱུར་མཐར། སུམྦྷ་བཟླ་ཞིང་དལ་མོ་དྲག་པོ་དང་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག་གོ །སྐབས་འདིར་གུར་རམ་འཕྲེང་བ་ལྟ་བུ་ནས་བླངས་ཏེ་ས་གར་རྒྱས་བསྡུས་ཅི་རིགས་དང་མི་སྤྲོ་ན། ཤར་དུ་གཡོན་བརྐྱང་། བྱང་དུ་གཡས་བརྐྱང་། ནུབ་ཏུ་ས་ག །ལྷོར་ཟླུམ་པོ། དབུས་སུ་མཉམ་པ། ཁ་སྦྱོར། རུས་སྦལ། རྩེ་གཅིག །བུང་བའི་དྲ་བ་སྟེ་སྟང་སྟབས་བརྒྱད་(༦ན)


GLG010_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། རྡོ་རྗེའི་འགྲོས་ཀྱིས་དབང་ལྡན་དུ་སོང་སྟེ། མ་འགྲུབ་ན། ཧཱུྃ། ཞེས་དཀྱིལ་འཁོར་གྱི་ས་གཞི་ལ་གཡོན་དུ་སྐོར་བ་གཅིག་བྱ། རྡོ་རྗེའི་ས་གཞི་དང་ར་གུར་དང་མེ་རིས་འཁོར་བར་བསམ། སྣོད་འབྲུས་བཀང་བར་སེང་ལྡེང་ཕུར་པ་བཅུ་བཙུགས་པ། ཁཎྚ་རོ་ཧེས་བསངས། སྭཱ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས། གཡས་སྐོར་གཡོན་སྐོར་དུ་སེ་གོལ་གཏོག་ཅིང་སུམྦྷ་ལན་གཉིས་བཟླ། ཞེས་བརྗོད་ཅིང་སྤྲོ་བ་དང་མཉམ་དུ་ཧཱུྃ་ལས་ཕུར་བ་བཅུར་གྱུར་པ་ནི་ཤར་དང་སྟེང་དུ་ཁྭ་གདོང་མ། ཞེས་པ་ནས། དེའི་ཕྱི་རོལ་དུ་རྡོ་རྗེའི་མེ་བསྐལ་པ་འཇིག་པའི་མེ་དཔུང་ལྟ་བུར་བསམ་པའི་བར་སྒྲུབ་ཐབས་བཞིན་ལ་ཁྱད་པར་སྒོ་མཚམས་མ་རྣམས་རྡོ་རྗེའི་ར་བ་ལ་ཐིམ་པས་ཞེས་པའི་ཚབ་ཏུ་ཕུར་བུ་ལ། ཞེས་བསྒྱུར་རོ། །གཉིས་པ་སྟ་གོན་ལ་ས་ལྷ། བུམ་པ། ལྷ། སློབ་མ་སྟ་གོན་དང་བཞིའི། དང་པོ་ནི། ས་གཞིའི་དབུས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་མཆོད་པ་དང་བཅས་པ་བཤམ། ཁཎྜ་རོས་བསངས། སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོའི་ལྟེ་བར་བཾ་ལས་མའི་ལྷ་མོ་དགའ་བ་དང་ལྡན་པའི་ཐུགས་ཅན། སེར་མོ་ན་བཟའ་དཀར་པོ་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡས་མི་འཇིགས་པ་སྤྱིན་པ། གཡོན་གསེར་གྱི་བུམ་པ་བསྣམས་པ། །རང་གི་ལག་པ་གཡས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཧཱུྃ་ཧཱུྃ། གཡས་པའི་མཐེ་བོས་མཐེའུ་ཆུང་མནན་པ། རྩེ་གསུམ་གྱི་ཕྱག་རྒྱ་ས་གནོན་གྱི་ཚུལ་དུ་ས་ལ་ལན་གསུམ་གདབ། ཊཀྐི་ན(༦བ)


GLG010_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཾ༔ཨོཾ་ཧཾཿ དེའི་སྒྲ་དང་ཧཱུྃ་གི་འོད་ཟེར་གྱིས་བཀུག་པའི་ལྷ་མོ་ཡེ་ཤེས་པ་ཕཻཾ་ཕྱག་རྒྱ་བཅས་ལ། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། དེའི་དཔྲལ་བར་ཨོཾ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི་དབང་གི་ལྷས། ཨོཾ་བཛྲ་ཨ་བྷི་ཥཉྩ་མི། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་སྣང་གིས་དབུ་བརྒྱན་པར་བསམ། མཆོད་པ་བསངས་སྦྱངས་སྟོང་པར་བསམ། སྟོང་པའི་ངང་ལས་མཆོད་པའི་ཁྱད་པར་སའི་ལྷ་མོའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཐལ་མོ་ཁོང་སྟོང་ཚིགས་བར་པ་བཅུག་པ་སྙིང་ག་ནས་རིམ་གྱིས་གཡོན་སྐོར་དུ་བཏེག་པ་མཐར་དཔྲལ་བར་འགྲོལ་ཞིང་སེ་གོལ་གཏོག་པ། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་སྔགས་བརྗོད། །ཨོཾ་པྲྀ་ཐི་ཝཱི་དེ་བྱཻ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མགོན་པོ་བདག་གིས་ཅི་ཞིག་བགྱིད། །རྡོ་རྗེ་འཛིན་བཀའ་བདག་ལ་གསོལ། ཁྱེད་ཀྱི་བཀའ་ཡི་དོན་དུ་ནི། །བདག་ནི་བུམ་པ་འཛིན་པའོ། །ཞེས་བཀའ་ནོད་པ་ལ། །རྡོ་དྲིལ་སྤྲོས་བཅད་འཛིན་པས་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམས་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། ལན་གསུམ། ཞེས་གསོལ་བ་བཏབ་པས་ལྷ་མོ་དེ་མཉེས་ཏེ་གནང་བ་བྱིན་ནས་ས་དེ་ཉིད་ལ་ཐིམ་པར་བསམ། །རྡོར་བསྡམས་ནང་བཅིང་ས་དེར་རེག་ཅིང་། ཨོཾ་བཛྲི་བྷ་(༧ན)


GLG010_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཧཱུྃ། ལན་གསུམ། ས་གཞི་རྡོ་རྗེའི་རང་བཞིན་དུ་བསམ། ཨོཾ་བཛྲ་དྲྀ་ཌྷ་ཏིཥྠ། ལན་གསུམ། ས་རྡོ་རྗེའི་རང་བཞིན་དུ་བརྟན་པར་བསམ་མོ། །གཉིས་པ་བུམ་པ་སྟ་གོན་ནི། རྡོ་རྗེ་མཁའ་འགྲོ་ལས། །ཇི་ལྟར་རང་གི་མཚན་མ་ཡི། །མཚན་མ་དེ་དག་ཐམས་ཅད་ལ། །དེ་ལ་སྔགས་ནི་མངོན་པར་བསྔགས། །རང་རང་གི་ནི་སྣ་ཚོགས་སྤྲས། །གོས་བཟང་རྣམས་ཀྱིས་མགྲིན་པར་བཅིངས། ཁ་ནི་ལོ་མ་ཟུང་གིས་བཀབ། །ཀུ་ཤའི་ཆུན་པོ་འོག་ཏུ་སྦྱར། །ཚོན་གྱི་སྐུད་པས་རྣམ་པར་སྤྲས། །འཁོར་ལོའི་དབུས་སུ་བཞག་བྱ་སྟེ། །ཡང་དག་མཆོད་པའི་ཆོ་ག་ནི། །བདུག་པ་ཕུལ་ནས་ལྷག་གནས་བྱ། ཞེས་གསུངས་པ་ལྟར་རྣམ་རྒྱལ་བུམ་པའི་ཕྱོགས་བཞིར་མཁའ་འགྲོ་མ་བཞིའི་ཁ་དོག་དང་མཚུངས་པའི་གྲི་གུག་གི་ཡུ་བ་བྱས་པ། ཤར་གྱི་མཚན་མའི་སྟེང་དུ་གཙོ་བོའི་མཚན་མ་རྡོ་རྗེ་སྔོན་པོ། ལས་བུམ་ལ་གྲི་གུག་གི་ཡུ་བ་དམར་པོ་བྲིས་པའམ་འབུར་དུ་བྱས་པ་གདགས། མགྲིན་པར་རས་བཟང་པོའི་ཆིངས་སྲོག་བདུན་ལྡན་གྱིས་དཀྲིས། སུམྦྷ་བཟླས་ཏེ་ཡུངས་ཀར་བརྡེག །གུ་གུལ་གྱིས་བདུག །བུམ་རྫས་ཉེར་ལྔ་དང་བདུད་རྩི་ལྔ་བླུག །ཆུ་གཙང་མས་སུམ་གཉིས་དགང་། ཀུ་ཤས་ཁ་བརྒྱན། སྟེང་དུ་དུང་ཆོས་དང་གཟུངས་རྡོར་བཞག་ལ། བུམ་པ་གཉིས། ཁཎྜ་རོ་ཧེས་བསངས། སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ལྟོ་བ་ཡངས་པ། མཆུ་འཕྱང་པ། མགྲིན་པ་རིང་བ་(༧བ)


GLG010_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁྱེར་དང་ལྡན་པ། རྩ་བ་དང་ནག་པོ་མེད་པ་མགྲིན་པར་རས་དཀར་པོ་ཟུང་གིས་དཀྲིས་པའི་བྲོ་བ་བདུན་ལྡན་བྱུ་རུ་དང་བཅས་པའི་ཁ་དོག་ལྔའི་སྲད་བུས་དཀྲིས་པ་མཚན་ཉིད་དང་ལྡན་པ་དེ་དག་གི་ནང་དུ་ཨོཾ་ཏཱཔྟེ་ཏཱཔྟེ་མ་ཧཱ་ཏཱ་པྟེ་སྭཱ་ཧཱ། ལྷའི་ཆུ་ཡན་ལག་བརྒྱད་དང་ལྡན་པ་དང་། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལྔ། དྲི་ལྔ། སྙིང་པོ་ལྔ། བདུད་རྩི་ལྔ་རྣམས་ཀྱིས་ཡོངས་སུ་གང་ཞིང་། ཨོཾ་ཀལྤ་བྲྀཀྵཱ་ཡེ་སྭཱ་ཧཱ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པར་བསམ། རྣམ་རྒྱལ་བུམ་པའི་སྟེང་གི་དུང་ཆོས་ཀྱི་ཆུ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཥྭ་ཧཱུྃ། ལན་བདུན། དུང་ཆོས་ཀྱི་ཆུ་རྡོ་རྗེ་བདུད་རྩིའི་ཆུར་བསམ། དེ་རྣམས་ཕྱི་བུམ་པ་དང་དུང་ཆོས་ཀྱི་རྣམ་པ་ལ་ནང་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་པ་ནས་གྲི་གུག་གི་འཕྲེང་བས་བསྐོར་བ། རྣམ་རྒྱལ་དང་རྣམ་རྒྱལ་ཆེན་པོའི་པདྨའི་ལྟེ་བར་དུས་མཚན་དང་ནས། ཟླ་བའི་གདན་རེ་རེ། ལས་བུམ་གྱི་ལྟེ་བར་རོ་དང་ཉི་མའི་གདན། རྣམ་རྒྱལ་དང་རྣམ་རྒྱལ་ཆེན་པོའི་ལྟེ་བར་ཨ་ཨཱ་ནས། མཉམ་ཉིད་ཡེ་ཤེས་དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཞེས་པ་ནས། ཁ་བརྒྱན་པའོ། །ལས་བུམ་དུ་པདྨ་ཉི་མ་མི་རོའི་སྟེང་དུ་པཾ་དང་གྲི་གུག་ལས་སྐྱེས་པའི་དུམ་སྐྱེས་མ་དམར་མོ་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ་གཡོན་གཉིས་ཐོད་པ་ཁྲག་གིས་གང་བ་དང་ཁ་ཊྭཱཾ་ག་བསྣམས་པ། གཡས་བརྐྱང་གིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པར་བསམ། བུམ་པའི་མཚན་མ་རྣམས་ཀྱང་ལྷ་སོ་སོའི་སྐུར་བསམ། ལྷ་ཐམས་ཅད་ཀྱི་མིག་ནས་རྒྱས་གདབ་ཀྱི་རྗེས་སུ་བརླབ། ཕྱི་མཆོད་ནས། དེ་(༨ན)


GLG010_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་ཀྱི་མཆོད་པའི་བར་སྒྲུབ་ཐབས་བཞིན་ལ། སྤྲོ་ན་མཆོད་འཕྲེང་ཚིགས་བཅད་མ་དང་མི་བསྐྱོད་རྡོ་རྗེ་སོགས་ཀྱིས་ཕྱག་རྒྱ་དང་བཅས་བསྟོད་ཀྱང་རུང་ལས་ཀྱི་རྡོ་རྗེས་བུམ་པ་ལ་ཕྱག་གསུམ་བཙལ་ཏེ་པད་ཀོར་དང་བཅས་མེ་ཏོག་འབུལ། སློབ་དཔོན་གྱིས་པད་ཀོར་སྔོན་དུ་འགྲོ་བས་གཟུངས་ཐག་བླངས་ནས། གཡོན་གྱིས་བཟུང་གཡས་ཀྱི་མིང་མེད་ཀྱི་སྟེང་དུ་འཕྲེང་བ་འཛིན་པས། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་ལྷ་རྣམས་ཀྱི་སྐུ་ལ་ཕོག་པས་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བབས་པས་རྣམ་རྒྱལ་དང་རྣམ་རྒྱལ་ཆེན་པོ་ལས་བུམ་དང་བཅས་པ་ཡོངས་སུ་གང་བར་བསམ། རྣམ་རྒྱལ་གཉིས་ལ་ལྷ་སོ་སོའི་སྔགས་དང་ལས་བུམ་དང་མཆོད་ཡོན་གྱི་དུང་ཆོས་རྫས་བདུན་ལྡན་ལ་ཁཎྜ་རོ་ཧེ་བཟླ། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་གསུམ་བཙལ་ཏེ་པད་ཀོར་སྔོན་དུ་སོང་བའི་སྙིམ་པར་སློབ་དཔོན་གྱི་མེ་ཏོག་དང་བཅས་པའི་གཟུངས་ཐག་གནང་བ་བསྡུ་ཞིང་རྣམ་རྒྱལ་གཉིས་དང་ལས་བུམ་ལ་སླར་ཡང་གོང་བཞིན་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་བུམ་པའི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་སོགས་རྣམས་ལ་མངོན་པར་དབང་བསྐུར་བ་དང་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཐམས་ཅད་བཟློག་པའི་འཕྲིན་ལས་མཛད་དུ་གསོལ་ཞེས་འདོད་དོན་ལ་གསོལ་བ་གདབ། ཡིག་བརྒྱ་དང་མ་འབྱོར་བ་དང་ཞེས་སོགས་ཀྱི་རྗེས་སུ་པད་ཀོར་གྱིས་མཆོད་ཡོན་རྣམ་རྒྱལ་ཆེ་ཆུང་དང་ལས་བུམ་དུ་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་པའི་རྐྱེན་གྱིས་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ། (༨བ)


GLG010_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀྱི་ཆུར་བསམ། གཞལ་ཡས་ཁང་འོད་དུ་ཞུ་ནས་བུམ་པ་དང་དུང་ཆོས་ཀྱི་རྣམ་པར་བསམ་མོ། །རྣམ་རྒྱལ་ཆེ་ཆུང་གཉིས་ནས་ཀུ་ཤས་བླངས་ཏེ་ལས་བུམ་ལ་བླུག །ལས་བུམ་ནས་ཀུ་ཤས་རྣམ་རྒྱལ་ཆེ་ཆུང་གཉིས་ཀ་ལ་ལྡུགས། འཇུག་པ་བདེ་བར་འདོད་ན་མཆོད་པ་མན་ཆད་ལྷ་སྟ་གོན་དང་ཕྱོགས་གཅིག་ཏུ་མཛད་པའང་སྣང་ངོ་། །གསུམ་པ་ལྷ་སྟ་གོན་ལ་ལྷ་གནས་མི་འཆོལ་པའི་ཆེད་དུ་ལས་ཐིག་གདབ་ཅིང་ཆོ་གར་མི་གཏོགས་པའི་གཤོམས། ཆོ་ག་དངོས། གསོལ་བ་གདབ་དང་གསུམ་གྱི། དང་པོ་ནི། གནས་ཁང་ཕྱག་བདར་དང་གནམ་ས་བར་གསུམ་གྱི་རྒྱན་བཀོད་པས་མཛེས་པར་བྱེད་ཅིང་གང་དུ་བྱ་བའི་ས་དེར་དཀྱིལ་འཁོར་སྒོ་རྐྱང་། ནང་པདྨ་འདབ་བརྒྱད། རྟ་བབས་སྣམ་བུ་བཞི། ཕྱི་པད་ར། རྡོར་ར། མེ་རི། དུར་ཁྲོད་དང་བཅས་པ་སྤྱི་འགྲོ་ལྟར་གདབ། དེ་དག་གི་མཐའ་ཕྱི་རོལ་དུར་ཁྲོད་ཀྱི་ཐོད་ཙམ་ནས་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །བྱང་དུ་མཆོད་ཡོན། ནུབ་བྱང་དུ་ཞབས་བསིལ། ནུབ་ཏུ་མེ་ཏོག ལྷོ་ནུབ་ཏུ་བདུག་སྤོས། ལྷོར་མར་མེ། ཤར་ལྷོར་དྲི་ཆབ། ཤར་དུ་ལྷ་བཤོས་རྣམས་གྲུ་བཞིར་བཤམ་པ་ནི་སྤྱི་མཆོད། དེའི་ནང་འདོད་སྣམ་གྱི་ཐོད་ཙམ་ནང་གི་ཤར་གྱི་མཆོད་པ་ནི་ཡབ། ནུབ་ནི་ཡུམ། ཤར་གྱི་ཕྱི་མ་ལ་ནི་མཁའ་འགྲོ་མ་ཡིན་པས། ལྷ་སོ་སོའི་གཡས་སུ་ཞལ་ཟས། མདུན་དུ་མར་མེ། གཡོན་དུ་སྤོས། རྩ་ཐིག་གི་བྱང་ཤར་དུ་སྔོན་འགྲོ་གཏོར་མ། དེ་དག་གི་མདུན་ངོས་དབང་ལྡན་ནས་བརྩམས་ཏེ་ཉེར་སྤྱོད་སྦྲེང་ཚར་དུ་ལས་ཐམས་ཅད་པའི་མཆོད་པ། བྱང་ཤར་དུ་འདས་གཏོར། མེར་འཇིག་རྟེན་པའི་གཏོར་མ་འཇོག །རྒྱས་པར་སྤྲོ་(༩ན)


GLG010_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྒོས་ཀྱི་ཆོས་སྐྱོང་རྣམས་པ་བདུན་ཚར་དུ་བཤམ། སློབ་མའི་གྲངས་དང་མཐུན་པའི་སོ་ཤིང་། ཀུ་ཤ །སྲུང་སྐུད། ཁྱོར་ཆུའི་དུང་ཕོར། ཉེར་སྤྱོད། ཀུ་ཤའི་འཐོར་ཡབ། དྲིའི་ལྡེ་གུ །ཞུ་འབུལ་གྱི་ཆས། མཎྜལ། མེ་ཏོག །སྤོས་རེང་སོགས་མཁོ་བའི་རྫས་དང་ཡོ་བྱད་ཐམས་ཅད་མངོན་པར་འདུ་བགྱིས། སློབ་དཔོན་གྱི་སྐུ་མདུན་དུ་བུམ་པ་གཉིས་རྡོར་དྲིལ་ནང་མཆོད་འཐོར་ནས་གོས་ཟུངས་དང་། སློབ་མ་རྣམས་ཀྱི་མདུན་དུ་རྡོར་དྲིལ། གོས་ཟུངས། ནང་མཆོད་ཀྱི་ཀ་པཱ་ལ་རྣམས་གཡོན་ནས་རིམ་པ་བཞིན་བཤམ་མོ། །གཉིས་པ་ལྷག་པར་གནས་པའི་ཆོ་ག་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་དང་པོ་ནི། ལས་ཀྱི་རྡོ་རྗེས་མཉྫིའི་སྟེང་དུ་སྔོན་འགྲོ་གཏོར་མ་བཞག་ལ་ཆང་ཆུ་ནང་མཆོད་ཀྱིས་སྦྱངས་ཏེ། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་སྔོན་དུ་འགྲོ་བའི་གཏོར་མ་བསང་སྦྱང་བྱིན་རླབས་མཛད་ནས་འབུལ་བ་ཞུ། ཞེས་བརྗོད། སྒྲུབ་པ་པོ་རྣམས་ཀྱིས་རྡོ་རྗེས་ནང་མཆོད་འཐོར་པའི་ཚུལ་བྱས་ནས་སྔོན་འགྲོ་གཏོར་མ་སྒྲུབ་ཐབས་བཞིན་འབུལ། ནང་མཆོད་འཐོར་བ་དང་ཁཎྜ་རོ་ཧིས་བསངས། སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་གནས་ཁང་ཧཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། རྟ་བབས་བཞིས་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཚན་ཉིན་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཧཱུྃ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་པའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་(༩བ)


GLG010_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐོགས་པ་མེད་པ་བཟང་ཞིང་རྒྱ་ཆེ་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པར་བསམ། སོ་སོའི་ཕྱག་རྒྱ་དང་བཅས་ཨོཾ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟའི་མཐར་གྷཎྜེ་ར་ཎི་ཚར་གསུམ་གྱིས་བྱིན་དབབ། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ་ནི། ཕྱག་གསུམ་བཙལ་ནས་མཎྜལ་བཤམ། གསུམ་བཙལ་ནས་མེ་ཏོག་དགྲམ། གསུམ་བཙལ་ནས་ཞུ་འབུལ་བྱ། གསུམ་བཙལ་ནས་མེ་ཏོག་བསྡུ། གསུམ་བཙལ་ནས་མཎྜལ་དབུལ། གསུམ་བཙལ་ནས་གྲལ་ལ་འདུག །ཅེས་སྡོམ་ཚིག་ཏུ་བྱུང་བ་ལྟར་ལས་ཀྱི་རྡོ་རྗེས་མཎྜལ་མེ་ཏོག་དྲི་བཟང་གི་ཆུ་དང་བཅས་པ་གྲལ་གཤམ་དུ་ཁྱེར་ལ་ཕྱག་གསུམ་བཙལ་ནས། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་དབང་ཆེན་དག་པ་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་མུ་ཁྱུད་ཀྱིས་བསྐོར་བའི་དབུས་སུ་ཧཱུྃ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་གཙོ་མཛད། འདིར་འདུས་པའི་རིག་པ་འཛིན་པའི་དགེ་འདུན་རྣམས་ལ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་གནས་པར་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཞེས་སོགས་བརྗོད་ལ་དབུལ། ཕྱག་གསུམ་བཙལ་ལ་བླ་མའི་ཕྱག་ཏུ་མེ་ཏོག་གིས་གང་བའི་ཏིང་ཕོར་རེང་བུ་བཙུགས་པ་དབུལ། གཞན་རྣམས་ལ་གཡོན་སྐོར་དུ་མེ་ཏོག་སིལ་མ་དགྲམ། ཡང་སྔར་གྱི་ཤུལ་ནས་ཕྱག་གསུམ་བཙལ་སྙིམ་པ་(༡༠ན)


GLG010_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་དང་བཅས་འགྲེངས་ཏེ་ཅུང་ཟད་འདུད་པས་ངག་ཏུ། ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཕུང་གིས། །མཁའ་འགྲོ་ལྔ་ཡི་ཚོགས་རྣམས་མཆོད་པ་དང་། །ཡོན་བདག་བགེགས་ཞི་ཚོགས་གཉིས་གསག་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་མཛོད། ཅེས་མེ་ཏོག་འཐོར་ཙམ་དང་བཅས་ལན་གསུམ་བརྗོད། །ཕྱག་གསུམ་བཙལ་ལ་བླ་མ་མ་གཏོགས་པའི་གཞན་རྣམས་ཀྱི་མེ་ཏོག་གཡས་སྐོར་གྱིས་བསྡུ། ཕྱག་གསུམ་བཙལ་ལ། ཀུན་གྱི་ཐུན་མོང་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་པས་ཚོགས་པ་ཐམས་ཅད་ཀྱིས་མཎྜལ་ཚོམ་བུ་བདུན་པ་ཁྱད་པར། མ་ཚང་བ་མེད་པ་འདི་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ལ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཞེས་སོགས་མཎྜལ་མེ་ཏོག་གིས་ཕྱུར་བུར་བཀང་བ་དེ་ཉིད་བླ་མའི་དྲུང་དུ་ཕུལ་བས་བླ་མས་ཀྱང་སྔར་གྱི་ཚོམ་བུ་རྣམས་ཁ་གསོ་བའི་ཚུལ་གྱིས་ཁྱད་པར། མ་ཚང་བ་མེད་པའི་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་ཅག་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་པ་དང་། ཆོ་གའི་སྐབས་དབྱེ་བར་མཛད་དུ་གསོལ། ཞེས་བརྗོད་ནས་མེ་ཏོག་གི་སྙེད་རེང་བུ་དང་བཅས་པ་མཎྜལ་གྱི་སྟེང་དུ་བཞག་སྟེ་བླ་མའི་སྐུ་བརྙན་ལ་སོགས་པའི་དྲུང་ངམ་དཀྱིལ་འཁོར་གྱི་མདུན་དུ་དབུལ་ལོ། དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་གསུམ་(༡༠བ)


GLG010_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་ཏེ་རང་གནས་སུ་འཁོད་དོ། །བདག་གི་རྣལ་འབྱོར་ནི། བླ་མས་སེམས་ཅན་དོན་དུ་སེམས་དགེ་བས། །རྣལ་འབྱོར་པ་ཡི་ཚོགས་བཅས་རྣམས། །ཚུལ་བཞིན་ཆོ་ག་ལ་གནས་པའི། །རྣལ་འབྱོར་ལ་ནི་ཉེར་གནས་མཛོད། །བཤགས་པ་དང་སྡོམ་པ་སྔོན་དུ་འགྲོ་བ་ཅན་གྱི་ལྷའི་རྣལ་འབྱོར་ལ་གནས་པ་ཞུ། ཞེས་བསྐུལ་ཏེ། སྐྱབས་འགྲོ་ནས་བཟུང་བཟླས་པའི་བར་སྒྲུབ་ཐབས་བཞིན་བརྗོད། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་རྣམས་ཀྱིས་བདག་དང་སེམས་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་འཁོར་ལོ་སྡོམ་པའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ། །ཞེས་འདོད་དོན་ལ་གསོལ་བ་གདབ། ཉེར་བསྡུ་བྱས་ཏེ་རང་ཧེ་རུ་ཀཿཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་ལ་གནས་པས། གཉིས་པ་སྟ་གོན་དངོས་ལ་མདུན་གྱི་མཎྜལ་བསངས་སྦྱངས། སྟོང་པར་བསམ། སྟོང་པའི་ངང་ལས་རི་རབ་ཀྱི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨོཾ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཕྱོགས་ཀྱི་མདོག་ཅན་ཞེས་པ་ནས། ཟླ་བའི་གདན་རེ་རེ། ཞེས་པའི་བར་སྒྲུབ་ཐབས་བཞིན་གཏོང་། ལས་ཀྱི་རྡོ་རྗེས་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་གི་ཆུས་གཙོ་བོའི་གནས་སུ་གྲུ་བཞི། འདབ་མ་བརྒྱད་ལ་ཟླུམ་པོའི་ཐིག་ལེ་བྱ་ཞིང་སློབ་དཔོན་གྱིས་སོ་སོའི་སྔགས་བརྗོད་པ་དང་བསྟུན་ཚོམ་བུ་དབུས་དང་། ཤར་ནས་རིམ་བཞིན་གཡོན་སྐོར་དུ་འགོད་ཅིང་མཚམས་བཞིར་གཡས་སྐོར་དང་ཨོཾ་ཨཱཿཧཱུྃ་སྟེ་སྔགས་རྣམས་ལན་གསུམ་རེ་བརྗོད། མེ་ཏོག་གི་ཚོམ་བུ་རྣམས་ལྷ་སོ་སོའི་ས་བོན་གྱི་(༡༡ན)


GLG010_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེར་བསམ། དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་སོ་སོའི་ཕྱག་མཚན་དུ་བསམ། དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་སོ་སོར་སྐུ་ཡོངས་སུ་རྫོགས་པར་གྱུར་པ་ནི་དབུས་སུ་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག །ཅེས་པ་ནས། ཁ་བརྒྱན་པའོ་ཞེས་བརྗོད། ཛཿཧཱུྃ་བཾ་ཧོཿ ནམ་མཁར་བཞུགས་པའི་དཀྱིལ་འཁོར་སྟ་གོན་གྱི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ལྷ་ཐམས་ཅད་ཀྱི་མིག་གཏི་མུག་རྡོ་རྗེ་ནས། རིན་འབྱུང་གིས་དབུ་བརྒྱན་པར་བསམ། ཡབ་ཡུམ་གྱི་སྙིང་པོ། ཉེ་སྙིང་། ལྷ་མོ་བཞིའི་སྔགས་གྱིས་མཆོད། མཆོད་པ་བྱིན་གྱིས་བརླབ། བླ་མ་དང་གཙོ་བོ་ཐ་མི་དད་བར་མོས་ལ། མཆོད་ཕྲེང་ས་བཟུང་བ་ནས་ལེན་ཅིང་རྒྱས་པར་སྤྲོ་ན་མདུན་བསྐྱེད་ནས་བླང་། ནང་མཆོད་ནས། བཟླས་པའི་བར་ཕྲེང་བ་བརླབ་པ་མ་གཏོགས་སྒྲུབ་ཐབས་བཞིན་དང་། ཡི་དམ་ཆོས་སྐྱོང་རྣམས་ལ་གཏོར་མ་ཕུལ། འཇིག་རྟེན་པའི་གཏོར་མ་བརླབ་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་རྣམས་སྒྲུབ་ཐབས་བཞིན་བྱའོ། །གསུམ་པ་གསོལ་བ་གདབ་པ་ནི། རྡོར་དྲིལ་སྤོས་དང་བཅས་པ་འཛིན་པས། ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཧཱུྃ་གིས་མཚན་པར་བསམ། བཅོམ་ལྡན་ཁྲག་འཐུང་རྡོ་རྗེ་མཆོག །དམ་པ་རིགས་རྒྱལ་ཁྱོད་ཕྱག་འཚལ། །ཐུགས་རྗེའི་བདག་ཉིད་དཀྱིལ་འཁོར་ནི། །མགོན་པོ་བདག་ནི་འདྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། ཆེ་བས་བཀའ་དྲིན་མཛད་པར་རིགས། །འགྲོ་བའི་ཚོགས་ནི་དོན་མཛད་པའི། །རྫོགས་སངས་རྒྱས་རྣམས་དགོངས་སུ་གསོལ། །འབྲས་(༡༡བ)


GLG010_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱང་ཆུབ་སེམས་དཔའ་དང་། །གང་གཞན་སྔགས་ཀྱི་ལྷ་ཉིད་དང་། །འཇིག་རྟེན་སྐྱོང་པའི་ལྷ་རྣམས་དང་། །འབྱུང་པོ་རྫོགས་བྱང་ཉེར་གནས་དང་། །བསྟན་ལ་མངོན་དགའི་སེམས་ཅན་ནི། །གང་ཞིག་རྡོ་རྗེའི་མིང་ཅན་རྣམས། །རྡོ་རྗེ་འཆང་ཆེན་ཧེ་རུ་ཀཿ ། དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་ནི། །ཇི་ལྟར་འབྱོར་པའི་ཡོ་བྱད་ཀྱིས། །འགྲོ་བའི་དོན་ཕྱིར་འདྲི་ལགས་པས། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་བརྩེ་བ་རུ་དགོངས་ནས་ནི། །དཀྱིལ་འཁོར་བཅས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། །ཨོཾ་མེ་དཱི་ནི་སོགས་སྔགས་ཚན་ལྔ་དང་ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱ་རྐ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་དོ། །བཞི་པ་སློབ་མ་སྟ་གོན་ལ། ཁྲུས་བྱས་ཕྱག་དང་མཎྜལ་དབུལ། །ངེས་འབྱུང་བློ་བསྐྱེད་ནང་དབང་བསྐུར། །གསོལ་གདབ་སྔགས་ལ་སྤྲོ་བ་བསྐྱེད། །རྒྱུན་བཤགས་སྡོམ་གཟུང་ཁཎྜས་བསྲུང་། །གནས་གསུམ་བྱིན་རླབས་མཆོད་པས་མཆོད། །སོ་ཤིང་ཁྱོར་ཆུ་སྲུང་སྐུད་དང་། །ཀུ་ཤ་སྦྱིན་ཞིང་ཆོས་ཟབ་བཤད། །རྨི་ལམ་བསྒོ་ཞིང་རབ་གནས་བཏང་། །ཞེས་པ་ལྟར་བཅོ་ལྔ་ལས། དང་པོ་ནི། དཀྱིལ་འཁོར་ཤར་དུ་སློབ་མ་མཚན་ཉིད་དང་ལྡན་པ་གཅིག་ནས་ཉེར་ལྔའི་བར་ཟུང་དུ་མ་གྱུར་པ་རྣམས་ཁྲུས་དང་གོས་གཙང་མ་བགོ་ཞིང་ཕྱག་དང་མཎྜལ་ཕུལ་ལག་ཏུ་མེ་ཏོག་ཐོགས་ཏེ། གཉིས་པ་ངེས་འབྱུང་གི་བློ་བསྐྱེད་དུ་བཞུག་པ་ནི། །རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བློ་ཅན་རྣམས་ལ་ནི། །དེ་བཞིན་གཤེགས་པས་གསུངས་པ་ཡི། །ཡང་དག་ཆོ་ག་རྗེས་སུ་གནང་། ཁ་ཅིག་གསང་སྔགས་སྒྲུབ་དོན་གཉེར། །དཀྱིལ་འཁོར་དུ་ནི་འཇུག་པར་འགྱུར། །དེ་བཞིན་གཞན་ནི་བསོད་ནམས་འདོད། །(༡༢ན)


GLG010_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་འཇིག་རྟེན་ཕ་རོལ་གཞོལ། །བློ་བཟང་ཕལ་ཆེར་དད་བྱས་ནས། །འཇིག་རྟེན་ཕ་རོལ་དོན་གཉེར་འཇུག །འཇིག་རྟེན་འདི་འབྲས་དོར་ནས་ནི། །འཇིག་རྟེན་ཕ་རོལ་འབྲས་གཉེར་ན། །གང་ཕྱིར་ཚེ་འདིར་བདེ་བླག་འགྲུབ། །འདི་ཡིས་འཇིག་རྟེན་ཕ་རོལ་མིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་གྱི། །དོན་དུ་ཡིད་ནི་བརྟན་པར་གྱིས། །ཞེས་པའི་དོན་བཤད་དོ། །གསུམ་པ་ནང་དབང་བསྐུར་བ་ནི། །ལས་ཐམས་ཅད་པས་སློབ་མ་བསངས། །བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས། ཞལ་དུ་ཞུགས་ཐུགས་ཀར་མེས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཧེ་རུ་ཀཿསྔོན་པོ་ཞལ་གཅིག་ཕྱག་གཉིས་པར་བསམས་པ་ལ་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་རང་གི་ཞལ་དུ་ཞུགས་ཤིང་བྱང་སེམས་ཀྱི་རང་བཞིན་དུ་ཞུ་བར་གྱུར་པ་རྣམས་ཀྱིས་དབང་བསྐུར་ཧཱུྃ་ཞེས་བརྗོད་པས་པདྨ་ནས་ཕྱིར་ཕྱུངས་ཏེ་རང་རང་གི་གྲལ་ལ་འཁོད་པར་བསམ་མོ། །བཞི་པ་གསོལ་བ་གདབ་པ་ནི། རྣལ་འབྱོར་མ་དང་ཞལ་སྦྱོར་བཞུགས། །དགའ་ཆེན་ཁྱོད་བདག་སྟོན་པའི་རྒྱལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་ཕོ་བྲང་དུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །ལྔ་པ་སྤྲོ་བ་བསྐྱེད་པ་ནི། །བླ་མས་སློབ་མ་གཅིག་གཙོ་བོར་བྱས་ནས། །བུ་ཚུར་ཐེག་པ་ཆེན་པོ་(༡༢བ)


GLG010_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམས། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་དོ། །དྲུག་པ་བཤགས་པ་ནི་མགུར་ལས་བྱུང་པའི་རྒྱུན་བཤགས་ལན་གསུམ་བརྗོད་དོ། །བདུན་པ་སྡོམ་པ་བཟུང་བ་ནི། །ཐལ་མོ་སྦྱར་ཏེ་སློབ་དཔོན་ལ། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །སྩལ་ནས་མགོན་པོས་བདག་ལ་ནི། །འཁོར་ལོའི་ལྷ་ཡི་བདག་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་གི །སྡོམ་པ་གསང་བ་བླ་ན་མེད། །རྟག་ཏུ་སེམས་ཅན་ཀུན་དོན་དང་། །སློབ་དཔོན་དུ་འགྱུར་བདག་ལ་གསུངས། ཞེས་གསོལ་བ་གདབ། སློབ་དཔོན་གྱིས་དཀྱིལ་འཁོར་ལ་ཕྱོགས་ཏེ་རྡོར་དྲིལ་བཟུང་ནས་རྡོ་རྗེ་སློབ་མ་འདི་རྣམས་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང་། །དམ་ཚིག་སྡོམ་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། ཞེས་གསོལ་བ་བཏབ་ནས་བླ་མས་སློབ་མ་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཆེན་པོའི་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །ཞེས་འདྲི། སློབ་མས་ཀྱང་། །བདག་ནི་རབ་ཏུ་དེ་འཚལ་ལོ། །ཞེས་བརྗོད་པ་ལ་སློབ་དཔོན་(༡༣ན)


GLG010_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །གོང་ནས་གོང་གི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་གཟུང་བར་བྱ། །འཁོར་བ་ལས་ནི་བསྒྲལ་བ་ཡི། །ཐབས་ནི་དེ་ལས་གཞན་མེད་པས། །དེ་བས་འབད་པ་ཐམས་ཅད་ཀྱིས། །སྡོམ་པ་རྟག་ཏུ་བསྐྱང་བར་གྱིས། །དེས་ནི་གནོད་པ་རྣམས་བསལ་ནས། །བྱང་ཆུབ་བདེ་ངེས་ཐོབ་འགྱུར་རོ། །ཞེས་སྡོམ་པ་བསྒྲགས་ཏེ་སློབ་མས་སློབ་དཔོན་གྱི་སྤྱན་སྔར་སྡོམ་པ་འཛིན་སྙམ་པས། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་ཅོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་ཟུངས། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཅེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་(༡༣བ)


GLG010_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལྡན་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་པ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་གྱིས་སྡོམ་པ་གཟུང་ངོ་། །བརྒྱད་པ་བསྲུང་ཞིང་གནས་གསུམ་བརླབ་པ་ནི། །ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ལ། །སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་གནས་གསུམ་དུ་རེག་ཅིང་ཧཱུྃ་ཨཱཿཨོཾ། ཞེས་བརྗོད་པས་སློབ་མའི་གནས་གསུམ་དུ་ཟླ་བ་ལ་གནས་པའི་སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། མགྲིན་པར་ཨཱཿལས་པདྨ་དམར་པོ། དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རེ་བསམས་ལ། ཡས་རིམ་གྱིས། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་ཕྱག་མཚན་དེ་རྣམས་ཡིག་འབྲུ་དེ་དག་གིས་མཚན་པར་བྱིན་གྱིས་བརླབས་པར་བསམ་མོ། །དགུ་པ་མཆོད་པ་ནི། ལས་ཐམས་ཅད་པ་བཟླ་ཞིང་། མགོ་བོར་མེ་ཏོག སྤྱན་ལ་མར་མེ། མདུན་དུ་སྤོས། སྙིང་གར་དྲི། ལག་པར་ཟས་མཆོག་རྣམས་རང་རང་གི་སྔགས་ཀྱིས་སྦྱིན་ནོ། །བཅུ་པ་སོ་ཤིང་ནི། ཨ་ཤྭ་ཏྠ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་མ་གས་ཤིང་དྲང་བ་སྲོག་ཆགས་མེད་པ་དྲི་བཟང་པོས་བྱུགས་ཤིང་རྩེ་མོར་མེ་ཏོག་བཅངས་པ་དེ་ཉིད་ལས་ཐམས་ཅད་པའི་སྔགས་ཀྱིས་བསངས་པ་སློབ་མ་ལ་སྦྱིན། དེས་དཀྱིལ་འཁོར་གྲུ་བཞི་པར་བ་ལང་གི་ལྕི་བས་བྱུགས་པའི་ས་ཕྱོགས་སུ་ཁ་ཤར་རམ་བྱང་དུ་བལྟས་ལ་རྩེ་མོ་ནས་བཅའ་ཞིང་སྐྱུགས་སྨན་དྲངས་པ་ལྟར་སྐྱོན་དག་པར་བསམས་(༡༤ན)


GLG010_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཨོཾ་བཛྲ་ཧཱ་ས་ཧཱ་ཞེས་བརྗོད་ནས་བལྟོས་པ་མེད་པར་དེའི་སྟེང་དུ་དོར་བས་རྩེ་མོ་བདག་ཉིད་ལ་བསྟན་ན་མཆོག གྱེན་དུ་མཁའ་སྤྱོད། ཐུར་དུ་ས་འོག ཕྱོགས་བཞིར་བལྟས་ན་ཞི་རྒྱས་དབང་དྲག་མཚམས་སུ་འཇིག་རྟེན་པའི་དངོས་གྲུབ་འགྲུབ་ཅེས་ངོ་སྤྲོད་དོ། །བཅུ་གཅིག་པ་ཁྱོར་ཆུ་ནི། ཧཱུྃ་ལན་གསུམ་བཟླས་པའི་དྲིའི་ཆུ་ཁྱོར་པ་གསུམ། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་ངྷ་རྨཱཿསརྦ་པཱ་པ་ནི་ཙཱ་ཨ་སྱ་ཤོ་དྷ་ཡ། སརྦ་བི་ཀཝཱ་ན་ཨ་བ་ན་ཡ་ཧཱུྃ། ཞེས་བརྗོད་ལ་བླུད་དོ། །བཅུ་གཉིས་པ་སྲུང་སྐུད་ནི། ཧཱུྃ་ལས་སྐྱེས་པའི་སྲད་བུ་དམར་པོ་ལས་ཚད་དང་མཉམ་པ་རང་གི་ལྷའི་སྔགས་བཟླས་པ་མདུད་པ་སུམ་ལྡན་དཔུང་པ་གཡས་པར་ལན་གཉིས་སུ་བསྐོར་ལ། །ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཾ་སྭཱ་ཧཱ། ཞེས་དང་། ལས་ཐམས་ཅད་པ་དང་སུམ་བྷ་བརྗོད་པའི་ནང་མཆོད་ཀྱིས་ཀྱང་བསྲུང་ངོ་། བཅུ་གསུམ་པ་རྨི་ལམ་བརྟག་པ་ནི། ཧཱུྃ་དང་དྡྷཱིཿལས་སྐྱེས་པའི་ཀུ་ཤ་ལས་ཐམས་ཅད་པ་བཟླས་པ་ཆེ་བ་སྟན་དང་། ཆུང་བ་སྔས་ཀྱི་དོད་དུ། ཨོཾ་བཛྲ་ཏི་ཀྵྞ་བཾ། ཞེས་བརྗོད་ལ་སྦྱིན་ན། བཅུ་བཞི་པ་ཆོས་བཤད་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་ཆད་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདིའང་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་(༡༤བ)


GLG010_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །བང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་པའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། ཞེས་པའི་དོན་བཤད་ལ་སྤྲོ་བ་བསྐྱེད་དོ། །བཅོ་ལྔ་པ་རྨི་ལམ་བརྟག་པ་གདམས་པ་ནི། རྩ་སྔགས་ཀྱིས་བསྲུངས་ལ་ཁང་པའི་ནང་ངམ་དཀྱིལ་འཁོར་གྱི་མཐར་ཉོལ་ལ་ནང་པར་ང་ལ་རྨི་ལམ་སྨྲོས་ཤིག་ཅེས་བརྗོད། སློབ་དཔོན་གྱིས་ཀྱང་སྲུང་པའི་དོན་དུ་རྩ་སྔགས་བཟླའོ། །མཆོད་པ་རྣམས་ཁ་གསོས་ལ་བརླབ། ཕྱི་ནང་མཆོད་པས་མཆོད། རྣལ་འབྱོར་ར་གཅིག་མས་བསྟོད། ས་ཆོག་སྐབས་ཀྱི་སྔགས་རྒྱས་དཀྱིལ་འཁོར་ནམ་མཁར་བཏེག །སྟ་གོན་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་བྱོན་ཏེ། ཇི་སྲིད་སྤྱན་མ་དྲངས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་བརྗོད། སླར་ཡང་གོང་བཞིན་མཆོད་བསྟོད་བྱས་ལ་ཡིག་བརྒྱའི་རྗེས་སུ་མ་འབྱོར་བ་དང་། ཞེས་སོགས་ཀྱིས་བཟོད་པར་གསོལ། བྲིས་སྐུ་སོགས་རྟེན་ཡོད་ན་གཏོར་མགྲོན་རྣམས་ཕྱོགས་བཅུ་ན་སོགས་ཀྱིས་བརྟན་བཞུགས་བྱ་(༡༥ན)


GLG010_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ཀྱི་རྗེས་སུ། །ལག་པ་གཉིས་བསྣོལ་པའི་མཐེབ་སྲིན་གྱིས་སེ་གོལ་ཕྱིར་གཏོགས་ཏེ། བཛྲ་མུཿས རྟེན་མེད་པའི་ཡེ་ཤེས་པ་རྣམས་རང་གི་གནས་སུ་གཤེགས་པར་བསམ་ཞིང་། དམ་ཚིག་པ་རྣམས་བསྡུ་རྒྱ་དང་བཅས་ཛཿཧཱུྃ་བཾ་ཧོཿས་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། གཡོན་པས་སེ་གོལ་གཏོགས་པ་དང་བཅས་སུམྦྷས་བསྲུངས་ལ་མཆོད་གཏོར་དམན་མ་རྣམས་བསྡུའོ། །དེ་ཡང་སའི་ཆོ་ག་ནི་སྤྲོས་པ་ཆུང་བར་འདོད་ན་གནས་ཁང་རྙིང་བར་མ་བྱས་ཀྱང་ཆོག་ཅིང་ས་མ་དུལ་བར་ནི་རས་བྲིས་ལའང་དགོས་ལ། རྡུལ་ཚོན་མི་སྤྲོ་ན་སྟེགས་བུ་ལྟ་བུའི་ཁར་མཎྜལ་ལ་དྲི་ཐག་གི་ཚོམ་བུ་དགོད་པ་ཙམ་མ་གཏོགས་མཆོད་པ་བསྡུ་བའི་བར་བཤད་མ་ཐག་པ་ལྟར་ལ། རྡུལ་ཚོན་གྱིས་འབྲི་བའི་ཚབ་ལ་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ་པ་ཙམ་མོ། །རྒྱལ་བ་བཙོང་ཁ་པ་ཆེན་པོས་གསང་བ་འདུས་པ་མི་བསྐྱོད་པའི་དབང་དོན་དེ་ཉིད་རབ་གསལ་གྱི་པར་མའི་ཤོག་ལྡེབས་བཅུ་གཉིས་པའི་མདུན་འཕྲེང་གཉིས་འོག་ཏུ་ཐིག་གདབ་པ་མ་གཏོགས་པའི་ལྷག་གནས་རྣམས་ནི་རས་བྲིས་ཀྱི་ཆོ་ག་ལ་ཡང་བྱའོ། །ཞེས་བཀའ་སྩལ་བས་རྗེས་འབྲང་ལ་ལ་དག་བུམ་པ་དང་སློབ་མ་སྟ་གོན་མིན་པ་མི་དགོས་པར་བཞེད་པ་དྭགས་བརྒྱུད་པ་ལྟ་བུའི་སྤྱན་བལྟོས་ཡིན་མཆིས། དཀྱིལ་འཁོར་ཀ་བ་ལྟ་བུར་གཟར་ཐང་དུ་མཛད་པ་ཁོ་བོའི་བླ་མ་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ནི་ནམ་ཡང་མི་བཞེད་པ་སོགས་ཀྱིས་ཀྱང་ར་ཕོ་དཀར་པོ་ལུག་ཁྱུར་མི་འགྲེ་བའི་རྒྱུར་སོང་ངོ་། གསུམ་པ་དངོས་གཞི་ལ་ཐིག་ཚོན་གྱི་ཆོ་ག བུམ་པ་འབུལ་ཞིང་དཀྱིལ་འཁོར་བརྒྱན་པ་(༡༥བ)


GLG010_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཅིང་མཆོད་ནས་དབང་བསྐུར་བ་དང་གསུམ་གྱི་དང་པོ་ཐིག་ཚོན་བྱིན་གྱིས་བརླབ་པ་ནི། ཐིག་ཚོན་བྱིན་རླབས་སོ་སོར་བཤད་ཀྱང་ཕྱོགས་གཅིག་ཏུ་བྱས་ན་འཇུག་པ་བདེ་བས་སྟེགས་ཀྱི་ཁར་རིན་པོ་ཆེ་དང་དྲི་བཟང་ཡུངས་ཀར་རྣམས་ཀྱི་ཕྱེ་མ་བསྲེས་པའི་རྡུལ་ཚོན་དབུས་སུ་སྔོན་པོ་ལ་ཧཱུྃ། ཤར་དུ་དཀར་པོ་ལ་ཨོཾ། བྱང་དུ་ལྗང་གུ་ལ་ཁཾ། ནུབ་ཏུ་དམར་པོ་ལ་ཨཾ། ལྷོར་སེར་པོ་ལ་ཏྲཾ་བྲིས། དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་གཞོན་ནུ་མས་བཀལ་པའི་སྲད་བུར་ཚོན་དྲི་ཞིམ་པོ་དང་ཡུངས་ཀར་གྱིས་སྦགས་པ་ཁ་དོག་བསྒྱུར་པ་ཁ་དོག་རེ་རེ་ལའང་ལྔ་ལྔར་བྱས་པ། སློབ་དཔོན་དང་སློབ་མའི་ལག་པས་བཟུང་བའི་ཆ་མ་གཏོགས་ཚད་དཀྱིལ་འཁོར་ཉིས་འགྱུར། སྦོམས་སུ་ཀུན་དྲིལ་ན་སྒོའི་ཉི་ཤུ་ཆ་འབྱུང་བར་བྱས་པ་ཁ་དོག་དང་མཚུངས་པའི་ཚོན་སོ་སོའི་ཁར་བཞག །མདུན་དུ་ཆུ་གཉིས་ཉེར་སྤྱོད་བཤམ། ཐིག་ཚོན་བསངས་སྦྱངས། སྟོང་པར་བསམ། སྟོང་པའི་ངང་ལས་ཐིག་ཚོན་སྔོན་པོ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་ཕྱག་གཡས་རྡོ་རྗེ་བསྒྱིངས་པ་དང་བཅས་པས་ཐུགས་ཀར་གཏོད་པ། གཡོན་དྲིལ་བུ་བསྙེམས་པ་དང་བཅས་པས་དཀུར་འཛིན་པ། ཤར་དུ་དཀར་པོ་ཨོཾ་ལས་རྟག་པ་དཀར་པོ་གཡས་འཁོར་ལོ། གཡོན་དྲིལ་བུ་བསྙེམས་པ་དང་བཅས་པས་དཀུར་འཛིན་པ། བྱང་དུ་ལྗང་གུ་ཁཾ་ལས་རྡོ་རྗེ་རྒྱལ་པོ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་བསྒྱིངས་པ་དང་བཅས་པ་དཀུར་འཛིན་པ། གཡོན་དྲིལ་བུ་ཐུགས་ཀར་ཕྱོགས་པ། ནུབ་དུ་དམར་པོ་ཨཾ་ལས་པདྨ་གར་དབང་དམར་པོ་གཡས་པདྨ་བསྒྱིངས་པ་དང་བཅས་པས་དཀུར་འཛིན་པ། གཡོན་དྲིལ་བུ་ཐུགས་ཀར་ཕྱོགས་པ། ལྷོར་སེར་(༡༦ན)


GLG010_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཏྲཾ་ལས་རྡོ་རྗེ་ཉི་མ་སེར་པོ་གཡས་རིན་པོ་ཆེ་བསྒྱིངས་པ་དང་བཅས་པས་དཀུར་འཛིན་པ། གཡོན་དྲིལ་བུ་ཐུགས་ཀར་ཕྱོགས་པ། ལྔ་གའང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་བསམ། ཐལ་མོ་སྦྱར་ནས་ནམ་མཁར་བལྟ་ཞིང་། ཨོཾ་ཨཱཿཔྲ་ཡཙྪ་བཛྲ་སཏྭ་སཱུ་ཏྲ་སྭཱ་ཙཀྲ་ཎཱ་ཡ་ཧཱུྃ། བཛྲ་ས་ཏྭའི་གནས་སུ་ཤྭི་ཤྭ་ཧ། བཛྲ་རཱ་ཛ། པདྨ་མཱི་རྟཱི་ཤྭ་ར། བཛྲ་སཱུཪྻ་རྣམས་བཅུག །རང་གི་མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ་མིག་འབྲས་རྡོ་རྗེ་ཧཱུྃ་གིས་མཚན་པར་བསམ། མིག་གི་རྫ་མ་འགུགས་པའི་འཁོར་བའི་ལྟ་སྟངས་བྱས་ལ། ཨོཾ་པྲ་པྟ་དྲིཥྚི་ཨཾ་ཀུ་ཤ་ཛཿ ལན་གསུམ་བརྗོད། སྟ་གོན་གྱི་ལྷའི་ཅོད་པན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ཚོན་བཀུག་སྟེ་དམ་ཚིག་གི་ཐིག་ཚོན་སོ་སོ་ལ་ཐིམ་པས་ངོ་བོ་རིགས་ལྔ་ལ་རྣམ་པ་ཐིག་ཚོན་སོ་སོར་བསམ། སློབ་དཔོན་རྡོར་དྲིལ་ཐོགས་པའི་ལག་གཉིས་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་ཀྱིས་ཚོན་སོ་སོ་ཧད་པ་དང་བཅས། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུྃ། ལན་བདུན་བཟླ་ཞིང་མཉེ། རྡུལ་ཚོན་སོ་སོ་ལ་ཧྲཱིཿརེ་བྲིས་ལ་སློབ་དཔོན་གྱིས་རྡོར་དྲིལ་དང་བཅས་རྡོ་རྗེ་ཐལ་མོ་ནང་བསྡམ་ཁ་ཕྱེ་བའི་སྲིན་ལག་དང་གུང་མོའི་བར་དུ་མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་པ་མེ་ལྟར་འབར་བའི་ཕྱག་རྒྱ་བཅས་ལ། །བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་མང་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ཆགས་པ་དང་རྗེས་སུ་ཆགས་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིང་། ཧཱིཿཧཱིཿཧཱིཿ། ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། སློབ་དཔོན་ཧེ་རུ་ཀར་གསལ་བའི་ལག་ཏུ་ཐིག་སྐུད་རྣམས་བླངས་ནས་(༡༦བ)


GLG010_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་བརྐྱང་སྟེ་བསྒྲིལ་ལ། སློབ་མ་ཕག་མོར་གསལ་བ་ལ་ཐིག་སྣེ་གཏད་དེ་བརྐྱང་ཞིང་གཉིས་ཀ་རྡོར་དྲིལ་འཛིན་པས། ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱཿ སརྦ་དྷ་རྨཱཿཔ་ར་སྦ་རཿ ཨ་ནུ་པྲ་བིཥྚཿ སརྦ་དྷ་རྨཱཿ ཨ་དྱནྟ་ཨ་ནུ་པྲ་བིཥྚི་སརྦ་དྷརྨཱཿཧཱུྃ་ཞེས་ཕྱོགས་གཅིག་ཏུ་བསྒྲིལ་པ་རྡོ་རྗེ་ལ་དཀྲིས་ཏེ། ཨོཾ་བཛྲ་གནྡྷ་ཨཱཿཧཱུྃ། ཞེས་དྲིས་བྱུགས་གསེར་གྱི་སྣོད་དུ་བཞག་ལ་མཆོད། ཨོཾ་ཨཱཿ ཧཱུྃ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧུཾ་ཕཊ། ཨོཾ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྒྱ་རྩ་བཟླ། སྔར་བཞིན་མཆོད། སྒྲུབ་གྲོགས་དང་བཅས་པ་ལངས་ཏེ། སློབ་དཔོན་རྡོར་དྲིལ་འཛིན་པས་ཐིག་སྐུད་ནས་བཟུང་སྟེ་བདེན་བྲལ་དང་སློབ་མ་དབང་ལྡན་དུ་གནས་པ་ལ། ཛྫཿཛྫཿཛྫཿ ཞེས་ཐིག་སྣ་བཏང་། སློབ་མས་ཀྱང་ཛྫཿཛྫཿཛྫཿཞེས་ཐིག་སྣ་དྲང་། གཉིས་ཀའི་གཡོན་པས་ཁུ་ཚུར་གྱིས་ལྟེ་བའི་ཐད་དུ་བཟུང་སྟེ་ཐིག་གི་སྒྲ། མ་ལུས་འཇིག་རྟེན་ཁམས་བཞུགས་པའི། །སངས་རྒྱས་ལ་སོགས་ཁྱེད་རྣམས་ཀྱིས། །འགྲོ་དོན་མཛད་པའི་དུས་ཡིན་ན། །དེ་ཕྱིར་ཁྱེད་རྣམས་འདིར་སྦྱོན་ཅིག །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུྃ། སློབ་དཔོན་ཤར་དུ་མངོན་པར་ཕྱོགས་པས་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་ལྷོ་ནས་བྱང་དུ་ཕྱོགས་པས་ཚངས་ཐིག་གཉིས་པ། མེ་ནས་བྱང་ཤར་དུ་ཕྱོགས་པས་ཤར་གྱི་རྩ་ཐིག །རླུང་ནས་ལྷོ་ནུབ་ཏུ་ཕྱོགས་པས་ནུབ་ཀྱི་རྩ་ཐིག །དེ་ཉིད་ནས་དབང་ལྡན་དུ་ཕྱོགས་པས་བྱང་གི་རྩ་ཐིག །མེ་ནས་ལྷོ་ནུབ་ཏུ་ཕྱོགས་པས་ལྷོའི་རྩ་ཐིག །སྟེང་ཉིད་ནས་རླུང་དུ་ཕྱོགས་པས་ཟུར་ཐིག་དང་པོ། བདེན་བྲལ་ནས་དབང་ལྡན་དུ་ཕྱོགས་པས་ཟུར་ཐིག་གཉིས་པ་གདབ་ཅིང་ཐམས་ཅད་དུ་སློབ་མས་སློབ་དཔོན་ལ་རྒྱབ་མི་(༡༧ན)


GLG010_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཚུལ་དུ་འགྲེ། །ཐིག་འདེབས་པའི་ཚེ་སློབ་དཔོན་གྱི་ལག་པ་གཡས་རྡོ་རྗེ་དང་བཅས་པའི་མཐེབ་མཛུབ་ཀྱིས་ཐིག་སྐུད་སྟེང་ནས་བཟུང་ལ་འོག་ནས་གཅུས་ཏེ་གྱེན་དུ་གདབ་པ་གནམ་ཐིག་དང་དེ་ནས་ས་ཐིག་གོང་ལྟར་གདབ་ཅིང་ལས་ཐིག་རྣམས་བྱིན་གྱིས་བརླབ་པར་བསམ། དེ་ནས་ཐིག་གཞན་རྣམས་སྤྱི་དང་འདྲ་བར་བཏབ་ལ། །དབུས་སུ་སེང་ལྡེང་གི་ཕུར་བུ་བཏབ་པ་ལ་ཐིག་སྐུད་ཉིས་བལྟབ་ཏུ་བྱས་པས་རྩ་ཐིག་ནང་ནས་པདྨ་འདབ་བརྒྱད་མུ་ཁྱུད་དང་བཅས་པ་དང་ཕྱིའི་སྣ་ཚོགས་རྡོ་རྗེའི་ར་རྩེ་ནས་དང་། དེ་ནས་ཆ་ཕྲན་གཉིས་ནས་དང་། དེ་ནས་བཞི་དང་ཡང་བཞི་ནས་བསྐོར་བ་རྣམས་ལས་ཐིག་གོ །མཐར་བདེན་བྲལ་དང་དབང་ལྡན་དུ་གནས་བཞིན་པས་ཆུ་གཉིས་ཉེར་སྤྱོད་རོལ་མོའི་བར་གྱིས་མཆོད། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སྟ་གོན་ཐུགས་ཀར་གཤེགས་ནས་ཀྱང་། སླར་ཡང་འབྱོན་པར་མཛད་དུ་གསོལ། བསྡུ་བརྒྱ་ཕྱིར་དགྲོལ་ཞིང་། བཛྲ་མུཿས། ཐིག་གི་ཡེ་ཤེས་པ་སྟ་གོན་གྱི་ལྷའི་ཐུགས་ཀར་གཤེགས་པར་བསམ། བསྡུ་རྒྱ་དང་བཅས་དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ་ཞིང་ཛཿཧཱུྃ་བཾ་ཧོཿས་རང་ལ་བསྡུ། ཐིག་སྐུད་རྡོ་རྗེ་ལ་དཀྲིས་ལ་འཇོག་གོ །རང་ཧེ་རུ་ཀར་གསལ་བའི་མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུྃ་ལས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པར་བསམ་ལ། རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་གཉིས་སྦྲེལ་མཛུབ་མོ་བརྐྱང་ནས་རྩེ་སྤྲད་ལ་རྡོ་རྗེ་ཤུགས་སམ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་ལྡོག་སྟེ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ནུབ་ནས་དབུས་སུ་རྡོ་རྗེ་ཤུགས་ཀྱི་འཇུག་པས་ཞུགས་ཏེ་དྲི་ཆུས་སྒོ་(༡༧བ)


GLG010_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ནང་གི་རྩ་ཐིག་ལག་གཉིས་ཁྲོ་བོའི་ཁུ་ཚུར་གྱི་མཛུབ་མོས་དབྱི་ལ། ཧཱུྃཿཧཱུྃཿཞེས་བརྗོད་ཅིང་ཁྲོ་བོའི་ལྟ་བས་བལྟས་པས་ཐར་པའི་སྒོའི་བར་ཆད་བཅོམས་པར་བསམ། ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སུ་གྱུར་པ་ཐམས་ཅད་དབྱི་བར་བགྱིའོ། །ཞེས་བརྗོད། ཕུར་བུ་བཏོན་ལ་དབུས་སུ་འདུག་སྟེ། གཡོན་པའི་ཁུ་ཚུར་གྱིས་ཚོན་བཟུང་ནས། འདི་ནི་མེ་ལོང་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་བདེ་ཆེན་རྒྱལ་པོ་སྟེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་པས་ཚོན་དཀར་པོ་དང་། དེ་བཞིན་དུ་མེ་ལོང་གི་གནས་སུ་མཉམ་ཉིད་དང་སེར་པོ་སོགས་འདོན་པ་སྤོས་ལ་བུ་ག་བཀང་། དབང་ལྡན་དུ་རྩིག་པ་ལྔ་རིམ་པ་བཞིན་སྒོ་ཚད་གཅིག་བྲིས་པ་ཏིང་ངམ་ཐོད་པས་བཀབ་བོ། །དེ་ནས་རང་ངམ་རི་མོ་མཁན་ལ་སོགས་པས་ཕྱོགས་མདོག་ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སེར། དབུས་སྔོ་བའི་སྟེང་དུ་སྣ་ཚོགས་པདྨ་འདབ་བརྒྱད། རྩིག་པ་ཕྱི་ནས་དཀར་སེར་དམར་ལྗང་ནག་པའི་རྩིག་པ་ལྔ་སྦྲེལ་རན་པ་ན་ཁེབས་ཕྱེ་སྟེ་སྦྲེལ། མཚན་མ་ངན་ན་སྟ་གོན་གྱི་ལྷ་ལ་མཆོད་གཏོར་ཕུལ་ནས་བསྲུང་ངོ་། །གཞན་རྣམས་སྤྱི་དང་མཐུན་པའི་སྲུང་འཁོར་གྱི་ཕྱིར་དུར་ཁྲོད་བརྒྱད། དཀྱིལ་འཁོར་གྱི་དབུས་སུ་པད་ཟླའི་ལྟེ་བར་རྡོ་རྗེ་སྔོན་པོ་དང་གྲི་གུག་པད་འདབ་ཀྱི་ཕྱོགས་བཞིར་ཟླ་བའི་སྟེང་དུ་གྲི་གུག མཚམས་བཞིར་ཟླ་བ་ལ་གནས་པའི་བུམ་པའི་སྟེང་དུ་ཀ་པཱ་ལ་བྲིའོ། དེ་ནས་སློབ་དཔོན་རྡོར་དྲིལ་འཛིན་པས་དཀྱིལ་འཁོར་ལ་ལན་གསུམ་བསྐོར། ཆད་ན་བསབ། ལྷག་ན་(༡༨ན)


GLG010_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དབྱི། མ་ཚོར་བ་རྣམས་ཡིག་བརྒྱ་བཟླས་པས་ཁ་བཀང་ཞིང་ཚོན་ལྷག་མ་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཨོཾ་བཛྲ་མུཿས་ཚོན་ལྷག་གི་ཡེ་ཤེས་པ་སྟ་གོན་གྱི་ཐུགས་ཀར་གཤེགས་པར་བསམ་ཞིང་དམ་ཚིག་པ་རང་ཉིད་ལ་ཐིམ་པར་བསམ་མོ། །གཉིས་པ་བུམ་པ་འབུལ་ཞིང་དཀྱིལ་འཁོར་བརྒྱན་པ་ནི། སློབ་དཔོན་གྱིས་སྤོས་དང་རོལ་མོར་བཅས་པས་རྣམ་རྒྱལ་དང་ལས་བུམ་ལས་ཀྱི་རྡོ་རྗེས་བཟུང་ལ་ཡིག་བརྒྱ་བརྗོད་དེ་དྲིལ་བུ་དཀྲོལ་ཞིང་དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱས་ནས་ལྷ་སོ་སོའི་སྔགས་མཐར། བདག་གམ་སློབ་མ་ལ་དབང་བསྐུར་དུ་གསོལ། ཞེས་བརྗོད། ལྷ་མཚན་སོ་སོའི་ཐད་ནས་བུམ་པ་འབུལ་པའི་སྟང་ཀ་བགྱིས་ཏེ་དཀྱིལ་འཁོར་གྱི་ཤར་དུ་ཇི་ལྟར་རིགས་པའི་སྟན་ལ་འཇོག །ལས་བུམ་ལ་ཁཎྜ་རོ་ཧི་བཟླས་ཏེ། དུམ་སྐྱེས་མས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལས་རྣམས་བསྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་སྲུང་དུ་གསོལ། ཞེས་དབང་ལྡན་དུ་དགོད་དོ། །མཐའ་དྲིས་བྱུགས། སྤྱི་མཆོད་དང་སྒོས་མཆོད་ཐམས་ཅད་དཀྱིལ་འཁོར་གྱི་མཐར་ཟླུམ་པོར་བཀོད་པ་ཙམ་མིན་པ་མཆོད་གཏོར་གྱི་འགོད་ལུགས་ཕལ་ཆེར་སྟ་གོན་གྱི་སྐབས་སུ་བཤད་པ་དང་འདྲ། སྔོན་འགྲོ་དང་ཕྱི་རོལ་པའི་གཏོར་མ་མེ་ཏོག །མིག་དར། དབུ་རྒྱན། རྡོར་དྲིལ། མིག་ཐུར། མེ་ལོང་། མདའ་གཞུ། རིགས་ལྔའི་ཕྱག་མཚན། ཁཊྚཱཾ་ག །ཚངས་སྐུད། རྒྱན་དྲུག །ཌཱ་མ་རུ། ཐོད་པ། གསང་རྫས། སློབ་མའི་མཆོད་པ་སྦྱང་ཆས་སོགས་དེར་དགོས་པའི་རྫས་དང་ཡོ་བྱད་རྣམས་བརྒྱུད་ལྡན་བླ་མའི་ཕྱག་ལེན་ལྟར་བཀོད་པས་མཛེས་པར་བཤམ་མོ། །གསུམ་(༡༨བ)


GLG010_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཅིང་མཆོད་ནས་དབང་བསྐུར་བ་ལ་སྒྲུབ་མཆོད་དངོས་དང་བདག་ཉིད་འཇུག་ཅིང་སློབ་མ་རྗེས་སུ་འཛིན་པ་གཉིས་ཀྱི་དང་པོ་ནི། སློབ་དཔོན་གྱི་གཡས་སུ་སྟེགས་ཀྱི་ཁར་གཡོན་ནས་བརྩམས་ཏེ་ནང་མཆོད་ཀ་པཱ་ལའི་སྟེགས་ཟུར་ཕྱིར་སྟོན། དྲིལ་བུའི་ཞལ་རྡོ་རྗེ་ལ་བསྟན་པ། ཌཱ་མ་རུ་ཟུར་བསློང་པ། མེ་ཏོག་ཕོར་པ། དེ་རྣམས་ཀྱི་ཕྱི་བུམ་པ་གཉིས་ཀྱི་ཕྱི་རོལ་ནས་རྟེན་ཁེབས་ཟུར་བལྟབ་བྱས་པ་མཛེས་པར་གཡོགས་པ་སོགས་ཚར་ལུགས་སོར་བཞག་བྲིས་པ་ཡིན་ཅིང་། བུ་ལུགས་དང་གོང་དཀར་བ་སོགས་ལ་འགོད་ལུགས་གཞན་ཡོད། སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས། མཎྜལ་ཞུ་འབུལ་ནས་བདག་བསྐྱེད་ཉེར་བསྡུའི་བར་བྱ། སྔར་གྱི་རྡོ་རྗེ་ཤུགས་ཀྱི་སྔགས་རྒྱས། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཞུགས་པ་ཧེ་རུ་ཀཿཡུམ་བཅས་ཀྱི་སྐུར་བསམ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ། ལས་བུམ་གྱི་ཆུས་ཁཎྜ་རོ་ཧེ་དང་ནང་མཆོད་ཀྱིས་སུམ་བྷས་བསངས། སྭ་བྷཱ་ཝས། རྡུལ་ཚོན་གྱི་དཀྱིལ་འཁོར་རང་བཞིན་གྱིས་རྣམ་པར་དག་པ་ཞེས་པ་ནས་བཟུང་། ཁ་བརྒྱན་པའོ། །དེ་རྣམས་ལས་སྤྲུལ་པ་ནམ་མཁའི་ཁམས་ཁྱབ་པར་སྤྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཐམས་ཅད་དཔལ་འཁོར་ལོ་སྡོམ་པའི་གོ་འཕང་ལ་བཀོད། ཚུར་འདུས་རང་རང་གི་གནས་སུ་འཁོད་པར་བསམ། སྟ་གོན་གྱི་དཀྱིལ་འཁོར་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། ཛཿཧཱུྃ་བཾ་ཧོཿས་ནམ་མཁར་བཞུགས་པའི་དཀྱིལ་འཁོར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ལྷ་ཐམས་ཅད་ཀྱི་མིག་གཏི་མུག་རྡོ་རྗེ་ནས། རིན་འབྱུང་གིས་དབུ་བརྒྱན་(༡༩ན)


GLG010_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། དེ་ནས་བུམ་པ་བསང་སྦྱང་ནས་རིན་འབྱུང་གིས་དབུ་བརྒྱན་པའི་བར་བྱ། ཡབ་ཡུམ་གྱི་སྙིང་པོ། ཉེ་སྙིང་། ལྷ་མོ་བཞིའི་སྔགས་ཀྱིས་མཆོད། མཆོད་པ་བྱིན་གྱིས་བརླབ། ཆུ་གཉིས་ཀྱི་རྫས་དང་འབུལ་ཚུལ་ཀུན་མཁྱེན་བུ་རིན་པོ་ཆེས་མཛད་པའི་བདེ་ཆེན་རྣམ་རོལ་ལས་ཤེས་ཤིང་མཆོད་ཕྲེང་གི་རིམ་པ་སྔ་ཕྱི་མང་དུ་འདུག་ཀྱང་ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོའི་གསུང་ལས་བྱུང་བ་ལྟར། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གི་དད་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་སྩོལ། །ལག་པ་གཉིས་པད་ཀོར་སྙིང་ག །ནུ་མ་གཡས། ཡང་སྙིང་ག །ནུ་མ་གཡོན། ཡང་སྙིང་ག་རྣམས་སུ་རྣམ་ལྔ་འདོད་ཀོར་དུ་གྲགས་པ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་པཉྩ་ཌཱ་ཀི་ནཱི་མཎྜཱ་ལ་བཱི་ར་ཡོ་གི་ནཱིའི་རྗེས་སུ་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་རྩེ་སྤྲད་པའི་ཚུལ་གྱིས་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ། ཞེས་པའི་ཨཱཿལ་ལག་པ་གཉིས་ལས་གཡས་ནང་དུ་བསྣོལ་བ་ཁ་ནང་དུ་བསྟན་པའི་སེ་གོལ་དང་ཧཱུྃ་ཞེས་གཡོན་ནང་དུ་བསྟན་པའི་སེ་གོལ་གཏོག་གོ །མཆོད་ཡོན་གྱི་གནས་སུ་ཞབས་བསིལ་བཅུག །པཱ་དྱཾ། ཕྱག་རྒྱ་གོང་བཞིན་ཞབས་བཀྲུ་བའི་ཚུལ། ཏིང་འཛིན་པིར་གྱིས་བྲིས་པའི་སྨིན་ལེགས་གཟུངས། །འཁྲི་ཤིང་གཞོན་ནུ་བཞིན་དུ་ལུས་ཕྲ་ཞིང་། །བཞིན་རས་རྒྱས་པས་ཟླ་བའི་མཛེས་པ་འཕྲོག །ཨུཏྤལ་སྔོན་པོའི་མིག་ཅན་མཆུ་སྒྲོས་དམར། །སྤེལ་ལེགས་མེ་ཏོག་ཕྲེང་བ་འཛིན་མཛད་མ། །འདོད་པའི་བདེ་ལ་ཆགས་པ་མང་སྤྲུལ་ཏེ། །དཀྱིལ་འཁོར་པ་རྣམས་དགྱེས་པ་བསྐྱེད་པའི་ཕྱིར། །ཉེར་སྤྱོད་ལྷ་མོའི་བདེ་(༡༩བ)


GLG010_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བས་མཆོད་པར་བྱ། །རྡོ་རྗེ་ཁུ་ཚུར་ཁ་གྱེན་དུ་བསྟན་ནས་གཏོར་བའི་ཕྱག་རྒྱ་དང་། བཛྲ་པུ་ཥྦེ་པྲ་ཏཱིཙྪ་ཨཱཿཧཱུཾ། ཞེས་མེ་ཏོག་དང་དེ་བཞིན་དུ་བདུག་སྤོས་ནས་ཞལ་ཟས་ཀྱི་བར་ལ་ཚིགས་བཅད་དང་སྔགས་སྔ་མ་བཞིན་དུ་བརྗོད་ལ། ཁྱད་པར་ནི། སྤེལ་ལེགས་མེ་ཏོག་ཕྲེང་བ་འཛིན་མཛད་མ། ཞེས་དང་། པུཥྤེ་ཞེས་པའི་གནས་སུ་རིམ་བཞིན། དྲི་ཞིམ་བདུགས་པའི་སྤོས་སྣོད་འཛིན་མཛད་མ་ཞེས་དང་། རྡོ་རྗེ་ཁུ་ཚུར་གཉིས་ཁ་ཐུར་དུ་བསྟན་ནས་སྤོས་བཏུལ་བའི་ཕྱག་རྒྱ་དང་། དྷཱུཔཻ་ཞེས་བདུག་སྤོས་དང་། རིན་ཆེན་འོད་འབར་སྣང་གསལ་འཛིན་མཛད་མ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་གཤིབས་ཏེ་བསྒྲེང་པའི་ཕྱག་རྒྱ་དང་དི་པེ། ཞེས་པས་མར་མེ་དང་། སྟོང་གསུམ་ངད་ལྡང་དྲི་མཆོག་འཛིན་མཛད་མ། །རྡོ་རྗེ་ཁུ་ཚུར་བརྐྱང་པའི་ཐལ་མོས་དྲི་བྱུག་པའི་ཕྱག་རྒྱ་དང་། གནྡྷེ། ཞེས་དྲི་དང་། རོ་བརྒྱ་ལྡན་པའི་ཞལ་ཟས་འཛིན་མཛད་མ། །རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་ནས་ཐལ་མོ་བརྐྱང་པའི་ཕྱག་རྒྱ་དང་། ནཻཝེདྱ་ཞེས་པ་རྣམས་བཅུག་ལ་ཞལ་ཟས་ཀྱི་བར་དབུལ། ཡིད་འོང་རོལ་མོའི་ཆ་བྱད་མཐའ་ཡས་ལས། །བྱུང་བའི་གདངས་སྙན་མི་འདྲ་དུ་མ་ཅན། །ཐོས་པས་ལུས་སེམས་གདུང་བ་ཞི་བྱེད་པ། །སྣ་ཚོགས་རོལ་མོའི་སྒྲ་ཡིས་མཆོད་པར་བྱ། །བཛྲ་ཤཔྟ་པྲ་ཏཱི་ཙྪ་ཨཱ་ཧཱུྃཿསྭ་ཧཱ་ཞེས་རོལ་མོ་དབུལ། ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་རྒྱན་གྱིས་སྤྲས། །ལང་ཚོ་རབ་རྒྱས་གླུ་དང་གར་ལ་མཁས། །དབང་པོ་དྲུག་ལ་རྨད་བྱུང་བདེ་བ་སྟེར། །ཀུན་གྱི་དགའ་བསྐྱེད་མཆོད་པའི་ལྷ་མོ་ནི། །པི་ཝཾ་གླིང་བུ་རྔ་ལྡུམ་རྫ་རྔ་མས། །གདངས་(༢༠ན)


GLG010_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་སྒྲ་ཡིས་རྣ་བའི་དགའ་སྟོན་འགྱེད། །རབ་འབྱམས་མཆོད་པའི་སྤྲིན་གྱིས་བདག་མཆོད་ན། །དགྱེས་བཞིན་བཞེས་ཏེ་མཆོག་རྣམས་སྩལ་དུ་གསོལ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པི་ཝང་བརྡུང་བའི་ཚུལ་དང་བཛྲ་བཱི་ཎ་ཧཱུྃ་ཧཱུྃ་ཕཊ། གླིང་བུ་བསྒྱུར་པའི་ཚུལ་དང་། བཛྲ་བཾ་ཤེ་ཧཱུྃ་ཧཱུྃ་ཕཊ། སོར་མོས་མཆན་ཁུང་གི་ཐད་དུ་རྔ་མྲྀ་ཏཾ་ག་བརྡུང་པའི་ཚུལ་དང་། ཨོཾ་བཛྲ་མྲྀ་ཏྀ་གེ་ཧཱུྃ་ཧཱུྃ་ཕཊ། སོར་མོ་འོག་ཏུ་རྡོ་རྗེ་ཆེན་པོའི་རྡུང་པའི་ཚུལ་དང་། །བཛྲ་མུ་ར་ཛེ་ཧཱུྃ་ཧཱུྃ་ཕཊ། པི་ཝང་ཞེས་པ་ནས་དགའ་སྟོན་འགྱེད་ཅེས་པའི་ཚིག་རྐང་གཉིས་ཀྱི་གནས་སུ། བཞིན་མཛེས་འཛུམ་དང་ལྡན་པའི་འགྱིང་བག་ཅན། །སྙན་པའི་གླུ་ལེན་མཛེས་པའི་གར་བསྒྱུར་མ། །ཞེས་བཅུག་ལ། གོང་གི་ཚིག་རྐང་བཞི་དང་མཐའི་ཚིག་རྐང་གཉིས་སྔ་མ་བཞིན་དུ་སྦྱར་བའི་རྗེས་སུ་རྡོ་རྗེ་ཁུ་ཚུར་གཉིས་ཁ་ཕྱིར་བསྟན་ཏེ་ཁ་འགྲམ་གཉིས་སུ་བཞག་པ་བཞད་པའི་ཚུལ་དང་། བཛྲ་ཧཱ་སྱ་ཧཱུྃ་ཧཱུྃ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་དཀུར་བཞག་སྟེ་བསྙེམ་པའི་ཚུལ་དང་། བཛྲ་ལཱ་སྱ་ཧཱུྃ་ཧཱུྃ་ཕཊ། ཏིང་ཤགས་དཀྲོལ་བའི་ཚུལ་དང་། བཛྲ་གཱི་ཏི་ཧཱུྃ་ཧཱུྃ་ཕཊ། གར་བསྐོར་བའི་ཚུལ་དང་། བཛྲ་ནྲི་ཏྱ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད། དེ་བཞིན་དུ་འོག་མ་གཉིས་ལའང་སྦྱར་ལ། ཁྱད་པར་ནི། མེ་ཏོག་སྡོང་བུ་དྲི་ཞིམ་བདུག་སྤོས་དང་། མར་མེའི་སྡོང་བུ་དྲི་ཡི་ཆོས་འཛིན། །སྔར་གྱི་མེ་ཏོག་ནས་དྲིའི་བར་གྱི་ཕྱག་རྒྱ་བཞི་རིམ་པ་བཞིན་བྱས་ལ། བཛྲ་པུཥྤེ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷཱུ་པེ་ཧཱུྃ་ཧཱུྃ་ཕཊ། བཛྲ་དཱི་པེ་ཧཱུྃ་ཧཱུྃ་ཕཊ། བཛྲ་གནྡྷེ་ཧུཾ་ཧཱུྃ་ཕཊ། དྲི་མེད་མེ་ལོང་སྦྲང་ཆར་སྣོད་དང་ནི། །སྣ་ཚོགས་གོས་དང་ཆོས་ཀྱི་(༢༠བ)


GLG010_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་འཛིན། །གཡོན་པའི་རྡོ་རྗེ་ཁུར་ཚུར་ཁ་ནང་དུ་བསྟན་པའི་སྟེང་དུ་གཡས་པའི་ལག་མཐིལ་བསྟན་ཏེ་བཞག་པ་མེ་ལོང་གི་ཕྱག་རྒྱ་དང་། རཱུ་པ་བཛྲི་ཧུཾ་ཧཱུྃ་ཕཊ། སྔར་གྱི་ཞལ་ཟས་ཀྱི་ཕྱག་རྒྱའམ། ཡང་ན་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བ་རོའི་ཕྱག་རྒྱ་དང་། རཱ་ས་བཛྲི་ཧུཾ་ཧཱུྃ་ཕཊ། རྡོ་རྗེ་ཁུར་ཚུར་གཉིས་ཀྱིས་གོས་འབུལ་བའི་ཚུལ་དང་། སྤཪྴ་བཛྲི་ཧུཾ་ཧཱུྃ་ཕཊ། རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་རྩེ་སྤྲད་ལ་བརྐྱང་མཛུབ་མོ་གཉིས་དང་མཐེ་བོང་གཉིས་བརྐྱང་བསྐྱེད་པ་ཆོས་འབྱུང་གི་ཕྱག་རྒྱ་དང་། དྷ་རྨ་དྷཱ་ཏུ་བཛྲི་ཧུཾ་ཧཱུྃ་ཕཊ། ཅེས་རིག་མ་བཅུ་དྲུག་གིས་མཆོད། རབ་འབྱམས་ཞིང་ན་ཇི་སྙེད་གཟུགས་མཆིས་པ། །ཡོངས་སུ་གྱུར་པ་ལས་བྱུང་ལྷ་མོ་ནི། །བཞིན་རས་འཛུམ་ཞིང་སྐུ་ཡི་མཛེས་པ་སྟོན། །གཟུགས་ཀྱི་རྡོ་རྗེ་མ་ཡིས་མཆོད་པ་ཡིས། །གང་ཤར་གཟུགས་ཀྱི་སྣང་བ་ཐམས་ཅད་ནི། །གཟུགས་ཀྱི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་སྩལ་ཏེ། །བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག །སྔར་གྱི་མེ་ལོང་གི་ཕྱག་རྒྱ་དང་། རཱུ་པ་བཛྲི་ཧུཾ་ཧཱུྃ་ཕཊ། ཅེས་གཟུགས་དང་། དེ་བཞིན་དུ་ཚིགས་བཅད་གཞན་རྣམས་སྔ་མ་བཞིན་དུ་བརྗོད་ལ། ཁྱད་པར་ནི་གཟུགས་ཞེས་པ་འོག་མ་བཞི་ལ་རིམ་པ་བཞིན་སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་པས་བརྗོད་ནས། བཞིན་རས་འཛུམ་ཞིང་སྐུ་ཡི་མཛེས་པ་སྟོན། །ཞེས་པའི་གནས་སུ། སྙན་པའི་པི་ཝང་བརྡུང་ཞིང་གླུ་ལེན་མ། །ཞེས་པ་གཅུག་པའི་རྗེས་སུ་སྔར་གྱི་པི་ཝང་བརྡུང་པའི་ཚུལ་དང་། ཤཔྟ་བཛྲི་ཧུཾ་ཧཱུྃ་ཕཊ། ཅེས་བརྗོད། དེ་བཞིན་དུ་འོག་མ་གསུམ་ལའང་ཤེས་པར་བྱའོ། །བཟང་པོའི་དྲི་ཡིས་ཕྱོགས་ཀུན་(༢༡ན)


GLG010_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འགེངས་མ། །བཛྲ་གནྡྷེ་བཛྲི་ཧུཾ་ཧཱུྃ་ཕཊཅེས་དང་། །བདུད་རྩིས་གང་བའི་རིན་ཆེན་སྣོད་འཛིན་མ། །བཛྲ་རཱ་ས་བཛྲི་ཧུཾ་ཧཱུྃ་ཕཊ། ཅེས་དང་། འཇམ་མཉེན་རེག་བྱ་མཆོག་གིས་ཡིད་འཕྲོག་མ། །སྤཪྴེ་བཛྲི་ཧུཾ་ཧཱུྃ་ཕཊ། ཅེས་འདོད་ཡོན་ལྔས་མཆོད་དོ། །དྲི་མེད་གསེར་གྱི་རྩིབས་སྟོང་འོད་འབར་བ། །རིན་ཅེན་ཨི་ནྟྲནཱི་ལའི་ཏོག་གིས་མཛེས། །སྣ་ཚོགས་ཕྲ་བཀོད་མུ་ཏིག་ཆུན་འཕྱང་གིས། ཁོར་ཡུག་བརྒྱན་པའི་གདུགས་ཀྱིས་མཆོད་པར་བྱ། །གཡོན་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཐེ་བོའི་སྟེང་དུ་གཡས་པ་ཁ་ཐུར་དུ་བསྟན་པ་བརྐྱང་ལ། བཛྲ་ཙྪ་ཏྲཾ་ག་པྲ་ཏཱི་ཙྪ་ཧཱུྃ་སྭཱཧཱ། ཞེས་གདུགས་དང་། དྲང་ཞིང་ལྡེམ་པའི་རིན་ཅེན་ཡུ་བ་ནི། །ཟླ་ཕྱེད་རྡོ་རྗེ་རིན་ཅེན་རྩེ་མོ་ཅན། །དར་ལྕེ་གསུམ་པ་རླུང་གིས་བསྐྱོད་པ་ན། །སིལ་སིལ་འཁྲོལ་བའི་དྲིལ་ཆུང་སྒྲ་སྒྲོག་ཅིང་། །སུམ་ཁུག་འཁྱོག་གི་འགྱིང་དང་རབ་ཏུ་ལྡན། །མཛེས་པའི་སྲོག་ཆགས་མཚན་མ་ཡོད་མོད་ཀྱིས། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་དང་། །རབ་མཛེས་བ་དན་རྣམས་ཀྱིས་མཆོད་པར་བྱ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གྲུ་མོ་བཙུགས་པའི་རྡོ་རྗེ་ཁུ་ཚུར་ཕྲག་པ་གཡོན་གྱི་ཕྱོགས་སུ་འཁྱེར་བ་དང་། །ལག་པ་གཉིས་བརྐྱང་ལ་སྲིན་ལག་གི་ཚིགས་དབུས་མ་བཀུག་ནས། །བ་དན་རྩེ་གསུམ་པའི་ཚུལ་དུ་བསྒྲེངས་ཏེ་ལག་པ་གཉིས་བརྐྱང་ནས་སྟེང་དུ་བཏག་པ་ལྟར་བཞག་ལ། །ཨོཾ་བཛྲ་ཀེ་ཏུ་བ་ཏངྐ་པྲི་ཏཱཙྪ་ཧཱུྃ་སྭཱ་ཧཱ། ཞེས་རྒྱལ་མཚན་དང་བ་དན་དབུལ། །ནམ་མཁའི་རྒྱན་གྱུར་རིན་ཐང་མེད་པའི་གོས། །སྣ་ཚོགས་དར་གྱི་ཤམ་བུ་གཡོ་བ་ཅན། །ཙནྡན་(༢༡བ)


GLG010_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གྱི་སྙིང་པོའི་དྲིས་བགོས་པ། །རབ་འབྱམས་བླ་བྲེའི་སྤྲིན་གྱིས་མཆོད་པར་བྱ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནམ་མཁའ་ལ་བླ་བྲེ་འདོགས་པའི་ཚུལ་ལམ། ཡང་ན་གཡོན་པང་པར་མཉམ་གཞག་བྱས་གཡས་ཁ་ཐུར་དུ་བསྟན་ཏེ་བླ་བྲེ་བསྐྱེད་པའི་བསམ་པས་ནམ་མཁའ་ལ་ཡོངས་སུ་བསྐོར་ལ། །བཛྲ་བ་ཏཱ་ན་པྲ་ཏཱིཙྪཧཱུྃ་སྭཱ་ཧཱ། ཞེས་བླ་བྲེ་དབུལ་ལོ། །ཛམ་བུ་ཆུ་བོའི་གསེར་ལས་ལེགས་བྱས་ཤིང་། །རྩིབས་སྟོང་ལྡན་པའི་དཔག་ཚད་ལྔ་བརྒྱ་པ། །ཉི་མ་གཉིས་པ་ལྟ་བུར་མཁར་འཕགས་ཏེ། །དཔག་ཚད་འབུམ་ལམ་ཉི་མ་གཅིག་གིས་གཅོད། །དེའི་མཐུས་ནམ་མཁའི་ལམ་ནས་དཔུང་ཚོགས་བཞི། །གླིང་བཞི་ལྷ་གནས་དང་པོར་བགྲོད་བྱེད་པའི། །འཁོར་ལོ་རིན་ཅེན་ཕུལ་བས་འགྲོ་བ་ཀུན། །ཆོས་ཀྱི་སྲིད་ལ་དབང་སྒྱུར་ཐོབ་པར་ཤོག །ལག་པའི་མཁྲིག་མ་གཉིས་བསྣོལ་ཏེ་རྒྱབ་སྦྱར་ལ་སོར་མོ་རྣམས་གཅིག་ལ་གཅིག་འཁྱུད་དེ། མཐེ་བོང་གཉིས་ལག་མཐིལ་དུ་བཀུག་ལ། བཛྲ་ཙཀྲ་རཏྣ་པྲ་ཏཱི་ཙྪ་ཧཱུྃ་ཕཊ་ཞེས་འཁོར་ལོ། །རིན་ཅེན་བཻཌཱུ་ཪྻ་ཡི་ཟུར་བརྒྱད་ལས། །སྤྲོས་པའི་འོད་ཀྱིས་དཔག་ཚད་བརྒྱ་ཡི་བར། །མཚན་མོའང་ཉིན་མོ་བཞིན་དུ་སྣང་བྱེད་ཅིང་། །ཚ་བས་གདུངས་ཚེ་འོད་ཀྱིས་བསིལ་བ་སྟེར། །དེར་ནི་དུས་མིན་འཆི་དང་ནད་རྣམས་སེལ། །ཡིད་ལ་གང་བསམས་ཕལ་ཆེར་འབྱུང་འགྱུར་པའི། །ནོར་བུ་རིན་ཅེན་ཕུལ་བས་འགྲོ་ཀུན་གྱི། །ཆོས་ལྡན་རེ་བ་ཡིད་བཞིན་འགྲུབ་པར་ཤོག །ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ཚིགས་བཅག་སྟེ་མཐེ་བོང་གཉིས་རྩེ་སྤྲད་ལ་ཙཀྲ་རཏྣའི་གནས་སུ། མཎིརཏྣ་ཞེས་ནོར་བུ་དང་ཡིད་འོང་ལྟ་ན་སྡུག་པའི་བུད་མེད་ནི། །ལུས་དང་ཁ་ནས་དྲི་ཞིམ་རབ་ཏུ་(༢༢ན)


GLG010_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །གང་གིས་རེག་ལ་བདེ་བ་མཆོག་སྟེར་ཞིང་། །གླིང་དེར་བཀྲེས་སྐོམ་མྱ་ངན་སེལ་བར་བྱེད། །བུད་མེད་སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ནི། །རྣམ་པ་བརྒྱད་དང་རབ་ཏུ་ལྡན་གྱུར་པའི། །བཙུན་མོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག རྡོ་རྗེ་འབྱུང་བ་ལས། རྡོ་རྗེ་ཐལ་མོ་ལས། །མཛུབ་མོའི་རྩེ་མོ་བཀུག་ནས་ནི། །གུང་མོ་མཉམ་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་པའི་ཕྱག་རྒྱ་དང་། སྟྲི་རཏྣཾ། ཞེས་བཙུན་མོ། གཞན་ལ་མི་འཚེ་ཆོས་མ་ཡིན་པ་སྤངས། །ཡང་དག་ཐ་སྙད་ལས་ལ་སྐྱོ་བ་མེད། །ས་ཡི་བདག་པོའི་ཡིད་ལ་བསམས་པ་རྣམས། །མ་སྨྲས་པར་ཡང་ཤེས་ནས་བསྒྲུབ་པར་བྱེད། །དཔུང་རྣམས་འགྲོ་དང་གནས་དང་ལྡོག་པ་ཡི། །བྱ་བ་ཀུན་ལ་རབ་ཏུ་མཁས་གྱུར་པའི། །བློན་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་སྐོང་བར་ཤོག །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་དང་། །ཐ་མ་བཞི་གཤིབས་ཏེ་བསྒྲེང་བའི་ཕྱག་རྒྱ་དང་། །པ་རི་ཎ་ཡ་ཀ་རཏྣ་ཞེས་བློན་པོ་དང་། །ཡན་ལག་བདུན་གནས་གངས་ཀྱི་རི་བོ་འདྲ། །རང་བཞིན་གླང་པོ་སྟོང་གི་སྟོབས་དང་ལྡན། །ཉི་མ་གཅིག་གིས་འཛམ་གླིང་ལན་གསུམ་འཁོར། །ཅང་ཤེས་སྐུད་པ་ཡིས་ཀྱང་བཀྲི་བར་ནུས། །གཞན་ལ་མི་གནོད་མི་འཁྲུག་དལ་གྱིས་འགྲོ། །ཕ་རོལ་སྡེ་ལས་རྒྱལ་བར་བྱེད་པ་ཡི། །གླང་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཐེག་པ་མཆོག་གི་བཞོན་པས་འགྲོ་བར་ཤོག །ལག་པ་གཡོན་པའི་ཐིལ་དུ་གཡས་པའི་གྲུ་མོ་བཞག་སྟེ་བསྒྲེངས་ལ་གཡས་པའི་ཁུ་ཚུར་འོག་ཏུ་གླང་པོའི་རྣམ་པར་བྱས་པའི་(༢༢བ)


GLG010_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གུང་མོ་གླང་པོའི་སྣ་ལྟར་བྱས་ལ། ག་ཛ་རཏྣཾ། ཞེས་གླང་པོ་དང་། །མེ་ཏོག་ཀུ་མུད་བཞིན་དུ་རབ་ཏུ་དཀར། །ལྷ་ཡི་གཙུག་རྒྱན་ནོར་བུ་སོགས་ཀྱིས་བརྒྱན། །མདོག་དང་དབྱིབས་དང་བོང་ཚོད་ཕུན་སུམ་ཚོགས། །བསྒོ་ན་ཉིན་གཅིག་འཛམ་གླིང་ལན་གསུམ་འཁོར། །ལུས་ལ་ནད་མེད་གཟི་བརྗིད་ཆེན་པོ་ཅན། །ཡོངས་སུ་ངལ་བ་མེད་པའི་བཞོན་པ་ནི། །རྟ་མཆོག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྫུ་འཕྲུལ་མཆོག་གི་ཤུགས་དང་ལྡན་པར་ཤོག །ཁུ་ཚུར་གཅེར་པའི་གུང་མོ་གཉིས་དང་སྲིན་ལག་གཉིས་བརྐྱང་མཐེ་བོང་གཉིས་རྣ་བ་ལྟར་བྱས་ལ། ཨ་ཤྭ་རཏྣཾ། ཞེས་རྟ་མཆོག །རྡོ་རྗེ་རིན་ཆེན་མཐོན་ཁ་མ་རྒད་དང་། །གསེར་དང་དངུལ་དང་སྤུག་ལ་སོགས་པ་ནི། །ཟད་པ་མེད་པས་ས་ཕྱོགས་རབ་འགེངས་པ། །དེ་ཡི་འབྱོར་པ་ཤིན་ཏུ་བརྟན་པ་སྟེ། །གཡོ་དང་སྒྱུ་མེད་གཞན་ལ་གནོད་པ་མེད། །སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་འགྱུར་བའི། །ཁྱིམ་བདག་རིན་ཅེན་ཕུལ་བས་འགྲོ་བ་ཀུན། །གསུང་རབ་རིན་ཅེན་མཛོད་ཀུན་འཛིན་པར་ཤོག །ཐལ་མོ་གཉིས་བཀན་ལ་སྙིམ་པའི་ཚུལ་དུ་བྱས་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཞག་ལ། གྲྀཧ་པ་ཏི་རཏྣཾ། ཞེས་ཁྱིམ་བདག་སྟེ་རིན་ཅེན་སྣ་བདུན་གྱིས་མཆོད་དོ། །འཁོར་ལོའི་སྐབས་ཀྱི་སྔགས་ཀྱི་ཐོག་མཐའ་ཕྱི་མ་དྲུག་ལའང་སྦྱར་རོ། །རིན་ཅེན་སྣ་བདུན་འབུལ་བའི་ཚིགས་བཅད་རྣམས་ནི་མདོ་དྲན་པ་ཉེར་གཞག་ལས་གསུངས་པའི་དོན་བསྡུས་པའོ། །བདུད་རྩིར་འགྲུབ་ན་ལག་མཆོད་ཀྱང་བྱ། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ། རྐང་བརྒྱད་བོད་སྐད་མའི་རྗེས་སུ་དྲིལ་སྟབས་སུམ་སྐོར་དང་བཅས། །མི་(༢༣ན)


GLG010_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། རང་བཞིན་འོད་གསལ་མཆོག་གི་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་ལོ། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང་། །ལས་ཀྱི་མཁའ་འགྲོ་ཕྱག་འཚལ་ལོ། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། མི་རྟག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་ལོ། །རིན་ཅེན་མཁའ་འགྲོ་རབ་ཏུ་ཟབ། །རྡོ་རྗེ་མཁའ་འདྲ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རིན་ཅེན་མཁའ་འགྲོ་ཕྱག་འཚལ་ལོ། །ཞེས་བསྟོད། གཟུངས་ཐག་ནས་བཟུང་མདུན་བུམ་དམིགས་པ་ཕྱོགས་གཅིག་གིས། བཟླས་པ་བུམ་པ་དང་དུང་ཆོས་ཀྱི་རྣམ་པར་གྱུར་པའི་བར་སྔར་བཞིན། དེ་ནས་དབྱུག་པའི་རྩེ་རྡོ་རྗེ་བཅིངས་པ་ལག་ཏུ་གཙོ་བོ་ཡབ་ཡུམ་ནས་རིམ་བཞིན་མཚན་མ་སོ་སོའི་ཐད་དུ་འཛིན་ཅིང་ཤར་ནས་ནུབ་ཏུ་ཕྱོགས་པས་རང་རང་སྔགས་བརྒྱ་རྩ་སོགས་བཟླས་ལ་བྱིན་གྱིས་བརླབས་པར་བསམ་མོ། །ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་གོས་ཟུངས་ཀྱིས་མཆོད། ཧཱུྃ། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྒྱུ་མའི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཁྲག་འབྱུང་དཔལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཡིག་བརྒྱས་བརྟན་པར་བྱ་ཞིང་གཏོར་མ་དང་པོ་དཀྱིལ་འཁོར་པ་དང་གཉིས་པ་དུར་ཁྲོད་ན་གནས་པའི་ཕྱོགས་(༢༣བ)


GLG010_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ལ་འཕྲིན་ལས་འཆོལ་བའི་བར་སྒྲུབ་ཐབས་བཞིན་ལ་མདུན་བསྐྱེད་ལ་འབུལ་རྒྱུ་ཡིན་པས་གསར་དུ་གདན་འཛོམས་པ་དང་གཤེགས་གསོལ་མི་དགོས་ཤིང་། སྒོས་ཀྱི་ཆོས་སྐྱོང་གང་ཡིན་གཞི་བདག་དང་བཅས་པ་རྣམས་ལ་འབུལ། སྒྲུབ་གྲོགས་དཀྱིལ་འཁོར་བསྲུང་དུ་བཅུག་དེ་ནས་གཙོ་བོ་ལས་གཉིས་པ་བྱེ་ན་སྒོ་ཁར་དུ་སྟེགས་ཀྱི་བར་གཏོར་མ་གཡས་ན་ཆུ་གཉེར་དང་གཡོན་ནས་ཉེར་སྤྱོད་ལྔ་བཀོད་པ་ཆང་ཆུ་སྦྲན། དཔོན་སློབ་ཐམས་ཅད་ཞྭ་གྱོན་རྡོར་དྲིལ་དང་བཅས་སྒྲུབ་ཁང་གི་ཕྱིར་ཐོན། དུས་གནས་ཀྱིས་ཕྱིར་འགྲོ་མ་ཐུབ་ན་ཡོལ་བས་གཡོབ། ཁྲིའུ་ཤིང་ལ་སློབ་དཔོན་བཞུགས་ཤིང་དམངས་རྣམས་དེ་ལ་ཁ་ཕྱོགས་ནས་རང་གཞན་གྱི་དཀྱིལ་འཁོར་བསྲུང་ཕྱིར་སུམྦྷ་ཁ་ཡར་བཟླ། རྡོ་རྗེས་ནང་མཆོད་འཐོར་བའི་ཚུལ་དང་བཅས། མཆོད་གཏོར་རྒྱས་བསྡུས་གང་རུང་གིས་བརླབ་པ་ནས་ཡིད་ལ་བདེ་བ་ཀུན་འགྲུབ་ཤོག་གི་བར་སྔོན་འགྲོ་གཏོར་མ་ལྟར་ལ། གང་དུ་བཅོམ་ལྡན་འདས་ལྷན་ཅིག །འོངས་པའི་ཕྱོགས་ཀྱི་བདག་པོ་རྣམས། །གང་ཡང་རྗེས་སུ་འབྲང་བཅས་འདིར། །འཁོད་པ་དེ་དག་ཐམས་ཅད་རྣམས། །བདག་ནི་རྗེས་སུ་བཟུང་པའི་ཕྱིར། །ཇི་ལྟར་རིགས་པར་གྱོན་པ་ཡི། །དྲི་དང་མེ་ཏོག་སོགས་གཏོར་མ། །སོ་སོར་བཞེས་ཏེ་སེམས་ཅན་རྣམས། །བྱམས་པའི་སེམས་ཀྱིས་བདག་ཅག་ལ། །གེགས་མེད་པར་ནི་མཛད་དུ་གསོལ། །ལས་ཀྱི་རྡོ་རྗེས་ཞལ་ཟས་ནས་གཡས་སྐོར་དུ་མཆོད་པ་རྣམས་གཏོར་སྣོད་ཀྱི་ནང་དུ་རིམ་བཞིན་བླུག །སློབ་དཔོན་གྱིས་ནང་མཆོད་ཀྱི་རྒྱུན་འཁྱེར་པའི་ཕྱེད་གཏོར་ནང་དུ་བླུག །ཕྱེད་(༢༤ན)


GLG010_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཏོར་ལམ་ཕྱེ། མཆོད་ཡོན་གཏོར་སྣོད་ལ་བསྐོར་ཏེ་འགྲོ་ཕྱོགས་སུ་སྦྲེངས་ལ་སློབ་དཔོན་གྱིས་མཆོད་ཡོན་གྱི་ཕྱག་རྒྱ་དང་བཅས། ཧྲཱིཿམ་ཤུདྡྷ་སརྦ་དྷ་རྨ་ས་རྦ་པཱ་པཾ་ནི་ཙཱ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀཝཱན་ཨ་པ་ན་ཡ་ཧཱུྃ། ཞེས་བརྗོད། ཡིག་བརྒྱའི་མཐར། སློབ་དཔོན་གྱིས་མཆོད་གཡོག་གི་གནས་གསུམ་དུ་བདུད་རྩི་རེག་ལ། ཨོཾ་ཨཱཿཧཱུྃ། ཞེས་གནས་གསུམ་བསྲུངས་ལ་ལག་པ་གཡས་པ་ས་ལ་བརྐྱང་སྟེ། ཨོཾ་བཛྲ་མུཿས་མགྲོན་རྣམས་སྒྲུབ་ཁང་གི་ཕྱོགས་མཚམས་སུ་གཤེགས། གསང་སྤྱོད་ལྟ་བར་མི་དབང་བའི་སོགས་བྱ། གཏོར་མ་རིང་དུ་དོར། སུམྦྷ་བརྗོད་རོལ་མོ་དྲག་ཏུ་བྱས་ནས་མཚམས་བཅད། ཁ་རྣ་མིག་སྣ་ཁ་ལག་མགོ་ལྟེ་བ་རྣམས་སུ་གཉིས་གསུམ་རེག །ཅེས་པ་ལྟར་ཉེ་རེག་བྱ། སློབ་དཔོན་གྱིས་རྗེས་མནན་ཏེ་ནང་དུ་ལོག །སྒོའི་ནང་དུ་ལས་བུམ་གྱི་ཆུས་བསངས། སྤོས་ཀྱིས་བདུགས། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། དཀྱིལ་འཁོར་ལ་ཡིག་བརྒྱ་རོལ་མོ་དང་བཅས་ནས་སྐོར་བ་གསུམ་མམ་བདུན་བྱ། ཤར་ནས་ཨོཾ་པྲ་ཏཱི་ཙྪ་བཛྲ་ཧོཿས་མེ་ཏོག་དབུལ། ཨོཾ་པྲ་ཏཱི་གྲྀ་ཧྞ་སྟྭཾ་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་རང་གི་མགོ་བོར་བཅིངས། རྡོ་རྗེ་ཁུ་ཚུར་རྒྱབ་སྤྲད་པ་ལས་མཐེའུ་ཆུང་སྦྲེལ། མཛུབ་མོ་གཉིས་བསྒྲེངས་པ་ཧཱུྃ་མཛད་ཀྱི་ཕྱག་རྒྱའི་ལྟེ་བ་ལ་མཛུབ་མོ་དྲལ་ཞིང་ཞབས་གཡས་བརྐྱང་ནས་ཨོཾ་བཛྲོ་ཏྦྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་ནུབ། ལྷོ་རྣམས་སུ་གནས་ནས་སྒོ་དབྱེ། ཨོཾ་པྲ་ཎ་མཱ་མ་སརྦ་ཏ་ཐཱ་ག་ཏཱ་ན། ཞེས་ཕྱག་བྱ། ཤར་སྒོར་འགྲེངས་ཏེ་འཕུད་པ་དང་བཅས། བདག་ལས་དང་པོ་བའི་རྟེན་གྱི་གང་ཟག་(༢༤བ)


GLG010_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པས་ཏིང་ངེ་འཛིན་མ་གསལ་བ་དང་། བྱིང་བ་དང་། རྒོད་པའི་དབང་དུ་གྱུར་པ་དང་། ཆོ་ག་ལྷག་ཆད་དུ་གྱུར་བ་དང་། མཆོད་པའི་ཡོ་བྱད་མ་འབྱོར་བ་དང་། ཉམས་པ་ལ་སོགས་པ་དཀྱིལ་འཁོར་ཆེན་པོ་སྒྲུབ་པ་ལ་སྐྱོན་དུ་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་བཟོད་པར་མཛད་དེ་ལྷག་ཆད་ཁ་སྐོང་བར་མཛོད་ལ། བདག་སོགས་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་དཀའ་དྲིན་རྒྱ་ཆེན་པོ་སྩལ་དུ་གསོལ། ཞེས་སོགས་གསོལ་བ་གདབ་བོ། །གཉིས་པ་ལ་བདག་ཉིད་འཇུག་པ་དང་སློབ་མ་རྗེས་སུ་འཛིན་པ་གཉིས་ལས། དང་པོ་ལ་དཀྱིལ་འཁོར་དུ་གཞུག་པ་དང་ཞུགས་པ་ལ་དབང་བསྐུར་བ་གཉིས་ཀྱི་དང་པོ་ལ་ཕྱི་འཇུག་དང་ནང་འཇུག་གཉིས་ལས། དང་པོ་ནི། སློབ་དཔོན་གྱི་མདུན་སྟེགས་ཁར་མཎྜལ་མེ་ཏོག་སྣོད་བཅས། དབུ་རྒྱན་བཞི་སྒྲོམས་ཀྱི་རིན་འབྱུང་གི་ཞལ་རས་ལ་བསྟན་པའི་སྟེང་དུ་དར་དཔྱངས་ཀྱིས་མཛེས་པར་བྱས་པ་འཇོག་པ་བུ་ལུགས་ལ་མཛད། ལས་ཀྱི་རྡོ་རྗེས་ཚོགས་པ་ཐམས་ཅད་ལས་བུམ་གྱི་ཆུ་དང་མེ་ཏོག་བཀྱེ་ཞིང་བསྡུ། སློབ་དཔོན་གྱིས་སྣ་དྲངས་ཏེ་ཐམས་ཅད་ཀྱིས་བུམ་ཆུ་ཅུང་ཟད་འཐུང་ཞིང་ཀུ་ཤས་འཐོར་པའི་སྟང་ཀ་བྱས་ལ། ཁཎྜ་རོ་ཧེས་ཁྲུས་བྱ། དེ་ཡང་སྒོམ་དོན་ལ་རྩ་བའི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ། ཆོ་ག་དཔོད་པ་སོགས་སློབ་དཔོན་གྱི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་དང་། དབང་རྫས་འགྲེམ་མཁན་དེའི་ཐུགས་ཀ་ནས་བྱེ་བའི་ཧེ་རུ་ཀས་མཛད་པར་མོས་པ་དམ་པ་རྣམས་ཀྱི་ཕྱག་ལེན་དུ་གནང་བ་ལྟར་བྱ། མཎྜལ་དྲི་བཟང་གི་སྨན་དང་བཅས་ཚོམ་བུ་བདུན་མ་ལ་(༢༥ན)


GLG010_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་འཇུག་པའི་ཆོས་ཟབ་མོ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། ཞེས་སོགས་གྱིས་མཎྜལ་དབུལ། མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །རྡོ་རྗེ་འཆང་ཆེན་ངོ་བོ་ཉིད། །དམིགས་མེད་བདེ་ཆེན་སྟོན་པ་པོ། །སློབ་དཔོན་ཆེན་པོ་ལ་ཕྱག་འཚལ་ལོ། །དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་བསྐྱེད་རྩ་ཉོན་མོངས་ཆོད་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་འགྲུབ་པར་མཛོད། །ཅེས་གསོལ་བ་གདབ། རང་ཉིད་དཔལ་འཁོར་ལོ་བདེ་མཆོག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པར་བསམ། ཁཎྜ་རོ་ཧེ་བཟླས་པའི་མིག་དར་དམར་པོ། ཨོཾ་ཙུཀྵ་བྷནྡྷ་བ་རཾ་ཨཱ་ན་ཡ་ཧཱུྃ། ཞེས་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་ལས་གུང་མཛུབ་གཉིས་བརྐྱང་སྟེ་མིག་གཡས་ནས་གཡོན་གྱི་བར་སྒོར་ཙམ་བྱས་ཏེ་མིག་དར་འཆིང་བའི་སྟང་ཀ་བྱེད། ཨ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་ཕྲེང་བ་འཛིན་དུ་བཅུག་ལ་སློབ་དཔོན་གྱིས་ཁཎྚ་བཟླ་ཞིང་ལས་བུམ་གྱི་ཆུས་བསངས། ཀྱེ། དགའ་བ་ལ་དགའ་ཁྱེད་སུ་ཞིག སློབ་མས། བདེ་ཆེན་བདག་ནི་སྐལ་བཟང་ལགས། །ཞེས་རིགས་ངེས་པར་བྱས་ནས། །དཀོན་ཅོག་གསུམ་ལ་བདག་སྐྱབས་མཆི། །ལན་གསུམ། རྡོ་རྗེ་ཐལ་མོའི་བར་འཕྲེད་ལ་བཞག་ལ། སྲས་བཅས་སངས་རྒྱས་ཐམས་(༢༥བ)


GLG010_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སོགས་ལན་གསུམ་གྱིས་སྡོམ་པ་བཟུང་། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་དུ་བསམ། ཨོཾ་སརྦ་ཡོ་གཙིཏྟ་ཨུ་པ་ད་ཡཱ་མི། རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཞག་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟཾ་ཧོཿསིདྡྷི་བཛྲ་ཡ་ཐ་སུ་ཁཾ། རྡོ་རྗེ་མགོ་བོར་བཞག་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དད་པར་ཡང་མ་ཡིན་ནོ། ཞེས་གསང་བར་གདམས། ཁཎྜ་རོ་ཧེ་དང་། ཨ་ཁཾ་ཝཱི་ར་ཧཱུྃ་གིས་ཡོལ་བ་སློབ་མ་དབང་བསྐུར་པའི་དུས་ལྟར་བསམ་ན་ལེགས་སོ། །གཉིས་པ་ནང་འཇུག་ལ་དཀྱིལ་འཁོར་གསང་བའི་ཕན་ཡོན་བསྒྲག་པ་ནི། མགོ་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་བར་བྱ་ཡི། ཁྱོད་ཀྱིས་ཀྱང་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་ཏ་རེ། མ་གསངས་པའི་ཉེས་དམིགས་བསྒྲག་པ་ནི། །རྡོ་རྗེ་མགོ་བོར་བཞག་སྟེ། །འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་ཡིན་ཏེ། །ཚུལ་འདི་འགའ་ཞིག་ལ་སྨྲས་ན་མགོ་བོ་འགས་པར་བྱེད་དོ། །ཡེ་ཤེས་(༢༦ན)


GLG010_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པ་གསངས་མ་གསངས་ཀྱི་ཕན་ཡོན་དང་ཉེས་དམིགས་བསྒྲག་པ་ནི། སྙིང་གར་རྡོ་རྗེ་རེག་ལ། །ཧེ་རུ་ཀཿ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཐོད་པར་གནས་པའི་བདུད་རྩི་ལྔ་དྲི་བཟང་དང་འདྲེས་པ་ལ། ཨོཾ་ཨཱཿཧཱུྃ། བཟླས་པ་བྱིན་ལ་དམ་ཚིག་བསྲུངས་མ་བསྲུངས་ཀྱི་ཕན་ཡོན་དང་ཉེས་དམིགས་བསྒྲག་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་ཡིས་འགྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ་ཧཱུྃ། ཞེས་འཐུང་། བླ་མ་བཀའ་གཉན་པར་གདམས་པ་ནི། རྡོ་རྗེ་མགོ་བོར་བཞག་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀཿང་ཡིན་གྱི། ངས་འདི་གྱིས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་དམ་ལ་བཞག་གོ །མཎྜལ་གླིང་བཞི་རི་རབ་ནས། ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཞེས་སོགས་བརྗོད། ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ་རང་སྐད་ཅིག་གིས་ཧེ་རུ་ཀར་གྱུར་པའི་སྤྱི་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་བུམ་པས་མཚན་པ་ལ་ཡི་གེ་ཧ་དཀར་པོ། སྙིང་གར་ལཾ་ལས་སའི་དཀྱིལ་(༢༦བ)


GLG010_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྲུ་བཞི་པ་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ་ཧཱུྃ་སྔོན་པོ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོ་རྣོ་ཞིང་འབར་བ་ལ་ཨ་དམར་པོ། རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་ཟུར་དུ་མཚན་པ་ལ་ཛྷེཿདམར་པོ་དྲག་ཅིང་བཟོད་པར་དཀའ་བ་འབར་བའི་གཟུགས་ཅན་དུ་བསམ་ལ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རླུང་གི་བ་དན་ལ་ཕོག །རླུང་གཡོས་པས་མེ་སྦར། དྷཻཿརྐང་མཐིལ་ནས་ཞུགས། སུམ་མདོའི་མེ་དང་འདྲེས། དེའི་འོད་ཀྱིས་སྙིང་གའི་སའི་དཀྱིལ་འཁོར་བསྲེགས། དེའི་བདེ་དྲོད་ཀྱིས་དཔྲལ་བའི་ཆུ་ཁོལ་སྙིང་གར་མེ་ཆུ་འཐབས་པའི་བདེ་དྲོད་ཀྱིས་ཉམས་དཔག་ཏུ་མེད་པ་སྐྱེས། གཞན་ཡང་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་གདོད་མ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རང་གི་ལུས་ལ་ཐིམ་པར་བསམ། ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་དང་། ཨ་བེ་ཤ་ཡི། །སྟཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུྃ། ཨཱཿཛྷཻཿབརྒྱ་འམ་ཉེར་གཅིག །བདུད་རྩི་ལྔ། ཤ་ལྔ། བུད་མེད་ཀྱི་འདོམ་དཀྲིས་ཀྱི་རས་ཟླ་མཚན་གོས་པ་གཏུབས་ལ། བྱི་ལའི་བྲུན། གུ་གུལ་རྣམས་བསྲེས་ཏེ་ཐོད་པར་རོ་སོལ་གྱི་དུད་པ་བཏང་ལངས་ཏེ་གཡས་བརྐྱང་བྱ། གཡས་ཌཱ་མ་རུ་གཡོན་དྲིལ་བུ་གསིལ་ཞིང་རོལ་མོ་དྲག་ཏུ་དཀྲོལ་བ་སློབ་མ་ལ་དབང་བསྐུར་དུས་ཀྱང་བྱ། རྡོ་རྗེ་མགོ་བོར་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ་(༢༧ན)


GLG010_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད། མགོན་པོ་རྡོ་རྗེ་ཆོས་ཆེན་པོ། འོད་དཔག་མེད་པ་བདེ་བ་ཆེ། །འདོད་ཆགས་ཆེན་པོ་ཆོས་སྲུངས་ཤིག །དགེ་དང་མི་དགེ་གང་ཡིན་དྲི། ཐལ་མོ་སྙིང་ག །མགྲིན་པ། དཔྲལ་བར་འཇོག་ཅིང་། ཨོཾ་ན་མ་ཏེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མ་ཧཱུྃ་སྭཱ་ཧཱ། ཤར་སྒོ་ནས་ཕྱག་བྱས་པར་མོས་ལ་ཐལ་མོ་སྙིང་གའི་གཡོན་དུ་སྦྱར་ནས། སརྦ་བཱི་ར་ཡོ་གི་ནཱི་བྷྱཿ། པཱུ་ཛ་ཨུ་པསྠཱ་ན་ཡཱ། ཨཱ་ཧྨ་ནཱི་ནིཪྻཱ་ཏ་ཡཱ་མི། ཨོཾ་སརྦཏ་ཐ་གཱ་ཏ་བཱི་ར་ཡོ་ནཱི་ནཾ་ཌཱ་ཀི་ནྱཱ་དྱཱ་ཨ་དྷི་ཏི་ཥྛནྟ་མཾ། མཁའ་འགྲོ་མ་མར་མེ་གཅིག་ལས་གཉིས་མཆོད་ཀྱི་ཚུལ་དུ་བྱུང་ནས་སྙིང་གར་མ་མེ་ཧས་རང་མཁའ་འགྲོ་མར་གྱུར་བར་བསམ། །ཁྱད་ནས་དཔྲལ་བར། ཨོཾ་སརྦབཱི་རི་ཡོ་གི་ནཱི་བྷྱཿཔཱཛ་ཡཛ་ཨཱ་དྨནཱི་ནི་ཪྻཱཧ་ཡཱ་མི། སརྦ་ཏཐཱ་ག་ཏ་ཝཱི་ར་ཡོ་གེ་ནཱི་མཱ་མ་དྱཱ་ཨབྷི་ཥིཉྩ་ཏུ་མཾ། ལཱ་མ་གཉིས་ལ་སོགས། ནུབ་ནས་ལྐོག་མར། ཨོཾ་སརྦ་བཱི་ར་ཡོ་གེ་ནཱི་བྷྱཿ པཱུ་ཛ་པྲ་བ་རྟ་ན་ཡ་ཨཱ་ཏཱི་ནིཪྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གེ་ནཱི་ཁཎྜ་རོ་ཧི་དྱ་པྲ་བརྟ་ཡནྟུ་མཾ། དུམ་སྐྱེས་མ་གཉིས་པ་སོགས། ལྷོ་ནས་སྤྱི་བོར། ཨོཾ་སརྦ་བཱི་ར་ཡོ་གེ་ནཱི་བྷྱཿ པཱུ་ཛ་ཀརྨ་ཎེ་ཨཱ་ཏྨཾ་ནཱཾ་ནིཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་རཱུ་པི་ནྱ་དྱཱ་ཀརྨ་ཀཪྻནྟུཾ་མཾ། གཟུགས་ཅན་མ་གཉིས་པ་སོགས་ཞེས་ཕྱག་བྱ། བླ་མས་གསུང་བར་བསམས་ཏེ། དེ་བཞིན་གཤེགས་པ་ཀུནགྱི་གནས། །ལྷ་མོ་རྣམས་ཀྱི་ཆོས་འབྱུང་ཉིད། །རིན་ཅེན་སྣ་ཚོགས་ཁང་བརྩེགས་མ། །ཧེ་རུ་ཀཿ དཔལ་ཕོ་བྲང་མཆོག །སྙིང་པོའི་དཀྱིལ་འཁོར་འདི་ཉིད་དུ། །བདག་གི་སློབ་མ་(༢༧བ)


GLG010_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དགུ །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །འདི་ཡི་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར་། །འདི་ཡི་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །དེ་ནས་སྔར་གྱི་མེ་ཏོག་ཕྲེང་བ་དེ་ཏྲཾ་ལས་སྐྱེས་པའི་རིན་པོ་ཆེའི་མེ་ཏོག་ཏུ་བསམ། གཙོ་བོའི་དབུ་ལ་མེ་ཏོག་ཕུལ་བར་བསམས་ལ། ཨོཾ་པྲ་ཧཱི་ཙྪ་བཛྲ་ཧོཿ ཞེས་དབུལ། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ། ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་མགོ་བོར་འཆིང་། སྙིང་གར་ཉི་མ་ལ་ཧཱུྃ། དཔྲལ་བར་རཾ། མིག་གཉིས་ལ་ཨོཾ་རེ་རེ་བསམས། ཧཱུྃ་གིས་བསྐུལ། སྔར་གྱི་སྡིག་སྒྲིབ་བསྲེགས། ཨོཾ་གྱིས་འོད་གསལ་བར་བྱས་ནས་མ་རིག་པའི་བསྒྲིབས་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་བསམས་ཏེ། ཨོཾ་ཧེ་རུ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵུ་བཛྲ་ཧཱུྃ་སྭཱ་ཧཱ། ཞེས་མིག་དར་འགྲོལ་པའི་ཕྱག་རྒྱ་སྔ་མ་ལས་ལྡོག་སྟེ་བྱ་ཞིང་སློབ་མ་ལ་དངོས་སུ་འགྲོལ། དཀྱིལ་འཁོར་ལྟ་བར་བསྐུལ་བ་ནི། ཨོཾ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །དེ་ནི་དད་པ་རབ་ཏུ་བསྐྱེད། ཁྱེད་ནི་རྣལ་འབྱོར་མ་རིགས་སྐྱེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །གྲུབ་ཀུན་ཁྱོད་ལ་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱངས་པ་དང་། །སྔགས་ཀྱི་དངོས་གྲུབ་བརྩོན་པར་གྱིས། །དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་ལྟར་མཐོང་བར་(༢༨ན)


GLG010_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། དེའང་སློབ་མ་རྗེས་འཛིན་གྱི་དུས་དཀྱིལ་འཁོར་ཡོངས་རྫོགས་སྒྲུབ་ཐབས་ལྟར་བརྗོད་ནས་བསྟན་ཏེ་བུ་ལུགས་ཀྱི་རྣལ་འབྱོར་རྒྱུད་ལ་ལུགས་ལྡོག་དང་བླ་མེད་ལ་ལུགས་འབྱུང་། ས་ལུགས་རྒྱུད་སྡེ་ཐམས་ཅད་ལ་ལུགས་འབྱུང་དུ་མཛད་པས་སྐབས་འདིར་དགོངས་པ་གཅིག་གོ །དེའི་ནང་ནས་ཁྱོད་ཀྱི་ལྷ་འདི་ལ་མེ་ཏོག་ཕོག་པས་དེའི་རིགས་ཡིན་ནོ། །ཞེས་ངོ་སྤྲོད། གཉིས་པ་ཞུགས་པ་ལ་དབང་བསྐུར་བར་བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་དང་བཞི་ལས། དང་པོ་ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་དང་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་གཉིས་ཀྱི་དང་པོ་ནི། མཎྜལ་བསྡུས་པའི་མཇུག་ཏུ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་དུ་ཞེས་སོགས་སྦྱར་ནས་དབུལ། ཇི་ལྟར་སངས་རྒྱས་མཁས་རྣམས་ཀྱིས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང་། མཆོག་ཀྱང་བདག་ལ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཨོཾ་བཛྲ་ཌཱ་ཁ་ཁ་ཁཱ་ཧི་ཁཱ་ཧཱིསརྦ་པཱ་པཾ་ད་ཧ་ན་བྷ་སྨིན་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕྱག་རྒྱ་དང་བཅས་ཏིང་ངེ་འཛིན་གྱི་སྦྱང་བ་བྱ། ཁཎྜ་རོ་ཧེས་བསངས། ཤཱུ་ནྱ་ཏཱས། རང་དང་རྣམ་རྒྱལ་བུམ་པའི་ཆུ་གཉིས་ཀ་མི་དམིགས་པ་སྟོང་པར་བསམས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་ཐུགས་ཀྱི་བདེ་མཆོག་འཁོར་ལོ། སྐུ་མདོག་སྔོན་པོ་ཕྱག་གཡས་རྡོ་རྗེ་བསྒྲེངས་པ་དང་བཅས་པས་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་བསྣམས་པ་དང་བཅས་པས་དཀུར་འཛིན་པ་ལ་རང་འདྲའི་ཤེས་(༢༨བ)


GLG010_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མས་འཁྱུད་པ། ཕྱག་རྒྱ་དང་བཅས། ཕཻཾ། ཐུགས་ཀ་ནས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཕཻཾ། སླར་ཡང་འོད་ཟེར་འཕྲོས །དབང་གི་ལྷ་རྣམས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཙྪ་ཏུ་མཾ། ཞེས་གསོལ་བ་བཏབ་པས་ཡུམ་རྣམས་ཀྱི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རིགས་བདག་གིས་དབུ་བརྒྱན་པར་བསམས། ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། ཐབས་ཤེས་རབ་སྙོམས་པར་ཞུགས་པས་བྱང་སེམས་ཀྱི་རང་བཞིན་དུ་ཞུ་བ་ལས་བྱུང་བའི་བུམ་ཆུར་བསམས། ཕྱག་རྒྱ་དང་བཅས། ཕཻཾ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་འཕྲོས་པས་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་དཔའ་མ། ཁྲོ་བོ་དང་ཁྲོ་མོའི་ཚོགས། ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། །ཐལ་མོ་སྦྱར་ཏེ། །རྡོ་རྗེ་ཅན་གྱིས་འགྲོ་སྐྱོབ་ཕྱིར། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་འདི་ལའང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་ལྔས་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་འབེབས་བཞིན་པས་བུམ་པའི་ཆུས་ཁྲུས་གསོལ། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ལྷ་མོ་རྣམས་ཀྱིས་མཆོད་པར་བསམ། མེ་ཏོག་འཐོར་བ་དང་བཅས། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ངེས་འབྱུང་བ། ཧེ་རུ་ཀཿདཔལ་འཇིགས་(༢༩ན)


GLG010_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེ་རོལ་མཛད་པའི། །བདེན་པ་འདིས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བུམ་པ་མགོ་བོར་བཞག་སྟེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་པཉྩ་ཌཱ་ཀིནཱི་བཱི་ར་སྟཾ། ཨ་བྷི་ཥིཉྩ་མཾ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་སོགས་ལྷ་སོ་སོའི་སྔགས་མཐར། ཨོཾ་བཛྲ་ཨུ་ད་ག་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་སྟྭཱཾ། ཨ་ཧཾ། ཞེས་རྣམ་རྒྱལ་བུམ་པ་ནས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ཆུ་བླངས་ལ་འཐུང་། ཞེས་དབང་བསྐུར། ལུས་གང་། སྒོ་གསུམ་གྱི་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་པར་བསམ། དབང་གི་ལྷ་རྣམས་མི་བསྐྱོད་པའི་རྣམ་པས་རང་གི་ལུས་ལ་ཐིམ་པར་བསམ། ལུས་ངག་ཡིད་གསུམ་མི་བསྐྱོད་པའི་རང་བཞིན་དུ་བསམས་པ་ལ། ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། དབང་རྣམ་པ་ལྔ་ལས་མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་སྦྱངས་རྣམ་པར་ཤེས་པའི་ཕུང་པོ་གནས་བསྒྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་ས་བོན་དང་བག་ཆགས་བཞག །མི་བསྐྱོད་པ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་སྒྲུབ་ལ་དབང་ངོ་། །ཁཎྜས་བསངས། ཤཱུནྱ་ཏཱས་རང་དང་དབང་རྫས་རིན་པོ་ཆེའི་ཅོད་པན་གཉིས་ཀྱི་མི་དམིགས་པ་སྟོང་པར་བསམ། སྟོང་པའི་ངང་ལས། པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་སྟེང་དུ་ཧཱུྃ་དང་རིན་པོ་ཆེ་ལས་སྐྱེས་པའི་ཡོན་ཏན་བདེ་མཆོག་འཁོར་ལོ་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་བསྒྱིངས་པ་དང་བཅས་པའི་སྐུར་འཛིན་ཅིང་(༢༩བ)


GLG010_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དྲིལ་བུ་ཐུགས་ཀར་ཕྱོགས་པ་ལ་རང་འདྲའི་ཤེས་རབ་མས་འཁྱུད་པ། ཕཻཾ། ཐུགས་ཀ་ནས་འོད་ཟེར་འཕྲོས། ཞེས་པ་ནས། རང་བཞིན་དུ་ཞུ་བ་ལས་བྱུང་པའི་དབང་རྫས་དབུ་རྒྱན་དུ་བསམ། ཕཻཾ། བླ་མ་དང་དཀྱིལ་འཁོར་ནས། ས་མཱ་ཛཿས་སྤྱན་དྲངས་པའི་བར་དང་རིན་ཅེན་ཅན་གྱིས་འགྲོ་སྐྱོབ་ཕྱིར། སངས་རྒྱས་ནས། གནས་ལས་བྱུང་བ་སྦྱིན་པར་བྱ། ཞེས་དབུ་རྒྱན་མགོ་བོར་བཅིངས་ལ། ཡོན་ཏན་དཔག་མེད་འབྱུང་བར་གནས། །ཡིད་བཞིན་རིན་ཆེན་སྣ་ཚོགས་རྒྱལ། །ངོ་མཚར་གཟི་བརྗིད་ཆེན་པོའི་མཆོག །ཅོད་པན་གྱིས་ནི་དབང་བསྐུར་རོ། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟཾ། ཨ་ཧཾ། ཀུ་ཤ་སྤྱི་བོར་རེག་ལ། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཱཾ། ཨ་ཧཾ། བུམ་ཆུ་འཐུང་། ཞེས་དབང་བསྐུར། ལུས་གང་། སྒོ་གསུམ་གྱི་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་བསམ། དབང་གི་ལྷ་རྣམས་རིན་ཆེན་འབྱུང་ལྡན་གྱིས་རྣམ་པས་རང་གི་ལུས་ལ་ཐིམ་པར་བསམས། ལུས་ངག་ཡིད་གསུམ་རིན་ཅེན་འབྱུང་ལྡན་གྱི་རང་བཞིན་དུ་བསམས་པ་ལ་གོང་ལྟར་མཆོད། དབང་རྣམ་པ་ལྔ་ལས་རིན་ཅེན་འབྱུང་ལྡན་དབུ་རྒྱན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣའི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཅེན་འབྱུང་ལྡན་གྱི་ས་བོན་དང་བག་ཆགས་བཞག །དེ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་སྒྲུབ་པ་ལ་དབང་ངོ་། །ཁཎྜས་བསངས། ཤཱུརྱ་ནྱ་ཏཱས་རང་དང་དབང་རྫས་རྡོ་རྗེ་གཉིས་ཀ་མི་དམིགས་པའི་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་(༣༠ན)


GLG010_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་དང་འཁོར་ལོ་ལས་སྐྱེས་པའི་གསུང་གི་བདེ་མཆོག་འཁོར་ལོ་སྐུ་མདོག་དམར་པོ་གཡས་པདྨ་བསྒྱིངས་པ་དང་བཅས་པས་དཀུར་འཛིན་ཅིང་། གཡོན་དྲིལ་བུ་ཐུགས་ཀར་ཕྱོགས་པ་ལ་རང་འདྲའི་ཤེས་རབ་མས་འཁྱུད་པ། ཕཻཾ། ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་ཞུ་བ་ལས་བྱུང་བའི་རྡོ་རྗེར་བསམ། ཕཻཾ། བླ་མ་ནས་ས་མཱ་ཛཿས་སྤྱན་དྲངས་པའི་བར་དང་། །པདྨ་ཅན་གྱིས་འགྲོ་སྐྱོབ་ཕྱིར། སངས་རྒྱས་ནས། གནས་ལས་བྱུང་བ་སྦྱིན་པར་བྱ། །སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེང་ནི་ཁྱོད་ཉིད་དབང་བསྐུར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང་། བཛྲ་ཨ་བྷི་ཥིཉྩ་མི། ཞེས་རྡོ་རྗེ་སྙིང་ག་མགྲིན་པ་དཔྲལ་བར་གཏུགས་ནས་ལག་པ་གཡས་སུ་སྦྱིན་པ་ཐུགས་ཀར་བཟུང་། སྤྱི་བོར་ཀུ་ཤ་རེག་ལ་ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟཾ་། ཨ་ཧཾ། ཞེས་དབང་བསྐུར་ལུས་གང་། སྒོ་གསུམ་གྱི་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་ལྟག་པར་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། དབང་གི་ལྷ་རྣམས་འོད་དཔག་མེད་ཀྱི་རྣམ་པས་རང་གི་ལུས་ལ་ཐིམ་པར་བསམ། ལུས་ངག་ཡིད་གསུམ་འོད་དཔག་མེད་ཀྱི་རང་བཞིན་དུ་བསམས་པ་ལ་གོང་ལྟར་མཆོད་ལ་དབང་རྣམ་པ་ལྔ་ལས་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས་འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་ས་བོན་དང་བག་ཆགས་བཞག །དེ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་སྒྲུབ་པ་(༣༠བ)


GLG010_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ངོ་། །ཁཎྜས་བསངས། ཤཱུནྱ་ཏཱས། རང་དང་དབང་རྗས་དྲིལ་བུ་གཉིས་ཀ་མི་དམིགས་པ་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁཾ་དང་རྡོ་རྗེ་ལས་སྐྱེས་པའི་དམ་ཚིག་བདེ་མཆོག་འཁོར་ལོ་སྐུ་མདོག་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་བསྒྱིངས་པ་དང་བཅས་པས་དཀུར་འཛིན་ཅིང་གཡོན་དྲིལ་བུ་ཐུགས་ཀར་ཕྱོགས་པ་ལ་རང་འདྲའི་ཤེས་རབ་མས་འཁྱུད་པ། ཕཻཾ །ཐུགས་ཀ་ནས་འོད་ཟེར་འཕྲོས་ནས། ཞུ་བ་ལས་བྱུང་བའི་དྲིལ་བུར་བསམ། ཕཻཾ ། བླ་མ་ནས། ས་མཱ་ཛས་སྤྱན་དྲངས་པའི་བར་དང་། སྣ་ཚོགས་ཅན་གྱིས་འགྲོ་སྐྱོབ་ཕྱིར། སངས་རྒྱས་ནས། གནས་ལས་བྱུང་བ་སྦྱིན་པར་བྱ། དྲིལ་བུ་སྤྱི་བོར་དཀྲོལ་ཞིང་། ཨོཾ ། དྲིལ་བུ་རྡོ་རྗེ་རབ་ལྡན་པ། ཤིན་ཏུ་དཔའ་བོ་ཉིད་དབང་བསྐུར། རྡོ་རྗེ་དམ་ཚིག་གནས་པ་ཁྱོད། བདག་པོའི་དབང་བསྐུར་རྒྱལ་མནོས་ཤིག །ཨོཾ་བཛྲ་གྷཎྜ་ཨཱཿཨཱཿ །འཁྱུད་རྒྱ་བྱ། བཅོམ་ལྡན་བཟུང་ངོ་བདག་ལ་ནི། ཡང་དག་ཉེ་བར་གྱུར་བར་མཛོད། སྤྱི་བོར་ཀུ་ཤ་རེག་ལ་ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཱཾ། ཨ་ཧཾ། ཞེས་དབང་བསྐུར། ལུས་གང་། སྒོ་གསུམ་གྱི་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡོན་པར་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསམ། དབང་གི་ལྷ་རྣམས་དོན་ཡོད་གྲུབ་པའི་རྣམ་པས་རང་གི་ལུས་ལ་ཐིམ་པར་བསམ། ལུས་ངག་ཡིད་གསུམ་དོན་ཡོད་གྲུབ་པའི་རང་བཞིན་དུ་བསམས་པ་ལ། གོང་ལྟར་མཆོད། དབང་རྣམ་པ་ལྔ་ལས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས་འདུ་(༣༡ན)


GLG010_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཕུང་པོ་གནས་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་ས་བོན་དང་བག་ཆགས་བཞག །དེ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་སྒྲུབ་པ་ལ་དབང་ངོ་། ཁཎྜ་བསངས། ཤཱུནྱ་ཏཱས། རང་ཉིད་མི་དམིགས་པ་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་ཀྱི་སྟེང་དུ་ཨོཾ་དང་འཁོར་ལོ་ལས་སྐྱེས་པའི་སྐུའི་བདེ་མཆོག་འཁོར་ལོ་སྐུ་མདོག་དཀར་པོ་གཡས་འཁོར་ལོ། གཡོན་དྲིལ་བུ་བསྒྱིངས་པ་དང་བཅས་པས་དཀུར་འཛིན་པ། རང་འདྲའི་ཤེས་རབ་མས་འཁྱུད་པ། ཕཻཾ། ཐུགས་ཀ་ནས་འོད་ཟེར་འཕྲོས་ནས། ས་མཱ་ཛཿས་སྤྱན་དྲངས་པའི་བར་དང་། འཁོར་ལོ་ཅན་གྱིས་འགྲོ་སྐྱོབ་ཕྱིར། སངས་རྒྱས་ནས། གནས་ལས་བྱུང་བ་སྦྱིན་པར་བྱ། རྡོར་དྲིལ་བསྣོལ་ཏེ་སྤྱི་བོར་དཀྲོལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་ཏི་པ་སྟྭི་ཨ་བྷི་ཥིཉྩ་མི། ཧེ་རུ་ཀ་ན་མ་ཨ་བྷི་ཥི་ག་ཏ། ཀྱེ་དཔལ་ཆེ་གེ་མོ་ཞེས་གསང་མཚན་ཤུབ་བུར་བརྗོད། སློབ་མ་ལ་དབང་བསྐུར་དུས་མིང་གདགས་སྤྱི་བོར་ཀུ་ཤར་རེག་ལ། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ག་སྟྭཾ། ཨ་ཧཾ། ཞེས་དབང་བསྐུར། ལུས་གང་། སྒོ་གསུམ་གྱི་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་དཔྲལ་བར་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ། དབང་གི་ལྷ་རྣམས་རྣམ་པར་སྣང་མཛད་ཀྱི་རྣམ་པས་རང་གི་ལུས་ལ་ཐིམ་པར་བསམ། ལུས་ངག་ཡིད་གསུམ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསམས་པ་ལ། སྔར་བཞིན་མཆོད། དབང་རྣམ་ལྔ་ལས་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་(༣༡བ)


GLG010_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གནས་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་ས་བོན་དང་བག་ཆགས་བཞག །དེ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་སྒྲུབ་པ་ལ་དབང་ངོ་། །ཞེས་དག་པ་སྦྱིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་དངོས་དང་མཐའ་བརྟེན་གཉིས་ཀྱི། དང་པོ་ནི། མཎྜལ་བསྡུས་པ་ལ་ཁྱད་པར་མ་ཚང་བ་མེད་པ་འདི་ཉིད་རྡོ་རྗེ་སློབ་དཔོན་གྱི་དབང་ཟབ་མོ་ཞུ་བའི་ཡོན་དུ་ཞེས་སོགས་ཀྱིས་དབུལ། ཀྱེ་ཧོ་སྙིང་རྗེའི་གཏེར་བདག་ལ། ཁྱེད་ཀྱི་བཀའ་དྲིན་གང་གིས་བདག །བདག་དང་གཞན་དོན་ནུས་གྱུར་པའི། །རྡོ་རྗེ་སློབ་དཔོན་དབང་བསྐུར་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ལྷོ་སྒོ་ལ་མངོན་དུ་ཕྱོགས་པའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ཤར་དུ་འཁོར་ལོ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲིས་མཚན་པའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་རང་ཉིད་འཁོད་པའི་གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། སྟེང་དུ་བླ་བྲེ། མདུན་དུ་མཆོད་རྫས། མཆན་ཁུང་དུ་ཁ་ཊྭཱཾ་ག་དང་བཅས་པར་བསམས་པ་ཡིད་ཀྱིས་བསྒོམ་ཞིང་སློབ་མར་དབང་བསྐུར་དུས་དབང་སྟེགས་དང་བཅས་པ་འགྲུབ་ན་དངོས་སུ་བྱ། ཁཎྜས་བསངས། ཤཱུ་ནྱ་ཏཱས། སྟོང་པར་བསམ། སྟོང་པའི་ངང་ལས་རང་ཉིད་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་དཔལ་བདེ་མཆོག་ནས། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་པའི་དབུས་ན་བཞུགས་པའོ། །ཞེས་པའི་བར་སྒྲུབ་ཐབས་བཞིན་རྒྱས་པར་བསྐྱེད། ཕཻཾ །ཐུགས་ཀ་ནས་འོད་ཟེར་འཕྲོས་བསྒོམས་པ་དང་(༣༢ན)


GLG010_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཕཻཾཿ བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ག་ནས་འོད་ཟེར་འཕྲོས། གཤེགས་པ་དང་གཤེགས་མ། །སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོའི་ཚོགས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། བདེ་གཤེགས་ཅན་གྱིས་འགྲོ་སྐྱོབ་ཕྱིར། ནས། བཱ་ར་སྟྭཱཾ། ཨ་བྷི་ཥིཉྩ་མི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་སོགས། ལྷ་སོ་སོར་སྔགས་མཐར། ཨོཾ་བཛྲ་ཨུ་ད་ག་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཾ། ཨ་ཧཾ། སྤྱི་བོར་བུམ་ཆུ་ཀུ་ཤས་གཏོར། ཞེས་དབང་བསྐུར། ལུས་གང་། སྒོ་གསུམ་གྱི་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ། དབང་གི་ལྷ་རྣམས་ཡེ་ཤེས་སེམས་དཔའི་ངོ་བོར་རང་གི་ལུས་ལ་ཐིམ་པར་བསམ། སྔར་བཞིན་མཆོད། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། དམ་ཚིག་གསུམ་སྦྱིན་པ་ནི། རྡོ་རྗེ་གཡས་སུ་བཟུང་ལ། ཁཎྜས་བསངས། ཤཱུནྱ་ཏཱས་རྡོ་རྗེ་མི་དམིགས་པ་སྟོང་པར་བསམ། སྟོང་པའི་ངང་ལས་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་བསམ། དེ་ཉིད་ཞུ་བ་ལས་བྱུང་པའི་རྡོ་རྗེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། ཨོཾ་མཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ལན་གསུམ་གསོར། དྲིལ་བུ་གཡོན་དུ་བཟུང་ལ། ཁཎྜས་བསངས། ཤཱུནྱ་ཏཱས་དྲིལ་བུ་མི་དམིགས་པ་སྟོང་པར་བསམ། སྟོང་པའི་(༣༢བ)


GLG010_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་ཨཱཿདང་དྲིལ་བུ་ལས་སྐྱེས་པའི་རྡོ་རྗེ་བསྙེམས་མ་སྐུ་མདོག་དཀར་མོ་གྲི་ཐོད་འཛིན་པའི་སྐུར་བསམ། དེ་ཉིད་ཞུ་བ་ལས་བྱུང་བའི་དྲིལ་བུར་བསམ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་བཛྲ་གྷཎྜ་ཨཱཿཞེས་དྲིལ་བུ་གསིལ། རྡོ་རྗེ་བཅས་པས་འཁྱུད་རྒྱ་བྱས་ལ་། །ཡིད་ཀྱི་ལུས་སུ་རྟེན་བྱེད་པ། །དམ་ཚིག་ཕྱག་རྒྱར་གྲགས་པ་ཡི། །དཀུར་ནི་ཉེ་བར་གནས་གྱིས་ལ། །ཕྱག་རྒྱ་རྟག་ཏུ་བརྟན་པར་གྱིས། །ཡེ་ཤེས་ཕྱག་རྒྱར་བྱིན་བརླབས་ནས། །འདོད་པ་ཐམས་ཅད་ལོངས་སྤྱད་དེ། །དངོས་གྲུབ་ཐམས་ཅད་སྒྲུབ་པར་གྱིས། །སྔར་བཞིན་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་ལོ། །ཤློཀ་གཅིག་གམ་ལྔས་བསྟོད། གཉིས་པ་མཐའ་བརྟེན་ལ་དཀྱིལ་འཁོར་གྱི་དེ་ཉིད་ནི། ཐམས་ཅད་དངོས་པོ་གཅིག་ཉིད་དུ། །སྤྲུལ་སྐུའི་མཛད་པ་རྫོགས་གྱུར་པ། །དུར་ཁྲོད་ཡིན་ཏེ་ལུས་སུ་དག །ཡེ་ཤེས་སྣང་བས་ཀུན་ཁྱབ་ཅིང་། །བདུད་བཅོམ་འོད་དང་རྡོ་རྗེ་ལྡན། །མི་མཉམ་མེད་པས་ཟུར་བཞི་པ། །འཕགས་པའི་བདེན་པ་ངོས་བཞི་ཉིད། །དྲན་པ་དབང་པོ་སྒོ་བཞི་སྟེ། །བསམ་གཏན་རྣམས་ཀྱིས་བབ་ས་ཉིད། །ཚོན་སྣ་ལྔ་པོ་སངས་རྒྱས་ཏེ། །དགེ་བའི་སྤྱོད་པ་ཤཱིཪྴཀ །དྲ་ཚོགས་བྱང་ཆུབ་ཡན་ལག་བདུན། །བ་དན་དྲིལ་བུ་གསུང་རབ་སྒྲ། །ཏིང་ངེ་འཛིན་གྱི་ཁ་ཁྱེར་ཏེ། །གཟུངས་ནི་འདོད་པའི་ལྷ་མོའོ། །པདྨ་འདམ་གྱིས་མ་གོས་ཏེ། །རྣམ་(༣༣ན)


GLG010_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བརྒྱད་ཀྱི་ཀ་བ་རྣམས། །སྣ་ཚོགས་ཆོས་འཁོར་རྒྱལ་པོའི་གནས། །འཁོར་ལོ་གདུགས་ཀྱི་རྣམ་པར་མཛེས། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར། །རྩེ་མོ་རྡོ་རྗེས་བརྒྱན་པ་ཉིད། ཅེས་དང་། ལྷའི་དེ་ཉིད་ནི་ལུས་དྲན་པ་ཉེ་བར་བཞག་པ་ནི་མཁའ་འགྲོ་མ་སོགས་སྒྲུབ་ཐབས་བཞིན། སློབ་དཔོན་གྱི་དེ་ཉིད་ནི ། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དེང་། །སྟང་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་བ། །སླར་བསྡུ་བ་ཡི་རྣམ་པ་སྟེ། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་བརྗོད། མིག་དབྱེ་བ་ནི། རང་གི་མིག་གཉིས་སུ་པྲ་མི་ཤེས་པའི་རབ་རིབ་འདུས་པ་ལ། པྲ་ལས་སྐྱེས་པའི་གསེར་གྱི་ཐུར་མ་མར་དང་སྦྲང་རྩི་འདུས་པའི་མིག་སྨན་བསྙུགས་པའམ་རྡོ་རྗེ་མིག་སྨན་འབྱུག་ཚུལ་བྱེད་ཅིང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏཱ་ཨ་པ་ཧ་ར་པ་ཏུ་ལཾ་ཧྲི༔ ཞེས་ཕར་རབ་རིབ་བསལ། ཚུར་མིག་སྨན་བྱུགས་པས་ཡེ་ཤེས་ཀྱི་སྤྱན་དབྱེ་བར་བསམ། མེ་ལོང་བསྟན་པ་ནི། ཨཱ་ལས་སྐྱེས་པའི་མེ་ལོང་ཨཱཿཡིས་བསྔགས་པ་བསྟན་པའམ། ལག་མཐིལ་ལ་ལྟ་ཚུལ་བྱས་ལ། ཨཱཿལས་སྐྱེས་པའི་མེ་ལོང་། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མང་། །རྒྱུ་དང་ལས་ལ་ཀུན་ཏུ་བྱུང་། །རང་བཞིན་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་ནི་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། ཞེས་བརྗོད་ལ་ཆོས་(༣༣བ)


GLG010_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཚན་ཉིད་བསྟན་ནོ། །ཨཱ་ལས་སྐྱེས་པའི་དྲིལ་བུ་ཨཱ་བཟླས་པ་དཀྲོལ་ཞིང་། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡི། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་སྒྲ་ཐམས་ཅད་ནམ་མཁའ་ལྟར་ཤེས་པར་གྱིས་ཤིག །ཧོཿལས་སྐྱེས་པའི་མདའ་གཞུ་ལ་ཧོཿབཟླས་པ་བཟུང་སྟེ། ཆོས་ཉིད་གཞུ་ཡི་ཡེ་ཤེས་མདའ། །ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཕོངས། །བདུད་སོགས་བཅོམས་པས་དེ་བཞིན་གཤེགས། །ཐམས་ཅད་རྗེས་སུ་མཉེས་པར་གྱིས། །ཞེས་ཕྱོགས་མཚམས་སྟེང་འོག་ཏུ་མདའ་འཕེན་ཚུལ་བྱེད། སྤྱིར་ཆོས་བཤད་པའི་རྗེས་གནང་ནི། ཨོཾ་བཛྲ་ཧེ་ཏུ་མཾ་རྐང་པ་གཉིས་ཀྱི་བར་དུ་མཾ་ལས་སྐྱེས་པའི་འཁོར་ལོ། ཨོཾ་བཛྲ་བྷ་ག་རཾ། ལག་པ་གཡས་སུ་རཾ་ལས་སྐྱེས་པའི་དུང་ལག་པ་གཡོན་དུ་ཨ་ལས་སྐྱེས་པའི་དྲིལ་བུ་དང་པོ་ཉི། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་པ་ཡི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །སྐྱེ་བོ་ཡོངས་ལ་རྟག་ཏུ་གཤོད། །དེ་ལྟར་བྱས་ན་སེམས་ཅན་ལ། ཕན་ཐོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་། །ཁྱོད་ལ་རྟག་ཏུ་བསྲུང་བར་བྱེད། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་ནི་འཛིན་གྱུར་པས། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བསྲུངས། སེམས་ཅན་ཀུན་ལ་རྗེས་བརྩེ་བས། ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། སྒྲུབ་(༣༤ན)


GLG010_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་རྣམས་རྒྱུད་ལ་སྦྱོར། ཞེས་བརྗོད། དཀྱིལ་འཁོར་འདྲི་བའི་རྗེས་གནང་ནི། ཁཎྜས་བསངས། ཤཱུནྱ་ཏཱས་འཁོར་ལོ། རྡོ་རྗེ། རིན་པོ་ཆེ། པདྨ། རལ་གྲི་རྣམས་སྟོང་པར་བསམ། སྟོང་པའི་ངང་ལས་རྣམ་སྣང་མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ་རྣམས་ཞུ་བ་ལས་བྱུང་བའི་ཕྱག་མཚན་དེ་དག་གི་རྣམ་པར་བསམས་ལ་རང་ཉིད་རིགས་ལྔ་སོ་སོའི་སྐུར་བསམས་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར། །ཆོས་ཀྱི་གནས་སུ། རྡོ་རྗེ། རིན་ཅེན། པདྨ། ལས་ཀྱི་འཁོར་ལོ། ཞེས་བསྒྱུར། དངོས་གྲུབ་སྒྲུབ་པའི་རྗེས་གནང་ནི། ཞི་རྒྱས་དབང་དང་དགུག་པ་དང་། །སྡང་བར་བྱེད་དང་རེངས་སོགས་དང་། །བསད་དང་བསྐྲད་པ་ཐམས་ཅད་དང་། །ལས་དེ་རྣམས་ནི་སྒྲུབ་པར་གྱིས། རལ་གྲིས་མིག་སྨན་ས་འོག་དང་། །རྐང་མགྱོགས་བཅུད་ལེན་མཁའ་ལ་བགྲོད། །མི་སྣང་ལ་སོགས་གྲུབ་པའི་ཚོགས། །ཅི་དགའ་བ་ནི་བསྒྲུབ་པར་གྱིས། ཞེས་བརྗོད། ཁས་བླང་བ་ནི། བླ་མའི་ཞབས་ལ་ཕྱག་བཙལ་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་ལྟར་བདག་ནི་བགྱིད་པར་འཚལ། །ཞེས་བརྗོད། རྡོ་རྗེའི་བརྟུལ་ཞུགས་ནི། ཁཎྜས་བསངས། ཤཱུནྱ་ཏཱས་རང་དང་རྡོ་རྗེ་མི་དམིགས་པ་སྟོང་པར་བསམ། སྟོང་པའི་ངང་ལས་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་བསམ། དེ་ཞུ་བ་ལས་བྱུང་བའི་རྡོ་རྗེར་བསམས་ལ་རྡོ་རྗེ་བསླང་པ་གསོར་ཞིང་། འདི་དེ་སངས་(༣༤བ)


GLG010_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །རྡོ་རྗེ་སྤྱི་བོའམ་སྙིང་གར་བཟུང་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྭཨེཀསྟྭཾ་དྷ་ར་ཡཱ་མ་བཛྲ་ས་ཏྭ་ཧཱིཿཧི་ཧི་ཧི་ཧཱུྃ། ཞེས་བརྗོད། ཁཎྜས་བསངས། ཤཱུནྱ་ཏཱས་སྟོང་པར་བསམ། སྟོང་པའི་ངང་ལས་དབང་རྫས་རྣམས་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་གཙོ་བོ་ཡབ་ཡུམ་གྱི་སྐུ་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་བསམ། དེ་རྣམས་ཞུ་བ་ལས་བྱུང་བའི་དབང་རྫས་སོ་སོར་བསམ། ཁ་ཊྭཱཾ་ག་དང་ཌཱ་མ་རུ། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྐྲ། ཁ་ཊྭཱཾ་རྡོ་རྗེ་དང་བཅས་ཤིང་། །དྲིལ་བུ་སིལ་སིལ་སྒྲ་སྒྲོག་པ། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཨོཾ་ཤཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནི་ཛཱ་ལ་ཤཾ་ཝ་རཾ་སྭཱ་ཧཱ། ཞེས་བདུད་རྩི་འཐུང་། མཆོད་པའི་རྗེས་གནང་ནི། པད་ཀོར་སྔོན་དུ་འགྲོ་བས་སྒེག་མོ་སོགས་བརྒྱད་ཀྱི་ལས་རྒྱ་བྱེད་ཅིང་དེ་དག་ཏུ་བསྒོམ་པ་ནི། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། སྲས་དང་བཅས་པ་རྣམ་རོལ་ཅིང་། །རྡོ་རྗེ་བསྙེམས་པའི་རྣལ་འབྱོར་གྱི། །དགའ་སྟོན་བདེ་བའི་མཆོད་པ་གྱིས། སྒེག་མོ། ཨ། སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །ངས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། ཕྲེང་བ་མ། ཨོཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། ཁྱོད་ཀྱིས་གླུ་ནི་བླང་བར་གྱིས། དེ་ཡིས་བདེ་གཤེགས་དངོས་གྲུབ་ཀྱི། །བདེ་བ་མྱུར་དུ་མྱོང་བར་འགྱུར། གླུ་(༣༥ན)


GLG010_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མ། གཱི །དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཉེས་པར་བྱས། །སངས་རྒྱས་འདུལ་བའི་འཕྲིན་ལས་ཀྱིས། གར་མཁན་ཚུལ་དུ་བསྒྱུར་བར་གྱིས། གར་མ། ཧོཿ རྫོགས་སངས་རྒྱས་ལ་སྤོས་ཕུལ་པས། །བརྟུལ་ཞུགས་བཟང་པོས་ལེགས་ཚོམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། བདུག་སྤོས་མ། ཨཱཿ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་ནས། །མཚན་དང་དཔེ་བྱད་ལྡན་པར་ནི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །མེ་ཏོག་མ། བྷྲུཾ། སེམས་ཅན་མ་རིག་ལྡོངས་པ་ལ། །ཆོས་ཀྱི་མེ་ནི་ལེགས་སྤར་ནས། རྡོ་རྗེ་ཆོས་དང་འདྲ་བ་རུ། །ཆོས་ཀྱི་རྣམ་པར་འབར་བར་གྱིས། །མར་མེ་མ། པྲ། ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བགོས། དྲི་ཆབ་མ། ཞེས་བརྗོད། ལུང་བསྟན་པ་ནི། བླ་མ་ཤཱཀྱ་ཐུབ་པའི་རྣམ་པར་འཕོས་ནས་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་དྲྭ་རི་དྭགས་ཀྱི་རྣ་བ་ལྟར་འཛིན་པས་དྲིལ་བུ་འཆང་། གཡས་མཆོག་སྦྱིན་པའི་ཕྱག་རྒྱས་རྡོ་རྗེ་བསྣམས་ཏེ་རང་གི་གསང་མཚན་ནས་ལུང་སྟོན་པར་བསམས་ལ། ཨོཾ། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། །ཀྱེ། ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུ་རྦྷུ་ཝ་སྭཿ གང་ལ་ཚིག་འདིས་ལུང་བསྟན་པ། །དེ་ལ་སངས་རྒྱས་བྱང་ཆུབ་སེམས། (༣༥བ)


GLG010_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པ་མགྲིན་གཅིག་ཏུ། །བྱང་ཆུབ་ཆེན་པོར་ལུང་སྟོན་ཏེ། །ཕྱག་རྒྱ་སྔགས་འདིའི་མཐུ་ཡིན་ཞེས། །སློབ་མ་དད་པ་རབ་ཏུ་བསྐྱེད། ཅེས་བརྗོད། ཉན་རང་ཡིད་བྱེད་ཀྱི་སེམས་སྤང་བར་གདམས་པ་ནི། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་པས། །དེ་བས་འདོད་ལ་ཆགས་བྲལ་བ། ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། སྔགས་ཀྱི་རྗེས་གནང་ནི། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧུཾ་ཕཊ། མེ་ཏོག་མགོ་བོར་བཞག་ལ། བཅོམ་ལྡན་འདི་ལ་སྦྱན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད། ལན་དུ། བཅོམ་ལྡན་གཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་བར་མཛོད། །ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧུཾ་ཕཊ། ཅེས་བརྗོད། སློབ་མ་ལྷ་ལ་དབུལ་བ་ནི། །གདུགས་བཟུང་ནས་དཀྱིལ་འཁོར་ལ་སྐོར་བ་བྱེད་ཅིང་། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད། །གཟེངས་བསྟོད་ཅིང་དབུགས་དབྱུང་བ་ནི། །བླ་མས་མཆོག་གསང་དཀྱིལ་འཁོར་དམ་པ་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མེད་དེ། །མི་ཐུབ་ཆུགས་པ་ཡོད་མིན་པས། །ཅིས་ཀྱང་མ་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། སྲིད་པའི་དུཿཁ་ལས་ཁྱོད་འདས། །གང་ཞིག་སྐྱེས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་ཆོས་སྨད་པར་མི་བྱ་སྟེ། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་(༣༦ན)


GLG010_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་ལ། །གསང་བ་དེ་ཉིད་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །སངས་རྒྱས་ཀུན་དང་མཚུངས་གྱུར་པའི། །སློབ་དཔོན་སྨད་པར་མི་བྱ་སྟེ། །རང་བདག་ཡོངས་སུ་སྤངས་པ་ཡི། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར་བདེ་བཟུང་ནས། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ཞེས་ཐལ་མོ་སྦྱར་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་དུ་ནི་བདག་གིས་བགྱི། །ཞེས་ཁས་བླང་ངོ་། །དེ་ལྟར་དབང་བཞི་ལས་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་འཁྲུད། བསྐྱེད་རིམ་ཁྱད་པར་ཅན་སྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ། །ཞེས་དག་པ་བརྗོད་དོ། །གཉིས་པ་གསང་བའི་དབང་ནི། རིག་མ་མཚན་ལྡན་དང་མཎྜལ་བསྡུས་པ་ལ་ཁྱད་པར་གསང་བའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དབུལ་བར་སོགས་ཀྱིས་འབུལ། །སྐྱོབ་པ་སྐྱབས་མེད་རྣམས་ཀྱི་སྐྱབས། །འཁོར་ལོ་སྡོམ་པ་བདག་ལ་སྐྱོབས། །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་བདག་ལ་མགོན་མཛོད་ཅིག །ཅེས་ལན་གསུམ་གྱིས་གསོལ་བ་གདབ། །སྔོན་ཆད་བྷ་གའི་དཀྱིལ་འཁོར་མ་མཐོང་བ་མཚོན་བྱེད་དུ། ཨོཾ་ཙཀྵུ་བྷནྡྲ་ཝ་ར་མ་ན་ཡ་ཧཱུྃ། ཞེས་མིག་དར་བཅིངས་ཏེ། བླ་མ་ཡབ་ཡུམ་སྒྲུབ་ཐབས་ལས་བྱུང་བའི་ཚིག་བརྗོད་དེ་གསལ་གདབ། བཅོམ་ལྡན་འདས་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་ནས། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུང་ཁ་ཞེས་པའི་བར་དང་། ཡབ་ཡུམ་གཉིས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་(༣༦བ)


GLG010_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་གསེང་སྒྲུབ་ཐབས་ལྟར་བརླབ། འཁྱུད་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་ཝ་ཨཱ་ཏྨ་ཀོ྅ཧཾ། སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས་སྤྱི་བོ་ནས་ཞུགས། ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ། སྐུའི་དབྱིབས་བརྒྱུད་དེ། རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་བདེ་བ་བརྟན་པར་བྱས་པའི་བྱང་སེམས། རང་ཉིད་འོད་དཔག་མེད་དུ་གྱུར་པ་ལ། །འདས་པའི་རྡོ་རྗེ་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །མཛེས་པས་བུ་ཁྱོད་དབང་བསྐུར་རོ། །ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧུཾ་ཕཊ། ཅེས་བདུད་རྩི་སྦྱིན། དེས་ཀྱང་སངས་རྒྱས་ཐམས་ཅད་འདུས་པའི་བློས། ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་མྱང་། རིག་མས་ཀྱང་གཅེར་བུར་པདྨ་ན་གནས་པའི་བྱང་སེམས། འདི་དེ་དཔའ་བོ་དཔའ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པའི་རོ་རྟོགས་བྱེད། །བདེ་བ་དེ་གང་མྱང་བར་བྱ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧུཾ་ཕཊ། ཅེས་བདུད་རྩི་སྦྱིན། དེས་ཀྱང་ཨ་ཧོ་མ་ཧཱ་སུ་ཁཾ། དེ་ལྟར་མྱངས་པས་མགྲིན་པར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འདུས་པའི་རྩ་འདབ་བཅུ་དྲུག་བྱང་ཆུབ་སེམས་ཀྱིས་གང་། དེ་ནས་བརྒྱུད་དེ་ལུས་ཐམས་ཅད་གང་བས་གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་སྐྱེས་པར་བསམ། ཨོཾ་ཨཱཿཧཱུྃ་ཞེས་མིག་དར་བཀྲོལ། དེ་ལྟར་དབང་བཞི་ལས་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། གཙོ་བོར་ངག་གི་དྲི་མ་འཁྲུད། བདག་བྱིན་བརླབས་(༣༧ན)


GLG010_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་སྒྱུ་མའི་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པའི་སྐལ་བ་དང་ལྡན་པར་བྱས་སོ། །ཞེས་དག་པ་བརྗོད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། མཎྜལ་ཁྱད་པར། ཤེས་རབ་ཡེ་ཤེས་ཀྱི་དབང་ཟབ་མོ་ཞུ་བའི་ཡོན་དུ་ཞེས་སོགས་ཀྱིས་དབུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར། ཙཀྵུ་བྷནྡྷས་མིག་དར་འཆིང་། རང་ཉིད་ཐུགས་ཀྱི་བདེ་མཆོག་འཁོར་ལོ་བུམ་དབང་གི་སྐབས་ལྟར་གསལ་བའི་སྙིང་གར་ཨོཾ་ཧ་དཀར་པོ་ནས། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་གུ །སྐུ་གསུང་ཐུགས་གོང་ལྟར་བརླབ། ཕཻཾ། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ་པ་དེའི་ལག་ཏུ་རིག་མ་གཏད། །བླ་མས་སངས་རྒྱས་ཐམས་ཅད་དཔང་པོར་བྱས་ཏེ་རིག་མའི་སྤྱི་བོར་རྡོ་རྗེ་བཞག་ནས། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱའང་། །བུ་ཡིས་བླ་མེད་མཆོད་པར་གྱིས། །ཞེས་ཕྱག་རྒྱ་གཏད་པས། རིག་མ་དེས་སྐྲ་བཤིག་གོས་དང་བྲལ་བར་བྱས་ནས་དྲི་བ་ནི། བཤང་གཅི་ལ་སོགས་ཟ་བ་དང་། ཁྲག་དང་ཁུ་བ་དེ་བཞིན་ཤ །རྟག་པར་བུད་མེད་མཆོག་གུས་པས། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་སྤྲོ་བར་བྱེད་དམ་ཅི། །བུ་ཡིས་ཇི་ལྟར་བདེ་བར་སྨོས། ལན་དུ། བཤང་(༣༧བ)


GLG010_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གཅི་ལ་སོགས་བཟའ་བ་དང་། །བུད་མེད་ལ་ཡང་རྟག་གུས་བགྱི། །བྷ་ག་ཉིད་ལ་འོ་བྱེད་པས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཞེས་བརྗོད་པས་ལྷ་མོ་དེ་མཉེས་ནས་གཅེར་བུར་པདྨ་རྒྱས་པ་ཁ་ཕྱེ་སྟེ་བསྟན་ལ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཅི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་གནས་ཏེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །བྱ་བ་ཐམས་ཅད་པདྨས་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ན་ཡང་དག་གནས། བྷཉྫ་མོཀྵ་ཧོཿ། ཞེས་གསུངས་པར་བསམས་ལ། རང་ཉིད་འཁོར་ལོ་བདེ་མཆོག་དང་རིག་མ་ཕག་མོར་གསལ་བ། ཕུང་ཁམས་སྐྱེ་མཆེད། གོ་བགོ་བ། གསང་གནས་བྱིན་བརླབ་འདུ་བྱ་བ་རྣམས་སྒྲུབ་ཐབས་བཞིན་བྱེད། །ཡུམ་གྱི་གཡོན་གྱི་ཆར་སོང་བའི་རྩའི་རྩེ་མོ་ཧྲཱིཿདམར་པོ་དང་ལྡན་པ། །མཛུབ་མོ་དང་ལྕེས་མིད་ཅེས་བྱ་བས་བསྐུལ་ནས། །པད་གོར་དང་བཅས། །ཨོཾ་ཥི་ཤི་ཤི་ཧ་ཧ་ཧ་སྭཱ་ཧཱ། །འཁྱུད་རྒྱ་བཅས་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཎ་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅ཧཾ། ཞེས་བརྗོད། སྙོམས་འཇུག་གི་དགའ་བའི་སྒྲ་དང་རང་དང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཤེགས་པ་དང་གཤེགས་མའི་ཆོ་ག་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ལུས་ལ་ཐིམ་པས་སྙོམས་འཇུག་གི་དགའ་བཞི་ཉམས་སུ་མྱོང་སྟེ། གང་ལ་ཐོག་མ་དབུས་མཐའ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །སྲིད་མེད་མང་ན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། ཅེས་འོད་གསལ་གྱི་བདེ་བ་མྱོང་ནས་ཡང་ཧཱུྃ་ཞེས་བཙན་ཐབས་ཀྱིས་གྱེན་དུ་དྲངས་(༣༨ན)


GLG010_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པས། གསང་བར་དགའ་བ། སྙིང་གར་མཆོག་དགའ། དཔྲལ་བར་ཁྱད་དགའ། གཙུག་ཏོར་དུ་ལྷན་ཅིག་སྐྱེས་དགའ་བརྟན་པར་བསམ། ཤེས་རབ་མ་མཉེས་ཏེ་དེའི་མགོ་བོར་ལག་པ་བཞག་ནས། དེང་ནས་གཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱིས་བྱོས། ཞེས་རྗེས་སུ་གནང་བ་སྦྱིན་ལ་འབྲུ་གསུམ་བརྗོད་ཅིང་མིག་དར་ཕྱེ། དེ་ལྟར་དབང་བཞི་ལས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཙོ་བོར་ཡིད་ཀྱི་དྲི་མ་འཁྲུད། ཕྱག་རྒྱ་ཆེན་པོ་དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་སངས་རྒྱས་གྱི་ཆོས་སྐུ་འཐོབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །ཞེས་དག་པ་བརྗོད་དོ། །བཞི་པ་ཚིག་དབང་ནི། མཎྜལ་ཁྱད་པར། དབང་བཞི་པ་ཞུ་བའི་ཡོན་དུ་ཞེས་སོགས་ཀྱིས་དབུལ། ཐལ་མོ་སྦྱར་ཏེ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། དེ་རིང་རིན་ཅེན་བཞི་པ་ཡང་། །བདག་ལ་བཀའ་དྲིན་རབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བ་མཚོན་བྱེད་དུ། ཙཀྵུ་བྷནྡྷས་མིག་འཆིང་། དབང་བཞི་པ་བླ་མའི་ཞལ་ལས་ཤེས་པར་བྱ་བ་ནི། འདི་སྐད་དུ། འགྲོ་བ་མ་ལུས་པའི་དོན་ཕུན་སུམ་ཚོགས་པར་བྱེད་པ། རྟོག་པའི་རྙོག་པ་དང་བྲལ་བ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རིག་པ་དང་ཐ་མི་དད་པ། ཐུབ་པའི་ཚོགས་དཔག་ཏུ་མེད་པའི་འོད་ཟེར་འཕྲོ་བའི་(༣༨བ)


GLG010_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་བདག་ཉིད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་བསྟན་པའི་ངོ་བོ་ཉིད་ཀྱི་ཚིག་གིས་སྦྱིན་པར་བྱའོ། །ཞེས་གསུངས་པ་གང་ཡིན་པ་སྟེ། ཟབ་པ་དང་རྒྱ་ཆེ་བ་ལ་མོས་པ་ལ་ནི་བློས་མཚན་མས་ཤེས་པ་ནི། དུ་བ་ལས་ནི་མེར་ཤེས་ཤིང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། ཞེས་གསུངས་པས། དགའ་བ་ནི་སྣང་བའི་ཡེ་ཤེས་ཏེ་བུམ་དབང་། མཆོག་དགའ་སྣང་བ་མཆོད་པ་སྟེ་གསང་དབང་། ཁྱད་དགའ་སྣང་བ་ཉེར་ཐོབ་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་། ལྷན་ཅིག་སྐྱེས་དགའ་ནི་ཐམས་ཅད་སྟོང་པ་འོད་གསལ་བ་སྟེ་དབང་བཞི་པ། དེ་ཡང་དྲི་མ་དང་བཅས་པ་ཡིན་ཅིང་། དེ་དཔེར་བྱས་ནས། དོན་གྱི་དབང་བཞི་པ་ནི། རྗེ་ཐམས་ཅད་མཁྱེན་པའི་ལུས་དཀྱིལ་འཁོར་གྱི་དབང་ཆོག་ལས། །དབང་གསུམ་པའི་སྐབས་སུ་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པ་དང་། སེམས་དེ་ཁོ་ན་ཉིད་ལ་ཞུགས་པའི་བདེ་བ་ཆེན་པོ་གཉིས་ཡོད་པ་དེ་བཞིན་དུ། དོན་གྱི་དབང་བཞི་པ་ཡང་ཕྱི་ནང་གི་ཆོས་བརྟན་གཡོ་ཀུན་གྱི་བདག་ཉིད་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དུ་གནས་པ་ལ། ཡུལ་ཅན་བདེ་བ་ཆེན་པོ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པས་གཉིས་སྣང་ཕྲ་མོ་ཡང་མེད་པའི་ཐུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་ཟད་པ་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་དང་། སོགས་ཀྱི་དོན་ལུས་ཡོངས་སུ་དག་པའི་སྒྱུ་མའི་སྐུར་སོང་ཞིང་དེ་གཉིས་པོ་ངོ་བོ་གཅིག་ཏུ་ཚོགས་པའི་ཟུང་འཇུག །རྫོགས་རིམ་གྱི་རིམ་པ་ལྔ་པ་བསམ་མི་(༣༩ན)


GLG010_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཀྱི་རིམ་པ་དེ་ཉིད་དོན་གྱི་དབང་བཞི་པ་ཡིན་ལ། དེ་ཉིད་ཚིག་དབང་གིས་ངོ་སྤྲད་པའི་ཐབས་ཀྱི་ལམ་གོམས་པར་བྱས་པ་ལས་མངོན་དུ་འགྱུར་རོ། །ཞེས་ཚིག་གིས་བརྡ་སྤྲད་པའི་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ཕྱིའི་སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པ་རིམ་གྱིས་བསྡུས་ཏེ་དེ་ཉིད་འོད་གསལ་སྟོང་པ་ཉིད་དང་བདེ་བ་ཆེན་པོ་གཉིས་དབྱེར་མ་མཆིས་པའི་སྤྲོས་བྲལ་གྱི་ངང་ལ་ཅུང་ཟད་ཅིག་མཉམ་པར་བཞག་ལ་འབྲུ་གསུམ་བརྗོད་ཅིང་མིག་དར་ཕྱེ། །དེ་ལྟར་དབང་བཞི་ལས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་བཞག །བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་བསྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ། །ཞེས་དག་པ་བཤད་དོ། །དོན་བསྡུས་ཏེ་ཁས་བླང་བ་ནི། གཙོ་བོས་ཇི་ལྟར་སོགས་དང་མཎྜལ་ཁྱད་པར། དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་ཞེས་སོགས་ཀྱིས་དབུལ་དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཀྱི། ཁྱོད་ཀྱི་སློབ་མར་གཟུང་བ་དང་། །ཆུ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །གཉིས་པ་སློབ་མ་རྗེས་སུ་འཛིན་པ་ནི། །རྡོར་དྲིལ་དང་བཅས་པས་དེ་ཁོ་ན་ཉིད་བསྐུལ་བ་དང་བདེན་སྟོབས་བརྗོད་པ་ནི། ཨོཾ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་(༣༩བ)


GLG010_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པའི་མཆོག །སེམས་དཔའི་རྡོ་རྗེ་ཚེ་རང་བཞིན། །བདེ་མཆོག་འཁོར་ལོ་བདག་གྲུབ་མཛོད། །ཀུན་མཆོག་ཡོན་ཏན་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །འདོད་ནས་གྲོལ་བ་དེ་བཞིན་བཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་བསྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དང་། །འདོད་ཆགས་མཆོག་གི་དམ་ཚིག་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་གང་གིས་ཡེ་ཤེས་མཆོག །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་ཡོངས་རྫོགས་མཛོད། །འདི་རྡོ་རྗེ་འཆང་མཁྱེན་རབ་རྗེ་སོགས་ཀྱི་ཕྱག་བཞེས་ལ་བདག་འཇུག་ལའང་མཛད། ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱ་མཚོ་སོགས་སློབ་མ་ལ་དབང་བསྐུར་པའི་དུས་མིན་པ་མི་མཛད། འཇམ་དབྱངས་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱེ་རྡོར་དབང་གི་མཚམས་སྦྱོར་སོགས་བླ་མེད་དཀྱིལ་ཆོག་གི་བཤད་པ་ཁུངས་བཙུན་པའི་ཡིག་ཆར་བརྟེན་(༤༠ན)


GLG010_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པ་སོགས་དབང་དོན་ལམ་གྱི་རིམ་པར་དྲིལ་ཞིང་རང་ཉིད་དང་སློབ་མ་འདོན་པ་ཁ་སྤོས་ལ་དབང་རྣམས་བསྐུར་ཏེ། མེ་ཏོག་འབུལ་བའི་སྔོན་དུ་བར་སྣང་གི་ཁ་དོག་དྲི་བ། དཀར་སེར་དམར་ལྗང་གི་དབྱེ་བས་ཞི་རྒྱས་དབང་དྲག་གི་དངོས་གྲུབ་འགྲུབ་ཚུལ། མེ་ཏོག་དོར་བས་རང་གི་ལྷས་རྗེས་སུ་འཛིན་ཚུལ། དཀྱིལ་འཁོར་དུ་ཞུགས་པ་ལ་དབང་སྟེགས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པའི་དབུས་སུ་པདྨ་འདབ་བརྒྱད་གྱིས་ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་བྲིས་པའི་ཁར་སློབ་མ་བཞག་ལ། ཧཱུྃ་བཟླས་པའོ། ཡུངས་ཀར། ཆུ། ཁམ་ཕོར། གཙོ་བོའི་སྙིང་པོ་བཟླ་ཞིང་ཉེ་རེག་ཧཱུྃ་བཟླས་པའི་སྤོས་མར་བསྲེགས་པས་བདུགས་པའི་སྦྱང་བ་བྱ་བ་སྤྱི་དང་འདྲ་བར་དབང་རྣམས་བསྐུར་རོ། །མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྐང་བརྒྱད་ཀྱི་བསྟོད་པའི་བར་སྒྲུབ་ཐབས་བཞིན་བྱ་ལ་བླ་མ་དང་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པས་བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ། མ་འབྱོར་བ་དང་ཉམས་པ་དང་སོགས་དང་། བདག་ལས་དང་པོ་པའི་ཞེས་པ་ནས། མ་ཚང་བ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཞེས་པའི་བར་གྱི་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་(༤༠བ)


GLG010_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ནས། མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ་ནས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་དཀྱིལ་འཁོར་ལ་མེ་ཏོག་འཐོར་ཚུལ་བྱ། །དགེ་བ་འདི་ཡིས་མྱུར་དུ་བདག །བདེ་མཆོག་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཆེ་བའི་ཆེ་མཆོག་མ་ཤློཀ་གསུམ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ་སོགས། འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས་སོགས། དེང་འདིར་རྣལ་འབྱོར་པ་བདག་ཅག་སོགས་བྱའོ། །སང་ནང་པར་སྔོན་འགྲོ་གཏོར་མ་ནས་བཟུང་། བདག་བསྐྱེད་གཙོ་བོ་ལ་བསྡུ་བའི་བར་གཏོང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བདུད་རྩིས་མཆོད། ཕྱག་རྒྱ་དང་བཅས། ཧཱུྃ་བཛྲོ་ཏྟིཥྛ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ནམ་མཁར་བཞུགས་པར་བསམ། སླར་ཡང་གོང་བཞིན་མཆོད། རྡུལ་ཚོན་གྱི་དཀྱིལ་འཁོར་སྦྱང་ནས་གཟུང་། བཀྲ་ཤིས་ཀྱི་བར་སྔར་བཞིན་བྱ། གྲོལ་རྒྱུའི་ཉིན་ལྟ་བུ་འདས་གཏོར་མིན་པ་གཞན་རྣམས་སྟེང་དུ་ཁྱེར་ཏེ་རོལ་མོ་དབྱངས་དང་བཅས་པས་སྤྱི་སྟོབ་ཕྱག་ལེན་བཞིན་ལག་ཏུ་བསྟར་རོ། །གསུམ་པ་རྗེས་ཀྱི་ཆོ་ག་(༤༡ན)


GLG010_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ལྷག་ཆད་སྐོང་ཕྱིར་འགྲུབ་ན་ཞི་བའི་སྦྱིན་སྲེག་འབུལ། ཚོགས་འཁོར་བྱ་བར་གསུངས་པ་རྒྱུད་སྡེ་རིན་པོ་ཆེའི་དགོངས་པ་དང་མཐུན་པ་ཞིག་བྱུང་ན་ལུགས་འདི་ལ་གལ་ཆེ་བར་སྣང་མོད་སྒྲུབ་པ་པོ་ཡིན་མིན་ལ་མ་བལྟོས་པའི་གྲིད་པའི་གསོན་དགེ་ལྟ་བུའི་ཐམས་ཅད་ཚོགས་ནས་ལོངས་སྤྱོད་པ་སོགས་རྣམ་པར་མ་དག་པའི་ལག་ལེན་ལ་ཕན་ཡོན་ལས་ཉེས་དམིགས་ཆེ་བར་མངོན་པས་རྡོ་རྗེ་འཆང་ཨེ་ཝཾ་པ་ཡབ་སྲས་ཚུལ་དེ་ལ་དགོངས་ཏེ་བཏང་སྙོམས་སུ་འཇོག་པ་གནང་བར་བདེན་ཁ་འབུལ་ལོ། །གཤེགས་གསོལ་གྱི་ཚེ། བསྟོད་པའི་རྗེས་སུ་ཕྱི་རོལ་པ་བཏང་། ནང་དུ་ཞུགས། མཆོད་ཡོན་དབུལ། བུམ་པ་གཉིས་དཀྱིལ་འཁོར་གྱི་ཤར་སྒོའི་ཁྱམས་གཡས་གཡོན་དུ་སྤྱན་དྲངས། ཧེ་རུ་ཀའི་ཡིག་བརྒྱ་བཟླ་ཞིང་། རོལ་ཆེན་དང་བཅས་དཀྱིལ་འཁོར་བུམ་པ། ནང་གཏོར་དང་བཅས་པར་སྐོར་བ་བདུན་ནམ་གསུམ་བྱ། སློབ་དཔོན་རྡོར་དྲིལ་འཛིན་པས་ཤར་སྒོའི་ཐད་དུ་འགྲེངས། སློབ་མ་རྣམས་ཀྱི་མཐའ་བསྐོར་ལ། བླ་མ་དང་ཞེས་སོགས་འདོད་གསོལ་དང་བདག་ལས་དང་པོ་པ་ཞེས་སོགས་བཟོད་གསོལ་རྒྱས་པར་བྱ། རྡུལ་ཚོན་དང་བུམ་པའི་ལྷ་ལ་དམིགས་ཏེ་གདངས་དང་བཅས་ནས། ཨོཾ། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱི་མཐར་བཛྲ་ནུཿས །བདག་མདུན་བུམ་གསུམ་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། དམ་ཚིག་པ་རང་ཉིད་ལ་ཛཿཧཱུྃ་བྷཾ་ཧོ་གཉིས་སུ་མེད་པར་བསམ། ལྷའི་ང་རྒྱལ་བརྟན་པོས། ཆོས་ཐམས་ཅད་ནི་སྐྱེ་བ་མེད་(༤༡བ)


GLG010_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ། །ཞེས་དེ་ཁོ་ན་ཉིད་ཀྱི་དོན་དྲན་བཞིན་པས་ཐོག་མར་བྲིས་པའི་དབང་ལྡན་གྱི་རྩེ་གང་ནས་བརྩམས་ཏེ་རྡོ་རྗེའི་རྩེས་འཁོར་ཡུག་ཏུ་ཁཊྣ་རོ་བརྗོད་ཅིང་བཤིག །ཤར་སྒོ་ནས་གཙོ་བོའི་མཚན་མའི་བར་མས་རིམ་གྱིས་བསྡུ་ཞིང་གཙོ་བོའི་མཚན་མ་ནས་སྤྱི་བོར་འཇོག །ཚོན་རྣམས་ལས་ཀྱི་རྡོ་རྗེས་ཕྱགས་ཏེ་བྱིན་རྟེན་དང་དོན་དུ་གཉེར་བ་ཡོད་ན་ཅུང་ཟད་སྟེར་རུང་། རྒྱས་པར་སྤྲོ་ན་རྡུལ་ཚོན་སྤྱན་འདྲེན་པའི་ཆོ་ག་དང་བཅས་ཆུ་བོ་ཆེན་པོར་དོར། ཐིག་རྗེས་ཆུས་བཀྲུས་ཏེ་མི་མངོན་པར་བྱེད། ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བསྣོལ་པའི་སྐམ་པའི་ཕྱག་རྒྱས། ཨོཾ་བཛྲ་ཀཱི་ལཱ་ཡ། ཨུཏྐི་ལཱ་ཡ། སརྦ་བི་གྷྣཱན་བཛྲ་དྷ་ར་ཨཱ་ཛྙ་པ་ཡ་ཏཱཾ་ཧཱུྃ་ཕཊ་ཕཊ་ཧཾ༔ཞེས་ཕུར་བུ་བཏོན། རྡོ་རྗེ་བསྡུ་རྒྱས། ཕུར་བུའི་ལྷ་རྣམས་རང་གི་ལག་གི་རྡོ་རྗེ་ལ་ཐིམ་པར་བསམ། ཨོཾ་རུ་རུ་སྤུ་རུ་ཛཱ་ལ་ཏིཥྛ་སིདྡྷ་ལོ་ཙ་ན་སརྦ་ཨརྠ་སཱ་དྷཱ་ནི་སྭཱ་ཧཱ། ཞེས་དཔལ་དང་ཕུར་ཁུང་འོ་མས་བཀྲུ་ཞིང་ཁུང་བུ་དགང་། བགེགས་ཐམས་ཅད་ཀྱི་རྨ་དང་ཟུག་རྔུ་ཐམས་ཅད་ཞི་ནས་སྒྲིབ་པ་དག་སྟེ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བསམ། །ཕུན་སུམ་ཚོགས་པ་ལ་སོགས་པའི་ཤིས་བརྗོད་རྒྱས་པར་བྱ་ཞིང་དཀྱིལ་འཁོར་གྱི་ས་གཞི་ཀུན་མེ་ཏོག་སིལ་མ་གཅལ་དུ་དགྲམ་མོ། །མ་དང་མཁའ་འགྲོ་བྱེ་བའི་དཀྱིལ་འཁོར་གྱི། །དབང་ཕྱུག་རིགས་ཀྱི་ཁྱབ་བདག་ཧཱེ་རུ་ཀཿ། །དཔལ་ལྡན་འཁོར་ལོ་སྡོམ་པའི་གསང་ཆེན་ལས། །ཤེས་རབ་རྒྱུད་དོན་སྙིང་པོའི་ཡང་རྩེར་སོན། །བསྐྱེད་དང་རྫོགས་(༤༢ན)


GLG010_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐེམ་སྐས་ལ་འཛེགས་ནས། །ཟུང་འཇུག་ཞིང་ཁམས་གཤེགས་པ་རབ་མང་ཡང་། །མངོན་སུམ་མཁའ་སྤྱོད་གནས་བྱོན་དྲིལ་བུ་བ། །གྲུབ་དབང་ཡོངས་ཀྱི་འཁོར་ལོས་སྒྱུར་པའི་དཔལ། །ལྗོངས་འདིར་བདེ་མཆོག་མཁན་པོར་ཁས་འཆེ་བ། །དྭགས་ཤངས་རྣལ་འབྱོར་པར་རློམས་མང་ན་ཡང་། །གསང་མཐའི་སྨིན་གྲོལ་རྒྱུད་བཤད་འཁྲུལ་མེད་དུ། །སྲོལ་འབྱེད་ས་སྐྱའི་འཇམ་དབྱངས་རིམ་བྱོན་ཙམ། ཐུབ་བསྟན་མཁའ་ལ་གསལ་བྱེད་ཉི་ཟླ་བཞིན། །མ་ཕམ་མགོན་པོ་བུ་སྟོན་རིན་ཅེན་གྲུབ། །བརྟན་པའི་འཁོར་ལོ་བློ་བཟང་གྲགས་པ་ཞེས། །མ་རྒྱུད་རིང་ལུགས་སྣང་བ་འོད་དུ་འབར། །སྔོན་བྱོན་དམ་པས་སྤེལ་པའི་འཆད་ཉན་གྱི། །བཤད་སྒྲུབ་ནོར་བུ་རྒྱལ་མཚན་རྩེར་འཆང་བ། །དེང་དུས་འཆལ་པའི་ལག་ལེན་འདམ་རྫབ་ཏུ། །ཆུད་པས་སྔར་གཞུང་ཕལ་ཆེར་དྲི་མས་སྦགས། །ཅི་ཕྱིར་སྤྱི་དང་ཟུར་བཀའི་རྣམ་དབྱེ་བྲལ། །སྟ་གོན་སྒྲུབ་མཆོད་མེད་པར་དབང་བསྐུར་བྱེད། །བཀླགས་ལུང་ངང་ནས་བུམ་ཆུ་སྦྱིན་ལ་བརྩོན། །ཐིག་ཚོན་ཆོ་གས་དབེན་ཞིང་གང་དྲན་འདྲི། །རས་བྲིས་ཤར་གྱི་ལྷ་རྣམས་དབུ་མཇུག་ལྡོག །སྒོ་མེད་གྲུ་བཞིའི་དཀྱིལ་འཁོར་དབྱིབས་ཅན་བཞེངས། །རྩམ་པའི་པདྨ་འདབ་བརྒྱད་ཚོམ་བུ་སོགས། །རྡོ་རྗེ་ཐེག་པ་མིང་ཙམ་གྱུར་པར་ལྟོས། །བསྟན་རྗེས་མ་ཞུགས་སྐྱེ་བོས་མི་དགེའི་ལས། །བསགས་ཀྱང་བཤགས་སླ་ཆོས་ལ་ཉན་བརྟེན་ནས། །སྡིག་ལྟུང་ལྕགས་ཀྱུས་རྡོ་རྗེ་དམྱལ་བ་རུ། །འཁྲིད་པའི་བློ་ངན་ཚུལ་ལ་སུ་ཞིག་དགའ། ཁྲག་(༤༢བ)


GLG010_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་ལྷ་ལྔའི་དཀྱིལ་འཁོར་འདིར་འབད་མཐུས། །གདན་གསུམ་ཚང་བའི་རྡོ་རྗེ་སློབ་དཔོན་གྱིས། །སྐྱེ་བར་རྗེས་བཟུང་ཉེ་བའི་ལམ་བཟང་པོར། །ཐོས་བསམ་སྒོམ་པ་ཚུལ་བཞིན་སྒྲུབ་ནུས་ཤོག །གྲངས་མེད་བསྐལ་བ་གསུམ་སྒུག་དུས་རིང་གིས། སྒྱིད་ལུག་བྱ་དཀའི་སྤྱོད་པ་རླབས་ཆེན་ལ། །བལྟོས་མིན་སྙིགས་མའི་ཚེ་གཅིག་ཐུང་ངུའི་ཡུན། ཁ་སྦྱོར་བདུན་ལྡན་ས་དེར་གོམ་འགྲོད་ཤོག །བདེ་ཆེན་གར་གྱི་རྣམ་རོལ་ཧེ་རུ་ཀཿ །སྟོང་ཉིད་སྙིང་རྗེའི་ཉམས་ཅན་ཕག་མོ་ཡུམ། །ཟུང་འཇུག་གདོད་ནས་སྙིང་དབུས་རྡོ་རྗེ་སེམས། །ཞུགས་ཏེ་མཁའ་ཁྱབ་འགྲོ་བ་འདྲེན་གྱུར་ཅིག །ཅེས་དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དཔའ་བོའི་གྲོང་འཇུག་འདི་ནི་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དོན་གཉེར་ཆེན་པོས་བསྐུལ་བའི་ངོར་སློབ་དཔོན་རྡོ་རྗེ་དྲིལ་བུ་བའི་བཞེད་གཞུང་མལ་གྱོ་ལོ་ཙཱ་བ་ལ་བརྟེན་ནས་ས་སྐྱའི་རྗེ་བཙུན་གོང་མ་རྡོ་རྗེ་འཆང་དང་ཞལ་མི་གཉིས་པ་རྣམས་དང་ཡར་ངོའི་རྗེས་སུ་འབྲངས་ནས་གཟེ་བ་བློ་ལྡན་སོགས་ཀྱིས་བཀྲལ་བའི་ལེགས་བཤད་ཀྱི་དགོངས་དོན་ཐམས་ཅད་མཁྱེན་པ་བུའི་ཐུགས་སྲས་སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ་གྱིས་མཛད་པའི་དཀྱིལ་ཆོག་སྙིང་པོ་དོན་གསལ་གཞིར་བཟུང་སྟེ་རྩ་བའི་བླ་མ་ཁྱབ་བདག་ཞ་ལུ་པ་ཆེན་པོ་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་དཀྱིལ་ཆོག་མི་འགྱུར་བདེ་ཆེན་དཔལ་སྟེར་གྱི་ཕྱག་ལེན་གཙོ་བོར་བྱས་ཞ་ལུ་ཤར་ཆེན་ཡེ་ཤེས་རྒྱ་མཚོས་མཛད་པའི་(༤༣ན)


GLG010_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ཆོག་བདུད་རྩིའི་ཆར་རྒྱུན་དང་རྒྱལ་བ་བཙོང་ཁ་པ་ཆེན་པོས་མཛད་པའི་ལུས་དཀྱིལ་རིན་ཅེན་བང་མཛོད་ལཱུ་ཨི་པའི་མཆོད་ཕྲེང་རྣམས་ནས་ལེགས་ཆ་བླངས་ཏེ་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་པའི་བཀའ་དྲིན་གྱིས་རྡོ་རྗེ་ཐེག་པའི་ཆོས་ཚུལ་ལ་སྨྲ་བའི་སྤོབས་པ་ཅུང་ཟད་རྙེད་པ་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་ཀུན་དགའ་ཞེས་པ་ཤིང་སྟག་དབྱུ་གུ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཚེས་ལ་རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞིང་ཁམས་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པས་བགྱིས་པ་སརྦྦ་དཱ་ཝ་རྔྷ་བྷ་ཝནྟུ། །མངྒ་ལཾ།།

ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་ལག་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་བཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིག


GLG010_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་ལག་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་བཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིག་བཞུགས་སོ།།


GLG010_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་སིདྡྷི། མཁའ་སྤྱོད་ཞིང་གི་རྡོ་རྗེ་བཙུན་མོ་ཡི། །ཉེ་ལམ་ནཱ་རོ་སྟ་པའི་ཐུགས་ཀྱི་བཅུད། །འཇམ་མགོན་ས་སྐྱའི་བླ་ཆེན་གསེར་ཆོས་མཆོག །སློབ་བཤད་འཛིན་མཁས་རིམ་བརྒྱུད་གསང་བའི་གཏམ། །གནད་འགག་སྒྲོ་འདོགས་བཅད་ནས་སྙིང་པོ་རུ། །དོན་བཟང་ཉམས་སུ་བསྟར་བྱེད་གྲོལ་ལམ་ཁྲིད། །རྟོགས་དཀའི་མཚོ་ལས་སྒྲོལ་ནུས་ཕྱག་བཞེས་གྲུས། །དམ་པའི་བཞེད་སྲོལ་ནོར་བུ་འདི་ན་འདྲེན། །དེ་ལ་འདིར་བདེ་བར་གཤེགས་པས་གསུངས་པའི་གསུང་རབ་མཐའ་དག་གི་མཆོག་ཏུ་གྱུར་པ་ངེས་གསང་རྡོ་རྗེ་ཐེག་པའི་ཡང་རྩེ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེའི་ནང་ནས་ཤིན་ཏུ་ཟབ་པ་རྣལ་འབྱོར་གསང་མཐའ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་བཅུད་ཕྱུང་བ་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་རྗེ་བཙུན་རྡོ་རྗེ་བཙུན་མོ་ཉིད་ཀྱི་འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་རྒྱན་ནཱ་རོ་ཏ་པ་ལ་དངོས་སུ་གནང་། དེས་ཀྱང་འཕགས་བོད་ཀྱི་སློབ་མ་གྲགས་ཆེན་གཞན་སུ་ལའང་མ་སྩལ་བར་བལ་པོ་ཕམ་མཐིང་བ་གཅེན་འཇིགས་མེད་གྲགས་པ་དང་གཅུང་ངག་དབང་གྲགས་པ་མཆེད་གཉིས་ལ་ཆིག་བརྒྱུད་དུ་གནང་བ་རྗེ་བཙུན་ས་སྐྱ་པ་ཆེན་པོར་བཀའ་བབས་པས་ལྕགས་རི་མི་འདའ་བའི་གསེར་ཆོས་བཅུ་གསུམ་མམ་ཀླུ་པའི་གསེར་ཆོས་(༢ན)


GLG010_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞིར་གྲགས་པའི་ནང་ཚན་ནས་མཆོག་སྒྲུབ་ཀྱི་མན་ངག་ཤིན་ཏུ་ཟབ་པ་ནཱ་རོ་མཁའ་སྤྱོད་ཀྱི་སྐོར་ཞེས་གྲགས་ཆེ་བས། ཐོས་ལོའི་མིང་ཙམ་དོན་དུ་གཉེར་བའི་དབང་དང་བྱིན་རླབས་དབྱེ་བ་མི་ཕྱེད་པར་རང་བཟོའི་སིནྡྷུ་རའི་བྱིན་རླབས་དང་ཡིག་རྙིང་གི་ལུང་ཁ་ཡར་དགེ་ཞལ་བོ་ཇོ་དྭགས་ཤངས་ཕྱོགས་སུའང་ཐོར་བུ་བྱུང་། ས་སྐྱའི་རྗེས་འབྲང་གོང་དཀར་བ་ཕྱོགས་ལ་གསན་ཡིག་རྒྱ་མཚོར་བྱིན་རླབས་གསན་ཚུལ་འདུག་ཀྱང་དེང་སང་དར་སོ་མེད། རྫོང་ཆུང་བར་ལུང་རྒྱུན་ཙམ་ལས་བྱིན་རླབས་ཁྲིད་དང་ཆག་མེད་ཀྱི་རྒྱུན་ཕྱིས་རིམ་གྱིས་ནུབ། ངོར་པ་རྣམས་ལ་ཐུན་མོང་བའི་ཁྲིད་མ་ཆད་ཙམ་མུས་ཕྱོགས་སུ་ཡོད་པར་གྲགས་རྒྱུ་མཚན་དེ་དག་ལ་བརྟེན་གདམས་པ་ཡོངས་སུ་རྫོགས་པ་ཚད་མ་བཞི་ལྡན་ཚད་མེད་ཁའུ་བྲག་རྫོང་པའི་ལུགས་འཛིན་རྣམས་ལས་གཞན་དུ་མེད་པར་སྣང་བས་གདུང་བརྒྱུད་རིམ་པ་དང་ཡར་ཀླུངས་པ་ཁུ་དབོན་ལས་སྙན་ནས་སྙན་དང་ཞལ་ནས་ཞལ་དུ་བརྒྱུད་པའི་མཁའ་འགྲོའི་ཁ་རླངས་ཅན་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་རྒྱུན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་རེག་ཟིག་ཏུ་མཛད་པའི་ཁྲིད་ཡིག་ཆེན་མོ་འདིར། བསྒོམ་བྱའི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་བསྐྱེད་རིམ་གྱི་བྱ་བ་དང་བཅད་དོན་ཉམས་སུ་ལེན་པ་སེམས་འཛིན་གྱི་བྱ་བ་གཉིས་ཟུང་(༢བ)


GLG010_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་དུ་མཛད་པའི་དབང་དུ་བཏང་ཞིང་། གསང་འདུས་བདེ་མཆོག་འཇིགས་བྱེད་སོགས་ལའང་འདི་དང་དབྱིབས་འདྲ་རུང་བྱུང་ན་དིང་སང་འཁྲིད་རྐྱང་ལས་རྣམ་བཤད་གཏོང་བའི་རྒྱུན་ཕལ་ཆེར་ནུབ། ལུགས་སྲོལ་འདིར་གདུལ་བྱ་དབང་པོ་རབ་འབྲིང་ཡན་ལ་ཟུང་འབྲེལ་དུ་གནང་བའི་ཕྱག་སྲོལ་མ་ནུབ་ཅིང་། །མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཁྲིད་ཡིག་ཏུ་ཁྲིད་རྐྱང་གི་ཚུལ་དུ་མཛད་འདུག་པ་དུས་ཀྱི་དབང་གིས་མི་རྣམས་བློའི་མཐུ་ཞན་པས་ལམ་འདི་ལ་མོས་ཤིང་དབང་པོ་རྟུལ་བའི་རིགས་རྗེས་སུ་འཛིན་པར་དགོངས་པ་ཆོས་རྒྱུན་སྤེལ་མི་ནུས་པའི་ཉམས་ལེན་ཙམ་བྱེད་པ་ལ་དེས་སྐབས་དོན་ངེས་པར་ཡང་འགྲུབ། རྗེས་འབྲངས་སུ་རློམ་པ་ལ་ལས་སྒྲོ་འདོགས་གཅོད་པ་དང་བཅད་དོན་ཉམས་ལེན་གཉིས་ངོས་མ་ཟིན་པའི་འདྲ་འདྲེས་སྣ་ཚོགས་ཀྱིས་ཕྱག་ལེན་འཆལ་བའང་བྱུང་ཚོད་དུ་སྣང་བ་དེ་འདྲའི་ཉེས་པ་ཁེགས་ཤིང་འཆད་ཉན་གྱི་རྒྱུན་ལ་ཕན་པའི་ཆེད་དུ་རྣམ་བཤད་དང་སེམས་འཛིན་ཟུང་འཇུག་མ་འདྲེས་པར་གཏོང་བའི་ཕྱག་ལེན་ལ། སྤྱིར་དྭགས་བརྒྱུད་པ་སོགས་རྩིང་པོར་སྤྱོད་པ་མང་པོ་བྱིན་རླབས་ཀྱིས་དབང་གོ་གཅོད་པ་སྡོམ་གསུམ་དུ། རྡོ་རྗེ་ཕག་མོའི་བྱིན་རླབས་ནི། །མར་པ་ལྷོ་བྲག་པ་ལ་མེད། ཅེས་ལོ་པཎ་ཡོངས་གྲགས་རྣམས་ཀྱི་དབང་གོ་བྱིན་རླབས་ཀྱིས་གཅོད་པ་མེད་པར་གསུང་ཤིང་དེ་དང་ཕྱོགས་མཐུན་པར་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་དང་རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས་ཚད་ལྡན་གྱི་མཁས་གྲུབ་ཐམས་ཅད་བཞེད་པ་ཡིན་ལ། ཁྱད་པར་ལུགས་སྲོལ་འདི་ལ་ས་སྐྱའི་འཇམ་མགོན་རྗེས་འབྲང་རྣམས་ཀྱི་ཕྱག་བཞེས་སུ་སྔོན་འགྲོ་འཁོར་ལོ་སྡོམ་པ་ལོ་ནག་དྲིལ་གསུམ་ལྟ་བུ་ཡབ་བཀའ་ཡུམ་བཀའ་གང་རུང་གི་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་ཅི་རིགས་པར་དབང་བཞི་མཚན་ཉིད་དང་ལྡན་པ་ཐོབ་པ། གལ་ཏེ་བདེ་མཆོག་(༣ན)


GLG010_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གི་རིགས་ཀྱི་དབང་མ་ཐོབ་ཀྱང་ཀྱེ་རྡོར་བཀའ་བབས་བཞི་སོགས་མདོར་ན་བདེ་དགྱེས་ཀྱི་རིགས་གང་ཡང་རུང་བའི་དབང་ཐོབ་པའི་སྣོད་ལྡན་རྣམས་ལ་ཐོག་མར་རྒྱུན་འཁྱེར་གྱི་མངོན་རྟོགས་འཛིན་དུ་བཅུག །ཡང་ངོ་མར་ངོའི་ཚེས་བཅུ་གང་རུང་དང་འབྲེལ་ན། དེ་མིན་དུས་གང་ཡང་རུང་བར་སིནྡྷུ་རའི་དཀྱིལ་འཁོར་དུ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་མཁའ་སྤྱོད་སྒྲུབ་པའི་ཉེ་ལམ་གྱི་ཡི་གེའི་སྟེང་ནས་ཕྱག་ལེན་འཁྲུལ་པ་མེད་པའི་བྱིན་རླབས་བྱ། དེ་ནས་བཟུང་རྒྱུན་འཁྱེར་གྱི་ཉམས་ལེན་དང་བཅས་དམ་བཅའ་གང་བྱས་ཀྱི་ཨོཾ་གསུམ་མ་ཆག་མེད་དུ་བཟླ། འདི་པའི་གདུལ་བྱ་དབང་པོ་རབ་འབྲིང་ཐ་མ་ཐ་མའི་ཐ་མ་སྟེ་བཞིར་བཤད་པ་ཐམས་ཅད་ཀྱི་ཐུན་མོང་དུ་ཉམས་སུ་བླང་བྱ། རྗེ་བརྩེ་བ་ཆེན་པོས་ཉལ་དང་ལྡང་དང་བདུད་རྩི་མྱང་། །ཆད་མེད་བླ་མ་བདག་ལྷར་བསྒོམ། །འགྲོ་བ་དག་པའི་རྣལ་འབྱོར་མ། །དཔའ་བོ་དཔའ་མོས་བྱིན་གྱིས་བརླབས། །ངག་བཟླས་ཡིད་བཟླས་གཉིས་གཅིག་ཡིན། །བསམ་མི་ཁྱབ་ཀྱི་རྣལ་འབྱོར་དང་། །སྤྱོད་ལམ་གྱི་ནི་རྣལ་འབྱོར་ཏེ། །དེ་ལྟར་རྣལ་འབྱོར་བཅུ་གཅིག་གོ །ཞེས་པ་འདི་ཉིད་འཆད་པ་ལ་སྒྲོ་འདོགས་གཅོད་པ་དང་། སེམས་འཛིན་གཉིས་ཀ་བྱུང་ཞིང་། དངོས་བསྟན་འདི་ལ་སྒྲོ་འདོགས་གཅོད་པའི་རྩ་བ་བྱས། བཅད་དོན་ཉམས་ལེན་ལ་གོ་བདེ་སྡོམས་ཚིག་ཏུ་བྱེད་ན། སྔོན་འགྲོ་དངོས་གཞི་རྗེས་གསུམ་དང་པོ་ལ། །ཐུན་མོང་ཐུན་མོང་མིན་པའི་ཐུན་མོང་བར། །དལ་འབྱོར་རྙེད་དཀའ་མ་རྟག་ལས་འབྲས་དང་། །འཁོར་བའི་ཉེས་དམིགས་ཐུན་མོང་མ་ཡིན་པར། །སྐྱབས་སེམས་རྡོར་སེམས་བླ་མའི་རྣལ་འབྱོར་ཁྲིད། །དངོས་གཞིར་བསྐྱེད་རྫོགས་གཉིས་ཀྱི་བསྐྱེད་པའི་སྐབས། །བྱ་བ་བྱེད་ཅན་གཉིས་ལས་ཕྱི་མའི་གྲངས། །ང་རྒྱལ་རྣམ་པ་གཉིས་ཀྱི་རྣམ་པ་ལ། །(༣བ)


GLG010_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དང་བྱེ་བྲག་ལུས་དཀྱིལ་སེམས་འཛིན་པ། །རྫོགས་པའི་རིམ་པར་གཞི་ལམ་འབྲས་བུ་གསུམ། །གཉིས་པ་མཆོག་ཉིད་དངོས་དང་བརྒྱུད་ནས་སྟོན། །ཕྱི་མར་ཆགས་ཅན་ཆགས་བྲལ་རྣམ་པ་གཉིས། །ཆགས་བྲལ་རླུང་སེམས་དབུ་མར་བསྡུ་བསྒོམ་ཟུང་། །བསྒོམ་པར་བདེ་བ་དང་ནི་སྟོང་པ་བསྒྲུབ། །གསུམ་པ་འབྲས་བུ་ཡན་ལག་བདུན་ལྡན་ཐོབ། །བསམ་མི་ཁྱབ་བྱ་མཇུག་སྡུད་ཚར་ཆོས་སྟོན། །ཞེས་གོ་བདེ་བར་བརྗོད་ནས་མཐུན་མོང་བའི་སྔོན་འགྲོ་གསུང་ངག་དང་བློ་སྦྱོང་སོགས་ཞུ་མྱོང་ན་བཏང་སྙོམས་སུ་བཞག །དམིགས་རྐང་དང་པོ་རྣལ་འབྱོར་བཅུ་གཅིག་གི་ཉལ་བ། ལྡང་བ། བདུད་རྩི་མྱང་བ་གསུམ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་བཅད་ངོར་ཉམས་སུ་ལེན་པའི་སྔོན་འགྲོའི་ས་བཅད་བཞི་པོ་བླངས་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་དམིགས་པ་གཏོང་། ཉལ་ལྡང་བདུད་རྩི་གསུམ་གྱི་དམིགས་པ་འང་དེ་གའི་དུས་སུ་ཉམས་སུ་ལེན་དགོས་པས་ཉན་ཆོས་ཅན་གྱིས་མི་ཆོག་ཅིང་དེས་མཚོན་རྣམ་བཤད་ཀྱི་གོ་དོན་སོ་སོའི་དམིགས་པ་གང་བྱུང་གི་ཚེ་ཉམས་སུ་ལེན་དགོས། ནུབ་གཉིས་པར་ཚད་མེད་པའི་རྣལ་འབྱོར་གྱི་སྐྱབས་འགྲོ་ལ་སྒྲོ་འདོགས་བཅད་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་སེམས་འཛིན་གཏོང་། ཁྲིད་མ་གྲོལ་བར་ཐུན་བཞི་ངེས་པར་དགོས་ཤིང་དམིགས་རྐང་སྔོན་མ་ཚོ་མ་ཆག་པའི་སྟེང་གསར་བ་ལ་ནན་ཏན་གྱིས་སྒོམ། །ནུབ་གསུམ་པར་བླ་མའི་རྣལ་འབྱོར་ལ་སྒྲོ་འདོགས་བཅད་ནས་མཎྜལ་གྱི་ཁྲིད་དུ་གྲགས་པ་གཉིས་བྲལ་འཆད་དུས་ཀྱི་ཞལ་ཤེས་དང་པོ་དང་གཉིས་པའི་སེམས་འཛིན་གཏོང་། བླ་མའི་རྣལ་འབྱོར་ཐུན་མོང་དེ་ཐོབ་ཉིན་ཐུན་གཅིག་ཙམ་ལས་སྟར་ཆགས་སུ་བསྒོམ་མི་དགོས། །ནུབ་བཞི་པར་མཐར་ཐུག་གི་སྦྱང་གཞི་ངོས་བཟུང་སྟེ་གནས་གསུམ་གྱི་མཁའ་འགྲོ་མ་དབང་དུ་འདུས་པར་བརྟེན་ལྷན་སྐྱེས་ཀྱི་རྣལ་འབྱོར་མས་བྱིནགྱིས་བརླབས་པས་རྟོགས་པ་ནང་ནས་འཆར་ཚུལ་ལ་སྒྲོ་འདོགས་(༤ན)


GLG010_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ནས་བཅད་དོན་མངོན་རྟོགས་རྒྱུན་འཁྱེར་ཚིག་ཟིན་ལྟར་བཤར་ནས་བཟླས་པ་དམ་བཅའི་གྲངས་དང་མཐུན་པ་ཆག་མེད་དགོས་ཚུལ་ཡིད་བཟླས་ཞར་བྱུང་རྫོགས་རིམ་རྣམས་ཀྱི་ངོ་གྲངས་ཙམ་བྱས་ནས་ང་རྒྱལ་གྱི་སེམས་འཛིན་གཏོང་། འདི་ནས་བཟུང་ཐུན་མཐར་བསམ་མི་ཁྱབ་ཐུན་མོང་བའི་མཇུག་སྡུད་རེའང་མཛད། །ནུབ་ལྔ་པར་སྐྱེ་ཤི་བར་དོ་གསུམ་སྦྱོང་བ་དང་བདག་གི་གཞི་སྦྱང་བར་སྒྲོ་འདོགས་བཅད་ནས་རྣམ་པ་སྤྱིའི་སེམས་འཛིན་གཏོང་། །ནུབ་དྲུག་པར་གཞི་བསྒྱུར་བའི་ཁ་ཊྭཱཾ་གའི་མཚོན་དོན་ཡན་ལ་སྒྲོ་འདོགས་བཅད་ནས་སྤྱན་དབུས་མའི་སེམས་འཛིན་གཏོང་། །ནུབ་བདུན་པར་དབུ་སྐྲ་ནས་དགའ་བ་བཅུ་དྲུག་རྒྱས་ཚུལ་ཡན་ལ་སྒྲོ་འདོགས་བཅད་པའི་སྤྱན་གཡས་གཡོན་ནས་ཞལ་གྱི་བར་གྱི་སེམས་འཛིན་གཏོང་། །ནུབ་བརྒྱད་པར་རིགས་བདག་དང་རྡོ་རྗེ་རྣལ་འབྱོར་མར་སངས་རྒྱས་ཐམས་ཅད་འདུས་ཚུལ་ལ་སྒྲོ་འདོགས་བཅད་པའི་མགུལ་པ་ནས་ནུ་འབུར་བར་གྱི་སེམས་འཛིན་གཏོང་། །ནུབ་དགུ་པར་འགྲོ་བ་དག་པ་དང་དཔའ་བོ་དཔའ་མོས་བྱིན་གྱིས་བརླབས་པར་སྒྲོ་འདོགས་བཅད་ནས་ཕྱག་གཉིས་ཀྱི་སེམས་འཛིན་གཏོང་། །ནུབ་བཅུ་པར་ཕོ་ཉ་གསུམ་བསྲེ་དང་གོ་ཆ་བཅིང་པ་གཉིས་ལ་སྒྲོ་འདོགས་བཅད་པའི་རྐེད་པ་ནས་ཞབས་ཀྱི་བར་གྱི་སེམས་འཛིན་གཏོང་། །ཕོ་ཉ་གསུམ་བསྲེ་འདི་ལ་ཚོགས་བཤད་པ་རྣམས་ལ་མ་གྲགས་པའི་ལུས་དཀྱིལ་གྱི་མན་ངག་ཡོད་པ་སློབ་མ་གཅིག་གམ་སྣོད་དང་ལྡན་ངེས་གསུམ་ལས་མི་མང་བར་གསེར་གྱི་མཎྜལ་དང་བཅས་སྟེར་བ་ལས་ཁྲོམ་ཚོགས་སུ་མི་མཛད་པས་དུས་དེར་མང་མ་གྲོལ་ནས་གནང་ངམ་སླར་ཁྲིད་རྫོགས་པའི་རྗེས་ལ་བཏང་ཀྱང་ཆོག །ནུབ་བཅུ་གཅིག་པར་ངག་བཟླས་དང་ཡིད་བཟླས་གཉིས་ལ་སྒྲོ་འདོགས་བཅད་པའི་ཐོད་སྐམ་ནས་(༤བ)


GLG010_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་རྒྱན་གྱི་བར་གྱི་སེམས་འཛིན་གཏོང་། །ནུབ་བཅུ་གཉིས་པར་ཞར་བྱུང་རྫོགས་རིམ་དང་པོར་སྒྲོ་འདོགས་བཅད་པའི་དཔུང་རྒྱན་ནས་ཡེ་ཤེས་ཀྱི་མེ་དཔུང་གི་བར་གྱི་སེམས་འཛིན་གཏོང་། །ནུབ་བཅུ་གསུམ་པར་ཞར་བྱུང་རྫོགས་རིམ་གཉིས་པར་སྒྲོ་འདོགས་བཅད་པའི་ལུས་དཀྱིལ་གྱི་གཙོ་མོའི་སྤྱན་དབུས་མའི་སེམས་འཛིན་གཏོང་། ཞར་བྱུང་འདི་གཉིས་ལ་ཚིག་མང་བ་མེད་ཀྱང་དེ་ནུབ་ནས་བཟུང་ཡིད་བཟླས་ཀྱི་མཇུག་ཏུ་དམིགས་པ་ནན་ཏན་བསྒོམ་དགོས་པས་རྣམ་བཤད་ཀྱང་ཚར་གསུམ་ཙམ་མཛད། །ནུབ་བཅུ་བཞི་པར་སྤྱོད་ལམ་གྱི་རྣལ་འབྱོར་ལ་སྒྲོ་འདོགས་བཅད་ནས་སྤྱན་གཉིས་ནས་ཞལ་གྱི་བར་གྱི་སེམས་འཛིན་གཏོང་། །ནུབ་བཅོ་ལྔ་པར་ཁ་ཟས་ནས་སྦྱིན་སྲེག་གི་བར་ལ་སྒྲོ་འདོགས་བཅད་པའི་མགུལ་ནས་ཞབས་ཀྱི་བར་གྱི་སེམས་འཛིན་གཏོང་། །ནུབ་བཅུ་དྲུག་པར་ཚེས་བཅུ་དང་གཏོར་མར་སྒྲོ་འདོགས་བཅད་ནས་རྒྱན་ཆ་ལུགས་ཀྱི་སེམས་འཛིན་གཏོང་། །ནུབ་བཅུ་བདུན་པར་གང་ཟག་དབང་པོ་རབ་ཀྱི་གྲོལ་ཚུལ་ལ་སྒྲོ་འདོགས་བཅད་ནས་འཁོར་གྱི་ལྷ་སོ་དྲུག་གི་སྤྱན་དབུས་མའི་སེམས་འཛིན་གཏོང་། །ནུབ་བཅོ་བརྒྱད་པར་གང་ཟག་དབང་པོ་འབྲིང་སིནྡྷུ་རའི་སྒྲུབ་པར་སྒྲོ་འདོགས་བཅད་ནས་སྤྱན་གཉིས་ནས་ཞབས་ཀྱི་བར་གྱི་སེམས་འཛིན་གཏོང་། །ནུབ་བཅུ་དགུ་པར་གང་ཟག་དབང་པོ་ཐ་མ་འཆི་ཁར་རྣལ་འབྱོར་མས་རྗེས་སུ་འཛིན་པ་དང་མྱུར་བ་འཕོ་བའི་ཕན་ཡོན་འཆི་ལྟས་བཟློག་ཐབས་སོགས་ལ་སྒྲོ་འདོགས་བཅད་ནས་རྒྱན་གྱི་སེམས་འཛིན་གཏོང་། །འཕོ་བ་ཡོད་ཚུལ་ཙམ་གསུངས་པ་ལས་དམིགས་པ་མང་པོ་ལ་མི་འཛད་དོན་གཉེར་ཅན་རེ་གཉིས་ལ་སྐབས་འདིར་མི་སྟོན་པར་རྫོགས་རིམ་གྱི་འཇའ་ལུས་བསྒྲུབ་པའི་མཇུག་ཏུ་གནང་ཞིང་(༥ན)


GLG010_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དུས་གཅིག་ལ་ཡབ་ཡུམ་གང་རུང་གི་འཕོ་དམིགས་གཅིག་ཕབ་ནས་ཅིག་ཤོས་སླར་མཛད། འདིར་ཁྲིད་བསྒོམ་མཁན་གཅིག་གམ་མང་མཐའང་གསུམ་ཙམ་གྱི་དབང་དུ་བྱས་ནས་ལུས་དཀྱིལ་གྱི་སེམས་འཛིན་བཀོད་པ་ཡིན་གྱི། ཁྲིད་བསྒོམ་མཁན་མང་པོ་ཡོད་ན་ལུས་དཀྱིལ་ཁྲོམ་ཆོས་སུ་མི་གཏོང་བའི་སྟབས་སེམས་འཛིན་བདུན་པོའི་ཚབ་ལ་དངོས་གཞིའི་སེམས་འཛིན་རྣམས་ཕྲལ་ནས་ཞིབ་ཏུ་གཏོང་ངམ་ཡང་སེམས་འཛིན་བདུན་དུ་བཅད་ནས་ཉི་མ་གཉིས་ལ་ཐུན་གཅིག་པོ་དེ་ག་བལྡབས་པའི་གཏོང་ལུགས་སྐབས་ཐོབ་སྦྱར། འདི་མི་གསུམ་ཚུན་ལ་ཞག་ཉེར་ལྔ་དང་དེ་ལས་མང་བར་ཞག་ཉེར་གསུམ་ཙམ་ལ་གྲུབ་པའི་འབྲིང་པོའི་དབང་དུ་བྱས་ཀྱི་སེམས་འཛིན་ལ་གནད་དུ་བསྣུན་པའི་ཟླ་ལྷག་ཙམ་བྱེད་ན་སྒྲོ་འདོགས་གཅོད་པའི་བཤད་པའང་ཅུང་ཟད་ཉུང་དུ་བཏང་ནས་གྲངས་མང་དུ་སྤེལ། བསྡུས་པ་ཞག་བཅུ་གསུམ་ཙམ་ལ་སྒྲུབ་པ་བྱེད་ན་སྒྲོ་འདོགས་གཅོད་པའང་དཀྱུས་རིང་དུ་བྱས་ནས་སེམས་འཛིན་དང་ལྷན་དུ་རྫོགས་པ་བྱེད། རྫོགས་རིམ་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་ཞེས་ཉིས་སྦྲགས་སུ་གཏོང་རྒྱུ་མེད་པས་ཁྲིད་གཞུང་བཞིན། ནུབ་ཉི་ཤུ་པ་རླུང་སེམས་དབུ་མར་བསྡུ་བ། ནུབ་ཉེར་གཅིག་པ་རླུང་ལུས་ལ་གནས་པས་བདེ་བ་བསྒྲུབ་པ། །ནུབ་ཉེར་གཉིས་པ་རླུང་སེམས་ལ་ཞུགས་པས་འཇའ་ལུས་བསྒྲུབ་པ། ནུབ་ཉེར་གསུམ་པ་འཕོ་བ། ནུབ་ཉེར་བཞི་པ་ཞལ་ཤེས་གསུམ་པ་ཐུན་མོང་མ་ཡིན་པའི་བསམ་མི་ཁྱབ་གསེར་གྱི་མཎྜལ་དང་བཅས་ཆིག་བརྒྱུད་ལས་སྣོད་ལྡན་གཉིས་གསུམ་ལ་སྟོན་ཀྱང་རེ་རེ་ནས་སྟོན་པ་ལས་ལྷན་ཅིག་ཏུ་ཡེ་མི་གནང་། ནུབ་ཉེར་ལྔ་པ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སོགས་ལ་བརྟེན་ནས་འབྲས་བུ་གྲུབ་པ་དང་ཚར་ཆོས་རྒྱུན་གྱི་ཉམས་ལེན་(༥བ)


GLG010_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ལ་དྲིལ་ཚུལ་བསྟན་པ་ཡིན། ཆོས་ཉིད་དངོས་སུ་སྟོན་པ་རྗེ་བཙུན་ཡབ་དང་ཐུན་མོང་བའི་རྩ་དབུ་མའི་སྐབས་སུ་ཡོད་པ་ཡོངས་གྲགས་ཀྱི་ཁྲིད་འདི་ལ་པར་བཀབ་མི་མཛད་ཅིང་བརྒྱུད་འདེབས་སུ། ལྟེ་བའི་པདྨོར་རླུང་ལྔའི་ཏི་ལ་ཀ་ཞེས་སོགས་ཀྱི་དགོངས་དོན་གྱི་ཉམས་ཁྲིད་ཀྱང་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་དང་ཀུན་མཁྱེན་མཁྱེན་བརྩེའི་ཡི་གེ་ལ་བལྟོས་དགོས་པས་ས་སྐྱ་ཚང་ཀྱི་རྣ་བར་མ་གྲགས་པ་ཡིན། ཆགས་ཅན་ཕོ་ཉའི་ལམ་ནི་དིང་སང་དངོས་སུ་མི་མཛད་ཀྱང་། འབྲས་བུ་ཐོབ་པའི་སྐབས་ལས་རྒྱལ་བལྟོས་དགོས་ཚུལ་ཟུར་ཙམ་བསྟན་ནོ། །དབང་པོ་རབ་འབྲིང་ལུས་འདིས་མཁའ་སྤྱོད་བགྲོད། །ཐ་མ་བར་དོར་དཔའ་བོ་མཁའ་འགྲོས་བསུ། །ཆེས་མྱུར་འདའ་ཁའི་ལམ་གྱིས་སྐད་ཅིག་འཕོ། །ཡང་ཐ་སྐྱེ་བ་བརྒྱུད་ནས་དངོས་གྲུབ་འཐོབ། །ཨ་ཧོ་མ་དང་མཁའ་འགྲོའི་ཞལ་གྱི་རླངས། །མངར་པོ་འཐུལ་འདི་ནཱ་རོ་ཏ་པ་ནས། །སྙན་བརྒྱུད་ཚད་མ་བཞི་ལྡན་འཛིན་ནུས་པའི། །མཁས་དང་གྲུབ་པར་བརྒྱུད་ཀྱི་གཞན་དུ་མིན། །འདི་དོན་ཉམས་སུ་བླངས་ན་གནས་སྐབས་དང་། །མཐར་ཐུག་དོན་ཆེན་འགྲུབ་པར་ངེས་རྙེད་ཀྱང་། །གལ་ཆུང་ཆོས་སུ་བྱེད་པ་བདག་འདྲ་ལ། །སྒྱེད་བུ་གསེར་དུ་སོང་བའི་དབུལ་པོ་བཞིན། །ཚེ་འདི་བདེ་སྡུག་རེ་དོགས་རྨི་ལམ་ཙམ། །འཁོར་བའི་ངང་ཚུལ་བསམས་ན་སྙིང་རླུང་ལྡང་། །དེ་བས་ཆོས་བརྒྱད་ཟིང་ལོང་རྒྱབ་བསྐྱུར་ནས། །གཏན་འདུན་སྒྲུབ་པའི་རུས་པ་སྙིང་ལ་བཅུག །མཚན་ཉིད་ཀུན་ལྡན་རྡོ་རྗེའི་སློབ་དཔོན་བསྟེན། །དབང་ཁྲིད་ཟབ་མོའི་གནད་ལ་སྒྲོ་འདོགས་བཅད། །ཆག་མེད་བསྐྱེད་རྫོགས་ཟུང་འཇུག་རྣལ་འབྱོར་གྱིས། །རྙེད་དཀའི་དལ་འབྱོར་སྟོང་པར་མ་(༦ན)


GLG010_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཙམ། །རང་གི་དྲན་པ་གསོ་དང་སྐལ་མཉམ་འགར། །ཕན་འདོད་ལྷག་པའི་བསམ་པས་ཉེར་དྲངས་ནས། །བཀོད་པའི་དགེ་འདིས་གསང་ཆེན་སློབ་བཤད་ཀྱི། །བསྟན་པ་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །རྗེབཙུན་ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་ཉམས་ལེན་ལ་སྒྲོ་འདོགས་གཅོད་པ་དང་སེམས་འཛིན་ཟུང་འབྲེལ་དུ་གཏོང་ཚུལ་མཐོང་གྲོལ་ལྡེ་མིག་ཅེས་པ་འདི་ཡང་རང་ཉིད་ཀྱི་བརྗེད་བྱང་དུ་འབྲི་འདུན་ཡོད་པའི་སྟེང་རིགས་ཀུན་བདག་པོ་མཁན་ཆེན་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསྟན་རྒྱུན་ལ་ཕན་པ་འདུག་ཚུལ་གྱི་ལེགས་སོ་གནང་བར་བརྟེན། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པའི་དཔལ་ལྡན་བླ་མ་རྣམ་གསུམ་གྱི་བཀའ་དྲིན་ལ་བརྟེན་ནས་ཆོས་ཚུལ་འདི་ལ་བློ་མིག་ཡངས་པའི་སློབ་བཤད་པ་ཟ་ཧོར་གྱི་བནྡེས་ལྕགས་ཕག་ཧོར་ཟླ་གཉིས་པའི་ཡར་ཚེས་བཅོ་ལྔའི་ཉིན་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའ། ཁྱབ་བདག་བཀའ་འགྱུར་བ། ཞ་ལུ་པ། སརྦ་མངྒ་ལཾ། །

ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་མཐོ་རིས་དབང་གི་ཆུ་བོ།


GLG010_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་མཐོ་རིས་དབང་གི་ཆུ་བོ་ཞེས་བྱ་བ་བཞུགས་སོ།།


GLG010_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་མཁའ་འགྲོའི་ཞལ་གྱི་ཚ་དྲོད་རླངས། །དཔལ་ལྡན་ཆོས་སྐྱོང་གདམས་པ་ཉིང་ཁུའི་བཅུད། །ས་སྐྱའི་བླ་ཆེན་ཐུགས་ཀྱི་བུམ་བཟང་དུ། །ལེགས་འཁྱིལ་ལམ་ཟབ་ནང་མའི་རྒྱུན་ཁྱེར་སྤེལ། །དེའང་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པར་ལྕགས་རི་མི་འདའ་བའི་གསེར་ཆོས་བཞི་དང་བཅུ་གསུམ་སོགས་མང་དུ་བཞུགས་པའི་གསེར་ཆོས་བཞིའི་ནང་ཚན་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལུས་དཀྱིལ་དང་འབྲེལ་བ་ཉམས་སུ་བསྟར་བར། བདེ་བའི་སྟན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ཚིག་དམིགས་པ་བསྟུན་ནས། འདི་ག་སྒེར་དུ་ཉམས་སུ་ལེན་ན་སྐྱབས་འགྲོ་དམིགས་པ་དང་བཅས་པ་ལམ་དུས་དང་འདྲ་ཞིང་། སློབ་བཤད་པ་རྣམས་ཀྱི་ཕྱག་བཞེས་སུ་ལམ་དུས་དང་སྦྲེལ་ནས་མཛད་པས་རྡོར་སེམས་སོང་མཚམས་འདི་གའི་སྒོས་ཀྱི་སེམས་བསྐྱེད་ནས་འགོ་བརྩམས་པ་ཡིན། བདག་གིས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་བསྒོམ་པའི་རིམ་པ་ལ་འཇུག་པར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། རང་སྐད་ཅིག་གིས་(༢ན)


GLG010_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས་དཔལ་ཧེ་གདན་གསུམ་ཚང་བ་རུ་ཀ་དང་བླ་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་མ་ཐ་མི་དད་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿཤྲཱི་ཧེ་རུ་ཀེ་བྷྱཿས་ཕྱག་བྱ། ཕྱི་མཆོད་ནི། འཇིག་རྟེན་གྱི་ཁམས་ན་མཆོད་རྫས་སུ་འོས་པ་ཡོད་དོ་ཅོག་ཕུང་པོར་སྤུངས་ཤིང་འཁོར་བར་སྐྱེ་བའི་གཞི་རྒྱུ་ཉོན་མོངས་དུག་གསུམ་ཡིན་པས་གཏི་མུག་སྐྱེ་བའི་ཡུལ་བཏང་སྙོམས་པའི་འགྲོ་བ་ཐམས་ཅད་ཡོད་པར་མོས། འཇིག་རྟེན་གྱི་ཁམས་ན་ལྷ་དང་མི་ལ་སོགས་པ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་མཆོད་པའི་ཡོ་བྱད་ཅི་མཆིས་པ་དང་བར་མའི་སེམས་ཅན་ཐམས་ཅད་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་ལོ་བདག་གཏི་མུག་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ་བརྗོད། སྔོན་ལས་འཕྲལ་རྐྱེན་དབང་གིས་དངོས་དང་བརྒྱུད་པའི་སྒོ་ནས་གནོད་པ་བྱས་པ་ལ་བརྟེན་ཞེ་སྡང་སྐྱེ་བའི་ཡུལ་ཐམས་ཅད་བསམ། བདག་ལ་སྡང་བར་བྱེད་པའི་དགྲ་བགེགས་གདོན་ཐམས་ཅད་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་ལ། །བདག་ཞེ་སྡང་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ་ལན་གསུམ། (༢བ)


GLG010_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་དངོས་བརྒྱུད་དུ་མའི་སྒོ་ནས་ཕན་བཏགས་པ་དང་ལས་ཀྱི་དབང་གིས་ཡིད་དུ་འོང་བ་འདོད་ཆགས་སྐྱེ་བའི་ཡུལ་གྱི་སེམས་ཅན་ཐམས་ཅད་བསམ། ལྷ་དང་གཉེན་གྲོགས་འཁོར་འབངས་ཐམས་ཅད་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་འདོད་ཆགས་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ་བརྗོད། བདག་གི་སྔར་རང་དང་རྒྱུད་ཐ་དད་པའི་གང་ཟག་གི་དངོས་པོ་རྣམས་ཕུལ་ཟིན་ཀྱང་རང་ཉིད་དབང་བའི་བདོག་པ་མཆོད་རྫས་སུ་འོས་པ་མཐའ་དག་སེར་སྣ་མེད་པར་མདུན་དུ་སྤུངས་པར་བསམ། ལོངས་སྤྱོད་ཀྱི་དངོས་པོ་ཐམས་ཅད་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་སེར་སྣ་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ་གསུམ། ནང་གི་འཁོར་བའི་རྩ་བ་མ་རིག་པའི་དབང་གིས་བདག་ཏུ་འཛིན་པས་མཆོད་པ་ནི། མདུན་དུ་བློས་འཁྱུད་ཚང་པ་སྐད་ཅིག་གིས་གྲུབ་བར་མོས་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ལག་པ་གཡས་པའི་རལ་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་ཅན་ལམ་གྱི་བྱུང་བར་མོས་གྲིས་རང་གི་ཐོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་པ་བཅད་སྨིན་མཚམས་ཀྱི་ཐད་དུ་རེག་ཙམ་མོ། །དེ་སྒྱེད་བུའི་སྟེང་དུ་དཔྲལ་བ་རང་ལ་བསྟན་ནས་བཀལ་བའི་ནང་དུ་རལ་གྲིས་རྐང་མགོ་རྐང་ངར་བརླའི་བར་རིམ་པ་བཞིན་དུ་བཅད་དེ་བསྐྱུར་བ་ལག་པ་ལའང་འགྲེ་གཡས་གཡོན་ལག་པ་གཡོན་པ། མགོ་བོའི་ལྷག་མ་རོ་སྨད་རོ་སོ་སོར་ནང་ཆ་དང་བཅས་པ་སྟོད་སོགས་ལུས་ཀྱི་ཆ་ཤས་རྣམས་བཅད་ནས་དུམ་བུར་བཏང་ནས་ལིང་ལིང་བསྒྱུར་བར་མོས་བསྐྱུར་བའི་སྟེང་དུ་ལག་པ་གཡས་རལ་གྲི་དང་བཅས་པའང་འཕངས། རང་རླུང་སེམས་ཙམ་ལས་གྲུབ་པའི་ཀྱེ་རྡོར་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་དང་གདན་སོགས་མངོན་རྟོགས་ཇི་ལྟ་བ་ཡུམ་བཅས་སུ་གྱུར་པར་བསམ། ཕྱག་རྒྱ་དང་བཅས་(༣ན)


GLG010_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ རྒྱས་པར་སྤྲོ་ན་ནང་མཆོད་ལྟར་བྱིན་གྱིས་བརླབས། ལན་གསུམ་གྱིས་བྱིན་གྱིས་བརླབ། གདན་སྙིང་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རིན་པོ་ཆེའི་རྒྱན་ཅན་ཞིག་གིས་ཐོད་པའི་ནང་གི་རྫས་བདུད་རྩི་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ཀ་པཱ་ལ་ཞིག་གིས་བཅུས་ནས་ཕུལ་བས་ཐུགས་རྒྱུད་བདེ་བས་ཚིམ་བདག་ལ་བདེ་ཆེན་ཡེ་ཤེས་ལྷན་སྐྱེས་ཡེ་ཤེས་སྩལ་བར་བསམ་མཆོད་ལྷ་རྣམས་སྙིང་གར་བསྡུ་ཞིང་ཐོད་པ་གདན་བཅས་འཇའ་ལྟར་ཡལ་བར་བསྒོམ། གསུམ་ཚང་བའི་བདག་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གསང་བའི་མཆོད་པ་ནི། རང་གི་སྙིང་ག་ནས་རིག་མ་པདྨ་ཅན་དང་དུང་ཅན་མ་སོགས་མཚན་ལྡན་གྱི་རིག་མ་སྙན་པའི་གླུ་ལེན་ཅིང་བདེ་བའི་གར་བྱེད་པ་དུ་མ་གཅིག་ལ་གཅིག་ཐིམ་པ་མཐར་རྡོ་རྗེ་བདག་མེད་མ་ལ་བསྟིམ་ཡིད་དུ་འོང་བ་ཞིག་སྤྲས་ཏེ་ཡུམ་ལ་ཐིམ་པས་ཧེ་རུ་ཀ་ཡབ་ཡུམ་སྙོམ་འཇུག་གི་བདེ་བས་མཉེས་ཤིང་ཚིམ་པར་བསམ། དེ་ཁོ་ན་ཉིད་ཀྱི་མཆོདཔ་ནི། མཆོད་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་སེམས་ཀྱང་སྐྱེ་འགག་གནས་གསུམ་དང་བྲལ་བ་གསལ་སྟོང་ཟུང་འཇུག་སྤྲོས་བྲལ་དུ་ཐག་གཅད་ཡུལ་མཆོད་མཁན་མཆོད་ཚུལ་ཐམས་ཅད་གང་དུའང་མ་གྲུབ་པ་འཛིན་མེད་དུ་བསམ། དཀར་མོ་རི་དྭགས་སོགས་ཀྱིས་མཆོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་ཀྱིས་སླར་ཡང་སྙིང་ག་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཆོ་ག་དང་བསྟུན་ནས་མཆོད་ཅིང་བསྟོད་ནས་མཆོད་ལྷ་རྣམས་སྙིང་གར་བསྡུ་བསྟོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་གཞིར་གནས་རྟེན་དཀྱིལ་འཁོར་བཞི་ལ་དབང་བཞི་བསྐུར་ནས་འབྲས་བུ་སྐུ་བཞིའི་རྟེན་འབྲེལ་ཕྱིན་ཅི་མ་ལོག་པར་བསྒྲིགས་ནས་བདག་རྒྱུད་ལ་ཡོན་ཏན་སྐྱེད་པར་མཛད་པ་ཡིན་སྙམ་པའི་བཅོས་མིན་གྱི་མོས་གུས་དྲག་པོ་བྱེད་དང་དཔལ་ཧེ་རུ་ཀ་དབྱེར་མ་མཆིས་པ་ལ་གསོལ་བ་འདེབས་སོ། །བདག་རྒྱུད་བྱིན་གྱིས་རླབས་ཏུ་གསོལ། །(༣བ)


GLG010_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་ཉེར་གཅིག་བདུན་གསུམ་སོགས་སྐབས་སྦྱར་གྱིས་གསོལ་བ་དྲག་ཏུ་བཏབ་པས་བླ་མ་ཧེ་རུ་ཀ་དེ་ཉིད་འོད་དུ་ཞུ། རང་གི་སྨིན་མཚམས་ནས་ཐིམ་པའི་རྐྱེན་གྱིས་སྐད་ཅིག་གིས་རང་གི་ལུས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་པ་ནི་སྤྱི་བོར་སྣ་ཚོགས་རྡོ་རྗེ་ཞེས་པ་ནས་བཟུང་སྟེ་སྙིང་པོ་ཡེ་ཤེས་རླུང་ངོ་བོ་ཉིད་ཀྱི་སྐུ་ཞེས་པའི་བར་སེམས་པ་ཆེན་པོས་མཛད་པའི་ལམ་དུས་ཀྱི་ལུས་དཀྱིལ་སོར་བཞག་ལ། དེ་ནས་ཏེ་ལུས་རང་བཞིན་དུ་གྲུབ་པའི་དཀྱིལ་འཁོར་དུ་གྱུར་ཅེས་པ་བཏགས་ནས་བརྗོད་ཅིང་བསྒོམ། དེ་ལྟར་བྱ་རང་ལུས་དཔལ་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ནང་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་མངོན་སུམ་ལྟ་བུར་གསལ་བའི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། དེ་ནས་རིམ་པ་བཞིན་དུ་འཇམ་གོན་ངག་དབང་བསོད་ནམས་དབང་ཕྱུག ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས། པཎ་ཆེན་ངག་དབང་ཆོས་གྲགས། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། རྗེ་བཙུན་ཀུན་སྤངས་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་། མུས་ཆེན་འཁོར་ལོ་སྡོམ་པ། ཁྱབ་བདག་ཀུན་དགའ་བཟང་པོ། གྲུབ་ཆེན་བུདྡྷ་ཤྲཱི། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། རྒྱལ་བ་བྲག་ཕུག་པ། ཉན་ཆེན་བསོད་ནམས་བརྟན་པ། ཚོགས་སྒོམ་ཀུན་དགའ་དཔལ། འཇམ་དབྱངས་ས་སྐྱ་པཎ་ཆེན། རྗེ་བཙུན་རིན་པོ་ཆེ། སློབ་དཔོན་རིན་པོ་ཆེ། དཔལ་བརྩེ་བ་རིན་པོ་ཆེ། རྣལ་འབྱོར་(༤ན)


GLG010_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་བིཪྺ་པ། དེའི་དབུ་གཙུག་ཏུ་སངས་རྒྱས་རྡོ་རྗེ་འཆང་སྟེ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སོ་སོའི་སྐུ་ལ་ལུས་དཀྱིལ་གྱི་རྟེན་བརྟེན་པ་ཐམས་ཅད་གསལ་བ་མཐོ་བརྩེགས་ཀྱི་ཚུལ་དུ་རེག་པ་མ་འབྱར་བའི་ཚུལ་དུ་བཞུགས་པར་གསལ་འདེབས་རྡོ་རྗེ་ཡུམ་བཅས་ལུས་དཀྱིལ་དང་བཅས་པའི་རྣམ་པར་བསམ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་བདུན་ནམ་གསུམ་ལ་སོགས་པ་ཇི་ལྟར་རིགས་པས་གསོལ་བ་བཏབ་པས་བླ་མ་སོ་སོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་བྱིན་རླབས་འོད་ཟེར་འཇའ་ཚོན་ལྟ་བུའི་རྣམ་པར་བཀུག་པ་བླ་མ་སོ་སོར་ཆ་ཚང་བ་རེ་ཐིམ་པར་མོས་སྐྱབས་ཡུལ་ཐམས་ཅད་ཀྱི་བྱིན་བརླབས་བསྡུས་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཐིམ་པར་བསམ། དེ་ནས་རྡོ་རྗེ་འཆང་ཀྱེ་རྡོ་རྗེ་ཡུམ་བདག་མེད་མ་དང་བཅས་པ་འོད་དུ་ཞུ་ནས་བིཪྺ་པའི་དབུ་གཙུག་ཏུ་ཐིམ། དེ་བཞིན་དུ་རྩ་བའི་བླ་མའི་བར་གོང་མ་གོང་མ་འོག་མ་འོག་མ་ལ་ཐིམ་པར་བསམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པས་བདག་ལ་དབང་དང་དངོས་གྲུབ་ཟབ་མོ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས་རྩ་བའི་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རང་གི་སྤྱི་བོ་ནས་བབས་པ་བདེ་ཆེན་འཁོར་ལོའི་ལྷ་ཚོགས་རྣམས་ལ་བླ་མའི་སྐུའི་བྱིན་རླབས་རང་གི་ལུས་ལ་བཞུགས་ཐིམ་པས་གསལ་རྣམ་སྣང་དང་འདབ་མའི་ལྷ་མོ་སོ་གཉིས་ནན་ཏན་དུ་གསལ་འདེབས། དེས་མཚོན་རྩ་འཁོར་འོག་མའི་སྐབས་རྣམས་ཀྱང་རིགས་འགྲེ་བར་བྱས་པ་བུམ་དབང་། བུམ་དབང་གི་བུམ་དབང་(༥ན)


GLG010_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རོ་དགུ་ཕྲུགས་སུ་ཕུད། བུམ་པ་ཅན་འཛིན་པས་བུམ་དབང་གི་གསང་དབང་གསང་དབང་སྨིན་མཚམས་ཡན་ཆད་འདིར་མ་ཟད་རྩ་འཁོར་འོག་མ་རྣམས་ཀྱི་སྐབས་སུའང་བྱང་སེམས་དཀར་ལ་དམར་བའི་མདངས་ཆགས་པ་བསྒོམ་བྱང་སེམས་ཀྱིས་གང་བུམ་དབང་གི་ཤེར་དབང་བཤེས་དབང་། སྤྱི་བོའི་གནས་སུ་བདེ་དྲོད་འབར་བས་ཡུལ་སྣང་སྟོང་གི་ཏིང་འཛིན་རྩལ། མོས་སྤྲུལ་སྐུ་གུས་སུ་ཤར་བ་དགའ་བའི་ཡེ་ཤེས་དབང་བཞི་པའི་བུམ་དབང་གི་ཚིག་དབང་ལམ་མངོན་དུ་བྱས་པས་ལུས་ཀྱི་སྒྲིབ་པ་དག་བུམ་དབང་ཐོབ་ལུས་རྩ་གནས་གྱུར་འབྲས་བུ་སྤྲུལ་སྐུ་ཐོབ་པར་བསམ་རླུང་མ་ཐུབ་ན་དལ་བུས་གཏོང་བ་འོག་ཚོར་ཡང་འདྲ། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་བྱང་སྤྱི་བོ་ནས་རིམ་བཞིན་རྒྱུད་པ་འོག་ཚོར་འདྲ་སེམས་ལོངས་སྤྱོད་འཁོར་ལོའི་ལྷ་ཚོགས་རྣམས་ལ་ཐིམ་པས་གསལ་བར་བྱས་པ་བུམ་དབང་གསང་དབང་གི་བུམ་དབང་། བུམ་པ་ཅན་འཛིན་པ་གསང་དབང་གསང་དབང་གི་གསང་དབང་། མགྲིན་པ་ཡན་ཆད་བྱང་སེམས་ཀྱིས་གང་བ་ཤེར་གསང་དབང་གི་ཤེར་དབང་དབང་། འཛིན་གདངས་འགག་མེད་དུ་ཤར་བ་མཆོག་དགའི་གསང་དབང་གི་ཚིག་དབང་ཡེ་ཤེས་དབང་བཞི་པའི་ལམ་མངོན་དུ་བྱས་པས་ངག་གི་སྒྲིབ་པ་དག གསང་བའི་དབང་ཐོབ། ངག་ཡི་གེ་གནས་གྱུར། འབྲས་བུ་ལོངས་སྐུ་ཐོབ་པར་བསམ། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་ཆོས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་ལ་ཐིམ་པས་གསལ་བར་བྱས་པ་བུམ་དབང་ཤེར་དབང་གི་བུམ་དབང་བུམ་པ་ཅན་འཛིན་པ་གསང་ཤེར་དབང་གི་གསང་དབང་དབང་། (༥ན)


GLG010_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ཡན་ཆད་བྱང་སེམས་ཀྱིས་གང་བ་ཤེར་དབང་། ཤེར་དབང་གི་ཤེར་དབང་། སྙིང་གར་བདེ་དྲོད་འབར་བས་ལུས་བདེ་སྟོང་གི་ཏིང་ངེ་འཛིན་གཤིས་ཅིར་ཡང་མ་གྲུབ་པ་དགའ་བྲལ་གྱི་དགའ་བའི་ཡེ་ཤེས་དབང་བཞི་པའི་ལམ་མངོན་དུ་བྱས་པས་ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་བདུད་རྩི་གནས་འགྱུར། འབྲས་བུ་ཆོས་སྐུ་ཐོབ་པར་བསམ། བླ་མ་ཡབ་ཡུམ་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་ནུབ་སྤྲུལ་པའི་འཁོར་ལོ་དང་བདེ་སྐྱོང་གི་འཁོར་ལོ་མིག་ཏུ་གཏི་མུག་རྡོ་རྗེ་ལ་སོགས་དབང་པོ་དང་ཡན་ལག་གི་ལག་གཡས་པར་གཤིན་རྗེ་གཤེད་སོགས་ལྷ་རྣམས་ལ་ཐིམ་པས་གསལ་བར་བྱས་པ་བུམ་དབང་མིག་དབང་གི་བུམ་དབང་། བུམ་པ་ཅན་འཛིན་པ་གསང་རིག་དབང་གི་གསང་དབང་དབང་། ལྟེ་བ་ཡན་ཆད་བྱང་སེམས་ཀྱིས་གང་བ་ཤེར་ཚིག་དབང་གི་ཤེར་དབང་དབང་། ལྟེ་གསང་གཉིས་སུ་བདེ་དྲོད་འབར་བས་བདེ་སྟོང་མཆོག་བདེ་སྟོང་ཤིན་ཏུ་རྣམ་དག་ཀྱང་ཟེར་ཏིང་ངེ་འཛིན་བསྒོམ་བྱ། སྒོམ་བྱེད་དང་བྲལ་བས་ལྷན་སྐྱེས་ཀྱི་ཡེ་ཤེས་དབང་གཞི་པའི་ལམ་མངོན་དུ་བྱས་པ་ལ། སྒོ་གསུམ་གྱི་སྒྲིབ་པ་དག་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་རླུང་གནས་གྱུར། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་བསམ། སྤྲོས་བྲལ་གྱི་ངང་དུ་ཅི་ནུས་སུ་མཉམ་པར་བཞག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། ཞེས་སོགས་སྨོན་ལམ་ཅི་རིགས་པའི་རྒྱས་གདབ་བོ། །གྲུབ་དབང་འཁོར་ལོས་སྒྱུར་བ་བི་རཱུ་པས། །རྡོར་འཛིན་བྱེ་བའི་གཙུག་རྒྱན་བརྩེ་བ་ཆེར། །ལེགས་གདམས་བླ་མེད་རྒྱུད་སྡེའི་སྙིང་པོའི་བཅུད། །(༥བ)


GLG010_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་ནང་མའི་ཉམས་ལེན་མཐར་ཐུག་འདི། །མཁྱེན་རྟོགས་མ་དྲོས་མཚོ་ཆེན་འཁྱིལ་བ་ལས། །སྙན་བརྒྱུད་ཚད་མའི་ཆུ་བོ་བཞི་འབབ་པ། །རྡོ་རྗེ་འཆང་དབང་བློ་གྲོས་རྒྱལ་མཚན་དཔལ། །བརྒྱུད་པར་བཅས་པའི་བཞེད་སྲོལ་ཇི་བཞིན་བཀོད། །དགེ་འདིས་སློབ་བཤད་ཆོས་ཀྱི་ཉི་མ་ཡིས། །བློ་གསལ་རྣམ་དཔྱོད་འདབ་སྟོང་ཡོངས་བཞད་པའི། །ལེགས་བཤད་བཅུད་ཀྱིས་སྐལ་བཟང་བུང་བ་རྣམས། །ཅི་དགར་མྱོས་པའི་སྙན་བརྒྱུད་གླུར་ལེན་ཤོག །ཅེས་ལམ་ཟབ་མཐོ་རིས་དབང་གི་ཆུ་བོ་འདི་ཡང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཞ་ལུ་མཁན་ཆེན་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་འཁྱེར་བདེ་བ་ཞིག་བྲིས་ཤིག་ཅེས་བཀས་བསྐུལ་བ་དང་དུ་བླས་ཏེ། དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་གྲུབ་མཐའ་སྙོགས་ཏེ་མཁའ་སྤྱོད་དུ་གཤེགས་པའི་དུས་དྲན་གྱི་ཆོས་ལ་གསང་ཆེན་སློབ་བཤད་འཛིན་པ་ཟ་ཧོར་གྱི་བནྡེས་མཁས་གྲུབ་དུ་མའི་ཡི་གེ་དང་ཕྱག་ལེན་གསུང་སྒྲོས་ལ་བརྟེན་ནས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའོ། །སརྦ་མངྒ་ལཾ།། །།

ལམ་ཟབ་ཕྱི་མའི་ཉམས་ལེན་གནད་སྒྲིལ་འཇུག་བདེ།


GLG010_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་ཕྱི་མའི་ཉམས་ལེན་གནད་སྒྲིལ་འཇུག་བདེ་བཞུགས་སོ།།


GLG010_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་པྲ་ཛཱ་བྷྱཿ བདག་མེད་རྡོ་རྗེ་བཙུན་མོའི་ཞལ་གྱི་དྲོད། །མ་ཡལ་བདུད་རྩིས་མྱོས་པའི་བི་རཱུ་པའི། །གསེར་ཆོས་ལམ་ཟབ་ས་སྐྱའི་བླ་ཆེན་ལས། །ཉེར་བརྒྱུད་གནད་སྒྲིལ་ཉམས་ལེན་འཇུག་བདེ་སྤྲོ། །དེ་ཡང་བདེ་བའི་སྟན་ལ་ལུས་གནད་དང་ལྡན་པས་སྐྱབས་འགྲོ་སྤྱི་ལྟར་བྱ། བདག་གིས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམ་པའི་རིམ་པ་ལ་འཇུག་པར་བགྱི་འོས་སེམས་བསྐྱེད། དངོས་གཞི་ནི་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ཞུ་བ་ལས་བྱུང་བའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་རྒྱན་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བ་ཉི་མ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད། ཕྱག་བཅུ་དྲུག །ཞབས་བཞི་པ། རྩ་བའི་ཞལ་སྔོན་པོ། (༢ན)


GLG010_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དཀར། གཡོན་དམར་བ། སྟེང་ཞལ་དུ་བའི་མདོག་ཅན། །ཞལ་ལྷག་མ་གཉིས་གཉིས་ནག་པ། སྤྱན་གསུམ་གསུམ་དང་ལྡན་ཞིང་། མཆེ་བ་རྣམ་པར་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་རྩ་ཞལ་གྱི་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི། གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོ་ཐལ་ཁ། དྲུག་པ་ན་མི་དམར་པོ། བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་པ་ན་བྱི་ལ་གྭ་པ། གཡོན་གྱི་གཉིས་པ་ན་ཆུའི་ལྷ་དཀར་པོ། གསུམ་པ་ན་མེའི་ལྷ་དམར་པོ། བཞི་པ་ན་རླུང་གི་ལྷ་ལྗང་གུ །ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་སྔོན་པོ། བརྒྱད་པ་ན་ནོར་སྦྱིན་སེར་པོ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་(༢བ)


GLG010_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བརྐྱང་བའི་བརླ་ལ། གཡོན་གཉིས་བསྐུམ་པའི་སོར་མོ་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་ཤིང་། སྒེག་པ་ལ་སོགས་པའི་གར་དགུའི་ཉམས་དང་ལྡན་པ། དེའི་པང་དུ་ཡུམ་རྡོ་རྗེ་བདག་མེད་མ་སྔོན་མོ། ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁར་བརྐྱང་བའི་ཚུལ་གྱིས་འཛིན་ཅིང་། གཡོན་པས་བདུད་མཐའ་དག་གི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་ཡབ་ལ་འཁྲིལ་བ། བདེ་སྟོང་ཟུང་འཇུག་གི་རང་བཞིན་ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་བླ་མ་ཧེ་རུ་ཀ་དེ་ཉིད་ཀྱི་གནས་གསུམ་དུ་པད་ཉིའི་གདན་ལ། ཨོཾ་ཨཱཿཧཱུཾ་དཀར་དམར་མཐིང་ཁའི་མདངས་ཅན། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་འོད་དང་གཟི་བརྗིད་འབར་བར་བསམ། གཞན་ཡང་བླ་མའི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་ཡོད་གྲུབ་པ། རྣམ་པར་ཤེས་པ་མི་བསྐྱོད་པ། ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། སའི་ཁམས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀི །མེ་གོས་དཀར་མོ། རླུང་སྒྲོལ་མ། ནམ་མཁའི་ཁམས་ཆོས་ཀྱི་དབང་ཕྱུག་མ། སྤྱན་བྱང་ཆུབ་སེམས་དཔའ་སའི་སྙིང་པོ། སྙན་ཕྱག་ན་རྡོ་རྗེ། ཤངས་ནམ་མཁའི་སྙིང་པོ། ལྗགས་འཇིག་རྟེན་དབང་ཕྱུག །ལུས་སྒྲིབ་པ་རྣམ་སེལ། ཡིད་འཕགས་པ་འཇམ་དཔལ། ཚིག་ཀུན་ཏུ་བཟང་པོ། རྩ་རྒྱུས་བྱམས་པ། ཕྱག་ངར་གཡས་པ་གཤིན་རྗེ་གཤེད། གཡོན་པ་(༣ན)


GLG010_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་མི་ཐུབ་པ། ཞལ་རྟ་མགྲིན། རྡོ་རྗེ་བདུད་རྩི་ཐལ་སྦྱོར། དཔུང་པ་གཡས་པ་མི་གཡོ་བ། གཡོན་པ་འདོད་པའི་རྒྱལ་པོ། པུས་མོ་གཡས་པ་དབྱུག་སྔོན་ཅན། གཡོན་པ་སྟོབས་པོ་ཆེ། སྤྱི་གཙུག་འཁོར་ལོ་སྒྱུར་བ། ཞབས་མཐིལ་གཉིས་གནོད་མཛེས་རྒྱལ་པོ། །གཞན་གཟུང་བྱའི་ཡུལ་གཟུགས་སྒྲ་སོགས་ནི། གཟུགས་རྡོ་རྗེ། སྒྲ་རྡོ་རྗེ། དྲི་རྡོ་རྗེ། རོ་རྡོ་རྗེ། རེག་རྡོ་རྗེ། ཆོས་ཀྱི་དབྱིངས་རྡོ་རྗེ་མ་སྟེ། གདན་གསུམ་ཚང་བའི་ལྷའི་བདག་ཉིད་དུ་བཞུགས་པར་གྱུར། དེ་ནས་རྗེ་བཙུན་བླ་མ་དེའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་བརྒྱུད་པའི་བླ་མ། རྒྱུད་སྡེ་བཞིའི་ལྷ་ཚོགས། སངས་རྒྱས་བྱང་སེམས། ཉན་རང་། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། དེ་ཡང་རྡོ་རྗེ་འཆང་དབུ་གཙུག །གཡས་སུ་བིཪྺ་པ་ནས་གྲུབ་ཆེན་བུདྡྷ་ཤྲཱིའི་བར། གཡོན་དུ་བདག་མེད་མ་ནས་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་བར་མཐོ་བརྩེགས་ཀྱི་ཚུལ་རྒྱབ་ཏུ་སྡེ་བཞིའི་ལྷ་ཚོགས་དང་བྱང་སེམས། དེའི་རྒྱབ་ཏུ་སྤྲུལ་སྐུའི་ཆ་ལུགས་ཅན་གྱི་སངས་རྒྱས་ཉན་རང་། དེའི་རྒྱབ་ཏུ་དཔལ་མགོན་ལྕམ་དྲལ་སོགས་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བཞུགས་པར་བསམ། གང་དྲིན་མས་བསྟོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་གསུམ་བདུན་ཉེར་གཅིག་སོགས་སྐབས་དང་སྦྱར། སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། དེ་བཞིན་དུ་རྡོ་རྗེ་བདག་མེད་མ། དཔལ་ལྡན་བིཪྺ་པ། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེས་ས་སྐྱ་པཎྜི་ཏ། ཚོགས་སྒོམ་(༣བ)


GLG010_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། རྒྱལ་བ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་འཁོར་ལོ་སྡོམ་པ། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་བ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ། ཅེས་སོ་སོའི་མཚན་བཅུག་ནས་གསོལ་བ་གདབ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ལ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་གྱི་བར་ཆད་ཞི་བར་བྱིན་གྱི་རླབས་ཏུ་གསོལ། ཆོས་མིན་གྱི་བསམ་པ་སྐད་ཅིག་ཀྱང་མི་སྐྱེ་བར་བྱིན་གྱིས་བྱིན་གྱི་རླབས་ཏུ་གསོལ། བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་བྱིན་གྱི་རླབས་ཏུ་གསོལ། ཅི་སྣང་སེམས་སུ་རྟོགས་པར་བྱིན་བྱིན་གྱི་རླབས་ཏུ་གསོལ། སེམས་སྣང་སྒྱུ་མར་རྟོགས་པར་བྱིན་གྱི་རླབས་ཏུ་གསོལ། གནས་ལུགས་བརྗོད་བྲལ་རྟོགས་པར་བྱིན་གྱི་རླབས་ཏུ་གསོལ། མདོར་ན་མཁའ་མཉམ་སེམས་ཅན་ཀུན་གྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ། འཇིག་རྟེན་གྱི་ཁམས་ན་ལྷ་དང་མི་ལ་སོགས་པ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་མཆོད་པའི་ཡོ་བྱད་ཅི་མཆིས་པ་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་ལོ་བཞེས་སུ་གསོལ། བདག་ཉིད་ཀྱིས་བདག་ཏུ་བཟུང་བའི་བདོག་པའི་དངོས་པོར་མཆིས་པ་ཐམས་ཅད་(༤ན)


GLG010_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བལྟོས་པ་མེད་པར་འབུལ་ལོ། །དགྲ་གཉེན་བར་མའི་འགྲོ་བ་འདི་དག་ཀྱང་བཀའི་བྲན་དང་འབངས་ཀྱི་ཕྱིར་དུ་འབུལ། ཞེས་བརྗོད། མདུན་དུ་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ། ལག་པ་གཡས་པར་ཡེ་ཤེས་ཀྱི་རལ་གྲི་ཞིག་བྱུང་བས་རང་གི་ཐོད་པ་བཅད་པ་ཕྱི་དཀར་ལ་ནང་དམར་བ་དེ་དཔྲལ་བ་རང་ལ་བསྟན་ནས་སྒྱེད་བུའི་སྟེང་དུ་བཀལ་བར་བསམ། དེ་ནས་རྐང་པ་གཡས་གཡོན། ལག་གཡོན་རོ་སྨད་རོ་སྟོད་རྣམས་རིམ་གྱིས་གཏུབས་ནས་ལིང་ལིང་བསྐྱུར་བའི་མཐར། ལག་པ་གཡས་པ་རལ་གྲི་དང་བཅས་པ་བརྒྱངས་ཏེ་འཕངས་པས་ཐོད་པ་གང་བར་བསམ། རང་རླུང་སེམས་ཙམ་ལས་གྲུབ་པའི་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་བཅས་ཀྱི་སྐུར་བསྒོམས་ནས། ཨོཾ་ཨཱཿཧཱུཾ་ཧཿཧོ་ཧྲཱིཿས་རྫས་དེ་དག་བདུད་རྩི་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ། དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ། འཁོར་འདས་ཀྱི་མགྲོན་ཐམས་ཅད་ཚིམ་པར་བྱེད་པའི་ནུས་མཐུ་དང་ལྡན་པར་བསམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས། བདག་གིས་མངོན་པར་བཤམས་པའི་མཆོད་པ་རྒྱ་ཆེན་པོ་འདི་བཞེས་སུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་རིན་པོ་ཆེ་རྒྱན་གྱིས་སྤྲས་པ་ཞིག་སྤྲོས་ནས། ཐོད་པས་བདུད་རྩི་བཅུས་ཏེ། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ་ཞེས་ཕུལ་བས་ཟག་མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས། བདག་ལ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ད་ལྟ་ཉིད་དུ་སྩོལ་བར་བསམ། མཆོད་ལྷ་རྣམས་སྙིང་གར་བསྡུ་བ་འོག་ཚོར་འགྲེ། ཡང་ལྷ་མོ་དཔག་ཏུ་མེད་པ་སྤྲོས། བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་ཕུལ་བས་ཟག་(༤བ)


GLG010_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ་བར་བསམ། ཡང་སྤྲོས། རྒྱུད་སྡེ་བཞིའི་ལྷ་ཚོགས་བྱང་སེམས་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ་ཞེས་ཕུལ་བས་ཟག་མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས། མཆོག་དང་ཐུན་མོང་གི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ་བར་བསམ། ཡང་སྤྲོས། སངས་རྒྱས་སྤྲུལ་པའི་སྐུ་ཉན་རང་འཁོར་དང་བཅས་པའི་ཕྱག་ཏུ་ཕུལ་བས་རྫས་དེ་དག་སོ་སོ་ལ་མཁོ་བའི་ཡོ་བྱད་ཆོས་གོས་ལྷུང་བཟེད། འཁར་གསིལ། པོ་ཏི་སོགས་སུ་གྱུར་པར་ལོངས་སྤྱད་པས་མཉེས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ་བར་བསམ། ཡང་སྤྲོས། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ་སོགས་པ་ལས་བཞི་སྒྲུབ་མཛད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་ཕུལ་བས་ཟག་མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས། འཕྲིན་ལས་རྣམ་བཞི་ཐོགས་མེད་དུ་སྒྲུབ་པར་བསམ། ཡང་སྤྲོས། རིགས་དྲུག་གིས་བསྡུས་པའི་སེམས་ཅན་རྣམས་ལ་ཕུལ་བས། དེ་དག་གི་ལུས་ལ་རེག་པ་དང་ལྕེ་ཐོག་ཏུ་མྱང་བ་ཙམ་གྱིས་སྡུག་བསྔལ་རྒྱུ་དང་བཅས་པ་དག །སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། ལུས་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་རྣམ་པར་གྱུར་ནས་དག་པའི་ཞིང་དུ་གཤེགས། ལྷ་མོ་རྣམས་སྙིང་གར་ཐིམ་པར་བསམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པས་བདག་ལ་དབང་དང་དངོས་གྲུབ་ཟབ་མོ་སྩལ་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ཨོཾ་ཡིག་འོད་ཟེར་དཀར་པོའི་ཚོགས་དང་བཅས་པ་བྱུང་། རང་གི་དཔྲལ་(༥ན)


GLG010_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐིམ་པས་ལུས་ཐམས་ཅད་གང་བས་ལུས་ཀྱི་དྲི་མ་ཐམས་ཅད་དག །བུམ་པའི་དབང་ཐོབ། སྐུའི་དངོས་གྲུབ་སྩལ། མགྲིན་པའི་ཨཱཿདང་ཡབ་ཡུམ་གྱི་སྦྱོར་མཚམས་ནས་གསུང་རྡོ་རྗེའི་བདག་ཉིད་བྱང་སེམས་བདེ་བ་ཆེན་པོའི་རང་བཞིན་ཨཱཿཡིག་འོད་ཟེར་དམར་པོའི་ཚོགས་དང་བཅས་པ་བྱུང་། རང་གི་མགྲིན་པར་ཐིམ། ལུས་ཐམས་ཅད་གང་བས་ངག་གི་དྲི་མ་དག །གསང་བའི་དབང་ཐོབ། གསུང་གི་དངོས་གྲུབ་སྩལ། ཐུགས་ཀའི་ཧཱུཾ་ལས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཧཱུཾ་ཡིག་འོད་ཟེར་སྔོན་པོའི་ཚོགས་དང་བཅས་པ་བྱོན། སྙིང་གར་ཐིམ། ལུས་ཐམས་ཅད་གང་བས་ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་དངོས་གྲུབ་སྩལ། སླར་ཡང་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཇའ་འོད་ཀྱི་རྣམ་པ་ཅན་འཕྲོས། རང་གི་གནས་གསུམ་དུ་ཐིམ་ལུས་ཐམས་ཅད་གང་བས་སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དངོས་གྲུབ་མ་ལུས་པ་སྩལ་བར་བསམ། དེ་ནས་ཆོས་སྐྱོང་སོགས་ཕྱི་མ་རྣམས་ནང་མ་ནང་མ་ལ་རིམ་གྱིས་ཐིམ། བརྒྱུད་པའི་བླ་མ་རྣམས་རིམ་གྱིས་རྩ་བའི་བླ་མ་ལ་ཐིམ་པས། དེ་ཉིད་གདན་གསུམ་ཚང་བའི་ལྷའི་རང་བཞིན་བྱིན་རླབས་ཀུན་འདུས་ཀྱི་ཡབ་ཡུམ་སྙོམས་པར་ཞུགས། བྱང་སེམས་བདེ་བ་ཆེན་པོའི་རྣམ་པར་ཞུགས་ཏེ། རང་གི་སྤྱི་བོ་ནས་ཐིམ་པས། བླ་མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་དང་། རང་གི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་དབྱེར་མེད་དུ་འདྲེས། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་(༥བ)


GLG010_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གྱུར་ཅིང་། བྱིན་གྱིས་བརླབས་པར་བསམ། དེ་ཡང་། མཆོད་ཡུལ། མཆོད་མཁན། མཆོད་རྫས་ཐམས་ཅད་སེམས་ལས་མ་འདས་ཤིང་གཉིས་སྣང་གི་བག་ཆགས་ཀྱི་ཤེས་པ་བསླད་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་སེམས་ལས་ལོགས་སུ་གྲུབ་པ་ཅུང་ཟད་ཙམ་ཡང་མེད་ལ། སེམས་གསལ་རིག་ཙམ་དུ་ངོས་ཟིན་པ་གསལ་བ་སེམས་ཀྱི་མཚན་ཉིད། དེ་ལ་བརྟགས་པ་སྐྱེ་འགག་གནས་གསུམ་བྲལ་བ། སྟོང་པ་སེམས་ཀྱི་རང་བཞིན། གསལ་ཙམ་ན་སྟོང་། སྟོང་ཙམ་ན་གསལ་བ། གསལ་སྟོང་ཟུང་འཇུག་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག །མཇུག་ཏུ་སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་ཞེས་སོགས་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ། འདི་ན་ཉམས་ལེན་སྙིང་པོ་བསྡུས་པ་ཡིན་གྱི། སྒོམ་དོན་གྱི་དམིགས་རིམ་ཞིབ་ཆ་མཐའ་དག་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱི་གསུང་རབ་ལས་ཤེས་པར་བྱ་ཞིང་ཚིག་སྦྱོར་རྒྱས་པ་སྤྲོ་ནའང་དེ་ཉིད་ལས་ལེན་ནོ། །གསང་ཆེན་རྒྱུད་སྡེའི་ཉིང་ཁུ་གཅིག་བསྒྲིལ་ནས། ལམ་ཟབ་གདན་གསུམ་ཚང་བ་བླ་མའི་ཁྲིད། །ཉམས་སུ་བསྟར་བས་ཚེ་འདིར་ཟུང་འཇུག་སྐུ། །རྙེས་བྱེད་དཔལ་ལྡན་ཆོས་སྐྱོང་ཐུགས་ཀྱི་བཅུད། །བཤུལ་འདིར་འཕགས་ཡུལ་གྲུབ་དབང་མང་གཤེགས་ཀྱང་། །ལྗོངས་འདིར་བརྩེ་ཆེན་སྙིང་པོ་ཁོ་ན་ཡི། །གསེར་ཆོས་མཁའ་འགྲོའི་བྱིན་རླབས་མེ་ཏོག་ཐོད། །མ་སྙིགས་འཆིང་བའི་རྗེས་འབྲངས་ཕ་མཐའ་ལས། །ཐུན་མོང་གདམས་པར་དབང་ཕྱུག་རལ་པའི་རྩེར། །ཞབས་སེན་ཟླ་ཚེས་བློ་གྲོས་རྒྱལ་མཚན་ཞེས། །སློབ་བཤད་ཆོས་ཀྱི་ཉི་མ་འོད་པོ་ཆེས། །སྐལ་བཟང་སྙིང་གི་འདབ་སྟོང་ཅི་ཡང་བཞད། །འཁྱོགས་བརྗོད་སྲིན་པོས་(༦ན)


GLG010_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བསླད་པར་མ་ནུས་པས། །ལེགས་བཤད་སཱི་ཏར་རྟག་ཏུ་བརྩེ་བའི་ལྷ། །ཟབ་གསང་གནད་མངས་སྒྲིབ་གཉིས་ལངྒའི་མགྲིན། །གཅོད་པའི་འཕོང་རྐྱེན་དགའ་བྱེད་དེང་འདིར་འགྲུབ། །དགེ་བས་སྐྱེ་བར་ཚད་མ་བཞི་ལྡན་ཆོས། །སྟོན་པའི་བཤེས་གཉེན་མཆོག་གིས་རྗེས་བཟུང་སྟེ། རང་སེམས་དག་པའི་ཁྱབ་བདག་ཀྱེ་རྡོ་རྗེ། །རིང་མིན་མངོན་གྱུར་དོན་གཉིས་ལྷུན་གྲུབ་ཤོག །ཅེས་དཔལ་ལྡན་ས་སྐྱའི་གསེར་ཆོས་ལམ་ཟབ་ཕྱི་མའི་དམིགས་རིམ་གནད་བསྒྲིལ་འཇུག་བདེ་ཞེས་པ་འདི་ནི་མཆོད་དཔོན་ངག་དབང་ཤེས་རབ་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱི་ཉམས་ལེན་དུ་དགོས་ཚུལ་བྱུང་བ་ལྟར། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས། སློབ་བཤད་འཛིན་པ་ཟ་ཧོར་གྱི་བནྡེས་ཡོངས་འཛིན་ཞེས་པ་ཆུ་བྱི་ཧོར་ཟླ་དྲུག་པའི་ཡར་ངོའི་བཟང་པོ་གཉིས་པའི་ཚེས་ལ་བཀོད་པའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པ་རང་གིས་བགྱིས་པ་སིདྡྷི་རསྟུ། །སརྦ་མངྒ་ལཾ།།

གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས་བསྟན་པ་རྒྱས་བྱེད་ཅེས་བྱ་བ་ལས་བུམ་དབང་གི་རྨི་ལམ་མན་གྱི་ཟིན་བྲིས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ།


GLG010_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས་བསྟན་པ་རྒྱས་བྱེད་ཅེས་བྱ་བ་ལས་བུམ་དབང་གི་རྨི་ལམ་མན་གྱི་ཟིན་བྲིས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་བཞུགས་སོ།།


GLG010_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །གྲངས་ཡས་བསྐལ་པར་བསགས་པའི་བསོད་ནམས་ཀྱིས། །རྙེད་དཀའ་རྣལ་འབྱོར་དབང་ཕྱུག་བཞེད་པའི་བཅུད། །ཡང་སྙིང་གསང་ཆེན་སློབ་བཤད་བདུད་རྩིའི་གཏེར། །འདི་འདྲ་འཐུང་བའི་ཤེས་ལྡན་སྐལ་བ་བཟང་། །སྦྱང་གཞི་མ་དག་འཁྲུལ་པའི་འགྲོ་བ་ཀུན། །སྦྱོང་བྱེད་དབང་བཞིའི་ལམ་གྱི་བྱེད་པོ་ཡིས། །སྦྱངས་འབྲས་སྐུ་བཞི་མངོན་པར་ལེགས་འགྲུབ་པ། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐབས་ཀྱི་མཆོག །འདི་སྣང་ཚེ་འདིའི་ཆོས་བརྒྱད་རྒྱབ་བོར་ནས། །ལམ་མཆོག་སྙིང་པོ་ཉམས་སུ་ལེན་པ་ཡི། །བརྩོན་པའི་དཀའ་ཐུབ་བསྟེན་ན་ཚེ་འདི་ལ། །ཟུང་འཇུག་བདེ་ཆེན་གླིང་དེར་བགྲོད་པར་ངེས། །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་ཁའུ་བྲག་རྫོང་པའི་བཞེད་པ་ཚར་བ་རྡོ་རྗེ་འཆང་གི་གསུང་རྒྱུན་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པ་ལ། བུམ་དབང་གི་བར་དོའི་ཁྲིད་གྲུབ་མཚམས་ནས་འཕྲོར་ལུས་འདུག་པའི། རྨི་(༢ན)


GLG010_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ཁྲིད་མན་ཆད་ཀྱི་ཟིན་བྲིས། འ་ཞྭའི་རྡོ་རྗེ་འཛིན་པ་ཆེན་པོ་འཇམ་མགོན་བསོད་ནམས་མཆོག་ལྡན་གྱི་གསུང་རྒྱུན་གསུང་ངག་སློབ་བཤད་ཀྱི་ཁྱད་ཆོས་རྣམས་ཀྱིས་ལེགས་པར་བརྒྱན་ཏེ་འདྲི་བ་ལ། དྲུག་པ་རྨི་ལམ་ནི། རྡོ་རྗེ་ཐེག་པའི་ལམ་གྱི་ཉམས་ལེན་གྱི་ཚོད་འཛིན་པ་ནི་རྨི་ལམ་ཡིན་ལ། དེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་སྦྱོར་དངོས་གཉིས་ལས། དང་པོ་ནི། ལུས་ཧ་ཅང་དྲག་ཤུལ་དང་ངལ་དུབ་ཏུ་མ་སོང་བར། ངག་གི་སྨྲ་བརྗོད་ཀྱང་བག་གིས་ཉུང་བར། ཡིད་ཀྱི་རྟོག་པ་རྒྱ་འབྱམས་སུ་རྒྱ་ཆེར་མི་སྤྲོ་བར། གཉིད་འཐུག་པོའི་རྒྱུ་ཟས་བཅུད་ཅན་དང་། ཡེར་བའི་རྒྱུ་ཇ་གར་པོ་སོགས་སྤངས་ནས་སྤྱོད་ལམ་ཐམས་ཅད་འཇམ་ལ་ཆ་མཉམ་པ་བྱ་བ་དང་ཉིན་ཕྱེད་ཡན་ལ་ཉིན་མོའི་སྣང་བ་གང་ཤར་ལ་རྨི་ལམ་གྱི་སྣང་བར་འདུག་ངེས་རྨི་ལམ་འདི་ཅི་ནས་ཀྱང་འཛིན་ཐུབ་པ་ཞིག་བྱ་སྙམ་པ་དང་། ངག་ཏུ་ཡང་རྨི་ལམ་ཡིན་ཞེས་པ་ཡང་ཡང་བརྗོད་ཅིང་འདུན་པ་དྲག་ཏུ་བཏང་། ཉིན་ཕྱེད་ཚུན་ནས་དྲག་དྲགས་ན་སང་འབྱམས་ཀྱི་རྒྱུ་བྱེད་པས། འདུན་པ་དང་བརྗོད་པ་གཉིས་ཀ་རན་ཙམ་བྱ།གཉིས་པ་ལ། བཟུང་བ། སྦྱང་བ། བསྒྱུར་བ། དེ་(༢བ)


GLG010_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་ལ་བློ་བཞག་པ་དང་བཞི། དེ་དག་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། སྲོད་ཐུན་གྱི་རྣལ་འབྱོར་བསྡུས་ནས། སངས་རྒྱས་ཆོས་ཚོགས་ལྟ་བུའི་སྐྱབས་སེམས་མདོར་བསྡུས་དང་། བདག་གནས་རྣལ་འབྱོར་སྲུང་བའི་རིམ་པ་རྣམས་སྔར་ལྟར་བྱ། སྤྲོ་ན་རྨི་ལམ་ཟིན་པར་བླ་མ་ལ་གསོལ་བ་འདེབས་པ་སོགས་བྱ། གཉིས་པ་ནི། གཞོགས་གཡས་པ་ཕབ་སྟེ་བདེ་བར་ཉལ་བའི་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་འདབ་མ་ལ་མདུན་ནས་གཡས་སྐོར་གྱིས་ཨ་ནུ་ཏར་ལྟེ་བར་ཨོཾ་དང་བཅས་པ་གསལ་གདབ། ཁ་དོག་དཀར་དམར་ཡིད་ཡུལ་དུ་གང་འཆར་བ་བྱེད། ཐོག་མར་མདུན་གྱི་ཨ་ལ་དམིགས་པ་གཏད་དེ། ཨ་འདི་ཡང་རྨི་ལམ་གྱི་ཡི་གེ་ཡིན། སྣང་བ་འདི་ཡང་རྨི་ལམ་གྱི་སྣང་བ་ཡིན། རྨི་ལམ་གྱི་སྣང་བ་ལ་གང་སྦྱང་སྦྱང་དང་བསྒྱུར་བསྒྱུར་ཡིན། དེས་ན་རྨི་ལམ་ཅིས་ཀྱང་ཟིན་པ་བྱ་སྙམ་པ་བྱས་ནས་རྣམ་རྟོག་གཞན་གྱིས་བར་མ་ཆོད་པའི་ངང་དུ་གཉིད་ཀྱིས་མཚམས་སྦྱར་དེ་འཕྲལ་གཉིད་དུ་སོང་ནས་ཟིན་ན་དེས་ཁྱབ། ད་དུང་ཡེར་བའམ་རྟོག་པ་འཕྲོ་ན། གཡས་ཀྱི་ནུ་ནས་ཨོཾ་གྱི་བར་ལའང་རེ་རེ་ནས་རིམ་བཞིན་དུ་སེམས་བཟུང་། དེས་ཀྱང་མ་ཟིན་ན་སྨིན་མཚམས་སུ་ཐིག་ལེ་ནག་པོ་འོད་ཀྱི་རང་བཞིན་སྲན་མ་ཙམ་པ་རེག་ལ་མ་འབྱར་བའི་ཚུལ་དུ་གཡོན་ཕྱོགས་སུ་འཁོར་བ་ཞིག་གསལ་འདེབས། དེ་ཡང་ལམ་གཞན་དུ་རྨི་ལམ་གྱི་འགེགས་བཞིར་གསུངས་ཀྱང་། འདིར་རྣལ་འབྱོར་དབང་ཕྱུག་གི་བཞེད་པས། སད་འབྱམས་དང་འཁྲུལ་འབྱམས་གཉིས་ཡོད་པའི་དང་པོ་ནི། སྔར་གྱི་ཐིག་ལེ་ནག་པོས་ཀྱང་སེལ། དེས་མ་སེལ་ན། ཐིག་ལེ་མཐའ་ནག་པ་དབུས་སྐྱ་སིང་ངེ་གཡོན་སྐོར་དུ་ཤུགས་དྲག་ཏུ་(༣ན)


GLG010_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཞིག་བསམས་ལ་སེམས་གཏད་པས་སེལ། དེས་ཀྱང་མ་སེལ་ན་ཐིག་ལེ་ནག་ཀྱང་གཡོན་འཁོར་སྔར་ལྟར་ལས་འོད་ཟེར་ནག་པོ་སོལ་བའི་ཕྱེ་ལྟ་བུ་ཐིབ་ཐིབ་བྱུང་ནས་རང་ལུས་ཐམས་ཅད་གཡོགས་པ་ལྟ་བུ་ལ་སེམས་གཏད་པས་སད་འབྱམས་དེ་གྲོལ་འགྲོ་ནའང་། འདིས་ཧ་ཅང་ཤེས་པ་བྱིང་བ་སོགས་སུ་འགྱུར་བས་དཔོགས་ཆོག་ལྟ་བུ་སྟེ་ཡེ་མ་ཟིན་ན་མ་གཏོགས་མི་བྱེད་པར་བླ་མ་སྔ་མ་རྣམས་གསུང་ངོ་། །འཁྲུལ་འབྱམས་སེལ་བ་ལ་བློ་འདས་ཀྱི་སྤྱོད་པ་ནི། མི་མེད་པའི་དབེན་ཅིང་ཡངས་པའི་སར་ལུས་གཅེར་བུར་བྱས་ལ། རྒྱུག་མཆོང་སོགས་ལུས་ཀྱི་སྤྱོད་ལམ་མ་ངེས་པ་སྣ་ཚོགས་བྱ། ངག་གི་ཀུན་ཅོ་ལ་སོགས་པ་བརྗོད་བྱ་མ་ངེས་པ་སྣ་ཚོགས་དང་རྨི་ལམ་ཡིན་ཞེས་མང་དུ་བརྗོད། ཡིད་ལ་རྨི་ལམ་གྱི་སྣང་བ་ཡིན་སྙམ་པ་རྩེ་གཅིག་ཏུ་བྱས་པས་སེལ། ཡང་ན་བྲག་ལ་ཆུ་འཐབ་ཀྱི་བྲག་རྩེ་དང་། གད་གཡང་དང་མཁར་མཐོན་པོའི་རྩེ་ལྟ་བུ་གཡང་ཐ་ཆོད་པའི་གནས་སུ་བསྡད་ལ། ཞེད་སྣང་དེ་ཁ་རྨི་ལམ་གྱི་སྣང་བ་ཡིན་བསམ་པ་ཡང་ཡང་བྱས་པས་སེལ་ལོ། །གཉིས་པ་སྦྱོང་བ་ནི། དེ་ལྟར་བཟུང་བས་རྨི་ལམ་གྱི་སྐབས་སུ་འདི་ལྟར་རྨི་ལམ་གྱི་སྣང་བར་འདུག་སྙམ་པ་ཤར་བའི་ཚེ། དེ་གང་སྦྱང་སྦྱང་དང་བསྒྱུར་བསྒྱུར་ཡིན་པས། རི་རབ་ཀྱི་རྩེར་ཕྱིན་ནས་གླིང་བཞི་བལྟ། དེ་ནས་ཀྱང་ཉི་ཟླའི་སྟེང་དུ་ཕྱིན་ནས་ཚངས་པའི་འཇིག་རྟེན་བལྟ། དེ་ནས་རིམ་གྱིས་མངོན་དགའ་ལྟ་བུ་དག་པའི་ཞིང་ཁམས་སུ་བློ་གཏད་ལ་རྨི་ལམ་བཟུང་བས་སངས་རྒྱས་མཇལ་བ་དང་ཆོས་ཉན་པ་སོགས་ལ་བསླབ་བོ། །གསུམ་པ་བསྒྱུར་བ་ནི། དེ་ལྟར་འབྱོངས་པ་ལྟར། རང་གི་ལུས་ཀྱང་གཅིག་ལས་གཉིས་དང་གཉིས་(༣བ)


GLG010_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུམ་སོགས་མང་པོར་སྒྱུར་ཏེ་སངས་རྒྱས་མཆོད་པ་དང་། ངན་སོང་དུ་ཕྱིན་ལ་སེམས་ཅན་གྱི་དོན་བྱེད་པ་སོགས་སུ་བསྒྱུར་རོ། །བཞི་པ་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། རྩ་རྒྱུད་ལས། བདེན་མིན་རྫུན་མིན་ཐམས་ཅད་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །ཐམས་ཅད་རྣལ་འབྱོར་མས་ཤེས་བྱ། །ཞེས་གསུངས་པ་ལྟར། བདེན་པ་མ་ཡིན་ཏེ་གཉིད་སད་པའི་རྗེས་སུ་དེ་དག་བྱུང་བའི་ཤུལ་ཙམ་ཡང་མི་སྣང་། རྫུན་པའང་མིན་ཏེ་རྨི་ལམ་གྱི་གནས་སྐབས་སུ་ཉམས་སུ་མྱོང་དུ་ཡོད་པའི་ཕྱིར་རོ། །མདོར་ན་སྣང་བ་ཐམས་ཅད་བདེན་མེད་ཀྱི་རྒྱས་བཏབ་ནས་འཁོར་འདས་དབྱེར་མེད་དུ་བསྲེའོ། །དེ་ཚོད་འཛིན་པ་སྒྱུ་ལུས་ལ། མ་དག་པའི་རྒྱུ་ལུས་དང་། དག་པའི་སྒྱུ་ལུས། གཉིས་བསྡུས་ཀྱི་སྒྱུ་ལུས་དང་གསུམ་ལས། དང་པོ་ནི། ཁམས་གསུམ་གནས་ལུས་ལོངས་སྤྱོད་སྣ་ཚོགས་སུ་ཤར་བ་འདི་ཐམས་ཅད་སེམས་ལ་ལས་དང་ཉོན་མོངས་པས་བསླད་སྐྱོན་སྣ་ཚོགས་དང་འཕྲད་པའི་དབང་གིས་མེད་བཞིན་དུ་ཤར་བ་འདི་དག་གོ །གཉིས་པ་ནི། ལམ་ཟམ་མོ་ཉམས་སུ་བླངས་པས་བསྐྱེད་རིམ་བརྟན་པའི་ལྷའི་རྣམ་པ་དང་། ཉམས་མྱོང་སྣང་བ་གསུམ་གྱི་ལམ་སོགས་སུ་འཆར་བ་རྣམས་སོ། །གསུམ་པ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་བཞིན་དུ་སྣ་ཚོགས་སུ་སྣང་བ་སྟེ། དཔེར་མཚོན་ན་མེ་ལོང་དུ་གཟུགས་འཆར་བར་བྱས་ལ་དེ་རྐྱེན་མ་ཚོགས་པའི་ཚེ་ན་རང་བཞིན་གྱི་རྐྱེན་གྱིས་རྒྱུས་སྟོང་། ཚོགས་པའི་ཚེ་གཟུགས་བརྙན་དུ་སྣང་། དེ་མ་ཐག་འགགས་པས་གནས་པ་མེད་པས་ངོ་བོས་སྟོང་། དེ་ཡང་འདི་ལྟ་བུར་ཐིམ་སོང་པའམ་བརྗོད་དུ་མེད་པས་མཐར་འབྲས་བུས་སྟོང་། དེ་བཞིན་དུ་རང་གི་(༤ན)


GLG010_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱང་ཕ་མའི་འདུ་འཕྲོད་མེད་པའི་སྔོན་དུ་སྐྱེ་བ་རྒྱུས་སྟོང་། རྐྱེན་སྣ་ཚོགས་ཚོགས་པས་ད་ལྟ་ལུས་སུ་གྲུབ་པ་དེ་ཡུན་དུ་མི་གནས་པར་འཇིག་པས་ངོ་བོས་སྟོང་། མཐར་ཕུང་པོ་སྦྱངས་པའི་ཚེ་འདི་འདྲ་ཞིག་ཏུ་ཐིམ་བརྗོད་དུ་མེད་པས་མཐར་འབྲས་བུས་སྟོང་སྟེ། དེ་དངོས་སུ་ཉམས་སུ་མྱོང་བས་ན། བསྟོད་སྨད་བདེ་སྡུག་སོགས་ཐམས་ཅད་ལ་འཛིན་པ་སྤངས་ཏེ་འཁོར་འདས་དབྱེར་མེད་ཀྱི་ལམ་དུ་བསྒྱུར་རོ། །དེ་ལྟར་ན་ཉིན་མོ་སྒྱུ་ལུས་དང་མཚན་མོ་རྨི་ལམ་སྟེ་དེ་གཉིས་ཟུང་དུ་འཇུག་པས་བར་དོའི་གྲུབ་མཐའ་སྙོགས། དེ་ཡང་མེ་ལོང་གི་གཟུགས་ལ་བསྟོད་སྨད་སོགས་ཀྱི་རྣམ་པ་ཡང་ཡང་མང་དུ་བྱས་ལ་བསླབ་བོ། །དེ་ལྟར་གཞི་ཆོས་ཅན་འཁོར་བའི་གནས་ཚུལ་གྱི་རྗེས་སུ། ལམ་བགྲོད་པའི་རིམ་པ་ནི། ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྒོ་ནས་མདོར་བསྟན་པ་ནས་བཤད་མ་ཐག་པ་ཡན་གྱིས་ལེགས་པར་སོང་ལ། འབྲས་བུ་སངས་རྒྱས་ཀྱིས་བཤད་པ་ནི། གང་ཟག་རབ་ཚེ་དེར་ས་དྲུག་པ་མན་ཆད་མངོན་དུ་བྱས་ནས་གྲུབ་མཐའ་སྙོགས། འབྲིང་འཆི་བ་འོད་གསལ། མཐའ་མར་བར་དོར་སྣང་བ་བསྒྱུར། ཤིན་ཏུ་མཐའ་མས་སྨོན་ལམ་གྱིས་མཚམས་སྦྱར་ཏེ། སྐྱེ་བ་བླངས་ནས་ལམ་ལྷག་མ་ལ་བསླབ་པ་ནི། བུམ་དབང་གི་ལམ་གྱི་རིམ་པའི་འབྲས་བུའོ། །དེ་རྩའི་འགྲོས་ཐིམ། བསྐྱེད་རིམ་གྱི་ལམ་མངོན་དུ་བྱེད་དོ། །ས་དྲུག་མངོན་དུ་བྱས་ནས་གྲུབ་པའི་མཐའ། །སྙོགས་བྱེད་བུམ་དབང་དང་འབྲེལ་ཁྲིད་རིམ་རྣམས། །འཁྲུལ་མེད་བརྒྱུད་པའི་གསུང་སྒྲོས་ལྟར་བཀོད་ཀྱི། །སྐལ་བཟང་ཚོགས་རྣམས་དགའ་བའི་གར་བྱོས་ཤིག །བུམ་དབང་ཉམས་ལེན་གྱི་རིམ་པ་རྗེ་བླ་མའི་གསུངས་རྒྱུན་རྣམས་ལེགས་པར་གྲུབ་བོ། །ལུས་ཐབས་རྒྱུད་ལ་དབང་བཞི་དང་འབྲེལ་བའི་ལམ་བསྒོམ་པའི་གཉིས་པ་གསང་(༤བ)


GLG010_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ལམ་ལ། སྦྱོར་དངོས་རྗེས་གསུམ། དང་པོ་ལ་ཁྱབ་བྱེད་ཀྱི་གདམས་ངག་དང་། ཁྱབ་བྱའི་གདམས་ངག་གཉིས་སམ། ཡང་ན་ཁྲིད་ཀྱི་སྔོན་འགྲོ་དང་། ཐུན་གྱི་སྔོན་འགྲོ་གཉིས། དང་པོ་ལ། དབང་ཞུ་བ། ལེན་པ། བསག་སྦྱང་གསུམ་ལས་ཕྱི་མ་སྔར་ལྟར་བྱེད། གཉིས་པ་ལ་སྦྱང་བ་གསུམ། སྒོམ་པ་གསུམ། གནད་ལ་དབབ་པ་གསུམ། དང་པོའི་གསུམ་གྱི་དང་པོ་ནི། ཡན་ལག་ལྔ་སྦྱོང་བྱ། གཉིས་པ་སྨྲ་བརྗོད་བཞད་བགད་ཀློག་དབྱངས་སོགས་ང་རོ་དྲག་པོ་རྣམས་ཉུང་བར་བྱེད། གསུམ་པ་ནི་གསལ་སྟོང་འཛིན་མེད་ལ་འཇོག །བར་པ་གསུམ་གྱི་དང་པོ་ནི། སངས་རྒྱས་ཆོས་ཚོགས་མ་སྔོན་དུ་བཏང་ནས། དེ་ཁོ་ན་ཉིད་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྒོམ། གཉིས་པ་ནི་ཧཱུཾ་རེ་བརྗོད་ནས་སྲུང་འཁོར་དང་ལྷ་གསལ་གདབ། གསུམ་པ་ནི། སྤྱི་བོར་བླ་མ་ཞལ་བརྒྱད་པར་བསྒོམས་ནས། བདག་རྒྱུད་བྱིན་གྱིས་བརླབ་པར་གསོལ་བ་འདེབས་ཤིང་རང་ལ་བསྟིམ། ཐ་མའི་གསུམ་ནི། ལུས་རྣམ་སྣང་གི་ཆོས་བདུན་ལྡན། ངག་རླུང་དགུ་ཕྲུགས་སུ་འབུད་པ་ཡིད་སྐྱོ་ཆོད་དེ་གཞག་གོ །གཉིས་པ་དངོས་གཞི་ལ་རྡོ་རྗེའི་ཚིག་རྐང་ལས། ཁམས་གསུམ་འདུས་པ་དང་པོ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་འཁྲིད་པ་ཞེས་གསུངས་པ་འདི་ལ་སྤྱིར། དུས་འཁོར་ལས་སྲོག་རྩོལ་འདུས་པ་ལ་སྒྱུ་ལུས། བདེ་མཆོག་དང་འདིར་རང་བྱིན་རླབས་སམ་ཙཎྜ་ལི་གཏུམ་མོ་རྣམས་སུ་རྣམ་གྲངས་སུ་གསུངས་པ་ལས། རྩ་རྒྱུད་ལས། འབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། རྔུབས་པ་ཉིད་ཀྱིས་དབང་དུ་བྱེད། དགང་བ་ཉིད་ཀྱིས་དགུག་པར་བྱེད། །ཞི་བ་ཡིས་ནི་རིངས་པར་བྱེད། ཅེས་པས། འབྱུང་འཇུག་གནས་གསུམ་གང་བ་དང་བཅས་པའི་བཞི་ལ་ཀུན་རྫོབ་ཏུ་ཕ་རོལ་འཇོམས་པའི་ལས་བཞི་དང་། ངེས་དོན་དུ་(༥ན)


GLG010_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་རླུང་གི་རྣལ་འབྱོར་དུ་གསུང་བ་ལ། རྣལ་འབྱོར་དབང་ཕྱུག་གིས་མན་ངག་བདུན་དུ་མཛད་དེ། སྲོག་རྩོལ་རྡོར་བཟླས་ཕྱིར་དབྱུང་བ་གསུམ། ནང་དུ་འཇུག་པ་མཉམ་གཞག་གཉིས། གནས་པ། ཁ་སྦྱོར་ཏེ་བདུན། གཏུམ་མོ་བཅོ་བརྒྱད། འཕྲུལ་འཁོར་འཕྲིན་ལས་སོ་གཉིས་དང་བཅས་པ་རྣམས་སུ་འདུས་པ་ལས། དང་པོ་སྲོག་རྩོལ་ནི། ཐོག་མར་གཡོན་ནས་རླུང་རྒྱུ་བའི་ཚེ་སྒོ་བསྟུན་ལ་ཉམས་སུ་ལེན་དགོས་ཤིང་། གལ་ཏེ་གཡས་ནས་རྒྱུ་བ་དང་ཐུག་ན་ནུ་མ་བཅུད་ལ་བོར་བའི་གདམས་པས་གཡོན་དུ་རྒྱུ་བའི་ཐབས་བྱེད། བླ་མས་ཁྲིད་གནང་བའི་དུས་ཀྱང་དེ་ལྟར་མཛད་པའི་ཕྱག་ལེན་དུ་མཆིས། དེ་ནས་ཐོག་མར་གཡོན་ནས་ནང་དུ་ཞུགས། ནང་དུ་གནས། ཕྱིར་ཐོན་པ་གསུམ་ལ་གཅིག་ཏུ་བྱས་པ་རླུང་མ་འཁྲུལ་པའི་གྲངས་འཕྲེང་བ་ལྟ་བུར་བཟུང་བའི་མང་མཐའ་ལ་ཚད་བཟུང་མེད། ཉུང་མཐའང་བརྒྱ་རྩ་ཙམ་བྱ། གྲངས་ཉི་ཤུ་ཙམ་རྗེས་རླུང་སྣ་བུག་གང་ནས་རྒྱུ་ཡང་ཁྱད་མེད་དོ། །དེ་ལྟར་བསྒོམས་པས་གང་ཟག་མཆོག་ལ་ཏིང་ངེ་འཛིན་ཁྱད་པར་ཅན་དང་མངོན་ཤེས་གྲུབ་པ་སོགས་བྱུང་། འཇུག་པ་སེལ་བའི་ཉམས་མྱོང་རྒྱུད་ལ་སྐྱེ་བ་དང་། ཐ་མའང་བཀྲུ་བཤལ་གྱིས་སྣོད་དག་པ་ལྟར་བུམ་ཅན་གྱི་དུས་རླུང་ལས་སུ་རུང་བའི་ཡོན་ཏན་བསྐྱེད་དོ། །དེ་ལས་ཀྱང་རྫོགས་རིམ་གྱི་ཏིང་ངེ་འཛིན་གྱི་ཡོན་ཏན་བསྐྱེད་པར་འདོད་པས་རླུང་ལ་སྔོན་བདག་གིས་སྦྱིན་པ་ནི། དང་པོ་ནི་གཡས་ཀྱི་རྩོལ་བའི་རླུང་ལ་སེམས་གཏད་ལ། ཕྱིར་འགྲོའི་རླུང་རང་གི་ངོས་ནས་ཅུང་ཟད་བཅོས་པ་ཕྱིར་རིང་དུ་བཏང་། ནང་དུ་འཇུག་གནས་གཉིས་ཐུང་ངུར་བྱ། དེ་སྔར་ལྟར་གྲངས་བཟུང་དེས་བར་ཆད་སེལ། དེ་ལ་གོམས་ནས་གཉིས་པ་ནི། སྲོག་(༥བ)


GLG010_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གི་རླུང་གཡོན་ནས་ནང་དུ་འཇུག་པ་དང་གནས་པ་རང་བབས་ཀྱིས་རིང་དུ་བཏང་། ཕྱིར་འགྲོ་བ་ཐུང་བར་བྱེད། དེས་ཚེ་སྒྲུབ་མཆོག་ཏུ་འགྱུར་ཞིང་མི་རྟག་པ་ཡང་རིམ་གྱིས་སྐྱེ། རྡོ་རྗེའི་བཟླས་པ་ནི། ཐོག་མའི་འབྱུང་འཇུག་གནས་གསུམ་གྱི་རླུང་གི་གདངས་འབྲུ་གསུམ་དུ་བསྒྱུར་ཞིང་ནང་འཇུག་ཨོཾ་ནས་འགོ་འཛིན་ནོ། །ཕྱིར་བཏང་གི་ཡན་ལག་གསུམ་ལས། དང་པོ་ནི། ལག་གཡས་པ་ཁུ་ཚུར་དུ་བྱས་པའི་མཛུབ་མོ་གུང་མོའི་རྒྱབ་མནན་པའི་གུང་མོས་སྣ་བུག་གཡས་མནན་གཡོན་ནས་ཅུང་ཟད་ཚུར་རྔུབ་པའི་ངོས་ཕྱིར་དྲག་ཏུ་བཏང་ཞིང་ནན་ཙམ་བྱ། འཇུག་གནས་ངལ་གསོ་ཙམ་གྱི་ཅུང་ཟད་བྱེད། གཉིས་པ་ནི། སྣ་བུག་གཉིས་ཀ་ནས་དྲག་ཏུ་གཏོང་ཞིང་། གཏོང་ལུགས་སྔར་དང་འདྲ། ཐོག་མར་ཁྲུ་གང་ཙམ། དེ་ནས་སྟོང་གསུམ་གྱི་མཐར་སླེབ་པ་ཙམ་བྱེད། གསུམ་པ་ནི། ཁ་ནས་སྒྲ་བཅས་སུ་སོ་ཡར་མར་སྤྲད་པ་ཅུང་ཟད་རེག་ཙམ་བྱས་ནས། སིའི་སྒྲ་དང་བཅས་གཏོང་བ་གོང་དང་མཚུངས། ནང་དུ་འཇུག་པ་ལ་གཉིས་ལས། དང་པོ་ནི། ལྟེ་བའི་ཁྱིལ་ཁྱིལ་གྱི་ཐད་དུ་བྱ་གསར་གྱི་སྒོ་ང་ཙམ་གྱི་ཕྱི་དཀར་ནང་དམར་བ་དབུས་སུ་ཨ་ཤད་དམར་པོ་ནས་འབྲུ་ཙམ་པ་གསལ་བཏབ། སྔར་ལྟ་བུའི་ལོག་པ་ཁུ་ཚུར་གྱིས་གཡས་ཀྱི་སྣ་བུག་བཀག །གཡོན་ནས་ཡུན་རིང་དུ་རྔུབས་ལ་རླུང་རྣམས་ཨ་ཤད་ལ་སིབ་སིབ་ཐིམ་པར་བསམས་ཤིང་རྔུབ་པའི་ཤུགས་རྫོགས་པ་དང་། མགོ་གཡས་སྐོར་དུ་གཅུ་ཞིང་མཆིལ་མའི་རྟ་དང་བསྟུན་རླུང་གང་ཐུབ་བཟུང་། གཉིས་པ་ནི། སྒོ་ངའི་ཚབ་ཏུ་ཆོས་འབྱུང་གི་སྔོན་པོ་གསལ་འདེབས་པ་དང་། མཐར་ཆོས་འབྱུང་སྟོང་གསུམ་གང་བར་དམིགས་པ་སོགས་ཙམ་མ་གཏོགས་གཞན་ཐམས་ཅད་གོང་མ་དང་མཚུངས་(༦ན)


GLG010_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རླུང་ཕྱིར་དབྱུང་དྲགས་པའི་བགེགས་སེལ་ལམ་བོགས་འདོན་ནི། ལུས་ཐབས་འགལ་གྱིས་འཕྲུལ་འཁོར་བྱས། མིང་གཞན་མེ་ཏོག་དྲུག་བཅིངས་ཡང་ཟེར་རོ། །སྤྱི་བོ་ནས་རླུང་སྔོན་པོ་སྤོས་རེང་གི་དུད་པ་འདི་པ་ཐུར་དུ་སང་། འོག་སྒོ་ནས་ཁྲུ་གང་ཙམ་པ་ལ་སྔོ་ཁྱིལ་ལེ་ཡོད་པར་སེམས་གཏད་ནས་སྟེང་རླུང་ཅུང་ཟད་གནོན། ཡང་ནང་དུ་འཇུག་དྲགས་པའི་བོགས་འདོན་གེགས་སེལ་ནི། སྐྱིལ་ཀྲུང་བྱས་ལ་ལག་གཡས་ཀྱིས་རྐང་པ་གཡོན་པའི་མཁྲིག་མ་ནས་བཟུང་། གཡོན་གྱིས་གཡས་པ་བཟུང་ནས། གསང་གནས་ནས་རླུང་སྔོན་པོ་ཡར་སོང་སྤྱི་བོ་ནས་ཁྲུ་གང་ཙམ་ཡོད་པ་ལ་སེམས་གཏད་དོ། །བདུན་པ་བུམ་ཅན་ནི། ལྟེ་བར་ཨ་ཤད་སྒོམ་སྟེང་རླུང་ཐོག་མར་གནོན་པ་བགེགས་ཆུང་བས། མཆིལ་མ་སྒྲ་མེད་དུ་མིད་ནས་ལྟེ་བར་སླེབ་པ་ཙམ་དུ་གནོན། འོག་རླུང་ཀྱང་ཐེན་ནས་ཁ་སྦྱོར་དུ་འཛིན། གྲངས་ཚད་པུས་མོ་གཡོན་ནས་གཡས་སུ་བསྐོར་བ་དབུས་སུ་སེ་གོལ་གཏོག་པ་རེ་ལ་གཅིག་ཏུ་བརྩིས་པའི་རབ་གྲངས་མེད་འབྲིང་དྲུག་ཅུ་རྩ་བཞི། ཐ་མ་མ་ངེས་སོ། །རླུང་གི་རྣལ་འབྱོར་བདུན་པོའི་དམིགས་རྐང་རེའི་གཤམ་དུ་འཛིན་མེད་དུ་འཇོག་གོ །གཉིས་པ་གཏུམ་མོའི་དམིགས་པ་ལ། སམྦུ་ཊི་ནས་རྣམ་གྲངས་ཉེར་དགུ་གསུངས། རྣལ་འབྱོར་དབང་ཕྱུག་གིས་བཅོ་བརྒྱད་དུ་བསྡུས་པ་ཡིན། དེ་ཡང་། རྩ་ཐིག་རླུང་མེ་བཞི་ག་འཛོམ་ན་གཏུམ་མོ་འཐུག་པོ། །གཉིས་འཛོམ་ན་གཏུམ་མོ་གང་བ། མེ་གཅིག་པུ་ལ་གཏུམ་མོ་གཅེར་བུ་ཡིན། རང་ལུགས་བཅོ་བརྒྱད་ལ་འཁོར་ལོ་ལ་མ་བརྟེན་པ་ལྔ། བརྟེན་པ་གསུམ། མན་ངག་གི་གནད་ལས་བྱུང་བ་བཅུ་ཡོད་པ་ལས། ལྔ་པོ་ལ། མེ་གསོ་(༦བ)


GLG010_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཚངས་པའི་ཐོག་རྩའི་རྣལ་འབྱོར། སྲུབས་ཤིང་གི་རྣལ་འབྱོར། ཐེག་ལེའི་རྣལ་འབྱོར་ལས། དེ་རེ་རེ་ལའང་། ལམ་སྦྱོང་བ། ལྟ་བ་སྐྱོང་བ། ཉམས་བྱུང་རྒྱལ་དུ་སྐྱོང་བ། ཐུན་གྲངས་མ་ངེས་པ། ཐུན་ཚད་མ་ངེས་པ། ཡིད་འཇུག་ཡུལ་བརྟག་པ། ཁམས་ཚོད་བཟུང་བ། ཟས་སྤྱོད་ལམ་ལྕག་གིས་བསྐུལ་བ་དང་བརྒྱད་ཀྱིས་བསྡུས་སོ། །ལྔ་པོའི་དང་པོ་ནི། རང་ལྷར་བསྒོམ། ལག་པ་གཅིག་གིས་ཅིག་ཤོས་ཀྱི་ཉ་ནས་བཟུང་སྟེ་བསྣོལ། རྐང་པ་ཡང་ཕན་ཚུན་བསྣོལ་ཏེ་ཙོག་པུར་བསྡད་པས་གྲུ་གསུམ་དྲུག་འབྱུང་བའི་ལུས་ཐབས་འགལ་གྱི་འཕྲུལ་འཁོར་བྱ། འོག་སྒོའི་ནང་དུ་རླུང་དཀྱིལ་སྔོན་པོ་ཟླ་གམ་བཅད་ཁ་ཡར་བསྟན་པ། གསུམ་མདོར་མེ་གྲུ་གསུམ། ལྟེ་འོག་ཀྵ་དམར་པོ་མགོ་ཐུར་བསྟན་ལྟེ་བར་ཨཾ་དམར་པོ་མགོ་གྱེན་བསྟན་བསྒོམ། འོག་རླུང་ཐེན་ཙམ་གསུམ་བྱས་རྗེས་ནར་གྱིས་ཐེན་པ། རླུང་གཡོས་མེ་སྦར། དེ་ལས་ཀྵ་ལ་མེ་འབར་བས་ཨ་ལས་ཐིག་ལེ་དམར་པོ་ཧྲེལ་མོ་སྲན་མ་ཙམ་གཉིས་བྱུང་ཀྵ་ལ་ཐིམ་པས། མེ་ལ་མར་ཁུ་ཐིགས་པ་ལྟར་དྲག་ཏུ་འབར། དེས་རྐྱེན་བྱས་ཨཾ་ལས་ཁམས་ཐིགས་པས་མེ་དང་དེ་གཉིས་སྐྲ་ཤད་འཇིགས་པ་ལྟར་སོང་བ་དང་སྟེང་རླུང་མནན་ཏེ་བཞག་གོ །གཉིས་པ་ནི། འོག་སྒོར་རླུང་གཞུའི་དབྱིབས་ཅན་མདེའུ་ཐུར་བསྟན་བསམ། རྩ་དབུ་མ་མདའ་སྙུག་ཙམ་པ་སྤྱི་གཙུག་བར་ཐལ་ལེ་བསྒོམ། སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་བསྟན་བསྒོམ། འོག་རླུང་སྔར་བཞིན་བྱས་པའི་རྐྱེན་གྱིས་གཞུའི་འཆང་བཟུང་ཡར་བསྟན་ཏེ་མདའ་རྩ་ནང་ནས་གྱེན་དུ་སོང་བ་ཧཾ་ལ་ཕོག་པས། དེ་ལས་ཁམས་འཇགས་ཏེ་ལུས་ཐམས་ཅད་ཁྱབ་པའི་བདེ་བ་ལ་སེམས་གཏད་རླུང་སྔར་བཞིན་བཟུང་། འདི་ཐུན་རེ་ལ་ལན་རེ་ལས་མི་བྱེད་གསུང་། (༧ན)


GLG010_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། འབྱུང་འཇུག་གནས་གསུམ་ལ་བརྟེན་ནས་རིམ་པ་བཞིན་རོ་རྐྱང་དབུ་གསུམ་གསལ་བཏབ། རོ་རྐྱང་གི་ཡ་མཐའ་སྨིན་མཚམས་ཀྱི་ཐད་ཙམ། དབུ་མ་སྤྱི་གཙུག །མར་སྣ་གསུམ་ཁ་གསང་གནས་ལ་ཐུག་པར་བསྒོམ། རྐྱང་མ་ནས་རླུང་འཇུག་པའི་ཚེ་ཨོཾ། དབུ་མའི་སྒོར་གནས་པའི་ཚེ་ཨཱཿ རོ་མ་ནས་འབྱུང་བའི་ཚེ་ཧཱུཾ་གི་རྡོར་བཟླས་བྱེད་དོ། །བཞི་པ་ནི། ལག་པས་པུས་མོ་གཉིས་བསྡམས་ཏེ་ཙོག་པུ་བྱ། ལྟེ་བ་ཨཾ་རྩ་དབུ་མར་སྣ་དེའི་སྟེང་ཟུག་པ། ལྟེ་བའི་ལྟག་ཙམ་ནས་རོ་མས་དབུ་མ་ལ་ལན་གསུམ་དུ་དཀྲིས། དེ་ལྟག་རྐྱང་མས་གཡོན་སྐོར་དུ་ལན་གསུམ་དཀྲིས། དེ་གཉིས་ཀྱི་གཡས་གཡོན་དུ་ཐེན་པའི་རྐྱེན་གྱིས་དབུ་མས་ཨ་སྲུབས་པས་མེ་དམར་ཕྲོམ་ཕྲོམ་བྱུང་དེས་དབུ་མ་གང་། དེ་ནས་རིམ་གྱིས་ལུས་ཐམས་ཅད་གང་བར་དམིགས་སོ། །ལྔ་པ་ནང་གསེས་ལ་བཞི་ལས། ཏིང་ངེ་འཛིན་སྐྱེ་བར་འདོད་ན་སྙིང་གའི་ཉི་ཟླ་ཁ་སྦྱོར་ནི། སྙིང་སྒོང་ལྐོགས་ལྟ་བུའི་ནང་དུ་ཐིག་ལེ་དཀར་པོ་སྲན་མའི་ཕྱེད་ཙམ་དང་། དེ་སྟེང་ཐིག་ལེ་དམར་པོ་སྲན་ཕྱེད་ཙམ་ཁ་སྦྱར་བའི་ནང་དུ་སེམས་ཧཱུཾ་སྔོན་པོ་གསལ་བཏབ། དེ་ནས་ཐིག་ལེའི་ནང་ནས་སིང་ཟེར་བའི་སྐད་ཅིག་བྱུང་བས་རྐྱེན་བྱས་གའུའི་སྟེང་དུ་བུག་པ་ཆུང་ངུ་གཅིག་བྱུང་དེ་ལ་སེམས་གཏད་དེ། དེར་མིག་གིས་བལྟ་བ་ལྟ་བུ་བྱ། ཁ་ནང་ནས་སྒྲ་མེད་དུ་རླུང་རྔུབས་པས་གའུ་ལ་ཐིམ། བུག་པ་ནས་འོད་ཟེར་ཁ་དོག་ལྔ་ལྡན་རྟ་རྔ་ཙམ་པ་ནར་གྱིས་བྱུང་ནས་རྒྱབ་མདུན་དུ་གསུམ་དང་། གཡས་གཡོན་དུ་སུམ་དཀྲིས་གཡོན་གྱི་སྣ་རྒྱབ་ཕྱོགས་སུ་སོང་ནས་སྟེང་གི་ཕྱེད་ཙམ་དུ་སླེབ་པར་བསམས་ཏེ། རླུང་ཁ་སྦྱོར་དུ་བཟུང་། ཕྱིར་གཏོང་ཚེ་འོད་ཟེར་དེ་(༧བ)


GLG010_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ནས་སྔར་གྱི་བྱུང་ཤུལ་དུ་རང་གནས་སུ་ཐིམ་མོ། །གསལ་བར་འདོད་ན། ལྟེ་བའི་དཔའ་བོ་འབའ་ཞིག་པ་ནི་ལྟེ་བར་ཐིག་ལེ་དཀར་པོ་སྲན་ཆུང་ཙམ་པ་འཚེར་བ་འགྲིལ་བ་གསལ་བ་སྟེ། ཆོས་གསུམ་ལྡན་བསྒོམ། རླུང་ཁ་ནས་སྒྲ་མེད་དུ་རྔུབས་དེ་ལ་ཐིམ་པར་བསམས་ཏེ། ཁ་སྦྱོར་དུ་འཛིན་ནོ། །བདེ་བ་བསྐྱེད་པར་འདོད་ན། གསང་གནས་བདེ་བའི་ཐིག་ལེ་ནི། རྟགས་ཀྱི་ནོར་བུའི་ནང་ངམ། བུད་མེད་ལ་བྷ་གའི་ནང་དུ་ཐིག་ལེ་དམར་པོ་ཡུངས་ཀར་ཙམ་ཆོས་གསུམ་ལྡན་བསྒོམ། འོག་རླུང་ཅུང་ཟད་འཐེན་ལ་རླུང་ཐམས་ཅད་དེ་ལ་ཐིམ་པར་བསམས་ཏེ། ཁ་སྦྱོར་རོ། །བདེ་བ་ཆས་ནས་འཛག་གེགས་བྱུང་དོགས་ནས་སྨིན་མཚམས་སུ་ཤེས་པ་གཏད་པས་སེལ་ལོ། །སྨིན་མཚམས་སྐྲ་དཀར་གནོན་པ་འཇོམས་པའི་ཐིག་ལེ་ནི། ཐབས་འགལ་གྱི་ཕྱག་རྒྱ་བཅས། ལྕེ་རྩེ་རྐན་ཕུགས་སུ་སྦྱར་ནས་ཅུང་ཟད་གཞིབས། སྤྱི་བོར་ཧཾ་དཀར་བདེ་བའི་རང་བཞིན་མགོ་ཐུར་བསྟན། ལྕེ་ཆུང་གི་ཐད་ཙམ་དུ་སུམ་དཀར་པོ་མགོ་ཐུར་བསྟན། སྙིང་གར་ཧཱུཾ་སྔོན་པོ་མགོ་གྱེན་བསྟན། དེ་རྣམས་བྱང་སེམས་དཀར་པོ་དར་སྐུད་ལྟ་བུར་སྦྲེལ་བ། རྩོལ་བའི་རང་ནང་དུ་འཇུག་པས་ལྷག་པའི་ཕྱོགས་སུ་སོང་ནས་ཧཾ་སྲོས་པས་དེས་ཐིག་ལེ་བདེ་བའི་རང་བཞིན་ཤེལ་དཀར་ཞུ་བ་ལྟ་བུར་བྱུང་སྟེ། ཐིག་ལེ་དར་སྐུད་ལྟ་བུའི་ལམ་བརྒྱུད་ནས་སུམ་ལ་ཐིམ་པས་སུམ་བདུད་རྩིའི་རང་བཞིན་དུ་རྒྱས། དེ་ནས་ཀྱང་སྔར་ལྟར་བབས་ཏེ་ཧཱུཾ་ཚིམ་པར་བསམས་ཤིང་། ལྕེ་རྩེས་རྐན་ཕུགས་དལ་བུས་གཞིབས། སྤྲོ་ན་རླུང་གཡོན་ནས་འཇུག་པ་དང་མཉམ་དུ་ཁ་སྦྱོར་རོ། །མཆིལ་པ་གཞན་དུ་མི་འདོར་རོ། །འདི་ལྕེ་ཆུང་བ་བཞོ་བའི་གདམས་པ་ཟེར་རོ། །འཁོར་ལོ་ལ་བརྟེན་པར། གཅིག་ལ་(༨ན)


GLG010_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་རྣོ། གཉིས་ལ་བརྟེན་པ་མྱུར། གསུམ་ལ་བརྟེན་པ་བརྟན་པའོ། །དང་པོ་ནི། ལྟེ་བའི་རྩ་འཁོར་ལོ་གསལ་བཏབ། འོག་སྒོའི་རླུང་དང་། སུམ་མདོའི་མེ་སྔར་ལྟར་བྱ། རྩ་འཁོར་གྱི་ལྟེ་བ་ཨེ། འདབ་མ་ནང་དུ་བརྒྱད་ལ་ཨ་ཀ་ཙ་ཊ་སོགས་ཡི་གེ་ཐམས་ཅད་དམར་པོར་བསྒོམ། འོག་རླུང་འཐེན་ཚུལ་སྔར་རྣམས་ལྟར་བྱས་པས། རླུང་གིས་མེ་སྤར། དེ་ལས་ཡི་གེ་རྣམས་ལས་ཀྱང་མེ་སོར་བཞི་ཙམ་འབར་བར་དམིགས་ནས་ཁ་སྦྱོར་དུ་བཟུང་ངོ་། །གཉིས་པ་ནི། ལྟེ་བ་མན་ཆད་ཀྱི་དམིགས་པ་དངོས་གཞི་སྔ་མ་ལ། ཨཾ་ཨོཾ་དུ་བསྒྱུར། སྙིང་གའི་རྩ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུཾ་སྔོན་པོ་བསྒོམ། ཧཱུཾ་དང་ཨོཾ་གྱི་བར་དུ་རྩ་དབུ་མ་ཕྲ་མོ་ཞིག་གསལ་གདབ། འོག་རླུང་འཐེན་པ་སོགས་སྔར་ལྟར་བྱས་པས། ལྟེ་བའི་ཡི་གེ་རྣམས་ལས་མེ་འབར་དབུ་མའི་ལམ་ནས་ཞུགས་ཏེ་མེ་ལྕེས་ཧཱུཾ་ལ་རེག་པས། དེ་ལ་ཐིག་ལེ་དཀར་པོ་བབས་ཏེ་སྐྲ་ཤད་འཛིངས་པ་ལྟར་བསམ་མོ། །གསུམ་པ་ནི། འོག་སྒོའི་རླུང་དཀྱིལ་ནས་བཟུང་མེ་ཀྵ་ཡིག་གི་བར་སྔོན་མ་རྣམས་ལྟར་གསལ་བཏབ། དེ་ནས་རྩ་དབུ་མ་སྦོམ་ཕྲ་སྡོམ་གྱི་བ་ཐག་ཙམ་ལ་སྦུགས་སྡོང་ཡོད་པ་དམར་པོ་ཡར་སྣ་ཚངས་བུག །མར་སྣ་ལྟེ་འོག་ཙམ་དུ་སླེབ་པ། གཡས་སུ་རོ་མ་རཀྟས་གང་བ་དབུ་མ་ལས་ཀྱང་ཅུང་ཕྲ་བ་མེའི་རང་བཞིན་དམར་པོ། །གཡོན་དུ་རྐྱང་མ་སྦོམ་ཕྲ་རོ་མ་དང་མཉམ་པ་ཁམས་དཀར་པོས་གང་བ་ཆུའི་རང་བཞིན་དཀར་པོ། །གཉིས་ཀ་ཡར་མར་གྱི་སྣ་དབུ་མ་དང་མཉམ་པ་གསལ་བཏབ། ལྟེ་བར་རོ་རྐྱང་ལས་གྱེས་པའི་རྩ་བཞི་བཞི་སྟེ་བརྒྱད། དེ་ལས་དྲུག་ཅུ་རྩ་བཞི། དབུས་སུ་ཨཾ། འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཀ་ཙ་ཊ་སོགས་(༨བ)


GLG010_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕྱི་མ་ལ་མདུན་ནས་གཡོན་སྐོར་དུ་ཨཱ་ལི་ཕྲག་གཉིས། གཡས་བསྐོར་དུ་ཧ་ཀྵ་སྤངས་པའི་ཀཱ་ལི་ཕྲག་གཅིག་མགོ་གྱེན་བསྟན། རྩ་ཡིག་ཐམས་ཅད་དམར་པོ། །སྙིང་གའི་རྩ་འདབ་བརྒྱད་ཀྱི་དབུས་སུ་ཧཱུཾ་འདབ་མ་བརྒྱད་ལ་མདུན་ནས་ཕྱོགས་བཞི་ལ་གཡས་སྐོར་གྱིས་བྷྲཱུཾ་ཨཾ་ཛི་ཁཾ། ཤར་ལྷོ་ནས་གཡོན་སྐོར་གྱིས་ལཾ་མཾ་པཾ་ཏཱཾ་མགོ་ཐུར་བསྟན་ཐམས་ཅད་སྔོན་པོ། མགྲིན་པའི་རྩ་འཁོར་གྱི་དབུས་སུ་ཨོཾ། འདབ་མ་ལ་མདུན་ནས་གཡོན་སྐོར་གྱི་ཨཱ་ལི་མགོ་གྱེན་བསྟན་ཐམས་ཅད་དམར་པོ། སྤྱི་བོའི་རྩ་འདབ་ཀྱི་དབུས་སུ་ཧཿ འདབ་མ་ལ་མདུན་ནས་གཡོན་སྐོར་ཨཱ་ལི། གཡས་སྐོར་གྱིས་ཀ་ནས་ཏའི་བར་མགོ་ཐུར་བསྟན་ཐམས་ཅད་དཀར་པོར་གསལ་བཏབ། འོག་སྒོ་འབྱེད་འཛུམ་གསུམ་ཙམ་བྱས་རྗེས་འོག་རླུང་ཐེན་པས་རླུང་གཡོས་མེ་འབར་ནས་རོ་མའི་ནང་བརྒྱུད་ནས་གཡས་སྐོར་གྱིས་ལྟེ་བའི་རྩ་འཁོར་གྱི་ནང་གི་ལྗན་ལྗིན་སྙིགས་མ་ཐམས་ཅད་བསྲེགས། རིམ་གྱིས་སྤྱི་བོའི་བར་དེ་ལྟར་བྱས་ལ་མེ་ཧཾ་ལ་རེག་པས་ཧཾ་ལས་ཐིག་ལེ་དཀར་པོ་བབས་པས་རྐྱང་མའི་ནང་བརྒྱུད་གཡོན་སྐོར་གྱིས་སྤྱི་བོའི་རྩ་འཁོར་ཐམས་ཅད་གང་ཡི་གེ་རྣམས་ཀྱང་ཇེ་གསལ་དུ་སོང་། རིམ་གྱིས་ལྟེ་བའི་བར་དེ་ལྟར་བྱས་ནས་ཐིགས་པ་གཅིག་ཀྵ་ལ་ཕོག་པས། དེ་ལས་མེ་འབར་ཨཾ་ནས་ཧཾ་གི་བར་དབུ་མའི་ནང་དུ་ཐལ་གྱིས་སོང་བས། ཧཾ་ལས་ཐིག་ལེ་བབས། སྨིན་མཚམས་ཀྱི་ཐད་ཙམ་དུ་འབར་འཛག་བྱས། དེ་བཞིན་དུ་མགྲིན་པ། སྙིང་ག །ལྟེ་བ་གསུམ་ཀའི་འོག་ཙམ་དུ་རེ་རེ་ནས་འབར་འཛག་ལ་སེམས་གཏད་ནས་བུམ་ཅན་ཁ་སྦྱར་བཟུང་། དེ་རྗེས་བུམ་ཅན་དྲུག་ཅུ་རྩ་བཞིའི་གྲངས་ཅན་བཅུ་གཉིས་དང་། གྲངས་མེད་བཅུ་གཉིས་སྦྲེེལ་ཏེ་བཟུང་། །གྲངས་ཅན་ལ་དམིགས་པ་དེ་ག་དང་གྲངས་(༩ན)


GLG010_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་འཛིན་མེད་དུ་འཇོག་གོ །མན་ངག་གི་གནད་ཀྱི་དམིགས་པ་བཅུ་ལས། གསུམ་སྔར་གྱི་ཐིག་ལེའི་གྲངས་བཞིའི་ནང་དུ་འཐོན་ནས། སླད་དུ་བདུན་ལས། མེ་དམར་སྐྱ་ནི་མེ་ཏོག་དྲུག་བཅིང་བྱས་ལ་སྐད་ཅིག་གིས་ལུས་ཀྱི་ནང་ཐམས་ཅད་མེ་དམར་སྐྱས་གང་བར་བསམ་ལ་བུམ་ཅན་བཟུང་ངོ་། བཤད་མ་ཐག་པའི་གཏུམ་མོ་འཐུག་པའི། མེ་སྐྱ་གཉིས་ལ་གྲངས་ཅན་གྲངས་མེད་བཅུ་གཉིས་རེ་འཛིན་དགོས་པ་ནི་དམིགས་བསལ་ཏེ། སྤྱིར་བཏང་ལ་ཐུན་ཚད་མ་ངེས་པར་གསུངས་སོ། །མེ་འབར་བ་ནི་རྐང་མཐིལ་གཉིས་སུ་རཾ་དམར་ནག་མེ་འབར་ལ་ཁད་པར་བསམ། རྐང་པའི་མཛུབ་མོ་བརྐྱང་བསྐུམ་བྱས་པའི་རྐྱེན་གྱིས་རཾ་ལས་མེ་འབར་ལོང་བུ་དང་བརླ་ཤའི་རྩ་བོ་ཆེའི་ནང་བརྒྱུད་སུམ་མདོའི་མེ་དང་འདྲེས་པས། དེ་ལས་མེ་སྟག་དམར་ཕྲོམ་བྱུང་བས་ལུས་ཐམས་ཅད་གང་བར་བསྒོམས་པ་ཁ་སྦྱར་བཟུང་ངོ་། ཐིག་ལེའི་ཐབ་མོ་ནི། སུམ་མདོའི་མེ་གནས་འགྱུར་བ་ལས། སུམ་མདོར་སྟེང་དུ་ཐིག་ལེ་དཀར་པོ་དང་འོག་ཏུ་དམར་པོ་མཐེབ་ཚིགས་ཙམ་པ་གསལ་གདབ། རླུང་ཁ་སྦྱར་བའི་རྐྱེན་གྱིས་དེ་གཉིས་འཐབས་པ་ལས་མེ་སྟག་སྔར་ལྟར་བསམ་མོ། མེའི་འཁོར་ལོ་ནི། མེའི་སྲོག་ཤིང་ཕྲ་མོ་སྤྱི་གཙུག་ནས་གསང་གནས་ཀྱི་བར་ཐལ་ལེ་ཡོད་པ་བསྒོམ། འཁོར་ལོ་རྩིབས་བརྒྱད་པ་དམར་ནག་རྩིབས་སྟོང་དུ་ཨཱ་ལི་ཡི་གེ་ཉིས་གཤིབས་སུ་གཡོན་སྐོར་དུ་བསྒོམ། ཁ་སྦྱར་བའི་རྐྱེན་གྱིས་འཁོར་ལོ་འཁོར་བས་ལྟེ་བར་འཁོར་ལོ་ལས་མེ་དམར་ལྷབ་ལྷབ་འབར་བར་བསམ་མོ། ཆེར་འབར་བ་ནི། སྔོན་མའི་དམིགས་པ་དེ་ག་ནས་མགྲིན་པ་མན་མེས་གང་ངོ་། དྲག་ཏུ་འབར་བ་ནི་སྔོན་མའི་སྟེང་དུ་ལུས་ཐམས་ཅད་གང་སྟེ། ལུས་(༩བ)


GLG010_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པ་མ་ཞིག་ཙམ་ནས་ལྕགས་བསྲེགས་ལྟ་བུར་བསམ་མོ། །ཐམས་ཅད་དུ་འབར་བ་ནི། གནས་ཁང་ནས་བརྩམས་ཏེ་སྣང་སྲིད་མེས་དམར་འུར་གྱིས་འབར་བར་བསྒོམ། བཅོ་བརྒྱད་པོ་ཐམས་ཅད་ཀྱི་མཇུག་ཏུ་ལྟ་བ་བསྐྱང་ངོ་། །དེ་ལྟར་ཉམས་སུ་བླངས་པས་ལྟ་བ་བཞི་འཆར་ཏེ། ལམ་བསྒོམ་པའི་སྟོབས་ཀྱིས་བྷ་གའི་ཡི་གེ་སོགས་སུ་རླུང་སེམས་འདུས་པའི་རྐྱེན་གྱིས་ཕྱི་རོལ་གྱི་རྐྱེན་ལ་མ་བལྟོས་པར་དུག་གསུམ་དྲག་པོ་སྐྱེས་པ་ནི་ཉོན་མོངས་རང་བྱུང་། རོ་རྐྱང་མས་སྣར་རླུང་སེམས་འདུས་པས་སྤུ་གྲིའི་རང་སྟོབས་སུ་འགྱུར་ཏེ། རྣམ་རྟོག་དྲག་པོ་སྐྱེས་ནས་སེམས་གནས་སུ་མི་སྡོད་པ་ཙམ་འབྱུང་བ་ནི་རྣམ་རྟོག་རང་བྱུང་། རྡོ་རྗེའི་ལུས་ལ་རྩ་འཕྲེང་ལ་ཡོད་པའི་ནང་དང་། དབུ་མ་དང་རོ་མའི་མས་སྣ་རྩ་ཁང་སྟེང་ལྟ་བུར་རླུང་སེམས་འདུས་པས་ཕྱི་རོལ་གྱི་ཟས་སྤྱོད་ལ་མ་བལྟོས་པར་ཤེས་པ་རྨུགས་པ་དང་བྱིང་བ་སོགས་འབྱུང་བ་ནི་སྣྲེལ་ཞི་རང་བྱུང་། སྙིང་གའི་བྷྲཱུཾ་སོགས་སུ་རླུང་སེམས་འདུས་པས་གཟུང་འཛིན་གྱི་རྟོག་པ་འགགས་ནས་སྟོང་གསལ་མཆོག་གི་ཏིང་ངེ་འཛིན་དང་། ལུས་ཤིང་བལ་ལྟར་ཡང་བ་ཉམས་སུ་མྱོང་བ་ནི། གསལ་ཤིང་ཡང་ལ་རང་བྱུང་གི་ཏིང་ངེ་འཛིན་ཏེ་སྔོན་མ་གསུམ་ནི་ལམ་བསྒོམས་པ་ལས་བྱུང་བའི་ཉམས་ཡིན་ཀྱང་། སྒྲོ་སྐུར་གྱིས་བསྡུས་པས་སྐྱོན་ཅན་ཡིན་ལ། ཕྱི་མ་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཡིན་ནོ། །ལྟ་བ་དེ་ལྟ་བུ་སྤྱོད་པ་གསུམ་གྱི་སྒོ་ནས་ཉམས་སུ་བླངས་པས། ནང་གི་རླུང་སེམས་མཁའ་འགྲོ་ཡབ་ཡུམ་བཅུས་བྱིན་གྱིས་བརླབས། དེ་ལ་བརྟེན་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་ཐམས་ཅད་དབང་དུ་འདུས། ཅིར་སྣང་གྲོགས་སུ་འཆར། སེམས་ནང་དུ་གནས། ཕུང་པོ་ལྔ་ཐུལ། རྩ་བའི་རླུང་ལྔ་ཟིན་གཏུམ་མོའི་མེ་(༡༠ན)


GLG010_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འབར། ཐིག་ལེ་མང་དུ་ཁ་འདུས། གྲུབ་མཐའ་མ་འདྲེས་ལ་ཡོངས་སུ་རྫོགས་པ་མཐར་ཕྱིན་པ་ནི། གང་ཟག་མཆོག་གི་ལམ་མོ། འདའ་ཀ་མ་འོང་གསལ་བ་ནི། སྦྱང་བ་བསྒོམ་པ་ལས་ལ་སྦྱར་བ་གསུམ་ལས། དང་པོ་ནི། རྩ་དབུ་མ་དམར་པོ་ཕྲ་སྦོམ་རན་པ་ཡར་སྣར་ཧཾ་ཐུར་བསྟན། མས་སྣ་ཨཾ་གྱེན་བསྟན་བསྒོམ། རྩོལ་བའི་རླུང་ཕྱིར་བུས་ཏེ་ནང་དུ་རྔུབ་པའི་ཚེ་ཨཾ་ནང་བྱུང་སྟེ་ཧཾ་ལ་ཐིམ། སྲོག་གི་རླུང་རྔུབས་པའི་ཚེ་ཧཾ་ལས་བྱུང་སྟེ་ཨཾ་ལ་བསྟིམ་པ་ཡང་ཡང་བྱས་པས་འཆི་ཁར་རོ་རྐྱང་གི་རླུང་དབུ་མར་འདུས་ཏེ། དེའི་རྐྱེན་གྱིས་འོད་གསལ་མ་བུ་འཕྲོད་པ་ཡིན་ནོ། །གཉིས་པ་ནི། གསང་དབང་གི་རང་བྱུང་ཡེ་ཤེས་སྟོན་པའི་བླ་མ་ལ་ཙཎྜ་ལི་ལྟ་བ་རང་བྱུང་གི་ཡེ་ཤེས་རྣམས་ཡང་ཡང་དྲན་པར་བྱས་ཤིང་། ཐིམ་རིམ་གྱིས་དུ་བ་སྨིག་རྒྱུ་ལ་སོགས་ཨཱ་ལི་ཀཱ་ལིར་གསལ་འདེབས་ཤིང་རང་བྱུང་གི་ཡེ་ཤེས་སུ་ངོ་ཤེས་པའོ། །གསུམ་པ་ལ་གཉིས་ལས། སྔོན་མ་ནི་བུམ་དབང་གི་སྐབས་ཀྱི་འོད་དང་སྒྲས་འཕོ་བ་དེ་ཀ་ཡིན་ལ་ཕྱི་མ་ནི་གླིང་དང་སྐྱེ་གནས་ལ། སྦྱང་བ་ཞེས་པ་དོན་བུམ་དབང་གི་སྐྱེ་གནས་འདམ་པ་དེ་ཀ་ཡིན་ནོ། །བར་དོ་ནི། དངོས་གཞི་བུམ་དབང་གི་སྐབས་དང་འདྲ་བ་ལ། ཡང་བའི་གནས་གསུམ་སོགས་བར་དོའི་སྣང་བ་ཐམས་ཅད་ཀྱང་གསལ་ལ་རངས་པ་རང་བྱུང་གི་ཡེ་ཤེས་ཡིན་སྙམ་པ་ཡང་ཡང་བྱའོ། །རྨི་ལམ་ནི་དངོས་གཞི་འདྲ་བ་ལ་ཨ་ནུ་ཏ་ར་སོགས་ཀྱང་རང་བྱུང་གི་ཡེ་ཤེས་ཡིན་སྙམ་པ་དང་། རྨི་ལམ་དུ་ཡང་རང་བྱུང་གི་ཡེ་ཤེས་དེ་ངེས་པར་འཆར་བར་བྱེད་སྙམ་པ་དྲན་འདུན་ཡང་ཡང་བྱའོ། །སྒྱུ་ལུས་ཀྱང་དངོས་གཞི་འདྲ་བ་ལ་ཉིན་མོའི་སྣང་བ་འདི་ཡང་། མེ་ལོང་(༡༠བ)


GLG010_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རང་བྱུང་གི་ཡེ་ཤེས་ཡིན་བསམ་པ་ཡང་ཡང་དུ་བསྒོམ་པར་བྱའོ། །རྗེས་ནི་དེ་དག་གི་ཁམས་འདུས་པ་དང་པོ་ཆོད། ནཱ་ཡི་གེའི་འགྲོས་ཐིམ། ཡི་གེ་གནས་འགྱུར། ལོངས་སྐུའི་གོ་འཕང་མངོན་དུ་བྱེད་དོ། །བདུན་པའི་ས་དེ་མངོན་དུ་གྱུར་བྱེད་པའི། །གསང་དབང་ལམ་གྱིས་བགྲོད་པའི་སྒྲོས་རྣམས་ཀུན། །འཁྲུལ་མེད་གདམས་པའི་གནད་ལྟར་བྲིས་པ་ན། །རྣལ་འབྱོར་དབང་ཕྱུག་དགྱེས་པའི་འཛུམ་ཞལ་སྟེན། གསང་དབང་གི་ལམ་ཉམས་ལེན་རྗེ་བླ་མའི་གསུང་གི་ཉིང་ཁུ་དེ་ཙམ་མོ། །ལུས་ཐབས་རྒྱུད་ལ་དབང་བཞི་དང་འབྲེལ་བའི་ལམ་བསྒོམ་པའི་གསུམ་པ་ནི། དཀྱིལ་འཁོར་འཁོར་ལོའི་ལམ་མམ། ཕོ་ཉའི་ལམ་མམ། ཤེས་རབ་ཡེ་ཤེས་ཀྱི་ལམ་ཞེས་པ་རྣམ་གྲངས་ཡིན་ལ། དེ་ལ་ཡང་། སྦྱོར་དངོས་མཇུག་གསུམ། དང་པོ་ལ་ཁྲིད་ཀྱི་སྔོན་འགྲོ་དང་། ཐུན་གྱི་སྔོན་འགྲོ་གཉིས། དང་པོ་ནི། བསག་སྦྱང་སོགས་སྔར་དང་འདྲ། གཉིས་པ་ལ་ཡང་། སྒོམ་པ་གསུམ། གནད་ལ་དབབ་པ་གསུམ་སྟེ་དྲུག་པོ་གསང་དབང་གི་སྐབས་ལྟར་རོ། །གཉིས་པ་དངོས་གཞི་ལ་རིག་མ་དག་པ། ལུས་ངག་མཉམ་པ། བྱིན་རླབས་མཉམ་པ། འདོད་པ་མཉམ་པ། མན་ངག་ལས་བྱུང་བའོ། །དང་པོ་ནི། དངོས་དང་། ཡེ་རྒྱ་གཉིས་ལས་ཕྱི་མའི་དབང་དུ་བྱ་ཞིང་། རིག་མ་དེ་ལུས་དང་ལང་ཚོ་ཕུན་སུམ་ཚོགས་པ་དབང་ཐོབ་ཅིང་སྣོད་དུ་རུང་བའོ། །གཉིས་པ་ནི། རང་ཀྱེ་རྡོ་རྗེ་དང་རིག་མ་བདག་མེད་མར་གསལ་བས་ལུས་མཉམ། དེ་གཉིས་ཀས་རྩ་སྔགས་བརྗོད་པས་ངག་མཉམ་མོ། །གསུམ་པ་ནི། རང་གི་རིག་མའི་མཁའ་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། རིག་མས་ཀྱང་རང་གི་གསང་གནས་དངོས་གཞི་སྒྲུབ་ཐབས་ལྟར་(༡༡ན)


GLG010_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྡོ་རྗེའི་རྐེད་པར་ཨོཾ་གྱི་ཕྲེང་བ་དང་། བུག་པ་ཕཊ་ཀྱིས་བཀག་པར་བསམ་མོ། །བཞི་པ་ནི། བདག་ཀྱང་རིག་མ་འདི་ལ་བརྟེན་ནས་དགའ་བཞི་བསྒྲུབ་སྙམ་པ་དང་། རིག་མས་ཀྱང་། བདག་ལ་བརྟེན་ནས་བདེ་ཆེན་བསྒྲུབ་པར་བསམ་མོ། །ལྔ་པ་ལ། དབབ་པ། བཟུང་བ། བཟློག་པ། འགྲེམས་པ། མི་ཉམས་པར་བྱ་བ་དང་ལྔ་ལས། དང་པོ་ནི། གཟུགས་མཛེས་པ་ལ་བལྟ་བ། ཆགས་པའི་གཏམ་གྱིས་སྒྲ་ལ་ཉན་པ། ལུས་ཀྱི་དྲི་ལ་སྣོམ་པ། མཆུ་འཇིབ་པ་སོགས་རོལ་མང་བ། འཁྱུད་པ་སོགས་རེག་བྱ་ལ་སྤྱོད་པ་རྣམས་བྱས་ནས། རིག་མ་ཡང་ཆགས་མྱོས་ཀྱི་རྣམ་འགྱུར་འབྱུང་ཞིང་། རང་ལ་བདེ་བ་ཆེར་འབྱུང་། བདེ་བ་ཧ་ཅང་ཆེས་པས་ཁམས་ཕྱིར་འཛགས་དོགས་ན། རྗེ་བཙུན་གོང་མའི་གསུང་སྒྲོས་ལས། བགྲད་པས་མཐའ་བསྲུང་། གསང་ཐུབ་པ་གཅེས་གསུང་པ། ལག་པ་ཁུ་ཚུར་བྱས་སྙིང་གར་བསྣོལ། ལྟོ་བ་སྒ་ཚིགས་ལ་སྦྱར། ཉྭ་བཞི་སྒྲིལ། རྐང་པའི་མཛུབ་མོ་བསྐུལ། མིག་གྱེན་དུ་བལྟ། ཁ་ནས་ཧལ་ཧལ་ལམ་ཧཱུཾ་ཧཱུཾ་བརྗོད་དོ། །དེ་ནི་བྱ་བ་མང་ལ་བདེ་བ་ཆུང་བས། དགའ་བའི་ཡེ་ཤེས་ཟེར། གསང་ཐུབ་པ་ནི་དེ་མ་ཐག་སྙོམས་འཇུག་མི་བྱ་བའི་དོན་ནོ། །ཡང་རྡོ་རྗེ་དང་པདྨ་འདུ་བྱས་པས་བྱང་སེམས་སྤྱི་བོ་ནས་རིམ་བཞིན་བབས་ཏེ་ནོར་བུའི་རྩེའི་བར་དུ་བྱུང་བར་བསམ་ཞིང་། དེའི་ངོ་བོ་གང་དུ་ཡང་མ་གྲུབ་པའི་འཛིན་མེད་ཀྱི་ངང་ལ་འཇོག་གོ ། གཉིས་པ་རྒྱ་མཚོ་རི་རབ་ལ་སྐམ་ཞེས་པའི་ལྟོ་བ་སྒལ་ཚིགས་ལ་སྦྱོར། གླིང་བཞི་དབང་དུ་སྡུད་ཅེས་པ་ཡན་ལག་གི་མཛུབ་(༡༡བ)


GLG010_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བསྐུམ། རོ་འཛིན་རང་གནས་སུ་བཟློག་ཅེས་པ་ནི་ལྕེ་རྐན་ཕུགས་སུ་སྒྲིལ། དབང་པོའི་མཆོག་གྱེན་ལ་བཟློག་པ་ནི་མིག་ཡར་སྒྲིལ་ལ་བཟུང་བའོ། །གསུམ་པ་ནི། ངག་སྟོབས་ཧཱུཾ་གིས་དྲང་པ་ཧཱུཾ་དྲག་ཏུ་ལྕེ་རྩེ་སྒྲིལ་ཞིང་བརྗོད་པ་ཡིན་ལ། ཏིང་ངེ་འཛིན་ཧཱུཾ་ཕཊ་ཀྱི་མདའ་གཞུས་འཕུལ་བ་ཧཱུཾ་གིས་ཡར་དྲངས་ཤིང་ཕཊ་ཀྱིས་འཕུལ་བས་ཡར་བཟློག་པར་བསམ་མོ། །བཞི་པ་ནི། རླུང་གི་སྐ་རགས་བཅིངས་པ་ལག་པ་གཉིས་ཁུ་ཚུར་གྱེན་བསྟན་གྱིས་སྐེད་པ་ལ་རྒྱབ་བདུན་དུ་ཤུགས་དྲག་པོས་གཡས་སྐོར་གཡོན་སྐོར་བྱེད། ཞགས་པ་འཕེན་པ་ནི་ལག་གཉིས་དྲག་ཏུ་བཤད་པ་འམ། ཡང་ན་མདའ་གཞུ་འགེངས་པའི་སྟངས་ཀ་ཤུགས་ཆེན་པོ་བྱེད། གཏན་ཤིང་གི་འཁོར་ལོ་བསྐོར་བ་ནི། ལྟོ་བ་གཡས་སྐོར་གཡོན་སྐོར་ཤུགས་ཆེར་བྱེད་བྱིས་པའི་སྤྱོད་ལམ་ནི། རྡོ་རྗེ་སྐྱིལ་ཀྲུང་དང་། ལག་པ་མེ་ཏོག་དྲུག་བཅིང་གི་སྐབས་ལྟ་བུ་བྱས་ལ་གན་རྐྱལ་དང་ཁ་བུབ་བྱས་སྐེ་གཡས་གཅུ་གཡོན་གཅུ་བྱེད་པ་ཡིན་ནོ། །ལྔ་པ་ནི། དེ་ལྟར་བྱས་པས་མི་ཉམས་ལ་གལ་སྲིད་བདེ་བ་ཆེས་པ་འམ། གྲིབ་དང་གདོན་གྱི་དབང་གིས་འཛགས་ན་ཁྲུས་བྱ་བ་ནི། རབ་དབང་བཞི་ཞུ། འབྲིང་སཱཙྪ་འདེབས། ཐ་མའང་རྣམ་འཇོམས་ཀྱི་ཁྲུས་ཆོག་བྱའོ། ཁྱད་པར་ཞལ་ཤེས་ལ། སླ་ང་མེ་འཇམ་ཙམ་གྱི་སྟེང་དུ་བཞག །ནང་དུ་གུ་གུལ་དང་ཡུངས་ཀར་གཉིས་བླུག་པས་མེ་ཞུ་བྱུང་བའི་སྟེང་པདྨ་རཀྟ་གྲི་ཀྭང་བཏབ། དེ་སྟེང་ཐལ་ཆེན་གྱིས་གཡོས་ནས་རིལ་བུ་རྡོ་རྗེའི་བུག་པར་ཤོངས་ཚོད་བྱས་ནས་བཅུག་པས་འཛག་པའི་རིགས་ཐམས་ཅད་ཆོད་དོ། །ལམ་བསྡུས་པ་ནི། སྔོན་འགྲོ་ཐུར་སེལ་དབང་དུ་བྱ་བ། དངོས་གཞི་དབབ་བཟུང་། རྗེས་ཁབ་འགེམ་མོ། །(༡༢ན)


GLG010_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། པུས་མོ་གཉིས་གྲུ་མོ་འོག་ཏུ་ཚུད་པར་བྱས། ལག་མཐིལ་གཡས་གཡོན་ཉི་ཟླར་བསྒོམ་པ་བསྣོལ་ནས་པུས་མོར་བཀབ་ནས། རླུང་རིང་པོ་ཐུང་ངུ་། ཤིན་ཏུ་ཐུང་ངུ་སྦྲེལ་ནས་མདུན་དུ་རྔུབས་ནས་ཁ་སྦྱོར་འཛིན། དེ་བཞིན་དུ། གཡས། མདུན། གཡོན། མདུན་ཏེ་ལྔར་བྱ། ཡང་མདུན་ནས་ཕྱིར་རིང་ཐུང་ཤིན་ཏུ་ཐུང་བ་བུས་རྗེས་འབྲེལ་ནས་ནང་དུ་རྡུལ་པ་ཡང་རིང་ཐུང་ཤིན་ཏུ་ཐུང་པ་སྟེ་གསུམ་བྱའོ། །མཐར་མགོ་སྒྱེད་སྒྱེད་པ་བྱ། གཉིས་པ་ནི། གཟུགས་ལ་བལྟ་བ་སོགས་ལྔ་བཞག །གཞན་རིག་མ་དག་པ་ནས་དབབ་པའི་བར་སྔར་ལྟར་ལ་བཞུགས་སྟངས་བཤད་མ་ཐག་པའི་ཙོག་པུ་བྱ། གུང་མཛུབ་གཡས་གཉིས་འཇིབ་ཚེ་མིག་གཡོན་གདངས། ཅིག་ཤོས་ཀྱང་དེ་ལས་བཟློག་པ་བྱས་པས་འཛིན་ནོ། །གསུམ་པ་ནི། གླང་ཆེན་ཧིང་ཞེས་པ། རྐང་མཐིལ་གྱི་སྦོ་སར་བཙུགས་རྟིང་པའི་སྟེང་དུ་ཕོངས་ཚོས་བཞག །ཧེ་ཧོང་གིས་ལྟེ་བ། དེ་བཞིན་དུ་ཧཱུཾ་ཧཱུཾ། ཧ་ཧ་གི །ཧི་ཧི་གིས་བྱང་སེམས་སྤྱི་བོའི་བར་དུ་དྲང་ངོ་། །སེང་གེ་རྣམ་རོལ་ཞེས་པ་མཐེ་བོང་། མཛུབ་མོ། གུང་མོ། སྲིན་མཛུབ། མཐེའུ་ཆུང་གི་རིམ་པ་ལྟར། མིག །རྣ་བ། སྣ། ཡས་མཆུ། མས་མཆུ་རྣམས་བཀབ་ལ་མགོ་གཡས་སྐོར་གསུམ། གཡོན་སྐོར་གསུམ། ཡང་མ་ངེས་པར་རྒྱུན་རིང་བར་འཁོར་རོ། །དེ་ལྟར་ཉམས་སུ་བླངས་པས་ལྟ་བ་དགའ་བཞི་ལ། ཕྱི་གོ་རིམ་ལ་བལྟོས་པ་ནི། གཟུགས་ལ་བལྟ་བ་ནས་རེག་བྱའི་བར་དགའ་བ། འབོལ་དང་ཀ་ཀོ་ལ་སྦྱོར་བ་མཆོག་དགའ། སློབ་པས་དགའ་བྲལ། དེ་ལས་རྩ་ཐིག་རླུང་གསང་། གནས་བཞི་ཁ་སྦྱོར་བ་ལྷན་སྐྱེས་ཀྱི་དགའ་བའོ། །ནང་གནས་ལ་བལྟོས་པའི་ཕྱི་ནང་(༡༢བ)


GLG010_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཕྱི་ནི། ཁོལ་བུ་དང་། ཕལ་ཆེར་དང་། ཐམས་ཅད་དང་། སྣང་བ་ཐམས་ཅད་ཀྱི་བཞི་ག་བདེ་བར་སོང་བ་རིམ་བཞིན་དགའ་བ་སོགས་སོ། །ནང་ནི་སྙིང་མགྲིན་ལྟེ་གསང་བཞིར་སླེབ་པ་ལ་རིམ་བཞིན་དགའ་བ་སོགས་སོ། །སྤང་བྱ་ནི། ཆོས་བརྒྱད་ཀྱི་རྟོགས་པ་ཅུང་ཟད་འགགས་པ། ཕལ་ཆེར་འགགས་པ། རིག་མ་ལ་ཞེན་པ་ཙམ་འགགས་པ། དག་པ་གསུམ་ལ་ཞེན་པ་འགགས་པ་རྣམས་ཀྱང་སྔར་ལྟར་རིམ་བཞིན་ནོ། །ངོ་བོ་ལ་བལྟོས་པ་ནི་བདེ་བ་ཅུང་ཟད་སྐྱེས་པ། ཆེར་སྐྱེས་པ་བདེ་བ་མི་རྟོག་པ་དང་ལྡན་པ། བདེ་སྟོང་ཟུང་དུ་འཇུག་པ་རྣམས་སྔར་ལྟར་རོ། །ཕྱི་མའི་གཅིག་པོ་ནི་སྐྱོན་མེད་དོ། གྲུབ་མཐའ་ནི། ལྟ་བ་དེ་སྤྱོད་པ་གསུམ་གྱིས་ཉམས་སུ་བླངས་ཏེ་ལམ་དུ་བྱས་པས། རྣལ་འབྱོར་བ་དེའི་ངོ་བོར་ཁམས་གསུམ་ཐམས་ཅད་བདེ་སྟོང་ཟུང་འཇུག་གི་རོལ་བར་འཆར་བ་ནི་གྲུབ་མཐའ་བདེ་སྟོང་རྒྱ་ཆུང་ངུའོ། །འདའ་ཀ་མ་ནམ་འཆི་བའི་ཚེ་རྡོ་རྗེ་སེམས་དཔའ་འབྱོན་པར་གྱུར་བ་ལ། སྦྱང་བསྒོམ་ལས་སྦྱར་གསུམ་ལས། དང་པོ་ནི། གསང་བ་བདེ་སྟོང་སྟོན་པའི་བླ་མ། ལམ་དཀྱིལ་འཁོར་འཁོར་ལོ། ལྟེ་བ་བདེ་སྟོང་ཟུང་འཇུག་རྣམས་ཡང་ཡང་དྲན་པར་བྱའོ། །གཉིས་པ་ནི། སྣང་མཆེད་ཐོབ་གསུམ་གྱི་ཕྲ་བའི་ཐིམ་རིམ་བྱུང་དུས་བདེ་སྟོང་གི་ལྟ་བ་ཅིས་ཀྱང་ཉམས་སུ་མྱོང་བར་བྱ་སྙམ་པ་ལ་བསྒོམ་མོ། གསུམ་པ་ནི། སྒྲ་དང་ཡི་གེས་འཕོ་བ་བུམ་དབང་གི་སྐབས་ལྟར་རོ། །ཐིམ་རིམ་དང་བར་དོའི་སྣང་བ་ཐམས་ཅད་ངོ་བོ་བདེ་སྟོང་ཟུང་འཇུག་ལ་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུར་སྤྱད། རྨི་ལམ་སྒྱུ་ལུས་ཀྱི་སྣང་བ་ཐམས་ཅད་བདེ་སྟོང་ཟུང་འཇུག་ཏུ་ཐག་བཅད་ཅིང་བསྒོམ་མོ། །དེ་རྣམས་ཀྱིས་ཁམས་འདུས་པར་བར་མའི་ལམ་ཆོད། ཁམས་བདུད་(༡༣ན)


GLG010_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་འགྲོས་ཐིམ། ས་བརྒྱད་པ་དང་དགུ་པ་མངོན་དུ་བྱས། བདུད་རྩི་གནས་གྱུར། འབྲས་བུ་ཆོས་སྐུ་མངོན་དུ་བྱེད་དོ། །ལེགས་པའི་བློ་གྲོས་ས་དེ་མངོན་གྱུར་པའི། །ཐབས་མཆོག་ཤེས་རབ་ཡེ་ཤེས་ལམ་གྱི་འགྲོས། །ཟག་མེད་བདེ་བ་མཆོག་གི་དགའ་སྟོན་གྱིས། །ཟུང་འཇུག་མགྲོན་དེ་རིང་ནས་རིང་བསུ་བཞིན། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་རྣམས་གསུང་སྒྲོས་ལྟར་བཀོད་ཟིན་ཏོ། །ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་གྱིས་ཁྲིད་པའམ། དབང་བཞི་པའི་ལམ་མམ་རྡོ་རྗེ་རྦ་རླབས་ཀྱི་ནི། རྡོ་རྗེ་སྟོང་པ་ཉིད་དང་། རྦ་རླབས་ནི་ལམ་དེ་བསྒོམས་པས་སྣང་བ་ཐམས་ཅད་བདེ་སྟོང་མཆོག་གི་ལམ་དུ་བསྒྱུར་ནས་སྟོང་པ་ཉིད་ལས་གཞན་མ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱ་སྟེ་དཔེར་ན་རྒྱ་མཚོའི་རྦ་རླབས་དང་ལྦུ་བའི་འཕྲེང་བ་ལ་སོགས་པ་ཇི་སྙེད་འབྱུང་ཡང་དེ་ལས་འབྱུང་ཞིང་ཐིམ་ཀྱང་དེ་ལ་ཐིམ་པས་ཆུ་བུར་ཆུ་ཡི་ཡིན་ཏེ། དེ་ལས་ཐ་དད་མིན་པ་བཞིན་ནོ། །དེ་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ། དང་པོ་ནི། ཁྲིད་ཀྱི་སྔོན་འགྲོ་སྔར་དང་འདྲ། ཐུན་གྱི་སྔོན་འགྲོ་བསྒོམ་པ་གསུམ་དང་། གནད་ལ་དབབ་པ་གསུམ་སྔར་བྱས་རྗེས། རབ་འཕྲིན་ལས་སུམ་ཅུ་སོ་གཉིས་ལུགས་འབྱུང་ལུགས་ལྡོག་འཆོལ་བ་དང་བཅས་པའི་ཚར་གསུམ་གྲུབ་པར་བྱ། མ་གྲུབ་ན་ཡན་ལག་ལྔ་སྦྱོར་བ་བྱའོ། །གཉིས་པ་དངོས་གཞི་ལ་འོག་རླུང་བསྐུམ་པ་ལུས་ཀྱི་རྦ་རླབས་ནི། ལག་གཉིས་པུས་མོའི་སྟེང་དུ་བཀབ། ལྟེ་བ་རྒལ་ཚིགས་ལ་སྦྱར། སྣ་ནས་རླུང་དྲག་ཏུ་ཕྱིར་འབུད་པ་གསུམ་ནང་དུ་རྔུབ་པ་གསུམ་བྱས་ཁ་སྦྱར་བཟུང་ཚེ་འོག་རླུང་དལ་བུས་དྲངས་ལ་དྲག་ཏུ་འཐེན་འཕོངས་མཚོས་གཡས་གཡོན་རེ་མོས་ཀྱིས་འདེགས་འཇོག་བྱས་མནན། དེ་བཞིན་དུ་གཡས་(༡༣བ)


GLG010_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུའང་དེ་འདྲ་རེ་བྱའོ། །གསུམ་ག་ལ་ཁ་སྦྱར་བ་ཕྱིར་གཏོང་ཚེ་འོག་རླུང་སྔོན་དུ་གཏོང་། དེ་གོམས་པས་འོག་རླུང་བཏང་ཀྱང་སྟེང་རླུང་མི་འཆོར་བ་འབྱུང་བས་བུམ་ཅན་ཞབས་རྩགས་མ་ཟེར་རོ། །ཐུན་གྲངས་མེད་ཚད་མེད་དུ་ཉམས་སུ་བླངས་པས། ལུས་ལ་བདེ་བ་དང་སེམས་ལ་རྟོགས་པ་འཆར། དེའི་རྐྱེན་གྱིས་ཁམས་འཛག་པ་བྱུང་ན། རོ་སྟོད་དྲག་ཏུ་གཅུ་བ་དང་། མིག་གྱེན་དུ་བལྟས་པས་སེལ་ལོ། །གཉིས་པ་ངག་འདྲེན་པ་ཞི་དྲག་གི་རྦ་རླབས་ལས། དང་པོ་ནི། རྡོ་རྗེ་སྐྱིལ་ཀྲུང་ཁུ་ཚུར་སྙིང་གར་བསྣོལ། ལུས་ཅུང་ཟད་སྒུར་བར་བྱས་ལ། སོ་བར་ནས་རླུང་གི་གདངས་ཨིའི་རྣམ་པ་ལ་སྒྲ་མེད་དུ་རྔུབས། ཤུགས་རྫོགས་པ་དང་ལུས་བསྲངས་ཏེ་མགོ་བོ་སྒྱེད་སྒྱེད་པ་གཉིས་བྱ་ཞིང་། འོག་རླུང་ཀྱང་རྫོགས་པར་འཐེན་ནས་ཁ་སྦྱོར་ལྟ་བའི་ངང་དུ་བཞག །སྤྲོ་ན་གཡས་གཡོན་དུ་བྱས་ཀྱང་ཆོག །དྲག་པོ་ནི་འདུག་སྟངས་སྔར་ལས་རླུང་གི་གདངས་ཧཱུཾ་གི་སྒྲར་བསམ་སྒྲ་བཅས་སུ་འདྲེན་བཞིན་སྔར་དང་འདྲ། གཉིས་ཀ་ལ་རང་ལྷར་གསལ་བའི་རྡོ་རྗེའི་རྩེ་ནས་རླུང་འོད་ཟེར་ཁ་དོག་ལྔ་པ་བྱུང་ནས་ལྟེ་བ་བརྒྱུད་རིམ་གྱིས་སྤྱི་བོར་ཐིམ་པར་བསམ་མོ། །གསུམ་པ་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ལ། རིག་མ་དག་པ་ནས་རྡོ་རྗེའི་རྩེར་དབང་པའི་བར་ཤེར་དབང་ལྟར་ལ། བྱང་ཆུབ་ཀྱི་སེམས་དེ་གཉིས་འོད་ཟེར་ཁ་དོག་སྣ་ཚོགས་པ་རླུང་གི་རང་བཞིན་དུ་གྱུར་ནས་རོ་མའི་ལམ་ནས་གཡས་སྐོར་གྱིས་ལྟེ་བའི་འཁོར་ལ་གཡས་སུ་ལན་གསུམ་བསྐོར་བས་ཁམས་དཀར་པོའི་ནུས་པས་ནམ་ལངས་པ་ལྟར། དམར་པོའི་ནུས་པས་ཉི་མ་ཤར་བ་ལྟ་བུ་དང་། རླུང་གི་ནུས་པས་རྒྱུ་མ་ཕུས་བརྒྱངས་པ་ལྟར་བྱས། དེ་ནས་སྤྱི་བོར་རྩ་འཁོར་བར་རིགས་འགྲེ། དེ་ནས་འོད་ཟེར་སྤྱི་བོ་ནས་ཕྱིར་སོང་སྟེ་སྣོད་(༡༤ན)


GLG010_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་དུ་གྱུར། བཅུད་ཀྱི་སེམས་ཅན་ལ་དབང་བསྐུར་ཏེ་ལྷར་གྱུར། སེམས་ཅན་དེ་རྣམས་ཀྱང་འོད་ཟེར་གྱི་རྣམ་པར་བྱས་ནས་འོད་ཟེར་ལྔ་ལྡན་དང་མཉམ་དུ་མར་བྱུང་། རྐྱང་མ་ནས་གཡོན་སྐོར་དུ་ཐུར་ལ་སྤྱི་བོར་རྩ་འཁོར་ནས་གསང་གནས་ཡན་སྔར་ལྟར་བྱས། ཡང་དབུ་མའི་ལམ་བརྒྱུད་སྤྱི་བོའི་བར་དུ་སོང་བས་རིམ་བཞིན་མས་ནས་རང་ལུས་འཇའ་འོད་དུ་གྱུར་པས་བསམ་ཞིང་འཛིན་མེད་དུ་འཇོག །ལས་རྒྱ་དངོས་སུ་ཡོད་ན་བདག་རྒྱུད་གཞན་རྒྱུད་གཉིས་ཀའི་རྒྱུད་དག་པའི་དབང་དུ་བྱས་ན། རིག་མ་ལ་ཡང་དམིགས་པ་དེ་དག་བྱེད་ཅིང་སྤྱི་བོ་ནས་ཕྱིར་སྤྲོ་བ་དེ་མི་དགོས་སོ། །དེ་ལྟ་བུའི་འོད་ཁ་དོག་ལྔ་ལྡན་དེ་རོ་མར་དྲངས་པས་རོ་མ་དབང་དུ་འདུས། རྩོལ་བ་ལ་དབང་ཐོབ། རྣམ་པར་ཐར་པ་མཚན་མ་མེད་པ་མངོན་དུ་བྱེད། རྐྱང་མར་དྲངས་པས་རྐྱང་མ་དང་། སྲོག་ལ། སྨོན་པ་མེད་པ་གསུམ་ལ་སྔར་ལྟར་བྱེད། དབུ་མར་དྲངས་པས་དབུ་མ་དང་རླུང་གནས་པ། རྣམ་པར་ཐར་པ་སྟོང་པ་ཉིད་ལ་སྔར་ལྟར་རོ། །དེ་དག་ལས་བྱུང་བའི་ལྟ་བ་ནི། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་མས་བརྟན་གྱི་དགའ་བ་བཞི་ནི། རྒྱུ་མཐུན་གྱིས་ནི་སྐྲ་དཀར་འཇོམས། །རྣམ་སྨིན་གྱི་ནི་སྟོབས་རབ་སྟེར། །སྐྱེས་བུར་བྱེད་པས་སྟོབས་རབ་འཕེལ། །དྲི་མ་བྲལ་བས་འཆི་མེད་སྟེར། །ཞེས་པ་ལྟར། ཁམས་དཀར་དམར་ལྟེ་བར་བྱེད་པས། ལྟེ་བ་མེ་ལོང་གི་ངོས་ལྟར་འཇམ་པ་སེན་མོས་ཀྱང་བཟུང་བར་མི་ནུས། སྐྲ་དཀར་དང་གཉེར་མ་མེད་པའི་གཞོན་ཤ་ཆགས་པ། སྙིང་གར་བྱོན་པས་སྲེད་མེད་ཀྱི་བུའི་སྟོབས་སམ་གླང་པོ་ཆེ་ཁྱུ་མཆོག་གིས་ཀྱང་འགྲན་པར་མི་བཟོད་པ་དང་སྟོབས་འཕེལ། མགྲིན་པར་བརྟན་པས་ལྕེས་གདོང་(༡༤བ)


GLG010_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཁེབས་པ། སྤྱི་བོར་བརྟན་པས་ལོ་སྟོང་ཐུབ་པ་འབྱུང་ངོ་། །སེམས་ལ་ཕན་གདགས་པ་ནི། ཡང་སྔར་གྱི་གནས་བཞི་པོར་རིམ་པར་བརྟན་པས། རང་གི་རིག་པ་བདེ་སྟོང་དུ་འཆར། སྣང་བ་ཐམས་ཅད་བདེ་སྟོང་། མྱངས་བའི་རོ་ཐམས་ཅད་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་སྟོང་ཟུང་འཇུག་འབའ་ཞིག་ཏུ་འཆར་རོ། །ལུས་སེམས་གཉིས་ཀའི་ཡོན་ཏན་ནི་ཡང་རིམ་པ་ལྟར། མཐོང་ན་མི་མཐུན་པ་མེད་ཅིང་ཡིད་དུ་འོང་བ། མངོན་ཤེས་ཅུང་ཟད་འཆར། རོ་ཐམས་ཅད་ལ་ལོངས་སྤྱོད་པར་ནུས། རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་སོ། །སྤྱོད་པ་གསུམ་སྔར་ལྟར་སྤྱད་པ་དང་། ལྷ་དང་བླ་མས་ལུང་བསྟན་པའི་པདྨ་ཅན་སོགས་གཞུང་ནས་བྱུང་བ་བཞིན་དུ་སྤྱོད་པ་བསྐྱངས་པས་གྲུབ་མཐའ་བདེ་སྟོང་རྒྱ་ཆེན་པོ་མཐར་འབྲས་བུའི་དབང་སླངས་བ་ལ་བརྟེན་ནས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་དོ། །འདའ་ཀ་མ་ཕྱག་རྒྱ་ཆེན་པོ་ནས་འཕོ་བ་ལ་སྦྱང་བསྒོམ་སྦྱར་གསུམ་ལས། དང་པོ་ནི། བླ་མ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ལྟ་བ་སྟོན་པའི་བླ་མ། ལམ་ལྟ་བ་མས་བསྟན་གྱི་དགའ་བཞི་ཡང་ཡང་དྲན་པར་བྱ། གཉིས་པ་ནི། ལྟ་བ་བདེ་སྟོང་མཆོག་ཏུ་གྱུར་པ་ཡང་ཡང་དྲན་པར་བྱའོ། །གསུམ་པ་ལ། ཡི་གེ་དང་སྒྲས་འཕོ་བ་གཉིས་ལས། དང་པོ་ནི། བུ་གར་གུར་ཞག་པ་སྔར་ལྟར་རྩ་གསུམ་འཁོར་ལོ་བཞི་ཡི་གེ་དང་བཅས་པ་གཏུམ་མོ་འཐུག་པོ་ལྟར་བྱ། རོ་རྐྱང་གི་ནང་དུ་ཧ་ཀྵ་སྤངས་པའི་ཀཱ་ལི་ཐུར་བསྟན་དཀར་པོ། །ཨཱ་ལི་གྱེན་བསྟན་དམར་པོ། །དེ་ཡང་ཀ་ཁ་ཨ་གྷ་ཨཱ་ཞེས་པ་ལྟ་བུ་ཨཱ་(༡༥ན)


GLG010_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཡོད་པ་རེ་རེ་གསལ་གདབ། རྩོལ་བའི་རླུང་ཕྱིར་སོང་བའི་ཚེ། སྟོད་རླུང་རྣམས་སྤྱི་མགྲིན་གྱི་འཁོར་ལོ་ལ་ཐིམ། སྲོག་ནང་དུ་འཇུག་ཚེ་སྙིང་ལྟེའི་འཁོར་ལོ་ལ་ཐིམ་པར་བསམ། སྒྲས་འཕོ་བ་ནི། དངོས་གཞི་དེ་བ་ལ་སྲོག་རྩོལ་གྱི་ཚབ་ཏུ་ཧི་ཀ་ཁཨགགཧ་དང་ཀ་ཧི་བྱེད་དོ། །ཕྱི་དབུགས་ཆད་པའི་ཚོད་ཀྱི་ཚེ་གྲོགས་ཀྱིས་གསལ་བཏབ་པ་ལ་བརྟེན་ནས་སྔར་གྱིས་ཉམས་མྱོང་གིས་རྐྱེན་བྱས་པས་འབྲས་བུ་ཐོབ་པ་ནི་ཕྱག་རྒྱ་ཆེན་པོ་ནས་འཕོ་བའོ། །བར་དོ་དང་རྨི་ལམ་རྒྱུ་ལུས་གསུམ་ནི། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་རྣམ་བྱང་སོགས་དེ་དང་དེའི་སྐབས་སུ་གྱུར་པའོ། །ས་བཅད་ཕྱི་མ་རྣམས་དང་། ལམ་དང་འབྲས་བུ་བརྙེས་ཚུལ་ནི་གཞུང་བཞིན་ནོ། །སྐུ་བཞི་མངོན་གྱུར་ཟུང་འཇུག་རྡོ་རྗེ་འཆང་། །འགྲུབ་བྱ་བཞི་པའི་ལམ་གྱི་རིམ་པ་རྣམས། །དཔལ་ལྡན་ཆོས་སྐྱོང་ངུར་སྨིག་རྣམ་རོལ་བའི། །མཁས་གྲུབ་དམ་པའི་གསུང་རྒྱུན་འདི་བཞིན་བཀོད། །དབང་བཞི་པའི་ལམ་ཉམས་ལེན་གྱི་རིམ་པ་མཐའ་དག་མ་ཚང་བ་མེད་པར་བཤད་ཟིན་ཏོ། །ཐུབ་བསྟན་ཡོངས་སུ་རྫོགས་པའི་ཉམས་ལེན་ཀུན། །ལེགས་པར་བཤད་པ་རྣལ་འབྱོར་དབང་ཕྱུག་གི །གསུང་ངག་གཞི་ལམ་འབྲས་བུར་བཅས་པའི་ཆོས། །ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཉེ་བའི་ལམ། །ཚུལ་འདི་ཁ་བའི་ལྗོངས་སུ་འབྲོག་མི་དང་། །རྗེ་བཙུན་བརྩེ་བ་ཆེན་པོ་ས་སྐྱ་པ། །བརྒྱུད་པར་བཅས་པས་ཉི་ཟླ་ལྔར་གསལ་ཡང་། །དེང་དུས་ཡོངས་སུ་རྫོགས་པ་ཉིན་སྐར་བཞིན། །ཚོགས་བཤད་ཚིག་གི་སྦུན་པའི་བཤད་ཡམས་ཙམ། །མ་ཡིན་སྙིང་པོའི་ཉམས་ལེན་སློབ་བཤད་ཅེས། ཁའུ་བྲག་རྫོངས་བཞེད་སྲོལ་འཁྲུལ་(༡༥བ)


GLG010_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །འདི་དག་རྣམས་ནི་མུས་ཆེན་སེམས་དཔའ་ཆེན་པོས་བདག་ཆེན་རྡོ་རྗེ་འཆང་ལ་ཐུན་མོང་མ་ཡིན་པར་སྩལ་བའི་སློབ་བཤད་དང་། ཐུན་མོང་མ་ཡིན་པའི་ཡང་ཐུན་མོང་མ་ཡིན་པ་ཡབ་འཇམ་དབྱངས་ཆོས་རྗེ་ནས་བརྒྱུད་པའི་ཟབ་གནད་རྣམས་དང་བཅས་ཏེ་དམིགས་རིམ་རྣམས་ཕྱོགས་གཅིག་ཏུ་ཟ་ཧོར་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་བཀོད་པ་ཡིན་གྱི། ལུང་སྦྱོར་སོགས་རྒྱས་པར་སྤྲོ་དགོས་པ་རྣམས་ཚིགས་སྦས་དོན་གསལ་བ་དང་། རྗེ་ཀླུ་སྒྲུབ་རྒྱ་མཚོས་མཛད་པ་རྣམས་ལས་ཤེས་པར་བྱའོ། །སརྦ་མངྒ་ལཾ།། །།

ཟབ་ལམ་འཕོ་བའི་མན་ངག་མཁའ་སྤྱོད་བགྲོད་པའི་ཐེམ་སྐས།


GLG010_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་འཕོ་བའི་མན་ངག་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།


GLG010_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཌཱ་ཀི་ནྱཻ། དཔལ་ལྡན་ཕུན་ཚོགས་ཟབ་དོན་འབྱོར་པའི་མཛོད། །ལྷུན་གྲུབ་སྐལ་བཟང་གདུལ་བྱ་སྨིན་མཛད་པའི། །གྲུབ་པའི་དབང་ཕྱུག་ཆེན་པོ་རས་ཆེན་པ། །ཟབ་དོན་གདམས་པའི་གཏེར་གྱུར་ཕྱག་གི་ཡུལ། །ངག་དབང་འཇམ་དབྱངས་གཞོན་ནུའི་མཁྱེན་དཔྱོད་ཅན། །དུས་ཀུན་བཀྲ་ཤིས་དམ་པའི་ཆོས་ཀྱི་མཛོད། །ཀུན་དགའི་དགའ་སྟོན་སྩོལ་བའི་རྡོ་རྗེ་འཛིན། ཁྱབ་བདག་བླ་མ་རིགས་ཀྱི་བདག་པོར་བཞུགས། །རྣལ་འབྱོར་དབང་མོའི་ཞལ་ལུང་བྱིན་རླབས་ཀྱི། །དྲོད་ལྡན་མཁའ་འགྲོའི་ཁ་རླངས་ཟིལ་དངར་ཅན། །འདའ་ཀའི་ཉམས་ལེན་ཐེམ་སྐས་ལ་བརྟེན་ནས། །མཁའ་སྤྱོད་བསྒྲུབ་པའི་གདམས་པ་བཤད་ཀྱི་ཉོན། །དེ་ལ་འདིར་འདའ་ཀ་མའི་ཉམས་ལེན་རྣམས་ཀྱི་ནང་ནས་ཟབ་པ་ལས་ཀྱང་ཆེས་ཟབ་པ་འཕོ་བ་ནི་གུ་མར་གྲགས་པའི་ཟབ་ཁྲིད་ཉམས་སུ་ལེན་པར་བྱེད་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་འོངས་པའི་གདམས་པ་གཉིས། དང་པོ་ནི། དབྱངས་ཅན་མས་རྗེས་སུ་བཟུང་བའི་པཎྜི་ཏ་ཆེན་པོ་བོ་དོང་པ་འཇིགས་མེད་གྲགས་པའམ་ཕྱོགས་ལས་(༢ན)


GLG010_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་ཞེས་མཚན་གྱི་རྔ་དབྱངས་ཕྱོགས་བྲལ་གྱི་རྣ་བར་འགོད་པ་གང་དེའི་སློབ་མའི་མཆོག་གྲུབ་པའི་དབང་ཕྱུག་རས་ཆེན་དཔལ་འབྱོར་བཟང་པོ་དེ། རྗེ་བོ་དོང་པ་ཞིང་ཁམས་གཞན་དུ་འཕོས་པའི་རྐྱེན་གྱིས་ཐུགས་སྐྱོ་ནས་འདུ་འཛིའི་རྣམ་གཡེང་མཐའ་དག་བསྐྱུངས་ཏེ་རྡོ་རྗེ་ཕག་མོའི་བསྒྲུབ་པ་ཞིག་མཛད་པས། བསྒྲུབ་པ་འཐོན་ཁར་དངོས་ཉམས་ཀྱི་མཚན་མ་ལ། བྱམས་ཆེན་ཆོས་རྗེས་རྗེས་སུ་འཛིན་པར་འདུག་པས་གཙང་བྱམས་ཆེན་དུ་སོང་ཟེར་བ་ཞིག་བྱུང་བས་ལུང་བསྟན་ཚད་མར་མཁྱེན་ཏེ་བྱོན་པ་ན། ཆོས་རྗེ་གྲགས་པ་བའི་བྲང་ཁང་དུ་བྱམས་ཆེན་ཆོས་རྗེ་གདན་དྲངས་འདུག་པའི་ལམ་དུ་བསྒུག་སྡོད་བྱས་པས། དར་ཅིག་ནས་བྱམས་ཆེན་ཆོས་རྗེ་ཕེབས་བྱུང་བར་རྒྱུ་མཚན་ཞུས་པས། ཁྱོད་སྨྱོ་བའམ་འཁྲུལ་པ་ཞིག་ཡིན་པ་འདྲ་གསུང་བར་ཞབས་ལ་འཇུས་ཏེ་ནན་གྱིས་གསོལ་བ་བཏབ་པས། འོ་ན་དོ་ནུབ་བརྟག་པ་བྱེད་པས་སྒུགས་ཤིག་གསུངས། སང་ནང་པར་ཚ་བ་སོགས་བདག་རྐྱེན་ཐུགས་ལ་བཏགས་ནས། ཁྱོད་ཀྱི་ལུང་བསྟན་དེ་རྣམ་དག་ཡིན་པར་འདུག་ཀྱང་དེ་ང་དང་ལས་འབྲེལ་ཆེ་བར་མི་འདུག་པས་ཕན་མི་ཐོགས། བདེ་ཆེན་སྟེང་དུ་ཨ་མོ་སྔགས་མཁན་མ་བྱ་བ་ཡོད་པས་དེས་རྗེས་(༢བ)


GLG010_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་པས་སོང་གསུང་པ་ལྟར་བྱོན། བུ་མོ་ཞིག་འདུག་པར་གཏམ་དྲིས་པས། ཨ་མ་གྲོང་ཆོག་ལ་བྱོན་ནས་མེད། དོན་གལ་ཆེ་བར་ཡོད་ན་ཞག་གཉིས་གསུམ་ལས་མི་འགྱངས་བས་འདིར་སྒུགས་ངེད་ཀྱི་འཚོ་བ་འདྲེན་གསུང་པ་ལྟར་དེ་ནུབ་བཞུགས་པའི་རྨི་ལམ་དུ། ལྕགས་ཕག་ནག་པོ་ཞིག་རྨིས། ནང་པར་བུ་མོ་ལ་གཤད་པས་ཨ་མ་འབྱོན་པའི་རྟགས་ཡིན་ཟེར། ཉི་མ་གུང་ལ་ཟིན་ཙམ་ལ་ཨ་མ་ཡོན་བདག་གི་གླང་ལ་ཞོན་ནས་བྱོན་བྱུང་བར་ཕྱག་བཙལ་ཞིང་རྒྱུ་མཚན་ཞུས་པས། ཁྱོད་སྨྱོ་བའམ་འཁྲུལ་བ་ཞིག་འདུག །འོན་ཀྱང་དོ་ནུབ་བརྟག་པ་བྱེད་པས་སྒུགས་གསུངས། སང་ནང་པར་ང་དང་ལས་འབྲེལ་ཆེ་བར་མི་འདུག་པས། ཤངས་ན་བུ་མོ་ལོ་བཅུ་དྲུག་ཙམ་ལོན་པའི་མཚན་ལྡན་ཞིག་ཡོད་པས། དེའི་དྲུང་དུ་སོང་རྗེས་སུ་འཛིན་ཞེས་ལུང་བསྟན་པ་ལྟར་ཤངས་ཀྱི་མདའ་ནས་ལྷ་ཕུའི་བར་དུ་བཙལ་ཡང་མ་རྙེད། ཕྱིར་འཚོལ་ཀྱིན་ལོག་བྱོན་པས། ཐང་མགོ་བྲག་སྣེ་ཞིག་ཏུ་བུ་མོ་སྤ་ཐུམས་འཁུར་བ་ཞིག་དང་ཕྲད་པ་ལུང་བསྟན་དང་མཐུན་བྱུང་ནས་ཕྱག་བཙལ་ཞིང་ན་བཟའ་ནས་འཇུས་ཏེ་ལོ་རྒྱུས་ཞུས་པས། ཁྱོད་རྣལ་འབྱོར་པ་སྨྱོན་པ་ཞིག་འདུག་པ་ལམ་དུ་འགྲོ་བ་མི་གཏོང་བར། གཞན་གྱིས་མཐོང་ན་ངེད་རང་གཉིས་ལ་འཕྱས་སྨོད་ཀྱང་བྱེད་ཟེར། ནན་གྱི་གསོལ་བ་བཏབ་པས། འོ་ན་གསང་སྔགས་ཟབ་མོའི་ཆོས་ཞུ་བར་ཚོགས་ཀྱི་འཁོར་ལོ་དགོས་པས་ཨ་ཡོད་གསུང་བར། ད་ལྟ་མ་མཆིས་པས་ཞག་གཅིག་གཉིས་ཀྱི་བར་རྩོལ་བ་ཞིག་བྱེད་ལགས་ཞུས་པས། དེས་མི་འོང་བ་ལྟ་དགོས་གསུངས་ཏེ་ཤུག་པ་ཞིག་རྒྱབ་སོང་བས། ཕ་རི་ཚུ་རི་ནས་རྫི་བོ་བུ་ཚ་བུ་མོ་མང་པོ་འདུས་བྱུང་སྟེ། དེ་རྣམས་ཀྱི་མཛར་བ་བླུག་པའི་སྣོད་ཀྱི་ནང་ནས། ཤ །ཆང་། ཟན་སོགས་ལོངས་(༣ན)


GLG010_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཆེན་པོ་སྤུངས་བྱུང་བ་ལ་ཚོགས་ཀྱི་འཁོར་ལོར་མཛད་གདམས་པ་ཟབ་མོ་རྫོགས་པར་གནང་། ཁྱད་པར་ཟབ་མོ་འཕོ་བའི་མན་ངག་འདི། དབུས་གཙང་རུ་བཞི། ཉང་ལོང་ཀོང་གསུམ་སོགས་སུ། ལ་ཕྲད་ལ་རུ་ཐོབ། ལུང་ཕྲད་ལུང་དུ་ཐོབ་གསུངས་ནས། བུ་མོ་སོགས་ཐམས་ཅད་འཇའ་ཡལ་པ་ལྟར་གྱུར། དེ་ནས་ལུང་བསྟན་ལྟར་ཕྱོགས་མེད་དུ་འགྲོ་དོན་མཛད་པས། འཕོ་བ་བཏབ་པ་རྣམས་ལ་སྤྱི་གཙུག་རྡོལ་ཏེ་འཇག་མ་བཙུགས་ཆོག་པ་བྱུང་བས་འཕོ་བ་འཇག་བཙུགས་མར་གྲགས། ཡར་ལུང་གད་པ་སྟེང་དུ་བུ་མོ་ཞིག་ནང་མི་དང་མ་མཐུན་པར་གྱུར་པ་ལ་གདམས་པ་འདི་བསྟན་པས་མཁའ་སྤྱོད་དུ་སོང་བ་སོགས་ལོ་རྒྱུས་ཤིན་དུ་མང་། རྗེ་རས་ཆེན་དཔལ་འབྱོར་བཟང་པོ་ནས་བཟུང་སྟེ་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་མ་ཆད། གདམས་པའི་ཆུ་བོ་མ་ནུབ། བྱིན་རླབས་ཀྱི་དྲོད་མ་ཡལ་བའི་ལོ་རྒྱུས་ངོ་མཚར་བ་མང་ཡང་འདིར་མ་སྤྲོས་སོ། །གཉིས་པ་ལ་དེ་ལས་འོངས་པའི་གདམས་པ་དངོས་ནི། རྡོ་རྗེ་མཁའ་འགྲོ་ལས། ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ཡི་བྱེད་པ་དང་། །བརྐུ་འཕྲོག་འདོད་ལ་སྤྱོད་པ་ཡང་། །ལམ་འདི་ཡིས་ནི་དག་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་རིང་དུ་གྲོལ། །ཞེས་ཕན་ཡོན་རྒྱ་ཆེར་བསྔགས་པ་དང་མཐུན་པའི་ཉམས་ལེན་ལ། སྔོན་འགྲོ་སྦྱང་བའི་རིམ་པ་དང་། དངོས་གཞི་ལས་ལ་སྦྱང་བ་གཉིས། དང་པོ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་སྔོན་དུ་འགྲོ་བ་སྐྱབས་སེམས་ཀྱི་རིམ་པ་ནི། ཕྱག་ལེན་ལྟར་རྒྱས་བསྡུས་སྐབས་སུ་སྦྱར་བར་བྱ། གཉིས་པ་ནི། རང་གི་ལུས་མན་ཤེལ་གྱི་མདོག་ལྟར་དྭངས་གསལ་རྙོག་པ་མེད་པའི་སུམ་མདོ་ནས་སྤྱི་གཙུག་(༣བ)


GLG010_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་རྩ་དབུ་མ་ཕྲ་སྦོམ་མདའ་སྨྱུག་ཙམ་པ། ཕྱི་དཀར་ནང་དམར། བར་སྔོ་བ་འཇའ་ཚོན་ལྟ་བུ། སུམ་མདོའི་ཐད་དུ་པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བར་རང་སེམས་ཀྱི་ངོ་བོ་ཡི་གེ་ཨཱཿདཀར་པོ་དངས་ཤིང་འཚེར་བ་སྣུམ་ལ་འགྲིལ་བར་གསལ་བཏབ། སྤྱི་བོར་རྗེ་བཙུན་རྡོ་རྗེ་ཕག་མོ་མཁའ་སྤྱོད་མ་སྐུ་མདོག་ཛི་ཝ་ཀའི་མེ་ཏོག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་པ་རྡོ་རྗེས་མཚན་པའི་གྲི་གུག་གི་རྩེ་ཐུར་དུ་བསྟན་པ་འཛིན་པ། གཡོན་གྱིས་ཐོད་པ་དཀར་པོ་རཀྟས་བཀང་བ་ནམ་མཁའ་ལ་འཕྱར་བའི་ཚུལ་གྱིས་བསྣམས་པ། ཡབ་དཔའ་བོ་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་ག་ཕྲག་པར་བཀལ་བ། ཞབས་གཉིས་བགྲད་པ། ཞལ་དང་བྷ་ག་ནས་རཀྟ་འབབ་པ། ལང་ཚོ་དར་ལ་བབས་ཤིང་ནུ་འབུར་ཟུང་དང་ལྡན་པ། བདེ་བ་སྐྱེད་པའི་ཉམས་ཅན། ཐལ་བ་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་མོས། དེ་ནས་འཇམ་རླུང་ཅུང་ཟད་བཟུང་སྟེ་རྩ་ལམ་ནས་རྣམ་ཤེས་བསྐུལ་བས། འཕར་ཡེད་ཡེད་འདར་ལྷེབ་ལྷེབ་ཡོད་པར་བསམ། ཡར་བལྟས་པའི་རྐྱེན་གྱིས་དད་པ་དང་མོས་དུང་སོགས་བྱས་ཏེ་གསོལ་བ་གདབ་པ་ནི། ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ལོངས་སྐུ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་མཁའ་འགྲོ་ནི་གུ་ལ་གསོལ་བ་འདེབས། །རས་ཆེན་དཔལ་འབྱོར་བཟང་པོ་ལ་གསོལ་བ་འདེབས། །མཁས་གྲུབ་བྱ་བྲལ་ཆོས་རྗེ་ལ་གསོལ་བ་འདེབས། །མཚུངས་མེད་བསམ་གཏན་ཀློང་པ་ལ་གསོལ་བ་འདེབས། །མཁན་ཆེན་ཀུན་དགའ་རྒྱལ་མཚན་ལ་གསོལ་བ་འདེབས། །དྲིན་ཅན་བཀྲ་ཤིས་རྒྱ་མཚོ་ལ་གསོལ་བ་འདེབས། །རིགས་འཛིན་ཀུན་དགའ་ཚེ་མཆོག་ལ་གསོལ་བ་འདེབས། །རྗེ་བཙུན་ཡེ་ཤེས་གྲུབ་པ་ལ་གསོལ་བ་འདེབས། །འཇམ་དབྱངས་བཀྲ་ཤིས་ཀུན་དགའ་ལ་གསོལ་བ་འདེབས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་(༤ན)


GLG010_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕྱུགས་མེད་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ཅིང་རླུང་གིས་བསྐུལ་བ་དང་། ཨ་ཨ་ཧི་ཀ་ཅེས་བརྗོད་པའི་སྒྲ་དང་བཅས་ཏེ། ཨ་ཡིག་དེ་ཉིད་དབུ་མའི་ལམ་བརྒྱུད་ལྟེ་བར་སླེབས། དེ་ནས་སྙིང་ག་མགྲིན་པ་སྤྱི་བོའི་བར་དུ་འཕོས་ནས། སླར་ཡང་ཧིཀ་ཀ་ཞེས་པའི་སྒྲ་དང་བཅས་ཏེ་འབེབས་སོ། །སྦྱངས་པའི་དགོས་པ་ནི་གདན་བཞི་ལས་རིམ་ལ་སོགས་པས་མ་ཕོག་པར་འཕོ་བ་སྦྱོང་བ་མཆོག་ཡིན་ནོ་ཞེས་པ་སྟེ། ཐོག་མ་ནས་ཉམས་འོག་ཏུ་ཚུད་པར་མ་སྦྱངས་ན་ཇི་ལྟ་བ་མི་འབྱུང་ངོ་། །མཇུག་གི་ཉམས་ལེན་སྤྱི་ལྟར་ལ། དེ་ལྟར་ནན་ཏན་དུ་ཉམས་སུ་བླངས་པས་འབྱོངས་པའི་རྟགས་སྤྱི་གཙུག་ཟླ་བ། ཕྲིག་པ། ཆུ་སེར་འབབ་པ། ཐོད་མཚམས་ན་བ། ཤེས་པ་བཟི་ཐོམ་མེ་བ། བརྒྱལ་བ་སོགས་བྱུང་ན་ཐལ་གྱི་དོགས་པ་ཡོད་པས་མཚམས་འཇོག་ཅིང་། ཐལ་བར་ཉེ་བའི་རྟགས་བྱུང་ན་སྤྱི་གཙུག་ཏུ་རིན་པོ་ཆེ་འགེབས་པ་དང་། རླུང་འབུད་པ། རྐང་མཐིལ་བརྡུང་བ། རྡོ་ཚན་སོགས་ཀྱི་གདུགས་བྱ། གཅིག་པུར་སྦྱངས་ན་ཐལ་ཉེན་ཆེ་བས་གྲོགས་མེད་པར་མི་བྱེད། འབྱོངས་རྗེས་རྒྱུན་དུ་ཉམས་སུ་བླངས་ན་ཚེ་ལ་གཟན་པས་མ་གསུང་ངོ་། །དངོས་གཞི་ལས་ལ་སྦྱོར་བ་ནི། རྡོ་རྗེ་མཁའ་འགྲོ་ལས། དུས་ལ་བབ་ན་འཕོ་བྱ་སྟེ། དུས་མིན་ལྷ་རྣམས་གསོད་པར་འགྱུར། ལྷ་རྣམས་བསད་པ་ཙམ་གྱིས་ནི། །དམྱལ་བར་ངེས་པར་སྲེག་པར་འགྱུར། །དེ་བས་འཆི་བའི་མཚན་མ་ནི། །མཁས་པས་འབད་དེ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། ཕྱི་ནང་གསང་བའི་འཆི་ལྟས་ཀྱི་མཚན་མ་རྣམས་བྱུང་ན། འཆི་བསླུ་ཉེའུ་འདོན་པ། སཱཙྪ། གཏོར་མའི་ཆོ་ག་གསུང་(༤བ)


GLG010_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བཀླགས། སྤོམ་ཐག་སོགས་དགེ་བ་རྒྱ་ཆེན་པོས་བཟློག་པའི་ཐབས་ལ་འབད། འཆི་བསླུ་བྱས་ཀྱང་མི་བཟློག་པའི་མཚན་མ་བརྟན་པོ་མཐོང་ན་ཉམས་སུ་བླང་བར་བྱ་དགོས་པས། སྔོན་འགྲོས་རྒྱུད་དག་པར་བྱས་ནས། དངོས་གཞི་ལ། ཕཊ་ཅེས་བརྗོད་པས་རང་གི་རིག་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མར་གསལ་བ་སྙིང་ག་ནས་རྒྱངས་ཏེ་འཐོན་དེ་ཉིད་ཀྱིས་རང་གི་ཕུང་པོ་རྙིང་པ། ཆེ་བ། ཚོ་བ། སྣུམ་པ་དེ་ལ་གཟིགས་ནས་ཕཊ་ཅེས་བརྗོད་པའི་གྲི་གུག་གིས་མགོ་བོ་གཏུབས་ཏེ། སྒྱིད་པོ་རི་རབ་ཙམ་པ་གསུམ་གྱི་ཚུལ་དུ་བྱས་པའི་སྟེང་དུ་རིམ་པ་བཞིན་དུ་ཕཊ་ཀྱི་སྒྲ་དང་བཅས་པ། གྲི་གུག་གི་སྨིན་མཚམས་ནས་བྲེགས་ཏེ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་དང་མཉམ་པ་ཞིག་བཙུགས་པའི་ནང་དུ། རྐེད་པ་ཡན་གྱི་ལུས་ཀྱི་ཆ་ཤས་རྣམས་གཏུབས་ཏེ་བླག་པས་ཤའི་རི་བོ། རུས་པའི་གྲམ་གྲོད། ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར་པར་མོས་ཏེ། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿཞེས་བརྗོད་ཅིང་། གཡས་པའི་གྲི་གུག་གིས་དཀྲུགས། གཡོན་པའི་ཐོད་པས་འཕྱར་བས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་མོས། ཕེམ་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། མགྲོན་རིགས་བཞི་རྣམས་སྤྱན་དྲངས་ཤིང་བཀུག་པས་མདུན་གྱི་སྟེང་འོག་བར་གསུམ་གང་བར་མོས། དེ་ནས་ལུས་ཐམས་ཅད་ལ་རིམ་པ་ལྟར་མཆོད་པ་འབུལ་བ་དང་སྦྱིན་པ་རྒྱ་ཆེན་པོ་བཏང་བས་ཐུགས་མཉེས་ཤིང་ཚིམ་པར་བསམ། མཆོད་ཡུལ་མཆོད་རྫས་མཆོད་པ་པོ་ཐམས་ཅད་ལ་མི་དམིགས་པའི་རྒྱས་བཏབ་སྟེ་ཅུང་ཟད་མཉམ་པར་བཞག །དེ་ནས་དཀྱུས་ལྟར་ལས་ལུས་སྨད་གཞུའི་དབྱིབས་ཅན་གྱི་རྣམ་པ་རྩ་དབུ་མའི་ཡར་སྣེ་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་(༥ན)


GLG010_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་པདྨའི་ནང་དུ་ཚུད་པར་བསམ། གཞུང་ལྟར་བསྐུལ་གསོལ་གྱི་རྐྱེན་གྱིས། པདྨ་ནས་བྱུང་བའི་འོད་ཟེར་དམར་པོའི་སྣེ་ལ་ཁམས་དམར་པོ་སྲན་མ་ཙམ་སྦ་ཐག་བཏང་བ་ལྟ་བུ་ནར་གྱིས་བྱུང་། ཨ་ཡིག་ལ་རེག་པས་ཁབ་ལེན་གྱིས་ལྕགས་འདྲེན་པ་ལྟར་དང་། དཀྱུས་བཞིན་ལྟེ་བ་སོགས་ནས་ཡར་རིམ་པ་ལྟར་སོང་བ་དང་དུས་མཉམ་པར། རྐང་མགོ་རྐང་ལ་ཐིམ། རྐང་བརླ་ལ་ཐིམ། བརླ་ཁོག་སྨད་ལ་ཐིམ། ཁོག་སྨད་དབུ་མ་ལ་ཐིམ། དེའི་ཚེ་རྣམ་ཤེས་དང་རྩ་ཐམས་ཅད་ལྷན་ཅིག་ཏུ་ཧིཀ་དང་བཅས་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀར་འཕོས་པར་མོས་ཤིང་། དེ་ནས་ཕཊ་ལན་གསུམ་གྱི་དང་པོས་ཐུགས་རྒྱུད་བསྐུལ། གཉིས་པར་གར་སྟབས་དང་བཅས་ཏེ་འབྱོན་པར་མངོན་དུ་ཕྱོགས་གསུམ་པས་མཁའ་སྤྱོད་ཀྱི་གནས་སུ་སྐར་མདའ་འཕངས་པ་ལྟར་གཤེགས་པར་བསམ་མོ། །གསུམ་པ་མཇུག་གི་རིམ་པ་ནི། གང་ཟག་གཞན་ལ་ཕན་གདགས་པར་འདོད་ན། ཕུང་པོ་ཉལ་སྟབས་ཅན་དེ་བློས་དྲང་པོར་ཡོད་པར་བསམས། དམིགས་པ་ཁ་སྤོ་བ་མ་གཏོགས་ཁྱད་པར་མེད་ལ། དགེ་བ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་བཏབ་བོ། །གླེན་ལྐུགས་དང་དུད་འགྲོ་སོགས་ལ་དམིགས་པ་ཟུར་དུ་བྱ་བ་ནི་མན་ངག་ཞལ་ཤེས་ལྟར་རོ། །གསོལ་འདེབས་སྤྲོས་པ་ཆེ་བར་འདོད་ན། རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་རྡོ་རྗེ་འཆང་། །རྒྱལ་བ་ཀུན་ཡུམ་རྡོ་རྗེ་ཕག་མོ་དང་། །བདེ་ཆེན་ཡེ་ཤེས་བསྐྱེད་མཛད་ནི་གུ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཇིགས་སྐྲག་བར་དོའི་འཕྲང་ལས་བསྐྱབ་ཏུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕྱུགས་མེད་དག་པ་མཁའ་སྤྱོད་གནས་མཆོག་དེར། །ཐོགས་(༥བ)


GLG010_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དྲོངས་ཤིག་བླ་མ་ཡི་དམ་ལྷ། །མཁའ་འགྲོས་རྗེས་བཟུང་རས་ཆེན་དཔལ་འབྱོར་བཟང་། །ཆོས་བརྒྱད་འཆིང་བ་ཀུན་གྲོལ་བྱ་བྲལ་རྗེ། །མཁས་དང་གྲུབ་པའི་དབང་ཕྱུག་བསམ་གླིང་པ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཇིགས་སྐྲག་བར་དོའི་འཕྲང་ལས་བསྐྱབ་ཏུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕྱུགས་མེད་དག་པ་མཁའ་སྤྱོད་གནས་མཆོག་དེར། །ཐོགས་མེད་དྲོངས་ཤིག་བླ་མ་ཡི་དམ་ལྷ། །མཁན་ཆེན་དམ་པ་ཀུན་དགའ་རྒྱལ་མཚན་དང་། །རས་ཆུང་རྣམ་སྤྲུལ་བཀྲ་ཤིས་རྒྱ་མཚོའི་ཞབས། །གདམས་པའི་བང་མཛོད་ཀུན་དགའ་ཚེ་མཆོག་རྗེ། སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཇིགས་སྐྲག་བར་དོའི་འཕྲང་ལས་བསྐྱབ་ཏུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕྱུགས་མེད་དག་པ་མཁའ་སྤྱོད་གནས་མཆོག་དེར། །ཐོགས་མེད་དྲོངས་ཤིག་བླ་མ་ཡི་དམ་ལྷ། །ངག་གི་དབང་ཕྱུག་ཡེ་ཤེས་གྲུབ་པའི་ཞབས། །གསང་ཆེན་བསྟན་པའི་ཉི་མ་ཨཱ་ནནྡ། །གང་ཤར་རང་སར་གྲོལ་བའི་རིག་པ་འཛིན། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཇིགས་སྐྲག་བར་དོའི་འཕྲང་ལས་བསྐྱབ་ཏུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕྱུགས་མེད་དག་པ་མཁའ་སྤྱོད་གནས་མཆོག་དེར། །ཐོགས་མེད་དྲོངས་ཤིག་བླ་མ་ཡི་དམ་ལྷ། །དལ་བའི་རྟེན་བཟང་རྙེད་དཀའ་འཇིག་པ་སླ། །སྲིད་པ་བར་དོའི་འཕྲང་རིང་འཇིགས་པ་ཆེ། །མཐའ་མེད་འཁོར་བ་སྡུག་བསྔལ་མཚོར་ཤེས་ནས། །སྐྱབས་མཆོག་རྣམས་ལ་སྙིང་ནས་གསོལ་འདེབས་ན། །ད་ལྟ་ཉིད་དུ་མཁྱེན་བརྩེའི་སྤྱན་གྱིས་གཟིགས། །མྱུར་བ་ཉིད་དུ་བྱིན་རླབས་མཐུ་དཔུང་སྐྱེད། །འདུག་ས་འདི་ནས་མཁའ་སྤྱོད་གནས་སུ་ཁྲིད། །སྐད་ཅིག་ཉིད་ལ་བདེ་ཆེན་ས་རུ་སྦྱོར། ཞེས་གསོལ་བ་བཏབ་ཀྱང་རུང་ངོ་། །དེང་སང་བླ་མ་མ་བསྟེན་པར་དཔེ་ཆ་ལ་བླ་མ་བཅོལ་ནས་ཉམས་ལེན་བྱེད་པ་མང་བས། དེ་ནི་བརྒྱུད་པའི་བྱིན་རླབས་མེད་ཅིང་ཆོས་ལ་དབང་བཟའ་བ་དང་རང་གཞན་གཉིས་ཀར་ཕན་པར་མི་འགྱུར་ལ། རྒྱུན་མེད་ཆོས་ཀྱིས་རྒྱལ་ཁམས་གང་ཉེན་ཡོད་པས་སྣོད་མིན་ལ་བཀའ་རྒྱ་གལ་ཆེའི། སྨྲས་པ། ཚེ་འདིར་ཁ་སྦྱོར་བདུན་ལྡན་མངོན་བྱེད་པའི། །ལམ་བཟང་རྡོ་རྗེ་ཐེག་དང་མཇལ་གྱུར་ཡང་། །བློ་དང་བརྩོན་པ་ཞན་པས་དོན་མེད་དང་། །འཇིག་རྟེན་ཕ་རོལ་བགྲོད་པའི་སྐྱེ་བོ་མང་། །སྟོབས་དང་འབྱོར་པའི་བསོད་ནམས་ཕུན་ཚོགས་ཤིང་། །ཚིག་བཤད་སྙན་(༦ན)


GLG010_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པའི་པི་ཝཾ་བརྡུང་མཁས་ཀྱང་། །ཉམས་ལེན་དྲོད་རྟགས་འཐོན་པའི་གནད་མེད་ན། །བར་དོའི་འཕྲང་དེར་ངལ་ཞིང་དུབ་པ་མང་། །དཔེ་འཁྱམ་སྣ་ཚོགས་བསྡུས་པའི་བཤད་ཡམ་དང་། །འགྲིག་འགྲིག་རང་བཟོའི་ཁ་བཤད་མང་པོ་ཡིས། །མི་ཤེས་བླུན་པོའི་མགོ་བོ་བསྐོར་བ་དང་། །འཁྲུལ་མེད་བརྒྱུད་པའི་ཟབ་ཆོས་འདི་མི་འདྲ། །དེ་ཕྱིར་སྐལ་ལྡན་མང་པོར་ཕན་པའི་ཆེད། །མན་ངག་ཡི་གེའི་འཕྲེང་བར་སྤེལ་བ་ལ། །ཆོས་སྲུངས་མཁའ་འགྲོས་བཟོད་པར་མཛད་ནས་ཀྱང་། །དུས་ཀུན་དགེ་བའི་བཀྲ་ཤིས་ཆར་དུ་ཕོབ། །ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་རས་ཆེན་དཔལ་འབྱོར་བཟང་པོ་ལ་དངོས་སུ་སྩལ་བའི་ཟབ་ལམ་འཕོ་བའི་མན་ངག་ཡི་གེར་བཀོད་པ་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཞེས་པ་འདི་ནི། རྒྱ་ཆེན་རྒྱུད་སྡེ་རྒྱ་མཚོར་རྣམ་དཔྱོད་མཆོག་ཏུ་ཡངས་པའི་ཞ་ལུ་རི་ཕུག་གི་སློབ་དཔོན་རིན་ཅེན་བསོད་ནམས་མཆོག་གྲུབ་ལ་ཉམས་ཁྲིད་བགྱིས་སྐབས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ཞེས་པ་འདི་ནི་ཟླ་༡༢ཚེས་༡༧ལ་ཞ་ལུ་རི་ཕུག་དུ་སྦྱར།

ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་ཁྲིགས་སུ་བསྡེབས་པ།


GLG010_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་ཁྲིགས་སུ་བསྡེབས་པ་བཞུགས་སོ། །


GLG010_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཨཱ་ཡུརྫྙཱ་ན་སིདྡྷི་པྲ་ཡཙྪ། ཕུན་ཚོགས་འཆི་བ་མེད་པ་ལང་ཚོའི་བཅུད། །སྐལ་བཟང་སྙིང་གི་ཡོལ་གོར་ལེགས་འཁྱིལ་བའི། །བྱེད་པོ་བླ་མ་མགོན་པོ་ཚེ་དཔག་མེད། །ཆོས་ཀྱི་འཁོར་ལོའི་པད་མཚོར་བརྟན་པར་བཞུགས། །བསོད་ནམས་བྱེ་བའི་ཆུ་གཏེར་བསྲུབས་པ་ལས། །སུམ་ལྡན་རྡོ་རྗེ་འཛིན་པའི་ཉིན་བྱེད་དབང་། །འཕྲིན་ལས་འོད་སྟོང་རྒྱ་མཚོའི་གོས་ཅན་ཀུན། །ཡོངས་ཁྱབ་རྗེ་བཙུན་བླ་མ་རྡོ་རྗེ་འཆང་། །དཔལ་ལྡན་གསང་བ་གསུམ་གྱི་འབྱོར་བའི་མཛོད། །ཟུང་འཇུག་དབང་གི་རྒྱལ་པོར་མངའ་སྒྱུར་བའི། །བདེ་ཆེན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཆོག །རབ་རྒྱས་དྲིན་ཅན་བླ་མར་ཕྱག་བགྱིད་དོ། །ཚེ་དཔག་མེད་མགོན་མེས་པོའི་ཐོད་ཡངས་ལས། །ལེགས་འོངས་ཡེ་ཤེས་མཁའ་འགྲོའི་གངྒཱའི་ཀླུང་། །འཐུང་མཁས་པད་འབྱུང་ཛཧྣུས་སྐྱུགས་པའི་ཆབ། །ཉེར་བསྟེན་ནོར་འཛིན་དཔལ་ལྡན་རྡོ་རྗེ་ལས། །གསུང་ངག་ལམ་ལས་ཉེ་བར་འོངས་པ་དག །ཆེས་ཟབ་ཐུགས་ཀྱི་རྒྱ་མཚོར་རབ་སིམ་པའི། །རྗེ་ཙུན་བླ་མ་ལས་འོངས་སྙན་བརྒྱུད་ཀྱི། །ཚེ་ཁྲིད་བྲི་ལ་ཆོས་སྲུང་གནང་བ་སྩོལ། །དེའང་ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་འདི་ཉིད་བྲི་བ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བ་(༢ན)


GLG010_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་དང་། དེ་ལས་འོངས་པའི་གདམས་པ་གཉིས། དང་པོ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཞེས་བྱ་བ། ཉི་ཟླའི་ཁྲི་སྟན་གདུགས་རྒྱན་དྲུག་སོགས་དང་ལྡན་པས་མཚན་ཉི་ཟླ་དངོས་གྲུབ་དང་། གཞན་ཡང་ལས་ཀྱི་དབང་མོ་ཆེར་གྲགས་པ་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དབང་ཞུས་པས། ཡི་གེ་ཧཱུཾ་དུ་བསྒྱུར་ཏེ་མཁའ་འགྲོ་མའི་ཞལ་དུ་མིད་པ་དང་། ཕྱི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ངོ་བོ་འཆི་མེད་ཚེའི་རིག་པ་འཛིན་པའི་དབང་། ནང་འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་བོ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་དབང་། གསང་བ་དཔལ་རྟ་མགྲིན་གྱི་ངོ་བོ་ལྷ་སྲིན་བྲན་དུ་འཁོལ་བའི་དབང་རྣམས་ཐོབ་པ་ལས། དེ་གསུམ་གའི་དོན་འདུས་པའི་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྲོག་ཤིང་འདི་ཉིད། སློབ་དཔོན་ཆེན་པོས་གྲུབ་ཆེན་དཔལ་ལྡན་རྡོ་རྗེ་ཞེས་འཇའ་ལུས་ཀྱི་སྐུ་བརྙེས་པ་དེ་ལ་དངོས་སུ་གནང་། དེ་ཉིད་ཀྱིས་འབྲས་སྤུངས་ཉི་འོད་འཁྱིལ་བས་གཟིམས་ཆུང་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་ལ་གནང་། དམ་པ་དེ་ཉིད་ལ་རིགས་ཐམས་ཅད་ཀྱི་ཁྱབ་བདག་འཁོན་སྟོན་རྡོ་རྗེ་འཆང་ཆེན་པོ་དཔལ་(༢བ)


GLG010_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལྷུན་གྲུབ་ཀྱིས་གསན། དེ་ཉིད་ཀྱིས་ལས་ལྡན་གྱི་སློབ་མ་དུ་མར་སྤེལ་ཡང་། མཁྱེན་དཔྱོད་དང་ལྡན་པ་དེ་གཉིས་མ་གཏོགས་ཕལ་ཆེར་གྱིས་གསུང་རྒྱུན་འཛིན་པ་མ་བྱུང་ཞིང་། སྔོན་ཆད་གསུང་ངག་མ་གཏོགས་ཡི་གེའི་རིས་སུ་བཀོད་པ་མི་སྣང་བ་ནས། ཆོས་འདི་མི་ནུབ་ཅིང་གཞན་ལ་ཕན་པའི་ཕྱིར་དུ་ཡི་གེའི་རིས་སུ་བཀོད་པའོ། །གཉིས་པ་དེ་ལས་འོངས་པའི་གདམས་པ་ལ་རང་ཉིད་ཀྱི་ཚེ་བསྒྲུབ་པ་དང་། སློབ་མ་རྗེས་སུ་འཛིན་པ་གཉིས། དང་པོ་ནི། པདྨཱནྟ་ཀྲྀཏ་ཀྱི་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མ་དང་རུ་དྲ་བསྣོལ་བའི་སྟེང་དུ་རང་ཉིད་སྐད་ཅིག་གིས་དབང་དྲུག་པདྨ་རྟ་མགྲིན་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། བགེགས་གཏོར་བསངས་སྦྱངས་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་འདོད་པའི་ཡོན་ཏན་ལྔས་ཁྱད་པར་དུ་བྱས་པར་གྱུར། ཨོཾ་སརྦ་བིགྷྣཱན་སོགས་ལན་གསུམ་བརྗོད་ཅིང་། ཧྲཱིཿ གདོན་བགེགས་འབྱུང་པོའི་ཚོགས་རྣམས་གནས་འདི་རུ། །མ་འདུག་གཏོར་མ་འདི་ཁྱེར་གཞན་དུ་དེངས། །གལ་ཏེ་མི་འགྲོ་དབང་ཆེན་ཁྲོས་པའི་བཀས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །སུམྦྷ་སོགས་ཀྱིས་བགེགས་བསྐྲད། སྟེང་འོག་ཕྱོགས་མཚམས་མ་ལུས་རྡོ་རྗེ་དང་། ཁྲོ་བོ་ཁ་དོག་སྣ་ལྔའི་མེ་དཔུང་གིས། །བར་མཚམས་མེད་པར་གཏམས་པའི་སྲུང་བ་ཡི། །འཁོར་ལོའི་གུར་ཁང་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་རཀྵ་རཀྵ་ཡེ་སྭཱཧཱ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དཀྱུས་བཞིན་བྱས། ཚོགས་ཞིང་ནི། རང་ཉིད་དབང་ཆེན་དུ་གསལ་བ་འོད་དུ་(༣ན)


GLG010_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ལས་མགོན་པོ་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ལས་འོད་ཟེར་འཕྲོས། བླ་མ་དང་གཉིས་སུ་མེད་པའི་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གང་དྲིན་མ་དང་། འཇིག་རྟེན་འདྲེན་པ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་སོགས་བརྗོད། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བྱིན་འབེབས་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ཅག་རྣམས་ལ་སྩལ་དུ་གསོལ། །སྒྲུབ་པའི་དམ་རྫས་སྣོད་བཅུད་མ་ལུས་པར། །ཚེ་བཀྲག་གཟི་མདངས་ནུས་པའི་རྩལ་ཀུན་ཕོབ། །དབང་ཆེན་བསྐུར་ལ་སྡིག་སྒྲིབ་བར་ཆད་སོལ། །རེ་བའི་འབྲས་བུ་ཚེ་ཡི་རིགས་འཛིན་སྩོལ། །ཡེ་ཤེས་རང་སྣང་གྲུབ་པའི་ཕོ་བྲང་ནས། །མཁའ་འགྲོའི་དབང་ཕྱུག་གསང་བ་ཡེ་ཤེས་ཀྱིས། །ལྷག་མ་རྣམས་རིགས་འགྲེ། པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་ནས། །སློབ་དཔོན་པདྨ་ཐོད་ཕྲེང་ཚེ་དབང་རྩལ། །མཐོ་བརྩེགས་རྡོ་རྗེ་གསང་བའི་གཞལ་མེད་ནས། །ཟུང་འཇུག་སྐུ་བརྙེས་དཔལ་ལྡན་རྡོ་རྗེའི་ཞབས། །གྲུ་འཛིན་ཉི་འོད་འཁྱིལ་བའི་གཞལ་མེད་ནས། །རྒྱལ་བ་ཀུན་དངོས་བསོད་ནམས་རྒྱ་མཚོའི་སྡེ། །བྱང་ཆུབ་ཤིང་ཁྲོད་དེ་ཝི་ཀོ་ཊི་ནས། །རྡོ་རྗེ་འཆང་དབང་འཁོན་སྟོན་ཆོས་ཀྱི་རྗེ། །སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་ནས། །རྩ་བའི་བླ་མ་ཁྱབ་བདག་འཁོར་ལོའི་མགོན། །སྒྲུབ་རྫས་མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་རཾ་ཡཾ་ཁཾ་གྱིས་སྒྲུབ་རྫས་མཆོད་གཏོར་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་རྣམས་སྦྱངས། ངོ་བོ་ཟག་པ་མེད་པའི་བདུད་རྩི་ལ། །(༣བ)


GLG010_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་རང་རང་གི་བདེ་ལས་དང་ནུས་པ་དང་ལྡན་པར་གྱུར། ཨཱོཾ་ཨཱཿཧཱུཾ། རྟེན་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་བཾ་ལས་པདྨ། རཾ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱི༔དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་བ་ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་སྟེང་ན་འཆི་བ་མེད་པ་ཚེའི་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་དང་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། ཞི་ཞིང་འཛུམ་པ་སྒེག་པའི་ཉམས་ཅན། འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཞེས་པ་ནས། སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ཧྲཱིཿརཱ་ག་བཛྲ་ཨརྒྷཾ་ནས་ཤབྟ་དང་། རཱུ་པ་ནས་སྤཪྴའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པ་སོགས་ཀྱིས་བསྟོད། ཚེ་ཉམས་པ་གསོ་བའི་དམིགས་པ་དང་བཅས་ཏེ། ཨོཾ་བཛྲ་ས་ར་ཧ། ཀ་ར་རི། ཤ་ར་རི། ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨ་མ་ར་ཎི་ཛཱི་ཝ་ནྟི་ཡེ་སྭཱཧཱ། གཟུངས་རིང་དང་བཅས་བཟླས་པ་ཅི་འགྲུབ་བྱ། དེ་ནས་ཚེ་འགུགས་པའི་དམིགས་པ་དང་བཅས་ཏེ། འཆི་བ་མེད་པའི་མགོན་པོ་ཚེ་ཡི་ལྷ། །ཚེ་ཡི་ཌྜ་ཀི་གསང་བ་ཡེ་ཤེས་མ། །འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོ་ལྔས། །འཆི་མེད་ཚེ་(༤ན)


GLG010_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འཕྲིན་ལས་དུས་ལ་བབ། །དྲག་མོའི་ལས་མཛད་སྔོན་མོ་འབུམ་དེ་ཡིས། །འབྱུང་བ་ནམ་མཁའི་བཅུད་བསྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་འཁྱེར་བའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །དེ་བཞིན་དུ་ཐམས་ཅད་ལས་མཛོད་ལྗང་མོ་འབུམ་སྡེ། དབང་གི་ལས་མཛད་དམར་མོ་འབུམ་སྡེ། ཞི་བའི་ལས་མཛད་དཀར་མོ་འབུམ་སྡེ། རྒྱས་པའི་ལས་མཛད་སེར་མོ་འབུམ་སྡེ། འབྱུང་བ་རླུང་། མེ། ཆུ་ས་ཞེས་འདོན་པ་བསྒྱུར་རོ། །སྲ་བརྟན་རྡོ་རྗེ་ལྟ་བུའི་ཚེ་སྲོག་ཁུག །ལེགས་ཚོགས་དཔལ་འབྱོར་རྒྱས་པའི་གཡང་སྐྱོབས་ཤིག །ཉམས་དང་ཟད་དང་འཐོར་དང་ཡར་བ་ཡི། །ཚེས་གསོས་ཚེ་ཁུག་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་བརྗོད། ཚེ་བཅིང་ཞིང་སྦ་བ་བསྲུང་བ་རྣམས་བྱའོ། །གཉིས་པ་སློབ་མ་རྗེས་སུ་འཛིན་པ་ལ། རྟེན་བཅས་ཤིང་བསྒྲུབ་པ་དང་། དབང་བསྐུར་བ་དངོས། དང་པོ་ནི། སྟེགས་བུ་ཕྱག་བདར་ལེགས་པར་བྱས་པའི་སྟེང་དུ་ཚེ་བུམ་ཁ་རྒྱན་དང་ལྡན་པ། གཡས་སུ་ཚེ་ཆང་། གཡོན་དུ་ཚེ་རིལ། མདུན་དུ་མཆོད་པ། གཞན་ཡང་རྡོར་དྲིལ། ཌཱ་མ་རུ། མདའ་དར། མེ་ལོང་། ལས་བུམ། མེ་ཏོག་སོགས་ཚོགས་པར་བྱས། སློབ་དཔོན་གྱིས་བདག་བསྐྱེད་བླངས་ཤིང་མདུན་བསྐྱེད་ཀྱང་བསྒྲུབ། ལས་བུམ་དུ་རྟ་མགྲིན་བསྐྱེད་ཅིང་སྔགས་ཅུང་ཟད་བཟླའོ། །གཉིས་པ་ནི། ཀརྨ་རྡོ་རྗེས་ལས་བུམ་གྱི་ཆུ་བྲིམ་ཞིང་། སློབ་མ་རྣམས་གྲལ་དུ་འཁོད། དེ་ནས་སློབ་དཔོན་གྱིས་བགེགས་གཏོར་བཏང་ཞིང་མཚམས་བཅད། སྤྱི་དང་བྱེ་བྲག་གི་ཆོས་བཤད། མཎྜལ་ཕུལ། གསོལ་གདབ། སྡོམ་བཟུང་གི་བར་དཀྱུས་བཞིན་བྱས། དེ་ནས་ལྷ་ངོ་བསྟན་ཞིང་བྱིན་རླབས་ཀྱི་གཞི་བཀོད། བགེགས་བསངས། སློབ་མ་ལྷར་བསྐྱེད། བྱིན་དབབ་ཅིང་(༤བ)


GLG010_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་དོན་དུ་ཏིཥྛ་བཛྲ་ཞེས་བརྗོད། དེ་ནས་བཛྲ་ས་ར་ཧའི་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱས་རྗེས། དབང་དངོས་ཀྱི་དོན་དུ་སློབ་དཔོན་དགོངས་སུ་གསོལ། བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་ཚེ་འགུགས་པ་ནས་བཟུང་སྟེ་དམ་ཚིག་དང་སྡོམ་པ་གསོ་བའི་བར་གྲུབ་རྒྱལ་མའི་དབང་ཆོག་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་དཀྱུས་ལྟར་བྱེད། དེ་ནས་མདའ་དར་དང་བཅས་ཏེ་ཚེ་འགུགས་གྲུབ་རྗེས། བུམ་པ་སློབ་མའི་མགོ་ཐོག་ཏུ་ཞག་ནས། རྩ་བརྒྱུད་ཀྱི་བླ་མའི་མཚན་ནས་བརྗོད་དེ་བཀའ་བསྒོ་ཞིང་ལྷ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སློབ་མ་ལ་བསྟིམ། ཚེ་ཆང་འདི་ཉིད་ཞལ་དུ་གསོལ་བ་ལ་བརྟེན་ནས་སོགས་བརྗོད་ཅིང་། ཚེ་ཆང་དང་། ཚེ་ཡི་རིལ་བུ་ཞེས་སོགས་བརྗོད་ནས་ཚེ་རིལ་བྱིན། དེ་ནས་ཚེ་བཅིང་བ་ནི། ཚེ་རྟེན་འོད་དཀར་པོའི་དབུས་སུ་རྣམ་པར་ཤེས་པ་ཡི་གེ་ཎིའི་རྣམ་པ་ཉི་ཟླ་གའུ་ཁ་སྦྱོར་གྱི་ནང་དུ་ཡོད་པ་དེ་ཉིད། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བར་མཚམས་མེད་པར་བཅིངས་པར་བསམས་ལ་སྙིང་གར་རྡོ་རྗེ་རེག་ཅིང་། ཉི་ཟླ་གའུ་ཁ་སྦྱོར་དག །མི་ཕྱེད་སྲ་བརྟན་རྡོ་རྗེ་ཡི། །ལུ་གུ་རྒྱུད་ཀྱིས་ཉེར་བསྡམས་པས། །ནམ་ཡང་མི་གཡོ་བརྟན་པར་གྱུར། །ཞེས་དང་། སྔགས་བཟླ། དེ་ནས་ཚེ་སྦ་བ་ནི། མདའ་དར་སྙིང་གར་བཞག་ཅིང་། ཐུགས་ཀ་ལས་འཕྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་རང་ལ་ཐིམ། དེ་ཡང་གའུ། དེ་འོད། དེ་ཡི་གེར་དེ་ཡང་འཇའ་ཡལ་བ་ལྟར་བསམས་ལ། གང་གིས་གནོད་པར་མི་ནུས་པའི། །གདོད་ནས་དག་པའི་སྟོང་པ་ཉིད། །སྐྱེ་བ་མེད་པའི་ཀློང་ཡངས་སུ། །མི་འགྱུར་བརྟན་པའི་ཚེ་སྦས་སོ། །ཞེས་དང་། སྔགས་བཟླ། དེ་ནས་ཚེ་བསྲུང་བ་ནི། སྐད་ཅིག་གིས་(༥ན)


GLG010_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོར་དཔལ་རྟ་མགྲིན་གྲི་གུག་དང་ཐོད་པ་འཛིན་པ་འཇིགས་སུ་རུང་བ་མེ་དཔུང་འབར་བའི་དབུས་ན་བཞུགས་པས་བར་ཆད་ཐམས་ཅད་བསྲུང་བར་བསམས་ལ། སྨིན་མཚམས་རྩ་ཡི་སྒོ་འཕར་དུ་རྟ་མགྲིན་ཁྲོ་རྒྱལ་དབང་གི་ལྷ། །བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ཚེ་ཡི་བར་ཆད་ཐམས་ཅད་སྲངས། །སྔགས་བཟླ་ཞིང་ལི་ཁྲི་བྱུག །ཚེ་སྤེལ་བ་ནི། རབ་ཡངས་མདུན་གྱི་ནམ་མཁའ་ལ། །རྩ་བའི་བླ་མ་ཚེ་དཔག་མེད། །བརྒྱུད་པའི་བླ་མ་སྤྲིན་ལྟར་འཐིབས། ཡིད་དམ་ལྷ་ཚོགས་འཁོར་གྱིས་བསྐོར། །མ་མོ་མཁའ་འགྲོ་གར་སྟབས་བསྒྱུར། །ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ། །སྙན་པའི་དབྱངས་ཀྱི་འབྲུག་སྟོང་ལྡིར། །བཀྲ་ཤིས་མེ་ཏོག་ཆར་དུ་འབེབས། །འདིར་འདུས་སྐལ་ལྡན་ཆགས་རྣམས་ལ། །འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག །དཔལ་འབྱོར་སྙན་གྲགས་བཀྲ་ཤིས་ཤོག །བདེ་ཆེན་ཡེ་ཤེས་བཀྲ་ཤིས་ཤོག །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་པ་བྱ། གཙོ་བོས་ཇི་ལྟར་དང་། མཎྜལ། དེང་ནས་བརྩམསཏེ་སོགས་དཀྱུས་བཞིན་བྱའོ། །འདི་ཉིད་མདོར་བསྡུ་ན། ཡེ་ཤེས་པ་འབེབས་པ་ཡན་ཆད་སྔར་དང་འདྲ་བ་ལ། དབང་དངོས་ཀྱི་སྐབས་སུ་ཚེ་བུམ་ལ་བརྟེན་ནས་བསྐུར་བ། ཚེ་ཆང་ལ་བརྟེན་ནས་བསྐུར་བ། ཚེ་རིལ་ལ་བརྟེན་ནས་བསྐུར་བ། ཚེ་བསྲུང་བ། ཚེ་སྤེལ་བ་ཙམ་བྱས་ཀྱང་ཡོང་ཞིང་། དེ་ལས་ཅུང་ཟད་རྒྱས་པར་བྱེད་ན་ཚེ་འགགས་པ་བསྣན་པས་ཆག །ཚེ་བུམ་ལ་བརྟེན་ནས་ཚེ་བསྲིང་བའི་སྐབས་སུ་འབྱུང་བ་ལྔ་ལྷན་ཅིག་ཏུ་བསྡུ་བ་དང་། ཡང་ཤིན་ཏུ་བསྡུ་བ་བྱེད་ན། བཅོམ་ལྡན་འདས་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཞེས་སོགས་ཀྱི་སྐབས་སུ་དེ་(༥བ)


GLG010_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གའི་འགྲོས་ཀྱིས་དབང་གི་ཚིག་ཐམས་ཅད་བསྡུད་ཀྱང་རུང་ངོ་། །གསུམ་པ་མཇུག་གི་ཆོ་ག་ནི། གཏང་རག །གཤེགས་གསོལ། དགེ་བ་བསྔོ་བ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །འཆི་མེད་ཚེ་ཡི་མན་ངག་པདྨའི་གཞུང་། །དཔལ་ལྡན་རྡོ་རྗེ་ལས་འོངས་གདམས་པའི་བཅུད། ཡོངས་འཛིན་བླ་མ་མཆོག་ལས་བརྒྱུད་པ་འདི། །གཞན་ལ་ཕན་པའི་བསམ་པས་ཡི་གེར་བཀོད། །དགེ་དེས་དུས་མིན་འཆི་བའི་མུན་པའི་ཚོགས། །ཚེ་དཔག་མེད་མགོན་ཐུགས་རྗེའི་འོད་ཟེར་གྱིས། །སྲིད་པའི་ཕ་མཐར་བསྐྲད་དེ་རྡོ་རྗེ་ཡི། །རང་བཞིན་སྲ་བརྟན་ཚེ་སྲོག་འགྲུབ་གྱུར་ཅིག །ཅེས་ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་ཁྲིགས་སུ་བསྡེབས་པ་འདི་ཡང་། ཕོ་བྲང་གོང་རི་དཀར་པོའི་དཀོན་གཉེར་དཔོན་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་རིང་མོ་ནས་བསྐུལ་བ་ལྟར། ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།

རྣམ་རྒྱལ་འཇོམས་སོགས་ལ་དགོས་པའི་གསོ་སྦྱོང་གི་ཆོ་ག


GLG010_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་འཇོམས་སོགས་ལ་དགོས་པའི་གསོ་སྦྱོང་གི་ཆོ་ག་བཞུགས་སོ།།


GLG010_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་སིདྡྷཾ། འདིར་རྣམ་རྒྱལ་འཇོམས་སོགས་ཀྱི་སྐབས་ཐོག་མར་གསོ་སྦྱོང་བླང་བའི་རིམ་པ་ནི། རྣལ་འབྱོར་པ་རྣམས་སྔ་བར་ཁྲུས་བྱས་ནས་རྟེན་ལ་ཁ་ཕྱོགས་པར་ལངས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་སྤྱན་དྲངས་པར་བསམ། དངོས་སུ་ཕྱག་བྱ་ཞིང་། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། འགོག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་ལོག་ལྟ་འཇོམས་མཛད་པ། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ལྡན། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། བླ་མ་སངས་(༢ན)


GLG010_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་མཛད་པ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཅིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང་། །ཤཱཀྱ་ཐུབ་པ་གཽ་ཏཾ་ལྷ་ཡི་ལྷ། སངས་(༢བ)


GLG010_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་སྐྱོབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་བའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་ཀུན་ཡོངས་སུ་སྐྱོབ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སྔོན་གྱི་སྨོན་ལམ་བྱང་ཆུབ་རྗེས་སྤྱད་པས། །མཚན་ཙམ་ཐོས་པས་སྒྲིབ་པ་ཀུན་སེལ་བ། །འཕྲིན་ལས་མངའ་བ་ཀུན་མཁྱེན་འཇིག་རྟེན་མགོན། །སངས་རྒྱས་སུམ་ཅུ་ལྔ་ལ་ཕྱག་འཚལ་ལོ། །མཐུན་པའི་སྨོན་ལམ་མཆོག་ཏུ་རྨད་བྱུང་ཞིང་། །སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱེད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བའི་གཉེན་གཅིག་མ་ལུས་རྐང་གཉིས་གཙོ། །དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད། །གསེར་གྱི་མདོག་ཅན་ལྷ་ཡི་ལྷར་གྱུར་པ། །དམ་ཚིག་གསུམ་བཀོད་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་(༣ན)


GLG010_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་ཅིང་། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྐུ་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་ཅུ་གཉིས་མངའ་ཞིང་། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་མཁའ་ལྟར་ཡངས་པའི་ལམ། །དོན་དམ་དམིགས་མེད་སྤྲོས་པ་ཀུན་ལས་འདས། །དབྱངས་ཀྱི་མཚན་ཙམ་ཀུན་མཁྱེན་ངོ་བོ་ཉིད། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །(༣བ)


GLG010_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་པའི་རྒྱལ་པོ་དབྱུག་སྔོན་ཅན། །སྟོབས་པོ་ཆེ་དང་ལྷ་ཡི་བུ་གཉིས་ཏེ། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི། །རྡོ་རྗེ་རིན་ཅེན་ཀུན་ནས་འབར་བའི་མཐུས། །བདུད་བཞིའི་སྟོབས་རྣམས་རྣམ་པར་འཇོམས་མཛད་པ། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །དོན་ཡོད་ཞགས་པ་ཁྲོ་རྒྱལ་རྟ་མགྲིན་དཔལ། རལ་གཅིག་མ་དང་ལྷ་མོ་ཁྲོ་གཉེར་ཅན། །འཕགས་པ་ལྷ་ལྔའི་ཚོགས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང་། །འཇིག་རྟེན་གསུམ་གྱི་མུན་སེལ་པ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །འདུལ་དཀའ་མ་ལུས་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨ་(༤ན)


GLG010_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏུད་ཅིང་། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །གང་ལ་སེམས་ཀྱི་དམ་པ་རིན་ཅེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །དགྲ་བཅོམ་བློ་མཆོག་དབང་པོ་ཀུན་དུལ་བ། །བསྟན་པའི་སྲིད་དུ་ལེགས་པར་བརྟན་བཞུགས་ནས། །བསྟན་པ་འཛིན་དང་སྤེལ་དང་སྲུང་མཛད་པའི། །དགྲ་བཅོམ་གནས་བརྟན་བཅུ་དྲུག་ལ་ཕྱག་འཚལ། །ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས། །རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཅེན་བང་མཛོད་ལེགས་བསྲུང་བའི། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ། །ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པའི། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པས་ཕྱག་བྱ། དེ་ནས་རང་གནས་སུ་འཁོད་དེ་རོལ་མོ་ཇི་སྙེད་པ་འབུལ་དཀྲོལ་བྱ་ཞིང་། མེ་ཏོག་དམ་པ་སོགས་(༤བ)


GLG010_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། ཞེས་བརྗོད། རོལ་མོ་བཞག་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པས་ཡན་ལག་བདུན་པ་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས་ཐལ་མོ་སྦྱར་ཏེ། དོན་ཡིད་ལ་དྲན་བཞིན་པས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྷག་པར་རྫོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་པས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་པ་ལན་གསུམ་གྱིས་སྡོམ་པ་བླངས་ལ་དེའི་བསླབ་བྱ་འདི་རྣམས་བསླབ་སྙམ་པས། དེང་ནས་སྲོག་གཅོད་མི་བྱ་ཞིང་། གཞན་གྱི་ནོར་ནི་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །(༥ན)


GLG010_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེན་པོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་འཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་འཁྲུག་འཇིག་རྟེན་རྣམས། །སྲིད་པའི་མཚོ་ལས་འདོན་པར་ཤོག །ཅེས་ལན་གསུམ་བརྗོད། །གསོ་སྦྱོང་གི་ཚིག་འདི་རྣམས་བློ་ངོ་དང་བསྟུན་པའི་བཅོས་བསླད་མ་བྱེད་ཅིག །དེ་ནས། ཨོཾ་ཨ་མོ་གྷ་ཤཱི་ལ། སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ། ཅེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་བདུན་ནམ་ཉེར་གཅིག་བཟླ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་སོགས་ཀྱི་སྨོན་ལམ་གདབ་བོ། །ཐེག་པ་ཆེན་པོའི་གསོ་སྦྱོང་ལེན་ཚུལ་མཁས་པའི་ཕྱག་ལེན་ལྟར་ཟ་ཧོར་གྱི་བནྡེས་ཟུར་དུ་ཕྱུང་སྟེ་བཀོད་པའོ། །སརྦ་མངྒ་ལཾ།། །།

ཛེ་ཏཱ་རི་ལུགས་ཀྱི་རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་འཆི་མེད་དཔལ་སྟེར།།


GLG010_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཛེ་ཏཱ་རི་ལུགས་ཀྱི་རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་འཆི་མེད་དཔལ་སྟེར་བཞུགས་སོ།།


GLG010_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུཤྩོཥྞི་ཥ་བི་ཛ་ཡཱ་ཡཻ། རབ་དཀར་ཟླ་བ་ཞུན་མའི་མདངས་འཛིན་པ། །མཚན་དཔེའི་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། །མཛེས་སྡུག་ལྷ་མོའི་གཟུགས་ཀྱིས་ཚེ་སྦྱིན་མ། །གཙུག་ཏོར་རྣམ་པར་རྒྱལ་མས་དགེ་ལེགས་སྩོལ། །འཕགས་ཡུལ་མཁས་གྲུབ་དབང་པོ་ཛེ་ཏ་རིའི། །བཞེད་གཞུང་མ་དྲོས་ཀླུང་ཆེན་ལས་ཕབས་པ། །ལེགས་བཤད་ཡན་ལག་བརྒྱད་དང་ལྡན་པའི་ཆབ། །རྣམ་དཔྱོད་སྐལ་ལྡན་ཤིང་རྟས་འདི་ན་འདྲེན། །ཨ་ཧོ་མཚན་ཙམ་ཐོས་པས་འཆི་བདག་དཔུང་། །ཕ་མཐར་སྐྲོད་ན་ཚུལ་བཞིན་ཉམས་བླངས་ཚེ། །འཆི་མེད་དངོས་གྲུབ་སྟེར་བའི་ཡིད་བཞིན་ནོར། །བདུད་རྩིའི་བུམ་བཟང་ཐོབ་འདི་ཨེ་མ་མཚར། །དེ་ལ་འདིར་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་ཉམས་སུ་བླང་བར་བྱ་བ་ལ། བདག་སྐྱེད་ལ་བརྟེན་ནས་བཟླས་པ་བྱ་བ། མདུན་སྐྱེད་སྟོང་མཆོད་ཀྱི་ཚུལ་དུ་ཚེའི་དངོས་གྲུབ་ཞུ་བ། སློབ་མ་རྗེས་སུ་འཛིན་པ་རྗེས་གནང་གི་རིམ་པ་དང་གསུམ་ལས། དང་པོ་ལ། སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་(༢ན)


GLG010_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། དམ་པའི་ཆོས་རྣམས་ལ། འཕགས་པའི་དགེ་འདུན་རྣམས་ལ། ཞེས་གྲངས་གསུམ་མམ་བདུན་གྱི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་རླབ་ཏུ་གསོལ། ཞེས་བརྗོད། སེམས་སྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོམ་བཟླས་ལ་འཇུག་པར་བགྱིའོ། །ལན་གསུམ་བརྗོད། ཚོགས་ཞིང་ནི། རང་ཉིད་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ཀའི་བྷྲཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་བ། ཨོཾ་བཛྲ་ས་མཱ་ཛཿཞེས་རྡོ་ཇེ་བསྡུ་བའི་ཕྱག་རྒྱ་བྱ། ཐལ་མོ་སྦྱར་ཏེ། དཔལ་ལྡན་ལྷ་མོ་སོགས་ཀྱིས་ཕྱག་བྱ། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་བརྗོད། ཐལ་མོ་སྦྱར་ཏེ་རྒྱུན་བཤགས་བྱ་ཞིང་ཚད་མེད་བཞི་བསྒོམ། དངོས་བཞི་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ཡིག་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་ལས་གྲུབ་པའི་ས་འཛིན་གྱི་སྟེང་དུ་ཐེམ་སྐས་དང་(༢བ)


GLG010_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ཁྲི་ལ་སྣ་ཚོགས་པདྨ། དེའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་བང་རིམ་ཟླུམ་པོ་གསུམ་པ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་བུམ་རྟེན་དང་བཅས་པའི་བུམ་པ་ཟླུམ་པོ་སྒོ་དང་ལྡན་པ། དེའི་སྟེང་དུ་བྲེ། གདུགས་རིམ་པ་བཅུ་གསུམ། ཆར་ཁེབས། ཏོག་རྣམས་བརྩེགས་ཤིང་། མེ་ཏོག་གི་འཕྲེང་བ་དང་དར་གྱི་ལྡ་ལྡིས་མཛེས་པར་བྱས་ལ། བུ་སྟོན་ཐམས་ཅད་མཁྱེན་པ་དང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་རབ་རྣམས་སུ་ལྷ་དྲུག་གི་སྐྱེད་ཆོག་གསུངས་པ་ནི། སྤྱིར་བཏང་ལ་དགོངས་ཀྱི། ཐམས་ཅད་ལ་དགོས་པའི་ངེས་པ་མེད་པས། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་དང་། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཚེ་དཔག་མེད་ལྷ་དགུའི་མངོན་རྟོགས་སོགས་སུ་ཆོ་ག་གསུམ་སྐྱེད་ལས་མེད་པས་ཤེས་ནུས་ལ། ཛེ་ཏ་རེའི་རྒྱ་གཞུང་དུའང་དེ་བྱུང་བས། ཐམས་ཅད་ལ་ལྐུགས་པའི་རིགས་འགྲེ་བྱེད་མི་དགོས་སོ། །དེ་ལྟ་བུའི་བུམ་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བར་བྷྲཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་བྷྲཱུཾ་ལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། རང་ཉིད་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ། ཞལ་གསུམ། ཕྱག་བརྒྱད་མ། རྩ་བའི་ཞལ་དཀར། གཡས་སེར། གཡོན་སྔོ་ཞིང་ཅུང་ཟད་ཁྲོས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གཡས་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པད་དཀར་གྱི་སྟེང་ན་འོད་དཔག་མེད། གསུམ་པས་མདའ། བཞི་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་གྱི་དང་པོས་སྡིགས་མཛུབ་དང་བཅས་པས་རྡོ་རྗེའི་ཞགས་པ། གཉིས་པས་གཞུ། གསུམ་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། བཞི་(༣ན)


GLG010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་འཛིན་པ། དར་གྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། འོད་ཟེར་དཀར་པོའི་འཕྲེང་བས་བསྐོར་བའོ། །དེའི་གཡས་སུ་ཟླ་བ་ལ་སྤྱན་རས་གཟིགས་དཀར་པོ། གཡས་རྔ་ཡབ་དང་གཡོན་པདྨ་འཛིན་པ། གཡོན་དུ་ཉི་མ་ལ་ཕྱག་ན་རྡོ་རྗེ་སྔོན་པོ། གཡས་རྔ་ཡབ་དང་གཡོན་ལ་ལ་གནས་པའི་རྡོ་རྗེ་འཛིན་པ། གཉིས་ཀའང་ཞི་བའི་ཉམས་ཅན། རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་དར་གྱི་ན་བཟའ་གསོལ་བ། མཉམ་པའི་སྟབས་ཀྱིས་བཞེངས་པ། ཤར་དུ་མི་གཡོ་བ་སྔོན་པོ། གཡས་རལ་གྲི་འཕྱར་བ། ལྷོར་འདོད་རྒྱལ་སྔོན་པོ། གཡས་ལྕགས་ཀྱུ་འཕྱར་བ། ནུབ་ཏུ་དབྱུག་སྔོན་ཅན་སྔོན་པོ། གཡས་དབྱུག་པ་འཕྱར་བ། བྱང་དུ་སྟོབས་པོ་ཆེ་སྔོན་པོ། གཡས་རྩེ་གསུམ་འཕྱར་བ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། སྤྱན་གསུམ་དང་ལྡན་ཞིང་སྐྲ་གྱེན་དུ་བརྫེས་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། པདྨ་དང་ཉི་མའི་གདན་ལ་ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། གཙོ་མོའི་སྟེང་གི་ཕྱོགས་གཉིས་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ནས་བཅོམ་ལྡན་འདས་མ་ལ་སྐུ་ཁྲུས་གསོལ་བ་དང་བཅས་པའོ། །དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དཔྲལ་བར་ཏྲཱཾ་སེར་པོ། ལྟེ་བར་ཧྲཱི༔དམར་པོ། བརླ་གཉིས་ལ་ཨཾ་ཨཱཿལྗང་གུ །གཙོ་མོའི་ཐུགས་ཀར་ཧཱུཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་(༣བ)


GLG010_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ནས། ཤཔྟའི་བར་གྱིས་སྔར་ལྟར་མཆོད། ཛཿཧཱུཾ་བཾ་ཧོས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཛས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་གོང་ལྟར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ཀྱི་མཇུག་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་བི་ཛ་ཡ་ས་པ་རི་ཝཱ་ར་ཞེས་པ་རེ་རེའི་འགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་ནས། ཤཔྡའི་མཐར་དྷརྨ་ར་ཎི་རོལ་མོ་དང་བཅས་པའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཙོ་མོའི་ཐུགས་ཀར་པད་ཟླའི་སྟེང་དུ་བྷྲཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་སྔོན་པོའི་ནང་དུ་བྷྲཱུཾ་ཡིག་གི་སྟེང་དུ་བླ་མ། མདུན་དུ་ཕ་མ། གཡས་སུ་སློབ་མ། གཡོན་དུ་སྤུན་གྲོགས། རྒྱབ་ཏུ་གཡོག་འཁོར་རྣམས་དང་བཅས་པའི་མཐའ་སྐོར་དུ་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སྐུ་ལུས་ཀྱི་ནང་ཐམས་ཅད་གང་། བདག་(༤ན)


GLG010_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྲུང་བྱ་རྣམས་ཀྱི་འགལ་རྐྱེན་སྡིག་སྒྲིབ་སྦྱངས། འོད་ཟེར་ཕྱིར་འཕྲོས། དོན་གཉིས་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས། ཐུགས་ཀར་ཐིམ་པས་བདག་དང་བསྲུང་བྱ་རྣམས་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་གྱུར་ཅེས་པ་ཤུབ་བུར་བརྗོད་ནས། ལེགས་སོ་སྟེར་བའི་ཕྱག་རྒྱ་དང་བཅས་གཟུངས་རིང་ཚར་གཅིག་བཟླ། དེ་ནས་ཕྱག་རྒྱ་བཀྲོལ་ཏེ་གཟུངས་སྔགས་སྐབས་སྦྱར་བཟླས་རྗེས། ཨོཾ་ཨ་མི་ཏེ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་བི་ཀཱནྟེ། ཨ་མི་ཏ་གཱ་ཏེ། ཨ་མི་ཏ་གཱ་མི་ནི། ཨ་མི་ཏ་ཨཱ་ཡུ་ད་ཏེ། ག་ག་ན་ཀྲཱིརྟི་ཀ་རེ་སརྦྦ་ཀྑེ་ཤ་ཀྵ་ཡཾ་ཀ་རཱི་ཡེ་སྭཱཧཱ། ཞེས་པའང་ཅུང་ཟད་བཟླ། གོང་གི་ལེགས་སོ་སྟེར་བའི་ཕྱག་རྒྱ་དང་སྔགས་འདི་ཉིད་རྒྱ་གཞུང་ན་ཡོད་པས་མ་ཆད་པ་གལ་ཆེ། དེ་ནས། ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿཨཾ་ཨཱཿམ་མ་སརྦྦ་སཏྭཾཙ་རཀྵ་རཀྵ་ཀུ་རུ་སྭཱཧཱ། ཞེས་ལན་གསུམ་བཟླས་པའི་མཐར་བདག་སྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཅེས་བརྗོད། དེ་ལ་མཆོད་བསྟོད་གོང་ལྟར་བྱ། བཅོམ་ལྡན་འདས་མ་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང་། ཡིག་བརྒྱ་བརྗོད། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱི་མཐར་མཐེབ་སྲིན་གྱིས་སེ་གོལ་བརྡབ། བཛྲ་མུཿ ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར་ཅེས་བརྗོད་ཅིང་བསམ་མོ། །གཉིས་པ་མདུན་སྐྱེད་སྟོང་མཆོད་ལ་བརྟེན་ནས་ཚེའི་དངོས་གྲུབ་ཞུ་བ་ནི། སྤྱིར་རྒྱུད་སྡེ་དང་འབྲེལ་བའི་མདུན་སྐྱེད་སྒྲུབ་པ་ལ་ལུས་དཀྱིལ་མིན་ཕྱིན་དཀྱིལ་འཁོར་སོགས་དམིགས་རྟེན་ཞིག་ངེས་པར་དགོས་ཀྱི། དམིགས་རྟེན་མེད་པར་མདུན་སྐྱེད་འདོན་པ་ནི་དཔེ་ཆ་བཤད་སྦྱང་བྱས་པའི་ཕན་ཡོན་ཙམ་ལས་མི་(༤བ)


GLG010_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལ། ཁྱད་པར་ཛེ་ཏཱ་རི་ལུགས་ཀྱི་རྣམ་པར་རྒྱལ་མ་དཀྱིལ་འཁོར་དང་འབྲེལ་བ་མ་ཡིན་པས། སྟོང་མཆོད་དམ་རྗེས་གནང་གང་རུང་དང་མ་འབྲེལ་པར་དཀྱིལ་འཁོར་གཞན་གྱིས་རྒྱས་བཏབ་ནས། མདུན་སྐྱེད་ཀྱི་རྣམ་གཞག་བྱེད་པ་ནི། ཞྭ་དཔེ་ལྷམ་ལ་བཀབ་པ་ལྟར་མི་མཁས་པ་ཞིག་གིས་རང་བཟོ་བྱས་པ་སྟེ། མཁས་གྲུབ་ཚད་ལྡན་གྱི་ལུགས་མིན་ནོ། །དེའི་ཕྱིར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཉ་དང་ཉུང་མ་མ་བསྲེས་པར་རིགས་པའི་དྭངས་སྙིགས་ཕྱེད་པར་བྱའོ། །དེས་ན་ལག་ལེན་གྱི་རིམ་པ་ལ་སྟེགས་བུ་སོགས་མངོན་པར་འདུ་བྱས། རྡོ་ཚོན་གྱིས་བྲིས་པའི་བུམ་གདན་གྱི་སྟེང་དུ་བཅུད་ལྡན་གྱི་བུམ་པ་མགུལ་ཆིངས་དང་བཅས་པ་བཞག །དེའི་སྟེང་དུ་རབ་གནས་དང་ལྡན་པའི་མཆོད་རྟེན་ཚད་ལྡན་བཞུགས་སུ་གསོལ། ཕྱི་མཆོད་དང་། ལྷ་བཤོས། མར་མེ། སྤོས། བ་དན། གདུགས། ལྡ་སྟི་སོགས་ཅི་འབྱོར་པའི་མཆོད་པ་སྟོང་གི་གྲངས་ལྡན། ཤར་དུ་ལྷའི་གཏོར་མ། ལྷོར་ཆ་གསུམ། སྐབས་སུ་གང་བབ་པར་གཏོར་མ་སྟོང་དང་དེ་བཤམ་པའི་སྣོད། གཞན་ཡང་སོ་སོའི་མདུན་དུ་མེ་ཏོག་དང་རོལ་མོ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམ་མོ། སྔོན་འགྲོ་གསོ་སྦྱོང་བླང་བ་ནི། ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ཡང་རབ་ཏུ་བྱུང་བ་རྣམས་ཀྱིས་མ་བྱས་པར་ཆད་ལྷག་ཏུ་མི་འགྱུར་བས་རེ་ཞིག་བཏང་སྙོམས་སུ་བཞག །མཆོད་པ་བྱིན་གྱིས་བརླབ་པ་ནི། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མ་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་(༥ན)


GLG010_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤཾ་སྭཱཧཱ། ཨོཾ་བཛྲ་དྷཱུ་པཾ་སྭཱ་ཧཱ། ཨོཾ་བཛྲ་དྭི་པཾ་སྭཱཧཱ། ཨོཾ་བཛྲ་གནྡྷཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་སྭཱཧཱ། ཨོཾ་བཛྲ་ཤབྡ་སྭཱ་ཧཱ། ཨོཾ་བཛྲ་དྷརྨ་ར་ཎི་ཏ་སོགས་དང་། སོ་སོའི་ཕྱག་རྒྱ་བྱ། མཐར་རོལ་མོ་རྣམས་འབུད་དཀྲོལ་བྱ་ཞིང་བྱིན་དབབ། མཆོད་པ་བྱིན་བརླབ་འོག་མ་རྣམས་ལ་དྷརྨ་ར་ཎི་དང་རོལ་ཆེན་མི་དགོས། དེ་ནས་གོང་གི་བདག་སྐྱེད་རྫོགས་པར་བཏང་། མདུན་སྐྱེད་སྒྲུབ་པ་ནི་བུམ་པ་དང་མཆོད་རྟེན་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་སྟེང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བྷྲཱུཾ་ཡིག་དཀར་པོ་ཞེས་སོགས་ཀྱི་མཆོད་རྟེན་ལྷ་དགུ་དང་བཅས་པ་སྐྱེད་པ་ནས། གཙུག་ཏོར་རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པའི་བར་གོང་བཞིན་བྱས་ལ། ཏིང་ཤག་རྡུང་ཞིང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་སོགས་ཤློ་ཀ་གསུམ་གྱི་མཐར། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། བདག་སྐྱེད་ཀྱི་སྐབས་ལྟར་བསྟིམ། དབང་ལྷ་སྤྱན་དྲངས། མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་སྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དབང་བསྐུར་རྒྱས་གདབ་གོང་བཞིན་བྱ། སྤོས་དང་མར་མེ་ལ་སོགས་(༥བ)


GLG010_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤར་ལ་མཆོད་པ་བྱིན་གྱིས་བརླབ། ཐལ་མོ་སྦྱར་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་དབུལ། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཞབས་བསིལ་སོགས་ལ་ཚིགས་བཅད་དང་སྔགས་འདོན་པ་བསྒྱུར་ཏེ། ཤཔྟའི་ཚེ་རོལ་ཆེན་བྱ། གདུགས་མཆོག་ཇི་སྙེད། ཚ་ཏྲཾ་ཀ །བ་དན་ཇི་སྙེད། པ་ཏཾ་ཀ །སྤྲོ་ན། ལྡ་ལྡི་ཇི་སྙེད། བ་ཌཾ་ད་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། འདི་ལ་ཆུ་གཉིས། ཉེར་སྤྱོད་རོལ་མོ་རྣམས་ཀྱི་སྟེང་དུ་གདུགས། བ་དན་ལྡ་ལྡི་གསུམ་ལས་མེད་པས། གཞན་ནས་རྒྱས་བཀབ་ཀྱིན་རྒྱུ་མཚན་མེད་པའི་ཉི་མ་འཕུལ་ཐབས་ཀྱི་གང་དྲན་མང་པོ་གདགས་པར་མི་བྱའོ། །དཔལ་ལྡན་ལྷ་མོ་ཞེས་སོགས་ཀྱི་མཐར། རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །གནས་གཙང་ལྷ་ཡི་བུ་དང་བཅས་པ་ཡི། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་བདག་སྐྱེད་ལྟར་དམིགས་པ་དང་བཅས་གཟུངས་རིང་ཚར་གཅིག་བཟླས་ཏེ་ལེགས་སོ་སྟེར་བའི་ཕྱག་རྒྱས་མེ་ཏོག་བཟུང་སྟེ་མདུན་སྐྱེད་ལ་མེ་ཏོག་འཐོར། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་རེ་རེའི་འགོར་སྦྱར་བའི། མཆོད་ཡོན་ནས། ལྡ་ལྡིའི་བར་གྱིས་མཆོད། སྟོང་མཆོད་དངོས་ནི། དཔལ་ལྡན་ལྷ་མོ་སོགས་ཤློ་ཀ་གཅིག་གིས་བསྟོད། བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་འོག་གི་བུམ་པ་ཡོངས་སུ་གང་བར་གྱུར་ཅེས་བརྗོད་ཅིང་། ཨོཾ་ན་མོ་ཞེས་པའི་སྐབས་ཐལ་མོ་སྦྱར་ལ་མགོ་བོ་དུད་པའི་སྒོ་ནས་ཕྱག་བྱ་བར་མོས་ཏེ་གཟུངས་རིང་ཚར་བཅུ་རེ་སྟོན་པའི་རྗེས་སུ་གོང་ལྟར་མཆོད་བསྟོད་ཚར་(༦ན)


GLG010_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བྱ། ལས་ཀྱི་རྡོ་རྗེས་མཆོད་པ་རྣམས་ལ་གསོ། དེ་འདྲ་བ་ལན་ལ་ཕར་བྱས་པའི་གཟུངས་ལྔ་བརྒྱ་ཙམ་སོང་བའི་ཚེ། གཟུངས་བཟླ་བ་དང་སྦྲགས་ནས་སྐོར་བའང་སྟོང་གྲུབ་པར་བྱ། མཆོད་བསྟོད་ཀྱི་ཚེ་གང་བབས་ཀྱི་རང་སར་འཁོད་དོ། །གཏོར་མ་གཏང་བ་ནི། མང་ཉུང་ཇི་ལྟར་འཚམ་པ་ཞིག་གིས་ཕྱི་རོལ་དུ་གཏོར་ཆ་བཅུ་ཚར་བཤམ། རིལ་བུ་བཅུ་བཅུ་བླུག་པ་ཆུ་དང་སྦྱར། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ད་ཨོཾ་ཨཱཿཧཱུཾ་པ་རུ་སྭཱཧཱ། སྟོང་གིས་བསྔོ། སྔགས་བཅུའམ་བརྒྱའི་འཚམས་སུ་ཏིང་ཤག་རྡུང་ཞིང་། མཆོད་སྦྱིན་གཏོར་མ་དམ་པ་འདིས། །འཕགས་པའི་ཚོགས་རྣམས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོངས་གྱུར་ཅིག །རིགས་དྲུག་གཏོར་མས་ཚིམ་གྱུར་ནས། །ལན་ཆགས་བུ་ལོན་ཁྱེར་བ་དང་། བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བརྗོད། ལྷ་ལ་གཏོར་མ་དབུལ་བ་ནི། གོང་ལྟར་བྱིན་གྱིས་བརླབ། གཟུངས་ཀྱི་མཐར་ཨ་ཀཱ་རོ་ལན་གསུམ་བཏགས་པས་དབུལ། བདག་སྐྱེད་ཀྱི་སྐབས་ལྟར་མཆོད་བསྟོད་བྱ། བཅོམ་ལྡན་འདས་མ་ནས། སྩལ་དུ་གསོལ་གྱི་བར་བརྗོད། གཏོར་མ་གཞན་གསུམ་ནི། ཆ་གསུམ་གྱི་ཆོ་གས་གཉིས་ནང་དང་གཅིག་ཕྱི་རོལ་དུ་གཏང་ངོ་། །རྗེས་ཆོ་ག་ནི། མཆོད་པ་རྣམས་ཁ་གསོ། བྱིན་གྱིས་བརླབ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྣམ་པར་རྒྱལ་མ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྔོན་དུ་འགྲོ་བས། (༦བ)


GLG010_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་ནས། པ་ཌཾ་དའི་བར་གྱི་སྔགས་རྣམས་འདོན་པ་བསྒྱུར་ཅིང་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། ལངས་ཏེ་ཕྱག་འཚལ་ཞིང་དཔལ་ལྡན་ལྷ་མོ་སོགས་ཀྱིས་བསྟོད། སླར་ཡང་ཙོག་པུར་འདུག་སྟེ། བཅོམ་ལྡན་རྣམ་པར་རྒྱལ་མ་ལ། མཆོད་ཅིང་གསོལ་བ་གདབ་པའི་མཐུས། །བདག་སོགས་རྣམས་དང་ཡོན་བདག་ལ། །འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །ས་འོག་ས་སྟེང་ས་བླའི་གདོན། །ནད་རིམས་དུས་མིན་འཆི་བ་སོགས། །སྔོན་ལས་འཕྲལ་རྐྱེན་ཀུན་ཞི་ཞིང་། །འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །སྲིད་དང་ཞི་བའི་ཡོན་ཏན་ཀུན། །ལེགས་ཐོབ་མི་ཉམས་གོང་དུ་འཕེལ། ཁྱད་པར་ཚེ་ལ་དབང་འབྱོར་བའི། །འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །ཇི་སྲིད་སངས་རྒྱས་མ་ཐོབ་པར། །ལྷ་མོ་ཁྱེད་ཀྱིས་རྗེས་བཟུང་སྟེ། །འཆི་བདག་གཡུལ་ལས་རབ་རྒྱལ་བའི། །འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །དཔག་བསམ་ཤིང་དང་བུམ་པ་བཟང་། །ཡིད་བཞིན་ནོར་འདྲའི་ལྷ་ཁྱོད་ཀྱིས། །ཐུགས་རྗེའི་འཆི་མེད་བདུད་རྩི་ཡིས། །སྙིང་གི་བུམ་བཟང་གང་བར་མཛོད། །ཅེས་འདོད་དོན་ཞུ། མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་ཡིག་བརྒྱ་བརྗོད། །མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པ་སོགས་ཀྱིས་བརྟན་བཞུགས་བྱ། བཀྲ་ཤིས་བརྗོད་ཅིང་རོལ་མོའི་སྒྲ་དང་མེ་ཏོག་སིལ་མ་དཀྲམ་པར་བྱའོ། །གསུམ་པ་སློབ་མ་རྗེས་སུ་འཛིན་པ་རྗེས་གནང་གི་ཆོ་ག་དང་། གོང་དུ་དགོས་པའི་གསོ་སྦྱོང་བླང་བ། བསྟོད་པ་རྒྱས་པ། འདོད་གསོལ་རྒྱས་པ་སོགས་བྱ་བར་སྤྲོ་ན། ཚད་ལྡན་མཁས་པའི་ཡི་གེ་གཞན་ལས་བླང་བར་བྱའོ། །ལུགས་འདི་ལ་དབང་གི་རྣམ་གཞག་ཀྱང་མེད་པས། དཀྱིལ་འཁོར་ལ་བརྟེན་པའི་རྣམ་རྒྱལ་མ་ཞིག་འདོད་ན། ད་རཱ་ཎ་ཨཱ་ཙཱརྱའི་ལུགས་ཀྱི་རྣམ་རྒྱལ་ལྷ་མང་གི་ཡི་གེ་ལས་(༧ན)


GLG010_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །གསང་སྔགས་ཀྱི་ཆོས་འདི་ངེས་པར་བླ་མ་བསྟེན་པའི་ཞལ་ལུང་ལ་རག་ལས་དགོས་པས། ནག་པོ་འགྲོ་ཤེས་སུ་འབྲི་བ་སོགས་ཕྲི་སྣོན་གྱི་རང་བཟོ་མ་བྱེད་ཅིག །སྨྲས་པ། མཛེས་མཛེས་ལྷ་མོའི་གཟུགས་ཅན་ཡིད་འཕྲོག་མ། །གསལ་གསལ་ཟླ་ལྟར་དཀར་བའི་བཞིན་རས་ཅན། །ལྡེམ་ལྡེམ་པད་དཀར་སྟེང་ན་འཇོ་སྒེག་མཁན། །སིལ་སིལ་གདུ་བུའི་སྒྲ་ལྡན་རྣམ་རྒྱལ་མ། །དུང་དུང་སྙིང་ནས་མི་ཕྱེད་དད་པ་དང་། །ཡང་ཡང་མཆོད་ཅིང་གསོལ་བ་བཏབ་པའི་འབྲས། །རིང་རིང་འཆི་མེད་ཚེ་ཡི་དངོས་གྲུབ་དེ། །བཟང་བཟང་སྐལ་བར་ལྡན་པ་བདག་གིས་ཐོབ། །ནམ་ཡང་འཆི་བ་མེད་པ་བདུད་རྩིའི་རྒྱུན། །རྒྱུན་ཆད་མེད་པར་འཐོབ་པའི་མན་ངག་མཆོག །མཆོག་ཏུ་རྣམ་པར་དཔྱོད་པས་ལེགས་བཀོད་ཚེ། །ཚེ་འདིར་ལྷག་པའི་ལྷ་མཆོག་འགྲུབ་གྱུར་ཅིག །ཛེ་ཏཱ་རི་ལུགས་ཀྱི་རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་མཆོད་བསྟོད་ཀྱི་ཡི་གེ་འཆི་མེད་དཔལ་སྦྱིན་ཞེས་བྱ་བ་འདི་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་སོགས་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས། སྔགས་གསར་རྙིང་ཐེག་པ་གོང་འོག་མཐའ་དག་གི་སོ་སོའི་ལུགས་སྲོལ་དང་རང་སྐད་མ་འདྲེས་པར་ཁོང་དུ་ཆུད་པའི་ཟ་ཧོར་བནྡྷེ་ངག་དབང་བློ་བཟང་རྒྱ་མཚོས། མྱོས་བྱེད་ཅེས་པ་ཤིང་ལུག་རྟ་ཆེན་གྱི་ཟླ་བའི་རྒྱལ་བ་དང་པོའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །(༧བ)


GLG010_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦྦ་ཏྭཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷ་ཡ་ཏེ་ན་མཿ ཏདྱ་ཐཱ། ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟྭ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་བ་བི་ཤུདྷེ། ཨ་བྷི་ཥིཉྩ་ནྟུ་མཱཾ། སརྦྦ་ཏ་ཐཱ་ག་ཏཱཿསུ་ག་ཏ་བ་ར་པ་ཙ་ན་ཨ་མྲྀ་ཏ་ཨ་བྷི་ཥེ་ཀ་ར། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུསྶཾ་དྷ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་ར་སྨི་ས་ཉྩོ་དེ་ཏཻ། སརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱ་མི་པྲ་ཏིཥྛི་ཏེ། སརྦྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནིཝརྟ་ཡ་མ་མ་ཨཱ་ཡུར་བི་ཤུདྡྷེ། སརྦྦ་ཏ་ཐཱ་ག་ཏ་ས་མ་ཡ། ཨ་དྷིཥྵཱ་ན་ཨ་དྷི་ཥྛི་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐ་ཏཱ། བྷཱུ་ཏ་ཀོ་ཊི་པ་རི་ཤུད་དྷེ། བི་སྥུ་ཊ། བུད་དྷི་ཤུད་དྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦྦ་བུད་དྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ། སུ་བཛྲེ་བཛྲ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲོ་དྦྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛྲི་ཎི། བཛྲ་མྦྷ་བ་ཏུ་མ་མ་ཤ་རཱི་རཾ། སརྦྦ་ས་ཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུད་དྷིརྦྷ་བ་ཏུ། མེ་ས་དཱ་སརྦྦ་ག་ཏེ་པ་རི་ཤུནྷཉྩ། སརྦྦ་ཏ་ཐཱ་ག་ཏཱཤྩ་མཱཾ་ས་མཱ་ཤྭཱ་ས་ཡནྟུ། པུ་དྷྱ་པུ་དྷྱ་སི་དྷྱ་སི་དྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟཱན་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་ར་སྨི་པ་རི་ཤུད་དྷེ། སརྦྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཨདྷིཥྞཱ་ན་ཨ་དྷི་ཥཱི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟཱ་པ་དེཿསྭཱཧཱ། ཨོཾ་བྷྲཱུཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿཨོཾ་ཨཿརཀྵ་རཀྵ་མཱཾ་སརྦྦ་ས་ཏྭཱཾ་ཤྩ་སྭཱ་ཧཱ།

རྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ངན་སོང་ཚ་གདུང་ཀུན་སེལ་ག་བུར་གསར་པའི་ཆུ་རྒྱུན།།


GLG010_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ངན་སོང་ཚ་གདུང་ཀུན་སེལ་ག་བུར་གསར་པའི་ཆུ་རྒྱུན་བཞུགས་སོ།།


GLG010_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་མཉྫ་ཡེནྡྲོཏྟརགུརཝེ། ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག །སྐལ་བཟང་འགྲོ་ལ་སྩོལ་བའི་རྡོ་རྗེ་འཆང་། །བསམ་བཞིན་སྲིད་འདིར་ངུར་སྨྲིག་ཟློས་གར་ཅན། །འཇམ་མགོན་བློ་བཟང་གྲགས་པ་གཙུག་ན་རྒྱལ། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་བའི་བྱེད་པོ་མཆོག །དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཛིན། །དངོས་གྲུབ་འབྱོར་བའི་འཕྲིན་ལས་ལྷུན་གྲུབ་པ། །དྲིན་ཅན་བླ་མ་མཆོག་དེས་རྟག་ཏུ་སྐྱོངས། །རྡོ་རྗེའི་རིགས་རྣམས་ཀུན་གྱིས་བདག་ཉིད་ཆེ། །ཕན་བདེའི་དཔལ་གྱི་མཆོག་སྦྱིན་སྩོལ་མཛད་པའི། །བཅོམ་ལྡན་མི་འཁྲུག་འཁོར་ལོའི་ལྷ་ཚོགས་ཀྱིས། །མཐའ་ཡས་འགྲོ་ལ་དུས་ཀུན་ཤིས་པར་མཛོད། །(༢ན)


GLG010_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་སྡུག་བསྔལ་ཚ་གདུང་ཀུན་སེལ་ཞིང་། །དག་པའི་ཞིང་མཆོག་ཀུནྡའི་འདབ་སྟོང་སྒོ། །རབ་འབྱེད་སྒྲུབ་ཐབས་ཟླ་གཞོན་གསར་པ་ཡི། །ག་བུར་ཐིག་པའི་ཆུ་རྒྱུན་དེང་འདིར་སྤྲོ། འདིར་རྡོ་རྗེ་མི་འཁྲུག་པའི་ཆོ་ག་མཚན་ཉིད་དང་ལྡན་པ་ཉམས་སུ་ལེན་པར་འདོད་པས། སྟ་གོན་རྣམ་པ་བཞི་ལ་ཉེ་བར་མཁོ་བའི་དྲི་ཐིག་ཚོམ་བུ་སྤྱི་མཆོད། སྒོས་མཆོད། གཏོར་མ། བུམ་པ། བུམ་རྫས། སོ་ཤིང་སོགས། ཚུལ་འདི་ལ་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མངོན་པར་འདུ་བྱས་ཏེ། ཐོག་མར་བདག་སྐྱེད་སྒོམ་པ་ནི། ཁྲུས་བྱས། ཐེག་པ་ཆེན་པོའི་གསོ་སྦྱོང་ཀུན་འགྲུབ་ན་བྱ། མཆོད་པ་རྣམས་ཨ་མྲྀ་ཏ་ཧཱུཾ་ཕཊ་ཀྱིས་བསངས། (༢བ)


GLG010_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་བཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག༔ །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོག་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤཾ་སྭཱ་ཧཱ་ཞེས་སོགས་ནས། ཨོཾ་བཛྲ་ཤཔྟ་སྭཱ་ཧཱ། ཞེས་པའི་མཐར། ཨོཾ་དྷརྨ་ར་ཎི་ཏ་སོགས་རོལ་མོ་དང་བཅས་པས་བྱིན་དབབ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་རྡོ་རྗེ་མི་འཁྲུག་པར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས། བླ་མ་དང་རྡོ་རྗེ་མི་འཁྲུག་པའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར། ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ཐལ་མོ་སྦྱར་ཏེ། ན་མོ་གུ་རུ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱ་མཎྜལ་ས་པ་རི་ཝ་རེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱ་མཎྜ་ལ་ས་པ་རི་ཝཱ་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ཞེས་སོགས་(༣ན)


GLG010_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། རང་དང་བསྒོམ་བྱའི་ལྷ་གཉིས་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གིས་སྟོང་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པར་རྟོག་པ་གཉིས་སུ་སྣང་བ་ཐམས་ཅད་དབེན་པའི་རང་གི་སེམས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་གྱུར། དེའི་སྟེང་དུ་ན་མོ་རཏྣ་ཏྲ་ཡཱ་ཡ། །ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རམ་པ་རཱ་ཎི་མེ་སརྦ་ས་ཏྭཱ་སྭཱཧཱ། ཞེས་པའི་སྔགས་ཀྱི་རང་གདངས་ཀྱི་སྒྲ་དྲིལ་བུའི་སྒྲ་བཞིན་གྲགས་པར་གྱུར། སྔགས་ཀྱི་གདངས་གྲག་པ་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་བར་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་སྔགས་ཀྱིས་མཚན་པར་གྱུར། ཟླ་བ་ཕྱག་མཚན་སྔགས་(༣བ)


GLG010_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་འོད་ཟེར་གྱི་མཐུ་ལས་རྒྱལ་བ་ཐམས་ཅད་མཆོད་ཅིང་། ཐུགས་རྗེའི་ཆར་རྒྱུན་གྱིས་དམྱལ་བ་སོགས་ཀྱི་སྡུག་བསྔལ་ཐམས་ཅད་སྦྱངས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུག་པ་སྐུ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དངས་ཤིང་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ་གཡས་ས་གནོན་དང་། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་འཛིན་པ། སྤྱན་དཀྱུས་རིང་བའི་སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱི་འགྲོ་བ་མཐའ་དག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་ཞལ་འཛུམ་ཞིང་རབ་ཏུ་ཞི་བ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་ཅུང་ཟད་ལྕང་ལོའི་ཚུལ་དུ་འཕྱང་བ། ལྷ་རྫས་ལས་གྲུབ་པའི་དར་གྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དམ་ཚིག་གི་ཕྱག་རྒྱ་གནས་གསུམ་དུ་རེག་པ། ཀཾ་ཀ་ནི། ཚར་རེ་རེ་བརྗོད་ཅིང་བྱིན་གྱིས་བརླབས། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་(༤ན)


GLG010_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྡོ་རྗེ་མི་འཁྲུག་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་ལ་ཨོཾ་ཨརྒྷཾ་སྭཱ་ཧཱ་ཞེས་པས་མཆོད་ཡོན་ཕུལ། ཛཿཧཱུཾ་བཾ་ཧོཿ དེ་རྣམས་རང་ཉིད་ལ་ཐིམ་པ་འོད་དུ་ཞུ། རང་གི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཤར་དུ་ཨོཾ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། ལྷོར་ཏྲཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ནུབ་ཏུ་ཧྲཱིཿལས་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། །བྱང་དུ་ཨཱཿ ལས་དོན་ཡོད་གྲུབ་པ་ལྗང་ཁུ་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་འོད་ཟེར་སྣ་ཚོགས་འཕྲོ་བའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱོ་མཎྜལ་ས་པ་རི་ཝཱ་ར་ཞེས་པ་རེ་རེའི་འགོར་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། བསྟོད་པ་རྒྱས་པར་སྤྲོ་ན་མཉམ་ཉིད་མ་སོགས་ཀྱི་བསྟོད་ཅིང་། འཁྱེར་བདེ་བའི་སླད་དུ། ཆོས་དབྱིངས་རྣམ་དག་མཁའ་ཀློང་ཡངས་པ་ལས། །དཔལ་ལྡན་ལོངས་(༤བ)


GLG010_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་སྐུའི་བཅུ་གཉིས་བདག །དངོས་གྲུབ་ཀུན་གྱི་འོད་སྟོང་རབ་འགྱེད་པའི། །རྡོ་རྗེའི་རིགས་ཀྱི་བདག་པོར་ཕྱག་འཚལ་བསྟོད། །ཀུན་གསལ་ལན་བརྒྱར་མེ་ལྕེས་རབ་བཞུ་བ། །བྱེད་པོས་པིར་གྱིས་ལྷུན་པོར་བྱུགས་པས་ཀྱང་། ཁྱོད་སྐུའི་ཆ་ཤས་ལ་འགྲན་སྐལ་བ་ཡིས། །དབེན་པར་སྟོན་པ་བཅོམ་ལྡན་སྐུ་ལ་བསྟོད། །ཁྱོད་སྐུ་མཚན་དང་དཔེ་བྱད་བཟང་པོ་ཡིས། །ནམ་ཡང་ཡིད་གཅུགས་མཛའ་བ་མ་བཏང་ཚེ། །རླུང་གི་རྒྱལ་མཚན་མཛེས་མ་ཕྲག་དོག་གིས། །ལྷ་ལམ་གཞོན་ནུར་འཁྱུད་པའི་ངལ་བ་བསྟེན། །སྒྲིབ་གཉིས་ཟད་པར་སྤངས་ཀྱང་རྒོད་པ་སོགས། །ཆགས་པའི་ཉམས་ཀྱི་རྣམ་འགྱུར་ཅི་ཡང་སྟོན། །སྣ་ཚོགས་སྤྲོས་པའི་འཆིང་ལས་རྟག་གྲོལ་ཀྱང་། །དར་ཟབ་རིན་ཆེན་རྒྱན་གྱིས་མངོན་པར་མཛེས། །གང་གི་རྣལ་འབྱོར་མེ་ཡིས་སྒྲིབ་པའི་ཤིང་། །མ་ལུས་སྲེག་ཀྱང་ཐུགས་རྗེའི་ཆར་རྒྱུན་གྱིས། །འཇིགས་རུང་ངན་སོང་ཚ་གདུང་ཀུན་སེལ་བའི། །བཅོམ་ལྡན་མི་འཁྲུག་པ་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀའི་ཟླ་གདན་ལ་སྔགས་འཕྲེང་དཀར་པོས་བསྐོར་བ་ལས་འོད་འཕྲོས། །རྒྱལ་བ་སྲས་བཅས་མཆོད་ཅིང་། །དེ་དག་གི་ཡོན་ཏན་མ་ལུས་པ་གཟུངས་སྔགས་ལ་ཐིམ། །བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་འགལ་རྐྱེན་འགྲོ་དྲུག་གི་སྡུག་བསྔལ་མ་ལུས་པ་སྦྱངས་པར་གྱུར་པར་བསམས་ལ། ཀཾ་ཀ་ནི་ཅི་ནུས་བཟླས་པའི་(༥ན)


GLG010_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་རླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་བདག་གི་སྙིང་ཁ་ནས་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་བྱོན་པར་གྱུར་པར་བསམ་མོ། །དེ་ལ་མཆོད་བསྟོད་གོང་ལྟར་བྱས་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་གསུམ་གྱི་མཐར། ནོངས་པ་བཟོད་པར་གསོལ། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་འཁོད་པར་བསམས་ལ་དཀྱིལ་འཁོར་གྱིས་ལས་རྣམས་བྱའོ། །སྟ་གོན་ལས་ལྷའི་ཚོམ་བུ་ཨ་མྲྀ་ཏས་བསངས། ཤུ་ནྱ་ཏྭས་སྦྱངས། རང་གི་ལག་པ་གཡས་པ་ས་ལ་རེག་པའི་རྐྱེན་གྱིས་ཚོམ་བུའི་སྟེང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སའི་ལྷ་མོ་སྐུ་མདོག་སེར་མོ་ཞི་བའི་ཉམས་ཅན། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། བདག་ལ་ཞལ་ཕྱོགས་ཏེ་བཞུགས་པར་གྱུར། དེ་ལ་ཨོཾ་པྲི་ཐི་བི་དེ་ཝཱི་ཞེས་པ་རེ་རེའི་འགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་(༥བ)


GLG010_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། གཏོར་མ་ཆུ་གཙང་གིས་བྲན་ལ་ཨོཾ་ཨཱཿཧཱུཾ་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། ཨོཾ་པྲི་ཐི་དེ་ཝཱི་སྔོན་དུ་འགྲོ་བའི་ཨ་ཀཱ་རོའི་སྔགས་ལན་གསུམ་དང་མཆོག་སྦྱིན་གྱི་ཕྱག་རྒྱས་ཕུལ་ལ། །སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འདྲི། །ཞེས་ལན་གསུམ་གྱིས་མཁྱེན་པར་གསོལ་བས། །རིག་པ་འཛིན་པ་ཁྱེད་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་བྱིན་པར་བསམས་ལ། ལག་པ་གཡས་པ་ས་ལ་རེག་སྟེ། །ཨོཾ་བཛྲ་མུཿསའི་ལྷ་མོས་དེ་ཉིད་ལ་ཐིམ་པར་བསམ། ལྷ་སྟ་གོན་ནི། ཚོམ་བུ་གོང་ལྟར་བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ས་གཞི། ར་བ་དྲྭ་བ་དང་། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཤར་དཀར་ལྷོ་སེར་ནུབ་དམར། བྱང་ལྗང་(༦ན)


GLG010_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སྔོན་པོའི་ལྟེ་བར་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བ། དེའི་སྟེང་དུ་རིན་པོ་ཆེའི་བྲ་སྲུལ་གྱི་སྟེང་དུ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་། དྲིལ་བུ་དང་ཟླ་བ་རླུང་གིས་བསྐྱོད་པ་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་འཕྱང་བ། དེའི་སྟེང་དུ་བྱ་འདབ་ལས་འཐུར་དུ་འཕྱང་བའི་མདའ་ཡབ་དང་། སྟེང་དུ་ལངས་པའི་རིན་པོ་ཆེའི་དྲྭ་མིག་སེང་མིའི་པུ་ཤུས་བསྐོར་བ། རྩིག་པའི་ཕྱི་རོལ་ཏུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེས་མཚན་པ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་ཟླུམ་པོ་དང་། དེའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་ཕྱེད་པ་དང་། ནོར་བུ་རིན་པོ་ཆེའི་ཏོག་གི་སྤྲས་པ། སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་པདྨ་ལ་(༦བ)


GLG010_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་། གཡས་གཡོན་ན་རི་དྭགས་ཕོ་མོ་དང་བཅས་ཤིང་། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཞལ་ཡས་ཁང་གི་ལྷ་རྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུག་པ་ཞེས་པ་ནས་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་པའི་བར་གྱིས་གོང་ལྟར་གཙོ་བོ་བསྐྱེད། འདབ་མ་བརྒྱད་ལ་ཤར་དུ་ཤཾ་ལས་དཔལ་བེའུ་ཤཾ་གིས་མཚན་པ་ལས་པདྨ་ཅན་དཀར་མོ་གཡས་དཔལ་བེའུ་འཛིན་པ། ལྷོར་པཾ་ལས་པདྨ་པཾ་གྱིས་མཚན་པ་ལས་འོད་ལྡན་མ་དམར་མོ་གཡས་པདྨ་འཛིན་པ། ནུབ་ཏུ་ཚཾ་ལས། གདུགས་ཚཾ་གིས་མཚན་པ་ལས་མདངས་ལྡན་མ་སྔོན་མོ་གཡས་གདུགས་འཛིན་པ། བྱང་དུ་ཤཾ་ལས་དུང་ཤཾ་གྱིས་མཚན་པ་ལས་དྲི་མེད་མ་ལྗང་ཁུ་གཡས་དུང་འཛིན་པ། མེར་ཙཾ་ལས་འཁོར་ལོ་ཙཾ་གྱིས་མཚན་པ་ལས་འཇིགས་བྱེད་མ་དཀར་མོ་གཡས་འཁོར་ལོ་འཛིན་པ། སྲིན་པོར་དྷྭཾ་ལས་རྒྱལ་མཚན་དྷྭཾ་གྱི་མཚན་པ་ལས་རྣལ་འབྱོར་མ་སྔོན་མོ་གཡས་རྒྱལ་མཚན་འཛིན་པ། རླུང་དུ་ཀཾ་ལས་བུམ་པ་ཀཾ་གིས་མཚན་པ་ལས་དཀར་ཤམ་(༧ན)


GLG010_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམར་སྐྱ་གཡས་བུམ་པ་འཛིན་པ། དབང་ལྡན་དུ་མཾ་ལས་གསེར་ཉ་མཾ་གྱིས་མཚན་པ་ལས་ཡིད་གཞུངས་མ་ལྗང་ཁུ་གཡས་གསེར་ཉ་འཛིན་པ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། གཡས་པས་རང་རང་གི་ཕྱག་མཚན་ཐུགས་ཀར་འཛིན་ཞིང་གཡོན་པ་དཀུར་བརྟེན་པ། ནུ་འབུར་ཟུང་གིས་མཛེས་ཤིང་ལང་ཚོ་དར་ལ་བབས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཟླ་བ་ལ་རྒྱབ་བརྟེན་ཅིང་། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ལ་སོགས་པ་ཡི་གེ་གསུམ་གྱིས་བརླབ། རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་མི་ཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་ས་མཱ་ཛཿ སྤྲིན་བྲལ་མཁའ་ལ་ཡིད་འོང་འཇའ་ཚོན་བཞིན། །ཆོས་དབྱིངས་ངང་ལསགཟུགས་སྐུའི་རྣམ་རོལ་གྱིས། །གྲངས་མེད་འགྲོ་བའི་དོན་མཛད་ལྷའི་འཁོར་ལོ། །རྟེན་དང་བརྟེན་པར་བཅས་པ་གཤེགས་སུ་གསོལ། ཞེས་བརྗོད། ལས་སྔགས་ལན་གསུམ་གྱིས་སྔགས་པའི་མཆོད་ཡོན་གྱི་སྣོད་དམ་ཚིག་གི་ཕྱག་རྒྱས་བཟུང་ལ་འཛུབ་མོ་གཡོབ་ཅིང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །མཆོད་པས་(༧བ)


GLG010_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགྱེས་པར་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཛྲ་ཀྵོ་བྷྱ་ཨེ་ཧྱེ་ཧི། ཞེས་དང་། ཨོཾ་མཾ་ག་ལ་ཤྲཱི་ཛ་དྨ་ཛ་སྭཱ་ཧཱ། དེ་བཞིན་དུ་སྔགས་ཀྱི་ཐོག་མཐའ་འདྲ་བར་སྦྱར་ལ། མིག་ལ་པདྨ། མཾ་ག་ལ་ཚ་ཏྲཾ་ག །མཾ་ག་ལ་ཤཾ་ཁ །མཾ་ག་ལ་ཙཀྲ། མཾ་ག་ལ་དྷྭ་ཛ། མཾ་ག་ལ་ཀ་ལ་ཤ །མཾ་ག་ལ་ཉ་ཚ་སྭཱ་ཧཱ། ཞེས་པ་རྣམས་རེ་རེའི་མཐར་ཨེ་ཧྱེ་ཧི། ཞེས་བརྗོད་ཅིང་། སོ་སོའི་མཐར་བཟེད་ཞལ་གྱི་ནང་དུ་མཆོད་ཡོན་ཅུང་ཟད་རེ་བླུག་ཅིང་སྤྱན་དྲངས། ཨོཾ་ཨཱཿབིགྷཱུན་ཏྟ་ཀྲི་ཏ་ཧཱུཾ་ཕཊ་ཅེས་ལན་གསུམ་གྱིས་ཕྱི་འབྲང་གི་བགེགས་བསྐྲད། རྡོ་རྗེ་དྲིལ་བུ་འཛིན་པས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། ཞེས་སོགས་ཀྱི་གཤམ་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ར་ཝ་སངྒཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སྤྲོ་ན། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་སྔགས་དང་བཅས་པས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། ཞེས་སོགས་ཀྱི་མཇུག་ཏུ། ཨོཾ་པདྨ་ཀརྨ་ལ་ཨེ་སྟྭཾ། ཞེས་པས་གདན་ཕུལ་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་སོགས་ཀྱིས་མཆོད། ཐལ་མོ་སྦྱར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཏྟ་པྲ་ཎ་མེན་བཛྲ་བནྡྷཾ་ཀ་རོ་མི་ཞེས་པས་ཕྱག་བྱ། དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏོ་དྦྷ་ཝ་ཡོ་སྭཱ་ཧཱ། ཞེས་བརྗོད་པས་ལྷ་ཐམས་ཅད་མཉེས་པར་བསམ། ཛཿཧཱུཾ་བཾ་ཧོཿ ཞེས་པས་བསྟིམ། མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས་ལ། ཐལ་མོ་སྦྱར་ཏེ། འཇིག་(༨ན)


GLG010_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱོ་མཎྜལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའི་བར་དུ་འདོན་པ་བསྒྱུར་ལ་སོ་སོའི་སྔགས་དང་ཕྱག་རྒྱ། མཐར་དྷརྨ་ར་ཎི་རོལ་ཆེན་དང་བཅས་པ་བྱ། སྤྲོ་ན། གོས་ཟུང་གཞན་ནས་འབྱུང་བ་ལྟར་ཕུལ་ལ། བཀྲ་ཤིས་རྟགས་བརྒྱད་ནི། །མགོན་པོ་ཐུགས་རྗེ་ཆེན་པོ་ཞེས་སོགས་ཀྱིས་འཕུལ་བའི་ཡང་ན། ཕུན་ཚོགས་བཀྲ་ཤིས་དགེ་མཚན་མ་ལུས་ཀུན། །གཅིག་ཏུ་རབ་འཁྱིལ་ཡིད་འོང་དཔལ་བེའུ། །དངོས་བཤམས་ཡིད་སྤྲུལ་དཀྱིལ་འཁོར་ལྷ་ཚོགས་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཾ་ག་ལ་ཤྲི་ཛདྨ་ཛ་པུ་ཛི་ཏེ་ཧཱུཾ། དེ་བཞིན་དུ་ཚིག་རྐང་འོག་མ་གཉིས་འདྲ་བའི། སྟོང་གསུམ་ཀུན་ལ་ཐོགས་མེད་དབང་སྒྱུར་བའི། །གསེར་སྦྱངས་ལས་གྲུབ་འཁོར་ལོ་རྩིབས་སྟོང་འདི། །སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། ཤྲཱི་ཛདྨ་ཛའི་ཚབ་ཏུ་ཙཀྲ། རྙོག་བྲལ་ཡིད་བཞིན་དལ་འགྲོ་འཁྱིལ་བའི་དབུས། །མཉེན་འཇམ་འདབ་སྟོང་འཛུམ་པའི་པད་དཀར་འདི། པདྨ། འདོད་དགུའི་ཆར་འབེབས་ནོར་བུའི་ཏོག་གིས་མཛེས། །སྲིད་པའི་རྩེ་མོར་བསྒྲེང་བའི་རྒྱལ་མཚན་འདི། དྷྭ་ཛ། རིན་ཆེན་ཕྲ་ཚོམ་གྱིས་སྤྲས་(༨བ)


GLG010_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་བ་ཅན། །ལྷ་རྫས་དར་གྱི་ཤམ་བུ་གཡོ་བའི་གདུགས། ཚ་ཏྲཾ་ག །ཟག་པ་མེད་པའི་བདུད་རྩིའི་བཏུང་བ་ཡིས། །མངོན་པར་གང་བའི་བུམ་པ་བཟང་པོ་འདི། །རབ་སྙན་ཚངས་པའི་དབྱངས་ཀྱི་སྒྲ་ཆེན་པོ། །ཕྱོགས་བཅུར་སྒྲོག་པའི་དུང་དཀར་གཡས་འཁྱིལ་འདི། ཤཾ་ཁ། གཟུགས་ཀུན་གསལ་མཐོང་འདྲེན་བྱེད་རབ་ལྡན་པའི། །འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་ཉ། ཉ་ཚར། ཞེས་ཕྱག་རྒྱ་མེད་པ་རྣམས་ལ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་དབུལ། རྒྱས་པར་སྤྲོ་ན་འདོད་ཡོན་ལྔ་སྤྱི་འགྲོ་ལྟར་དང་། རྒྱལ་སྲིད་བདུན་གྱི་སྔགས་ཀྱང་སརྦ་ཏ་ཐཱ་ག་ཏ་མཾ། སོ་སོའི་སྔགས་སྦྱོར་ལུགས་སྤྱི་དང་མཐུན། ཚིགས་སུ་བཅད་པ་འདི་ལྟར། བཻ་ཌཱུར་སེར་པོའི་བརྟན་པ་འཕྲོག་བྱེད་པའི། །གཟི་འོད་འབར་བའི་རྩིབས་སྟོང་འཁོར་ལོ་འདི། །མི་འཁྲུག་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །བསམ་པ་ཙམ་གྱིས་འདོད་པའི་དོན་རྣམས་ཀུན། །རབ་སྟེར་ནོར་བུ་དབང་གི་རྒྱལ་པོ་འདི། །མི་འཁྲུགས་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །སྔོ་བསངས་རི་དྭགས་མིག་ཅན་སྐྱེངས་བྱེད་པའི། །སྒྱུ་རྩལ་ཉམས་ལྡན་ཐུན་མཚམས་མཛེས་མ་འདི། །མི་འཁྲུག་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །བློ་གྲོས་ཆུ་གཏེར་ཆེ་ལས་ཆོས་ཀྱི་སྲིད། །རྦ་རླབས་གྱེན་འཕྱུར་ཁྱིམ་བདག་རིན་ཆེན་འདི། །མི་འཁྲུག་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །བསེར་(༩ན)


GLG010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལྷུན་པོར་རྒྱན་གྱི་འཕྱང་མོ་ཡུག །འཛིན་བྱེད་སྟོབས་ལྡན་གཉིས་འཐུང་དབང་པོ་འདི། །མི་འཁྲུགས་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །རྡུལ་གྱི་རྒྱལ་མཚན་ངལ་བའི་གནས་བསྟེན་པར། །བྱེད་པོ་ཅང་ཤེས་ཡིད་འོང་རྟ་མཆོག་འདི། །མི་འཁྲུག་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །དཔའ་རྩལ་སྟོབས་ཀྱིས་ར་གྷུའི་སྲས་པོ་ཡང་། །ཞུམ་པར་བྱེད་པའི་ཕུན་ཚོགས་དམག་དཔོན་འདི། །མི་འཁྲུག་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །ཇི་སྙེད་ཕན་བདེའི་མཆོག་དེ་སྩལ་དུ་གསོལ། །རྡོ་དྲིལ་འཛིན་པས། བདག་བསྐྱེད་ཀྱི་བསྟོད་པ་རྣམས་ཀྱི་རྗེས་སུ། ཆོས་དབྱིངས་མཉམ་ཉིད་མའི། །ཡང་ན། གྲངས་མེད་འགྲོ་ལ་བྱང་ཆེན་སྩོལ་བའི་སླད། །མཛེས་སྡུག་ཡིད་འོང་སྤྲུལ་པའི་ལྷ་མོ་བརྒྱད། །མཁའ་ལ་དབང་པོའི་གཞུ་ལྟར་རྣམ་བཀྲ་བའི། །བགྲང་ཡས་ལྷ་ཡི་ཚོགས་ལ་ཕྱག་འཚལ་ལོ། །སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། མི་འཁྲུག་རྒྱལ་པོ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །བདག་ནི་སྙིང་བརྩེར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། ཁྱེད་རྣམས་ལ་ཡང་མཚོན་པའི་ཕྱིར། །སང་ནི་དཀྱིལ་འཁོར་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བར་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་རིགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་(༩བ)


GLG010_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཉ་གང་འབྱུང་པོ་མཐུ་ཆེན་དང་། །གང་དུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་ཏུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །མི་འཁྲུག་དཀྱིལ་འཁོར་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འདྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཆགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་སྙན་གསན་ལན་གསུམ་ཕབ་པས། རིག་པ་འཛིན་པ་ཁྱོད་གཞན་དོན་རྒྱ་ཆེ་བར་གྱིས་ཤིག་ཅེས་གནང་བ་བྱིན་པར་བསམ་མོ། །བུམ་པ་སྟ་གོན་ནི། །བསངས་སྦྱངས་སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་ལ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། །ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། རང་གི་སྙིང་ཁའི་ཧཱུཾ་ལས་ཞེས་སོགས་ནས་སྔགས་ཀྱིས་བསངས་པའི་མཆོད་ཡོན་ཐོགས་ཏེ་གོང་ལྟར་ཚིགས་བཅད་སྔགས་དང་བཅས་པས་སྤྱན་དྲངས། ཕྱི་འབྲང་གི་(༡༠ན)


GLG010_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྐྲད། དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ་མཉེས་པར་བསམས། ཛཿཧཱུཾ་བཾ་ཧོཿ ལྷ་རྣམས་བུམ་པའི་ནང་དུ་བྱོན་ཏེ། སོ་སོའི་གདན་གྱི་སྟེང་དུ་འཁོད། ཅེས་སམ། མཚན་སྔགས་རེ་རེ་བཞིན་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་ཆེན་དང་བཅས་པས་མཆོད། བསྟོད་པ་རྒྱས་བསྡུས་གང་རིགས་ཀྱིས་བསྟོད། རང་གི་སྙིང་ཁ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བ་བུམ་ནང་གི་ལྷ་རྣམས་ལ་ཕོག་པས་དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་བསམས་ལ། གཟུང་ཐག་ནས་བཟུང་སྟེ། གཟུངས་རིང་དང་ལྷ་མོ་བརྒྱད་ཀྱི་སྔགས་བརྒྱ་རྩ་རེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པ་དང་། ཨ་མྲྀ་ཏེ་ཉེར་གཅིག་བཟླས་ལ་གོང་ལྟར་མཆོད། བསྟོད་པ་བྱ། འདོད་དོན་ཞུས་ཏེ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་མཐར། མ་འབྱོར་བ་ཞེས་སོགས་ཀྱིས་བཟོད་པར་གསོལ་ལ། དུང་ཆོས་ཀྱི་ཆུ་བུམ་པར་བླུག་སྟེ། ཨོཾ་ཨཱཿཧཱུཾ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ནུས་པ་དང་ལྡན་པར་བསམ། ཆ་གསུམ་བཏང་ལ་ཉེ་རེག་བྱའོ། །སློབ་མ་སྟ་གོན་ནི། ལུས་ཀྱི་བྱ་བ་རྣམས་གཞུང་ལས་འབྱུང་བ་ལྟར་བྱ། མྱང་འདས་ཀྱི་བསམ་པ་བསྐྱེད་པ་ནི། གསང་(༡༠བ)


GLG010_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤྱི་རྒྱུད་ལས། ཁ་ཅིག་གསང་སྔགས་བསྒྲུབ་དོན་གཉེར། དཀྱིལ་འཁོར་དུ་ནི་འཇུག་པར་འགྱུར། དེ་བཞིན་གཞན་གྱི་བསོད་ནམས་འདོད། གཞན་དག་འཇིག་རྟེན་ཕ་རོལ་གཞོལ། །བློ་བཟང་ཕལ་ཆེར་དད་བྱས་ནས། འཇིག་རྟེན་ཕ་རོལ་དོན་གཉེར་འཇུག །འཇིག་རྟེན་འདི་འབྲས་དར་ནས་ནི། །འཇིག་རྟེན་ཕ་རོལ་འབྲས་གཉེར་ན། །གང་ཕྱིར་ཚེ་འདི་བདེ་བླག་འགྲུབ། །འདི་ཡིས་འཇིག་རྟེན་ཕ་རོལ་མིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་གྱི། །དོན་དུ་ཡིད་ནི་བརྟན་པར་གྱིས། །ཅེས་པའི་དོན་བཤད། །ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་ཀྱིས་གསོལ་བ་བཏབ། སེམས་བསྐྱེད་པའི་སླད་དུ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ཀྱི་རྒྱུད་དག་པར་བྱ། སྐྱབས་སེམས་ཁྱད་པར་ཅན་གྱི་སླད་དུ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དང་། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །བར་ཆད་བསྲུང་བའི་སླད་དུ། བུམ་པའི་(༡༡ན)


GLG010_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏོར་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བྱིན་གྱིས་བརླབ་པ་ནི། ཁྱེད་རྣམས་སྐད་ཅིག་གིས་མི་འཁྲུགས་པར་གསལ་བ་ལ་དྲི་ཆུ་རྡོ་རྗེ་དང་བཅས་སྟེ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས་ཁྱེད་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་ཨས་མཚན་པ། སྙིང་ཁར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། མཆོད་པའི་སླད་དུ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨ་ལོ་ཀེ། གྷནྡྷེ་ཞེས་མཆོད། སོ་ཤིང་ནི་བུམ་ཆུ་གཏོར་ཞིང་། ཨ་མྲྀ་ཏས་བྱིན་གྱིས་བརླབས་ནས་བྱིན་ཏེ་དངོས་གྲུབ་ཀྱི་ལྟས་བརྟག་གོ །ཁྱོར་ཆུ་ནི། ཨ་མྲྀ་ཏེ་བཟླས་པའི་ཧྲཱིཿབི་ཤུདྡྷའི་སྔགས་ཀྱིས་ལན་བདུན་བྱིན་ནོ། །བསྲུང་སྐུད་ནི། ཨ་མྲྀ་ཏས་བྱིན་གྱིས་བརླབས་པའི་བསྲུང་སྐུད་དམར་པོ། །མདུད་པ་གསུམ་ལྡན་དཔུང་བར་གཙོ་བོའི་སྔགས་བཟླ་ཞིང་བཅིངས། བུམ་ཆུ་གཏོར། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །ཀུ་ཤ་ནི། ཨ་མྲྀ་ཏ་བཟླས་པའི་ཀུ་ཤ་ཆུང་བ་གཡས་སུ་དྷི་དང་། ཆེ་བ་གཡོན་དུ་ཧ་ཞེས་པས་སྦྱིན། སྤྲོ་བ་སྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་སོགས་བརྗོད། རྨི་ལམ་བརྟགས་ཤིང་ངན་ན་བསྲུང་བ་བྱ་བ་ཡང་དཀྱུས་བཞིན་ནོ། །མཇུག་ཆོག་དང་། ལྷ་འདྲེ་གྲྭ་པ་རྣམས་ཕྱག་ལེན་ལྟར་བྱ། དངོས་གཞི་ལ་བྲིས་སྐུ་རབས་གནས་ཅན་འགྲམ་སྤྱི་སྒོས་ཀྱི་མཆོད་པ་(༡༡བ)


GLG010_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཕྱག་ལེན་ལྟར་བཤམ། ཁྲུས་སོགས་སྔར་ལྟར་བྱ། རང་དམ་ཚིག་པའི་ང་རྒྱལ་གྱིས་ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པར་བདག་དང་གནས་དང་རྣལ་འབྱོར་བསྲུང་། །མདུན་བསྐྱེད་བསངས་སྦྱངས་ནས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད་དེ་གནས་གསུམ་བྱིན་བརླབ་ཀྱི་བར་སྟ་གོན་བཞིན་བྱ། ཡེ་ཤེས་པ་སྤྱན་འདྲེན་གྱི་ཚེ་དངོས་གཞི་ཉིན་སྦྲེལ་ཡིན་ན། ཉི་མ་སྔ་ཕྱིར། བདེ་བར་ཤེས་དགོས་ལ། མཆོད་ཡོན་གྱིས་སྤྱན་དྲངས། ཕྱི་འབྲང་གི་བགེགས་བསྐྲད་པ་ནས་ཡེ་ཤེས་པ་བསྟིམ་པའི་བར་ལྷ་སྟ་གོན་བཞིན་དུ་བྱས་ལ་བུམ་བསྐྱེད་ཀྱི་སྐབས་སུ་བཤད་པ་ལྟར་གྱི་མཆོད་བསྟོད་བྱ། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སོ་སོའི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཁ་དོག་དཀར་པོ་འཕྲོས་པས་བདག་དང་དམིགས་ཡུལ་གྱིས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། སྡུག་བསྔལ་ཐམས་ཅད་སྦྱངས་ནས་འོད་ཟེར་རྣམས་སླར་འདུས་ཏེ་ལྷ་རྣམས་ཀྱི་ཐུགས་ཀར་ཐིམ་པར་བསམས་ལ། ལྷ་སོ་སོ་ལ་དམིགས་ཏེ་གཙོ་བོ་ལ་གཟུངས་རིང་དང་། འཁོར་རྣམས་ལ། ཨོཾ་མ་ག་ལ་ཤྲི་ཛདྨ་ཛ་སྭཱ་ཧཱ། ཞེས་སོགས་རེ་རེ་ནས་ཀྱང་བརྒྱ་རྩོལ་བཟླས་ལ། མཐར་ཐལ་མོ་(༡༢ན)


GLG010_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། མཆོད་བསྟོད་ལྷ་སྟ་གོན་གྱི་སྐབས་ལྟར་བྱ། རྒྱས་པར་སྤྲོ་ན། ནམ་མཁའི་མདངས་ལྟར་ཀུན་ནས་གསལ་བའི་སྐུ། ཞེས་སོགས་ཀྱིས་བསྟོད། བུམ་བསྐྱེད། ཕྱི་རོལ་པ། ཉེ་རེག་རྣམས་བྱ། བདག་འཇུག་བླང་། སློབ་མ་རྗེས་སུ་འཛིན་པ་ལ། སློབ་མ་རྣམས་ཁྲུས་བྱ་བ་ནས། ཡན་ལག་བདུན་པའི་བར་བྱ། ཨོཾ་ཙཀྵུ། བནྡྷ་ཝ་ར་མ་ནཱ་ཡ་ཧཱུཾ། ཞེས་པས་གདོང་བཅིངས། ཨཱཿཁཾ་ཝཱི་ར་ཧཱུཾ། ཞེས་མེ་ཏོག་གི་ཕྲེང་བ་བྱིན། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཞེས་བགེགས་བསངས། རིགས་ངེས་པའི་སླད་དུ། །ཀྱེ་དགའ་བ་ལ་དགའ་ཁྱོད་སུ་ཡིན། ཞེས་དྲི། བདེ་ཆེན་བདག་ནི་སྐལ་བཟང་ལགས། ཞེས་ལན་གདབ། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་ཉ་གང་བ། དེའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་ཞིག་བྱུང་བར་མོས། སུ་ར་ཏི་ས་མ་ཡ་སྟྭི་ཧོཿསིདྡྷི་བཛྲ་ཨ་ཐཱ་སུ་ཁཾ། ཞེས་བརྟན་པར་བྱ། གསང་བར་གདམས་པ་ནི། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་(༡༢བ)


GLG010_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཨཱཿཁཾ་ཝཱི་ར་ཧཱུཾ། ཞེས་རྡོ་རྗེ་དང་བཅས་ནང་དུ་ཁྲིད་པར་མོས། ཡེ་ཤེས་དབབ་པའི་དོན་དུ་མཎྜལ་ཕུལ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་མི་འཁྲུག་པ་བདག་ལ་དབབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས། ཁྱེད་རང་སྐད་ཅིག་གིས་མི་འཁྲུགས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྐུར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་འོད་ཟེར་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། ཁྱེད་རང་(༡༣ན)


GLG010_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཐུགས་ཀའི་ཧཱུཾ་ཡིག་ལ་གཉིས་སུ་མེད་པར་ཐིམ། དེ་བཞིན་དུ་མདུན་བསྐྱེད་སློབ་དཔོན་དང་བཅས་པའི་ཐུགས་ཀ་ནས་དེ་འདྲ་བ་དུ་མ་བྱུང་སྟེ་ཁྱེད་རང་གི་ཐུགས་ཀར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས། གཟུངས་རིང་གི་མཐར། ཨོཾ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཏིཥྛ་བཛྲ། ཞེས་རྡོ་རྗེ་དང་བཅས་བརྟན་པར་བྱ། སྤྱི་བོར་དམ་རྒྱ་དང་ཀཾ་ཀ་ནི་ཚར་གསུམ་གྱིས་བྱིན་གྱིས་བརླབས། གསོལ་བ་གདབ་པ་ནི། རྡོ་དྲིལ་འཛིན་པས། ཡང་དག་དཀྱིལ་འཁོར་འདི་རུ་ནི་ཞེས་སོགས་ལན་གསུམ་བརྗོད། ནམ་མཁའི་ཁ་དོག་དྲི། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་གཏོར། ཨོཾ་པྲ་ཏི་གྲཧྣ་སྟྭཾ་མཾ་སཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་བཅིང་། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། ཞེས་སོགས་ནས་ཧེ་བཛྲ་པ་ཤྱའི་བར་གྱི་མིག་རས་བསལ། དཀྱིལ་འཁོར་དབང་པོ་འདི་ལ་ལྟོས། །ང་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བའི་ཕུན་ཚོགས་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཕྱིར་ནི་དམ་ཚིག་སྲུངས། །གསང་སྔགས་རིག་ལའང་བརྩོན་པར་གྱིས། ལྷ་ངོ་བསྟན། དངོས་གཞིའི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་གདབ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་(༡༣བ)


GLG010_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་ཁྲི་ལ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུག་པ་ཞེས་སོགས་ཀྱིས་བདག་བསྐྱེད་ཀྱི་སྐབས་བཞིན་བསྐྱེད། དེའི་སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་ཏུ་དུང་ལ་སོགས་པའི་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བས་དབང་གི་ལྷ་རྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བདུན་གྱི་ནམ་མཁར། ཨོཾ་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་དང་། ཀཾ་ཀ་ནིའི་རྗེས་སུ་ཨོཾ་བཛྲ་ཨ་བྷི་ཥིཾཉྩ་མི། ཞེས་གསུང་ཞིང་དབང་བསྐུར་བས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས་བདག་ཉིད་རྡོ་རྗེ་མི་འཁྲུག་པའི་སྐུར་གྱུར་པ་བརྟན་པར་མོས། དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་ཝ་ཡ་སྭཱ་ཧཱ། ཞེས་ཅོད་པན་གྱི་དབང་བསྐུར་ནས། དེ་ལ། བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་སོགས་ཀྱིས་མཆོད། མཐའ་བརྟེན་ནི། འདི་ནི་ཁྲུས་མཆོག་སོགས་དང་། (༡༤ན)


GLG010_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མཾ་ག་ལ་ཤྲཱི་ཛདྨ་ཛ་སྭཱ་ཧཱ། དེ་བཞིན་དུ། ཇི་ལྟར་བལྟམས་པ་སོགས་དང་། པདྨ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཚ་ཏྲ་བ་ཕར་ཕྱིན་ལྔ་པོ་ལ་ཡང་ཚིགས་བཅད་སོ་སོའི་མཇུག་ཏུ་རིམ་པ་ལྟར། ཤཾ་ཁ། ཙཀྲ། དྷ་ཛ། ཀ་ལ་ཤ །ཉ་ཚ། རྡོ་རྗེ་སློབ་མ་རྣམས་ཀྱི་སརྦ་པཱ་པཾ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་ཏུ་སྦྱར་ཏེ། སརྦ་བིགྷྲཱ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་རོ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་དུཥྚ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་གྲ་ཧེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་ཛྭ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བྱ་དྷི། སརྦ་ཨུ་པ་དྲ་བྲེ། སརྦ་ཨ་ཀཱ་ལ་ཨ་མྲྀ་ཏྱ། སརྦ་དུ་ར་སྭ་བ་ནི། སརྦ་དུ་ར་མི་ཏེ། སརྦ་ཙིཏྟ་ཀུ་ལེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་པས་བཀྲུས། བྱབ་པ་ནི་ཆུ་ཁ་ནང་དུ་ཅུང་ཟད་བཟུང་། རྡོ་རྗེ་དང་བཅས་པས་སྒྲོས་བྱབ་ཅིང་གཟུངས་ཀྱི་མཐར་རྡོ་རྗེ་སློབ་མ་རྣམས་ཀྱི་སརྦ་པཱ་པཾ་བྷྱཿཨ་པ་ནཱ་ཡ་སྭཱ་ཧཱ། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་ཏེ་མཐར་ཁའི་ཆུ་སྣོད་དུ་ཕོ། བསྲུང་བ་ནི། རྡོ་རྗེ་སློབ་མ་རྣམས་ཀྱི་སརྦ་པཱ་པཾ་བྷྱཿརཀྵ་རཀྵ། ཞེས་སོགས་སྦྱར་ལ། གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་དུ་བཞག་གོ །ཤེས་པར་བྱ་བའི་སླད་དུ་བཀྲ་ཤིས་ཀྱི་རྫས་རྣམས་ལ་བུམ་ཆུ་གཏོར་ཏེ་བསང་སྦྱངས་སྟོང་པའི་ངང་ལས་མཾ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་བརྒྱད་རྡོ་རྗེ་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་དང་(༡༤བ)


GLG010_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་རྒྱས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་མཾ་ག་ལ་ཨཥྟ་བྷྱཿཧཱུཾ་ཕཊ། ཞེས་པས་བྱིན་གྱིས་བརླབས། རིམ་པ་བཞིན་དུ་བྱིན་ལ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་ཞེས་སོགས་ཚིགས་ལྷུག་པ་དང་། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི་ཞེས་སོགས་ཚིགས་བཅད་རྣམས་དཀྱུས་ལྟར་བརྗོད། རྡོ་རྗེ་སློབ་མ་རྣམས་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །གཙོ་བོས་སོགས་དང་གཏང་རག་དེང་ནས་སོགས་བྱས་རྗེས་ཆོ་ག་མཆོད་བསྟོད་འདོད་དོན་ཞུ་བ་བཟོད་གསོལ་རྣམས་བྱ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་ཞེས་པ་ནས་བཟུང་སྟེ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་གཏོར། སྨོན་ལམ་ནི། གདོད་ནས་དག་པ་སྟོང་གསལ་ནམ་མཁའི་དབྱིངས། །མི་འཁྲུག་དཀྱིལ་འཁོར་འཇའ་ཚོན་ལྟར་བཀྲ་བ། །མཆོད་བསྟོད་སྒོམ་དང་བཟླས་པ་ལ་སོགས་པའི། །གྲངས་མེད་དགེ་བའི་ཚོགས་ཀུན་བསགས་པའི་(༡༥ན)


GLG010_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །ཚེ་རབས་ཀུན་ཏུ་དལ་འབྱོར་རྟེན་ཐོབ་ནས། །ཡང་དག་དགེ་བའི་བཤེས་གཉེན་གྱིས་རྗེས་བཟུང་སྟེ། །སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ལམ་གྱི་གནད། །འཁྲུལ་མེད་བརྩོན་པས་ཉམས་སུ་ལེན་པར་ཤོག །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྔོན་སོང་ནས། །རྣམ་དག་དབང་གིས་དྲི་མ་ཀུན་བཀྲུས་ཏེ། །ཡེ་ཤེས་མཆོག་གི་ས་བོན་ལེགས་ཐེབས་ནས། །རང་གི་རྒྱུད་ནི་ཡོངས་སུ་སྨིན་པར་ཤོག །དམ་ཚིག་སྡོམ་པ་མིག་གི་འབྲས་བུ་ལྟར། །ལེགས་པར་བསྲུངས་ཤིང་མཚན་བཅས་མཚན་མེད་ཀྱི། །རྣལ་འབྱོར་སྒོམས་པས་ཚེ་འདིར་བཅོམ་ལྡན་འདས། །མི་འཁྲུག་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །གལ་ཏེ་རྟེན་འདིར་མངོན་དུ་མ་གྱུར་ན། །ཚེ་འདིའི་སྣང་བ་འགགས་པར་གྱུར་པའི་དུས། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་དེར། །སྐྱེས་ནས་ཐེག་མཆོག་ཆོས་ལ་སྤྱོད་པར་ཤོག །མདོར་ན་བདག་དང་དམིགས་པའི་ཡུལ་ལ་སོགས། །ནམ་མཁའི་མཐའ་དང་མཉམས་པའི་སེམས་ཅན་ཀུན། །བཅོམ་ལྡན་མི་འཁྲུགས་རྒྱལ་པོས་རྗེས་བཟུང་སྟེ། །དངོས་གྲུབ་རྣམ་གཉིས་ལྷུན་གྱིས་གྲུབ་པར་ཤོག །སྨོན་ལམ་རྒྱས་པར་སྤྲོ་འདོད་ན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་རང་བཞིན་རྣམ་དག་མ་བྱའོ། །ཤིས་བརྗོད་ནི། (༡༥བ)


GLG010_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་ལྷ་ཡི་ལམ་ལ་བཅོམ་ལྡན་འདས། །ལྷ་མོ་བརྒྱད་སོགས་གྲངས་མེད་འཁོར་ཚོགས་ཀྱིས། །སྙན་པའི་གླུ་དང་རོལ་མོའི་སྒྲ་དབྱངས་སྒྲོགས། །བཀྲ་ཤིས་མེ་ཏོག་ཕྱོགས་ཀྱི་འཁོར་ལོ་འགེངས། །འཇིགས་རུང་ཁྲོ་བོས་བདུད་སྡེའི་དཔུང་ཚོགས་བསྐྲད། །སྣ་ཚོགས་སྒེག་མོས་ཀུན་བཟང་མཆོད་སྤྲིན་སྤྲོ། །ཕུལ་བྱུང་དག་པ་རབ་འབྱམས་བཀྲ་ཤིས་ཀྱི། །ཕྱོགས་དུས་ཀུན་ཏུ་དགེ་ལེགས་རྒྱ་མཚོ་སྩོལ། །སངས་རྒྱས་འཇམ་དཔལ་ཛྙཱ་ན་གརྦྷ་དང་། ཛྙཱ་ན་ཤཱནྟ་བུདྡྷའི་མཚན་ཅན་ཟུང་། །ཀུ་སཱ་ལི་པ་དྷརྨཱ་ཀཱིརྟིའི་ཞབས། །ཨ་ཏི་ཤ་སོགས་དངོས་དང་བརྒྱུད་པ་ཡི། །བཀའ་དྲིན་མཉམ་མེད་བླ་མའི་ཚོགས་རྣམས་ཀྱི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །རྨད་བྱུང་མཁྱེན་བརྩེ་ནུས་པའི་བཀྲ་ཤིས་ཤོག །འདབ་སྟོང་ལྟེ་བར་ཆུ་ཤེལ་དབང་པོའི་སྟེང་། །ཨིནྡྲ་ནཱི་ལའི་ལྷུན་པོ་ཉིན་བྱེད་ཀྱིས། །ལན་བརྒྱར་འཁྱུད་པའི་མཚན་དཔེའི་གར་མཁན་མཆོག །བཅོམ་ལྡན་མི་འཁྲུག་ལྷ་ཡི་བཀྲ་ཤིས་ཤོག །ཕྱོགས་མཚམས་བརྒྱད་ཀྱི་པདྨའི་གདན་སྟེང་དུ། །ལང་ཚོ་དར་བབ་མཛེས་སྡུག་ལྷ་མོའི་ཚོགས། །བཀྲ་ཤིས་རྟགས་ཀྱི་མཛེས་པའི་ཕྱག་མཚན་ཅན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་ཅི་རིགས་པ་བྱའོ། །དེ་དང་འབྲེལ་བར་གཤིན་པོ་རྗེས་སུ་འཛིན་ན། ཞག་སྦྲེལ་དང་ཉིན་གཅིག་གི་ཁྱད་པར་ཤེས་(༡༦ན)


GLG010_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ལ། སྦྱང་ཆས་རྣམས་བཤམས། རྟེན་ཨ་མྲྀ་ཏས་བསངས། ཤུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་ནྲི་ལས་ཚེ་ལས་འདས་པ་ཆེ་གེ་མོ་རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་དང་ཚེ་འདས་ཀྱི་སྙིང་ཁའི་ནྲི་ལས་འོད་ཟེར་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་གང་ན་གནས་པ་ནས་བཀུག་པར་བསམ་ཞིང་ལྷའི་ང་རྒྱལ་བརྟན་པོས་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱ་བཅས་ཏེ་རྗེ་བཙུན་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིགས་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་ཁམས་གསུམ་སྐྱེ་གནས་བཞི་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག །ཨོཾ་ཊཀྐི་ཧཱུཾ་ཛཿཞེས་ལན་གསུམ་དང་། ཨོཾ་ཤོ་དྷ་ནི་ཤོ་དྷ་ནེ་སརྦ་པཱ་བཾ་ཨ་པ་ནཱ་ཨ་ཧཱུཾ། རྣམ་ཤེས་ཨ་ཐུང་གི་རྣམ་པར་བཀུག་སྟེ་རྟེན་ལ་སྟིམ། གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣན་སོགས་ལན་གསུམ། (༡༦བ)


GLG010_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ལོ་དང་ཆང་བུ་ལན་གསུམ་བསྐོར་ཞིང་། རྡོ་རྗེ་གསོར་སུམྦྷ་ནི་ལན་གསུམ་བརྗོད། ཚེ་ལས་འདས་པ་ཆེ་གེ་མོའི་གསོན་གྱི་དུས་ན་ཚེ་གནས་པ་དང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་བཅོད་པར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་གཏོར་མ་ལམ་བརྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལ་ལམ་བརྒྱགས་ཀྱི་ཚུལ་དུ་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །གོང་ལྟར་རྗེ་བཙུན་རྩ་བ་དང་སོགས་ནས་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱི། ཚེ་ལས་འདས་པ་ཆེ་གེ་མོ་གསོན་གྱི་དུས་ན་ཚེ་གནས་པ་དང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པའི་རིགས་གང་ཡིན་པ་དེ་དག་ལ་རྒྱུད་སྡེ་དང་མཐུན་པའི་སྦྱང་བ་རྣམ་པར་དག་པ་བྱས་ཟིན་པས། དེས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །གང་དག་མི་འགྲོ་བ་དེ་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཏ་རེ་གུ་གུལ་ཡུངས་ཀར་རོལ་མོ་དང་བཅས་བྱའོ། །དེ་ལྟར་ཞི་བ་དང་། ཞི་དྲག་ཕྱེད་མ་དང་། དྲག་པོའི་སྦྱང་བ་རྣམས་ཀྱི་སྐབས། ཁྲོ་བོ་སྤྱན་འདྲེན་སོགས་སྤྲོ་ན། གཞན་ལས་བྱུང་བ་ལྟར་བྱའོ། །ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་(༡༧ན)


GLG010_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀཾ་ཡིག་ནག་པོའི་རྣམ་པས་སྣ་སྒོ་ནས་འཐོན་ཏེ། སྡིག་པ་རྭ་ཅན་གྱི་རྣམ་པས་ཏིལ་ལ་ཐིམ་པར་བསམས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་པས་མེར་བསྲེག་ཅིང་ཆུར་དོར། རྟེན་ལ་ཀཾ་ཀ་ནི་བཟླ་ཞིང་བྱེ་མ་འམ་ཡུང་ཀར་གྱིས་བྲབ་ལ། མཐར་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཅེས་བརྗོད། དཀྱིལ་འཁོར་ལ་མེ་ལོང་བསྟན་ཏེ། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་སོགས་དང་། དེ་བཞིན་གཤེགས་པ་སོགས་སྔགས་དང་བཅས་པས་བཀྲུ། དེ་དག་སྐུ་ལ་སོགས། སྔགས་དང་བཅས་པས་སྐུ་ཕྱིས་ལ། ཆུས་བུམ་པར་བླུགས་ཏེ། རྟེན་དངོས་སམ་མེ་ལོང་ལ་གཟུགས་བརྙན་ཆར་དུ་བཅུག་ལ། འདི་ནི་སྦྱིན་པའི་སོགས་དྲུག་དང་། གཟུངས་ཀྱི་མཐར་ཆེ་གེ་མོའི་སརྦ་པཱ་པཾ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སོགས་ཀྱི་བཀྲུ། ཚེ་འདས་ཀྱིས་བྱེད་པར་བསམས་ལ། བདུན་རྣམ་དག་དང་། གཙོ་བོ་རྒྱལ་བ་སོགས་ལན་གསུམ་རེ་བརྗོད། རང་དང་ཆོས་འབྲེལ་མེད་ན་དཀྱིལ་འཁོར་གྱི་གཙོ་བོས་མཛད་པར་བསམས་ལ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། ཞེས་སོགས་ཀྱི་སྐྱབས་སེམས་འབོགས། དབང་བསྐུར་བར་སྤྲོ་ན། གོང་གི་བདུན་རྣམ་དག་བཞག་ལ། མཐའ་རྟེན་རྣམས་དོར་ནས་འཇུག་པ་དང་དངོས་གཞིའི་དབང་ཙམ་བསྐུར། (༡༧བ)


GLG010_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདས་ལྷར་གྱུར་པ་ལ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། ཞེས་པས་བསྟོད། ཟས་གཏད་བྱེད་ན། ཁ་དོག་དབྱིབས་ལེགས་སོགས་ཀྱིས་དབུལ། བྱང་དུ་བསྲེག་པ་ནི། སྟོང་ཉིད་ཡེ་ཤེས་འབར་བའི་མེས། །ཚེ་འདས་སྒྲིབ་པའི་བུད་ཤིང་དང་། །འཁོར་བའི་སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །ཅེས་དང་། ཀཾ་ཀ་ནི་བརྗོད་ཅིང་བསྲེག་གོ །ལམ་སྦྱང་བསྟན་པ་ནི། དྲིལ་བུ་བསིལ་ཞིང་མེ་ཏོག་གཏོར་ལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱི། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ཨོཾ་རཏྣེ་རནྟེ་མ་ཧཱ་ར་ཏྭཱེ་རཏྣ་སཾ་བྷ་ཝེ། རཏྣ་ཀི་རཏྣེ། རཏྣ་མཱ་ལ་བི་ཤུདྷེ་ཤོདྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། ཚེ་འདས་ཀྱི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པའི་རྣམ་པ་ཅན་དེ་ཤར་ཕྱོགས་མངོན་པར་དགའི་བའི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་ཐུགས་ཀར་འཕོ་(༡༨ན)


GLG010_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམ་ལ་རོལ་མོ་བྱ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པ། །སྲིད་པའི་པདྨོ་ལས་བྱུང་བའི། །མངོན་དགའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་ཨུཏྦྷ་ཝེ་མ་ཧཱ་ཨ་བྷི་ནནྟཾ་གཙྪནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་རོལ་མོ་བྱའོ། །འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་ཁམས་མངོན་དགའ་རུ། །པདྨའི་སྙིང་པོ་དམ་པ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །ཅེས་དང་གཞན་ཡང་སྨོན་ལམ་གང་ཤེས་བྱ། །ལྟ་བའི་རྒྱས་བཏབ། རྗེས་ཀྱི་ཆོ་ག་རྣམས་གོང་བཞིན་བྱས་ཏེ། ཕྱོགས་ཀུན་ཏུ་མེ་ཏོག་སིལ་མ་གཏོར། །བཀྲ་ཤིས་ཀྱི་གླུ་དང་རོལ་མོའི་སྒྲ་རྒྱ་ཆེར་བྱའོ། ། སྨྲས་པ། ཤིན་ཏུ་རྟོགས་དཀའི་གསང་ཆེན་རྒྱུད་སྡེའི་དོན། །གོང་འོག་ལམ་གྱི་བགྲོད་ཚུལ་ཁྱད་པར་སོགས། །མ་ཕྱེད་བྱ་བའི་རྒྱུད་དང་བླ་ན་མེད། ཕན་ཚུན་བསྲེས་པའི་ཚིག་ཚོགས་ངལ་བའི་གནས། །འཁྲུལ་པའི་སྨིག་སྒྱུ་རྙོག་བྲལ་ཆུ་ཀླུང་དུ། །མངོན་པར་ཞེན་པའི་སྐོམ་ཚད་གདུང་བ་ཡིས། །མནར་བའི་འགྲོ་རྣམས་རྨད་བྱུང་ལེགས་བཤད་ཀྱི། །གངྒཱའི་ཆུ་རྒྱུན་འདི་ཀོ་ད་འཐུངས་ཤིག །མ་ཚང་འགལ་དང་མ་འབྲེལ་བཟློས་པ་སོགས། །ཉེས་མང་འཕེལ་དང་འགྲིབས་པ་མི་མངའ་བའི། །སྔོན་མེད་ཆུ་ཤེལ་(༡༨བ)


GLG010_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་དཀྱིལ་འཁོར་འདི། །བྱེད་པོ་དབྱངས་ཅན་དགའ་བའི་བཤེས་གཉེན་གྱི། །དེ་སྐད་ལྷར་བཅས་འགྲོ་བ་མ་ལུས་པའི། །གཉེན་གཅིག་རྡོ་རྗེ་འཆང་འབང་འཁོན་སྟོན་རྗེའི། །ཟླ་མེད་བཀའ་དྲིན་མཆོག་གི་ལེགས་བསྐྱངས་པའི། །ཟ་ཧོར་བནྡེས་འབྲས་སྤུངས་ཆོས་སྡེར་སྦྱར། །དེ་ལྟའི་རྣམ་དཀར་དགེ་ཚོགས་གྲུ་རྫིངས་ཀྱིས། །ཕན་བདེའི་ནོར་གྱིས་དབུལ་བའི་ལུས་ཅན་ཀུན། །མཚན་བཅས་མཚན་མེད་རྣལ་འབྱོར་ཆུ་གཏེར་ཆེ། །བརྒལ་ཏེ་རྣམ་འདྲེན་ནོར་བུ་ཐོབ་གྱུར་ཅིག །ཅེས་ཇོ་བོ་ཆེན་པོ་དཔལ་མར་མེ་མཛད་ཀྱི་བཀའ་སྲོལ་ལས་ཉེ་བར་འོངས་པའི་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུག་པ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་ངན་སོང་ཚ་གདུང་ཀུན་སེལ་ག་བུར་གསར་པའི་ཆུ་རྒྱུན་ཞེས་བྱ་བ་འདི་ཡང་། ནོར་འཛིན་གྱི་ཁྱོན་ཀུན་ལ་དབང་སྒྱུར་བ་ལུགས་གཉིས་ལ་བལྟ་བའི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་རང་གི་གམ་དུ་ཉེ་བར་བཅར་བའི་ཕྱག་མཛོད་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་བསྐུལ་བ་ལ་བརྟེན་ནས། ཛེ་ཏཱ་རའི་རྒྱ་གཞུང་དང་། འཛམ་གླིང་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་གསུང་རབས་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གཉིས་ཀྱི་དགོངས་པ་གཙོ་བོར་བྱས། ཕྱོགས་འདི་ལ་ཚད་མར་གྱུར་པའི་མཁས་པ་(༡༩ན)


GLG010_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ལེགས་བཤད་ལ་བརྟེན་ནས་ངག་འདོན་གྱི་གོ་རིམས་མཐའ་དག་ཁྲིགས་ཆགས་སུ་བསྒྲིགས། དམིགས་པ་དང་མཚམས་སྦྱོར་གྱི་རིམ་པ་རྣམས་རྒྱས་པར་བཀོད་ན་ཡི་གེ་མངས་བས་འཇིགས་ནས་ཁུངས་ཐུབ་ཀྱི་ཡིག་ཆ་གཞན་དང་མཐོང་རྒྱུད་ཀྱི་ཕྱག་ལེན་ལ་ཁ་འཕངས་ཏེ། རྒྱལ་བ་རྡོ་རྗེ་འཆང་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་སོགས་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་གསང་སྔགས་གསར་རྙིང་གི་རྒྱུད་སྡེའི་དོན་མ་འདྲེས་པར་ཁོང་དུ་ཆུད་པའི་ཨ་ཝ་དྷུ་ཏཱི་བ། ཟ་ཧོར་གྱི་བཙུན་པ། ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཉིན་འབྱེད་དབང་པོ་ཉ་ཁྱིམ་དུ་སྤྱོད་པའི་ཕྱོགས། ཕྱི་མའི་བཟང་པོ་དང་པོའི་ཚེས་ལ་དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་དུ་སྦྱར་བའི་ཡི་གེ་པ་ནི་སུ་དྷཱི་ཨཱ་ཡུ་དཱིརྒྷའོ། །མངྒ་ལཾ། །

རྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་འཕྲིན་བསྙེན་པ་རྗེས་གནང་སོགས་ཀྱི་ཉམས་ལེན་མཆོག་ཐུན་དངོས་གྲུབ་འདོད་དགུའི་སྙེ་མ་གཡུར་ཟ།


GLG010_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་འཕྲིན་བསྙེན་པ་རྗེས་གནང་སོགས་ཀྱི་ཉམས་ལེན་མཆོག་ཐུན་དངོས་གྲུབ་འདོད་དགུའི་སྙེ་མ་གཡུར་ཟ་ཞེས་བྱ་བ་བཞུགས་སོ།།


GLG010_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྩ་མྲྀ་དུ་ཤྲཱི་སྭ་རཱ་ཡསྟ་སྨཻ། གང་ལ་བརྟེན་ན་རྣམ་འབྱེད་ཤེས་རབ་མཆོག །འབད་མེད་ལག་རྩེར་སྩོལ་བའི་ཡིད་བཞིན་ནོར། །རྒྱལ་བའི་ཡབ་ཅིག་འཇམ་དབྱངས་བླ་མ་ལ། །གུས་པས་འདུད་དོ་ངག་གི་དངོས་གྲུབ་སྩོལ། །བློ་ཆེན་ཚངས་སོགས་རྒན་པོས་རྟོགས་དཀའ་བ། །སྐལ་བཟང་དགའ་བའི་ཐུབ་བསྟན་ཤིང་རྟ་ཆེ། །སྨད་བྱུང་གྲགས་པ་ཏམྦུ་ར་ཡི་རྒྱུད། །སྲིད་རྩེའི་བར་དུ་བརྡུང་མཁས་ཁྱོད་མིན་སུ། །གང་གི་ལེགས་པར་བཤད་པ་ཟབ་མོའི་དོན། །ཕན་ཚུན་གབ་དཀྲུགས་ཐོར་བུར་བཞུགས་པ་རྣམས། །ལག་ལེན་ཁྲིགས་སུ་བྱ་བའི་རིམ་པ་དག །འཁྲུལ་མེད་ཡི་གེའི་ཕྲེང་བར་དེང་འདིར་སྤེལ། །དེའང་རྗེ་བཙུན་འཇམ་དཔལ་དབྱངས་བསྒྲུབ་པར་འདོད་པའི་སྐྱེས་བུ་གང་ཞིག །གནས་ཡིད་དུ་འོང་བར་བྱི་དོར་ལེགས་པར་བྱས་ལ། རྗེ་བཙུན་གྱི་སྐུ་བྲིས་འབུར་རབ་གནས་ཅན་དང་། གཞན་ཡང་དཀོན་མཆོག་གི་རྟེན་གསུམ་གྱི་མདུན་དུ་ཅི་འབྱོར་བའི་མཆོད་གཏོར་རྣམས་བཤམ། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སོགས་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་གྱི་སྐྱབས་སུ་འགྲོ་བ་དང་(༢ན)


GLG010_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པ་སྔོན་དུ་བཏང་ནས། རང་འཇམ་དབྱངས་སུ་གསལ་བའི་སྙིང་པདྨ་འདབ་མ་སྟོང་དང་ལྡན་པའི་དབུས་སུ། བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། པདྨ་དང་ཉི་མའི་གདན་ལ་དྷཱིཿཧྲཱིཿཡོངས་སུ་གྱུར་པ་ལས། བླ་མ་དང་གཉིས་སུ་མེད་པའི་འཇམ་དབྱངས་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབྱངས་ཅན་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པའི་སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་འོད་དཔག་མེད། ཐུགས་ཀར་མི་བསྐྱོད་པ། མིག་ཏུ་སའི་སྙིང་པོ། རྣ་བར་ཕྱག་ན་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ། ལྕེར་འཇིག་རྟེན་དབང་ཕྱུག །ལུས་སྒྲིབ་པ་རྣམ་སེལ། ཡིད་ཀུན་ཏུ་བཟང་པོ། ཕུང་པོ་ལྔ་སྐུ་ལྔ། འབྱུང་བ་བཞི་ཡུམ་བཞི། ཕྱག་ཞབས་ཀྱི་སོར་མོ་ཉི་ཤུ་ཁྲོ་བོ་ཁྲོ་མོ་བཅུ། སྒལ་ཚིགས་སེམས་དཔའ་སེམས་མ་བཅུ་དྲུག །ཡན་ལག་བཞི་སྒོ་མ་བཞི། ཚིགས་ཆེན་བཅུ་གཉིས་མཆོད་པའི་ལྷ་མོ་བཅུ་གཉིས་སུ་གྱུར་པ་རྣམས་ཀྱི་སྤྱི་བོར་ཨོཾ། །མགྲིན་པར་ཨཱཿ(༢བ)


GLG010_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་དྷཱིཿཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས། རྩ་བརྒྱུད་ཀྱི་བླ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཨོཾ་མཱུ་ལ་མཱ་ལ་སྱ་གུ་རུ་བུདྡྷ་བོ་དྷི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། སྐུ་གསུམ་མངའ་བདག་མཚན་དཔེས་བརྒྱན། །སྐུ་གཅིག་ལ་སོགས་གྲངས་མེད་སྐུས། །རྣམ་ཀུན་འགྲོ་རྣམས་སྒྲོལ་མཛད་པ། །རྗེ་བཙུན་སྐུ་ཡི་བྱིན་རླབས་སྩོལ། །ཞེས་གསོལ་བ་དྲག་ཏུ་བཏབ་པས། སྤྱི་བོའི་ཨོཾ་ཡིག་དཀར་པོ་ལས་འོད་ཟེར་འཕྲོས། །རྒྱལ་བ་སྲས་བཅས་ཀྱི་སྐུའི་ཡོན་ཏན་ཐམས་ཅད་གཟུགས་སྐུའི་རྣམ་པར་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་སུ་གྱུར་པའི་བདུད་རྩིའི་རྒྱུན་བབས། ལུས་གང་། བུམ་པའི་དབང་ཐོབ། སྡིག་སྒྲིབ་དག །འབྲས་བུ་སྐུ་རྡོ་རྗེ་དང་། སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །གསུང་དབྱངས་རྫོགས་ནས་འགྲོ་བ་རྣམས། །ཇི་སྲིད་སངས་རྒྱས་མ་ཐོབ་པར། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། རྗེ་བཙུན་གསུང་གི་བྱིན་གྱིས་རློབས། ཞེས་གསོལ་བ་གཏབ་པས་མགྲིན་པའི་ཨཱཿཡིག་དམར་པོ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཡོན་ཏན་ཐམས་ཅད་ཨཱ་ལི་ཀཱ་ལི་སོགས་ཡིག་འབྲུའི་རྣམ་པར་སྤྱན་དྲངས། ཞལ་དུ་ཞུགས་པ་སོགས་སྔར་ལྟར་རིགས་འགྲེ། མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་སྒྲིབ་དག་འབྲས་བུ་གསུང་རྡོ་རྗེ་དང་། ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བདུད་བཞི་གཏན་འཇོམས་ཡང་དག་མཐའ། །རྣམ་ཀུན་མངོན་གྱུར་ཐུགས་རྗེ་ཡིས། །འགྲོ་བ་མ་ལུས་སྒྲོལ་མཛད་པ། །རྗེབཙུན་ཐུགས་ཀྱི་བྱིན་རླབས་སྩོལ། །(༣ན)


GLG010_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ཡིག་མཐིང་ཁ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀྱི་ཡོན་ཏན་ཐམས་ཅད། རྡོར་དྲིལ་རལ་གྲི་གླེགས་བམ་སོགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས། ཞལ་དུ་ཞུགས་སོགས་སྔར་ལྟར་རིགས་འགྲེ། །སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག་འབྲས་བུ་ཐུགས་རྡོ་རྗེ་དང་། ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །ཇི་ལྟར་མགོན་པོ་ཁྱེད་ཀྱི་ནི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས། །གཞན་ཕྱིར་མངོན་དུ་མཛད་པ་ལྟར། །མགོན་པོས་བདག་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། །སྙིང་གའི་བླ་མ་ཡབ་ཡུམ་གྱི་ཡུམ་ཡབ་ལ་ཐིམ། །ཡབ་ཐུགས་ཀའི་དྷཱི་ལ་ཐིམ། དྷཱིཿཚེག་དྲག་ལ་ཐིམ། ཚེག་དྲག་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པའི་ངང་ལ་མཉམ་པར་བཞག །ཚིག་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་ས་བོན་དག །འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རཾ་ལས་མེ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟ་བུའི་ནང་དུ། ཨ་ལས་རལ་གྲིའི་འཁོར་ལོ་ཉིས་བརྩེགས་ཁ་དོག་སྔོན་པོ་གོ་སྐབས་མེད་པ་རྩིབས་དྲུག་པ་ཕྱོགས་ཀུན་ཏུ་ཁྱབ་པའི་བར་མཚམས་རྣམས་སུ་རལ་གྲིས་གཏམས་ཤིང་། ཡེ་ཤེས་ཀྱི་མེ་འབར་བའི་བསྲུང་བའི་འཁོར་ལོའི་དབུས་སུ། པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད། འགྲོ་བའི་མི་ཤེས་པའི་མུན་པ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་དཔལ་དམར་སེར་ཞལ་གཅིག་ཕྱག་གཉིས་པ་གཡས་ཤེས་(༣བ)


GLG010_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ཨུཏྤལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ་སོགས་ཀྱིས་སྤྲས་ཤིང་། དར་གྱི་ན་བཟའ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་དྷཱིཿསྔོན་པོ་ལས་ཐུགས་ཀྱི་འཇམ་དབྱངས་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རལ་གྲི་དང་གླེགས་བམ་འཛིན་པ་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པའི་ཐུགས་ཀར་པད་མ་འདབ་མ་བཞིའི་དབུས་སུ་རང་དང་འདྲ་བའི་འཇམ་དབྱངས་སྔོན་པོ། ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ །གཙོ་བོའི་མགྲིན་པར་ཟླ་བའི་གདན་ལ་དྷཱིཿདམར་པོ་ལས་གསུང་གི་འཇམ་དབྱངས་དམར་པོ་རལ་གྲི་དང་གླེགས་བམ་འཛིན་པ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པའི་ཐུགས་ཀར་པད་མ་འདབ་མ་བཞིའི་དབུས་སུ་རང་དང་འདྲ་བའི་སྣ་ཚོགས་མཁའ་འགྲོ་དམར་མོ། ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ །སྤྱི་བོར་ཟླ་བའི་གདན་ལ་དྷཱིཿདཀར་པོ་ལས་སྐུའི་འཇམ་དབྱངས་དཀར་པོ་རལ་གྲི་དང་གླེགས་བམ་འཛིན་པ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པའི་ཐུགས་ཀར་པདྨ་འདབ་མ་བཞིའི་དབུས་སུ་རྣམ་སྣང་དཀར་པོ། ཤར་དུ་མི་བསྐྱོད་པ་སྔོན་པོ། ལྷོར་རིན་འབྱུང་སེར་པོ། ནུབ་ཏུ་འོད་དཔག་མེད་དམར་པོ། བྱང་དུ་དོན་གྲུབ་ལྗང་གུ །བདག་ཉིད་ཀྱི་ལྕེ་པདྨ་འདབ་མ་བཞི་པའི་དབུས་སུ་རལ་གྲིའི་ཡུ་བ་དྷཱིཿས་མཚན་པ་ནང་དུ་བསྟན་ལ། རྩེ་མོ་(༤ན)


GLG010_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨས་མཚན་པ་ཕྱིར་བསྟན། དེའི་ཤར་དུ་འཇམ་དབྱངས་དཀར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ཨུཏྤལ་དཀར་པོ་འཛིན་པ། ལྷོར་འཇམ་དབྱངས་སེར་པོ་རལ་གྲི་དང་གླེགས་བམ་འཛིན་པ། ནུབ་ཏུ་འཇམ་དབྱངས་དམར་པོ་ནོར་བུ་དང་རྒྱལ་མཚན་འཛིན་པ། བྱང་དུ་འཇམ་དབྱངས་ལྗང་གུ་གྲི་གུག་དང་ཐོད་ཁྲག་འཛིན་པ། ལྷ་ཉེར་གསུམ་པོ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རང་བཞིན་གྱིས་གནས་ནས། འཇམ་དཔལ་དབྱངས་ལུས་དཀྱིལ་གྱི་དཀྱིལ་འཁོར་ལྷ་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཇི་ལྟར་མཁའ་ལ་ཟླ་བའི་དཀྱིལ་འཁོར་གཅིག །གྲངས་མེད་རྫིང་བུར་འཆར་བ་ཇི་བཞིན་དུ། །འཇམ་མགོན་ལྷ་ཡི་འཁོར་ལོའི་ཚོགས་རྣམས་ཀུན། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་མཉྫུ་གྷོ་ཥ་ཀཱ་ཡེ་བྷི་རྨཎྜ་ལཱ་ནཱི་དེ་ཝི་བཛྲ་ས་མ་ཡ་ཛཿ ཐུགས་ཀའི་འོད་ཀྱིས་དབང་གི་ལྷ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཇི་ལྟར་མགོན་པོ་ཁྱོད་ཀྱིས་ནི། །སྔོན་ཚེ་འགྲོ་ལ་དབང་བསྐུར་ལྟར། །དེ་བཞིན་ཐུགས་རྗེས་བདག་ལ་ཡང་། །དབང་བསྐུར་དམ་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། ཇི་ལྟར་སྔོན་ཚེ་འགྲོ་རྣམས་ལ། །དབང་བསྐུར་དམ་པ་མཛད་ཇི་བཞིན། །དེ་རིང་ཡེ་ཤེས་བདུད་རྩིའི་ཆུས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་ཨཱརྱ་མཉྫུ་ཤྲི་ཡེ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས། གཙོ་བོ་ལ་རིན་འབྱུང་། ཐུགས་ཀའི་ལྷ་རྣམས་ལ་མི་བསྐྱོད་པ། མགྲིན་པའི་ལྷ་རྣམས་ལ་འོད་དཔག་མེད། སྤྱི་བོའི་(༤བ)


GLG010_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ལ་རྡོ་རྗེ་སེམས་དཔའ། ལྕེ་སྟེང་གི་ལྷ་བཞི་ལ་རིམ་བཞིན་རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ་རྣམས་ཀྱིས་དབུ་བརྒྱན་ཅིང་། དབང་གི་ལྷ་རང་ཉིད་ལ་ཐིམ་པར་གྱུར། རིན་ཆེན་སྣོད་དུ་འཁྱིལ་བའི་རྙོག་བྲལ་མཚོར། །ཆུ་སྐྱེས་ལང་ཚོ་རྒྱས་པའི་གེ་སར་ལྡེམ། རྨད་བྱུང་དྲི་བསུང་མངར་བའི་བདུག་སྤོས་དང་། །མུན་པའི་གོ་སྐབས་འཕྲོག་པའི་མར་མེའི་ཕྲེང་། །བཟང་པོའི་སྨན་གྱི་དྲི་ཆབ་ཆལ་ཆིལ་གཡོ། །རོ་མཆོག་བརྒྱ་དང་ལྡན་པའི་ལྷ་ཡི་བཤོས། །སྣ་ཚོགས་སྙན་པའི་རོལ་མོའི་བྱེ་བྲག་རྣམས། །འཇམ་མགོན་ལྷ་ཡི་འཁོར་ལོའི་ཚོགས་ལ་འབུལ། །གོང་གི་སྔགས་གཤམ་དུ་ཨརྒྷཾ་ནས་ཤཔྟའི་བར་དང་། གཟུགས་མཛེས་འགྱིང་བག་ལྡན་པའི་ལུས་ཕྲ་མས། །སྙན་འགྱུར་པི་ཝང་བརྡུང་ཞིང་དྲི་མཆོག་དང་། །བཟའ་དང་བཅའ་བའི་ཁྱད་པར་ཅི་ཡང་ཐོགས། །ཟག་མེད་བདེ་བ་ཆེན་པོའི་རེག་བྱར་བཅས། །རྒྱལ་སྲིད་རིན་ཆེན་བདུན་དང་བཀྲ་ཤིས་ཀྱི། །རྟགས་བརྒྱད་རྫས་བརྒྱད་ལ་སོགས་མཆོད་པའི་ཚོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །འཇམ་མགོན་ལྷ་ཡི་འཁོར་ལོའི་ཚོགས་ལ་འབུལ། །གོང་གི་སྔགས་གཤམ་དུ་རཱུ་པ་ནས། སྤཪྴའི་བར་དང་། སབྷ་རཏྣཱཥྚཱ་ཐ་བྷ་ཝ་ཨཱཿཧཱུཾ། དེ་ནས་གཏོར་མ་སྤྱི་འགྲོ་ལྟར་བྱིན་གྱིས་བརླབས་ཏེ་ཕུལ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །སོགས་དང་། རྒྱས་པར་སྤྲོ་ན་བསྟོད་སྤྲིན་རྒྱ་མཚོས་བསྟོད། གཞན་ཡང་སྐབས་སུ་འོས་པས་དེ་ལྟར་བྱའོ། །མཚམས་སྤྲིན་ལང་ཚོ་རྒྱས་པའི་མཚན་དཔེའི་སྐུ། །གྲངས་མེད་འགྲོ་ལ་རྗེས་སུ་ཆགས་པའི་ཉམས། །རྒྱལ་སྲས་གཞོན་ནུར་སྟོན་པའི་ངག་གི་ལྷ། །རྗེ་བཙུན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །དྲི་མེད་རབ་དཀར་ཤེལ་གྱི་ཕུང་པོ་ལ། །(༥ན)


GLG010_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཚོན་གྱིས་ཁ་དོག་བསྒྱུར་བ་ལྟར། །གཅིག་ལས་དུ་མར་སྣང་བའི་སྤྲུལ་བསྒྱུར་མཁན། །ཐུགས་ཀྱི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །ཆགས་བྲལ་ཆགས་པའི་ཉམས་ལྡན་ནུ་འབུར་རྒྱས། །རྐེད་སྐབས་རྐེད་མེད་བཞིན་དུ་རྣམ་པར་ཕྲ། །དངོས་གྲུབ་དངོས་སུ་སྟེར་བའི་མཁའ་འགྲོ་ལྔ། །གསུང་གི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །གྲངས་མེད་གདུལ་བྱའི་ལྕགས་ཁམས་ཇི་སྙེད་པ། །རིགས་དང་འཕྲིན་ལས་སྣ་ཚོགས་དུ་མའི་རྩིས། །ཁྱབ་བདག་འཁོར་ལོའི་གསེར་དུ་སྒྱུར་བྱེད་པ། །སྐུ་ཡི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་ཀྱིས། །ཉེས་པའི་སྐྱོན་སེལ་མཐུན་པའི་ཡོན་ཏན་སྤེལ། །ལྗགས་སྟེང་རིགས་བཞིའི་ཟུར་ཕུད་ལྔ་པ་ལ། །གུས་པས་ལུས་བཏུད་སྙིང་ནས་གསོལ་བ་འདེབས། །རྒྱལ་ཀུན་མཁྱེན་བརྩེའི་དབང་ཕྱུག་དམ་པ་ལ། །གདུང་ཤུགས་དྲག་པོས་ཐུགས་དམ་རྒྱུད་བསྐུལ་ཞིང་། །མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་འདེབས་ན། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ལེགས་པར་གཟིགས། །དུག་གསུམ་ཉོན་མོངས་ཆུ་གཏེར་ཆེན་པོར་བྱིང་། །ལས་ངན་མི་མཐུན་རླུང་ཤུགས་དྲག་པོས་དེད། །ཉེས་བརྒྱའི་ཆུ་སྲིན་གདུག་པས་རབ་གཙེས་པ། །བདག་འདྲའི་ཉམ་ཐག་འགྲོ་ལ་ཐུགས་རྗེས་གཟིགས། །མི་ཤེས་རྨོངས་པའི་རྒྱུ་ཚོགས་ཆར་སྤྲིན་གཏིབས། །ཡང་དག་ལྟ་བའི་གོ་སྐབས་མུན་པས་བསྒྲིབས། །ངན་འགྲོའི་གཡང་ལ་འཕྱན་པའི་འགྲོ་རྣམས་ལ། །ཚད་མེད་ཐུགས་རྗེས་གཟིགས་ཤོག་འཇམ་དཔལ་དབྱངས། །དུཿཁས་མནར་བའི་འགྲོ་རྣམས་ཡལ་དོར་ན། །རིང་ནས་འགྲོ་རྣམས་སྒྲོལ་བའི་ཐུགས་བསྐྱེད་ཀྱིས། །རླབས་ཆེན་སྤྱོད་པའི་ཁུར་ཆེན་ཁྱེར་རོ་ཞེས། །སྙན་པའི་གྲགས་པ་བརྗོད་པའང་གཏམ་དུ་(༥བ)


GLG010_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཟད། །རབ་འབྱམས་རྒྱལ་བ་ཀུན་གྱི་གསང་བ་གསུམ། །ཐམས་ཅད་ལུས་པ་མེད་པར་གཅིག་བསྡུས་པ། །ངག་གི་རྒྱལ་པོ་འགྲུབ་པའི་མགོན་ཁྱོད་ལ། །རྣམ་འདྲེན་ཀུན་གྱི་ཡབ་ཅེས་གྲགས་མིན་ནམ། །དེ་ཕྱིར་ཐུགས་རྗེ་ཆེན་པོའི་མཚོན་རྣོན་གྱིས། །མི་ཤེས་རྨོངས་པའི་དྲ་བ་རབ་ཆོད་ལ། །ཤེས་བྱ་ཐམས་ཅད་གཟིགས་པའི་གོ་འཕང་མཆོག །འབད་མེད་ལག་རྩེར་སྩོལ་ཅིག་ལྷག་པའི་ལྷ། །ཞེས་གསོལ་བ་དྲག་ཏུ་འདེབས། དེ་ནས་བཟླས་པ་བྱ་བ་ནི། སྤྱི་བོའི་སྐུ་གསུང་ཐུགས་ཀྱི་ཟླ་བ་ལ་གནས་པའི་སྐུ་གསུང་ཐུགས་ཀྱི་ལྷ་ལྔ་ཕྲག་གསུམ་དང་། ལྗགས་སྟེང་གི་ལྷ་བཞི་སྟེ། ལྷ་བཅུ་དགུའི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་དྲུག་པ་ལྟེ་བ་བཅས་པའི་དབུས་སུ་དྷཱིཿ རྩིབས་ལ་ཨ་ཨ་ར་པ་ཙ་ན་ཞེས་པས་བསྐོར་བ་ལ་དམིགས་པ་གཏོད་དགོས་ཏེ། རྒྱས་པར་འཁོར་ལོ་བཅུ་དགུ་སྟེ་ཞེས་པའི་ལུགས་སོ། །དེའང་ཞི་བའི་ལས་བསྒྲུབ་ན། གོང་གི་མངོན་རྟོགས་ཀྱི་སྐབས་སུ་དྷཱིཿདཀར་བ་ལས་ཐུགས་ཀྱི་འཇམ་དབྱངས་དཀར་པོ་ཞེས་པ་དང་། འདབ་མ་བཞིའི་དབུས་དང་ཕྱོགས་བཞིར། རང་དང་འདྲ་བའི་འཇམ་དབྱངས་ཞེས་ལྔ་ཀ་དཀར་པོར་བསྐྱེད་ལ། གསུང་དང་སྐུ་ལ་ཡང་འདོན་པ་བསྒྱུར་ལུགས་རིགས་འགྲེ་ཞིང་། ལྗགས་ཀྱི་སྐབས་སུ། དེའི་ཕྱོགས་བཞིའི་འཇམ་དབྱངས་དཀར་པོ་ཞེས་བརྗོད། སྤྱན་འདྲེན་མཆོད་བསྟོད་སོགས་དངོས་གཞི་དང་འདྲ་ལ། གསོལ་འདེབས་ཀྱི་མཇུག་ཏུ། ཁྱད་པར་རྨོངས་པའི་མུན་པ་སྟུག་པོ་དང་། ནད་གདོན་བགེགས་དང་ཉེ་བར་འཚེ་བ་ཀུན། །མ་ལུས་བྱང་ཞིང་ཞི་བའི་དངོས་གྲུབ་རྣམས། །ཐོགས་མེད་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་སྔགས་མཇུག་ཏུ་མ་མ་སརྦ་ཛྭ་ར་ཤྩ་བི་ན་ཡ་ཀ་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བཟླས་པ་བྱ་ཞིང་། ཐུགས་རྒྱུད་བསྐུལ་བས། ལྷ་ཚོགས་རྣམས་ཀྱི་ཐུགས་(༦ན)


GLG010_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལས་འོད་ཟེར་འཕྲོས། རང་འདྲ་དཔག་ཏུ་མེད་པ་སྤྱན་དྲངས། བུམ་པའི་ཆུ་སྤྱི་བོ་ནས་བླུག་པས། མི་མཐུན་པའི་ཕྱོགས་གང་ཡིན་པ་དེ་དག་པར་བསམ། རྒྱས་པའི་སྐབས་སུ་ས་བོན་དང་ལྷ་རྣམས་སེར་པོར་བསྒྱུར་བ་སོགས་རིགས་འགྲེ་སྔར་ལྟར། ཕྱག་མཚན་རིན་པོ་ཆེ་དང་རྒྱལ་མཚན་འཛིན་པ། གསོལ་འདེབས་ཀྱི་སྐབས། འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ་པ་ཡི། །ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལ་སོགས་པ། །རྣམ་པར་རྒྱས་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་ཅིང་། སྔགས་ཀྱི་མཇུག་ཏུ། མ་མ་ཛྙཱ་ནཱ་ཡུཿཔུཎྱ་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་བཟླས་པ་བྱ་ཞིང་། ཐུགས་རྒྱུད་བསྐུལ་བས་གང་འདོད་པའི་དོན་འགྲུབ་པར་བསམ། དེའང་ཤེས་རབ་གཙོ་བོར་འདོད་ན་ཕྱག་མཚན་གླེགས་རལ། ནོར་ལྷ་ནོར་བུས་མཚན་པའི་རྒྱལ་མཚན། ཏིང་འཛིན་འཕེལ་བར་རྡོར་དྲིལ་སོགས་སྐབས་ཐོབ་ཀྱིས་འདོན་པ་སྤོ། དབང་གི་སྐབས་སུ། ཚེ་དང་། ལོངས་སྤྱོད། གང་ཟག་གསུམ་ལས། ས་བོན་སོགས་དཀར་པོར་བསྒྱུར་བ་རིགས་འགྲེ་ཞིང་། དུད་པའི་ཕྱག་མཚན་བུམ་པ་དམར་པོའི་འཆི་མེད་ཀྱི་བདུད་རྩིས་གང་བ་ལྟེ་བར་རལ་གྲིས་མཚན་པ་དང་། གཉིས་པ་ལ་རྒྱལ་མཚན་གྱི་རྩེ་ནོར་བུས་བརྒྱན་པ་དང་། བུམ་པ་བདུད་རྩིས་གང་བ། གསུམ་པ་ལ་ལྕགས་ཀྱུ་འཛིན་པར་འདོན་པ་བསྒྱུར། གསོལ་འདེབས་ཀྱི་མཇུག་ཏུ། བྱུ་རུའི་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་མདངས་འཛིན་པས། །བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ། མ་ལུས་དབང་དུ་བསྡུ་བའི་དངོས་གྲུབ་སྩོལ། ཞེས་དང་། གཞན་(༦བ)


GLG010_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཚིག་རྐང་གསུམ་པ་འདོན་པ་བསྒྱུར་ཏེ་གསོལ་བ་གདབ་སྔགས་མཇུག་ཏུ་ཨ་སུ་ཀ་ཝ་ཤ་ཀུ་རུ་སྭཱཧཱ། ཞེས་བཟླས་པ་བྱ་ཞིང་ཐུགས་རྒྱུད་བསྐུལ་བས། གང་འདོད་པའི་དངོས་གྲུབ་དབང་དུ་བསྡུས་པར་བསམ་མོ། །མཇུག་ཏུ་མཆོད་བསྟོད་བྱ། ཐུགས་ཀའི་ལྷ་རྣམས་འཇམ་དབྱངས་སྔོན་པོ་ལ་ཐིམ། མགྲིན་པའི་རྣམས་དམར་པོ་ལ་ཐིམ། སྤྱི་བོའི་རྣམས་དཀར་པོ་ལ་ཐིམ། ལྗགས་སྟེང་གི་རྣམས་རལ་གྲི་ལ་ཐིམ། དེ་བཞི་ཡང་གཙོ་བོ་ལ་ཐིམ། གཙོ་བོ་ཡང་ཐུགས་ཀའི་དྷཱིཿལ་ཐིམ། དེ་ཚེག་དྲག་ལ་ཐིམ། དེ་མི་དམིགས་པ་སྟོང་པའི་ངང་ལ་མཉམ་པར་བཞག །བསྔོ་བ་སྨོན་ལམ་ཅི་རིགས་པ་བྱའོ། །མན་ངག་དཔག་བསམ་ལྗོན་པ་ལས། །འཁྲུགས་སྡེབས་མེ་ཏོག་རབ་རྒྱས་ཤིང་། །དོན་བཟང་འབྲས་བུ་སྨིན་པ་འདི། །དོན་གཉེར་ལེགས་བྲིས་དགའ་སྟོན་མཚར། །ཞེས་འཇམ་དབྱངས་ལུས་དཀྱིལ་གྱི་སྒྲུབ་ཐབས་འདོད་འཇོའི་གཏེར་ཞེས་བྱ་བ་འདིའང་། བཀའ་བཅུ་པ་བསྟན་པ་དར་རྒྱས་ཀྱིས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་ངག་དབང་བློ་བཟང་རྒྱ་མཚོས། འཇམ་དབྱངས་བླ་མའི་གསུང་ངག་གབ་འཁྲུགས་ཐོར་བུར་ཡོད་པ་རྣམས་བསྡེབས་ཏེ་སྦྱར་བའི་ཡི་གེ་པ་ནི་རིག་སྔགས་འཆང་བའི་བནྡེ་ཝཱ་གིནྡྲའི་མིང་ཅན་ནོ། །རབ་སྔོན་འབྲས་ལྡན་དུས་ཀྱི་ལྷ་ལམ་ངོས། །ཟླ་གཞོན་དཀྱིལ་འཁོར་རྒྱས་ལྟའི་ན་ཆུང་མ། །རྨད་བྱུང་ལང་ཚོའི་དཔལ་ལས་མཛེས་སྡུག་གི །ཆ་ཤས་ཡོངས་རྫོགས་དབྱངས་ཅན་ལྷ་དེར་འདུད། །བདག་སོགས་གྲངས་མེད་ལུས་ཅན་ཚོགས་རྣམས་ཀུན། །དེང་ནས་རྣམ་འདྲེན་གོ་འཕང་མ་ཐོབ་པར། །སླུ་མེད་རིན་ཆེན་གསུམ་ལ་སྐྱབས་སུ་འགྲོ། །དངོས་གྲུབ་དགའ་སྟོན་རྒྱ་མཚོ་སྩལ་དུ་གསོལ། །བདག་ཉིད་ངག་དབང་ལྷ་(༧ན)


GLG010_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མོར་གསལ་བ་ཡི། །ཆོས་ཀྱི་འཁོར་ལོའི་ཧྲཱིཾ་ལས་འོད་འཕྲོས་པས། །སྐྱབས་གསུམ་ཀུན་འདུས་ཚངས་སྲས་ངག་གི་ལྷ། །ཐོགས་མེད་སྤྱན་དྲངས་མདུན་གྱི་མཁའ་ལ་བཞུགས། །ཨོཾ་སྭ་ར་སྭསྟཱི་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཤབྡའི་བར་གྱི་མཆོད། སྐྱབས་གསུམ་ལ་འདུད་སྡིག་བཤགས་དག་ལ་སྨོན། །གཞན་ཕྱིར་འཇུག་པ་བྱང་ཆུབ་སེམས་མཆོག་བསྐྱེད། །འགྲོ་རྣམས་སྡུག་བསྔལ་དེ་རྒྱུ་རབ་བཅོམས་ནས། །གནས་སྐབས་མཐར་ཐུག་བདེ་བའི་དཔལ་ཐོབ་ཤོག །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཀུན་རང་བཞིན་གྲུབ་པས་སྟོང་ཉིད་དང་། །པཾ་ལས་རབ་དཀར་སྦྲང་རྩིའི་རྒྱལ་མཚན་ཅན། །འདབ་བརྒྱད་ལྟེ་བར་ཨ་ཡི་འཕྲོ་འདུ་ལས། །བསིལ་སྦྱིན་མཁན་པོའི་དཀྱིལ་འཁོར་ཉ་གང་སྟེང་། །ཤེལ་དཀར་མདངས་འཕྲོག་བདག་གི་སེམས་ཉིད་ཧྲཱིཾ། །འོད་ཀྱིས་འཕགས་ཚོགས་མཆོད་ཅིང་འགྲོ་རྣམས་ཀྱི། །ཆོས་ཀུན་ལྟ་ལ་རྨོངས་བྱེད་མུན་ཚོགས་བཅོམས། །ཤེས་རབ་འོད་རྒྱས་ཚུར་འདུས་ཡོངས་གྱུར་ལས། །རང་ཉིད་རྒྱལ་བ་ཀུན་ཡུམ་དབྱངས་ཅན་ལྷ། །ཟླ་གཞོན་འབུམ་གྱི་ཁེངས་པ་འཕྲོག་བྱེད་པའི། །དཀར་འཇམ་རྒྱུ་རྩལ་ཀུན་རྫོགས་སྒེག་མོའི་ལུས། །བཻ་ཌཱུར་དཀར་པོའི་ལྕུག་ཕྲན་གཞོན་ནུ་དེ། །བྱེད་པོས་སུག་པར་བྱས་སྙམ་ཟུང་གི་ཕྱག །ཚངས་དབྱངས་འབུམ་སྡེ་ཟིལ་གྱིས་གནོན་བྱེད་པའི། །སྟོང་གི་རྒྱུད་ལྡན་དྲི་ཟའི་པི་ཝང་དེ། །གཡོན་ཕྱོགས་དཀུར་བརྟེན་གཡས་པའི་སོར་མོས་བརྡུང་། །བགྲོད་བྱེད་ཕན་ཚུན་ཡིད་གཅུགས་མཛའ་བོ་ལྟར། །མི་ཕྱེད་དམ་བཅིངས་ཙོག་པུའི་ཚུལ་དུ་བཞུགས། །གྲངས་མེད་རིན་ཆེན་དར་གྱིས་ལེགས་བརྒྱན་པས། མིག་སྐྱའི་ནོར་ཀུན་སྡུས་སྙམ་ཡིད་ལ་གྲང་། །ཨིནྡྲ་ནཱི་(༧བ)


GLG010_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལའི་ཕུང་པོ་དུས་མཐའི་མེས། །ལན་བརྒྱར་བཞུ་བའི་ཁུ་བ་མངོན་བྱུགས་ལྟའི། །ཟུར་ཕུད་སྤྱི་བོར་བཅིངས་པའི་ལྷག་མ་ནི། །སིལ་བུར་འཕྱང་བས་སྐུ་སྟོད་རབ་ཏུ་ཁེབས། །ཆུ་ཤེལ་དབང་པོ་མཁའ་དབྱིངས་ལ་འོངས་ཚེ། །འདི་བས་ལྷག་པའི་རབ་སྔོན་ཀུན་གསལ་ཞིག །ཡོད་སྙམ་བལྟ་ཕྱིར་མགོ་སྐྱེས་རྩེར་འོངས་བས། །ཐོར་ཚུགས་རྣམ་པར་མཛེས་པའི་དཔལ་དུ་གྱུར། །ཆོས་ཀྱི་འཁོར་ལོ་གྱེན་དུ་བསླང་བའི་ནང་། །སྲོག་གི་ངོ་བོ་ཨཾ་དཀར་ནཱ་ད་ལས། །འོད་ཟེར་སྣ་བུག་གཡས་ནས་ལྕགས་ཀྱུའི་དབྱིབས། །འཕྲོས་པས་ལྷོ་ཕྱོགས་ཆུ་གཏེར་ཆེན་པོའི་འགྲམ། །སྤང་ལྗོངས་མར་གད་ཞུན་མ་བཀྲམ་འདྲའི་དབུས། །རྐང་འཐུང་ཕྲེང་འཁྲིགས་འདབ་སྟོང་རྣམ་པར་བཞད། །དྲི་ཟའི་ཚོགས་ཀུན་གར་བསྒྱུར་སྒྲ་སྙན་སྒྲོག །ཡིད་འོང་དགའ་བའི་ཚལ་དེར་ལེགས་བཞུགས་པ། །ཐོགས་པ་མེད་སྤྱོན་དམ་ཡེ་དབྱེར་མེད་དང་། །སླར་མཆོད་ངག་དབང་ཤངས་བུག་ལམ་བརྒྱུད་དེ། །འཁོར་ལོ་ཁབ་ལེན་རྡོ་དང་ལྕགས་ཕྲད་བཞིན། །རང་གི་སྣ་བུག་གཡོན་དྲངས་ཧཱུཾ་ལ་ཐིམ། །དེ་ལས་སྙིང་གར་ཤེས་རབ་འཁོར་ལོ་ནི། པད་དཀར་འདབ་བརྒྱད་ཀུན་ཕན་དཀྱིལ་འཁོར་སྟེང་། །སེམས་ཉིད་ཧྲཱིཾ་གིས་ཐ་མར་བཅུ་དྲུག་དབྱངས། །མར་མེའི་ཕྲེང་ལྟར་དཀར་གསལ་འོད་མདངས་ཀྱིས། །ལུས་ཀྱི་ནང་ཁེངས་མི་ཤེས་མུན་པ་བསལ། ཧྲཱིཾ་ལས་ཧྲཱིཾ་འཕྲོས་ཞལ་ཐོན་ལྟེ་བར་ཞུགས། །མགལ་མེ་ལྟར་འཁོར་གྲངས་མེད་འོད་ཟེར་གྱིས། །སྲིད་གསུམ་གནས་རྣམས་ཀུན་ཏུ་འཕྲོས་པ་ཡིས། །ཕུན་ཚོགས་ཡོན་ཏན་ཤེས་བྱའི་གནས་ཀུན་དང་། ཁྱད་པར་རིག་གནས་བཅུ་ཕྲག་མ་ལུས་པའི། །འཆད་རྩོད་རྩོམ་དང་གཞུང་མང་འཛིན་པ་སོགས། །ཀུན་བསྡུས་སྙིང་གར་ཐིམ་པས་དོན་རྣམས་འགྲུབ། །ཅེས་(༨ན)


GLG010_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བྱ་ཞིང་དེ་ནས་སྣོད་གཙང་མར་དཀར་གཏོར་བཤམས་ལ། །ཐུགས་ཀའི་འོད་ཀྱིས་ངག་དབང་དབྱངས་ཅན་ལྷ། །སྤྱན་དྲངས་ཟག་མེད་བདུད་རྩིས་ཚིམ་པར་གྱུར། །སྭ་ར་སྭསྟཱི་ཧྲཱིཾ་ཨཱ་ཀཱ་རོ་སོགས་ཀྱིས་འབུལ་ལོ། །མཛེས་སྡུག་ལང་ཚོ་རྨད་བྱུང་ཚངས་སྲས་ལྷ། །འཆད་རྩོད་རྩོམ་དང་གཞུང་མང་འཛིན་པ་སོགས། །ཕུལ་བྱུང་ངག་གི་དངོས་གྲུབ་མ་ལུས་པ། །ཐོགས་མེད་འགྲུབ་པའི་དགའ་སྟོན་སྩལ་དུ་གསོལ། །ལྷག་པའི་ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་ཤེས་རབ་ཀུན་ཕན་གསར་པ་ཞེས་བྱ་བ་འདི་ཡང་། རང་དང་སྐལ་མཉམ་འགའ་ལ་ཕན་པའི་ཕྱིར་དུ། བཅུ་ཕྲག་རིག་གནས་འཛིན་པའི་ཚངས་སྲས་བཞད་པའི་རྡོ་རྗེས་བྲིས་པའོ། ། རབ་དཀར་ཁ་བའི་ས་འཛིན་དཀར་པོའི་འོད། །རྟ་བདུན་གོས་སུ་གྱོན་ཚེ་མཚན་དཔེའི་མདངས། ཡིད་ལ་དཔྱང་ཐག་རི་མོ་འདྲི་བྱེད་པའི། །འཕགས་མཆོག་ཕྱག་ན་པདྨས་དགེ་ལེགས་སྩོལ། །གང་གི་སྒྲུབ་ཐབས་ལྕུག་ཕྲག་གཞོན་ནུ་ཡིས། །དངོས་གྲུབ་གེ་སར་བདུད་རྩིའི་ཟིལ་མངར་ཅན། །དྲི་བཟུང་ཟད་མི་ཤེས་པའི་ལྕགས་ཀྱོ་ཡིས། །ཤེས་ལྡན་གཉིས་འཐུང་སྣ་ཡི་ཞགས་པ་འབིགས། །སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བའི་སྟེང་དུ། རང་གི་སེམས་ཉིད་ཡི་གེ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་བཻཌཱུརྱའི་ལྷུན་པོ་ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པ་ལྟ་བུའི་དཀར་གསལ་འོད་ཀྱི་གཟི་མདངས་ཅན། ཞལ་གཅིག་ཕྱག་བཞི་དང་པོའི་སྙིམ་པ་ཐུགས་ཀར་ཟུམ་ཞིང་།(༨བ)


GLG010_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་འོག་མས་མན་ཤེལ་གྱི་འཕྲེང་བ་དང་། གཡོན་འདབ་སྟོང་དཀར་པོ་རྣམ་པར་བཞད་པའི་འཁྲི་ཤིང་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ལྷག་མ་སིལ་བུར་འཕྱང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་ལེགས་པར་སྤུད་པའི་རྒྱན་གྱིས་དབུ་དང་ཕྱག་ཞབས་རབ་ཏུ་སྤྲས་ཤིང་། ལྷ་རྫས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་མཛེས་པར་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་དབང་གཞུ་ལྟར་བཀྲ་བའི་གུར་ཁྱིམ་གྱི་དབུས་ན་བཞུགས་པར་བསམ་པར། པོ་ཊ་ལ་ནས་ཐུགས་རྗེ་ཆེན་པོ་འཁོར་བཅས་སྤྱན་དྲངས་ལ། རྣམ་པར་དག་པའི་བདེ་བ་ཆེན་པོའི་ཞིང་། གྲུ་འཛིན་སྤོ་ན་འཕགས་མཆོག་ཐུགས་རྗེའི་ལྷ། །མི་ཕྱེད་དད་དང་མོས་པས་སྤྱན་འདྲེན་ན། །བརྩེ་བས་དགོངས་ལ་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། དབང་གི་ལྷ་རྣམས་སྤྱན་དྲངས། བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། རྨད་བྱུང་བཟང་པོའི་སྨན་གྱི་མངར་བའི་རོ། །ཆུ་གཏེར་ཆེན་པོ་ཁྲོད་དུ་བྲོ་བ་ལྷའི། །མཆོད་ཡོན་ཞབས་བསིལ་དབའ་རླབས་འཕྱོ་བ་འདི། །ཛ་ཧུའི་བུ་མོའི་རྒྱུན་བཞིན་རྣམ་པར་འབུལ། །མཆོད་སྦྱིན་བརྒྱ་པའི་ཁྲུས་ཀྱི་རྫིང་བུ་ལ། །ལྷ་མིའི་འདམ་སྐྱེས་ཚོགས་ཀུན་བྱེད་པོ་ཡིས། །གཅིག་ཏུ་བསྡུས་སམ་ཀུན་གསལ་ཞུ་བའི་དབུས། །མི་ལྟུང་འཕྲེང་བ་བརྒྱུས་ལྟར་རྣམ་པར་འབྲེལ། །བྲང་འགྲོས་འཁྱུད་པའི་རྐང་འཐུང་དབང་པོ་སོགས། །གྲངས་མེད་ལྗོན་པའི་ཕུང་པོ་རྒོད་མ་ཁས། །མངོན་པར་བསྲེགས་པའི་དུད་པ་གླང་པོའི་གྲོགས། །སྣ་ཡི་ལམ་དུ་དགྱེས་པ་བསྐྱེད་ཕྱིར་(༩ན)


GLG010_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །གསེར་མངལ་ཅན་གྱིས་དུས་ཀྱི་མེ་དཔུང་ཕྲེང་། །ནོར་འཛིན་ཁྱོན་འདིར་བསྒྲིགས་སྙམ་བཅུ་གཉིས་བདག །ལྷ་ལས་བསྐོར་བའི་ཟོལ་གྱིས་བྱེད་པ་ལྷའི། །མུན་ཚོགས་སྟུག་པོའི་དགྲ་ལས་རྒྱལ་འདི་འབུལ། །གང་ཞིག་མྱངས་ཚེ་བདུད་རྩིའི་ཟ་མ་ཏོག །འཆི་མེད་གནས་ནས་གླིང་འདིར་འཕོས་འདྲ་བའི། །རོ་བརྒྱའི་བཅུད་ཀྱི་མ་མ་འདོད་དགུའི་དཔྱིད། །བཤོས་བཟའ་ཚར་དུ་དངར་བའི་ཕྲེང་འདི་འབུལ། །སྣ་ཚོགས་གླུ་དང་གྲངས་མེད་རོལ་མོ་ཡི། །སྙན་འགྱུར་རྣ་བའི་བཅུད་ལེན་ལང་ཚོའི་དཔལ། །དབྱངས་བདུན་རྒྱུད་ལས་ཉེར་དྲངས་མཆོད་པའི་ཚོགས། །དངོས་བཤམས་ཡིད་སྤྲུལ་བློ་ཡིས་བླངས་ཏེ་འབུལ། །དེ་ནས་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། རིགས་དྲུག་གི་སྡུག་བསྔལ་སྦྱངས། ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད་པར་མོས་ནས་འཁྱེར་སོ་གསུམ་དང་ལྡན་པས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཞེས་བཟླས་བརྗོད་བྱའོ། །མཐར། དགེ་བ་འདི་ཡིས་མྱུ་དུ་བདག །ཅེས་སོགས་བརྗོད་ཅིང་སྨོན་ལམ་གདབ་པ། །ཞེས་པ་འདི་ཡང་ཨེར་ཁེ་ཐའི་ཇིའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། ཨ་ཝ་དྷཱུ་ཏི་པ་ཝཱ་གཱི་ཤྭ་ར་སུ་དྷཱི་སཱ་ག་རས་སྦྱར་བའོ། །ན་མ་ཨཱརྱཱ་ཙ་ལ་ནཱི་ལཱ་ཡ། རིན་ཆེན་བཻ་ཌཱུར་བརྩེགས་པའི་ལྷུན་པོ་ལ། །ཉི་མ་འབུམ་གྱིས་འཁྱུད་པའི་གཟི་མདངས་ཅན། །རྒུད་པའི་དཔུང་འཇོམས་བཅོམ་ལྡན་མི་གཡོ་བའི། །སྒྲུབ་ཐབས་ཨུཏྤལ་ཆུན་པོ་དེང་འདིར་སྤེལ། །དེ་ལ་འདིར་བཅོམ་ལྡན་འདས་མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་ཉམས་སུ་བླང་བར་བྱ་བ་ལ། (༩བ)


GLG010_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡིད་དང་མཐུན་པར་སྟན་བདེ་བ་ལ་འདུག་སྟེ་སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱ། ཚོགས་ཞིང་ནི། རང་སྐད་ཅིག་གིས་བཅོམ་ལྡན་འདས་མི་གཡོ་བར་གསལ་བའི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་ལས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་མི་གཡོ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མ་གུ་རུ་བྷྱཿ ན་མ་ཨཱརྱ་ཨ་ཙ་ལ་མཎྜ་ལ་ས་པ་རི་ཝཱ་རི་བྷྱཱཿ ཞེས་ཕྱག་བྱ། གོང་གི་སྔགས་མཐར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་བྱ་ཞིང་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་རོ། །དངོས་གཞི་ནི། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པད་མ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཧཱུཾ་མཐིང་ནག །དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མི་གཡོ་བ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དམར་ལ་ཟླུམ་པ་ཞལ་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་དམར་སེར་འབར་ཞིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཕྱག་གཡས་ཡེ་ཤེས་ཀྱི་མེ་འབར་བའི་རལ་གྲི་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐུགས་ཀར་སྡིགས་མཛུབ་བསྒྲེང་བ། དར་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེ་དང་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། བགེགས་ཀྱི་རྒྱལ་པོ་གན་རྐྱལ་དུ་སྒྱེལ་བའི་སྟེང་དུ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམས་ལ། དེའི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་(༡༠ན)


GLG010_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་མཐིང་ནག་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿས་སྤྱན་དྲངས་སྔར་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་མོས་ཏེ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རིགས་ལྔ་འཁོར་དང་བཅས་པ་བཛྲས་ས་མཱ་ཛཿས་སྤྱན་དྲངས། པཉྩ་ཀཱུ་ལའི་སྔགས་ཀྱི་མཐར་མཆོད། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དག་ལུས་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་གང་། ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ། བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས། སླར་ཡང་འོད་ཟེར་འཕྲོས། བཅོམ་ལྡན་འདས་མི་གཡོ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་ནུས་པ་ཐམས་ཅད་བསྡུས་ཏེ། ས་བོན་སྔགས་འཁོར་དང་བཅས་པ་ལ་ཐིམ་པས། བདག་བྱིན་གྱིས་བརླབས་པར་བསམ་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་མ་ཡེངས་པར་འབུམ་ཕྲག་བཅུ་སོགས་བཟླ་བར་བྱའོ། །ཐུན་མཚམས་སུ་བདག་བསྐྱེད་ཀྱི་ཡེ་ཤེས་བ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཞེས་བརྗོད་ལ་སྔར་བཞིན་མཆོད། བཅོམ་ལྡན་འདས་བདག་དང་སེམས་(༡༠བ)


GLG010_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། བཛྲ་མུས་རང་གནས་སུ་གཤེགས། ཉེར་བསྡུ་ནི་རང་ཉིད་ལྷར་གསལ་བ་འོད་དུ་ཞུ་ནས་སྔགས་འཁོར་ལ་ཐིམ། དེ་ཧཱུཾ་ལ་ཐིམ། དེའང་ཞབས་ཀྱུ་ཁོག་པ། ཁོག་པ་མགོ་བོ། དེ་ཀླད་ཀོར། དེ་ནཱ་ད། དེའང་མི་དམིགས་པའི་ངང་དུ་མཉམ་པར་བཞག །དེ་ལས་ལངས་ཏེ་བསྔོ་བ་སྨོན་ལམ་ཅི་རིགས་པ་གདབ། ཡི་གེ་བཅུ་པའི་བསྙེན་པ་ཐེམ་ནས་དམིགས་པ་སྐོར་གསུམ་གྱི་ཏིང་ངེ་འཛིན་དང་སྔགས་ཀྱི་ཉམས་ལེན་བརྒྱ་རྩའི་ནང་བཞིན་བྱའོ། །གོང་འོག་རྒྱུད་སྡེའི་མན་ངག་བདག་མདུན་སོགས། །འཁྲུལ་མེད་གནད་ཀྱི་ཉམས་ལེན་མི་ཤེས་པར། །སྤྲོས་འདོད་འབྲེལ་མེད་གཞན་གྱི་རྒྱས་འགེབས་སོགས། །ངལ་བའི་དཀའ་ཐུབ་ལྷུར་ལེན་ཙམ་དུ་ཟད། །དེ་ཕྱིར་ཉམས་ལེན་ཚར་ཞིང་ཁྱེར་བདེ་བ། །མཁས་གྲུབ་དམ་པའི་ཕྱག་ལེན་ཇི་བཞིན་དུ། །བཀོད་པའི་དགེ་འདིས་འགྲོ་བ་མ་ལུས་པ། །རྡོ་རྗེ་གཏུམ་པོས་རྗེས་སུ་འཛིན་གྱུར་ཅིག །ཅེས་བཅོམ་ལྡན་འདས་མི་གཡོ་བ་སྔོན་པོའི་སྒྲུབ་སྐོར་ལ། མཉམ་མེད་ཇོ་བོ་ཆེན་པོ་དང་། ལོ་ཆེན་བ་རིའི་བཀའ་སྲོལ་གཉིས་ལས། དཔལ་སྣར་ཐང་པའི་མན་ངག་བརྒྱ་རྩའི་ལུགས་ཀྱི་རྗེས་སུ་འབྲངས་པའི་སྒྲུབ་ཐབས་ཨུཏྤལ་ཆུན་པོ་ཞེས་བྱ་བ་འདི་ནི་བཀྲ་ཤིས་སྒོ་མངས་གྲ་ཚང་གི་འཆད་ཉན་པ་འཕྲིན་ལས་ཀྱིས་བསྐུལ་བའི་ངོར་འཇམ་མགོན་གྲུབ་པའི་དབང་པོ་དཔལ་འབྱོར་ལྷུན་གྲུབ་ཀྱི་ཕྱག་ལེན་ཇི་ལྟ་བར། ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་གདོང་ཁ་པ་དབང་རྒྱལ་ལོ། །ན་མོ་གུ་རུ་ཤྩ་ཝཱ་གཱི་ཤྭ་རཱ་ཡ། ཐུན་མཚམས་ལང་ཚོའི་རང་བཞིན་དྷཱིཿཡིག་གཟུགས། །ཐབས་ཤེས་ལུས་(༡༡ན)


GLG010_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲའི་མངལ་དུ་ལྕི་བའི་དཔལ། །མཚན་དཔེའི་སྣང་བ་མི་ཡི་སྲིད་པ་ཅན། །འཇམ་མགོན་བཙོང་ཁ་པ་དེར་གུས་བཏུད་ནས། །གང་དེར་བརྟན་པའི་འཁོར་ལོས་དཔལ་མགྲིན་ནས། །དངོས་སུ་སྩལ་བའི་ཟབ་དོན་ཆོས་ཀྱི་རིའི། །དགོངས་དོན་ཇི་བཞིན་འཇམ་དབྱངས་དམར་སེར་གྱི། །སྒྲུབ་པའི་ཐབས་ཀྱི་རིམ་པ་དེང་འདིར་འགོད། །དེའང་སྐྱབས་འགྲོ་སེམས་བསྐྱེད་ཚོགས་ཞིང་ཚད་མེད་བཞི་བསྒོམ་པ་སྤྱི་འགྲོ་ལྟར་སྔོན་དུ་བཏང་། རང་ཉིད་ཐ་མལ་དུ་གནས་པའི་སྙིང་སྒོ་ང་ལྟ་བུའི་རྩེ་མོ་གྱེན་དུ་བསྟན་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྒྱས་པའི་སྟེང་ན་ཡི་གེ་དྷཱིཿདམར་སེར་ཚེག་དྲག་དང་བཅས་པ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་བས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས་པས། རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་འབུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་བསྡུས་ནས་རང་ལ་ཐིམ། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་རང་ཉིད་ཐ་མལ་གྱི་སྣང་ཞེན་དག་ནས། རྗེ་བཙུན་འཇམ་དཔལ་དབྱངས་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཤེས་རབ་ཀྱི་རལ་གྲི་མཁའ་ལ་འཕྱར་ཞིང་། གཡོན་མེ་ཏོག་ཨུཏྤལ་ལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་ན་ཤེས་རབ་ིཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞུགས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ་(༡༡བ)


GLG010_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གདུབ་རྣམས་ཀྱིས་སྤྲས་ཤིང་། ལྷ་རྫས་ཀྱི་དར་གྱི་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་འཕྱང་བ། རལ་པའི་ཟུར་ཕུད་གཡོན་དུ་སྤུད་པ། ཞི་འཛུམ་སྒེག་པའི་ཉམས་ལྡན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས། རང་བཞིན་དག་པའི་གཞལ་ཡས་ཁང་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་ཨཱརྱ་ཝཱ་གཱི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བསྟོད་པ་ནི། རབ་དཀར་ཆུ་སྐྱེས་རྒྱས་པའི་ལྟེ་བ་ལ། །ཆུ་ཤེལ་དབང་པོའི་དཀྱིལ་འཁོར་རྫོགས་པའི་སྟེང་། །བཅུ་དྲུག་ལང་ཚོའི་གཟི་ལྡན་འགྱིང་བག་ཅན། །འཇམ་མགོན་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ། །ཇི་སྙེད་འགྲོ་འདིའི་ཡིད་ངོར་འཆར་བའི་གདངས། །མ་འདྲེས་སོ་སོར་སྣང་བའི་ཚངས་པའི་དབྱངས། །སྐལ་བཟང་རྣ་བའི་རྒྱན་གྱུར་ངག་གི་ཚོགས། །འདོད་འཇོའི་དབང་ཕྱུག་གསུང་ལ་ཕྱག་འཚལ་ལོ། ཀུན་གསལ་ཞགས་པའི་ཚད་ཀྱིས་གཞལ་དཀའ་བའི། །ཕུལ་བྱུང་མཁྱེན་པའི་རྙོག་བྲལ་ཆུ་གཏེར་ངོས། །རབ་འབྱམས་ཤེས་བྱའི་སྣང་བརྙན་མ་ལུས་ཀུན། །གསལ་བར་འཆར་བྱེད་ཐུགས་ལ་ཕྱག་འཚལ་ལོ། ཞེས་དང་། གཞན་ཡང་། གཞོན་ནུའི་སྐུ་ལུས་འཆང་བ་པོ། ཞེས་སོགས་ཀྱིས་བསྟོད། དེ་ནས་བཟླས་པ་བྱ་བ་ནི། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིཿདམར་སེར་ཚེག་དྲག་དང་བཅས་པའི་མཐའ་སྐོར་དུ་ཨ་ར་པ་ཙ་ནའི་སྔགས་འཕྲེང་གིས་བསྐོར་བ་ལས་འོད་(༡༢ན)


GLG010_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས། སངས་རྒྱས་བྱང་སེམས། ཉན་ཐོས་རང་རྒྱལ། ཕྱི་ནང་གི་མཁས་པ་པཎྜི་ཏ་སོགས་ཀྱི་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱི་ཤེས་རབ་རྣམས་བསྡུས་ཏེ། རང་ཉིད་ལ་ཐིམ་པར་བསམ་ལ་བཟླས་པ་བྱ། མཐར་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་ཀྱི་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བརྗོད་པར་བྱའོ། །འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས་འདིའང་། བཀའ་བཅུ་དར་རྒྱས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །ན་མོ་མུ་ནཱིནྡྲཱ་ཡ། གསེར་གྱི་ལྷུན་པོ་མཚམས་སྤྲིན་གཞོན་ནུ་ཡིས། །ལན་བརྒྱར་འཁྱུད་པའི་དཔལ་ལ་དགྲན་བཟོད་པའི། །ཀུན་མཁྱེན་ཉི་མའི་གཉེན་ལ་ཕྱག་བཙལ་ནས། །གང་གི་སྒྲུབ་ཐབས་ཅུང་ཟད་སྤེལ་བར་བྱ། །ཡིད་དང་མཐུན་པའི་གནས་སུ་བྲིས་སྐུ་དང་ཅི་འབྱོར་པའི་མཆོད་པ་བཤམས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ཚོགས་ཞིང་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་བྱ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། རང་སེམས་ཡི་གེ་མུཾ་སེར་པོ་ཡོངས་སུ་གྱུར་པ་ལས། རྒྱལ་བ་ཤཱཀྱ་ཐུབ་པ་དབུ་གཙུག་ཏོར་དང་ལྡན་པ། ཞལ་འཛུམ་བག་ཅན། ཕྱག་གཉིས་མཉམ་གཞག །ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། མཚན་དཔེ་གསལ་རྫོགས་ཀྱི་བདག་ཉིད་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡའི་(༡༢བ)
བར་གྱིས་མཆོད། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཟླ་བའི་སྟེང་དུ་སྔགས་ཀྱི་འཕྲེང་བ་ལས་འོད་ཟེར་གྱི་སྤྲོ་བསྡུ་དང་བཅས་ཏེ། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱཧཱ། །ཞེས་བཟླ་བར་བྱ། མཇུག་ཏུ་སྨོན་ལམ་ཅི་རིགས་པ་གདབ་བོ། །ཞེས་པ་ཡང་མགོན་པོ་སྐྱབས་ཀྱིས་བསྐུལ་བའི་ངོར། དཔལ་སྣར་ཐང་པའི་བཀའ་སྲོལ་ལྟར་སྦྱར།། །།

རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དབང་ཆེན་དགྱེས་པའི་རོལ་གར།


GLG010_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དབང་ཆེན་དགྱེས་པའི་རོལ་གར་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་རྒྱལ་ཀུན་འཕྲིན་ལས་རྣམ་བཞིའི་གར། །འཇིགས་རུང་ཁྲོ་བོའི་ཉམས་ཀྱི་རོལ་བ་ཅན། །དབང་ཆེན་རྟ་མཆོག་དཔལ་ལ་གུས་བཏུད་ནས། །རྒྱུན་འཁྱེར་འཕྲིན་ལས་རིམ་པ་དེང་འདིར་འདྲི། སྐྱབས་འགྲོ་ནི། བདག་དང་ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་སོགས། །ཕྱི་ནང་གསང་གསུམ་སྐྱབས་ཡུལ་དམ་པ་ལ། །ཟོལ་མེད་རྩེ་གཅིག་སེམས་ཀྱིས་སྐྱབས་སུ་མཆི། །འཁོར་བར་འཁྱམས་པའི་འཁྲུལ་བས་འགྲོ་བ་རྣམས། །ཡ་གྲལ་ཀུན་བཟང་ས་ལ་འགོད་པའི་ཆེད། །དཔལ་ཆེན་ཁྲོ་བོའི་དབང་པོ་ལེགས་བསྒྲུབས་ནས། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད། ཚོགས་ཞིང་ནི། མདུན་གྱི་ནམ་མཁར་དཔལ་རྟ་མགྲིན་གྱི་རིགས་བདག་ཏུ་རྡོ་རྗེ་སློབ་དཔོན་བཞུགས་པར་གྱུར། ཛཿཧཱུཾ་བཾ་ཧོཿ རྩ་བ་གསུམ་གྱི་ལྷ་ཚོགས་ལ། །ཕྱག་འཚལ་དངོས་འབྱོར་མཆོད་པ་འབུལ། །སྔོན་ནས་བསགས་པའི་སྡིག་པ་བཤགས། །དགེ་ཚོགས་(༡༣ན)


GLG010_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཡི་རང་ཞིང་། །ངེས་པས་ཆོས་འཁོར་བསྐོར་བ་དང་། །བསྐལ་བརྒྱར་མི་འགྱུར་བརྟན་པར་གསོལ། །རང་གཞན་དགེ་རྩ་མ་ལུས་པ། །ཀུན་མཁྱེན་ཡེ་ཤེས་ཐོབ་ཕྱིར་བསྔོ། །སྲུང་འཁོར་ནི། རང་ཉིད་སྐད་ཅིག་གིས་དཔལ་ཆེན་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་གཡོན་སྡིག་མཛུབ་ཀྱི་རྩེ་ལ་མེ་འབར་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའི་ཐུགས་ཀའི་ཧྲཱིཿལས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོ་བར་གྱུར། ཧཱུཾ། ཐམས་ཅད་བདེ་གཤེགས་རྒྱལ་བའི་རང་བཞིན་ལ། །ང་བདག་གཟུང་འཛིན་རྡུལ་ཙམ་མི་དམིགས་ཀྱང་། །དབང་ཆེན་འདུ་བའི་ལྷ་ཚོགས་མ་གཏོགས་པ། །ལོག་འདྲེན་བར་གཅོད་བགེགས་རྣམས་ཕྱིར་དེངས་ཤིག །ཨཱོཾ་སུཾ་བྷ་སོགས་བརྗོད། ཧཱུཾ། རྡོ་རྗེ་གཏུམ་པོ་རི་རབ་རྩེ་བརྒྱད་ནས། །འབར་བའི་ལྷ་ཆེན་དབང་ཆེན་བཀའ་སྟེང་དུ། །ཤིན་ཏུ་གཏུམ་དྲག་ཁྲོ་རྒྱལ་འཇིགས་པའི་སྐུ། །སྐུ་ལས་ཁྲོ་ཚོགས་མཚོན་ཆའི་འོད་ཟེར་འབར། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། །བདུད་སྡེ་དཔུང་བཅས་འདའ་བར་མ་བྱེད་ཅིག །ཨཱོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་གནོད་བྱེད་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། བྱིན་འབེབས་ནི། ཆོས་སྐུ་འགྱུར་བ་མེད་པའི་ངང་ཉིད་ལས། །ལོངས་སྐུ་རྟ་མགྲིན་ཁྲོ་བོའི་ལྷ་ཚོགས་ཀྱིས། །གནས་མཆོག་འདི་རུ་བྱིན་ཆེན་མྱུར་ཕོབ་ལ། །རྣལ་འབྱོར་བདག་ལ་དབང་བསྐུར་དངོས་གྲུབ་སྩོལ། །སྨན་རག་གཏོར་མ་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྨན་རག་གཏོར་མཆོད་རྣམས་ངོ་བོ་ཟག་པ་མེད་པའི་བདུད་རྩི། (༡༣བ)


GLG010_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་སོ་སོའི་བྱེད་ལས་ཅན་དུ་གྱུར། ཨཱོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུཾ། ཨཱོཾ་མ་ཧཱ་རཀྟ་ཧཱུཾ། ཨཱོཾ་མ་ཧཱ་བྷ་ལིནྟ་ཧཱུཾ། ཨརྒྷཾ་ནས་ཤབྡའི་བར་བརྗོད། དངོས་གཞི་ནི། ཆོས་ཀུན་སྐྱེ་འགག་གནས་གསུམ་དང་བྲལ་བ། མ་རྟོགས་འགྲོར་བརྩེས་ཀུན་ཁྱབ་དབྱེར་མེད་པའི། །རང་གདངས་རྡོ་ར་མེ་དཔུང་ཆེར་འབར་བའི། །སྲུང་འཁོར་དབུས་སུ་པདྨ་ཉི་མ་དང་། །ཀླུ་ཆེན་བརྒྱད་པོ་བསྣོལ་བའི་ཁྲི་སྟེང་དུ། །བདག་ཉིད་ཁྲོ་བོ་རྟ་མགྲིན་དབང་གི་རྒྱལ། །ཞལ་གསུམ་རྩ་ཞལ་དམར་པོ་གཡས་པ་ལྗང་། །གཡོན་ཞལ་དཀར་པོ་སྤྱན་གསུམ་དམར་ལ་ཟླུམ། །མཆེ་གཙིགས་ལྗགས་འགྲིལ་སྨིན་མ་སྨ་ར་འཁྱུག །དམར་སེར་དབུ་སྐྲ་གྱེན་དུ་བརྫེས་པའི་ཁྲོད། །དབུ་གསུམ་ལས་ཐོན་རྟ་མགོ་ལྗང་ཞུར་ཅན། །གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རལ་གྲི་དང་། །གཡོན་གསུམ་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་འཛིན། །ཞབས་བརྒྱད་གཡས་བསྐུམ་གཡོན་བརྐྱང་བརྫིས་པའི་ཚུལ། །ཐོད་སྐམ་དབུ་རྒྱན་ཁྲག་འཛག་མགོ་འཕྲེང་ཅན། །གླང་ཆེན་མི་ལྤགས་སྟོད་གཡོགས་སྟག་ཤམ་དཀྲིས། །རིན་ཆེན་རུས་པ་བྱུགས་རྫས་སྦྲུལ་ལ་སོགས། །ཚངས་སྐུད་དུར་ཁྲོོད་ཆས་ཀྱིས་རྣམ་པར་སྤྲས། །མགུར་ནས་ལོང་བུའི་བར་ཀུན་ཁྲོ་ཆུང་གཏམས། །བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །འཇིགས་རུང་གར་དགུའི་ཉམས་ཀྱིས་བཞུགས་པར་གྱུར། སྤྱན་འདྲེན་ནི། ཧྲཱིཿ ཆོས་ཀྱི་དབྱིངས་ལས་གཡོ་མེད་ཀྱང་། །བདེ་ཆེན་དབང་དྲག་རོལ་པ་ཡི། །བསྐལ་པའི་མེ་དཔུང་འབར་ཀློང་ནས། །དབང་གི་རྒྱལ་པོ་གཤེགས་སུ་གསོལ། །ཏ་ལ་གྷྲི་ཝ་ཨེ་ཧྱེ་ཧི་ཛཿཧཱུཾ་བཾ་ཧོཿ བཞུགས་གསོལ་ཕྱག་མཆོད་ནི། འགྱུར་མེད་གདན་ལ་བརྟན་(༡༤ན)


GLG010_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བ་སྨན་རག་དང་། །གཏོར་མ་འབུལ་ལོ་བཞེས་སུ་གསོལ། །ཧ་ལ་གྷྲཱི་དྲ་མ་ཧཱ་པཉྩ་རཀྟ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཨཱོཾ་ཧ་ཡ་གྷྲཱི་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་བརྗོད། འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ། །མི་བཟད་དྲག་སྔགས་ང་རོ་སྒྲོག་པའི་གསུང་། །མཁྱེན་བརྩེ་ནུས་པ་དཔག་པར་དཀའ་བའི་ཐུགས། །ཁྲོ་རྒྱལ་དབང་པོའི་སྐུ་གསུང་ཐུགས་ལ་བསྟོད། །འཇབ་བགྲང་པ་ནི། རང་གི་སྐུ་དང་ཐུགས་ཀ་སོགས། །གནས་ལས་མེ་འོད་འཕྲོས་པ་ཡིས། །བདེ་གཤེགས་ནུས་མཐུ་བདག་ལ་ཐིམ། །གདུག་པའི་ཚོགས་རྣམས་ཚར་གཅོད་གྱུར། །ཨཱོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། བསྙེན་པ་དངོས། ཐུན་མཚམས་ལ། ཨཱོཾ་དུན་བྷྱོ། ཏྲི་ག་ནན། ཛ་ཛཿ ས་མ་ཡ་སྟྭཾ། ལས་སྔགས། ས་མ་ཡ་ཛཿས་མ་ཡ་བཟློག །ས་མ་ཡ་བྷྱོ། ས་མ་ཡ་ག ཏུབས། ས་མ་ཡ་བྱེར། ས་མ་ཡ་རྦད། ས་མ་ཡ་རྦད་རྦུད་ཕཊ་ཡ། འབྱུང་པོ་མཱ་ར་ཡ་ཛཿ ཛཿརྣམས་སྦྲེལ་ནས་ཉེར་གཅིག་བཟླ། པདྨ་ས་ཏྭ་ས་མ་ཡ་ཞེས་སོགས་ཡིག་བརྒྱ་བཟླས། ཧ་ཡ་གྷཱིཝ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། སྲུང་འཁོར་ལྷ་བཅས་མི་དམིགས་པ། སྤྲོས་མེད་སྟོང་པའི་ངང་དུ་ཡལ། །སླར་ཡང་ཞལ་གཅིག་ཕྱག་གཉིས་པ། །ཆུ་ལས་ཉ་ལྡང་ལྟ་བུར་གྱུར། །སྨྲས་པ། སྙིགས་དུས་བདུད་སྡེའི་དམག་དཔུང་ཚོགས། །ཐལ་བར་རློག་བྱེད་རྟ་མཆོག་དཔལ། །པདྨའི་ཟབ་ཆོས་ཡིན་པའི་ཕྱིར། །སྔ་འགྱུར་དགོངས་དོན་ཇི་བཞིན་བཀོད། །བསྙེན་ཅིང་བསྒྲུབ་པའི་ཁ་སྐོང་ལ། །མེད་(༡༤བ)
དུ་མི་རུང་ཚོགས་མཆོད་དག །འགྲོ་འདུལ་གླིང་པའི་གསང་འདུས་ལས། །བླངས་པས་འགྲུབ་བོ་ཤེས་ལྡན་ཀྱཻ། །དགེ་ཚོགས་གངས་ཀྱི་རི་བོ་ལ། །འགྲན་པའི་ཆེས་དཀར་འོ་མཚོ་དེས། །འགལ་རྐྱེན་དྲི་མ་དྲུངས་ཕྱུང་ནས། །དངོས་གྲུབ་དགའ་སྟོན་འཕེལ་གྱུར་ཅིག །རྟ་མགྲིན་སྐྱེར་སྒང་ལུགས་འདི་སྙེ་མོ་ཞུ་ཡས་ཀྱི་གཏེར་ཡིན་ནའང་། ལས་བྱང་སྔ་འགྱུར་གཙང་མ་ཞིག་ཆེར་མི་འདུག་པ་དང་། གཏེར་གཞུང་དངོས་ཆ་ཚང་ཡང་དཀོན་པས། བླ་མའི་ངག་དང་རཏྣ་གླིང་པའི་གསང་འདུས་ནས་བརྒྱན་ཏེ། ཚོགས་མཆོད་མ་གཏོགས་ཚང་ཞིང་འཁྱེར་བདེ་དབང་ཆེན་དགྱེས་པའི་རོལ་གར་ཞེས་པ་འདིའང་རྒྱ་བོད་ཀྱི་ཡི་གེའི་རིགས་དུ་མ་དང་རི་མོ་སོགས་ལ་བློ་གྲོས་ཀྱི་རྩལ་དང་ལྡན་ཞིང་ཚུལ་བཞིན་བསྒྲུབ་པའི་དྲུང་ཡིག་ངག་དབང་དགེ་ལེགས་དང་སྔགས་བན་བློ་བཟང་དོན་གྲུབ་གཉིས་ཀྱིས་བསྐུལ་བ་ལྟར་ལ་སླར་མ་དག་པ་རྣམས་བཅོས་ཏེ། ཟ་ཧོར་གྱི་བཙུན་པ་བཞེད་པ་རྩལ་གྱིས་དགའ་ལྡན་ཕོ་བྲང་དུ་སྦྱར།།

སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ།།


GLG010_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ་བཞུགས་སོ། །རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་སྙིང་རྗེའི་ལྷ། །དྲན་པས་སྲིད་ཞིའི་གདུང་སེལ་འཇིག་རྟེན་དབང་། །ཁྱེད་ཀྱི་སྒྲུབ་པའི་ཐབས་ཀྱི་རིམ་པ་རྣམས། །ཚད་ལྡན་མཁས་པའི་གཞུང་བཞིན་འདི་ན་སྤེལ། །དེ་ལ་འདིར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཡི་གེ་དྲུག་མའི་སྒྲུབ་ཐབས་ཉམས་སུ་བླང་བར་བྱ་བ་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་སྔོན་དུ་འགྲོ་བ་ལ། གནས་ཁང་ཡིད་དུ་འོང་བར། འདི་ཉིད་ཀྱི་རྟེན་དང་ཅི་འབྱོར་བའི་མཆོད་པ་བཤམ། བདེ་བའི་སྟན་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་སྤྱི་འགྲོ་ལྟར་རམ། འཁྱེར་བདེ་བར་འདོད་(༡༥ན)


GLG010_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ན། སངས་རྒྱས་ཆོས་ཚོགས་མ་བྱ། དེ་ནས་ཚོགས་གསོག་པ་ནི། རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཐུགས་རྗེ་ཆེན་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མོ་སརྦ་ཏ་ཐཱ་ག་ཏ་ཨཱཪྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་མཎྜལ་ལ༔ ཞེས་པས་ཕྱག་རྒྱ། ཨོཾ་ཨཱཪྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་ལན་གསུམ་བྱ་ཞིང་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ནི། ཤཱུ་ནྱ་ཏཱའི་སྔགས་བརྗོད་དེ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཉ་གང་བའི་སྟེང་དུ། རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་སྐུ་མདོག་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་བ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ནང་བུམ་ཆུ་ཤེལ་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་པ་འདྲེན་པའི་ཚུལ་གྱིས་འཛིན་ཅིང་། གཡོན་འོག་མས་མེ་ཏོག་པདྨ་དཀར་པོ་འདབ་མ་རྣམ་པར་རྒྱས་པའི་ཡུ་བ་ནས་འཛིན་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། གདུ་བུ། འོག་པགས་སེ་མོ་དོ། དོ་ཤལ་སོགས་ཀྱིས་མཛེས་པ། ལྷ་རྫས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་གསོལ་བ། རི་དྭགས་ཀྲ་ཎ་སཱ་རའི་པགས་པས་ནུ་མ་བཀབ་(༡༥བ)


GLG010_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། འཇའ་ཟེར་འཁྲུག་པའི་དབུས་ན་དངས་གསལ་རྙོག་པ་མེད་པ་འོད་ཀྱི་རང་བཞིན་ཅན་དུ་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། པོ་ཏ་ལ་ནས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ་ཞེས་དབང་བསྐུར། ལུས་ཐམས་ཅད་བདུད་རྩིའི་ཆུ་རྒྱུན་གྱིས་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། མཆོད་པ་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ཨོཾ་ཨཱཪྻ་ལོ་ཀཻ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་(༡༦ན)


GLG010_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དཀར། །ཞེས་སོགས་ཀྱིས་བསྟོད། དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿཡིག་དཀར་པོའི་མཐའ་སྐོར་དུ། ཡི་གེ་དྲུག་མའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་མཆོད་པས་མཉེས་པར་བྱས། དེ་རྣམས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་བསྟིམ། འོད་ཟེར་རྣམས་འགྲོ་བ་རིགས་དྲུག་སོ་སོའི་གནས་སུ་འཕྲོས། རིགས་དྲུག་སོ་སོའི་སྡུག་བསྔལ་དང་། དེའི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བྱས། སེམས་ཅན་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་རྣམ་པར་ཤར་བ་སྣང་བ་སྐུའི་འཁྱེར་སོ། །སྒྲ་ཐམས་ཅད་སྔགས་ཀྱི་གདངས་སྒྲར་ཤེས་པ་གྲག་སྟོང་གསུང་གི་འཁྱེར་སོ། །ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་དུ་ཤེས་པ་དྲན་རྟོག་ཐུགས་ཀྱི་འཁྱེར་སོ་སྟེ། འཁྱེར་སོ་གསུམ་དང་ལྡན་པའི་སྒོ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་ཡི་གེ་དྲུག་མ་ཅི་ནུས་སུ་བཟླ། སྐབས་འགར་ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཞེས་པའི་ཡི་གེ་བདུན་མ་དང་། ཨོཾ་ཨཱཿཧཱུཾ་ཧྲཱི༔ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་ཡི་གེ་བཅུ་མ་ཡང་བཟླ་བར་བྱའོ། །མཇུག་ཆོག་ནི། རང་ཉིད་ལྷར་གསལ་བ་འོད་དུ་ཞུ་ནས། ཐུགས་ཀའི་སྔགས་འཁོར་ལ་ཐིམ། དེ་ཉིད་ཀྱང་ཧྲཱིཿལ་ཐིམ། ར་བཏགས་ཁོག་པ་ལ་ཐིམ། ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་གི་གུ་ལ་ཐིམ། གུ་གུ་ཡང་ནམ་མཁར་འཇའ་ཡལ་བ་ལྟར་ཇེ་ཕྲར་སོང་སྟེ་མི་དམིགས་པ་སྟོང་པ་ཉིད་དུ་བཞག །སྟོང་པའི་ངང་ལས་ཆུ་ལས་ཆུ་ལྦུར་རྡོལ་བའི་ཚུལ་དུ་སྐད་ཅིག་གིས་ཐུགས་རྗེ་ཆེན་(༡༦བ)


GLG010_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གསལ་བའི་སྒོ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་སྨོན་ལམ་ཅི་རིགས་པ་བྱའོ། ཨེ་མ་ངོ་མཚར་རྨད་བྱུང་དམ་པའི་ཆོས། །བྱ་སླ་ཚེགས་ཆུང་དོན་ཆེ་སྒྲུབ་པའི་ཐབས། །སྔོན་མེད་དཔག་བསམ་ཡོངས་འདུ་གསར་པ་འདི། །དོན་གཉིས་གྲུབ་པའི་བསམ་འཕེལ་དབང་གི་རྒྱལ། །འདི་འདྲ་འཛམ་གླིང་ཡངས་པའི་ཁོར་ཡུག་ཀུན། །བསོད་ནམས་སྟོབས་ཀྱི་དཔུང་པས་དབང་སྒྱུར་བའི། །དཔལ་ལྡན་གོང་མ་ཆེན་པོའི་རྒྱལ་ཁབ་ཏུ། །གྲངས་མེད་དགེ་ལེགས་སྤེལ་བའི་བྱེད་པོའི་ཆེད། །གདན་གསུམ་ཚང་བའི་དེད་དཔོན་རྡོ་རྗེ་འཆང་། །ངུར་སྨྲིག་གར་གྱིས་རོལ་པ་འཁོན་སྟོན་རྗེ། །སྤྱི་གཙུག་པད་མཚོར་བསྟེན་པའི་རྒྱལ་ཁམས་པ། །ཟ་ཧོར་རིགས་ཀྱི་བནྡེས་ཡི་གེར་བཀོད། །དགེ་དེས་གནམ་གྱིས་བསྐོས་པའི་ཚངས་པ་ཆེ། །སྲས་བཅས་བློན་འབངས་འཁོར་བཅས་སྐུ་ཚེ་དང་། །ཆབ་སྲིད་མངའ་ཐང་ཡར་ངོའི་ཟླ་བ་ལྟར། །འཕེལ་ཞིང་རྡོ་རྗེ་ལྟ་བུར་བརྟན་གྱུར་ཅིག །རབ་དཀར་གངས་ཀྱི་རི་བོ་མཛེས་སྡུག་གི །ཕུན་ཚོགས་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། །དུས་གསུམ་རྒྱལ་བའི་ཡུམ་གཅིག་འཆི་མེད་ལྷ། །ཚེ་བྱིན་ཡིད་བཞིན་འཁོར་ལོས་རྟག་ཏུ་སྐྱངས། །རྒྱ་གར་མཁས་གཞུང་མེས་པོའི་ཐོད་ཡངས་ལས། །ལོ་ཆེན་སྐལ་ལྡན་ཤིང་རྟས་དྲངས་པའི་ཀླུང་། །སྐྱུག་མཁས་བློ་གསལ་རྒྱ་མཚོ་དྲང་སྲོང་ཆེའི། །ལེགས་བཤད་གངྒཱ་ཆུ་རྒྱུན་ཟད་པ་མེད། །གང་དེའི་གདམས་པའི་མཛོད་འཛིན་འཁོར་ལོའི་མགོན། །སྐལ་བཟང་གདུལ་བྱའི་བསོད་ནམས་མཆོད་སྡོང་ཆེ། །རྣམ་ཀུན་མཆོག་དང་ལྡན་པའི་རྡོ་རྗེ་འཆང་། །བྱང་ཆུབ་བར་དུ་སྙིང་གི་པད་མཚོར་རོལ། །དེ་ལ་འདིར་རྗེ་བཙུན་(༡༧ན)


GLG010_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་པའི་ཐབས་ཀྱི་རིམ་པ་གངས་ཅན་གྱི་ལྗོངས་སུ་ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། གཉན་ལོ་ཙཱ་བ་དར་མ་གྲགས། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་སྟེ། པཎ་གྲུབ་ཆེན་པོ་བཞིའི་གདམས་པ་སོ་སོ་ལས་འོངས་པའི་ནང་ཚན། བླ་མ་བ་རི་བའི་ལུགས་ཉིད་གཙོ་བོར་བྱས་པའི་རྒྱུན་ཁྱེར་གྱི་རིམ་པ་བརྗོད་པ་ནི། སྔོན་འགྲོ་དངོས་རྗེས་ཀྱི་རིམ་པ་གསུམ་ལས། སྔོན་དུ་འགྲོ་བ། སྐྱབས་སེམས་ཚོགས་གསོག་ཚད་མེད་བསྡོམ་པ་རྣམས་ལས། སྐྱབས་སེམས་ནི་སྤྱི་དང་འདྲ། །ཚོགས་གསོག་པ་ལ། རང་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་ཏཱཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་ལ་བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་ཨཱཪྻ་ཏཱ་ར་ས་པ་རི་ཝཱ་རེ་བྷྱཿ སྔགས་མཇུག་ཏུ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་དང་ཚད་མེད་པ་བཞི་བསྒོམ་པ་སྤྱི་ལྟར་བྱ། གཉིས་པ་དངོས་གཞི་ནི། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་བའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་དཀར་པོ་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཞལ་གཅིག་ཕྱག་གཉིས་པ། ལང་ཚོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། །ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་མེ་ཏོག་ཨུཏྤལ་དཀར་པོའི་ཡུ་བ་ནས་འཛིན་པའི་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་སྙན་གྱི་ཐད་ཀར་མེ་ཏོག་འབྲས་བུ་གང་བུ་གསུམ་གྱིས་དུས་གསུམ་(༡༧བ)


GLG010_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སངས་རྒྱས་མཚོན་པ། དབུ་སྐྲ་རལ་པའི་ཟུར་ཕུད་ལྟག་པར་བཅིངས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་རས་ཀྱི་སྤྱན་གསུམ་དང་ཕྱག་ཞབས་ཀྱི་སྤྱན་བཞི་སྟེ་སྤྱན་བདུན་དང་ལྡན་པ། ཟླ་བའི་རྒྱབ་ཡོལ་ལ་སྐུ་དྲང་པོར་བརྟེན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཁྱེད་རྣམས་ཀྱི་བདག་ལ་མངོན་པར་དབང་བསྐུར་བསྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲཱི་ཧཱུཾ་ཞེས་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། ཨོཾ་ཨཱཪྻ་ཏཱ་ར་ས་པ་ར་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། ཞེས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་ལྔ་སྦྲགས་དང་བཅས་པར་བཟླས་བྱའི་སྔགས་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་སོགས་ཀྱིས་བསྐོར་བར་གསལ་གདབ། སྤྱི་བོའི་རིགས་བདག་གནས་འགྱུར་བའི་མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱི་སྤྲོ་བསྡུ་ལས་བྱུང་བའི་བདུད་རྩིའི་རྒྱུན་དང་། རང་གི་ཐུགས་ཀའི་སྔགས་འཁོར་ལས་བབས་པའི་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་(༡༨ན)


GLG010_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། སླར་ཡང་རང་གི་སྙིང་གའི་ཏཱཾ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་སེར་དམར་མཐིང་ལྗང་གུ་མཆེན་ཁའི་ཚོགས་རྣམས་རིམ་པ་བཞིན་དུ་འཕྲོས། འོད་ཟེར་དེ་དག་གི་གུར་ཁྱིམ་བསྐལ་པའི་རླུང་ཙམ་ཡང་མི་ཐར་པའི་རང་བཞིན་ཅན་དུ་གྱུར་པའི་བར་མཚམས་ཐམས་ཅད་མེ་ཏོག་ཨུཏྤལས་ཁེབས་པ། རང་ཉིད་ཀྱི་ཕྱི་རོལ་ཏུ་གདོན་བགེགས་རྣམས་ཀྱིས་གླགས་ལྟ་བར་མི་ནུས་པའི་སྲུང་བའི་འཁོར་ལོ་བཙན་པོ་རྣོ་ངར་དང་ལྡན་ཞིང་མེ་ཕུང་འཁྲུག་པར་གསལ་གདབ། གོང་གི་བདུད་རྩིའི་རྒྱུན་སྤྲོ་བསྡུ་དང་བཅས་པའི་དམིགས་པ་གསལ་བའི་ངང་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱ་ན་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། ཐུན་མཚམས་སུ་སྔར་ལྟར་མཆོད་བསྟོད་བྱ། ཡི་གེ་བརྒྱ་ལས་བྱིན་རླབས་བརྟན་ཅིང་ལྷག་ཆད་ཁ་བསྐང་། མཇུག་ཏུ་དགེ་བ་བསྔོ་བ་དང་། བཀྲ་ཤིས་སྨོན་ལམ་སྤྱི་ལྟར་བྱའོ། །དེ་ལྟར་བསམ་པ་ཙམ་གྱིས་དུས་མིན་གྱི། །འཆི་བའི་ཡུལ་ལས་རྣམ་པར་རྒྱལ་བའི་ལྷ། །འདོད་པའི་རེ་སྐོང་དཔག་བསམ་ཡོངས་འདུའི་ལྗོན། །རྗེ་བཙུན་འཕགས་མ་ཡིད་བཞིན་འཁོར་ལོ་ཡི། །སྒྲུབ་ཐབས་རྒྱུན་ཁྱེར་ཉམས་སུ་བླང་བདེ་བ། །ཁོ་བོའི་བློ་གྲོས་རིན་ཆེན་ཡོལ་གོའི་ནང་། །ལེགས་བཤད་བེཌཱུར་དཀར་པོ་ཞུན་མའི་མཚོ། །ཀུན་ཡིད་དགའ་བའི་འཛུམ་རླབས་གཡས་སུ་འཁྱིལ། །དགེ་དེས་རྩོད་པའི་དུས་ཀྱི་གནམ་སྐོས་ལྷ། །འཁོར་བཅས་སྐུ་ཚེ་ཉི་ཟླ་དང་མཉམ་ཞིང་། །འཇིགས་ཆེན་བརྒྱད་སོགས་མི་མཐུན་ཀུན་ཞི་ནས། །བསམས་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་རྗེ་བཙུན་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་རྒྱུན་འཁྱེར་དུ་ཚིག་ཉུང་བ་གཙོ་བོར་བྱས་པ་འདི་ནི། ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་སྙིང་པོ་བསྡུས་པའི་དགོངས་(༡༨བ)
དོན་ལྟར། གནམ་བསྐོས་སའི་ཚངས་པའི་རྒྱལ་ཁབ་ཏུ་དགེ་ལེགས་སྤེལ་བའི་སླད་དུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྨོན་འགྲོ་པཎ་ཆེན་ནོ། །

འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཤེས་རབ་སྣང་བ་རྒྱས་བྱེད།


GLG010_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཤེས་རབ་སྣང་བ་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི། མཚམས་སྤྲིན་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །རྟ་བདུན་བྱེ་བའི་འོད་ཀྱིས་ལེགས་འཁྱུད་པའི། །རབ་མཛེས་མཚན་དཔེའི་གར་མཁན་ངག་གི་ལྷ། །འཇམ་མགོན་ཟུར་ཕུད་ལྔ་པས་རྟག་ཏུ་སྐྱོངས། །གང་དེས་དངོས་སུ་བྱིན་བརླབས་ཛེ་ཏཱ་རི། །རྡོ་རྗེ་གདན་པ་ལོ་ཆེན་བ་རིའི་ཞབས། །ས་སྐྱའི་རྗེ་བཙུན་ཁུ་དབོན་ལས་འོངས་པའི། །སྒྲུབ་ཐབས་ངག་འདོན་གསལ་བར་འགོད་བྱེད་ན། །གང་ཞིག་གསུང་རབ་རྒྱ་མཚོར་འཇུག་པ་ལ། །བློ་གྲོས་རྣམ་པར་རྨོངས་པ་ལྕགས་ཀྱི་ཁམས། །རྣམ་དཔྱོད་གསེར་སྦྱངས་བཙོ་མར་བསྒྱུར་ནུས་པའི། །ཤེས་རབ་སྣང་བ་རྒྱས་བྱེད་བཤད་ཀྱིས་ཉོན། །དེ་ལ་འདིར་འཇམ་དབྱངས་ཨ་ར་པ་ཙ་ན་སྒྲུབ་པའི་ཐབས་ཀྱི་རིམ་པ། སྤྱི་བཀའ་སྒྲུབ་ཐབས་བསྡུས་པ་ཆེ་འབྲིང་ཆུང་གསུམ་གྱི་ནང་ན་བཞུགས་པ་དང་། ཟུར་བཀའ་རྒྱལ་བ་བཙོང་ཁ་པ་ལ་འཇམ་དབྱངས་ཀྱིས་དངོས་སུ་གནང་བའི་ཆོས་སྐོར་གྱི་ནང་དུ་བཞུགས་པ་སོགས་རྣམ་གྲངས་མང་དུ་ཡོད་པ་ལས། ད་ལམ་འདིར་བླ་མ་བ་རི་བས་རྗེ་བཙུན་ས་སྐྱ་པར་གནང་བའི་འཇམ་དབྱངས་ཨ་ར་པ་ཙ་ནར་གྲགས་པའི་སྒྲུབ་ཐབས་འབྲི་བར་བྱ་བ་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་ལ། གནས་ཁང་ཡིད་དུ་འོང་བར་ཁྲུས་དང་གཙང་སྦྲ་དང་ལྡན་པས། བདེ་བའི་སྟན་ལ་འདུག་ནས། སྐྱབས་སུ་འགྲོ་བ་སྤྱི་འགྲོ་ལྟར་དང་། སེམས་བསྐྱེད་པ་ནི། (༡༩ན)


GLG010_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་འཕགས་པ་འཇམ་དཔལ་གྱི་ལམ་གྱི་རིམ་པ་ཉམས་སུ་བླང་བར་བྱའོ་ཞེས་བརྗོད། ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་འཕགས་པ་འཇམ་དཔལ་དུ་གསལ་བའི་ཐུགས་ཀར་པད་ཟླའི་གདན་ལ་དྷཱིཿཡིག་དམར་སེར་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་འཕགས་པ་འཇམ་དཔལ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་རི་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་དང་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་བྱ། གཉིས་པ་དངོས་གཞི་ནི། སྭ་བྷཱ་ཝས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས། རང་གི་སྙིང་སྒོ་ང་ལྟ་བུའི་ནང་དུ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དྷཱིཿདམར་སེར་གུར་ཀུམ་གྱི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས། རང་གི་ལུས་ཐམས་ཅད་གང་བས་སྡིག་པ་དང་སྒྲིབ་པ་མི་ཤེས་རྨོངས་པའི་མུན་པ་ཐམས་ཅད་བཅོམས། དྲི་མ་མེད་པའི་འོད་ལྟར་གྱུར་པ་ལས། སྐད་ཅིག་གིས་རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མི་ཤེས་རྨོངས་པ་གཅོད་པའི་རལ་གྲི་དང་། གཡོན་པས་ཨུཏྤལའི་ཡུ་བ་ཐུགས་ཀར་བཟུང་ནས་མེ་ཏོག་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་(༡༩བ)


GLG010_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས་པ། རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ། གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་མཛེས་པ། ཟླ་བའི་རྒྱབ་ཡོལ་ཅན། རལ་པའི་ཅོད་པན་སྟོད་དུ་བཅིངས་པའི་ལྷག་མ་རྣམས་ཐུར་དུ་འཕྱང་བ་ཟུར་ཕུད་ལྔའི་ཚུལ་གྱིས་གཡོན་དུ་སྤུད་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དངས་གསལ་འོད་ཀྱི་རང་བཞིན་ཅན་དུ་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་འཕགས་པ་འཇམ་དཔལ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ་ས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀཱུ་ལ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཏཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ་ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གཞོན་ནུའི་སྐུ་ལུས་འཆང་བའོ། །ཡེ་ཤེས་སྒྲོན་མེ་རབ་གསལ་ཞིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་(༢༠ན)


GLG010_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་པདྨ་དང་ཟླ་བའི་སྟེང་དུ། དྷཱིཿདམར་སེར་གྱི་མཐར་ཨ་ར་པ་ཙ་ན་དྷཱིཿ ཞེས་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ། ལྕེའི་རྩ་བར་དྷཱིཿནག་པོ་གྲེ་ཕུགས་སུ་བསྟན་ནས་ཉལ་ཐབས་སུ་གསལ་བཏབ་པ་ལ་དམིགས་ནས་བཟླས་པ་བྱ་ཞིང་། སྐབས་འགར་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས། རྒྱལ་བ་སྲས་དང་བཅས་པ་མཆོད། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་རྨོངས་པའི་མུན་པ་ཐམས་ཅད་བསལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁས་པ་པཎྜི་ཏ་རྣམས་ཀྱི་འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཐམས་ཅད་བསྡུས་ནས་མི་སྐྱོ་བའི་བར་དུ་བཟླ། བཟླས་པའི་རྗེས་སུ་སྔར་ལྟར་མཆོད་བསྟོད་བྱ་ཞིང་ཡི་གེ་བརྒྱ་པས་བྱིན་རླབས་བརྟན་པར་བྱ། ཐུན་མཐར་དབུགས་ཐེངས་གཅིག་ལ་དྷཱིཿབརྒྱ་རྩ་གཅིག་བགྲངས་ཏེ། ལུས་ཐམས་ཅད་དྷཱིར་གྱུར་པར་བསམ། ཐུན་བསྡུ་བ་ནི། རང་ཉིད་ལྷར་གསལ་བ་འོད་དུ་ཞུ་ནས་ཐུགས་ཀའི་སྔགས་འཁོར་ལ་ཐིམ། དེ་ཉིད་ཀྱང་དྷཱིཿ ལ་ཐིམ། དྷཱིཿགུ་གུ་ལ་ཐིམ། གུ་གུལ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་བསམ་ནས་ཅུང་ཟད་མཉམ་པར་བཞག །སླར་ཡང་ཆུ་ལས་ཆུ་ལྦུར་རྡོལ་བའི་ཚུལ་དུ་འཇམ་དབྱངས་ཀྱི་ང་རྒྱལ་དང་མ་བྲལ་བ་བྱེད། མཇུག་ཏུ་དགེ་བ་བསྔོ་ཞིང་སྨོན་ལམ་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །ཨེ་མ་དཔག་བསམ་ཡོངས་འདུའི་ལྗོན་པ་ལས། །ཕུན་ཚོགས་འདོད་པའི་རེ་བ་སྐོང་བྱེད་ན། །རྒྱལ་ཀུན་ཡབ་གཅིག་འཕགས་མཆོག་འཇམ་པའི་དབྱངས། །བསྟེན་ན་མཆོག་ཐུན་དངོས་གྲུབ་ཅིས་མི་ཐོབ། །དེ་ཕྱིར་གང་དེའི་སྒྲུབ་ཐབས་སྔོན་བྱོན་གྱི། །མཁས་གྲུབ་དམ་པའི་ཕྱག་སྲོལ་མ་ཉམས་པ། །མ་ཚང་ཁ་བསྐངས་གབ་དཀྲུགས་རྣམས་བསྡེབས་ནས། །བཀླགས་པས་དོན་གྲུབ་ཉུང་ངུ་རྣམ་གསལ་འདི། །རིགས་ཀུན་ཁྱབ་(༢༠བ)


GLG010_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དཀྱིལ་འཁོར་འཁོར་ལོའི་མགོན། །ངུར་སྨྲིག་གར་གྱིས་རོལ་བ་བླ་མ་རྗེའི། །རྡོ་རྗེའི་གསུང་གིས་འཚོ་བའི་ལྡུམ་བུ་བ། །ཟ་ཧོར་བནྡེས་བྱང་ཕྱོགས་ཏལ་ཁར་སྦྱར། །དགེ་བ་དེས་ཀྱང་འགྲོ་བ་མ་ལུས་པ། །མི་ཤེས་རྨོངས་པའི་དགྲ་ལས་རྣམ་རྒྱལ་ནས། །ཇི་ལྟ་ཇི་སྙེད་ཆོས་ཀུན་གཟིགས་པ་ཡི། །དཔལ་ལྡན་སྟོབས་བཅུའི་གོ་འཕང་ཐོབ་གྱུར་ཅིག །ཅེས་འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཤེས་རབ་སྣང་བ་རྒྱས་བྱེད་ཅེས་བྱ་བ་འདི་ཡང་། གནམ་སྐོས་སའི་ཚངས་པ་འཇམ་དབྱངས་གོང་མ་རྒྱལ་པོའི་གསེར་ཡིག་པ་ཤ་ཇི་དྷ་ར་ཁོན་ཆིན་གྱིས་བསྐུལ་བའི་ངོར། ཁྱབ་བདག་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་སོགས་ཚད་ཐུབ་ཀྱི་རྡོ་རྗེ་སློབ་དཔོན་དུ་མའི་གསུང་གི་བདུད་རྩིས་འཚོ་བའི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་བ་ནི་སྨོན་འགྲོ་པཎ་ཆེན་ནོ། ། ན་མ་ཝ་རཱ་སུ་ཁ་ཤུཀླཱ་ཡཿ ཐབས་ཤེས་ཟུང་དུ་འཇུག་པའི་ཆུ་གཏེར་ཆེར། །གཅིག་ལས་དུ་མར་སྣང་བ་ཕྱག་རྒྱའི་གར། །མཚན་བཟང་ཉི་མ་འབུམ་གྱིས་དཔལ་འབར་བའི། །འཁོར་ལོའི་དབང་ཕྱུག་ཧེ་རུ་ཀ་དཔལ་རྒྱལ། །མགོན་དེས་ཐུན་མཚམས་བླ་གོས་ཟོལ་སྦྱོར་གྱི། །ཐུན་མོང་གདུལ་བྱའི་སྣང་ངོར་བཤེས་གཉེན་ཚུལ། །སྟོན་མཛད་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །བགྲང་ཡས་དུས་གསུམ་རྒྱལ་བ་ཀུན་གྱི་ཡབ། །ཁྱོད་གསུང་རྡོ་རྗེའི་ཚིགགི་རྔ་བོ་ཆེ། །རྨད་བྱུང་འཆི་མེད་དཔལ་སྟེར་སྙན་པའི་སྒྲ། །སྤེལ་ལེགས་ཚིག་སྦྱོར་དབྱུ་གུས་རབ་བསྐུལ་ན། །མ་ཡེངས་སྒྲ་འཛིན་གླགས་ཏེ་ལེགས་པར་ཉོན། །དེ་ལ་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ལ་དངོས་སུ་གནང་བའི་འཇམ་དབྱངས་ཀྱི་ཆོས་སྐོར་ཞེས། ཞྭ་སེར་ཅོད་པན་འཛིན་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཟབ་ཆོས་སུ་བྱེད་པའི་ནང་ཚན་དཔལ་འཁོར་ལོ་སྡོམ་པ་(༢༡ན)


GLG010_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་སྒོ་ནས་ཚེ་བསྒྲུབ་པའི་རིམ་པ་ལ། ཐོག་མར་ལུགས་སྲོལ་འདི་ཉིད་ཀྱི་བརྒྱུད་པ་དང་ཕྱག་ལེན་གྱི་རིམ་པ་ཟམ་མ་ཆད་པ་ལས་བྱུང་བའི། སྨིན་བྱེད་ཚེའི་དབང་གི་རིམ་པ་ཐོབ་པ་སྔོན་དུ་བཏང་ནས། ཉམས་སུ་བླང་བའི་ཚུལ་ལ། རང་དོན་དུ་བསྒྲུབ་པ་དང་། གཞན་དོན་དུ་བསྒྲུབ་པའི་རིམ་པ་གཉིས་ལས། དང་པོ་ལ། ཕྱི་ནང་གི་མཆོད་གཏོར་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམས། སྐྱབས་འགྲོ་སེམས་བསྐྱེད་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་ཅད་དང་། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེརུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་བགོད་པར་བགྱི། །ཚོགས་བསགས་པ་ནི། རང་སྐད་ཅིག་གིས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཡབ་ཡུམ་བླ་མ་རིགས་ཀྱི་བདག་པོའི་རྣམ་པར་བཞུགས་པ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿཤྲཱིཿཙཀྲ་སམྦ་ར་སི་ཏ་མཎྜ་ལེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་ཙ་ཀྲ་སམྦ་ར་སི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་བཞིར་ཚད་མེད་བཞི་བསྒོམ། ལྷ་བསྐྱེད་པ་ནི། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་(༢༡བ)


GLG010_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧཱུཾ་དཀར་པོ་དངུལ་ཆུའི་མདོག་ལྟར་འཚེར་བ་དང་། ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཞལ་སྦྱོར་གྱི་རྣམ་པ་ཅན་དུ་གྲུབ་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུཾ་དཀར་པོ་དེ་ཉིད་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་ཤེལ་དཀར་གྱི་ལྷུན་པོ་ལ་ཉི་མ་ཤར་པ་ལྟར་དཀར་ཞིང་དྲི་མ་མེད་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ཞི་ཞིང་འཛུམ་ལ་རྗེས་སུ་ཆགས་པའི་ཉམས་ཅན། བུང་བ་ལྟར་གནག་པའི་དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས་པའི་རྩེར་ཟླ་ཚེས་དང་མཚོགས་མའི་སྟེང་དུ་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཕྱག་གཉིས་ཀྱིས་འཆི་བ་མེད་པའི་བདུད་རྩིས་གང་བའི་བུམ་པ་དམར་པོར་རེ་རེ་བཟུང་ནས་ཡུམ་ལ་འཁྱུད་པ། དར་གྱི་སྟོད་གཡོགས་ལྷབ་ལྷུབ་ཏུ་མཛེས་ཤིང་རུས་པའི་རྒྱན་དྲུག་དང་རིན་པོ་ཆེས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དེའི་པང་ན་ཡི་གེ་ཧྲཱིཿདམར་པོ་དེ་ཉིད་ཡོངས་སུ་གྱུར་པ་ལས། ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ལང་ཚོ་དར་ལ་བབ་ཅིང་ནུ་མ་དང་བྷ་ག་རྒྱས་པ། དབུ་སྐྲ་སྣུམ་ཞིང་ནག་པ་སིལ་བུར་ཕབ་པ། ཕྱག་གཉིས་ཀྱིས་འཆི་བ་མེད་པའི་བདུད་རྩིས་བཀང་བའི་ཐོད་པ་རེ་རེ་བཟུང་སྟེ་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གི་ཚུལ་གྱིས་རྐེད་པ་ནས་འཁྲིལ་པ། པཉྩ་ལི་ཀའི་སྟོད་གཡོགས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་ཤིང་། ཐལ་བ་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཡུམ་གཉིས་ཀའང་འོད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་(༢༢ན)


GLG010_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིང་བག་སྒེག་པའི་ཉམས་ཀྱིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱིས་གནས་ནས། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། ཡང་འོད་འཕྲོས་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་འཁོར་བཅས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག །ལྷ་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར་པ་སྤྱི་བོ་ནས་སྐུ་ལ་ཞུགས་པའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་ནི། ཨོཾ་ཙཀྲ་སམྦ་ར་སི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་ཧ་ཧེ་ཧྲཱི༔ ཕྱག་རྒྱ་དང་བཅས་པས་ནང་མཆོད་བྱིན་གྱིས་བརླབས། མཆོད་དོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྒྱལ་བ་རྡོ་རྗེ་འཆང་། རྗེ་བཙུན་འཇམ་དཔལ་དབྱངས། གྲུབ་ཆེན་དཔའ་བོ་རྡོ་རྗེ། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ། རྗེ་ཆོས་བཟང་(༢༢བ)


GLG010_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་ཡེ་ཤེས་རྩེ་མོ། །མཁས་གྲུབ་ཆོས་ལྡན་པ། མར་སྟོན་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རིན་ཆེན། རྡོ་རྗེ་འཆང་སྔགས་རམས་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་དཔལ་གཞོན་ནུ་བཟང་པོ། །འཇམ་དབྱངས་སྣང་མཛད་རྡོ་རྗེ། རྡོ་རྗེ་འཆང་དཔལ་འབྱོར་འཕྲིན་ལས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཨོཾ་ཨཱཿཧཱུཾ། ཆོས་སྐྱོང་སྲུང་མའི་ཚོགས་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་ཞལ་དུ་། ཨོཾ་ཨཱཿཧཱུཾ། ཨོཾ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅ཧཾ། ཞེས་བདུད་རྩི་མྱང་། བསྟོད་པ་ནི། མཛེས་ཤིང་ལྟ་བས་མི་ངོམས་མཚན་དཔེའི་སྐུ། །རབ་སྙན་དྲུག་ཅུའི་དབྱངས་ཅན་ཚངས་པའི་གསུང་། །མཁྱེན་བརྩེ་ནུས་མངའ་བླ་མེད་ཡེ་ཤེས་ཐུགས། །གསང་གསུམ་དཔལ་ལྡན་བདེ་མཆོག་འཁོར་ལོར་བསྟོད། བཟླས་པ་བྱ་བ་ནི། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩིས་གང་བའི་བུམ་པ་དམར་པོ། །དེའི་དབུས་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ། རང་གི་སེམས་ཀྱི་ངོ་བོ་ཧཱུཾ་དཀར་པོ། །དེའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་སྡོམ་པ་ཡབ་ཡུམ་གཞུང་བཞིན་གསལ་གདབ། ཧཱུཾ་གི་མཐར་མདུན་ནས་བརྩམས་ཏེ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཚེ་ལ་སྲུངས་ཤིག །ཅེས་པས་གཡས་སྐོར་དུ་བསྐོར་བར་བསྒོམ། སྙིང་གའི་ཡི་དམ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། འཁོར་འདས་ཀུན་གྱི་ཚེ་བཅུད་བཀྲག་མདངས་མ་ལུས་པ་བསྡུས་ཏེ་ཕྱག་གི་བུམ་པ་དང་ཐོད་པ་གང་། དེ་ལས་བདུད་རྩིའི་རྒྱུན་བབས་ཏེ་ཧཱུཾ་ཡིག་ལ་ཐིམ་པས། ཚེ་ཡར་པ་འཁུགས། ཉམས་པ་སོས། འཆི་མེད་ཀྱི་དངོས་གྲུབ་ཐོབ་(༢༣ན)


GLG010_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ་བཟླས་པ་ཅི་ནུས་སུ་བྱ། ཐུན་མཚམས་གཏོར་མ་འཕུལ་བར་འདོད་ན། གཏོར་མ་གོང་གི་ནང་མཆོད་ལྟར་བྱིན་གྱིས་བརླབས། ཕེཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དཔལ་འཁོར་ལོ་བདེ་མཆོག་དཀར་པོ་ཡབ་ཡུམ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། ཡབ་ཡུམ་གྱི་ལྗགས་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར་པར་བསམས་ལ་ཨོཾ་བཛྲ་ཨ་ར་ལ་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟྭཾ་ཏྲྀ་ཤྱ་ཧོཿ ཞེས་ལན་གསུམ་གྱིས་འབུལ། མཆོད་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུཾ་བཏེགས་ལ་ནང་མཆོད་འབུལ། བསྟོད་པ་ནི། ཆུ་སྐྱེས་འདབ་སྟོང་བཞད་པའི་ཟེའུ་འབྲུའི་རྩེར། །རྟ་བདུན་བདག་པོའི་དཀྱིལ་འཁོར་རབ་རྒྱས་སྟེང་། །བདེ་སྟོང་ཟུང་འཇུག་ཉམས་ཀྱི་འཇོ་སྒེག་ཅན། །འཆི་མེད་ཚེ་ཡི་དངོས་གྲུབ་སྟེར་ལ་འདུད། །བརྗོད་དུ་མེད་པ་སྟོང་པ་སེམས་ཀྱི་མཁར། །སྣང་བ་ལྷ་སྐུར་ཤར་བའི་འཇའ་རིས་ཅན། །རང་བཞིན་མེད་ཀྱང་དོན་ཀུན་བསྒྲུབ་ནུས་པའི། །ངོ་མཚར་སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན། །ཆུ་ཤེལ་པད་དཀར་དུང་དང་ཟླ་འོད་ཀྱིས། །བསྐྲུན་པར་ནུས་མིན་ལང་ཚོ་དར་བའི་སྐུ། །འདོད་བྲལ་ཤེས་རབ་མ་ལ་རྗེས་ཆགས་པའི། །ཟག་མེད་བདེ་ཆེན་འགྲོ་ལ་ངོམ་པ་བཞིན། །མཉེན་འཇམ་ཕྱག་གིས་བུམ་བཟང་ལེགས་བཏེག་ནས། །འགྲོ་ལ་འཆི་མེད་དངོས་གྲུབ་སྟེར་བ་དང་། །ལྷན་ཅིག་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མར། །མཉམ་སྦྱོར་འཁྱུད་པའི་རྩེ་དགའ་ཁོང་ནས་དགོད། །དབང་སྔོན་ལྟར་མཐིང་དབུ་སྐྲའི་ཐོར་ཚུགས་རྩེར། །འགྲོ་ལ་ལྷག་བསམ་མཚོན་པའི་ཟླ་ཚེས་(༢༣བ)


GLG010_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། །འཛུམ་ལྡན་ཞལ་གྱིས་བསུས་པའི་མ་འདྲིས་འགྲོ ། དཀྱུས་རིང་སྨན་གྱིས་རྟག་ཏུ་བརྩེ་བ་བཞིན། །ཨུཏྤལ་ནག་ཀླུང་ལྟ་བུའི་སྨིན་འཁྱོགས་ཤིང་། །ཤང་ཀྱི་གཟེངས་མཐོ་སྙན་ཤལ་རིང་དུ་འཕྱངས། །རབ་དམར་མཆུ་སྒྲོས་འདབ་མ་རྒྱས་པའི་ནང་། །ཚེམས་དཀར་ཟེའུ་འབྲུའི་མུ་ཏིག་འཕྲེང་བ་དགོད། །སྤྲོས་པ་ཀུན་བྲལ་སྟོང་གཟུགས་ཕྱག་རྒྱའི་སྐུ། །སྣ་ཚོགས་རིན་ཆེན་རུས་པའི་རྒྱན་གྱིས་སྤུད། །སྒྲིབ་བྲལ་མཚན་དཔེའི་སྣང་བརྙན་སྟོན་པའི་ཆེད། །ཕྱི་ནང་གསལ་བ་དར་གྱི་ན་བཟས་མཛེས། །ཤེས་རབ་ལྷ་མོར་ཤར་བའི་མཚོན་རྣོན་གྱིས། །དུག་ལྔའི་གཡུལ་ལས་རྒྱལ་ཡང་མ་ཚིམ་པར། །གཉིས་མེད་གཉིས་སུ་སྣང་བའི་ལུས་ཕྲ་མར། །མི་ཕྱེད་མཛའ་བའི་ཕྱག་རྒྱ་དམ་པོར་བཅིངས། །ངེས་པའི་དོན་དུ་ཆོས་སྐུའི་རང་བཞིན་ཅན། །གདུལ་བྱའི་སྣང་ངོར་བཞིན་ལག་སྤྲུལ་སྐུའི་གཟུགས། །འཆི་མེད་ཚེ་ཡི་མཆོག་སྦྱིན་བཅོམ་ལྡན་འདས། །འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་ཕྱག་འཚལ། །བསྙེན་ཅིང་མཆོད་བསྟོད་གསོལ་བཏབ་ལྷ་ལམ་ངོས། །ཐུགས་རྗེའི་ཆུ་འཛིན་དཀར་པོ་འཁྲིགས་པ་ལས། བྱིན་རླབས་འཛད་མི་ཤེས་པའི་ཆར་རྒྱུན་གྱིས། །ཚེ་དཔལ་བསོད་ནམས་མྱུ་གུ་སྨིན་པར་མཛོད། །ཚེ་རབས་ཀུན་ཏུ་དལ་བའི་རྟེན་བཟང་ཐོབ། །མཚན་ཉིད་ལྡན་པའི་བཤེས་གཉེན་མགོན་གྱིས་ཟིན། །ཟབ་རྒྱས་དམ་པའི་ཆོས་ལ་ལོངས་སྤྱད་ནས། །འགྲོ་བ་ཀུན་གྱི་མགོན་དུ་འགྱུར་བར་ཤོག །ཅེས་བསྟོད་ཅིང་སྨོན་ལམ་དུ་བྱས་ནས། ཡི་གེ་བརྒྱ་པའི་མཐར། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷ་྅ཧ། ཞེས་གཏོར་མགྲོན་གྱི་ལྷ་རྣམས་རང་ཉིད་ལ་བསྡུ། ཉེར་བསྡུ་བྱ་བ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། །ཡུམ་ཡབ་(༢༤ན)


GLG010_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། ཡབ་བུམ་པ་ལ་ཐིམ། བུམ་པ་རྡོ་རྗེ་ལ་ཐིམ། རྡོ་རྗེ་སྔགས་འཕྲེང་ལ་ཐིམ། སྔགས་འཕྲེང་ཧཱུཾ་ཡིག་ལ་ཐིམ། །དེ་ཉིད་ཀྱང་ཞབས་ཀྱུ་ནས་རིམ་བཞིན་ནཱ་དའི་བར་དུ་ཐིམ་ནས། མཐར་སྤྲོས་བྲལ་གི་ངང་དུ་ཅུང་ཟད་མཉམ་པར་བཞག །སླར་ཡང་ལྷའི་སྐུར་ལངས་ཏེ་སྨོན་ལམ་ནི། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་དཀར་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །སྣ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་པར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་དག་གིས་ནི་ལྷ་མོ་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་ཤོག །ཅེས་བཀྲ་ཤིས་དང་སྨོན་ལམ་ཅི་རིགས་པ་བྱའོ། །གཉིས་པ་གཞན་དོན་དུ་སྒྲུབ་ན། པདྨ་འདབ་མ་བརྒྱད་པའི་སྟེང་དུ་བུམ་པ་བཅུད་ལྡན་མདུན་རང་ལ་བསྟན་ཏེ་བཞག །མཆོད་གཏོར་སོགས་གཞུང་བཞིན་བཤམས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་བུམ་པ། ལྟོ་བ་ཆེ་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་དཀྲིས་པ། ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་ཞེས་པ་ནས་བཟུང་སྟེ། མཆོད་བསྟོད་ཀྱི་བར་གཞུང་བཞིན་བྱ། དེ་ནས་གཟུངས་རྡོར་གཟུངས་ཐག་རིགས་ལྔའི་རང་བཞིན་དུ་མོས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཟུངས་ཐག་ལ་འཁྲིལ་(༢༤བ)


GLG010_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཡབ་ཡུམ་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས། འབྱུང་བ་སོགས་བརྟེན་པ་སྣོད་ཀྱི་ཡོན་ཏན་རྣམས་དང་། སངས་རྒྱས་བྱང་སེམས། ཉན་རང་། ཚངས་པ། དབང་ཕྱུག །ཁྱབ་འཇུག །འཁོར་ལོས་སྒྱུར་རྒྱལ་སོགས་གཡོ་བ་བཅུད་ཀྱི་གང་ཟག་རྣམས་ཀྱི་ཚེ་དང་བསོད་ནམས་སོགས་མདོར་ན་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་བསྡུས་ཏེ། ལྷ་དང་བུམ་ཆུ་ལ་ཐིམ་པར་མོས་ནས། བཟླས་པ་བྱ་ཞིང་ཐུན་མཚམས་སུ་མཆོད་བསྟོད་བྱེད། དེ་ལྟར་བསྒྲུབས་པས་དངོས་གྲུབ་ཀྱི་ལྟས་བཟང་བ་བྱུང་བ་དང་། ལྷ་ཡབ་ཡུམ་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས་ནས། བསྒྲུབ་བྱ་ལ་སྟེར་ཞིང་རང་ཉིད་ཀྱིས་ལོངས་སྤྱོད་པ་ཡང་རུང་ངོ་། །སྨྲས་པ། རྒྱལ་ཀུན་ཡབ་གཅིག་ཟུར་ཕུད་ལྔ་པོ་གང་། བཤེས་གཉེན་གཟུགས་ཀྱི་རྣམ་རོལ་བཙོང་ཁ་པའི། །ཐུགས་བཅུད་ཟབ་ལས་ཆེས་ཟབ་བདུད་རྩིའི་རྒྱུན། །བརྒྱུད་ལྡན་བླ་མའི་མཁྱེན་ཡངས་ཡོལ་གོར་གཏམས། །ཚིག་ཉུང་དོན་རྒྱས་རྡོ་རྗེའི་གསང་བའི་གསུང་། །གབ་དཀྲུགས་བསྡེབས་ཤིང་མ་ཚང་ཁ་བསྐང་ནས། །བློ་ལྡན་ཉམས་སུ་ལེན་པ་ཁྱེར་བདེ་བའི། །སྒྲུབ་ཐབས་འདི་ཀོ་སྔོན་མེད་ཡིད་བཞིན་ནོར། །འབྲེལ་མེད་གཞན་གྱི་རྒྱས་བཀབ་འདྲ་ཆོས་དང་། །དཔེ་འཁྱམས་སྣ་ཚོགས་བསྡུས་པའི་འགྲིག་འགྲིག་ཚིག །རྟོག་གེའི་རིགས་པས་བསྒྲུབས་པའི་རང་བཟོ་དག །མ་ཡིན་དམ་པའི་ཕྱག་བཞེས་བཞིན་དུ་བྲིས། །དེ་འདྲ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཤེས་གཉེན་དམ་པར་ཤར་བ་འཁོན་སྟོན་རྗེའི། །ཞབས་རྡུལ་གཙུག་ཏུ་བསྟེན་པའི་དཱ་རི་དྲ། །ཟ་ཧོར་རིགས་ཀྱི་བནྡེས་ཡི་གེར་བཀོད། །(༢༥ན)


GLG010_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བས་གྲངས་མེད་ལུས་ཅན་མ་ལུས་ཀུན། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཏེ། །འཆི་མེད་གྲུབ་པ་སྟོབས་བཅུ་མངའ་བ་ཡི། །བླ་ན་མེད་པའི་གོ་འཕང་མཆོག་ཐོབ་ཤོག །ཅེས་དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་ཟབ་ཆོས་ཐུན་མོང་མ་ཡིན་པ། འཇམ་དཔལ་དབྱངས་ཀྱི་ཆོས་སྐོར་གྱི་ནང་ཚན་བདེ་མཆོག་དཀར་པོའི་སྒྲུབ་ཐབས་ཆོག་སྒྲིགས་སུ་བཀོད་པ་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་འདི་ནི། ཤར་དྭགས་པོའི་ཡུལ་ནས་རིག་པའི་གནས་དུ་མ་ལ་ཐོས་བསམ་བགྱི་འདོད་ཀྱི་འདུན་པ་མི་དམན་པའི་རྣམ་དཔྱོད་ཅན། ལྕང་ར་སྡེ་པ་མགོན་པོ་ཚེ་དབང་རབ་བརྟན་དང་། ཀོང་ཡུལ་གྱད་ཀྱི་གྲོང་ཁྱེར་ལྗོན་པའི་ནགས་ཚལ་གྱི་འཕྲེང་བ་ཚར་དུ་དངར་བའི་སའི་ཆ་ནས་ཕན་བདེ་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ། ཟ་ཧོར་གྱི་རིགས་ལས་བྱ་བཏང་རྣམ་གཡེང་ཅན་ངག་དབང་བློ་བཟང་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ། ། སྲིད་ཞིའི་ཆོས་ཀུན་གདོད་ནས་སྟོང་པའི་གཤིས། །རྟེན་དང་བརྟེན་པའི་འཁོར་ལོར་རྣམ་བཀྲ་བ། །ཟག་མེད་བདེ་ཆེན་མཆོག་ཏུ་རོ་གཅིག་པའི། །དཔལ་ལྡན་ཧེ་རུ་ཀ་དཔལ་ལ་བཏུད་དེ། །མགོན་ཁྱོད་སྒྲུབ་ཐབས་ཚངས་པའི་རལ་ཀླུང་ལས། །ཉུང་ངུ་རྣམ་གསལ་ཡན་ལག་བརྒྱད་ལྡན་ཆུ། །ལྔ་རིགས་ཁྱབ་འཇུག་དགྱེས་བསྐྱེད་ཞབས་བསིལ་དུ། །བསྒྲེང་བའི་སྐལ་ལྡན་ཤིང་རྟ་འདི་ནའོ། །འདིར་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཉམས་སུ་བླང་པ་ལ། འདི་ཉིད་ཀྱི་བྲིས་སྐུ་རབ་གནས་དང་ལྡན་པའི་དྲུང་དུ་(༢༥བ)


GLG010_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མཆོད་བཤམས། གཏོར་མ་འབུལ་བར་སྤྲོ་ནའང་དེ་ཉིད་ཀྱང་མངོན་པར་འདུ་བྱས་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སེམས་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་ཅད་དང་། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། །རང་གི་སྤྱི་བོར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་དང་དར་གྱི་ན་བཟའ་ཅན། ཐུགས་ཀར་ཟླ་གདན་ལ་ཧཱུཾ་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བར་མོས་ལ། བཅོམ་ལྡན་འདས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྔགས་འཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་བདུད་རྩི་བསྡུས་ནས་ཡི་གེ་རྣམས་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐིམ་པ། རང་གི་ཚངས་བུག་ནས་ཞུགས་ཏེ་སྡིག་སྒྲིབ་ཐམས་ཅད་བཀྲུས་ཤིང་ཕྱིར་ཐོན་ཏེ་དག་པར་བསམས་ལ། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ཅི་ནུས་སུ་བརྗོད། བདག་(༢༦ན)


GLG010_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཀྱི་མཐར། རྡོ་རྗེ་སེམས་དཔས། དམ་ཚིག་དང་ཉམ་ཆགས་ཐམས་ཅད་ཕྱིར་དག་གོ །ཞེས་གསུངས་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམ་མོ། །དག་པ་གསུམ་གྱི་རྣལ་འབྱོར་ནི། རང་སྐད་ཅིག་གིས་ཧེ་རུ་ཀར་གསལ་བར་མོས་ནས། ཤྲཱི་ཧེ་རུ་ཀོ྅ཧཾ། ལན་གསུམ་བརྗོད། དབྱངས་གསལ་ཨོཾ་དང་ཧཱུཾ་ཕཊ་ཀྱི་ཐོག་མཐའ་ཅན་ལན་གསུམ་བརྗོད། རང་གི་ལྟེ་བར་དབྱངས་གསལ་ལན་གསུམ་བསྐོར་བ་ལས་ཧེ་རུ་ཀའི་ཚོགས་འཕྲོས། སྣ་བུག་གཡས་ནས་ཐོན་བགེགས་བསྐྲད། སྣ་བུག་གཡོན་ནས་ཞུགས་ཏེ་སྔགས་འཕྲེང་ལ་ཐིམ་པར་གྱུར་བར་བསམ། ཚོགས་ཞིང་ནི། རང་ཧེ་རུ་ཀར་གསལ་བའི་ཐུགས་ཀར་ཧཱུཾ་ལས་འོད་ཟེར་འཕྲོས་པས། བླ་མ་དང་འཁོར་ལོ་སྡོམ་པའི་ལྷ་ཚོགས་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གང་གི་དྲིན་གྱི་བདེ་ཆེན་གནས། །ཞེས་པའི་ཤློ་ཀའི་མཐར། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང་། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་ལ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། ཨོཾ་ཙཀྲ་ས་བར། ཨརྒྷཾ་ནས་ཤཔྡའི་བར་དང་། ཨོཾ་ཨཱཿབཛྲ་ཨཱ་དཪྴེ་ཧཱུཾ། ཨོཾ་ཨཱཿབཛྲ་ཝི་ཎི་ཧཱུཾ་ཕཊ། ཨོཾ་ཨཱཿ་བཛྲ་གནྡྷེ་ཧཱུཾ། ཨོཾ་ཨཱཿབཛྲ་རཱ་སེ་ཧཱུཾ། ཨོཾ་ཨཱཿ་བཛྲ་སྤཪྴ་ཧཱུཾ། (༢༦བ)


GLG010_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿབཛྲ་དྷརྨེ་ཧཱུཾ། ཞེས་བརྗོད། དེ་བཞིན་དུ་བདུད་རྩིས་ཀྱང་མཆོད་པར་བསམས་ལ། ཨོཾ་སརྦ་བཛྲ་ཀྵ་མི་ནི་སརྦ་བྷཀྵ་ཤོ་དྷ་ལ་གུ་ཧྱ་བཛྲ་ཎ་སྭཱ་ཧཱ། ཡབ་ཡུམ་སྙོམས་པར་ཞུགས་ཏེ་བདེ་བ་ཆེན་པོ་བསྐྱེད་པས་ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར་བར་བསམས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས་བཟུང་སྟེ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་གྱིས་རྒྱུན་བཤགས་ལན་གསུམ་བྱ་ཞིང་། ཚད་མེད་པ་བཞི་སྤྱི་འགྲོ་ལྟར་བྱ། ཚོགས་ཞིང་རྣམས་རང་གི་སྨིན་མཚམས་སུ་ཐིམ་པར་བསམས་ལ། འཆི་བ་ཆོས་སྐུ་དང་བར་དོ་ལོངས་སྐུའི་ལམ་ཁྱེར་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བརྟན་གཡོ་ཐམས་ཅད་སྦྱངས་ཏེ་འོད་དུ་གྱུར་བ་རང་ལ་ཐིམ་ཞིང་། རང་ཡང་སྟོད་སྨད་ནས་རིམ་གྱིས་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་གི་ཨཱུ་ནི་ཧའི་ལུས་པ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་འོད་གསལ་དུ་ཐིམ་པར་གྱུར། ཨོཾ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། རང་གི་སེམས་ནཱ་དའི་གཟུགས་གྱེན་དུ་བསྒྲེང་བ་དཀར་ལ་དམར་བའི་མདངས་ཆགས་པར་གྱུར་པར་བསམ། སྲུང་འཁོར་ནི། སུཾ་བྷའི་སྔགས་བརྗོད་ཅིང་། སྔགས་ཚན་དང་པོ་ཤར་དུ་ཁ་དོག་ནག་པོ། །གཉིས་པ་བྱང་དུ་ལྗང་གུ །གསུམ་པ་ནུབ་ཏུ་དམར་པོ། བཞི་པ་ལྷོར་སེར་པོར་གྱུར་པ་ལས་འོད་ཟེར་འཕྲོས་པ་ཡོངས་སུ་གྱུར་ཏེ། སྣ་ཚོགས་རྡོ་རྗེའི་ས་གཞི་དང་། རྡོ་རྗེ་རྩེ་ལྔ་པའི་ར་བ། དྲ་བ། གུར། བླ་བྲེ་དང་བཅས་པའི་སྲུང་འཁོར་དུ་གྱུར། ཨོཾ་མེ་དི་ནཱི་བཛྲ་བྷཱ་ཝ་བཛྲ་བནྡྷ་ཧཱུྃ། (༢༧ན)


GLG010_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བེ་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་སཱ་ར་ཛཱ་ལ་ཏྲཾ་མཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། སུཾ་བྷ་སྔར་བཞིན་བརྗོད། རྟེན་བརྟེན་པ་གསལ་འདེབས་ཤིང་སྐྱེ་བ་སྤྲུལ་སྐུར་ཁྱེར་བ་ནི། ནང་དུ་ཡཾ་རཾ་ཁཾ་ལཾ་སུཾ་རྣམས་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། པཾ་ལས་པདྨའི་སྟེང་དུ་དབྱངས་དཀར་པོ་ཕྲག་གཉིས་དང་གསལ་བྱེད་དམར་པོ་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དཀར་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དམར་མདངས་མཉམ་པ་ཉིད་ཀྱི་ཡེ་ཤེས། དེའི་དབུས་སུ་རང་སེམས་ནཱ་དའི་གཟུགས་ཅན་དེ་ཞུགས་པས་ཐིག་ལེ་ནས་ཨཱུའི་བར་རིམ་པར་གྲུབ་པའི་ཧཱུཾ་ཡིག་རྒྱུ་རྡོ་རྗེ་འཛིན་པ་སོ་སོར་རྟོག་པའི་ཡེ་ཤེས། དེ་ལས་འོད་འཕྲོས་འགྲོ་བ་རྣམས་འཁོར་ལོ་སྡོམ་པའི་གོ་འཕང་ལ་བཀོད། དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་སྙོམས་པར་སྦྱར་བས་ཞུ་ནས་ནཱ་དར་ཐིམ་པས་ཧཱུཾ་ལྷན་ཅིག་སྐྱེ་དགའི་རང་བཞིན་ནི་བྱ་བ་གྲུབ་པའི་ཡེ་ཤེས། ཨོཾ་ཨཱཿཧཱུཾ་ཨོཾ་སརྦ་བི་ར་ཡོ་གི་ནཱི་ཀཱ་ལ་ཝཱ་ཀ་ཙི་ཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿ་བཛྲ་ཤུདྡྷོ྅ཧཾ། ཟླ་བ་དབྱངས་གསལ་ཧཱུཾ་བཅས་ཡོངས་སུ་གྱུར་པ་ལས་རྟེན་བརྟེན་པའི་དཀྱིལ་འཁོར་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་སྲུང་འཁོར་གྱི་ནང་དུ་གཞལ་ཡས་ཁང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། གྲུ་བཞི་སྒོ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་ཕྲེང་བ་(༢༧བ)


GLG010_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ཞབས་གཡས་བརྐྱང་པས་འཇིགས་བྱེད་ནག་པོའི་མགོ་བོ་དང་། གཡོན་བསྐུམ་པས་དུས་མཚན་མ་དམར་མོའི་ནུ་མ་མནོན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཅོགས་སྣ་ཚོགས་རྡོ་རྗེས་མཚན་ཅིང་། རྡོ་རྗེའི་འཕྲེང་བ་ལ་བརྒྱུས་པའི་ཐོད་སྐམ་ལྔས་དབུ་བརྒྱན་པ། དབུའི་གཡོན་དུ་ཟླ་བ་ཕྱེད་པ་འཕྱང་བ། དྲང་སྲོང་ཁྲོས་པའི་ཉམས་ཅན་གྱི་མཆེ་བ་གཙིགས་ལ། གར་དགུའི་ཉམས་དང་ལྡན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་། རྒྱུ་མ་ལ་བརྒྱུས་པའི་མགོ་འཕྲེང་ལྔ་བཅུ་འཕྱང་བ། ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །དེའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ། སྤྱན་གསུམ་པ། གཅེར་མོ་སྐྲ་གྲོལ་བ། གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡས་སྡིགས་མཛུབ་དང་བཅས་པའི་གྲི་གུག་འཕྱར་བ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་དུ་འཁྲིལ་བ། མི་མགོ་སྐམ་པོ་ལྔའི་ཐོད་དང་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་སྤྲས་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། བྱཱ་སེར་པོ་ལས་བྱུང་བའི་ནོར་བུ་དམར་པོ་བྱཱ་སེར་པོས་མཚན་པ། ཡུམ་གྱི་གསང་གནས་ཨཱཿདམར་པོ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པ་དྱཱ་སེར་པོ་ལས་བྱུང་བའི་བྱང་སེམས་དཀར་པོ་དྱཱ་སེར་པོས་མཚན་པ། ཡབ་ཀྱ་ལྟེ་བར་ཟླ་གདན་ལ་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཐུགས་ཀར་ཟླ་གདན་ལ། སརྦ་བུདྡྷ་ཌཱ་ཀི་ནཱི་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། མགྲིན་པར་ཉི་གདན་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སཾ་བྷ་རཾ་སྭཱཧཱ། དཔྲལ་བར་ཉི་གདན་(༢༨ན)


GLG010_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡུམ་གྱི་ལྟེ་བར་ཉི་གདན་ལ་ཨོཾ་ཤྲཱི་བཛྲ་སོགས། ཐུགས་ཀར་ཉི་གདན་ལ་ཨོཾ་ཧྲཱིཿཧ་སོགས། མགྲིན་པར་ཟླ་གདན་ལ་ཨོཾ་བཻ་རོ་སོགས། དཔྲལ་བར་ཟླ་གདན་ལ་ཨོཾ་སརྦ་བུདྡྷ་སོགས་ཡབ་ཀྱི་སྐབས་ལྟར་གོ་ལྡོག་ནས་བརྗོད། སྔགས་རྣམས་ཀྱང་ཕན་ཚུན་ཞལ་སྦྱོར་དུ་གྱུར། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་སྙོམས་པར་ཞུགས་པས། ཡས་བབས་མས་བརྟན་གྱི་དགའ་བཞི་རྒྱུད་ལ་སྐྱེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་བས་ཡང་དག་པའི་ཏིང་འཛིན་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་ལྷ་སྣང་ལ་རང་བཞིན་མེད་པར་མེ་ལོང་གི་གཟུགས་བརྙན་ལྟར་གྱུར་པར་བསམ། རང་གི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ངོ་བོ་ཨོཾ་ཧ་དཀར་པོ། །མགོ་བོར་ཉི་མ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། །སྤྱི་གཙུག་ཏུ་ཉི་མ་ལ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། །ཕྲག་པ་གཉིས་སུ་ཉི་མ་ལ་ཧེ་རུ་ཀའི་ངོ་བོ་བཽ་ཥ་ཊ་ཧ་ནག་པོ། །མིག་གཉིས་སུ་ཉི་མ་ལ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ༔དམར་སེར། དཔྲལ་བར་ཉི་མ་ལ་རྟ་མཆོག་གི་ངོ་བོ་ཕཊ་ཧ་ལྗང་གུ། ཡུམ་གྱི་ལྟེ་བར་ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བཾ་དམར་མོ། །སྙིང་གར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡོམ་སྔོན་པོ། །མགྲིན་པར་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲི་མོ་དཀར་པོ། །མགོ་བོར་ཉི་མ་ལ་སྐྱོད་བྱེད་མའི་ངོ་བོ་ཧྲེཾ་ཧྲིཾ་སེར་པོ། སྤྱི་གཙུག་ཏུ་ཉི་མ་ལ་སྐྲག་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་ལྗང་གུ །དཔྲལ་བར་ཉི་མ་ལ་ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར་པར་བསམ་མོ། །ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཕཻཾ་རང་གི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་དབང་གི་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿས་(༢༨བ)


GLG010_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་ཞེས་མཆོད་ཡོན་ཕུལ། ཛཿཧཱུཾ་བཾ་ཧོ༔ས་གཉིས་མེད་དུ་བསྟིམ། གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། ཨོཾ་ཡོ་ག་ཤུ་དྡྷཱཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། ཨོཾ་ཨཱ་ཧཱུཾ་སརྦ་བི་ར་ཡོ་ག་ན་ས་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། སྒོ་མཚམས་མས་བགེགས་བསྐྲད། དཔའ་བོས་ཤིས་པ་བརྗོད། དཔའ་མོས་རྡོ་རྗེའི་གླུ་ལེན། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་གྱིས་བུམ་པ་ཐོགས་ཏེ་དབང་བསྐུར་བར་གྱུར་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་གནས་པ་ལས། ཡབ་ལ་རྡོར་སེམས་དང་། ཡུམ་ལ་རྣམ་སྣང་གིས་དབུ་བརྒྱན་པར་གྱུར་པར་བསམ་མོ། མཆོད་པ་ནི། ཡིད་ཀྱིས་སྤྲུལ་པའི་མཆོད་ལྷས་ཕུལ་བར་བསམས་ཏེ། ཨོཾ་ཙཀྲ་སམྦ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱ་དྱཾ། ཨཉྩ་མཱ་ནཱཾ། པྲོཀྵ་ཎཱི། བཛྲ་པུཥྤེ་ནས་ཤ་བྡའི་བར་གྱིས་མཆོད། བདུད་རྩི་མྱང་བ་ནི། ཨོཾ་ཨཱཿཧཱུཾ། ཧ་ཧོ་ཧྲི་ཞེས་ཕྱག་རྒྱ་དང་བཅས་བྱིན་གྱིས་བརླབས། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ་ཨོཾ་ཨཱཿཧཱུཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཨོཾ་ཨཱཿཧཱུཾ། ཆོས་སྐྱོང་སྲུང་མའི་ཚོགས་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡུལ་ལྷ་གཞ་ིབདག་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་བརྗོད་ལྕེ་ཐོག་ཏུ་ཡང་མྱང་ངོ་། (༢༩ན)


GLG010_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ནི། ཨིནྡྲ་ནཱི་ལའི་ལྷུན་པོ་ལ། །བྱུ་རུའི་འཁྲི་ཤིང་གིས་འཁྱུད་པ། །སྔོན་མེད་གར་དགུའི་རོལ་གར་མཁན། །བཅོམ་ལྡན་ཡབ་ཡུམ་ལ་ཕྱག་འཚལ། །ཞེས་པའམ་རྒྱས་པར་སྤྲོ་ན་རྒྱ་སྐད་བོད་སྐད་ཀྱི་བསྟོད་པ་དཀྱུས་ལྟར་རོ། །བཟླས་པ་ནི། བགྲང་འཕྲེང་ལ་ནང་མཆོད་གཏོར། བསངས་སྦྱངས། སྟོང་པའི་ངང་ལས་འཕྲེང་བ་སྐད་ཅིག་གིས་པདྨ་གར་དབང་དུ་གྱུར་པའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་དེ་ལས་འོད་འཕྲོས་ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿས་བསྟིམ། ཨརྒྷཾ་ནས་ཤཔྟའི་བར་དང་། རང་སྔགས་འབྲུ་གསུམ་བཏགས་པའི་ནང་མཆོད་འབུལ། ཨོཾ་སྭཱ་ཧཱ་ཧཱུཾ་ཧཱུཾ་ཕཊ་ཉེར་གཅིག་བཟླ། དེ་ཉིད་ཞུ་བ་ལས་འཕྲེང་བའི་རྣམ་པར་གྱུར་པར་བསམ། རང་གི་ཐུགས་ཀར་ཉི་གདན་ལ་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས། འགྲོ་བའི་དོན་བྱས་ཚུར་འདུས་ཏེ་སྤྲོ་བསྡུའི་ངང་ནས། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་བཟླ་ཞིང་ཐུན་འཇོག་ཁར་ཧེ་རུ་ཀའི་ཡི་གེ་བརྒྱ་པ་བཟླའོ། །གཏོར་མ་འབུལ་བར་སྤྲོ་ན་ཆོ་ག་རྒྱལ་བ་རྣམས་ལས་ལྷ་མང་ཉུང་མ་གཏོགས་འཕྲི་བསྣན་དགོས་པ་མེད་ཅིང་རྒྱུན་གྱི་རྣལ་འབྱོར་ལ་མ་བྱས་པས་ཆོག་གོ ཉེར་བསྡུ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། སྲུང་འཁོར་དུར་ཁྲོད་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། དེ་གཙོ་བོ་ཡབ་ཡུམ་ལ་ཐིམ། ཡབ་ཡུམ་གཉིས་ཀྱང་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་ཡིག་ཡོངས་སུ་སུ་གྱུར་པ་ལས་རང་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་པའི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ངོ་བོ་ཨོཾ་ཧ་དཀར་པོ་ནས། ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཀ་རྣམས་ཀྱིས་མཚན་པའི་བར་བརྗོད། སྨོན་ལམ་ནི། སེམས་ཅན་ཀུན་(༢༩བ)


GLG010_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་ཤོག །སྨོན་ལམ་ཤིས་བརྗོད་རྒྱས་པར་སྤྲོ་ན་ཡི་གེ་རྙིང་པ་ལས་ཤེས་པར་བྱའོ། །རྣལ་འབྱོར་གསང་མཐའི་ཆུ་གཏེར་ལས་འོངས་པའི་སྒྲུབ་ཐབས་ཚིག་ཉུང་དོན་ཚང་རྟ་ལྗང་ཅན། །རྣམ་གཡེང་མུན་པས་སྒྲིབ་པར་ནུས་མིན་པ། །ཕན་བདེའི་སྣང་བའི་འོད་སྟོང་ཆེས་དཀར་འདི། །འོད་གསལ་འཆི་མེད་གདུང་གིས་མངོན་མཐོ་ཞིང་། །བསོད་ནམས་དཔུང་པས་ས་ཆེན་ལེགས་སྐྱོང་བའི། །ལྷ་རིགས་རྣམ་དཔྱོད་ཡངས་པའི་ངག་གི་དབང་། །དགའ་ལྡན་རབ་ཏུ་བརྟན་དེའི་རྒྱུན་ཁྱེར་དུ། །མདོ་རྒྱུད་གཞུང་དང་ཐ་སྙད་རིག་པའི་གནས། །སྨྲ་བའི་མགྲིན་པ་གཟེངས་སུ་ཉེར་མཐོ་བར། །མཁས་རློམ་གཞན་གྱིས་རྒོལ་བར་ནུས་མིན་པའི། །ངག་དབང་བློ་བཟང་རྒྱ་མཚོས་ཡི་གེར་བཀོད། །ཕ་མཐའ་ལས་འདས་དགེ་བའི་ལྷ་ལམ་ངོས། །དཔའ་བོ་མཁའ་འགྲོའི་ཆུ་འཛིན་འཁྲིགས་པ་ལས། །བྱིན་རླབས་ཆར་གྱིས་འགྲོ་ཀུན་ལུས་ངག་ཡིད། །རབ་བརླན་བདེ་ཆེན་མྱུ་གུ་སྨིན་རྒྱས་ཤོག །ཅེས་བདེ་མཆོག་ལྷན་ཅིག་སྐྱེས་པ་ཡུམ་བཅས་ཀྱི་མངོན་པར་རྟོགས་པ་ཚིག་ཉུང་ངུར་བྱས་པའི་རྒྱུན་ཁྱེར་ཀུན་འདུས་ནོར་བུའི་མགྲིན་རྒྱན་ཞེས་བྱ་བ་འདི་ནི། རུ་བཞིའི་རྒྱལ་ཁམས་ལས་ལྷོ་རྒྱུད་བདེ་བར་སྐྱོང་བའི་ནོར་འཛིན་དབང་པོ་ལྷ་ངག་དབང་དགའ་ལྡན་རབ་བརྟན་གྱི་རྒྱུན་ཁྱེར་ཉམས་ལེན་དུ་ཤིན་ཏུ་བསྡུས་པ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་གིས་བསྐུལ་བ་ལ་བརྟེན་ནས། དྲིལ་བུ་ལྷ་ལྔའི་མངོན་པར་རྟོགས་པ་ལས་ཉེ་བར་བཏུས་ཏེ་ཟ་ཧོར་གྱི་བནྡེས་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །མི་བཟད་མཐུ་(༣༠ན)


GLG010_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྡོ་རྗེ་འབར་བའི་གཟིས། །བགེགས་དཔུང་རྣམ་པར་འཇོམས་ལ་ཆེས་དཔའ་བ། །ལྷ་མཆོག་ཞབས་ཟུང་སྙིང་གི་པད་མཚོ་རུ། །བཀོད་ནས་སྒྲུབ་ཐབས་རྒྱུན་ཁྱེར་ཉུང་ངུར་འདྲི། །རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་གྱི་སྒོམ་བཟླས་བྱ་བ་ལ། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱི་སྐྱབས་འགྲོ་སེམས་བསྐྱེད་བྱ། ཚོགས་ཞིང་ནི། རང་གི་སྙིང་གའི་ནང་དུ་པད་ཉི་གནས་པའི་ཧཱུཾ་ལྗང་སྔོན་ལས་འོད་འཕྲོས། ལུས་གང་། སྡིག་སྒྲིབ་དག འོད་ཟེར་སྣ་བུག་ནས་ཕྱིར་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་ར་ཝཱ་རེ་བྷྱཿ ཞེས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་རཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད། དངོས་གཞི་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་གུར་ཁང་མེ་དཔུང་དང་བཅས་པའི་ནང་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་(༣༠བ)


GLG010_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཁྲོ་གཉེར་ཅུང་ཟད་བསྡུས་ཤིང་ཡིད་ཙམ་འཛུམ་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་ལྟར་སྔགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཡང་འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས། པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་དབང་བསྐུར། ལུས་གང་། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། སྔར་ལྟར་སྔགས་ཀྱིས་མཆོད། གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས། །རྡོ་རྗེ་རིན་ཆེན་ཀུན་ནས་འབར་བའི་མཐུས། །བདུད་བཞིའི་སྟོབས་རྣམས་རྣམ་པར་འཇོམས་མཛད་པ། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་གི་མཐར་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བཟླས་པ་བྱ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཞེས་བརྗོད། སྔགས་ཀྱིས་མཆོད་ཅིང་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་བཛྲ་སཏྭ་ཧཱུཾ་གིས་ལྷག་ཆད་ཁ་བསྐང་། མ་འབྱོར་(༣༡ན)


GLG010_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཉམས་པ་དང་། །གང་ཡང་བདག་བློ་རྨོངས་པས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། དེ་ཀུན་མགོན་པོས་བཟོད་པར་མཛོད། སེ་གོལ་དང་བཅས་ཨོཾ་བཛྲ་མུཿ ཞེས་ཡེ་ཤེས་པ་རང་གནས་སུ་གཤེགས་པར་བསམས་ལ་དགེ་བ་བསྔོའོ། །རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་ཤིན་ཏུ་ཉུང་ངུར་བྱས་པ་ཞིག་དགོས་ཞེས་སྤེལ་ནག་དངོས་གྲུབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ན་མ་སྟཱ་ར་ཧ་རི་ཏཱ་ཡ། མཛེས་སྡུག་ལང་ཚོའི་དཔལ་ལྡན་འཇོ་སྒེག་ཅན། །ཡེ་ཤེས་འོད་སྣང་བཀྲ་བའི་བདེ་སྟོང་སྐུ། །བྱ་གྲུབ་མར་གད་མདོག་ལ་དབང་གཞུའི་མདངས། །བརྗོད་བྲལ་རྒྱལ་བའི་ཡུམ་མཆོག་ལ་བཏུད་ནས། །ཁྱོད་ཉིད་བསྙེན་ཅིང་གསོལ་བ་བཏབ་པ་ལས། །བྱིན་རླབས་འཇུག་བྱེད་སྒྲུབ་ཐབས་ཨ་ཏི་ཤའི། །ལུགས་སྲོལ་འཁྲུལ་བ་མེད་པས་ཉམས་ལེན་དག །བླུན་རྨོངས་རང་བཟོའི་བསྲེ་བསླད་བྲལ་འདིའོ། །རྗེ་བཙུན་སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་ཉམས་ལེན་རྒྱུན་ཁྱེར་བྱ་བར་འདོད་པས། བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟང་གིས་འཁོད་དེ་སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱ། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རྗེ་བཙུན་བཅོམ་ལྡན་འདས་མ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་ཨཱཪྻ་ཏཱ་ར་མཎྜ་ལེ་བྷྱཿ ཞེས་ཕྱག་བྱ་གོང་གི་སྔགས་གཤམ་དུ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ཀྱིས་རྒྱུན་བཤགས་བྱ། ཚད་མེད་(༣༡བ)


GLG010_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས་སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཏཱཾ་ཡིག་ལྗང་གུ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་མ་སྒྲོལ་མ་སྐུ་མདོག་མར་གད་ཀྱི་རི་བོ་ལ་ཉིན་བྱེད་ཀྱི་འོད་ཀྱིས་ཕོག་པ་ལྟ་བུར་ལྗང་ཞིང་། དྲི་མ་མེད་པའི་ཤེལ་ལྟར་དངས་ལ་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་ཨུཏྤལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བ། དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ཕྱེད་བལྟབ་པར་ཐོར་ཅོག་གི་ཚུལ་དུ་བཅིངས་ཤིང་ཕྱེད་ལན་བུའི་ཚུལ་དུ་གཡོན་ཕྱོགས་ནས་ཐུར་དུ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་། དར་སྣ་ཚོགས་ཀྱི་སྟོད་གཡོགས་སྲབ་མོས་ནུ་མ་བཀབ་པ། དར་དམར་པོའི་ཤམ་ཐབས་ཅན། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཟླ་བའི་རྒྱབ་ཡོལ་ལ་བརྟེན་པ་སྣང་ལ་རང་བཞིན་མེད་པ་འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། འོག་མིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཨོཾ་བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་སྤྱན་དྲངས། ན་མ་ཨཱཪྻ་ཏཱ་ར་མཎྜ་ལེ་བྷྱཿཞེས་ཕྱག་བྱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། མདུན་དུ་བཞུགས་པའི་ཡེ་ཤེས་སེམས་དཔའ་དེ་ཉིད་ཀྱི་ཕྱག་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་འོག་ཏུ་བདག་དང་བསྐྱབ་བྱ་ཐམས་ཅད་ཆུད་པར་མོས་ཏེ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཅི་ནུས་སུ་འདོན། དེ་ནས་ཛཿཧཱུཾ་བཾ་ཧཱོ་ཞེས་བརྗོད་པས་དམ་ཚིག་(༣༢ན)


GLG010_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཡེ་ཤེས་པ་ངོ་བོ་དབྱེར་མེད་གཅིག་ཏུ་བསྟིམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་ཁ་མཚན་པར་མོས་ནས། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏའི་མཐར་མཆོད་པ་ལྔས་མཆོད། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། དེ་ལྟར་བསྟོད་པའི་ནུས་བསྔགས་ཀྱིས་འགྲུབ་པར་བྱེད་པ་ཡིན་པས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་གི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པའི་སྔགས་གྱེན་བསྒྲེང་གི་རྣམ་པ་ཅན་གྱིས་གཡས་སྐོར་དུ་འཁོད་པར་བསམས་ལ་ཀོག་དར་ལྟ་བུའི་ཚུལ་གྱིས། བུལ་བ་དང་། མྱུར་བ་དང་། མི་གསལ་བ་སོགས་ཀྱི་སྐྱོན་སྤངས་ནས་བཟླས་ཏེ་ཐུན་འཇོག་ཁར་ཡི་གེ་བརྒྱ་པས་བྱིན་རླབས་བརྟན་པར་བྱ། དེ་ནས་ཡེ་ཤེས་པ་ཕྱུང་ནས་མདུན་དུ་བཞུགས་པ་ལ་མཆོད་བསྟོད་གསོལ་འདེབས་སྔར་ལྟར་བྱས་ཏེ་རང་གནས་སུ་གཤེགས། རང་ཉིད་ལྷར་གསལ་བའི་གདན་པད་ཟླ་ནས་ཡར་འོད་དུ་ཞུ། སྐུའི་སྟོད་ནས་མར་འོད་དུ་ཞུ་ཐུགས་ཀའི་ཟླ་གདན་སྔགས་འཁོར་དང་བཅས་པ་ལ་ཐིམ། དེ་ཉིད་ཏཱཾ་ལ་ཐིམ། དེ་ཡང་ཀླད་ཀོར་ལ་ཐིམ། དེ་ཉིད་ནམ་མཁའ་ལ་འཇའ་ཡལ་བ་(༣༢བ)


GLG010_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྱུར་ཏེ། སྟོང་པའི་ངང་དུ་ཅུང་ཟད་མཉམ་པར་བཞག །དེ་ལས་སྐད་ཅིག་གིས་ལྷར་གསལ་བའི་སྒོ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་སྨོན་ལམ་ཅི་རིགས་པས་མཚམས་སྦྱར་བར་བྱའོ། །སྨྲས་པ། དྲན་པ་ཙམ་གྱིས་འཇིག་པ་བརྒྱད་སྐྱོབ་ཅིང་། །དངོས་གྲུབ་ཀུན་སྩོལ་བསམ་འཕེལ་དབང་གི་རྒྱལ། །བཅོམ་ལྡན་མ་ནི་བསྙེན་དང་གསོལ་གདབ་པ། །ཚུལ་བཞིན་ཤེས་ན་འདི་ཕྱིའི་ཕན་བདེའི་དཔྱིད། །འོན་ཏེ་མུན་ནག་འདོམ་པར་འཇལ་བ་ཡི། །མི་ཤེས་རྨོངས་པའི་རང་བཟོའི་ཚིག་སྦྱོར་གྱིས། །བླང་དོར་དམིགས་བུ་བྲལ་བའི་སྐྱེ་བོ་རྣམས། །དོན་མེད་ངལ་བའི་འཁོར་ལོ་བསྐོར་དེ་ནོངས། ཁོ་བོས་ཡོངས་འཛིན་དུ་མའི་ཞལ་གྱི་ལུང་། །སྙིང་དབུས་བསྟེན་པས་རྒྱ་བོད་མཁས་གྲུབ་ཀྱི། །ལུགས་སྲོལ་ཇི་བཞིན་ཤེས་པས་འཁྲུལ་མེད་དུ། །ཡི་གེར་བཀོད་འདིས་དཔྱོད་ལྡན་དགའ་བ་བསྐྱེད། །རབ་དཀར་དགེ་བའི་ཆོས་ཀྱི་རྔ་བོ་ཆེ། །སྒོ་གསུམ་འབད་པའི་དབྱུག་གུས་བསྐུལ་བ་ལས། །འགྲོ་རྣམས་ཕན་བདེའི་ས་མོས་རྒྱས་བྱེད་པའི། །སྒྲུབ་ཐབས་ཆུ་ཤེལ་དབང་པོ་དེང་འདིར་ཤར། །མཐའ་དང་ཟད་པའི་ཚད་བྲལ་མཁའ་མཉམ་གྱི། །འགྲོ་རྣམས་སྡུག་བསྔལ་དེ་རྒྱུ་ལས་གྲོལ་བའི། །ཀུན་མཁྱེན་རྒྱ་མཚོར་འཇུག་པའི་ལྷག་བསམ་གཟིངས། །རྗེ་བཙུན་ཐུགས་རྗེའི་རླུང་དང་ཕྲད་གྱུར་ཅིག །རྗེ་བཙུན་སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབསཀུནྡའི་གཉེན་གྱུར་ཞེས་པ་འདི་ནི། ཨེར་ཏེ་ན་ད་ལས་བཱ་དུར་དང་ཚེ་དབང་བསྟན་འཛིན་གཉིས་ཀྱིས་བསྐུལ་བ་ལྟར། འདི་ཉིད་ལ་ལུགས་སྲོལ་མི་འདྲ་བ་མང་དུ་ཡོད་པའི་ནང་ནས། མཉམ་མེད་(༣༣ན)
ཇོ་བོ་ཆེན་པོ་ལས་བརྒྱུད་པ་དཔལ་སྣར་ཐང་པའི་བཀའ་སྲོལ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ།། །།

སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་རི་བོ་གྲུ་འཛིན་དུ་བགྲོད་པའི་ཐེམ་སྐས།


GLG010_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་རི་བོ་གྲུ་འཛིན་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་རཱ་ཡ། ཐུགས་རྗེའི་འོད་ཀྱིས་ཕན་བདེའི་ཀུ་མུད་ཚལ། །རྒྱས་མཛད་ཕྱག་ན་པདྨ་ཆུ་ཤེལ་དབང་། ཁྱོད་ཀྱི་སྒྲུབ་ཐབས་ག་བུར་ཐིགས་པའི་རྒྱུན། །དམིགས་མེད་འགྲོ་བའི་ཉེར་འཚོར་འདི་ན་སྤེལ། །དེ་ཡང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་བཞི་པའི་སྒོམ་བཟླས་ཉམས་སུ་ལེན་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚོགས་ཞིང་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་བྱེད། སྭ་བྷཱ་ཝས་སྟོང་པར་སྦྱངས། །སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བའི་སྟེང་དུ། རང་གི་སེམས་ཉིད་ཡི་གེ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སྤྱན་རས་གཟིགས་སྐུ་མདོག་ཤེལ་དཀར་ལྟར་དྭངས་པ། ཞལ་གཅིག་ཕྱག་བཞི་བ་རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཞིང་། གཡས་འོག་མས་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་པ་དང་། གཡོན་འོག་མས་མེ་ཏོག་པད་མ་དཀར་པོའི་ཡུ་བ་ནས་འཛིན་པའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ། ཞི་ཞིང་འཛུམ་པ་སྒེག་པའི་ཉམས་ལྡན་(༣༣བ)


GLG010_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མཐོན་མཐིང་རལ་པའི་ཐོར་ཚུགས་ཀྱི་ལྷག་མ་སིལ་བུར་འཕྱང་བས་སྐུ་རྐེད་ཡན་ཆད་ཁེབས་པ་མཚན་དཔེ་གསལ་རྫོགས་ཀྱི་བདག་ཉིད་ཅན། འཇའ་ཚོན་ལྟར་རྣམ་པར་བཀྲ་བའི་གུར་ཁྱིམ་གྱི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་གྲུ་འཛིན་རི་བོའི་སྤོ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྤྲོས་བྲལ་ཉེར་ཞིའི་ངང་ལས་མ་གཡོས་ཀྱང་། །གྲངས་མེད་ལུས་ཅན་ཐར་པའི་ཁང་བཟང་དུ། །འཁྲིད་ཕྱིར་ཕྱག་ན་པདྨའི་རྣམ་རོལ་གྱིས། །ཐོགས་པ་མེད་པར་བརྩེ་བས་གནས་འདིར་གཤེགས། །ཨོཾ་ཨཱརྱ་ལོ་ཀཱི་ཤྭ་ར་ས་པ་རི་ཝཱ་ར་ཨ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། སླར་ཡང་ཐུག་ཀའི་ཧཱུཾཿལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པ་བདུད་རྩིས་གང་བ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ། ངོ་བོ་ཟག་པ་མེད་པའི་བདུད་རྩི་ལ་རྣམ་པ་རང་རང་གི་བྱེད་ལས་ཁྱད་པར་ཅན་དུ་གྱུར། ཨོཾ་ཨཱཿཧཱུཾ་(༣༤ན)


GLG010_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་ལྡན་རྫིང་བུར་འཁྱིལ་འདྲ་བའི། །མཆོད་ཡོན་ཞབས་བསིལ་ལྷག་པའི་ལྷ་ལ་འབུལ། །འཆི་མེད་དགའ་བའི་ཚལ་ལ་ཅོ་འདྲི་བའི། །རྣམ་བཀྲ་མེ་ཏོག་ལྷག་པའི་ལྷ་ལ་འབུལ། །ཆུ་འཛིན་གསར་པའི་ལང་ལོང་ལྟར་འཁྲིགས་པའི། །དྲི་ཞིམ་བདུག་སྤོས་ལྷག་པའི་ལྷ་ལ་འབུལ། །ཉི་མ་ཟླ་བའི་འོད་ལྟར་རབ་གསལ་བའི། །མར་མེའི་ཚོགས་རྣམས་ལྷག་པའི་ལྷ་ལ་འབུལ། །སྨན་བཟང་སྣ་ཚོགས་འཐུལ་བའི་ཉལ་འགྲོའི་རྒྱུན། །དྲི་ཆབ་མ་ལུས་ལྷག་པའི་ལྷ་ལ་འབུལ། །ལྷ་མིའི་བཟའ་དང་བཏུང་བ་ཀུན་བསྡུས་པའི། །བཤོས་བཟང་དམ་པ་ལྷག་པའི་ལྷ་ལ་འབུལ། །དྲི་ཟའི་པི་ཝང་ལྟ་བུར་སྙན་པ་ཡི། །རོལ་མོའི་ཚོགས་རྣམས་ལྷག་པའི་ལྷ་ལ་འབུལ། །སྔགས་ཀྱི་མཐར་ཨརྒྷཾ་ནས་ཤབྡའི་བར་བརྗོད། རབ་དཀར་ཆུ་སྐྱེས་བཞད་པའི་ལྟེ་བ་ལ། །ཟླ་བ་ཞུན་མར་འཁྱིལ་པའི་གདན་སྟེང་དུ། །མཚན་དཔེའི་ལང་ཚོ་རྒྱས་པའི་ཟློས་གར་ཅན། །འཇིགས་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །འགག་པ་མེད་པ་ཚངས་པའི་དབྱངས་ཀྱི་གདངས། །ཟབ་དོན་དམ་པའི་ཆོས་སུ་ཉེར་འཆར་བའི། །སྐལ་བཟང་རྣ་བའི་བདུད་རྩི་བླ་ན་མེད། །ཡན་ལག་དྲུག་ཅུའི་གསུང་ལ་ཕྱག་འཚལ་བསྟོད། །སྐྱེ་འགག་གནས་བྲལ་གདོད་ནས་སྟོང་པའི་དབྱིངས། །འགྱུར་པ་མེད་པ་བདེ་ཆེན་ཆོས་སྐུའི་ཀློང་། །མ་བསྒྲིབས་ཤེས་བྱ་ཐམས་ཅད་ཀུན་གཟིགས་པའི། །ཟག་མེད་ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་ཀྱི་ངོ་བོ་ཧྲཱིཿདཀར་པོ་གྱེན་དུ་ལངས་པ། དེའི་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཡི་གེ་དྲུག་པའི་སྔགས་ཀྱིས་བསྐོར་བ་ལས་འོད་དང་བདུད་རྩིའི་རྒྱུན་དཀར་པོ་བྱུང་། རང་གི་ལུས་ཐམས་ཅད་གང་། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་(༣༤བ)


GLG010_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དག །འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཁྱད་པར་ཨོཾ་ལས་འོད་འཕྲོས། ལྷའི་གནས་སུ་ཕོག །ལྷ་རྣམས་འཆིའམ་ལྟུང་བྱེད་ཀྱི་སྡུག་བསྔལ་སྦྱངས། འཕགས་པ་མཆོག་གི་གོ་འཕང་ལ་བཀོད། དེ་བཞིན་དུ་མ་ལ་སོགས་པའི་ཡི་གེ་ལྷག་མ་ལྔ་པོས་ཀྱང་། ལྷ་མ་ཡིན། མི། དུད་འགྲོ། ཡི་དྭགས། དམྱལ་བ་རྣམས་རིམ་པ་བཞིན་འཕྲོས་པས། འཐབ་རྩོད། སྐྱེ་རྒ་ན་འཆི། གླེན་ལྐུགས། བཀྲེས་སྐོམ། ཚ་གྲང་བཙོ་སྲེག་གི་སྡུག་བསྔལ་རྣམས་སྦྱངས་ཏེ། ཐམས་ཅད་ཀྱང་འཕགས་པའི་གོ་འཕང་ལ་བཀོད་པར་བསམ་པའི་དམིགས་པའི་སྤྲོ་བསྡུ་དང་། མིག་གི་ཡུལ་དུ་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུའི་རྣམ་རོལ། རྣ་བའི་ཡུལ་དུ་ཐོས་པ་ཐམས་ཅད་ཡི་གེ་དྲུག་པའི་གདངས་ཀྱི་སྒྲ། ཡིད་ཀྱི་ཡུལ་དུ་སྣང་བ་ཐམས་ཅད་འཁྲུལ་བའི་སེམས་ཀྱིས་བཏགས་པ་ཙམ་མ་གཏོགས། དོན་དམ་པར་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པར་བསམ་པ་སྟེ། འཁྱེར་སོ་གསུམ་དང་ལྡན་པའི་ངང་ནས་ཡེ་ཤེས་དྲུག་པ་བཟླ་ཞིང་། ཐུན་འཇོག་ཁར་པདྨ་སཏྭ་ས་མ་ཡ་ཞེས་སོགས་ཡི་གེ་བརྒྱ་པ་བརྗོད། མདུན་བསྐྱེད་ནི། རང་གི་སེམས་ཉིད་ཅེས་པ་དང་། རང་ཉིད་ཅེས་པ་དང་རྗེས། བདག་བསྐྱེད་ལྟར་མཆོད་པ་ཡན་ཆད་དཀྱུས་བཞིན་བྱས། དེ་ནས། ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། སྔགས་ཀྱི་མཐར་ཨོཾ་དཾ་བཾ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་ནམ་ཉེར་གཅིག་དང་། སྔགས་མཆོད་ཀྱང་ཕུལ་རྗེས། རྒྱལ་ཀུན་སྙིང་རྗེ་ཆེན་པོའི་ཟློས་གར་ནི། །རྒྱལ་སྲས་(༣༥ན)


GLG010_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུའི་ཚུལ་དུ་ལེགས་ཤར་བའི། །འགྲོ་བའི་སྐྱབས་གཅིག་རྗེ་བཙུན་པད་དཀར་འཛིན། །བདག་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རླབས། །སྲིད་པའི་ཕུན་ཚོགས་ཚ་སྲེག་མེ་འོབས་དང་། །གཉེན་གྲོགས་འཁོར་བར་འཆིང་བའི་ལྕགས་སྒྲོག་ཏུ། །མངོན་སུམ་སྣང་ཡང་མ་མཐོང་ཞེན་ཆགས་ཅན། །རབ་རྨོངས་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཡང་དག་དགེ་བའི་བཤེས་ལ་རྒྱབ་ཀྱིས་ཕྱོགས། །མི་དགེའི་གྲོགས་ཀྱི་རྗེས་སུ་ནན་ཏར་སློབ། །ངན་སོང་གཡང་སར་གོམ་པ་འདོར་བྱེད་པའི། །བླང་དོར་མིག་བྲལ་བདག་ལ་ཐུགས་རྗེས་གཟིགས། །རང་ཉིད་ལེགས་འདོད་སེམས་ཀྱིས་ཉེར་དྲངས་ཀྱང་། །རྟག་ཏུ་ཉེས་བྱེད་མི་དགེར་སྤྱད་པའི་མཐུས། །གཏན་མདུན་རླུང་ལ་བསྐུར་བའི་སྨྱོན་པ་ལ། །ཐུགས་རྗེས་གཟིགས་དང་འཕགས་མཆོག་འཇིག་རྟེན་དབང་། །དལ་འབྱོར་རྙེད་དཀའ་དོན་ཆེ་འཇིག་པར་སླ། །ཚེ་འདིའི་བདེ་བ་འགྲུབ་ཀྱང་སྡུག་བསྔལ་རྒྱུ། །དགྲ་གཉེན་ངེས་མེད་འགྱུར་བའི་ཆོས་ཅན་དུ། །རྟོགས་ནས་མི་དགེ་སྤོང་བར་བྱིན་གྱིས་རློབས། །ལྷ་མིའི་དཔལ་འབྱོར་མ་ལུས་ཡོངས་ཐོབ་ཀྱང་། །སླར་ཡང་ངན་སོང་གནས་སུ་ལྷུང་བྱེད་པས། །སྲིད་པའི་ཕུན་ཚོགས་གློག་གི་གར་མཁན་དུ། །རྟོགས་ནས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །གྲངས་མེད་སྐྱ་བར་ཕན་བཏགས་གནོད་པས་སྐྱབས། །དྲིན་ལན་གཞལ་དཀའི་མར་གྱུར་འགྲོ་བ་རྣམས། །འདོར་བ་དམན་པའི་ལམ་དུ་རབ་ཤེས་ནས། །རྒྱལ་སྲས་སྤྱོད་ལ་བསླབ་པར་བྱིན་གྱིས་རློབས། །གྲངས་རིང་བསྐལ་ཆེན་གསུམ་དུ་སྐྱེ་དགུ་རྣམས། །སྡུག་བསྔལ་ཟོ་ཆུན་འཁྱུད་མོ་ལྟར་འཁོར་བ། །བཟོད་(༣༥བ)


GLG010_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མིན་བསམ་པ་མཆོག་གིས་ཉེ་བའི་ལམ། །གསང་ཆེན་རྡོ་རྗེའི་ཐེག་པར་འཇུག་པར་ཤོག །མཐའ་ཡས་གདུལ་བྱ་འདུལ་བ་རྒྱུད་སྡེ་བཞིའི། །ལྷ་ཚོགས་ཀུན་གསལ་མཐའ་ལྟར་བརྗོད་བྲལ་ཡང་། །གངས་ཅན་འགྲོ་བའི་ལྷ་སྐལ་སྤྱན་རས་གཟིགས། །དེ་བསྒྲུབ་དེ་ཡི་གོ་འཕང་ཐོབ་པར་ཤོག །ཕྱི་རོལ་གཟུགས་ཀུན་ལྷ་དང་ལྷ་མོའི་སྐུ། །སྒྲ་རྣམས་མ་ལུས་གྲག་སྟོང་སྔགས་ཀྱི་གདངས། །སེམས་ཉིད་མ་བཅོས་གཉུག་མའི་ངོ་བོ་རུ། །རྗེན་པར་རྟོགས་ནས་ཆོས་སྐུར་གྲོལ་བར་ཤོག །མདོར་ན་བདག་ལ་དེང་ནས་བྱང་ཆུབ་བར། །རེ་ས་གཞན་དུ་མེད་ན་ཚེ་འདི་ཡི། །སྣང་བ་འགགས་ཚེེ་མགོན་ཁྱོད་དངོས་བྱོན་ནས། །གྲུ་འཛིན་གནས་དེར་འཁྲིད་ལ་སྲས་སུ་མཛོད། གནས་སྐབས་ལུགས་གཉིས་བསམ་པའི་དོན་རྣམས་གྲུབ། མཐར་ཐུག་བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས། །དུས་རྣམས་ཀུན་ཏུ་བཀྲ་ཤིས་དགའ་སྟོན་གྱིས། ཁྱབ་པར་མཛོད་ཅིག་འཇིག་རྟེན་དབང་ཕྱུག་ཞབས། ཞེས་དང་། གཞན་ཡང་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བསྟོད་པ་གསོལ་འདེབས་སོགས་གང་ཤེས་ཀྱི་སྒོ་ནས་གསོལ་བ་དྲག་ཏུ་བཏབ་པས། མདུན་བསྐྱེད་ཀྱི་སྤྱི་བོའི་ཨོཾ་ཡིག་དཀར་པོ་ལས། འོད་དང་བདུད་རྩིའི་རྒྱུན་དཀར་པོ་བྱུང་། རང་གི་སྨིན་མཚམས་སུ་ཐིམ། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་དངོས་གྲུབ་ཐོབ་པའི་ནུས་པ་བཞག །དེ་བཞིན་དུ་མགྲིན་པའི་ཨཱཿཡིག་དམར་པོ། ཐུགས་ཀའི་ཧཱུཾ་ཡིག་མཐིང་ཁ། ལྟེ་བའི་སྭཱ་ཡིག་སེར་པོ། གསང་གནས་ཀྱི་ཧཱ་ཡིག་ལྗང་གུ་རྣམས་ལས་འོད་དང་བདུད་རྩིའི་རྒྱུན་དམར། མཐིང་། སེར། ལྗང་རྣམས་རིམ་པ་བཞིན་བྱུང་། རང་གི་མགྲིན་པ་སོགས་(༣༦ན)


GLG010_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་ཐིམ། ངག་ཡིད་ཀྱི་སྒྲིབ་པ་དང་ཡོན་ཏན་འཕྲིན་ལས་ཀྱི་མི་མཐུན་ཕྱོགས་རྣམས་དག །གསུང་གི་དངོས་གྲུབ་སོགས་ཐོབ་པར་བསམ། དེ་ནས། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། སོགས། སྐྱབས་གནས་ཀུན་འདུས་འཕགས་མཆོག་སྤྱན་རས་གཟིགས། །བདག་གི་སྙིང་གའི་དབུས་སུ་རྟག་བཞུགས་ལ། བྱང་ཆུབ་མ་ཐོབ་བར་དུ་འབྲལ་མེད་དུ། །བརྩེ་བས་རྗེས་སུ་འཛིན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་ལྷ་རང་གི་སྤྱི་བོར་བྱོན། རྩ་དབུ་མའི་ལམ་བརྒྱུད། རང་གི་སྙིང་གའི་སེམས་ཀྱི་ངོ་བོ་ཧྲཱིཿཡིག་དང་གཅིག་ཏུ་འདྲེས། སླར་ཡང་རང་གི་ཐུགས་ཀ་ལས་འོད་ཟེར་འཕྲོས། སྣོད་བཅུད་རྣམས་ལ་ཕོག །སྣོད་བཅུད་རྣམས་ལྷར་གསལ་བ་འོད་དུ་ཞུ། རང་ལ་ཐིམ། རང་ཐུགས་ཀའི་ཧྲཱིཿ ཧྲཱིཿ ཚིག་དྲག །དེའང་འཇའ་ཡལ་བ་ལྟར་བསམས་ལ་ཅུང་ཞིག་མཉམ་པར་བཞག །དེ་གའི་ངང་ནས་ཐུགས་རྗེ་ཆེན་པོའི་སྐུར་བཞེངས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །རྗོད་བྱེད་ལོ་འདབ་ཁུར་གྱིས་མི་ལྕི་ཞིང་། །བརྗོད་དོན་ཨ་མྲའི་འབྲས་བུ་རབ་སྨིན་པའི། །སྔོན་མེད་སྒྲུབ་ཐབས་རྐང་འཐུང་དབང་པོ་འདི། བློ་གྲོས་དགའ་བའི་ཚལ་ལས་རྣམ་པར་འོངས། །ཞེས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་རི་བོ་གྲུ་འཛིན་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བླ་མ་གངས་རས་དབང་ཕྱུག་དང་། ནང་སོ་དངོས་གྲུབ་གཉིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །ན་མ་ྉྤ་ཎཽ་པདྨ་ཤུཀླ་དྷ་རཱ་ཡ། བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་(༣༦བ)


GLG010_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཡི། །གསང་གསུམ་མི་ཤིགས་སྒྱུ་འཕྲུལ་དྲ་བའི་གར། །འཇིག་རྟེན་དབང་ཕྱུག་ཕྱག་ན་པདྨ་དཀར། ཁྱོད་ཀྱི་སྒྲུབ་པའི་རིམ་པ་འདིར་བཤད་བྱ། །འདིར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཡི་གེ་དྲུག་པའི་སྒོམ་བཟླས་ཉམས་སུ་བླང་བ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱ། ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་ལ་བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར། ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་ལན་གསུམ་དང་། ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་བྱ། གཉིས་པ་དངོས་གཞི་ནི། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས་སྟོང་པའི་ངང་ལས་རང་གི་སྙིང་གར་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་མཐའ་དག་ཞི་བར་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་སྐུ་མདོག་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་བ། ཞལ་གཅིག་ཕྱག་བཞི་པ། རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་བགྲང་འཕྲེང་(༣༧ན)


GLG010_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཡོན་འོག་མས་མེ་ཏོག་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ། རལ་པའི་ཅོད་པན་ཅན་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་ལྷ་རྫས་ཀྱི་གོས་ལས་གྲུབ་པའི་ན་བཟའ་གསོལ་བ། འགྲོ་ལ་རྗེས་སུ་ཆགས་པའི་ཞི་ཞིང་འཛུམ་བག་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་སྲས་ནོར་བུ་འཛིན་པ་དང་། གཡོན་དུ་ཡུམ་ཡི་གེ་དྲུག་མ་གཉིས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་ཞིང་ལྷག་མ་གཉིས་ཀྱིས་བགྲང་འཕྲེང་དང་པདྨ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཙོ་འཁོར་གསུམ་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཇིག་རྟེན་དབང་ཕྱུག་གཙོ་འཁོར་གསུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དབང་གི་ལྷ་དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་(༣༧བ)


GLG010_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུངས་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་བདུད་རྩིའི་ཆུས་གང་། ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། ཨོཾ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡ་སྭཱཧཱ། དེ་བཞིན་དུ་གོང་གི་སྔགས་སོ་སོའི་མགོར་སྦྱར་ཏེ། པཱ་དྱ་ནས་ཤབྡའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། ཞེས་སོགས་ཀྱིས་བསྟོད། བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ་ཞིང་དངོས་གྲུབ་རྣམས་ཚུར་འདུས་བདག་ལ་ཐིམ། འོད་ཟེར་ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སྦྱངས་ཏེ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད་པར་བསམ་པའི་ངང་ནས་ཡི་གེ་དྲུག་པ་ཅི་ནུས་སུ་བཟླ་ཞིང་། ཐུན་འཇོག་པར་འདོད་ན། ཐལ་མོ་སྦྱར་ཏེ། འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་བཀའ་དྲིན་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཡི་གེ་བརྒྱ་པ་བརྗོད། ནོངས་པ་བཟོད་པར་གསོལ། བསྔོ་བ་སྨོན་ལམ་ཅི་རིགས་པ་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཁོར་དང་གདན་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ་པར་བསམ་ཞིང་ཤིས་པ་བརྗོད་ལ་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ་གིས་མཚན་པར་བསམ་མོ། །གསོལ་འདེབས་དང་སྨོན་ལམ་རྒྱས་པར་སྤྲོ་ན། འཇམ་མཉེན་པད་དཀར་བཞད་པའི་ཟེའུ་འབྲུའི་སྟེང་། །ཆ་ཤས་(༣༨ན)


GLG010_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གང་བའི་ཟླ་གདན་ལ། །ལེགས་བཞུགས་ལྟ་བས་མི་ངོམས་མཛེས་པའི་སྐུ། །མིག་གི་བདུད་རྩིར་གྱུར་ལ་གསོལ་བ་འདེབས། །འཛུམ་ལྡན་ཞལ་གྱིས་འགྲོ་ཀུན་ཐད་པར་བསུ། །དཀྱུས་རིང་སྤྱན་གྱིས་དུས་དྲུག་གཡེལ་མེད་གཟིགས། །ཆོས་དབྱིངས་མཚོན་པའི་དབུ་སྐྲའི་ཐོར་ཚུགས་ཅན། །འོད་དཔག་མེད་ཀྱིས་བརྒྱན་པར་གསོལ་བ་འདེབས། །རྩ་ཕྱག་ཐལ་སྦྱར་གཡས་པས་ཤེལ་དཀར་གྱི། །འཕྲེང་བས་ངན་སོང་འགྲོ་རྣམས་མཐོ་རིས་འདྲེན། །གཡོན་པས་སྲིད་ཞིར་ཆགས་པས་གོས་མིན་པའི། །པུཎྜ་རཱི་ཀ་འཛིན་ལ་གསོལ་བ་འདེབས། །མི་ཕྱེད་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན། །རིན་ཆེན་རྒྱན་དང་དར་ཟབ་ན་བཟས་མཛེས། །མཐོང་བས་དོན་དང་ལྡན་པའི་མཚན་བཟང་གིས། །ངོ་མཚར་དཔལ་ཀུན་འཛིན་ལ་གསོལ་བ་འདེབས། །ཐོས་པ་ཙམ་གྱིས་སྲིད་ཞིའི་གདུང་བ་ཀུན། །མ་ལུས་ཞི་མཛད་ཚངས་དབྱངས་ཆོས་ཀྱི་སྒྲ། །རི་མོ་གཡས་སུ་འཁྱིལ་བར་མགྲིན་པ་ནས། །སྐལ་བཟང་རྣ་བར་སྒྲོག་ལ་གསོལ་བ་འདེབས། །ནམ་མཁའ་ལྟ་བུར་ཟབ་གསལ་ཐུགས་ཀྱི་དབྱིངས། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས། །གྲངས་མེད་གདུལ་བྱའི་རེ་བ་ཡོངས་སྐོང་བའི། །ཡིད་བཞིན་དབང་གི་རྒྱལ་པོར་གསོལ་བ་འདེབས། །ཆོས་དབྱིངས་བདེ་སྟོང་ཀློང་དུ་རོ་གཅིག་ཀྱང་། །ཡུམ་དང་སྲས་སུ་སྣང་བའི་སྒྱུ་མའི་འཕྲུལ། །ཐབས་ཤེས་ཟུང་དུ་འཇུག་པའི་བདག་ཉིད་ཅན། རྗེ་བཙུན་གཙོ་འཁོར་གསུམ་ལ་གསོལ་བ་འདེབས། །ལུས་ན་ལྷར་གསལ་ངག་གི་བཟླས་བཇོད་དང་། །གསོལ་བ་འདེབས་ཤིང་ཡིད་ཀྱིས་ཏིང་ངེ་འཛིན། །འབད་པས་བསྒོམས་པའི་རྣམ་དཀར་དགེ་བའི་མཐུས། །ཚེ་རབས་ཀུན་ཏུ་དལ་བའི་རྟེན་ཐོབ་ཤོག དགེ་(༣༨བ)


GLG010_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤེས་ཀྱིས་རྗེས་བཟུང་ཐེག་པ་ཆེའི། །གདམས་པའི་ཆོས་ཀྱི་སྙིང་པོ་ཉམས་བླངས་པས། །སྲིད་མཚོ་སྒྲོལ་བའི་གྲུ་གཟིངས་ལ་བརྟེན་ནས། ། འགྲོ་རྣམས་འདྲེན་པའི་དེད་དཔོན་བྱེད་པར་ཤོག །རང་དོན་སྤངས་ནས་གཞན་དོན་ཁུར་ཁྱེར་བས། །དོན་གཉིས་ལྷུན་གྲུབ་སྟོབས་བཅུ་མངའ་བའི་རྩལ། །རབ་རྫོགས་རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་མཆོག་གི་གོ་འཕང་མངོན་གྱུར་ཤོག །མ་གྱུར་རྒྱུད་ལྔའི་སྐྱེ་རྒུ་མཐའ་དག་དང་། །ཁྱད་པར་གངས་ཅན་བོད་ཀྱི་རྒྱལ་ཁམས་སུ། །འཐབ་རྩོད་མུ་གེ་ནད་ཡམས་རྒུད་པའི་ཚོགས། །རབ་ཞི་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཐུབ་བསྟན་བཤད་དང་སྒྲུབ་པས་ལེགས་འཛིན་པའི། །བཤེས་གཉེན་ཁྲིམས་ལྡན་འདུས་པའི་སྡེར་བཅས་ཀུན། །རྣམ་གསུམ་འཁོར་ལོའི་བྱ་བ་རབ་འཕེལ་ཞིང་། །མཐུན་པའི་རྐྱེན་རྣམས་མ་ལུས་ཚང་བར་ཤོག །ནོར་འཛིན་སྐྱོང་བའི་རྗེ་བློན་འབངས་འཁོར་རྗེ། །ཚེ་དང་བསོད་ནམས་མངའ་ཐང་འབྱོར་པ་ཀུན། །རབ་རྒྱས་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང་། །སྡེ་བཞིའི་དགའ་སྟོན་དཔལ་ལ་སྤྱོད་གྱུར་ཅིག །མ་འདྲིས་ཀུན་ལ་མཛའ་བའི་བཤེས་གྱུར་ཀྱང་། །གངས་ཅན་བོད་ཀྱི་ལྷ་སྐལ་འཇིག་རྟེན་དབང་། །ཁྱོད་ཀྱི་ཐུགས་རྗེས་གནས་སྐབས་མཐར་ཐུག་ཏུ། །བདེ་ཞིང་སྐྱིད་པའི་དཔལ་ལ་སྤྱོད་པར་ཤོག །ཅེས་གསོལ་འདེབས་སྨོན་ལམ་དུ་བྱའོ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཡི་གེ་དྲུག་པའི་སྒྲུབ་ཐབས་ཕན་བདེའི་གཏེར་མཛོད་ཅེས་བྱ་བ་འདི་ནི། ར་ས་འཁྲུལ་སྣང་གི་བྱ་འདབས་སུ་དུས་བཟང་པོ་ལ་ཡི་གེ་དྲུག་པའི་ཉམས་ལེན་བྱེད་པ་པོ་རྣམས་ལ་ཕན་པའི་ཆེད་དུ་སྒྲུབ་ཐབས་གསོལ་འདེབས་(༣༩ན)


GLG010_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་བྱང་གླིང་བསམ་གྲུབ་རྒྱལ་པོས་བསྐུལ་བའི་ངོར། སློབ་དཔོན་ཆེན་པོ་ལྷན་སྐྱེས་རོལ་པའི་རྒྱ་གཞུང་གི་རྗེས་སུ་འབྲངས་ཏེ་ཟ་ཧོར་གྱི་བནྡེས་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། ། བསྐལ་པར་བསགས་པའི་བརྣག་དཀའ་ཉེས་ཚོགས་ཀུན། །བྱིན་རླབས་མཐོ་རིས་ཆུ་བོས་ཉེར་འཁྲུད་པའི། །གངྒའི་ཡབ་གཅིག་ཁྱབ་བདག་རྡོ་རྗེ་སེམས། །ཛ་ལནྡྷ་རར་རྟག་བཞུགས་དངོས་གྲུབ་སྩོལ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཚིགས་བཅད་གཅིག་པོ་གསུམ་མམ་བདུན། ཚིག་ཙམ་མིན་པར་སྐྱབས་འགྲོ་སེམས་བསྐྱེད་པ། །ཉམས་སུ་བླངས་རྗེས་དངོས་གཞི་འདི་ལྟར་རོ། །རང་གི་སྤྱི་བོར་པཾ་ལས་པདྨ་དཀར། །ཨ་ལས་ཆ་ཤས་གང་བའི་ཟླ་དཀྱིལ་གདན། །ཧཱུཾ་དཀར་ལས་གྲུབ་བཅོམ་ལྡན་རྡོ་རྗེ་སེམས། །ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པའི་ཞལ། །གནག་སྣུམ་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །ཕྱག་གཡོན་དྲིལ་བུ་དཀུ་ལ་བརྟན་ནས་བསྣམས། །དབུ་རྒྱན་སྙན་རྒྱན་མགུལ་རྒྱན་གདུ་བུ་དང་། །དོ་ཤལ་དཔུང་རྒྱན་འོག་པག་སེ་མོ་དོ། །རིན་ཆེན་རྒྱན་མཛེས་སྲབ་འཇམ་ལྷ་རྫས་ལས། །ལེགས་གྲུབ་སྟོད་གཡོགས་པཉྩ་ལི་ཀའི་གོས། །ཞབས་གཉིས་སྐྱིལ་ཀྲུང་གནས་གསུམ་ཡི་གེས་མཚན། །འོད་འཕྲོས་ཡེ་ཤེས་དབང་ལྷ་ཉེར་བྱོན་ནས། །གཉིས་མེད་དབང་བསྐུར་མི་བསྐྱོད་དབུ་བརྒྱན་གྱུར། །ཐུགས་ཀར་ཟླ་སྟེང་ཧཱུཾ་ཡིག་དངུལ་ཆུའི་མདོག །མཐའ་སྐོར་ཡི་གེ་བརྒྱ་བའི་སྔགས་ཀྱིས་བསྐོར། །དེ་ལས་(༣༩བ)


GLG010_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་ཆུ་རྒྱུན་ཞབས་གཡས་ཀྱི། །མཐེ་བོང་ནས་བབས་རང་གི་སྤྱི་བོར་བཞུགས། །སྡིག་སྒྲིབ་ཉེས་ལྟུང་དྲི་ཚོགས་ནད་གདོན་ཀུན། །རྣམ་པ་རྣག་ཁྲག་དུད་ཁུ་བཤང་གཅི་སོགས། །མི་གཙང་རྫས་ཀྱི་གཟུགས་ཅན་རྐང་མཐིལ་དང་། །འོག་གི་དབང་པོའི་སྒོ་གཉིས་ལམ་ནས་ཐོན། །ཤྭ་འོད་དྲག་པོའི་སྣེ་ཡིས་སྤུར་མ་བཞིན། །ཐོགས་མེད་དེད་པས་རང་ལུས་དངས་ཤེལ་ལྟར། །ཕྱི་ནང་གསལ་སྒྲིབ་མེད་པར་གྱུར་བསམ་ཞིང་། །རྩེ་གཅིག་ཏིང་འཛིན་ངང་ནས་སྔགས་འདི་ཡི་གེ་བརྒྱ་པ་བཟླ། །བདག་ནི་མི་ཤེས་ཉོན་མོངས་རྨོངས་ཆེན་གྱིས། །མི་བཟད་དཀར་མིན་ལས་ཀྱིས་རབ་མནར་བ། །མགོན་པོ་བཅོམ་ལྡན་རྡོ་རྗེ་སེམས་ཁྱོད་ཀྱིས། །བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །རྩེ་གཅིག་གསོལ་བ་བཏབ་པས་དེ་དོན་ལྟར། རྣམ་སྨིན་ནག་པོའི་འབྲས་ཀུན་རབ་དག་པར། །གྱུར་ཞེས་ཞལ་གྱིས་བཞེས་ནས་འོད་ཕུང་དུ། །མངོན་པར་ཞུ་སྟེ་རང་དང་གཉིས་མེད་གྱུར། །དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན། ཁྱབ་བདག་རྡོ་རྗེ་སེམས་དཔས་རྗེས་བཟུང་སྟེ། །སྒྲིབ་གཉིས་དེ་རྒྱུ་བཅས་པ་དྲུངས་ཕྱུང་ནས། །ཚེ་འདིར་སྐུ་གསུམ་གོ་འཕང་ཐོབ་གྱུར་ཅིག །ཅེས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཉམས་ལེན་ཁྱེར་བདེ་བ་འདི་ནི་ཨེར་ཏི་ན་དཱ་ལས་ཧོང་ཐའི་ཇིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་པ་འཇམ་དབྱངས་སོ། ། ཕྱག་ན་པད་དཀར་འཆང་བས་མངོན་སུམ་དུ། །རྗེས་བཟུང་གྲུབ་བརྙེས་དཔལ་ལྡན་དཔལ་མོའི་ཞབས། །རྣལ་འབྱོར་དབང་པོའི་ཕྱག་བཞེས་ཇི་བཞིན་དུ། །སྨྱུང་བར་གནས་པའི་ཕྱག་ལེན་ཟུར་རྒྱན་འདི། །དེའང་ཐུགས་རྗེ་ཆེན་པོ་(༤༠ན)


GLG010_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བའི་དགེ་སློང་མ་དཔལ་མོ་ནས་ཉེ་བར་བརྒྱུད་པའི་སྨྱུང་བར་གནས་པའི་རིམ་པ་འདི་ཉིད་རྒྱ་བོད་ཀུན་ཏུ་གྲགས་ཆེ་ཞིང་། ཁྱད་པར་བོད་ཡུལ་འདིར་མཁས་གྲུབ་མང་པོས་ཐུགས་ཉམས་སུ་བསྟར་བའི་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་གཉགས་དབོན་རིན་ཆེ་བསོད་ནམས་བཟང་པོ་སོགས་མཁས་པས་མཛད་པའི་ཁུངས་ཐུབ་ཀྱི་ཡིག་ཆ་མང་ནའང་། དུས་ཀྱི་དབང་གིས་གོང་མའི་གསུང་རབ་རྣམས་ལ་ཐོས་བསམ་བྱེད་པ་ཆེས་ཉུང་ཞིང་། སྨྱུང་གནས་རས་པར་གྲགས་པ་སོགས་མདོ་རྒྱུད་ཀྱི་གསུང་རབ་གང་ལའང་མ་སྦྱངས་པའི་བླུན་པོ་སྙིང་ཁམས་ཅན་མང་པོས་རྙེད་བཀུར་ཙམ་གྱི་ཆེད་དུ་སྤེལ་བའི་ལོག་ཆོས་མ་དག་པའི་རྒྱུན་ལ་སྨྱུང་གནས་ལེན་པའི་ཚེ་ཐེག་པ་ཆེན་པོའི་གསོ་སྦྱོང་ལེན་དགོས་པའི་དེའི་ཚིག་ལ་སང་ཉི་མ་མ་ཤར་གྱི་བར་དུ་ཞེས་པའི་བརྗོད་བྱ་དང་། དེང་ནས་སྲོག་གཅོད་མི་བྱ་ཞིང་ཞེས་སོགས་ཀྱི་སྤང་བྱ་བསྙེན་གནས་དང་ཆ་མཐུན་ཡོད་པས་དེ་ལ་འཁྲུལ་ནས་སྨྱུང་གནས་ཀྱི་ཉི་མ་བརྐྱང་བའི་སྐབས་བསྙེན་གནས་ཀྱི་སྡོམ་པ་འབོགས་ཞིང་། བསྙེན་གནས་ཀྱི་མིང་དུ་འདོགས་པ་སོགས་ནི་ཤིན་ཏུ་མི་རིགས་ཏེ། སྒྲ་བཤད་ཀྱི་དབང་དུ་བྱས་ན། བསྙེན་གནས་འདི་གང་ཟག་ཐ་མལ་པ། འདོད་པ་དང་ཉེས་པར་སྤྱོད་པ་གཉིས་ཀ་ལས་དབེན་པར་སྤྱོད་མི་ནུས་པ་དེ་དབེན་པ་གཉིས་ལ་སྦྱར་བའི་དོན་དུ་གསུངས་པ་ཡིན་ལ། འདིས་དགྲ་བཅོམ་པ་དང་ཉེ་བར་གནས་པར་བྱེད་པའི་ཕྱིར་རམ། ཇི་སྲིད་འཚོ་བའི་སྡོམ་པ་དང་ཉེ་བར་གནས་པར་བྱ་བའི་ཕྱིར་བསྙེན་གནས་ཞེས་བཤད་ལ། སྨྱུང་གནས་ནི་ཁུག་པའི་སྐབས་ཟས་སུ་མ་ཟད་མཆིལ་མ་ཙམ་ཡང་མི་མིད་པས་སྨྱུང་བ་ནི་ལྟོགས་པའི་དོན་ཡིན་པས་ཕྱོགས་མི་(༤༠བ)


GLG010_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་མ་ཟད། བསྙེན་གནས་ནི་སོ་སོ་ཐར་པ་རིགས་བརྒྱད་ཀྱི་ནང་ཚན་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་གཅིག་ཡིན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་མ་བལྟོས་པའི་ངེས་འབྱུང་གི་བསམ་པ་ཙམ་ལ་བརྟེན་ནས་སྡོམ་པ་ཐོབ་ཅིང་། དེའི་ཉིན་སྤང་བྱ་བརྒྱད་པོ་སྤོང་བ་ལས་གཞན་པའི་ཁ་ཏོན་དགེ་སྦྱོར་སོགས་རང་བློ་དང་འཚམ་པར་བྱེད་པ་ལས་འདི་བྱེད་ཀྱི་པར་བཀབ་དང་ཁྱད་པར་གསང་སྔགས་ཀྱི་ཆོ་ག་བཟླས་བརྗོད་སོགས་བྱེད་པའི་བཤད་ཚོད་མེད་ལ། སྨྱུང་གནས་ཀྱི་གསོ་སྦྱོང་ནི་ཐེག་པ་ཆེན་པོའི་ལུགས་ཡིན་པས་སེམས་བསྐྱེད་དགོས་ཤིང་། བརྐྱང་ཁུག་གཉིས་ཀ་ལ་སྤྱན་རས་གཟིགས་ཀྱི་ཆོ་ག་བདག་མདུན་གཉིས་ཀ་ཚར་གསུམ་རེ་གཏོང་དགོས་པ་ཚད་ཐུབ་ཡིག་ཆ་རྣམས་ལས་བཤད་ཅིང་ཕྱག་ལེན་ལ་ཡོད་པས་སོ། །ཐེག་པ་ཆེ་ཆུང་མདོ་སྔགས་ཀྱི་དབྱེ་བས་ཕྱེད་པའི་ཚུལ་བདག་ལ་རྣམ་པ་གཅིག་ཏུ་ཞིབ་མོར་དཔྱད་དེ་དགག་བཞག་གི་གནས་ཡིན་ནའང་། སྨྱུང་གནས་རས་པ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་འཆད་པའི་སྐབས་སུ་ལ་ཕུག་སེམས་ལྡན་གྱི་ཁྲོད་དུ་བྱས་ཏེ་སྨྲ་བ་པོ་ཡིན་འདུག་པས་ལེགས་ཉེས་རྟོག་དཔྱོད་བྱ་བའི་ཡུལ་ལས་འདས་པའི་ཕྱིར་བཏང་སྙོམས་སུ་བཞག་སྟེ། དངོས་དོན་གྱི་ཕྱག་ལེན་སྨྱུང་བར་གནས་པར་འདོད་པ་རྣམས་རབ་བཅུ་གཅིག་ཞལ་གྱི་དབང་། འབྲིང་ལུགས་སྲོལ་འདི་ཀའི་རྗེས་གནང་རྒྱས་པ། ཐ་མའང་བཅུ་གཅིག་ཞལ་གྱི་རྗེས་གནང་གང་རིགས་ནོས་པར་བྱས་ནས་རབ་ས་ག་ཟླ་བ། དེ་མིན་ཟླ་བ་གང་ཡང་རུང་བའི་ཡར་ངོ་མར་ངོའི་ཚེས་བཅུ་བཞིའི་ནམ་གསེང་སྔ་བར་བཅུ་གཅིག་ཞལ་གྱི་བྲིས་འབུར་གྱི་སྐུ་དང་མཆོད་པ་གྱ་ནོམས་པ་བཤམས་པའི་དྲུང་དུ། སློབ་དཔོན་རང་ཉིད་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས་(༤༡ན)


GLG010_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་གང་ཡང་རུང་བ་སྤྱི་འགྲོ་ལྟར་བྱས་ཏེ། ཐེག་པ་ཆེན་པོའི་གསོ་སྦྱོང་གི་ཆོ་ག་ཚར་གསུམ་བརྗོད་ནས་གསོ་སྦྱོང་བླངས། །དེང་ནས་སྲོག་གཅོད་མི་བྱ་ཞིང་ཞེས་སོགས་ཚར་གཅིག་དང་ཚུལ་ཁྲིམས་རྣམ་པར་དག་པའི་གཟུངས་ཉེར་གཅིག་བརྗོད། དེ་ནས་སློབ་དཔོན་སྟན་མཐོ་བ་ལ་འཁོད། སློབ་མ་རྣམས་ཀྱིས་སློབ་དཔོན་ལ་ཕྱག་གསུམ་བཙལ་ནས་མདུན་དུ་འཁོད། སྔོན་འགྲོའི་ཕན་ཡོན་དང་བརྡ་སྤྲོད་རྒྱས་བསྡུས་སྐབས་དང་སྦྱར་ནས་སློབ་དཔོན་རང་ཉིད་ཀྱིས་ཇི་ལྟར་བླངས་པ་བཞིན་སློབ་མ་རྣམས་རྗེས་ཟློས་བྱེད་དུ་འཇུག །ཉིན་ཕྱི་མའི་ཞོགས་སློབ་མ་རང་གིས་རྟེན་གྱི་དྲུང་དུ་ལེན་ཞིང་། རྗེས་སུ་སློབ་དཔོན་ལ་མ་བལྟོས་པར་རང་གིས་བརྐྱང་ཁུག་གཉིས་ཀ་རྟེན་གྱི་དྲུང་དུ་ལེན་ནོ། །བདག་མདུན་གྱི་ཆོ་ག་དང་མིད་པ་རྒྱུན་གཅོད་སོགས་བྱེད་ཚུལ་གྱི་ཕྱག་ལེན་ཞིབ་ཆ་མཐའ་དག་གཉགས་དབོན་རིན་པོ་ཆེ་དང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་སོགས་མཁས་པ་རྣམས་ཀྱི་གསུང་རབ་ལས་ཤེས་པར་བྱའོ། །སྨྱུང་བར་གནས་པའི་ཕྱག་ལེན་ལ་ཉེ་བར་མཁོ་བའི་ཟུར་རྒྱན་འདི་ནི་ཤེས་བྱ་རིག་པའི་གནས་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་ཚུལ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་རིགས་འཛིན་ཆེན་པོ་ཉང་བློ་མཆོག་རིག་པའི་རྡོ་རྗེའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། ། ཕྱག་ན་པད་དཀར་འཛིན་པས་རྗེས་བཟུང་བའི། །གྲུབ་དབང་དཔལ་མོའི་བཞེད་གཞུང་ལས་འོངས་པ། །སྨྱུང་བར་གནས་པའི་ཆོ་གའི་གཞུང་དངོས་ལས། །ཉུང་ངུ་དང་པོའི་ལས་ཅན་དོན་དུ་སྤེལ། དེའང་དཀྱིལ་འཁོར། རྟེན། བུམ་པ་སོགས་མཐོང་བརྒྱུད་ཀྱི་(༤༡བ)


GLG010_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་ལྟར་མངོན་པར་འདུ་བྱས། ཉམས་ལེན་དངོས་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི་ཕྱག་རྒྱ་བཅས་ཏེ། ཨོཾ་པདྨ་ཨུ་ད་བྷ་ཝ་ཡ་སྭཱ་ཧཱ། ཞེས་བརྗོད་ཁྲུས་བྱ། གསོ་སྦྱོང་བླང་བ་ནི། བླ་མའི་དྲུང་དུ་ལེན་ན་དེས་ཁྱབ་ཅིང་། རྟེན་གྱི་དྲུང་དུ་ལེན་ཚེ་བླ་མ་ཐུགས་རྗེ་ཆེན་པོ་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བར་ལེན་པའི་མོས་པས་ཕྱག་བཙལ། མཎྜལ་འབུལ། གསོ་སྦྱོང་གི་ཆོ་ག་རང་གི་བློའམ། ཐ་ནའང་གྲོགས་ཤིག་གི་ལད་མོ་བྱས་ཏེ་ལེན་དགོས་པས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ། །ཞེས་ལན་གསུམ་དང་། དེང་ནས་སྲོག་གཅོད་མི་བྱ་ཞིང་། གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་(༤༢ན)


GLG010_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི་སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་འཁྲུག་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གཅིག་བརྗོད་ལ། ཨོཾ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར་བྷ་ར་བྷ་ར། མཧཱ་ཤུདྡྷོ་སཏྭ། པདྨ་བི་བྷཱ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ། ཅེས་ཚུལ་ཁྲིམས་རྣམ་དག་གི་སྔགས་ཉེར་གཅིག་བཟླའོ། །དེ་ནས་མཆོད་པ་རྣམས། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སཱུ་ར་སཱུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ། །བཛྲ་སྥ་ར་ཎ་ཁཾ། ལན་གསུམ་གྱིས་མཆོད་པ་རྣམས་བྱིན་གྱིས་བརླབ། སྐྱབས་འགྲོ་སེམས་བསྐྱེད་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་བརྗོད། ཚོགས་ཞིང་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ཚོགས་ཞིང་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །བདག་གིས་ཚེ་རབས་སྔོན་ནས་ད་ལྟའི་བར། །བསགས་པའི་སྡིག་པ་མི་དགེའི་ཚོགས་རྣམས་ཀུན། །འགྱོད་སྡོམ་(༤༢བ)


GLG010_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་སྙིང་ནས་བཤགས་བགྱིད་ན། །སྟོབས་བཞིའི་མཐུ་ཡིས་བྱང་ཞིང་དག་གྱུར་ཅིག །ཅེས་བརྗོད། བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷྭཿ སརྦྦ་དྷརྨཱཿསྭ་བྷཱ་ཝཱ་ཤུདྡྷ྅ཧཾ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རྩ་ཞལ་དཀར། གཡས་ལྗང་། གཡོན་དམར། དེའི་སྟེང་མ་དབུས་ལྗང་། གཡས་དམར། གཡོན་དཀར། དེའི་སྟེང་མ་དབུས་དམར། གཡས་དཀར། གཡོན་ལྗང་། དེའི་སྟེང་ན་ཁྲོ་ཞལ་ནག་པོ། །དེའི་སྟེང་ན་ཞི་ཞལ་དམར་པོ་གཙུག་ཏོར་ཅན། ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། གཉིས་པ་གཉིས་ཕྲེང་བ་དང་པདྨ། གསུམ་པ་གཉིས་མཆོག་སྦྱིན་དང་སྤྱི་བླུགས། བཞི་པ་གཉིས་འཁོར་ལོ་དང་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་ཐམས་ཅད་མཆོག་སྦྱིན་མཛད་པའི་མཐིལ་ན་སྤྱན་རེ་ཡོད་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དར་རས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ། ཛཿཧཱུཾ་བཾ་ཧོཿ སླར་ཡང་ཐུགས་ཀའི་ས་བོན་ལས་འོད་འཕྲོས་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བུམ་པའི་ཆུས་དབང་བསྐུར། ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་གྱུར། རང་གི་ཐུགས་ཀར་ཟླ་(༤༣ན)


GLG010_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྟེང་དུ་ཡེ་ཤེས་སེམས་དཔའ་དཀར་པོ་ཞལ་གཅིག །ཕྱག་གཉིས་པ། དེའི་ཐུགས་ཀར་ཟླ་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿདཀར་པོ། །དེའི་མཐའ་ཡི་གེ་དྲུག་པས་བསྐོར་བར་བསམས་ལ་བཟླས་པ་བྱའོ། །མདུན་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་གི་ཐུགས་ཀའི་ས་བོན་ལས་མདུན་དུ་བྷྲཱུཾ་དཀར་པོ་ཞིག་འཕྲོས། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་དང་ལྡན་པའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ། ཧྲཱི༔དཀར་པོ་ཡོངས་སུ་གྱུར་པ་ལས་ཐུགས་རྗེ་ཆེན་པོ་ཞེས་པ་ནས་བཟུང་སྟེ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་བར་གོང་བཞིན་བརྗོད། ཤར་དུ་ཧཱུཾ་ལས་མི་བསྐྱོད་པ། ལྷོར་ཏྲཾ་ལས་རིན་འབྱུང་། ནུབ་ཏུ་ཨོཾ་ལས་རྣམ་སྣང་། བྱང་དུ་ཨཱཿལས་དོན་གྲུབ་རྣམས་རང་རང་གི་སྐུ་མདོག་དང་ཕྱག་རྒྱ་ཅན། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཞེས་པ་ནས་རྒྱལ་བ་རིགས་ལྔས་དབུ་བརྒྱན་ཞེས་པའི་བར་ལས་བདག་ལ་ཞེས་པ་འདི་ལ་ཞེས་ལབ་འདོན་པ་བསྒྱུར་བ་མ་གཏོགས་གོང་བཞིན་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུབེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤབྡ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་མདུན་གཉིས་ཀའི་ཕྱག་མཛུབ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བར་གྱུར་བར་བསམས་ལ་ཡིག་དྲུག་ཅི་ནུས་བཟླ། མཇུག་ཆོག་ལ། འཕགས་མཆོག་ཐུགས་རྗེའི་ཕྱག་རྐྱང་བདག་སོགས་རྣམས། །(༤༣བ)


GLG010_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛོད་ལ། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་གདབ། །གཏོར་མ་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ཨཱཪྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བ་ལིཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཞེས་གསུམ་གྱི་འཕགས་པ་ལ་འབུལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་ཆོས་སྐྱོང་དང་གཞི་བདག་ལ་འབུལ། མེ་ལོང་ལ་ལྷའི་གཟུགས་བརྙན་ཤར་བར་བུམ་པའི་ཆུས། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་མགོན་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་ཀུན་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཅེས་ཁྲུས་གསོལ། ཨོཾ་བཛྲ་ས་ཏྭ་ཧཱུཾ་བདག་གིས་ཉེས་པ་བགྱིས་པ་མཐའ་དག་ཐུགས་རྗེ་ཆེན་པོ་ཁྱེད་ལ་བཟོད་པར་གསོལ་གྱི་བདག་ལ་སྒྲིབ་པར་མི་འགྱུར་བ་མཛད་དུ་གསོལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བརྗོད་པས་འཕགས་པ་མདུན་གྱི་ནམ་མཁར་བྱོན་ནས་ཁྲུས་གསོལ་བས་སྒྲིབ་གཉིས་དག་པར་བསམས་ལ། བུམ་ཆུ་འཐུང་། ཉལ་བའི་དུས་རང་ལྷར་གསལ་བའི་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔར་ཐིམ། དེ་ཉིད་དེ་འཛིན་སེམས་དཔར་ཐིམ། དེ་ཡང་མི་དམིགས་པར་བསམས་ཏེ་ཉལ་ལོ། །བརྐྱང་ཁུག་གི་དམིགས་བསལ་དང་ལག་ལེན་རྣམས་ཡིག་ཆ་གཞན་དག་དང་མཐོང་བརྒྱུད་ཀྱི་ལག་ལེན་ལྟར་བྱ། ཚེས་བཅུ་དྲུག་གི་སྐྱ་རེངས་ཤར་ནས་རྗེས་ཆོག་ལ་གསོ་སྦྱོང་བཞག་པའི་ཆོ་ག་ཚར་གཅིག་བཏང་། དེ་ནས་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་མདུན་གྱི་རྟེན་ལ་བརྟན་པར་བཞུགས་སུ་གསོལ། བཛྲ་མུཿ ཚོམ་བུའི་ལྷ་རྣམས་རང་གནས་སུ་གཤེགས། ཉིན་མོ་(༤༤ན)


GLG010_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་པར་བྱའོ། །སྙིང་ནས་མོས་ཀྱང་འཇིག་རྟེན་བྱ་བས་གཡེང་། །མང་ཚིག་ཁུར་གྱིས་འཇིགས་ལ་བདུད་རྩི་ཡི། །རྒྱ་མཚོའི་གཟེགས་མ་ཙམ་གྱི་བཅུད་འདིས་ཀྱང་། །གཏན་བདེའི་འཆི་མེད་བསྒྲུབ་པ་ཨེ་མ་མཚར། །ཞེས་སྟོབས་ཀྱི་དཔུང་པས་སའི་དཀྱིལ་འཁོར་ཀུན་ལ་དབང་སྒྱུར་བའི་བསྟན་འཛིན་དཱ་ཡན་རྒྱལ་པོས་སྨྱུང་བར་གནས་པ་ལ་ཉེ་བར་མཁོ་བའི་ཡི་གེ་ཤིན་ཏུ་ཁྱེར་བདེ་བ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། ། ལྷག་བསམ་སྟོན་ཟླ་ལྟ་བུར་ཆེས་དཀར་བས། །ལུས་ཅན་ཕན་བདེའི་ས་མོས་བཞད་བྱེད་པ། །ཕྱག་ན་པད་དཀར་འཆང་བའི་ཐུགས་རྗེ་ཡིས། །ལྔ་བརྒྱའི་ལུས་ཅན་མ་ལུས་རྗེས་འཛིན་མཛོད། །དེ་ཡང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐོར་ལ་དཔལ་མོ་ལུགས། ཚེམ་བུ་ལུགས། སྐྱེར་སྐང་ལུགས། ཁྲོ་ལོ་ལུགས། དོན་ཞགས་སོགས་ཟུར་བཀའི་སྨོན་གྲོལ་རིག་གཏད་རྗེས་གནང་སོགས་དང་། བརྒྱ་རྩ་ཆེ་འབྲིང་ཆུང་གསུམ། དཔལ་སྣར་ཐར་པའི་མངོན་རྟོགས་བརྒྱ་རྩར་གྲགས་པ་སོགས་སྤྱི་བཀའི་རིགས་ལས་བྱུང་བ་དང་། གཞན་ཡང་གསར་མ་རྒྱུད་འབུམ་དུ་བཞུགས་པའི་ཐུགས་རྗེ་ཆེན་པོའི་རྒྱུད་དང་། ཟ་མ་ཏོག་བཀོད་པའི་མདོ་སོགས་ལས་ཀྱང་རིལ་བུ་བསྒྲུབ་ཚུལ་གྱི་ཁ་གསལ་མ་བྱུང་ཞིང་། སྔགས་གསར་མའི་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དང་འབྲེལ་བའམ་མིན་ཀྱང་བདག་མདུན་གྱི་(༤༤བ)


GLG010_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པ་བཟླས་བརྗོད་སོགས་ལ་བརྟེན་པའི་ཆོ་ག་ལ་གསང་སྔགས་རྙིང་མ་ནས་བཤད་པའི་སྐྱེ་བདུན་སྒྲུབ་ཆེན་གྱིས་རྒྱས་འགེབས་པ་ནི། རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་འཁྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་དང་། སྡོམ་པ་ཉི་ཤུ་པར། དམ་ཆོས་འདྲར་སྣང་སྟོན་པ་དང་། ཞེས་པ་ལྟར་ཧ་ཅང་བློས་བྱས་ཀྱི་རང་བཟོ་དམ་པའི་ཆོས་ལ་དབང་ཟ་བའི་ཉེས་པ་ཆེན་པོར་མཐོང་བས་སྙིང་ཁམ་གྱི་འདྲི་བར་མ་ནུས་ལ། འོན་ཀྱང་དེང་སང་སྟོད་སྨད་ཀུན་ཏུ་རིལ་སྒྲུབ་དར་སོ་ཆེ་བར་འདུག་པ་བཤད་ཁུངས་དང་ཆོས་རྒྱུན་གྱི་རྣམ་དབྱེ་མེད་པར་གཞན་གྱི་ལད་མོ་ལྷུར་བླངས་པའི་ལག་ལེན་འདྲ་མཐོང་ཚོར་ནི། བྱིན་རླབས་རྟེན་གྱི་ཕབས་རྒྱུན་ཅི་འབྱོར་དང་བག་ཕྱེ་བསྲེས་པའི་རིལ་བུ་བསྒྲིལ་བར་མཚལ་གྱི་ན་བཟའ་གསོལ། གཤེར་ཐག་ཆོད་ནས་རིན་པོ་ཆེའི་བུམ་པའི་ནང་དུ་བླུག །སྟེགས་སོགས་བཀོད་པས་མཛེས་པར་བྱས་པའི་སྟེང་དུ་བཀང་། ཅི་འབྱོར་པའི་མཆོད་པ་བཤམ། རང་ཉིད་མོས་པའི་ཐུགས་རྗེ་ཆེན་པོའི་བདག་བསྐྱེད་སྔོན་འགྲོ་བ་ཅན་གྱི་སྒོ་ནས་མདུན་གྱི་བུམ་པ་བསངས་སྦྱངས། བྷྲཱུཾ་ལས་བྱུང་བའི་ཕྱི་བུམ་པ་ལ་ནང་ལྷའི་གཞལ་ཡས་ཁང་གི་དབུས་སུ་རིལ་བུ་རྣམས་ཐུགས་རྗེ་ཆེན་པོ་ཆོ་ག་གསུམ་བསྐྱེད་ཀྱིས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་དགུག་ཅིང་དབང་བསྐུར་རྒྱས་གདབ་མཆོད་བསྟོད་རྣམས་བདག་བསྐྱེད་ལྟར་བྱ། རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་(༤༥ན)


GLG010_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་རྣམས་ཀྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་རྣམས་བསྡུས་ཏེ་བུམ་ནང་གི་ལྷ་ཚོགས་ལ་ཐིམ་པར་མོས་པ་སོགས་སྤྲོ་བསྡུ་དང་བཅས་ནས་ཡི་གེ་དྲུག་པའི་བཟླས་བརྗོད་རྒྱུན་མི་ཆད་དང་། རིལ་སྒྲུབ་ཟིན་མཐར་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར་པར་མོས་ཏེ་རང་གཞན་གྱིས་ལོངས་སྤྱོད་ཀྱི་འདུག་པ་གཞན་བློ་བྲིད་པའི་སྒྲུབ་ཐབས་མ་ཡིན་པའི་སེམས་བསྐྱེད་ཀྱིས་ཟིན་ན། སྡོམ་པ་ཉི་ཤུ་པར་སེམས་དགེ་བ་ལ་ཉེས་པ་མེད། །ཅེས་པ་ལྟར་དེ་ཙམ་བགྱིས་པ་ལ་རང་བཟོའི་ཉེས་སྒྲིབ་ཀྱིས་ཆེར་མི་སྤགས་སོ་སྙམ་མོ། །གསང་སྔགས་ཕྱི་འགྱུར་གྱི་ཐུགས་རྗེ་ཆེན་པོའི་ཚིག་ལ་བརྟེན་ནས་རིལ་བུ་སྒྲུབ་ཚུལ་རྒྱུད་རྒྱ་གཞུང་དང་སྔོན་བྱོན་གྱི་བླ་མ་ཚད་ཐུབ་རྣམས་ཀྱི་ཡིག་ཆ་མ་མཐོང་ཞིང་། སྔ་འགྱུར་ཕྱོགས་ཀྱི་རྒྱས་འགེབས་ཀྱང་ཞྭ་དཔེ་ལྷམ་འགེབས་ལྟ་བུའི་ཧ་ཅང་གུ་ཡངས་པར་སོང་དོགས་ཆོས་ལ་བརྟེན་པའི་རང་བཟོའི་སྡིག་པ་ལ་འཇིགས་ནས་མ་ནུས་མོད། འོན་ཀྱང་གཞུང་ལུགས་རབ་འབྱམས་སྨྲ་བ་ཆོས་རྗེ་དོན་གྲུབ་རྒྱ་མཚོའི་ངོ་མ་ཆོག་པར་ཟ་ཧོར་གྱི་བནྡེས་རང་གཞན་མང་པོའི་ལག་ལེན་མཐོང་ཚོར་སྐྱོར་ཟློས་ཀྱི་ཚུལ་དུ་སྦྱར་བའི་ཡི་གེ་པ་ནི་གནས་གསར་འཇམ་དབྱངས་སོ། ། བདེ་གཤེགས་ཀུན་གྱི་མཁྱེན་པའི་ཆ་ཤས་ཉ། །ཡོངས་གང་བློ་གྲོས་ག་བུར་ཟེར་འཕྲེང་གིས། །འགྲོ་ཀུན་མི་ཤེས་མུན་སེལ་འཇམ་པའི་དབྱངས། །རྣམ་དཔྱོད་ཀུནྡ་བཞད་པའི་གཉེན་དུ་མཛོད། །མགོན་ཁྱོད་རབ་དཀར་མཛེས་སྐུ་སྒྲུབ་པའི་ཐབས། །གསེར་གདུགས་ཅན་དང་ནོར་བུ་གླིང་པ་ཞེས། །འཕགས་ཡུལ་པཎ་ཆེན་ཉི་ཟླ་ཟུང་གི་ལུགས། །ཚད་ལྡན་(༤༥བ)


GLG010_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པའི་ཚོགས་ལ་རླུང་ལྟར་གྲགས། །དེ་ཕྱིར་མ་ཏིའི་བཞེད་སྲོལ་ཀསྨི་རའི། །པཎ་ཆེན་ཤཱཀྱ་ཤྲཱིའི་གསུང་རྒྱུན་བཞིན། །ཆད་མེད་བརྒྱུད་ལྡན་དམ་པའི་བཞེད་པ་ལྟར། །ཡི་གེར་འགོད་ལ་ཤེས་ལྡན་རྣ་བ་ལྷོགས། །དེའང་པཎྜི་ཏ་ཆེན་པོ་མ་ཏིའི་ལུགས་ཀྱི་རྗེ་བཙུན་འཇམ་དབྱངས་དཀར་པོ་བསྒྲུབ་ཐབས་ཉམས་སུ་བླང་བ་ལ། སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་ལ་འགོད། དེའི་ཆེད་དུ་འཕགས་པ་འཇམ་དཔལ་དབྱངས་དཀར་པོ་བསྒྲུབ་པར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད། རང་སྐད་གཅིག་གིས་རྗེ་བཙུན་འཇམ་དབྱངས་དཀར་པོར་གསལ་བའི་སྙིང་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བར་ཨ་དཀར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མ་ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་མཎྜ་ལ་བྷྱཿས་ཕྱག་བྱ། ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡ་སྭཱཧཱ། ནས། ཤབྡ་ཨཱཿཧཱུཾ་གི་བར་གིས་མཆོད། གུར་ལས་བྱུང་བའི་རྒྱུན་བཤགས་ལན་གསུམ་བྱ། ཚད་མེད་པ་བཞི་བསྒོམ། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བཾ་ལས་བདུད་རྩིའི་མའི་རྒྱ་མཚོ་དཀར་ཞིང་དངས་པ་མཐའ་ནེའུ་གསིང་གིས་ཁོ་ར་ཁོར་ཡུག་ཏུ་བསྐོར་བར་མཉེན་ལྕུག་འཁྲིལ་ལྡེམ་པདྨ་འཚལ་གྱིས་ཁྱབ་པ། གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་ལྡན་དལ་གྱིས་རྒྱུ་ཞིང་པདྨའི་རྩ་བ་ཟ་བ། མཚོའི་སྟེང་ན་མེ་ཏོག་སྣ་ཚོགས་པ་བཀྲམ་པའི་སྟེང་ན་ཆུ་བྱ་སྐད་སྙན་པར་སྒྲོགས་པས་བརྒྱན་པ། དེའི་དབུས་སུ་པཾ་ལྗང་སེར་ལས་པདྨའི་སྡོང་པོ་ཡལ་འདབ་ལོ་མ་གསེར་ལས་བྱས་(༤༦ན)


GLG010_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པ། འདབ་མ་བརྒྱད་པ་གེ་སར་དམར་སེར་ལྟེ་བ་ལྗང་སེར་དུ་མཐོ་བའི་སྟེང་ན། ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ཡོངས་སུ་གང་བ། དེའི་དབུས་སུ་རང་གི་སེམས་ཉིད་ཨ་དཀར་པོ་གསལ་ཞིང་དྭངས་པ་དེ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་སྒྲིབ་པ་སྦྱངས་ཤེས་རབ་ཀྱི་སྣང་བ་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་འཕགས་པ་འཇམ་དཔལ། ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དཀར་ཞིང་མཚན་དང་དཔེ་བྱད་འབར་བ། གཞོན་ནུ་བརྒྱད་གཉིས་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ལེགས་པར་བརྐྱང་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་ཨུཏྤལི་ཡུ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་སྟོང་ཕྲག་བརྒྱ་པའི་གླེགས་བམ་འཛིན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་ཐོར་ཚུགས་ཀྱི་རྩེ་མོར་རིན་པོ་ཆེའི་ཏོག་དང་། སྙན་གོང་ན་དྲི་ངད་ཕུན་སུམ་ཚོགས་པའི་ཨུཏྤལ་དར་དཔྱངས་གཡོ་བ་དང་བཅས་པ་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་གྱིས་མཛེས་པར་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཀླུབས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གི་མཚན་པ། ཐུགས་ཀའི་འཁོར་ལོ་དཀར་པོའི་ལྟེ་བའི་ཨ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས། འཕགས་པ་འཇམ་དཔལ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་བཞིན་(༤༦བ)


GLG010_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་ཉེར་སྤྱོད་རོལ་མོས་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་ལྟར་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཀྱི་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་བས་ལུས་ཐམས་ཅད་གང་། །དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། གོང་བཞིན་མཆོད། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང་། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། །དགའ་བ་རྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་བསྲེག་མཁས་འཇམ་པའི་དབྱངས་ལ་རབ་ཏུ་འདུད། ཅེས་བསྟོད། རང་གི་སྙིང་རྩེ་མོ་གྱེན་དུ་བསྟན་པའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བར་ཨ། རྩིབས་ལ་སྔགས་འཕྲེང་གཡས་སྐོར་དུ་འཁོར་བར་དམིགས་ལ་ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་དུས་གྲངས་རྟགས་ཀྱི་བསྙེན་པ་གཞུང་བཞིན་ཉམས་སུ་བླངས། ཐུན་མཚམས་སུ་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱུང་བ་ལ་གོང་བཞིན་མཆོད་པ་དང་། མཎྜལ་ཚོམ་བུ་བདུན་པ་བཤམས་ལ། འཛམ་བུའི་གླིང་དང་གླིང་གཞན་རྣམས། །ནོར་བུ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་བརྗོད་ལ་མཎྜལ་དབུལ། མཚན་བརྗོད་འདོད་ན། །གོང་བཞིན་བསྟོད། རང་ཐ་མལ་པའི་ང་རྒྱལ་གྱིས། བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས་ཀྱིས་བདག་(༤༧ན)


GLG010_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་དུ་གསོལ། ཞེས་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བཀང་། ནོངས་པ་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། བསྔོ་བ་སྨོན་ལམ་ཤིས་བརྗོད་བྱའོ། །དེ་ལྟར་དལ་བ་དོན་དང་ལྡན་པའི་ཆེད། །དཔལ་ལྡན་སྟོབས་བཅུའི་གོ་འཕང་བསྒྲུབ་འདོད་ན། །ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་དེ། །མེད་ཐབས་མེད་ཕྱིར་ལྷག་པའི་ལྷ་འདི་བསྟེན། །ཁུངས་དང་བརྒྱུད་པ་བྲལ་བའི་རང་བཟོ་ཡིས། །འགལ་དུམ་འཕྲེང་བར་སྤེལ་བ་མ་ཡིན་པར། །རྒྱ་གར་པཎ་ཆེན་བོད་ཡུལ་མཁས་རྣམས་ཀྱི། །ཕྱག་ལེན་འཁྲུལ་མེད་ནོར་བུའི་འཕྲེང་འདི་ལོང་། །པད་རྩ་ལྟར་དཀར་དགེ་བའི་སྐྱ་རེངས་ཀྱིས། །འགྲོ་ཀུན་མི་ཤེས་གཉིད་ལས་རབ་བསླང་སྟེ། །བློ་གྲོས་ཉི་མའི་དངོས་བརྒྱ་འབར་བའི་ལུས། །འཇིག་རྟེན་གསུམ་གྱི་སྒྲོན་མར་བདག་འགྱུར་ཤོག །ཅེས་མ་ཏི་ལུགས་ཀྱི་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་ཤེས་རབ་གསལ་བྱེད་ཅེས་པ་འདི་ནི་གོང་གི་རྒྱལ་ཁབ་ནས་ཆོས་བསྒྱུར་བའི་ལོ་ཙཱ་སློབ་པ་སོགས་མང་དུ་ཐོས་པའི་ཆེད་འོངས་པ་སྤོར་ཁོ་པཎྜིས་བསྐུལ་པ་ལ་བརྟེན་ནས། དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་དཔལ་འབྱོར་འཕྲིན་ལས་རབ་རྒྱས་སོགས་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལ་བརྟེན་ནས་ཚུལ་འདི་ལ་བློ་གྲོས་ཀྱི་སྣང་བ་ཡངས་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་བློ་བཟང་དངོས་གྲུབ་བོ། ། ཁྲག་འཐུང་དབང་ཆེན་ཡང་གསང་ཁྲོས་པ་དང་། །དབྱེར་མེད་དྲིན་ཅན་བླ་མ་ཟུར་ཆེན་རྗེ། །ཆོས་དབྱིངས་རང་གྲོལ་སྙིང་གི་ཟེའུ་འབྲུའི་དབུས། །བྱང་ཆུབ་བར་དུ་བཞུགས་ལ་བདག་བྱིན་རློབས། །(༤༧བ)


GLG010_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཏེར་སྟོན་སུམ་ཚོགས་ཀྱི་གཏེར་ཆོས་གྲུབ་པའི་དབང་ཕྱུག་འདར་ཕྱ་རུ་བའི་ཕྱག་ཏུ་བབས་ཤིང་སློབ་དཔོན་ཆེན་པོ་ལའང་དངོས་སུ་གསན་པའི་དབང་ཆེན་ཡང་གསང་ཁྲོས་པའི་སྒྲུབས་ཐབས་རྒྱས་པ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར། འབྲིང་པོ་ཡབ་ཡུམ་རྐྱང་སྒྲུབ། བསྡུས་པ་དཔའ་བོ་གཅིག་པ་གསུམ་ལས། འབྲིང་པོའི་དབང་དུ་བྱས་པའི་རྣལ་འབྱོར་གྱི་རིམ་པ་ཉམས་སུ་ལེན་པར་འདོད་པས། ཐོག་མར་སྔགས་གསར་མའི་རྒྱས་འགེབས་ལྷུར་ལེན་མ་ཡིན་པའི་ལུགས་འདི་ཀའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་འཕྱུགས་མེད་ཀྱི་དབང་མཚན་ཉིད་དང་ལྡན་པ་ནོས་ཤིང་དམ་ཚིག་དང་སྡོམ་པ་ལ་གཅེས་སྤྲས་སུ་བྱེད་པའི་སྒྲུབ་པ་པོས་ཉམས་སུ་བསྟར་བྱའི་ངག་འདོན་མདོར་བསྡུས་ལ། སྐྱབས་སེམས་ནི། པདྨ་དབང་ཆེན་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ པདྨ་དབང་ཆེན་སྒོམ་བཟླས་ནིཿ བདག་གིས་སེམས་ཅན་དོན་དུ་བགྱིཿ ཞེས་ཚར་གསུམ་བརྗོད། ཚད་མེད་ནི། སེམས་ཅན་ཐམས་ཅད་བདེ་དང་ལྡན༔ སེམས་ཅན་སྡུག་བསྔལ་མེད་གྱུར་ཅིག༔ སེམས་ཅན་བདེ་ལ་རྟག་པར་གནས༔ འགྲོ་རྣམས་སངས་རྒྱས་ཐོབ་གྱུར་ཅིག༔ མཆོད་རྫས་རྣམས་བརླབ་པ་ནི། རང་ཉིད་ཐུན་མཚམས་ཀྱི་ལྷར་གསལ་བས། ཨཱོཾ་རཾ་བཛྲ་ཀྲོ་ཏ་རཀྵ་ཛྲ་ལ་རཾ། ཏིཀྞ་བི་ཤྭ་ཛྭ་ལ་ཕཊ་རི་རཾ། རི་ཨ། ཨཱོཾ་ཨ་ཧ་ར་ཨ་ཧ་ར་ཧཱུཾ། ཨཱོཾ་བཛྲ་དྷཱུ་པ་ཧཱུཾ། ཐོག་མཐའ་འདྲ་བ་ལ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤབྡ། ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། ཨཱོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཏེ་ཛྭ་ར་ཧཱུཾ། ཨཱོཾ་མ་ཧཱ་པདྨ་རཀྟ་ཧཱུཾ། དངོས་གཞིའི་རྣལ་འབྱོར་ནི། ཨཱོཾ་སྭ་བྷཱ་ཝ་བི་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། པཾ་པདྨ་མཎྜ་(༤༨ན)


GLG010_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མ་སཱུཪྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། རུ་ཏྲ་བ། པདྨ་ཉི་ཟླ་བདུད་ནག་ཕྱི་ཆིངས་སུ། །བསྣོལ་སྟེང་རང་སེམས་ཧྲཱིཿདམར་མཾ་སྔོན་པོ། སྭ་ར་ཎ་ཕཊཿ འོད་འཕྲོས་འཕགས་མཆོད་སེམས་ཅན་དོན་ཀུན་བྱས། བདེ་གཤེགས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས། སཾ་ཧ་ར་ན་ཧཱུཾ། ཚུར་འདུས་ཡིག་འབྲུར་ཐིམ་པས་པདྨ་དམར། །བནྡྷ་ཁྲག་གིས་གང་བའི་རྣམ་པར་གྱུར། །ཏིཥྛ་བཛྲ། ཧྲཱིཿམཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། པདྨ་ཡོངས་གྱུར་བདག་ཉིད་དབང་ཆེན་སྐུ། །དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །གཡས་དཀར་གཡོན་ལྗང་དབུས་དམར་རེ་རེ་ལ། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་ལྗགས་འདྲིལ་པ། །ཁྲོ་གཉེར་རབ་བསྡུས་ཁམ་ནག་དབུ་སྐྲའི་ཚོགས། །གྱེན་འཁྱིལ་རྩ་ཞལ་སྤྱི་བོར་རྟ་མགོ་ལྗང་། །རྔོག་མ་དམར་པོ་ཕྲུམ་ཕྲུམ་སེར་པོ་དང་། །ཞུར་དཀར་རྟ་སྐད་དྲག་པོ་ལྷང་ལྷང་འཚེར། །སྨིན་མ་སྨ་ར་ཨག་ཚོམ་མེ་ལྟར་འབར། །གཡས་གསུམ་པད་དམར་ལྕགས་ཀྱུ་བེ་ཅོན་འཛིན། །གཡོན་གསུམ་བྷན་དམར་རྒྱུ་ཞགས་རལ་གྲི་འཕྱར། །ཐོད་སྐམ་དབུ་རྒྱན་ཚལ་བུས་དཔུང་པར་བརྒྱན། །སྐམ་རློན་རྙིང་པའི་དོ་ཤལ་གསུམ་རིམ་ཅན། །སྐུ་སྟོད་ཞིང་ལྤགས་གླང་ཆེན་ཀོ་རློོན་གསོལ། །སྟག་ཤམ་སྦྲུལ་རིགས་བཞི་དང་རིན་ཆེན་རྒྱན། །བྱུགས་པའི་རྫས་གསུམ་སྐུ་ཡི་རྒྱན་དུ་བཀོད། ཁམས་གསུམ་རྣམ་རྒྱལ་རྡོ་རྗེའི་ཁྱུང་གཤོག་གདེངས། །གར་དགུའི་ཉམས་ལྡན་གཡས་བསྐུམ་གཡོན་བརྐྱང་བཞུགས། །ཨཱོཾ་མ་ཧཱ་ཀྲོ་ཏ་ཤྭ་རི་ཧཱུཾ་ཕཊ༔ བནྡྷ་ཁྲག་བཀང་ཡོངས་སུ་གྱུར་པ་ལས། །ཡུམ་ཆེན་པདྨ་གར་དབང་སྐུ་མདོག་མཐིང་། །ཞལ་གཅིག་ཕྱག་གཉིས་གཡས་པས་མི་ཡི་སྙིང་། །རློན་པ་(༤༨བ)


GLG010_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བས་ཡབ་ཀྱི་མགུལ་ནས་འཁྱུད། །གཡོན་པས་དུད་ཆེན་དམར་འཁྱིལ་ཞལ་དུ་སྟོབ། །ཁྲག་མིག་སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས། །རལ་པ་མུན་གཏིབས་སྐུ་རྐེད་ཡན་ཆད་ཁྱབ། །ཐོད་སྐམ་དབུ་རྒྱན་དོ་ཤལ་རིན་ཆེན་རྒྱན། །དུར་ཁྲོད་ཆས་སྤྲས་གཡས་བརྐྱང་གཡོན་བསྐུམ་པས། །ཡབ་ཀྱི་རྐེད་འཁྲིལ་ཡབ་ཡུམ་གཉིས་ཀ་ཡང་། །ཉི་མ་སྟོང་ལས་ལྷག་པའི་གཟི་འོད་འཕྲོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་ན་བཞུགས། །སྤྱན་འདྲེན་གནས་གསུམ་བྱིན་རླབས་དབང་བསྐུར་རྒྱས་གདབ་ནི། ཨཱོཾ་བཛྲ་ས་མ་ཡེ་ཛཿ ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨེ་ཤྭ་རི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ནས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱཧཱའི་བར། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཛཿཧཱུཾ་བཾ་ཧོཿ ཨཱོཾ་ཨཱཿཧཱུཾ། ཧཱུཾ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། ཨཱོཾ་བུདྡྷ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཨཱོཾ། སྭཱ་རཏྣ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། པཾ་པདྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧྲཱིཿ ཧཱ་ཀརྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཨཱཿ མཆོད་པ་ནི། གོང་གི་སྔགས་གཤམ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁཱ་ཧི། བསྟོད་པ་ནི། ཧྲཱིཿ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །པདྨ་ཉི་ཟླ་བདུད་བསྣོལ་གདན་སྟེང་དུ། །རྣམ་ཤེས་གནས་གྱུར་པདྨ་ཧེ་རུ་ཀ །ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་། །རྒྱུད་དྲུག་ཉོན་མོངས་ཞེ་སྡང་འཇོམས་མཛད་པ། །ཁྲོ་རྒྱལ་རྟ་མགྲིན་དཔལ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །དགའ་བཞི་བདེ་བ་ཆེན་པོའི་དཀྱིལ་འཁོར་ན། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །བདེ་སྟོང་ཟུང་འཇུག་ཤེས་རབ་ཐབས་དང་རོལ། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཁྲོ་མོའི་སྐུ། །རྒྱུད་དྲུག་(༤༩ན)


GLG010_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་ཉོན་མོངས་འཇོམས་མཛད་མ། ཁྲོ་མོ་གར་དབང་ཡུམ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །བཟླས་པ་ནི། ཧྲཱིཿ བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་ལ་ནི་སྙིང་པོ་ཧྲཱིཿ འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ། །སེམས་ཅན་སྒོ་གསུམ་སྒྲིབ་པ་སྦྱངས། །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡཾ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ ཨཱོཾ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊཿ འཛབ་བསྟོད་ནི། ཧྲཱིཿ པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །དཔལ་ཆེན་པདྨ་ཧེ་རུ་ཀ །མི་བཟད་ཁྲོ་རྒྱལ་རྟ་མཆོག་དཔལ། །དབང་དྲག་སྟོབས་ཆེན་རྔམ་བརྗིད་གཏུམ། །སྐུ་མདོག་དམར་ནག་འགྱིང་ཞིང་བརྗིད། །དབུ་གསུམ་རྣམ་ཐར་གསུམ་ཡང་སྟོན། །ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད། །ཞབས་བཞི་འཁོར་བའི་ཆོས་བཞི་སྒྲོལ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །རྟ་མགོ་ལྗང་ཁུ་རྟ་སྐད་འཚེར། །མེ་དཔུང་འབར་བའི་ཀློང་ན་བཞུགས། །རྔམ་པའི་ང་རོ་འབྲུག་སྟོང་སྒྲོག །དྲེགས་པ་ཕོ་མོ་དབང་དུ་སྡུད། །དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། ཅེས་དང་། འཛབ་ཀྱི་དངོས་གྲུབ་བླང་བ་ནི། ཧྲཱིཿ ཁྲོ་རྒྱལ་དབང་ཆེན་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ཨཱོཾ་པདྨཱཾ་ཏ་ཀྲྀ་ཏ་པདྨེ་ཤྭ་རི་མ་ཧཱ་ཀྲོ་ཏ་ཧ་ཡཾ་གྷྲཱི་ཝ་མ་མ་ཏྲ་ག་མོ་དུནྟིཾ་ཧྲིཾ་ཧྲིཾ་ཧཱུཾ་ཛཿ ཞེས་པ་ཉེར་གཅིག་ཙམ་དང་། ཨཱོཾ་པདྨ་ཀྲོ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོ། (༤༩བ)


GLG010_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད། ཐུན་མཐར་ལྷག་ཆད་ཁ་བཀང་། ཡིག་བརྒྱས་བྱིན་རླབས་བརྟན་པར་བྱས། མཆོད་བསྟོད་བྱ། ཧ་ཡ་གྷྲཱི་ཝ་ཧྲིཿགབ། བ་མོ་དྷ་ཡ་ཧྲིཿགབ། པདྨ་བན་དྷ་ཧྲིཿགབ། ཙནྡྲ་རཀྵ་ཧྲིཿགབ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གནས་ལྔར་ཕྱག་རྒྱ་དང་བཅས་ཏེ་ལུས་བསྲུང་། སྣོད་བཅུད་རྣམས་ཡབ་ཡུམ་ལ་ཐིམ། དེ་ཡུམ་ཡབ་ལ། ཡབ་ཧྲཱི༔ དེ་གུ་གུའི་བར་རིམ་གྱིས་ཐིམ་མཐར་འཇའ་ཡལ་བ་ལྟར་རིག་སྟོང་གི་ངང་དུ་མཉམ་པར་བཞག་ནས། ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ་ཧཾ་བརྗོད་སླར་ཡང་ལྷར་གསལ་བའི་ངང་ནས་སྔགས་བཟླ་ཞིང་། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །པདྨ་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས། །མ་རིག་ལྡོངས་བའི་སྐྱེ་ཚོགས་ཐམས་ཅད་ལ། །རོལ་བའི་རྟ་སྐད་ཕྱོགས་བཅུར་སྒྲོག་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་བྱའོ། །དེའང་བསྐྱེད་རྫོགས་འཛབ་ཚར་གཅོད་རྟགས་སོགས་ཀྱི་ཟབ་མོའི་གནད་འགག་རྣམས་ནི་བརྒྱུད་ལྡན་དམ་པའི་ཞལ་ལུང་ལས་བླང་བར་བྱ་ཞིང་། ཡང་གསང་ཁྲོས་པའི་བཀའ་སྲུང་གིང་ལྔ་གཟའ་གདོང་གནོད་སྦྱིན་ཆེན་པོ་རྣམས་ཡིན་པས་བྱུང་རྒྱལ་དུ་ཉམས་སུ་བླངས་ན་རང་གཞན་ཐམས་ཅད་འཕུང་བའི་རྒྱུར་འགྲོ་བས་ན་བག་ཡོད་པར་བྱའོ། །སྒྲུབ་སྡེ་བརྒྱད་ལས་པདྨ་གསུང་གི་སྐོར། །ཨོ་རྒྱན་བླ་མའི་ཞལ་ལུང་བདུད་རྩིའི་རྒྱུན། །སྐད་གཉིས་སྨྲ་བ་ལོ་ཆེན་བཻ་རོ་དང་། །གྲུབ་པའི་དབང་ཕྱུག་འདར་ཕྱར་གདམས་པའི་བཅུད། །བཀའ་གཏེར་ཟུང་འཇུག་མ་དྲོས་མཚོ་ཆེན་ལས། །སྙན་བརྒྱུད་མན་ངག་གངྒཱ་ཧུབ་གཅིག་གིས། །འཐུང་མཁས་རྒྱལ་བ་ཀུན་དངོས་ཚར་པ་རྗེ། །ཡབ་སྲས་ལས་བརྒྱུད་རིམ་བཞིན་ཁོ་བོས་ཐོས། །དང་པོར་མཚན་ཉིད་ཀུན་ལྡན་བླ་མའི་དྲུང་། །སྨིན་གྲོལ་གདམས་པའི་སྒྲོ་འདོགས་(༥༠ན)


GLG010_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཅད་ནས། །ཡི་གེར་བཀོད་ལས་རྒྱུན་མེད་རང་བཟོ་ཡི། །ཧམ་ཅན་བརྩམས་ཆོས་རྣམས་དང་འདི་མི་འདྲ། །མཁའ་ལ་རྡོ་རྗེ་སྲུང་བའི་གུར་མ་ཞིག །ས་ལ་དཀྱིལ་འཁོར་བྲིས་པའི་བཀྲག་མ་ཡལ། །བར་དུ་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ། བྱིན་རླབས་ན་བུན་ཟིལ་དངར་ཅི་ཡང་གཡོ། །རང་ལ་ཆ་རྒྱུས་ཡོད་པའི་གདེངས་ལྡན་པས། །ཡང་གསང་ཁྲོས་པ་ཡབ་ཡུམ་རྒྱན་སྒྲུབ་ཀྱི། །ལས་བྱང་བདུད་ལས་རྒྱལ་བའི་བཞད་སྒྲ་ཅན། །བཀོད་པས་འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་པ་འདིའང་སེར་བྱེས་སློབ་དཔོན་འཕྲིན་ལས་ལྷུན་གྲུབ་ཀྱི་སྐྱེ་བ་ངག་དབང་བསོད་ནམས་ལྷུན་གྲུབ་ཀྱིས་བསྐུལ་བའི་ངོར་གཉགས་ཛྙཱ་ན་ཀུརྨ་རའི་སྤྲུལ་པའི་ཟློས་གར་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་བཀའ་དྲིན་ལ་བརྟེན་ནས་ཆོས་ཚུལ་འདི་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཟ་ཧོར་གྱི་བནྡེས་བརྒྱུད་ལྡན་གོང་མའི་ཡི་གེ་དང་མན་ངག་ལ་གཞི་བྱས་མངོན་རྟོགས་ཚིག་ལྷུག་ཚིགས་བཅད་དུ་བསྡེབས་ཤིང་གཞན་མ་སྐྱབས་སེམས་བསྟོད་འཛབ་དངོས་གྲུབ་བླང་བ་སོགས་ཡིག་རྙིང་རང་སོར་བཞག་སྟེ་མེ་རྟ་ཆུ་སྟོད་ཀྱིས་ཉ་བའི་ཡར་ཚེས་དགེ་བར་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །གཏན་གྱི་སྐྱབས་མཆོག་མཆོག་གསུམ་རིན་ཆེན་ལ། །བྱང་ཆུབ་དེ་སྲིད་སྲིད་མཚོ་ལས་བསྒྲལ་ཕྱིར། །སོམ་ཉི་རབ་སྤངས་སྤངས་རྟོགས་ཡོན་ཏན་རྣམས། །ཐོབ་ཕྱིར་སྐྱབས་འགྲོ་འགྲོ་རྣམས་སྒྲོལ་བར་མཛོད། །སྡུག་བསྔལ་གསུམ་གྱིས་མནར་བའི་ལུས་ཅན་ཀུན། །ཀུན་མཁྱེན་ཡེ་ཤེས་རྙེད་ཆེད་བྱང་ཆུབ་སེམས། །སེམས་མཆོག་རིན་ཆེན་བསྐྱེད་དེ་རྒྱལ་སྲས་སྤྱོད། །སྤྱོད་ཚུལ་རླབས་ཆེན་ཕྱིན་དྲུག་ལམ་དུ་འཇུག །རང་ཉིད་འཇིག་རྟེན་དབང་ཕྱུག་གསལ་བ་(༥༠བ)


GLG010_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་རབ་འཕྲོས་པས། །རང་བཞིན་གནས་ནས་ཕྱག་ན་པད་དཀར་འཆང་། །བླ་མ་འོད་དཔག་མེད་ཀྱི་དབུ་བརྒྱན་པ། །རྒྱལ་བ་སྲས་བཅས་ཚོགས་ཀྱིས་ཡོངས་བསྐོར་བ། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ། །ཨོཾ་བཛྲ་པུཥྤེ་ཨཱ་ཧཱུྃ་ནས་ཤ་བྷ་ཨཱཿཧཱུཾ་བར་གྱིས་མཆོད། །རྒྱུན་བཤགས་དང་ཚད་མེད་བཞི་སྤྱི་ལྟར་བསྒོམ། །ཨོཾ་ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་སྟེང་། །ཡཾ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་ནི། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །ཤེལ་དཀར་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཉི་མ་འབུམ་གྱིས་འཁྱུད་པའི་གཟི་བྱིན་ཅན། །ཞི་འཛུམ་དགྱེས་པའི་སྤྱན་རས་འགྲོ་ལ་གཟིགས། །དབུ་སྐྲ་མཐོན་མཐིང་རལ་པའི་ཐོར་ཚུགས་མཛེས། །ལྷག་མའི་ཟར་བུ་དཔུང་པའི་སྟེང་དུ་འཕྱང་། །ཕྱག་གཡས་འགྲོ་བའི་དབུགས་འབྱིན་མཆོག་སྦྱིན་དང་། །གཡོན་པ་པདྨའི་ཡུ་བ་ནས་བཟུང་བའི། །འདབ་མ་སྙན་གྱི་ཐད་ཀར་རྣམ་པར་རྒྱས། །ལྷ་རྫས་དར་གྱི་སྟོད་གཡོགས་ཤམ་ཐབས་ཀླུབས། །ཞབས་གཉིས་མི་ཕྱེད་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ཡི་གནས་གསུམ་ཡི་གེ་འབྲུ་གསུམ་གྱིས། །མཚན་པའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་བསྒོམས་པ་དང་འདྲ་བའི། །སྤྱན་རས་གཟིགས་དབང་བཛྲ་ས་མཱ་ཛཿ། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་ཡི་ལྷར། །ཡེ་ཤེས་སེམས་དཔའ་གཉིས་སུ་མེད་པར་བསྟིམ། །སླར་ཡང་འོད་འཕྲོས་རིགས་ལྔ་འཁོར་བཅས་རྣམས། །མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ། །བདག་ལ་དབང་བསྐུར་སྩལ་དུ་གསོལ་ཞེས་པའི། །ཚིག་དང་མོས་པས་ཐུགས་རྒྱུད་སྐུལ་བའི་མཐུས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ལ་ཤྲཱི་ཧཱུཾ། (༥༡ན)


GLG010_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

།དབང་སྐུར་སྐུ་གང་དྲི་མ་མ་ལུས་དག །ཆུ་ལྷག་ཡར་ལུད་སྣང་མཐས་དབུ་བརྒྱན་གྱུར། །གོང་བཞིན་ཉེར་སྤྱོད་ཀྱིས་མཆོད་ལ། །སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། །རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ལ་ཡིག་ཐ་མར་ཡིག་འབྲུ་དྲུག་གིས་བསྐོར། །དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། །འགྲོ་བ་རིགས་དྲུག་སྡུག་བསྔལ་མ་ལུས་སྦྱངས། །ཚུར་འདུས་བདག་ལ་ཐིམ་པས་སྡིག་སྒྲིབ་དག །འཕགས་པའི་བྱིན་རླབས་མ་ལུས་ཐོབ་པར་གྱུར། །ཡི་གེ་དྲུག་པ་ཅི་ནུས་སུ་བཟླ། ཡེ་ཤེས་སེམས་དཔའ་བདག་ལས་ཕྱིར་ཕྱུང་སྟེ། །མདུན་གྱི་ནམ་མཁའ་མངོན་སུམ་བཞུགས་པར་གྱུར། སྔར་བཞིན་མཆོད། །བླ་མ་མཆོག་དང་འཕགས་པའི་ལྷ་ཚོགས་ལ། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱིས་བདག་རྒྱུད་བྱིན་བརླབས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཐུབ་བསྟན་རྒྱས་ཤིང་དེ་འཛིན་ཚོགས་རྣམས་བརྟན། །མཁའ་མཉམ་མ་རྒན་འགྲོ་རྣམས་བདེ་ལ་སྤྱད། །བདག་སོགས་རྣམས་ཀྱི་ཚེ་དཔལ་འབྱོར་པ་ཀུན། །ཡར་ངོའི་ཟླ་ལྟར་རྒྱས་པར་བྱིན་གྱིས་རློབས། །འདི་སྣང་འགགས་ཚེ་བདེ་བ་ཅན་ཞིང་དུ། །མགོན་པོ་ཁྱོད་ཀྱིས་ཐོགས་མེད་རབ་དྲངས་ཏེ། །རྒྱལ་བའི་སྲས་གྱུར་ཐེག་ཆེན་ཆོས་ལ་སྤྱད། །རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པར་མཛོད། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་དང་། །བཛྲ་མུཿས་ཡེ་ཤེས་པ་གཤེགས་པར་བསམ་མོ། །དགེ་བའི་ཆུ་རྒྱུན་རྒྱུན་ཆད་མེད་བབས་པ། །བྱང་ཆུབ་མཚོ་ཆེན་ཆེན་པོར་རོ་གཅིག་ཅིང་། །དུས་ཀུན་ཕུན་ཚོགས་ཚོགས་པའི་བཀྲ་ཤིས་ཀྱིས། །བདག་གཞན་འགྲོ་ཀུན་ཀུན་ལ་ཁྱབ་པར་ཤོག །ཅེས་སྒྲུབ་བརྒྱ་ནས་གསུངས་པའི་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལ་བརྟེན་(༥༡བ)


GLG010_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉམས་ལེན་འདི་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེས་བསྐུལ་ཞིང་སླར་ཡང་པུ་ཤུད་པ་བློ་བཟང་དར་རྒྱས་ཀྱིས་ཀྱང་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། ། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྐྱབས་སེམས་སྔོན་དུ་འགྲོ་བའི་སྒོ་ནས། རང་གི་སྤྱི་གཙུག་ཏུ་པཾ་ལས་ཆུ་སྐྱེས་འདབ་མ་བརྒྱད་པའི་གེ་སར་གྱི་སྟེང་དུ། ཨཾ་ལས་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་ཧཱུཾ་དཀར་པོ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་སྟོན་མཚན་གྱི་ཟླ་བ་ལྟར་དཀར་ཞང་དྲི་མ་མེད་པའི་ཤེལ་ལྟར་འཚེར་བ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཇམ་ལ་ཆགས་པའི་ཉམས་དང་ལྡན་པ། མཐོན་མཐིང་དབུ་སྐྲ་གཙུག་གཏོར་གྱི་རྩེར་བཅིངས་ཤིང་ལྷག་མའི་ལན་བུ་རིང་དུ་འཕྱང་བ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་རང་སྣང་གི་ཤེས་རབ་མ་རྡོ་རྗེ་སྙེམས་མ་དཀར་མོར་འཁྱུད་པ་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའང་ལྷ་རྫས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པ། གནས་གསུམ་དུ་ཨོཾ་ཨཱཿཧཱུཾ་དཀར་དམར་མཐིང་གསུམ་གྱིས་མཚན་པའི་ཧཱུཾ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ་མོ། །ཡང་འོད་འཕྲོས་དབང་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། དེ་བཞིན་གཤེགས་པ་རིགས་ལྔས་མངོན་པར་དབང་བསྐུར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་(༥༢ན)


GLG010_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པས་དབུ་བརྒྱན་པར་བསམ། བཅོམ་ལྡན་འདས་རྡོ་ཇེ་སེམས་དཔས་བདག་གཞན་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་ཧཱུཾ་ལ་སྔགས་འཕྲེང་གིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། རང་གི་སྤྱི་བོ་ནས་ཞུགས་ཏེ། ཉམས་ཆགས་སྡིག་སྒྲིབ་ནད་གདོན་ཐམས་ཅད་ཤྭ་འོད་ཀྱི་སྣེ་ལ་སྦུར་བ་མི་ཆགས་པ་བཞིན་ཕྱིར་ཐོན་པར་བསམས་པའི་དམིགས་པ་དང་བཅས་ཏེ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། བདག་ནི་མི་ཤེས་རྨོངས་པ་ཡིས། ཞེས་སོགས་དང་། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ཚད་མེད་ཐུགས་རྗེ་ཆེན་པོའི་མཐུས། །བདག་གིས་བསགས་པའི་སྡིག་ལྟུང་ཀུན། །བྱང་ཞིང་དག་པར་བྱིན་གྱིས་རློབས། །མཁའ་མཉམ་མ་གྱུར་འགྲོ་རྣམས་ལ། །ཆགས་སྡང་གཏི་མུག་དབང་གྱུར་ཏེ། །ལོག་པར་སྤྱད་པའི་ཉེས་ཀུན་དྲི། །བཟླས་བརྗོད་ཆུ་བོས་འཁྲུད་པར་ཤོག །ཉམས་ཆགས་མིག་སྨན་ལྟར་གནག་མུན། །བཅོམ་ལྡན་ཐུགས་རྗེའི་ཟླ་ཟེར་གྱིས། །སྐད་ཅིག་ཉིད་ལ་སངས་བྱས་ནས། །ཕན་བདེའི་སྣང་བ་དཀར་བར་ཤོག །ཉེས་ལྟུང་ས་མཁྲེགས་ཐ་རྒོད་དང་། ། རང་རྒྱུད་ཞིང་ས་ལྷན་ཅིག་ཏུ། །མི་གནས་ཆེས་དཀར་གཤིན་པོ་ལ། །གཏན་བདེའི་མྱུ་གུ་སྐྱེ་བར་ཤོག །རིགས་ཀུན་བདག་པོ་རྡོ་རྗེ་སེམས། ཁྱོད་ཞལ་མངོན་སུམ་ལེགས་མཐོང་ནས། །ཡིད་ཅན་འདྲེན་པའི་དེད་དཔོན་དུ། །འགྱུར་བར་བྱིན་གྱིས་རླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། ཇི་ལྟར་གསོལ་བ་བཞིན་ཞལ་གྱིས་འཆེས་ཏེ། ཡབ་ཡུམ་གཉིས་ཀ་འོད་དུ་ཞུ་ནས་ཐིམ་པས་རང་སེམས་དང་ངོ་བོ་དབྱེར་མེད་དུ་གྱུར་པར་བསམས་ཏེ། བསྔོ་བ་སྨོན་ལམ་ཅི་རིགས་(༥༢བ)


GLG010_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པའང་བྱའོ། །ཞེས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཚིག་ལྷུག་མཇུག་ཏུ་སྨོན་ལམ་ཤློ་ཀ་གསར་པ་ལྔ་ཡོད་པ་ཞིག་དགོས་ཞེས། གདོང་ཁ་བ་བློ་བཟང་བསྟན་འཛིན་དབང་རྒྱལ་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་ངག་དབང་མཁྱེན་བརྩེའོ། ། རིན་ཆེན་ཡེ་ཤེས་བསོད་ནམས་མཆོག་གྲུབ་པའི། །ཁྱབ་བདག་འཁོར་ལོའི་མགོན་པོ་ཞ་ལུ་པ། །བློ་མཆོག་རིག་པའི་རྡོ་རྗེ་ཉང་སྟོན་རྗེ། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས། ཁྱོད་མཚན་ཐོས་པའི་མོད་ལ་དབུལ་ཕོངས་ཀྱི། །གདུང་སེལ་འདོད་འཇོ་བསིལ་བའི་རེག་བྱ་མཁན། །རབ་དཀར་རྨུགས་འཛིན་འབྲུག་གི་བཞོན་པ་ཅན། །དགྱེས་ཞལ་འཛུམ་གྱིས་འགྲོ་འདི་རྟག་ཏུ་བསུས། །སྣང་བ་མཐའ་ཡས་མར་མེ་མཛད་དཔལ་གྱི། །བཞེད་སྲོལ་དམ་པའི་ཕྱག་ལེན་འཁྲུལ་མེད་བཞིན། །རྒྱུན་འཁྱེར་སྒྲུབ་ཐབས་རིམ་པ་ཉམས་བསྟར་བ། །གོ་སླའི་ངག་གི་ཉུང་ངུ་རྣམ་གསལ་འདྲི། །དེ་ལ་འདིར་ལྷ་གཅིག་མཉམ་མེད་ཇོ་བོ་ཆེན་པོའི་ཟབ་ཆོས་འཕགས་པ་ཛམྦྷ་ལ་དཀར་པོ་འབྲུག་ཞོན་མ་བསྙེན་པར་བྱ་བའི་སྒྲུབ་ཐབས་དང་ཞར་བྱུང་ཆུ་སྦྱིན་དང་ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པར་བྱེད་པ་ལ་གཞན་མའི་རྒྱས་བཀབ་ཀྱི་རང་བཟོ་མ་ཡིན་པར་རྩ་བའི་ཡིག་རྙིང་དང་ཤེའུ་ལོ་ཙཱ་བའི་ཡིག་ཆ་སོགས་ལ་བརྟེན་ནས་རྗེས་སུ་གནང་བ་ལེགས་པར་ནོས། །གནས་ཁང་ཡིད་དུ་འོང་བར་སྐྱེད་ཁུལ་བྱ། །ཐུགས་རྗེ་ཆེན་པོ་དང་འདིའི་བྲིས་སྐུ་སོགས་ཡོད་ན་དགྲམ། །སྟེགས་གཙང་མའི་ཁར་དཀར་གཏོར་དང་། བུམ་པ་ཟངས་གཞོང་། སྐུ་རབ་གནས་ཅན་སོགས་སྟ་གོན་བྱ། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་བཤམ། སྟན་བདེ་བ་ལ་འདུག་སྟེ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྤྱི་ལྟར་བྱ། ཚོགས་ཞིང་ནི། རང་སྐད་ཅིག་གིས་ཛམྦྷ་ལར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། (༥༣ན)


GLG010_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱི་གནས་ནས་འཕགས་པ་ཛམྦྷ་ལ་ལ་བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་ྉྤདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿས་ཕྱག་བྱ། གོང་གི་སྔགས་གཤམ་དུ་ཨརྒྷཾ་སོགས་བཏགས་ནས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། ཚད་མེད་པ་བཞི་བསྒོམ། དངོས་གཞི་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཛཾ་དཀར་པོ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་གངས་རིའི་མདོག་ལྟར་དཀར་བ། ཞལ་གཅིག་ཕྱག་ཉིས་པ། ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཅན་ཡིད་ཙམ་ཁྲོས་པ། སྤྱན་གསུམ་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་། སྨ་ར་དང་སྨིན་མ་ཁམ་སེར་དུ་འཁྲིལ་བ། ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་དང་། གཡོན་པ་རིན་པོ་ཆེའི་བེ་ཅོན་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། འོག་པག །ཕྱག་གདུབ། ཞབས་གདུབ་རྣམས་ཀྱིས་སྤྲས་ཤིང་། དར་གྱི་ཡུག་གོན་སྟོད་གཡོགས་ཀྱི་ཚུལ་དུ་འཕྱང་བ། པཉྩ་ལི་ཀའི་ཤམ་ཐབས་ཅན། གཡུ་འབྲུག་གི་སྟེང་ན་ཞབས་གཉིས་ཕྱེད་སྐྱིལ་གྱི་ཚུལ་དུ་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་གདན་ལ་ཛཾ་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཛམྦྷ་ལ་དཀར་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་(༥༣བ)


GLG010_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ། སླར་ཡང་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨཱོཾ་པཉྩ་ཀླཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ཀྱི་དབུ་བརྒྱན་པར་བསམ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཤེལ་དཀར་ཞུན་མའི་ཕུང་པོ་དབང་བཞི་ཡིས། །རབ་དཀྲིས་གར་དགུའི་ཉམས་ལྡན་གནོད་སྦྱིན་དབང་། །འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབས་མཛད་པ། །དཔལ་ལྡན་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཟླས་པ་བྱ་བ་ནི། རང་གི་སྙིང་གར་ཟླ་གདན་ལ་ཛཾ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁྱད་པར་ཁམས་གསུམ་གྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ་ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུཾ་ཕཊ། ཅེས་པ་མི་ཚིག་གིས་བར་མ་ཆད་པར་ཐུན་དུ་བཅད་དེ། རབ་འབྲིང་མཐའ་གསུམ་གྱི་རྟགས་མ་བྱུང་གི་བར་དུ་བཟླ། ཐུན་མཚམས་སུ་མཆོད་བསྟོད་བྱ། ཡེ་ཤེས་པ་མདུན་གྱི་ནམ་མཁར་ཕྱུང་བ་ལ་མཆོད་བསྟོད་དང་། ཡིག་བརྒྱ་བརྗོད་ཅིང་ནོངས་པ་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་རང་གནས་སུ་གཤེགས། རང་ཉིད་དམ་ཚིག་པའི་ང་རྒྱལ་ལ་གནས་པས་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས། ཕྱི་ཆུ་སྦྱིན་ལ་བརྟེན་ནས་བསྒྲུབ་ན། མདུན་དུ་ཟངས་གཞོང་གཙང་མའི་ནང་དུ་བརླན་གྱིས་མི་གནོད་པའི་སྐུ་རབ་གནས་ཅན་བཞག །རང་ཉིད་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎིར་ལམ་གྱིས་གསལ་བཏབ། མདུན་གྱི་(༥༤ན)


GLG010_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བསངས་སྦྱངས་སྒྲུབ་ཐབས་བཞིན་བསྐྱེད་པའི་ཤར་གྱི་འདབ་མ་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་ཌཱ་ཀི་མ་ནམ་མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་གསེར་གྱི་རྡོ་རྗེ་དང་གཡོན་པས་རྟེན་འབྲེལ་གྱི་ནོར་རྫས་བསྣམས་པ། བྷ་ར་ཧཱུཾ་ལས་རིན་པོ་ཆེ་ཧཱུཾ་གིས་མཚན་པ་ལས། རིན་ཆེན་ཌཱ་ཀི་མ་སེར་མོ་གཡས་ནོར་བུ་རིན་པོ་ཆེ་དང་གཡོན་བུམ་པ་འཛིན་པ། ནུབ་ཏུ་པཾ་ལས་པདྨ་པཾ་གྱིས་མཚན་པ་ལས། པདྨ་ཌཱ་ཀི་མ་དམར་མོ་གཡས་པདྨ་དང་གཡོན་ལྕགས་ཀྱུ་བསྣམས་པ། བྱང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས། ལས་ཀྱི་ཌཱ་ཀི་མ་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ་དང་། གཡོན་ནེའུ་ལེ་ནོར་བུ་སྐྱུག་པ་བསྣམས་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ། ཞབས་གཡས་བསྐུམ་པའི་དར་སྟབས་ཀྱིས་བཞུགས་པ། གཙོ་འཁོར་རྣམས་ཀྱི་དཔྲལ་བར་ཨོཾ། ཞེས་པ་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་ཞེས་པའི་བར་གོང་ལྟར་ལ། གཙོ་བོ་ལ་འོད་དཔག་མེད་དང་འཁོར་རྣམས་ལ་རང་གི་རིགས་ཀྱི་བདག་ལས་དབུ་བརྒྱན་པར་བསམ། དེ་ནས་སྔགས་བརྒྱ་རྩ་བཟླ་ཞིང་། སྐུ་གཟུགས་ལ་ཆུ་སྦྱིན་དབུལ་བའི་ཆུ་མུ་ཏིག་གི་ཕྲེང་བར་གྱུར་ནས་གཙོ་འཁོར་རྣམས་ཀྱི་སྐུ་ལུས་གང་བས་ཟུག་རྔུ་ཞི་ཞིང་བདེ་བ་དང་ལྡན། ཞལ་ནས་མུ་ཏིག་གི་ཆར་བབས་པས་དངོས་གྲུབ་ཐོབ་པར་བསམས་ལ་མཆོད་བསྟོད་བྱ། རྟེན་ཡོད་ན་ཡེ་ཤེས་པ་ལ་བརྟན་བཞུགས་འབུལ། ཆུ་མཐེབ་སྲིན་གྱིས་རང་གི་ལྕེ་ཐོག་ཏུ་བཞག་ནས་དངོས་གྲུབ་ཞུ་བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་ཞི་ནས། དཔལ་འབྱོར་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བ་དང་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་བཏབ། ཆུ་ཅུང་ཟད་རེ་ཕྱོགས་བཞིར་གཏོར་ཞིང་ཡིག་བརྒྱ་བཟླ། (༥༤བ)


GLG010_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་གཞན་དུ་མ་འཁྱར་བར་ལོངས་སྤྱད་དོ། །ནང་གཏོར་མ་ལ་བརྟེན་ནས་བསྒྲུབ་ན། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཛམྦྷ་ལ་གཙོ་འཁོར་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ་ས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་དབུལ་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་པར་གཏོར་མ་འདོད་དགུ་འབྱུང་བའི་བདུད་རྩིའི་རྒྱ་མཚོར་བསམས་ལ། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། སྔགས་གཤམ་དུ་དཾ་བ་ལྱཱ་དེ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་དབུལ། མཆོད་བསྟོད་བྱ། ནོངས་པ་བཟོད་པར་གསོལ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ཀྱི་མཐར་བཛྲ་མུ༔ས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ཉིད་ལ་བསྡུ། མཐར་བསྔོ་བ་སྨོན་ལམ་ཅི་རིགས་པ་བྱའོ། །འདི་ན་དམ་པའི་ཞལ་ལུང་དྲི་མ་མེད། །དཔྱད་གསུམ་དག་པས་ཡི་གེར་ལེགས་བཀོད་ཚེ། །རྒྱུན་མེད་རང་བཟོ་མུན་པའི་མདའ་འཕེན་རྣམས། །བག་ཡང་བསྟེན་ལ་ཚུལ་ཆོས་ར་བར་ཉོལ། །དགེ་བས་འདི་སྣང་ཕོངས་པའི་དུཿཁ་དང་། །ལྷན་ཅིག་ས་ལམ་ཡོན་ཏན་གྱིས་དབུལ་བའི། །ཉམ་ཐག་འགྲོ་ཀུན་དེ་རྒྱུ་དང་བྲལ་ནས། །སྐུ་གསུམ་ནོར་བུའི་བང་མཛོད་ཐོབ་པར་ཤོག །ཅེས་དཔལ་མཉམ་མེད་ཇོ་བོ་ཆེན་པོ་དཱི་བཾ་ཀ་རའི་བཞེད་སྲོལ་ཛཾ་ལ་དཀར་པོ་འབྲུག་ཞོན་མའི་ཉམས་ལེན་འཁྱེར་བདེ་བ་ཞིག་དགོས་ཞེས་གསོལ་དཔོན་གར་བ་བློ་བཟང་མཁྱེན་བརྩེས་བསྐུལ་བའི་ངོར་མཁན་ཆེན་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་དང་། ཉང་སྟོན་ཁྲ་ཚང་བ་བློ་གྲོས་མཆོག་གི་རྡོ་རྗེ་ཞེས་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པའི་དཔལ་ལྡན་བླ་མ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཆོས་ཚུལ་འདི་ལ་བློ་གྲོས་ཀྱི་སྣང་བ་དཀར་བའི་ཟ་ཧོར་གྱི་བནྡེས་(༥༥ན)


GLG010_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་ཡི་གེ་པ་ནི་རིག་བྱེད་འཛིན་པ་ཏྲེ་བོ་ངག་དབང་ནམ་མཁའོ། ། ན་མོ་གུ་རུ་བཛྲ་གཱ་ཎ་ཡེ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་བསྒོམ་པར་འདོད་པས་སྐྱབས་སེམས་སྔོན་དུ་བཏང་། སངས་རྒྱས་ཆོས་ཚོགས་མ་ལྟ་བུ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་སྟེང་དུ། རང་ཉིད་གསང་བདག་སྔོན་པོ་གཡས་རྡོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་རྗེ། །གཡོན་པ་ཐུགས་ཀ་སྡིགས་མཛུབ་དར་སྟོད་གཡོགས། ཤམ་ཐབས། སྔོན་སྟག་ལྤགས་གསོལ། །ཀླུ་བརྒྱད་སྦྲུལ་གྱི་རྣམ་པ་ཀྱིས་བརྒྱན་གཡོན་བརྐྱང་མི་དཔུང་དབུས། ལེགས་བཞུགས་མི་བསྐྱོད་སྤྲུལ་སྐུས་དབུ་ལ་བརྒྱན། སྐུ་ལས་མེ་འབར་གནས་གསུམ་སྤྱི་བོ་མགྲིན་པ་སྙིང་ག་ཡི་གེས་ཨོཾ་ཨཱཿཧཱུཾ་མཚན། །ཧཱུཾ་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་པ། ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། །བསྙེན་སྔགས་ཀྱི་མཐར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པ་ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས་ལྟ་བུར་བསྟོད་བྱ། སྙིང་གར་ཟླ་སྟེང་གསེར་རྡོར་རྩེ་ལྔ་ཡི། །ལྟེ་བར་ཧཱུཾ་མཐར་སྔགས་ཀྱིས་བསྐོར་བར་དམིགས། །ཨོཾ་ནཱ་ལ་ཝ་ར་དྷ་བཟླས་པ་ཅི་འགྲུབ་བྱ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ། སྨོན་ལམ་ཤིས་བརྗོད་ཅི་དགེ་བ་འདི་ཡིས་མྱུར་དུ་བདག་ཅེས་སོགས་སྐབས་དང་སྦྱར་རིགས་བྱའོ། །ཕྱག་རྡོར་གོས་སྔོན་ཅན་གྱི་མངོན་རྟོགས་ཤིན་ཏུ་བསྡུས་པ་འདི་ནི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་ཞལ་འཛིན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །ཆོས་དྲུག་མི་གཡོའི་གདམས་པ་ཟབ་མོའི་གནད། །རྗེས་གནང་ཟབ་འཁྲིད་སྟོན་པའི་རྡོ་རྗེ་འཆང་། །རིན་ཆེན་གསུམ་དངོས་བསོད་ནམས་མཆོག་གི་ཞིང་། །མཁས་གྲུབ་བསྟན་པའི་རྒྱལ་མཚན་ཞལ་ལུང་འདྲི། །དེའང་རྗེ་བཙུན་མི་གཡོ་བ་འདི་ལ་གཏུམ་མོ་དཀར་པོ། བཀའ་གདམས་ལྷ་བཞིའི་ནང་ཚན་གྱི་སྔོན་པོ། །ཆུ་(༥༥བ)


GLG010_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་སོགས་མང་དུ་བཞུགས་པ་ལས་འདིར་བཀའ་གདམས་ལྷ་བཞིའི་ནང་ཚན་གྱི་མངོན་པར་རྟོགས་པ་ཉམས་སུ་བླང་བ་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་ཉིད་མི་གཡོ་བ་སྔོན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་མི་གཡོ་མགོན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ། ཐལ་མོ་སྦྱར་ལ། ཡེ་ཤེས་རལ་གྲིས་མི་ཤེས་མ་ལུས་གཅོད། །སྡིགས་མཛུབ་ཞགས་པས་བདུད་ཀུན་འདར་ཞིང་འཆིང་། །བགེགས་ལ་མཆེ་གཙིགས་རྔམ་པ་ཁྲོ་བོའི་རྒྱལ། །རྗེ་བཙུན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་སྤྲོས་ནས་མཆོད་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ་ནས། ཤབྟ་ཨཱཿཧཱུཾ་གི་བར་བརྗོད། རྒྱུན་བཤགས་ལན་གསུམ་བྱ་ཞིང་ཚོགས་ཞིང་རང་ལ་བསྟིམ། ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རང་སེམས་ཀྱི་ངོ་བོ་ཡི་གེ་ཧཱུཾ་མཐིང་ཁ། དེ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་མི་གཡོ་བ་སྐུ་མདོག་ཟར་མའི་མེ་ཏོག་ལྟར་སྔོ་བ་ཞལ་གཅིག་ཕྱག་གཉིས་པ་མི་གཡོ་མཉམ་པའི་སྤྱན་གསུམ་དང་ལྡན་པ། མཆེ་བ་གཙིགས་པས་མས་མཆུ་མནན་ཞིང་ཁྲོ་གཉེར་བསྡུས་པ། སྨ་ར་དང་སྨིན་མ་མེ་ལྟར་འབར་ཞིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ཕྱག་གཡས་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པ་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་དཀར་པོའི་མཆོད་ཕྱིར་ཐོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་(༥༦ན)


GLG010_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྤྲས་པ། ཞབས་གཉིས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མི་གཡོ་བ་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་དབང་གི་ལྷ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་ལ་ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིའི་ཕྱག་གི་བུམ་པ་བདུད་རྩིས་གང་བ་ཐོགས་ནས་ཇི་ལྟར་བལྟམས་པ་སོགས་དང་ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག །ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང་། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། ཐུགས་ཀ་ནས་འོད་སྤྲོས་མཆོད་ལྷས་མཆོད་བསྟོད་བྱས་པར་མོས་ནས་ཨཱརྱ་ཨ་ཙ་ལེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མི་གཡོ་ཞིང་། མཐའ་བྲལ་བདེ་ཆེན་ཁྲོ་བོ་རྒྱལ་པོའི་སྐུ། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་ཞིང་། །སྲིད་པ་གསུམ་ན་དགྱེས་པའི་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམས་ཤིང་མི་མཐུན་བདུད་རྣམས་འཇོམས། སྲིད་པའི་རླུང་གིས་མི་གཡོ་ཐུགས་རྗེའི་མགོན། །རབ་བརྗིད་མི་གཡོ་མགོ་ལ་ཕྱག་འཚལ་ལོ། ཞེས་པས་བསྟོད། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་མི་ཤེས་པའི་མུན་པ་ཚར་བཅད་པར་བསམས་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅི་ནུས་(༥༦བ)


GLG010_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ། རྗེ་བཙུན་མི་གཡོ་མགོན་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་བདུད་བཞིའ་བར་གཅོད་ཐམས་ཅད་ཞི་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ཅིང་མཇུག་ཏུ་དགེ་བ་བསྔོ། གཏོར་མ་འབུལ་བར་འདོད་ན་དཀར་ཆ་བཞི་ལས་ཇི་ལྟར་འབྱུང་བ་བཞིན་དབུལ་ལོ། །སྲིད་ཞིའི་འཇིགས་ལས་བསྐྱབ་པའི་སླུ་མེད་མགོན། །བཅོམ་ལྡན་གཏུམ་པོ་མི་གཡོ་བསྒྲུབ་པའི་ཐབས། །མཉམ་མེད་དྷཱི་པཾ་ཀ་རའི་བཞེད་པའི་སྲོལ། །བརྒྱུད་ལྡན་ཕྱག་ལེན་མ་ཉམས་འདི་ན་བཀོད། །མཁས་གྲུབ་སོ་སོའི་ལུགས་སྲོལ་མི་ཤེས་པར། །གཅིག་དཔེ་ཀུན་ལ་འགེབས་པའི་བློས་བྱས་མཁན། །ཆེར་རློམ་སྟོང་པའི་འུར་སྐད་ཅན་རྣམས་ཀྱི། །དོན་མང་ཟ་ཟིའི་སྐྱོན་ཟློས་ག་ལ་ཡིན། །དགེ་དེས་བདུད་བཞིའི་འཇིགས་པས་མི་ཚུགས་ཤིང་། །རབ་འབྱམས་ཤེས་བྱའི་གནས་ལ་བློ་རྒྱས་པས། །མི་གཡོ་ཆོས་དྲུག་ཟབ་ལམ་ཉམས་བླངས་ནས། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་རྗེ་བཙུན་མི་གཡོ་མགོན་པོའི་སྒྲུབ་ཐབས་འདི་ནི་གདོང་ཁ་ཆོས་མཛད་བློ་བཟང་བསྟན་འཛིན་དབང་རྒྱལ་གྱིས་བསྐུལ་བ་ལ་བརྟེན་ནས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་དྲིན་ལས་ཆོས་ཚུལ་འདི་ལ་བློ་མིག་ཡངས་པའི་ཟ་ཧོར་གྱི་བནྡེས་ཁྲིད་ཡིག་དང་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་ཡི་གེ་ལ་བརྟེན་ནས་བཀོད་པའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའོ། །འཆི་མེད་ཚེ་དབང་རིགས་འཛིན་ཐོད་ཕྲེང་རྩལ། །གང་དེས་རྗེས་བཟུང་གྲུབ་དབང་ཐང་སྟོང་པའི། །ཟབ་གཏེར་དག་སྣང་ཆུ་བོ་ཉིས་འདྲེས་ཀྱི། །ཚེ་སྒྲུབ་རྒྱུན་ཁྱེར་ཉམས་ལེན་འདི་ལྟར་རོ། །དེ་ལ་འདིར་ཚེ་དཔག་མེད་འཆི་མེད་དཔལ་སྟེར་གྱི་སྒོ་ནས་བདག་དོན་དུ་ཚེ་བསྒྲུབ་པའི་རིམ་པ་ལ། སྐྱབས་འགྲོ་(༥༧ན)


GLG010_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ནི། བདག་དང་ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །སངས་རྒྱས་ཆོས་དང་དགེ་འདུན་མ་ལུས་པ། །ཀུན་འདུས་རྩ་བ་གསུམ་ལ་སྐྱབས་སུ་མཆི། །འཆི་བདག་བདུད་ཀྱ་ིགཡུལ་ངོ་ཕམ་བྱའི་ཕྱིར། །འགྱུར་མེད་ཚེ་ཡི་རིགས་འཛིན་རབ་བསྒྲུབས་ནས། །ལུས་ཅན་མཐའ་དག་ཀུན་བཟང་གདོད་མའི་སར། །འགོད་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི། །ཚོགས་ཞིང་ནི། རང་ཉིད་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས། བདེ་བ་ཅན་ནས་བླ་མ་དང་དབྱེར་མ་མཆིས་པའི་བཅོམ་ལྡན་འདས་ཚེ་དཔག་མེད་ལ་བརྒྱུད་པའི་བླ་མ་དང་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་པཱ་ར་མི་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿ ཞེས་ཕྱག་བྱ། གུ་རུ་ཨཱ་ཡུ་རྫྙཱ་ན་པཱ་ར་མི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། གུར་ནས་བྱུང་བའི་རྒྱུན་བཤགས་ལན་གསུམ་དང་ཚད་མེད་པ་བཞི་བསྒོམ། དངོས་གཞི་ནི་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧྲཱི༔དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། དབུ་སྐྲ་གནག་སྣུམ་རལ་པའི་ཐོར་ཚུགས་ཅན། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་རྣམས་ཀྱིས་སྤྲས་པ། མཚན་དང་དཔེ་བྱད་ཀྱི་གཟི་འོད་འབར་བ། སྣང་ལ་རང་བཞིན་མེད་པ་འོད་ཀྱི་དཀྱིལ་འཁོར་གྱི་དབུས་སུ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་(༥༧བ)


GLG010_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧྲཱིཿཡིག་གིས་མཚན་པ། རང་ཚེ་དཔག་མེད་མགོན་དུ་གསལ་བའི་སྤྱི་བོར། རྩ་བའི་བླ་མ་ཟུར་ཆེན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེའི་དབུ་གཙུག་ཏུ་རིགས་ཀུན་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་རབ་བྱུང་ཆས་ས་ཞུ་ལྡན། དེའི་དབུ་གཙུག་ཏུ་རྡོ་རྗེ་འཆང་དབང་ཕྱུག་རབ་བྱུང་ཆས་ས་ཞུ་རབ་བརྟན་དེའི་དབུ་གཙུག་ཏུ་རྗེ་བཙུན་བསྟན་འཛིན་ཉི་ཟླ་རབ་བྱུང་ཆས་ས་ཞུ་བཟང་པོ། །དེའི་དབུ་གཙུག་ཏུ་འཇམ་དབྱངས་ཀུན་དགའ་གྲོལ་རབ་བྱུང་ཆས་ས་ཞུ་མཆོག །དེའི་དབུ་གཙུག་ཏུ་རྗེ་བཙུན་རྡོ་རིངས་པ་ཆེན་པོ་ཀུན་བཟང་རབ་བྱུང་ཆས་ས་ཞུ་ཆོས་ཀྱི་ཉི་མ། དེའི་དབུ་གཙུག་ཏུ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། །དེའི་དབུ་གཙུག་ཏུ་དུས་གསུམ་སངས་རྒྱས་པདྨ་ཐོད་ཕྲེང་རྩལ། དེའི་དབུ་གཙུག་ཏུ་དཔལ་རྟ་མཆོག་རོལ་པ། དེའི་དབུས་གཙུག་ཏུ་མགོན་པོ་ཚེ་དཔག་མེད། དེའི་དབུ་གཙུག་ཏུ་སངས་རྒྱས་སྣང་བ་མཐའ་ཡས་རྣམས་རེག་ལ་མ་འབྱར་བ་མཐོ་བརྩེགས་ཀྱི་ཚུལ་དུ་བཞུགས་པ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བརྒྱུད་པའི་བླ་མ་ཡི་དམ་ཞི་ཁྲོ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྤྱི་བོའི་བླ་མ་རྣམས་ལ་ཐིམ་པར་མོས་ནས། གསོལ་བ་འདེབས་པ་ནི། ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་འཛིན། །ཚེ་དཔག་མེད་མགོན་སྒྲུབ་ལ་འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོ་གསོལ་བཏབ་བསླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་གཅོད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །མཁས་བཙུན་གྲུབ་པའི་སར་བཞུགས་ཀུན་སྤངས་རྗེ། །འཇམ་མགོན་གྲུབ་པའི་དཔའ་བོ་གྲོལ་མཆོག་ཞབས། །དཔལ་ལྡན་གྲུབ་རིགས་(༥༨ན)


GLG010_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཉི་ཟླའི་མཚན། །གསོལ་བ་༝། བྱིན་གྱིས༝། རྡོ་རྗེ་འཆང་དངོས་དབང་ཕྱུག་རབ་བརྟན་དཔལ། །ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་ཞབས། །རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ་རྗེ། །གསོལ་བ༝། བྱིན་གྱིས༝། བསྟན་འཛིན་ཉི་ཟླ་བཟང་པོ་ནས་སླར་ཡང་སྒེར་པ་ངག་དབང་རབ་བྱུང་ཆས་ཨོ་རྒྱན་པད་ཞུ། ཉི་མ་བཟང་། ལྕགས་ཟམ་འདི་ལ་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་གསན། སྤྲུལ་སྐུ་བསོད་ནམས་རབ་བྱུང་ཆས་པད་ཞུ། དབང་ཕྱུག་དང་། །གཞན་བསྟན་འཛིན་ཉི་བཟང་ནས། ཡང་སྔགས་འཆང་ཆེན་པོ་ཚ་དཀར་ཆས་པ། རིང་པ། རང་གྲོལ་རབ་བྱུང་ཆས་ས་ཞུ། ཀླུ་སྒྲུབ་ཆོས་ཀྱི་རྒྱལ་འདི་ལ་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་གསན། མཚན་རྗེ། གསོལ་བ༝། བྱིན་གྱིས༝། ཁྲི་སྲོང་རྣམ་སྤྲུལ་བཀྲ་ཤིས་སྔགས་འཆང་དཀར་ཆས་སྟོབས་ཀྱི་རྒྱལ། བྱང་བདག་རིགས་འཛིན་ཆེན་པོ་ངག་གི་དབང་གསང་གོས་དང་གངས་ཞུ་གསོལ་བ། ཁྱབ་བདག་སྨན་ལུང་བློ་མཆོག་རབ་བྱུང་སངས་རྒྱས་གླིང་པ་ལུགས་ཀྱི་པད་ཞུ་རྡོ་རྗེའི་ཞབས། །བརྒྱུད་པ་ཀུན་འདུས་དྲིན་ཅན་བླ་མ་ལ། །གསོལ་བ༝། བྱིན་གྱིས༝། ཨོཾ་ཨཱཿཧཱུཾ་ཧྲཱིཿཧྲཱིཿ བཛྲ་གུ་རུ་པདྨ་སིདྡྷི་པུཎྱ་ཛྙཱ་ན་ཨཱ་ཡུ་སིདྡྷི་ཛཿ ཞེས་གསོལ་བ་བཏབ་པས། བདག་གི་བླ་ཚེ་ཡར་བ་དང་། རྒྱུ་འབྱུང་བ་བཞི། འབྲས་བུ་འབྱུང་བ་ལས་གྱུར་པའི་སྣོད་བཅུད་འཁོར་འདས་ཀྱི་ཚེ་དབང་བསོད་ནམས་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་བསྡུས། བླ་མ་བརྒྱུད་པ་རྣམས་ལ་ཐིམ། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། རང་གི་ཚངས་རུ་གནས་ཞུགས་ལུས་ཐམས་ཅད་གང་བར་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་སྟེ་བཟླས་པ་ཅི་ནུས་སུ་བྱ། མཇུག་ཏུ། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་(༥༨བ)


GLG010_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ཀྱིས། །མཐུ་དང་ནུས་པ་བྱིན་རླབས་དཔུང་སྐྱེད་ལ། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག །དཔོན་སློབ་མི་འབྲལ་ལྷན་ཅིག་གནས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་ཆང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཚེ་འཕེལ་བཀྲ་ཤིས་ཤོག ཅེས་སོགས་ཀྱིས་འདོད་དོན་ལ་གསོལ་བ་བཏབ་པས། །སྣང་བ་མཐའ་ཡས་ནས་བཟུང་། བརྒྱུད་པ་རྣམས་འོད་དུ་ཞུ། །རང་ཉིད་ལ་ཐིམ་པས་འཆི་མེད་ཀྱི་དངོས་གྲུབ་ཐོབ་པར་བསམས་ནས། བླ་མ་དང་རང་སེམས་བསྲེས་པའི་ཀ་དག་གི་ངང་དུ་མཉམ་པར་བཞག །དེ་ལས་ལངས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་ཀྱིས་བསྔོ་སྨོན་ཤིས་བརྗོད་ཅི་རིགས་པ་བྱའོ། །དེ་ལྟར་དུས་མིན་འཆི་བདག་མུན་པའི་སྨག །མཐར་བྱེད་ཚེ་སྒྲུབ་ཉི་མའི་དངོས་བརྒྱའི་ལུས། ཁོ་བོའི་བློ་གྲོས་དབང་ཕྱོགས་ས་འཛིན་ལས། །ཤར་ཚེ་སྐལ་ལྡན་འདབ་སྟོང་ཅི་ཡང་བཞད། །དཔེ་འཁྱམས་ལག་ཏུ་སོན་པའི་རྒྱུན་མེད་ཆོས། །བུམ་སྟོང་གཅིག་ནས་གཅིག་བཇོའི་རྣམ་པར་ཐར། །མ་ཡིན་རིགས་འཛིན་ཞལ་ལུང་ལས་ཐོས་པ། །མཁའ་འགྲོའི་ཁ་རླངས་འཐུལ་བའི་གདམས་པ་ཡིན། །དགེ་འདིས་འགྲོ་རྣམས་ལྔ་པའི་འཇིགས་པ་དང་། །ལྷན་ཅིག་སྲིད་ཞིའི་ཉེས་བརྒྱ་ལས་ཐར་ནས། །རང་རིག་དོན་གྱི་བཅོམ་ལྡན་ཚེ་དཔག་མེད། །མངོན་སུམ་རང་ངོ་འཕྲོད་པའི་བཀྲ་ཤིས་ཤོག །ཅེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གྲུབ་ཆེན་ཐང་སྟོང་རྒྱལ་པོར་དངོས་སུ་གནང་བ་དང་། བསམ་ཡས་མཆིམས་ཕུའི་གསང་ཕུག་ནས་ཟབ་གཏེར་དུ་ཡང་སྤྱན་དྲངས་པའི་ཚེ་སྒྲུབ་འཆི་མེད་དཔལ་སྟེར་གྱི་རྒྱུན་འཁྱེར་(༥༩ན)


GLG010_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི། འོད་གསལ་ལྷ་ཡི་རིགས་ལས་ནོར་འཛིན་སྐྱོང་བ་མིའི་དབང་པོ་ངག་དབང་རབ་བརྟན་གྱི་གསུང་གིས་བསྐུལ་པ་ལྟར། ཐུགས་དམ་སྤེལ་བའི་ཆེད་དུ་ཟ་ཧོར་གྱི་བནྡེ་གང་ཤར་རང་གྲོལ་གྱིས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། ། འོད་དཔག་མེད་ཀྱི་ཉམས་ལེན་རྒྱུན་ཁྱེར་ནི། །སངས་རྒྱས་ཆོས་ཚོགས་མ་ལན་གསུམ་མམ་བདུན་གྱིས་རྒྱུད་དག་པར་བྱས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་སྤྲུལ་སྐུའི་ཆ་བྱད་ཅན། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་དཔེ་གསལ་རྫོགས་ཀྱི་བདག་ཉིད་ཅན་དུ་གྱུར། དེའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པའི་ཧཱུཾ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཐུགས་ཀར་ཟླ་གདན་གྱི་དབུས་སུ་ཧྲཱིཿཡིག་ལ་སྔགས་འཕྲེང་གིས་བསྐོར་བ་དམིགས་ལ། ཨོཾ་པདྨ་དྷ་ར་ཧྲཱིཿསྭཱ་ཧཱ། ཞེས་པའི་གཟུངས་ཅི་ནུས་བཟླ། སླར་ཡེ་ཤེས་པ་ཕྱུང་སྟེ་མདུན་གྱི་ནམ་མཁར་རང་ཉིད་ལ་ཞལ་ཕྱོགས་ནས་བཞུགས་པར་བསམས་ལ། ཇི་སྙེད་སུ་དག་སོགས་ཀྱི་ཡན་ལག་བདུན་པ་སྔོན་དུ་འགྲོ་བའི་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་བདེ་བ་ཅན་དུ་སྐྱེ་བའི་མཚམས་སྦྱོར་བྱེད་པ་ནི་གནད་དམ་པའོ། །ཞེས་འོད་དཔག་མེད་ཀྱི་སྒྲུབ་ཐབས་འདི་ལྟ་བུ་ཞིག་དགོས་ཞེས་དཀོན་མཆོག་ཚེ་རིང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་(༥༩བ)


GLG010_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་འཇམ་དབྱངས་སོ། །མདུན་གྱི་ནམ་མཁར་པད་སྡོང་ཟླ་བའི་སྟེང་། །ཧྲཱིཿཡིག་ལས་འཁྲུངས་འཕགས་མཆོག་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་བཞི་འཛུམ་ལྡན་སྤྱན་དཀྱུས་རིང་། །རྩ་ཕྱག་ཐལ་སྦྱར་ལྷག་མ་ཆུ་ཤེལ་གྱི། །འཕྲེང་བ་བརྒྱ་རྩ་པདྨ་དཀར་པོ་འཛིན། །བུང་བ་ལྟར་ནག་རལ་པའི་ཐོར་ཚུགས་བཅིངས། །གར་དབང་འོད་མཐའ་ཡས་པའི་ཅོད་པན་ཅན། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །ཀྲྀཥྞ་སཱ་རའི་པགས་པས་ནུ་མ་བཀབ། །ཞབས་གཉིས་མེ་ཕྱེད་རྡོ་རྗེ་སྐྱིལ་མོ་ཀྲུང་། །མཚན་དཔེ་གསལ་རྫོགས་མཐོང་ན་མི་མཐུན་མེད། །ཡེ་ཤེས་འོད་ལྔའི་འཇའ་ཚོན་གུར་དབུས་བཞུགས། །གྲངས་མེད་ལུས་སུ་སྤྲུལ་ནས་ཕྱག་འཚལ་ཞིང་། །བདག་པོས་བཟུང་དང་མ་བཟུང་དངོས་ཀུན་འབུལ། །སྔར་བསགས་སྡིག་ལྟུང་སྟོབས་བཞིའི་སྒོ་ནས་བཤགས། །རྣམ་དཀར་བགྱིས་སོ་ཅོག་ལ་བདག་ཡི་རང་། །རྒྱལ་སྲས་སློབ་བཅས་ཆོས་འཁོར་བསྐོར་བར་བསྐུལ། །འགྲོ་བའི་དོན་དུ་བསྐལ་བརྒྱར་མི་འདར་གསོལ། །སྟོན་ཟླ་ལྟར་དཀར་བསྐྲུན་པའི་དགེ་བ་ཡི། །ཕུང་པོ་བྱང་ཆེན་འཐོབ་པའི་རྒྱུ་རུ་བསྔོ། །ཞེས་པ་འདིའང་མང་བཀུར་རྒྱལ་ཁབ་ཀྱི་ཉེ་འདབས་སུ་འཁོད་པའི་ཡེ་ཤེས་རྒྱ་མཚོའི་ཁ་ཏོན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། ། ཁྱོད་མཚན་ཐོས་པ་ཡིས་ཀྱང་ཉམས་གྲིབ་ཚོགས། །བ་མོར་ཉི་མ་ཇི་བཞིན་དག་བྱེད་ན། །མངོན་སུམ་ཉམས་སུ་བསྟར་བས་འདོད་པའི་དོན། །འགྲུབ་མཛད་ཁྲོ་བོའི་དབང་པོ་ལ་བཏུད་ནས། །གང་གི་མན་ངག་ལོ་ཆེན་བེ་རོ་ཡི། །རྣམ་སྤྲུལ་པྲཛྙཱ་ར་སྨིའི་ཟབ་གཏེར་ལས། །རྒྱུན་ཁྱེར་ཉུང་ངུའི་ཉམས་ལེན་སྐྱོང་བདེ་བ། །རིགས་འཛིན་མགུལ་རྒྱན་མེ་ཏོག་ཕྲེང་མཛེས་སྤེལ། །(༦༠ན)


GLG010_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སེམས་ནི། རང་རིག་ཀུན་བཟང་རང་ངོ་འཕྲོད་མིན་པར། །རྩ་གསུམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་མི་གཙང་དྲི་མའི་ཚོགས། །དག་བྱེད་སྨེ་བརྩེགས་ཁྲོ་རྒྱལ་བསྒོམ་པར་བྱ། །དངོས་གཞི་ནི། སྭ་བྷཱ་ཝས་སྦྱངས། ཆོས་ཀུན་ཀ་དག་སྟོང་པའི་ངང་ཉིད་ལས། །པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་། །རང་རིག་མཐིང་ནག་ཧཱུཾ་ལས་འོད་འཕྲོས་པས། །འཕགས་ཚོགས་མཆོད་ཅིང་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །ཚུར་འདུས་ཡོངས་སུ་གྱུར་ལས་སྐད་ཅིག་གིས། །བདག་ཉིད་སྨེ་བརྩེགས་མཐིང་ནག་ཞལ་གཅིག་པ། །ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད་པའི་ཚུལ། །རབ་ཁྲོས་མཆེ་གཙིགས་སྨ་ར་དམར་སེར་འཁྱུག སྦྲུལ་སྔོན་ལྟོ་སེར་གྱིས་དཀྲིས་ཁམ་ནག་སྐྲ། །གྱེན་བརྫེས་དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན། །ཐོད་རློན་འཕྲེང་བའི་དོ་ཤལ་སེ་རལ་ཁ། །སྦྲུལ་གྱིས་ཡན་ལག་ཀུན་བརྒྱན་སྟག་ཤམ་གསོལ། །ཞབས་བགྲད་ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །དེ་ཡི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི། །ཧཱུཾ་ལས་འོད་འཕྲོས་རང་བཞིན་གནས་མཆོག་ནས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ། ཛཿ་ཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། །མཆོད་བྱ་མཆོད་བྱེད་མཆོད་པའི་དངོས་པོ་ཀུན། །རིག་པའི་རྩལ་དུ་ངེས་པའི་ཆོ་འཕྲུལ་གྱིས། །དབྱེར་མེད་ངོ་བོ་གཅིག་པའི་ཚུལ་གྱིས་འབུལ། ཨོཾ་ཨུཙྪུ་སྨ་ཀྲོ་ཏ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་དང་། མ་ཧཱ་པཉྩ། མཧཱ་བ་ལིཾ་ཏ། མ་ཧཱ་རཏྐས་མཆོད་ཁྲོ་བོ་ཀུན་གྱི་མཐུ་སྟོབས་མ་ལུས་པ། །གཅིག་བསྡུས་རྩལ་གྱིས་བདུད་སྡེའི་དཔུང་ཚོགས་རྣམས། །ཐལ་བར་བརླག་མཛད་དཔལ་ལྡན་ཁྲོ་བོའི་དབང་། །བཅོམ་ལྡན་སྨེ་བ་བརྩེགས་ལ་ཕྱག་འཚལ་བསྟོད། འཛབ་བསྙེན་ནི། ཐུགས་ཀར་ཉི་སྟེང་ཧཱུཾ་མཐར་འཛབ་སྔགས་ཀྱི། །(༦༠)


GLG010_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བཕྲེང་བ་མགལ་མེའི་འཁོར་ལོ་ལྟར་འཁོར་ལས། །འོད་ཟེར་མེ་དཔུང་ཚ་ཚ་རབ་འཕྲོས་པས། །ནད་གདོན་མི་གཙང་གྲིབ་ཚོགས་བསྲེག་པར་གྱུར། །ཨོཾ་ས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱཧཱ། ཨུ་ཊ་མི་ཊ་ཏ་ཡ་ཏར་ཡ་སྭཱ་ཧཱ། མོནྶ་ཊ་ཀྲོ་ཏ་ཡ་ཏ་ར་ཡ་ཏོ་ར་ཡ་སྭཱཧཱ། ཨ་ཀ་ཀྲོ་ཏ་ཡ་ཏ་ར་ཡ་ཏོ་ར་ཡ་སྭཱཧཱ། ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡསྭཱཧཱ། ཨུ་བ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱཧཱ། ཨེ་ལིང་ཨེ་ཊ་ཡ་ཏ་ར་ཡ་ཏོ་ར་ཡ་སྭཱཧཱ། ལ་མན་ཏར་ཡ་ཏོར་ཡ་སྭཱཧཱ། ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱཧཱ། ཨོཾ་བྷུར་ཀུཾ་མ་ཧཱ་པྲ་ན་ཡེ། བྷུར་ཙིབྷི་ཀི་བི་མ་ལེ། ཨུཏྪུ་སྨཿཀྲེ་ཙཱ་ཧཱུཾ་ཕཊ་ཏོར་ཡ་ཏོར་ཡ་སྭཱཧཱ། གསོལ་གདབ་ནི། ལྷག་པའི་ལྷ་མཆོག་ཁྱོད་ཀྱིས་རིགས་འཛིན་བདག །རང་གཞན་དོན་གཉིས་བསྒྲུབ་ལ་གེགས་བྱེད་པའི། །ཉམས་གྲིབ་མི་གཙང་དྲི་མ་ཀུན་སྦྱངས་ཏེ། །མཆོག་ཐུན་དངོས་གྲུབ་འགྲུབ་པར་བྱིན་གྱིས་རློབས། །སྨོན་ལམ་ནི། སྟོན་ཟླ་ལྟར་དཀར་བསོད་ནམས་ཕུང་པོའི་རྒྱུན། །ཚད་མེད་སྐུ་གསུམ་རྒྱ་མཚོ་ཆེར་བབས་ནས། །འགྲོ་ཀུན་ཚེ་འདིར་སྣང་བཞི་ཟད་སར་འཁྱོལ། །འཇའ་ལུས་རྡོ་རྗེའི་སྐུ་མཆོག་འགྲུབ་པར་ཤོག །ཅེས་གྲོལ་ཏིག་གི་ཆོས་སྡེའི་ཁྲོ་བོ་སྨེ་བ་བརྩེགས་པའི་ཉམས་ལེན་རྒྱུན་ཁྱེར་མེ་ཏོག་ཕྲེང་མཛེས་འདི་ནི་ཟབ་གཏེར་ཆོས་ཀྱི་སྒོ་འབྱེད་སྤྲུལ་སྐུ་གཏེར་བདག་གླིང་པ་ངག་དབང་པདྨ་བསྟན་འཛིན་གྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཉམས་སུ་བླང་བར་འདོད་པས། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གྱིས་རྒྱུད་དག་པར་བྱས་ནས། སྭ་བྷ་བས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་རང་(༦༡ན)


GLG010_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར་མོ་སྤྱན་བདུན་མ་གཡས་མཆོག་སྦྱིན་དང་གཡོན་དུས་གསུམ་སངས་རྒྱས་མཚོན་པའི་ཨུཏྤལ་རྩེ་མོ་གསུམ་པ་འཛིན་པ། དབུ་སྐྲ་མཐོན་མཐིང་ཐོར་ཚུགས་ཀྱི་ལྷག་མ་རིང་དུ་འཕྱང་བ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཟླ་བའི་རྒྱབ་ཡོལ་ཅན་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿ ཡང་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། བདག་ལ་དབང་བསྐུར་བསྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསམས། ཨོཾ་ཨཱཪྻ་ཏཱ་རེ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས་ཞེས་སོགས་ཀྱིས་བསྟོད། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སྤྱི་བོའི་རིགས་བདག་ཚེ་དཔག་མེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཚེའི་བཅུད་ཐམས་ཅད་བཀུག་ནས་བུམ་པའི་ནང་དུ་ཞུ་བའི་རྒྱུན་གྱིས་རང་གི་ལུས་ཐམས་ཅད་གང་སྟེ་འཆི་མེད་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་ཏཱ་རེ་ཏུ་ཏཱ་རེ་ཏུ་རེ་མ་མ་ཨཱ་ཡུརྦུ་ཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་པ་ཅི་ནུས་སུ་བཟླ། དགེ་བ་འདི་ཡིས་མྱུར་དུ་བདག ཅེས་སོགས་སྨོན་ལམ་བྱ། །སྔགས་འཁོར་དང་འོད་ཟེར་དྲུག་སྦྲགས་སོགས་སྤྲོ་ན་མངོན་རྟོགས་གཞུང་ནས་ལེན་ནོ། །སྒྲོལ་དཀར་ཚེ་བྱིན་ཡིད་བཞིན་འཁོར་ལོའི་རྒྱུན་ཕྱིར་ཤིན་ཏུ་ཉུང་ངུ་འདི་ནི་བྱང་གླིང་བསམ་གྲུབ་རྒྱལ་པོའི་འདོད་པ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་(༦༡བ)
ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ།། །།

མ་ཎི་རིལ་བསྒྲུབ་ཉུང་ངུ་རྣམ་གསལ།


GLG010_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཎི་རིལ་བསྒྲུབ་ཉུང་ངུ་རྣམ་གསལ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་རཱ་ཡ། དང་པོའི་སེམས་་ཀྱི་ཟླ་ཤེལ་གཙང་མའི་ངོས། །འཇིག་རྟེན་དབང་ཕྱུག་སྣང་བརྙན་རི་དྭགས་གཟུགས། །ལེགས་ཤར་ནོར་བུ་པདྨའི་མཚན་ཟེར་གྱིས། །སྡུག་བསྔལ་སྨག་རུམ་མཐར་བྱེད་ལྷ་གཅིག་སྔགས། །གང་གི་ཐུགས་རྗེ་བསྐུལ་བར་བགྱིད་པའི་སྒྲ། །ཡི་གེ་དྲུག་པའི་གདངས་སུ་ཤར་བའི་མིང་། །གངས་ཅན་ཕན་བདེའི་རྣ་ལུང་མཛེས་པའི་རྒྱན། །བྱིན་རླབས་རིན་ཆེན་ཕྲ་ཚོམས་ཅི་ཡང་སྤུད། །དེ་ཕྱིར་རིལ་བུ་སྣང་སྟོང་ལྷ་ཡི་སྐུར། །བཟླས་བརྗོད་དུང་ཕྱུང་གྲངས་ཀྱི་ནུས་བསྐྱེད་ནས། །འགྲོ་རྣམས་མྱོང་བས་གྲོལ་བར་བྱེད་པའི་ཐབས། །ཉུང་ངུ་རྣམ་གསལ་གཞན་ངོ་བསྲུང་ཕྱིར་སྤེལ། །དེའང་ལྷ་བཙུན་བྱང་ཆུབ་འོད་ཀྱིས་མཉམ་མེད་ཇོ་བོ་ཆེན་པོ་ལ་བདག་ཆོས་གསང་བ་འདུས་པ་དང་ལྷ་ཐུགས་རྗེ་ཆེན་པོ་ལ་མོས་པས་དེའི་སྒྲུབ་ཐབས་ཤིག་དགོས་ཞེས་ཞུས་པས་བརྟེན་གསང་འདུས་འཇིག་རྟེན་དབང་ཕྱུག་གནང་བའི་དབང་རྒྱུན་དིང་སང་རྩོད་མེད་ཡོངས་གྲགས་སུ་བཞུགས། བྱ་རྒྱུད་བནྡེའི་རིགས་ཀྱི་བྱང་ཆུབ་སེམས་དཔའི་སྐོར་ལ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ཤས་ཆེ་ཞིང་དེ་དག་ལས་འཕྲོས་ཏེ་སྤྱིའི་བཀའ་ཨབྷ་ཡ་ལུགས་ཀྱི་སྒྲུབ་ཐབས་རྒྱ་མཚོ། པ་ཚབ་བརྒྱ་ཚ། བ་རི་བས་བསྒྱུར་བའི་སྒྲུབ་ཐབས་ཀུན་ལས་བཏུས་པ་ནས་བཤད་པའི་སྤྱན་རས་གཟིགས་ཀྱི་སྐོར་དང་། དཔལ་མོ། ཟླ་རྒྱལ། སྐྱེར་སྒང་ལུགས་སོགས་ཟུར་བཀའི་སྒྲུབ་ཐབས་རྣམས་དང་། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་ཞུས་དག་མཛད་པའི་གསར་མ་རྒྱུད་འབུམ་གྱི་ནང་ནས་ཀྱང་མ་ནི་རིལ་སྒྲུབ་ཀྱི་ཁུངས་གསལ་བར་མ་རྙེད་ཅིང་མཁས་པ་མང་པོར་དྲི་མལ་གྱིས་གཏན་ལ་ཕབ་ཀྱང་གསལ་བར་མ་བྱུང་། སྔགས་རྙིང་མའི་(༦༢ན)


GLG010_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་གཏེར་ཁ་གོང་འོག་གིས་ཐོག་དྲངས་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་འཕྲིན་ལ་བརྟེན་ཏེ་སྐྱེ་བདུན་གྱི་སྐོར་ཤིན་ཏུ་རྒྱས་ནའང་དེ་རིས་གསར་མ་བ་ལ་འཇུག་ཆུང་ཞིང་ཁྱད་པར་མཚན་ཉིད་ཀྱི་གྲ་སར་གསར་རྙིང་ལ་མ་བལྟོས་པའི་སྔགས་ཕྱོགས་ཀྱི་སྤྲོས་པ་ཆེས་ན་བཀའ་པོད་ཀྱི་བཤད་ཉན་རྣམས་འཇའ་ལུས་འགྲུབ་ཏུ་ཉེ་བའི་དགག་བྱ་ཆེ་ཞིང་དགོས་པ་ཆུང་བར་མ་ཟད་རྙིང་མ་ལ་ཁུངས་བཅོལ་ནས་བྲོས་པས་མ་འགབ་ཅིང་གསར་མ་ནས་ཁུངས་མ་རྙེད་པས་རང་བཟོའི་བརྩམས་ཆོས་འདི་འདྲ་རྣམ་པ་གཅིག་ཏུ་བླ་ཆེན་སྤྱིའི་མཛད་པ་ཡིན་པས་སྐྱོན་དུ་མི་འགྱུར་ཤས་ཆེའང་ཆོས་ལ་དབང་ཟ་བ་རང་ཉིད་ཆོས་ཀྱིས་ཕོངས་པའི་རྒྱུ་དང་བག་ཚ་བ་ཅུང་ཟད་དང་ལྡན་པས་བྱེད་པར་མི་སྤྲོ་ནའང་དཔལ་ལྡན་མངའ་རིས་གྲྭ་ཚང་གི་སློབ་དཔོན་པས་ནན་གྱིས་བསྐུལ་བ་ངོ་མ་ཆོགས་པར་འདྲི་བ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདུང་ཤ་རཱི་རཾ་གྱིས་ཐོག་དྲངས་འཕགས་པ་གསུམ་གྱི་རིང་བསྲེལ། གྲུབ་ཐོབ་བརྒྱད་ཅུ་དང་རྒྱན་དྲུག་མཆོག་གཉིས་སོགས་རྒྱ་གར་གྱི་པཎ་གྲུབ་དང་ཆོས་རྒྱལ་མེས་དབོན། བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་སུ་བྱོན་པའི་ལོ་པཎ་སོགས་སྐྱེས་ཆེན་དམ་པ་མཚན་ཉིད་དང་ལྡན་པ་རྣམས་ཀྱི་སྐུ་གདུང་། སྐུ་བལ་རིང་བསྲེལ་གྱིས་མཚོན་པའི་དམ་རྫས་གང་ཆགས་ཟན་ནམ་ཅོང་ཞི་ལྟ་བུར་སྦྱར་བའི་རིལ་བུ་བུམ་པ་གྲངས་ཇི་ཙམ་བྱེད་པའི་ནང་དུ་བླུག །སྟེགས་ཀྱི་སྟེང་དུ་བུམ་པ་རྣམས་བཀོད། དེའི་མཐར་ཅི་འབྱོར་བའི་མཆོད་པ་བཤམ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་། བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་བྱ། (༦༢བ)


GLG010_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱའོ། །ཞེས་ཚད་མེད་བཞི་བསྒོམ། གནས་སོགས་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་སྟར་མཉམ་པ། ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ་དྲི་མ་མེད་ཅིང་འོད་གསལ་བ། ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་བསུང་ངད་དང་ལྡན་པའི་ལྷའི་མེ་ཏོག་སྣ་ཚོགས་ཀྱི་གཅལ་བཀྲམ་པ། །མཐའ་རིན་པོ་ཆེའི་ཕ་གུས་བརྩེགས་པ། གསེར་དང་དངུལ་དང་མུ་ཏིག་གི་ཕྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང་ཀུ་མུ་ད་དང་པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང་ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ། དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེ་དཔག་བསམ་གྱི་ཤིང་ལྗོན་པ་ལྷའི་ནོར་བུ་དང་མུ་ཏིག་གི་རྒྱན་འཕྲེང་དང་རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོགས་དང་འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་བསྒྲེངས་བས་ལེགས་པར་བརྒྱན་པའི་ས་གཞིའི་དབུས་སུ་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང་ཞབས་ཞུམ་པ། ཁ་གཡེལ་བ། མཆུ་འཕྱང་བ། མགྲིན་པ་ཕྲ་བ། ལྷའི་གོས་ཀྱིས་མགུལ་པ་བརྒྱན་པ། མཚན་ཉིད་ཐམས་ཅད་དང་ལྡན་ཞིང་ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཡེ་ཤེས་རང་འོད་འབར་བའི་གཞལ་ཡས་ཁང་གི་ལྟེ་བར་རིལ་བུ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་གངྒཱའི་(༦༣ན)


GLG010_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་དང་མཉམ་པར་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མངའ་ཐང་དང་འཚམ་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་ཏུ་ཡང་ཆོ་རིགས་དང་འཚམ་པར་ཡང་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་ན་བཟའ་དང་རྒྱན་དང་རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པས་ཀྱང་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བརྗོད། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུཪྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །བདེ་ལྡན་འཇིག་རྟེན་བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་གཅལ། །ལྗོན་ཤིང་ཆུ་མཚོ་མ་ཚང་མེད། །ཆོས་སྒྲ་རྒྱ་ཆེན་ལྡན་པར་ཤོག །འཇིག་རྟེན་འདས་པའི་དགེ་ལས་བྱུང་། །རིན་ཆེན་བདུན་ལས་གྲུབ་པ་ལ། །ཚད་མེད་འོད་ཟེར་འགྱེད་པའི་གནས། །རྒྱལ་བ་སྲས་བཅས་བཞུགས་གྱུར་ཅིག །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །རྒྱལ་བ་སྲས་བཅས་རྣམས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་གྱུར་ཅིག །ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཀུན་བཟང་མཆོད་སྤྲིན་བླ་(༦༣བ)


GLG010_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །ཐོག་མ་མེད་པའི་བསྐལ་པ་ནས་གྲངས་མེད་པའི་སེམས་ཅན་རྣམས་འདྲེན་པའི་ཐུགས་བསྐྱེད་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་སྐྱོབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་པ་ནས་མཎྜལ་གྱི་མཐའ་རྟེན་ཚིགས་བཅད་དང་བཅས་པའི་བར་ཆོས་སྤྱོད་རབ་གསལ་ཇི་ལྟ་བ་ལ་བཙོ་མ་གསེར་གྱི་མདོག་འདྲ་བ་ཞེས་པ། སྟོན་མཚན་ཟླ་བའི་མདོག་འདྲ་བ། །ཞེས་དང་། ཤཱཀྱའི་རྒྱལ་པོའི་དབུ་ལ། ཞེས་པ་ཐུགས་རྗེ་ཆེན་པོའི་དབུ་ལ་ཞེས་སོགས་ཚིག་ཟུར་བསྒྱུར། བསྡུས་པ་འདོད་ན་བཟང་སྤྱོད་ལས་བྱུང་བའི་ཡན་ལག་བདུན་པ་བྱ། །དཔལ་ལྡན་ཟླ་བ་གྲགས་པས་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་བྱིན་རླབས་ཤིན་ཏུ་ཆེ་བ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ན་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་སྟོང་འབར་བཞིན། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། ཁམས་གསུམ་འགྲོ་བ་ཀུན་གི་གཉེན་གཅིག་པུ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱེད་བདག་ལ་དགོངས། །བདག་ནི་ཐོག་མཐའ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལམ་ལོག་སྡིག་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རབ་གནོང་འགྱོད། །དར་ཞིང་དྲགས་པའི་ལས་དེ་དབང་བཙན་ནས། །(༦༤ན)


GLG010_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་བདག་རྒྱུད་བསྲེགས། །གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིང་། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེངས། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་མདག་འདོར་འདྲའི་འོབས་སུ་ལྷུངས། །སྡུག་བསྔལ་དྲག་པོའི་འདམ་རྫབ་ཆར་ལྟར་བབས། །མེ་ཁམས་ཉི་མའི་དུགས་ནི་སྟེང་ནས་ཚ། །ཆུ་ཁམས་ས་ཡི་བརླན་ནི་འོག་ནས་གྲང་། །ཕྱི་ཡི་བསེར་བུའི་ངད་ནི་ཐད་ཀར་ཚ། །ཀུན་ནས་འཁྲུགས་པའི་རླུང་ནི་ཁོང་ནས་ལྡང་། །དེ་ལྟར་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཡང་། །སྡོམ་པའི་ཡི་དམ་གཞིག་ཏུ་ག་ལ་རུང་། །སྡུག་བསྔལ་ཀུན་དང་བསྡོས་ནས་སྡོམ་བསྲུང་ཞིང་། །མོས་པའི་དད་པས་འཕགས་མཆོག་མི་གཏོང་ན། །འཕགས་མགོན་འགྲོ་དོན་མི་མཛད་ཅི་ལ་དགོངས། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྐྱེས་པས་འགྱོད་དེ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་ཀླུང་ལྡོག་པར་རབ་ཏུ་དཀའ། །དཀའ་ལ་ཞུགས་པས་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་གྱུར། །སྡིག་པའི་ལས་དབང་དྲག་པོ་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས་འདིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །ཉི་ལྟར་འོད་གསལ་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་མཐོང་བར་འཚལ་ལགས་ན། །(༦༤བ)


GLG010_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མ་མེད་ནས་མ་རིག་ལིང་ཏོག་གིས། །ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱེད་ད་ལྟ་ག་ན་བཞུགས། །སྡུག་བསྔལ་དྲག་པོ་ཤིན་ཏུ་མི་བཟད་པས། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ན། །དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཞིང་། །ཉམ་ཐག་ཕོངས་པའི་ང་རོས་འོ་དོད་འབོད། །བྱམས་མགོན་ཐུགས་རྗེ་ཅན་གྱིས་གསན་ལགས་སམ། །ནམ་ཞིག་འཆི་འཕོ་ལུས་བརྗེས་གྱུར་པའི་ཚེ། །གཉེན་བཤེས་གྲོགས་དང་ཕྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ། །ལས་ཀྱི་དབང་གིས་བདག་འདྲ་གཅིག་པུར་ཁྲིད། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན། །བྱམས་མགོན་ཁྱེད་ཀྱིས་འཁོར་བར་བདག་གཏོང་ངམ། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས། ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ། །བསྐལ་བ་དཔག་མེད་སྐྱེ་བ་ཇི་སྙེད་དུ། །སྔོན་ཆད་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འགྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲང་ཞིང་སྐྱེ་བ་བདུན་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུས་ཟོས་ཏེ། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས། །སྐྱེ་བ་གཅིག་གཅིག་ཁོ་ན་ཙམ་གྱི་ལས། །བླ་མེད་དོན་དུ་རབ་སྤྱད་ཇི་ཙམ་ན། །དེ་ཙམ་བྱས་པའི་ལས་ལ་དོན་རེ་ཡོད། །ལས་ནི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་འདྲ་བའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་དྲག་པོས་སྲིད་པའི་བརྩོན་རར་ཚུད། །མི་བཟད་སྡུག་བསྔལ་དྲག་པོ་འདི་འདྲ་ན། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་། །ཐུགས་རྗེ་ཆེན་པོས་ལས་རྣམས་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་འདི་བཟློག་(༦༥ན)


GLG010_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ། །ཉོན་མོངས་ལས་ཀྱི་རླུང་འདི་དབང་བཙན་པས། །མ་རིག་མུན་པའི་ནང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་གཟིགས་སམ། །ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟོད་ན། །ཐུགས་རྗེ་ཆེན་པོས་འཕྲིན་ལས་མི་མཛད་དམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐུགས་རྗེ་ཐབས་མཁས་སྨན་གྱིས་མི་གསོ་འམ། །ཕྱིན་ཅི་ལོག་གི་གཡང་སར་ལྷུངས་ལགས་ན། །ཐུགས་རྗེའི་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །སྡུག་བསྔལ་དྲག་པོའི་ལས་ཀྱི་མེ་འབར་ན། །ཐུགས་རྗེས་བསིལ་བའི་ཆར་རྒྱུན་མི་འབེབས་སམ། ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་གི་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས། །སེམས་ཅན་ལས་འཕྲོ་བཙན་པར་བཞག་ན་དག །འཕགས་པའི་ཐུགས་རྗེས་སུ་ལ་ཅི་ཞིག་བགྱི། །འཕགས་མཆོག་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ན། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་གཟིགས་ཤིང་ཐུགས་རྗེ་རྒྱལ་བའི་ལྷ། །ཞེས་དང་གཞན་ཡང་སྐྱོན་གྱིས་མ་གོས་སོགས་བསྟོད་པ་ཅི་རིགས་པ་བྱ། །དེ་ནས་མདོ་ཆོག་ལས་བྱུང་བའི་མཚན་ལེགས་ཀྱི་སྨོན་ལམ་འདི་འདུས་ཆེ་བར་འདུག་པས། འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་དང་ཐུགས་རྗེའི་མཐུ་ལ་བརྟེན་ནས། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ་རིམས་དང་གཤེད་བྱེད་དང་བྱད་དང་རོ་ལངས་དང་འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང་ནད་ཐམས་ཅད་འཕྲལ་དུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་དང་ནད་ཐམས་ཅད་མེད་(༦༥བ)


GLG010_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང་འོན་པ་དང་སྨྱོན་པ་དང་ཤ་བཀྲ་དང་ནད་ཚབས་ཆེན་པོས་བཏབ་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག །སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པའི་སྤྱོད་པ་མང་བ། དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དུ་སུ་ཡང་སེམས་ཅན་དམྱལ་བ་དང་ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལྷ་ཡུལ་བའི་ལྷའི་བདེ་བ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ་ཟས་དང་སྐོམ་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་ཕྲེང་བ་དང་ཡོ་བྱད་མི་བདོག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་ཕྲེང་བ་དང་ཡོ་བྱད་འཕེལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཅིང་བ་དང་བརྡེག་པ་དང་གོ་རར་གཞུག་པ་དང་མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་བརྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་(༦༦ན)


GLG010_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པའི་ནང་དུ་ཆུད་དེ་སྲོག་ལ་བབ་ཅིང་ཉམ་ཐག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །འཇིགས་པ་མེད་པ་དང་ཞི་བའི་གནས་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་རྩོད་ཅིང་འགྱེད་པར་གྱུར་ཏེ་འཁྲུགས་ཤིང་འཇིགས་སྐྲག་ནས་དངངས་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་པ་གྲུར་ཞུགས་པ་གླིང་མེད་པར་ཕྱིན་པ་སྲོག་འདོད་པ་ཆུ་ཀླུང་དང་རྒྱ་མཚོའི་ནང་དུ་སོན་ཏེ་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག །འཇིགས་པ་མེད་པར་བརྒལ་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་ནུབ་ཕྱོགས་བདེ་བ་ཅན་དུ་པདྨ་ལས་སྐྱེས་ནས་མགོན་པོ་འོད་དཔག་མེད་སྲས་ཀྱི་ཐུ་བོ་གཉིས་དང་བཅས་པས་རྗེས་སུ་བཟུང་སྟེ་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་མཐུ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་གདབ། རྒྱལ་བའི་སྲས་པོ་འཕགས་མཆོག་སྤྱན་རས་གཟིགས། །གདུང་ཤུགས་དྲག་པོས་ཐུགས་རྗེའི་རྒྱུད་སྐུལ་ན། །དམ་རྫས་རིལ་བུ་འདི་ལ་བྱིན་རློབས་ལ། །འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །རྩེ་གཅིག་གསོལ་བ་བཏབ་པའི་བྱེད་པོ་ཡིས། །འཕགས་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་ནས། །རྒྱལ་བ་སྲས་བཅས་ཉན་རང་ལ་(༦༦བ)


GLG010_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། །སྐྱབས་གནས་ཀུན་གྱི་བྱིན་རླབས་ནུས་མཐུའི་ཚོགས། །འོད་དང་འོད་ཟེར་བདུད་རྩིའི་ཆུ་རྒྱུན་དང་། །འཕགས་པའི་སྐུ་ཡི་རྣམ་པར་ཐོགས་མེད་བསྡུས། །རིལ་བུ་ཐུགས་རྗེ་ཆེན་པོའི་རྣམ་པ་ལ། །ཆུ་ལ་ཆུ་བཞག་བཞིན་དུ་རོ་གཅིག་གྱུར། །ཅེས་རིག་སྔགས་བགྲང་། ཐུན་འཇོག་ཁར་མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་ཞེས་སོགས་ཤློ་ཀ་གཉིས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། སྨོན་ལམ་དང་བརྟན་བཞུགས་བྱ། སང་ནང་པར་ཆོ་ག་ཚར་གཅིག་གཏོང་། ཞག་གྲངས་ཇི་ཙམ་བྱེད་པའི་རིང་བསྒྲུབས་ནས་གྲོལ་ཉིན་ཐུན་མཐར་མཆོད་པ་དང་བསྟོད་པ་རྒྱས་པར་བྱ། རྒྱལ་བའི་སྲས་པོ་འཕགས་མཆོག་སྤྱན་རས་གཟིགས་ཞེས་སོགས་ཀྱི་ཚིག་རྐང་ཐ་མ་གཉིས་འདོན་པ་བསྒྱུར་བ་ནི། རིལ་བུ་ཐུགས་རྗེ་ཆེན་པོར་གསལ་བ་རྣམས། །འོད་ཞུ་གཉིས་སུ་མེད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་རིལ་བུ་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་དང་སུ་པྲ་ཏིཥྛ་བཛྲེ་སྭཱཧཱས་བརྟན་བཞུགས་བྱ་ཞིང་མེ་ཏོག་གཏོར། སྨོན་ལམ་ཤིས་བརྗོད་ཅི་རིགས་པ་བྱའོ། །མ་ཎི་རིལ་སྒྲུབ་ཉུང་ངུ་རྣམ་གསལ་ཞེས་པ་འདིའང་དཔལ་ལྡན་མངའ་རིས་གྲ་ཚང་གི་སློབ་དཔོན་བློ་བཟང་ནོར་བུས་ནན་ཏན་དུ་བསྐུལ་བ་ལ་བརྟེན་ནས། སྔགས་ཕྱོགས་ཀྱི་དབང་རྗེས་གནང་སོགས་ཐོབ་མ་ཐོབ་ལ་མ་བལྟོས་པར་འཇུག་པ་བདེ་བའི་སླད་དུ། བདེ་བར་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཆོ་ག་ཅུང་ཟད་བླངས་དོར་ཚང་བའི་ལུགས་སུ་བྱས་ཏེ་གཡར་ཁྲལ་ཙམ་དུ་ཟ་ཧོར་གྱི་བནྡེས་བཀོད་པར་མཁས་པ་རྣམས་ཐུགས་མི་ཁྲེལ་བར་གསོལ་བ་འདེབས་ཤིང་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།

འཇམ་དཔལ་དྲག་པོའི་ཉམས་ལེན་རྒྱུན་འཁྱེར་བཻ་ཌཱུར་བཞུན་མའི་ཆུ་རྒྱུན།


GLG010_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དྲག་པོའི་ཉམས་ལེན་རྒྱུན་འཁྱེར་བཻ་ཌཱུར་བཞུན་མའི་ཆུ་རྒྱུན་བཞུགས་སོ། །གང་ཞིག་བསྒོམ་དང་བཟླས་པ་ཙམ་གྱིས་ཀྱང་། །མི་(༦༧ན)མཐུན་ཉེས་སེལ་འཇམ་དབྱངས་ནག་པོ་ཡི། །ངག་འདོན་ཉམས་སུ་བླང་བྱར་ཁྱེར་བདེ་བའི། །སྒྲུབ་ཐབས་བཻ་ཌཱུར་ཞུན་མའི་ཆུ་རྒྱུན་འདྲི། །དེ་ལ་འདིར་དཔལ་ལྡན་ས་སྐྱ་པའི་ལྕགས་རི་མི་འདའ་བའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་འཇམ་དཔལ་ནག་པོའི་སྒོམ་བཟླས་ཉམས་སུ་བླང་བར་འདོད་པས་ཐོ་རེངས་ཕྱི་སྒོ་མ་ཕྱེ་བའི་དུས་ཁ་ཤར་དུ་ཕྱོགས་ལ་སྐྱིལ་མོ་ཀྲུང་བཅས། སྒལ་ཚིགས་དྲང་པོར་བསྲངས་ནས་བདེ་བའི་སྟན་ལ་འཁོད་དེ་སྔོན་འགྲོ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་སོགས་ཅི་རིགས་པ་བརྗོད། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འཇམ་དཔལ་ནག་པོའི་སྒོམ་བཟླས་ལ་བརྩོན་པར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། དངོས་གཞི་ནི། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་དྷཱིཿམཐིང་ནག་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་ནམ་མཁའ་ལ་འཕྱར་ཞིང་གཡོན་མཐེབ་སྲིན་གྱིས་ཨུཏྤལའི་ཡུ་བ་ནས་ཐུགས་ཀར་བཟུང་སྟེ་འདབ་མ་སྙན་གྱི་ཐད་ན་ཁ་ཕྱེ་བའི་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་ཤམ་ཐབས་ཅན། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་སྐད་ཅིག་དྲན་རྫོགས་སུ་གསོལ་འདེབས། གནས་གསུམ་བརླབ་པ། ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་(༦༧བ)
རྒྱས་གདབ་མི་དགོས་པ་བརྒྱུད་པའི་གསུང་རྒྱུན་ཡིན་ཀྱང་དིང་སང་མཁས་རློམ་གཞན་གྱིས་རྒྱས་འགེབས་བྱེད་སྲིད་པས། དེ་རིགས་ཀྱི་བློས་བྱས་རྣམས་ངན་སྐྱུགས་བཞིན་སྤང་བ་གནད་དོ། །དེ་ལྟར་ཏིང་འཛིན་གསལ་བའི་ངང་ནས། ཨོཾ་པྲ་སོད། ཆུ་སོད། དུར་ཏ་སོད། སྙིང་མགོ་ལ་ཆད། ཁ་ཛ། ཀཾ་ཤཾ་ཏྲཾ་རྦད་ཕཊ་སྭཱཧཱ། ཞེས་པ་བརྒྱའམ་ཉེར་གཅིག་གིས་མཚོན་པའི་ཇི་ལྟར་རིགས་པ་བཟླ། མཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་པ་འཇམ་དཔལ་འགྲུབ་གྱུར་ནས། ཞེས་སོགས་ཀྱི་བསྔོ་སྨོན་བྱའོ། །དེ་ལྟར་ཉམས་སུ་བླངས་བས་མཐུ་བྱད་ནད་གདོན་སོགས་ཉེ་བར་འཚེ་བའི་ཚོགས་ཞི་བར་འགྱུར་ཞིང་གནད་ཀྱི་གདམས་པའི་མན་ངག་ལྷག་མ་རྣམས་ནི་གོང་མའི་ཡིག་རྙིང་དང་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཁུངས་ལྡན་རྒྱ་བོད་མཁས་པའི་གསེར་གྱི་ཆོས། །མཚན་ལྡན་བླ་མའི་དྲིན་ལས་ལེགས་རྙེད་པ། །སྐལ་ལྡན་མང་པོར་ཕན་ཕྱིར་ཉེར་བཀོད་པས། །དོན་ལྡན་རྣམ་མཁྱེན་འགྲོ་ཀུན་གྱིས་ཐོབ་ཤོག །འཇམ་དཔལ་ནག་པོའི་ཉམས་ལེན་རྒྱུན་འཁྱེར་བཻ་ཌཱུར་ཞུན་མའི་ཆུ་རྒྱུན་ཞེས་པ་འདི་ནི་གནམ་གྱི་ལྷ་གོང་མ་རྒྱལ་པོའི་གསེར་ཡིག་པ་བསམ་བློ་ཨེར་ཏེ་ན་རབ་འབྱམས་ཆོས་རྗེས་བསྐུལ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི། གནས་བརྟན་འཇམ་དབྱངས་གྲགས་པའོ།། །།

རྟ་མགྲིན་ཤྭ་ན་བཞི་བསྐོར་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་ཡིད་ཆེས་སུམ་ལྡན།


GLG010_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ཤྭ་ན་བཞི་བསྐོར་གྱི་སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་ཡིད་ཆེས་སུམ་ལྡན་བཞུགས་སོ། །ན་མོ་གུ་རུ་ཤྩ་ཏ་ཡ་གྲཱི་བ་ཤྲིཡེ། །འོད་མཚན་སྟོང་དུ་འབར་བ་གར་གྱི་དབང་། །སྡོམ་བརྩོན་གནས་ལྔ་རིག་པའི་བརྟུལ་ཞུགས་ཅན། ལྷ་གཅིག་དཱི་པཾ་ཀ་ར་ཁྱོད་ཞབས་རྡུལ། །སྙིང་དབུས་ཟེའུ་འབྲུར་བྱང་ཆུབ་བར་དུ་བསྟེན། །གང་གི་ཟབ་ཆོས་ཆད་མེད་གངྒཱའི་ཀླུང་། །བདག་བློའི་རྒྱ་མཚོར་འབབ་མཛོད་རྡོ་རྗེ་འཆང་། །རིན་ཆེན་བསོད་ནམས་མཆོག་ཏུ་ལྷུན་གྲུབ་པ། །རིགས་ཀྱི་བདག་པོར་བཞུགས་ལ་རྟག་ཏུ་སྐྱོངས། །ཤྭ་ན་(༦༨ན)


GLG010_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བསྐོར་རྟ་མགྲིན་དབང་གི་ལྷའི། །སྒྲུབ་ཐབས་རྗེས་གནང་ཆོ་ག་ཨ་ཏི་ཤའི། །བཞེད་སྲོལ་འབྲུ་དཀར་རང་བཟའ་ཕུབ་མ་ཡིས། །མ་བསླད་ངོ་མཚར་ཡིད་ཆེས་སུམ་ལྡན་འདྲི། །དེ་ལ་འདིར་མཉམ་མེད་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་ཐབས་ཉམས་སུ་བླང་བས་རྡོ་རྗེ་ཐེག་པའི་དབང་གིས་རྒྱུད་སྨིན་ཅིང་ཁྱད་པར་འདི་ཉིད་ཀྱི་རྗེས་གནང་ནད་པ་སོགས་མཚན་ཉིད་དང་ལྡན་པའི་རྟེན་གྱི་གང་ཟག་གིས་བསམ་གཏན་གྱི་ཁང་པར་སྐྱང་ནུལ་བྱ། དཀོན་མཆོག་སྤྱི་དང་བྱེ་བྲག་གི་རྟེན་དགྲམ། གཏོར་མ་དང་རྡོ་རྗེ་དྲིལ་བུ་སོགས་མཁོ་བའི་རྫས་དང་ཡོ་བྱད་རྣམས་མངོན་པར་འདུ་བྱས་ཏེ་སྟན་བདེ་བ་ལ་འདུག་ནས་སྔོན་འགྲོ་ནི། སྐྱབས་འགྲོ་དང་སེམས་བསྐྱེད་སྤྱི་ལྟར་བྱ། ཚོགས་ཞིང་ནི། རང་ཉིད་རྟ་མཆོག་ཏུ་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་བླ་མ་འོད་དཔག་མེད་རིགས་བདག་ཏུ་བཞུགས་པའི་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་བཛྲ་ཀྲོ་དྷཱ་ཧ་ཡ་གྲཱི་ཝ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿ ཞེས་ཕྱག་བྱ། སྔགས་མཇུག་ཏུ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གུར་ལས་བྱུང་བའི་རྒྱུན་བཤགས་ལན་གསུམ་དང་ཚད་མེད་བཞི་བསྒོམ། དངོས་གཞི་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་རང་གི་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་པཾ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་མཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཕྱོགས་མཚམས་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་དུ་(༦༨བ)


GLG010_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་དུས་མཐའི་མེ་ལྟར་འབར་བ་བར་མཚམས་མེད་པས་ཁྱབ་པར་བསམ། དེའི་དབུས་སུ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ་ཕ་གུ་དྲ་བ་དྲ་ཕྱེད་མདའ་ཡབ་པུ་ཤུ་དང་རྩ་བར་འདིང་བའི་སྣམ་བུ་དང་བཅས་པ། ནང་ཀ་བ་བརྒྱད་དང་ལྡན་པའི་དབུས་ཀྱི་གདུང་ཟླུམ་པོར་བསྐོར་བའི་རེའུ་མིག་དབུས་མའི་སྟེང་དུ་ཀ་ཆུང་གིས་བཏེག་པའི་རྒྱ་ཕུབས་དང་སྒོ་བཞིར་སྒོ་རྐྱང་གི་རྣམ་པ་ཅན་མཚན་ཉིད་དང་ལྡན་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུཾ་དམར་ནག་དང་འདབ་མ་བཞིར་ཉི་མ་དང་རོའི་གདན་ལ་ཤར་ནས་རིམ་པ་བཞིན་དུ་ཧཱུཾ་ཏྲཱཾ་ཧྲཱིཿཨཿརྣམས་ལས་གྲི་གུག་གི་ཡུ་བ་ལ་སོ་སོའི་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས་བདེ་བར་གཤེགས་པ་མཆོད། བྱིན་རླབས་བསྡུས་སེམས་ཅན་ལ་ཕོག །སྡིག་སྒྲིབ་སྦྱངས། གནོད་བྱེད་འབྱུང་པོ་ཐམས་ཅད་ཚར་བཅད། ཚུར་འདུས་རྡོ་རྗེ་ཧཱུཾ་དང་བཅས་པ་ལ་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་བཞི་པ། དབུས་ཞལ་དམར་པོ། གཡས་ཞལ་སྔོན་པོ། གཡོན་ཞལ་དཀར་པོ། ཞལ་གསུམ་གདངས་ཤིང་ཤིན་ཏུ་རྔམ་པ། མཆེ་བ་རབ་ཏུ་གཙིགས་ཤིང་ལྗགས་གློག་ལྟར་འཁྱུག་པ། ཞལ་རེ་རེ་ལའང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་འབར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་སངས་རྒྱས་རིགས་ལྔས་དབུ་ལ་བརྒྱན་པའི་ཞལ་དབུས་མའི་གཙུགས་ན་རྟ་མགོ་ལྗང་ཁུ་ཁ་གྱེན་དུ་བལྟས་ཏེ་རྟ་སྐད་འབྱིན་པས་གདུག་པ་ཅན་རྣམས་སྐྲག་པར་མཛད་པ། ཕྱག་དང་པོ་གཉིས་ཀྱིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་དང་པདྨ་དམར་པོ་བསྣམས་(༦༩ན)


GLG010_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐ་མ་གཉིས་ཀྱིས་མདའ་གཞུ་འགེངས་བས་གནོད་བྱེད་ཐམས་ཅད་ཚར་གཅོད་པ་མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བ་དང་ཕྱག་ཞབས་སྦྲུལ་གྱིས་བརྒྱན་པ། སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཞབས་གཡས་གཉིས་བསྐུམ་པས་ཚངས་པ་སེར་པོ་དང་བརྒྱ་བྱིན་དཀར་པོ། གཡོན་གཉིས་བརྐྱང་བས་དབང་ཕྱུག་སྔོན་པོ་དང་ཁྱབ་འཇུག་དམར་པོ་མནན་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །འདབ་མ་བཞིའི་ཤར་དུ་རྡོ་རྗེ་ལས་བྱེད་མ་སྔོན་མོ། ལྷོར་གཤིན་རྗེ་ལས་བྱེད་མ་ནག་མོ། །ནུབ་ཏུ་ཀླུའི་ལས་བྱེད་མ་དཀར་མོ། །བྱང་དུ་གནོད་སྦྱིན་ལས་བྱེད་མ་ཤེའུ་ལོ་ཙཱ་དང་བཅོ་བརྒྱད་མཆོག་ལེགས་རྡོ་རྗེའི་ཡིག་ཆར་འདི་བཞིན་བྱུང་ཞིང་ཡིག་རྙིང་ཞིག་ན་ལྗང་གུར་འདུག་པ་བརྟག །སེར་མོ། །བཞི་གའང་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ། དབུ་སྐྲ་དམར་སེར་ཕྱེད་རིངས་སུ་བྱས་པ་ལ་སོགས་པ་ཁྲོ་མོའི་ཉམས་ཐམས་ཅད་དང་ལྡན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པའི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ་སྔོན་པོ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་པ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་བསྡུ་རྒྱ་དང་བཅས་ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་གི་སྔགས་གཤམ་དུ་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པ་ཐོགས་(༦༩བ)


GLG010_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ཞེས་པ་ནས་ཤྲཱི་ཧཱུཾ་ཞེས་དབང་བསྐུར་བས་ལུས་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད་འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན་པར་བསམ། སྔགས་མཇུག་ཏུ་ཨརྒྷཾ་ནས་ཤབྡའི་བར་དང་རཱུ་པ་ནས་སྤཪྴའི་བར་གྱིས་མཆོད་ཧྲཱིཿ པདྨའི་རིགས་བདག་སྣང་བ་མཐའ་ཡས་གར། །གདུག་པ་འདུལ་ཕྱིར་རྟ་མགྲིན་དབང་གི་རྒྱལ། །ལས་བྱེད་མཁའ་འགྲོ་ཤྭ་ན་བཞིས་བསྐོར་བ། །ལྷ་ཚོགས་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཟླས་པ་ནི། གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་རང་རང་གི་ས་བོན་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དང་ཁྲོ་བོའི་ཚོགས་འཕྲོས་འཕགས་པ་མཆོད། བྱིན་རླབས་རྣམས་བསྡུས། གདུག་པ་ཅན་རྣམས་ཚར་བཅད། སླར་འདུས་སྔགས་ཀྱི་ཕྲེང་བ་ལ་ཐིམ་པའི་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་བསམ། སྙིང་པོ་འབྲུ་བཅུ་གསུམ་པ་ནི། ཨོཾ་ཧ་ཧ་ཧི་ཧི་ཧྲི་ཧྲི་ཧྲིཾ་ཧྲིཾ་ཧཱུཾ་ཕཊ་ཕཊ་ཅེས་དང་གཞན་ཡང་། ཉེ་སྙིང་འབྲུ་བཅོ་ལྔ་པ་ནི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ལས་བྱེད་མ་བཞིའི་སྔགས་ནི། ཨོཾ་བཛྲ་ཤྭ་ན་ས་མ་ཡ་ཧཱུཾ། ཨོཾ་ཡ་མ་ཤྭ་ན་ས་མ་ཡ་ཧཱུཾ། ཨོཾ་ནཱ་ག་ཤྭ་ན་ས་མ་ཡ་ཧཱུཾ། ཨོཾ་ཁ་རག་ཤྭ་ན་ས་མ་ཡ་ཧཱུཾ། ཞེས་བཟླ། ཡིག་རྙིང་ཞིག་ན་འབྲུ་བཅུ་གཅིག་ཙམ་འདུག་པས་འདི་གཉིས་ཡོད་མེད་བརྟག །བསྙེན་པ་ཚད་དུ་ཐེངས་ནས་ལས་སྦྱོར་བྱ་བར་འདོད་ན་གཙོ་འཁོར་གྱི་སྔགས་མཇུག་ཏུ་ལས་སྦྱོར་གྱི་སྔགས་རིང་ནི། རྒྱལ་འགོང་རྒྱལ་ཚེ་ལ་མ་ཤ་དོམ་རོ་ལ་ཁྲག་འཐུང་། སྙིང་ཁྲག་བཛྲ་ས་དུ་ས་མ་ཡ་ཛཿབཛྲ་བཛྲི་ཏྲ་ག་རག་ཏ་འབྱུང་བ་མཱ་ར་ཡ་སྙིང་ཁྲག་ཛཿཧཱུཾ་བཾ་ཧོཿ བཛྲ་ཨཾ་ཀུ་ཤཱ་ཛཿ འབྱུང་པོ་ཚེ་ལ་མ་ཤ་དོམ། རོ་ལ་ཁྲག་འཐུང་། སྙིང་ཁྲག་འབྱུང་པོ་འབྱུང་མོ་པྲ་ཏི་པྲ་མོ་ཚེ་ལ་མ་ཤ་དོམ། རོ་ལ་ཁྲག་འཐུང་། སྙིང་ཁྲག་མ་ལ་མ་ལ། ཡེས་ཡེས་བྷྱོ་བྷྱོ། ཀྲོཾ་ཀྲོཾ་སྭཱ་ཧཱ། ཨོཾ་གུ་རུ་(༧༠ན)


GLG010_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཌ་ཙ་ལ་ཧཱུཾ་ཕཊ། ཏ་ཀོ་ཙ་ཏེ་བི་ཛ་ཏེ། ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། སུ་རུ་ཏེ་སུ་རུ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་སྦྲེལ་ནས་བཟླའོ། །གཏོར་མ་དབུལ་བར་འདོད་ན་ཉ་ཤ་སྒོག་བཙོང་སྤངས་པའི་གཏོར་མ་བཤམས་པ་ཆབ་ཀྱིས་སྦྲན། ཨ་མྲྀ་ཏས་བསངས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་ཚོ་ཆེར་པོར་བསམ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དང་བཅས་ཨ་ཀཱ་རོས་བྱིན་གྱིས་བརླབས། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཅོ་བརྒྱད་མཆོག་ལེགས་པའི་དེར་གཏོར་མགྲོན་སྤྱན་དྲངས་ཤིང་ལུམ་པ་བའི་དེར་གསལ་ཁ་མི་འདུག་ཀྱང་བྱ་རྒྱུད་ཕལ་ཆེ་བ་ལ་ཡེ་ཤེས་པ་མདུན་དུ་ཕྱུང་བ་མང་བས་འདི་བཞིན་འཐད་དམ་སྙམ་བྱོན་པར་བསམ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། གཙོ་འཁོར་གྱི་སྔགས་གཤམ་དུ། ཨི་དཾ་བ་ལི་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་འབུལ། སྔར་བཞིན་མཆོད་ཅིང་བསྟོད། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། པདྨ་ས་ཏྭ་ས་མ་ཡ་སོགས་ཀྱི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མ་རྙེད་ཡོངས་སུ་མ་ཤེས་དང་སོགས་དང་། ལྷག་པ་དང་ནི་ཆད་པ་དང་ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཇུག་ཏུ་བཛྲ་མུཿཞེས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རང་ཉིད་དམ་ཚིག་པའི་དཀྱིལ་འཁོར་མེ་ལོང་ལ་ཧ་བཏབ་པ་བཞིན་ནཱ་དའི་བར་བསྡུས་ཏེ་མཐར་འོད་གསལ་གྱི་ངང་དུ་མཉམ་པར་འཇོག །དེ་ལས་ལངས་ནས་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་བོ། །འདིའི་རྗེས་གནང་ལ་སྔོན་འགྲོ། དངོས་གཞི། མཇུག་གསུམ་ལས་དང་པོ་ནི། རྒྱས་(༧༠བ)


GLG010_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྲོ་ན་མཎྜལ་དྲི་བཟང་པོའི་ཆུས་བྱུག་པའི་སྟེང་དུ་དཀྱིལ་འཁོར་སྒོ་རྐྱང་གི་དབུས་སུ་པདྨ་འདབ་བརྒྱད་ཕྱོགས་བཞི་དམར། མེ་རླུང་སེར། དབང་ལྡན་སྔོ། བདེན་བྲལ་དང་ལྟེ་བ་ལྗང་། དབུས་སུ་ཟླ་ཉིའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ཕྱོགས་བཞིར་གྲི་གུག་འབྲི་བའམ་བསྡུ་ན་པདྨ་འདབ་བརྒྱད་ལ་ཐར་མི་རིས་བསྐོརབ་འབྲི་སྲོལ་ཡོད་པ་རྗེས་གནང་རྒྱས་པ་ཙམ་ལས་དབང་དངོས་མིན་པས་ཐིག་ཚོན་གྱི་ཆོ་ག་དང་སློབ་མ་གྲངས་བཅད་མི་དགོས། རྒྱས་བསྡུས་གཉིས་ཀ་རས་བྲིས་བྱས་ཀྱང་རུང་། མཉྫིའི་ཁར་མཎྜལ་བཞག་གཡས་སུ་གཏོར་མ་གཙོ་འཁོར་ལྔ་པ་སྨྱུག་རྩེ་ཅན་རྒྱན་ལྡན། མདུན་ནས་བརྩམས་ཏེ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་མཚམས་འཛིན་དང་བཅས་སྒོར་མཆེད་སློབ་དཔོན་གྱི་ཅོག་ཙེའི་སྟེང་དུ་རྣམ་བུམ་དང་ལས་བུམ། རྡོར་དྲིལ། མེ་ཏོག །གཞན་ཡང་བགེགས་གཏོར། མིག་དར། ཙམ་པ་ཀ །དབུ་རྒྱན། རྡོ་རྗེ། པདྨ་མཎྜལ་སོགས་མཁོ་བའི་རྫས་དང་ཡོ་བྱད་རྣམས་འདུ་བྱས། ཐོག་མར་ཨ་མྲྀ་ཏས་བསངས། སྭ་བྷཱས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿ ཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུཾ། ཨོཾ་བཛྲ་ཤབྡ་ཨཱཿཧཱུཾ། དྷརྨ་ར་ཎི་ཏ་ལན་གསུམ་གྱིས་རོལ་ཆེན་དང་བཅས་བྱིན་དབབ། སྐྱབས་འགྲོ་ནས་བཟུང་བཟླས་པའི་བར་བདག་བསྐྱེད་བཞིན་བྱ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་དུ་ཕྱུང་བ་ལ་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད་ཅིང་བསྟོད། འདོད་དོན་ལ་གསོལ་བ་བཏབ་ཅིང་བཟོད་པར་གསོལ་ནས་ཡེ་ཤེས་པ་གཤེགས། རང་ཉིད་དམ་ཚིག་པའི་ང་རྒྱལ་(༧༡ན)


GLG010_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པས་བུམ་པ་གཉིས་ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་བ་ཞབས་ཞུམ་པ་མགྲིན་པ་ཕྲ་བ་ཁ་གཡལ་བ་མཆུ་འཆང་བ། ལྷའི་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ཞེས་པ་ནས། གར་སྟབས་ཀྱིས་བཞུགས་པའི་བར་སྒྲུབ་ཐབས་བཞིན་བྱ། མཆོག་ལེགས་པའི་དེར་མི་དགོས་པ་འདྲ་ཞིག་འདུག་ཀྱང་སློབ་མ་ལྷར་བསྐྱེད་པ་སོགས་ལ་བགེགས་བསང་བ་འཐད་དམ་སྙམ། ལས་བུམ་གྱི་ནང་དུ་པཾ་ལས་པདྨ་དང་མཾ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཧཱུཾ་མཐིང་ནག་ཡོངས་སུ་གྱུར་པ་ལས་ཁྲོ་བོ་རྟོག་མེད་བགེགས་མཐར་བྱེད་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གསོར་ཞིང་གཡོན་སྡིགས་མཛུབ་དཀུར་བརྟེན་པ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། ཞེས་པ་ནས་གནོད་སྦྱིན་ལས་བྱེད་མ་དང་ཁྲོ་བོ་རྟོག་མེད་གཉིས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་བསམ་པའི་བར་དང་། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་བིགྷྣཱནྟ་ཀྲྀ་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་རཱུ་པ་ནས་སྤཪྴའི་བར་གྱིས་མཆོད། བསྟོད་པའི་མཇུག་ཏུ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། ཞེས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཅུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་ཐུགས་ཀར་ཐིམ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་ཏེ་(༧༡བ)


GLG010_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་གང་བར་བསམས་ལ་གཙོ་འཁོར་ལྔའི་སྔགས་དང་ལས་བུམ་ལ་དམིགས་ཏེ་ཨོཾ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླ། མཐར་མཆོད་ཅིང་བསྟོད། ཨོཾ་ཨཱཿཧཱུཾ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་བསམས། ལས་བུམ་ལ་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་རྣམ་པར་བཟློག་པའི་ཕྲིན་ལས་མཛོད་ཅིག །ཅེས་མེ་ཏོག་གཏོར་ཞིང་འཕྲིན་ལས་གཞོལ། དཀྱིལ་འཁོར་བསངས་སྦྱངས་ནས་གཏོར་མ་འབུལ་ཞིང་འདོད་དོན་ལ་གསོལ་བ་གདབ་པའི་བར་བདག་བསྐྱེད་བཞིན་ལ་མི་འདྲ་བའི་ཁྱད་པར་རང་ཉིད་ཅེས་པ་དང་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་བསམས་པ་དོར་ཞིང་བཟླས་པའི་དམིགས་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཐིམ་པར་བསམ། གཉིས་པ་དངོས་གཞི་ལ་མཆོག་ལེགས་པའི་ཡི་གེར་བདག་འཇུག་དགོས་མི་དགོས་བརྟག་གསུང་ཡང་རྗེས་གནང་ཡིན་པས་བཏང་སྙོམས་སུ་བཞག་སྟེ་འཇུག་པ་དང་དབང་གཉིས་ལས། དང་པོ་ནི་སློབ་མ་རྣམས་ཁྲུས་ནས་དབྱུང་། ཕྱག་དང་ཡོན་དབུལ། མེ་ཏོག་བཀྱེ་བསྡུ་བྱ། ཞི་བར་ཞི་དྲག་ཕྱེད་མ། དྲག་པོ་གསུམ་གྱི་བགེགས་སྐྲོད་སྔོན་དུ་འགྲོ་བའི་ཆོས་ཀྱི་ཕན་ཡོན་དང་སྤྱིའི་ཆེ་བ། བྱེ་བྲག་ཏུ་གསན་བྱའི་ཆོས་འདི་ཉིད་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི་ལས་བྱ་བའི་རྒྱུད་ལ་རིགས་དྲུག་ཏུ་ཡོད་པའི་ནང་ཚན་པདྨའི་རིགས་ཀྱི་ཁྲོ་བོར་གཏོགས་པ་རྟ་མགྲིན་ཤྭ་ན་བཞི་སྐོར་ཇོ་བོ་ལུགས་སུ་གྲགས་པ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གིས་ཉེ་བར་བསྟན་པ་བདེ་བར་གཤེགས་པའི་གསུང་རབ་ཀྱི་སྙིང་པོ། (༧༢ན)


GLG010_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་བཅོམ་ལྡན་འདས་དཔལ་རྟ་མགྲིན་ནས་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི །སློབ་དཔོན་སངས་རྒྱས་ཞི་བ། སློབ་དཔོན་སངས་རྒྱས་གསང་བ། ཀུ་སཱ་ལི་ཆེ་ཆུང་གཉིས། ཆུང་བས་དཔལ་མར་མེ་མཛད་ལ་གནང་། ཇོ་བོ་ཆེན་པོ་ཁ་བ་ཅན་གྱི་སྐྱེ་དགུའི་བསོད་ནམས་ཀྱི་མགྲོན་དུ་ཕེབས་པའི་ཚེ་འཕན་ཡུལ་ལན་པའི་སྤྱིལ་བུར་ཀ་པ་ཤཱཀྱ་དབང་ཕྱུག་གིས་གདན་དྲངས་ཏེ་ཆོས་གསུང་བའི་ཚེ་ཇོ་བོ་རྗེ་ཆོས་ཁྲིའི་སྟེང་ནས་ལིངས་ཀྱིས་ཕོག་པ་ན་དགེ་བཤེས་སྟོན་པས་ཅི་ལགས་ཞུས་པའི་ལན་དུ། ན་མ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿ སཾ་གྷཱ་ཡ། ཨུ་བ་སི་ཀ་མི་མ་ཡིན་ཆེན་པོ་ཞིག་འདུག་པར་རང་ལ་མི་སྦྲོན་པ་གསུང་བའི་བར་ཆད་དྲན་ཀས་བརྩམས་ཀྱང་མ་ཚུགས་པར་གདའ། དེ་ནས་འདི་ཚར་གཅོད་ཅེས་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་པ་མཛད་དེ་བཏུལ། དེ་ནས་བཤེས་གཉེན་སྟོན་པ་སོགས་སློབ་མ་དུ་མར་གནང་མོད་འདི་པའི་བརྒྱུད་ལུགས་ནི་ཇོ་བོ་རྗེ་ནས་ཡོལ་གྲུབ་ཐོབ་ཆོས་དབང་། མཐའ་བཞི་གྲུབ་ཐོབ་རིན་ཆེན་སྨོན་ལམ། བླ་མ་ཡེ་ཤེས་འོད། སློབ་དཔོན་ལེགས་པ་ཤེས་རབ། བླ་མ་བྱང་ཆུབ་རིན་ཆེན། སློབ་དཔོན་བྱང་ཆུབ། གཞོན་ནུ་འོད། མཁན་ཆེན་བྱམས་པ་རིན་ཆེན། མཁས་བཙུན་བྱང་སེང་བ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་ལྷ་དབང་། རྗེ་བཙུན་ངག་དབང་ཆོས་གྲགས་རྒྱལ་མཚན། བླ་མ་དཔལ་ལྡན་ཆོས་འབྱོར། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ཁྲི་ཆེན་འཇམ་དབྱངས་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ་ངག་དབང་བསོད་ནམས་དབང་ཕྱུག །རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་(༧༢བ)


GLG010_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བཀའ་དྲིན་དུ་སྩལ་བ་ལགས། ཞེས་པ་ལྟ་བུས་སྤྲོ་བ་བསྐྱེད། སློབ་དཔོན་གྱིས་བགྱི་འོས་རྣམས་སྔོན་དུ་སོང་ཟིན་པ་ནས་སློབ་མ་རྣམས་ཀྱི་སྐུའི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་འཕུལ་བ་ཞུ་ཞེས་བརྡ་སྤྲད། གསོལ་བ་གདབ་པ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་འདའ་བའི་ཕྱིར། དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་འཕགས་པ་རིག་པའི་རྒྱལ་པོ་ཁྲོ་བོ་ཆེན་པོ་རྟ་མགྲིན་ཡི་དམ་དུ་བཟུང་བར་འཚལ་བས། སློབ་དཔོན་གྱིས་བདག་ལ་འཕགས་པ་གསང་སྔགས་ཆེན་མོའི་རྗེས་སུ་གནང་བ་དང་སྙིང་པོ་བཟླས་པའི་ལུང་སྩལ་དུ་གསོལ། ལན་གསུམ་གྱི་རྗེས་ཟློས་བྱེད་ཅིང་མེ་ཏོག་འཐོར། བླ་མས། རིགས་ཀྱི་བུ་ཁྱོད་ཀྱིས་འཕགས་པའི་རྒྱལ་པོ་ཁྲོ་བོ་ཆེན་པོ་རྟ་མགྲིན་ཡི་དམ་དུ་བཟུང་བ་ལེགས་སོ། །ཞེས་ལན་གདབ། ཙཀྵ་བྷནྡྷས་གདོང་གཡོགས་འཆིང་། འབྲུ་ལྔས་མེ་ཏོག་གི་ཕྲེང་བ་གཏད། གུར་ལས་བྱུང་བའི་རྒྱུན་བཤགས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སྨོན་པ་དང་འཇུག་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ནས། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་དཀྱིལ་འཁོར་གྱི་ནང་དུ་འཁྲིད། དེ་ནས་ས་མ་ཡ་ཨཱཿའི་རྗེས་ཟློས་བྱེད་དུ་གཞུག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་དུང་བ་ཞིག་བསྐྱེད། དེ་ཉིད་གཟུགས་ཀྱི་རྣམ་པར་ལངས་པ་ཁྱེད་རང་རྣམས་ཀྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བ་ལམ་གྱིས་གསལ་གདབ། ཡང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དེས་བྱང་ཆུབ་ཀྱི་སེམས་དུང་བ་ཞིག་བསྐྱེད། དེ་ཉིད་གཟུགས་ཀྱི་རྣམ་པར་ལངས་པ་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་གྱུར་པའི་མོས་པ་བྱས་ནས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཙིཏྟ་ཨུ་པ་ཏ་ཡ་མི། དེ་ཉིད་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱིས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་གཏུགས་ཏེ། ཨོཾ་སུ་རེ་ཏེ་ས་(༧༣ན)


GLG010_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེ་སྟྭཾ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། བླ་མས། བཅོམ་ལྡན་ཡེ་ཤེས་དབང་གི་བདག །རྟ་མགྲིན་དཀྱིལ་འཁོར་དགོངས་སུ་གསོལ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །སློབ་མ་འདི་ལ་བྱིན་བརླབ་མཛོད། །ཅེས་ལྷ་ལ་གསོལ་བ་གདབ་ཅིང་གནང་བ་ཞུ། རྗེས་གནང་གི་གཞི་འགོད་པ་དང་ཡེ་ཤེས་འབེབས་པའི་ཆེད་དུ་སློབ་མ་བསངས་སྦྱངས། ཡིག་རྙིང་ཞིག་ན་འབྱུང་བཞི་རི་རབ་ཞལ་ཡས་ཁང་དང་བཅས་པ་བསྐྱེད་པར་བཤད་ཀྱང་ཡེ་ཤེས་འབེབས་པས་མེད་པ་འཐད་དམ་སྙམ་ཆོ་ག་གསུམ་གྱིས་གཙོ་བོ་མངོན་རྟོགས་བཞིན་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། སྤྱི་བོར་ཡང་བསྒོམས་པ་དང་འདྲ་བའི་རྟ་མགྲིན་མངོན་རྟོགས་བརྗོད་དེ་བསྒོམ་དུ་གཞུག །འཕགས་པའི་སྐུ་ལས་འོད་ཟེར་དམར་པོ་རབ་ཏུ་འབར་བའི་ཚོགས་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་གི་སྤྱི་བོ་དང་མགྲིན་པ་དང་སྙིང་གར་ཞུགས་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བྱ་སྒྲོ་ལ་མེ་ཤོས་པ་ལྟར་ཆོམ་ཆོམ་བསྲེགས་ཏེ་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དམར་པོས་གང་བའི་མོས་པ་མཛོད་ལ་སྙིང་གི་དབུས་སུ་ཟླ་བའི་སྟེང་དུ་ཧཱུཾ་དམར་པོ་ཐིག་ལེ་སྒྲ་དང་བཅས་པ་ལ་སེམས་གཏོད། བླ་མ་དང་མདུན་བསྐྱེད་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ནུས་པ་དང་རང་བཞིན་གྱི་གནས་ནས་དཔལ་རྟ་མགྲིན་གྱི་ལྷ་ཚོགས་ཁ་ཆར་བུ་ཡུག་འཚུབ་པ་ལྟ་བུ་བྱོན་ནས་ལུས་ལ་ཐིམ་པར་བསམས་ཏེ། བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད། དེ་ནས་སྤྱི་བོའི་འཕགས་པ་སློབ་མ་ལ་ཐིམ་པས་སྔར་ལས་ཀྱང་ཆེས་གསལ་བའི་སྐུར་གྱུར་པའི་མོས་པ་མཛོད། རྡོ་རྗེ་མགོ་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་རྗེས་ཟློས་དང་བཅས་དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་དོར་དུ་གཞུག །ཨོཾ་པྲ་ཏི་གྲཧྞ་སྟྭཾ་མཾ་ས་སྟྭ་མ་ཧཱ་བ་ལ། ཞེས་མེ་(༧༣བ)


GLG010_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ཕྲེང་བའི་དབང་བསྐུར། ཧེ་བཛྲ་པཱ་ཤྱ། ཞེས་གདོང་གཡོགས་འགྲོལ་ཞིང་རྟེན་བརྟེན་པའི་ལྷར་མངོན་རྟོགས་བཞིན་བསྟན། རྡོ་རྗེ་སྙིང་གར་བཟུང་ནས། བླ་ན་མེད་པ་ཡང་དག་གི །བུ་ཁྱོད་སངས་རྒྱས་རིགས་ལས་སྐྱེས། །རྟ་མཆོག་དབང་གི་ཡེ་ཤེས་འདི། །བུ་ཁྱོད་དག་ལ་གནས་པར་གྱུར། །བུ་ཁྱོད་དབང་གི་དཀྱིལ་འཁོར་དུ། །མོས་པའི་སེམས་ཀྱིས་འཇུག་པར་གྱིས། །དམ་ཚིག་ཆེན་པོ་བསྲུང་བར་གྱིས། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་འདིར་དངོས་གྲུབ་མཆོག་ཏུ་གསུངས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །སློབ་དཔོན་ང་ཡི་བཀའ་མ་འདའ། །སྡོམ་པ་ལ་ནི་གནས་པར་གྱིས། །ཞེས་གདམས་སོ། །གཉིས་པ་ཞུགས་ཐལ་དབང་བསྐུར་བ་བུམ་པ། ཅོད་པན། ལྷ་སྔགས་དངོས་གྲུབ་བསྒྲུབ་པ། ཐུགས་ཀྱི་རྗེས་གནང་སྦྱིན་པ་དང་བཞི་ལས། དང་པོ་ནི། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་ཡུམ་སེམས་དཔའ། ཁྲོ་བོའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། ཅེས་བརྡ་སྤྲད། བུམ་པ་སྤྱི་བོར་བཞག་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། །ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃཿ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཿ(༧༤ན)


GLG010_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དབང་བསྐུར་བས་འོད་དཔག་མེད་ལ་སོགས་པ་རིགས་ལྔའི་དབང་ཐོབ། འདོད་ཆགས་ལ་སོགས་པའི་དྲི་མ་ལྔ་སྦྱངས། འདུ་ཤེས་ལ་སོགས་པའི་ཕུང་པོ་ལྔ་གནས་གྱུར། སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་ལྔ་མངོན་དུ་བྱེད་པའི་ནུས་པ་བཞག འོད་དཔག་མེད་ལ་སོགས་པའི་རིགས་ལྔ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱ། ཞེས་དག་པ་བརྗོད། གཉིས་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཀཱུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་དབུ་བརྒྱན་བསྐོན། དབང་བསྐུར་རྡོ་རྗེ་སོགས་ཀྱིས་དབང་བསྐུར་བས་ལུས་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་མེད། དཔྲལ་བར་མི་བསྐྱོད་པ། ལྟག་གཡས་པར་རིན་འབྱུང་། ལྟག་པར་རྣམ་སྣང་། རྣ་ལྟག་གཡོན་པར་དོན་གྲུབ་ཀྱིས་དབུ་བརྒྱན་པར་བསམ། སློབ་མ་ལ་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད་ཅིང་ཤིས་པ་བརྗོད། གསུམ་པ་ལྷ་སྔགས་དངོས་གྲུབ་བསྒྲུབ་པའི་རྗེས་གནང་ནི། ལག་པ་གཡས་སུ་རྡོ་རྗེ་དང་གཡོན་དུ་དྲིལ་བུ་ཡིག་རྙིང་དང་ལུམ་བ་པའི་དེར་པད་མ་ཡོད་ཀྱང་མཆོག་ལེགས་པའི་དེར་དྲིལ་བུ་བྱུང་བ་གཙོ་བོའི་ཕྱག་མཚན་གཏོད་པའི་བར་བཀའ་མི་འདུག་པས་ཐབས་ཤེས་ཀྱི་དབང་དེ་བྱས་ན་འདི་བཞིན་འཐད་དམ་སྙམ། གཏད་ལ་རྡོ་རྗེ་ཆོས་སུ་གྱུར་སྙམ་པའི་མོས་པ་མཛོད། ཨོཾ་མ་ཧཱ་བཛྲ་ཧཱུཾ། ཨོཾ་བཛྲ་གྷཎྜེ་ཨཱཿ ཞེས་བརྗོད་ལ་དབང་བསྐུར། བླ་མ་སློབ་མ་གཉིས་ཀ་དཔལ་བཅོམ་ལྡན་འདས་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུཾ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅོ་ལྔ་ལ་ཉེ་སྙིང་། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་གསུམ་ལ་སྙིང་པོ་རྣམས་གཡས་སྐོར་དུ་འཁོད་པར་བསམས་ཏེ་ཕྲིན་ལས་བཞིའི་འོད་ཟེར་སྤྲོ། དེའི་འཁོར་ལོའི་འོག་ཏུ་ལྷ་མོ་བཞིའི་སྔགས་རྣམས་གསལ་གདབ། བླ་མའི་ཐུགས་ཀའི་སྔགས་རྣམས་ཞལ་ནས་ཐོན། སློབ་མའི་སྣ་བུག་གཡོན་དུ་(༧༤བ)


GLG010_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། ཐུགས་ཀའི་འཁོར་ལོའི་ཡིག་འབྲུ་ལ་ཐིམ་པར་མོས་ཤིང་ཉེ་སྙིང་། སྙིང་པོ། ཤྭ་ན་མ་བཞིའི་སྔགས་ཀྱི་རྗེས་ཟློས་ཐུགས་དང་འཁོར་ལོ་ལས་སྔགས་གསུམ་གྱི་རྗེས་སློབ་བྱེད་པ་ཡིག་རྙིང་ན་ཡོད་ནའང་དེང་སང་ཕྱག་ལེན་ལ་མི་མཛད། ལན་གསུམ་བྱེད་དུ་གཞུག །སློབ་མས་མེ་ཏོག་གཏོར་བ་དང་བཅས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས་ཞེས་ལན་གསུམ་གྱིས་རྗེས་ཟློས་བྱེད། ཇི་ལྟར་སློབ་དཔོན་རིན་པོ་ཆེ་བརྒྱུད་པ་དང་བཅས་པ་རྣམས་དང་། འཕགས་པ་རིག་པའི་རྒྱལ་པོ་ཁྲོ་བོ་ཆེན་པོ་རྟ་མགྲིན་འཁོར་དང་བཅས་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ཕོ་ཉ་དང་མངག་གཞུག་དང་མངག་གཞུག་མའི་ཚོགས་དང་བཅས་པ་རྣམས་ཀྱི་མཆོག་བརྙེས་པ་བཞིན་དུ་རིགས་ཀྱི་བུ་འདིའི་རྒྱུད་ལའང་སྩལ་ཞིང་བརྟན་པར་མཛད་དུ་གསོལ། བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པར་རིག་པ་དང་སྔགས་ཀྱི་གྲུབ་པའི་ཡོན་ཏན་མཐའ་དག་གི་ནུས་ལྡན་དམ་པ་མཛད་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་གཏོར། བཞི་པ་ཐུགས་ཡིག་ཆ་གསར་རྙིང་ཕལ་ཆེར་ན་མི་སྣང་ཡང་ཐུགས་ཀྱི་རྗེས་གནང་སྤྱི་འགྲོ་ལྟར་འཐད་ཅེས་མཛད་ལ་ཅུང་ཟད་རྒྱས་བསྡུས་སྣང་བ་ཡིག་རྙིང་གི་རྗེས་སུ་འབྲངས་སོ། །ཀྱི་རྗེས་གནང་ནི། དཔོན་སློབ་གཉིས་ཀའི་ཐུགས་ཀར་རྟ་མགྲིན་མཚོན་གང་བའི་གདན་གྱི་འོག་ཏུ་ལྷ་མོ་བཞི་གསལ་བཏབ་པའི་རྟ་མགྲིན་གྱི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་ཡིག་དམར་ནག་ཡི་གེ་ལྔའི་ངོ་བོ་དང་བཅས་པ་མོས། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་དང་བཅས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་ཏིང་འཛིན་སེམས་དཔའ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སློབ་མའི་སྙིང་གར་ཐིམ་པར་བསམས་ཏེ། ཛཿཧཱུཾ་བཾ་ཧོཿཞེས་པའི་མཐར་རོལ་མོ་དང་བཅས་སྙིང་པོའི་རྗེས་སུ། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་སྙིང་གར་བཞག་སྟེ། བཅོམ་ལྡན་རྟ་མགྲིན་དེང་ཁྱོད་ཉིད། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་(༧༥ན)


GLG010_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད། རྡོ་རྗེ་གནས་བདུན་དུ་བཞག་སྟེ། སློབ་མའི་སྤྱི་བོར་ཧཱུཾ་དམར་ནག་གསལ་བཏབ་པ་ལས་ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པར་བསམས་ལ། ཨོཾ་ཊུཾ་ཞེས་བསྲུང་བ་བྱ། དམ་ཚིག་བསྡུས་ཏེ་ཁས་བླངས། མཎྜལ་དབུལ། དེང་ནས་བརྩམས་ཏེ་སོགས་དང་། དགེ་བ་བསྔོའོ། །གསུམ་པ་མཇུག་ནི། གཏང་རག་གི་མཆོད་བསྟོད། ཡིག་བརྒྱ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། བསྔོ་བ་སྨོན་ལམ་དང་བཀྲ་ཤིས་པའི་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་ཁྱབ་པར་བྱའོ། །བྱ་རྒྱུད་པདྨའི་རིགས་ཀྱི་ཁྲོ་བོའི་རྒྱལ། །རྒྱ་གར་མཁས་པའི་མན་ངག་ཨ་ཏི་ཤའི། །ཐུགས་བཅུད་རྟ་མགྲིན་ཤྭ་ན་བཞི་སྐོར་ཞེས། །སྙན་གྲགས་ཕྱོགས་བྲལ་བུ་མོའི་རྣ་ལུང་མཛེས། །འོན་ཏེ་བྱིས་པ་ནམ་མཁའི་འཇའ་ཚོན་ལ། །སྦར་མོས་བསྙེག་ལྟར་མིང་ཙམ་ལ་ཞེན་འཁྲུལ། །ལ་ལས་སྒྲུབ་བརྒྱའི་རྗེས་གནང་ཁ་བསྒྱུར་ནས། །གཞན་འདྲིད་འཕྱོན་མའི་ཟློས་གར་ཅི་ཡང་རྩེན། །འདི་ཀོ་བཀའ་གདམས་བསྟན་པ་འབྱུང་བའི་ཁུངས། །དབུ་རུ་ལོ་དགོན་སྤྱན་སྔ་མང་བྱོན་གྱི། །ཞལ་ལུང་ཉམས་པ་མེད་པའི་དྲོད་པོ་ཆེ། ཁྱབ་བདག་བླ་མ་དམ་པའི་དྲིན་ལས་རྙེད། །བརྒྱུད་རིམ་མ་ཆད་རྗེས་གནང་བཀའ་མ་ནུབ། །ཡིག་རྙིང་ཁུངས་བཅོལ་གཞན་གྱི་རྒྱས་བཀབ་མེད། །གོང་མའི་ཕྱག་བཞེས་ཞུན་ཐར་ཡོངས་བཅད་པས། །ཡིད་ཆེས་གསུམ་དང་ལྡན་སྙམ་ཡི་གེར་བསྡེབས། །དགེ་དེས་བདག་ཏུ་འཛིན་པའི་གདོན་གྱི་ཚོགས། །སྣང་སྟོང་རྟེན་ཅིང་འབྲེལ་འབྱུང་ཁྲོ་རྒྱལ་གྱིས། །དྲུངས་ཕྱུང་མྱ་ངན་འདས་པའི་ཁང་བཟང་དུ། །ལུས་ཅན་མཐའ་དག་ངལ་གསོར་སྤྱོད་གྱུར་ཅིག །ཅེས་མཉམ་མེད་ཇོ་བོ་ཆེན་པོ་དཱི་པཾ་ཀ་རའི་ཡི་དམ་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་ཐབས་དང་(༧༥བ)


GLG010_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་གི་ཆོ་ག་ཡིད་ཆེས་སུམ་ལྡན་འདི་ནི་དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་རྩོམས་ཤིག་པར་གསུང་གིས་བསྐུལ་བ་དང་དུ་བླངས་ནས་རྩ་བའི་ཡིག་རྙིང་། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས་བཅོ་བརྒྱད་ཆོས་རྗེ། མཆོག་ལེགས་རྡོ་རྗེ་གསུམ་གྱི་ཡིག་ཆ་སོགས་ཁུངས་ཐུབ་ལ་གཞི་བྱས་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་ཀུན་དགའི་ལོ་གྲོ་བཞིན་ཅན་གྱི་གྲལ་ཚེས་ལ་ཟ་ཧོར་གྱི་བནྡེས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་སོ། ། བླ་མ་བདེ་གཤེགས་སོགས་ཀྱིས་སྐྱབས་སེམས་བྱས་ལ། ཆོས་ཉིད་འཛིན་མེད་སྟོང་པའི་ངང་ཉིད་ལས། །པདྨ་ཉི་ཟླ་རུ་ཏྲ་བསྣོལ་བའི་སྟེང་། །རང་སེམས་ཧཱུཾ་གྱུར་དྲེགས་པ་ཚར་གཅོད་སྐུ། །ཕྱག་གཡས་གསེར་གྱི་རྡོ་རྗེ་མཁའ་ལ་འཕྱར། །གཡོན་པ་སྡིགས་མཛུབ་རྩེ་ལ་སྡིག་པ་འགྱེད། །དུར་ཁྲོད་ཆས་རྫོགས་གཡས་བསྐུམ་གཡོན་བརྐྱང་བཞུགས། །འཇམ་དཔལ་རྟ་མགྲིན་ཕྱག་རྡོར་རྣལ་འབྱོར་མ། །གནས་བཞིར་ཡོངས་གསལ་བ་སྤུའི་བུ་ག་ནས། །ཡཀྵ་མེ་སྦལ་ཚ་ཚ་སྐར་ལྟར་འཕྲོས། །ལྷ་ཚོགས་ཐམས་ཅད་བསྐལ་བ་དུས་མཐའི་མེ། །འུར་འུར་ཆེམ་ཆེམ་འབར་བའི་ཀློང་ན་བཞུགས། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། །སྔོན་བསྐལ་མས་སྤྱན་དྲངས། རྩ་བ་གསུམ་གྱི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆགས་ཉེས་ལྟུང་མ་ལུས་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཕྱག་རྡོར་གྱི་ཐུགས་ཀའི་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ནས་བཟླས་པ་དང་། བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་བོ། །སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་སེམས་སྔོན་དུ་བཏང་ནས་སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་པད་(༧༦ན)


GLG010_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་སྟེང་དུ་རང་སེམས་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྐུའི་ཆ་ལུགས་ཅན་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཡང་འོད་འཕྲོས་དབང་ལྷ་གོང་བཞིན་སྤྱན་དྲངས། བདག་ལ་དབང་བསྐུར་བསྩོལ་ཞེས་གསོལ་བ་བཏབ་པས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་དབུལ། འཇིག་རྟེན་འདྲེན་པས་བསྟོད། ཐུགས་ཀའི་ཟླ་གདན་ལ་ཧྲཱིཿའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་འཕྲོས། ཚེ་བཅུད་རྣམས་བསྡུས་པར་བསམས་ཏེ་གཟུངས་རིང་ཐུང་ཅི་ནུས་བཟླ། མཐར་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་བོ། །ཞེས་པའང་ཟུར་ཁང་ཁྱོ་ཤུག་གཉིས་ཀྱིས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། ། ན་མཿཔ་ར་ཧ་ཡེ་ལ་ལཱི་ཏཱ་ཡ། ཁྱོད་ཞལ་མཐོང་བའི་མོད་ལ་བདུད་སྡེའི་དམག །སྟབས་ཅིག་ལག་ཆ་འཆོར་བའི་ཁྲོ་བོའི་རྒྱལ། །རྟ་མཆོག་རོལ་ལ་ཉེ་བར་བསྙེན་པའི་སྒྲ། །ཕྱོགས་བྲལ་རྣ་བའི་བཅུད་དུ་ཆེས་ཆེར་དངར། །འོན་ཏེ་རྒྱ་གར་མཁས་པ་བདེ་འབྱུང་དང་། །བོད་ཡུལ་གྲུབ་བརྙེས་སྐྱེར་སྒང་དགོངས་པའི་གནད། །མ་རྟོགས་རང་བཟོར་སྤྱོད་པའི་ཆུ་འཛིན་གྱིས། །འཁྲུལ་མེད་དོན་གྱི་ཉི་འོད་བསྒྲིབས་པས་ནོངས། །(༧༦བ)


GLG010_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སྙེ་མོ་གོང་རི་སངས་རྒྱས་དབང་ཆེན་གྱི། །གཏེར་བྱོན་དམ་པའི་དྲིན་ལས་ལེགས་ཐོས་པ། །ཤོག་སེར་ཙན་དན་ངད་དང་སྤང་སྤོས་དྲི། །དབྱེ་བའི་དཔྱོད་ལྡན་ཚོགས་རྣམས་དང་དུ་ལོངས། །དེའང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བས་རྗེ་འབངས་ཉེར་ལྔ་དཔལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་སྨིན་པར་མཛད་པའི་པདྨ་གསུང་གི་སྐོར་ལ་རྟ་མཆོག་རོལ་པ། བདེ་གཤེགས་འདུས་པ། གསང་བ་འདུས་པ། པདྨ་དབང་ཆེན། བདུད་རྩི་ཐིགས་པ་སོགས་མང་དུ་ཡོད་པ་རྣམས་ཀྱི་ནང་ནས་ཤིན་ཏུ་ཟབ་པ་རྟ་མཆོག་རོལ་པ་གསང་སྒྲུབ་ཀྱི་སྐོར་མ་འོངས་སྙིགས་མའི་དུས་སུ་གདོན་བགེགས་འབྱུང་པོའི་གཉེན་པོར་ཟབ་གཏེར་དུ་སྦས་པ་སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱིས་སྤྱན་དྲངས་ཐང་ཡིག་ཏུ་འབྱུང་བའི་སྙེ་མོ་གཞུ་ཡས་གནོད་སྦྱིན་འབར་ཡང་འདིའི་མཚན་གྱི་རྣམ་གྲངས་སུ་བཞེད་པ་ཡོད་ཅིང་། གང་ལྟར་ཟབ་གཏེར་གདན་དྲངས་པ་དང་དུས་མཚུངས་སུ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆིག་བརྒྱུད་རྡོ་རྗེའི་རྒྱས་བཏབ་རིན་ཆེན་སྣ་བདུན་དུ་གྲགས་པའི་ལྔ་པ་དབོན་སྟོན་སྐྱེར་སྒང་བ་ཆེན་པོས་ཤིང་ཕོ་རྟ་ལོ་དགུན་ཟླ་ར་བའི་ཚེས་བཅུ་བདུན་གྱི་ཐོ་རེངས་མནལ་ལམ་བཟུང་ནས་སློབ་དཔོན་ཆེན་པོའི་དྲུང་དུ་བྱོན་པ་ན་སྡེ་བརྒྱད་སྤྱི་དང་ཁྱད་པར་རྒྱལ་བསེན་གྱི་གཉེན་པོར་གྱུར་པའི་གདམས་པ་ཞུས་པ་བཞིན་གནང་བ་དང་གཏེར་སྟོན་ལ་ཤོག་སེར་ཆིག་བརྒྱུད་ཀྱང་གསན་པའི་བཀའ་གཏེར་ཟུང་འཇུག་སྐྱེར་སྒང་ལུགས་སུ་གྲགས་པ་འདི་ཉིད་རྒྱལ་གདོན་ལ་ཕན་ནོ་ཞེས་པའི་སྙན་གྲགས་ཀྱིས་ཡིད་དྲངས་ཏེ་རྨ་ཁར་ཁྱི་ཚིལ་གྱི་དཔེ་ལྟར་ས་དགེ་ཇོ་ཞལ་དྭགས་ཤངས་བོ་ལྕགས་སོགས་གྲུབ་མཐའ་ཐམས་ཅད་ལ་རླུང་ལྟར་གྲགས་གཤིས་ཡིག་ཆའང་མང་དུ་འདུག་པ་ཕལ་ཆེར་གཏེར་གཞུང་མ་གཟིགས་པའི་གསར་མའི་མངོན་རྟོགས་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་མང་ཞིང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་ཚར་ཆེན་ཆོས་ཀྱི་རྒྱལ་པོས་(༧༧ན)


GLG010_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་སྒྲུབ་ཐབས་གཉིས་གཏེར་གཞུང་ལ་ཐུགས་གཞིག་ཆུག་པའི་རྣམ་དཔྱོད་ཆེ་ནའང་གཉིས་ཀར་ས་བོན་ལས་བསྐྱེད་པ་དང་ཐམས་ཅད་མཁྱེན་པའི་དེར་ཡེ་ཤེས་པ་སྤྱན་དྲང་པ་དགུག་བསྟིམ་མཆོད་བསྟོད་བྱེད་པར་གསུངས་པ་འདི་ཉིད་ཐེག་པ་རིམ་པ་དགུ་ལས་བསྐྱེད་པ་མ་ཧཱ་ཡོ་གར་གཏོགས་པས་མི་འགལ་མོད། འོན་ཀྱང་སྔགས་རྙིང་མའི་སྐབས་སུ་ཕྱོགས་མ་ཧཱ་ཡོ་གར་གཏོགས་ཀྱང་ཉམས་ལེན་ཨ་ཏི་ཡོ་ག་ལྟར་བྱེད་པ་དུ་མ་བྱུང་ཞིང་རྫོགས་ཆེན་གྱི་དུས་ས་བོན་ལས་མ་བསྐྱེད་པའི་ཕྱོགས་མང་བ་དང་སྤྱན་འདྲེན་གྱིས་མཚོན་པ་ཡོད་མེད་སྣ་ཚོགས་ཀྱང་ཡེ་ཤེས་པ་གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དབང་དུ་བགྱིས་ཏེ་སྤྱན་འདྲེན་སོགས་ཀྱི་སྤྲོས་པ་མེད་པ་དུ་མ་འབྱུང་བས་གཏེར་གཞུང་གི་དགོངས་པ་ལྟར་ལྷ་ཉེ་བར་བསྙེན་པའི་སྒྲུབ་ཐབས་ངག་འདོན་དུ་བྱ་བ་ལ། གཞུང་དུ་མི་གསལ་ཡང་དོན་ལ་དགོས་པ་གཞིར་བཅས་ཤིང་སེམས་བསྐྱེད་བྲིས་ཆོག་མི་འདུག་པས་གཞན་ནས་བཀོད་སྐྱབས་འགྲོ་ནི། བདག་དང་མཁའ་མཉམས་སེམས་ཅན་མ་ལུས་པ། །ཁྱབ་བདག་ཀུན་བཟང་གོ་འཕང་མ་ཐོབ་པར། །དཀོན་མཆོག་འདུས་པའི་བདག་ཉིད་རྩ་བ་གསུམ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །ལན་གསུམ་མམ་བདུན་སོགས་ཇི་ལྟར་རིགས་པ་བྱ། སེམས་བསྐྱེད་ནི། མཐའ་མེད་མར་གྱུར་དྲིན་ཅན་འགྲོ་བ་ཀུན། །བླ་མ་སངས་རྒྱས་ས་ལ་འགོད་པའི་ཆེད། །དབང་ཆེན་རྟ་མཆོག་རོལ་པ་བསྙེན་པའི་ཐབས། །ཟབ་མོའི་སྒྲུབ་པ་ཉམས་སུ་བླང་བར་བགྱི། །ལན་གསུམ་གྱིས་རྒྱུད་དག་པར་བྱས་ལ། དངོས་གཞི་ནི། ཆོས་ཐམས་ཅད་ངོ་བོ་ཀ་ནས་དག་པ་སྤྲོས་པའི་མཐའ་ལས་འདས་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་བཞིན་ལྷུན་གྲུབ་འདུ་མ་བྱས་པ་ལོངས་སྤྱོད་རྫོགས་པའི་སྐུ་གདངས་འགག་པ་མེད་པ་ཐུགས་རྗེ་སྤྲུལ་བའི་སྐུ་ཆུ་ལས་ཉ་ལྡང་བ་ལྟ་(༧༧བ)


GLG010_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཚུལ་དུ་སྣ་ཚོགས་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་རིག་པ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་པདྨ་ར་གའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟར་དམར་ཞིང་འཚེར་བ་གཞལ་གསུམ་ཕྱག་དྲུག་པ། གཡས་ཞལ་ལྗང་གུ །གཡོན་ཞལ་དཀར་པོ། དབུས་ཞལ་དམར་པོ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བགྲད་པ། ཞལ་གདངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་པ། ལྗགས་འདྲིལ་ཞིང་ཧ་ཧ་དང་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོག་པ། སྨིན་མ་དང་སྨ་ར་དབུ་སྐྲ་ཁམ་སེར་གྱེན་དུ་རྫེས་པ། དབུ་རེ་རེའི་སྟེང་ན་རྟ་མགོ་ལྗང་ནག་ཞུར་དཀར་པོ་ཕྲུམ་ཕྲུམ་སེར་བ་རྔོག་མ་དམར་པོ་ཁ་གདངས་ཤིང་རྟ་སྐད་འཚེར་བ། རྔོག་མའི་གསེབ་ནས་མེ་སྟག་འཕྲོས་པས་སྟེང་ཚངས་པའི་འཇིག་རྟེན་ནས་འོག་དབང་ཆེན་གསེར་གྱི་ས་གཞིར་ཐུག་གི་བར་མེའི་ར་གུར་གྱིས་འགེང་བ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་ཁ་ཊྭཱཾ་གའི་མི་མགོ་སུམ་བརྩེགས་ཀྱི་སྟེང་རྩེ་གསར་མའི་རྡོ་རྗེའི་ཚབ་ཏུ་རྙིང་མར་རྩ་གསུམ་མཛད་པ་ཡིན་གསུམ་གྱིས་མཚན་པ། གསུམ་པ་ན་རལ་གྲིའི་ཡུ་བ་རང་ལ་བསྟན་པ། གཡོན་གྱིས་དང་པོས་སྡིགས་མཛུབ། །གཉིས་པ་ན་མདུང་ཐུང་། གསུམ་པ་ན་རྒྱུ་མའི་ཞགས་པ་བསྣམས་པ། གླང་ཆེན་གྱི་ཀོ་རློན་དང་ཞིང་ཆེན་གྱི་གཡང་གཞིས་སྟོད་གཡོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཁྲག་གི་ཐིག་ལེ། ཞག་གི་སོར་རིས། ཐལ་ཆེན་གྱི་ཚོམ་བུས་བྱུགས་པ། མི་སྐྲའི་ཚངས་སྐུད་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་གཡས་བཞི་བསྐུམ་ཞིང་གཡོན་བཞི་བརྐྱང་པས་ཀླུ་བརྒྱད་ཀྱི་ངོ་བོ་སྦྲུལ་བརྒྱད་བརྫིས་པ། སྒེག་ཅིང་དཔའ་བ། འཇིགས་སུ་རུང་བ་རྒོད་དང་གཤེ་དང་སྙིང་རྗེ་རྔམ་པ་འབར་ཁྲོ་ཞི་བ་སོགས་གར་དགུའི་ཉམས་(༧༨ན)


GLG010_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་མགུར་གྱི་བུམ་པ་ནས་ཞབས་ཀྱི་ལོང་བུ་ཡན་ཆད་ཁྲོ་ཆུང་མཚོན་གང་བ་སྡང་མིག་ཏུ་བལྟ་བ། ཁ་གདངས་ཤིང་མཆེ་བ་གཙིགས་པ། བྱེ་ཕྲུག་ཕྱག་སྦུག་ཏུ་བཅུག་པ་ལྟར་ཁ་བས་མིག་ཆེ་བའི་ཁྲོ་ཆུང་གིས་གཏམས་པ། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་ཀར་ས་བོན་བཤད་པ་བྱིན་རླབས་ཀྱི་བཟླས་ལུང་སྐབས་དགོས་ཀྱི་འདིར་ཞལ་ནས་འཕྲོས་པས་ཆོག་པ་གཏེར་གཞུང་གི་དགོངས་པ་ཡིན་པ་སྔགས་འཁོར་གསོལ་མ་བཏབ་ན་ལྷ་དེ་ངན་པར་སོང་དོགས་པའི་བློ་འཚུབ་ལངས་མི་དགོས་འོད་ཟེར་ཡར་འཕྲོས། དུས་གསུམ་གྱི་སངས་རྒྱས་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞིང་ཁམས་ཁྱབ། འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་ཟག་པ་མེད་པའི་མཆོད་པས་ཐུགས་རྒྱུད་མཉེས། །བྱིན་རླབས་རྣམས་ཚུར་འདུས་བདག་ལ་ཐིམ་པས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སྤངས། ཡི་དམ་གྱི་ལྷ་དངོས་དང་ཁྱད་པར་མེད་པའི་ནུས་པ་ཐོབ། སྔགས་ཀྱི་སྒྲ་དང་འོད་ཟེར་མར་འཕྲོས། མནར་མེད་སོགས་ངན་སོང་གསུམ་དང་བདེ་འགྲོའི་སེམས་ཅན་རྣམས་ལ་ཕོག །ཚ་གྲང་བཙོ་སྲེག་བཀྲེས་སྐོམ་གླེན་ལྐུགས་འགྱུར་བ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཐམས་ཅད་སྦྱངས་ཏེ་བདེ་བ་ལ་བཀོད། བ་སྤུ་ཉག་མ་རེའི་རྩ་བ་ན་རྟ་མགྲིན་དཔག་ཏུ་མེད་པ་དང་སྔགས་ཀྱི་སྒྲ་དང་འོད་ཟེར་འཕྲོས། རྒྱལ་འགོང་དམ་སྲི་སོགས་གནོད་བྱེད་སྡེ་བརྒྱད་འབྱུང་པོ་བྱད་མ་རྦོད་གཏོང་དང་བཅས་པར་ཕོག མགར་གྱི་སོལ་མལ་དུ་རྩ་སྦུར་བབས་པ་བཞིན་གནོད་བྱེད་དགྲ་བགེགས་ཐམས་ཅད་རང་སྲོག་རང་གིས་བཅད་པ་ལྟར་སྐྲག་དངངས་རེངས་བརྒྱལ་ཏེ་ཐལ་བར་བུན་བུན་སོང་། ལྷག་མ་རྣམས་ཀྱང་སྟོང་གསུམ་གྱི་འཇིག་རྟེན་དུའང་བསྡད་པའི་དབང་མེད་པར་བརླག་པར་བསམས་ལ། ཨོཾ་ཧྲཱིཿལ་ལ་བཛྲ་བྱེད་པ་དང་འགའ་ཞིག་ཏུ་ཧྲཱིཿདང་བཛྲ་གཉིས་ཀ་མེད་པའི་སྣ་ཚོགས་སྣང་བ་གཏེར་(༧༨བ)


GLG010_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དུ་འབྱིན་འཇུག་གི་སྦས་པ་མ་རྟོགས་པར་ཡིག་ནག་ཐུག་ཕྲད་དུ་བཞག་པའི་ལོག་རྟོག་གིས་ནོངས་སོ། །པདྨཱནྟ་ཀྲི་ཏ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླ། བསྙེན་པ་སོང་ནས་རྩ་སྔགས་གཤམ་དུ་དབང་དུ་བསྡུ་སྔགས། ཨཱཽ་བཛྲ་དུ་ན་བྷྱོ། ཏྲི་ག་ནན། ཛཿཛཿས་མ་ཡ་སྟྭཾ། ལས་སྔགས། ས་མ་ཡ་ཛཿ ས་མ་ཡ་བཟློག །ས་མ་ཡ་བྷྱ། ས་མ་ཡ་གཏུབས། ས་མ་ཡ་བྱེར། ས་མ་ཡ་རྦད། ས་མ་ཡ་རྦ་ར་རྦུད་ཕཊ་ཡ། འབྱུང་པོ་མཱ་ར་ཡ་ཛ་ཛཿརྣམས་སྤེལ་ནས་ཉེར་གཅིག་བཟླ། མི་དམིགས་པའི་ངང་ནས་ལྷར་ལངས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བསྔོ་སྨོན་ཤིས་བརྗོད་བྱ། རྒྱན་གྱི་ཉམས་ལེན་ལ་གཏོར་མ་འབུལ་མི་དགོས་ཤིང་བསྙེན་པ་ལ་དགོས་པའི་གསལ་ཁ་མ་བྱུང་ཡང་དབང་ཆོག་ཏུ་སྤྱན་འདྲེན་མཆོད་བསྟོད་བཤད་པའི་ཤུགས་ལ་དོན་གྱིས་ཐོབ་པས་བྲིས་འབུར་གྱི་རྟེན་དང་སྒྲུབ་གཏོར་རྟ་མགོ་ཅན་བཀོད་པའི་མདུན་དུ་རྩ་བ་གསུམ་དང་གཞི་བདག་གཏོར་མ། སྨན་རཀ་བཤམ། བདག་བསྐྱེད་ཀྱི་སྒྲུབ་ཐབས་འདོན་པའི་དུས་མདུན་བསྐྱེད་གསལ་འདེབས་པའི་མདོ་ཙམ་བློས་མ་ལྕོགས་ན་ཐུན་མཚམས་སུ། མཆོད་རྫས་བརླབ་པ་ནི། ཧྲཱིཿ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས། །ཐུགས་དམ་བསྐོང་ཕྱིར་འབུལ་གྱིས་བཞེས། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤབྡའི་བར་དང་། འདི་དང་སྤྱན་འདྲེན་མཆོད་འབུལ་རྣམས་རང་གཞུང་དུ་མི་གསལ་པ་རཏྣའི་རྟ་མགྲིན་གསང་འདུས་ནས་བླངས། ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲི་ཋ། ཨཱོཾ་ཨཱཿཧཱུཾ་མ་ཧཱ་པ་ལ་ཏ་ཧཱུཾ་ཧྲི་ཋ། ཨཱོཾ་ཨཱ་ཧཱུཾ་མ་ཧཱ་རཀྟ་ཧཱུཾ་ཧྲི་ཋ། ལན་གསུམ་རེ་བརྗོད། མདུན་བསྐྱེད་ཀྱི་རྟེན་རྣམས་བདག་བསྐྱེད་ལྟར་གསལ་གདབ། སྤྱན་དྲང་བ་ནི། ཧྲཱིཿ དམ་ཚིག་ཆེན་པོའི་དུས་ལ་བདེ། །བདེ་ཆེན་དབང་(༧༩ན)


GLG010_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་རོལ་པ་ཡི། །བསྐལ་པའི་མེ་དཔུང་འབར་ཀློང་ནས། །དབང་གི་རྒྱལ་པོ་གཤེགས་སུ་གསོལ། ཨཱོཾ་ཧ་ཡ་གྷྲཱི་ཝ་ཨེ་ཧྱེ་ཧི་ཛཿཧཱུཾ་བཾ་ཧོཿས་བསྟིམ། བཞུགས་གསོལ་ནི། ཧྲཱིཿ སྤྲོས་བྲལ་བདེ་ཆེན་གཞལ་ཡས་དམ་པ་འདིར། །རྟེན་དང་གཉིས་མེད་ངང་དུ་སྒྲུབ་སླད་དུ། །དྲེགས་པ་འཇོམས་ཤིང་སྲིན་པོ་འདུལ་བའི་ལྷ། །རྔམ་བརྗིད་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ། །ཨོཾ་ཧ་ཡ་གྷྲཱི་ཝ་ས་མ་ཡ་ཏིཥྛ་ལྷན། ཕྱག་ནི། ཨ་ཏི་པ་ཧོ་པྲ་ཏཱིཙྪ་ཧོཿ ཨ་ལ་ལ་ཧོཿ ཉེར་སྤྱོད་ཕྱི་ནང་འབུལ་བ་ནི། ཧྲཱིཿདབང་ཆེན་གསང་བའི་དཀྱིལ་འཁོར་དུ། །བདུག་སྤོས་མེ་ཏོག་མར་མེ་དྲི། །ཞལ་ཡས་ཟིལ་སྙན་མཆོད་པའི་སྤྲིན། །སྣང་སྲིད་མཆོད་པར་འབུལ་གྱིས་བཞེས། །ཨོཾ་བཛྲ་པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧྲཱིཿ དབང་ཆེན་གསང་བའི་ལྷ་ཚོགས་ལ། །དབང་པོ་སྣ་ལྔའི་མེ་ཏོག་དང་། །གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད། །ཞུན་ཆེན་སྣང་གསལ་མར་མེ་དང་། །རྡོ་རྗེ་དྲི་ཆུ་བྱུག་པས་མཆོད། །བདུད་རྩི་དྲི་ཆེན་ཞལ་ཟས་དང་། །རྐང་གླིང་ཐོད་པའི་རྔ་སྒྲས་མཆོད། །དུག་གསུམ་སྐུ་གསུང་ཐུགས་གསུམ་དང་། །དུས་ལྔ་ཡེ་ཤེས་ལྔ་རུ་མཆོད། །སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད། །མ་ཧཱ་པཉྩ་པཱུ་ཛ་ཧོཿ སྨན་གཏོར་རཏྐ་འབུལ་བ་ནི། ཧྲཱིཿ རྩ་བརྒྱད་སྟར་སྦྱར་བདུད་རྩི་ཨ་མྲྀ་ཏ། །དུག་ལྔ་གནས་གྱུར་ཡེ་ཤེས་སྒྲུབ་པའི་རྫས། །རོ་མཆོག་ཡོན་ཏན་ཀུན་དང་ལྡན་པ་འདི། །གསོལ་ཞིང་མཆོད་དོ་འགྲོ་བའི་དོན་དུ་བཞེས། །སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲིཿཋ། ཆོས་སྐུ་སྣང་མཐའ་ལོངས་སྐུ་པདྨ་དབང་། །སྤྲུལ་སྐུ་པད་འབྱུང་གཏེར་སྟོན་གོང་རི་བ། །ཆོས་ཀྱི་སེང་གེ་གཉན་སྟོན་ཆེན་པོ་ལ། །རྩ་བརྒྱད་སྟེང་སྦྱར་བདུད་རྩིའི་མཆོད་པ་འབུལ། །སརྦ་པ༝། །ཆོས་རྗེ་(༧༩བ)


GLG010_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་གཙང་མ་ཤངས་སྟོན་དང་། །རྒྱལ་མཚན་འབུམ་པ་ཁྱུང་པོ་ཚུལ་ཁྲིམས་མགོན། །སངས་རྒྱས་སེང་གེ་སངས་རྒྱས་རྡོ་རྗེ་ལ༝། །ཐར་པ་དཔལ་བཟང་སངས་རྒྱས་རྣམ་རྒྱལ་རྗེ། །ཚར་ཆེན་ཀུན་མཁྱེན་མཁྱེན་བརྩེ་དབང་རབ་ཞབས། །བཀའ་འགྱུར་བ་དང་བསོད་ནམས་མཆོག་གྲུབ་ལ༝༝། །སླར་ཡང་ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་ཞབས། །ཐུགས་རྗེ་ཆོས་རྒྱལ་དོན་ཡོད་རྒྱལ་མཚན་དཔལ། །ཀུན་དགའ་རྒྱལ་མཚན་དགེ་འདུན་རྒྱ་མཚོའི་སྡེར༝། །ཆོས་རྗེ་ཡོན་མཆོག་བསོད་ནམས་རྒྱ་མཚོའི་དཔལ། །གྱེ་རེ་ལྷ་བཙུན་དཔལ་འབྱོར་ལྷུན་གྲུབ་རྗེ། །ཆོས་དབྱིངས་རང་གྲོལ་རྩ་བའི་བླ་མ་ལ༝། །དབང་དྲག་ཁྲོ་རྒྱལ་རྟ་མཆོག་རོལ་བའི་ལྷ། །མ་དང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཚོགས། །གཏེར་གྱི་སྲུང་མ་ཡུལ་ལྷ་གཞི་བདག་ལ༝། །ཧྲཱིཿ ཕྱི་ནང་དམ་རྫས་གསང་བའི་གཏོར་ཆེན་པོ། །སྣང་སྲིད་གཞི་བཞེངས་འདོད་ཡོན་རོ་མཆོག་སྤུས། །ཤ་ཁྲག་དམར་དང་ཞག་གི་སྤྲིན་དུ་གཏིབས། །དབང་ཆེན་རྟ་མཆོག་ཞལ་དུ་རོལ་ཞིང་བཞེས། །གཏོར་བརླབ་རྒྱུད་སྡེ་འོག་མ་ལྟར་དང་འབུལ་སྔགས་ཟུར་བཤངས་པའི་ཡིག་རྙིངས་སུ་སྣང་བ་གཏེར་གཞུང་གི་དགོངས་པར་མ་མངོན་མ་ཧཱ་བྷ་ལིནྟ་ཁཱ་ཧི། ཧྲཱིཿ དུག་གསུམ་རྩོད་གཅོད་དགྲ་བགེགས་བསྒྲལ། །འཁོར་འདས་མཉམ་རྫོགས་བྷནྡྷར་འཁྱིལ། །དུག་ལྔ་གནས་སུ་གཞོམ་པའི་ཕྱིར། །དབང་ཆེན་རྟ་མཆོག་ཞལ་དུ་འབུལ། །མ་ཧཱ་རཀྟ་ཀོ་ནི་རི་ཏི་ཁཱ་ཧི། བསྟོད་པ་ནི། ཧྲཱི། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམ་ཆེན་སྤྲུལ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །དབང་ཆེན་ཀུན་འདུས་དབང་གི་རྒྱལ་པོ་སྟེ། །དབང་གི་མདོག་དམར་བསྐལ་པའི་མེ་འདྲ་ལ། །དབང་ཆེན་རྔམ་བརྗིད་ཉི་མ་འབུམ་གྱི་(༨༠ན)


GLG010_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། །དབང་མཛད་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བྱམས་པའི་ངང་ལས་མ་གཡོས་ཀྱང་། །ལས་ངན་གདུག་པའི་སེམས་ཅན་སྒྲལ་མཛད་པ། །ཞེ་སྡང་གཏུམ་ཁྲོ་དུས་མཐའི་མེ་ལྟར་འབར། །རྔམ་བརྗིད་འགྱིང་པའི་སྐུ་ལ་ཕྱག་འཚལ་ལོ། །གཞི་བདག་ལ་གཏོར་མ་བསྔོ། །ཚོགས་བྱ་བར་འདོད་ན་ཡང་གསང་དང་གསང་འདུས་སོགས་ནས་བླངས་པས་འགྲུབ་ཅིང་། །ཚོགས་ཕུད་དང་པོ་སློབ་དཔོན་པདྨ། གཉིས་པ་ཡི་དམ། གསུམ་པ་ཆོས་སྐྱོང་། བཞི་པ་གཞི་བདག །ལྔ་པ་གནོད་བྱེད་རྣམས་ལ་འབུལ་བར་དམིགས་བསལ་དུ་བཤད། མཚམས་གྲོལ་ཁར་དངོས་གྲུབ་བླང་བ་བཤགས་པ། རྟེན་ལ་བརྟན་བཞུགས་སྨོན་ལམ་ཤིས་བརྗོད་བྱའོ། །རྒྱལ་ཀུན་གསུང་གི་རྡོ་རྗེ་སྣང་མཐའ་ཡས། །མི་བཟད་བགེགས་དཔུང་མཐར་བྱེད་རྟ་མཆོག་གི །གདམས་པའི་རིན་ཆེན་གླིང་བགྲོད་ཚོང་ཕྲུག་ཕལ། །ལོག་རྟོག་མཆིང་བུའི་ཁྲེས་ཀྱིས་གཅིག་ཏུ་ངལ། །ཨོ་རྒྱན་མཁན་པོའི་བཞེད་གཞུང་བཅུ་དྲུག་ཆ། །ཡོངས་གང་གཟུར་གནས་ཀུནྡ་འཛུམ་པའི་ཚེ། །འགལ་དུམ་སྤེལ་བའི་ཡིག་ནག་ཆུ་ནང་གཟུགས། །ཟླ་བར་འཛིན་རྣམས་བྱིས་པའི་བློ་གྲོས་བཞིན། །དེ་ཕྱིར་ཉམས་ལེན་ཁྱེར་བདེ་ཀུན་ཚང་བའི། །ཚིག་གི་སྲད་བུར་བརྒྱུས་པའི་པད་རག་ཕྲེང་། །ཤེས་ལྡན་མགུལ་པའི་རྒྱན་དུ་སྤུད་པའི་དགེས། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་གྱུར་ཅིག །དེའང་སྔ་ཐོག་ཕྱོགས་འདི་ལ་འདྲིས་པ་ཆུང་དུས་དྲུང་ཡིག་ངག་དབང་དགེ་ལེགས་དང་སྔགས་རམས་པ་བློ་བཟང་དོན་གྲུབ་གཉིས་ཀྱིས་བསྐུལ་མ་བྱུང་ཚེ་བྲག་སྣ་ཆོས་རྗེས་གཡས་ཞལ་དཀར་བ་དང་གཤོག་པ་ཡོད་པ་སོགས་འགྲིག་འགྲིག་མང་པོ་གླེང་བ་ཚད་མར་ཟུང་བའི་གཡར་ཁྲལ་ཞིག་བགྱིས་པ་དཔྱོད་ལྡན་(༨༠བ)


GLG010_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཁྲེལ་འདས་ཀྱི་རྒྱུ་ལས་མ་མཆིས། ཉེ་ལམ་སྒྲུབ་ཐབས་པདྨ་རཱ་གའི་ཕྲེང་བ་ཞེས་པ་འདི་ནི་དྲུང་ཡིག་དར་རྒྱས་བཀྲ་ཤིས་ཀྱིས་གསེར་གྱི་མཎྜལ་དང་བཅས་བསྐུལ་ཞིང་དགེ་སློང་ཡོན་ཏན་དཔལ་བཟང་དང་སྔགས་རམས་པ་བློ་བཟང་ཆོས་ལྡན། དགོན་ཀ་བ་བློ་བཟང་དོན་ལྡན་རྣམས་ཀྱིས་དགོས་ཚུལ་རིམ་པར་བྱུང་བ་དང་། གིང་ཆེན་ཚངས་པའི་སྐུ་ཁོག་དབང་འདུས་རྒྱལ་པོས་གསེར་སྲང་གང་སོགས་ཀྱི་སྐྱེས་དང་བཅས་བསྐུལ་བ་ལྟར་དཔྱད་ཤིན་ཏུ་བཟོད་པའི་ལུགས་སུ་བྱས་པ་མོན་པ་གྲོ་བའི་རྡོར་གཅོད་དུ་འགྲོ་ཤས་ཆེའང་ཐེག་དགུའི་རྣམ་གཞག་མཁྱེན་པ་རྣམས་ཀྱིས་མ་འཕྱ་བ་རྒྱུ་མཚན་དུ་བྱས་ཏེ་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་ཆོས་ཚུལ་འདི་ལ་བློ་མིག་ཡངས་པ་ཟ་ཧོར་གྱི་སྔགས་བཙུན་ཆེ་མཆོག་འདུས་པ་རྩལ་གྱིས་མེ་འབྲུག་ཆུ་སྟོད་ཀྱིས་ཉ་བ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་གྲགས་པའོ། ། ན་མོ་བཛྲཱ་ཡུདྷཱ་ཡ། གང་ཞིག་ཞབས་སེན་དམར་བའི་རྡུལ། །སྤྱི་བོར་ལྷུང་བའི་མོད་ཉིད་ལ། །ངན་འགྲོ་ལས་ལྡོག་མི་འཁྲུགས་པའི། །སྒྲུབ་པའི་ཐབས་ཀྱི་རིམ་པ་འདྲི། །དེའང་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྣལ་འབྱོར་རྒྱུད་དུ་བཀྲལ་བ་དང་། ལྷ་དགུ་བྱ་རྒྱུད་དུ་གཏོགས་པ་གཉིས་ཀར་དཀྱིལ་འཁོར་ལ་བརྟེན་པའི་མངོན་དཀྱིལ་གྱི་རྣམ་གཞག་ཡོད་ལ། འདིར་ཇོ་བོ་ཆེན་པོ་མར་མེ་མཛད་ནས་ཉེ་བར་བརྒྱུད་དེ་དཔལ་སྣར་ཐང་བའི་བཀའ་སྲོལ་ལས་བྱུང་བའི་གཙོ་རྐྱང་གི་མངོན་པར་རྟོགས་པ་ཉམས་སུ་བསྟར་བ་ལ་སྐྱབས་སེམས་སྤྱི་ལྟར་རམ་བསྡུ་ན། སངས་རྒྱས་ཆོས་ཚོགས་མ་བྱ། ཚོགས་ཞིང་ནི། རང་རྡོ་རྗེ་མི་འཁྲུགས་པར་གསལ་བའི་ཐུགས་ཀར་ཟླ་གདན་(༨༡ན)


GLG010_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་མི་འཁྲུགས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵ་བྷྱཿམཎྜ་ལེ་བྷྱཿས་ཕྱག་བྱ། ཨོཾ་བཛྲ་ཨཀྵོ་བྷྱཿཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱ་དྱཾ་ནས་ཤཔྡའི་བར་གྱིས་མཆོད། གུར་ལས་བྱུང་བའི་རྒྱུན་བཤགས་དང་ཚད་མེད་བཞི་བསྒོམ། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་མཐིང་ཤུན་གྱི་མདོག་ལྟ་བུ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་རྣམས་ངན་འགྲོར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པའི་ཚོགས་དང་ཁྱད་པར་རང་གི་ལུས་རྣམ་སྨིན་ཤ་ཁྲག་རྡོས་བཅས་ཀྱི་ཕུང་པོ་དང་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། བཅོམ་ལྡན་འདས་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་གི་སེམས་ཀྱི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་ཨིནྡྲ་ནཱི་ལའི་མདོག་ལྟར་སྔོ་བ། དབུའི་གཙུག་ཏོར་དང་ན་བཟའ་ཆོས་གོས་དམར་པོ་སོགས་སྤྲུལ་པའི་སྐུའི་ཆ་ལུགས་ཅན། ཞི་ཞིང་འཛུམ་པའི་སྤྱན་གཉིས་འགྲོ་ལ་གཟིགས་པ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ། ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་གི་ཕྱག་མཆོད་བྱེད་ཅིང་། བསྟོད་པ་ནི། ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། །ཐུགས་རྗེས་རྟག་ཏུ་མྱ་ངན་མི་གཡོ་བར། །མཐའ་ཡས་འགྲོ་བའི་དོན་བསྒྲུབ་ལྷུར་མཛད་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་(༨༡བ)


GLG010_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་པས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི་ཞེས་སོགས་ཀྱི་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། རང་གི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པའི་ཟླ་གདན་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉཙ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་ཀློག་པའི་ཚུལ་ལམ། ཞལ་ནས་ཐོན་ཏེ་ལྟེ་བ་ནས་ཞུགས་སྐུའི་དབྱིབས་བརྒྱུད་མགལ་མེ་འཁོར་བ་ལྟར་དམིགས་ནས་བཟླས་པ་ཅི་ནུས་སུ་བྱ། ཡི་གེ་བརྒྱ་པས་བྱིན་རླབས་བརྟན་པར་བྱ། རང་ཉིད་ལྷར་གསལ་བའི་གདན་པད་ཟླ་ནས་ཡར་འོད་དུ་ཞུ། སྐུའི་སྟོད་ནས་མར་འོད་དུ་ཞུ་ཐུགས་ཀའི་ཟླ་གདན་སྔགས་འཁཽར་དང་བཅས་པ་ལ་ཐིམ། དེ་ཉིད་ཧཱུཾ་ལ་ཐིམ། དེའི་ཞབས་ཀྱུ་ཧ་ལ། ཧ་ཧའི་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ཡང་མི་དམིགས་པར་བསམ། དེ་ལས་ལངས་ཏེ་ལྷར་གསལ་བས། དགེ་བ་འདི་ཡིས་མྱུར་དུ་བདག །མི་འཁྲུགས་རྒྱལ་པོ་འགྲུབ་གྱུར་ནས། །ཞེས་སོགས་ཀྱི་སྨོན་ལམ་ཤིས་བརྗོད་བྱའོ། །སྣར་ཐར་བརྒྱ་རྩའི་ནང་ཚན་རྡོ་རྗེ་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་ངན་འགྲོ་ཀུན་ཁེབས་ཞེས་པ་འདི་ནི་སྔགས་བན་ངག་དབང་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་(༨༢ན)


GLG010_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། ། སྭསྟི། བདེ་གཤེགས་གཙུག་ཏོར་ལས་འཁྲུངས་ལྷ་མོའི་ཚུལ། །ཞབ་སེན་དམར་འོད་སྤྱི་བོར་བཀོད་པའི་མོད། །བདུད་བཞིའི་གཡུལ་ལས་རྒྱལ་བྱེད་གདུགས་དཀར་མོའི། །སྒྲུབ་ཐབས་འཇིགས་མེད་འབྱུང་གནས་བཞེད་སྲོལ་འདྲི། དེ་ལ་འདིར་ཇོ་བོ་གདུགས་དཀར་མོའི་མངོན་པར་རྟོགས་པ་དཀྱིལ་འཁོར་གྱི་ཆོ་ག་དང་གཙོ་རྐྱང་ལ་བརྟེན་པའི་ཟུར་བཀའ་དང་སྤྱི་བཀའི་རྣམ་གྲངས་མང་བ་ལས། རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་གནང་བ་རྗེས་སུ་ཐོབ་ནས་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རས་སྒྲུབ་ཐབས་ཉིས་བརྒྱ་དང་ཞེ་གཉིས་གསུངས་པའི་ནང་ཚན་གཞན་གྱིས་མི་ཐུབ་མ་གཙུག་ཏོར་གདུགས་དཀར་མོའི་རྣལ་འབྱོར་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་སྐད་ཅིག་གིས་གཞན་གྱིས་མི་ཐུབ་པའི་གཙུག་ཏོར་གདུགས་དཀར་མོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་མ་ལ་བླ་མ་མི་བསྐྱོད་པའི་རྣམ་པས་དབུ་བརྒྱན་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤབྡའི་བར་གྱིས་མཆོད། གུར་ལས་འབྱུང་བའི་རྒྱུན་བཤགས་ལན་གསུམ་དང་ཚད་མེད་བཞི་བསྒོམ། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་རང་གི་སེམས་ཨོཾ་དཀར་པོ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་པདྨ་དང་ཟླ་བའི་སྟེང་དུ་རང་ཉིད་གཞན་གྱིས་མི་ཐུབ་པའི་གདུགས་དཀར་མོ་ཅན་སྐུ་མདོག་དཀར་མོ་དཀར་སྔོ་དམར་པོའི་ཞལ་གསུམ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་གནག་སྣུམ་རལ་པའི་ཐོར་ཚུགས་ལྷག་མའི་ལན་བུ་ཅུང་ཟད་འཕྱང་བ། ཕྱག་གཡས་ཐར་རྩེ་པའི་གསལ་སྒྲོན་དུ་གཡས་གསུམ་འཁོར་ལོ་མདའ་ལྕགས་ཀྱུ། གཡོན་གསུམ་རྡོ་རྗེ་གཞུ་ཞགས་པ་འཛིན་པ། བརྒྱ་རྩ་དང་མཐུན་པ་བྱུང་བས་དངོས་བསྟན་དང་དགོངས་པ་འགྲེལ་(༨༢བ)


GLG010_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་ཁྱད་པར་ཡིན་ནམ་སྙམ། གསུམ་ན་འཁོར་ལོ་ལྕགས་ཀྱུ་གཞུ། གཡོན་གསུམ་ན་རྡོ་རྗེ་མདའ་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཅན། །རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། དོ་ཤལ། ཕྱག་ཞབས་ཀྱི་གདུ་བུ། འོག་པག་སྟེ་རིན་པོ་ཆེའི་རྒྱན་དང་། དར་གྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། ཁྲོས་པའི་ལྟ་སྟངས་ཀྱིས་ས་འོག་གི་གདོན་ཐམས་ཅད་འཇོམས་པར་མཛད་པ། ཞབས་སྐྱིལ་མོ་ཀྲུང་གིས་འོད་དང་འོད་ཟེར་འཕྲོ་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧྲཱི་སྔོན་པོ། །དེའི་སྟེང་དུ་ཟླ་བ་ལ་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡི་གེ་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ་ཞེས་དབང་བསྐུར་བས་ལུས་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ། ཉེར་སྤྱོད་དང་རོལ་མོས་མཆོད། ཧཱུཾ། བདེ་གཤེགས་ཐུགས་རྗེའི་གཙུག་ཏོར་ལས་འཁྲུངས་ཤིང་། །བདེ་འབྱུང་བསྟན་ལ་གནོད་བྱེད་ཕྱིར་བཟློག་པ། །བདེ་གཤེགས་འབྲས་བུ་ཉེར་བར་སྩོལ་མཛད་པའི། །བདེ་མཆོག་གདུགས་དཀར་ཅན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཐུགས་ཀར་ཟླ་གདན་ལ་ཨོཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ཏེ། ཨོཾ་སི་ཏ་ཏ་པ་ཏྲེ། ཨ་པ་ར་མི་ཏ་སརྦ་གྲ་ཧ་ན། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། དྲུཾ་དྲུཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱཧཱ་ཞེས་བཟླ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། དགེ་བ་(༨༣ན)


GLG010_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས་མྱུར་དུ་བདག །ཅེས་སོགས་ཀྱི་སྨོན་ལམ་དང་ཤིས་བརྗོད་ཅི་རིགས་བྱའོ། །དྲན་པའི་མོད་ལ་ཉེས་བརྒྱའི་སྨག་གི་རུམ། །མཐར་བྱེད་བཅོམ་ལྡན་གདུགས་དཀར་རྟ་བདུན་པས། །བྱང་ཆུབ་སྙིང་པོའི་བར་དུ་མགོན་མཛད་ནས། །སྲིད་ཞིའི་ཕུན་ཚོགས་སྣང་བ་འབར་བར་ཤོག །དེ་ལྟར་བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ་ཞེས་པ་འདི་ནི་བྱ་ནག་རིགས་ཀྱི་ཐིག་ལེ་པཎ་ཆེན་དཀོན་མཆོག་ཆོས་གྲགས་དང་། གསུང་གླིང་དཀའ་བཅུ་རྒྱལ་མཚན་དར་རྒྱས་གཉིས་ཀྱིས་བསྐུལ་མ་བྱུང་བ་བཞིན་སྒྲུབ་ཐབས་རྒྱ་མཚོའི་རྒྱ་གཞུང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱི་གསུང་རབ་ཀྱི་དགོངས་དོན་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡ་ིགེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། ། ན་མོ་གུ་རུ་ཤྩ་གུ་ཧྱ་པ་ཏ་ཡེ། གྲངས་མེད་རྒྱལ་བའི་གསང་བ་ཀུན་གྱི་མཛོད། །འཛིན་མཛད་ལག་ན་རྡོ་རྗེའི་ངོ་བོ་ཉིད། །ཁྱབ་བདག་བླ་མའི་ཞབས་རྡུལ་གཙུག་བསྟེན་ནས། །སྒྲུབ་ཐབས་དངོས་གྲུབ་འདོད་པ་རྣམ་པར་འཇོ། །དེ་ལ་འདིར་དཔལ་གསང་བའི་བདག་པོ་གོས་སྔོན་ཅན་གྱི་རྣལ་འབྱོར་ཉམས་སུ་བླང་བ་ནི། །དབེན་པའི་གནས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་དང་ལྡན་པའི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་གང་ཡང་རུང་བ་བྱ། རང་སྐད་ཅིག་གིས་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་བླ་མ་དང་དཔལ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་དང་། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །གཏུམ་པོ་དྲག་པོ་རྡོ་རྗེའི་སྐུ། །མི་བཟད་ནམ་མཁའི་མདོག་འདྲ་བ། །འཇོམས་མཛད་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། །ཨོཾ་ནཱི་ལཾ་ཝ་ར་(༨༣བ)


GLG010_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ར་བཛྲ་པཱ་ཎི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱུན་བཤགས་བྱ་ཞིང་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧཱུཾ་སྔོན་པོ་དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་མཁའ་ལ་འཕྱར་བས་སྟེང་གདོན་རྣམས་སྐྲག་པར་བྱེད་པ། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པས་འོག་གདོན་རྣམས་འཇིགས་པར་བྱེད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ་སྨིན་མ་དང་སྨ་ར་དང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿས་བསྟིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིནྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་། སྒོ་གསུམ་གྱི་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་(༨༤ན)


GLG010_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་གྱུར། ཚོགས་ཞིང་ལྟར་མཆོད། ཧཱུཾ། བཅོམ་ལྡན་རྡོ་རྗེ་གོས་སྔོན་པོ། །ཀླུ་ཆེན་བརྒྱད་ཀྱིས་སྐུ་ལ་བརྒྱན། །ཞེ་སྡང་ཅན་ནི་འཇོམས་པའི་རྟགས། །ཉོན་མོངས་སྤངས་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །རྡོ་རྗེ་ལན་གསུམ་གསོར་བ་ཡིས། །གནོད་སྦྱིན་དྲག་པོ་འཇོམས་མཛད་པའི། །གནོད་སྦྱིན་གོས་སྔོན་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དེའི་ལྟེ་བར་ཡི་གེ་ཧཱུཾ་སྔོན་པོ། །དེའི་མཐའ་སྐོར་དུ། ཨོཾ་ནྲི་ལ་ཝ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ་ཀྱིས་བསྐོར་བ་ལ་དམིགས་ནས་མ་ཡེངས་པར་ཅི་འགྲུབ་བཟླས། གཏོར་མ་འབུལ་བར་འདོད་ན་ཁུངས་བཙུན་གྱི་ཡི་གེ་གཞན་ལས་ཤེས་པར་བྱ་ཞིང་། བདག་བསྐྱེད་ཀྱི་རྣལ་འབྱོར་ལ་མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྲོ་བས་མ་སྤྲོས། ཐུན་མཚམས་སུ་གོང་ལྟར་མཆོད་བསྟོད་བྱ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ཆད་ལྷག་ཁ་བཀང་། མ་འབྱོར་བ་སོགས་ཀྱིས་བཟོད་པར་གསོལ། རང་ཉིད་དམ་ཚིག་པའི་ང་རྒྱལ་གྱིས། འགྲོ་ལ་ཕན་བདེ་མ་ལུས་བསྐྱང་བའི་རྒྱུ། །ཐུབ་བསྟན་སྐྱོན་མེད་ཡུན་རིང་གནས་པ་དང་། །དེ་འཛིན་གང་ཟག་ཚོགས་རྣམས་ཆོས་འཕེལ་ཞིང་། །ཆོས་ཀྱི་བར་ཆད་མ་ལུས་ཞི་བར་ཤོག །ཅེས་དང་གཞན་ཡང་བསྔོ་བ་སྨོན་ལམ་ཅི་རིགས་པ་བྱའོ། །ཕྱག་ན་རྡོ་རྗེ་འབར་བའི་ཆེ་བ་བརྒྱད། །མ་རྟོགས་གསང་བདག་མིང་ཙམ་ལ་འབྲེལ་བའི། །མངོན་རྟོགས་བྱེད་པོ་ཕལ་ཆེར་གྲགས་སྐམ་གྱི། །མུན་པའི་ཁུང་བུར་སྤྱོད་མོད་བདེ་བར་ཉལ། །ཕྱོགས་འདིར་གཞན་དྲིང་མི་འཇོག་རྡོ་རྗེ་འཆང་། །རྣམ་གསུམ་ཞབས་རྡུལ་གཙུག་ཏུ་ཡོངས་བསྟེན་མཐུས། །ཅུང་ཟད་སྨྲ་བའི་མགྲིན་པ་གཟེངས་མཐོ་བ། །ཟ་ཧོར་རིགས་ཀྱི་བྷུ་སུ་ཀུ་ལིས་བཀོད། །བསོད་ནམས་ཕུང་པོ་རི་བོ་ལྟར་བརྩེགས་(༨༤བ)


GLG010_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ལྕི་བས་ཡིད་སྲུབ་གསེར་ལྡན་རྔུལ་བའི་རྒྱུན། །འབབ་བྱེད་གསང་བདག་གར་དགུའི་རོལ་གར་གྱིས། །འཇིག་རྟེན་ཀུན་ཏུ་ཁྱབ་པའི་དཔལ་འབར་ཤོག །ཅེས་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་འདི་ནི་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་ཞྭ་སེར་ཅོད་པཎ་འཆང་བའི་བསྟན་པ་རིན་པོ་ཆེའི་གསལ་བྱེད་ཅོ་ནེ་ཆོས་རྗེ་བློ་བཟང་ཉི་མས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་གསུང་རབ་ཀྱི་དགོངས་དོན་བཞིན་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་མེ་སྦྲུལ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དག་ལེགས་སོ། ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྒྱུན་གྱི་རྣལ་འབྱོར་དུ་བྱེད་ན། སངས་རྒྱས་ཆོས་ཚོགས་མས་སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། འཁོར་འདས་ཆོས་ཀུན་སྟོང་པ་ཉིད་ཀྱི་ངང་། །པད་དཀར་འདབ་བརྒྱད་ཟླ་བ་ཉ་གང་སྟེང་། །དངུལ་ཆུའི་མདོག་ལྟར་འཚེར་བའི་ཧཱུཾ་ཡིག་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་ཧཱུཾ། །ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཆེ། །དྭངས་ཤེལ་ལྟར་གསལ་གངས་ཀྱི་རི་བོ་ལ། །ཉི་མས་ཁྱབ་འདྲའི་རབ་དཀར་གཟི་མདངས་ཅན། །ཞལ་གཅིག་ཕྱག་གཉིས་དགྱེས་འཛུམ་ཞི་བའི་ཉམས། །འགྲོ་ལ་རྗེས་ཆགས་གཟིགས་པའི་སྤྱན་དཀྱུས་ཅན། །སྨིན་མའི་ནགས་ཀླུང་འཁྱུག་ཅིང་མཆུ་ཡི་སྒྲོས། །རབ་དམར་སྙན་གཤོག་རྒྱས་ཤིང་ཤངས་དཀྱུས་རིང་། །དབུ་སྐྲ་བུང་བ་ལྟར་གནག་ཐོར་ཚུགས་མཛེས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །གཡོན་པ་དྲིལ་བུ་དཀུ་ཡི་གཡོན་ཕྱོགས་འཛིན། །པྲོག་ཞུ་རྒྱན་ཆ་མགུར་ཆུ་དཔུང་པའི་རྒྱན། །སེ་མོ་དོ་དང་དོ་ཤལ་འོག་པག་དང་། །ཕྱག་ཞབས་གདུ་བུ་རིན་ཆེན་རྒྱན་གྱིས་སྤྲས། །པཉྩ་ལི་ཀའི་སྟོད་གཡོགས་ཤམ་ཐབས་གསོལ། །ཞབས་གཉིས་རྡོ་རྗེ་(༨༥ན)


GLG010_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུཾ་དཀར་སྤུ་ཤད་མཐར། །ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་སངས་རྒྱས་བྱང་སེམས་ཉན་རང་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡི། །བྱིན་རླབས་ཀུན་འདུས་ས་བོན་སྔགས་ཕྲེང་ལ། །ཐིམ་ཞིང་དེ་དང་སྐུ་ཡི་ཆ་རྣམས་ནས། །བདུད་རྩི་འོ་མའི་མདོག་ཅན་དཔག་མེད་བབས། །བྲག་གི་སྟེང་ནས་ཆུ་བོ་འབབ་པ་བཞིན། །སྤྱི་བོའི་གཙུག་ཞུགས་ལུས་ཀུན་ཐམས་ཅད་ཁྱབ། །ཐོག་མེད་ནས་བཟུང་ད་ལྟའི་བར་བསགས་པའི། །སྡིག་པ་མི་དགེའི་ལས་ནི་བགྱིས་སོ་ཅོག ཁྱད་པར་དཀོར་དང་སྲོག་བཅད་གནོད་སེམས་སོགས། །རྒྱུད་ལ་བགོས་པའི་དྲི་མ་མཐའ་ཡས་པ། །དུད་ཁུ་སྣག་ཁྲག་བཤང་གཅི་ལྗན་ལྗིན་དང་། །སྲོག་ཆགས་རྣམ་པར་རྐང་མཐིལ་བཤང་གཅིའི་ལམ། །བ་སྤུའི་བུ་ག་ཀུན་ནས་ཕྱིར་ཐོན་ཏེ། །ས་འོག་ཏུ་སོང་རང་ལུས་ཤེལ་ལྟར་གྱུར། །ཞེས་པའི་དམིགས་པ་དང་བཅས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་པ་ནས་འགྲོ་བའི་གཙོ་ལ་བདག་སྐྱབས་མཆིའི་མཐར། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་དང་། །ལུས་ངག་ཡིད་ཀྱི་ལས་བཅུ་ལ་སོགས་པ། །སྡིག་སྒྲིབ་ཉེས་ལྟུང་ལས་ཉོན་དེ་འབྲས་ཀུན། །ལྷག་མེད་བྱང་ཞིང་དག་པར་མཛད་དུ་གསོལ། །རྩེ་གཅིག་གསོལ་བ་བཏབ་པས་བཅོམ་ལྡན་འདས། །ཟླ་བའི་དཀྱིལ་འཁོར་ལྟ་བུར་འོད་དུ་ཞུ། །སྤྱི་བོ་ནས་ཐིམ་རང་གི་སེམས་ཉིད་དང་། །ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་གྱུར། །ཞེས་པའི་དོན་ལ་མཉམ་པར་བཞག་པའི་མཐར་དགེ་བ་བསྔོ་ཞིང་སྨོན་ལམ་གྱི་རྒྱས་བཏབ་བོ། །ཞེས་པ་འདིའང་སྡེ་པ་བློ་བཟང་སྦྱིན་པའི་ཉམས་ལེན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། ། མར་གད་འཁྲི་ཤིང་བསྐྱོད་འདྲའི་(༨༥བ)


GLG010_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་སོར་རྩེ། གཙུག་ཏུ་བཀོད་པའི་མོད་ལ་འཇིགས་ཆེན་བརྒྱད། །གཞིལ་མཛད་རྒྱལ་ཡུམ་སེང་ལྡེང་ནགས་ཀྱི་སྒྲོལ། །མཁྱེན་བརྩེ་ནུས་པས་བྱང་ཆུབ་བར་དུ་སྐྱོངས། །དཔལ་མཉམ་མེད་ཇོ་བོ་མར་མེ་མཛད་ཡབ་སྲས་ཀྱི་ཐུགས་དམ་གྱི་ཉིང་ཁུ་བཀའ་གདམས་ལྷ་བཞིར་གྲགས་པའི་ནང་མཚན་རྗེ་བཙུན་སྒྲོལ་མ་གཙོ་འཁོར་གསུམ་གྱི་སྒོམ་བཟླས་ཉམས་སུ་བླང་བར་བྱེད་པ་ལ་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་རམ་བསྡུ་ན་སངས་རྒྱས་ཆོས་ཚོགས་མ་སྔོན་དུ་བཏང་ནས། རང་ཉིད་རྗེ་བཙུན་སྒྲོལ་མར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རྗེ་བཙུན་འཕགས་མ་སྒྲོལ་མ་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུ་ཏཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ་རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་སྤྲོས་ཏེ་མཆོད་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཪྻ་ཏཱ་ར་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། པུཥྤེ་ཨཱཿཧཱུཾ་ནས་ཤབྡ་ཨཱཿཧཱུཾ་གི་བར་བརྗོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྒྱུན་བཤགས་ལན་གསུམ་གྱི་རྗེས་སུ་ཚོགས་ཞིང་རྣམས་རང་ལ་བསྟིམ། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་བས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་སེམས་ཀྱི་ངོ་བོ་ཏཱཾ་ཡིག་ལྗང་གུ་དེ་ལ་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལའི་ཡུ་བ་མཐེབ་སྲིན་གྱིས་ཐུག་གར་འཛིན་ཅིང་། འདབ་མ་སྙན་གྱི་ཐད་དཀར་ཁ་བྱེ་བ། བར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་(༨༦ན)


GLG010_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། དེའི་གཡས་སུ་འོད་ཟེར་ཅན་སེར་མོ་ཞལ་གཅིག་ཕྱག་གཉིས། གཡས་མྱ་ངན་མེད་པའི་ཤིང་དང་། གཡོན་མེ་ཏོག་བ་ཀུ་ལ་བསྣམས་པ། གཡོན་དུ་ཁྲོ་གཉེར་ཅན་ནག་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། གཙོ་འཁོར་གསུམ་གྱི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སྒྲོལ་མ་གཙོ་འཁོར་གསུམ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་དམ་ཚིག་པ་ལ་བསྟིམ། སླར་ཡང་འོད་ཟེར་འཕྲོས་པས་དབང་ལྷ་སྔར་བཞིན་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིའི་ཕྱག་ཏུ་བུམ་པ་བདུད་རྩིས་གང་བ་ཐོགས་ནས་ཇི་ལྟར་བལྟམས་པ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཧཱུཾ་ཞེས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག །ཡེ་ཤེས་བདུད་རྩིས་ལུས་ཐམས་ཅད་གང་། ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་དོན་ཡོད་གྲུབ་པ་དང་འཁོར་གཉིས་ལ་གཙོ་མོ་ཉིད་ཀྱིས་དབུ་བརྒྱན་པར་བསམ། ཐུགས་ཀ་ནས་བྱུང་བའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ཏེ། ཨརྒྷཾ་པུཥྤེ་ནས་ཤབྡའི་བར་གྱིས་ཚོགས་ཞིང་གི་སྐབས་ལྟར་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཏཱཾ་ཡིག་ལྗང་གུའི་མཐར་ཡི་གེ་བཅུ་པ་དང་གཟུངས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས་པར་དམིགས་ནས། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་བརྒྱ་རྩ་སོགས་དང་གཟུངས་རིང་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། (༨༦བ)


GLG010_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་བྲི་ཏེ་སརྦ་དུཥྚཱཾ་ན་ཡ། ཇི་བྷ་ལེ། ལྟཾ་བྷ་ཡ། མ་ཧ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་དུཥྚཾ་བྷ་ནི་ཏཱ་ར་སྭཱ་ཧཱ། ཞེས་ཅི་ནུས་བཟླ། རྗེ་བཙུན་འཕགས་མ་སྒྲོལ་མས་བདག་སོགས་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་པ་དང་། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ། ཞེས་གསོལ་བ་གདབ། འཁོར་གཉིས་འོད་དུ་ཞུ་ནས་གཙོ་མོ་ལ་ཐིམ་པར་བསམས་ལ་དགེ་བ་བསྔོ་ཞིང་སྨོན་ལམ་ཤིས་བརྗོད་ཅི་རིགས་པ་བྱའོ། །སྣང་སྟོང་ལྷ་སྐུར་གསལ་བའི་ངང་ཉིད་ལས། །སྔགས་སྟོང་བཟླས་པས་ཡི་དམ་ཐུགས་རྒྱུད་བསྐུལ། །རིག་སྟོང་སྤྲོས་བྲལ་དབྱིངས་ནས་དངོས་གྲུབ་ཀུན། །སྒྲུབ་ཐབས་དབང་གི་རྒྱལ་པོ་ཨེ་མ་མཚར། །ཞེས་ལྷག་པའི་བསམ་པ་རྣམ་པར་དག་པའི་སྒོ་ནས་ལུགས་གཉིས་ཀྱི་ཁྱབ་པ་དྲུང་གནས་རིན་པོ་ཆེ་གསུང་རབ་རྒྱ་མཚོར་འགྲན་བཟོད་པ་སྡེ་པ་བློ་བཟང་སྦྱིན་པའི་ཡི་དམ་གྱི་ལྷ་འཕགས་མ་སྒྲོལ་མར་བརྟག་པ་བབས་པ་བཞིན་རྒྱུན་ཁྱེར་གྱི་མངོན་པར་རྟོགས་པ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། ཐུགས་རྗེ་ཟླ་བ་ཤར་པས་ཡིད་ཅན་རྣམས། །ངན་འགྲོའི་སྲིད་མུན་མཐར་བྱས་གདེངས་ཅན་ཚོགས། །བདེ་སྐྱིད་ཀུནྡ་བཞད་པའི་བཅོམ་ལྡན་འདས། །ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་དེང་འདིར་སྤེལ། །དེ་ཡང་ཐོག་མར་གཏོར་ཟླུམ་ཞིག་བཤམས་ལ་ཆབ་ཀྱིས་བྲན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་འབྱུང་པོ་རྣམས་ཚིམ་པར་ནུས་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་གྱུར་པར་བསམ། རང་སྐད་ཅིག་གིས་བགེགས་མཐར་བྱེད་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་(༨༧ན)


GLG010_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་བགེགས་རྣམས་བཀུག་པར་གྱུར་པར་མོས་ཏེ། ཨོཾ་ཨ་ཀཱ་ར་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་བསྔོས། ཨོཾ་ཨཱཿབིགྷྣཱནྟ་ཀྲི་ཏ་ཧཱུཾ་ཕཊ། ཅེས་བརྗོད་པས་བགེགས་རྣམས་བསྐྲོད་པར་གྱུར་པར་བསམ། དེ་ནས་ཚད་མེད་བཞིའི་རྩིས་ཟིན་པའི་སྒོ་ནས་སྐྱབས་འགྲོ་བཞི་སྐོར་སྤྱི་ལྟར་ལན་གསུམ་བརྗོད། སེམས་བསྐྱེད་པ་ནི། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ལས་ཉོན་རྣམས་སྦྱོང་ཞིང་། ངན་འགྲོའི་སྐྱེ་གནས་དང་། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་བའི་ཆེད་དུ། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་བསྒོམ་པར་བགྱིའོ་ལན་གསུམ་བརྗོད། །རང་ཐ་མལ་དུ་གནས་པའི་སྙིང་གར་ཧཱུཾ་བཻ་ཌཱུཪྻའི་མདོག་ལྟ་བུ་ལས་འཕྲོས་པའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས། རང་ཉིད་དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོའི་སྐུར་གྱུར་པའི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་ལྔ་ལ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཇི་སྙེད་སུ་དག་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད་ཡན་གྱིས་ཕྱག་བྱ། མེ་ཏོག་དམ་པ་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི་ཞེས་པའི་བར་དང་། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་གིས་མེ་ཏོག་ཐོགས་པའི་ལྷ་མོ་སྔོན་མོ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་གིས་བདུག་སྤོས་ཐོགས་པའི་ལྷ་མོ་སེར་མོ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ་གིས་མར་མེ་ཐོགས་པའི་ལྷ་མོ་དམར་མོ། །ཨོཾ་(༨༧བ)


GLG010_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གནྡྷེ་ཨཱཿཧཱུཾ་གིས་ནི་མཆོག་ཐོགས་པའི་ལྷ་མོ་སེར་མོ། །ཨོཾ་བཛྲ་ནི་ཝི་དྱ་ཨཱཿཧཱུཾ་གིས་ཞལ་ཟས་ཐོགས་པའི་ལྷ་མོ་སེར་མོ་རྣམས་སོ་སོར་ནམ་ཁའ་གང་བ་དང་། ཨོཾ་སརྦ་བི་ཤྭ་དྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ཧཱུཾ། ཞེས་པ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་གདུགས་དང་རྒྱལ་མཚན་དང་བ་དན་དང་དྲིལ་བུ་དང་བླ་བྲེ་ལ་སོགས་པ་དང་འཁོར་ལོས་སྒྱུར་བའི་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པར་གྱུར་པར་བསམ། སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་ལྔ་པོ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི་ཞེས་སོགས་དཀྱུས་བཞིན་བྱ། ཚད་མེད་པ་བཞི་ཚིག་དང་བསྟུན་ནས་བསྒོམ། ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུར་གྱུར། སྟོང་པ་ཉིད་ཀྱི་ངང་དུ་གནས་པས་སེམས་ཅན་གྱི་དོན་མི་འགྲུབ་པའི་ཕྱིར་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དབྱིངས་ནས་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བའི་གདངས་འགག་པ་མེད་པ་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་པཾ་ལས་པདྨ་འདབ་མ་སྟོང་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བ་དེའི་སྟེང་དུ་ཆོས་ཐམས་ཅད་མཐའ་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཨ་དཀར་པོ་འོད་དུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཧཱུཾ་མི་དམིགས་པ་རིན་པོ་ཆེའི་མདོག་ལྟ་བུ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་ཀླུ་རྣམས་དང་སེམས་ཅན་གྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་དེས་བསྐྱེད་པའི་སྡུག་བསྔལ་ཐམས་ཅད་དག་པར་བྱས། འོད་ཟེར་ཚུར་འདུས་ཧཱུཾ་ལ་ཐིམ་ལ་ཡོངས་སུ་གྱུར་པ་ལས། སྐད་ཅིག་མ་གཅིག་ལ་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་སྐུ་མདོག་མི་དཔོགས་པ་རིན་པོ་ཆེའི་མདོག་ལྟ་བུ་དྲི་མ་མེད་པའི་མཁའ་ལྟར་དངས་ཤིང་ཞལ་སྐྱིན་ཟླ་བ་ལྟར་དཀར་བ། དབུ་ལ་སྦྲུལ་མགོ་བདུན་གདེངས་པའི་རྒྱབ་ཡོལ་ཅན། །ཆོས་གོས་ངུར་སྨྲིག་(༨༨ན)


GLG010_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ། དབུ་གཙུག་ཏོར་དང་ལྡན་པ། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་པར་བྱེད་པ་དང་། སེམས་ཅན་ངན་འགྲོའི་སྐྱེ་གནས་ལས་ཐར་བར་བྱེད་པའི་ཕྱག་རྒྱ་དང་ལྡན་པ། ཞལ་འཛུམ་བག་ཅན་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འོད་ཟེར་གྱི་དྲ་བའི་ཁོར་ཡུག་གི་དབུས་ན་བཞུགས་པ། དེའི་མདུན་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ་སྐུ་མདོག་དཀར་པོ་རིན་པོ་ཆེའི་མྱུ་གུ་ཕྱག་གཡས་ན་བསྣམས་པ། གཡོན་ན་བུམ་པ་བསྣམས་ཤིང་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། གཡས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་སྐུ་མདོག་དམར་པོ་ཀླུ་ཤིང་གི་མེ་ཏོག་དང་རིལ་བ་སྤྱི་བླུགས་བསྣམས་པ། རྒྱབ་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ལ་བསྣམས་པ། གཡོན་དུ་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་པདྨ་བསྣམས་པ། བཞི་གའང་བཅོམ་ལྡན་འདས་ལ་བལྟ་བའོ། །གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། གཡོན་ཕྱོགས་སུ་དགྲ་བཅོམ་པ་དཔག་ཏུ་མེད་པ། འོག་གི་ཕྱོགས་སུ་ཀླུའི་ཚོགས་དཔག་ཏུ་མེད་པ་རིན་པོ་ཆེ་ཐོགས་པ་ཐལ་མོ་སྦྱར་བ་གྱེན་དུ་བལྟ་བར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་ཀླུ་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྷའི་རྣམ་པར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཀླུའི་དབང་ཕྱུག་རྒྱལ་པོས་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་བྱང་ཞིང་སྐྱེ་གནས་ངན་པ་ལས་ཐར་པ་དང་། ཀླུ་རྣམས་ཀླུའི་སྐྱེ་གནས་ལས་ཐར་ཞིང་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་གྱིས་ཀླུའི་གདོན་གྱིས་ཟིན་པའི་སེམས་ཅན་མཐའ་དག་ནད་དང་སྡུག་བསྔལ་ཀུན་ལས་ཐར་(༨༨བ)


GLG010_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་ནས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་དགྱེས་བཞིན་དུ་ཞལ་གྱིས་བཞེས་ནས་ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་མཉེ་བྱས་ཏེ་གཉིས་སུ་མེད་པར་གྱུར་པར་བསམ། བཟླས་པ་བྱ་བ་ནི་རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཐོག་མ་མེད་པ་ནས་བསགས་པའི་རྒྱུ་ལས་དང་ཉོན་མོངས་པས་བསྐྱེད་པའི་འབྲས་བུ་འཁོར་བ་སྤྱི་དང་བྱེ་བྲག་གནས་ངན་ལེན་གྱི་སྡུག་བསྔལ་ལས་ཐར་པར་བྱེད། ཁྱད་པར་ཀླུ་རྣམས་ནམ་མཁའ་ལྡིང་དང་བྱེ་ཚན་སོགས་གནོད་པ་སྣ་ཚོགས་ཀྱིས་གཙེས་ནས་ཉམ་ཐག་པ་དང་མཐར་ཀླུའི་སྐྱེ་གནས་ལས་ཐར་པར་བྱས། དེའི་མཐུས་ལས་དང་འཕྲལ་རྐྱེན་གྱིས་ཀླུའི་གདོན་དང་དུག་ནད་ཀྱིས་ཟིན་པ་མཐའ་དག་སྡུག་བསྔལ་དེ་ལས་རྣམ་པར་གྲོལ་ཏེ་བདེ་བ་དང་ལྡན་པར་བསམས་ལ། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷ་ག་ཝ་ནཱ་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་འབུམ་ཕྲག་བཟླས་པས་མཛེ་ནད་དང་མྱོང་པར་ངེས་པའི་ལས་ཐམས་ཅད་འཛད་པར་འགྱུར་རོ། ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན་དཀར་གཏོར་གསུམ་བཤམས་པ་ཆབ་ཀྱིས་བྲན། ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་དང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ལྷའི་ཞལ་ཟས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་སྟེང་དུ་ཨོཾ་ཨཱཿཧཱུཾ་གིས་མཚན་པ་ལས་འོད་འཕྲོས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བཀུག་ནས་འབྲུ་གསུམ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ཆ་དང་པོ་བཅོམ་ལྡན་འདས་ཀྱི་སྔགས་འོད་ཟེར་གྱི་བུ་གུས་གསལ་བར་བསམས་ལ། གོང་གི་མཚན་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་དབུལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། གང་གི་མཚན་ཙམ་དྲན་པས་སྲིད་ཞི་ཡི། །མི་བཟད་སྡུག་བསྔལ་མཐའ་དག་སེལ་མཛད་པ། ཀླུ་ཡི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྡན། །ལུས་ངག་ཡིད་(༨༩ན)


GLG010_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་བསྟོད། གཉིས་པ་ནི་ཆ་གསུམ་གྱི་ཆ་དང་པོ་སོར་བཞག་འབུལ། ཆ་གསུམ་པ་ནི། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱིས་རྒྱུ། །པདྨ་པདྨ་ཆེན་པོ་དང་། དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་པོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང་། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་རྣམས་དག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་བཿཕྲུཾ་བུ་སྭཱཧཱ། ཞེས་པས་མདུན་དུ་བྱོན་པར་བསམས། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་བ་ཏ་ཡེ་གྲཾཧྞེ་དཾ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ་བཅུག་པས་མཆོད། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་དང་། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཧཱུྃ་ཕུ་སྭཱ་ཧཱ། ཞེས་སེ་གོལ་གཏོག་པ་དང་བཅས་ལན་གསུམ་དང་། ཨོཾ་བྷ་ཀྵ་ཡ་བྷ་ཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱཧཱ། ཞེས་པ་ལན་གསུམ་གྱི་གཏོར་མ་བསྔོ། ཡེ་དྷརྨཱ་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པ་བྱིན། ཀླུ་ཆེན་བརྒྱད་སོགས་ཀླུ་རིགས་ཐམས་ཅད་དང་། །བྱེ་བྲག་བདག་ཅག་རྣམས་ལ་གནོད་བྱེད་ཀུན། །གཏོར་མ་འདིས་ཚིམ་དགྱེས་ཤིང་གདུག་སེམས་ཞི། །ཕན་པ་(༨༩བ)


GLG010_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཅེས་སྨོན་ལམ་གདབ། ཨོཾ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་གཙྪ་ཞེས་པས་དཀར་ཕྱོགས་ཀྱ་ིཀླུ་རིགས་རྣམས་རང་གནས་སུ་གཤེགས། བྱ་ཁྱུང་གི་ཕྱག་རྒྱ་དང་། ཨོཾ་ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་ནག་པོའི་ཀླུ་རིགས་རྣམས་བསྐྲད་པར་མོས་སོ། །དེ་ནས་བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བཀང་། མ་འབྱོར་བ་དང་ཉམས་པ་དང་། ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུཿས་གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས། བདག་བསྐྱེད་ཀྱི་གདན་པད་ཟླ་དང་དབུའི་གཙུག་ཏོར་གཉིས་ནས་རིམ་གྱིས་བསྡུས་ཏེ་ཐུགས་ཀའི་ཧཱུཾ་ལ་ཐིམ། དེ་ཡང་མཐར་ནཱ་དའི་བར་དུ་བསྡུས་ཏེ་ནམ་མཁའ་ལ་འཇའ་ཡལ་པ་ལྟ་བུའི་ངང་ནས་སླར་ཡང་ལྷའི་སྐུར་ལངས་ཏེ་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ། བུམ་སྒྲུབ་བྱ་བར་འདོད་ན་ལག་ལེན་ལོགས་སུ་ཤེས་པར་བྱའོ། །ཞེས་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་རབ་དང་བཅོམ་ལྡན་རལ་གྲིའི་ཕྱག་བཞེས་ལ་ཁྱེར་བདེ་ནག་བགྲོས་ཀྱི་ཚུལ་དུ་ལས་དང་པོ་པ་རྣམས་ལ་ཕན་ཕྱིར་ལྕགས་མོ་བྱ་ལོ་ཆོ་འཕྲུལ་གྱི་ཟླ་བར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། ། ན་མ་སྤྲ་ཤུ་ཀླ་སྠི་ར་ཙཀྲ་མཉྫུ་ཤྲི་ཡེ། ཟླ་ཞུན་བྱེ་བས་ཉེ་བར་བྱུགས་པ་ཤེལ་དཀར་རྡུལ་བརྩེགས་ཁེངས་འཕྲོག་སྐུ། །ཚངས་པའི་དབྱངས་ཀྱིས་ཤེས་བྱར་སྲིད་རྣམས་སྨྲ་ལ་བརྗོད་པ་རྣམ་དག་གསུང་། །ལྐོག་གྱུར་ཆོས་རྣམས་གནས་ལུགས་གཟུགས་བརྙན་མཁྱེན་རབ་མེ་ལོང་ངོས་ཤར་ཐུགས། །གཞོན་ནུའི་ཚུལ་འཛིན་རྒྱལ་ཀུན་ཡབ་ཅིག་ཟུར་ཕུད་ལྔ་པས་རྟག་ཏུ་སྐྱོངས། །(༩༠ན)


GLG010_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཤིང་སོགས་ཀྱི་མངར་ཁྱད་འབྱེད་དཀའ་བཞིན། །འགྲོ་ངོར་བརྟན་པའི་འཁོར་ལོ་ཞི་ཁྲོའི་གར། །ཚད་བཟུང་མིན་ཀྱང་ཤེས་རབ་སྣང་བའི་གཏེར། །སྦྱིན་མཛད་གངས་རིའི་མདངས་ཕྲོག་འཇམ་དཔལ་རྒྱལ། །དཀར་བའི་མཚན་དང་བཀོད་པ་དཔག་ཡས་ནང་། །དགྲ་ལས་རྣམ་པར་རྒྱལ་བས་ལེགས་བཀྲལ་བ། །མ་ཏིའི་ལུགས་ཞེས་ཁ་ཆེ་པཎ་ཆེན་གྱི། །ཐུགས་དམ་རྣམ་བཞིའི་ནང་ཚན་འདི་རྨད་བྱུང་། །བརྒྱུད་ལུགས་ཆུ་བོ་བརྒྱ་ཕྲག་གཅིག་འདུས་ཀྱང་། །གྲགས་པ་དོན་ལྡན་པཎ་ཆེན་སྟག་ཚང་པའི། །ཞལ་གཟིགས་རྡོ་རྗེ་འཆང་དབང་ཚར་པ་ལ། །བཀའ་བབས་འདི་ཀོ་སྔོན་མེད་ལེགས་ལམ་སྲོལ། །རྨོངས་ཆེན་སྨག་རུམ་མཐར་སྐྲོད་བློ་གྲོས་ཀྱི། །ཉི་མའི་དཀྱིལ་འཁོར་འདྲེན་བྱེད་སྒྲུབ་པའི་ཐབས། །དྲི་བཞོན་རྟ་ལྗང་རྣམ་དཔྱོད་མཁར་རྒྱུ་ཚེ། །ལྐོག་གྱུར་ཤེས་བྱའི་མཚན་མོ་ད་ག་རེ། འདིར་པཎྜི་ཏ་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་ཞལ་སྔ་ནས་ཀྱིས་ལེགས་པར་བཀྲལ་བའི་འཕགས་པ་འཇམ་པའི་དབྱངས་དཀར་པོ་པཎ་ཆེན་མ་ཏི་ལུགས་ཤེས་རབ་བློ་འཕེལ་དུ་གྲགས་པ་ཀསྨི་ར་པའི་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲིའི་ཐུགས་དམ་བཞིའི་ཡ་གྱལ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ཁྱད་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཐམས་ཅད་ལ་མཁྱེན་དཔྱོད་འགྲན་ཟླ་དང་བྲལ་བ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོར་སྐུའི་སྣང་བ་དངོས་སུ་བསྟན་པས་ཞལ་གཟིགས་མར་གྲགས་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོར་བཀའ་བབས་པ་བརྒྱུད་པ་མ་ཉམས་པ་ལས་འོངས་པའི་བཞེད་སྲོལ་ལྟར་ཉམས་སུ་བླང་བ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། ཤ་ཆང་སྒོག་བཙོང་སོགས་རོ་དང་དྲི་ངན་པ་རྣམས་སྤང་ཞིང་། རྫུན་དང་འཁུ་འཁྲིག་(༩༠བ)


GLG010_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ལ་འཛེམ་པ་ཁྲུས་སོགས་གཙང་སྦྲ་ལྡན་པས་བདེ་བའི་སྟན་ལ་འདུག་སྟེ། ཐོག་མར་སྐྱབས་འགྲོ་བཞི་སྐོར་སྤྱི་དང་མཐུན། སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་ཤེས་རྨོངས་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་རྒྱས་པར་བྱས་ཏེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་འཇམ་དཔལ་དབྱངས་དཀར་པོ་ཤེས་རབ་བློ་འཕེལ་ཡི་དམ་གྱི་ལྷར་བཟུང་ཞིང་། དེའི་སྒོམ་བཟླས་ཟབ་མོ་ཉམས་སུ་བླང་བར་བྱའོ། ཞེས་ལན་གསུམ་བརྗོད། ཚོགས་ཞིང་ནི། རང་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་མི་བསྐྱོད་པའི་རྣམ་པ་རིགས་ཀྱི་བདག་པོར་བཞུགས་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་སྶརྦ་ཏ་ཐཱ་ག་ཏ་ཨཱཪྻ་མཉྫུ་ཤྲཱི་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། གོང་གི་སྔགས་གཤམ་དུ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། པཱ་དྱི་པྲ་ཏཱིཙྪ་ཡེ་སྭཱཧཱ། བཛྲ་པུཥྤེ་ཨཱཿཧཱུཾ་ནས། ཤབྡའི་བར་གྱི་ཕྱག་རྒྱ་དང་བཅས་ཏེ་མཆོད། གུར་ལས་བྱུང་བའི་རྒྱུན་བཤགས་ལན་གསུམ་དང་ཚད་མེད་བཞི་བསྒོམ། །གཉིས་པ་དངོས་གཞི་ནི། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷ་རྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུར་བསམ། སྟོང་པའི་ངང་ལས་ནམ་མཁའི་དབྱིངས་སུ་པཾ་ཡིག་དཀར་པོ་ཞུ་བ་ལས་བྱུང་བའི་བདུད་རྩི་འོ་མའི་རྒྱ་མཚོ་དཀར་ཞིང་བསིལ་བ། ཡངས་ཤིང་རྒྱ་ཆེ་བ་པད་ཚལ་གྱི་དྲ་བས་ཁེབས་ཤིང་(༩༡ན)


GLG010_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ནེའུ་གསིང་མེ་ཏོག་སྣ་ཚོགས་བཀྲ་བས་བསྐོར་བ། གླང་པོ་ཆེ་དཀར་པོ་མཆེ་བ་དྲུག་ལྡན་མཚན་ཉིད་ཡོངས་སུ་རྫོགས་པ་མང་པོ་དལ་བར་རྒྱུ་ཞིང་པདྨའི་རྩ་བ་ཟ་བ། ངང་ངུར་སོགས་ཆུ་བྱ་མང་པོ་རོལ་ཞིང་རྩེད་འཇོ་དང་བཅས་སྐད་སྙན་པའི་སྒྲ་སྒྲོག་པ། དེའི་དབུས་སུ་པཾ་ལས་པདྨ་དཀར་པོ་འདབ་མ་སྟོང་ལྡན་རྒྱས་པ་སྡོང་པོ་ཡལ་ག་ལོ་འབྲས་གསེར་ལས་བྱས་པ་མཉེན་ལྕུག་མཛེས་ཤིང་ཡིད་དུ་འོང་བས་དུད་ཅིང་དྲི་བསུང་ཕུན་སུམ་ཚོགས་པའི་ལྟེ་བ་ལྗང་སེར་ལ་གེ་སར་དམར་སེར་དུ་ཡོད་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་བསིལ་ཟེར་ཕྱོགས་བཅུར་འཕྲོ་བའི་གདན་ལ། རང་གི་སེམས་ཉིད་ཨཱཿདཀར་པོ་འོད་ཀྱི་དྲ་བ་སྣ་ཚོགས་དཔག་ཏུ་མེད་པ་འཕྲོ་བའི་འོད་ཟེར་གྱིས་འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་སྒྲིབ་པ་སྦྱངས། ཤེས་རབ་ཀྱི་སྣང་བ་ལ་བཀོད། འོད་ཟེར་སླར་ཨཱ་དཀར་པོ་ཉིད་ལ་འདུས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྟོན་ཀའི་ཟླ་བ་བཞིན་དཀར་ལ་དྲི་མ་མེད་པའི་ཤེལ་དཀར་གྱི་ཕུང་པོ་ལྟར་དངས་ཤིང་འོད་ཟེར་འཕྲོ་བ། ལོ་བརྒྱད་ལོན་པའི་བྱིས་པ་གཞོན་ནུའི་གཟུགས་ཅན། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཀྱིས་འགྱིང་བ་ཟླ་བའི་རྒྱབ་ཡོལ་ཅན། ཟུར་ཕུད་ལྔ་དང་ལྡན་ཞིང་ལྟ་བས་ཆོག་མི་ཤེས་པ། ཕྱག་གཡས་མཆོག་སྦྱིན་པའི་ཕྱག་རྒྱས་པདྨ་དཀར་པོའི་རྩ་བ་ནས་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་རྒྱས་པའི་དབུས་སུ་ཤེས་རབ་ཀྱི་རལ་གྲི་དང་། གཡོན་ཨུཏྤལའི་སྡོང་པོ་ཐུགས་ཀར་འཛིན་པ། ཕྲག་གོང་གཡོན་གྱི་ཐད་དུ་ལེགས་པར་ཁ་བྱེ་བ་ལ་སྟོང་ཕྲག་བརྒྱ་པའི་པོ་ཏིས་མཚན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་བཅས་ཤིང་བརྟན་པར་བཞུགས་པའི་འོད་འབར་བ། རིན་པོ་ཆེ་དུ་མའི་རྒྱན་དང་དར་དཀར་གྱི་ན་བཟས་སྤྲས་པ། དེའི་དཔྲལ་(༩༡བ)


GLG010_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀར་ཟླ་བ་ལ་གནས་པའི་ཨཱཿཡིག་དཀར་པོ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཚོགས་ཞིང་གི་སྐབས་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཇི་ཏར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར། ལུས་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། སླར་ཡང་ཡིད་འབྱུང་གི་མཆོད་པས་ཚོགས་ཞིང་གི་སྐབས་ལྟར་མཆོད། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང་། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་ལྡན་པ། །དཀའ་བ་རྒྱ་ཆེན་མཐར་མཆོག་སྤྱན་ནི་པད་མའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་བསྲེགས་མཛད་འཇམ་པའི་དབྱངས་ལ་གུས་པས་འདུད། ཅེས་བསྟོད། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །བསྒོམས་པས་སྐྱོ་ན་བཟླས་པ་བྱ་བ་ནི། རང་གི་སྙིང་རྩེ་མོ་གྱེན་དུ་བསྟེན་པའི་དབུས་སུ་ཟླ་བའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བ་ལ་ཨཱཿ རྩིབས་དྲུག་ལ་མདུན་ཕྱོགས་ནས་བརྩམས་ཏེ་གཡས་བསྐོར་དུ་ཡི་གེ་འབྲུ་དྲུག་དཀར་པོ་འོད་(༩༢ན)


GLG010_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་དཀར་དམར་འཕྲོ་བ་འཁོར་ལོ་ཁ་མ་རེག་ཙམ་དུ་བཀོད་ལ། འཁོར་ལོ་ཆོས་འཁོར་དུ་མྱུར་དུ་འཁོར་ཞིང་ཡིག་འབྲུ་གཡོན་དུ་འཁོར་བ་ལྟ་བུ་སྣང་བ་ལ་དམིགས་ནས་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་ཤིང་། ཨོཾ་ཝཀྱེ་དཾ་ན་མཿ ཞེས་ཅི་ནུས་སུ་བཟླ། བསྙེན་ཚད་ནི། སློབ་དཔོན་སྒེག་པའི་རྡོ་རྗེས། རིག་སྔགས་རྒྱལ་པོ་འབུམ་ཕྲག་གཅིག་གིས་འགྲུབ། །ཟླ་བ་གཅིག་གིས་བློ་འཕེལ་རིག་པ་འཛིན། །དངོས་སམ་རྨི་ལམ་ཉིད་དུ་མཐོང་ཐོས་ཤིང་། །གྲུབ་པའི་རྟགས་ནི་གཞན་ཡང་སྣང་བར་འགྱུར། །ཞེས་གསུངས་པ་འབྲས་བུ་དང་སྒྲུབ་པའི་དུས་ལ་དགོངས་ཤིང་། དེང་སང་དུས་ཆེར་སྙིགས་པའི་སྐབས་སུ་བསྙེན་ཚད་ལས་མང་བར་བཟླ་དགོས་པས་རྒྱ་སྟོན་གྱིས་འབུམ་ཚོ་གསུམ་དང་། ཇ་སྟོན་པ་རིན་ཆེན་རྒྱལ་མཚན་གྱིས་འབུམ་ཕྲག་དྲུག་བཟླ་བར་གསུངས། ཟླ་བ་གཅིག་གིས་དུས་ཀྱི་བསྙེན་པ། མཚན་མའི་བསྙེན་པ་ནི། ཞལ་མཐོང་ཞིང་གསུང་ཐོས་པའམ། གཞན་ཡང་པོ་ཏི་དང་། མཚོན་ཆ་མཐོང་བ་དང་། མེ་ཏོག་བཏུས་པ་དང་། མར་མེ་བལྟམས་པ་དང་། ཉི་ཟླ་ཤར་བ་དང་། དར་འཕྱར་ཞིང་རོལ་མོ་འབུད་དཀྲོལ་བྱེད་པ་ནམ་མཁའ་ལ་འཕུར་བ། ལུས་ལ་མེ་འབར་བ། ཆུ་ལ་བརྒལ་བ་དང་། གོས་དཀར་པོ་གྱོན་པ་ལ་སོགས་པ་རྨིས་སོ། །དམིགས་པའི་གནད་ནི། འཁོར་ལོའི་ལྟེ་བ་དང་། ཡི་གེ་རྣམས་མི་འགུལ་ཞིང་། མྱུར་དུ་འཁོར་བས་ཁམས་འདུས་པ་སོགས་སྐྱོན་སེལ་ཞིང་། བློ་གྲོས་མྱུར་བ་དང་། རྩེ་མོ་རྣམས་ཤེས་རབ་རྣོ་ཞིང་སྟོབས་ཆེ་བ་དང་། དཀར་ཞིང་འོད་ཟེར་འཕྲོ་བས་འཛིན་བློ་གསལ་བ་ནི། སློབ་དཔོན་ནོར་བུ་གླིང་པས། སྙིང་དབུས་བླ་མའི་འཁོར་(༩༢བ)


GLG010_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྩིབས་དྲུག་ལ། །འབྲུ་དྲུག་ཡི་གེ་བཀོད་ལ་གཡས་གཡོན་བསྐོར། །ཤུགས་དྲག་རྩེ་མོ་རྣོ་ཞིང་རབ་དཀར་བས། །ཉེས་འཇོམས་སྟོབས་ལྡན་མྱུར་འཛིན་རབ་གསལ་འགྱུར། །ཞེས་གསུངས། གསུམ་པ་མཇུག་ནི། ཐུན་མཚམས་སུ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར་ཞེས་ཞལ་ཚུར་གཟིགས་ནས་བཞུགས་པར་བསམ། རྒྱ་སྟོན་གྱིས་རང་ཐ་མལ་པའི་གཟུགས་ཞེས་གསུང་པ་བྱ་རྒྱུད་ལ་རྗེ་འཁོལ་གྱི་ཚུལ་དུ་བྱ་བ་ལ་དགོངས་པ་འདྲ། རང་དམ་ཚིག་པའི་ང་རྒྱལ་གྱིས་ཆུ་གཉིས་སྔོན་དུ་འགྲོ་བས་མཆོད། མཎྜལ་ཚོམ་བུ་བདུན་མར་བཤམས་ལ། འཛམ་བུ་གླིང་དང་གླིང་གཞན་རྣམས། །ནོར་བུ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་འབུལ། མཚན་བརྗོད་འདོན། ཤིན་ཏུ་དཀར་བའི་མདངས་ལྡན་རྒྱ་མཚོའི་དབུས་ན་པད་མ་གེ་སར་རྒྱས། །སྡོང་པོ་འཁྲུངས་ཤིང་རི་བོང་འཛིན་པས་བརྒྱན་པའི་སྟེང་ན་འཇམ་དབྱངས་ནི། །གཞོན་ནུའི་ཚུལ་འཛིན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་གངས་རི་དང་མཚུངས་པ། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ལ་ལེགས་བསྣམས་འཇམ་དབྱངས་ཁྱེད་ལ་འདུད། ཞེས་པའམ། རྒྱས་པར་སྤྲོ་ན། དོན་ཟབ་སྔགས་ཀྱི་སྟོབས་ཀྱིས་རབ་སྦྱངས་པའི། །སྟོང་གསལ་ནམ་མཁའ་དྲི་མེད་དང་མཚུངས་པར། །པཾ་ཡིག་ལས་བྱུང་དཀར་དྭངས་བདུད་རྩིའི་མཚོ། །གཏིང་ཟབ་ཡངས་པ་ཅན་ལ་ཕྱག་འཚལ་ལོ། །མཚོ་མཐའ་གླང་ཆེན་ཐལ་ཀར་གྱིས་བསྐོར་ཞིང་། མཉེན་ལྕུག་འཁྲིལ་ལྡེམ་པད་ཟླུམ་དྲ་བས་ཁྱབ། །ལོ་མ་གུར་ལྡིང་དཀར་མཛེས་མེ་ཏོག་ལས། །ཡིད་འཕྲོག་དྲི་བསུང་ལྡན་ལ་ཕྱག་འཚལ་ལོ། །མཚོ་ཆེན་དབུས་ན་པཾ་ཡིག་ལས་བྱུང་བ།(༩༣ན)


GLG010_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

།པད་སྡོང་ཡལ་ག་ལོ་མ་ཕུན་ཚོགས་གསེར། །འདབ་རྒྱས་དཀར་སེར་གེ་སར་དམར་སེར་ཅན། །ལྟེ་བ་ལྗང་སེར་མཐོ་ལ་ཕྱག་འཚལ་ལོ། །དེ་སྟེང་ཨ་ཡིག་མཆོག་རབ་ཡོངས་གྱུར་ལས། །རབ་ཟླུམ་འཁོར་ལོ་རྣམ་དག་ཕུན་ཚོགས་མཛེས། །ཤིན་ཏུ་མདོག་དཀར་རི་བོང་འཛིན་གཟུགས་ཅན། །བསིལ་ཟེར་ཕྱོགས་བཅུར་འགྱེད་ལ་ཕྱག་འཚལ་ལོ། །དེར་བཞུགས་ཨཱཿ དཀར་ལས་གྲུབ་དཔའ་བོའི་སྐུ། །ཟུང་བཞིའི་ན་ཚོད་རྡོ་རྗེ་སྐྱིལ་ཀྲུང་བརྟན། །ཆུ་ཤེལ་དྲི་མེད་ཇི་བཞིན་རབ་དཀར་དྭངས། །མཚན་མཆོག་དཔེ་བྱད་འབར་ལ་ཕྱག་འཚལ་ལོ། །ཐོར་ཚུགས་རྩེ་ནས་རིན་ཆེན་ཏོག་མཛེས་ཤིང་། །རྩེ་མོ་ལྔ་ལྡན་ཟུར་ཕུད་ཤིན་ཏུ་གསལ། །སྙན་གོང་ཨུཏྤལ་དྲི་ལྡན་དར་དཔྱངས་ཕུར། །སྙན་ཤལ་ནོར་བུ་ཕྱང་ལ་ཕྱག་འཚལ་ལོ། །དེ་བཞིན་མགུལ་རྒྱན་དཔུང་རྒྱན་ཕྱག་གདུབ་དང་། །ཞབས་གདུབ་སྐ་རགས་དོ་ཤལ་བཟང་པོ་དང་། །སྣ་ཚོགས་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །སིལ་སིལ་སྒྲ་སྙན་འཁྲོལ་ལ་ཕྱག་འཚལ་ལོ། །ཕྱག་གཡས་མཆོག་སྦྱིན་ལེགས་པར་བརྐྱང་མཛད་ཅིང་། །གཡོན་པ་ཨུཏྤལ་སྡོང་པོ་ཐུགས་ཀར་འཛིན། །སྲབ་འཇམ་དུང་མདོག་ན་བཟས་རྣམ་བརྒྱན་ཅིང་། །མུ་མེད་འོད་ཟེར་འཕྲོ་ལ་ཕྱག་འཚལ་ལོ། །དཔལ་མཆོག་སྐུ་ཡི་རྣམ་པ་དྲན་གྱུར་པས། །རིག་སྔགས་ཅུང་ཟད་བཟླས་པ་ཙམ་གྱིས་ཀྱང་། །དུས་དེར་དར་དཀར་མ་ཤའི་སྦྱོར་བ་ཡིས། །ཕུན་ཚོགས་བློ་གྲོས་འཕེལ་ལ་ཕྱག་འཚལ་ལོ། །གཞན་ཡང་གཞོན་ནུ་དཔའ་བོས་ལེགས་བསྟན་པའི། །ཏིང་འཛིན་སྔགས་དང་རྫས་སྦྱོར་ཅི་རིགས་ཀྱིས། །གནས་སྐབས་མཐར་ཐུག་ཡོན་ཏན་མ་ལུས་ཀུན། །སླུ་མེད་ངེས་པར་འགྲུབ་ལ་ཕྱག་འཚལ་ལོ། །ངོ་བོ་མ་(༩༣བ)


GLG010_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ཆོས་ཉིད་རབ་མཁྱེན་ཅིང་། །རྣམ་པ་མ་ལུས་ཆོས་ཅན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་མཚོ་མཐའ་དག་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མགོན་པོ་གུས་པས་རྗེས་དྲན་ཞིང་། །སྒོམ་བཟླས་ལེགས་མཆོད་མངོན་པར་བསྟོད་པ་ཡིས། །བློ་ངན་མུན་ནག་འཐིབས་པའི་ཚོགས་རྣམས་ཀུན། །སྤྲིན་མེད་ཉི་མ་བཞིན་དུ་དྭངས་བར་མཛོད། །ཅེས་བསྟོད། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་རློབས་ལ་ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་ཅིང་། །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། ཞེས་དང་། གང་ཚེ་བལྟ་བར་འདོད་པའམ། །ཞེས་སོགས་དང་། བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། ཞེས་སོགས་ཀྱིས་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བཀང་། མ་འབྱོར་བ་དང་ཞེས་སོགས་ཀྱིས་ནོངས་པ་བཟོད་པར་བསོལ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ཀྱི་མཐར། བདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རང་ཉིད་དམ་ཚིག་པའི་ང་རྒྱལ་ལ་གནས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་བསམས་ལ་ལུས་བསྲུང་། ལེགས་བྱས་འདི་བསགས་འབྲས་བུས་ཚེ་རབས་སུ། །འཇམ་པའི་དབྱངས་ཀྱིས་དགེ་བའི་བཤེས་མཛད་ནས། །བདེན་པ་གཉིས་ཀྱི་གནས་ལུགས་མ་ལུས་པ། །ཇི་བཞིན་རྟོགས་པའི་ཤེས་རབ་སྩལ་དུ་གསོལ། ཞེས་དང་། གཞན་ཡང་སྨོན་ལམ་ཤིས་བརྗོད་ཅི་རིགས་པ་བྱའོ། །ངག་གི་དབང་ཕྱུག་ཞལ་ལུང་ཛཻ་ཏཱ་རིར། །མངོན་སུམ་སྩལ་བ་སྒེག་པའི་རྡོ་རྗེ་ལ། །བཀའ་བབས་ཁ་ཆེའི་ཡུལ་གྱི་ཁ་ཌཱི་ཏའི། །ཐུགས་ཀྱི་(༩༤ན)


GLG010_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བེར་གཏམས་པ་བདུད་རྩིའི་བཅུད། །ནོར་སྐྱོང་མི་དབར་མ་བཞུགས་མཁས་གྲུབ་ཕྲེང་། །ཆད་མེད་ལས་འོངས་ཟུར་ཆེན་ཐམས་ཅད་མཁྱེན། །ཁྱབ་བདག་ཞ་ལུ་པ་ཡི་བཀའ་དྲིན་ལས། །རྙེད་འདི་སྐྱེ་མང་བསོད་ནམས་ཟོང་གིས་བསྒྲུབས། །རང་གཞན་མང་པོར་ཕན་འདོད་ལྷག་བསམ་གྱིས། །འབད་པས་བསྒྲུབས་མཐུས་རྣམ་མཁྱེན་མ་ཐོབ་བར། །ཆོས་ཀུན་བལྟ་བའི་བློ་མིག་ཆེས་ཡངས་པ། །མགོན་པོ་འཇམ་པའི་དབྱངས་དང་བདག་མཚུངས་ཤོག །ཅེས་མ་ཏི་ལུགས་ཀྱི་འཇམ་དཀར་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་རྟ་ལྗང་དབང་པོ་ནི་གཞུང་ལུགས་གསར་པའི་རབ་བྱམས་སྨྲ་བའི་བཤེས་གཉེན་སྐུ་སྐྱེ་བསྟན་འཛིན་རྒྱ་མཚོས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་པཎྜིཏ་སྒེག་པའི་རྡོ་རྗེ། རྒྱ་སྟོན། བསོད་ནམས་པ་རིན་ཆེན་རྒྱལ་མཚན་རྣམས་ཀྱི་ཡི་གེ་ལ་གཞི་བྱས། བརྒྱུད་ལྡན་མཁས་པའི་ཕྱག་བཞེས་ཀྱིས་ལེགས་པར་བརྒྱན་ཏེ་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེས་ལྕགས་མོ་བྱ་ལོ་སྣོན་གྱི་ཟླ་བར་ཕོ་བྲང་དམར་པོ་རིར་སྦྱར་པའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་པྲཛྙཱ་ཝརྡྷ་བྷ་ཝནྟུ། ཚངས་པའི་སྲས་མོ་ཡིད་འོངས་ལུས་དཀར་ཅན། །མགྲིན་དབུས་པད་མཚོར་བཞད་པའི་ཞལ་སྒོ་ལས། །ལེགས་བཤད་རྡོ་རྗེ་བླུན་རྨོངས་གཉེན་པོ་རུ། །གདངས་མཛད་བཀའ་དྲིན་ཟླ་བྲལ་བླ་མ་དང་། །ཀེ་ལ་ཤ་ཡི་མཛེས་སྡུག་འཕྲོག་པའི་ལྷ། །རྒྱལ་ཀུན་ཡབ་གྱུར་བརྟན་པའི་འཁོར་ལོའི་ཞབས། །དངོས་པོ་གཅིག་ཏུ་ལྟ་བའི་གདུང་ཤུགས་ཀྱིས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་གསོལ་ནས། །རྣམ་འབྱེད་ཤེས་རབ་རལ་གྲིས་སྒྲིབ་གཉིས་ཀྱི། །འཆིང་རྒྱ་དབྲལ་ནས་སྲིད་ཞིའི་རྒྱ་མཚོ་ལས། །བློ་གྲོས་གཟིངས་ཀྱིས་བསྒྲལ་ཏེ་ལུས་ཅན་ཀུན། །འདྲེན་པའི་(༩༤བ)


GLG010_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དེད་དཔོན་ཆེན་པོར་འགྱུར་བར་ཤོག །ཅེས་པ་འདིའང་སྐུ་སྐྱེ་བསྟན་འཛིན་རྒྱ་མཚོས་འཇམ་དཀར་གྱི་ཉམས་ལེན་སྐབས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། ། ན་མོ་྅ཛོཏ་ནཱ་ཐཱ་ཡ། བྱམས་བརྩེའི་ཤེལ་གྱིས་ལས་ཉོན་ཞུགས་ཀྱི་ཕུང་། །ཉེར་བསིལ་ཕན་བདེའི་ལོ་ཏོག་རྒྱས་མཛད་པ། །བསྐལ་བཟང་སངས་རྒྱས་ལྔ་པ་མ་ཕམ་མགོན། །རིང་པོའི་ཕྱག་ཁྱོད་བདག་སོགས་འགྲོ་དབུགས་ཕྱུང་། །རྣམ་འདྲེན་སྤྱན་སྔར་བླ་གོས་ཕྲག་པར་གཟར། །པུས་བཙུགས་ཐལ་སྦྱར་སྲ་མཁྲེགས་རྡོ་བའི་ངོས། །བྲིས་པའི་དམ་བཅའི་རི་མོ་ཟུབས་མིན་ཕྱིར། །གཟུངས་སྔགས་འབྲས་བུ་མྱོང་ལ་གཅིག་ཏུ་སྤྲོ། །མགོན་པོ་མཐའ་མེད་འཁོར་མཚོ་ཉེར་སྒྲོལ་བའི། །དེད་དཔོན་ཁྱོད་ལ་གཏན་གྱི་སྐྱབས་སོང་སྟེ། །སྒྲུབ་ཐབས་འཇིགས་མེད་འབྱུང་གནས་ཀྱིས་བཀྲལ་བའི། །རྗེས་འབྲང་གོ་སླའི་ངག་གིས་དེང་འདིར་སྤེལ། །དེའང་རྡོ་རྗེ་གདན་གྱི་མཧཱ་བོ་དྷིའི་གནང་བ་ཐོབ་པ་ལ་བརྟེན་ནས་པཎ་གྲུབ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུ་དྷས་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བ་སྒྲུབ་ཐབས་ཉིས་བརྒྱ་ཞེ་གཉིས་གསུངས་པའི་ནང་ཚན་རྗེ་བཙུན་བྱམས་པའི་སྒྲུབ་ཐབས་བཀླགས་ཆོག་གི་ཚུལ་དུ་བཀོད་པ་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། སྐྱབས་འགྲོ་བཞི་སྐོར་སྤྱི་ལྟར་བྱ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་བྱམས་པའི་སྒོམ་བཟླས་ཟབ་མོ་ཉམས་སུ་བླང་བར་བྱའོ་ལན་གསུམ་གྱིས་སེམས་བསྐྱེད། ཚོགས་ཞིང་ནི། རང་སྐད་ཅིག་གིས་རྗེ་བཙུན་བྱམས་པ་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་བྱམས་པ་མགོན་པོར་བླ་མ་རྡོ་རྗེ་སེམས་(༩༥ན)


GLG010_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་རྣམ་པས་དབུ་བརྒྱན་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས། ཤབྡའི་བར་གྱིས་མཆོད། གུར་ལས་བྱུང་བའི་རྒྱུན་བཤགས་ཚར་གསུམ་དང་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ནི། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་སེམས་མཾ་སེར་པོ་ལས་འོད་ཟེར་འཕྲོས་འཕགས་པ་རྣམས་མཆོད་པས་མཉེས་པར་བྱས། འགྲོ་བ་རྣམས་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་གདན་ལ་རང་ཉིད་འཕགས་པ་བྱམས་པ་གུར་གུམ་གྱི་མདོག་ལྟ་བུ་རྩ་ཞལ་སེར། གཡས་ནག་གཡོན་དཀར་བའི་ཞལ་གསུམ། སྤྱན་གསུམ་གསུམ་དང་ལྡན་པ། ཞི་ཞིང་འཛུམ་པ་དབུ་སྐྲ་བུང་བ་ལྟར་གནག་པའི་རལ་པའི་ཐོར་ཚུགས་ཅན། ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། གཡས་འོག་མས་མཆོག་སྦྱིན་དང་། གཡོན་འོག་མས་ནཱ་ག་གེ་སར་གྱི་མེ་ཏོག་གི་སྙེ་མ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། ས་མོ་དོ། དོ་ཤལ་གྱིས་མངོན་པར་སྤྲས་ཤིང་། ལྷ་རྫས་དར་གྱི་སྟོད་གཡོགས་དང་པཉྩ་ལི་ཀའི་ཤམ་ཐབས་གསོལ་བ། ཟླ་བའི་རྒྱབ་ཡོལ་ཅན། འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་སྟེང་དུ་ཟླ་བ་ལ་མེ་སེར་པོ། །དེ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་(༩༥ན)


GLG010_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ། དེ་ནས་ཚོགས་ཞིང་གི་སྐབས་ལྟར་ཉེར་སྤྱད་རོལ་མོ་དང་བཅས་པས་མཆོད། བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེག །སོགས་ཀྱིས་བསྟོད། བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཻཾ་གྱི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པ་བྱམས་པའི་གོ་འཕང་ལ་བཀོད། ཚུར་འདུས་ཐུགས་ཀའི་ས་བོན་ལ་ཐིམ་པའི་དམིགས་པའི་འཕྲོ་འདུ་དང་བཅས་ནས། ཨོཾ་མཻ་ཏྲ་ཡེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། སྔར་བཞིན་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་རྙེད་ཡོངས་སུ་མ་ཤེས་སོགས་ཀྱིས་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་གཤེགས། རང་ཉིད་དམ་ཚིག་པར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པས་ལུས་བསྲུང་། བསྔོ་བ་སྨོན་ལམ་བཀྲ་ཤིས་ཅི་རིགས་བྱའོ། །དེ་ལྟར་སྒྲུབ་ཐབས་རྒྱ་མཚོ་ལས་གསུངས་པའི་རྗེ་བཙུན་བྱམས་པའི་སྒྲུབ་ཐབས་དགའ་ལྡན་དུ་བགྲོད་པའི་ཐེམ་སྐས་འདི་ནི་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བའི་བྱེད་པོ་ཆོས་རྗེ་སྔགས་རམ་པ་ནམ་མཁའ་བཟང་པོ་དང་། རབ་འབྱམས་པ་བློ་བཟང་རྡོ་རྗེས་བསྐུལ་བའི་ངོར། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་རེག་ཟིག་ལ་ཚིག་སྣ་ཅུང་ཟད་སྤྲོས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་(༩༦ན)


GLG010_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གོ། ན་མོ་གུ་རུ་མཉྫུ་ཤྲི་ཡེ། འཁོར་ལོ་ཐ་མའི་སྙིང་པོ་ཕལ་ཆེན་ནས། །ཀུན་ཏུ་བཟང་པོའི་སྨོན་ལམ་གསུངས་པ་ཡི། །འཕྲོས་དོན་བདེ་ལྡན་ཞིང་དུ་འཕོ་བའི་ཐབས། །ཉལ་སྒོམ་མཁས་པའི་བཞེད་སྲོལ་དེང་འདིར་སྤེལ། དེའང་བཟང་པོ་སྤྱོད་པའི་བདག་ནི་འཆི་བའི་དུས་བྱེད་གྱུར་པའི་ཚེ། ཞེས་སོགས་ཀྱི་དགོངས་དོན་ལྟར་མགོན་པོ་འཇམ་དབྱངས་ཀྱིས་སློབ་དཔོན་ཛཻ་ཏཱ་རི་ལ་སྩལ་བ་རིམ་གྱིས་བརྒྱུད་པ་ར་ལོ་ཆེན་གྱི་མན་ངག་གོང་མ་ལྔའི་ཟབ་ཆོས་བརྒྱུད་པའི་ཆུ་བོ་ཟམ་མ་ཆད་པ་ལས་ཉེ་བར་འོངས་པ་ལ། སྦྱོར་བ་དངོས་གཞི་མཇུག་ཕན་ཡོན་དང་བཞི། དང་པོ་ནི། འཇམ་དབྱངས་ས་སྐྱ་ལོ་ཙཱ་བས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །དེ་ནས་བྱང་ཆུབ་སེམས་བསྒོམ་བྱ། །མདུན་དུ་སྣང་བ་མཐའ་ཡས་བསྒོམ། །དེ་ལ་ཕྱག་འཚལ་མཆོད་པར་བྱ། །ཞེས་པའི་དོན། སངས་རྒྱས་འོད་དཔག་ཏུ་མེད་པའི་སྒོ་ནས་སྡིག་པ་སྦྱོང་ཞིང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འདོད་པའི་རྣལ་འབྱོར་པས་གནས་ཁང་བྱི་དོར་བྱས་པར་བདེ་བ་ཅན་གྱི་ཞིང་བཀོད་དམ། མ་འབྱོར་ན་སྣང་བ་མཐའ་ཡས་ཀྱི་སྐུ་བྲིས་འབུར་གང་ཡང་རུང་བ་ཞལ་ཤར་དུ་ཕྱོགས་པ་བཞུགས་སུ་གསོལ། མཆོད་པ་ཅི་འབྱོར་བ་བཤམས། དེའི་མདུན་དུ་ནུབ་མ་ཉལ་བའི་དུས་གཉིད་ལོག་པའི་སྔོན་དུ་སྟན་བདེ་བ་ལ་མགོ་ནུབ་ཏུ་བསྟན། གློ་གཡས་པ་འོག་ཏུ་བཅུག་ནས་ཉལ། འོད་དཔག་མེད་གཙོ་བོར་གྱུར་བའི་དཀོན་མཆོག་གསུམ་མཁའ་ཁྱབ་ཏུ་བཞུགས་པ་ལ་དམིགས་ནས་སྐྱབས་འགྲོ་བཞི་སྐོར་གྲངས་བདུན་ནམ་གསུམ་སོགས་ཅི་རིགས་པ་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་འོད་དཔག་མེད་བསྒོམ་པར་བྱ་སྙམ་དུ་སེམས་བསྐྱེད། (༩༦བ)


GLG010_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁང་དང་ས་ཕྱོགས་ཐམས་ཅད་དག་པའི་ཞིང་བདེ་བ་ཅན་དངོས་སུ་བསམས་ལ་རང་ཉིད་མོས་པའི་ཡི་དམ་གྱི་ལྷར་གསལ་བཏབ། མདུན་དུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་གྱི་ན་བཟའ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་བདག་ལ་དགྱེས་བཞིན་དུ་བཞུགས་པ། དེའི་མཐའ་སྐོར་དུ་ཆོས་འདི་སྟོན་པའི་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། དེའི་རྒྱབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་བཞུགས་པར་བསམ། དེ་ལ་དམིགས་ནས་ཡིད་ཀྱིས་ཡན་ལག་བདུན་པ་ཚར་གསུམ་མམ། ཡང་ན་ས་པཎ་གྱིས་མཛད་པའི་ཆོས་སྤྱོད་བཅུ་པའམ། འཇུག་པ་བདེ་བར་བྱེད་ན་འཕགས་པ་རིན་པོ་ཆེས་མཛད་པའི། ན་མོ་བྷ་ག་བ་ཏེ་ཨ་མི་ཏེ་བྷྱཿ ཞེས་ཕྱག་འཚལ། མེ་ཏོག་ལ་སོགས་པས་མཆོད་པར་བསྒོམས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་འདིས་སངས་རྒྱས་འོད་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་ལན་གསུམ་བྱ། གཉིས་པ་དངོས་གཞི་ནི། སྡིག་པ་དག་པའི་ངེས་ཤེས་(༩༧ན)


GLG010_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །ཞེན་པ་ཐམས་ཅད་བཏང་བར་བྱ། །འཆི་བར་འཇིགས་པ་མེད་སེམས་ཀྱིས། །སྣང་བ་མཐའ་ཡས་ཏིང་འཛིན་བསྒྲུབ། །ཅེས་པ་ལྟར་སྣང་བ་མཐའ་ཡས་ལ་བླ་མ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་རྟེན་གྱི་སྟོབས། སྔོན་ཆད་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་པ་ཉེས་པ་ལས་སླར་བཟློག་པའི་སྟོབས། ཡན་ལག་བདུན་པ་སོགས་ཀྱི་ཚོགས་གསོག་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སྟོབས་བཞི་ཚང་ན་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་འདག་པར་ངེས་ཤེས་བསྐྱེད། ཚེ་འདིའི་ལུས་ལོངས་སྤྱོད་ཉེ་དུ་འཁོར་གཡོག་སོགས་རང་འཆི་བའི་དུས་ངེས་པར་འབྲལ་བས་ཞེན་འཛིན་ཐམས་ཅད་བཏང་། བདག་འཆི་བའི་དུས་ན་བདེ་བ་ཅན་དུ་འགྲོ་སྙམ་པའི་གདེངས་ཚོད་ཀྱིས་འཁོར་བ་དང་ངན་སོང་ལ་མི་འཇིགས་པའི་བསམ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་དབུགས་ཕྱིར་རྒྱུ་བའི་ཚེ་རང་གི་རྣམ་པར་ཤེས་པ་འདི་དཀར་པོའི་རྣམ་པ་ཅན་སྣ་ཕུག་གཡོན་ནས་ཐོན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཤངས་བུག་གཡས་སུ་ཞུགས་སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ཧྲཱིཿལ་ཐིམ་པས་རྒྱལ་བའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསམ། དབུགས་ནང་དུ་འཇུག་པའི་ཚེ་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧྲཱིཿལས་སེམས་ཀྱི་ངོ་བོ་འོད་དཀར་པོ་མར་མེ་གཅིག་ལས་གཉིས་མཆད་ཀྱི་རྣམ་པར་བྱུང་། ཤངས་བུག་གཡོན་ནས་ཐོན་ཏེ་རང་གི་སྣ་བུག་གཡས་སུ་(༩༧བ)


GLG010_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། སྙིང་གར་ཐིམ་ནས་རྒྱལ་བའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསམ། དེ་ལྟ་བུའི་ཏིང་འཛིན་འགལ་མེ་འཁོར་བ་ལྟར་གྲངས་མི་བཟུང་བར་ཇི་ཙམ་ནུས་ཀྱི་བར་བྱ། གསུམ་པ་མཇུག་ནི། ཕྱི་ནང་རིམ་བཞིན་ལུས་ལ་བསྡུ། བདག་ཉིད་དད་པའི་ངོ་བོར་བསྐྱེད། དགེ་བ་སེམས་ཅན་རྣམས་ལ་བསྔོ། །ཕྱིས་ཀྱང་དེ་ལ་གོམས་པར་བྱ། ཞེས་པ་ལྟར་ཐུན་འཇོག་ཁར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྩ་བརྒྱུད་ཀྱི་བླ་མ་ལ་ཐིམ། བླ་མ་རྣམས་སངས་རྒྱས་སྣང་བ་མཐའ་ཡས་ལ་ཐིམ། དབུགས་ནང་དུ་འཇུག་པ་དང་བསྟུན་སྣང་བ་མཐའ་ཡས་འོད་དུ་ཞུ་ནས་བདག་ལ་ཐིམ། བདག་ཀྱང་འོད་དུ་ཞུ་ནས་སངས་རྒྱས་ཡི་དམ་རང་སེམས་གསུམ་དབྱེར་མེད་དུ་འདྲེས་པའི་ངང་ནས་མགོན་པོ་འོད་དཔག་མེད་སྔར་བསྒོམས་པ་ཇི་ལྟ་བ་བསྐྱེད་པ་ལ་དམིགས་པ་བསྟོད་དེ། ཨོཾ་ཨ་མ་ཧཱ་བྷ་ཧྲཱི༔སྭཱ་ཧཱ། ཞེས་ཅི་ནུས་བཟླ། དེ་ནས་འགྲུབ་ན་བཟང་པོ་སྤྱོད་པའི་སྨོན་ལམ་དང་། དེ་ཙམ་མ་ལྕོགས་ན། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་སྨོན་ལམ་བཏབ། དགེ་འདིས་བདག་གིས་གཙོ་བྱས་སེམས་ཅན་ཀུན། །ཉིང་མཚམས་སྦྱར་ཚེ་བདེ་བ་ཅན་ཞིང་དུ། །བརྫུས་ཏེ་སྐྱེས་ནས་འོད་དཔག་མེད་མགོན་གྱིས། །དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། ཞེས་པས་མཚོན་ཏེ་བསྔོ་སྨོན་གྱིས་རྒྱས་འདེབས། ཨོཾ་བཛྲ་མུཿ ཞེས་པས་རང་ལ་བསྟིམ་པས་སངས་རྒྱས་བདེ་བ་ཅན་དུ་གཤེགས་པར་བསམས་ལ། རང་གི་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུཾ་གསུམ་བཀོད་པས་བསྲུངས་ནས་ཡིད་གཞན་དུ་མི་འགྱུར་བ་བདེ་བ་ཅན་དུ་འཕོ་བའི་འདུན་པ་དུང་ངེ་བའི་ངང་དུ་གཉིད་ལོག་(༩༨ན)


GLG010_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གོ །ཉིན་མོ་སོགས་གནས་སྐབས་ཀྱི་སྤྱོད་ལམ་ཐམས་ཅད་འདུག་པའི་གནས་དེ་བདེ་བ་ཅན་གྱི་ཞིང་ཁམས་སུ་བསམས་ལ་རྟག་ཏུ་སངས་རྒྱས་འོད་དཔག་ཏུ་མེད་པ་དང་མི་འབྲལ་བར་བསྒོམ། འགྲོ་བའི་ཚེ་རང་གི་མདུན་དུ་སངས་རྒྱས་འོད་དཔག་ཏུ་མེད་པ་བཞུགས་པའི་ཕྱོགས་སུ་འགྲོ་བར་བསམ་མོ། །བཞི་པ་ཕན་ཡོན་ནི། འདི་ལ་ནད་དང་གདོན་མི་འབྱུང་། །འཆི་བའི་དུས་ན་སྡུག་བསྔལ་མེད། །བར་དོར་ཐུབ་པས་རྗེས་སུ་འཛིན། །ཕྱི་མའི་དུས་སུ་ཐར་པ་ཐོབ། །ཅེས་པས་དོན་དེ་ལྟ་བུའི་རྣལ་འབྱོར་ཉམས་སུ་བླངས་པས་ཚེ་འདིར་ནད་གདོན་བར་ཆད་མེད་ཅིང་ཚེ་རིང་བ་དང་། འཆི་ཀའི་དུས་འོད་དཔག་མེད་ཀྱི་ཐུགས་རྗེས་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་། བར་དོའི་འཇིགས་པ་ལས་བསྒྲལ་ནས་ལུས་འདི་སྦྲུལ་ཤུན་བརྗེས་པ་ལྟར་ནུབ་ཕྱོགས་བདེ་བ་ཅན་དུ་པདྨ་ལས་བརྫུས་ཏེ་སྐྱེས་ནས་སྣང་བ་མཐའ་ཡས་ལ་ཆོས་ཉན་པར་དཀོན་མཆོག་བརྩེགས་པ་ལས་གསུངས་ཤིང་། དེའི་གདམས་པ་ཉམས་སུ་བླངས་པས་ཐར་པ་ཐོབ་པར་གདོན་མི་ཟའོ། །རྒྱ་གར་མཁས་གྲུབ་བོད་ཀྱི་ལོ་ཙཱ་བའི། །མན་ངག་ས་སྐྱའི་འཇམ་མགོན་རིམ་བྱོན་གྱི། །དགོངས་དོན་འཁྲུལ་མེད་ཁྱེར་བདེར་བཀོད་པའི་དགེས། འགྲོ་ཀུན་བདེ་ལྡན་ཞིང་དུ་བགྲོད་པར་ཤོག །ཅེས་བཟང་སྤྱོད་ལས་བྱུང་བའི་ཉལ་སྒོམ་གྱི་ཉམས་ལེན་བདེ་ལྡན་ཞིང་གི་འཇུག་ངོག་ཞེས་པ་འདི་ནི་ལྷ་ས་བ་བློ་བཟང་དཔལ་འབྱོར་གྱིས་བསྐུལ་བས་རྐྱེན་བྱས་ཚུལ་འདིར་མོས་པའི་ལས་དང་པོ་བ་རྣམས་ལ་ཕན་ཕྱིར་ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་དང་མཁས་གྲུབ་ཆེན་པོ་ཁྲ་ཚང་པ་བློ་མཆོག་རྡོ་རྗེའི་དྲུང་དུ་ནོས་ཤིང་ཁོང་དུ་ཆུད་པའི་དྲིན་ལས་རྗེ་བཙུན་ས་པཎ་གྱི་རྩ་ཚིག་ལ་གཞི་བྱས། དེའི་རང་འགྲེལ་དང་ཆོས་ཀྱི་རྒྱལ་པོ་འཕགས་པའི་གསུང་རབ་ཀྱི་དོན་ཚང་བར་བསྡུས་ཏེ་ཟ་ཧོར་གྱི་བནྡེ་འཇམ་དབྱངས་(༩༨བ)


GLG010_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་བཤེས་གཉེན་གྱིས་ལྕགས་བྱ་ཧོར་ཟླ་ལྔ་པའི་ཉེར་དྲུག་ལ་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གོ ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད་ནི། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པའི་རྩེར། །རཾ་ལས་ཡེ་ཤེས་མེ་ཡིས་རྫས་རྣམས་ཀྱི། །མ་དག་ཉེས་པའི་སྐྱོན་ཀུན་མ་ལུས་བསྲེགས། །ཡཾ་ལས་ཆོས་ཉིད་རླུང་གིས་རྫས་རྣམས་ཀྱི། །མ་དག་ཉེས་པའི་སྐྱོན་ཀུན་མ་ལུས་གཏོར། ཁཾ་ལས་མཚན་མེད་ཆུ་ཡིས་རྫས་རྣམས་ཀྱི། །མ་དག་ཉམས་པའི་སྐྱོན་ཀུན་མ་ལུས་བཀྲུས། །ཨོཾ་གྱིས་ཀུན་རྫོབ་ཆོས་ཀུན་སྟོང་པའི་ངང་། ཐབས་མཆོག་ཨཱཿལས་པད་མའི་སྣོད་ཡངས་པོར། །ཤེས་རབ་ཧཱུཾ་གིས་ཚོགས་ཀྱི་དངོས་པོ་ཀུན། །ཟུང་འཇུག་ཧྲཱིཿལས་ཟག་མེད་བདུད་རྩིར་བསྒྱུར། །སླར་ཡང་འོད་འཕྲོས་འབྱུང་བཞི་ལྷ་མོ་སོགས། །སྣོད་བཅུད་ཀུན་གྱི་ཡོན་ཏན་ཐམས་ཅད་དང་། །རྒྱལ་བ་ཞི་ཁྲོའི་སྐུ་གསུང་ཐུགས་བྱིན་རླབས། །འཁོར་འདས་ཡོངས་ཀྱི་རོ་བཅུད་ནུས་པའི་ཚོགས། །ཐོགས་མེད་བཀུག་ནས་དབྱེར་མེད་གཅིག་ཏུ་གྱུར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱི་བྱིན་གྱིས་བརླབས། སྤྱན་འདྲེན་ནི། རང་སྣང་དག་པའི་ཞིང་ཁམས་ནས། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་མཆེད་ལྕམ་ཉམས་རྟོགས་སྤོར། །སྣང་སྲིད་བདེ་བ་ཆེན་པོར་མཛོད། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ བཞུགས་སུ་གསོལ་བ་ནི། སྒྲུབ་པའི་རྟེན་དང་གཏོར་མ་ལ། གཉིས་སུ་མེད་པར་བརྟན་པར་བཞུགས། པདྨ་ཀ་མ་(༩༩ན)


GLG010_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ལ་པ་སྟྭཾ། ཡི་གེ་བཅུ་པ་ལན་བདུན་བཟླས་ནས། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཚོགས་དང་པོ་འབུལ་བ་ནི། །འཕགས་མཆོག་ཐུགས་རྗེའི་དཀྱིལ་འཁོར་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །འདོད་ཡོན་ཕྱི་མཆོད་ནམ་མཁའ་གང་། །བདུད་རྩི་སྨན་ཕུང་རཀྟ་དང་། །དམ་རྫས་རྒྱན་ལྡན་ནང་མཆོད་བཤམས། །མཛེས་སྡུག་ཕྱག་རྒྱར་མཉམ་སྦྱོར་བ། །གསང་བ་བདེ་ཆེན་མཆོད་པའི་རྫས། །ཀུན་ཀྱང་རིག་པའི་རང་གདངས་ལས། །མཆོད་བྱ་མཆོད་བྱེད་དང་བྲལ་བ། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ། །ཐུགས་དམ་སྐོངས་ལ་དགོས་གྲུབ་སྩོལ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལས་པ་རི་ཝཱ་ར་ག་ཎ་ཙཀྲཔཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། བདག་ཅག་མ་རིག་དབང་གྱུར་པས། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ། །རྩ་གསུམ་ལྷ་ཚོགས་རྣམས་ལ་བཤགས། །ཚངས་པ་ཁྲུས་ཀྱི་དངོས་གྲུབ་སྩོལ། །ཨོཾ་པདྨ་ས་ཏྭ་ས་མ་ཡ་སོགས་སྣང་བ་མཐའ་ཡས་ཀྱི་ཡི་གེ་བརྒྱ་པ་གསུམ་མམ་བདུན་བརྗོད། ཐ་མ་བསྒྲལ་བ་ནི། ཨེ་ལས་ཐར་མེད་འབྲུབ་ཁུང་འབར་བའི་ནང་། །རྣ྄ིདང་ཏྲི་ལས་གནོད་བྱེད་གཟུགས་ཕུང་ལ། །ཕོ་ཉ་རྣམས་ཀྱི་དགྲ་དང་བགེགས་ཀྱི་ཚོགས། །ཁུག་ཅིག་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་གྱུར། །དབང་ཆེན་རབ་ཁྲོས་སྐུ་སྨད་ཕུར་པའི་དཔལ། །སྙིང་གར་བཏབ་པས་སྲོག་བཅད་རྣམ་ཤེས་སྤར། །སྤུ་གྲི་འབར་བས་ཡན་ལག་ཤ་ཁྲག་རུས། །ནང་ཁྲོལ་མ་ལུས་ཕྱེ་མ་དུམ་བུར་གཏུབས། །ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་དགྲ་བགེགས་ཀྱི་བླ་ཚེ་སྲོག་གསུམ་ཐམས་ཅད་མཱ་ར་ཡ་རྦད་ཅེས་བསྒྲལ། སྟོབས་(༩༩བ)


GLG010_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཕྱི་ལྟར་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ནང་དུ་ཚོགས་བརྒྱད་དག་པའི་ཕུང་པོ་ལྔ། །གསང་བ་བདེ་སྟོང་ཡེ་ཤེས་ལྔའི་རང་བཞིན། །གནས་ལུགས་རང་ངོ་ཤེས་པའི་ངང་ནས་འབུལ། །གོང་གི་སྔགས་གཤམ་དུ་མ་ཧཱ་མཾ་ས་རཀྟ་ཀཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ལྷག་མ་ནི། ཁ་ཆུས་བྲན་ལ། ཕྱི་ཡི་འཁོར་ཡུག་ལ་གནས་པའི། །ཐུགས་རྗེ་ཆེན་པོའི་བཀའ་སྐྱོང་ཚོགས། །ཡང་འཁོར་སྡེ་བརྒྱད་ཕོ་ཉར་བཅས། །ལྷག་པའི་གཏོར་མ་འདི་ལོང་ལ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བསྟན་གནོད་དགྲ་བགེགས་འཇོམས་པ་དང་། །རྣལ་འབྱོར་སྡོང་གྲོགས་བྱ་བ་དང་། །འགྲོ་ཀུན་ཕན་བདེ་སྒྲུབ་པར་མཛོད། །ཨོཾ་ཨུ་ཙིཥྚ་བ་ལིཾ་ཏ་བྷ་ཀྵ་སེ་སྭཱཧཱ། ཆད་མཐོ་ནི། སྔོན་ཚེ་འོག་མིན་བདེ་ལྡན་ཞིང་ཁམས་སུ། །དཔལ་ལྡན་ཀུན་བཟང་གར་གྱི་དབང་པོ་ཡིས། །རང་ལས་གཞན་མིན་དག་པའི་འཁོར་རྣམས་ལ། །བྱར་མེད་ངང་ནས་ཆོས་ཀྱི་གནས་ལུགས་ཀུན། །ཚིག་དང་ཡི་གེ་མེད་པ་བསྟན་པའི་ཚེ། །གསང་བ་ཡེ་ཤེས་ལ་སོགས་མཁའ་འགྲོ་ཡིས། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །གཏོར་མ་འདི་ལོང་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་བར་གྱི་བསྐལ་པ་དབུས་མ་ལ། །ར་ས་འཁྲུལ་སྣང་དཔལ་གྱི་གཞལ་ཡས་སུ། །སྲོང་བཙན་སྒམ་པོ་ཨོ་རྒྱན་ཁྲི་སྲོང་རྗེས། །འཕགས་མཆོག་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེ་ནས། །གཏེར་ཁ་གསུམ་དུ་ཟབ་གཏེར་སྦས་པའི་ཚེ། །དུང་སྐྱོང་མ་སོགས་ཆོས་སྲུང་གཏེར་བདག་གིས། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །གཏོར་མ་འདི་ལོང་བཅོལ་བའི་འཕྲིན་ལས་མཛོད། །དེ་འོག་རྩུབ་འགྱུར་བསྐལ་བའི་ཐ་མ་ལ། །ལངྒའི་རྒྱལ་ཁབ་དཔལ་རིའི་ཕོ་བྲང་དུ། །སློབ་དཔོན་ཐོད་ཕྲེང་སློབ་མ་དངོས་གྲུབ་མྱང་། །ཤཱཀྱ་བཟང་པོ་གཏེར་སྟོན་རྣམ་གསུམ་གྱིས། །འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་ཞལ་ཕྱེ་ནས། །མ་སྲིང་དྲེགས་པ་དམ་ལ་བཏགས་(༡༠༠ན)


GLG010_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། གཏོར་མ་འདི་ལོང་བཅོལ་བའི་ཕྲིན་ལས་མཛོད། །ད་ལྟ་བཀྲ་ཤིས་བྱིན་ཆགས་གནས་མཆོག་འདིར། །དམ་གཙང་རྡོ་རྗེའི་སྤུན་གྲོགས་མཆེད་ལྕམ་གྱིས། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །བདག་དོན་བྱང་ཆུབ་ནར་མར་བསྒྲུབས་པའི་ཚེ། །ཡར་གནས་མཆོད་བྱིན་མར་གནས་སྦྱང་བ་དང་། །བསྟན་སྲུང་དམ་སྐང་གཡར་དམ་གསོ་བྱེད་ན། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། གཏོར་མ་འདི་ལོང་བཅོལ་བའི་ཕྲིན་ལས་མཛོད། །བསྟན་མ་བསྐྱང་བ་ནི། བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་བཙུན་བཞི། །འཁོར་བཅས་དམ་རྫས་བདུད་རྩི་འདི་བཞེས་ལ། ། དབུས་གཙང་རུ་བཞིའི་ནད་རིམས་དལ་ཁ་ཆད། །སད་སེར་བཙའ་ཐན་ལོ་ཉེས་དམག་འཁྲུགས་སོགས། །ཉེར་འཚེ་ཀུན་ཞི་ཆོས་སྲིད་ལེགས་ཚོགས་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །བྲོ་བརྡུངས་ནི། གཏོར་གཞོང་རི་རབ་གསལ་བའི་འགོ །གནོད་བྱེད་དགྲ་བགེགས་དམ་སྲི་རྣམས། །ལུས་ངག་ཡིད་གསུམ་མནན་བྱས་ནས། །ཐར་པ་མེད་པའི་བྲོ་བརྡུང་ངོ་། །དབང་ཆེན་རྟ་སྐད་ཅེར་ར་ར། །རོལ་པའི་རྟ་བྲོ་ཆེམ་སེ་ཆེམ། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་བར། ཁྲོ་མོ་རྣམས་ཀྱིས་རྒྱས་འདེབས་སོ། །དབང་དྲག་ཞི་རྒྱས་བྲོ་བརྡུངས་བས། ཁམས་གསུམ་དབང་སྡུད་གནོད་བྱེད་བསྒྲལ། །ནད་གདོན་ཀུན་ཞི་ཚེ་དཔལ་རྒྱས། །ལས་བཞི་ཐམས་ཅད་ལྷུན་གྲུབ་ཤོག །པ་ཤི་ཀུ་རུ་མཱ་ར་ཡ་ཤནྟཾ་ཀུ་རུ། པུཥྚཾ་ཀུ་རུ་སྭཱཧཱ། ཞེས་རྒྱལ་པོ་བཀའ་འབུམ་དུ་ཚོགས་འཁོར་གྱི་ཚིག་ཟིན་མེད་ཅིང་གངས་རི་བའི་ཡིག་ཆར་ཕྱོགས་ཙམ་སྣང་བ་ཧ་ཅང་ཚང་བ་མི་འདུག་པ། ཉེ་ཆར་འཁྲུལ་སྣང་བྱ་འདབས་ཀྱི་མ་ཎི་བ་དགོས་བསྟན་སྤྱི་སོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་བྱང་སེམས་མྱུ་གུ་རྩལ་གྱིས་ལྕགས་བྱ་གླུ་དབྱངས་ཀྱི་ཟླ་བར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གོ །སརྦ་མངྒ་ལཾ།། །།

གཟུར་གནས་བློ་ལྡན་ངོ་མཚར་སྐྱེད་བྱེད་གཟུངས་འབུལ་གྱི་ལག་ལེན་འཁྲུལ་སྤོང་ཉིན་མོར་བྱེད་པ།


GLG010_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གཟུར་གནས་བློ་ལྡན་ངོ་མཚར་སྐྱེད་བྱེད་གཟུངས་འབུལ་གྱི་ལག་ལེན་འཁྲུལ་སྤོང་ཉིན་མོར་བྱེད་པ་བཞུགས་སོ།།


GLG010_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟཱི་སིདྡྷི། འགྱུར་མེད་ཆོས་སྐུ་དོན་དམ་མཁའ་ཁྱབ་སྤྲོས་དང་བྲལ་བའི་རང་བཞིན་ལས། །སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་གར་མཁན་དཀྱིལ་འཁོར་བདག་པོར་མངོན་བཞེངས་པའི། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་དངོས་འཇམ་མགོན་བླ་མ་ཙོང་ཁ་པ། །ཟུང་འཇུག་དབང་གི་རྒྱལ་པོའི་འབྱུང་གནས་ཁྱོད་ཞབས་སྙིང་གི་པད་མཚོར་བཞུགས། །ཅུང་ཟད་བསྟེན་ཀྱང་རྣམ་པར་དཀར་བའི་འབྲས། །མངོན་པར་རྒྱས་མཛད་ཡང་དག་དགེ་བའི་བཤེས། །འཁོན་སྟོན་ཤེས་བྱ་ཀུན་མཁྱེན་ཁྱོད་ཉིད་ལས། ཁྱབ་བདག་འཁོར་ལོའི་མགོན་དེ་གཞན་ན་སུ། །གསང་ཆེན་རྒྱུད་སྡེ་རྒྱ་མཚོར་མངའ་བསྒྱུར་བའི། །མཁས་ཤིང་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཛིན། །སྔོན་བྱོན་ཚད་མར་གྱུར་པའི་ཕྱག་བཞེས་དག །འཁྲུལ་པ་མེད་པའི་ལམ་དུ་དེང་འདིར་སྤེལ། །དེ་ཡང་མགོན་པོ་བྱམས་པས། །རིག་(༢ན)


GLG010_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། ཞེས་གསུངས་པ་ལྟར་གྱི་རིག་པའི་གནས་ལྔའི་ནང་ནས་གཞན་རྗེས་སུ་འཛིན་པར་བཟོ་རིག་པར་གྲགས་པ་འདི་ཉིད་ལུས་ཅན་ཀུན་གྱི་ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས་སུ་བླ་ན་མ་མཆིས་པའི་རྒྱུ་མཚན། མཉམ་མེད་ཇོ་བོ་ཆེན་པོས། འཕགས་པ་རྣམ་པར་གྲོལ་བའི་སྡེའི་རྗེས་སུ་འབྲངས་ཏེ་གཙུག་ལག་ཁང་མཐའ་ཡས་པའི་གཉེར་ཁ་མཛད་དེ་ལྡེ་མིག་མང་དུ་བཟུང་བ་སོགས་རྣམ་ཐར་རྣམས་ལས་བྱུང་བ་ལྟར་དང་། སྟོན་པ་རིན་པོ་ཆེས་དགེ་འདུན་གྱི་གནས་གཞི་བཞེངས་པ་ལས་ལྷག་པའི་འདུས་བྱས་ཀྱི་དགེ་རྩ་མེད་པར་གསུངས་པ་ལ་བརྟེན་ནས། དགེ་བའི་བཤེས་གཉེན་སྤྱན་སྔ་བས་གཙུག་ལག་ཁང་དང་ཀུན་དགའ་ར་བ་མང་དུ་བཞེངས་པའི་སྔོན་བྱོན་དམ་པའི་རྣམ་ཐར་ལྟར་རོ། །དེ་ལྟ་བུ་ལ་རྟེན་གནས་གཞི་འདིང་བ་དང་། དེར་བཞུགས་པའི་བརྟེན་པ་སྐུ་གསུང་ཐུགས་ཀྱི་རྟེན་བཞེང་བའི་ཚུལ་ལ་གཉིས་ལས། དང་པོ་ནི། གནས་ཀྱི་མཚན་ཉིད་སྤྱིར་དགེ་བཅུ་ཚང་བ། བྱེ་བྲག་ཏུ་དཔལ་དཱི་པཾ་ཀཱ་རའི་ས་དཔྱད་འཕྲུལ་གྱི་ལྡེ་མིག །ཕུར་(༢བ)


GLG010_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་གསང་བླ་མེད། །རྗེ་ཡང་དགོན་པའི་རི་ཆོས་སོགས་ཡིག་ཆ་ཁུངས་ཐུབ་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་བརྟག་དགོས་ལ། གཙོ་བོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མཛད་པ་བཅུ་གཉིས་ལྟ་བུ་བསྟན་པའི་གནས་དང་། དཔའ་བོ་དང་མཁའ་འགྲོ་རྣམས་རང་བཞིན་གྱིས་འདུ་བའི་ཡུལ་ཉི་ཤུ་རྩ་བཞི་འམ་དེ་དང་འདྲ་བ། གཞན་ཡང་རྒྱ་བོད་ཀྱི་མཁས་གྲུབ་རྒྱལ་བློན་དམ་པ་ཚད་ལྡན་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་། བྱིན་རླབས་མཛད་པ་རྣམས་ནི་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་པ་ཡིན་པས། དུས་དང་བསྟུན་པའི་རང་གཞན་གྱི་གང་ཟག་རྣམས་ལ་ལྷག་པར་སྨན་ཡོན་དུ་འགྱུར་བར་སེམས་ཤིང་། དོན་བསྡུ་ན་དུས་འཁོར་རྩ་རྒྱུད་ལས། གང་ལ་ས་སྐྱོང་ཆོས་ལྡན་ཞིང་། སྐྱེ་དགུ་བདེར་གནས་རྩོད་པ་མེད། ཅེས་དང་། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་པ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེར་བཞུགས་པའི་རྟེན་ལ། ངོས་འཛིན་ཚུལ། ཚེ་དང་ཕན་ཡོན། གཟུངས་གཞུག་འབུལ་ཚུལ་དང་བཞི། དང་པོ་ལ་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ལས། དང་པོ་སྐུའི་རྟེན་ནི། ལོངས་སྐུ། སྤྲུལ་སྐུ་སོགས་སངས་རྒྱས་དང་། སེམས་དཔའ་བྱམས་འཇམ་དབྱངས་ལྟ་བུ་དང་། ཉན་རང་གི་རིགས་དང་། རང་རང་གི་དངོས་བརྒྱུད་ཀྱི་བླ་མའི་སྐུ་སོགས་རིགས་མང་ཞིང་། ད་ལྟ་ངོས་འཛིན་ཚུལ་ལ། བླ་མེད་ཀྱི་རིགས་ལྔ་ལྟ་བུ་ལོངས་སྐུ་དང་། །བདག་ཅག་(༣ན)


GLG010_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟོན་པ་ལྟ་བུ་སྤྲུལ་སྐུའི་ཐ་སྙད་དུ་བྱེད་པ་ཡང་མི་རུང་བ་མ་ཡིན་མོད། འོན་ཀྱང་དེ་ཙམ་གྱིས་ལོངས་སྤྲུལ་གྱི་དབྱེ་བ་བྱ་བ་ནི་མ་ཡིན་ཏེ། འདུས་པ་དང་བདེ་དགྱེས་སོགས་དཀྱིལ་འཁོར་བའི་ལྷ་རྣམས་ནི་ངོ་བོ་ཡེ་ཤེས་ཀྱི་སྐུ། འབྱུང་ལུས་རགས་པ་དང་བྲལ་བའི་ལོངས་སྐུ་དེ་ལས་སྤྲུལ་བས་ན་སྤྲུལ་སྐུར་ངོས་འཛིན་པས་སོ། །དེ་ལྟར་དཀོན་མཆོག་གསུམ་གྱི་དབང་དུ་བྱས་ན་སྔ་མ་འདི་དག་ནི་སངས་རྒྱས་དཀོན་མཆོག་དང་། ཕྱི་མ་རྣམས་དགེ་འདུན་དཀོན་མཆོག་རྟེན་དུ་འགྱུར་རོ། །གཉིས་པ་གསུང་གི་རྟེན་ནི། མདོ་སྡེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། སྔགས་ལ་ཕ་རྒྱུད་བྱེ་བ་ཕྲག་དྲུག །མ་རྒྱུད་བྱེ་བ་ཕྲག་བཅུ་དྲུག་སོགས་གླེགས་བམ་དུ་བཀོད་པ་སྟེ། དཀོན་མཆོག་གསུམ་ལས་ཆོས་དཀོན་མཆོག་གི་རྟེན་ནོ། །གསུམ་པ་ཐུགས་ཀྱི་རྟེན་ནི། །རང་བཞིན་ལྷུན་གྲུབ་གྱི་མཆོད་རྟེན་ནི། །སྣོད་བཅུད་ལ་སྦྱར་བ་དང་། །བླ་ན་མེད་པའི་མཆོད་རྟེན་ནི། །ཐིག་ལེ་དབང་གི་རྒྱུད་ལས་གླིང་བཞིར་ཚད་མེད་བཞི་ལ་སྦྱར་བ་དང་། །བྱིན་གྱིས་བརླབས་པའི་མཆོད་རྟེན་ནི་སྐུ་གདུང་ཆ་བརྒྱད་གླིང་བཞིར་སོ་སོར་བཞུགས་པ་དང་། དངོས་གྲུབ་འབྱུང་བའི་མཆོད་རྟེན་ནི་སྔོན་ཧེ་རུ་ཀས་དྲག་པོ་བཏུལ་བའི་ཚེ་ཡུལ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་བརྒྱད་ཀྱི་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་དང་། གཞན་ཡང་ཐེག་པ་སོ་སོའི་མཆོད་རྟེན་ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་རྟེན་དབྱིབས་ཚད་མི་འདྲ་བ་རྣམས་དང་། བྱེ་བྲག་ཏུ་འོ་སྐོལ་གྱི་སྟོན་པས་སྐུ་ཚེ་འདིའི་མཛད་པ་ཁྱད་པར་ཅན་རྣམས་ལས་གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་པའི་ཚེ་བདེ་གཤེགས་(༣བ)


GLG010_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན། རྒྱལ་པོའི་ཁབ་ཏུ་མངོན་པར་བྱང་ཆུབ་པའི་ཚེ་བྱང་ཆེན་མཆོད་རྟེན། ཝཱ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ཡེ་ཤེས་མཆོད་རྟེན། མཉན་ཡོད་ཛེ་ཏའི་ཚལ་དུ་ཆོ་འཕྲུལ་བསྟན་པའི་ཚེ། །མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན། ཡངས་པ་ཅན་དུ་ལྷའི་དབྱར་གནས་མཛད་པའི་ཚེ། །སུམ་ཅུ་ལྷའི་མཆོད་རྟེན། རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་པ་མཆོག་ཟུང་གཉིས་ཀྱིས་འདུམས་པའི་ཚེ། བྱང་དངོས་མཆོད་རྟེན། ཡངས་པ་ཅན་དུ་སྐུ་ཚེ་བྱིན་གྱིས་བརླབས་པའི་ཚེ། བྱིན་རླབས་མཆོད་རྟེན། །རྩྭ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདས་པའི་ཚེ་མྱང་འདས་མཆོད་རྟེན། །གཞན་ཡང་རས་ཚིག་པའི་མཆོད་རྟེན། མ་ཚིག་པའི་མཆོད་རྟེན། སོལ་བའི་མཆོད་རྟེན། ཚེམས་ཀྱི་མཆེ་བ་ལྷ་དང་སྲིན་པོས་ཁྱེར་བའི་མཆོད་རྟེན། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་བྱེ་བ་སོགས་རྣམ་གྲངས་མཐའ་ཡས་པ་སྟེ། སྐུ་གསུམ་ནང་ནས་ཆོས་སྐུའི་རྟེན་ནོ། །གཉིས་པ་ནི། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞེང་བ་ལ། དེ་དག་རྣམས་ཀྱི་ཚད་གནས་ཁང་དང་སྦྱིན་བདག་རྣམས་ཀྱི་འབྱོར་བ་དང་བསྟུན་པས་ཆེ་ཆུང་མཐའ་གཅིག་ཏུ་མ་ངེས་ཤིང་། ཕྱག་ཚད་ཀྱི་རིམ་པ་མཆོད་རྟེན། སྐུ་གཟུགས། ཕྱག་མཚན་དང་བཅས་པའི་ཐིག་རྩའི་རིམ་པ་དུས་འཁོར། སྡོམ་འབྱུང་རྩ་འགྲེལ། ཀྲི་ཡེ་ས་མུཙཌ། ཤཱ་རིའི་བུས་ཞུས་པའི་མདོ་ལ་བརྟེན་པའི་ཕྱག་ཚད། གཞན་ཡང་བོད་ཀྱི་མཁས་པ་ཐམས་ཅད་མཁྱེན་པ་ཞ་ལུ་བུ་སྟོན་དང་། སྐད་གཉིས་སྨྲ་བ་ཤེས་རབ་རིན་ཆེན། ཐམས་ཅད་མཁྱེན་པ་(༤ན)


GLG010_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྲུབ་ཀྱིས་ཟིན་བྲིས་སུ་མཛད་པ་ལ་སྨན་བླ་དོན་གྲུབ་ཀྱིས་ཁ་འགེངས་སྦྱར་བྱང་དང་བཅས་བཀོད་པ་སོགས་མཁས་པའི་གསུང་རབ་རྣམས་ལས་བྱུང་བའི་ཕྱག་ཚད་ཇི་ལྟ་བ་བཞིན་དུ་བཞེངས་ཤིང་། གླེགས་བམ་དང་འཇམ་པའི་དབྱངས་ཐོན་མི་སམྦྷོ་ཊ་དང་། དོན་གྱི་པཎྜི་ཏ་ཆེན་པོ་ཆོས་སྐྱོང་བཟང་པོ་སོགས་ཀྱིས་ལེགས་པར་བཤད་པ་ལས་བྱུང་བའི་སྡེབས་དང་བརྡ་དག་སོགས་རུང་བར་བྱ་དགོས་ཏེ། སྐུ་གཟུགས་ཕྱག་ཚད་མེད་པ་དང་། གླེགས་བམ་བརྡ་དག་མེད་པ་སོགས་ལ་རྒྱུ་སོང་གི་འབྲས་བུ་ནི་འབྱུང་མོད། དེ་ཡང་ཐེག་པ་གསུམ་པོ་གང་རུང་གི་མྱང་འདས་ལ་དམིགས་པའི་བསམ་པས་ཟིན་ན་སྒྲུབ་པོ་རང་ཉིད་ལ་ཕན་ཡོན་ནི་བླ་ན་མེད་པ་འབྱུང་བ་ཁྱིམ་བདག་དཔལ་སྐྱེས་ཀྱི་ཐར་པའི་ས་བོན་ཤིན་ཏུ་ཕྲ་བ་མདོ་ལས་གསུངས་པ་དཔེར་མཚོན་ཏེ་དཔོག་པར་ནུས་ལ། བསྟན་པའི་རྒྱུན་ལ་ནི་སྐུ་གཟུགས་དང་གླེགས་བམ་བཞེང་ཚུལ་མ་དག་པ་དེ་དག་གིས་གཞན་དག་མང་པོས་ཀྱང་ཆེ་གེ་མོ་ལ་འདི་དག་སྣང་ཞེས་དཔེར་བཟུང་ནས་མ་དག་པའི་རྒྱུན་ཆེན་པོར་འབྱམས་ཏེ་བསྟན་པ་དྲི་བཅས་སུ་འགྱུར་ཞིང་། ཁྱད་པར་རྒྱ་གར་ལྟ་བུའི་ཆོས་ཀྱི་དག་ཐེར་མེད་པའི་རང་ཅག་བོད་སོགས་མཐའ་འཁོབ་པ་རྣམས་ནི་མཁས་བླུན་དབྱེ་བ་མི་ཕྱེད་པའི་དབང་གིས། །གདུང་རུས་ཡུལ་གཉེན་པོར་གྲགས་པ་དང་། མཁས་པ་དང་གྲུབ་པའི་སྐྱེ་བ་དང་སྤྲུལ་པར་གྲགས་པ་དང་། འཁོར་གཡོག་མང་པོའི་འདུ་འགོད་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་གཡེང་བ་ཅན་རྣམས་ལ་སྐྱེས་བུ་དམ་པར་བརྩི་ཞིང་། དེ་དག་གིས་རྣམ་པར་(༤བ)


GLG010_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཚམ་པའི་སྣང་བ་ལ་གང་ཤར་གྱི་རང་བཟོ་ཆེན་པོ་ཞིག་བྱས་ཀྱང་། ཡང་དག་པར་འཛིན་པའི་དབང་གིས་བསྟན་པ་དང་རང་གཞན་མང་པོ་བསླུ་བའི་གཡང་ས་ཆེན་པོ་མཐོང་བ་དེའི་ཕྱིར། ཤེས་ལྡན་རྣམས་ཀྱིས་ཞིབ་མོར་དཔྱོད་པ་གནད་དུ་ཆེ་ཞིང་། སྐུ་གསུང་ཐུགས་རྟེན་འདི་ལྟ་བུ་བཞེངས་སོ་ཞེས་པའི་སྙན་གྲགས་ཙམ་འདོད་དེ་ལག་ཏུ་བླང་བའི་རིམ་པ་རྣམས་ཧྲལ་པོར་བྱེད་པ་དང་། ཚེ་འདི་དང་ཕྱི་མའི་བདེ་བ་ཙམ་དོན་དུ་གཉེར་བ་ནི་འཁོར་བའི་འཁོར་ལོ་བསྐོར་བར་ཟད་དོ། །གསུམ་པ་ཕན་ཡོན་ནི། །གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། །ཐུབ་པའི་མཆོད་རྟེན་བྱེད་དམ་བྱེད་བཅུག་པ། །མྱ་ངན་འཇོམས་དང་ལུས་ཀུན་གྲིམས་པ་དང་། །རིན་ཆེན་མཛོད་མང་འཇིག་རྟེན་གཙོར་འགྱུར་ཞིང་། །མི་དེ་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། །དེ་འདྲའི་གྲངས་དེ་སྙེད་ཀྱི་རྒྱལ་སྲིད་དང་། །ལྷ་ཡུལ་ས་སྟེང་མི་ཡིས་ངེས་པར་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་འཛིན་ནི། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་བ་ལ་སོགས་པའི། །སྡུག་བསྔལ་དང་བྲལ་སངས་རྒྱས་གོ་འཕང་འཐོབ། །འདི་ནི་རྒྱལ་བའི་སྐུ་གཟུགས་བྱེད་པ་ནི། །གཟུགས་དང་སྐལ་བཟང་ཡོན་ཏན་ཉེ་བར་ལྡན། །དེ་ནི་དབང་པོ་སྦས་དང་ཉི་མའི་འོད། །འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བར་འགྱུར། །བདེ་བར་གཤེགས་པའི་སྐུ་གཟུགས་བཞེངས་པ་གང་། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །(༥ན)


GLG010_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་འཇིགས་དང་མྱ་ངན་སྡུག་བསྔལ་བྲལ། །པདྨའི་ནང་བཞིན་འཇམ་དང་ཡངས་པར་འགྱུར། །འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་གང་། །བྲན་དུ་མི་འགྱུར་དབུལ་པོའི་རང་བཞིན་མིན། །ལས་བྱེད་མ་ཡིན་སྐྱེ་བ་དམན་པར་མིན། །དབང་པོ་མ་ཚང་མིན་ཏེ་སྐྱེས་མཆོག་འགྱུར། ཞེས་དང་། སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་སོགས་གསུངས་པ་ལྟར་རོ། །བཞི་པ་གཟུངས་གཞུག་འབུལ་ཚུལ་ལ། །འབུལ་ཡུལ་གྱི་རྟེན་དེ་ཉིད་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་མཚན་ཉིད་ཚང་དགོས་པར་བསྟན་པ། ལོག་རྟོག་བསལ་བ། མཚན་ཉིད་དེ་ལྡན་གྱི་རྟེན་ལ་གཟུངས་གཞུག་འབུལ་བ་དངོས་དང་གསུམ། དང་པོ་ནི། སྔར་བཤད་པའི་ཕྱག་ཚད་དེ་ཙམ་དང་ལྡན་པས་ཆོག་གམ་སྙམ་ན། དེ་ཙམ་གྱིས་ཀྱང་ཆོག་པ་མིན་ཏེ། རྒྱུའི་ཡན་ལག་སྦྱིན་བདག་དེ་ནི། །མཁས་པའི་གསུང་ལས། སྡིག་ལ་མི་འཛེམ་དད་འདུན་ཆུང་། །ཕན་ཡོན་མ་མཐོང་ཡིད་མི་ཆེས། །བསྒྲུབ་བློ་མེད་པའམ་ཡོད་ན་ཡང་། །ཚེ་འདིའི་ལོ་འདོད་གྲངས་འདོད་ཕྱིར། རྐྱེན་དང་མི་འཚམ་བློ་རྒྱ་བྱེད། །ངང་ཐུང་བློ་དོག་བཟོད་སྲན་ཆུང་། །ལྷ་དང་བཟོ་བོ་སྨོད་བྱེད་ཅིང་། །འགྱོད་པ་སྐྱེས་ནས་འཕྲོ་འཇོག་པའོ། །ཞེས་པ་ལྟ་བུའི་སྐྱོན་དང་མི་ལྡན་ཞིང་། །ཕན་ཡོན་མཐོང་བའི་ཤེས་རབ་ཅན། །རྩེ་གཅིག་སེམས་(༥བ)


GLG010_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་གཏན་ཅན། །བརྟན་ཅིང་སྤྲོ་བའི་བརྩོན་འགྲུས་ཅན། །དཀའ་སྤྱད་མི་སྐྱོ་བཟོད་བསྲན་ཅན། །ངང་རིང་ཚིག་འཇམ་ཚུལ་ཁྲིམས་ཅན། །གཡོ་མེད་གཏོང་ཕོད་སྦྱིན་པར་ལྡན། །རིམ་གྱིས་དགའ་སྤྲོ་བསྒོམ་པའོ། །ཞེས་པའི་ཡོན་ཏན་དང་ལྡན་པ་ཞིག་དགོས་སོ། །དེ་བཞིན་དུ་བཟོ་བོ་ཡང་། །ཡོན་ཏན་མི་མཁས་ང་རྒྱལ་ཆེ། །འགྲོགས་པ་མི་བདེ་བཀུར་སྟི་འདོད། །འཕྲལ་དུ་ཚིག་རྩུབ་ཕུགས་འདོད་ཚེ། །ཡོན་བརྒྱགས་བླ་ཐང་ཚེད་མེད་འབེབས། །དེས་ཀྱང་མི་ཚིམ་རྒྱུ་ཆ་བརྐུ། །ཅུང་ཟད་ཙམ་ལ་བཟོ་འཕྲོ་འཇོག །འགྲོ་སྡིགས་བྱེད་ཅིང་ཆང་ནག་འཚོལ། །དགེ་ལས་སྡིག་པར་བསྒྱུར་མཁན་ཡིན། ཞེས་པའི་སྐྱོན་རྣམས་དང་མི་ལྡན་ཞིང་། ཡོན་ཏན་གྱི་ཁྱད་པར་སྡོམ་འབྱུང་ལས། །དུལ་ཞིང་བཟོ་རྣམས་ཀུན་ཤེས་ལ། །ཆོ་ག་མཐོང་ཞིང་མཉམ་གཞག་པ། ཞེས་དང་། དཔལ་ཁ་སྦྱོར་ལས། དུལ་ཞིང་དད་ལྡན་ལང་ཚོར་བབས། །དབང་པོ་རྣམ་གསལ་རྣམ་རྟོག་མེད། ཁྲོ་མེད་ལྐོག་འཕྱས་མི་བྱེད་ཅིང་། །ཤིན་ཏུ་མཁས་ལ་སྤྲོ་བ་ཆེ། །བཟོད་ལྡན་སྙིང་རྗེའི་ཆེན་པོ་ཅན། །ཞེས་རྒྱུད་སྡེ་རྣམས་ལས་ལེགས་པར་གསུངས་པ་དང་ལྡན་དགོས་ཤིང་། སྐུའི་རྒྱུ་རྣམས་ཀྱང་རང་ཉིད་ཀྱིས་འབྱོར་བཞིན་དུ་སེར་སྣས་བཅིངས་ཏེ་རྒྱུ་ངན་ངོན་ཙམ་བཏང་བ་ལ་འབྲས་བུ་བཟང་པོར་འདོད་པ་དང་། བློ་གྲོས་ཀྱི་རྩལ་དང་མི་ལྡན་པ་དག་གིས་བཀོད་པ་ལེགས་སུ་རེ་བ་རྣམས་ནི་ནམ་མཁའི་པདྨོ་དང་ཆོས་མཚུངས་ཤིང་། གཞན་ཡང་སྐུ་རྒྱུ་དང་རྒྱན་སྤྲོས་ཀྱི་རིམ་པ་སོགས་ཀྱང་སྤྱིར་བཏང་དམིགས་བསལ་གྱི་དབྱེ་བ་ལེགས་པར་ཕྱེད་དགོས་(༦ན)


GLG010_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

སོ། དེ་ཡང་ཐོག་མར་བཞེང་པའི་ཚེ། ས་འམ་ཡོ་བྱད་འཚོལ་བ་ན། ཕྱི་ལྟས་སྐྱེས་བུའི་བྱ་སྤྱོད། རྫས་དང་། སྐད་དང་། སྒྲ་ལ་སོགས་པ་བཟང་ངན་གྱི་རིམ་པ་ལ་བརྟེན་ནས་རྟེན་འབྲེལ་བརྟག་པ། དཔལ་གཡུལ་ལས་རྣམ་པར་རྒྱལ་བ་སོགས་རྩིས་ཀྱི་གཞུང་ལུགས་དང་། གཞན་ཡང་ལྟས་ཀྱི་བསྟན་བཅོས་རྣམས་ལས་ཤེས་དགོས་ཤིང་། དེའི་རྒྱུ་མཚན་ཡང་། སྤྱིར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོངས་ཀྱང་། ཐ་སྙད་དུ་བྱ་བྱེད་ཐམས་ཅད་འཐད་པས་ན་རྟེན་འབྲེལ་འགྲིག་པ་ནི་ལེགས་ཚོགས་འབྱུང་བའི་སྒོ་སྟེ། བཤེས་སྤྲིང་ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམས་མཆོག་མཐོང་། ཞེས་དང་། ལམ་འབྲས་དོན་བསྡུས་མ་ལས། །རྟེན་འབྲེལ་རྣམ་གསུམ་རང་ལ་འཛོམ་པ་ཡིས། །རྒྱུ་རྐྱེན་གཞན་མེད་རེ་དོགས་བྲལ་བར་མཛོད། ཅེས་དང་། རྒྱལ་བ་བཙོང་ཁ་པས། དེ་ཕྱིར་རྟེན་ནས་འབྱུང་བ་ལས། །མ་གཏོགས་ཆོས་འགའ་ཡོད་མིན་པས། །རང་བཞིན་གྱིས་ནི་སྟོངས་པ་ལས། །མ་གཏོགས་ཆོས་འགའ་མེད་པར་གསུངས། ཞེས་པ་ལྟར་རོ། །གཞན་ཡང་རྡོ་རྗེ་ཕྲེང་བ་དང་། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་སོགས་དཀྱིལ་འཁོར་གྱི་ཆོ་ག་མང་པོ་ལས་གསུངས་པའི་ས་བརྟག་པ། བསླང་བ། སྦྱང་བ། བཟུང་བ། བགེགས་བཟློག་པ་རྣམས་ཚིག་གི་འདོན་བསྒྱུར་མ་གཏོགས་ལན་དགོས་ཤིང་། ལྟོ་འཕྱེ་བརྟག་པ་ལ་རྩིས་དཀར་ནག་དང་རྒྱུད་སྡེ་ནས་བཤད་པའི་རིགས་རྣམ་(༦བ)


GLG010_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མང་ཡང་། གཙོ་བོར་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་ལས་བཤད་པ་བཞིན་བྱས་ན་ལེགས་ཤིང་། ས་དང་། ལྷ་དང་། བུམ་པ་སྟ་གོན་ཡང་དཀྱིལ་འཁོར་གྱི་ཆོ་ག་ནས་བཤད་པ་ལྟར་བྱ་བར་རིགས་སོ། །དེ་བཞིན་དུ་བཟོ་བོ་དང་། སྐུ་རྒྱུ་དང་། ལག་ཆའི་རིམ་པ་རྣམས་བྱིན་གྱིས་བརླབ་པའི་སྟ་གོན་གྱི་ལག་ལེན་དང་། ངག་འདོན་གྱི་རིམ་པ་ནི་ཟུར་དུ་ཤེས་དགོས་ཤིང་། གཙུག་ལག་ཁང་དང་། མཆོད་རྟེན་སོགས་ལ་བུམ་གཏེར་གཞུག་པའི་ལག་ལེན་ཞིབ་མོ་ཡང་མན་ངག་ལས་ཇི་ལྟར་འབྱུང་བ་ལྟར་དང་། མདོར་ན་ལས་རྣམས་རྩོམ་པའི་ཐོག་མའི་ཚེ། དཀར་རྩིས་ལས་བཤད་པའི་གཟའ་སྐར་སྦྱོར་བྱེད་དང་། ནག་རྩིས་ཀྱི་ས་བདག་སོགས་བརྩིས་ཏེ་རས་སྤྱོད་གཟུ་ལུམས་སུ་མ་སོང་བ་སོགས་དགོས་ཏེ། རྒྱུ་མཚན་བཤད་མ་ཐག་པ་དེ་རྣམས་མཁས་གྲུབ་ཚད་ལྡན་རྣམས་ཀྱི་ཕྱག་ལེན་ལས་རིམ་པར་བྱུང་ཞིང་། ཁྱད་པར་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་དགོངས་དོན་ཇི་ལྟ་བ་བཞིན་རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས་སོགས་ཀྱིས་ཕྱག་ལེན་དུ་ལེགས་པར་བསྟར་མོད། དེང་སང་ནི་དུས་དབང་གིས་བསྟན་པའི་རྣམ་གཞག་རྣམས་རིམ་གྱིས་འགྲིབས་པས་སྐུ་གསུང་ཐུགས་རྟེན་བཞེང་པ་ལ་ཚུལ་དེ་དག་ལག་ཏུ་བླང་པ་ལྟ་ཅི་སྨོས། །དགོས་པའི་གཏམ་ཙམ་ཡང་ཆེར་མི་སྣང་ངོ་། །གཉིས་པ་ལོག་རྟོག་བསལ་བ་ནི། ཡོན་ཏན་ཕྱོགས་རེ་ཙམ་གྱིས་དྲེགས་ཤིང་། མདོ་བསྟན་བཅོས་དགོས་འགྲེལ་རིས་སུ་མ་ཆད་པ་ལ་ལྟ་བའི་བློ་མིག་རྣམ་པར་ལྡོོངས་པ་འདོད་པའི་ལྷས་རྫས་སུ་བཟུང་བ་ལ་ལ་དག་གིས་སྐུ་གཟུགས་(༧ན)


GLG010_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་རྟེན་སོགས་བཞེངས་པ་ལ་གཟུངས་གཞུག་འབུལ་བ་འདི་དག་བོད་ཀྱི་བླ་མ་རྣམས་ཀྱིས་བྱས་ཀྱི། རྒྱ་གར་ན་མེད་དོ་སྙམ་པའི་ལོག་རྟོག་གི་ངན་སྨྲས་སྒྲོག་ཅིང་། དེའི་ཁུངས་སུ། རྒྱ་གཞུང་འགའ་ཞིག་ན་རྟེན་འབྲེལ་སྙིང་པོ་ལྟ་བུའི་གཟུངས་དམིགས་བསལ་རེ་རེ་ཙམ་འཇུག་ཟེར་བ་ལས། དེང་སང་ཡོངས་སུ་གྲགས་པ་འདི་འདྲ་བྱེད་པའི་འཕྲོས་ཟུར་ཙམ་ཡང་མི་སྣང་བ་དང་། འཕགས་ཡུལ་གྱི་སྐུ་ལི་མ་རྣམས་གར་ལུགས་ཤས་ཆེ་བས་གཟུངས་གཞུག་མེད་པ་མངོན་སུམ་གྱིས་གྲུབ་ཅིང་། བོད་འདིར་སྔོན་དུ་བཞེངས་པའི་ལྡེར་བཟོ་ཞིག་པ་རྣམས་ལ་བརྟགས་ཚེ་ཡང་གཟུངས་གཞུག་ཇི་བཞིན་མི་འདུག་པ་མཐོང་བས་སོ་ཞེས་ཟེར་མོད། དེ་དག་གི་བདུད་ཀྱིས་ཁ་རྣམ་པར་ཕྱེ་བའི་གཏམ་སྟེ། མདོ་ལས། སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དུ་མ་དང་བཅས་པ་ལ་ལོ་གྲངས་དཔག་ཏུ་མེད་པར་ཡོ་བྱད་ཀྱིས་བསྙེན་བཀུར་བྱས་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་བ་རིང་བསྲེལ་གྱི་སྙིང་པོ་ཅན་ཞིག་འཇིམ་པ་ལས་བསྒྲུབས་པ་བསོད་ནམས་ལྷག་པ་སོགས་མང་དུ་གསུངས་པས། རིང་བསྲེལ་ལ་རྣམ་གྲངས་མང་ཡང་། གཙོ་བོར་ཆོས་སྐུའི་རིང་བསྲེལ་ནི་གཟུངས་ལ་ངོས་འཛིན་པའི་ཕྱིར། གཟུངས་འབུལ་ཚུལ་གྱི་ལག་ལེན་ཞིབ་མོ་རྒྱ་གར་དུ་ཡོད་པ་ལུང་རིགས་གཉིས་ཀས་འགྲུབ་ཅིང་། རྒྱ་གཞུང་འགའ་ཞིག་ཏུ་གཟུངས་འབུལ་བའི་གསལ་ཆ་མེད་པ་ཙམ་གྱིས། རྒྱ་གར་དུ་མེད་པ་མི་འགྲུབ་སྟེ། མདོ་ལུགས་ཀྱི་དབང་དུ་བྱས་ན་བཤེས་སྤྲིན་ལས། ཇི་ལྟར་བདེ་གཤེགས་(༧བ)


GLG010_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། ཅེས་པ་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་གྲུབ་ཙམ་ཉིད་ནས་མཆོད་པའི་ཡུལ་དུ་གསུངས་ཀྱི། རབ་ཏུ་གནས་པར་མ་བཤད་པས། མདོ་ལུགས་ནས་མ་གསལ་བའི་རྒྱུ་མཚན་གྱིས་རབ་གནས་མི་འཐད་པར་ཁས་ལེན་དགོས་པར་འགྱུར་ཞིང་། གཞན་ཡང་མན་ངག་ཏུ་བྱས་ཏེ་ཞལ་དང་སྙན་ནས་བརྒྱུད་དགོས་པ་རྣམས་ཆོས་ཀྱི་སྤྱན་དང་ལྡན་པས་གཟིགས་ཚེ་རྒྱུད་སྡེ་རྣམས་ལས་གབ་དཀྲུགས་ཐོར་བུའི་ཚུལ་གྱིས་བསྟན་པ་ཤ་སྟག་ཡིན་ནའང་། རྨོངས་པ་མཁས་པར་རློམ་པ་རྣམས་ལ་ནི་རྒྱུད་སྡེ་རྣམས་ལས་ནག་པོ་འགྲོ་ཤེས་ལྟ་བུར་གསལ་བར་མ་བཀོད་པ་རྒྱུ་མཚན་དུ་བྱས་ནས། སངས་རྒྱས་ཀྱིས་མ་གསུངས་སོ་ཞེས་སྨྲེ་སྔགས་ཀྱི་ཐན་སྐད་སྒྲོག་ན། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དབང་བཞི་པ་བསྐུར་ཚུལ་རྒྱུད་སྡེ་རྣམས་སུ་སྦས་པས། དབང་བཞི་པ་བསྐུར་ཚུལ་བོད་ཀྱི་བླ་མ་རྣམས་ཀྱི་བློས་བྱས་ཡིན་ནོ་ཞེས་རིགས་མཐུན་གྱི་བླུན་པོ་ཀུན་ལ་འབད་པས་སྒྲོགས་ཤིག །རང་གིས་ཨོཾ་བསྒྲུབ་ཚུལ་ཙམ་ཡང་མི་ཤེས་ན་རྒྱ་དཔེ་ལྟ་ཅི་སྨོས། །སྣང་ཚུལ་དེ་དང་ལྡན་བཞིན་དུ་རྒྱ་གར་ཁ་སྤུ་ཅན་གྱི་ལུགས་བྱེད་ཅེས་ཧམ་པ་བྱེད་པ་ནི་རྒྱ་དཀར་ནག་ལྟ་བུའི་ལུགས་གཉིས་ཀྱི་ཁྲིམས་མེད་པའི་སྐྱོན་ནོ། །ལིའི་རྒྱུ་རྣམས་ལ་སངས་རྒྱས་འོད་སྲུངས་ཀྱིས་བྱིན་རླབས་མཛད་པར་བཤད་པས། ལིའི་སྐུ་འགའ་ཞིག་ལ་གཟུངས་གཞུག་མེད་ཀྱང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ལས་ལྷག་པའི་གཟུངས་ཅི་ཞིག་དགོས། དེའི་དཔེས་གཞན་དག་ལ་(༨ན)


GLG010_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁེགས་པར་འགྱུར་རོ་སྙམ་ན། ད་ལྟའི་གང་ཟག་རྣམས་ཀྱི་སངས་རྒྱས་འོད་སྲུངས་དང་ཤཱཀྱ་ཐུབ་པ་སོགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་དེ་དག་དངོས་སུ་སྟོན་ཞིག་དང་། ཁོ་བོས་སྙིང་ནས་རྗེས་སུ་ཡི་རང་བར་བྱེད་དོ། །སྔོན་གྱི་ལྡེར་བཟོ་རྙིང་པ་འགའ་ཞིག་ལ་གཟུངས་གཞུག་ཚད་ལྡན་མི་འདུག་གོ་ཞེས་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། སྔ་རབས་ཀྱི་དུས་སུ་བྱུང་བ་རྒྱུ་མཚན་དུ་བྱས་ཏེ་ཁུངས་བཙུན་པར་འགྱུར་ན། བོད་དུ་ནང་པའི་བསྟན་པ་ལས་བོན་པོའི་བསྟན་པ་སྔ་ཞིང་། ཀ་མ་ལ་ཤཱི་ལའི་རིང་ལུགས་ལས་ཧྭ་ཤང་གི་གྲུབ་མཐའ་སྔ་བ་དང་། རྒྱལ་བ་ཙོང་ཁ་པ་ཆེན་པོའི་ལྟ་བའི་བཞེད་པ་ལས་ཇོ་མོ་ནང་པའི་ལྟ་བ་དག་སྔ་བའི་ཕྱིར་ན། སྔ་མ་རྣམས་དག་གི་ཕྱི་མ་རྣམས་མི་དག་གོ །ཞེས་སྨྲ་དགོས་པར་འགྱུར་བ་སོགས་གནོད་བྱེད་མི་ཟད་པ་ཐོག་ཏུ་འབབ་བོ། །གསུམ་པ་རྟེན་ལ་གཟུངས་འབུལ་བ་དངོས་ལ། དངོས་དང་། འཕྲོས་དོན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ལོ་ཆེན་རིན་ཆེན་བཟང་པོའི་རབ་གནས་ཀྱི་སྡོམ་ལས། རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། ཅེས་སོགས་གསུངས་པ་ལྟར། འཐད་ལྡན་ལག་ཏུ་བླང་བའི་རིམ་པ་ལ། སྲོག་ཤིང་ཡང་རབ་ཙནྡན། དེ་མ་འབྱོར་ནའང་ཤུག་པའམ་འབྲས་བུ་ཅན་གྱི་ཤིང་། མ་བཅད་པའི་སྔ་རོལ་ནས་ཕྱོགས་མི་ནོར་བའི་མཚན་མ་བཏབ་པ་ཞིག་དགོས་ཤིང་། དེའང་རབ་གནས་དོན་གསལ་སོགས་སུ། སརྦ་བིདྱཱའི་སྔགས་མཆོད་རྟེན་གྱི་སྲོག་ཤིག་ལ་འདྲི་ཞིང་། སྐུ་གཟུགས་འབུར་མ་ཡིན་ན་དབུ་ལ་གཞུག་པར་བཤད་པ་དང་། མངའ་དབུལ་གྱི་སྐབས་མཆོད་(༨བ)


GLG010_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་སྲོག་ཤིང་གི་མངའ་དབུལ་བྱུང་ཞིང་། སྐུ་གཟུགས་ལ་མ་བྱུང་བའི་རྒྱུ་མཚན་གྱིས། སྐུ་གཟུགས་ལ་སྲོག་ཤིང་མེད་དུ་མི་རུང་བ་ནི་མ་ཡིན་ལ། འོན་ཀྱང་བརྡུངས་མ་སྐུ་ཚད་ཆེ་བའི་རིགས་ལ་སྐུའི་ཚོ་འཛིན་པར་འགྱུར་ཞིང་ལེགས་པ་ཡིན་ནོ། །ལྡེར་བཟོ་རུས་ཤིང་འཇོག་པའི་ཚད་ལ། རུས་ཤིང་སྲོག་ཤིང་གཅིག་པར་བསྒྲུབས་ན་ལེགས་པར་སེམས་ཤིང་། འཕགས་པ་རིན་པོ་ཆེས་ཆོས་སྐྱོང་གི་སྐུ་ལ་སྲོག་ཤིང་ངེས་ཅན་དུ་གསུངས་པ་ནི། མན་ངག་དམིགས་ཀྱིས་བསལ་བ་སྟེ། ཆོས་སྐྱོང་གི་གཟུངས་འབུལ་སྐོར་ལ་ཁྱད་པར་གྱི་རྣམ་གྲངས་ཆེས་མང་བ་ནས། སྤྱི་འགྲོའི་ལག་ལེན་ཙམ་གྱིས་ཁྱབ་པ་མིན་ནོ། །དེ་ཡང་སྔར་བཤད་པའི་རྒྱུ་དེ་དག་ལས་གྲུབ་པའི་སྲོག་ཤིང་། མཆོད་རྟེན་གྱི་ཆོས་འཁོར་ཡན་ཆད་དམིགས་ཀྱིས་བསལ་བའི་ཟླུམ་པོ་དང་། གཞན་ཐམས་ཅད་གྲུ་བཞི་པ་རྩ་རྩེའི་རྣམ་པའི་ཕྲ་སྦོམ་ཡོད་པར་བྱས་ལ། དེའི་རྩེ་མོར་རྣམ་རྒྱལ་མཆོད་རྟེན་དང་། རྩ་བར་རྡོ་རྗེ་ཕྱེད་པ་འགྲུབ་ན་བརྐོ་བའམ། མ་འགྲུབ་ན་འདྲི་བ་གང་རུང་བྱེད། དེ་ཡང་རྩ་དབུ་མའི་མཚོན་དོན་ཡིན་པས་སྐུ་གཟུགས་ལ་རྡོ་རྗེ་སྐྱིལ་ཀྲུང་ཡན་ཆད་དམ། ཡང་ན་ལྟེ་བ་ཡན་ཆད་ཙམ་དང་། མཆོད་རྟེན་ལ་གདུང་ཆེན་ཡན་ཆད་ཀྱི་ཚད་དུ་བྱ་ཡི། དེ་མན་ཆད་དུ་གཏོང་བ་ནི་རུས་ཤིང་དང་སྲོག་ཤིང་གི་དབྱེ་བ་མ་ཕྱེད་པའོ། །གཡས་གཡོན་དུ་རོ་རྐྱང་མཚོན་པའི་རྟེན་འབྲེལ་དུ་དུར་བ་དང་ཀུ་ཤ་ཅུང་ཟད་འབུལ། སྲོག་ཤིང་ཁ་དོག་ཡི་གེ་གང་འདྲེའི་མདོག་དང་མི་ཟློས་པའི་ཚོན་གྱིས་བྱུགས། །སྐུའི་དབུའི་དབྱིངས་དང་མཆོད་རྟེན་གྱི་བྲེའི་ཐད་ཙམ་ལ། ཨོཾ་སརྦ་བིདྱཱ་སྭཱཧཱ་ཞེས་པ་དང་། རྟེན་གྱི་ཐུགས་ཀའི་ཐད་ཙམ་དུ་ཨོཾ་(༩ན)


GLG010_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པ་དང་། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ་ཞེས་པ་བྲི། གནས་ལྔར་ཨོཾ་ཨཱཿཧཱུཾ་ཏྲཾ་ཧྲི་ཞེས་པ་བཀོད། གཞན་ཡང་ཤར་ངོས་ལ་གཙུག་ཏོར་རྣམ་རྒྱལ། ལྷོར་དྲི་མེད། ནུབ་ཏུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ་གྱི་གཟུངས་ཐུང་རྣམས་བྲི་ཞིང་། བཞི་གའི་གཤམ་དུ་རྟེན་འབྲེལ་སྙིང་པོ་དང་། བཟོད་པ་དཀའ་ཐུབ་དམ་པ་སོགས་དང་། རྟེན་འབྲེལ་སྙིང་པོ་བོད་སྐད་དུ་བསྒྱུར་བ་རྣམས་བྲི། ནང་རྟེན་ལྟ་བུ་ལ་གཤེགས་པ་དེ་ཉིད་རང་གི་རྩ་བའི་བླ་མའི་བྲིས་འབུར་གྱི་སྐུ་གང་ཡང་རུང་བ་དབུའི་གཙུག་ཏོར་གྱི་ནང་དང་། ལྷག་པའི་ལྷ་འམ་ཡི་དམ་གང་ཡིན་པ་དེ་ཉིད་ཀྱི་སྐུ་བྲིས་འབུར་གང་རུང་ཐུགས་ཀའི་ཐད་དུ་གཞུག་པ་ལ་མུ་ཏིག་དང་གསེར་ལ་སོགས་པའི་རིན་པོ་ཆེའི་ཕྲེང་བའི་རིགས་དང་། རིན་པོ་ཆེའི་ཕྱེ་མ་དང་དྲི་བཟང་པོ་སྨན་གྱི་ཚོགས་རྣམས་སྐུ་མདོག་དང་མཐུན་པའི་དར་གྱིས་གྲིལ་ལ་སྐུ་གཟུགས་གཉིས་དང་ལྷན་ཅིག་ཏུ་ལེགས་པར་གཏུམས་ཏེ་གཞུག་པའི་ཕྱི་རོལ་ཏུ་ཤོག་བུ་ལ། དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བགྱི་བས། སྦྱིན་བདག་གམ་ཚེ་འདས་ཆེ་གེ་མོ་ཞེས་བགྱི་བ་ལ་བྱིན་གྱིས་བརླབ་ཏུ་གསོལ། སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་རྣམས་བྱང་བ་དང་། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་པ་དང་། མྱུར་དུ་རྡོ་རྗེ་འཛིན་པའི་ས་ཆེན་པོ་ཐོབ་པར་མཛད་དུ་གསོལ། ཞེས་པ་ལྟ་བུ་རྒྱས་བསྡུས་སྐབས་དང་སྦྱར། ཡི་དམ་ལ་ཡང་བཅོམ་ལྡན་འདས་ཡི་དམ་ཆེ་གེ་མོ་ཞེས་བསྒྱུར་བའི་ཤོག་དྲིལ་གྱིས་དཀྲིས། ཁྱད་པར་སྡིག་སྦྱོང་ལྟ་བུ་གཙོ་བོར་ཡིན་ན། ཐུགས་རྗེ་ཆེན་པོ། ཀུན་(༩བ)


GLG010_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

རིག །མི་འཁྲུགས་པ་སོགས་རང་གང་མོས་ཀྱི་ངན་སོང་སྦྱོང་བའི་ལྷའི་སྐུ་དང་། དེའི་མཐའ་སྐོར་དུ་སྔགས་ཕྲེང་སྤེལ་ཚིག་དང་བཅས་པ་ཡང་དགོས་པ་ཡིན་ནོ། །གསོན་པོའི་དོན་དུ་བཞེངས་པ་ལ་ཆེ་གེ་མོ་ཞེས་བགྱི་བ་ལ་གནས་སྐབས་སུ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་རྣམས་ཉེ་བར་ཞི་ཞིང་། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་མཐུ་སྟོབས་སོགས་ལེགས་ཚོགས་ཐམས་ཅད་འཕེལ་བ་དང་། མཐར་ཐུག་གི་དོན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་པའི་ཚིག་རྒྱས་བསྡུས་གང་འོས་དང་། བླ་མ་དམ་པ་ཞིང་གཞན་དུ་གཤེགས་པའི་དགོངས་རྫོགས་དང་བཞུགས་པའི་མཛད་པ་ལྟ་བུ་ལ་ནི་ཞིང་ཁམས་གཞན་དག་ཏུ་སེམས་ཅན་གྱི་དོན་རླབས་པོ་ཆེ་འགྲུབ་པ་སོགས་ཇི་ལྟར་བཞེད་པའི་དགོངས་པ་རྣམས་རྫོགས་པ་དང་། ཡང་ཞིང་འདིར་འགྲོ་བའི་དོན་དུ་མྱ་ངན་ལས་མི་འདའ་བར་བཞུགས་པ་དང་། སྐུ་ཚེ་མཛད་པ་འཕྲིན་ལས་རྣམས་འཕེལ་ཞིང་། གདུལ་བྱའི་ཚོགས་རྣམས་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་པ་སོགས་སྤེལ་ཚིག་རྒྱས་པར་བྱ། ལྟེ་བའི་འོག་ཙམ་དུ་བཞེང་ཡུལ་གྱི་སྐུ་དེ་བླ་མ་ལྟ་བུའི་ཡིན་ན་དེ་ཁའི་དང་། ཡང་ན་སྦྱིན་བདག་གི་འམ། རབ་གནས་ཀྱི་ཚེ་བསྐོ་རྒྱུའི་ཆོས་སྐྱོང་ལྟ་བུ། མདོར་ན་ཡུལ་དུས་གནས་སྐབས་སོགས་དང་བསྟུན་པའི་ཆོས་སྐྱོང་གི་སྐུ་མཐུན་རྫས་རྣམས་དང་ལྷན་ཅིག་ཏུ་བཞུགས་པ་ལ་མཐུན་རྐྱེན་བསྒྲུབ་པ་དང་དགྲ་བགེགས་སྒྲོལ་བ་སོགས་རྟེན་གཉེར་གཏད་ཀྱི་སྤེལ་ཚིག་རྒྱས་པར་བྱའོ། །རིང་བསྲེལ་ལ། སྐུ་གདུང་གི་(༡༠ན)


GLG010_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བསྲེལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། ཆོས་སྐུའི་རིང་བསྲེལ་རྣམས་ལས། སྐུ་གདུང་ནི། སངས་རྒྱས། བྱང་སེམས། ཉན་རང་། བླ་མ་བརྒྱུད་པ་རྣམས་ཀྱི་གདུང་རུས་ལྟ་བུ། ཡུངས་འབྲུ་ནི། དེ་བཞིན་གཤེགས་པའི་འཕེལ་གདུང་དང་། མཁས་གྲུབ་རྣམས་ཀྱི་རིང་བསྲེལ། སྐུ་བལ་ནི་དབུ་སྐྲ། སེན་མོ་སོགས། ཆོས་སྐུའི་རིང་བསྲེལ་ནི་གཟུངས་རྣམས་ལ་ངོས་འཛིན་པས། དང་པོ་གསུམ་ནི་ཐེག་པ་གསུམ་གྱི་འཕགས་ཚོགས་དང་རྒྱ་བོད་ཀྱི་ལོ་པཎ་གོང་མ་རྣསམ་ཀྱི་བྱིན་རླབས་རྟེན་ཙམ་ཚོགས་པ་ཡིན་མོད། དེ་ཕྱིན་ཆད་ལ་འགའ་ཞིག་ཀུན་སློང་ངན་པས། ལྟ་གྲུབ་མི་གཅིག་པ་མི་འཇུག་པ་དང་། ལ་ལ་དག་སྣང་ཕྱོགས་མེད་འདོད་ནས། ཆོས་རྒྱུན་དང་འབུལ་སའི་རྟེན་གྱི་ཁྱད་པར་སོགས་ཀྱི་དབྱེ་བ་མེད་པར། བྱིན་རླབས་རྟེན་ལག་ཏུ་འབྱོར་ཚད་འཇུག་པར་འདུག་ཀྱང་། ལུགས་གཉིས་ཀ་འཐད་པར་མི་སེམས་ཤིང་། དཔེར་ན་གསང་བ་འདུས་པ་ལྟ་བུའི་སྐུ་ལ་མར་འགོས་ནས་བཟུང་སྟེ། དབང་བཀའ་བཤད་བཀའ་མན་ངག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་བྱིན་རླབས་རྟེན་གང་རྙེད་གཙོ་བོར་འཇུག །གཞན་ཡང་རང་གིས་ཐོས་པའི་ཆོས་ཟབ་མོ་གཞན་དག་གི་བླ་མ་བརྒྱུད་པའི་བྱིན་རླབས་རྟེན་ཡང་འཇུག་རིགས་ལ། རང་དང་དམ་སེལ་ཡོད་པ་དང་ལྷ་གང་ཡིན་པ་དེའི་ཆོས་རྒྱུན་ལ་དམ་སེལ་ཡོད་པའི་རིགས་ནི་ཅིག་ཤོས་དེ་ཇི་ལྟར་འགངས་ཆེ་ཡང་མི་འཇུག་པ་གནད་དུ་ཟབ་བོ། །དེ་ཡང་དེ་བཞིན་གཤེགས་པའི་རིང་བསྲེལ་གཙོ་བོར་གྱུར་པའི་སྐུ་གདུང་སྐུ་བལ་རིང་བསྲེལ་ཇི་སྙེད་པ་རྣམས་དྲི་བཟང་པོ་དང་ལྷན་ཅིག་ཏུ་དར་(༡༠བ)


GLG010_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རས་སེར་པོས་གཏུམས། གང་ཟག་དམན་པའི་རུས་པ་ནི་དེར་བཅུག་ན། གང་ཟག་ཁྱད་པར་ཅན་གྱིས་ཕྱག་མཆོད་མཛད་པ་སོགས་ཀྱིས་ཤིན་ཏུ་གནོད་པར་འོད་སྲུངས་རྫོགས་བྱེད་ཀྱི་གཏམ་རྒྱུད་ལས་འབྱུང་བ་ལྟར་མི་རུང་བས། རུས་ཆོག་བྱས་པའི་སོལ་བ་སྣག་ཚར་བསྲེས་ནས་གཟུངས་པར་འདེབས་པ་སོགས་ཀྱི་རྒྱུ་བྱས་ན་ལེགས་སོ། །བླ་མའི་སྐུ་ཆོས་དང་བེར་སོགས་ན་བཟའ་གཏོས་ཆེ་བར་ཡོད་ན་གཟུངས་ཀྱི་ན་བཟའི་ཚུལ་དུ་བཀྲི་ཞིང་། ན་བཟའ་སྤྱི་ཆགས་པའི་རིགས་དང་། ཞབས་ལྷམ་སོགས་ནི་འཇུག་ཏུ་མི་རུང་ཡང་། མཁས་རློམ་རྟོག་སྤྱོད་ཅན་རྣམས་ནི་དོགས་པའི་གནས་ཙམ་ཡང་བྱེད་པར་མི་སྣང་ངོ་། །ཆོས་སྐུའི་རིང་བསྲེལ་གཟུངས་ཀྱི་རིམ་པ་འབུལ་བ་ནི་རྒྱུད་སྡེ་ནས་བཤད་པའི་གཟུངས་རྣམས་ཧ་ཅང་མངས་པས་བྲི་བར་དཀའ་ཞིང་། ཆད་ལྷག་ཀྱང་འབྱུང་ཉེ་བས་ན་པར་དུ་བསྒྲུབ་པ་ལེགས་ཤིང་། དེ་ཡང་པར་ལ་ལ་དག་ནི་གཙུག་ཏོར་སོགས་གཟུངས་རིང་པོ་རྣམས་དཔེ་ཆ་ལྟར་ཡིག་ཕྲེང་དང་པོའི་མཇུག་གཉིས་པའི་འགོར་བྲིས་པ་སོགས་མཆིས་པས། །གཟུངས་དྲིལ་བའི་ཚེ་ཡང་སྟོད་སྨད་བར་གསུམ་ནས་དྲིལ་བ་འདྲ་ཞིག་མ་གཏོགས་ཚད་ལྡན་ཞིག་མི་འབྱུང་བས་ན། ཡིག་འཕྲེང་དང་པོའི་བཤམ་དེ་པར་ཤིང་གཉིས་པའི་ཡིག་ཕྲེང་དང་པོ་དང་། དེ་ལས་ཀྱང་མང་བ་དགོས་ན་པར་ཤིང་གསུམ་པ་སོགས་ཇི་སྙེད་ཀྱི་བར་དུ་ཡིག་ཕྲེང་དང་པོ་ཁོ་ན་ཡོད་པ་བྱས་པས། ཤོག་མཚམས་རྣམས་སྦྱར་བས་གཟུངས་ཇི་ལྟར་རིང་ཡང་ཡིག་ཕྲེང་གཅིག་ཏུ་འབྱུང་བ་ནི་ལེགས་པ་ཡིན་ནོ། འདྲི་དགོས་པ་རྣམས་ནི། གསེར། དངུལ། མཚལ་སྣག་གང་འབྱོར་(༡༡ན)


GLG010_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བླ་གཟུགས་ནི་གྷ་ཧཾ་དང་ཁ་ཆེས་བྲིས་ཀྱང་ལེགས་སོ། །དེ་ཡང་མཚན་སྔགས་ཀྱི་རིམ་པ་ནི། ཨོཾ་ཨཱཿན་མ་ཤྲཱི་ཛི་ནཻཿཔྲ་བྷུ་བཛྲེ་བྷི་དྷ་རཱ་ཡ་ཧཱུཾ། ཞེས་པ་ལྟ་བུ་འབྲུ་གསུམ་གྱི་བར་དུ་མཚན་སྔགས་ཕྱག་འཚལ་སྔོན་དུ་འགྲོ་བ་ཅན་ལེགས་སྦྱར་གྱི་སྐད་དུ་བསྒྱུར་བ་དང་ལཱཉྪ། ཝ་རྟུལ། ནཱ་ག་ར། རྒྱ་མཚོ་མཐའ། ཀསྨི་རའི་ཡི་གེ་ལྟ་བུ་འབྲི་བ་ལེགས་ནའང་། ལེགས་པར་སྦྱར་བའི་བསྟན་བཅོས་ཀ་ཙ་ན་སོགས་ལ་སྦྱངས་པ་རྣམས་ཀྱིས་བྱ་བར་རིགས་ཀྱིས། སྒྲ་མཚམས་སྦྱོར་ལྔ་པ་ཙམ་ཡང་མི་ཤེས་པར། སཾསྐྲྀ་ཏའི་སྐད་འདོད་ནས་རྣམ་དབྱེ་དང་རྐྱེན་གྱི་འཇུག་ཚུལ་ཅུང་ཟད་ཀྱང་མེད་པའི་སྐད་དོད་རྡོ་ཆག་བསྒྲིགས་མ་དག་པའི་ཕུང་པོ་ལ་སྙིང་པོ་མེད་པས། དེ་བས་འདི་ལྟར་བྱ་སྟེ། ཨོཾ་ཨཱཿརྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ་ཧཱུཾ། ཞེས་པས་དཔེར་མཚོན་ནུས་ཤིང་། བླ་མ་བརྒྱུད་པ་ཡང་རྒྱས་པར་སྤྲོ་ན། སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་ཐོབ་པའི་བརྒྱུད་པ། དབང་རྗེས་གནང་གི་རིམ་པ་དང་། ཉམས་ཁྲིད། བཤད་བཀའ། མན་ངག་གི་བརྒྱུད་པ་སོགས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་རེ་རེ་བཞིན་དགོས། བསྡུ་ན་རང་གཙོ་བོར་ཉམས་སུ་གང་ལེན་དང་། མ་མཐའ་ཡང་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་གི་སྐུ་གང་ཡིན་པ་དེ་ཁའི་ཆོས་རྒྱུན་གྱི་བླ་མ་ནི་ཚང་བར་དགོས་སོ། །གཟུངས་སྔགས་ཀྱང་མེད་དུ་མི་རུང་བའི་གཟུངས་ཆེན་སྡེ་ལྔ་ནི། རྣམ་རྒྱལ། དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། རྟེན་འབྲེལ་སྙིང་པོ་རྣམས་དང་། སངས་རྒྱས་བྱང་སེམས། ཡི་དམ་ཆོས་སྐྱོང་གང་ཡིན་པར(༡༡བ)


GLG010_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཉེ་སྙིང་འཕྲེང་སྔགས་ལས་སྔགས་སོགས་དང་། བླ་མའི་སྐུ་གཟུགས་ལ། རྒྱ་སྐད་ཤེས་ན་མཚན་སྔགས་ལེགས་སྦྱར་གྱི་སྐད་དུ་བསྒྱུར་བ་དང་། བླ་མ་དེ་ཁའི་ཡི་དམ་ཆོས་སྐྱོང་གི་སྔགས་རྣམས་དགོས་ཤིང་། དེ་དག་གི་མཐར་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པའི་སྤེལ་ཚིག་མཇུག་ཏུ་པུཥྚིཾ་ཀུ་རུ་ཨོཾ་ཞེས་པ་སྦྱོར་བ་དང་། རྒྱས་པར་གྲུབ་ན་རྒྱུད་སྡེ་བཞིའི་ཡི་དམ་ཆོས་སྐྱོང་སོ་སོའི་སྔགས་ཀྱི་རིམ་པ་རྣམས་དང་། གཞན་ཡང་མདོ་ལས་འབྱུང་བའི་ནོར་བུ་རྒྱས་པའི་གཞལ་མེད་ཁང་དང་། ཡངས་པའི་གྲོང་ཁྱེར་དུ་འཇུག་པ། བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྣམས་ཀྱང་འདྲི་བའམ་པར་དུ་འདེབས་པ་སོགས་རུང་བ་ཤོག་འཐུང་སོགས་མ་ནོར་བ་བྱས་ལ། དྲི་བཟང་པོས་བྱུགས། མ་དྲིལ་བ་དེ་ཉིད་ལ་བགེགས་བསྐྲད། རབ་གནས་བསྡུས་པ་སོགས་ལག་ལེན་ཟུར་དུ་འབྱུང་བ་ལྟར་བྱ། དེ་ནས་དྲིལ་བ་ནི། ཀུན་མཁྱེན་བུ་སྟོན་གྱིས་མཇུག་ནས་དྲིལ་བ་དང་། ས་སྐྱ་པའི་རྗེ་བཙུན་གོང་མ་རྣམས་ཀྱི་ཕྱག་བཞེས་རྗེ་ངོར་ཆེན་པའི་ལུགས་ལ། ཨོཾ་ནས་སྦྲུལ་འཁྱིལ་བ་ལྟར་མཇུག་མཐར་ཡོང་བའི་ལུགས་གཉིས། །སྟག་ཚང་ལོ་ཙཱ་བས། ཐམས་ཅད་དྲིལ་ལུགས་ཤིན་ཏུ་དམ་པ་མི་འཇིག་པ་དང་། དབུ་ཞབས་མ་ལོག་ཅེས་པ་ཙམ་ལས་གསལ་ཁ་མ་བྱུང་ལ། དེ་ཡང་ཆོས་རྗེ་བུ་སྟོན་ཞབས་ནི་རྩོད་མེད་ཡོངས་གྲགས་ཀྱི་པཎྜི་ཏ་ཆེན་པོ་ཡིན་ཅིང་། ངོར་ཆེན་པ་ནི་སངས་རྒྱས་ཀྱིས་ལུང་བསྟན་གྱིས་ཟིན་པའི་ཚད་ཐུབ་ཀྱི་རྡོ་རྗེ་སློབ་དཔོན་ཡིན་འདུག་པས། དེ་གཉིས་ལུགས་གཅིག་འཐད། གཅིག་མི་འཐད་ཅེས་ཁ་ཚོན་གྱིས་གཅོད་མི་ནུས་མོད། དེས་ན་རང་(༡༢ན)


GLG010_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་རྣམས་ནི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་རབ་ལས་ཇི་ལྟར་འབྱུང་བ་བཞིན་ལག་ཏུ་བསྟར་དགོས་ནའང་། གཟུངས་འབུལགྱི་སྐོར་འདི་ལ་རྗེ་བླ་མའི་གསུང་གསལ་བ་དྲི་མ་མེད་པ་ཞིག་ནི་མ་མཆིས་ཤིང་། རྗེས་འཇུག་གོང་མ་འགའ་ཞིག་གིས་ཞ་ལུ་བའི་ལུགས་དེ་ལ་རང་ལུགས་སུ་བྱེད་པར་མཆིས་པ་ནི་ཞ་ལུ་བའི་ལུགས་ལ་དགའ་བ་ཙམ་དུ་ཟད་དོ། དེའི་ཕྱིར་ན། རིམ་ལྔ་གསལ་བའི་སྒྲོན་མེ་ལས་སྔགས་ཀྱི་བརྡ་ནི་སྔགས་ཀྱི་མིང་སྟེ། དེ་ཡང་འགོར་ཨོཾ་དང་། མཐར་སྭཱ་ཧཱ་ཡོད་པའི་སྦྲུལ་དང་། ཨོཾ་ཡོད་ལ་སྭཱ་ཧཱ་མེད་པའི་མཐའ་མེད་དང་། དེ་ལས་ལྡོག་པའི་འགོ་མེད་དང་། གཉིས་ཀ་མེད་པའི་བཏུས་པ་ཞེས་པ་བཞི་དང་། སྙིང་པོ་ཉེ་སྙིང་སོགས་དུ་མ་ཞིག་ཡོད་ཀྱང་། ཞེས་པ་དང་། སྤྱོད་བསྡུས་ལས། རྡོར་ཟླས་ཀྱི་ཡི་གེ་གསུམ་གྱི་སྐབས་སུ། དེ་ལ་སྦྲུལ་ལ་སོགས་པའི་སྔགས་རྣམས་ནི། །ཨ་ལི་ཀ་ལི་ལས་བྱུང་བ་རྣམས་སོ། །ཞེས་གསུངས་པ་ལ་དཔགས་ནས་ངོར་ཆེར་གྱིས་གསང་སྔགས་སྦྲུལ་འཁྱིལ་བའི་དབྱིབས་ཅན་དུ་མཛད་པ་ལེགས་པར་མངོན་ཞིང་། ལག་ལེན་ཀྱང་དབུ་ནས་དྲིལ་བ་འདི་བཞིན་བྱས་ལ་དར་རས་ཀྱི་ན་བཟའ་སེར་པོས་གྲིལ་ཞིང་། དེའི་སྐུད་པས་དམ་དུ་བཀྲིའོ། །དེ་ནས་གཟུངས་འབུལ་བའི་གནས་ཁང་དེར། གསེར་ཟངས་སོགས་ཀྱི་སྐུ་དང་། རྒྱུ་དེ་ལས་གྲུབ་པའི་མཆོད་རྟེན་རྣམས་ལ་ནི་ཐོག་མར་བྱིན་རླབས་རྟེན། སྲོག་ཤིང་། སྐུ་གཟུགས་དང་། གཟུངས་དྲིལ་གྲུབ་པ་རྣམས་དང་། ཙནྡན་(༡༢བ)


GLG010_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤུག་པ་སོགས་སྤོས་ཀྱི་ཕྱེ་དང་། སྨན་སྣ་འབྲུ་སྣ། ཐུམས་རྫས་ཀྱི་གོས་དར་གསེར་གཡུ་སོགས་མདོར་ན་དེར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པ་ལ། རྡོ་རྗེ་སློབ་དཔོན་ལྷའི་ང་རྒྱལ་ལ་གནས་པས་སྦྱང་བ་བགེགས་བསྐྲད་དྲག་ཏུ་བྱ། བསྲུང་འཁོར་བསྒོམ། སླར་ཡང་གཟུངས་རྣམས་ལ་རབ་གནས་བསྡུས་པ་ཞིག་བྱ། སྐུ་གཟུགས་ཀྱི་ནང་དང་མཆོད་རྟེན་གྱི་ནང་གི་གད་རོ་མ་ལུས་པར་བཏོན། ཕྱིའི་གསེར་མདངས་སོགས་ལ་མ་གནོད་པར་ཆུས་བཤལ་ནས་བསྡམ། གཟེར་གྱི་བུག་པ་དང་བསྒྲིགས་མཚམས་ལ་ཆུ་འགྲོ་བ་ཡོད་ན་མ་འོངས་པ་ན་སྐུ་རྗེན་པ་ལ་ཁྲུས་ཆབ་ལྟ་བུ་གསོལ་བའི་ཚེ་རླན་གྱིས་གཟུངས་རུལ་འགྲོ་བས། བསྒྲིགས་མཚམས་དམ་ཞིང་། འབྱོར་ན་འབེར་དང་། ཐ་མའང་བཀྲག་ཆུས་སྲུབས་མེད་པར་བྱས། དེ་ནས་ཙནྡན་དཀར་དམར། ཨ་ཀ་རུ། ཤུག་ཕྱེ་སོགས་ཀྱིས་གཞི་བྱས། དྲི་བཟང་པོའི་སྨན་ཚོགས་ཚད། སྤོས་རེང་གི་རིགས་སོགས་ཞིབ་ཏུ་བཏགས་པ་ཆུ་གཙང་གིས་སྤྲན་པའི་གར་སླ་ཞོ་ཙམ། གསེར་ཟངས་ཀྱི་ནང་དང་མཆོད་རྟེན་གྱི་ཤིང་སོགས་ཐམས་ཅད་ལ་ལན་མང་དུ་བྱུགས་ཏེ། སྲབ་མཐུག་བའི་ཀོ་བ་ཙམ་བྱུང་བ་དང་། དྲི་ངད་མི་ཡལ་བའི་ཕྱིར་གྲིབ་སྐམས་བྱ། སྨན་སྐུའི་རིགས་འགའ་ཞིག་ལ། གཟུངས་ཐོག་མ་ནས་ཕུལ་གྲུབ་པ་དགོས་པ་སོགས་གོ་རིམ་ཅུང་ཟད་མི་འདྲ་བ་རིགས་པས་དཔྱོད་དོ། །དེ་ནས་རྟེན་རྣམས་ལ་སྦྱང་གསུམ་སྔོན་དུ་འགྲོ་བའི་བགེགས་བསྐྲད་བྱས། གུ་གུལ་གྱིས་བདུགས། གཟུངས་འབུལ་བའི་ལས་བྱེད་ནང་གི་དེ་ཉིད་མངོན་དུ་གྱུར་བའི་རྡོ་རྗེའི་སློབ་དཔོན་ཆེན་པོ་རྣམས་ལ་རྟེན་མ་ངེས་(༡༣ན)


GLG010_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། དུས་ཀྱིས་རྙེད་པར་དཀའ་ཞིང་། གཞན་དུ་ན་རབ་དགེ་སློང་། འབྲིང་དགེ་ཚུལ། ཐ་མའང་དགེ་བསྙེན་ནམ། ཁྱིམ་པ་གསོ་སྦྱོང་ལ་གནས་པ་དག་གིས་ཁྲུས་བྱས། གོས་གསར་པ་གྱོན། ཤ་ཆང་སྒོག་བཙོང་སོགས་ཁ་ཟས་མ་རུངས་པ་དག་སྤངས་ཏེ། ཨོཾ་མནྟཱ་དྷཱ་ཏུ་གརྦྷཱ་ཡ་སྭཱ་ཧཱ། ཞེས་གཟུངས་འཇུག་པའི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་འདོན་བཞིན་པའི་ངག་ནས་ལས་བྱེད། དེ་རྣམས་ལ་ཇ་བཟང་པོ་དང་། ཀ་ར་བུ་རམ། སྦྲང་རྩི་སོགས་དཀར་གསུམ་མངར་གསུམ་གྱིས་ཚིམ་པར་བྱས་ན་སྦྱིན་བདག་ལ་ལོངས་སྤྱོད་ཀྱི་རྟེན་འབྲེལ་དུ་ཆེ། གསེར་སྐུ་ལྟ་བུ་ལ། སྐྱེ་མཆེད་བྱིན་རླབས་རྣམས་གཙུག་ཏོར་སྨིན་མཚམས་སོགས་སོ་སོའི་ཐད་ཀར་སྦྱར། སྨན་སྐུ་ལ་ཚོན་འོག་ཏུ་བྲི། སངས་རྒྱས་ཀྱི་འཕེལ་གདུང་གིས་ཐོག་དྲངས། སྐུ་གདུང་། སྐུ་བལ། སྐུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། ན་བཟའི་དུམ་བུ་རྣམས་གཙུག་ཏོར་རམ། ཐོར་ཙུགས་ཅན་གྱི་དབུ་སྐྲའི་ནང་ངམ། བླ་མ་ལྟ་བུའི་དབུའི་གཙུག །མཆོད་རྟེན་གྱི་ཏོག་དང་གདུགས་ཀྱི་ནང་དུ་གཞུག །དེའི་མཛོད་སྤུར་ནོར་བུ་རྒྱས་པའི་གཞལ་མེད་ཁང་ལ་རྒྱས་པའི་སྤེལ་ཚིག་སྦྱར་བ་དང་། དེའི་འོག་ཏུ་བླ་མ་བརྒྱུད་པའི་མཚན་གཟུངས་རྣམས་དང་། གཙུག་ཏོར་འཁོར་ལོས་བསྒྱུར་བའི་གཟུངས་ལ་བར་ཆད་ཞི་བའི་སྤེལ་ཚིག་དང་། གདུགས་དཀར་ལྟ་བུ་རྒྱུད་སྡེ་གོང་འོག་ལ་མི་ལྟོས་པར་དམིགས་བསལ་གྱིས་འཇུག །མཆོད་རྟེན་ཡིན་ན་བྲེ་ཡན་ཆོད་དུ་གཞུག །སྐུའི་མགུལ་དང་། མཆོད་རྟེན་གྱི་བྲེ་ཞབས་ཀྱི་ཐད་དུ་དབྱིངས་གསལ་གྱི་གཟུངས་གང་མང་། སྐུའི་སྟོད་དང་མཆོད་(༡༣བ)


GLG010_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་བུམ་སྟོང་ལ་བླ་མེད་ཀྱི་གཟུངས། དེ་ཡང་གཡས་སུ་ཕ་རྒྱུད། གཡོན་དུ་མ་རྒྱུད། ས་ཞལ་གཉིས་དབུས་སུ་གཉིས་མེད་ཀྱི་རྒྱུད་ཟེར་ཡང་། རང་ལུགས་བླ་མེད་ཀྱི་རྒྱུད་ཡིན་ན་གཉིས་མེད་ཀྱི་རྒྱུད་ཡིན་པས་ཁྱབ་པས། དགྱེས་རྡོར། དུས་འཁོར་ལྟ་བུ་ལ་གཉིས་མེད་ཀྱི་རྒྱུད་ཅེས་སྒེར་དུ་མིང་འདོགས་པའི་རྣམ་གཞག་མི་བྱེད་ཀྱང་། རང་གི་ལྷག་པའི་ལྷའི་བླ་མེད་ཀྱི་རྒྱུད་སྡེ་གང་ཡིན་དེ་དབུས་སུ་གཞུག་པ་ལེགས་པར་སེམས། སྐུ་གསུང་ཐུགས་ཀྱི་རྟེན་གྱི་རིགས་བྱིན་རླབས་ཅན་ཡོད་ན་གཞུག་དེ་འོག་སྐུ་སྐེད་དང་། བུམ་སྐེད་ལ་རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད་ཀྱི་གཟུངས་དཀྱུས་མ་རྣམས་གོ་རིམ་མ་ལོག་པར་གཞུག །ལྟེ་འོག །བུམ་སྨད་ལ་གཟུངས་ཆེན་སྡེ་སྔ། ཡངས་པའི་གྲོང་ཁྱེར་དུ་འཇུག་པ། གཞན་ཡང་མདོ་ལས་འབྱུང་བའི་གཟུངས་རྣམས་དང་། ཕྱག་ལ་གཟུངས་འཇུག་པར་ཤར་ན། བླ་མེད་ཀྱི་གཟུངས་ཀྱི་རིགས་དཔུང་མགོ་ནས་མཐེ་བོང་གི་བར་ལ་ཡས་བཅོལ་ནས་འཇུག །སྟོད་གཟུངས། སྨད་གཟུངས། བར་གཟུངས་རྣམས་ལ་གོས་དར་སེར་པོ་སོགས་ཀྱིས་མཚམས་དར་ལེགས་པར་བཏང་། སྐུའི་སྐྱིལ་ཀྲུང་དང་མཆོད་རྟེན་གྱི་བང་རིམ་རྣམས་ལ། རྒྱུད་སྡེ་བཞི་དང་ཐེག་པ་གོང་འོག་སོགས་གོ་རིམ་མ་འཛོལ་བར་བྱས་ཏེ། སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས། མངོན་རྟོགས་སྒྲུབ་སྐོར་ལས་ཚོགས་སོགས་ཀྱི་གླེགས་བམ། ཤོག་བུའི་བར་བར་ལ་ཡང་དྲི་བཟང་དང་བཅས། ནང་གྲིལ་གོས་དར་ཁ་དོག་སྣ་ཚོགས་གང་འབྱོར། ཕྱི་གྲིལ་དར་སེར་པོས་བྱས། དབུ་ཤོག་ཡར་ལོག །མདུན་ལོགས་ཀྱི་དབུ། རྟེན་གྱི་(༡༤ན)


GLG010_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཕྱོགས་སུ་ཡོད་པར་བྱས་ཏེ་ཅི་ཤོང་བཅུག །གཟུངས་དང་གླེགས་བམ་གྱི་སྲུབས་སྟོང་པར་ལུས་པ་རྣམས། ཤུག་ཕྱེ། སྤང་སྤོས། གཙོ་བོ་བུམ་རྫས་ཉེར་ལྔ། གཞན་ཡང་དྲི་བཟང་ཅི་འབྱོར་གྱི་ཕྱེ་མ་དང་རས་སེར་པོར་ཐུམས་བུ་བྱས་ནས་འགེངས། རྟེན་གྱི་པདྨའི་སྟོད་དམ། མཆོད་རྟེན་གྱི་སེང་ཁྲིའི་སྟོད་ཀྱི་ཐད་དུ། དབུས་སུ་བཀྲ་ཤིས་པའི་ཚིགས་བཅད་ལྷུག་དང་བཀྲ་ཤིས་པའི་གཟུངས་རྣམས་ཀྱི་ཤོག་དྲིལ། གཡས་སུ་ཆོས་སྐྱོང་བསྲུང་མ། གཡོན་དུ་དཔལ་མགོན་བདུན་ཅུ་རྩ་ལྔ། རྒྱབ་ཏུ་གནོད་སྦྱིན་ནོར་ལྷའི་གཟུངས་སྔགས། ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི། གཟའ་རྒྱུ་སྐར་ལྷ་ཀླུ་ས་བདག་མཐུ་བོ་ཆེ་རྣམས་ཀྱི་སྔགས། དེ་དག་རྣམས་ཀྱི་བར་དུའང་བྲ་བོ་དང་པད་ཁ་མ་ཡིན་པའི་འབྲུ་སྣའི་རིགས་དར་རས་སེར་པོས་གཏུམས་ཏེ་བཅུག་ལ། དར་རས་སེར་པོས་མཚམས་བཅད་དེ་མི་ལུག་པར་བྱའོ། །གཉིས་པ་འཕྲོས་དོན་བྱེ་བྲག་ཏུ་བཤད་པ་ལ། གནོད་སྦྱིན་འཁོར་ལོ་བཅའ་ཚུལ། དམིགས་བསལ་གྱི་རིམ་པ་གཉིས། དང་པོ་ལ། གཞན་ལུགས་མི་འཐད་པ་དགག་པ། རང་ལུགས་འཐད་ལྡན་དུ་བཞག་པ་གཉིས། དང་པོ་ནི། ཞ་ལུ་པའི་ལུགས་ཀྱི་ལག་ལེན་མོ་འཁོར་སྟེང་དུ་བྱ་བ་དང་། སྟག་ཚང་ལོ་ཙཱ་བས། འདབ་མའི་སྔགས་མགོ་ཕྱིར་བསྟན་ཕོ་འཁོར་སྟེང་དུ་བྱས་པ་ལ། འདབ་མའི་སྔགས་རྣམས་གཡས་བསྐོར་གཡོན་བསྐོར་ཁྱད་པར་མི་རིགས་པའི་སྒྲུབ་བྱེད་དང་བཅས་པའི་ལུགས། འགའ་ཞིག་གནོད་སྦྱིན་ཕོ་དགུ་མོ་དགུའི་ལྡེར་སྐུ་གཞུག་པ་དང་། ཤིང་བྱང་ལ་རི་མོ་བྲིས་(༡༤བ)


GLG010_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁ་སྦྱར་དུ་བྱས་ནས་འཇུག་པ་སོགས་ལུགས་མང་ཞིག་མཆིས་པ། སྔ་མ་འཐད་པར་མི་སེམས་ཏེ། འཁོར་ལོ་འདི་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལེའུ་གཉིས་པ་ལས། གནོད་སྦྱིན་ཕོ་མོའི་འཁོར་ལོ་བྲིས་ཏེ་ནོར་དང་འབྱོར་བ་བསྒྲུབ་པའི་ཆེད་དུ་མོ་འཁོར་གཉིས་ཁ་སྦྱར་རམ། ཕོ་མོ་ཁ་སྦྱར་བར་གསུངས་པས། འདི་ཉིད་རྒྱུད་སྡེ་ནས་གསུངས་པའི་ནོར་བསྒྲུབ་ཀྱི་འཁོར་ལོའི་ལས་ཚོགས་ཡིན་པའི་ཕྱིར་ན། མོ་འཁོར་སྟེང་དུ་བྱེད་པ་རྒྱུད་སྡེ་གཞན་དག་གི་ལུགས་སྲོལ་དང་མི་མཐུན་པའི་ཉེས་པ་མངོན་སུམ་དུ་གྲུབ་པས་སོ། །རྒྱུ་མཚན་བདེ་དགྱེས། གསང་འདུས། དུས་འཁོར། ཁྱད་པར་དམར་ནག་འཇིགས་གསུམ་སོགས་གསང་སྔགས་གསར་མའི་རྒྱུད་སྡེ་ནས་བཤད་པའི་འཁོར་ལོའི་ལས་ཚོགས་རྣམས་དང་། གསང་སྔགས་རྙིང་མའི་ལས་ཚོགས་མཐའ་དག་གང་ལ་ཡང་། ཕོ་འཁོར་སྟེང་དུ་བྱས་ཏེ་བསྒྲུབས་པས་ལས་ཇི་བཞིན་མ་འགྲུབ་ན། སྤོགས་པའི་ཆོ་ག་ལ་ཕོ་མོ་གོ་བཟློག་སྟེ་བྱེད་པར་བཤད་པས། ཁྱེད་རང་རྣམས་ཀྱི་གནོད་སྦྱིན་འཁོར་ལོ་ལ་སྤོགས་ཆོག་ཏུ་འགྱུར་བའི་སྐྱོན་འབྱུང་ལ། སྤོགས་ཆོག་ནི་ལས་མཐའ་རྡུགས་ན་བྱེད་ཅིང་མི་ཤིས་པར་ཡང་བཤད་པས། སྦྱིན་བདག་སོགས་ལ་འབྱོར་བ་དང་བཀྲ་ཤིས་པར་བསྒྲུབ་པའི་འཁོར་ལོས། དེའི་བཟློག་ཕྱོགས་བསྒྲུབས་ཏེ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཡང་འདི་ལ་སྐྱོན་མེད་དེ་རྒྱུ་མཚན། གསང་འདུས་ལྟ་བུའི་དཀྱིལ་ཐང་གན་རྐྱལ་དུ་བཞག་པའི་ཚེ་ཡབ་ཀྱི་སྟེང་དུ་ཡུམ་ཡོང་བ་མངོན་སུམ་གྱིས་གྲུབ་པས་སོ་ཟེར་ན། དེ་ཉིད་དོད་མཚུངས་ན་འཁོར་ལོ་(༡༥ན)


GLG010_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྦྱོར་བ་ལས་རས་གཞི་གཅིག་ལ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པར་གནོད་སྦྱིན་ཕོ་དགུ་མོ་དགུ་དཀྱིལ་ཐང་གི་ལྷ་ལྟར་བྲིས་ཀྱང་རུང་བར་འགྱུར་ཞིང་། གཞན་ཡང་འཁོར་ལོའི་དཔེ་དཀྱིལ་ཐང་ལ་འགེབས་ན། དཀྱིལ་ཐང་གིས་འཁོར་ལོའི་གོ་ཆོད་པར་ཁས་ལེན་དགོས། དེ་ལྟར་བླངས་ན། དམར་ནག་འཇིགས་གསུམ་ལྟ་བུ་ལ་འཕྲུལ་འཁོར་འདི་པ་སོགས་ཀྱི་དཀའ་བ་ཁྱད་དུ་བསད་དེ། དཀྱིལ་ཐང་ཙམ་ལ་བརྟེན་ནས་འཕྲུལ་འཁོར་གྱི་ལས་ཚོགས་སྒྲུབས་ཤིག །གཞན་ཡང་དཀྱིལ་ཐང་ཞལ་བསྒྱེལ་བ་དེའི་ཚེ་མོ་སྟེང་དུ་ཡོད་པས་བསྒྲུབ་ན། ཀཀྞི་སོགས་ཀྱི་གནམ་རྒྱན་ལ་མོ་འོག་ཏུ་འབྱུང་བས་ཅིས་མི་འགྲུབ། ལུགས་སྔ་མ་དེ་འདྲ་ནི་གསུང་རབ་ཀྱི་བརྡ་ཆད་ལྟ་ཞོག །འཇིག་རྟེན་ཐ་སྙད་ལས་ཀྱང་འགལ་བའི་གཏམ་མོ། །ལུགས་བར་པ་ཡང་མི་རིགས་ཏེ། དེ་ལྟ་ན་སྟེང་འོག་གཉིས་ཀ་གཡས་བསྐོར་བྱས་པའི་སྐྱོན་གྱིས་ལྷོའི་ལྷ་དང་བྱང་གི་ལྷ་ཞལ་སྦྱར་བ་ཞིག་ཡོང་ཞིང་། དེ་ལ་སྐྱོན་མི་ཡོང་ན་བྲིས་ཐང་གི་དཀྱིལ་འཁོར་ལྟ་བུ་ལ་ཡང་ཤར་གྱི་ལྷའི་ཡུམ་དེ་ནུབ་ཀྱི་ལྷ་དང་ཞལ་སྦྱོར་དུ་བྲིས་པ་དེ་ལ་ཉེས་པ་མི་འཇུག་པར་འགྱུར་རོ། །ཡང་མངོན་སུམ་ཕལ་པ་ལ་དེ་ལྟར་སྣང་བ་ཙམ་གྱིས་མི་གནོད་དེ། སྒོམ་དོན་ལ་ཕྱོགས་ཀྱི་ལྷ་རྣམས་མ་འདྲེས་པར་འབྱུང་བའི་ཕྱིར་དཔེར་ན་དཀྱིལ་ཐང་བཀྲམ་པའི་ཚེ་ཤར་ཕྱོགས་པ་རྣམས། དངོས་སུ་དབུ་འཐུར་ལ་བསྟན་ཀྱང་། སྒོམ་དོན་ལ་དེ་ལྟར་མིན་པས་སོ་ཟེར་ན། དེ་ལྟར་ན་མི་འཁྲུགས་པའི་དཀྱིལ་འཁོར་ལ་བརྟེན་ནས་གསང་བ་འདུས་པའི་དབང་ཡང་(༡༥བ)


GLG010_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རུང་སྟེ། དཀྱིལ་འཁོར་དེ་མངོན་སུམ་དུ་ཕལ་པ་ལ་མི་འཁྲུགས་པའི་དཀྱིལ་འཁོར་དུ་སྣང་གི །སྒོམ་དོན་ལ་རྣལ་འབྱོར་པའི་དམིགས་པས་གང་འདོད་དུ་བསྒྱུར་ཐུབ་པ་སྔ་མ་དང་དོད་མཚུངས་པའི་ཕྱིར། ཡང་གཡས་བསྐོར་གཡོན་བསྐོར་དུ་བྱས་ན་ཐབས་ཤེས་སྦྱོར་བའི་ཚེ། ཞལ་གསུམ་ཡོད་པ་ལྟ་བུ་ལ། ཡབ་ཀྱི་གཡས་ཞལ་དང་ཡུམ་གྱི་གཡས་ཞལ་གཉིས་སྦྱོར་དགོས་པའི་རིགས་པ་གཏོང་བ་ནི་ཤིན་ཏུ་མི་རིགས་ཏེ། རྒྱུ་མཚན་དེ་ལྟར་ན། དམར་ནག་འཇིགས་གསུམ་གྱི་འཕྲུལ་འཁོར་གྱི་སྐབས་ཡི་གེ་བཅུ་བདུན་པོ་གཡས་བསྐོར་གཡོན་བསྐོར་དུ་འབྲི་བར་བཤད་འདུག་པས་ཕྱོགས་གཅིག་གི་ཡི་གེ་རྣམས་ལོག་པོར་འདྲི་དགོས་པར་འགྱུར་ཞིང་། དེས་ན་ཎ་དགོས་སར་ན་འདྲི་བ་སོགས་འཆུགས་ཚབས་ཆེན་པོར་འགྱུར་རོ། །མཚན་ཉིད་པ་རྒན་པོ་དང་། ཐ་སྙད་མཁན་པོ་དག་མན་ངག་དང་བྲལ་བའི་རང་བཟོ་ལ་བརྟེན་ནས་རྒྱུ་མཚན་མེད་པའི་བློས་བྱས་མ་མཛད་ཅིག །ལུགས་ཕྱི་མ་ནི་སྔ་མ་བཀག་པའི་ཤུགས་ཀྱིས་ཁེགས་སོ། །གཉིས་པ་རང་ལུགས་འཐད་ལྡན་དུ་བཞག་པ་ནི། དཔའ་བོ་གཅིག་གྲུབ་ནས་གསུངས་པའི་ཡབ་ཡུམ་གཉིས་མེད་ཀྱི་དངོས་གྲུབ་བླང་ཐབས་བསྙེན་པ་དང་བཅས་ཏེ་བསྒྲུབ་པ་དང་། བསྙེན་པ་མེད་ཀྱང་འཁོར་ལོ་བཅས་ལ་དངོས་གྲུབ་བླང་བའི་ཚུལ་གཉིས་ལས། འདིར་ཕྱི་མ་ལྟར་ཏེ། བྲི་གཞི་གསེར་དངུལ་ཟངས་ཀྱི་བྱང་ལེབ་བམ། མཐིང་ཤོག་གོས་རས་གྲོ་ཤོག་གང་འཛོམ་ལ་སྟེང་འོག་མཉམ་པར། གཟོང་བརྐོས་སམ་གསེར་དངུལ་རྒྱ་སྣག་མཚལ་ལྟ་བུ་ལ་སྨན་(༡༦ན)


GLG010_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་བཏབ་པ་སོགས་ཡོ་བྱད་འཛོམ་པ་དང་བཅས། རྒྱུ་སྐར་རྒྱལ་ལ་བབ་པའི་ཚེ་འམ། ཡང་ན་གཟའ་སྐོར་སྦྱོར་བྱེད་ལེགས་པ་ལ་ཕྲི་བ་ནི། དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས། ཡང་ན་གསེར་ལ་སོགས་པའི་བྱང་བུ་ལ་བ་སུ་དྷཱ་ར་གནོད་སྦྱིན་མོ་དང་བཅས་པ་དང་། བྱང་བུ་གཉིས་པ་ལ་བཅོམ་ལྡན་འདས་ཛཾ་བྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡང་དག་པར་བྲིས་ལ་ཁ་སྦྱོར་དུ་བྱས་ཏེ། ཞེས་གསུངས་པས། ནོར་རྒྱུན་མ་གཙོ་བོར་བྱ་སྟེ། འཁོར་ལོ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར་ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་མཐིལ་ན་ཤིང་ཐོག་བྷིཉྫ་པཱུ་ར་དང་། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་ཞབས་འོག་ན་པདྨའི་སྡོང་གི་གཏེར་མནན་པ། བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བའོ། །མུ་ཁྱུད་གཉིས་པ་ལ་པདྨ་འདབ་བརྒྱད་བྲིས་པ་ལ། གཙོ་མོའི་མདུན་ཤར་ནས་བརྩམས་ཏེ། གཙོ་མོ་དང་འདྲ་བའི་ནོར་རྒྱུན་མ་བརྒྱད་དབུ་ཕྱིར་བསྟན་པ་བྲིའོ། །དབུས་ཀྱི་ནོར་རྒྱུན་མའི་ཐུགས་ཀར་ཨོཾ་བྷཱ་སུ་དྷ་རི་ནི་སྭཱཧཱ། ཤར་གྱི་ཟླ་འོད་མའི་ཐུགས་ཀར་ཨོཾ་ཙནྡྲ་ཀནྟྱཻ་སྭཱ་ཧཱ། ལྷོར་ནོར་སྦྱིན་མའི་ཐུགས་ཀར་ཨོཾ་དན་ཏཱ་ཡཻ་སྭཱཧཱ། ནུབ་ཏུ་རབ་སྦྱིན་མའི་ཐུགས་ཀར་ཨོཾ་སུ་ད་ན་ཏཱ་ཡཻ་སྭཱཧཱ། བྱང་དུ་འཕགས་མའི་ཐུགས་ཀར་ཨོཾ་ཨཱརྱ་ཡེ་སྭཱཧཱ། ཤར་ལྷོར་རབ་བཟང་མའི་ཐུགས་ཀར་ཨོཾ་སུ་བྷ་དྲ་ཡེ་སྭཱཧཱ། ལྷོ་ནུབ་ཏུ་སྦས་མའི་ཐུགས་ཀར་ཨོཾ་བུ་པ་ཏཱ་ཡེ་སྭཱཧཱ།(༡༦བ)


GLG010_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་དུ་མཛེས་མའི་ཐུགས་ཀར་ཨོཾ་དེ་བྱཻ་ཡཻ་སྭཱ་ཧཱ། བྱང་ཤར་དུ་དབྱངས་ཅན་མའི་ཐུགས་ཀར་ཨོཾ་སྭ་ར་སྭ་ཏྱེ་སྭཱ་ཧཱ། ཞེས་ཕྱོགས་མ་ནོར་བར་བྲིའོ། །གསུམ་པ་དང་བཞི་པ་ལ་རྡོ་ར་མེ་རིའོ། །གཉིས་པ་ཕོ་འཁོར་བྲི་བ་ནི། མུ་ཁྱུད་བཞི་བསྐོར་བའི་ལྟེ་བར། ཛཾ་བྷ་ལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་གྱི་མཐིལ་ན་བྷིཉྩ་པཱུ་ར་དང་། གཡོན་ནེའུ་ལེ་རིན་ཆེན་སྐྱུག་པ་འཛིན་པ། ཞབས་སྐྱིལ་ཀྲུང་ཕྱེད་པས་གཏེར་གྱི་སྟེང་ན་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ཐུགས་ཀར་ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱཧཱ། མུ་ཁྱུད་གཉིས་པ་ལ་པད་འདབ་བརྒྱད་ལ་འཁོར་བརྒྱད་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གཙོ་བོ་དང་འདྲ་བ་ལས། གཙོ་བོའི་མདུན་ཤར་ཕྱོགས་སུ་ཨུ་ཕྱིར་བསྟན་ནས། ནོར་བུ་བཟང་པོའི་ཐུགས་ཀར་ཨོཾ་མ་ཎི་བྷ་དྲ་ཡ་སྭཱཧཱ། བྱང་དུ་གང་བ་བཟང་པོའི་ཐུགས་ཀར། ཨོཾ་པུརྞ་བྷ་དྲ་ཡ་སྭཱཧཱ། ནུབ་ཏུ་ནོར་སྦྱིན་གྱི་ཐུགས་ཀར། ཨོཾ་དྷ་ན་ད་ཡ་སྭཱཧཱ། ལྷོར་རྣམ་ཐོས་སྲས་ཀྱི་ཐུགས་ཀར། ཨོཾ་བེ་ཤ་མ་ཎ་ཡ་སྭཱཧཱ། །བྱང་ཤར་དུ་རོལ་པའི་ཕྲེང་བའི་ཐུགས་ཀར། །ཨོཾ་ཀི་ལི་མཱ་ལི་ནེ་སྭཱ་ཧཱ། ནུབ་བྱང་དུ་འཇམ་པོ་འཁྱིལ་བའི་ཐུགས་ཀར་ཨོཾ་ཙི་བི་ཀུཎྜ་ལི་ནི་སྭཱཧཱ། ལྷོ་ནུབ་ཏུ་གདོང་གི་དབང་པོའི་ཐུགས་ཀར་ཨོཾ་མུ་ཁེན་དྲ་ཡ་སྭཱཧཱ། ཤར་ལྷོར་སྤྱོད་པའི་དབང་པོའི་ཐུགས་ཀར་ཨོཾ་ཙ་རེནྡྲ་ཡ་སྭཱ་ཧཱ། ཞེས་པ་རྣམས་བྲིའོ། །དབུས་ཀྱི་ཡི་གེའི་མགོ་དང་། ལྷ་གཙོ་བོའི་དབུ་ནུབ་ཏུ་བསྟན། ཕྱོགས་མཚམས་ཀྱི་ཡི་གེ་རང་ལྷའི་དབུ་ཕྱིར་བསྟན་ནོ། །འབྲིང་ལྷ་བྲི་བ་མ་(༡༧ན)


GLG010_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ན། པད་འདབ་ལ་སྔགས་བྲིས་ཀྱང་རུང་ངོ་། །སྔགས་རྣམས་ཀྱི་སྭ་ཧཱའི་གོང་དུ། མ་མ་དྷ་ནཾ་དེ་ཧི་དེ་ཧི་ཞེས་པའམ། ཡང་ན་ཆེ་གེ་མོའི་ནོར་དང་འབྲུ་དང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པའི་སྤེལ་ཚིག་གང་འདོད་བྲིའོ། །མུ་ཁྱུད་གསུམ་པ་དང་བཞི་པ་ལ་རྡོ་ར་མེ་རིའོ། །ཡང་ན་དངོས་གཞི་བྲི་ལུགས་སོགས་སྔར་ལྟར་ལ། པད་འདབ་ཀྱི་ལྷ་སྔགས་རྣམས་ཀྱི་དབུ་ནང་དུ་བསྟན། གཙོ་བོའི་དབུ་ཤར་དུ་བསྟན་པ་བྱས་ན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གི་བཞེད་པའོ། །ལུགས་གཉིས་ཀ་ལ་རྒྱས་འབྲིང་གཉིས་འདྲི་བ་མ་འགྲུབ་ན། བསྡུས་པ་བ་དགུ་ཛཾ་དགུ་འདྲི་བ་ཕྱག་ལེན་ཡིན་ཀྱང་། འགའ་ཞིག་སྔགས་མེད་པར་ལྷ་རྐྱང་པ་འདྲི་བ་ནི་མ་དག་པའོ། །ལུགས་སྔ་མ་ནི་སྒྲུབ་ཐབས་བརྒྱ་རྩའི་ཛཾ་ལ་སྒྲུབ་ཐབས་རྒྱས་པ་ལས། དཔལ་ལྡན་མགོན་པོ་ཛཾ་བྷ་ལ། །ནོར་རྒྱུན་མ་ལ་འཁྱུད་མ་དང་། ཞེས་དང་། དཔའ་བོ་གཅིག་གྲུབ་ཏུ་མོ་གཙོ་བོར་གསུངས་པའི་རྒྱབ་རྟེན་ཤིན་ཏུ་བཟང་ལ། ས་སྐྱའི་རྗེ་བཙུན་གོང་མའི་བཞེད་པ་ཤར་ཆེན་ཡེ་ཤེས་རྒྱལ་མཚན་སོགས་མཁས་པའི་ཡིག་ཆར་བཀོད་པ་ལུང་རིགས་ཀྱི་སྒྲུབ་བྱེད་དང་འབྲེལ་ཆགས་ཤིང་། ཡང་ལུགས་ཕྱི་མ་ནི་ཛཾ་ལ་གཙོ་བོར་འདོད་པའི་དབང་དུ་བྱས་པ་ཡབ་ཡུམ་གོ་རིམ་འཁྲུག་ཅིང་སྔགས་སྤྱི་སྐད་དང་འབྲེལ་བས་ལུགས་དེ་འདོད་ཕྱིན་ཕོ་མོ་གོ་བཟློག་པ་སོགས་རྣམ་པར་མི་འཚམས་པའི་མུ་ཅོར་སྨྲ་མི་དགོས་པའི་ལེགས་བཤད། ལུང་དང་(༡༧བ)


GLG010_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་འབྲེལ་བའི་མཁས་པ་དགའ་བ་བསྐྱེད་པའི་གནས་སོ། །ལ་ལ་དག་འདབ་མའི་སྔགས་རྣམས་དབུ་ནང་དུ་བསྟན་པས་དྲག་པོར་འགྱུར་རོ་སྙམ་ན། དབུ་ཕྱིར་བསྟན་ལ་འཇམ་པོ་དང་ནང་བསྟན་ལ་དྲག་པོས་ཁྱབ་པར་ཤུགས་ལ་འགྲོ་ཞིང་དེ་ལྟར་ན་དམར་ནག་འཇིགས་གསུམ་གྱི་འཕྲུལ་འཁོར་ཐམས་ཅད་ལས་འཇམ་པོ་འབའ་ཞིག་ཏུ་འགྱུར་ལ། །བྲམ་ཟེ་སྡོམ་བཟང་གི་རླུང་འཁོར་སོགས་འཁོར་ལོ་ཁ་སྦྱར་གཅིག་གི་སྟེང་ནས་ཞི་དྲག་གཉིས་ཀ་ཡོད་པར་འགྱུར་རོ། །བྲིས་ཟིན་པ་དང་རས་ཤོག་བུ་ལྟ་བུ་ལ་ཚོན་གྱིས་བཀྲ་བར་བྱ། ཡང་ཚོགས་བདག་འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔ་པ་རྩིབས་བརྒྱད་དང་བཅས་པའི་ལྟེ་བར་ཧཱུཾ་ཧྲཱིཿབྷྲཱུཾ་མཐར་གུག་ན་པ་ཏ་ཡེ་དཱ་ན་པ་ཏི་ས་པ་རི་ཝཱ་ར་པུཥྚིཾ་ཀུ་རུ་ཨོཾ་གྱི་མཇུག་ཏུ་རྒྱས་པའི་སྤེལ་ཚིག་འདོད་བཅོལ་བྱ། གཉིས་པ་ལ་ཨོཾ་བཛྲ་ཨ་དུ་ཤ་མ་ཛ་ཏི་ག་ཏ་པེ་ཏ་ཨཱ་ཀཪྵ་ཡ་ད་ན་བ་སུ་ཨཱ་ཡུཿཔུཎྱཻ་པུཥྚིཾ་ཀུ་རུ་སྭཱཧཱ། ག་ག་ག་ག་ག་རྣམས་ཀྱི་མཐར་སྤེལ་ཚིག །རྩིབས་བརྒྱད་ལ་ག་བཞི་པ་ལ་རྟེན་འབྲེལ་སྙིང་པོ། ལྔ་པར་བཀྲ་ཤིས་རྟགས་བརྒྱད་འབྲི། དེ་རྗེས་དར་རས་གཙང་མའི་ལྟེ་བ་གཞིའི་སྟེང་དུ་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་སྟེང་དུ་འཁོར་ལོ་རྣམས་བཞག །སློབ་དཔོན་ལྷའི་ང་རྒྱལ་ལ་གནས་པས་སྦྱང་གསུམ་སྔོན་དུ་འགྲོ་བས་བགེགས་བསྐྲད། གུ་གུལ་གྱིས་བདུགས། འཁོར་ལོ་རྣམས་ཀྱི་བསྐྱེད་ཆོག་སོགས་གཞུང་ལྟར་བྱས། འགྲུབ་ན་རས་ཞག་བདུན། འབྲི་ཞག་གསུམ། ཐ་མའང་ཉིན་ཞག་གཅིག་ཙམ་དུ་བསྒྲུབ་གྲོགས་སམ་རང་ཉིད་གཅིག་པུས་ཀྱང་རུང་སྟེ། འཁོར་ལོའི་(༡༨ན)


GLG010_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཅི་མང་བཟླས། རྟེན་འབྲེལ་སྙིང་པོའི་སྔགས་དང་བཅས་མེ་ཏོག་འཐོར། ཤིས་བརྗོད་དང་འོད་བཞུ་སོགས་རྒྱས་པར་བྱ་དགོས་སོ། །དེང་སང་ནི་འཁོར་ལོ་བྲིས་གྲུབ་འཕྲལ་ཁ་སྦྱར་ནས་འཇུག་ཐུབ་པ་གཙོ་བོར་འདོན་པ་མ་གཏོགས། འཁོར་ལོའི་རབ་གནས་བསྐྱེད་ཆོག་བསྒྲུབ་པ་སོགས་ཅུང་ཟད་ཀྱང་མི་བྱེད་པ་མང་དུ་འདུག་ལ། ལྟོ་ཕྱིར་རྒྱལ་ཁམས་ཀུན་ཏུ་གཟུངས་གཞུག་འབུལ་བར་ཝ་ལྟར་འཁྱམ་པ་ལ་ལ་ནི་ཚོགས་བདག་འཁོར་ལོ་ཡང་མི་དགོས་ཟེར་རོ། །དེ་འདྲའི་ལག་ལེན་འཆོལ་བས་རང་གཞན་བསླུ་བའི་བྱ་བ་ཕུབ་མའི་ཆུ་དོང་དག་རིང་དུ་སྤོངས་ལ་བློ་ལྡན་རྣམས་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་སྙིང་ལ་ཆོངས་ལ་དྲི་མ་མེད་པའི་ལག་ལེན་ལྟར་གྱིས་ཤིག །འཁོར་ལོའི་བསྒྲུབ་པ་ཐོན་ནས། སྦྲང་ཀ་ར་མར་གྱིས་བྱུག་ཅིང་པདྨ་ལྷ་སྔགས་རྣམས་མ་འཛོལ་བར་སྦྱར་ལ་སྐུད་པ་སེར་པོས་མི་མངོན་པར་རྒྱ་གྲམ་དུ་བཅིངས། དེ་ནས་སེང་ཁྲིའི་ནང་དུ་དར་རས་སོགས་ལེགས་པར་བཏིངས་པའི་སྟེང་དུ་ཚོགས་བདག་འཁོར་ལོ་དབུ་རྒྱབ་ཕྱོགས་སུ་བསྟན་ཏེ་བཞག །དེ་སྟེང་གནོད་སྦྱིན་འཁོར་ལོ་སྔགས་མགོ་ཕྱིར་བསྟན་ལ་དབུ་རྒྱབ་དང་། ཡང་ནང་བསྟན་ལ་སྐུའི་མདུན་དུ་ཡོང་བ་དང་། གཉིས་ཀ་ཕོ་སྟེང་མོ་འོག་མ་ནོར་བར་བཞག །སྨན་སྣ། ཟས་སྣ། འབྲུ་སྣ། རིན་པོ་ཆེ། དྲི་བཟང་། ས་སྣ། རྡོ་སྣ། ཤིང་སྣ། དར་སྣ། ཇ་ལ་སོགས་པའི་རིགས་ཐམས་ཅད་བུམ་གཏེར་དུ་བཅུག་ལ་འཁོར་ལོའི་སྟེང་གི་དབུས་དང་ཕྱོགས་མཚམས་སུ་བཞག་ན་དངོས་གཙང་ཞིང་ལེགས་སོ། ད་ལྟ་ཕལ་ཆེར་ཐམས་ཅད་འཁོར་ལོའི་སྟེང་(༡༨བ)


GLG010_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁྲོག་ལུགས་སུ་བླུགས་པའི་སྦྱོར་བ་རྩིང་པོ་མང་ཞིང་དེ་འདྲའི་རིགས་རྟེན་གྱི་ནང་དུ་བྱི་བའི་ཚང་འཆའ་བའི་ཐབས་ཤ་སྟག་གོ །བུམ་གཏེར་ལའང་ལུགས་མི་གཅིག་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པ་སོགས་རྣམ་གྲངས་མང་བས། ཁྱད་པར་ཤེས་དགོས་ཀྱི། མི་ཤེས་བཞིན་དུ་རང་བཟོའི་ཟོབས་ཀྱིས་རྒྱལ་ཁམས་མ་འགེངས་ཤིག །གཞན་ཡང་རྟེན་ཆེན་ལ་སེང་ཁྲིའི་བར་སྟེང་དུ་ཇ་སྦབ་རྩེ་ཁྲབ་རྨོག་གི་རིན་པོ་ཆེའི་དཔྱད་པ་སོགས་བློས་དཔྱད་དེ་འཇུག་ཏུ་མི་རུང་པ་མ་ཡིན་པ་ཐམས་ཅད་འཁོར་ལོ་དང་བུམ་པར་མི་གནོད་པ་བྱས་ནས་འཇོག་ལ། །ལ་ལ་ཟས་ཀྱི་རྣམ་གྲངས་སུ་བསམས་ཏེ་ཤ་འཇུག་པ་འདུག་ཀྱང་གནོད་སྦྱིན་འཁོར་ལོ་བྱ་རྒྱུད་དུ་བཤད་པས། དེའི་རྒྱུད་སྡེའི་དོན་སྤྱི་མ་ཆགས་པའོ། །སྔོན་གྱི་བླ་མའི་ཕྱི་རྟེན་འགའ་ཞིག་ན། བླ་མ་དེ་ཁའི་ལྷུང་བཟེད་དཀར་ཡོལ་ཕོར་བ་སྡེར་མ་བཟེད་ཞལ་ཆབ་རིལ་སོགས་ཉེར་མཁོའི་ཆས་ཐམས་ཅད། བུམ་ནང་དུ་བླ་མའི་སྐུ་འདྲ་ལ་བསྐོར་ནས་བཞག་པའང་མཐོང་བ། སྤྱིར་བྱིན་རླབས་རྟེན་གྱི་དབང་དུ་བྱས་ཏེ་ཞལ་དཀར་ལྟ་བུ་ཡང་འཇུག་ཏུ་རུང་མོད། འོན་ཀྱང་། བླ་མ་བཞུགས་དུས་ཀྱི་རྣམ་པ་ལྟ་བུ་དེ་འདྲ་བྱེད་པ་ནི། བོན་ལུགས་ཀྱི་བང་སོ་དང་ཁྱད་པར་མ་མཆིས་པས། ཆོས་དང་བོན་བསྲེ་བར་མ་བྱེད་ཅིག །གཉིས་པ་དམིགས་བསལ་གྱི་རིམ་པ་ནི། བྱེ་བྲག་འབྱེད་པ་དང་། དགེ་འདུན་འདུ་བའི་འཁོར་ལོ་དང་། གཉྫི་རའི་ནང་གཞུག་འབུལ་ལུགས་སོགས་རྣམ་གྲངས་མང་བ་སྐུ་རྟེན་དང་ཐུགས་རྟེན་གྱི་གཟུངས་འབུལ་དངོས་གཞི་སྔར་བཤད་པས་ཁྱབ་ནའང་། བྱེ་བྲག་བླ་མའི་སྐུ་(༡༩ན)


GLG010_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞལ་བཞུགས་དང་བསྟུན་པའི་བརྟན་བཞུགས་ལ་ཚེ་བསྒྲུབ་ཀྱི་སྔགས་དང་འདོད་བཅོལ་རྫས་སོགས་དང་། ཞིང་གཞན་དུ་གཤེགས་པ་ལ་སྔོན་སངས་རྒྱས་རྣམས་ཀྱིས་དམ་བཅའ་མཛད་པའི་གཟུངས་དང་འདོད་གསོལ་དང་། ཡི་དམ་འདོད་ལྷའི་རིགས་ལ་ཡང་མཆོག་ཐུན་མོང་གང་བསྒྲུབ་ཀྱི་སྔགས་འཁོར་ལོ་འདོད་གསོལ་སྨོན་ལམ་རྒྱུད་ཚིག་རྫས་སོགས་སོ་སོར་དབྱེ་བ་ཕྱེད་པའི་གང་དགོས་དང་། ཐོས་བསམ་སྒོམ་པ་བཤད་སྒྲུབ་ཀྱི་བྱ་བ་གཙོ་བོར་བསྒྲུབ་ན་བློ་འཕེལ་གྱི་གཟུངས་འཁོར་ལོ་རྫས་འདོད་དོན་སྨོན་ལམ་དང་། བླ་མའི་གདན་ས་ལ་གང་སྟོངས་བྱུང་ན་བླ་མ་བརྒྱུད་པ་དང་། མི་རྒྱུད་ཕྲ་བ་ལ་སྲོག་ཤིང་དང་། ནོར་ལ་དར་རྒུད་བྱུང་ན་ནོར་ལྷའི་སར་ནན་ཏན་དང་། དམག་འཁྲུག་ནད་མུ་གེ་བདུད་རིགས་འདྲེ་གདོན་བཟློག་ན་གཉེན་པོའི་ཁྲོ་བོ་དང་གདུགས་དཀར་སོགས་ཀྱི་གཟུངས་རྫས། གཞན་ཡང་མན་ངག་ཟབ་མོ་དུ་མ་ལས་དེ་དང་དེའི་གཉེན་པོ་ཁ་འགེང་དང་། སྒྲིབ་སྦྱོང་ལ་རྩ་རིག །མི་འཁྲུགས་པ་ཐུགས་རྗེ་ཆེན་པོ་སོགས་ཀྱི་སྔགས་དང་འདོད་དོན་སྨོན་ལམ་གཙོ་བོར་བྱེད་དགོས་པས་ལག་ལེན་གྱི་ཐོ་ཙམ་བྲིས་ཀྱི། ཞིབ་ཏུ་མཐོང་བརྒྱུད་ལས་ཤེས་དགོས་ཤིང་། ཆོས་སྐྱོང་གི་གཟུངས་གཞུག་ཐུན་མོང་བ་ཡང་དཀྱུས་དང་མི་འདྲ་བའི་རྫས་སོགས་དགོས་ཀྱང་། ད་ལྟ་ཆོས་སྐྱོང་གི་སྐུ་ལ་དེ་རིགས་བྱ་བའང་དཀོན་ཞིང་། འགའ་ཞིག་ལ་ཐུན་མོང་མ་ཡིན་པ་བཤད་པ་དག་ནི། སྙན་བརྒྱུད་མ་ཡིན་པ་ལ་སྙན་བརྒྱུད་དུ་མིང་བཏགས་པ་ཚོ་དང་མི་འདྲ་བར། གྲགས་པ་དོན་ལྡན་གྱི་སྙན་བརྒྱུད་ཚད་མ་བཞི་(༡༩བ)


GLG010_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཤེས་པའི་རྡོ་རྗེའི་སློབ་དཔོན་གྱི་ཞལ་ལས་བླང་དགོས་ཀྱི། ཆེན་པོ་འུར་རྒྱངས་ཅན་དང་། རྟོག་གེ་ཐ་སྙད་ཙམ་གྱིས་དྲེགས་པའི་མཁས་རློམ་དང་། སྐྱེ་བ་དང་གདུང་རབས་མང་པོ་བགྲངས་པར་གྲགས་པ་ཕལ་ཆེར་གྱི་སྤྱོད་ཡུལ་མ་ཡིན་ནོ། །དགེ་འདུན་འདུ་བའི་འཁོར་ལོ་སྤྱིར་དབང་གི་ལས་ཚོགས་སུ་འདུ་ཞིང་། དེ་ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གི་འཕྲུལ་འཁོར་ལས་བྱུང་བ་དང་། ཀླུ་བའི་གསེར་ཆོས་བཅུ་བཞིའི་ནང་གི་ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་དམར་པོ་སྐོར་གསུམ་སོགས། དབང་གི་སྐོར་སྔགས་གསར་རྙིང་མཐའ་ཡས་པ་ནས་འབྱུང་བ་དེ་དག་གི་མན་ངག་ཞལ་ཤེས་རྣམས་རང་ཉིད་ཀྱིས་ཚུལ་བཞིན་ཁོང་དུ་ཆུད་པར་བྱ་དགོས་ཀྱི། མཐའ་མི་མང་གིས་བསྐོར་བའི་ཆོས་བརྒྱད་གང་འཕེལ་ལ་འགངས་ཆེར་བཟུང་བའི་ད་ལྟའི་བསྟན་འཛིན་ཕལ་ཆེར་ནི། ལོངས་སྤྱོད་དང་རྙེད་བཀུར་སྙན་གྲགས་ཀྱི་འདོད་པ་ནི་སྙིང་ལ་ཟུག །དཀའ་གནད་ཟབ་མོའི་ཆོས་ལ་ལག་ལེན་དམར་ཁྲིད་དུ་བསྟར་བའི་གདེངས་ནི་མེད། གྲྭ་རིགས་སྦྱིན་བདག་སོགས་ཀྱིས་རེ་བ་བཅས་ཚེ་བློ་གཟུར་གནས་ཤིག་ཡིན་ན་ཤེས་པ་དང་མི་ཤེས་པའི་རྒྱུ་མཚན་སོ་སོར་བྱེད་ཀྱང་། དུས་དབང་གིས་དམ་པར་རློམ་པ་རྣམས་མ་བསླབས་པའི་ཀུན་མཁྱེན་འདོད་ནས་མི་ཤེས་ཟེར་བ་ལ་ངོ་ཚར་བྱས་ཏེ། ཆོས་མ་ཐོབ་པའི་ཐོབ་རྫུ་མི་ཤེས་པའི་ཤེས་བརྫུའི་རང་བཟོའི་ཐོབ་ཀྱིས་གང་དྲན་ཞིག་བྱས་པ་ལ་སྟབས་འགྲིག་གི་ལེགས་པ་ཅུང་ཟད་བྱུང་ན་བྱིན་རླབས་དང་ཐུགས་རྗེ། ཉེས་པ་ཞིག་བྱུང་ན་སྔོན་ལས་སུ་མིང་བཏགས་ཏེ། རང་གཞན་བསླུས་ཤིང་མི་ཤེས་བཞིན་དུ་(༢༠ན)


GLG010_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་འཇུག་པ་ནི། རིགས་པའི་དབང་ཕྱུག་གིས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། ཞེས་པའི་དོན་ཐོག་ཏུ་བབས་སོ། །ཤེས་རློམ་ཅན་འགའ་ཞིག་མན་ངག་ཞིབ་ཆ་དེ་འདྲ་རང་མི་དགོས་ཀྱི་ཏིང་ངེ་འཛིན་སོགས་བྱིན་རླབས་གཙོ་ཆེའོ་ཞེས་མཚན་ཉིད་དང་ལྡན་པ་བྱས་པ་ལ་ངོ་ཚར་འཛིན་ཅིང་། ཐོ་ཆོའི་སྤྱོད་རྩིང་ལ་ཁ་ཕོར་བྱས་ཏེ་རང་དང་རིགས་མཐུན་པའི་སྐད་ངན་ཁྭ་ཏའི་ཚོགས་དབུས་ལོང་བས་ལོང་བ་འཁྲིད་པ་མཁས་གྲུབ་ཀྱི་མཛད་པར་བྱེད་དོ། །ཡང་འཇིགས་བྱེད་ཀྱི་དབང་གི་འཕྲུལ་འཁོར་ལ་བརྟེན་པའི་དགེ་འདུན་འདུ་འཁོར་དུ་བྱས་པ་ལ་དབུས་ཀྱི་ཡི་གེ་འཕོ་དགོས་པ་ལ་མ་འཕོས་ཤིང་། ཁ་སྦྱར་མེད་པའི་འཁོར་ལོ་གཅིག་རྐྱང་སྔགས་བཏུམ་བྱས་པ་དང་། འབྲི་ཚུལ་དྲག་པོ་དང་འདྲེས་པའི་ནོར་བ་ཆེན་པོ་བྱེད་པ་ནི་རྭ་ལོ་ཙཱ་བ་དང་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་མེད་པའི་མན་ངག་ཁྱད་པར་ཅན་གཅིག་ཁྱོད་ལ་ཡོད་འདུག་པས་རྡོ་རྗེ་འཆང་ལས་ཀྱང་ཁྱོད་ལྷག་པར་སྣང་ངོ་། །གཉྫི་ར་ལ་གཟུངས་འབུལ་བའི་ཚེ་འགའ་ཞིག་སྐུ་གཟུགས་མཆོད་རྟེན་སྒྲ་ཇི་བཞིན་པ་བྱེད་པའི་ལག་ལེན་ཡོད་པ་དེ་བཞིན་བྱས་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ཞིང་། མ་འགྲུབ་ཀྱང་འགལ་བ་མེད་ལ། མེད་དུ་མི་རུང་བ་ནི་སྲོག་ཤིང་གི་སྔགས་འགོད་ལུགས་སོགས་མཆོད་རྟེན་དང་མཚུངས་ཤིང་ཏོག་གི་ནང་དུ་དེ་བཞིན་གཤེགས་པའི་འཕེལ་གདུང་། རྒྱ་བོད་ཀྱི་བླ་མ་ཚད་ལྡན་རྣམས་ཀྱི་བྱིན་རླབས་རྟེན་གྱི་རིགས་ཇི་སྙེད་པ། གཙུག་ཏོར་གདུགས་དཀར་གྱི་གཟུངས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། མདོ་(༢༠བ)


GLG010_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་བའི་བཀྲ་ཤིས་པའི་ཚིགས་བཅད་ལྷུག །གཟུངས་བསྡུས་ནང་གི་མདོ་ཕྲན་གྱི་རིགས་གང་འཛོམ། སྐུ་གཟུགས་གདུང་རྟེན་གྱི་རིགས་བྱིན་ཅན། ས་རྡོ། སྨན་འབྲུ། རིན་པོ་ཆེ་གོས་དར་སོགས་ལེགས་པར་འཇུག་དགོས་པ་ཡིན་ནོ། །གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་དང་། དགོན་གནས་གྲོང་ཁྱེར་སོགས་ལ་མི་དང་མི་མ་ཡིན་པའི་གནོད་པ་དང་འཚེ་བ་དག་སྲུང་བར་བྱེད་པ་ལ་གདུགས་དཀར་གྱི་བསྲུང་འཁོར་གཉྫི་རའམ་རྒྱལ་མཚན་གྱི་ནང་དུ་གཞུག་པ་བྱིན་རླབས་ཆེ་བས་དེ་འདྲི་ཚུལ་ནི། འཁོར་ལོ་མུ་ཁྱུད་རིམ་པ་བཅུ་གཅིག་ཏུ་བྱས་པའི་ལྟེ་བར་ཨོཾ་གྱི་མཐར། ཏདྱ་ཐཱ། ཨ་ན་ལེ། ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བཻ་ར། བཻ་ར་མ་བཛྲ་དྷ་རི། བན་དྷ་བན་དྷ་ནི། བཛྲ་པཱ་ཎི་ཕཊ། ཧཱུཾ་ཧཱུཾ་བནྡྷ་ཕཊ། ཅེས་སྤེལ་ཚིག་དང་བཅས་པ་བྲི། དང་པོར་པད་འདབ་དམར་པོ་བརྒྱད་ལ་གཞན་གྱིས་མི་ཐུབ་པ་དང་གདུང་བདུན་ལ་ཕྱག་འཚལ་སྤེལ་ཚིག་དང་བཅས་པ་བྲི། གཉིས་པ་ལ། ཏདྱ་ཐཱ། སརྦ་ཏ་ཐཱ་ག་ཏོ། ཨོཾ་ཥྚོཾ་བན་དྷ་བན་དྷ་ཆེ་གེ་ལ་རཀྵ་རཀྵ་སྭཱཧཱ། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཨོཾ་རི་ཥི་ག་ན་པྲ་ཤཱསྟ་ཡ་ཏེ་ཉཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ་སྤེལ་ཚིག་ཅན། གསུམ་པ་ལ་འཁོར་ལོ་དཀར་པོའི་རྩིབས་བརྒྱད་ལ་རིམ་བཞིན་དུ། ཛཾ་བྷ་ན་ཀ་རཱ་ཧཱུཾ་དྲཱུཾ། སྟཾ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ། མ་ཧཱ་བི་དྱཱ་སཾ་བྷཀྵ་ཎ་ཀ་རཱི་ཧཱུཾ་དྲཱུཾ། པར་བི་དྱཱ་སཾ་བྷཀྵ་ཎ་ཀ་རཱི་ཧཱུཾ་ཧཱུཾ། སརྦ་དུཥྚཱ་ནཱཾ་སྟཾ་བྷ་ཀ་རཱི་ཧཱུཾ་དྲཱུཾ། སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཙ་ཏུ་ར་ཤཱི་ཏཱི་ནཱཾ་གྲ་ཧ་ས་ཧ་སྭཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚཱ་བི་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་ད་ན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚཱ་མཱཾ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། འདོད་(༢༡ན)


GLG010_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་དང་བཅས་བྲི། །མཚན་བརྒྱད་ལ་གཏུམ་ཆེན་མ། པདྨའི་མངོན་མཚན་ཅན། འབར་ཆེན་མོ། གཞན་གྱིས་མི་ཐུབ་མ། གོས་དཀར་མོ། རྡོ་རྗེའི་མཆུ། སྒྲོལ་མ། རྒྱལ་བའི་རྡོ་རྗེ་མ་རྣམས་ཀྱི་མཐར། སྦྱོར་ངན། མཚོན། དུས་མིན་འཆི་བ། མེ་ཆུ། གསོད་བཅིང་། གནོད་སྦྱིན་སྲིན་པོ། རྨི་ལམ་ངན་པ། དུག་རྣམས་ཀྱི་གནོད་པ་བསྲུང་བའི་སྤེལ་ཚིག་རྒྱས་པར་བྲི། བཞི་པ་ལ་ཐམས་ཅད་ཀྱི་འགོ་བོར་ཨོཾ་སྦྱར་བའི། ཨོཾ་ནྡྲི་ཡེ། ཨགྣ་ཡེ། ཡ་མཱ་ཡེ། ནཻ་རྀ་ཏ་ཡེ། བ་རུ་ཎཱ་ཡ། བཱ་ཡ་བེ། ཀུ་བེ་ར་ཡེ། ཤཱ་ན་ཡེ། ཨུ་ར་དྷཾ་པྲ་ཧྨ་ཎ་ཡེ། སཱུརྱ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ན་ཀྵ་གྲ་ཨ་དྷི་པ་ཏ་ཡེ་ཨ་ར་དྷོ་པྲྀ་ཐི་ཝཱི་བྷྱཿཨ་སུ་རེ་བྷྱཿནཱ་གེ་བྷྱཿདྷྲི་ཏ་ར་ཏྲ། བཻ་རུ་ཌ་ཀ བི་རུ་པཀྵེ། བཻ་ཤྲ་པ་ཎ་ཡེ། མེ་གོ་ལ་ཡེ། ཤི་ཏཾ་ཤཾ་ང་ཡ། རཱཀྵ་ཨཾ་གྷ་ཀུ་མཱ་ར་ཡེ། ཤུ་ཏྲ་ཡེ། གྲྀ་ཧ་པ་ཏི། ཀིཥྞ་ཝརྞ་ཡེ། ཨ་མྲྀ་ཏ་པྲི་ཡཱ་ཡ། སརྦ་ནཀྵ་ཏྲ། རཱ་ཧུ་ལ་ཞེས་འདོད་གསོལ་དང་བཅས་བྲི། ལྔ་པ་ལ། སངས་རྒྱས། ཆོས་དགེ་འདུན། སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། དགྲ་བཅོམ་པ། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། འཇིག་རྟེན་ན་ཡང་དག་པར་སོང་བ། ཡང་དག་པར་ཞུགས་པ། ལྷའི་དྲང་སྲོང་དམོད་པ་གྲུབ་པ། རིག་སྔགས་གྲུབ་པ། ཚངས་པ། དབང་པོ། ལེས་ལྡན་དྲག་པོ་དཀའ་ཐུབ་བཟློག་པའི་བདག་པོ་དང་ལྷན་ཅིག་པ། ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་(༢༡བ)


GLG010_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ། རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ། འོད་དཔག་མེད། མི་འཁྲུགས་པ། སྨན་བླ། ས་ལའི་དབང་པོ་མེ་ཏོག་ཀུན་ཏུ་རྒྱས་པ། ཤཱཀ་ཐུབ། རིན་པོ་ཆེ་ཏོག་གི་རྒྱལ་པོ། ཀུན་བཟང་། རྣམ་སྣང་། སྤྱན་རྒྱས་པ་ཨུཏྤལའི་བསུང་གི་རྟོག་གི་རྒྱལ་པོ་ཞེས་པ་རྣམས་ལ་ཕྱག་འཚལ་བཏགས་ཏེ་བྲི། དྲུག་པ་ལ་འཁོར་ལོ་སྔོན་པོ་རྩིབས་བཅུ་ལ། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་ཐམས་ཅད་ཀྱི་འགོ་དང་། ཀི་ལི་ཀ་ལཱ་ཡ་ཧཱུཾ་ཕཊ་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་བའི་བར་དུ་རིམ་བཞིན་ཧཱུཾ་ཀཱ་ར། བི་ཛ་ཡ། ནཱི་ལ་དན་ཌ། ཡ་མཱན་ཏ་ཀ །ཨཱརྱ་ཨ་ཙ་ལ། ཧ་ཡ་གྲཱི་བ། མ་ཧཱ་བ་ལ། ཊཀྐི་རཱ་ཛ། ཨ་མྲྀ་ཏ། ཏྲཻ་ལོཀྱ་ཞེས་བྲི། མཚན་བཅུ་ལ་རིམ་བཞིན་ཁྲོ་བོ་རེ་རེའི་མཚན་གྱི་མཇུག་ཏུ་ཚངས་པ། དྲི་ཟ་མེ་ལྷ། གཤིན་རྗེ། སྲིན་པོ། ཆུ་ལྷ། ས་བདག །རླུང་ལྷ། གནོད་སྦྱིན། དབང་ལྡན་གྱི་གནོད་པ་རཀྵ་ཞེས་གཡོན་དུ་བསྐོར། བདུན་པ་ལ་ཡིག་མགོ་ནང་དུ་བསྟན་པ་འདི་རྣམས་བྲི། ཨོཾ་ཨ་སི་ཏ་ཨ་ན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀ་སི་ཏཱ་ཏ་པ་ཏྲེ་ཨོཾ། ཛྭཱ་ལ་ཛྭཱ་ལ། ཁཱ་ད་ཁཱ་ད། ད་ར་ད་ར། བི་ད་ར་བི་ད་ར། ཙྪིན་ད་ཙྪིན་ད། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཕཊ། བ་ར་པྲ་དཱ་ཕཊ། ཨ་སུ་ར་བི་དྲཱ་བེ་ཀ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་ག་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་མ་རུ་དེ་བྷྱཿཕཊ། སརྦ་ག་རུ་ཌ་བྷྱཿ ཕཊ། སརྦ་གན་དྷརྦ་བྷྱཿཕཊ། སརྦ་ཀོ་ནཱ་རེ་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་རཱཀྵ་སེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་(༢༢ན)


GLG010_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

པི་ཤཱ་ཙེ་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་ཀུ་མྦྷཱཎྜེ་བྷྱཿཕཊ། སརྦ་པཱུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿཕཊ། སརྦ་སྐན་དེ་བྷྱཿཕཊ། སརྦ་ཨུནྨཱ་དེ་བྷྱཿཕཊ། སརྦ་ཙྪཱ་ཡ་བྷྱཿཕཊ། སརྦ་ཨ་པ་སྨཱ་རེ་བྷྱཿཕཊ། སརྦ་ཨོ་སྟཱ་ར་གེ་བྷྱཿཕཊ། སརྦ་དུརླ་གི་ཏེ་བྷྱཿཕཊ། སརྦ་དུསྤྲེ་ཀྵི་ཏེ་བྷྱཿ ཕཊ། སརྦ་ཛྭ་རེ་བྷྱཿཕཊ། སརྦ་ཀྲི་ཏྱཱ་ཀརྨ་ཀ་ཁོ་རྡེ་བྷྱཿཕཊ། ཀི་ར་ཎེ་བེ་ཏཱ་ཌེ་བྷྱཿཕཊ། ཙིཙྪ་པྲེ་ཤ་ཀ་དུ་ཤྩརྡ་དུར་བྷུཀྟོ་བྷྱཿཕཊ། སརྦ་ཏཱི་ནྲི་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷྱཿཕཊ། སརྦ་བིདྱཱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་རེ་བྷྱཿཕཊ། སརྦ་ཨརྠ་སཱ་དྷ་ཀེ་བྷྱཿ ཕཊ། བིདྱཱ་ཙ་རེ་བྷྱཿཕཊ། ཙ་ཏུར་བྷྱོ་བྷ་གི་ནཱི་བྷྱཿཕཊ། བཛྲ་ཀཽ་མཱ་རཱི་ཡེ་བྷྱཿཕཊ། བི་དྱཱ་ར་ཛྙཱི་ཏེ་ཡེ་བྷྱཿ ཕཊ། མ་ཧཱ་པྲ་ཏྱཾ་གི་རེ་བྷྱཿཕཊ། བཛྲ་ཤྲིཾ་ཁ་ལཱ་ཡ། པྲ་ཏྱཾ་གི་རེ་རཱ་ཛཱ་ཡ་ཕཊ། མཧཱ་ཀཱ་ལཱ་ཡ་མཱ་ཏྲྀ་ག་ཎ་ན་མ་སྐྲྀ་ཏཱི་ཡེ་ཕཊ། བིཥྞ་བཱི་ཡེ་ཕཊ། པྲ་ཧྻ་ཎཱི་ཡེ་ཕཊ། ཨགྣ་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། བཱ་ལ་དཎྜཱི་ཡེ་ཕཊ། ནྡྲཱི་ཡེ་ཕཊ། རཽ་ཌཱི་ཡེ་ཕཊ། ཀུ་མཱ་རཱི་ཡེ་ཕཊ། བཱ་རཱ་ཧྲཱི་ཡེ་ཕཊ། ཙཱ་མུན་ཌཱི་ཡེ་ཕཊ། རོ་དྲཱི་ཡེ་ཕཊ། ཀཱ་ལ་རཱ་ཏྲཱི་ཡེ་ཕཊ། ཡ་མ་དཎྜཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་ཏི་མུག་ཏི་ཤྨ་ཤཱ་ན་བ་སི་ནཱི་ཡེ་ཕཊ། བརྒྱད་པ་ལ། གདོན་ཐམས་ཅད་ཀྱིས་བྱིས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །དེས་འགྲེའོ། །ཀུན་ཏུ་རྒྱུས་བྱས་པའི། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི། །ཕྱུགས་བདག་ཆེན་པོས་བྱས་པའི། །སྲེད་མེད་ཀྱི་བུས་བྱས་པའི། ནག་པོ་ཆེན་པོ་དང་མ་མོའི་ཚོགས་ཀྱིས་བྱས་པའི་མིའི་ཐོད་པ་ཅན་གྱིས་བྱས་པའི། རྒྱལ་བར་བྱེད་པ་དང་། སྦྲང་(༢༢བ)


GLG010_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

རྩིར་བྱེད་པ་དང་། དོན་ཀུན་གྲུབ་པས་བྱས་པའི། སྲིང་མོ་བཞིས་བྱས་པའི། བྷྲིང་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི། དགེ་སྦྱོང་གཅེར་བུས་བྱས་པའི། དགྲ་བཅོམ་པས་བྱས་པའི། འདོད་ཆགས་དང་བྲལ་བས་བྱས་པའི། གསང་བའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། ཞེས་པ་བྲི། དགུ་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་། སྤྱན་བྱེ་བ་བརྒྱ་ཕྱག་སྟོང་། མེ་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་བ་ཆེན་མོ། ཀུན་ནས་ཆེ་གེ་ལ་བསྲུང་དུ་གསོལ་བསྲུང་དུ་གསོལ། ཨོཾ་རྒྱལ་པོའི་འཇིགས་པ་དང་། འགྲེ་འོ། ཆོམ་རྐུན་གྱི། མེའི། ཆུའི། དུག་གི །མཚོན་གྱི། ཕ་རོལ་གྱི་དམག་ཚོགས་ཀྱི། མུ་གེའི། དགྲའི་གནད་ཀྱི་ལྕེ་འབབ་པའི། དུས་མ་ཡིན་པར་འཆི་བའི། ས་གཡོ་བའི། སྐར་མདའ་ལྟུང་བའི། རྒྱལ་པོའི་ཆད་པའི་འཇིགས་པ་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི། རླུང་ལྷའི་ནམ་མཁའི་ལྡིང་གི །དྲི་ཟའི། མི་འམ་ཅིའི། ལྟོ་འཕྱེ་ཆེན་པོའི། གནོད་སྦྱིན་གྱི། སྲིན་པོའི། ཡི་དྭགས་ཀྱི། ཤ་ཟའི། འབྱུང་པོ་སྤྱིའི། གྲུལ་བུམ་གྱི། སྲུལ་པོའི། ལུས་སྲུལ་པོའི། སྐེམ་བྱེད་ཀྱི། བརྗེད་བྱེད་ཀྱི། སྨྱོ་བྱེད་ཀྱི། གྲིབ་གནོན་གྱི། རྣོན་པོའི། ནམ་གྲུའི། གཤིན་རྗེའི། བྱའི་མ་མོ་དགའ་བར་བྱེད་པའི། ཀུན་ཏུ་བྲེལ་བའི་(༢༣ན)


GLG010_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཚེར་མ་འདོན་པའི་གདོན་རྣམས་བཟློག་ཅིག །རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། ཉིན་བདུན་པ་དང་། རྟག་པའི་རིམས་རྣམས་དང་། རིམས་མི་ཟད་པ་རྣམས་དང་། རིམས་ལྡང་དུབ་པ་རྣམས་དང་། རླུང་ལས་གྱུར་པ་དང་། འཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དག །འདུས་པ་ལས་གྱུར་པ་རྣམས་བཟློག་ཅིག །རིམས་ནད་ཐམས་ཅད་དང་། ཀླད་པ་ན་བ་དང་། གཞོགས་ཕྱེད་ན་བ་དང་། འགྲེའོ། ཡི་ག་འཆུས་པ་དང་། མིག །སྣ། ཁ། མགུལ། སྙིང་། ལྐོག་མའི་ལྷ་གོར། རྣ་བ། སོ་རྙིལ། རྩིབ་ལོགས། རྒྱབ། ལྟོ། སྐེད་པ། ཆུ་སོ། བརླ། རྗེ་ངར། ལག་པ། རྐང་པ། ཡན་ལག །ཉིང་ལག་ན་བ་རྣམས་ཕྱིར་བཟློག་པར་གྱུར་ཅིག །གཟི་བརྗིད་འཕྲོག་པ་དང་། མདངས་འཕྲོག་པ་དང་། ཟས་སུ་མངལ་ཟ་བ་དང་། ཟས་སུ་ཁྲག །ཟས་སུ་ཞག །ཟས་སུ་ཤ །ཟས་སུ་ཚིལ། ཟས་སུ་རྐང་། ཟས་སུ་བཙས་པ། སྲོག་འཕྲོག་པ་དང་། ཟས་སུ་སྐྱུག་པ། ཟས་སུ་མི་གཙང་བ། ཟས་སུ་གཅིན་འཐུང་བ་དང་། ཟས་སུ་སྟོར་ཁུང་ནས་འབབ་པ། ཟས་སུ་ལྷག་མ། ཟས་སུ་མཆིལ་མ། ཟས་སུ་སྣབས། ཟས་སུ་རྣག །ཟས་སུ་ཕྱི་ས། ཟས་སུ་ཕྲེང་བ། ཟས་སུ་དྲི། ཟས་སུ་བདུག་པ། ཟས་སུ་མེ་ཏོག །ཟས་སུ་འབྲས་བུ། ཟས་སུ་ལོ་ཏོག །ཟས་སུ་སྦྱིན་བསྲེག་ཟ་བ་རྣམས་ཕྱིར་བཟློག་པར་གྱུར་ཅིག །རིམས་དང་། ཤུ་བ་དང་། ཡམས་དང་། འབྲུམ་བུ་ཕྲ་མོ་དང་། མཛེ་དང་། ཕོལ་མིག་དང་དབལ་ལྷོགས་དང་། མེ་དབལ་དང་། གཡེན་པ་དང་། ལྷོག་པ་དང་། སྐོམ་པ་(༢༣བ)


GLG010_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐྲག་པ་དང་། དབྱིག་དུག་དང་། དུག་སྦྱར་མ་དང་། བྱད་དང་། མེ་དང་། ཆུ་དང་། མི་ངས་དང་། དགྲ་དང་། གནོད་པ་དང་། དུས་མ་ཡིན་པར་འཆི་བ་དང་། སྦྲང་བུ་ཏྲཻ་མ་བུ་ག་དང་། ཏྲཻ་ལ་ཏ་དང་། སྡིག་པ་དང་། སྦྲུལ་དང་། སྲེ་མོང་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྤྱང་ཀི་དང་། ཆུ་སྲིན་དང་། བུང་བ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་རྣམས་བཟློག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། །མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་ནད་དང་། གདོན་ཐམས་ཅད་དང་། གཞན་གྱིས་བྱས་པའི་རིག་སྔགས་ཐམས་ཅད་དང་། གནོད་པ་ཐམས་ཅད་བཟློག་ཏུ་གསོལ། །བཅུ་པ་ལ་རྟེན་འབྲེལ་སྙིང་པོ་དང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྣམས་མགོ་ནང་དུ་བསྟན་པ་དང་། དེ་དག་གི་ཕྱོགས་མཚམས་བརྒྱད་དུ་རྡོ་རྗེ་བརྒྱད་བྲི། བཅུ་གཅིག་པ་ལ་མི་རི། ཐམས་ཅད་ལ་སོ་སོའི་ཚོན་གྱིས་བྱུགས། །སྤྱན་གསུམ་སྔོན་དུ་འགྲོ་བའི་བགེགས་བསྐྲད། གུ་གུལ་གྱིས་བདུག་པ། བསྐྱེད་བསྟིམ་མཆོད་བསྟོད་བསྒྲུབ་པ་སོགས་གཞུང་བཞིན་བྱ། ཙཀྲ་ལག་ལེན་ལྟར་བལྟབ། དར་ཚོན་གྱིས་རྒྱ་གྲམ་དུ་བཅིངས། བསྲུང་བྱའི་ཡུལ་གྱི་ཁམས་དང་བསྟུན་པའི་དར་རས་ཀྱིས་གྲིལ་ཏེ་ཏོག་གི་ནང་དུ་འཇུག །གཉྫི་དང་རྒྱལ་མཚན་ལ་རབ་(༢༤ན)


GLG010_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དངོས་གཞི་བྱེད་པའི་ལུགས་ལྟར་རམ། །ཡང་ན་འཁོར་ལོ་ཡོད་པ་དང་བཅས་གདུགས་དཀར་གྱི་སྒྲུབ་མཆོད་སོགས་དང་མ་འབྲེལ་ཀྱང་། པདྨ་འདབ་མ་བརྒྱད་བྲིས་པའི་དབུས་སུ་བཞག་ལ། སྦྱང་ཁྲུས་བསྐྱེད་བསྟིམ་སོགས་གཞུང་བཞིན་བྱས། །ལེགས་ལྡན་མཆེད་གསུམ་དང་ཕྱོགས་སྐྱོང་རྣམས་ལ་གཏོར་མ་འབུལ་བའི་འདོན་ཆ་དང་བཅས་ལག་ལེན་ལྟར་བཙུགས། ཤིས་བརྗོད་རྒྱས་པར་བྱ། གཞན་ཡང་བཤད་སྒྲུབ་ཀྱི་བྱ་བ་དང་ཚེ་དང་བསོད་ནམས་རྒྱས་པའི་ཐབས། བྱད་ཁ་བཟློག་པའི་ཐབས། རིམས་ནད་བསྲུང་ཐབས། ཡུལ་འཁོར་བསྲུང་བ་ལ་བརྟེན་ནས་ཕ་རོལ་གྱི་དམག་ཚོགས་བཟློག་པ་སོགས། གསང་སྔགས་གསར་རྙིང་རྣམས་ལས་བཤད་པའི་མན་ངག་ཟབ་མོ་ཇི་སྙེད་པ་སོ་སོ་ལས་ཤེས་དགོས་ཀྱི། རྒྱས་པ་ནི་ཡི་གེ་མངས་ཀྱིས་དོགས་འཇིགས་ནས་མ་སྤྲོས་སོ། །སྨྲས་པ། ལེགས་ལམ་བྱེ་བའི་སྣང་མཛོད་ཆེས་དཀར་ལས། །ཕན་བདེའི་ཟླ་ཤེལ་འབུམ་དུ་འཛག་པ་ཡིས། །མཐའ་ཡས་ལུས་ཅན་ཀུནྡའི་ཉེར་འཚོའི་གཞི། །རིགས་བརྒྱའི་ཁྱབ་བདག་མཚན་མོའི་མགོན་པོ་མཆོག །བསམ་བཞིན་ཞིང་འདིར་ངུར་སྨྲིག་འཛིན་པའི་གར། །སྟོན་མཛད་རྒྱལ་བའི་ཡབ་གཅིག་ཙོང་ཁ་བའི། །དྲི་མེད་རིང་ལུགས་ནོར་བུའི་ཡུ་བ་ཡིས། །རབ་བཏེག་གདུགས་དཀར་འགྲོ་འདིའི་དཔལ་དུ་འཁོར། །བདེ་སྐྱིད་དབྱར་སྐྱེས་ལྗང་གཞོན་རྒྱས་བྱེད་པའི། །རྟེན་དང་བརྟེན་པའི་འཁོར་ལོའི་ཆར་ཆེན་པོ། །འཁྲུལ་བའི་རྙོག་བྲལ་མ་དྲོས་ཆུ་ཀླུང་ལས། །ཉེར་འོངས་ལེགས་བཤད་ཉལ་འགྲོས་ཕྱོགས་ཀུན་ཁྱབ། །མཁས་(༢༤བ)


GLG010_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མང་ལུགས་སྲོལ་ཀུ་མུ་ད་ཡི་ཚལ། །བླུན་པོ་རང་བཟོས་སྦྱོར་བའི་སྲིན་བུའི་མེ། །དྲེགས་ལྡན་འབྱུང་པོའི་བྱ་ཡི་སྐད་ངན་སྒྲ། །བསྟན་བཅོས་ཉིན་བྱེད་ཤར་ཚེ་ཅིག་ཅར་ཉམས། །ཚེ་འདིའི་སྣང་ཤས་ཁེ་འདོད་གྲགས་པའི་ཆེད། །རྟེན་བཞེངས་གཟུངས་འབུལ་རབ་གནས་བྱེད་མང་ཡང་། །ཚད་ལྡན་ལག་ལེན་ཤེས་པའི་རིག་སྔགས་འཆང་། ཁ་བའི་ལྗོངས་འདིར་ཉིན་མོའི་སྐར་མ་བཞིན། །སྔོན་བྱོན་མཁས་གྲུབ་ཆུ་ལྷའི་མངལ་དུ་གཟིམས། །ཆེར་རློམ་དམ་པར་གྲགས་པའི་མུན་སྟུག་འཐིབས། །ཐུབ་བསྟན་བྱ་གཞག་སྣང་བ་མི་གསལ་བའི། །སྙིགས་མས་སྦགས་པའི་དུས་འདིར་སྐལ་ངན་བྱས། །གཟུར་གནས་སྣོད་ལྡན་རིན་ཆེན་ཡོལ་གོའི་ནང་། །བཤེས་གཉེན་སྤེ་རྒན་ཚོགས་ཀྱིས་ཉེར་ལྡུགས་པའི། །ཉེས་བཤད་མི་གཙང་བཤང་གཅིའི་ཕུང་པོ་ལ། །བླུན་རྨོངས་རྡོ་རྗེའི་རྣ་ལྡན་དགའ་བས་སྤྱོད། །སྟོབས་ལྡན་ཚོགས་ཀུན་ཟོག་པོ་གཙུག་ཏུ་འཁུར། །ཤེས་ལྡན་འགའ་ཞིག་ལྷ་བུའི་ཞགས་པས་བཅིངས། །མཁས་པར་གྲགས་རྣམས་བླུན་པོ་སྐྱབས་སུ་བསྟེན། །མང་དུ་ཐོས་ཀྱང་ལག་ཏུ་ལེན་ལ་རྡུགས། །ཟས་གཙང་སྲས་ཁྱོད་སྙིང་སྟོབས་གོ་ཆ་ཡིས། །མ་དག་འགྲོ་བ་འདྲེན་པའི་ཁུར་ཁྱེར་ན། །ད་དུང་གདུལ་དཀའི་སྐྱེ་བོ་མཐའ་ཀླས་པས། །ཐུགས་རྗེའི་མཐུ་དཔུང་སྐྱེད་ཅིག་ཤཱཀྱའི་གཙོ། །དེ་ལྟར་བསྟན་དང་འགྲོ་བའི་རྩ་ལག་མཆོག །བསོད་ནམས་ཞིང་གི་ཡུལ་གྱུར་རྟེན་མཆོད་ལ། །གཟུངས་འབུལ་འཁྲུལ་པ་སྤོང་བའི་ལག་ལེན་གྱི། །མན་ངག་ཉིན་མོའི་སྣང་བ་ཁྲིགས་སུ་བསྡེབས། །དགེ་དེས་རྒྱལ་(༢༥ན)


GLG010_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྟན་པ་རྒྱལ་མཚན་རྩེར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །རིང་ལུགས་ཡིད་བཞིན་ནོར་བུས་ཕྱོགས་ཀུན་ཏུ། །དོན་གཉིས་འདོད་དགུའི་དཔལ་འབྱོར་རྒྱས་གྱུར་ཅིག །ཅེས་རྟེན་ལ་གཟུངས་གཞུག་འབུལ་བའི་ལག་ལེན་གྱི་རིམ་པ་ཁྲིགས་སུ་བསྡེབས་པ་འཁྲུལ་སྤོང་ཉིན་མོར་བྱེད་པ་ཞེས་བྱ་བ་འདི་ཡང་། རིང་པོ་ནས་དགེ་བའི་བཤེས་གཉེན་དུ་མས་བསྐུལ་བ་དང་། སླར་ཡང་དེ་མོ་སྤྲུལ་པའི་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་གྱིས་བསྐུལ་བའི་ངོར། ས་དཔྱད་བརྟག་ཅིང་། ས་དགྲ་འཆོས་པ། ཕྱག་ཚད་ཀྱི་ཞིབ་ཆ་དང་། ས་བརྟག་སློང་སོགས་ཀྱི་སྐོར། སྐུ་རྒྱུ་ལག་ཆ་གཟུངས་འཁོར་ལོ་རྣམས་ཀྱི་བསྐྱེད་བསྟིམ་རྒྱས་འདེབས། མཆོད་འབུལ་བསྒྲུབ་པ་རབ་གནས་སོགས་ཀྱི་ངག་འདོན་གྱི་རིགས་རྣམས་ཟུར་དུ་ཁ་འཕངས་ཤིང་། གཞན་མ་ལག་ལེན་གྱི་རིམ་པ་རྣམས། མན་ངག་གིས་བརྒྱན་པས་གསལ་ཞིང་མཐའ་ཆོད་པར་བྱས་ནས། རྒྱལ་བ་རྡོ་རྗེ་འཆང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་བཀའ་དྲིན་གྱིས་འཚོ་བའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ས་མོ་གླང་གི་ལོ་ཆུ་སྟོད་ཀྱི་ཟླ་བའི་ཕྱོགས་སྔ་མའི་དགའ་བ་དང་པོའི་ཚེས་ལ། ཕོ་བྲང་ཆེན་པོ་པོ་ཏ་ལའི་གཟིམས་ཆུང་ཁམས་གསུམ་ཟིལ་གནོན་དུ་སྦྱར་པའི་ཡི་གེ་པ་ནི་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོའོ། །མངྒ་ལཾ།།

སཱཙྪ་འདེབས་པའི་གསལ་བྱེད་ལེགས་ཚོགས་ལྷུན་གྲུབ།


GLG010_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

སཱཙྪ་འདེབས་པའི་གསལ་བྱེད་ལེགས་ཚོགས་ལྷུན་གྲུབ་བཞུགས་སོ།།


GLG010_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་པྲ་ཛ་བྷྱཿ བསམས་པ་ཙམ་གྱིས་ཕན་བདེ་ཀུན་སྩོལ་བའི། །བསླུ་མེད་དཀོན་མཆོག་གསུམ་ལ་གུས་བཏུད་དེ། །བསོད་ནམས་རླབས་ཆེན་བསྐྲུན་པ་སཱཙྪ་ཡི། །འདེབས་བྱེད་ལག་ལེན་རིམ་པ་གསལ་བར་དགོད། ས་གསར་དུ་རྐོ་ན། གནས་དེར་གཞི་བདག་ལ་གཏོར་མ་སྦྱིན་ཞིང་། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུཾ། ཞེས་བརྗོད་ཅིང་རིན་ཆེན་སྣ་བདུན་གྱི་ས་གཞིར་བསམས་ལ། འོག་ནས་འབྱུང་བའི་གཟུང་སྔགས་འདོན་ཞིང་བརྐོ་བར་བྱའོ། །དེ་ནས་ལག་པ་གཡོན་པའི་མཐེ་བོང་མཐེ་ཆུང་མནན་པ་ཁ་ཡར་བསྟན། གཡས་པ་དེ་བཞིན་དུ་བྱས་ལ་ཁ་ཕུའི་པའི་བར་དུ་འཇིམ་པ་བཞག་ལ། རང་གང་མོས་ཀྱི་ལྷར་གསལ་བའི་ངང་ནས། སྭ་བྷཱ་ཝས་འཇིམ་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ། བྷྲུཾ་ལས་འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ་ཏེ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་འཇིམ་པ་ལ་ཐིམ་པས་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ནཱ་ཡ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾ་མྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་སུཀྵྨེ་སུཀྵྨེ། ས་མེ་ས་མེ་ཡེ། ཤཱནྟེ་དཱནྟེ། ཨ་ས་མཱ་རོ་པེ། ཨ་ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏི་མ་ཧཱ་ཏེ་ཛེ། ནིར་ཀཱུ་ལེ། ནི་རི་ཝ་ཎེ། སརྦ་བུད་དྷ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱཧཱ། ཞེས་ལན་ཉེར་གཅིག་བཟླ། འཇིག་པ་གཅད་(༢ན)


GLG010_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔགས་ནི། ན་མ་སྶ་མནྟ་བུད་དྷཱ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། ཨོཾ་བ་སུ་དྷ་སྭཱཧཱ། འབི་འབི་བྱ་བའི་སྔགས་ནི། ཨོཾ་བཛྲོད་བྷ་ཝཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་ཡེ་ཤེས་ལྔའི་རང་བཞིན་རྒྱས་པར་བསམ། སྣུམ་འབྱུག་པའི་སྔགས་ནི། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱཧཱ། ཞེས་བརྗོད་ཅིང་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོར་བསྒོམ། འབི་འབི་བར་དུ་འཇུག་པའི་སྔགས་ནི། ཨོཾ་བཛྲ་དྷ་ཏུ་གརྦྷེ་སྭཱཧཱ། ཨོཾ་དྷརྨ་དྷ་ཏུ་གརྦྷེ་སྭཱཧཱ། ཞེས་བརྗོད་ཅིང་ཐབས་ཤེས་ཟུང་དུ་ཆུད་པར་བསམ། བརྡུང་པའི་སྔགས་ནི། ཨོཾ་བཛྲ་མུད་ག་རི་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་དང་། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་ཡེ་ཤེས་ཆེན་པོའི་ངོ་བོར་གྱུར་པར་བསམ། གཟུངས་སྔགས་སམ་མེ་ཏོག་འབུལ་བའི་སྔགས་ནི། ཨོཾ་སརྦྦ་བིདྱ་སྭཱཧཱ། བར་ནས་འདོན་པའི་སྔགས་ནི། ཨོཾ་དྷརྨྨ་ར་ཏེ་སྭཱཧཱ། ཞེས་བརྗོད་ཅིང་རྒྱུ་འབྲས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བསམ། བཞུགས་སུ་གསོལ་བའི་སྔགས་ནི། ཨོཾ་སུ་པྲ་ཏིཥྛི་བཛྲེ་སྭཱཧཱ། ཞེས་བརྗོད་ཅིང་ཐབས་ཤེས་ཟུང་དུ་འབྲེལ་བས་ཆོས་སྐུ་འགྲུབ་པར་བསམ་མོ། །རབ་གནས་བྱ་བ་ནི། རྟེན་རྣམས་གྲལ་ལ་བསྒྲིགས། མཆོད་པ་དང་བུམ་པ་འབྱོར་ན་དང་། མ་འབྱོར་ན་ཡིད་ཀྱིས་སྤྲུལ། སུམྦྷ་ནིས་འགེགས་བསངས། ཇི་ལྟར་བལྟམས་པ་སོགས་ཤོ་ལོ་ལ་ཀ་གཅིག་དང་། སརྦྦ་ཏ་ཐཱ་ག་ཏས་ཁྲུས་གསོལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ། བྷྲུཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་སྣང་འོད་དུ་ཞུ་བ་ལས། མཆོད་རྟེན་(༢བ)


GLG010_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཚང་པའི་བུམ་པའི་ནང་དུ། སེང་གེ །གླང་ཆེན། རྟ། རྨ་བྱ། མཁའ་ལྡིང་གིས་བཏེག་པའི་ཁྲི་དང་པད་ཟླའི་གདན་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿལས། དབུས་སུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་དུ་མི་སྐྱོད་པ་སྔོན་པོ་ས་གནོན་མཉམ་གཞག་གི་ཕྱག་རྒྱ་ཅན། ལྷོར་རིན་འབྱུང་སེར་པོ་ས་གནོན་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། བྱང་དུ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཉམ་བཞག་གི་ཕྱག་རྒྱ་ཅན། སྐུ་འདྲའི་རིགས་རྣམས་སེང་ཁྲི་པད་ཟླའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་འཆང་དཀར་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛ་ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར་ནས། རྡོ་རྗེ་སེམས་པས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་སྤྱན་དབྱེ། ཨོཾ་ཨཱཿཧཱུཾ། ཏིང་ངེ་འཛིན་གྱིས་བསྐྱེད་པ་རྣམས་འོད་དུ་ཞུ་བ་ལས། ལྷ་དང་མཆོད་རྟེན་སོ་སོའི་རྣམ་པར་གྱུར། ཕྱོགས་བཅུ་ན་བཞུགས་(༣ན)


GLG010_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་རྟེན་འདི་ལ་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རྟེན་འདི་འབྱུང་བ་བཞིས་མ་ཞིག་གི་བར་དུ་བརྟེན་པར་བཞུགས་ནས། བདག་སོགས་རྣམས་ལ་མཆོག་ཐུན་གྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་མེ་ཏོག་ལན་གསུམ་གཏོར། སླར་ཡང་སྔར་བཞིན་མཆོད་བསྟོད་བྱ། དེ་ནས་རྟེན་འབྲེལ་སྙིང་པོ་གང་འགྲུབ་དང་། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་བརྗོད་པར་བྱའོ། །རབ་གནས་གོང་གི་འདི་མ་འགྲུབ་ན། ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱི་བ་ཏེ་ཛྭ་ལ་ཛྭ་ལ་དྷརྨྨ་དྷཱ་ཏུ་རྦྷ་སྭཱ་ཧཱ། སྔགས་འདི་བརྗོད་པས་ཀྱང་རབ་ཏུ་གནས་པའི་གོ་ཆོད་དོ། །དེ་ལྟར་སཱཙྪ་འདེབས་པའི་ལག་ལེན་གྱི། །རིམ་པ་ལེགས་ཚོགས་ལྷུན་འགྲུབ་ཅེས་བྱ་འདི། །རང་གཞན་མང་པོར་ཕན་འདོད་ལྷག་བསམ་གྱིས། །བསྐྲུན་འདོད་བློ་ཡི་ཞིང་ས་གཤིན་པོ་ལ། །ཉེ་ཆར་གྲོང་སྨད་འཕྲིན་ལས་རྒྱ་མཚོ་ཡིས། །བསྐུལ་ཚིག་ས་བོན་ཡི་གེའི་དྲོད་གཤེར་ལས། །དོན་བཟང་མྱུ་གུ་གཡུར་དུ་ཟ་བའི་འབྲས། །སྩོལ་བའི་བྱེད་པོ་ཟ་ཧོར་བནྡེའོ། །མངྒ་ལཾ། །ཤིང་རྟ་ལོར་༸ལྔ་པ་ཆེན་པོའི་གསུང་པར་ཉམས་གསོའི་སྐབས་གསར་བརྐོས།