cover

རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

གླེགས་བམ། ད༽

ངག་དབང་བློ་བཟང་རྒྱ་མཚོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ད་པའི་དཀར་ཆག


GLG011_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ད་པའི་དཀར་ཆག་བཞུགས་སོ།


GLG011_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཕྱག་ན་པདྨོ་ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་འབུམ། ༼ད༽ པར་བྲག་རྫོང་རྒྱུན་འཁྱེར་རྡོ་རྗེའི་གོ་ཁྲབ་ལ་ཤོག་གྲངས། ༦ དཔལ་མགོན་ཆེ་ཆུང་ལས་མཁན་རྣཾས་ཀྱི་བསྐང་བཤཊ་ཆོས་སྲུང་དགྱེས་པའི་སྒྲ་དབྱངས་ལ་ཤོག་གྲངས། ༢༡ དཔལ་མགོན་ཆེ་ཆུང་ལས་ཆུང་ལས་མཁན་རྣམས་ཀྱི་གཏོར་མའི་ཆོ་ག་ལས་བཞིའི་ལྷུན་གྲུབ་ལ་ཤོག་གྲངས། ༡༦ དཔལ་མགོན་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྟོད་བསྐུལ་བཤན་པ་རྣམ་པར་རོལ་བ་ལ་ཤོག་གྲངས། ༡༣ དབྱུ་གུ་དྲག་ཅུ་རྩ་བཞི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ་ལ་ཤོག་གྲངས། ༤ ཐོགས་མེད་དྲག་རྩལ་ནུས་སྟོབས་ལྡན་པའི་དམ་ཅན་ཆོས་སྲུང་རྒྱ་མཚོའི་མངོན་རྟོགས་མཆོད་འདུལ་བསྐང་བཤགས་བསྟོད་ཚོགས་སོགས་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་ལ་ཤོག་གྲངས། ༢༤༨ གཏོར་མ་བརྒྱ་རྩ་བཀླགས་པས་དོན་འགྲུབ་ལ་ཤོག་གྲངས། ༩ གཏོར་མ་བརྒྱ་རྩ་རྒྱུན་འཁྱེར་ལ་ཤོག་གྲངས། ༤ གཞི་གསུམ་ཆོ་གའི་ཆ་རྐྱེན་གཏོར་མ་ཆ་བཞི་དང་གཞི་བདར་གཏོར་མ་བསྔོ་ཚུལ་


GLG011_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་ཤོག་གྲངས། ༤ གཏོར་མའི་རིམ་པ་སྣ་ཚོགས་ཕྱོགས་གཅིག་ཏུ་བཀོད་པ་ལ་ཤོག་གྲངས། ༢༨ ཀླུ་གཏོ་བདུད་རྩི་འོ་མ་ཆུ་རྒྱུན་ལ་ཤོག་གྲངས། ༥ ཀླུ་གཏོར་རྒྱུན་འཁྱེར་ལ་ཤོག་གྲངས། ༣ བསུར་ཆོག་གི་རིམ་པ་ཡིད་བཞིན་འདོད་འཇོ་ལ་ཤོག་གྲངས། ༥ ལྷ་ལྔའི་གསོལ་མཆོད་བསོད་ནམས་དཔལ་བསྐྱེད་ལ་ཤོག་གྲངས། ༥ ལྷ་རྣམས་མཉེས་པར་བྱེད་པའི་བསངས་མཆོད་བཀྲ་ཤིས་འཁྱིལ་པར་ཤོག་གྲངས། ༩ རྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་ཀྱི་ཡི་གེ་དངོས་གྲུབ་ཆར་འབེབས་ལ་ཤོག་གྲངས། ༤ མི་མཐུན་ཉེས་ཀུན་སེལ་ཞིང་ལེགས་ཚོགས་ཅི་འདོད་འགྲུབ་པའི་བསངས་ཡིག་གི་རིམ་པ་མི་མཛད་མཆོད་སྤྲིན་སྒོ་འབྱེད་ཅེས་བྱ་བར་ཤོག་གྲངས། ༢༡ ཁྱོན་བསྡོམས། ༤༠༥

བྲག་རྫོང་རྒྱུན་འཁྱེར་རྡོ་རྗེའི་གོ་ཁྲབ།


GLG011_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་རྫོང་རྒྱུན་འཁྱེར་རྡོ་རྗེའི་གོ་ཁྲབ་ཅེས་པ་བཞུགས་སོ། །


GLG011_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གསལ་སྐལ་བཟང་རྒྱ་མཚོ་ཆེན་པོའི་དབུས། །སྙན་བརྒྱུད་གྲགས་པའི་རྒྱལ་མཚན་བསྒྲེང་མཁས་པ། །རྡོ་རྗེ་འཆང་དབང་ཚར་ཆེན་ཆོས་ཀྱི་རྗེ། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་བཏུད་ནས། །ཆོས་སྐྱོང་རྣམ་གཉིས་བདག་བསྐྱེད་ཆེས་ཟབ་པ། །སྙིང་གི་ཟུངས་ཁྲག་ལྟ་བུའི་བྲག་རྫོང་གི །རྒྱུན་འཁྱེར་གསང་ཆེན་སློབ་བཤད་བཞེད་སྲོལ་ལྟར། །ངག་འདོན་ཁྲིགས་ཆགས་ཡི་གེའི་འཕྲེང་བར་སྤེལ། །སྐྱབས་འགྲོ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། བླ་མ་དང་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་(༢ན)


GLG011_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བདག་གི་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་བསྒོམ་པར་བགྱིའོ། །ལན་གསུམ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། བདག་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ། སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་བསྙེམས་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བར་བསྒོམས་ལ། ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་དཀར་པོ། དེ་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུཾ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་(༢བ)


GLG011_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བཏབ་པས། ཧཱུཾ་ལས་བདུད་རྩི་བབས། ཧེ་རུ་ཀའི་སྐུ་གང་དེ་ནས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་སྐུ་གང་། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབས། བདག་གི་སྤྱི་གཙུག་ནས་ཞུགས་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ། རྣག་ཁྲག་གི་རྣམ་པས་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་འཐོན་ནས། ཤུལ་ཐམས་ཅད་བདུད་རྩིས་གང་བར་བསམ་ལ། ངག་ཏུ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྠ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་ར་ཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྩ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧོཿབྷ་ག་ཝ་ན། བཛྲ་ཧེ་རུ་ཀ མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུཾ་ཕཊ། ཅེས་ལན་ཉི་ཤུ་རྩ་གཅིག་ཡན་ཆད་ཅི་ནུས་བཟླས་ནས། །རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། །བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་འཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས། སྤྱི་བོ་ནས་རང་ལ་ཐིམ་པས་རང་གི་ལུས་ཤེལ་གོང་ལྟ་བུར་བསམ། བླ་མའི་རྣལ་འབྱོར་ནི་(༣ན)


GLG011_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁང་དུར་ཁྲོད་རོལ་བའི་གཞལ་ཡས་ཁང་དུ་གསལ་བའི་རང་གི་མདུན་གྱི་ནམ་མཁར་མགོན་པོ་འཁོར་བཅས་བཞུགས་པའི་སྤྱི་བོར་སེང་ཁྲི་པད་ཉི་བདུད་ཀྱི་གདན་ལ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་ནས་བཟུང་སྟེ། རྡོ་རྗེ་འཆང་གི་བར་གྱི་བརྒྱུད་པའི་བླ་མ་ཐམས་ཅད་རྡོ་རྗེ་ནག་པོ་ཆེ་གུར་གྱི་མགོན་པོའི་རྣམ་པ་ཅན་མཐོ་བརྩེགས་སུ་རེག་ལ་མ་འབྱར་བའི་ཚུལ་གྱི་བདག་ལ་དགྱེས་ཤིང་འཛུམ་པའི་ཉམས་ཀྱིས་བཞུགས་པར་བསམ། སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་བྱིན་གྱིས་རློབས་ཤིག །དེ་བཞིན་དུ། བྲམ་ཟེ་ཆེན་པོ་མཆོག་སྲེད་ལ་༝། སློབ་དཔོན་ནོར་བུ་གླིང་པ་ལ་༝། ཤྲཱིདྡྷ་ཀཱ་ར་ཝ་རྨ་ལ་༝། ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་༝། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་ལ་༝། རྗེ་བཙུན་མལ་ལོ་ཆེན་པོ་ལ་༝། ས་ཆེན་ཀུན་དགའ་སྙིང་པོ་ལ་༝། སློབ་དཔོན་བསོད་ནམས་རྩེ་མོ་ལ་༝། རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་༝། ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་༝། འགྲོ་མགོན་ཆོས་རྒྱལ་འཕགས་པ་༝། མཐུ་ཆེན་ཨ་ཉན་དམ་པ་༝། བླ་མ་བདག་ཉིད་ཆེན་པོ་༝། མཁས་བཙུན་ནམ་མཁའ་ལེགས་པ་༝། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་༝། བླ་ཆེན་ཀུན་དགའ་རྒྱལ་མཚན་༝། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་༝། བདག་ཆེན་བློ་གྲོས་རྒྱལ་མཚན་༝། རྡོ་རིང་ཀུན་སྤངས་ཆེན་པོ་༝། ཚར་ཆེན་རྡོ་རྗེ་འཆང་༝། འཇམ་དབྱངས་མཁྱེན་(༣བ)


GLG011_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་ཕྱུག་༝། མཁན་ཆེན་བསླབ་གསུམ་རྒྱལ་མཚན་༝། ཁྱབ་བདག་དབང་ཕྱུག་རབ་བརྟན་༝། རྗེ་བཙུན་མགོན་པོ་བསོད་ནམས་མཆོག་ལྡན་༝། རྡོ་རྗེ་འཛིན་པ་བཀྲ་ཤིས་ཀུན་དགའ་༝། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་༝། ཞེས་གསོལ་བ་བཏབ་པས། རིམ་པ་བཞིན་དུ་བརྒྱུད་པའི་བླ་མ་རྣམས་འོད་དུ་ཞུ། རྩ་བའི་བླ་མ་ལ་ཐིམ་པར་གྱུར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་རིམ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མཁའ་འགྲོ་ཆོས་སྐྱོང་རྣམས་བདག་གི་དབང་དུ་འདུས་ནས་ལས་བཞིའི་འཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་བྱིན་གྱིས་བརླབ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཆོས་སྐྱོང་འཁོར་བཅས་བླ་མ་ལ་ཐིམ། །བླ་མ་དེ་ཉིད་འོད་ཟེར་སྔོན་པོར་ཞུ། རང་གི་སྤྱི་བོ་ནས་ཐིམ་པས་ལུས་ངག་ཡིད་གསུམ་དང་། །བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་བསམ། །དངོས་གཞི་ལ་བསྐྱེད་རིམ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། རང་ཉིད་སྐད་ཅིག་གི་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། ནག་པོ་ཆེན་པོ་སྲུང་བའི་འཁོར་ལོ་ལ་བླ་མ་མི་བསྐྱོད་པའི་རྣམ་པས་གཙོ་བོའི་དབུ་ལ་བརྒྱན་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ། ན་མོ་གུ་རུ་བྷྱཿན་མཿཤྲི་མ་ཧཱ་ཀ་ལ་མཎྜ་ལི་བྷྱཿ ཤྲཱི་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །(༤ན)


GLG011_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷེ། ནཻ་ཝི་དྱེ། ཤབྡ་ཨཱཿཧཱུཾ། དཀོན་ཅོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། །ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་སུཾ་ལས་རྡོ་རྗེའི་བྲག་རྫོང་དམར་ནག་གྲུ་གསུམ་པ། མཐོ་ཞིང་ངམ་ཆོད་པ་དེའི་སྟེང་དུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ་ནང་ཁྲག་ཞག་འཁྲུགས་པའི་རྒྱ་མཚོས་གང་བ་དེའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་(༤བ)


GLG011_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པས། འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་འབར་ཞིང་འཁྲུག་པའི་སྲུང་བའི་འཁོར་ལོར་བསམ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་བརྗོད། སྲུང་འཁོར་གྱི་དབུས་སུ་ཧཱུཾ་ལས་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བཅུ་པ། རྩེ་མོ་རྣོ་བ། ཁོག་པ་སྟོང་པ་ཡངས་ཤིང་རྒྱ་ཆེ་བ། གོ་སྐབས་མེད་པར་གྱུར། ཨོཾ་བཛྲ་ཙཀྲ་རཀྵ་ཧཱུཾ་བྷྲུཾ་ཧཱུཾ། འཁོར་ལོའི་ནང་གི་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མ་མི་རོ་དམར་སེར་མགོ་གཡས་སུ་བསྟན་པའི་སྟེང་དུ་ཧཱུཾ་མཐིང་ནག་རེ་རེ། དེ་རྣམས་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། །དབུས་སུ་བདག་ཉིད་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཆེ་ཞིང་ཆེར་འབར་བ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཀྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པའི་གྲ་ནས་ཁྲག་འཛག་པ། དབུ་སྐྲ་སེར་པོ་གྱེན་དུ་བརྗེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་། སྦྲུལ་གྱི་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་། ལྷབ་ལྷུབ་ཀྱིས་ཀླུབས་པ། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་(༥ན)


GLG011_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱ་ནག་འབུམ་སྡེ་གཤོག་སྐོར་བྱེད་པ། གཡོན་ན་ཁྱི་ནག་འབུམ་སྡེ་འཁང་ཞིང་ཟུག་པ། རྒྱབ་ན་ཅེ་སྤྱང་འབུམ་སྡེ་གཡལ་ཞིང་རྒྱུག་པ། མདུན་ན་མི་ནག་འབུམ་སྡེ་གནམ་དུ་འོ་དོད་འབོད་པ། སྟེང་ན་ཁྱུང་ཆེན་འབུམ་སྡེ་ལྡིང་ཞིང་འཁོར་བ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཕྱོགས་བཅུའི་མགོན་པོ་རྣམས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་གར་འཛིན་པ། རྒྱན་དང་ཆ་ལུགས་གཙོ་བོ་དང་མཐུན་པ། ཞབས་གཡས་བསྐུམ་གཡོན་རྐྱང་གི་སྟབས་ཀྱིས་བཞུགས་པ། འཁོར་ལོའི་རྒྱབ་ར་གུར་གྱི་ནང་དུར་ཁྲོད་བརྒྱད་ན། ཕྱོགས་སྐྱོང་། ཞིང་སྐྱོང་། ཀླུ་དང་། སྤྲིན་དང་། མེ་དང་། ཆུ་དང་། རོ་དང་། རོ་ལངས་ལ་སོགས་པ་དུ་མ་དང་། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ། དྲེགས་བྱེད་དཔག་ཏུ་མེད་པས་བསྐོར་བ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ནག་པོ་ཆེན་པོ་ལྷ་བཅུ་གཅིག་སྲུང་བའི་འཁོར་ལོ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་བཛྲ་ས་མཱ་ཛཿ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ། བཛྲ་ས་མཱ་ཛཿཁྱེད་རྣམས་ཀྱིས་བདག་ལ་མངོན་(༥བ)


GLG011_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥི་ཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། ལྷ་བཅུ་གཅིག་ལ་མི་བསྐྱོད་པ་རེ་རེས་དབུ་བརྒྱན་པར་བསམ། གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེའི་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པའི་ལྟེ་བར་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ་གསལ་ཞིང་འཚེར་བ་ལ། བསྲུང་བྱ་རྣམས་སྦ་ཞིང་གནས་པའི་མཐར་སྔགས་ཐུང་དང་། ཤཱ་ས་ན་ཁ་དོག་མཐིང་ཁས་གཡས་སུ་འཁོར་བའི་ཧཱུཾ་ཡིག་ལས་འཕྲོས་པའི་རྡོ་རྗེས་བསྒྲུབ་བྱའི་ལུས་ཐམས་ཅད་འཇིག་པ་མེད་པར་བསྲུང་བའི་རང་བཞིན་དུ་གྲུབ་ཅིང་། ལྷ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོག་པ། འཁོར་ལོ་འཁོར་བའི་མེ་དཔུང་དང་བཅས་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམ། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཤཱ་ས་ན་བཟླ། རང་མགོན་པོར་གསལ་བའི་ལག་མཐིལ་གཉིས་འཁོར་ལོ་བསྣོལ་བའི་བར་དུ་དགྲ་བགེགས་ཐམས་ཅད་ཐལ་བའི་རྡུལ་ཕྲན་ཙམ་དུ་བརླག་པ་བསམ། ཨོཾ་བྷ་ཡ་ནཱ་ཤ་ན། ཏྲཱ་ས་ནི་སརྦ་མཱ་ར་པྲ་ཏྱངྒི་ར་བི་ནཱ་ཤ་ནི་ཡེ་ཀེ་ཙིཏ། དུཥྚཾ་ས་ཏྭ་མ་མ་བི་རཱུ་པ་གཾ་ཀུ་རྦ་ན། ཀྲྀ་ཏྱ་ནི་སརྦ་མཱ་ར་པྲ་ཏྱངྒིར་པ་ཏ་ཏྲུ་ཧཱུཾ་ཕཊ་སྭཱཧཱ། སུ་གང་དག་བདག་ཅག་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སངས་རྒྱས་(༦ན)


GLG011_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྟན་པ་དང་། བསྟན་པ་འཛིན་པ་རྣམས་དང་། སེམས་ཅན་ཐམས་ཅད་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་དགྲ་བགེགས་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །གལ་ཏེ་ཞི་བར་མ་གྱུར་ན། དེའི་ཚེ་དེ་དག་ཐམས་ཅད་ཀྱི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་བརླག་པར་གྱུར་ཅིག །རྫུ་འཕྲུལ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །དེ་ལ་འགོ་བའི་ལྷ་དེ་ཉིད་ཀྱིས་དེའི་ཤ་ལ་ཟ་བར་གྱུར་ཅིག །རྫས་སྔགས་ཏིང་ངེ་འཛིན་གྱི་ནུས་པ་ཐམས་ཅད་ཁོ་རང་གི་གཤེད་དུ་དབབ་བར་གྱུར་ཅིག །སྦྱོར་བ་ངན་པའི་འབྲས་བུ་དེ་ཉིད་ལ་འབྱུང་བར་གྱུར་ཅིག །ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། ཧཱུཾཿ འཁོར་ལོ་ཐམས་ཅད་གཡས་སུ་འཁོར་ཞིང་། །ཧཱུཾ་ཁྲོ་བཅུ་རྣམས་ཞལ་ནང་དུ་གཟིགས་པས་སྲ་ཞིང་བརྟན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། རྡོ་རྗེའི་ར་གུར་མ་གཏོགས་པའི་སྲུང་འཁོར་ཁྲོ་བཅུ་དང་བཅས་པ། རང་ཉིད་གུར་མགོན་དུ་གསལ་བའི་ཐུགས་ཀར་ཐིམ་པར་གྱུར། སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ཅན། (༦བ)


GLG011_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མིན་པའི་མན་ངག་ལས། །བྲག་རྫོང་རྒྱུན་འཁྱེར་ངག་འདོན་ཙམ། །བརྒྱུད་པའི་གསུང་འགྲོས་ཇི་བཞིན་བཀོད། །སྦ་དང་གོ་གྱོན་ཇག་བཀྱེ་སོགས། །ཟབ་གནད་རྗེ་བཙུན་ཁའུ་བའི། །རྗེས་འབྲང་མཁས་གྲུབ་གསུང་ངག་ལས། །འབད་པས་བཙལ་ཏེ་ཉམས་སུ་ལོང་། །མཁས་འདོད་ལུང་མེད་དཔེ་ཚོགས་སྡུད། །རྒྱུས་མེད་མུན་ཁུང་འཁྱམས་པ་ཡི། །ཆོས་སྐྱོང་ཤེས་རློམ་དྲེགས་ལྡན་དང་། །རྟོག་གེ་སྐལ་དམན་སྤྱོད་ཡུལ་མིན། །དགེ་དེས་སྣོད་ལྡན་སྙིང་དབུས་ཀྱི། །བུམ་བཟང་སྙན་བརྒྱུད་ཀྱིས་བཀང་སྟེ། །གསང་ཆེན་སློབ་བཤད་རིང་ལུགས་མཆོག །དར་ཞིང་རྒྱས་པའི་དཔལ་གྱུར་ཅིག །ཅེས་ཁའུ་བྲག་རྫོང་པའི་ཁྱད་ཆོས་རྡོ་རྗེ་ནག་པོ་ཆེན་པོའི་བྲག་རྫོང་གི་ཉམས་ལེན་རྒྱུན་འཁྱེར་འདི་ཡང་ཕྱིར་འཁྲིད་ནང་འཁྲིད་འཇུག་བདེ་ཨརྠ་སིདྡྷི་ཤྲཱི་མཱན་གྱི་དོན་དུ་ཚར་ཆེན་གྱིས་ཞོ་ལུང་མཚོ་ཁའི་རི་ཁྲོད་དུ་མཛད་པ་སྙན་བརྒྱུད་ཡིད་བཞིན་ནོར་བུ་ལས་ཕྱི་འཁྲིད་ཀྱི་སྙིང་པོ་བསྡུས་པ་ཕན་བདེ་ལེགས་བཤད་གླིང་པའི་མགོན་པོ་ཆེ་ཆུང་གི་བདག་བསྐྱེད་ཐུན་མོང་མ་ཡིན་པའི་ཆེད་དུ་ཚར་པ་རྡོ་རྗེ་འཆང་གི་གསང་གསུམ་གྱི་རྣམ་ཐར་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར། །

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྐང་བཤགས་ཆོས་སྲུང་དགྱེས་པའི་སྒྲ་དབྱངས།


GLG011_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྐང་བཤགས་ཆོས་སྲུང་དགྱེས་པའི་སྒྲ་དབྱངས་བཞུགས་སོ། །


GLG011_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཧཱ་ཀཱ་ལཱ་ཡ། དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་ཁྱབ་བདག་མཁས་གྲུབ་དབང་པོ་ས་སྐྱ་པ། །གང་གི་གསུང་ངག་སློབ་བཤད་འཛིན་མཁས་སྔགས་འཆང་དབང་པོ་རྡོ་རིང་པ། །ཁའུ་པ་ཡི་བསྟན་འཛིན་དབང་ཕྱུག་རྡོ་རྗེ་འཆང་དབང་ཚར་པ་རྗེ། །བརྒྱུད་པར་བཅས་པའི་རིག་སྔགས་འཆང་རྣམས་དུས་ཀུན་རྟག་ཏུ་རྒྱལ་གྱུར་ཅིག །གདུག་ཅན་སྙིང་ཁྲག་གིས་སྨྱོས་དཾ་ཅན་ཁྲིར། །རྔམས་བརྗིད་གར་གྱི་རོལ་བའི་ནག་པོ་ཆེ། །མཆོད་ཅིང་བསྐངས་བཤགས་ལས་རིམ་འབྲི་བྱེད་ན། །དགྱེས་པའི་སྤྱན་གྱིས་གཟིགས་ལ་སྣང་བ་སྩོལ། །ལོག་ལྟའི་དྲི་མའི་ཚོགས་ཀྱི་མ་སྦགས་ཤིང་། །གཟུར་གནས་བློ་ལྡན་བཻ་ཌཱུར་འཁྱིལ་བ་ཡི། །ཐོས་འཛིན་ནོར་བུའི་ཟ་མ་ཏོག་ཡངས་པར། ལྡུགས་སོ་སྐལ་བཟང་ཚོགས་རྣམས་དགའ་བདེར་སྤྱོད། དཔལ་མགོན་རྣམ་པ་གཉིས་པོ་འདི་གཉིས་ཀྱི་གཏོར་སྒྲུབ་བྱ་བ་ལ་ཉེ་བར་མཁོ་བའི་ལེ་ལག་བསྐངས་བཤགས་ཀྱི་ལག་ལེན་ཁྲིགས་སུ་བྱ་བ་ལ། །ཐོག་མར་སྒྲུབ་ཁང་། རྟེན་དང་བརྟེན་པའི་དམ་རྫས། ཕྱི་ནང་གི་མཆོད་གཏོར། །སྤྱན་(༢ན)


GLG011_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་རྣམས་ཚར་པ་རྡོ་རྗེ་འཆང་གིས་དཔལ་ས་སྐྱ་པའི་བཀའ་སྲུང་རྣམས་ཀྱི་གཏོར་སྒྲུབ་བསྐང་གསོའི་ཕྱག་ལེན་གྱི་གསལ་བྱེད་ལྷན་ཐབས་དང་། མཐོང་བརྒྱུད་ཀྱི་ཕྱག་ལེན་ལས་ཤེས་དགོས་ལ། ངག་འདོན་ལ་ཐོག་མར་གནས་ཁང་མཆོད་པ་བྱིན་གྱིས་བརླབས་པ་ནི། རྡོ་རྗེའི་རྩེས་ནང་མཆོད་གནད་དང་མཆོད་པ་རྣམས་ལ་གཏོར་ཞིང་། ཨ་མྲྀ་ཏས་བསངས། སྭ་བྷ་བས་སྦྱངས། སྟོང་པའི་ངང་ལས། གནས་ཁང་བྷྲཱུཾ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མཆོད་རྫས་རྣམས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་བྱུང་བ་ངོ་བོ་གཙང་ཞིང་བཟང་ལ་རྒྱ་ཆེ་བའི་ཡུལ་ནམ་མཁའི་མཐས་ཀླས་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། འཕགས་པ་ཀུན་ཏུ་བཟང་(༢བ)


GLG011_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ། བཛྲ་པུ་ཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝེ་དྱེ། ཤབྡ། ཨོཾ་བཛྲ་གྷཎྚེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ། ཀྵེཏྲ་པྲཙཱ་ལི་ནེ། པྲ་ཛྙ་པཱ་ར་མི་ཏཱ་ནཱ་ད་སྭ་བྷ་ཝེ། བཛྲ་དྷརྨ་ཧྲི་ད་ཡ་སནྟོཋ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོཿཧོ་ཨ་ཁཾ་སྭཱ་ཧཱ། ཚར་གསུམ་བརྗོད་ཅིང་རོལ་མོའི་ཡོ་བྱད་ཐམས་ཅད་འབུད་དཀྲོལ་བྱས་ལ་གནས་དང་མཆོད་པའི་ཡོ་བྱད་རྣམས་བྱིན་དབབ་བོ། །བརྒྱུད་འདེབས་ནི། ཚར་ཆེན་གྱིས་མཛད། རྣམ་ཀུན་མཆོག་ལྡན་ཟུང་འཇུག་རྡོ་རྗེ་འཛིན། །ཟག་མེད་བདེ་བའི་གར་བསྒྱུར་རྡོ་རྗེ་གུར། །གྲུབ་པ་མཆོག་གི་དེད་དཔོན་བྲམ་ཟེ་ཆེ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡུལ་དབུས་རྣལ་འབྱོར་མཁས་པ་བདེ་བའི་མཚན། །པཎ་གྲུབ་དབང་པོ། དད་རྗེས་གོ་ཆའི་ཞབས། །གངས་ཅན་བསྟན་པའི་སྒྲོན་མེ་ལོ་ཙཱ་བ། །སྙིང་ནས་༝། །སྔགས་འཆང་ནུས་པ་མཐར་ཕྱིན་བྲག་སྟེང་པ། །སྐད་གཉིས་སྨྲ་བའི་མཁས་གྲུབ་བློ་གྲོས་གྲགས། །རྣལ་འབྱོར་དབང་ཕྱུག་བརྩེ་ཆེན་ས་སྐྱ་པ། །སྙིང་ནས་༝། །འཇའ་ལུས་མཁའ་སྤྱོད་རོལ་མཛད་བསོད་ནམས་རྩེ། །གྲུབ་རིགས་རྒྱ་མཚོའི་གཙུག་རྒྱན་བླ་མ་རྗེ། །གངས་ཁྲོད་མཁས་པའི་དབང་པོ་པཎྜི་ཏ། །སྙིང་ནས་༝། །དྲེགས་ལྡན་གཙུག་གིས་ལེགས་མཆོད་འཕགས་པའི་མཚན། །འཇིགས་རུང་གཎྜི་འཛིན་པའི་ཀུན་དགའ་གྲགས། །མཁས་གྲུབ་རྒྱ་མཚོའི་འབྱུང་གནས་བཟང་པོ་དཔལ། །སྙིང་ནས་༝། །མཐུ་སྟོབས་བདུང་རྩིས་མྱོས་པའི་ནམ་མཁའ་ལེགས། །སྲིད་གསུམ་འགྲན་(༣ན)


GLG011_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བྲལ་བ་ཆོས་ཀྱི་རྗེ། །སྙན་བརྒྱུད་མངའ་བདག་བླ་ཆེན་ཀུན་རྒྱལ་བ། །སྙིང་ནས་༝། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡར་ཀླུངས་པ། །དེ་སྲས་ཐུ་བོ་བསོད་ནམས་རྒྱལ་མཆོག་ཞབས། །པདྨའི་རྣམ་འཕྲུལ་འཇམ་དབྱངས་ནམ་མཁའི་མཚན། །སྙིང་ནས་༝། །རྡོ་རྗེ་འཆང་དབང་བློ་གྲོས་རྒྱལ་མཚན་དཔལ། །མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྡོ་རིང་བ། །དངོས་གྲུབ་མཆོག་སྩོལ་རྗེ་བཙུན་ཚར་པ་ལ། །སྙིང་ནས་༝། །མཁྱེན་ཡངས་རིག་གནས་མཐར་ཕྱིན་མཁྱེན་བརྩེའི་དབང་། །མགོན་དེས་རྗེས་བཟུང་བསླབ་གསུམ་རྒྱལ་མཚན་དཔལ། །གསང་ཆེན་མངའ་བདག་དབང་ཕྱུག་རབ་བརྟན་ལ། །སྙིང་ནས་༝། །བསོད་ནམས་མཆོག་ལྡན་དཀྱིལ་འཁོར་འཁོར་ལོའི་མགོན། །རྡོ་རྗེ་འཆང་དབང་རྗེ་བཙུན་ཨཱ་ནནྡ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། སྙིང་ནས་༝། །དེང་ནས་དུས་ཀུན་རྒྱུད་རྒྱལ་ཀཻ་ལ་ཤ །སྙན་བརྒྱུད་ཚ་ཟེར་གྱིས་བྲན་གདམས་པའི་རྒྱུན། །མ་དྲོས་ཆུ་ཀླུང་ལས་འོང་བཀའ་བབས་བཞིའི། །ཟབ་དོན་བདུད་རྩིས་བདག་རྒྱུད་ཚིམ་པར་ཤོག །དབེན་པའི་དུར་ཁྲོད་ནགས་ཚལ་ཡིད་འོང་བར། །དྲུག་ལྡན་རྟེན་གྱི་ཚོགས་རྣམས་ལེཊ་གཏམས་ཤིང་། །རྣམ་གསུམ་དམར་ཆེན་གཏོར་མས་བྱུར་བུར་བཤམས། །ཕྱི་ནང་མཆོད་པས་བསྟན་སྲུང་མཉེས་བྱེད་ཤོག །རྟེན་གྱི་དཀྱིལ་འཁོར་གསང་བའི་དམ་རྫས་དང་། །རབ་ཟབ་བསྐྱེད་དང་བསད་པའི་འཁྲུལ་འཁོར་བཅས། །ཟབ་གསལ་ཏིང་འཛིན་མ་ནོར་གསང་བའི་སྔགས། །རྩེ་གཅིག་འབད་པས་བསྙེན་སྒྲུབ་མཐར་ཕྱིན་ཤོག །ཐུབ་བསྟན་མཆོག་དང་བསྟན་འཛིན་འཇོམས་པའི་དུག །མ་རིག་ནག་(༣བ)


GLG011_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྩ་ལག་སྡེར་བཅས་པ། །བདག་གི་མངོན་སྤྱོད་དྲག་པོའི་འཕྲིན་ལས་ཀྱིས། །བསྐྲད་གཟིར་བསྒྲལ་སྟེ་ཆོས་དབྱིངས་སྦྱོར་བར་ཤོག །དེ་ནས་གྲུབ་ཀྱང་དོན་ཆུང་ཚེ་འདིའི་ཆེད། །བོར་ནས་རྒྱང་རིང་དབེན་པའི་རི་སུལ་དུ། །བསེ་རུའི་རྣམ་ཐར་རྗེས་སུ་དྲན་བྱས་སྟེ། །རྫོགས་རིམ་ཟབ་མོའི་ལམ་མཆོག་བསྒོམས་པར་ཤོག །ནང་གི་དྲེགས་བྱེད་རྩ་གསུམ་འཁོར་ལོ་ལྔ། །དབབ་ལྡོག་བདུད་རྩིའི་མཆོད་པས་མཉེས་བྱས་ནས། །རླུང་སྦྱོར་རྡོ་རྗེའི་སྔགས་ཀྱིས་རྗེས་བསྐུལ་བས། །ཟག་མེད་བདེ་ཆེན་མགོན་པོ་འགྲུབ་པར་ཤོག །གསལ་སྟོང་ཟུང་འཇུག་གདོད་མའི་རྒྱུད་གསུམ་པོ། །སྤྲོས་བྲལ་བློ་འདས་ངང་དུ་བསྒྲུབས་པ་ཡི། །སྒྲིབ་གཉིས་འཁྲུལ་པའི་དགྲ་ཚོགས་དྲུང་ཕྱུངས་ནས། །ཟུག་འཇུག་རྡོ་རྗེ་འཛིན་པ་མངོན་གྱུར་ཤོག །གོ་འཕང་མཆོག་འདི་ཚེ་འདིར་མ་ཐོབ་ན། །འཆི་བ་འོད་གསལ་དོན་གྱི་ནག་པོ་ཆེ། །རིག་ནས་འགྲོགས་པའི་མཛའ་བོ་ཉམས་དགའ་དེ། །མཐོང་བའི་མོད་ལ་དབྱེར་མེད་འགྱུར་བར་ཤོག །དེར་ཀྱང་འཁྲུལ་ནས་བར་དོ་ཤར་གྱུར་ན། །བླ་མ་མཆོག་དང་དམ་ཅན་རྒྱ་མཚོར་བཅས། །ཡིད་འོང་མཆོད་སྤྲིན་གདུགས་དང་རྒྱལ་མཚན་ཐོགས། །མིང་ནས་ལུང་བསྟན་མཁའ་སྤྱོད་ཁྲིད་པར་ཤོག །མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་བླ་མ་གཙུག་གི་ནོར་བུར་བསྟེན། །བཀའ་སྲུང་ཆོས་སྐྱོང་ལུས་དང་གྲིབ་བཞིན་འགྲོགས། །རིམ་གཉིས་ཏིང་འཛིན་དཔལ་ལ་སྤྱོད་པར་ཤོག །ཁྱད་པར་གྲུབ་མཆོག་རྗེ་བཙུན་ས་སྐྱ་པའི། །གདུང་བརྒྱུད་རིམ་པར་ཆིག་བརྒྱུད་ཞལ་གདམས་སུ། །བྱོན་པའི་བསྟན་སྲུང་ནག་པོའི་སྙན་བརྒྱུད་(༤ན)


GLG011_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །གངས་ཅན་ལྗོངས་འདིར་ཆེས་ཆེར་རྒྱས་གྱུར་ཅིག །མཐུ་ཆེན་ནག་པོའི་སྟོབས་དང་གཟི་བརྗིད་དང་། །འདོད་ཁམས་ལྷ་མོའི་བརྩེ་གདུང་དྲག་ཤུལ་དང་། །བཀའ་ཉན་ཕོ་ཉའི་མཐུ་སྟོབས་རྫུ་འཕྲུལ་གྱིས། །བཀྲ་ཤིས་དཔལ་གྱིས་བདག་ཅག་རིང་དུ་སྐྱོངས། །ཞལ་གྱི་བརྒྱུད་འདེབས་ཁོ་བོས་བརྩམས་པ། མཁའ་སྦྱོར་བདུན་ལྡན་ཁྱབ་བདག་རྡོ་རྗེ་འཆང་། །རྒྱལ་བ་གཉིས་པ་མགོན་པོ་ཀླུ་སྒྲུབ་ཞབས། །འཕགས་ཡུལ་པཎ་གྲུབ་དབང་པོ་བ་ལིང་ཏ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དཔལ་རྡོ་རྗེའི་སྲོལ་འབྱེད་ཡེ་ཤེས་ཞབས། །འདུས་པའི་བསྟན་པ་རྒྱས་མཛད་མར་མེ་མཛད། །རིམ་གཉིས་རྟོགས་པ་མཆོག་བརྙེས་དཔལ་བདེ་བ། །གསོལ་བ་༝། །གསང་ཆེན་རིག་འཛིན་བི་མ་ལ་གུཔྟ། །ཐེག་མཆོག་རྣལ་འབྱོར་རིན་ཅེན་རྡོ་རྗེའི་དཔལ། །ཐུབ་བསྟན་གསལ་བྱེད་རིན་ཅེན་གྲགས་པ་ལ། །གསོལ་བ་༝། །མཁའ་འགྲོའི་དབང་མོ་རི་སུལ་རྣལ་འབྱོར་མ། །འཇིག་རྟེན་མིག་གཅིག་གཉན་ལོ་དར་མ་གྲགས། །སྔགས་འཆང་ནུས་པ་མཐར་ཕྱིན་ཁའུ་པ། །གསོལ་བ་༝། །གསང་སྔགས་རྒྱ་མཚོའི་མངའ་བདག་ས་སྐྱ་པ། །འཇའ་ལུས་མངོན་དུ་གྱུར་པའི་བསོད་ནམས་རྩེ། །ཟུང་འཇུག་སྐུ་བརྙེས་གྲགས་པ་རྒྱལ་མཚན་ཞབས། །གསོལ་བ་༝། །ཀུན་མཁྱེན་གཉིས་པ་ཆོས་རྗེ་པཎྜི་ཏ། །ཤར་ཕྱོགས་རྒྱལ་པོའི་ཅོད་པཎ་འཕགས་པའི་མཚན། །གསུང་ངག་འཛིན་མཁས་ཞང་སྟོན་ཆོས་རྗེ་ལ། །གསོལ་བ་༝། སྙན་རྒྱུད་བདུད་རྩིས་མྱོས་པའི་བྲག་ཕུག་པ། །སྐུ་བཞིའི་དབང་ཕྱུག་བསོད་ནམས་རྒྱལ་མཚན་ཞབས། །ཐུགས་སྲས་དམ་པ་བླ་ཆེན་ཀུན་རྒྱལ་བར། །གསོལ་(༤བ)


GLG011_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བ་༝། ཟབ་དོན་རྒྱ་མཚོའི་འབྱུང་གནས་ཡར་ཀླུངས་པ། །དེའི་གསུང་གསང་བ་ཀུན་འཛིན་རྒྱལ་བ་མཆོག །པདྨའི་རྣམ་འཕྲུལ་ནམ་མཁའ་རྒྱལ་མཚན་ལ། །གསོལ་བ་༝། །རྡོ་རྗེ་འཆང་དངོས་བདག་ཆེན་བློ་གྲོས་རྗེ། །གསང་ཆེན་སློབ་བཤད་བསྟན་འཛིན་རྡོ་རིང་པ། །སྙན་བརྒྱུད་མངའ་བདག་ཚར་པ་རྡོ་རྗེ་འཆང་། །གསོལ་བ་༝། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་ཕྱུག་ཞབས། །བསླབ་གསུམ་རྒྱལ་མཚན་སྔགས་འཆང་རྟ་ར་བ། །ཞིང་སྐྱོང་བྲན་འཁོལ་དབང་ཕྱུག་རབ་བརྟན་ལ། །གསོལ་བ་༝། །དང་པོའི་མགོན་པོ་བསོད་ནམས་མཆོག་ལྡན་པའི། །སྔགས་འཆང་དབང་པོ་བཀྲ་ཤིས་ཀུན་དགའི་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེའི་སློབ་དཔོན་གསང་གསུམ་ཡིད་བཞིན་ནོར། །རྨད་བྱུང་རྟེན་ཅིང་འབྲེལ་འབྱུང་ཐུགས་རྗེ་ལས། །ཟབ་དོན་སྙན་བརྒྱུད་འདོད་རྒུའི་ཆར་ཆེན་པོས། །བདག་རྒྱུད་ཚིམ་ཞིང་ལོངས་སུ་སྤྱོད་པར་ཤོག །དྲུག་ལྡན་རྟེན་དང་དམར་ཆེན་གཏོར་མའི་ཚོགས། །ཕྱི་ནང་གསང་མཆོད་དགྱེས་པ་སྐྱེད་པའི་རྟེན། །ལེགས་བཤམས་དཔལ་ལྡན་མགོན་པོ་དུས་ཀུན་དུ། །འབྲལ་མེད་ཉེ་བའི་བསྙེན་པས་མཉེས་པར་ཤོག །དཀྱིལ་འཁོར་འཁོར་ལོའི་རྫས་དང་བཅའ་གཞི་ཚོགས། གཟུགས་བྱད་བླ་ཚེ་བཀུག་ཅིང་དབྱེ་བ་སོགས། །དམ་ཅན་སྲུང་མ་རྦད་པའི་འཕྲིན་ལས་ཀྱིས། །མངོན་སྤྱོད་དྲག་པོའི་སྒྲུབ་པ་མཐར་ཕྱིན་ཤོག །ཏིང་འཛིན་འཕྲོ་འདུ་དྲག་སྔགས་རྣོ་དབལ་ཅན། །མཚོན་ཆར་དུག་རླངས་ནུས་ལྡན་མཐུན་རྫས་ཀྱིས། །དགྲ་བགེགས་ཚར་བཅད་(༥ན)


GLG011_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་མེད་ལྕགས་ཁང་ནང་། །འཇུག་པའི་ལས་སྦྱོར་འཕྲིན་ལས་འགྲུབ་པར་ཤོག །འོག་མིན་དག་པའི་ཞིང་དང་དུར་ཁྲོད་བརྒྱད། །གྲངས་མེད་གནས་སུ་འཇིགས་རུང་ཁྲོས་པའི་གར། །རབ་བསྒྱུར་དགྲ་བོའི་སྲོག་འཕྲོག་དབུཊ་ལེན་པའི། །སྟོབས་འཕྲོག་ཕྱི་ཡི་མགོན་པོ་འགྲུབ་པར་ཤོག །རང་ལུས་རྩ་གསུམ་འཁོར་ལོ་རྣམ་ལྔ་ཡི། །རྩ་ཁམས་རླུང་གི་ངོ་བོ་གཟུང་འཛིན་སོགས། །ཡོངས་འཕྲོག་ལྷན་སྐྱེས་ཡེ་ཤེས་སྦྱིན་མཛད་པའི། །ནང་གི་དཔལ་ལྡན་མགོན་པོ་འབྲལ་མེད་ཤོག །ཕྱི་ནང་དྲེགས་པའི་སྒྱུ་འཕྲུལ་སྣ་ཚོགས་ཀུན། །རང་སེམས་རོལ་བའི་རྩལ་དུ་ཡོངས་རྟོགས་པའི། །གསལ་སྟོང་ཟུང་འཇུག་བརྗོད་བྲལ་གསང་བའི་མགོན། རང་ཞལ་མཐོང་བའི་བདེ་ཆེན་ཐོབ་པར་ཤོག །ཐུན་མོང་མ་ཡིན་གསང་ཆེན་སློབ་བཤད་ཅེས། ཁའུ་བྲག་རྫོང་བཞེད་སྲོལ་འཁྲུལ་མེད་ལམ། །ཉམས་སུ་བླངས་པས་འཕྲིན་ལས་རྣམ་བཞི་དང་། །ཟུང་འཇུག་རྡོ་རྗེ་འཆང་དབང་འགྲུབ་གྱུར་ཅིག །དེ་ནས་བྲག་རྫོང་མའི་རྒྱུན་འཁྱེར་ཉམས་ལེན་དཀྱུས་ལྟར་བྱས་རྗེས། བཛྲ་ཨ་མྲི་ཏས་བསངས། ས་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་པ་ནས། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱིས་ནང་མཆོད་བྱིན་གྱིས་བརླབ། དེ་ནས་བཤཊ་པ་ནི། ཆོས་སྐྱོང་རྣམས་ཀྱི་འཁུ་ལྡོག་སེལ་བ་དང་། རྣལ་འབྱོར་པ་རང་གི་ཉེས་ལྟུང་དག་པར་བྱེད་པའི་དམིགས་པ་གསུང་རྒྱུན་ཁུངས་མ་ལས་འབྱུང་བ་མན་ངག་ལྟར་གྱི་དམིགས་པ་དང་བཅས་ཉམས་སུ་ལེན་དགོས་པས་ཟོག་པོ་འུར་རྒྱངས་ཅན་(༥བ)


GLG011_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྟོག་གེ་ཐ་སྙད་མཁན་གྱི་སྤྱོད་ཡུལ་མ་ཡིན་ནོ། །རྒྱུ་མཚན་དེས་ན་གོང་འོག་ཏུ་དགོས་པ་རྣམས་བློས་བྱས་རང་བཟོར་མ་སོང་བའི་ཞིབ་ཏུ་དཔྱོད་པར་བྱའོ། །ཧེ་རུ་ཀའི་ཡི་གེ་བརྒྱ་པ་བརྒྱ་སོགས་ཅི་རིགས་པ་བཟླའོ། །དེ་ནས་རྣལ་འབྱོར་པ་རྣམས་ལངས་ཏེ་ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ་བཛྲ་ས་མཱ་ཛཿགང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པས། །ཀྱེ་རྡོ་རྗེ་ལ་ཕྱག་འཚལ། །ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་སྒྱུར་ཞིང་། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོག་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གཞོན་ནུའི་ལུས་ཅན་བགེགས་(༦ན)


GLG011_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་ཁྱོད་ལ་བསྟོད། །གཡུང་མོ་གཏུམ་མོ་སྲིན་མོ་དང་། །སིངྒ་ལ་གནས་རྣལ་འབྱོར་མ། །དམར་སེར་ལྗང་ནག་ཁྲོས་པའི་ཞལ། །གྲི་གུག་ཐོད་འཛིན་རྣམས་ལ་བསྟོད། །དཔལ་ལྡན་འཕྲིན་ལས་ཀུན་མཛད་པུ་ཏྲ་ཁྱོད། །སྐུ་མདོག་མཐིང་ནག་མེ་ཡི་འཕྲོ་འདུ་ཅན། །རྔམས་པའི་སྟོབས་ཀྱིས་འགྱིང་ཞིང་ཤང་ལང་བསྣམས། །གྱིང་ཆེན་གདུག་པ་འདུལ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུང་འདུལ་ཕྱིར་དྲག་པོའི་སྐུར་བསྟན་ནས། །མཐུ་སྟོབས་ཕུན་ཚོགས་བསྟན་པ་སྲུང་མཛད་པའི། །སྒྲོལ་གྱིང་སྲོག་བདག་དམར་པོ་ལ་ཕྱག་འཚལ། །གང་གི་སྤྲུལ་དང་མངོན་པར་ཤེས་པ་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཅེན་བང་མཛོད་ལེགས་སྲུང་བའི། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །བཤགས་པ་བྱ་བ་ནི། ལག་ཏུ་མེ་ཏོག་ཐོགས་ནས་འཐོར་ཞིང་། འཕགས་པས་མཛད། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་དང་། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པ་རྣམས་ལ་ཞུ་ཞིང་གསོལ་བ་ནི། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་ལས་དང་ཉོན་མོངས་པ་དང་། མི་ཤེས་པ་དང་། བག་མེད་པ་དང་། མ་གུས་པ་དང་། སྙོམས་ལས་ཀྱི་(༦བ)


GLG011_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་གྱུར་པའི་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་བགྱིས་པ་དང་། དམ་ཚིག་དང་མི་ལྡན་པ་དང་། དམ་ཚིག་མ་དག་པ་དང་ཚོགས་འདྲེས་པ་དང་། སྤྱོད་ཡུལ་གཅིག་ཏུ་གྱུར་པ་དང་། བསྙེན་པ་དང་སྒྲུབ་པ་ལ་མི་བརྩོན་པ་དང་། སྲུང་མ་ཁྱད་པར་ཅན་ཁྱེད་རྣམས་དུས་དུས་སུ་མ་མཆོད་ཅིང་མ་གསོལ་བའི་དབང་གིས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་སུ་གྱུར་པ་དང་། ཁྱེད་རྣམས་ཀྱི་ཐུགས་དང་འགལ་བར་གྱུར་བ་ཐམས་ཅད་སྤྲོས་མེད་རྣམ་པར་མི་རྟོག་པའི་ངང་ལས། །ཐུགས་རྗེ་དང་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཁྱད་པར་ཅན་ཁྱེད་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། །མཁའ་ལ་སྤྲིན་དེངས་པའམ། རྒྱ་མཚོ་ལ་རླབས་ཞི་བ་ལྟར་ནོངས་པར་སྤྱད་པ་དང་། དེའི་འབྲས་བུ་ཐམས་ཅད་མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པས་མཆོད་སྦྱིན་གྱི་གཏོར་མ་དར་སྣ་ཚོགས་ཀྱིས་བརྒྱན་པ་འདི་དང་། རྟ་མཆོག་རྒྱན་གྱིས་བརྒྱན་པ་འདི་དང་། ཚོགས་ཀྱི་འཁོར་ལོ་དམ་པ་དང་བཅས་པའི་མཆོད་པ་འདིས་དཔལ་མགོན་སྲུང་མ་ཁྱད་པར་ཅན་ཁྱེད་རྣམས་ཀྱི་ཐུགས་དམ་བསྐོང་བར་གྱུར་ཅིག །བཞེད་པ་འགྲུབ་པར་གྱུར་ཅིག །རེ་བ་རྫོགས་པར་གྱུར་ཅིག །དེ་ལྟར་གྱུར་ནས་ཀྱང་རྣལ་འབྱོར་བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང་། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་གདོན་དང་རིམས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། དགྲ་དང་བགེགས་དང་ལོག་པར་འདྲེན་པ་ཐམས་(༧ན)


GLG011_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཟློག་ཏུ་གསོལ། ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་དང་། དབང་ཕྱུག་ཕུན་སུམ་ཚོགས་པར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཁྱོད་ཐུགས་གསང་བ་དམ་པའི་མཛོད། །དགྱེས་པ་ཆེན་པོའི་སྒོ་ཕྱེ་ལས། །དངོས་གྲུབ་ཕྲིན་ལས་བདུད་རྩི་ཡིས། །རྒྱུན་གི་བདག་རྒྱུད་གཏམས་པར་མཛོད། ལན་གསུམ་དང་། བསྟན་སྲུང་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པའི་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། །ཚངས་པར་སྩལ་དུ་གསོལ། ཞེས་ཕྱག་གསུམ་བཙལ་ཏེ་གྲལ་ལ་འཁོད་དོ། །བསྐང་རྫས་བྱིན་གྱིས་བརླབ་པ་ནི། བསྐང་རྫས་རྣམས་ལ་རྡོ་རྗེས་ནང་མཆོད་གཏོར། ཨ་མྲི་ཏས་བསངས། ས་བྷཱ་བས་སྦྱངས། སྟོང་པའི་ངང་ལས། གནས་ཁང་བྷྲཱུཾ་ལས་དྲག་པོའི་ལས་ཀྱི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་བསྐང་རྫས་རྣམས་དགྲ་བགེགས་གདུག་པ་ཅན་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་ཁྲག་ཞག་གི་མཆོད་ཡོན། དབང་པོ་ལྔ་དང་དྲི་ལྡན་གྱི་མེ་ཏོག གསུར་ཆེན་གྱི་བདུག་སྤོས། ཞུན་ཆེན་གསལ་བའི་སྒྲོན་མེ། མཁྲིས་ཆེན་གྱི་དྲི་ཆབ། ཤ་རུས་གཏམས་པའི་བཟའ་བ། རྐང་གླིང་སྙན་པའི་རོལ་མོ། གཡང་གཞིའི་བླ་བྲེ། རྒྱུ་རློན་གྱི་ལྡ་ལྡི། གསང་བའི་རྔ་ཆུང་། མི་རྐང་གི་གླིང་བུ། གཞན་ཡང་མཛེས་པའི་སྤུ་སྡུག་(༧བ)


GLG011_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ལྡིང་བ། རྟ་མཆོག་རིན་ཅེན་རྒྱན་གྱིས་བརྒྱན་པ། གཡག་རོག་ཞོལ་ཆེན་སྤྲིན་ལྟར་གཏིབས་པ། ལུག་ནག་སྤྱི་དཀར་ཤེལ་ལྟར་འཚེར་བ། ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་བ། མི་ནག་གྱིང་པོ་སྲོག་གི་གཤེད་མ། སྐྱེ་འགྲོ་སེམས་ཅན་ལ་སོགས་པ། སྟག་གཟིག་གོ་མཚོན་ལ་སོགས་པ། དམ་རྫས་རྒྱན་དང་ལྡན་པའི་གཏོར་མ། འཆི་མེད་བདུད་རྩི་སྨན་གྱི་རྒྱ་མཚོ། ཛ་གད་ཕུད་ཀྱི་བཏུང་བ་ལ་སོགས་པའི་བསྐང་རྫས། མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་འདི་དག་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་དང་། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་སརྦ་བིད། པུ་ར་པུ་ར། སུ་ར་སུ་ར། ཨ་ཝ་རྟ་ཡ་ཨ་ཝ་རྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ་སྭ་ཧཱ། ཞེས་བརྗོད་ཅིང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་སེ་གོལ་གཏོག་པ་དང་བཅས་པ་ལན་གསུམ་བྱ། དེ་ནས་དར་ནག་དང་གསུར་ཆེན་སོགས་ཀྱི་ལག་ལེན། གཏོར་ཆོག་གི་ལྷན་ཐབས་ལྟར་བྱས་ཏེ་རོལ་མོས་བྱིན་ལེགས་པར་དབབ། དམིགས་པ་ལྷན་ཐབས་དང་མན་ངག་ལྟར་བྱས་ངོས། གུར་མགོན་གྱི་བསྐང་གསོ་ནི། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཞེས་པ་ནས། ཨོཾ་བཛྲ་ས་མཱ་ཛ༔ཞེས་པའི་བར་དང་། ཕྱག་རྒྱ་རྣམས་གཏོར་ཆོག་ལྟར་བྱེད། དབྱངས་ཀྱི་ང་རོ་དང་བཅས་པས། །དམ་པ་ཀུན་དགའ་གྲགས་ཀྱིས་མཛད། ཧཱུྃ། ཆོས་ཉིད་ངང་ལས་མ(༨ན)


GLG011_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་ཀྱང་། །བསྟན་པ་བསྲུང་ཕྱིར་ཆོས་སྐྱོང་སྐུ། །ནག་པོ་ཆེན་པོ་སྟོབས་པོ་ཆེ། །དུས་ལ་བབ་ཀྱི་ལས་ལ་སྤྱོན། །ཧེ་རུ་ཀ་ཡི་སྤྲུལ་པ་སྟེ། །སྲིད་གསུམ་ཐམས་ཅད་སྒྲོལ་མཛད་པ། །སྐུ་ལས་སྤྲུལ་པ་དུ་མ་འཕྲོ། །མཆོད་པའི་གནས་འདིར་མྱུར་དུ་སྤྱོན། །ཧཱུྃ། ནག་པོ་ཆེན་པོ་འཁོར་བཅས་རྣམས། །འབར་བ་ཆེན་པོའི་དཀྱིལ་འཁོར་འདིར། །དྲག་པོའི་ལས་ལ་སྤྱན་འདྲེན་ནོ། །འདིར་བཞུགས་དགྲ་བགེགས་བཟློག་ཏུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཨ་ཀ་ཛཱ་ཊི་དེ་ཝཱི་ཨིནྡྲ་སི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པ་ནས། པདྨ་ཀ་མ་ལཱ་ཡ་སྟྭཾ། སྔགས་མཆོད། དམ་བསྒྲགས། གཏོར་འབུལ། འཕྲིན་བཅོལ་རྣམས་བྱ། ཧཱུྃ༔ དཔལ་ལྡན་མགོན་པོ་འཁོར་བཅས་ལ། །མཐུན་པའི་དམ་རྫས་འབུལ་བ་ནི། །དམར་ཆེན་ཁྲག་གི་ཨརྒྷཾ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །ཚིལ་ཆེན་རྐང་ཀླད་བསྲེགས་པའི་སྤོས། །ཞུན་ཆེན་ཏིལ་མར་སྒྲོན་མེ་དང་། །རྡོ་རྗེ་རང་བྱུང་དྲི་ཆབ་དང་། །ཤ་ཆེན་རྣམ་ལྔའི་ཞལ་ཟས་དང་། །རྐང་གླིང་ཐོད་རྔ་སྙན་པའི་སྒྲ། །དངོས་འབྱོར་ཡིད་སྤྲུལ་མཁའ་ཁྱབ་པས། །མ་ཧཱ་ཀཱ་ལ་ལྕམ་དྲལ་དང་། །དམ་ཅན་པུ་ཏྲ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་ཞིང་བཤགས། །སྐུ་གསུང་ཐུགས་མཆོག་མཉེས་ནས་ཀྱང་། །དགྲ་བགེགས་མ་ལུས་བསྐུལ་ནས་ནི། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །ཧཱུྃཿ གཞན་ཡང་མཆོད་རྫས་འབུལ་བ་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དང་། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་དང་། །དགྲ་བགེགས་བསྒྲལ་བའི་དོན་སྙིང་དང་། །ཤ་དང་རུས་པའི་(༨བ)


GLG011_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཚོགས་དང་། །དེ་བཞིན་ཚེ་འཛིན་ཁྲག་རྒྱུན་གྱིས། །མཚན་ལྡན་གྲི་ཐོད་བཀང་བ་རྣམས། །མ་ཧཱ་ཀཱ་ལི་༝ཞེས་པ་ནས། །གྲུབ་མཆོག་བདག་ལ་དངོས་སྒྲུབ་སྩོལ། །ཡན་སྦྱར་བ་འགྲེ །ཧཱུྃཿ དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞིང་ཆེན་བླ་བྲེ་འཕན་གདུགས་དང་། །རྒྱུ་རློན་ལྡ་ལྡི་སྙིང་འཕྲེང་དང་། །ཀེང་རུས་སྣ་ཚོགས་ས་གཞི་གང་། །ཤ་ཁྲག་དྲི་གསུར་རྒྱུན་མི་ཆད། །སྣ་ཚོགས་རྒྱན་གྱི་མཆོད་པ་འདིས། །མ་ཧཱ་༝། །ཧཱུྃཿ རྣམ་དག་ཚོགས་ཀྱི་གཏོར་མ་འདི། །སྣ་ཚོགས་རྒྱན་གྱིས་རབ་བརྒྱན་ནས། །སྔགས་དང་ཕྱག་རྒྱས་རྒྱ་ཆེར་སྤེལ། །རོ་བརྒྱ་ལྡན་པའི་མཆོད་གཏོར་འདིས། །མ་ཧཱ་༝། །ཧཱུྃཿ མཛེས་པའི་སྤུ་སྡུག་མཁའ་ལ་ལྡིང་། །བྱ་ནག་ལྕགས་ཀྱི་མཆུ་སྡེར་ཅན། །མ་ཧཱ་༝། །ཧཱུྃ། རྟ་མཆོག་ནག་པོ་སྤྲིན་གྱི་ཤུགས། །མྱུར་མགྱོགས་མཛེས་པའི་རྒྱན་དང་ལྡན། །ལྷང་ལྷང་འཚེར་འཚེར་ཕྱོགས་བཅུར་སྒྲོག །ཅང་ཤེས་རྫུ་འཕྲུལ་ཐོགས་མེད་འདིས། །མ་ཧཱ་༝། །ཧཱུྃ། གཡག་རྒོད་ལྕགས་རྨིག་ཁྲོ་ཆུའི་མིག །མཛེས་པའི་རཱ་དང་རྔ་ཡབ་ཅན། །མ་ཧཱ་༝། །ཧཱུྃཿཁྱི་ནག་དུང་གི་མཆེ་བ་ཅན་། །སེང་གེའི་སྟོབས་ལྡན་རྔམ་ཞིང་རྒྱུག །མ་ཧཱ་༝། །ཧཱུྃ། ལུག་ནག་ལྕགས་རུ་དར་གྱི་བརྒྱན། །བདུད་ཀྱི་སྤུ་ནོར་མཛེས་པ་འདིས། །མ་ཧཱ་༝། །ཧཱུྃཿ མི་ནག་གྱིང་ཆེན་རྫུ་འཕྲུལ་ཅན། །ལས་ཀུན་བྱེད་པའི་སྟོབས་ལྡན་འདིས། །མ་ཧཱ་༝། །ཧཱུྃཿ དཔལ་གྱི་ཞལ་ཟས་འབྲང་རྒྱས་མཆོག །རཀྟའི་ཐིག་ལེས་བརྒྱན་པ་དང་། །རགྷཱའི་ཡོན་ཆབ་རབ་བསྐྱིལ་བ། །སྲོག་རྩའི་ལམ་ནས་བཏོན་པ་འདིས། །མ་ཧཱ་༝། །ཧཱུྃ། གྲི་སྙིང་རྩ་ལག་མ་ཉམས་པ། །རིན་ཅེན་སྨན་གྱིས་(༩ན)


GLG011_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་དང་། །འབྲུ་སྣ་སྟོང་གི་བཅུད་བསྡུས་པའི། །གཟི་བརྗིད་ཆེ་བར་མངའ་བསྐྱེད་ཆང་། །མ་ཧཱ་༝། །ཧཱུྃ། སྨྱུག་མ་རྩེ་རྒྱལ་མཉེན་ལྡན་ལ། །སྤུ་སྡུག་བྱ་རྒོད་སྒྲོ་ཡིས་བརྒྱན། །ནམ་མཁའ་སྐུ་རྟེན་རྒྱང་བུ་ལ། །འཕན་གདུགས་མཛེས་པས་བསྐོར་བ་འདིས། །མ་ཧཱ་༝། །ཧཱུྃ། རྡོ་རྗེ་བྲག་རི་གཏམས་པའི་སྟེང་། །སྣ་ཚོགས་པདྨ་ཉི་མའི་གདན། སེམས་བྲལ་མི་རོའི་གདན་སྟེང་ན། །ཧཱུྃ་ལས་བྱུང་བའི་སྲིན་པོའི་གཟུགས། །སྐུ་ནི་མཐིང་ནག་ཆེན་པོ་སྟེ། །ཞལ་གཅིག་ཕྱག་ནི་གཉིས་དང་ལྡན། །ཕྱག་གཡས་གྲི་གུག་ཐུགས་ཀར་འཕྱར། །གཡོན་པ་ཐོད་ཁྲག་ཞལ་དུ་གསོལ། །རྣམ་འཕྲུལ་གཎྜི་ཐུགས་ཀར་འཛིན། །ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །རོ་ཡི་སྟེང་ན་འགྱིང་ཞིང་བཞུགས། །དབུ་སྐྲ་སེར་པོ་གྱེན་དུ་འབར། །སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས། །ཀླུ་བརྒྱད་སྐུ་ཡི་རྒྱན་དུ་བྱས། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ན། །ཡེ་ཤེས་མེ་འབར་དབུས་ན་བཞུགས། །དངོས་གྲུབ་རྣམ་གཉིས་སྩོལ་མཛད་པའི། །དཔལ་ལྡན་མ་ཧཱ་ཀ་ལ་དང་། །དཔལ་ལྡན་ལྷ་མོ་མཐུ་ཆེན་མ། །དམ་ཅན་འཁོར་དང་བཅས་རྣམས་ལ། །མཐུན་པའི་དམ་རྫས་འདི་འབུལ་གྱི། །ནག་པོ་ཆེན་པོ་འཁོར་བཅས་བཞེས། །ཧཱུྃཿ ནག་པོ་ཆེན་པོའི་ཐུགས་དམ་བསྐངས། །ལྷ་ཆེན་དཔལ་འབར་༝། །འཇིགས་བྱེད་ཆེན་པོའི་༝། །ལྷ་མཆོག་ནག་པོའི་༝། །ཚོགས་བདག་ཆེན་པོའི་༝། །གདུག་པ་འདུལ་མཛད་༝། ཁྲག་འཐུང་ནག་པོའི་༝། །བསྟན་སྲུང་(༩བ)


GLG011_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་༝། །ཧཱུྃཿ ཁྱོད་ཀྱི་ཐུགས་དམ་བསྐང་བའི་རྫས། །བསྟེན་པའི་དམ་རྫས་ཡིན་པའི་ཕྱིར། །ལུག་ནག་རྒྱལ་མཚན་དག་གིས་བསྐང་། །འབོད་པའི་དམ་རྫས་༝། །གཡབ་དར་ནག་པོས་༝། དམ་ཚིག་གཉན་པོ་བསྲོ་བའི་ཕྱིར། །བདུད་རྩི་སྨན་གྱིས་༝། །གསང་བའི་དམ་རྫས་༝། །གྲི་རྒོད་སྙིང་གིས་༝། །དགྱེས་པའི་དམ་རྫས་༝། །ལུག་ནག་སྙིང་གིས་༝། །དྲག་པོའི་ལས་ལ་ཤིས་པའི་ཕྱིར། །དམར་ནག་གཤོས་བུས་༝། །རཀྟ་སྐོམ་དུ་འཐུང་བའི་ཕྱིར། །དམར་ཆེན་ཨ་རྒྷས་༝། །གསུར་ཆེན་དྲི་ལ་བསྣོམ་པའི་ཕྱིར། །ཚིལ་ཆེན་དུད་པས་༝། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟེན་གཏོར་ཆེན་པོས་༝། །རྒྱུན་དུ་ཕྲིན་ལས་མཛད་པའི་ཕྱིར། །རྒྱུན་གྱིས་གཏོར་མས་༝། །གསང་སྔགས་བསྟན་པ་སྲུང་བའི་ཕྱིར། །འདོད་ཡོན་ཚོགས་ཀྱིས༝། །མཐུན་པའི་དམ་རྫས་འདི་དག་གིས། །དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །ཐུགས་དམ་གཉན་པོ་བསྐང་ཞིང་བཤགས། །རྣལ་འབྱོར་བདག་གི་ཉམས་ཆགས་ཀུན། །སྐོང་གྱུར་དབང་དང་དངོས་གྲུབ་སྩོལ། །ཧཱུྃཿ མཐུན་པའི་དམ་རྫས་འདི་དག་གིས། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །མ་གཅིག་ལྷ་མོའི་༝། །གནོད་སྦྱིན་ནག་པོའི་༝། །བཀའ་སྡོད་པུ་ཏྲའི་༝། །དམ་ཅན་རྒྱ་མཚོའི་༝། །ནག་པོ་འབུམ་སྡེའི་༝། །ལས་མཁན་བྲན་གྱི་༝། །ཧཱུྃ༔ དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་སྐོངས་གྱུར་ནས། །བདག་ཅག་འཁོར་དང་བཅས་རྣམས་ཀྱིས། ཁྱོད་ལ་གསོལ་བ་འདེབས་པ་ནི། །བསྟན་ལ་སྡང་པའི་དགྲ་བོ་ཡིས། །དཀྱིལ་འཁོར་རྦོད་གཏོང་བྲལ་བ་སྲིད། །ཉེས་བྱེད་སྡེབས་སུ་ཤོར་བ་སྲིད། །བདག་ཅག་རྣལ་འབྱོར་(༡༠ན)


GLG011_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་དང་ལྕམ་དྲལ་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ལུས་ཀྱི་ནད་རིགས་ཐམས་ཅད་བཟློག །ནོར་གྱི་གོད་ཁ་ཐམས་ཅད་བཟློག །ཞིང་ལ་བཙའ་སེར་སད་མ་གཏོང་། །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྒྱུར། །མི་མཐུན་རྐྱེན་དང་བར་ཆད་སོལ། །འཁོར་བཅས་སྲུངས་ལ་རྐྱེན་ངན་བཟློག །སྡང་བའི་དགྲ་ལ་རྟགས་ཐོན་ཞིག །གནོད་པའི་བགེགས་རྣམས་མེད་པར་མཛོད། །འདོད་པའི་དངོས་གྲུབ་བདག་ལ་སྩོལ། །བཅོལ་བའི་འཕྲིན་ལས་མྱུར་དུ་མཛོད། མགོན་པོ་ཞལ་གྱི་བསྐང་གསོ་ནི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཞེས་པ་ནས། ཨོཾབཛྲ་ས་མཱ་ཛཿཞེས་པའི་བར་དང་། ཕྱག་རྒྱ་རྣམས་གཏོར་ཆོག་ལྟར་བྱས། དབྱངས་ཀྱི་ང་རོ་དང་བཅས་པས། ཚེས་ལྔ་རིན་པོ་ཆེའི་ཐུགས་རྩོམས་རྩེ་ལུགས་ཀུན་བཟང་རྩེ་པའི་ཕྱག་བཞེས། ཧཱུྃཿ དུས་གསུམ་རྒྱལ་བའི་སྤྱན་སྔར་རང་རང་གིས། །སྲོག་གི་སྙིང་པོ་ཕུལ་ནས་དམ་བཅས་བཞིན། །དམ་ཚིག་ལྡན་པའི་བཀའ་སྲུང་ཡོངས་ཀྱི་གཙོ། །ལྷ་མཆོག་མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། །ཏེ་སེའི་གངས་ལ་རྟག་པར་བཞུགས་པའི་ཚེ། །སྡེ་བརྒྱད་ཡུམ་བཞིའི་འཁོར་གྱིས་ཡོངས་སུ་བསྐོར། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་མཐུ་རྩལ་ཅན། །དམག་དཔོན་ཆེན་པོ་གནས་འདིར་༝། །པོ་ཏ་ལ་ཡི་རི་ལ་བཞུགས་པའི་ཚེ། །གདོང་བཞིའི་སྤྲུལ་པ་ཕྱོགས་བཅུར་འགྱེད་པ་ཡིས། །དུས་དྲུག་ཏུ་ནི་བསྟན་པའི་བྱ་ར་མཛད། །ལྷ་ཆེན་དྲག་པོ་ཞལ་བཞི་༝། །བྱང་ཤར་ཧ་ཧ་དགོད་པའི་དུར་ཁྲོད་ནས། །ཞིང་སྐྱོང་དབང་ཕྱུག་ཆེན་པོའི་ཐུགས་ཀྱི་སྲས། །མ་མོ་མཁའ(༡༠བ)


GLG011_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་གྱི་གཙོ་བོ་སྟེ། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་༝། །བསིལ་པ་ཚལ་གྱི་དུར་ཁྲོད་གནས་ན་བཞུཊ། ཁ་སར་པ་ནིའི་རི་སུལ་རྣལ་འབྱོར་མས། །གཉན་གྱི་སྲུང་མར་བཀའ་བསྒོས་རབ་བཞུགས་པ། །བྲམ་ཟེའི་གཟུགས་ཅན་དཔའ་བོ་༝། །ད་ལྟ་དར་ལུང་གཉན་གྱི་ཕོ་བྲང་དུ། །བཀའ་བསྒོས་བཞིན་དུ་བསྲུང་བའི་ལས་རྣམས་མཛད། ཁྱོད་ཀྱི་རྟེན་ས་ཁའུ་བྲག་རྫོང་སྟེ། །བདག་གི་ལས་རྣམས་བསྒྲུབ་ཕྱིར་༝། །ཤར་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་ཡངས་ནས། །ཡུམ་ཆེན་གཡུང་མོ་ནག་མོ་༝། །ལྷོ་ཕྱོཊ་ནམ་མཁའ་༝། །ལས་མཛད་གཏུམ་མོ་ལྗང་ཁུ་༝། །ནུབ་ཕྱོགས་༝། །དམར་ནག་སྲིན་མོ་ཆེན་མོ་༝། །བྱང་ཕྱོགས་༝། །སེར་ནག་སིངྒ་གླིང་མ་༝། །རྒྱལ་ཆེན་སྡེ་བཞི་རུ་མཚོན་པུར་རུ་རུ། །རྒྱལ་ཆེན་སྡེ་བཞི་འཁོར་བཅས་༝། །ཕྱོགས་སྐྱོང་བཅུ་ནི་ནམ་མཁའི་སྤྲིན་ལྟར་གཏིབས། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་༝། །ནག་པོ་སྟོང་གི་ལས་བྱེད་ཁྱུགས་སེ་ཁྱུག །ནག་པོ་སྟོང་གི་ཚོགས་རྣམས་༝། །ཤ་ཟའི་ཚོགས་རྣམས་རྐན་སྒྲ་ཏོགས་སེ་ཏོག །ཤ་ཟའི་ཚོགས་རྣམས་འཁོར་བཅས་༝། །མ་མོ་བྱེ་བའི་གདུང་དབྱངས་ཀྱུར་རུ་རུ། །མ་མོ་བྱེ་བའི་ཚོགས་རྣམས་༝། །ལྷ་སྲིན་སྡེ་བརྒྱད་བསོ་སྒྲ་དིར་རི་རི། །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་༝། །བདུད་དང་སྲིན་མོའི་དུང་འབུད་རུབ་སེ་རུབ། །བདུད་དང་སྲིན་པོའི་ཚོགས་རྣམས་༝། །སྟག་སྤྱང་སེང་གེའི་ངར་སྒྲ་འུར་རུ་རུ། །སྟག་སྤྱང་སེང་གེའི་ཚོགས་རྣམས་༝། །བཞད་དང་ཀང་ཀའི་ཁ་རླངས་སྤུངས་སེ་སྤུངས། །བཞད་དང་ཀམ་ཀའི་ཚོགས་རྣམས་༝། །ཁྱུང་ཆེན་བྱ་ནག་གཤོག་སྒྲ་འུར་རུ་རུ། །ཁྱུང་ཆེན་བྱ་ནག་ཚོགས་(༡༡ན)


GLG011_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་༝། །བཀའ་སྲུང་དམ་ཅན་རྒྱ་མཚོ་སྤུངས་སེ་སྤུང་། །བཀའ་སྲུང་དམ་ཅན་རྒྱ་མཚོ་༝། །ཧཱུྃཿ སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་སྲུང་ཕྱིར་གཤེགསུ་གསོལ། །ཧཱུྃཿ གཉན་ལོས་མཛད། ལྷ་མཆོག་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །འཕྲིན་ལས་དྲག་པོས་གདུག་པ་ཚར་གཅོད་ཕྱིར། །ཧ་ཧ་དགོད་པའི་དུར་ཁྲོད་ཆེན་པོ་ནས། །ཞིང་སྐྱོང་ཆེན་པོ་གནས་འདིར་༝། །མྱུར་མགྱོགས་སྡེ་བརྒྱད་དམག་དཔོན་མཛད་ཙ་ན། །ཏེ་སེ་གངས་རིའི་གནས་ནས་༝། །གདོང་བཞིའི་སྤྲུལ་པ་ཕྱོགས་བཅུར་འགྱེད་ཙ་ན། །པོ་ཏ་ལ་ཡི་རི་ནས་༝། །མཁའ་འགྲོ་མང་པོའི་གཙོ་བོ་མཛད་ཙ་ན། །དུར་ཁྲོད་བསིལ་པའི་ཚལ་ནས་༝། །དམ་ཉམས་དགྲ་བགེགས་རྩད་ནས་གཅོད་ཙ་ན། །དར་ལུང་གཉན་གྱི་གནས་ནས་༝། །རྣལ་འབྱོར་དམ་ལྡན་སྲུང་མ་མཛད་ཙ་ན། ཁའུ་བྲག་རྫོང་གནས་༝། །སངས་རྒྱས་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན། །དཔལ་ལྡན་ས་སྐྱའི་གནས་ནས་༝། །རྣལ་འབྱོར་བདག་གི་སྟོང་གྲོགས་མཛད་པའི་ཚེ། །ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ནས་གཤེགས། །ལྷ་མཆོག་མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ལྷ་ཆེན་དྲག་པོ་ཞལ་བཞི་གཤེགས་སུ་གསོལ། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་༝། །བྲམ་ཟེའི་གཟུགས་ཅན་དཔའ་བ་༝། །ཡུམ་ཆེན་གཡུང་མོ་ནག་མོ་༝། །ལས་མཛད་གཏུམ་མོ་ལྗང་ཁུ་༝། །དམར་ནག་སྲིན་མོ་ཆེན་མོ་༝། །སེར་ནག་སེང་གེ་གླིང་མ་༝། །འཁོར་གྱི་ཞིང་སྐྱོང་ཚོཊ་རྣམས་༝། །དྲེགས་པ་སྡེ་བརྒྱད་ཚོགས་རྣམས་༝། །(༡༡བ)


GLG011_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ཐོགས་བཤན་པའི་ཚོགས་རྣམས་༝། །མ་ལུས་འཁོར་བཅས་སྤྱན་འདྲེན་གནས་འདིར་གཤེགས། །དཔལ་ཀུན་བཟང་རྩེ་པ་མགོན་ཁང་སྟེང་པས་མཛད། ཀྱེཿབོས་སོ་ཆོས་སྐྱོང་སྙན་མ་སྲ། །གཡབ་བོ་ནག་པོ་སྤྱན་མ་བརྟུལ། །བསྟེན་ནོ་ནག་པོ་རྒྱང་མ་རིང་། །སྒྲུབ་བོ་ནག་པོ་དགོངས་མ་གཡེལ། །བསྐུལ་ལོ་ནག་པོ་ཕྲག་མ་དོག །རྦད་དོ་ནག་པོ་མཐུ་མ་ཆུང་། །ཀྱེཿ དོ་ནུབ་དམ་ཚིག་གནས་འདིར་སྤྱོན། །དོ་ནུབ་ཆད་དང་མཐོ་ལ་སྤྱོན། །དོ་ནུབ་མནའ་དང་ཁྲིམས་ལ་སྤྱོན། །གྲོགས་པོ་བགྱིའོ་གཞུང་མ་ངན། །མཛའ་བོར་བགྱིའོ་ཁྲེལ་མ་བོར། །མནའ་མཐོ་ཡོད་དོ་མནའ་མ་ཟ། །རྗེ་བོར་བགྱིད་དོ་དབང་མ་ཆེ། །བྲན་ལྟར་བསྐུལ་ལོ་རྒྱུད་མ་ངན། །དམ་ཚིག་གཉན་ལ་མི་སེམས་སམ། །དང་པོར་ཆད་དོན་འདི་མིན་ནམ། །ཆོས་སྐྱོང་མ་ཧཱ་ཀཱ་ལ་དང་། །རིག་འཛིན་རྣལ་འབྱོར་བདག་ཅག་གཉིས། །དམ་ཚིག་སྲུང་བར་མ་ཆད་དམ། །བསྟན་པ་སྲུང་བར་༝། དངོས་གྲུབ་སྟེར་བར་༝། །དགྲ་བགེགས་སྒྲོལ་བར་༝། །འཕྲིན་ལས་སྒྲུབ་པར་༝། །དམ་བཅའ་མ་གཡེལ་ད་ཚུར་སྤྱོན། །བཅོལ་བའི་ལས་དེ་མ་བྱས་ན། །བདེ་བར་གཤེགས་པའི་བཀའ་ཡང་བསླུས། །རིག་འཛིན་རྣལ་འབྱོར་ཡིད་ཡང་ཆད། །དང་པོར་ཆད་པའི་མནའ་ཡང་ཟོས། །དམ་ཚིག་གཉན་པོའི་ཆད་པ་ཡོང་། །བཀའ་ཡི་དམོད་པས་བསྡིགས་པར་མཆིས། །དེ་བས་དམ་ལས་མ་འདའ་བར། །བཅོལ་བའི་འཕྲིན་ལས་སྒྲུབ་པའི་ཕྱིར། །ད་ལྟ་ཉིད་དུ་གཤེགས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་འཆང་གི་ཕོ་ཉ་བ། །འཔྲིན་ལས་དྲག་པོས་གདུག་པ་ཚར་གཅོད་ཕྱིར། །ཧ་ཧ་དགོད་པའི་དུར་ཁྲོད་(༡༢ན)


GLG011_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ནས། །ཞིང་སྐྱོང་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཞེས་པ་ནས་གཉིས་སུ་མེད་པར་གྱུར་ཞེས་པའི་བར་དང་། པདྨ་ཀ་མཱ་ལ་ཡེ་སྟཾ། སྔགས་མཆོད། དམ་བསྒྲག །གཏོར་འབུལ་ཕྲིན་བཅོལ་རྣམས་བྱ། ཧཱུྃཿ གནམ་ཁའུ་པས་མཛད། དུར་ཁྲོད་ཆེན་པོ་གནས་བརྒྱད་དང་། ཁྱད་པར་བསིལ་བ་ཚལ་གྱི་གནས། །ཆོས་སྐྱོང་མགོན་པོ་ཐམས་ཅད་དང་། ཁྱད་པར་དཔལ་མགོན་གདོང་བཞི་པ། །གནས་འདིར་སྤྱན་འདྲེན་ད་ཚུར་སྤྱོན། །ཧ་ཧ་དགོད་པའི་དུར་ཁྲོད་ནས། །སྒེག་ཅིང་དཔའ་བའི་ཆ་ལུགས་ཅན། །དཔལ་ལྡན་མགོན་པོ་གདོང་བཞི་པ། །གནས་འདིར་སྤྱན་འདྲེན་གཤེཊ་སུ་གསོལ། །པོ་ཏ་ལ་ཡི་རི་བོ་ནས། །མི་སྲུན་ཀྵིཾཀྵིཾ་སྒྲ་སྒྲོག་པའི། །དཔལ་ལྡན་༝། །གནས་འདིར་༝། །ཏེ་སེ་གངས་ཅན་རི་བོ་ནས། །དྲག་ཤུལ་འཇིགས་རུང་སྲིན་པོའི་གཟུགས། །དཔལ་ལྡན་༝། །གནས་འདིར་༝། །དམ་ཚིག་ལྡན་པའི་རྣལ་འབྱོར་པས། ཁྱེད་ལ་མཆོད་ཅིང་བསྟེན་པ་ཡི། །དཔལ་ལྡན་༝། །གནས་འདིར་༝། །དམ་ཚིག་ཅན་ལ་དགོངས་སུ་གསོལ། །གཡག་ནག་ལུག་ནག་ཕྱི་ཡི་རྟེན། །ཞྭ་ནག་གོས་ནག་ནང་གི་རྟེན། །གྲི་སྙིང་ཐོད་པ་གསང་བའི་རྟེན། །དཔལ་ལྡན་མགོན་པོའི་རྟེན་དུ་འཛུགས། །ཡན་ལག་བརྒྱད་ལྡན་སྨན་གྱི་ཆབ། །གྲི་ཁྲག་མི་ཁྲག་འདྲེས་པ་ཡི། །དུག་ཆུ་འཁོལ་མའི་ཡོན་ཆབ་འདི། །དཔལ་ལྡན་མགོན་པོའི་སྤྱན་སྔར་འབུལ། །པདྨ་ཨུཏྤལ་སྔོན་པོ་དང་། །བཙན་དུག་ར་དུག་ཤིང་དུག་དང་། །མེ་ཏོག་སྔོན་པོ་དྲི་མ་ཅན། དཔལ་ལྡན་མགོན་པོའི་དབུ་ལ་འབུལ། །གུ་གུལ་ཨ་ཀ་རུ་(༡༢བ)


GLG011_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ནག་དང་། །རྔ་མོ་བོང་བུའི་བདུད་རྩི་དང་། །ཤ་ཆེན་ཚིལ་ཆེན་བདུག་སྤོས་འདི། དཔལ་ལྡན་མགོན་པོའི་ཤངས་ལ་འབུལ། །མི་རྟ་བྱ་རོག་བ་གླང་ཚིལ། །ར་ཚིལ་ཁྱི་ཚིལ་ཕག་ཚིལ་དང་། །ཞུན་ཆེན་གསལ་བའི་སྒྲོན་མེ་འདི། །དཔལ་ལྡན་མགོན་པོའི་སྤྱན་ལ་འབུལ། །ཙན་དན་ག་བུར་གླ་རྩི་དང་། །ཤ་རུས་ཁྲག་རུས་དུག་སྦྱར་བའི། །མཁྲིས་ཆེན་གཞིར་བྱས་བསིལ་དང་ལྡན། །དམར་ནག་འཁྲུག་པའི་དྲི་ཆབ་འདི། །དཔལ་ལྡན་མགོན་པོའི་ཐུགས་ལ་འབུལ། །རོ་བརྒྱ་ལྡན་པའི་ཟས་མཆོག་དང་། །ནས་ནག་ཏིལ་ནག་བྲ་ནག་དང་། །ཤ་རུས་ཆེན་པོའི་ཞལ་ཟས་འདི། །དཔལ་ལྡན་མགོན་པོའི་ཞལ་དུ་འབུལ། །མི་རྐང་དུང་དང་ཌ་མ་རུ། །རྔ་ཆེན་རྔ་ཆུང་ཏིང་ཏིང་ཤགས། །རོལ་མོ་སྣ་ཚོགས་དབྱངས་བཅས་པ། །དཔལ་ལྡན་མགོན་པོའི་སྙན་དུ་འབུལ། །ཤེས་རབ་མ་ད་ན་དང་ནི། །ཐབས་ཀྱི་མཾ་ས་ཆེན་པོ་དང་། །དམ་རྫས་རྒྱན་གྱི་ཚོགས་ཕུད་འདི། །དཔལ་ལྡན་མགོན་པོའི་ལྗགས་ལ་འབུལ། །མཚན་ཉིད་ལྡན་པའི་གནས་མཆོག་འདིར། །ཐོད་ཆེན་ཤ་ལྔ་བདུད་རྩི་ལྔ། །ཡེ་ཤེས་ལྔ་སོགས་གཅིག་ཅར་སྟེ། །རྟེན་ཅིང་འབྲེལ་འབྱུང་སྔགས་ཕྱག་རྒྱས། །བྱིན་རླབས་དམ་རྫས་སྣ་ཚོགས་ཀྱིས། །གཏོར་མ་རྒྱན་དང་བཅས་པ་དང་། །ཚིལ་ཆེན་གཞིར་སྦྱར་སྦྱར་སྤོས་འདི། །དཔལ་ལྡན་མགོན་པོ་ཁྱོད་ལ་འབུལ། །དེ་ལྟར་དངོས་བཤམས་ཡིད་སྤྲུལ་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་འདི། །ཞིང་སྐྱོང་གདོང་བཞིའི་ཐུགས་དམ་བསྐང་། །དཔལ་མགོན་ཁྱོད་ཀྱི་ཐུགས་དམ་བསྐང་། །གཡུང་མོ་གཏུམ་མོའི་༝། །སྲིན་མོ་སིང་གླིང་༝། །བཀའ་གཉན་སྡེ་བརྒྱད་༝། །སྤྲུལ་པའི་ཡང་(༡༣ན)


GLG011_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་༝། །གསོལ་ཅིག་མཆོད་དོ་བཞེས་སུ་གསོལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མཛོད། །བར་ཆད་བདུད་དང་འགལ་རྐྱེན་སྤོངས། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་སྤེལ། །བླ་མ་དཀོན་མཆོག་དབུ་འཕང་བསྟོད། །སངས་རྒྱས་བསྟན་སྲུང་སེམས་ཅན་རྣམས། །ཕན་ཚུན་བྱམས་དང་རབ་ལྡན་སྟེ། །བདེ་སྐྱིད་དཔལ་ལ་སྦྱོར་དུ་གསོལ། །ཧཱུྃཿ ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད། བདེ་ཆེན་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །ཏེ་སེ་གངས་སོགས་གར་བཞུགས་ཕོ་བྲང་ནས། །དཔལ་ལྡན་ནག་པོ་ཆེན་པོ་ཡུམ་ཆེན་བཞི། །དམ་ཅན་རྒྱ་མཚོའི་ཚོགས་བཅས་ད་ཚུར་སྤྱོན། །མདུན་གྱི་ནམ་མཁར་མེ་དཔུང་འབར་བའི་དབུས། །ཆོས་འབྱུང་ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ནང་། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །ཞལ་བཞི་ཕྱག་བཞི་མིག་སྨན་ལྷུན་པོ་བཞིན། །སྲིན་པོའི་གཟུགས་ཅན་དགྲ་བགེགས་རྡུལ་དུ་རློག །སྣ་ཚོགས་རྣམ་འགྱུར་དུ་མའི་ཟློས་གར་མཁན། །གདུག་པའི་འཁོར་ཚོགས་རྣམས་དང་ལྷན་ཅིག་ཏུ། །རྣལ་འབྱོར་འཕྲིན་ལས་སྒྲུབ་ཕྱིར་བརྟན་པར་བཞུགས། །དཔལ་ལྡན་ནག་པོ་ཆེན་པོ་འཁོར་བཅས་ལ། །ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །རོལ་པ་ལས་བྱུང་སྣ་ཚོགས་མཆོད་པའི་སྤྲིན། །ནམ་མཁའི་ཁམས་ཀུན་བཀང་ཏེ་འབུལ་བ་ནི། །དགྲ་བགེགས་ཁྲག་ཞག་མཆོད་ཡོན་མཚོ་ལྟར་བསྐྱིལ། །ཆུ་སྐྱེས་སྔོན་པོའི་ཕྲེང་བས་བར་སྣང་གང་། །ཤ་ཆེན་དུད་པའི་སྤྲིན་ཕུང་མཁའ་ལམ་ཁྱབ། །ཞུན་ཆེན་སྒྲོན་མེ་ཚར་དུ་དངར་བ་འདི། །ལྷ་ཆེན་དྲག་(༡༣བ)


GLG011_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞལ་བཞིའི་ཐུགས་དམ་བསྐང་། །ལས་མཛད་ཡུམ་ཆེན་བཞི་ཡི་༝། །བཀའ་གཉན་འཁོར་ཚོགས་རྒྱ་མཚོའི་༝། །ཐུགས་དམ་སྐོང་ཞིང་ཉམས་ཆགས་གསོས་གྱུར་ཅིག །ག་བུར་དྲི་ངད་གཡོ་ལྡན་ཁྲག་ཞག་གི །དྲི་ཆབ་དམར་སེར་ལྦུ་བའི་དོ་ཤལ་ཅན། །སྣ་ཚོགས་བཟའ་དང་བཅའ་བ་རོ་བརྒྱར་ལྡན། །ཤ་ཁྲག་ཕང་ཕུང་ཆགས་པའི་ཞལ་ཟས་འདིས། །ལྷ་ཆེན་དྲག་པོ་སོགས་ཚིག་རྐང་བཞི་པོ་འགྲེ། །མཛེས་པའི་སྣོད་དུ་རབ་གཏམས་འཆི་མེད་ཀྱི། །བདུད་རྩི་ལ་འགྲན་སྣ་ཚོགས་བཏུང་བ་དང་། །ཕྱོགས་ཀུན་དལ་གྱིས་དགོད་པའི་འབྲུག་སྒྲ་བཞིན། །བརྗིད་པའི་སྒྲ་ལྡན་རོལ་མོའི་ཚོགས་རྣམས་ཀྱིས། །ལྷ་ཆེན་༝། རྫུ་འཕྲུལ་བང་ལྡན་གློག་ཕྲེང་འགྱུ་བ་བཞིན། །ནོར་བུའི་སྒ་སྲབ་མཛེས་པའི་ཆས་ཀྱིས་བརྒྱན། །འཇའ་ཚོན་ལྟར་བཀྲའི་དར་གྱི་ཅོད་པན་ཅན། །སྟོང་གསུམ་ཡུད་ཀྱིས་བསྐོར་བའི་རྟ་མཆོག་འདིས། །ལྷ་ཆེན་༝། །ལྷུན་སྡུག་ཆར་སྤྲིན་གཡོ་བའི་རྣམ་པ་ཅན། །དྲག་པོའི་ངར་སྒྲ་འབྲུག་གི་གད་མོ་བཞིན། །རྣོ་བའི་རྭ་ལྡན་སྟོབས་ཀྱིས་རི་རབ་ཀྱང་། །ཐལ་བར་རློག་བྱེད་གཡག་རོག་ཞོལ་ཆེན་འདིས། །ལྷ་ཆེན་༝། །ཤ་རྒྱས་དལ་གྱིས་འགྲོ་བ་འཛིན་མའི་རྒྱན། །སྤྱི་བོ་རབ་དཀར་ཟླ་ཚེས་བཀོད་པ་བཞིན། །འཇམ་པའི་སྤུ་ལྡན་ཨིནྡྲ་ནཱི་ལ་ལྟར། །མཛེས་པའི་རྭ་བཞི་འཁྱིལ་བའི་ལུག་ནག་འདིས། །ལྷ་ཆེན༝། །མི་བཟད་ལྕགས་ཀྱུ་དང་མཚུངས་སྡེར་མོ་ཡིས། །དགྲ་བོའི་སྙིང་འབྱིན་མཆུ་ཡིས་རྒྱུ་རློན་གྱི། །ལྡ་ལྡི་འཕྱང་ཞིང་མཁའ་ལ་ཁྱུང་བཞིན་དུ། །འདབ་མའི་གར་བྱེད་བྱ་ནག་ཚོགས་རྣམས་ཀྱིས། །ལྷ་ཆེན་༝། །ལ་ལ་ཅེ་སྤྱང་བཞིན་དུ་འདུར་ཞིང་རྒྱུག །(༡༤ན)


GLG011_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་གདོང་ལྔའི་དབང་པོ་ལྟ་བུར་འགྱིང་། །གཞན་དག་དགྲ་བགེགས་ཤ་རུས་ཆེམ་ཆེམ་ཟ། །དམ་ཉམས་སྲོག་འཕྲོག་འཇིགས་པའི་ཁྱི་ནག་འདིས། །ལྷ་ཆེན་༝། །སྟོང་གསུམ་ཁྱོན་ལྟར་ཡངས་པའི་ཀ་པཱ་ལར། །དགྲ་བགེཊ་ཤ་ཁྲག་སྤུངས་པའི་གཏོར་མ་ནི། །དབང་པོའི་གཞུ་ལྟར་དྭངས་པའི་དར་གྱི་ཚོགས། །འཕུར་ལྡིང་ས་དང་བར་སྣང་ཁྱོན་གང་བས། །ལྷ་ཆེན་༝། །དགྲ་བགེགས་སྲོག་འཕྲོག་འབར་བའི་གྲི་གུག་དང་། །བདུད་སྡེའི་ནགས་ཚལ་གཅོད་པའི་རལ་གྲི་དང་། །དུག་གསུམ་དབྱིངས་སུ་སྒྲོལ་བའི་རྩེ་གསུམ་དང་། །དམ་ཉམས་སྙིང་ལ་བསྣུན་པའི་མདུང་སྣོན་འདིས། །ལྷ་ཆེན་༝། །དམར་ཆེན་ཤ་ཁྲག་རོལ་བའི་ཐོད་པ་དང་། །མྱོས་བྱེད་བཏུང་བས་གང་བའི་བུམ་པ་དང་། །སྒྱུ་སྐར་དོ་ཤལ་དང་མཚུངས་རུས་འཕྲེང་དང་། །གནས་གསུམ་མཁའ་འགྲོ་འབོད་པའི་རྐང་གླིང་འདིས། །ལྷ་ཆེན་༝། །གཞན་ཡང་དཔལ་ལྡན་མགོན་པོ་མཉེས་བྱའི་ཕྱིར། སྐུ་གསུང་ཐུགས་དང་ཕྱི་ནང་གསང་བའི་རྟེན། །གླིང་བཞི་རི་རབ་རིན་ཅེན་བདུན་ལ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདིས། །ལྷ་ཆེན་༝། །གདོད་ནས་རང་བཞིན་དག་པ་སེམས་ཀྱི་དབྱིངས། །གློ་བུར་དྲི་མ་གསུམ་གྱིས་གཡོགས་པ་ལས། །རྨི་ལམ་བཞིན་དུ་འཁྲུལ་པས་ནོངས་པ་རྣམས། །སྒྲིབ་བྲལ་ཆོས་ཀྱི་དབྱིངས་སུ་དག་པར་བགྱི། །དྲག་པོ་གཟི་ལྡན་དབང་ཕྱུག་འཁོར་བཅས་ཀྱིས། །གདུག་པའི་དགྲ་འགེགས་མ་ལུས་ཚར་ཆོད་ལ། །བསྟན་པ་བསྲུང་ཞིང་བསྟན་འཛིན་སྐྱོང་བ་དང་། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ལ་མ་གཡེལ་ཞིག(༡༤བ)


GLG011_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ལོས་མཛད། ཧཱུྃཿ ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ། ཁྱོད་ལ་མཐུན་པའི་དམ་རྫས་འབུལ་བ་ནི། །གཡག་རོག་ཞོལ་ཆེན་སྤྲིན་ལྟར་གཏིབས་པ་དང་། །རྟ་ནག་རྟིང་དཀར་རླུང་ལྟར་འཕྱོ་བ་དང་། །ལུག་ནག་སྤྱི་དཀར་ཤེལ་ལྟར་འཚེར་བ་དང་། །ཁྱུང་ལྟར་ལྡིང་བའི་བྱ་ནག་ཚོགས་རྣམས་དང་། ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་བ་ལ། །མཐིང་ནག་དར་གྱི་ཅོད་པཎ་མང་པོས་བརྒྱན། །ལྷ་མཆོག་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ལྷ་ཆེན་དྲག་པོ་ཞལ་བཞིའི་ཐུགས་དམ་བསྐང་། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་ཐུགས་དམ་བསྐང་། །བྲམ་ཟེའི་གཟུགས་ཅན་དཔའ་བོའི་ཐུགས་དམ་བསྐང་། །ཡུམ་ཆེན་གཡུང་མོ་ནག་མོའི་ཐུགས་དམ་བསྐང་། །ལས་མཛད་གཏུམ་མོ་ལྗང་གུའི་ཐུགས་དམ་བསྐང་། །དམར་ནག་སྲིན་མོ་ཆེན་མོའི་ཐུགས་དམ་བསྐང་། །སེར་ནག་སིངྒ་གླིང་མའི་ཐུགས་དམ་བསྐང་། །འཁོར་གི་ཞིང་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང་། །དྲེགས་པ་སྡེ་བརྒྱད་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆགས་སོས་གྱུར་ཅིག །རཀྟ་དམར་ཆེན་ཁྲག་གི་ཨརྒྷཾ་དང་། །དྲི་ལྡན་གསར་རྙིང་མེ་ཏོག་ནག་པོ་དང་། །ཚིལ་ཆེན་མཾ་ས་སྤོས་ཀྱི་དུད་སྤྲིན་དང་། །ཞུན་ཆེན་སྒྲོན་མེ་འབར་བའི་སྣང་གསལ་དང་། ཁྲག་ཞག་རྒྱ་མཚོར་འཁྱིལ་བའི་དྲི་ཆབ་དང་། །ཞལ་ཟས་བཤོས་བུ་དམར་ནག་རི་རབ་ཙམ། །ཤ་ཁྲག་རྐང་རུས་གཏམས་པའི་ཚོམ་བུ་བཀོད། །རྐང་གླིང་སྙན་པའི་རོལ་མོའི་སྒྲ་སྒྲོག་ཅིང་། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་བརྒྱན་པ་འདིས། །ལྷ་མཆོག་མ་ཧཱ་སོགས་ཤློ་ཀ་གསུམ་སྦྱོར། །(༡༥ན)


GLG011_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་དང་། །འཆི་མེད་བདུད་རྩི་སྨན་གྱི་རྒྱ་མཚོ་དང་། །ཛ་གད་ཕུད་ཀྱི་བཏུང་བ་སྣ་ཚོགས་དང་། །བཟའ་དང་བཏུང་བ་རི་དང་རྒྱ་མཚོ་ཙམ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །རོ་བརྒྱ་ལྡན་པའི་མཆོད་པ་རྒྱ་མཚོ་འདིས། །ལྷ་མཆོག་སོགས་ཤློ་ཀ་གསུམ་གྱི་མཐར། །གདོང་བཞི་དྲེགས་པ་འཁོར་དང་བཅས་པ་ཡིས། །སངས་རྒྱས་བསྟན་པ་བསྲུང་ཞིང་སྐྱོང་བ་དང་། །གནོད་པའི་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ཞི་རྒྱས་དབང་དྲག་དངོས་གྲུབ་བདག་ལ་སྩོལ། །ཧཱུྃཿ གཡུལ་དུ་བསད་པའི་མཚོན་ལྕགས་གྲི་ཁྲག་དང་། །དུག་ཆུས་ངར་བླུད་སྟོབས་ཆེན་ཤུགས་དྲག་འབར། །འཆང་བཟུང་རྡོ་རྗེ་རྩེ་ལྔའི་ཡུ་བ་ཅན། །གྲི་གུག་སྟོབས་འཕྲོག་ནག་པོའི་ཕྱག་ཏུ་འབུལ། །གཡུལ་དུ་༝། །དུག་ཆུས་༝། །དར་ནག་ཕྱང་ཕྲུལ་ཡུ་བ་རྡོ་རྗེས་མཚན། །རྩེ་གསུམ་སྟོབས་འཕྲོག་༝། །གཡུལ་དུ་༝། །དུག་ཆུས་༝། །རྡོ་རྗེའི་འཆང་བཟུང་རྩེ་མོར་མེ་དཔུང་འབར། །རལ་གྲི་༝། །གཡུལ་དུ་༝། །དུག་ཆུས་༝། །གྲི་སྙིང་མགུལ་བཏགས་བ་དན་ལྷབ་ལྷུབ་ཅན། །མདུང་རྣོན་༝། །མཆོག་མཐུན་དངོས་གྲུབ་ཡིད་བཞིན་ཆར་འབེབས་པ། །རྣལ་འབྱོར་འདོད་དགུ་འཇོ་བ་དཔའ་བོའི་རྫས། །བདེ་སྟོང་ཟུང་འཇུག་རཀྟ་འཁྱིལ་བའི་སྣོད། །ཐོད་ཁྲག་ལེགས་ལྡན་གདོང་བཞིའི་ཕྱག་ཏུ་འབུལ། །མཆོག་ཐུན་༝། །རྣལ་འབྱོར་༝། །ཤུན་ཆེན་སྲད་བུར་བརྒྱུས་པའི་གྲི་ཐོད་ཀྱི། །བརྒྱ་འཕྲེང་ལེགས་ལྡན་༝། །མཆོག་ཐུན་༝། །རྣལ་འབྱོར་༝། །འཆི་མེད་བདུད་རྩིས་གཏམས་པའི་གསེར་སྦྱངས་ཀྱི། །བུམ་བཟང་༝། །མཆོག་(༡༥བ)


GLG011_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༝། །རྣལ་འབྱོར་༝། །གནས་གསུམ་མཁའ་འགྲོ་འབོད་པའི་སྒྲ་དབྱངས་ཅན། །རྐང་གླིང་ལེགས་༝། །མཆོག་༝། །རྣལ་འབྱོར་༝། །རང་བྱུང་རྡོ་ནག་གྲུ་གསུམ་མཎྜ་ལ། །བླ་རྡོ་ལེགས་ལྡན་གདོང་བཞིའི་རྟེན་དུ་འབུལ། །མཆོག་༝། །རྣལ་འབྱོར་༝། །སྔགས་འཁོར་རྫས་ཀྱིས་བཀང་བའི་རྩ་གསུམ་ཅན། །གྲི་སྙིང་ལེགས་༝། །ཞི་རྒྱས་དབང་གིས་མཐུན་པའི་རྐྱེན་རྣམས་སྤེལ། །མངོན་སྤྱོད་དྲག་པོས་དགྲ་བགེགས་ཐལ་བར་རློག །ཟབ་གསང་ལམ་གྱིས་རང་སེམས་དག་པའི་མགོན། །ཚེ་འདིར་བཅུ་གསུམ་རྡོ་རྗེ་འཛིན་ཐོབ་ཤོག །ཅེས་པ་འདི་ནི་རྣམ་པར་རྒྱས་པའི་ཕན་བདེ་ལེགས་བཤད་གླིང་པར་ཞལ་གྱི་ཕྱག་མཚན་འབུལ་ཚིག་གཉན་དང་ཚར་ཆེན་གྱིས་མཛད་པ་གང་རུང་འཛུགས་པའི་ཉེར་བསྡོགས་ཀྱི་ཚེ། བྱ་རོག་སྐད་སྙན་པར་སྒྲ་དྲག་པོ་ཡུན་རིང་བསྒྲགས་པར་བརྟེན་དེ་གཉིས་ཀྱི་དོན་ཚང་བའི་གསར་སྒྲིགས་གྱིས་ཞེས་ཁྱབ་བདག་ཁྲ་ཚང་ནས་ཀྱིས་ཀྱང་གསུང་གི་བསྐུལ་མ་ཐག་དབུ་བཙུགས་པ་དང་དུས་མཉམ་དུ་བྱ་རོག་གཞན་དུ་འཕུར་སོང་བས་ངོ་མཚར་ཏེ། ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བྱས། ཧཱུྃཿ རྡོ་རྗེ་ཁོ་བོས་བརྩམས། འཆང་དབང་འཕགས་མཆོག་ཀླུ་སྒྲུབ་ནས། །རྣལ་འབྱོར་དབང་མོའི་བར་བྱོན་བླ་མ་ཡིས། །བསྟེན་ཅིང་བསྒྲུབས་པའི་གནས་མཆོག་ཚོགས་རྣམས་ནས། །སྟོབས་འཕྲོག་གདོང་བཞི་གཟི་ལྡན་དབང་ཕྱུག་བཞེངས། །ལོ་ཆེན་གཉན་དང་དར་མ་རྒྱལ་མཚན་གྱིས། །བྲན་བཞིན་བཀོལ་བའི་གཏུམ་ཆེན་བྲམ་ཟེའི་གཟུགས། །སྒྲུབ་པའི་གནས་མཆོག་དར་ལུང་མེ་འབར་དང་། ཁའུའི་བྲག་རྫོང་དག་ནས་སྐུ་བཞེངས་ཤིག །འཇམ་དབྱངས་བདུན་སོགས་རིགས་འཛིན་ས་སྐྱ་བ། །ནམ་མཁའ་རྒྱལ་མཚན་བདག་ཆེན་བློ་གྲོས་རྗེའི། །(༡༦ན)


GLG011_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་མ་ལུས་བསྒྲུབ་པའི་སྲུང་མ་ཆེ། །དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ནས་བཞེངས། །གྲུབ་པའི་དབང་ཕྱུག་བྲམ་ཟེ་མཆོག་སྲེད་ཞབས། །སྙན་བརྒྱུད་བསྟན་པའི་བདག་པོ་ཀུན་སྤངས་རྗེའི། །རྣམ་རོལ་གང་དེའི་བཀའ་སྲུང་བཤན་པ་ཆེ། །གྲོམ་སྟོད་ཁའུ་བྲག་རྫོང་གནས་ནས་བཞེངས། རྡོ་རྗེ་འཆང་དབང་སྤྲུལ་པའི་ཟློས་གར་མཁན། གསང་ཆེན་སློབ་བཤད་བསྟན་འཛིན་ཚར་པ་རྗེའི། །བསྟན་སྲུང་སྟོབས་འཕྲོག་ནག་པོ་ཞལ་བཞི་པ། །གསང་ཆེན་རྡོ་རྗེའི་ཕོ་བྲང་གནས་ནས་བཞེངས། །བསོད་ནམས་མཆོག་གི་འཇིག་རྟེན་དབང་ཕྱུག་དཔལ། །རྒྱ་མཚོའི་མཚན་ཅན་བཞད་པའི་རྡོ་རྗེ་ཡིས། །བསྟེན་ཅིང་རྦད་པས་སྡེ་བརྒྱད་དམག་དཔོན་ཆེ། །ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ནས་བཞེངས། །མཁྱེན་བརྩེ་ནུས་པའི་དབང་ཕྱུག་དང་པོའི་མགོན། །ཀུན་བཟང་བདེ་ཆེན་དགའ་སྟོན་སྟེར་བའི་དཔལ། །བགྲང་ཡས་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་མཆོག །དྲིན་ཆེན་བླ་མའི་བཀའ་སྲུང་དབྱིངས་ནས་བཞེངས། །རིགས་འཛིན་མཆོག་དེས་རྡོ་རྗེའི་དམ་ཚིག་གིས། །བྲན་དང་གྲོགས་གི་ཚུལ་དུ་བཀའ་བསྒོས་ཤིང་། །སྔགས་འཆང་བདག་གིས་དུས་ཀུན་བསྒྲུབས་པ་ཡི། །སྲོག་འཕྲོག་ཁྲག་འཐུང་ནག་པོ་ད་བཞེངས་ཤིག །དེ་ལྟར་རྩ་བརྒྱུད་བླ་མ་ནས་བཟུང་སྟེ། །རྣལ་འབྱོར་རྡོ་རྗེ་འཛིན་པ་བདག་གི་བར། །བསྟེན་ཅིང་བསྒྲུབས་པའི་ལྷ་མཆོག་མཐུ་བོ་ཆེ། །གསོལ་ཞིང་མཆོད་པའི་ལྷ་ཆེན་ནག་པོ་ཆེ། །རྦད་ཅིག་བསྐུལ་བའི་ཞིང་སྐྱོང་དྲག་ཤུལ་ཅན། །དགྲ་བོའི་སྟོབས་འཕྲོག་དཔའ་བོ་བྲམ་ཟེའི་གཟུགས། །རབ་འཇིགས་ཡུམ་ཆེན་(༡༦བ)


GLG011_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཚོགས་རྒྱ་མཚོར་བཅས། གསོན་ཅིག་དགོངས་ཤིག་ཡེ་ཤེས་དབྱིངས་ནས་གཟིགས། །རྦད་དུ་བསྐུལ་ལོ་དམ་ཚིག་གཉན་པོ་དགོངས། ཁྲོས་ཤིག་འཆོས་ཤིག་དྲག་པོའི་ལས་ལ་བྷྱོ། །སྔོན་གྱི་ཁས་བླངས་དམ་ཚིག་དྲན་གྱིས་ལ། །མ་ཐོགས་རིངས་པའི་ཚུལ་གྱིས་འཕྲིན་ལས་སྒྲུབས། དམ་ཅན་མནོལ་བུ་ལྕམ་དྲལ་གྱི་བསྐང་བ་ནི། ཧཱུྃཿ ཚར་ཆེན་གྱིས་མཛད། ཁྲག་འཐུང་དཔལ་ཆེན་ཁྲོས་པའི་རྣམ་འཕྲུལ་མཆོག །མགོན་པོའི་བཀའ་ཉན་དྲེགས་པའི་སྡེ་དཔོན་ཆེ། །སྟོབས་ཆེན་དམ་ཅན་གནོད་སྦྱིན་ཡབ་ཡུམ་གཉིས། །མ་གཡེལ་དམ་ཚིག་དགོངས་ལ་གནས་འདིར་གཤེགས། །བདེན་ཚིག་གྲུབ་པའི་བྲམ་ཟེ་འཁྲུགས་པ་ལས། །སྐྱེ་འགྲོའི་སྲོག་བདུད་མོན་བུ་ཕོ་མོར་སྤྲུལ། །རྡོ་རྗེ་འཛིན་པའི་མངག་བཞུག་ཞིང་བཅུའི་གཤེད། །བཀའ་སྡོད་ལྕམ་དྲལ་གནས་འདིར་མྱུར་དུ་སྤྱོན། །གསོད་བྱེད་གཤིན་རྗེ་པུ་ཏྲ་གནས་འདིར་སྤྱོན། །བདུད་ཆེན་མ་ལོན་བུ་བྷ་ཏྲ་༝། །ཤ་ཟ་སྲིན་མོ་རལ་གཅིག་༝། །སྟོབས་ཆེན་རུ་འདྲེན་སྡེ་བཞི་༝། །མོན་ནག་གྱིང་ཆེན་འབུམ་སྡེ་༝། །ནད་བདག་མ་མོ་བྱེ་བ་༝། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་༝། །སྤྲུལ་པ་ཡང་སྤྲུལ་བཅས་པ་༝། །རྣལ་འབྱོར་སྙིང་ནས་གདུང་བའི་འབོད་དབྱངས་དང་། །དར་ནག་གཡབ་མོ་གཡབ་ཅིང་ཁྱོད་འབོད་དོ། །ནམ་མཁའ་བར་སྣང་ཆར་སྤྲིན་བཏིབ་པ་ལྟར། །སྤྱོན་གྱི་དམ་ཚིག་དགོངས་ལ་གནས་འདིར་སྤྱོན། །མི་རྐང་གླིང་བུ་རྔ་ཆེན་རོལ་མོའི་སྒྲ། ཁྲག་ཆང་བཏུང་བ་ཤ་རུས་གཏོར་མའི་ཚོགས། །དམ་ཅན་ཕོ་མོ་འབོད་ཕྱིར་བཤམས་ལགས་ན། །ས་གཞི་རླུང་དམར་ཇི་བཞིན་འཚུབ་སེ་སྤྱོན། །ཁྱེད་(༡༧ན)


GLG011_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒྱལ་བའི་བསྟན་སྲུང་དབང་པོ་སྟེ། །བདག་ནི་རིགས་སྔཊ་འཆང་བའི་སྒྲུབ་པ་པོ། །རྩ་བརྒྱུད་བླ་མས་ཇི་ལྟར་བཀའ་བསྒོས་པ། །དྲན་པར་གྱིས་ལ་མ་ཐོགས་ད་ལྟ་སྤྱོན། །བཛྲ་ཀཱ་ལ་ཡཀྵ་ནས། རུ་ཁུ་རཀྵ་ས་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛ་༔ ཛཿཧཱུྃ་བཾ་ཧོཿ ཧཱུྃ མངོན་སྤྱོད་དྲག་པོའི་ཕོ་བྲང་འདིར། །གདུག་ཅན་བཾ་ཆེན་བསྒྱེལ་བའི་ཁྲིར། །སྟོབས་ཆེན་མོན་པ་ཕོ་མོ་རྣམས། །ཁྲོ་འཁྲུག་རྔམས་པའི་རོལ་པས་བཞུགས། །གོང་གི་སྔགས་ཀྱི་རྗེས་སུ། སརྦ་བིགྷྣཾ་ཤཏྲུཾ། བེ་ཏ་ཨཱ་སན་ཏི་ཥྛནྟུ། ཧཱུྃཿ འབྲུ་བཅུད་དཔའ་བོ་མྱོས་བྱེད་ཆང་། །ཞིང་བཅུ་བསྒྲལ་བའི་སྙིང་གི་ཁྲག །སྨན་རཀ་རྒྱ་མཚོར་འཁྲིགས་པ་འདི། །ལས་མགོན་ཕོ་མོའི་ཞལ་དུ་འབུལ། །སྔགས་ཀྱི་རྗེས་སུ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཧཱ་ཙི་ཏྟ་ཁཱ་ཧི་མཧཱ་རཀྟ་ཁཱ་ཧི། ཧཱུྃ་བྷྱོཿ དཔལ་ལྡན་མགོན་པོའི་ལས་མཛད་མཐུ་བོ་ཆེ། །དམ་ཅན་ཡབ་ཡུམ་མོན་པ་ལྕམ་སྲིང་གསུམ། །སྤྲུལ་པ་ཡང་སྤྲུལ་བཅས་པའི་ཚོགས་རྣམས་ལ། །དམ་རྫས་མཆོད་པ་འབུལ་ལོ་བརྩེ་བས་བཞེས། །ཧཱུྃཿ ཅང་ཤེས་རྟ་ནག་རྟིང་དཀར་རླུང་ལྟར་འཕྱོ། །འབྲོང་གཡག་རོག་པོ་ཞོལ་ཆེན་སྤྲིན་ལྟར་བཏིབས། །གདུང་ལུག་གསེར་མིག་ལྕགས་རྭ་འཁྱིལ་བ་ཅན། ཁྱི་ནག་དོམ་བུ་འདུར་ཞིག་ཁྲག་རྗེས་སྤྱོད། །བྱ་ནག་ལྕགས་སྡེར་དགྲ་སྙིང་འབྱིན་པའི་མཆུ། །མི་ནག་གཏུམ་པོ་གད་མོས་ས་ཆེན་གཡོ། །དྲེལ་ནག་རྟིང་དཀར་བོང་བུ་གྭ་དམར་སོགས། །དཔའ་བོ་ཁྱོད་ཀྱི་ཕྱི་ཡི་དམ་རྫས་ཀྱིས། །དམ་ཅན་གནོད་སྦྱིན་ཡབ་ཡུམ་ཐུགས་དམ་བསྐང་། །གསོད་བྱེད་གཤིན་རྗེ་པུ་(༡༧བ)


GLG011_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲའི་༝། །བདུད་ཆེན་མོན་བུ་བྷ་ཏྲའི་༝། ཁ་འབར་སྲིང་མོ་རལ་གཅིག་༝། །སྟོབས་ཆེན་རུ་འདྲེན་སྡེ་བཞིའི་༝། །མོན་ནག་དྲེགས་པའི་ཚོགས་ཀྱི་༝། །ཐུགས་དམ་སྐོངས་ཤིང་ཉམས་ཆགས་མ་ལུས་བཤགས། །དམ་ཉམས་དགྲ་བགེགས་ཐལ་བའི་རྡུལ་དུ་རློགས། །ཧཱུྃཿ རྔ་ཡབ་ནག་པོ་ནལ་བུའི་རྒྱལ་མཚན་དང་། །མཚན་ལྡན་ཐོད་པ་སྙིང་སྣས་གང་བ་དང་། །དམར་ཆེན་གཏོར་མ་རི་ལྟར་སྤུངས་པ་དང་། ཁྲག་རྒོད་ཆང་གི་བཏུང་བ་མཚོ་ལྟར་འཁྱིལ། །བཟའ་བཅའ་བལྡག་པའི་ཁ་ཟས་བྱུར་བུར་གཏམས། རྣོ་ངར་ལྡན་པའི་ཕྱག་མཚན་དར་སྣས་བརྒྱན། །ཞྭ་ནག་གོས་ནག་ལྷབ་ལྷུབ་སྤྲིན་ལྟར་བཏིབས། །སྟོབས་ཅན་ཁྱོད་ཀྱི་ནང་གི་དམ་རྫས་ཀྱིས། །དམ་ཅན་གནོད་སྦྱིན་སོགས་ཤོ་ལོ་ཀ་གཉིས་སྦྱོར་བ་འགྲེ། ཧཱུྃཿ སྨྱུག་རྒོད་ཚིཊ་བདུན་བྱ་རོག་སྒྲོ་ཡི་བརྒྱན། །དར་ནག་འཕྱང་ཞིང་གནམ་ལྕགས་མདེའུར་བཅས། །ཕས་དང་གྲི་ལྕགས་བྱང་བུའི་ལན་ཚར་ཅན། །དགྲ་བགེགས་ལིངྒ་མི་བཟད་ཁྲམ་ལ་བཏབ། །སྟག་གཟིགས་རས་མ་གཡེར་ཁའི་སྒྲ་ལྡན་པ། །དྲེགས་པའི་བླ་རྡོ་རྫས་རྒོད་སྲོག་སྙིང་བཅས། །འཁྲུལ་མེད་སྲོག་གི་འཁོར་ལོ་ཁ་སྦྱར་སོགས། །ལས་མཁན་དབང་པོའི་གསང་བ་དམ་རྫས་ཀྱིས། །དམ་ཅན་གནོད་སྦྱིན་༝། །ཧཱུྃཿ དམ་ཉམས་སྙིང་ཁྲག་དྲོན་མོའི་མཆོད་ཡོན་དང་། ཁྲག་འཛགས་དབང་པོ་ལྔ་ཡི་མེ་ཏོག་སྤུངས། །བསུར་ཆེན་དུད་པས་སྤྲིན་གྱིས་ཕྱོགས་ཀུན་ཁྱབ། །ཞུན་ཆེན་སྒྲོན་མེ་འབར་བའི་སྟོང་གསུམ་གསལ། །མཁྲིས་ཆེན་ག་བུར་དྲི་ཡི་ངད་ལྡང་བ། །ཤ་རུས་ཟ་བའི་ཚོགས་རྣམས་ཁྲག་ལྟར་བཅེར། །དུང་ཆེན་གླིང་བུའི་སྒྲ་དབྱངས་(༡༨ན)


GLG011_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལྷང་སེ་ལྷང་། །དམ་ཉམས་བསྒྲལ་བའི་ཉེར་སྤྱོད་མཆོད་པ་འདི། །དམ་ཅན་གནོད་སྦྱིན་༝། །ཧཱུྃཿ དགྲ་བགེགས་ཞིང་ཆེན་གཡང་བཞིའི་བླ་བྲེ་བྲེས། །རྒྱུ་རློན་ལྡ་ལྡི་དོན་སྙིང་ཚལ་པ་འཕྱང་། །རོ་སྐྲའི་རྔ་གཡབ་རུས་པའི་རྒྱན་དྲུག་འཁྲོལ། །ཀེང་རུས་དུམ་བུས་ས་གཞི་བཅལ་དུ་བཀྲམས། །སྟག་གཟིག་དོམ་དྲེད་ཤུན་པས་ཕྱོགས་ཀུན་ཁྱབ། །གོ་མཚོན་དཔའ་བོའི་ཆས་རྣམས་རབ་ཏུ་བཀྲ། །རྣལ་འབྱོར་ཁྲོས་ཤིང་དྲག་པོའི་རྒྱན་གྱིས་ཀླུབས། །སྟོབས་ཆེན་གསང་སྔགས་ང་རོ་སྒྲོག་པ་ཡི། །དམ་ཅན་གནོད་སྦྱིན་༝། །ལས་མཁན་ལྕམ་དྲལ་གྱི་བསྐང་བ་ནི། བྷྱོཿ ལྕང་སྤེ་བ་སེང་གེ་འབུམ་གྱིས་མཛད། བྱང་ཤར་དབང་ལྡན་མཚམས་ཀྱི་དུར་ཁྲོད་ནས། །དབང་གི་སྐྱེས་བུ་བསེ་ཡི་མདོག་ཅན་ཁྱོད། །དབང་ཐང་དཔལ་འབྱོར་རྒྱས་ཕྱིར་སྤྱན་འདྲེན་ན། །དབང་དྲག་ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །སྲིད་པའི་བུ་མོ་གར་གྱི་དབང་ཕྱུག་མ། །ལས་མཁན་སྒྲོལ་གྱིང་སྲོག་བདག་དམར་པོ་དང་། །ཨཾ་ཀྲི་ལ་སོགས་འཁོར་གྱི་བཤན་པ་རྣམས། །སྤྱན་འདྲེན་འབོད་ཀྱི་གནས་འདིར་གཤེགས་སུ་གསོལ། །སྔོན་ཚེ་ལྷ་ཆེན་མ་ཧཱ་དེ་ཝ་དང་། །ཡུམ་ཆེན་ཨེ་ཀ་ཛ་ཊིའི་སྤྱན་སྔ་རུ། །བསྟན་པ་སྲུང་ཞིང་བསྟན་དགྲ་སྒྲོལ་བ་རུ། །ཞལ་བཞེས་དྲན་པར་གྱིས་ལ་གཤེགས་སུ་གསོལ། །སྲུང་མ་ཁྱོད་ཀྱི་ཐུགས་དམ་བསྐང་བ་དང་། །རྣལ་འབྱོར་ངེད་ཀྱི་ཉམས་ཆགས་བསྐང་བའི་ཕྱིར། །སྒྲུབ་མཆོག་བདག་གིས་གདུང་བས་བོས་པའི་ཚེ། །ལྷ་མཆོག་བརྩེ་བས་དགོངས་ལ་གཤེགས་སུ་གསོལ། །རཀྨོཔྲཎ་ཞེས་པ་ནས། པདྨ་ཀ་མཱ་ལ་ཡེ་སྟཾ་ཞེས་པའི་བར་དང་། (༡༨བ)


GLG011_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མོ་གྷས་མཛད། རབ་དམར་ཁྲག་ཆང་སྦྱར་བའི་མཆོད་ཡོན་དང་། །དབང་པོའི་མེ་ཏོག་བསུར་ཆེན་དུད་པའི་སྤྲིན། །ཞུན་ཆེན་སྒྲོན་མེ་མཁྲིས་པའི་དྲི་ཆབ་དང་། །ཤ་ཁྲག་རྐང་རུས་ཞལ་ཟས་རོལ་མོར་བཅས། །ཕྱི་ནང་འདོད་ཡོན་ལྔ་དང་རིན་ཆེན་བདུན། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ་སྦྱར་བའི། །གསེར་སྐྱེམས་གཙང་མ་ཕུད་ཀྱི་ནང་མཆོད་དང་། །བཙན་བཤོས་དཀར་དམར་བསེ་ཡི་ར་སྐྱེས་སོགས། །ཕྱི་ནང་གསང་བའི་དམ་རྫས་སྤྱན་གཟིགས་ཚོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །སྲོག་བདག་དམར་པོ་འཁོར་དང་བཅས་ལ་འབུལ། །རྒྱལ་བའི་བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ། །སྔགས་མཆོད་དང་། གཏོར་འབུལ། འཕྲིན་ལས་བཅོལ་བ་རྣམས་བྱ། ཀྱེ། ཨ་མོ་གྷས་མཛད། དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་རྩལ་ཅན། །སྲོག་བདག་དམར་པོ་འཁོར་བཅས་སྤྱན་ལམ་དུ། །ནམ་མཁའ་གང་བའི་དམ་རྫས་སྤྱན་གཟིགས་ཚོགས། འབྱུང་ཞིང་རྒྱས་ལ་ཐུགས་དམ་སྐོངས་གྱུར་ཅིག །རབ་དམར་ཁྲག་ཆང་མཆོད་ཡོན་མཚོ་ལྟར་འཁྱིལ། །དབང་པོ་ལྔ་ཡི་མེ་ཏོག་རི་ལྟར་སྤུངས། །ཤ་ཆེན་ཚིལ་ཆེན་དུད་པ་སྤྲིན་ལྟར་འཁྲིགས། །ཞུན་ཆེན་སྒྲོན་མེ་ཉི་ལྟར་འབར་བ་འདི། །གནོད་སྦྱིན་དྲེགས་པ་ལྕམ་དྲལ་ཐུགས་དམ་བསྐངས། །ལས་མཁན་སྲོག་བདག་དམར་པོའི་ཐུགས་དམ་བསྐངས། །གྲི་ཐོག་བཤན་པའི་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆགས་གསོས་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་(༡༩ན)


GLG011_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གསེར་ཞུན་འཁྱིལ་འདྲ་མཁྲིས་པའི་དྲི་ཆབ་དང་། །དགྲ་བགེགས་ཤ་ཁྲག་སྤུངས་པའི་ཞལ་ཟས་དང་། །སྙན་བརྗིད་རོལ་མོའི་སྒྲ་ཡིས་སྟོང་གསུམ་ཁྱབ། །རོ་བརྒྱ་ལྡན་པའི་གསེར་སྐྱེམས་དམ་པ་འདི། །གནོད་སྦྱིན་དྲེགས་པ་སོགས་ཤོ་ལོ་ཀ་གཉིས་པོ་སྦྱོར་བ་འགྲེ། རྣོ་སྡུག་རྭ་གཡོ་ཤ་རྒྱས་དལ་གྱི་འགྲོ། །མཛེས་པའི་སྤུ་ལྡན་མཚམས་སྤྲིན་ཕུང་པོ་བཞིན། །འཇའ་ཚོན་ལྟར་བཀྲ་དར་གྱི་རྒྱན་ཆ་ཅན། །སྤྱན་གཟིགས་བསེ་ཡི་ར་སྐྱེས་ཁམ་པ་འདིས། །གནོད་སྦྱིན་༝། །ཞོལ་གཡག་ཁམ་པ་རྣམས་ནི་ངར་འཇོ་བྱེད། །མཛེས་ལྡན་རྟ་མཆོག་རྣམས་ནི་རླུང་བཞིན་རྒྱུ། །དུར་བྱ་སྲིན་བྱའི་གར་གྱིས་མཁའ་ལམ་ཁྱབ། །བསེ་ཁྲ་དམ་ཉམས་ཀླད་ལ་ལྡིང་བ་འདིས། །གནོད་སྦྱིན་༝། །སྲ་ཞིང་བརྟན་པ་རྡོ་རྗེའི་གོ་ཁྲབ་དང་། །རྣོ་ངར་མི་བཟད་སྣ་ཚོགས་མཚོན་ཆ་དང་། །དུར་བྱའི་སྒྲོ་ལྡན་དར་དམར་གཡོ་བས་མཛེས། །དགྲ་བགེགས་སྙིང་ལ་ཐོག་ལྟར་རྒྱུག་པ་འདིས། །གནོད་སྦྱིན་༝། །ཤ་ཁྲག་གཏོར་མའི་ཚོགས་ཀྱི་ས་གཞི་གང་། །ཕྱི་ནང་འདོད་ཡོན་ཚོགས་ཀྱིས་བར་སྣང་གང་། །རྒྱལ་སྲིད་རིན་ཆེན་བདུན་གྱིས་ནམ་མཁའ་གང་། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདིས། །གནོད་སྦྱིན་༝། །སེམས་ཉིད་རང་བཞིན་མཁའ་ལྟར་རྣམ་དག་ཀྱང་། །གློ་བུར་ཉོན་མོངས་སྤྲིན་གྱིས་གཡོག་པའི་མཐུས། །ནོངས་པར་གང་གྱུར་བཤགས་དང་བཤགས་ཡུལ་དང་། །བཤགས་བྱ་དམིགས་མེད་ངང་དུ་དག་པར་བགྱི། །སྒྲོལ་གྱིང་སྲོག(༡༩བ)


GLG011_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དམར་པོ་འཁོར་བཅས་ཀྱིས། །གནོད་སྦྱིན་དགྲ་བགེགས་ཐམས་ཅད་ཚར་ཆོད་ལ། །ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་དུ། །ཕྱོགས་དང་ཐུན་མོང་དངོས་གྲུབ་ཆར་དུ་ཕོབ། །ཧཱུྃ་བྷྱོཿ ཚར་ཆེན་གྱིས་མཛད། སྔོན་ཚེ་རྒྱལ་བ་འོད་སྲུང་བསྟན་པ་ལ། །རྒྱལ་བ་ཉིད་དང་སྨོན་ལམ་ལྷན་ཅིག་བཏབ། ཞིང་འདིར་ཐུབ་བསྟན་སྲུང་བར་དམ་བཅས་པའི། ཁྱོད་ཀྱི་ཐུགས་དམ་གཉེན་པོ་དུས་ལ་བབ། །འཛམ་གླིང་བྱང་ཤར་དུར་ཁྲོད་མ་རུ་ཙེར། །ལྷ་ཆེན་པོ་དང་ཨེ་ཀ་ཛ་ཊི་ཡི། །སྤྱན་སྔར་བསྟན་དགྲ་སྒྲོལ་བར་ཁས་བླངས་པའི། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །གཤིན་རྗེ་གཤེད་དང་མ་ཧཱ་དེ་ཝ་དང་། །ཉི་འོད་གྲགས་པ་ཟླ་བ་ནག་པོ་དང་། །དྷ་ར་ཀྲ་ཤུ་གཉན་ལོ་དར་མ་གྲགས། ཁའུ་པ་དང་རྗེ་བཙུན་ས་སྐྱ་པ། །བཀྲ་ཤིས་འོད་ཟེར་གྲུབ་ཐོབ་འདར་ཕྱར་ཞབས། །བརྩོན་འགྲུས་རྡོ་རྗེ་ཇོ་སྲས་སངས་རིན་དང་། །སློབ་དཔོན་ཤེར་མཚོ་བསོད་ནམས་དབང་ཕྱུག་དང་། །ལྕང་སྤེ་བ་དང་ཀུན་མཁྱེན་མུས་སྲད་པ། །རིན་ཅེན་བཀྲ་ཤིས་ཡོན་ཏན་མགོན་པོ་དང་། །གཞོན་ནུ་དཔལ་དང་རྡོ་རྗེ་རྒྱལ་མཚན་ཞབས། །ཤེས་རབ་རིན་ཅེན་ཚར་པ་རྡོ་རྗེ་འཆང་། །ཀུན་མཁྱེན་མཁྱེན་བརྩེ་བསོད་ནམས་ཆོས་འཕེལ་ཞབས། །དབང་ཕྱུག་རབ་བརྟན་མགོན་པོ་བསོད་ནམས་རྗེ། །གྲུབ་པ་མཆོག་བརྙེས་རྗེ་བཙུན་ཨ་ནནྟ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །རྩ་བརྒྱུད་བླ་མས་བརྟེན་ཅིང་བསྒྲུབས་པ་དང་། །གསོལ་ཞིང་མཆོད་པའི་ལྷ་མཆོག་མཐུ་བོ་ཆེ། །སྒྲོལ་གྱིང་དམར་པོ་ལྕམ་དྲལ་འཁོར་བཅས་རྣམས། །ཤ་ཆེན་རྒྱན་གྱིས་བརྒྱན་པའི་གཏོར་མ་ལོང་། ཁྲག་རྒོད་(༢༠ན)


GLG011_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་གྱི་མཆོད་པ་བཞེས། །རྩ་བརྒྱུད་དཔལ་ལྡན་བླ་མའི་དམ་ཚིག་དགོངས། །རིགས་འཛིན་རྣལ་འབྱོར་བདག་གི་སྟོང་གྲོགས་མཛོད། ཁྱོད་ལ་འཕྲིན་ལས་གཉན་པོ་གསོལ་བ་ནི། །རྒྱལ་བའི་བསྟན་པ་གཉན་པོ་གཤིག་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་དམད་པ་དང་། །མཚན་ལྡན་བླ་མའི་སྐུ་ལ་སྡོ་བ་དང་། །སྐྱེ་འགྲོ་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ། །ཁྱད་པར་རྣལ་འབྱོར་བདག་ཅག་དཔོན་སློབ་ལ། །སྔ་དགྲ་ངན་པ་ལག་ལ་བཀལ་བ་དང་། །ཕྱི་དགྲ་སྙིང་ལ་བསམས་ཤིང་བྱེད་པ་དང་། །ད་ལྟ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །སྐྱབས་སུ་བརྫུས་ཤིང་གཉའ་ནས་བཅོག་པ་དང་། །གྲོགས་ལྟར་འགྲོག་ཤིང་སྙིང་ནས་བརྐུ་བ་དང་། །བྲན་དུ་སྤྲུལ་ནས་རྐང་ནས་འདྲེན་པ་རྣམས། །སྲོག་བདག་ཆེན་པོ་ཁྱོད་ལ་ཟས་སུ་གཏད། །འདི་ལ་བསྲུང་ཞིང་སྐྱོབ་པའི་གནས་མེད་ཀྱི། །བཙན་དམར་སྟོང་གིས་ཞགས་པས་དམ་དུ་ཆིངས། །བདུད་པོ་སྟོང་གིས་མི་བཟད་ཁྲམ་ལ་ཐོབ། །མ་མོ་བྱེ་བས་དལ་ཡམས་གཟེར་ཆེན་ཕོབ། །གཤིན་རྗེ་སྟོང་གིས་ཚེ་སྲོག་ད་ལྟ་ཆོད། །གནོད་སྦྱིན་སྟོང་གིས་སྲོག་དབུགས་དྲོན་མོ་འགོམ། །ཐེའུ་རང་རྒྱལ་པོས་ལྟས་ངན་ཆོ་འཕྲུལ་ཁྱེ། །སྲོག་བདག་དམར་པོས་དོན་སྙིང་སྤར་གྱིས་ཐོབ། །གདོང་དམར་འབར་མས་སྲོག་དབུག་ཧུབ་ཀྱིས་དྲོངས། །གནོད་སྦྱིན་ཆེན་པོས་ཟངས་གྲིས་མགོ་བོ་ཁོས། །རྣམ་ཤེས་ཆོས་དབྱིངས་དག་པའི་ཞིང་དུ་དྲོངས། །ཡུན་རིང་ལོ་དང་ཟླ་བར་མ་བཞག་པར། །མ་ཐོགས་ཞག་དང་ཟ་མའི་དུས་ཉིད་ལ། །དམ་ཉམས་གདུག་ཅན་དགྲ་བོ་མ་ལུས་པ། །བསད་ཅིང་བསྒྲལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད། །ཧཱུྃཿ གཞན་ཡང་ཁྱོད་(༢༠བ)


GLG011_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྲིན་ལས་ཞུ་བ་ནི། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །སྔོན་གྱི་ལས་དང་ཕྲལ་རྐྱེན་ལས་བྱུང་བའི། །བར་ཆད་མི་མཐུན་ཕྱོགས་ཀུན་བཟློག་པར་མཛོད། །གཤིན་རྗེའི་འཁོར་ལོ་བདུད་ཀྱི་ཁྲམ་འདེབས་དང་། །བཙན་གྱི་ཞགས་པ་མ་མོའི་དལ་ཡམས་དང་། །རྒྱལ་པོའི་སྨྱོ་འབོག་ཟ་རྒོད་གདོང་ཐུག་རྣམས། །དམ་ཉམས་སྡིག་ཅན་དགྲ་བོའི་སྟེང་དུ་བསྒྱུར། །བན་བོན་གདུག་པའི་ངན་སྔགས་བཟོད་དཀའ་དང་། །ལྷ་སྲིན་དྲག་པོའི་རྦོད་གཏོང་ཟུག་པ་དང་། །བདེན་ཅིང་ཡུས་པའི་སྨོད་མོ་འདེབས་པ་རྣམས། །སྟོབས་ཆེན་དྲག་པོས་དེ་ཉིད་རང་ལ་བསྒྱུར། །བཞི་བརྒྱ་རྩ་བཞིའི་ནད་རིགས་ཐམས་ཅད་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་གནོད་པ་དང་། །གློ་བུར་ཡེ་འཕྲོག་སུམ་བརྒྱ་དྲུག་ཅུ་རྣམས། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད། །མདོར་ན་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །དེང་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་བར། །སྟོབས་ཆེན་ཁྱོད་ཀྱི་སྲུང་ཞིང་སྐྱོང་བ་དང་། །ལུས་དང་གྲིབ་མ་བཞིན་དུ་རབ་འགྲོགས་ནས། །མི་ནོར་ལོངས་སྤྱོད་དགོན་གནས་བཅས་པ་ལ། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད། །སྲུང་སྐྱོབས་སྦ་བའི་སྟོང་གྲོགས་གཉན་པོ་དང་། །བཅོལ་བའི་འཕྲིན་ལས་ལྷུན་གྱི་གྲུབ་པར་མཛོད། །ཧཱུྃཿ ཁོ་བོས་བརྩམས། བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་རྡོ་རྗེ་གུར། །སྟོབས་འཕྲོག་ལེགས་ལྡན་ནག་པོ་གདོང་བཞི་པ། །སྲོག་གཤེད་ལས་མཁན་པུ་ཏྲ་མིང་སྲིང་ཆེ། །དགྲ་བོའི་བཤན་པ་བེག་ཙེ་ལྕམ་དྲལ་དགོངས། །དཀྱིལ་འཁོར་རྒྱ་མཚོའོ་ཁྱབ་བདག་རྡོ་རྗེ་འཆང་། །འཕགས་བོད་མཁས་གྲུབ་ས་བསྙེས་ལོ་པཎ་(༢༡ན)


GLG011_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །འཁོན་སྟོན་འཇམ་དབྱངས་རིམ་བྱོན་ས་སྐྱ་བ། ཁྱད་པར་ཚར་ཆེན་ཡབ་སྲས་བརྒྱུད་བཅས་ཀྱིས། །ཕྱི་རོལ་དུར་ཁྲོད་བརྒྱད་དུ་རབ་རྒྱུ་བའི། ཁྲོ་གཏུམ་དྲེགས་པའི་དམག་གི་དཔུང་ཚོཊ་རྣམས། །གཏོར་མའི་རི་བོ་རཀྟའི་རྒྱ་མཚོ་བསྐྱིལ། །ཕྱི་ནང་གསང་རྟེན་རྫས་ཀྱི་བསྟེན་ཅིང་མཆོད། །ནང་དུ་རྡོ་རྗེ་ལུས་ཀྱི་རྩ་རླུང་ཁམས། །རྒྱུད་གསུམ་དྲེགས་པའི་སྒྱུ་འཕྲུལ་རོལ་པར་ཤར། །གསང་བ་གསལ་སྟོང་ཟུང་འཇུག་བདེ་བ་ཆེ། །སེམས་ཉིད་གཅིག་པུར་ངེས་པའི་རང་ཞལ་བལྟས། །དམ་ཚིག་རྡོ་རྗེའི་ར་བ་སྲ་ཞིང་མཁྲེགས། །སྨིན་བྱེད་དབང་གི་ཆུ་བོ་མ་ནུབ་འཕེལ། །ལས་བཞི་སྨིན་གྲོལ་གནས་གསང་འཕྱུགས་པ་མེད། །མན་ངག་མཁའ་འགྲོའི་ཁ་རླངས་འཐུལ་ལེ་བ། །སྙན་ནས་སྙན་བརྒྱུད་ཚད་མ་བཞི་ལྡན་ཆོས། །འཛིན་མཁས་རྡོ་རྗེའི་སློབ་དཔོན་རིམ་བྱོན་གྱིས། །རྡོ་རྗེ་གཙུག་བཞག་ལྕེ་ལ་མནའ་ཆུ་བླུད། །དམ་ཚིག་བསྒྲགས་པས་གཡར་དམ་ཉེར་དགོངས་ལ། །ཕན་བདེའི་རྩ་ལག་ཀུན་མཁྱེན་ཤཱཀྱའི་བསྟན། །བཤད་དང་སྒྲུབ་པས་དབྱར་མཚོ་ལྟར་འཕེལ་ཞིང་། ཁྱད་པར་ཁའུ་པར་གྲགས་སློབ་བཤད་ཀྱི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་པར་མཛོད། འཇིག་རྟེན་ཀུན་གྱི་ནག་པོ་འབྲས་སྨིན་པའི། །དུས་ཀྱི་ཆད་པ་མིང་ཡང་མི་གྲགས་ཞིང་། །བྱེ་བྲག་གངས་ཅན་ཁ་བའི་སྨན་ལྗོངས་འདིར། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་པར་མཛོད། །ཡང་སྒོས་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྔ་དགྲ་ལག་དར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་གདུག་ཅན་དཔུང་། །རྒྱབ་བརྟེན་(༢༡བ)


GLG011_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་མི་མིན་བཅས་པ་ཀུན། །གནམ་གྱི་འཇུ་ཐག་གཉན་པོ་སྟེང་ནས་ཆོད། །ས་ཡི་རྟེན་ཕུར་རྩ་བ་འོག་ནས་ཕྱུངས། །བསོད་ནམས་སྟོབས་འབྱོར་མངའ་ཐང་ཀུན་དར་འཕེལ། །བླ་སྲོག་ཚེ་གསུམ་སྦར་གྱིས་ཐོབ་ལ་བཀུམས། །ཡིད་སྲུབས་ལས་རྒྱལ་བ་དན་སྲིད་རྩེར་འཕྱོར། །རྨད་བྱུང་སྙན་གྲགས་རྫ་རྔ་ཕྱོགས་བཅུར་སྒྲོགས། །མི་གཤིགས་རྡོ་རྗེའི་སྲོག་གི་ཀ་བ་ཚུགས། །བསོད་ནམས་ཉི་མའི་དངོས་རྒྱའི་གཟི་བྱིན་སྐྱེད། །ཚེ་འདིར་གྲུབ་མཐའ་སྙོགས་པར་མ་གྱུར་ན། །འཆི་བ་འོད་གསལ་དཔལ་ལྡན་ནག་པོ་ཆེས། །སྔར་འདྲིས་མཛའ་བོ་བཞིན་དུ་གྲོགས་མཛད་ནས། །མཁའ་སྤྱོད་བདེ་ཅན་དག་པའི་ཞིང་དུ་དྲོངས། །རིང་པོར་མི་ཐོགས་རིགས་རྣམས་ཀུན་གྱི་བདག །ཟུང་འཇུག་སྒྱུ་མའི་གར་མཁན་བཅོམ་ལྡན་འདས། །དགྱེས་མཛད་རྡོ་རྗེ་ཧེ་རུ་ཀ་དཔལ་གྱི། །གོ་འཕང་མངོན་དུ་གྱུར་བའི་ཕྲིན་ལས་མཛོད། །སྨྲས་པ། ཕུལ་བྱུང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ཟག་མེད་བདེ་སྟོང་རོལ་བའི་བདུད་རྩིའི་དཔྱིད། །རྡོ་རྗེའི་ཆོས་སྲུང་དགྱེས་པ་སྐྱེད་བྱེད་པ། །མཁའ་དབྱིངས་ཁྱོན་ཀུན་མ་ལུས་གང་སྙམ་བྱེད། །ཕྱི་ནང་གསང་བ་དམ་རྫས་སྤྱན་གཟིགས་ཀྱིས། །དམ་ཅན་མཚོ་ལ་ངང་མོ་བཞིན་དུ་འདུ། །སྙིང་ནས་ཤུགས་དྲག་གདུང་བའི་བཤགས་པ་ཡིས། །ཉམས་ཆགས་དྲི་མ་འཁྲུད་པའི་གངྒའི་རྒྱུན། །འཁྲུལ་མེད་ལམ་སྲོལ་ཇི་བཞིན་ཉམས་ལེན་པ། །དེང་དུས་ཁ་བས་བསྐོར་བའི་ཡུལ་ལྗོངས་ན། ཁའུ་བྲག་རྫོང་བཞེད་སྲོལ་འཛིན་རྣམས་ལས། །གཞན་དུ་ཨུ་དུམ་ཝ་རའི་མེ་ཏོག་བཞིན། །དེ་ལྟར་གུར་མགོན་གཟི་ལྡན་དབང་ཕྱུག་ཉིད། །(༢༢ན)


GLG011_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་བཅས་པ་བསྐང་བཤགས་མཆོད་སྤྲིན་གྱིས། །མཉེས་བྱེད་ཁྲིགས་སུ་བཀོད་པའི་དགེ་བ་ཡིས། །འཕྲིན་ལས་རྣམ་བཞི་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་གུར་གྱི་མགོན་པོ། གདོང་བཞི་པ་ལས་མཁན་དང་བཅས་པའི་གཏོར་སྒྲུབ་བྱ་བ་ལ་ཉེ་བར་མཁོ་བའི་ལེ་ལག་མཆོད་པ་བསྐང་བཤགས་ཀྱི་རིམ་པ་ཆོས་སྲུང་དགྱེས་པའི་སྒྲ་དབྱངས་ཞེས་པ་འདི་ཡང་དཔལ་ས་སྐྱའི་བཀའ་སྲུང་རྣམས་ཀྱི་གཏོར་ཆོག་གི་ལྷན་ཐབས་དངོས་གྲུབ་རོལ་མཚོའི་དགོངས་པ་ལྟར་རང་གི་བརྗེད་བྱང་དང་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་ཉམས་ལེན་དུ་ཟ་ཧོར་གྱི་རིགས་ལས་ཨ་བ་བྷུ་ཏི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །མངྒ་ལཾ།། །།

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་གཏོར་མའི་ཆོ་ག་ལས་བཞི་ལྷུན་གྲུབ།


GLG011_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་གཏོར་མའི་ཆོ་ག་ལས་བཞི་ལྷུན་གྲུབ་བཞུགས་སོ།།


GLG011_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། ཨིནྡྲ་ནཱི་ལའི་ས་འཛིན་དབང་པོ་གང་། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་དཔལ་མངའ་བ། །གཉིས་མེད་བདེ་སྟོང་མཆོག་གི་རོལ་གར་མཁན། །དཀྱིལ་འཁོར་རྒྱ་མཚོའི་གཙོ་དེར་གུས་པས་འདུད། །བྲམ་ཟེ་མཆོག་སྲེད་རི་སུལ་རྣལ་འབྱོར་མ། །ཆོས་སྲུང་བྲན་ལྟར་འཁོལ་བའི་མལ་ལོ་གཉན། །རྡོ་རྗེ་འཛིན་པའི་གཙུག་རྒྱན་ས་སྐྱ་པ། །འཁྲུལ་མེད་གདམས་པའི་གསུང་ངག་འཛིན་རྣམས་རྒྱལ། །བདག་ཆེན་རྡོ་རྗེ་འཆང་དང་ཀུན་སྤངས་རྗེའི། །ཐུགས་བཅུད་གསང་ཆེན་སློབ་བཤད་འཛིན་མཁས་པའི། །རྡོ་རྗེ་འཆང་དབང་ཚར་ཆེན་ཆོས་ཀྱི་རྗེ། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་བཏུད་ནས། །བསྟན་སྲུང་དབང་པོ་མགོན་ཟུང་ལས་མཁན་བཅས། །འཁོར་ཚོགས་རྨད་བྱུང་གཏོར་མའི་མཆོད་པ་ཡིས། །དགྱེས་བསྐྱེད་འཕྲིན་ལས་མྱུར་མགྱོགས་ཕོ་ཉ་ཡི། །དགོངས་དོན་ཇི་བཞིན་འདྲི་བར་གནང་བ་སྩོལ། །དེ་ལ་འདིར་འཕགས་པའི་ཡུལ་དུ་སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་དང་རི་སུལ་གྱི་(༢ན)


GLG011_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་སོགས་གངས་རིའི་ལྗོངས་འདིར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་བསྟན་སྲུང་གི་གཙོ་བོ་གུར་གྱི་མགོན་པོ། གདོང་བཞི་པ། ལས་མཁན་འཁོར་བཅས་ལ་མཆོད་གཏོར་འབུལ་བའི་ངག་འདོན་གྱི་རིམ་པ་ལ་ཐོག་མར་རྟེན་དང་མཆོད་གཏོར་སྤྱན་གཟིགས་སོགས་སྟ་གོན་དུ་ཇི་ལྟར་བྱ་བའི་རིམ་པ་རྣམས་ནི་འཕྲིན་ལས་མྱུར་མགྱོགས་སོགས་ཁུངས་བཙུན་གྱི་ཡིག་ཆ་དང་། མཐོང་བརྒྱུད་ཀྱི་ཕྱག་ལེན་ཞལ་ལས་ཤེས་པར་བྱ་དགོས་ཤིང་ངག་དོན་དངོས་ལ་རྡོ་རྗེ་བྲག་རྫོང་མའམ་རང་ཉིད་རྒྱུན་དུ་བྱ་བའི་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་སོང་ནས། བཟླས་གཏོར་བྱིན་གྱིས་བརླབས་ནས་འབུལ་བ་སོགས་ཀྱང་གཞུང་བཞིན་བྱ། ནག་པོ་ཆེན་པོ་གུར་མགོན་གྱི་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ། ཞེས་ལན་གསུམ་བརྗོད་ཅིང་། སྔགས་དོན་བསམ་པའི་སྒོ་ནས་དམིགས་པ་དང་ཕྱག་རྒྱ་རྣམས་གསུང་རྒྱུན་ལྟར་བྱས་རྗེས། །མདུན་གྱི་ནམ་མཁའི་གནས་སུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་(༢བ)


GLG011_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་སྟེང་དུ་བདུད་ཐམས་ཅད་ཀྱི་ངོ་བོ་མི་རོ་དམར་སེར་མགོ་གཡས་སུ་བསྟན་པའི་སྟེང་དུ་ཧཱུཾ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཆེ་ཞིང་ཆེར་འབར་བ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཀྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པའི་གྲ་ནས་ཁྲག་འཛག་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་ཀླུབས་པ། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག་འབུམ་སྡེ་གཤོག་སྐོར་བྱེད་པ། གཡོན་ན་ཁྱི་ནག་འབུམ་སྡེ་འཁང་ཞིང་ཟུག་པ། རྒྱབ་ན་ཅེ་སྤྱང་འབུམ་སྡེ་གཡལ་ཞིང་རྒྱུག་པ། མདུན་ན་མི་ནག་འབུམ་སྡེ་གནམ་དུ་འོ་དོད་འབོད་པ། སྟེང་ན་ཁྱུང་ཆེན་འབུམ་སྡེ་ལྡིང་ཞིང་འཁོར་བ། མི་བསྐྱོད་པའི་ཅོད་པཎ་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་པདྨ་དང་ཉི་མའི་སྟེང་དུ་ཊཾ་ལས་ཨེ་ཀ་ཛཱ་ཊཱི་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་གཡུའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་(༣ན)


GLG011_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཟས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་ཅན། གཡུའི་རལ་པ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ། ཁྲོ་མོའི་རྣམ་པ་ཅན། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ལྟོ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གི་རྒྱ་མཚོའི་དབུས་སུ་བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བོང་བུ་གྭ་པ་ལ་ཞོན་པ། སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ་འཛིན་པ། གཡོན་གྱི་དང་པོ་ན་མདུང་། གཉིས་པ་ན་རྩེ་གསུམ་གྱི་མགུལ་ན་དར་ནག་གིས་བ་དན་འཕྱར་བ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན་ཀླུའི་དབང་པོའི་སྐེ་རགས་བཅིངས་པ། སྤྱན་གསུམ་དང་ལྡན་ཞིང་མི་རོ་རངས་པོ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྙན་གཡས་པ་ལ་དུག་སྦྲུལ་དང་གསེར་གྱི་དྲིལ་བུ། གཡོན་པ་ལ་སེང་གེ་དང་གཡུའི་དྲིལ་བུས་བརྒྱན་པ། ཞབས་གཉིས་ལྕགས་སྒྲོག་གིས་མཛེས་པར་བྱས་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་། ཞག་གིས་སོར་རིས་དང་། ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་ཅིང་མི་སྡུག་པའི་ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཕྱར་བ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུཾ་དང་བྷྱོཿའི་སྒྲ་སྒྲོག་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་(༣བ)


GLG011_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མཧཱ་ཀཱ་ལཱི་དེ་ཝཱི་ཧཱུཾ་བྷྱོ་ཧཱུཾཿ མགོན་པོའི་ཐུགས་ཀའི་ཧཱུཾ་དང་ལྷ་མོའི་ཐུགས་ཀའི་མྨ་ལས་ཏྲི་ཡིག་ནག་པོ་གཉིས་ཆད། ལྕམ་དྲལ་གྱི་མདུན་དུ་པདྨ་དང་ཉི་མ་དང་རོའི་གདན་གཉིས་ཀྱི་གཡས་ཕྱོགས་ཀྱི་སྟེང་དུ་ཏྲི་ཡིག་དང་པོ་ཡཾ་དུ་གྱུར་པ་ལས། ནག་པོ་གནོད་སྦྱིན་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་གསེར་གྱི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་སྦར་བ་ཕྱིར་གདེངས་པའི་ལག་མཐིལ་ན་ཉི་མའི་དཀྱིལ་འཁོར་འཆར་བ། དར་མེན་གྱི་ག་ཤ་དང་། དར་གྱི་ཨངྒ་རག་བྱས་པ་ཟ་འོག་ནག་པོའི་གོས་དང་། མི་ལྤགས་ཀྱི་གཡང་གཞི་རློན་པ་ཁྲག་འཛག་པ་ལྡིང་སྟབས་སུ་གྱོན་པ། རལ་པ་གྱེན་དུ་བརྫེས་ཤིང་གསེར་གྱི་རྣ་ཆ་འཕྱང་བ། ཞབས་གཡོན་བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱིས་བཞུགས་པ། གཡོན་གྱི་གདན་གྱི་སྟེང་དུ་ཏྲི་ཡིག་གཉིས། མྨཾ་དུ་གྱུར་པ་ལས་ནག་མོ་གནོད་སྦྱིན་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་གསེར་གྱི་སྤུ་གྲི་འཕྱར་ཞིང་། གཡོན་སྦར་བ་ཕྱིར་གདེངས་པ་ལག་མཐིལ་ན་ཟླ་བའི་དཀྱིལ་འཁོར་འཆར་བ། དར་མེན་གྱི་ག་ཤ་དང་། དར་གྱི་ཨངྒ་རག་བྱས་པ། དར་ནག་པོ་གསེར་གྱི་ཐིག་ལེ་ཅན་གྱི་གོས་གྱོན་པ། རལ་པ་ཐུར་དུ་ཉིལ་ཞིང་བྱུ་རུའི་ལན་ཚར་འཕྱང་བ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེ་གཉིས་ལས་དེ་འདྲ་བ་མང་པོ་འཕྲོས་པས་འཇིག་རྟེན་གྱི་ཁམས་གང་ནས་ལས་བྱེད་པ། ཨ་ལི་ཨ་ལི་མ་ཛཿཛཿཤཾ་ཤཾ །ལི་ཤི་དེད། ཨ་ཤྭ་དེད། མོ་སྨུགས་སྤུ་གྲི་ཨ་ལི་མ་ཛཿཛཿནག་མོ་ཤ་ལ་རུབས་ཛཿཛཿ ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོ་ཛཿཛཿཡབ་ཀྱི་ཐུགས་(༤ན)


GLG011_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཏྲི་ལས་ཏྲི་ཡིག་ནག་པོ་གཉིས་དང་། ཡུམ་གྱི་ཐུགས་ཀའི་མྨ་ལས་མྨ་ཡིག་ནག་པོ་གཅིག་ཆད། ཡབ་ཡུམ་དེ་གཉིས་ཀྱི་མདུན་དུ་དམ་ཉམས་ཀྱི་རོའི་གདན་གསུམ་གྱི་སྟེང་དུ་ཏྲི་ལས་གཤིན་རྗེ་མ་རུངས་པ་མོན་བུ་པུ་ཏྲ་མདོག་ནག་པོ་ཕྱག་གཡས་ཤང་ལང་རབ་ཏུ་འབར་བ་ནམ་མཁའ་ལ་འཕྱར་བ། གཡོན་དམ་ཉམས་ཀྱི་ཀླད་ཁྲག་གིས་གང་བའི་ཐོད་པ་ཞལ་དུ་གསོལ་བ། དར་ནག་པོའི་ལྷབ་ལྷུབ་དང་། དར་མེན་གྱི་ག་ཤ་ཅན། དར་དཀར་པོའི་ཨངྒ་རག་གསོལ་བ། རལ་པ་གྱེན་དུ་གཟིངས་ཤིང་། རྣ་བ་ལ་དུང་ལོང་འཁྲོལ་བ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་གཡོན་དུ་ཏྲི་ལས་བདུད་མ་རུངས་པ་མོན་བུ་བྷ་ཏྲ་མདོག་ནག་པོ་ཕྱག་གཡས་དམ་ཤིང་འཕྱར་ཞིང་། གཡོན་པས་དམ་ཉམས་ཀྱི་སྙིང་དམར་པོ་ཁྲག་འཛག་པ་རྩ་ལག་དང་བཅས་ཏེ་ཞལ་དུ་གསོལ་བ། དར་ནག་གི་གོས་ལྷབ་ལྷུབ་ཀྱི་སྟེང་དུ་དར་མེན་གྱིས་ག་ཤ་ཅན། སྟག་སློག་གྱོན་པ། རལ་པ་གཟིངས་ཤིང་། རྣ་བ་ལ་དུང་ལོང་འཁྲོལ་བ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་གཡོན་དུ་མྨ་ལས་མོན་མོ་གསེར་གྱི་སྤུ་གྲི་མ་མདོག་ནག་མོ་ཁ་ནས་མེ་འབར་བ། ཕྱག་གཡས་གསེར་གྱི་སྤུ་གྲི་རྣོན་པོ་འཕྱར་བ། གཡོན་གདུག་པ་ཅན་གྱི་རྒྱུ་མ་ཞལ་དུ་གསོལ་ཞིང་འབྲད་པ། ཟ་འོག་ནག་ཁྲའི་གོས་གྱོན་ཞིང་དར་མེན་གྱི་ག་ཤ་བཅིངས་པ། རལ་པ་ཐུར་དུ་འཕྱང་ཞིང་རྣ་བ་ལ་དུང་ལོང་འཁྲོལ་བ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེ་ལྔ་ཀའང་སྤྱན་གསུམ་དམར་པོར་ལྡོག་ཅིང་དགྲ་བགེགས་ལ་སྡང་མིག་ཏུ་(༤བ)


GLG011_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བ་ཞལ་བགྲད་ཅིང་མཆེ་བ་གཙིགས་ནས་ལྗགས་གློག་ལྟར་འཁྱུག་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། མགོ་རློན་ཁྲག་འཛག་པའི་དོ་ཤལ་དང་། མིའི་རྒྱུ་མ་རློན་པ་དང་། རུས་པའི་ཕྲེང་བས་སྤྲས་པ་ཤིན་ཏུ་འཇིགས་ཤིང་རྔམ་པ་ལ་དགྲ་བགེགས་ཐམས་ཅད་ཀྱི་སྲོག་དབུགས་སྐད་ཅིག་ཉིད་ལ་འཕྲོག་པའི་རྣམ་པ་ཅན། ལྕམ་དྲལ་གསུམ་གྱི་ཐུགས་ཀར་ཏྲི་ཏྲི་མྨའི་ས་བོན་ལས་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བས་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པ། དེ་རྣམས་ཀྱི་གཡས་ཀྱི་རུ་འདྲེན་པ་སྐྱེས་པ་དཔའ་བོ་སྟག་ཆས་རྒྱན་པ་བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་དགྲ་བཅོམ་པ་བརྒྱ། སླད་ཀྱི་རྗེས་སུ་འབྲང་བ་བནྡྷེ་ནག་པོ་བརྒྱ། མདུན་གྱི་བཤུལ་བྱང་འདྲེན་པ་བུད་མེད་ནག་མོ་བརྒྱ། དེ་རེ་རེ་ལའང་འཁོར་འབུམ་སྡེ་རེ་རེས་བསྐོར་བ། གཞན་ཡང་དམ་ཉམས་ཀྱི་རྗེས་གཅོད་པའི་བྱ་ནག ཁྱི་ནག །མི་ནག །ལྕགས་སྤྱང་ཅེ་སྤྱང་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཎྜི་ལས་སྤྲུལ་པའི་དམ་ཚིག་ཅན་རྟག་ཏུ་བསྲུང་བའི་ཁྲོ་བོའི་ཚོགས་ཁྲོ་ཞིང་རྔམ་པ་ལ་ལ་མཚོན་ཆ་སྣ་ཚོགས་འཛིན་པ། ལ་ལ་བ་དན་གཡབ་མོ་གཡབ་པ། ལ་ལ་མི་རྐང་གླིང་བུ་འབུད་པ། ལ་ལ་རྒྱུ་མའི་ཞགས་པ་འཕེན་པ། ལ་ལ་དམར་ཆེན་རཀྟ་སྦྲེང་བ། ལ་ལ་ཚིལ་ཆེན་དུད་པ་གཏོང་བ། ལ་ལ་གཡང་གཞི་ས་ལ་བརྡེབ་པ། ལ་ལ་ཧཱུཾ་ཕཊ་འབྲུག་སྒྲ་སྒྲོག་པ། ལ་ལ་གནམ་ལྕགས་ཐོག་སེར་འབེབས་པ། ལ་ལ་སྤུ་གྲི་སོ་བརྡར་བྱེད་པ། ཁ་ཅིག་དགྲ་བོའི་ནང་ཁྲོལ་དྲོན་མོ་ཟ་བ་། ལ་(༥ན)


GLG011_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགྲ་བོའི་དོན་སྙིང་སྦར་བས་འདེབས་པ་ཐམས་ཅད་ཀྱང་གློག་གི་ཕུང་པོ་འཐོར་བ་ལྟ་བུའི་མེ་ལྕེའི་ཕྲེང་བ་འཁྲུག་པ། ཧ་ཧ་དང་ཧཱུཾ་ཕཊ་ཀྱི་ང་རོ་འབྲུག་སྟོང་ལྟར་སྒྲོག་པ་ལ་སོགས་པ་མི་སྡུག་པའི་ཆ་ལུགས་སྣ་ཚོགས་སྟོན་པ། འུར་འུར་ཆེམ་ཆེམ་གྱིས་སྟོང་གསུམ་འགེངས་པ་ཁམས་གསུམ་ཐམས་ཅད་འདར་ཞིང་གཡོ་བར་བྱེད་པ། གཞན་ཡང་སྒོ་སྐྱོང་གི་ཁྲོ་མོ་མགོ་བརྙན་ཅན་དང་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་། ཞིང་སྐྱོང་། མཁའ་འགྲོ་ཤ་ཟ་ལྷ་སྲིན་སྡེ་བརྒྱད། དྲེགས་པ་ཕོ་རྒྱུད་མོ་རྒྱུད་སྤྲུལ་པ་འབུམ། ཡང་སྤྲུལ་བྱེ་བ། གནས་གསུམ་མཁའ་འགྲོ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། ལྕམ་དྲལ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང་། རང་བཞིན་གྱི་གནས་ནས་ལྷ་མོ་དང་། ལས་ཀྱི་མགོན་པོ་རྣམས་ལ་བཀའ་སྡོད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅའ། དེ་ནས་སོ་སོའི་དམ་རྒྱ་བཅས་ནས་མཛུབ་མོ་གཡབ་པའམ་རྡོ་རྗེ་གཡབ་ཅིང་། དྲིལ་བུ་བཅད་གཏུབས་སུ་དཀྲོལ་བས། ཧཱུཾ། མལ་ལོས་མཛད། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་དཔལ་མགོན་ཚོགས། །ལྕམ་དྲལ་འདིར་སྤྱོན་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་(༥བ)


GLG011_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མཧཱ་ཀཱ་ལཱི་དེ་ཝཱི། ཨེ་ཀ་ཛཱ་ཊཱི་དེ་ཝཱི། ཨིནྡྲ་སཱི། ཀཱ་ལི་ཡཀྵ་ཡེ། ཀཱ་ལཱི་ཡཀྵ་སཱི། ཡཀྵ་པུ་ཏྲ་ཡེ། རུ་དྲ་བྷ་ཏྲ་ཡེ། རུ་ལུ་རཀྑ་སཱི། ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། པདྨ་ཀ་མ་ལཱ་ཡ་སྟྭཾ། གོང་གི་སྔགས་ཀྱི་ས་པ་རི་ཝཱ་རའི་རྗེས་སུ། གྲྀཧྞེ་དཾ་ཨརྒྷཾ་སྭཱཧཱ། པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུཾ། ཞེས་པའི་བར་གྱི་མཆོད། སོ་སོའི་སྔགས་ཀྱི་ཚེ་དམ་རྒྱ་སྙིང་ཀར་བཅས་ཏེ་ལྷ་སོ་སོའི་སྤྱི་བོར་དམ་ཚིག་གི་རྡོ་རྗེ་བཞག་པ་བསམས་ལ་ས་པ་རི་ཝཱ་རའི་རྗེས་སུ། ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་ཅོག་གི་དབུ་འཕང་སྟོད། ཁྱད་པར་དུ་བསྟན་པ་དང་། བསྟན་པ་འཛིན་པ་རྣམས་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ་དང་། བདག་གི་ལམ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདོར་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་བཅད་པ་དང་། བསྐྲད་ཅིང་གཟིར་བ་དང་། དབྱེ་བ་དང་བསྡིགས་ཅིང་སྤ་བཀོང་(༦ན)


GLG011_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། མདོར་ན་ཆོས་བསྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང་། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང་། བསྟན་པ་དང་བསྟན་པ་འཛིན་པ་དང་། འཇིག་རྟེན་ཀུན་དར་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་ཚིག་ལྷུག་པ་རྣམས་ཀྱི་ཚེ་མགོན་པོའི་དམ་རྒྱ་ཁོ་ན་བཅའ་ཞིང་མཐར་ཐལ་མོ་ལན་གསུམ་བརྡེབ་བོ། །ལྕམ་དྲལ་གྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཤིང་གསོལ་བར་བསམས་ལ། པད་ཀོར་དང་བཅས་པས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་མཐར་སེ་གོལ་གཏོག་ཅིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི། ཨེ་ཀ་ཛཱ་ཊཱི་དེ་ཝཱི། ཨིནྡྲ་སཱི། ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ། སྥ་ར་ཎ་ཨི་མཾ། ག་ག་ན་ཁཾ་གྲྀཧྞེ་དམྦ་ལྱཱ་དི་སྭཱཧཱ། ཞེས་ལན་གསུམ་མམ་ལྔ་གང་རིགས་དང་། ཤཱ་ས་ན་ལན་གསུམ་གྱིས་འབུལ། གོང་གི་གཏོར་སྔགས་ཀྱི་ས་པ་རི་ཝཱ་རའི་རྗེས་སུ། གྲྀཧྞེ་དཾ་ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། སྔགས་དེ་ཉིད་ཀྱི་རྗེས་སུ། ཨོཾ་ཨཱཿཧཱུཾ་ཞེས་པས་ནང་མཆོད་ཕུལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ། ཡུམ་ཆེན་ཨེ་ཀ་ཛཱ་ཊཱི། དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་པ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་ཅོག་གི་དབུ་འཕང་སྟོད། དགེ་འདུན་གྱི་སྡེ་སྐྱོངས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། བསམ་སྦྱོར་(༦བ)


GLG011_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང་། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྲུང་སྐྱོབ་སྦ་བའི་འཕྲིན་ལས། སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། དེ་ནས་རྒྱུན་དུ་རྡོར་དྲིལ་ལས་མི་མཛད་ཀྱང་སྤྲོས་པ་ལ་དགའ་ན་རྔ་བརྡུང་བ་དབྱངས་དང་བཅས་པ་གང་རུང་གིས། ཧཱུཾ་སྲིན་པོའི་དུར་ཁྲོད་ནག་པོ་ལས་བྱུང་། གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཞེས་པས་བསྟོད། སྟོད་པ་ནི། ཧཱུཾ་དཔལ་ལྡན་འཕགས་པས་མཛད། མགོན་པོ་མཧཱ་ཀཱ་ལཱ་ཡ། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ཆེ། མ་ཧཱ་དེ་ཝའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མ་ཧཱ་ཀཱ་ལཱ་ཡ། །འཇིགས་བྱེད་ཆེན་པོ་མ་ཧཱ་ཀཱ་ལཱ་ཡ། །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་དགྲ། །བསྟན་པ་ཡོངས་ཀྱི་སྲུང་མ་ནག་པོ་ཆེ། །ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་ནག་པོ་ཆེ། །དམ་ཚིག་ཅན་གྱི་དགྲ་ལྷ་ནག་པོ་ཆེ། །དམ་ཉམས་དགྲ་བོའི་གཤེད་མ་ནག་པོ་ཆེ། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་༝། ཛམ་བུ་ཏི་བའི་ཞལ་ཟས་༝། །སྨན་རག་ཕུད་ཀྱི་མཆོད་པ་༝། །(༧ན)


GLG011_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཅོལ་ལས་ཀྱི་བཏང་རག་གཉན་པོར་འབུལ། །ད་འཆོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་སྒྲུབས། བྷྱོཿ འཕགས་པས་མཛད། གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །དཔལ་ལྡན་ལྷ་མོ་ཁྱོད་ཀྱི་སྐུ། །རི་རབ་ལྷུན་པོ་ལྟ་བུར་བརྗིད། །དབང་པོ་སྔོན་པོ་ལྟ་བུར་འབར། །ཉི་མའི་ཟེར་ལྟར་སྤྲུལ་པ་འགྱེད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །སྤྱན་རྩ་དམར་པོ་གློག་ལྟར་འཁྱུག །མི་རོ་ཁར་བཅུག་མཆེ་བ་གཙིགས། ཁྲག་གིས་གང་བའི་ཐོད་པ་དང་། །འཇིགས་པའི་མཚོན་ཆས་ཕྱག་རྣམས་སྦྲེལ། །མི་མགོ་རིན་ཅེན་རུས་པས་སྤྲས། ཀླུ་དབང་སེང་གེ་ལྕགས་སྒྲོག་དང་། ཁྲག་དང་ཞག་གིས་ཐིག་ལེས་བརྒྱན། །ཀོ་རློན་རེ་ལྡེ་གོས་སུ་གྱོན། །བོང་བུ་གྭ་ཞོན་མཚན་མོ་རྒྱུ། །ཤིན་ཏུ་རིད་ཅིང་མི་སྡུག་མ། །འཇིགས་གཟུགས་མ་ལ་ཕྱག་འཚལ་ལོ། ཁྱོད་ཀྱི་གསུང་གི་ང་རོའི་དབྱངས། །འབྲུག་སྟོང་ལྡིར་བའི་སྒྲ་བསྒྲགས་པས། ཁམས་གསུམ་མ་ལུས་ཟིལ་མནན་ནས། །ས་གསུམ་གཡོ་བར་མཛད་ལ་འདུད། ཁྱོད་ཐུགས་ཞི་ལ་རབ་གཞོལ་ཡང་། །སྙིང་རྗེའི་དབང་གིས་སྲིད་ལ་བཞུགས། ཁྲོ་དང་འཁྲུག་(༧བ)


GLG011_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྔམ་པ་ཡིས། །བགེགས་དཔུང་ངེས་པར་འཇོམས་ལ་འདུད། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །སོགས་ཀྱིས་བསྟོད་ཅིང་འཕྲིན་ལས་བཅོལ་ལོ། །དཔལ་མགོན་ཞལ་བཞི་པ་ལ་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་བརླབ། མདུན་གྱི་ནམ་མཁར་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་། ཕྱོགས་ཀྱི་འདབ་མ་བཞིའི་སྟེང་དུ་ཉི་མ་དང་རོའི་གདན་རེ་རེ་དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་གྲི་གུག་ལྟེ་བ་ལ་ཧཱུཾ་གིས་མཚན་པ། ཕྱོགས་བཞིའི་གདན་གྱི་སྟེང་དུ་ཧཱུཾ་རེ་རེ་དེ་རྣམས་ཡོངས་སུ་གྱུར་པ་ལས། གཙོ་འཁོར་ལྔ་དུས་གཅིག་ཏུ་གྲུབ་པ་ནི། དབུས་སུ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་དགྲ་བོའི་སྟོབས་འཕྲོག་པའི་གཟུགས་ཅན། སྲིན་པོ་ཁྲོས་པ་ལྟ་བུ་སྐུ་མདོག་ནག་པོ་ཞལ་བཞི་ཕྱག་བཞི་པ། རྩ་ཞལ་ནག་པོ་རྔམ་ཤིང་ཁྲོས་པ། གཡས་ཞལ་དཀར་པོ་ཁྲོ་ཞིང་འཛུམ་པ་གཡོན་ཞལ་དམར་པོ་རྒྱ་ཆེར་བཞད་པ། སྟེང་ཞལ་དུད་ཁ་ཁྲོ་གཉེར་དཔྲལ་བའི་དབྱིངས་སུ་བསྡུས་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། སྨ་ར་དང་སྨིན་མ་མེ་ལྟར་འབར་བ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། མ་མཆུ་ཕྱིར་འཕྱང་ཞིང་ཧ་ཧ་དང་ཧི་ཧི་དང་། ཧཱུཾ་ཧཱུཾ་དང་། ཀྵིཾ་ཀྵིཾ་གི་ང་རོ་དྲག་པོ་འབྲུག་སྒྲ་འབུམ་གྱི་སྒྲ་ལྟར་སྒྲོག་པ། ཕྱག་བཞི་གཡས་དང་པོ་རྡོ་རྗེ་གྲི་གུག་དང་། གཡོན་དང་པོ་ཐོད་པ་ཁྲག་དྲོན་མོས་གང་བའི་ནང་ན་(༨ན)


GLG011_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་ཀྱི་སྙིང་འདར་བཞིན་པ་དང་བཅས་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་རྩ་ཞལ་གྱི་མི་རོ་དང་གཡས་ཀྱི་རལ་གྲི་གཉིས་ལས་སྦྱོར་གཙོ་ཆེ་བས་འཇམ་པའི་དབང་དུ། བཏང་ནས་སྒྲུབ་དུས་ལྟར་བཀོད། འོག་མ་རྩེ་གསུམ་དང་། །གཡོན་འོག་མ་མདུང་རྣོན་བ་དན་དང་བཅས་པ་འཕྱར་སྟབས་སུ་འཛིན་པ། བདུད་རྩིས་གང་བའི་བུམ་པ་མཆན་ཁུང་གཡོན་ན་ཐོགས་པ། རུས་ཕྲེང་ལྷ་བ་དམར་ཆིལ་ལེ་བ་ཕྱག་འགག་ཏུ་བརྒྱུས་པ། དབུ་སྐྲ་ཁམ་པ་གྱེན་དུ་གཟིངས་ཤིང་འབར་བ། མི་མགོ་སྐམ་པོ་རྫོགས་པ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་མིའི་རྒྱུ་མ་རློན་པ་ལ་བརྒྱུས་པའི་དོ་ཤལ་འཕྱང་བ། དུག་སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་བྱས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ་ཚངས་པའི་སྐུད་པའི་སེ་རལ་ཁ་ཐོགས་པ། མི་རྐང་གི་གླིང་བུ་དང་། གསེར་དངུལ་གྱི་དྲིལ་བུ་གཡེར་ཀའི་དྲ་བ་སིལ་སིལ་གྱི་སྒྲ་སྒྲོག་པ། དཔའ་བོ་སྟག་ལྤགས་རློན་པའི་ཤམ་ཐམས་ཅན། དྲག་ལ་རྔམ་པའི་ཆ་བྱད། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱིས་དམ་ཉམས་དགྲ་བོའི་སྟེང་ན་འཇིགས་པའི་བྲོ་བརྡུང་བ། དེའི་གཡས་སུ་ཡུམ་ཆེན་གཡུང་མོ་ནག་མོ། གཡོན་དུ་ལས་མཛད་གཏུམ་མོ་ལྗང་གུ། མདུན་དུ་དམར་ནག་སྲིན་མོ་ཆེན་མོ། རྒྱབ་ཏུ་སེར་ནག་སིངྒ་གླིང་མ། བཞི་ཀའང་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན། ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་གཙོ་ལ་སྟོབ་པ། གཅེར་བུ་རལ་པ་ཐུར་དུ་འཕྱང་བ། རྒྱུ་མ་རློན་པའི་(༨བ)


GLG011_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཤ་ཅན། གཞན་རྒྱན་མེད་པ། ཁྲོ་ཞིང་གྲིམས་ལ་རྔམ་ཞིང་རྒོད་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞེངས་པ། གཙོ་འཁོར་ལྔ་ཀའང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེ་དག་གི་མཐའ་སྐོར་ཏུ་དྲེགས་པ་ཕོ་བདུན་མོ་བདུན། སྲོག་གི་དགུ་བདུད་ནག་པོ། ལས་ཀྱི་བཤན་པ་ཉེར་གཅིག །ཞིང་སྐྱོང་ཕོ་མོ་འབུམ་སྡེ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་འཁོར་དང་བཅས་པ། ཁ་དོག་དང་། ཆ་ལུགས་དང་མཚོན་ཆ་སྣ་ཚོགས་འཛིན་པ། དྲག་ཅིང་གཏུམ་ལ་ཁྲོ་ཞིང་རྔམ་པས་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། གངས་ཏེ་སེ། བསིལ་བའི་ཚལ། པོ་ཊ་ལ། སིངྒའི་གླིང་། ཧ་ཧ་རྒོད་པའི་དུར་ཁྲོད། དར་ལུང་གཉན་གྱི་ཕོ་བྲང་། གནས་མཆོག་ཁའུ་བྲག་རྫོང་། ཕུ་གསུམ་འོལ་དགའ། དཔལ་ལྡན་ས་སྐྱ། ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ལ་སོགས་པའི་གནས་རྣམས་ནས་སྟོབས་འཕྲོག་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་བཞི་དྲེགས་པའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དམ་རྒྱ་དང་བཅས་པས་མཛུབ་མོ་གཡབ་པའམ། རྡོ་རྗེ་གཡབ་ཅིང་དྲིལ་བུ་གསིལ་བས། ཧཱུཾ། སྔོན་གཉན་ལོས་མཛད། ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁར་བླངས་བཞིན། འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ། (༩ན)


GLG011_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཏྲི་ཏ། ཌོམྦྷི་ནཱི། ཙཎྜ་ལཱི། རཀྵ་སཱི། སིངྒ་ལཱི། དེ་ཝཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། གོང་གི་སྔགས་ཀྱི་ས་པ་རི་ཝཱ་རའི་རྗེས་སུ། གྲྀཧྞེ་དཾ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དམ་རྒྱ་སྤྱི་བོར་བཞག་པར་བསམ་ལ། ས་པ་རི་ཝཱ་རའི་རྗེས་སུ། ས་མ་ཡ་སྨ་ར་ནས་རཀྵནྟུའི་བར་དང་། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཞེས་སོགས་གོང་དུ་གུར་མགོན་གྱི་སྐབས་སུ་བཤད་པའི་ཚིག་རྣམས་བརྗོད་ཅིང་། སྟོབས་འཕྲོག་དབང་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་འོད་ཟེར་སོགས་གོང་ལྟར། ས་པ་རི་ཝཱ་རའི་རྗེས་སུ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་བཏགས་པ་གསུམ་མམ་ལྔ་དང་། རྒྱས་པར་བྱེད་ན་སྔགས་རིང་ལན་གསུམ་བརྗོད། གོང་ལྟར་ཉེར་སྤྱོད་ཀྱིས་ཕྱི་མཆོད་དང་། ས་པ་རི་ཝཱ་རའི་རྗེས་སུ། ཨོཾ་ཨཱཿཧཱུཾ། ཞེས་པས་ནང་མཆོད་ཕུལ་ལ། ལྷ་མཆོག་མ་ཧཱ་ཀཱ་ལ། ལྷ་ཆེན་ནག་པོ་ཞལ་བཞི། ཞིང་སྐྱོང་གཟི་ལྡན་དབང་ཕྱུག །བྲམ་ཟེའི་གཟུགས་ཅན་དཔའ་བོ། ཡུམ་ཆེན་གཡུང་མོ་ནག་མོ། ལས་མཛད་གཏུམ་མོ་ལྗང་གུ། སེར་ནག་སིངྒ་ལི་མ་དམར་ནག་སྲིན་མོ་ཆེན་མོ། འཁོར་གྱི་ཞིང་སྐྱོང་འབུམ་སྡེ། དྲེགས་པ་ཕོ་བདུན་མོ་བདུན། སྲོག་གི་དགུ་བདུད་ནག་པོ། ལས་ཀྱི་བཤན་པ་ཉེར་གཅིག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་(༩བ)


GLG011_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཞེས་སོགས་ཀྱིས་འཕྲིན་ལས་བཅོལ་ལོ། །རྒྱུན་དུ་རྡོར་དྲིལ་ལས་མི་མཛད་ཀྱང་སྤྲོ་ན་རྔ་བརྡུང་ཞིང་དབྱངས་དང་བཅས་པས། ཧཱུཾ། བླ་མ་གཟུངས་པས་མཛད། སྐུ་གསུམ་མངོན་གྱུར་རྡོ་རྗེ་འཆང་དབང་གི །རྣམ་གསུམ་བསྟན་པ་སྤེལ་ཞིང་བསྲུང་བྱའི་ཕྱིར། །དུས་གསུམ་བདུད་དཔུང་མ་ལུས་འཇོམས་མཛད་པ། །ཆོ་འཕྲུལ་སུམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། ཁམས་གསུམ་མེ་ལྟར་དམར་ནག་འབར་བའི་དབུས། །སྟོང་གསུམ་ཟིལ་གནོན་ཞིང་སྐྱོང་རྒྱལ་པོའི་སྐུ། །ས་གསུམ་འདར་བྱེད་ཁྲོ་གཏུམ་རྔམ་བརྗིད་ཅན། སྲིད་གསུམ་དབང་སྒྱུར་ཁྱོད་ལ་༝། །འཕྲེང་བ་སུམ་ལྡན་དྲག་པོའི་བཞད་སྒྲ་ཅན། རྩེ་གསུམ་མདུང་སོགས་དྲག་པོའི་མཚོན་ཆ་བསྣམས། །སྤྱན་གསུམ་སྡང་མིག་དྲག་པོ་ཕྱོགས་བཅུར་གཟིགས། །གནས་གསུམ་དགྲ་བགེགས་འཇོམས་ལ་༝ རིགས་བཞི་མཁའ་འགྲོ་བྱེ་བའི་དབང་ཕྱུག་གཙོ། ལམ་བཞིའི་དམ་ཚིག་ལ་གནས་རྣལ་འབྱོར་བའི། ལས་བཞི་བསྒྲུབ་ལ་ཐུགས་དམ་བརྟན་པ་ཅན། ཕྱོགས་བཞིར་བཞུགས་པའི་ཡུམ་ཆེན་རྣམས་ལ་བསྟོད། །ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོས་བརྒྱན། །གསང་བ་གསུམ་བདག་བདུད་རྩིར་བྱིན་བརླབས་ནས། རོ་བཅུད་ནུས་གསུམ་ཕུན་སུམ་ཚོགས་ལྡན་པ། ཁམས་གསུམ་ཡིད་འཕྲོག་མཆོད་གཏོར་འདི་བཞེས་ཤིག །དུས་གསུམ་རྒྱལ་བའི་ངོ་བོ་བླ་མ་དང་། །སྒོ་གསུམ་རྡོ་རྗེས་བསྲུང་བ་བདག་ཅག་ལ། །ལུས་ངག་ཡིད་གསུམ་སྡང་བས་རབ་འཁྲུག་པའི། །དགྲ་བགེགས་ལོག་འདྲེན་རྣམ་གསུམ་ཚར་གཅོད་མཛོད། གདོང་(༡༠ན)


GLG011_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དྲེགས་པ་རྩལ་ཆེན་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་སོགས་ཀྱིས་བསྟོད་ཅིང་འཕྲིན་ལས་བཅོལ་ལོ། །ལས་མཁན་མོན་བུ་ལྕམ་དྲལ་ལ་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ་ལ། བོད་པའམ་ཡང་ན་བོད་རྦད་བསད་གསུམ་གའི་མཐར། ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་འབུལ། བཛྲ་ཀཱ་ལ་ཡཀྵ་ནས་རུ་ལུ་ཡཀྵ་ནས་རུ་ལུ་རཀྑ་སི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། སྔགས་དེའི་མཐར་ཨོཾ་ཨཱཿཧཱུཾ་བཏགས་པས་ནང་མཆོད་འབུལ། །དམ་ཅན་གནོད་སྦྱིན་ཡབ་ཡུམ། བཀའ་སྡོད་པུ་ཏྲ་མིང་སྲིང་། དྲེགས་བྱེད་རུ་འདྲེན་སྡེ་བཞི། དྲེགས་པ་ཕོ་རྒྱུད་མོ་རྒྱུད། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཞེས་སོགས་ཀྱིས་འཕྲིན་ལས་བཅོལ་ལོ། །གོང་ལྟར་རྡོར་དྲིལ་ལམ་རྔ་བརྡུང་བ་གང་རུང་གིས། །ས་ཆེན་གྱིས་མཛད། གང་ཞིག་མཁའ་འགྲོ་ཀུན་གྱི་གཙོ། ཨེ་ཀ་ཛཱ་ཊཱི་རལ་གཅིག་མ། །གནོད་སྦྱིན་ཡབ་ཡུམ་སྟོབས་དང་ལྡན། ཚར་གཅོད་ལས་མཛད་རྣམས་ལ་བསྟོད། །མོན་བུ་པུ་ཏྲ་མཐུ་རྩལ་ཅན། །བྷ་དྲ་ནག་པོ་ཤུགས་ཆེན་པོ། །གསེར་གྱི་སྤུ་གྲི་རྫུ་འཕྲུལ་ཆེ། །ལས་བྱེད་མིང་སྲིང་རྣམས་ལ་བསྟོད། །ལེགས་ལྡན་བཀའ་སྡོད་ཕྱོགས་སྐྱོང་བཅུ། །དྲེགས་པ་ཕོ་མོ་སྡེ་བརྒྱད་དང་། ཕོ་ཉ་ཟངས་གྲི་རུ་འདྲེན་རྣམས། །དམ་ཚིག་རྗེས་འབྲེལ་དབང་གིས་བསྟོད། །གཏོར་མ་རྫས་ན་(༡༠བ)


GLG011_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒར་བཅས། ཤ་ཆེན་ཁྲག་ཞག་གཏམས་པ་ཡི། མཆོད་པ་དམ་པ་འདི་བཞེས་ལ། བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྟོད་ཅིང་བསྟབ་བོ། །ལས་མཁན་བཤན་པ་ལྕམ་དྲལ་ལ་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱི་བརླབས། རང་གི་མདུན་དུ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་དམར་ལ་དངས་པ། རྦ་ཀློང་གྲུ་གསུམ་བསྣོལ་མར་འཁྲུག་པའི་དབུས་སུ་ཟངས་ཀྱི་རི་གྲུ་བཞི་པའི་སྟེང་དུ་པདྨ་དང་ཉི་མ། རྟ་རོ་དང་མི་རོ་བརྩེགས་པའི་གདན་ལ། པྲཾ་དང་ཟངས་ཀྱི་རལ་གྲི་ལས་སྐྱེས་པའི་གནོད་སྦྱིན་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་འབར་བ་དང་བཅས་པའི་ཟངས་ཀྱི་རལ་གྲི་ནམ་མཁའ་ལ་ཕྱར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་ཅིང་གཡོན་མདའ་གཞུ་དང་བཅས་པའི་དགྲ་བགེགས་ཀྱི་གློ་སྙིང་ཐུགས་ཀར་འཛིན་པའི་མཆན་ཁུང་གཡོན་དུ་བསེའི་རུ་མཚོན་དམར་པོ་བསྣམས་པ། ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣོ་ངར་གཙིགས་ནས་ལྗགས་རྣམ་པར་བརྐྱང་པ། །སྤྱན་གསུམ་དང་ལྡན་པའི་ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨིན་མ་དང་སྨ་ར་དུས་མཐའི་མེ་ལྟར་རབ་ཏུ་འབར་ཞིང་། དབུ་སྐྲ་ཁམ་སེར་ལྟག་པར་བཅིངས་པ། ཟངས་རྨོག་མེ་འོད་འཕྲོ་བ་ལ་དར་དམར་གྱི་འགྱིང་ཐོད་བཅིངས་པ་གསོལ་བ། ཁྲག་འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཟངས་ཀྱི་བེག་ཙེ་དང་དར་གྱི་རལ་གུ་དམར་པོས་བརྒྱན་ཅིང་། ཞབས་ལ་སག་ལྷམ་དམར་འབོབ་གསོལ་བ། སྒེག་པ། དཔའ་བ། མི་སྡུག་པའི་གཟུགས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱི་ཡེ་ཤེས་(༡༡ན)


GLG011_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་མཾ་ལས་སྲིད་པའི་ལྷ་མོ་གདོང་དམར་མ། སྐུ་མདོག་སྔོ་ནག་གདོང་པ་བསེ། སོ་དུང་། སྨིན་མ་གཡུ། མེའི་རལ་པ་ལ་མཆོང་དང་མུ་མེན་གྱིས་བརྒྱན་ཅིང་། གསེར་གྱི་རྣ་རྒྱན་འཆང་བ། གཅེར་མོ་ཅན་དང་ཞལ་བགྲད་པ། གཡས་ཟངས་གི་རལ་གྲི་དགྲ་ལ་འཕྱར་བ། གཡོན་ལྕགས་ཀྱི་ཕུར་བུ་བགེགས་ལ་འདེབས་པ། དྲེད་མོ་མི་ཟན་ལ་ཞོན་པ། གཙོ་བོའི་གཡས་སུ་པྲཾ་ལས་ལས་མཁན་སྲོག་བདག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་མདུང་དམར་འཕྱར་ཞིང་། གཡོན་བཙན་གྱི་ཞགས་པ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གྱོན་ཞིང་། ཅེ་སྤྱང་ལ་ཞོན་པ། མཚན་མོ་རྒྱུ་ཞིང་དགྲ་བགེགས་ལ་འོ་དོད་འབོད་པ། གཙོ་འཁོར་གསུམ་གྱི་ཤར་དུ་མི་དམར་ཁྲ་མ། ལྷོར་རི་ཙི་མི་དམར། ནུབ་ཏུ་ཀྲོ་ཏི་མི་དམར། བྱང་དུ་སྲོག་བདག་ཀོ་ཤ །ཤར་ལྷོར་ཨཾ་ཀྲི་མི་དམར། ལྷོ་ནུབ་ཏུ་རོ་ཀྲི་མི་དམར། ནུབ་བྱང་དུ་ཧ་ཤང་མི་དམར། བྱང་ཤར་དུ་སྲོག་བདག་ཐལ་བ་སྟེ་གྲི་ཐོགས་བརྒྱད་བཤན་པ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་གཡས་ཟངས་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ལ་ལ་རྒྱུ་མ་ལག་སྡོགས་བྱེད་པ། ལ་ལ་གློ་སྙིང་མཆིན་པ་འབྲད་པ། ལ་ལ་སྙིང་ཁྲག་ཀླད་པ་བལྡག་པ། ལ་ལ་ཤ་ཁྲག་སྦར་གྱིས་འདེབས་པ། ལ་ལ་ནང་ཁྲོལ་རྒྱུ་མ་འདྲེན་པ། ལ་ལ་རུས་པ་རྐང་མར་འཆའ་བ། ལ་ལ་པགས་པ་དམར་བཤུས་བྱེད་པ། ལ་ལ་ཤ་གདན་དམར་པོའི་གདིང་བ། །ཐམས་ཅད་ཀྱང་དགྲ་བོའི་སྲོག་ལེན་པ། མི་ལྤགས་ཀྱི་གཡང་གཞི་དང་། བ་(༡༡བ)


GLG011_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ལང་གི་ཀོ་བ་རློན་པ་གྱོན་པ། གཞན་ཡང་བཙན་དམར་སྟོང་དང་། བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང་། མ་མོ་འབུམ། ཐེའུ་རང་སྟོང་ལ་སོགས་པ་དམ་ཅན་རྒྱ་མཚོའི་དམག་ཚོགས་དཔག་ཏུ་མེད་པས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾཿམགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མ་རུ་ཙེའི་དུར་ཁྲོད་བྲག་དམར་པོ་མཆོང་ལྡིང་གི་ཕོ་བྲང་ནས་གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པ་སྐད་ཅིག་གིས་བཛྲ་ས་མཱ་ཛཿ ཀྱེ། ཡུལ་གཉན་ལོས་མཛད། གཅིག་མྱ་ངམ་འདས་བདུན་ཕ་རོལ་ན། མདའ་ན་ཁྲག་མཚོ་ཕུ་ན་ཟངས་བྲག་བརྩེགས། མི་རོ་རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་དུ་མ་མཚོ་ལྟར་འཁྱིལ། ཁོར་ཡུག་ཟངས་རིའི་ཕྲེང་བས་ཀུན་ནས་བསྐོར། བསེ་མཁར་སྨུག་པོ་དུང་གི་བ་གམ་ཅན། ཐོད་པ་བརྩེགས་པའི་གཞལ་ཡས་ཆེན་པོ་ནས། ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གཤེགས་སུ་གསོལ། །འཁོར་ཚོགས་བཤན་པའི་ཚོགས་རྣམས་༝། །ཞིང་བཅུའི་དམ་ཉམས་དགྲ་བོ་འདུལ་བ་དང་། རྣལ་འབྱོར་བདག་གིས་ལས་བཅོལ་བསྒྲུབ་པའི་ཕྱིར། །ད་ལྟ་ཉིད་དུ་གནས་འདིར་གཤེགས་༝། །ད་ལྟ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང་། །རིངས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །ནག་པོའི་ཕྱོགས་དང་གང་ལ་དམིགས་པ་ཡི། །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རཀྨོ་པྲ་ཎ་ཨཱཏྨ་ས་པ་རི་ཝཱ་ར་ཀཪྵྱཱ་ཡ་ཛཿ། ཛཿཧཱུཾ་བཾ་ཧོཿ། དམ་ཚིག་པ་དང་ཡེ་ཤེས་གཉིས་སུ་མེད་པར་བསམ། པདྨ་ཀ་(༡༢ན)


GLG011_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལཱ་ཡ་སྟྭཾ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་བསྟན་ནས། །མཐུ་སྟོབས་ཕུན་ཚོགས་བསྟན་པ་བསྲུང་མཛད་པའི། །སྒྲོལ་གྱིང་སྲོག་བདག་དམར་པོ་ལ་ཕྱག་འཚལ། །བཀའ་ཡི་འཁོར་གནས་ཡེ་ཤེས་སྲུང་མའི་ཚོགས། །རྣལ་འབྱོར་འདོད་པའི་བདེ་སྟེར་གསང་བའི་ཡུམ། །ལས་བྱེད་བཤན་པ་གཏུམ་པོ་སྡེ་ལྔ་དང་། །མ་མོ་ཐེའུ་རང་ཚོགས་ལ་གུས་པས་འདུད། ཅེས་ཕྱག་བྱ། ཨོཾ་རཀྨོ་པྲ་ཨཱཏྨ་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ་ནས་ཤབྡ་པྲ་ཏཱི་ཙྪ་སྭཱཧཱའི་བར་སྦྱར་ལ་མཆོད། སྔགས་མཐར་ཨོཾ་ཨཱཿཧཱུཾ་བཏགས་ལ་ནང་མཆོད་ཕུལ། ཆོས་སྐྱོང་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་ནས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་རཀྨོ་པྲ་ཎ་ཨཱཏྨ་ས་པ་རི་ཝཱ་ར་སརྦ་བིགྷྣཱཾ་ཤ་ཏྲུཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། སླར་ཡང་ཕྱི་མཆོད་དང་ནང་མཆོད་ཕུལ་ནས། ཀྱེ་རྒྱ་གར་ཡུལ་གྱི་དགྲ་ལྷ། མ་རུ་ཙེའི་གནས་སྲུང་། ལི་ཡུལ་ཆོས་ཀྱི་སྲུང་མ། མ་ཧཱ་དེ་ཝཱའི་བཀའ་ཉན། གཤིན་རྗེ་གཤེད་ཀྱི་བཀའ་སྡོད། ཡབ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན། ཡུམ་སྲིན་མོ་ཁྲག་གི་རལ་པ་ཅན་གྱི་སྲས་གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན། སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར་མ་འཁོར་སྲོག་གཅོད་བཤན་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་(༡༢བ)


GLG011_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཞེས་སོགས་གུར་ལྟར་བྱའོ། །ཀྱེ་བུདྡྷ་ཝརྫྷ་མཛད། དབང་ལྡན་མ་རུ་ཙེ་ཡི་དུར་ཁྲོད་ནས། །མཚོ་དམར་བྲག་ལ་བརྟེན་པའི་གནས་བཅས་པ། །སྒྲོལ་གྱིང་ཆེན་པོ་སྲོག་བདག་དམར་པོ་དང་། །སྲོག་བདུད་ཆེན་པོ་བསེ་ཡི་ལན་ཕྲན་ཅན། །ལྕམ་སྲིང་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །ལས་མཁན་སྲོག་བདག་དམར་པོ་འཁོར་དང་བཅས། །སྒྲོལ་བྱེད་བཤན་པ་གྲི་ཐོགས་བརྒྱད་པོ་དང་། །རོ་བཤན་ཉི་ཤུ་རྩ་གཅིག་འཁོར་དང་བཅས། །བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང་དང་། །བཙན་དམར་སྟོང་གི་དམག་ཚོགས་འཁོར་དང་བཅས། །མ་མོ་འབུམ་དང་ཐེའུ་རང་སྟོང་ལ་སོགས། །སྟོན་པའི་བཀའ་ཉན་བསྟན་སྲུང་རྒྱ་མཚོའི་ཚོགས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །དགྲ་ཤ་ཁྲག་གི་མཆོད་གཏོར་༝། །གཙང་མ་ཕུད་ཀྱི་གསེར་སྐྱེམས་༝། །རབ་དམར་ཁྲག་ཆང་མཆོད་ཡོན་༝། །སྔར་བཅོལ་ལས་ཀྱིས་བཏང་རག་གཉན་པོར་འབུལ། །ད་འཆོལ་ལས་ཀྱི་གསལ་འདེབས་རྟེན་དུ་འབུལ། །རྒྱལ་བའི་བསྟན་དང་བསྟན་འཛིན་གཅེས་པར་སྐྱོངས། །རྣལ་འབྱོར་བདག་གི་གནས་ལུས་ལོངས་སྤྱོད་དང་། །འཁོར་དང་ཡོ་བྱད་བཞོན་པ་ལ་སོགས་པ། །བཅོལ་ལོ་གཏད་དོ་སྲུང་མ་མཐུ་རྩལ་ཅན། །ཉིན་གསུམ་བྱ་ར་རྒྱང་ནས་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་དྲུང་ནས་མ་གཡེལ་ཞིག །རྟག་ཏུ་སྒྲུབ་པའི་སྟོང་གྲོགས་མ་གཡེལ་ཞིག །བླ་མས་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །སྡང་བའི་དགྲ་ལ་མངོན་པའི་རྟགས་སྟོན་ཅིག །རྣལ་འབྱོར་བདག་གི་མགོན་སྐྱབས་དཔུང་གཉེན་མཛོད། །བླ་མའི་སྐུ་(༡༣ན)


GLG011_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བསྟན་པའི་སྤྱི་དགྲ་དང་། །རྣལ་འབྱོར་སྒོས་དགྲ་སེམས་ཅན་ཡོངས་ལ་འཚེ། །མ་ཉེས་ལོག་པར་ལྟ་བའི་དགྲ་དང་བགེགས། །དཔལ་མགོན་ཁྱོད་ཀྱི་སྒྲོལ་ལ་བསྟན་པ་སྲུངས། །ཞེས་བརྗོད་ལ་བསྟབ་བོ། །མཁའ་འགྲོ་སྤྱི་གཏོར་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། །འབར་བའི་ཕྱག་རྒྱ་དཔྲལ་བར་བཅས་ལ། ཕེཾ། ཨོཾ་བཛྲ་ཨཱ་ར་ལི་ཧོཿ ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི། ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿགཏོར་མགྲོན་སྤྱན་དྲངས་པ་ལ་གཏོར་མ་ཕུལ་བར་བསམས་ཏེ། རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ་བའི་མཐར་སེ་གོལ་གཏོག་ཅིང་། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་བ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡརཀྵནྟུ། མ་མ་སརྦ་སིདྡྷིཾ། མེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐམཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཪྻཾ། སཏྶུ་ཁ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་འབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད །ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་གཏོར་ལ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། །རིན་ཅེན་མཁའ་འགྲོ། པདྨ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ་ལ་སོགས་པ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སོགས་གོང་ལྟར་བརྗོད། གཞི་བདག་གཏོར་མ་ནི། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཧཱུཾ་མཛད་ཕྱག་རྒྱ་བཅས་ལ། ཨོཾ་བྷཱུ་མི་པ་ཏི་མཱ་ཀརྵཱ་ཡ་ཛཿ ཞེས་པས་མགྲོན་དགུག ཨོཾ་ཨ་ཀཱ་(༡༣བ)


GLG011_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་ཕུལ། གོང་ལྟར་ཕྱི་ནང་གིས་མཆོད། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་སའི་ལྷ་མོ་བསྟན་མ། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ལ་སོགས་པ་གནས་བདག་གཞི་བདག་གྲོང་བདག་ཡུལ་བདག་གཉུག་མར་གནས་པ་རྣམས་དང་། མ་ལྟར་བྱམས་ཤིང་སྲིང་ལྟར་ཉེ་བ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། གནས་མགྲོན་གྱི་དམ་ཚིག་སྲུངས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་བྱ་བ་དང་སྤྱོད་པ་ཉེས་པ་ལ་ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར་བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་འཕྲིན་ལས་སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ན་མཿབདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད། བཟླས་པ་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀའི་ཡི་གེ་བརྒྱ་པ་གསུམ་བདུན་ཉེར་གཅིག་སྐབས་སྦྱར་བརྗོད། ཡི་དམ་གྱི་སྔགས་ནི། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། མགོན་པོ་གུར་གྱི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཕགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུཾ་ཕགས་(༡༤ན)


GLG011_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ལྷ་མོའི་སྔགས་ནི། ཨོཾ་རུ་རུ་རོ་རུ་བི་ཏིཥྠ་བ་དྷྭ་སི་ཀ་མ་ལ་རཱ་སི་ཧཱུཾ་བྷྱོ་ཧཱུཾ། མགོན་པོ་ཞལ་གྱི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་པི་ཀཱ་ལ། ར་ཏྲི་ཏ། ཌོམྦྷི་ནཱི། ཙཎྜ་ལཱི། རཀྑ་སཱི། སིངྒ་ལཱི་དེ་བཱི་ཧཱུཾ་བྷྱོ་ཧཱུཾ། ལས་མཁན་ལྕམ་དྲལ་གྱི་སྔགས་ནི། ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཨཤུགྨེ་མ་ཧཱུཾ་མ་བྷྱོ་ཛཿཛཿ ཨ་ལི་ཨ་ལི་མ་ཛཿཛཿ ཤཾ་ཤཾ་ལི་ཤི་དེད། ཨ་ཤྭ་དེད། མོ་སྨུགས་སྤུ་གྲི །ཨ་ལི་མ་ཛཿཛཿནག་མོ་ཤ་ལ་རུབས་ཛཿཛཿ ལས་མཁན་ལྕམ་དྲལ་གྱི་སྔགས་ནི། ཨོཾ་པྲ་ཎ་ཨཱ་ཏྨ་ཀྵིརུ་པུ་རུ་ཥ། ལུ་ཧི་ཏ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕགས། ཨོཾ་རགྨོ་ཡ་མ་ཙི་ཏྟ་ཛཱ་ལ་རི། པྲ་ཏི་དེ་ས་ཝཱི་ཧཱུྃ། སྲོག་ལ་ཡ་མ་ཛ༔ སརྦ་ཤ་ཏྲུཾ་མ་ར་ཡ་ཕགས། ལས་སྔགས་ནི། ཨོཾ་ཤྲི་མ་ཧཱ་ཀ་ལ་ཡ། ཤ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱི་ར་ཎཾ། ཡ་དི་པྲཏཱི་ཛྙ། སྨ་ར་སཱི་ཏ་དཱ། ཨི་དཾ་དུ་ཥྚཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྣ་གྲྀཧྣ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཎྚ་ཀ་རཱ་ལ། ལམྦི་ཏ་ཨོཥྠ། ལམྦ་ཀ་པེ་ཀ །ལཾ་བ་ཀ་བ་ལེ། ར་བི་གྷཎྚ། རུ་དྲ་མཱ་ལ་བི་ཧུ་རེ། ཚེ་ད་ཧ་ཀ་ལེ། ཧ་ལེ་ན་ཧ་ལེ། པིམྦི་ཛཱ་ལི། བ་མེ་ཀུནྡི་དྷུ་རི་ཡཾ་མ་ཨེཾ། ད་ཧི་ན་ཀརྟི་ཀ་རོ་ཏྲི། བྷི་བྷི་ཥ་ན་དྷ་ཨེཾ། བཱ་མེ་ཤཱུ་ལ་པཱ་ཎི། ཧ་ར་དྷོ་ར། ན་ར་སཱི་ར་མཱ་ལ། པཱ་ཏ་ལེ་ཀྵིཾ་ཀཱ་ར་ཀ་ལ། མ་ཧཱ་པོ་ཊ་ལེ། མ་ཧཱ་ཀཱ་ལ་ཤྲཱི། ཀ་བི་ལ་ཀི་བི་ལ་སིཾ་ཀྵེ་ཏྲ་པཱ་ལ། ཧ་ཧ་ཀ་རེ། བཱུརྦ་བྷ་ཥབྷི་ཨུཾ། ཛཽ་ཛནྟི། མཱཾ་ས། བྷ་ཏ ཕུལླ དྷཱུ་པ། ཨི་གྷ་(༡༤བ)


GLG011_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཧ། བ་ལིཾ། ཛི་གྷྲ་ཧ། ད་ཤ་དི་ཀ །ཨུཏྟཱ་ར་ཝུ་རི། ཎོཾ་བྷི་ནཱི། ཙཎྜ་ལཱི། རཀྑ་སཱི། སིངྒ་ལཱི། དེ་ཝཱི། ཧ་ན་ཧ་ན། བནྡྷ་བནྡྷ། མཱ་ར་མཱ་ར། ད་ཧ་ད་ཧ། བ་ཙ་བ་ཙ། ཀྵིཾ་ཀྵིཾ། ལེ་ཧེ་བ་ལིཾ་དེ་ཧི་སིདྡྷུ། བི་ཀཱ་ལ་ཤ་ཏྲུཾ། མཱ་ར་ཡ་ཧཱུཾ་ཕཊ་ཏྲ་ཀ་རཀྴ་ཁ་མུནྟ། རུ་ལུ་རུ་ལུ་ཏྲཀ་རཀྴ་སྙིང་ཁྲག་སྙིང་བྷྱོཿ སྤུ་ཏ་སྤུ་ཏོ་བྷྱོཿ ཤ་ཤ་ཏྲག །ཤ་ཤ་ཏྲག ཏྲགྨོ་ཏྲ་པ། སྙིང་ཁྲག་རགྨོ་ཏྲ་པ། གནོད་བྱེད་མཱ་ར་ཡ། ཨོཾ་མ་ཧཱ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། ཀ་མ་ལ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། གུ་ཧྱ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། ཧྲི་བཾ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། མ་མ་ཙ་སྤུར་ཙིཏྟ་སྲོག་ཏུཾ་ཏུཾ། པུ་རུ་ཙ་ལྟུཾ་ཙིཏྟ་སྲོག་ཏུཾ་ཏུཾ། དྷྲི་ག་དྷྲི་ག་ཡ་དུ་པ་ཤ་ནི་སོད། དུཾ་ཤིག་ཨཱ་གད་ཛཿ མོན་བུ་ཨཱ་གད་ཛཿ ཡ་རྣིར་ཡ་རྣིར་མོན་བུ་ཛཿ མོན་བུ་ཁྲག་ལ་འཇིབས་ཛཿ། རྣིར་ན་རྦད། དུ་ན་རྦད། ཤི་ན་རྦད། ཤག་ཤིག་རྦད། ཏྲི་ན་རྦད། དུ་ན་རྦད། མོན་བུ་པུ་ཏྲ་ཤཾ་རྦད། ཡཾ་སྨུགས། ལིང་འདུས། ཁཾ་ཤོད། པ་ཡ་མོ་ཛཿ དགྲ་བོའི་རུས་ལ་ཁྲོལ་ཁྲོལ་རྦད། གསེར་གྱི་སྤུ་གྲི་གནོད་བྱེད་ཀྱི་སྙིང་ལ་ཡཾ་རྦད། ཅེས་པ་ཅི་རིགས་པ་བཟླས་རྗེས་སུ་བྷ་ཡ་ན་ཚར་གསུམ། སུ་གང་དག་སོགས་དམོད་པ་འདོར་ཞིང་ཐལ་མོ་བརྡབ་པར་བྱའོ། འཁོན་གཅུགས་སྦྱང་བའི་བཟླས་པ། གཉའ་གནོན་གྱི་བཟླས་པ། །ཐུགས་མཉེས་པའི་བཟླས་པ། དྲག་པོའི་བཟླས་པ་བཞི་པོའི་དམིགས་པ་རྣམས་ཁའུ་བྲག་རྫོང་བའི་ཁྱད་ཆོས་ལྟར་ཞལ་ལས་བླང་བར་བྱའོ། །ཐུན་གྱི་མཐར་གཏོར་མ་སྐྱོང་བར་འདོད་པས། ཡི་དམ་མ་གཏོགས་པའི་གཏོར་མ་གཞན་རྣམས་སྒྲུབ་ཁང་གི་སྟེང་གི་གཏོར་སྟེགས་སམ། ས་གཙང་སར་ཁྱེར་ལ།(༡༥ན)


GLG011_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་བྷྱོ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང་། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ། །འཇིགས་གཟུགས་མཁའ་འགྲོ་ཡུམ་ཆེན་སྲིང་མོ་བཞི། ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །མཁའ་ལྡིང་བྱ་ཁྱི་ལྕགས་སྤྱང་འཁོར་དང་བཅས། པུ་ཏྲ་ལ་སོགས་ལས་མཁན་འཁོར་དང་བཅས། །ཆོས་སྐྱོང་བེག་ཙེ་ལྕམ་དྲལ་འཁོར་དང་བཅས། །སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །འདིར་བཞུགས་གཞི་བདག་གཉན་པོ་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་སོགས་དཀྱུས་ལྟར་བྱ། །དེ་ནས། ཨོཾ། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་མཛོད། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །བསམས་པའི་དོན་རྣམས་ཡིད་བཞིན་གྲུབ་པ་དང་། འགྲོ་བའི་དོན་ལ་མཐུ་དང་ལྡན་པས་མཛོད། ཡི་གེ་བརྒྱ་པ་དང་། མ་འབྱོར་བ་དང་ཉམས་པ་དང་། ཞེས་སོགས་བརྗོད། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་(༡༥བ)


GLG011_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྠ་བཛྲེ་སྭཱཧཱ། རྟེན་མེད་པའི་གཏོར་མགྲོན་རྣམས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་དང་། བཛྲ་མུཿ ཡེ་ཤེས་པ་རང་གནས་སུ་གཤེགས། །དམ་ཚིག་པ་ཛཿཧཱུཾ་བཾ་ཧོཿ བདག་དང་གཉིས་སུ་མེད་པར་བསམ། དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི། །ལུས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབས་ནས་ཚེ་འདི་ཁོ་ན་ལ། །རྡོ་རྗེ་འཛིན་པའི་ས་ལ་འགོད་པར་ཤོག །བདག་གིས་དུས་གསུམ་དགེ་བ་ཅི་བསགས་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །བདག་ཀྱང་སངས་རྒྱས་མ་ཐོབ་བར། །སྐྱེ་དང་སྐྱེ་བར་གནས་བཟང་པོ། རིགས་བཟང་སྤྱོད་པ་བཟང་བ་དང་། །གྲོགས་བཟང་བླ་མས་རྗེས་འཛིན་ཤོག །ཚུལ་ཁྲིམས་དག་ཅིང་མཁས་ལ་བསྒྲིན། །རྣམ་པར་དག་ཅིང་རྒྱུད་གཅིག་ལ། །སྐལ་བཟང་སྤྱོད་པས་རྣམ་བརྒྱན་པ། །ཐོས་ནས་ལེགས་པར་སྟོན་པར་ཤོག །མགོ་བོར་བླ་མའི་ཅོད་པན་འཆང་། །(༡༦ན)


GLG011_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་ཐབས་ཤེས་རྡོར་དྲིལ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླ། །ཡིད་ཀྱིས་ཟུང་འཇུག་བསྒོམ་པར་ཤོག །དེང་ནས་བྱང་ཆུབ་མ་ཐོབ་པར། །བླ་མ་ལྷ་དང་མི་འབྲལ་ཞིང་། །སྒྲུབ་ལ་བར་ཆད་མེད་པ་དང་། །བསྟན་ལ་བྱ་བ་བྱེད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་ཚིག་ཡིན་ཏེ། །བདེན་པ་དེ་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་གནས་སྐབས་ཀྱི་སྨོན་ལམ་དང་བདེན་ཚིག་གི་རྒྱས་གདབ། ཤིས་བརྗོད་ནི། རྡོ་རྗེ་འཆང་དབང་ཀླུ་སྒྲུབ་མཆོག་སྲེད་ཞབས། །མལ་གཉན་འཁོན་རིགས་འཇམ་མགོན་རིམ་བྱོན་དང་། ཁའུ་པ་དང་ཚར་ཆེན་ཡབ་སྲས་སོགས། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དཀྱིལ་འདི་མན་ཚར་ཆེན་གྱི་གསུང་། འཁོར་རྒྱ་མཚོའི་ཁྱབ་བདག་ཀྱཻ་རྡོ་རྗེ། །དམ་ཆོས་རྒྱ་མཚོའི་ཉིང་ཁུ་གསུང་ངག་མཆོག །བསྟན་འཛིན་རྒྱ་མཚོའི་གཙུག་རྒྱན་ས་སྐྱ་པ། །མཆོག་གསུམ་འགྲན་ཟླ་བྲལ་བའི་བཀྲ་ཤིས་ཤོག །བསྟན་སྲུང་ཀུན་གྱི་སྡེ་དཔོན་རྡོ་རྗེ་གུར། །བསྟན་འཛིན་བུ་ལྟར་སྐྱོང་བའི་འདོད་ཁམས་མ། །བསྟན་དགྲའི་གཤེད་མ་ཞིང་སྐྱོང་གདོང་བཞི་པ། །བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །འདོད་དགུའི་མཆོག་སྦྱིན་རྗེ་བཙུན་རིགས་བྱེད་མ། །འདོད་ཡོན་ཆར་འབེབས་ལྷ་ཆེན་ཚོགས་ཀྱི་བདག །འདོད་པའི་རྒྱལ་པོ་ཁམས་གསུམ་དབང་སྡུད་ལྷས། །འདོད་དོན་བདེ་བླག་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་པ་བྱའོ། །སྨྲས་པ། འཕྲིན་ལས་མྱུར་མགྱོགས་ཕོ་ཉའི་ཆུ་གཏེར་ལས། །ཆོས་སྐྱོང་དགྱེས་བསྐྱེད་གཏོར་ཆོག་(༡༦བ)


GLG011_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་ནོར། ཁོ་བོའི་བློ་གྲོས་རྒྱལ་མཚན་རྩེར་བཀོད་ཚེ། །མཆོག་མཐུན་དངོས་གྲུབ་འདོད་དགུ་ཆར་དུ་བསྙིལ། །ལུགས་སྲོལ་གཞན་གྱི་རྒྱས་བཀབ་འདྲ་བཅོས་དང་། ཁུངས་བྲལ་རང་བཟོས་བསླད་པའི་དཔར་ཧྲུལ་མིན། ཁའུ་བྲག་རྫོང་བཞེད་པའི་ལམ་སྲོལ་ལྟར། །བཀླགས་ཆོག་འཁྱེར་བདེའི་ཚུལ་དུ་གསལ་བར་བཀོད། །གདམས་པའི་གནད་བྲལ་དྲག་བརྡུང་རོལ་མོ་ཙམ། །སྒྲོགས་པས་ཞིང་སྐྱོང་བྲན་འཁོར་གྲུབ་མཆོག་ཏུ། །རློམ་རྣམས་ལྷ་ལམ་ངོས་ཀྱི་འཇའ་རིས་ལྟར། །རབ་བགྲད་དོན་གྱིས་སྟོང་པའི་གཟུགས་བརྙན་བཞིན། །བླ་མ་ཟབ་ཆོས་བརྒྱུད་ཚུལ་མི་སེམས་ཤིང་། །གྲགས་འདོད་དབང་གིས་དཔེ་ཙམ་འཁྱམས་པ་ལ། ངག་འདོན་གཟུ་ལུམས་སྤྱོད་ན་དྲེགས་ལྡན་དེ། བཀའ་སྲུང་བཤན་པ་དམར་པོས་ཆད་པ་ཆོད། །རྟོག་གེས་གཞལ་བའི་ཚིག་གི་སྦུན་པ་དང་། སྟོབས་ལྡན་ཟོག་ཆོས་བྱེད་པའི་དཔེ་འཁྱམས་མིན། །ཡིད་བཞིན་ནོར་འདྲའི་གསང་ཆེན་སློབ་བཤད་ཀྱི། །ལུགས་ལྟར་བཀོད་ལ་ཆོས་སྲུང་དགྱེས་པ་བསྐྱེད། །དགེ་དེས་ཐུབ་བསྟན་འཇོམས་པའི་དགྲ་བགེགས་དཔུང་། །སྲོག་དང་ཕྲལ་ཏེ་རྣམ་ཤེས་མི་བསྐྱོད་པའི། །ཞིང་དུ་རྒྱལ་བའི་སྲས་སུ་ཉེར་བསྐྲུན་ཏེ། །ཕན་བདེའི་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་དཔལ་གུར་གྱིས་མགོན་པོ། གདོང་བཞི་པ་ལས་མཁན་དང་བཅས་པ་ལ་གཏོར་མ་འབུལ་བའི་ཆོ་ག་འཕྲིན་ལས་ལྷུན་གྲུབ་ཅེས་པ་འདི་ནི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཕྱག་ལེན་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་བར་དུ་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་པའི་ལུགས་སྲོལ་(༡༧ན)


GLG011_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ངག་རིན་པོ་ཆེ་འཕྲིན་ལས་མྱུར་མགྱོགས་ཕོ་ཉའི་དགོངས་པ་དང་ཕྱག་ལེན་ཇི་ལྟ་བ་བཞིན་ཡིན་ནའང་ཕོ་ཉ་མྱུར་མགྱོགས་སྙན་བརྒྱུད་གླེགས་བམ་དུ་བཞུགས་པས་བཀའ་རྒྱ་དམ་པ་དང་། ལས་མཁན་རྣམས་རུ་ང་ཕྲག་དོག་ཆེ་བས་དངོས་སུ་སྤེལ་བར་མ་ནུས་ལ། འདོན་ཆའི་སྐོར་རྣམས་ཟུར་དུ་ཕྱེ་ཞིང་གསུང་དངོས་རྣམས་རས་སུ་མ་བོར་བར་ཇི་ལྟ་བ་བཞིན་བྲིས། སྐུ་གསུམ་མངོན་གྱུར་མ་སོགས་འགའ་ཞིག་བསྣན་ཏེ་བཀླགས་ཆོག་ཏུ་རང་གི་བརྗེད་བྱང་དང་། ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་རྒྱུན་འཁྱེར་དུ་ཨ་ཝ་དྷཱུ་ཏཱི་བའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ས་ཕོ་བྱི་བའི་ལོ་ཆུ་ཤེལ་གྱི་དབང་པོ་མགོས་ཉ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་སྦྱར་བ་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྟོད་བསྐུལ་བཤན་པ་རྣམ་པར་རོལ་པ།


GLG011_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ཀྱི་བསྟོད་བསྐུལ་བཤན་པ་རྣམ་པར་རོལ་པ་བཞུགས་སོ།།


GLG011_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཆོས་དབྱིངས་འགྱུར་བ་མེད་པའི་སྒྱུ་འཕྲུལ་དྲ་བའི་རོལ་གར་ལས། །ལོངས་སྐུ་ཁྲོ་རྒྱལ་ནག་པོ་ཆེན་པོ་དགྲ་བགེགས་སྟེང་དུ་བྲོ་བརྡུང་བའི། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཀུན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཆོག །དམ་ལྡན་རྣལ་འབྱོར་ཚོགས་ཀྱིས་བསྟོད་ན་དགྱེས་པའི་དམར་ཟླུམ་སྤྱན་གྱིས་གཟིགས། །མཆོག་སྲེད་རི་སུལ་རྣལ་འབྱོར་མལ་ལོ་གཉན། །ས་སྐྱ་པ་དང་བདག་ཆེན་རྡོ་རྗེ་འཆང་། །ཀུན་སྤངས་ཆོས་རྗེ་ཚར་ཆེན་མཁྱེན་བརྩེ་དབང་། །རྩ་བརྒྱུད་བླ་མའི་བསྟན་སྲུང་ནག་པོ་ཆེ། །ཁྱོད་ཉིད་བསྟོད་ཅིང་བསྐུལ་བའི་དབྱར་སྐྱེས་རྔ། །སྲིད་གསུམ་ལྡེག་ཅིང་གཡོ་བ་ཙམ་ཉིད་དུ། །འགག་མེད་རྡོ་རྗེའི་དབྱངས་སུ་ལེན་བྱེད་ན། །དངོས་གྲུབ་རྣམ་གཉིས་ཆར་ལྟར་དབབ་ཏུ་གསོལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་གདོང་བཞི་པ་ལས་མཁན་དང་བཅས་པའི་གཏོར་ཆོག་སོགས་ཀྱི་སྐབས་སུ་ཉེ་བར་མཁོ་བའི་བསྟོད་ཅིང་བསྐུལ་བའི་ཚོགས་(༢ན)


GLG011_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིམ་པ། དཔལ་ལྡན་ས་སྐྱ་བའི་བསྟན་སྲུང་དབང་པོའི་ཚོགས་རྣམས་ཀྱི་བསྟོད་པའི་རིམ་པ་ལས་བསྡུས་པ་དང་། གཞན་ཡང་ཁུངས་ལྡན་བརྒྱུད་པའི་གསུང་གི་རིམ་པའི་ཚོགས་འགའ་ཞིག་བརྗོད་པ་ནི་འདི་ལྟ་སྟེ། གུར་མགོན་ལྕམ་དྲལ་གྱི་བསྟོད་པ་ནི། ཧཱུཾཿ འཕགས་པ་རིན་པོ་ཆེས་མཛད། གང་གི་ཐུགས་ནི་དབྱིངས་ལས་མ་གཡོས་ཀྱང་། །རྒྱལ་བ་ཀུན་གྱི་འཕྲིན་ལས་བསྒྲུབ་པའི་ཕྱིར། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །དཔལ་ཆེན་གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། ཁྱོད་སྐུ་ལྷུན་པོ་ལྟ་བུར་རབ་བརྗིད་ཅིང་། །མི་འགྱུར་ནམ་མཁའི་མདངས་ལྟར་ཤིན་ཏུ་མཛེས། །ཆོས་སྐུ་དེ་བཞིན་ཉིད་དུ་གཅིག་པའི་དབུ། །བདེན་གཉིས་ཟབ་མོའི་དོན་མཚོན་ཕྱག་དང་ཞབས། །སྐྱོན་དྲུག་གཅོད་ཅིང་བདུད་སྡེའི་ཚོགས་འཇོམས་ཕྱིར། །གཡས་པའི་ཕྱག་གིས་གྲི་གུག་ཐུགས་ཀར་འཛིན། །འདོད་ཁྲོ་རྨོངས་སྤངས་གཡོན་པའི་ཕྱག་གིས་ནི། །གདུག་པའི་ཁྲག་གིས་གང་བའི་ཐོད་པ་འཛིན། །ཆོས་སྒྲ་ཆེན་པོས་བདུད་ཀྱི་ཀླད་འགེམས་ཕྱིར། །རྣམ་(༢བ)


GLG011_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གཎྜི་ཕྱག་གི་དབུས་ན་བསྣམས། །དེ་བཞིན་གཤེགས་པ་ལྔ་ནི་རྣམ་དག་པ། །མི་མགོ་སྐམ་པོ་ལྔ་ཡིས་དབུ་བརྒྱན་ཅིང་། །ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པའི་ཕྱིར། །གདུག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་ཅན། །གཟུང་འཛིན་རབ་སྤངས་སྟག་གི་ཤམ་ཐབས་ཅན། །ཀླུ་ཆེན་དབང་དུ་སྡུད་པས་སྦྲུལ་གྱིས་བརྒྱན། །རིན་ཆེན་རུས་པའི་རྒྱན་གྱིས་རབ་ཏུ་སྒེག །བདུད་སྡེ་དཔུང་བཅས་མི་བཟད་འཛོམས་མཛད་པ། ཁྲོ་གཉེར་མཆེ་བ་རབ་གཙིགས་མི་སྡུག་པ། །སྣ་ཚོགས་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །གང་གི་གསུང་ནི་ནམ་མཁའི་མཐས་གཏུགས་པར། །ཧ་ཧ་ཧི་ཧི་ཞེས་པས་རབ་ཏུ་བཞད། །ཧཱུཾ་ཧཱུཾ་ཕཊ་ཕཊ་ལ་སོགས་དྲག་ཤུལ་སྒྲས། །བདུད་དང་ལོག་འདྲེན་ཚོགས་རྣམས་སྐྲག་པར་མཛད། །དཔའ་བོའི་གསུང་གི་ང་རོ་འབྲུག་སྟོང་སྒྲས། །ཤིན་ཏུ་འཇིགས་རུང་སྒྲོག་པ་དེ་ལ་འདུད། ཁྱོད་ཀྱི་ཐུགས་ནི་སྤྲོས་ལས་རྣམ་གྲོལ་ཡང་། །སྙིང་རྗེའི་དབང་གིས་འགྲོ་བའི་ཡིད་ལས་བྱུང་། །སྐད་ཅིག་གིས་ནི་ཁམས་གསུམ་མ་ལུས་ཀུན། །ཟ་བར་ནུས་པའི་རྔམ་པ་མཆོག་དང་ལྡན། །དེ་ལྟའི་སྤྲུལ་པ་སྣ་ཚོགས་རབ་སྟོན་ཀྱང་། །རང་བཞིན་ཆོས་སྐུ་ཉེར་ཞིའི་ཐུགས་ལ་འདུད། །དཔའ་བོ་ཁྱོད་ཀྱིས་ཐུབ་པའི་བསྟན་པ་མཆོག །རབ་ཏུ་སྐྱོང་ཕྱིར་ལོག་འདྲེན་འདུལ་བ་དང་། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི། །ལམ་ལ་གནས་པའི་རྡོ་རྗེ་འཛིན་པ་སྐྱོངས། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི། །རྨི་ལམ་ལྟས་སྡིག་སྐལ་བ་ངན་པ་དང་། །ནད་དང་གནོད་དང་དུས་མིན་འཆི་ལ་སོགས། །མི་མཐུན་(༣ན)


GLG011_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རྣམས་ཞི་བར་མཛད་དུ་གསོལ། །བདག་དང་བདག་ལ་ཕན་པར་གང་སེམས་པ། །དེ་དག་ཀུན་གྱི་ཚེ་དང་བསོད་ནམས་དང་། །འཁོར་དང་ལོངས་སྤྱོད་མཐུ་དང་དབང་ཕྱུག་ཀུན། །རྟག་ཏུ་མི་ཉམས་རྒྱས་པར་མཛད་དུ་གསོལ། །ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་སོགས། །འགྲོ་བ་ཀུན་གྱི་གདུག་པའི་སེམས་ཞི་ནས། །ཐམས་ཅད་བདག་གི་དབང་དུ་གྱུར་ནས་ཀྱང་། །ཐེག་མཆོག་བསྟན་པའི་སྣོད་དུ་འགྱུར་བར་མཛོད། །གང་ཞིག་ཞི་བས་འདུལ་བར་མི་ནུས་ཤིང་། །གདུག་ཅིང་གཏུམ་པའི་སེམས་དང་རབ་ལྡན་པས། །བླ་མ་དམ་པའི་སྐུ་ལ་སྡོ་བ་དང་། །སེམས་ཅན་ལ་འཚེ་ཐུབ་པའི་བསྟན་ལ་གནོད། །རྣལ་འབྱོར་རྡོ་རྗེ་འཛིན་པ་བདག་ཅག་གི །སྒྲུབ་ལ་བར་དུ་གཅོད་པར་བྱེད་པ་ཡི། །གནོད་དང་ལོག་པར་འདྲེན་པའི་ཚོགས་ཀུན་ལ། །གཏུམ་པོ་ཁྱོད་ཀྱི་མངོན་སྤྱོད་ལས་ཀྱིས་ནི། །བསྐྲད་དང་གཟིར་དང་བཅིངས་དང་རེངས་པ་དང་། །རྨུགས་ཤིང་དྲན་པ་རབ་ཏུ་ཉམས་པ་དང་། །དེ་ཡི་ལུས་ངག་ཡིད་ཀྱི་རྫུ་འཕྲུལ་དང་། །མཐུ་དང་ལོངས་སྤྱོད་དབང་ཕྱུག་ཚོགས་རྣམས་ཀུན། །སྐད་ཅིག་གིས་ནི་ཐམས་ཅད་རབ་ཉམས་ནས། །འདུ་བ་རྣམ་བཞིའི་ནད་ཀྱིས་གཟིར་ནས་ཀྱང་། །ཁ་ནས་ཁོང་ཁྲག་དྲོན་མོ་རབ་བསྐྱུགས་ནས། །ད་ལྟ་ཉིད་དུ་བསད་ཅིང་བསྒྲལ་བར་གྱིས། །བདག་གིས་བསྒོ་བའི་ལས་འདི་མ་བསྒྲུབས་ན། །སྔོན་ཚེ་བདེ་བར་གཤེགས་པའི་སྤྱན་སྔ་རུ། །ཐུབ་པའི་བསྟན་པ་བསྲུང་བར་ཁས་བླངས་པ། །དམ་བཅས་ཉམས་འགྱུར་དེ་སླད་མ་གཡེལ་ཞིག །ཧཱུཾཿ གཟུངས་འདུས་ལས་བྱུང་། ཀུན་(༣བ)


GLG011_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་པོའི་རིག་མ་ལས། །མ་གཡོས་ཨུ་མ་དེ་ཝཱིའི་སྐུ། །མ་མོ་ཐམས་ཅད་བསྐྱེད་མཛད་མ། །ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་མི་འགྱུར་སྐུ་མདོག་མཐིང་། །ཡེ་ཤེས་དབུ་གཅིག་འགྱིང་ཞིང་ཁྲོ། །གཡུ་ཡི་རལ་པས་སྲིད་གསུམ་སྒྲོལ། །སྙན་གཉིས་འགྲོ་དྲུག་གསོལ་འདེབས་གསན། །ཤངས་ཀྱི་རླུང་སྒྲས་བག་ཆགས་འཇོམས། །སྐྱེ་ཤི་རྩད་གཅོད་མཆེ་བ་གཙིགས། །སྤྱན་གསུམ་འགྲོ་ལ་གཟིགས་ཤིང་བཞད། །ཐར་པའི་ལམ་སྟོན་གསུང་དབྱངས་སྙན། །ཐབས་དང་ཤེས་རབ་ཕྱག་གཉིས་ཀྱིས། །གཡུ་ཡི་བུམ་པ་ཐུགས་ཀར་འཛིན། །ཚེ་འཛིན་བདུད་རྩིའི་བཅུད་ཀྱིས་གཏམས། །སྐྱེ་འགྲོ་གསོ་བའི་ཡུམ་གཅིག་མ། །ཨེ་ཀ་ཛཱ་ཊཱི་དཔལ་དང་ལྡན། །ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །བྷྱོཿ བྲམ་ཟེ་མཆོག་སྲེད་ཀྱིས་མཛད། རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམས་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་དཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་མཛད། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །སྟོབས་འཕྲོག་ཞལ་བཞི་པའི་བསྟོད་པ་ནི། ཧཱུྃཿ ས་པཎ་གྱིས་མཛད། དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་སྒྱུར་ཞིང་། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོག་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གཞོན་ནུའི་ལུས་ཅན་བགེགས་འཇོམས་ཁྱོད་ལ་བསྟོད། །(༤ན)


GLG011_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མའི་མིང་ཅན་དྲག་པོའི་ཕྲེང་བ་ཅན། །ཉི་ཟླ་འབར་བའི་མིག་གིས་བདུད་འཇོམས་ཤིང་། །བརྐྱང་བསྐུམ་གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་ཅན། །མདུང་རྣོན་གྲི་གུག་བུམ་ཐོད་འཛིན་ལ་བསྟོད། །འཇིགས་བྱེད་མྱུར་འགྲོ་ཚངས་སྐུད་མི་མགོ་ཡི། །ཕྲེང་བ་འཛིན་ཞིང་ས་གསུམ་སྐྲག་བྱེད་པ། ཀྵིཾ་ཀྵིཾ་སྒྲ་སྒྲོག་སྲིན་པོའི་གཟུཊ་འཛིན་པའི། །དུས་མཐའི་མེ་ལྟར་འབར་བ་ཁྱོད་ལ་བསྟོད། །དཔལ་ལྡན་གྲུ་འཛིན་ཆེན་པོ་ན། ཁྱོད་བཞུགས་ཏེ་སེའི་གངས་རི་ལ། གདོང་བཞི་ལྡན་ཁྱོད་ཞིང་སྐྱོང་མཛད། །ཀུན་སྲུང་ཁྱོད་ལ་བསྟོད་པར་བྱ། །ཧ་ཧའི་གད་བརྒྱངས་འབྲུག་སྒྲ་སྒྲོག །ཧཱུཾ་ཧཱུཾ་སྒྲོག་པའི་དཔལ་ཁྱོད་ཀྱིས། །སྲིད་གསུམ་གནས་པའི་བགེགས་རྣམས་ཀུན། །སྐྲག་མཛད་ཁྱོད་ལ་བསྟོད་པར་བྱ། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །དམ་བཅས་དོན་དེ་ད་ལྟ་འདིར། །བསྒྲུབ་ལ་ཐོགས་པ་མེད་གྱུར་པ། །དམ་ཚིག་ལྡན་ཁྱོད་བསྟོད་པར་བྱ། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་ལ་དགའ་བ། ཁྱོད་ནི་བྱང་ན་རབ་བཞུགས་ཀྱང་། །ཕྱོགས་བཅུའི་དབང་ཕྱུག་ཁྱོད་ལ་བསྟོད། །གཡུང་མོ་གཏུམ་མོ་སྲིན་མོ་དང་། །སིངྒ་ལ་གནས་རྣལ་འབྱོར་མ། །དམར་སེར་ལྗང་ནག་ཁྲོས་པའི་ཞལ། །གྲི་གུག་ཐོད་འཛིན་རྣམས་ལ་བསྟོད། ཁྱོད་ནི་རང་ཕྱོགས་ལེགས་སྐྱོང་ཞིང་། །གཞན་ཕྱོགས་རྣམ་པར་སུན་འབྱིན་པ། །དོན་གཉིས་བསྒྲུབ་པའི་ཡབ་ཡུམ་ལ། །བདག་གིས་རྟག་ཏུ་བསྟོད་པར་བྱ། །དེ་ལྟར་བསྟོད་ཅིང་རབ་བསྔགས་པས། །བདག་ཅག་འཁོར་བཅས་(༤བ)


GLG011_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་དང་། །འདོད་པ་ཐམས་ཅད་བསྒྲུབ་པ་དང་། །བགེགས་རྣམས་མ་ལུས་མེད་པར་མཛོད། ཁྱོད་ཀྱིས་སྒྲུབ་པའི་ལས་བྱ་ཞིང་། །རྗེས་སུ་བསྒྲུབ་ན་བརྩེ་བ་དང་། །ཡོངས་སུ་བསྟེན་ན་དགྱེས་པ་དང་། །སུན་འབྱིན་རྣམ་པར་གཞོམ་པར་མཛོད། །ཀློག་པ་རྣམས་ནི་རྒྱས་པ་དང་། །ཁ་ཏོན་ཕུན་སུམ་ཚོགས་པ་དང་། །སྒྲུབ་པ་དྲི་མ་མེད་པ་ཡི། །བསྟན་པ་དག་ཀྱང་དར་བར་མཛོད། །མདོར་ན་གང་དང་གང་བཅོལ་བའི། །དེ་དང་དེ་ཡི་ལས་རྣམས་ལ། །བཏང་སྙོམས་གཡེལ་བ་མ་མཛད་བར། །བདག་ལ་རྗེས་སུ་བརྩེ་བར་མཛོད། །ཧཱུཾ གཉན་གྱིས་མཛད། པཾ་པད་རཾ་ཉི་རོ་སྟེང་དུ། ཧཱུཾ་སྐྱེས་ནག་པོ་འཇིགས་པའི་གཟུགས། །ཞལ་བཞི་ཕྱག་བཞི་ཞབས་གཉིས་ལ། ཁྲོ་གཏུམ་རྔམ་པ་ཁྱོད་ལ་བསྟོད། །གཡས་གཉིས་སྔོན་པོ་མཆེ་གཙིགས་ཞལ། །སྤྱན་རྩ་དམར་ཟླུམ་ཉི་ལྟར་འཁྱིལ། །སྨིན་མ་སྨ་ར་དམར་སེར་འབར། །ལྗགས་འདྲིལ་ཧ་ཧར་བཞད་ལ་བསྟོད། །གཡོན་གཉིས་ལྗང་གུ་ཁྲོ་གཉེར་འཁྲིགས། །དཔྲལ་བསྡུས་སྡང་མིག་གློག་ལྟར་གཟིགས། །ཤང་ནས་རླུང་འཚུབ་རྡུལ་གྱིས་འགེངས། །ཧཱུཾ་ཧཱུཾ་སྒྲ་འབྱིན་ཁྱོད་ལ་བསྟོད། །གཡས་གཡོན་གྲི་གུག་ཐོད་ཁྲག་ནི། །ཐུགས་ཀར་སྟེང་འོག་བསྣམས་པ་ཡིས། །དགྲ་བགེཊ་སྙིང་འབྱིན་དགྲ་ཁྲག་འཐུང་། །ཕཊ་ཕཊ་དགྲ་བགེགས་སྒྲོལ་ལ་བསྟོད། །གཡས་གཡོན་འོག་མའི་ཕྱག་གཉིས་ཀྱིས། །རྩེ་གསུམ་བུམ་པ་བསྣམས་པ་ནི། །མདུང་རྣོན་དགྲ་བགེགས་ལུས་ལ་འདེབས། །བུམ་པས་(༥ན)


GLG011_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་དངོས་གྲུབ་རྩོལ། །མི་མགོ་ཁྲག་འཛག་ལྔ་བཅུ་དང་། །དྲིལ་བུ་གཡེར་ཀའི་སིལ་སིལ་གྱི། །ཞིང་སྐྱོང་ཁྱོད་ཀྱི་སྐུ་ལ་བརྒྱན། །སྲིད་གསུམ་གཡོ་བྱེད་ཁྱོད་ལ་བསྟོད། །ཞབས་གཉིས་གར་གྱི་དོར་སྟབས་ཀྱིས། །ས་གཞི་རབ་གཡོས་དགྲ་བགེགས་འདུལ། །དཔའ་བོ་ཁྲོ་བྱེད་རང་ཤ་གཅོད། །རྔམ་པའི་དཔའ་བོ་ཁྱོད་ཕྱག་འཚལ། །བྷྱོཿ གཡས་ཕྱོགས་རྒྱུག་བྱེད་གཡུང་མོ་ཁྱོད། །གྲི་གུག་ཐོད་འཛིན་བཤུག་པས་འགེང་། །དགྲ་བོ་མྱོས་བྱེད་གསོད་བྱེད་མ། །གཡུང་མོ་ནག་མོ་ཁྱོད་ལ་བསྟོད། །གཡོན་ནས་འགྱིང་སྟབས་བཞད་ཅིང་རྒྱུག །གྲི་གུག་ཐོད་འཛིན་ཤ་རུས་ཟ། །དགྲ་བགི་སྨྱོ་དབང་གསོད་བྱེད་མ། །གཏུམ་མོ་ལྗང་གུ་ཁྱོད་ལ་བསྟོད། །མདུན་ནས་སྲིན་མོ་མཆོང་སྟབས་རྒྱུག །གྲི་གུག་ཐོད་འཛིན་དགྲ་སྙིང་འབྱིན། །བནྡྷ་ཁྲག་གང་ཡབ་ལ་སྟོབ། །ཡབ་ལ་དགྱེས་འཁྲིལ་ཡུམ་ལ་བསྟོད། །རྒྱབ་ནས་གར་སྟབས་གསར་ཞིང་རྒྱུག །གྲི་གུག་ཐོད་འཛིན་སིང་གླིང་མ། །འོ་དོད་ཁུས་འདེབས་དགྲ་བོ་དགུག །སིངྒ་གླིང་མ་ཁྱོད་ལ་བསྟོད། །གཙོ་འཁོར་འཁོར་བཅས་ཏེ་སེའི་གནས། །ཞིང་སྐྱོང་སྲུང་མ་གཙོ་འཁོར་ལྔས། །བསྟན་དགྲ་གདུག་པའི་དགྲ་བགེགས་རྣམས། །སྒྲོལ་བྱེད་གཙོ་འཁོར་ལྔ་ལ་བསྟོད། །ཤ་ཆེན་ཟན་བཅས་མེ་ཏོག་དང་། །རུས་ཆེན་སྤགས་པའི་གཏོར་མ་འདི། །ཡེ་ཤེས་ལྔ་རུ་བྱིན་བརླབས་པ། །འདི་བཞེས་དགྲ་བགེགས་བརླག་པ་མཛོད། །ཧཱུཾ། གནམ་ཁའུ་བས་མཛད། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཞལ་(༥བ)


GLG011_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཕྱག་བཞི་མཐིང་ནག་རྔམ་པའི་སྐུ། །རྩ་ཞལ་ནག་བརྩེགས་གཡས་དཀར་གཡོན་པ་དམར། །ཕྱག་གཡས་གྲི་གུག་གཡོན་པར་ཐོད་ནང་སྙིང་། །འོག་མ་རལ་གྲི་མི་རུས་ཕྲེང་བ་བསྣམས། །སྤྱན་གསུམ་ཁྲོ་གཉེར་ཞལ་གདངས་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྫེས་ཐོད་སྐམ་དབུ་ལ་བཅིངས། །མི་མགོའི་དོ་ཤལ་སྦྲུལ་དང་རུས་པས་བརྒྱན། །དཔའ་བོ་སྟག་ཤམ་ཞབས་གཉིས་བརྐྱང་བསྐུམ་ཚུལ། །རྒྱལ་བའི་བཀའ་སྡོད་ནག་པོ་ཆེ་ལ་བསྟོད། །ལྷ་རྣམས་ཀུན་གྱི་སྡེ་དཔོན་དཔའ་བོ་ཆེ། །ལེགས་ལྡན་ནག་པོ་ཁྱོད་ལ་ཕྱག་འཚལ་ལོ། །བཀའ་དང་བསྟན་པ་བསྲུང་མཛད་དམ་ཚིག་ཆེ། །ཞིང་སྐྱོང་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །མ་མོ་ཀུན་གྱི་གཙོ་བོ་དབང་ཕྱུག་ཆེ། །དུར་ཁྲོད་བདག་པོ་ཁྱོད་ལ་ཕྱག་འཚལ་ལོ། །ལོག་འདྲེན་དགྲ་བགེགས་འདུལ་བའི་མཐུ་བོ་ཆེ། །མཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཧཱུཾཿ མགོན་པོའི་མཚན་གསོལ་དཔལ་ལྡན་ནག་པོ་ཆེ། །རྒྱལ་བའི་བསྟན་སྲུང་བཀའ་ཡི་བྱ་ར་བ། །གདུག་པ་ཚར་གཅོད་དྲག་ཤུལ་མཐུ་རྩལ་ལྡན། བདུད་འདུལ་དཔའ་བོ་བདག་ལ་དགོངས་སུ་གསོལ། །འདོད་ཡོན་རྒྱ་ཆེན་གཏོར་མའི་རྒྱ་མཚོ་དང་། །ལོངས་སྤྱོད་སྣ་ཚོགས་ཞལ་ཟས་མཆོད་པ་འདི། །དཔལ་ལྡན་ནག་པོ་ཆེན་པོའི་ཞལ་དུ་འབུལ། །དགྱེས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །སྔོན་གྱི་ཐུགས་དམ་གཉན་པོ་ཉེར་དགོངས་ཏེ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང་། །འདོད་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ། །ཧཱུཾཿ ཀླུ་སྒྲུབ་ཀྱིས་མཛད། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །(༦ན)


GLG011_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །ལེགས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གིས་བརྩོན་པར་ཁྱོད་བསྟོད་དོ། འཇིག་རྟེན་འདི་ན་རང་དབང་ཐོབ། །སྔོན་གྱི་བྲམ་ཟེས་སྨྲས་པ་ལྟར། །བཀྲ་ཤིས་མཆོག་གྲུབ་སེམས་བདེར་བྱེད། །ཡིད་མྱུར་གཟུགས་ཅན་ཀུན་ཏུ་གྲགས། །མགོན་པོ་བྱེད་ཅིང་འཇིག་རྟེན་སྐྱོང་། །འཐབ་པའི་ཚེ་ན་རྟག་ཏུ་རྒྱལ། །གཤིན་རྗེ་མ་མོས་མངོན་པར་བསྟོད། །དར་གྱི་སྟོད་གཡོགས་སྔོན་པོ་ཅན། །སྡུག་དང་མི་སྡུག་ལུས་སུ་སྟོན། །མིག་གི་ཐམས་ཅད་དྭངས་པར་བྱེད། །མཆོག་སྒྲུབ་དཔག་མེད་སེམས་བདེར་བྱེད། །སྙིང་དང་ལྡན་ཞིང་རབ་ཏུ་དཔའ། །རྟག་ཏུ་ཁྱོད་ལ་བདག་གིས་བསྟོད། །ཧཱུཾ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད། སྲིད་གསུམ་དབང་སྒྱུར་དཔལ་ལྡན་ནག་པོ་ཆེ། །དུས་གསུམ་རྒྱལ་བའི་ཡེ་ཤེས་ལས་སྤྲུལ་ཞིང་། །བྱང་ཤར་ཧ་ཧ་རྒོད་པའི་དུར་ཁྲོད་ཀྱི། །ཞིང་སྐྱོང་དབང་ཕྱུག་ཆེན་པོའི་ཐུཊ་ཀྱི་སྲས། །སྐུ་མདོག་ཆེར་ནག་ཞལ་བཞི་མཆེ་བ་གཙིགས། །བྱིས་པའི་ལུས་ཅན་ཤུགས་ཆེན་སྲོག་ལ་རྔམ། །དྲིལ་བུའི་སྒྲ་སྒྲོག་དྲག་པོའི་ཕྲེང་བ་ཅན། །རྣམ་གྲངས་མང་པོའི་མིང་ཅན་མགྱོགས་འགྲོ་ཞིང་། །གཡས་ཀྱི་དང་པོས་འབར་བའི་གྲི་གུག་འཕྱར། །གཡོན་གྱི་དང་པོས་ཐོད་ནང་ཁྲག་ཀུན་གསོལ། །གཡས་འོག་རལ་གྲིས་དགྲ་བགེགས་ཕྱེ་མར་རློག །གཡོན་འོག་ཕྲེང་བས་བདེ་ཆེན་ཡེ་ཤེས་འགུགས། །རེས་འགའ་བདུད་རྩིས་གང་བའི་བུམ་པ་དང་། །རྡོ་རྗེ་དང་བཅས་མདུང་ཐུང་ཆེར་རྣོ་བས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་རྩོལ་ཞིང་། །ཉམས་པའི་དགྲ་བོའི་སྲོག་རྩ་མྱུར་དུ་གཅོད། །རྒྱན་དྲུག་གིས་བརྒྱན་མི་མགོའི་དོ་(༦བ)


GLG011_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་མཛེས། །སྟག་གིས་པགས་པའི་ན་བཟས་སྨད་གཡོགས་ཅན། །བརྐྱང་བསྐུམ་གར་གྱིས་སྣ་ཚོགས་པད་ཉིའི་སྟེང་། །དུས་མཐའི་མེ་ལྟར་འབར་བའི་ཀློང་དཀྱིལ་བཞུགས། ཁྱོད་ནི་རྣམ་འཕྲུལ་སྣ་ཚོགས་དཔག་ཡས་པས། །རི་བོ་གྲུ་འཛིན་གངས་ཅན་བསིལ་བའི་ཚལ། །དྲག་ཏུ་རྒོད་པའི་དུར་ཁྲོད་འཇིགས་པའི་ནང་། །ཧ་ཧ་ཧཱུཾ་ཧཱུཾ་གད་མོ་ཆེར་བཞད་ཅིང་། །ས་འོག་ཀྵིཾ་ཀྵིཾ་འབྲུག་སྒྲ་ལྟར་སྒྲོགས་པས། །ཕྱོགས་བཅུ་སྐྱོང་མཛད་དུས་མཚན་ནག་པོ་ཆེ། །འཕྲིན་ལས་རྣམ་བཞིས་ཉིད་ཐུགས་དགྱེས་མཛད་པའི། །ཡུམ་ཆེན་འཇིགས་གཟུགས་མཁའ་འགྲོའི་ཚོགས་དང་བཅས། །ཞིང་སྐྱོང་སྡེ་བརྒྱད་དྲེགས་པའི་འཁོར་གྱིས་བསྐོར། །དམ་ཅན་སྤྲུལ་པ་ཡང་སྤྲུལ་སྲུང་མའི་ཚོགས། །ཚུར་གཤེགས་སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །འདིར་སྤྱོན་དགྱེས་པའི་དམ་རྫས་འདི་བཞེས་མཛོད། །དགྲ་བགེགས་ཁྲག་གི་བདུད་རྩི་ལྕགས་ཀྱུ་ལྔ། །འཛམ་བུ་ཏི་བ་མི་རུས་སྣ་ཚོགས་དང་། །མེ་ཏོག་རྙིང་པར་བཅས་པ་སྣ་ཚོགས་དང་། །སྨན་དང་རཀྟ་ཕུད་ཀྱི་མཆོད་པར་བཅས། །ཞིམ་པའི་བཟའ་བཏུང་ཚིལ་ཆེན་སྤོས་ཀྱི་དྲི། ཁྲག་གི་ཨརྒྷཾ་མེ་ཏོག་ནག་པོ་དང་། །ཞུན་ཆེན་སྒྲོན་མེ་ཞག་གི་དྲི་ཆབ་དང་། །ཞལ་ཟས་བཤོས་ནག་རུས་པའི་རྒྱན་སྤྲས་པའི། །གཏོར་མ་རི་དང་རྒྱ་མཚོར་མཉམ་པའི་ཚོགས། །སྣ་ཚོགས་དར་གྱིས་ལྷབ་ལྷུབ་ཀྱིས་མཛེས་པ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །བཞེད་དགུ་ལོངས་སྤྱོད་ཕུན་ཚོགས་འབྱུང་བ་འདི། །བདག་ལ་བརྩེར་དགོངས་ཉིད་ཀྱིས་རབ་བཞེས་ལ། །གསོལ་ཞིག་སྣོམས་ཤིག་རོལ་ཞིག་ཚིམ་(༧ན)


GLG011_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ཇི་ལྟར་ཕུལ་བ་བཞིན་དུ་བཞེས་ནས་ཀྱང་། །སྔོན་གྱི་དམ་བཅས་གཡེལ་བར་མ་མཛད་པར། །རྡོ་རྗེ་འཆང་གི་སྤྱན་སྔར་ཁས་བླངས་བཞིན། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །གདུག་ཅིང་སྡང་སེམས་ལྡན་པའི་དགྲ་བགེཊ་དང་། །ལམ་ལ་བར་དུ་གཅོད་པའི་བདུད་རིགས་རྣམས། །མཐུ་སྟོབས་དབང་ཕྱུག་རྫུ་འཕྲུལ་ཉམས་པ་དང་། །བསད་བསྐྲད་དབྱེ་རྨོངས་ངག་སེམས་བཅིང་བ་དང་། །ལུས་སྲེགས་ཚོས་ལ་ཞལ་དུ་གསོལ་བར་མཛོད། །གང་ཡང་བདག་སོགས་བསྟན་འཛིན་དེ་དག་ལ། །ཉིད་ཀྱིས་རྗེས་དགོངས་བཅོལ་བའི་ལས་མཛད་དེ། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཀུན་སྩལ་ནས། །བསམས་པའི་དོན་ཀུན་ཆོས་བཞིན་འགྲུབ་པར་མཛོད། །ཧཱུཾཿ གནམ་ཁའུ་པས་ཞལ་གཟིགས་དུས་མཛད་པ། རྡོ་རྗེ་འཆང་དབང་ཐུཊ་ཀྱི་ཕྲིན་ལས་ལས། །རྣམ་འཕྲུལ་ཞི་བས་འདུལ་བར་མི་སྤྱོད་ལ། །དྲག་པོའི་སྟོབས་ཀྱིས་གདུག་པ་ཚད་གཅོད་པ། །འཇིགས་པའི་གཟུགས་ཅན་ཁྱོད་ལ་བསྟོད་པར་བགྱི། །དཀྱིལ་འཁོར་ཆེན་པོའི་བཀའ་སྡོད་ཕོ་ཉ་ཁྱོད། །རྣལ་འབྱོར་དམ་ཚིག་ལྡན་པའི་སྲོག་ཤིང་སྟེ། །གང་གིས་བསྟེན་ཅིང་བཅོལ་ན་ཐུགས་རྗེའི་མཐུས། །ཡིད་ལ་མངོན་འདོད་འབྱོར་པ་གྲུབ་མཛད་བསྟོད། ཁྱོད་ནི་ཧ་ཧ་རྒོད་པའི་དུར་ཁྲོད་ཀྱི། །ཞིང་སྐྱོང་དབང་ཕྱུག་ཆེན་པོའི་སྤྲུལ་པ་སྟེ། །ལྷ་ཆེན་ཐུགས་ཀྱི་ཕོ་ཉ་མཐུ་བོ་ཆེ། ཁྱོད་ཀྱི་རྫུ་འཕྲུལ་ཕྱོགས་སོགས་མ་ལུས་ཁྱབ། །ཡབ་གཅིག་རྟག་ཏུ་ཏེ་སེའི་གངས་ལ་བཞུགས། །ཕལ་ཆེར་པོ་ཊ་ལ་ཡི་རི་བོ་ལ། །རེས་འགའ་བསིལ་བའི་ཚལ་ན་བྲམ་ཟེའི་གཟུགས། །ད་ལྟ་དར་ལུང་གཉན་གྱི་ཕོ་བྲང་ན། ཁྱོད་(༧ན)


GLG011_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་ས་ཁའུའི་བྲག་རྫོང་ལ། །རྣལ་འབྱོར་དམ་ཚིག་ལྡན་པའི་རྗེས་འབྲང་ཞིང་། །གང་གིས་བཅོལ་བའི་ལས་རྣམས་སྒྲུབ་མཛད་པའི། །དྲག་པོ་དབང་ཕྱུག་གཟི་ལྡན་འདིར་སྤྱོན་ཞིག །སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །དྲག་པོའི་ལས་ལ་གནས་པའི་སྤྱན་འདྲེན་གྱིས། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། ཁྱོད་ཀྱི་བཞུགས་ཚུལ་གྱད་ཀྱི་དོར་སྟབས་ཀྱིས། །གླིང་བཞི་རི་རབ་ཉི་ཟླ་གདན་དུ་བཏིང་། །དམ་ཉམས་དགྲ་བོའི་སྟེང་དུ་བྲོ་བརྡུང་ཞིང་། །སྣ་ཚོགས་རྣམ་འགྱུར་གར་མཁན་གདན་ལ་བཞུགས། ཁྱོད་ཀྱི་སྐུ་ནི་མིའུ་ཐུང་སྲིན་པོའི་གཟུགས། །མདོག་ནག་རྩ་ཞལ་ནག་པོ་བརྩེགས་པའི་ཞལ། །གཡས་དཀར་གཡོན་དམར་ཞལ་དུ་མི་རོ་གསོལ། །སྲོག་འཕྲོག་རྔམ་ཞིང་མི་མགོའི་ཕྲེང་བས་བརྒྱན། །ཕྱག་བཞི་གཡས་ཀྱི་དང་པོ་གྲི་གུག་གིས། །གཡོན་གྱི་དང་པོ་ཐོད་ནང་སྙིང་གཅོད་ཚུལ། །ལྷག་མར་རལ་གྲི་མདུང་ཐུང་བུམ་པ་འཛིན། །རེས་འགའ་མི་རུས་ཕྲེང་བ་ཕྱག་ན་བསྣམས། །ནག་པོ་ཆེན་པོ་མཆེ་བ་གཙིགས་པའི་ཞལ། །ཤུགས་ཆེན་མ་མཆུ་འཕྱང་བ་བྱིས་པའི་གཟུགས། །དྲིལ་བུའི་སྒྲ་སྒྲོག་དྲག་པོའི་ཕྲེང་བས་བརྒྱན། །འཕྲོག་པའི་དཔའ་བོ་གཅོད་པའི་མཚོན་ཆ་འཛིན། །རྣམ་གྲངས་མང་པོའི་མིང་ཅན་མགྱོགས་འགྲོ་ཞིང་། །ས་འོག་གནས་ལ་ཀྵིཾ་ཀྵིཾ་སྒྲ་སྒྲོག་ཅིང་། །ཧ་ཧའི་གད་བརྒྱངས་ཧཱུཾ་ཧཱུཾ་བཞད་སྒྲ་ཅན། །སྟོབས་ལྡན་ཚངས་སྐུད་མི་རྐང་གླིང་བུས་བརྒྱན། །དཔའ་བོ་ཁྱོད་ཀྱི་སྲིང་མོ་ཆེན་མོ་བཞི། །གཡུང་མོ་གཏུམ་མོ་སྲིན་མོ་སིངྒ་ལི། །འཇིགས་གཟུགས་མཁའ་འགྲོ་གཅེར་མོ་གྲི་གུག་དང་། །བནྡྷའི་ཕྱག་ཅན་ནག་(༨ན)


GLG011_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་དམར་སེར་ཏེ། །མ་ལུས་འཁོར་བཅས་འདིར་སྤྱོན་དམ་རྫས་བཞེས། །ཤ་ཆེན་སྤོས་ཀྱི་དུད་པ་ཟན་དང་ཤ །བདུད་རྩི་སྨན་གྱི་རྩི་བཅུད་རཀྟའི་ཟོར། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་གཉན་པོ་ཁྱོད་ཀྱིས་བསྟོད། །བླ་མ་དམ་པའི་སྐུ་ལ་མཐོ་འཚམ་ཞིང་། །སངས་རྒྱས་བསྟན་བཤིག་སྐྱེ་བོ་ཡོངས་ལ་འཚེ། །གཏུམ་པོ་ཁྱོད་ཀྱི་བཀའ་ལས་འདའ་བྱེད་ན། །བདག་ལ་སྡང་བར་བྱེད་པའི་དགྲ་བོ་འདི། །སོད་ཅིག་སོད་ཅིག་སྲོག་རྩ་མྱུར་དུ་ཆོད། །རྒྱོབ་ཅིག་སྲེགས་ཤིག་ཚོས་ལ་ཞལ་དུ་གསོལ། ཁ་རཾ་ཁཱ་ཧི་ལས་ལ་མཐུ་མ་ཆུང་། །བཅོལ་བའི་འཕྲིན་ལས་མྱུར་དུ་གྲུབ་པར་མཛོད། །ཧཱུཾཿ ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད། ལྷུན་གྲུབ་ཆོས་སྐུ་སྤྲོས་དང་བྲལ་བའི་དབྱིངས། །སྨྲ་བསམ་བརྗོད་དང་བྲལ་ཡང་འཇའ་ཚོན་བཞིན། ཁྲོ་དང་བྲལ་ཡང་ཤིན་ཏུ་ཁྲོས་པ་ལྟའི། །རྟེན་འབྲེལ་སྣང་བ་མགོན་པོ་ཁྱོད་ལ་བསྟོད། །བདེ་སྟོང་དབྱེར་མེད་ནམ་མཁའི་ངོ་བོ་ལ། །ཞལ་ཕྱག་བྲལ་ཡང་ཞལ་བཞི་ཕྱག་བཞིའི་སྐུ། ཁ་དོག་མེད་ཀྱང་མདོག་ནག་སྲིན་པོའི་གཟུགས། །རྨི་ལམ་བཞིན་དུ་སྣང་བ་ཁྱོད་ལ་བསྟོད། །ཧེ་རུ་ཀཿདཔལ་ལྷན་སྐྱེས་རོལ་པ་ནི། །མེ་ལོང་གཟུགས་བརྙན་ཇི་བཞིན་རོལ་པ་ལ། །འདི་ནི་དཔལ་ལྡན་ནག་པོ་ཆེན་པོ་ཞེས། །རང་གི་སེམས་ཀྱིས་རི་མོར་བྱས་པ་ཉིད། །སྒྱུ་མ་མཁན་གྱིས་བྱས་པའི་གཤིན་རྗེའི་གཟུགས། ཁ་གདངས་མཆེ་གཙིགས་སྣ་ཚོགས་མཚོན་ཆ་ཅན། །ཇི་བཞིན་རང་ངོས་མེད་ཀྱང་ཁྲོ་བོའི་གཟུགས། །སྣང་ངོར་མཚོན་ཆས་བགེགས་འཇོམས་(༨བ)


GLG011_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་བསྟོད། །རང་བཞིན་མེད་ཀྱང་རྒྱལ་བ་ཐམས་ཅད་ཀྱི། །བསྟན་པ་བསྲུང་མཛད་ཁྲོ་བོའི་གར་སྟོན་པ། །བདེན་ཞེན་མེད་ཀྱང་གཟུགས་བརྙན་སྐྱེས་བུ་ཡིས། །བྲག་ཅའི་དབྱངས་ཀྱིས་བསྟོད་བཞིན་ཁྱོད་ལ་བསྟོད། །སྒྱུ་མའི་རྣམ་རོལ་ལས་བྱུང་སྲིང་མོ་བཞི། །མེད་བཞིན་སྣང་བས་བྱིས་པ་སྐྲག་བྱེད་བཞིན། །བདེན་ཞེན་སྤྲོས་བྲལ་ཆོས་སྐུའི་སྣང་བརྙན་གྱིས། །བསྟན་པ་སྲུང་མཛད་ཡུམ་ཆེན་བཞི་ལ་བསྟོད། །སྒྱུ་མའི་དམག་ཚོགས་ཡན་ལག་བཞི་པའི་ཚོགས། །མེད་བཞིན་ས་གཞི་གང་བ་སྣང་བ་ལྟར། །རང་བཞིན་སྟོང་བའི་མཁའ་ལ་སྤྲིན་ཚོགས་བཞིན། །སྣང་བའི་དམ་ཅན་འཁོར་ཚོགས་རྣམས་ལ་བསྟོད། །འདི་ན་མཆོད་དང་མཆོད་ཡུལ་མཆོད་པའི་རྫས། །ངོ་བོས་གྲུབ་པ་རྡུལ་ཙམ་མ་མཆིས་ཀྱང་། །རྨི་ལམ་ཡུལ་ལ་རྨི་ལམ་སྐྱེས་བུ་ཡིས། །རོལ་པས་ཚིམ་པར་སྣང་བཞིན་ཁྱོད་ཀྱིས་བཞེས། །འདི་ནི་མིག་འཕྲུལ་ལས་བྱུང་སེང་གེ་ཡིས། །སྒྱུ་མའི་གླང་པོ་སྲོག་དང་ཕྲལ་བ་བཞིན། །བསད་བྱ་བྲལ་ཡང་བསྟན་ལ་སྡང་བའི་དགྲ །རང་བཞིན་སྟོང་པའི་དབྱིངས་སུ་ཁྱོད་ཀྱིས་སྒྲོལ། །མེ་ལོང་ནང་གི་སྒེག་མོའི་གཟུགས་བརྙན་གྱིས། །ཆགས་ལྡན་བྱིས་པའི་སྙིང་ལ་དགའ་བསྐྱེད་བཞིན། །བདེན་དངོས་བྲལ་ཡང་མཆོག་དང་མཐུན་མོང་གི །དངོས་གྲུབ་ཆར་ཆེན་ཕབ་པས་བདག་ཚིམ་མཛོད། །ལས་མཁན་མོན་བུ་ལྕམ་བྲལ་གྱི་བསྟོད་པ་ནི། ཧཱུཾཿ ཚར་ཆེན་གྱིས་མཛད། རབ་འཇི་ནག་པོ་གནོད་སྦྱིན་ནི། །ཟ་འོག་གོས་གྱོན་མི་ལྤགས་འཕྱང་། །གྲི་གུག་འཕྱར་ཞིང་སྦར་བ་གདེངས། །གསེར་གྱི་རྣ་ཆ་གཡོ་ལ་བསྟོད། །བྷྱོཿ ཤ་ཟ་ནག་མོ་གནོད་སྦྱིན་ནི། དར་ནག་གོས་གྱོན་(༩ན)


GLG011_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་གདེངས། །བསྟན་དགྲའི་སྙིང་འབྱིན་སྦར་ཤད་ཅན། །བྱུ་རུའི་ལན་ཚར་འཕྱང་ལ་བསྟོད། །ཧཱུཾཿ པུ་ཏྲ་མཐིང་ནག་ཤང་ལང་འཕྱར། །ཀླད་ཁྲག་དྲོན་མོ་ཧུབ་ཀྱིས་འདེབས། །མོན་ཏྲི་ནག་པོའི་ལྷབ་ལྷུབ་ཅན། །གསོད་བྱེད་གཤིན་རྗེ་ཁྱོད་ལ་བསྟོད། །ཧཱུཾ༔ གཏུམ་ཆེན་བྷ་དྲ་མུན་པའི་མདོག །དམ་ཤིང་ཐེགས་ཤིང་དགྲ་སྙིང་ཟ། །སྟག་སློག་མེན་ཏྲིའི་ག་ཤ་ཅན། །བདུད་པོ་ལས་བྱེད་ཁྱོད་ལ་བསྟོད། །བྷྱོཿ བདུད་མོ་ཁ་ནས་མེ་འབར་མ། གཅེར་མོ་སྤུ་གྲིས་དགྲ་སྙིང་འདོན། །རྒྱུ་རློན་འབྲད་ཅིང་རལ་པ་འཕྱང་། །སྲིན་མོ་ནག་མོ་ཁྱོད་ལ་བསྟོད། ཧཱུཾཿ གཡས་ཀྱི་རུ་འདྲེན་སྐྱེས་པ་བརྒྱ། ཁྲོ་ཞིང་རྔམ་པའི་སྟག་ཆས་ཅན། །གཡོན་གྱི་རུ་འདྲེན་དགྲ་བཅོམ་བརྒྱ། །གསེག་ཤང་འཁྲོལ་ཞིང་དགྲ་ལ་རྔམ། །རྒྱབ་ཀྱི་རུ་འདྲེན་སྔགས་ནག་བརྒྱ། ཕུར་བུ་བསྒྲིལ་ཞིང་བན་དམར་ཐོགས། །མདུན་གྱི་རུ་འདྲེན་བུད་མེད་བརྒྱ། །སྦར་མོ་གདེངས་ཤིང་འོ་དོད་འབོད། །རེ་རེའང་གྲངས་མེད་འཁོར་གྱིས་བསྐོར། །རྒྱུག་ཅིང་འདྲལ་བས་སྟོང་གསུམ་ཁེངས། །མི་སྡུག་ང་རོ་འབྲུག་ལྟར་སྒྲོག །རུ་འདྲེན་དྲེགས་པའི་ཚོགས་ལ་བསྟོད། །ཧཱུྃཿ གཞན་ཡང་སྟོབས་ཆེན་ཁྱོད་ཀྱི་བྲན། །སྐུ་གསུང་ཐུགས་ཀྱི་མོན་པ་གསུམ། །དགྲ་ལ་ཐུན་འདེབས་མོན་པ་བདུན། །ཡང་སྤྲུལ་མོན་པ་བྱེ་བ་བརྒྱ། ཁྲག་འཐུང་དམ་ཅན་རྒྱ་མཚོར་བཅས། །ལྷ་སྲིན་དྲེགས་པའི་དམག་ཚོགས་ལ། །བསྟོད་དང་གཏོར་མ་འདི་འབུལ་གྱིས། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཧོཿ ཚར་ཆེན་གྱི་ལྷས་རྫོང་བ་རྩ་བརླག་ལ་གཏོང་བའི་ཆེད་དུ་མཛད་པ། དམ་ཅན་གནོད་སྦྱིན་ཡབ་ཡུམ་དགོངས་སུ་གསོལ། །བཀའ་སྡོད་པུ་ཏྲ་མིང་སྲིང་ད་ཚུར་གསོན། །རུ་འདྲེན་དྲེགས་པའི་དཔུང་(༩བ)


GLG011_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དམག་ལ་འཆོས། །མོན་ནག་སྲོག་བདུད་གཤིན་རྗེ་དགྲ་ལ་བྷྱོ། སྔོན་ཚེ་ལྷོ་ཕྱོགས་བས་མཐའི་རི་སུལ་དུ། །བདེན་ཚིག་གྲུབ་པའི་བྲམ་ཟེར་གྱུར་པའི་ཚེ། །སྐྱེ་འགྲོའི་སྲོག་བདུད་བྱེད་པར་མ་བྱས་སམ། །དེ་ཚེ་བདེན་ཚིག་གྲུབ་པ་ད་སྟོན་ཅིག །དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཛིན་པའི་བཀས། །སྤྲུལ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཏེ། །སྲོག་གི་སྙིང་པོ་ཕུལ་ནས་ཞིང་བཅུ་ཡི། །བཤན་པར་ཞལ་གྱིས་བཞེས་པ་བསྙེལ་ལམ་ཅི། །ཀླུ་སྒྲུབ་སྙིང་པོ་པདྨ་བཛྲ་དང་། དྷརྨ་པཱ་ལའི་སྤྱན་སྔར་དམ་བཅས་པ། །རྒྱལ་བའི་བསྟན་དང་བསྟན་འཛིན་རྣལ་འབྱོར་རྣམས། །བསྲུང་ཞིང་སྐྱོང་པར་ཁ་ཡིས་མ་བླངས་སམ། །བྱང་ཕྱོགས་དཔལ་ལྡན་ས་སྐྱའི་གཙུག་ལག་ཏུ། །འཇམ་དབྱངས་རྣམ་འཕྲུལ་རྗེ་བཙུན་ས་སྐྱ་པ། །བརྒྱུད་པར་བཅས་པས་ཉིན་མཚན་དུས་ཀུན་ཏུ། ཁྱོད་ཉིད་བསྟེན་ཅིང་བསྒྲུབས་པའི་དགོས་པ་ཅི། ཁྱད་པར་དྲིན་ཅན་རྩ་བའི་བླ་མ་ཡིས། །རྣལ་འབྱོར་བདག་གི་བྲན་དུ་ཁྱོད་བསྐོས་ནས། །དམ་ཚིག་རྡོ་རྗེ་སྤྱི་བོར་མ་བཞག་གམ། །མི་ཟད་རྡོ་རྗེའི་བདུད་རྩི་མ་བྱིན་ནམ། །སྔོན་གྱི་དམ་ཚིག་ཁས་བླངས་ཇི་བཞིན་དུ། །མ་གཡེལ་མ་གཡེལ་མོན་བུ་ཕོ་མོའི་ཚོགས། །ཤ་ཟ་ཁྲག་འཐུང་མི་ཟད་བླ་རྐུན་ཅན། །མ་ཐོགས་རིངས་པའི་ཚུལ་གྱིས་ལས་ལ་འཆོས། །དམར་ཆེན་གཏོར་མ་ཆེན་པོས་ཁྱོད་བསྒྲུབས་ན། །བོས་པའི་ཚེ་ན་དམ་ཅན་སྙིང་མ་རིང་། །སྨན་རཀ་རྒྱ་མཚོར་བཅས་ནས་ཁྱོད་བསྒྲུབས་ན། །བསྐུལ་བའི་དུས་སུ་ལས་མགོན་བང་མ་བུལ། །དཀའ་བ་ཁྱད་དུ་བསད་ནས་ཁྱོད་བསྒྲུབས་ན། །རྦད་པའི་དུས་སུ་སྟོབས་ཆེན་རྩལ་མ་ཞན། །ལུས་སྲོག་ཐེད་ལ་བོར་ནས་ཁྱོད་བསྒྲུབས་ན། །མངགས་པའི་ཚེ་ན་སྲོག་གཤེད་ཁམ་(༡༠ན)


GLG011_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆུང་། །སྟོབས་ཆེན་ཁྱོད་ལ་ལས་སུ་གཏད་པ་ནི། །སངས་རྒྱས་བསྟན་བཤིག་བླ་མའི་སྐུ་ལ་སྡོ། །སྐྱེས་འགྲོ་ཡོངས་ཀྱི་བདེ་བ་འཇོམས་བྱེད་ཅིང་། །སྲུང་མ་ཁྱོད་ལ་དོ་བསྡོས་ཁྱད་དུ་སད། །རྣལ་འབྱོར་བདག་ལ་ལྷ་མེད་ཟེར་ཞིང་བརྙས། །དམ་ཉམས་དགྲ་བགེགས་མི་ནོར་འཁོར་བཅས་རྣམས། །སྟོང་གསུམ་འཇིག་རྟེན་གང་ན་གནས་ཀྱང་རུང་། །སྐད་ཅིག་ཉིད་ལ་མངོན་སུམ་འདིར་ཁུག་ཅིག །འཇིགས་པའི་མུན་ཆེན་ནག་པོས་མདུན་ནས་བསུས། །ལས་ཀྱི་ལུང་དམར་འཚུབ་མས་རྒྱབ་ནས་ཕུལ། །གནམ་གྱི་འཇུ་ཐག་དཀར་པོ་སྟེང་ནས་ཆོད། །ས་ཡི་རྟེན་ཕུར་ནག་པོ་འོག་ནས་ཕྱུང་། །དམ་ཉམས་སྙིང་ཁྲག་དམར་པོ་ཐང་ལ་ཕོ། །དོན་སྙིང་ནང་ཁྲོལ་དྲོན་མོ་ཧབ་ཀྱིས་ཐོབ། །ཀླད་ཁྲག་ཤ་རུས་དམར་པོ་ཆེམ་ཆེམ་ཟོ། །མི་ནོར་རྫས་གསུམ་ཐལ་བའི་རྡུལ་དུ་རློག །རྣལ་འབྱོར་བདག་ཙམ་སྐྱོང་བའི་རྩལ་མེད་ན། །སྙིཊ་དུས་རྒྱལ་བའི་བསྟན་པ་ཇི་ལྟར་བསྲུང་། །བསྟན་ལ་གནོད་བྱེད་བྱུང་ཚེ་མི་སྒྲོལ་ན། །ཞིང་བཅུའི་གཤེད་མར་ཁས་བླངས་ངོ་རེ་གནོང་། །དེ་བས་དམ་རྫས་མཆོད་པ་འདི་བཞེས་ལ། །བདག་གིས་ཇི་ལྟར་བཅོལ་བའི་འཕྲིན་ལས་རྣམས། །མ་གཡེལ་ད་ལྟ་ཉིད་དུ་བསྒྲུབས་ནས་ཀྱང་། །བྱང་ཆུབ་བར་དུ་བསྲུང་སྐྱོབ་སྟོང་གྲོཊ་མཛོད། །ལས་མཁན་བཤན་པ་ལྕམ་དྲལ་གྱི་བསྟོད་པ་ནི། །ཀྱེཿ ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཛད། ཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །རྣམ་མང་རོལ་པ་ལས་བྱུང་གཞལ་ཡས་ནས། །མ་རུངས་གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུར། །སྟོན་མཛད་དཔལ་ལྡན་མགོན་པོ་ཁྱོད་ལ་བསྟོད། །གྲུ་གསུམ་རྦ་ཀློང་ཁྲག་ཞག་འཁྲུག་པའི་དབུས། །(༡༠བ)


GLG011_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཐོ་མཆོང་དམར་བྲག་རི་འཇིཊ་པའི་སྟེང་། །པད་ཉི་རྟ་རོ་མི་རོའི་གདན་ཁྲི་ལ། །འགྱིང་མཁས་དབང་གི་སྐྱེས་བུ་ཁྱོད་ལ་བསྟོད། །བརྒྱ་ཕྲག་ཉི་མའི་འོད་ཟེར་དང་འགྲོགས་པའི། །བྱུ་རུའི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །དྲག་ཏུ་ཁྲོས་པའི་གཟི་འབར་མཆེ་བ་གཙིགས། །གཏུམ་ཆེན་སྲོག་གི་བདག་པོ་ཁྱོད་ལ་བསྟོད། །རབ་འབར་དཔའ་གཏུམ་བསྐལ་བའི་མེ་དཔུང་བཞིན། །གློག་སྟོང་འཁྱུག་འདྲའི་སྨ་ར་སྨིན་མ་བསྐྱོད། །ཉི་ལྟར་རབ་འཁྱིལ་སྤྱན་གྱིས་དགྲ་དཔུང་གཟིར། ཁམ་སེར་དབུ་སྐྲ་ལྟག་པར་བཅིངས་ལ་བསྟོད། །ཕྱག་གཡས་འབར་བའི་ཟངས་གྲི་མཁའ་ལ་འཕྱར། །གཡོན་པ་རུ་དྲའི་གློ་སྙིང་མདའ་གཞུ་འཛིན། །བདུད་སྡེའི་གཡུལ་ལས་རྒྱལ་བའི་རུ་མཚོན་ནི། །བ་དན་དམར་པོ་སྲིད་རྩེར་སྒྲེང་ལ་བསྟོད། །འཇིགས་རུང་མི་མགོ་ལྔ་ཡིས་དབུ་ལ་བརྒྱན། ཁྲག་འཛག་མགོ་རློན་བརྒྱ་ཕྱེད་ཕྲེང་བ་འཕྱང་། །མེ་ལྕེ་ལྟར་དམར་བསེ་ཁྲབ་དམར་པོ་དང་། །དར་དམར་ལྷབ་ལྷུབ་ཅོད་པཎ་མཛེས་ལ་བསྟོད། །བརྐྱང་བསྐུམ་གར་གྱིས་འཛིན་མའི་ཁྱོན་ཀུན་གཡོ། །འཇིག་དུས་བསྐལ་བའི་མེ་ལྟར་མི་བཟད་པའི། །ཡེ་ཤེས་མེ་དབུང་འབར་བའི་ཀློང་བཞུགས་པའི། །དཔལ་ལྡན་མགོན་པོ་ཁྱོད་ལ་བདག་བསྟོད་དོ། །བྷྱོཿ རིག་པའི་ལྷ་མོ་གར་གྱི་དབང་ཕྱུག་མ། །ཆར་སྤྲིན་ལྟར་གནག་ཉམས་པའི་སྲོག་ལ་རྔམ། །རབ་འཇིགས་དབང་གི་མདངས་འཛིན་བསེ་གདོང་ཅན། །སྲོག་བདུད་མ་མོ་ཆེན་མོ་ཁྱོད་ལ་བསྟོད། །གདུག་པའི་ཁྲག་གིས་མྱོས་པའི་སྲིང་མོ་ནི། །ཨིནྡྲ་ནཱི་ལའི་རི་དབང་ལྷུན་པོའི་རྩེར། །དུས་ཀྱིས་མེ་དཔུང་འབར་འདྲའི་ཞལ་གདངས་ཤིང་། །ཟླ་ཚེས་ལྟར་དཀར་མཆེ་བ་གཙིགས་ལ་བསྟོད། །དམར་ཟླུམ་སྤྱན་བགྲད་ཁམས་སེར་རལ་པ་ནི། །མཆོང་(༡༡ན)


GLG011_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དང་མུ་མེན་བྱུ་རུའི་ལན་ཚར་འཕྱང་། །རབ་མཛེས་གསེར་གྱི་རྣ་ཆ་རྒྱན་དུ་བྱས། །ནམ་མཁའི་གོས་ཅན་མ་ལ་བདག་བསྟོད་དོ། །འབར་བའི་ཟངས་གྲི་གཡས་པས་མཁའ་ལ་འཕྱར། །བདུད་སྡེ་ནག་པོའི་ཚོགས་རྣམས་རྩད་ནས་གཅོད། །གཡོན་པ་གནམ་ལྕགས་འབར་བའི་ཕུར་བུ་ཡིས། །དགྲ་སྙིང་ཚལ་བར་འགེམས་མཛད་ཁྱོད་ལ་བསྟོད། །སྲོག་ལ་རྔམ་པའི་དྲེད་མོ་མི་ཟན་ཆིབས། །སྟོང་གསུམ་ཅིག་ཅར་མྱུལ་ཞིང་བསྟན་པ་བསྲུང་། །ཐོགས་མེད་ལས་བཞིའི་འཕྲིན་ལས་བསྒྲུབས་མཛད་མ། །དཔལ་ལྡན་ལྷ་མོ་ཁྱོད་ལ་བདག་བསྟོད་དོ། །ལྕམ་སྲིང་གཉིས་ཀྱི་ལས་མཁན་མཐུ་བོ་ཆེ། །སྲོག་བདག་དུས་ཀྱི་མེ་དཔུང་དང་མཚུངས་པ། །འོད་འབར་བསེ་ཞྭ་བསེ་ཁྲབ་རྒྱན་སྤྲས་པའི། ཁྲག་མདོག་ལས་ཀྱི་བཤན་པ་ཁྱོད་ལ་བསྟོད། ཁྲོས་པའི་ཁ་གདངས་འོ་དོད་དགྲ་ལ་འབོད། །གཡས་པའི་མདུང་དམར་རྣོན་པོས་དགྲ་སྙིང་འབིགས། །གཡོན་པ་བཙན་ཞགས་དམར་པོ་དགྲ་ལ་འདེབས། །དམ་ཉམས་དགྲ་བོའི་གཤེད་མ་ཁྱོད་ལ་བསྟོད། །སྲོག་འཕྲོག་ཅེ་སྤྱང་སྨྱོན་པའི་གདན་ལ་རོལ། །ཉིན་མཚན་ཀུན་ཏུ་བཀའ་ཡི་བྱ་ར་བྱེད། །སྡང་བའི་དགྲ་དང་གནོད་བགེགས་ཚར་གཅོད་པའི། །ལས་མཁན་སྲོག་གི་བདག་པོ་ཁྱོད་ལ་བསྟོད། །གཙོ་འཁོར་གསུམ་གྱི་བཀའ་སྡོད་མཐུ་བོ་ཆེ། །དགྲ་བོའི་སྲོག་ལེན་བཤན་པ་གྲི་ཐོགས་བརྒྱད། །རོ་བཤན་གཏུམ་པོ་ཉི་ཤུ་རྩ་གཅིག་རྣམས། །མདོག་དམར་མེ་འཐོར་འདྲ་བ་ཀུན་ཏུ་རྒྱུག །སྲོག་འཕྲོག་ཟངས་གྲི་དམར་པོ་ལྷག་ལྷག་འཕྱར། ཁྲག་འཛག་པགས་པ་རློམ་པ་གོས་སུ་གྱོན། །གཞན་ཡང་བཙན་དམར་སྟོང་སྡེའི་དམག་ཚོགས་དང་། །བདུད་དང་སྲིན་པོ་མ་མོ་ཐེའུ་རང་སོགས། །སྡེ་བརྒྱད་དཔུང་ཚོགས་དམ་ཅན་རྒྱ་(༡༡བ)


GLG011_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་བཅས། །དབང་དྲག་ཕྲིན་ལས་མ་ལུས་བསྒྲུབ་མཛད་པའི། །འཁོར་དང་བཅས་པ་རྣམས་ལ་བདག་བསྟོད་ཀྱི། །བཅོལ་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །དྲག་ཏུ་བསྐུལ་བ་ནི། །ཀྱེ་གནམ་ལྕགས་ཐོག་དམར་དང་ཁྲག་གི་མདའ་འཕེན་མ་གཉིས་ལས་བཏུས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་རྒྱལ་ནས་བསྟན་དགྲར་རྟགས་མཚན་མངོན་སུམ་དུ་བསྟན་པ། ཆོས་སྐྱོང་ཟངས་ཀྱི་བེག་ཙེ་ཅན། །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །མ་ཧཱ་དེ་ཝའི་བཀའ་ཉོན་ལ། །གཤིན་རྗེ་གཤེད་པོའི་ལས་མཛོད་ཅིག །གདོང་དམར་མོ་ཡིས་སྣ་དྲོངས་ལ། །དམ་ཉམས་སྲོག་རྩ་མྱུར་དུ་ཆོད། །གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན། །མེ་འོད་འབར་བའི་གློག་འཕྲེང་ཅན། །གཡས་པས་ཟངས་གྲི་ཀླད་ལ་འཕྱར། །གཡོན་པ་གློ་སྙིང་ཟ་ཞིང་རྒྱུག །དགྲ་བགེགས་སྒྲོལ་ཞིག་མ་རུ་ཙེ། །དམ་ཉམས་སྒྲོལ་ཞིག་མ་རུ་ཙེ། །སྲོག་རྩ་ཆོད་ཅིག་མ་རུ་ཙེ། །དུས་ལ་བབ་བོ་མ་རུ་ཙེ། །རིག་པའི་ལྷ་མོ་གདོང་དམར་མ། །གཤིན་རྗེ་གཤེད་ཀྱི་བཀའ་ཉན་མ། །ཨེ་ཀ་ཛཱ་ཊཱིའི་གསུང་བསྟོད་མ། །བསེ་ཡི་སྐྱེས་བུའི་སྣ་འདྲེན་མ། །ལྷ་མིན་འབུམ་གྱི་གཡུལ་བཟློག་མ། མ་མོ་འབུམ་གྱི་དབང་མོ་ཆེ། །རྒྱན་ཆ་མ་མོ་མཐུ་མོ་ཆེ། །གསང་བའི་མ་མོ་ཡལ་གམ་ཅན། །ཆོ་འཕྲུལ་ཡོངས་ཀྱི་སྣ་འདྲེན་མ། །སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོང་། །ང་ཡི་ནོར་གྱི་རྗེས་ལ་རྒྱུག །སྲོག་བདག་དམར་པོ་རྟིང་ལ་རྒྱུག །ང་དང་འགྲས་པའི་དགྲ་བོ་ལ། །ཆོ་འཕྲུལ་སྣ་དགུ་ཐོང་ལ་ཤོག །ལས་མཁན་སྲོག་བདག་དམར་པོ་ནི། །འོད་འབར་བསེ་ཁྲབ་བསེ་རྨོག་གྱོན། །ཆིབས་སུ་ཅེ་སྤྱང་སྨྱོན་པ་ཆིབས། །རུ་མཚོན་དམར་པོ་དགྲ་ལ་ཕྱོར། །བཙན་ཞཊ་དམར་པོས་དམ་ཉམས་ཆིངས། །དགྲ་བགེགས་བླ་ཚེ་ཁུག་ལ་ཤོག །གནོད་སྦྱིན་དབང་པོའི་བཀའ་ཉན་པ། །སྒྲོལ་བྱེད་གྲི་ཐོགས་བརྒྱད་པོ་དང་། །རོ་བཤན་ཉི་ཤུ་རྩ་གཅིག་ནི། །(༡༢ན)


GLG011_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་དགྲ་ལ་རྦད་པའི་ཚེ། །ཟངས་ཀྱི་གྲི་བརྡར་ལམ་སེ་ལམ། །རལ་པ་སྤྲུགས་པས་སིག་སེ་སིག །ཕ་ལ་རྒྱུ་མ་ལག་སྡོགས་བྱེད། །ལ་ལ་གློ་སྙིང་མཆིན་པ་འབྲད། །ལ་ལ་ཤ་ཁྲག་སྤར་གྱིས་འདེབས། །ལ་ལ་རུས་པ་རྐང་མར་འཆའ། །ལ་ལ་སྙིང་ཁྲག་ཀླད་པ་བལྡག །ལ་ལ་ནང་ཁྲོལ་རྒྱུ་མ་འདྲེན། །ལ་ལ་པགས་པ་དམར་བཤུས་བྱེད། །ལ་ལ་ཤ་གདན་དམར་པོ་འདིང་། །དགྲ་བགེགས་སྒྲོལ་ཞིག་བཤན་པའི་ཚོགས། །དམ་ཉམས་སྒྲོལ་ཞིག་བཤན་པའི་ཚོགས། །དུས་ལ་བབ་པོ་བཤན་པའི་ཚོགས། །གཞན་ཡང་ཁྱོད་ཀྱི་བཀའ་འཁོར་ན། །བཙན་དམར་སྟོང་ནི་རྟ་རྒྱུགས་བྱེད། །རུ་མཚོན་དམར་པོ་ནར་ར་ར། །རྒྱུག་ཅིག་སྡང་བའི་དགྲ་ལ་རྒྱུག །ཕྱོར་ཞིག་རུ་མཚོན་དགྲ་ལ་ཕྱོར། །བདུད་དམག་གནོད་སྦྱིན་སྲིན་མོ་སྟོང་། །རོལ་མོ་གར་འཆམས་བུན་ནུ་ནུ། །འཆོས་ཤིག་སྡང་བའི་དགྲ་ལ་འཆོས། །ཐེའུ་རང་སྟོང་ནི་ཐན་སྣ་འདྲེན། །སྲིན་བྱ་འུག་པ་བཞད་གད་བྱེད། །སྤྱང་ཀི་ཝ་བརྒྱལ་དིངས་སེ་དིང་། ཁོང་ཞིག་དགྲ་ཡུལ་ཐན་གྱིས་ཁོང་། །ཐན་སྣ་སྣ་ཚོགས་དགྲ་ལ་ཐོང་། །མ་མོ་འབུམ་ནི་གཅེར་མོར་རྒྱུག །གོས་རྡེབ་གཡབ་རྡུལ་ཐུལ་ལུ་ལུ། །གད་བརྒྱངས་ཤོན་སྐོར་སྒོ་རོ་རོ། །དལ་ཡམས་ནད་རྐྱལ་ལག་ན་ཐོགས། །ནད་ཡམས་དལ་ཡམས་དགྲ་ལ་ཐོང་། །མཚོན་གྱི་དྲུ་གུ་ན་ར་ར། །ཁྱོང་ཞིག་དམ་ཉམས་དགྲ་ལ་ཁྱོང་། །གཞན་ཡང་དམ་ཅན་རྒྱ་མཚོ་རྣམས། །དགྲ་ལ་ཆོ་འཕྲུལ་སྣ་ཚོགས་ཐོང་། །ལྷ་ཁང་མཛེ་པོ་བནྡེ་དང་། །དམག་དང་ཆུ་བོ་ཆེན་པོ་དང་། །བུད་མེད་དམར་མོ་གཅེར་མོ་དང་། མི་དམར་ལིངྒ་བསྒྲེང་བ་སོགས། །འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་ཐོང་། །དམ་ཉམས་ལས་ངན་སྡིག་ཅན་འདི། །ལོ་(༡༢བ)


GLG011_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཟླར་བཞག་པའི་སྐབས་མེད་པས། །ཞག་དང་ཟ་མ་ཙམ་ལ་ཟོ། །དམར་པོ་དབོན་གཡས་དུས་ལ་བབ། །ཕུང་བྱེད་ཆེན་པོ་དུས་ལ་བབ། །དགྲ་བོའི་ཡུལ་ཁམས་སྟོབས་བར་གྱིས། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས། སྨྲས་པ། གསལ་སྟོང་མཁའ་དབྱིངས་དངས་པ་ལ། །ཏིང་འཛིན་གློག་ཕྲེང་རྣམ་པར་འཁྱུག །བསྟོད་བསྐུལ་དྲག་སྔགས་འབྲུག་སྒྲ་ལྡིར། །དངོས་གྲུབ་བདུད་རྩིའི་ཆར་ཆེན་འབེབས། །དེ་འདྲའི་གནད་ཀྱི་འཁྲུལ་འཁོར་གྱིས། །ཞི་རྒྱས་དབང་དྲག་ལས་འགྲུབ་ཅིང་། །ཟུང་འཇུག་སྒྱུ་མའི་གར་མཁན་དུ། །ལྷུན་གྲུབ་ཚུལ་དེ་ངོ་མཚར་རྨད། །ཨེ་མ་དེ་འདྲའི་གནད་ཤེས་པ། །ཚར་ཆེན་ཆོས་རྗེའི་བརྒྱུད་འཛིན་ལས། །རྨོངས་པ་ནོར་གྱིས་ཆེར་དྲེགས་པའི། །འུར་བརྒྱངས་ཅན་ཚོའི་སྤྱོད་ཡུལ་མིན། །དེང་དུས་རྟོག་གེ་ཐ་སྙད་མཁན། །ཚིག་གི་མཆེ་གཙིགས་ཅེ་སྤྱང་དང་། །མཐོན་པོའི་ཁྲིར་འགྱིང་བླུན་པོ་ཡིས། །བོང་བུ་གཟིག་པགས་གྱོན་པས་ཁེངས། །འོན་ཀྱང་སྔོན་གྱི་ལས་འཕྲོ་ཡིས། །བརྒྱུད་ལྡན་དམ་པའི་སྙན་བརྒྱུད་ཐོབ། །ཟབ་གནད་མཐའ་དག་ཁོང་དུ་ཆུད། །དེ་ཕྱིར་གཞན་ལ་སྨོན་མ་དགོས། །ཚུལ་འདི་ཅུང་ཟད་བཀོད་པའི་དགེས། ཚེ་རབས་ཀུན་ཏུ་མགོན་པོ་ཡིས། །རྗེས་སུ་བཟུང་སྟེ་ཁའུ་པའི། །སློབ་བཤད་བདུད་རྩིར་རོལ་བར་ཤོག །ཐུབ་བསྟན་ཇི་སྲིད་གནས་ཀྱི་བར། །གསང་ཆེན་སློབ་བཤད་མི་ཉམས་ཤིང་། །སྐལ་བཟང་སྐྱེ་བོའི་ཚོགས་རྣམས་ལ། །ངོ་མཚར་ལྟད་མོས་ཚིམ་གྱུར་ཅིག །དེ་ལྟར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་དང་། །དཔལ་མགོན་སྟོབས་འཕྲོག་དབང་པོ་ལས་མཁན་དང་བཅས་པའི་གཏོར་ཆོག །བསྐང་བཤགས། བསྟོད་བསྐུལ་ལེ་ཚན་འདི་རྣམས། །དེང་སང་གི་ས་སྐྱ་ཚང་གི་རྣ་བར་མ་གྲགས་པའི་གསང་ཆེན་སློབ་བཤད་(༡༣ན)


GLG011_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱད་ཆོས། ཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ་དང་ལྷན་ཐབས་དངོས་གྲུབ་རོལ་མཚོ། བཀའ་སྡོད་ཀྱི་བསྐང་གསོ་ཕྲིན་ལས་མྱུར་འགྲུབ། བེག་ཙེ་ལྕམ་དྲལ་གྱི་བསྐང་གསོ་ཕྲིན་ལས་ལྷུན་གྲུབ་སོགས་རྒྱས་བསྡུས་དུ་མ་འདུག་པ་སོགས་དགོངས་དོན་མ་འཕྱུགས་ཤིང་། སྤྱན་འདྲེན་བསྐང་བསྟོད་སོགས་ཀྱི་ཚིག་ཁུངས་ལྡན་ཀྱི་བླ་མ་མང་པོས་མཛད་པ་ནས་ཁ་བསྐང་བ་ཡིན་ལ། འཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ། ལྷན་ཐབས་སོགས་སྙན་བརྒྱུད་པོ་ཏིར་བཞུགས་པ་དང་། །བཀའ་རྒྱ་དམ་པའི་སྟབས་ཀྱིས་དངོས་བསྟན་མང་པོར་སྟོན་པ་སྐབས་སུ་མ་བབས་པས། ཁོ་བོས་འདིར་འདོན་ཆ་རྣམས་ལོགས་སུ་བཀོལ་བ་ཡིན་ལ། ཕྱག་རྒྱ་དམིགས་པ་ཕྱག་ལེན་སོགས་ཞིབ་ཆ་མཐའ་དག་ཡིག་ཆ་དེ་ཉིད་ལས་ཤེས་དགོས་ཡོད་ཅིང་རང་བཟོ་མི་བྱ། ཁོ་བོས་བསྒྲིགས་པའི་ལེ་ཚན་གསུམ་པོ་འདི་ཡང་དཔེ་ཆ་སོར་གནས་ལས་སྣོན་འཕྲི་དང་བསྲེས་ནས་ནག་པོ་འགྲོ་ཤེས་སུ་འདྲི་བ་དང་དཔེ་གོག་གཞན་གྱི་རྒྱས་འགེབས། ལུགས་སྲོལ་གཞན་གྱི་དཔེ་བྱེད་པ་སོགས་གཏན་མི་བྱེད་པར་མ་འཕྱུགས་པ་དགོས་ཤིང་བློ་ལྡན་མཐའ་དག་གིས་རྟོག་པ་ཞིབ་པར་གྱིས་ཤིག །ལུགས་སྲོལ་འདི་དག་གི་ཕྱོགས་སུ་རྣམ་དབྱེ་དང་གུས་པ་ཅུང་ཟད་ཙམ་ཡང་མེད་པར་སྒོ་ང་དང་སྒོང་ལྐོགས་ལྟར་རང་མགོན་པོར་མཁས་གྲུབ་ཀྱི་སྙན་པ་འདོད་པས་དམ་པའི་སྐྱེས་བུར་གྲགས་པའི་བླུན་པོ་ཧམ་པ་ཅན་མང་པོས་གཞན་གྱི་མན་ངག་རང་གི་ལུགས་སུ་སྒྲོ་བཏགས་ཏེ་རྨོངས་པའི་ཚོགས་རྣམས་མགོ་བོ་མགལ་མེ་ལྟར་བསྐོར་ཕྱིར་བྱུང་རྒྱལ་དུ་བདག་གིར་བཟུང་ནས་སྤྱོད་པ་བྱུང་ན་བཀའ་སྲུང་དམ་ཅན་པུ་ཏྲ་དང་བཤན་པ་དམར་པོ་གཉིས་ཀྱིས་སྙིང་ཁྲག་ཧུབ་ཀྱིས་འཐུང་ཞིག །གཏོར་(༡༣ན)


GLG011_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་དང་གཏོར་ཆེན་ངག་འདོན་མི་འདྲ་བ་རྣམས་ལུགས་སྲོལ་འདི་གའི་ཡིག་ཆ་ཁུངས་མ་ལས་བླངས་པས་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །ཞེས་གུར་གྱི་མགོན་པོ་གདོང་བཞི་པ་ལས་མཁན་དང་བཅས་པའི་བསྟོད་བསྐུལ་བཤན་པ་རྣམ་པར་རོལ་པ་ཞེས་བྱ་བ་འདི་ཡང་ཚར་པ་རྡོ་རྗེ་འཆང་གི་གསང་གསུམ་གྱི་རྣམ་ཐར་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་ཟ་ཧོར་གྱི་སྔགས་བན་ངག་དབང་བློ་བཟང་རྒྱ་མཚོས་རང་གི་བརྗེད་བྱང་དང་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།

དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ།


GLG011_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ་བཞུགས་སོ། །


GLG011_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀིརྟ་ཡེ། །འཇམ་དཔལ་དཔའ་བོ་མ་རུངས་བདུད་སྡེའི་དཔུང་། །འདུལ་ཕྱིར་དྲག་པོའི་སྐུར་བསྟན་གཤིན་རྗེ་གཤེད། །བཀའ་སྡོད་ལས་ཀྱི་གཤིན་རྗེར་བཅས་པ་ཡི། །གཏོར་མ་ལ་བརྟེན་མངོན་སྤྱོད་དྲག་པོའི་ལས། །མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཡི། །ཐུགས་ལ་གབ་པའི་མཚོན་ཆ་ཟབ་མོ་གང་། །འཁོན་སྟོན་ཆོས་རྗེའི་ཕྱག་བཞེས་ཇི་བཞིན་དུ། །ཡི་གེར་འགོད་ལ་ཤེས་ལྡན་རྣ་བ་ཉོན། །འདི་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལ། དུས་ཕྱོགས་ཀྱི་ཁྱད་པར་དང་། མཆོད་གཏོར་བཤམ་ཚུལ་གཉིས། དང་པོ་ནི། ཉེར་དགུ་དང་གནམ་གང་། ཉིན་ཕྱེད་མཚན་ཕྱེད། གཟའ་སྐར་གདུག་པ་ཅན་དང་། སྒྲ་གཅན་དང་བསྟུན་དགོས་ཏེ། མར་ངོའི་བཅུ་བཞི་འམ་བཅོ་ལྔ་ཡི། །དགྲ་བོ་ལ་ནི་མཚན་ཕྱེད་དམ། །བགེགས་ལ་ཉི་མ་ཕྱེད་ཀྱི་དུས། །སྲེག་ཚེས་འཆི་སྦྱོར་དག་དང་ལྡན། །ལྷ་སྲིན་ལྟོ་འགྲོའི་ལྟ་བ་དང་། །མཐུན་པའི་ཕྱོགས་སུ་ཁ་བལྟས་ཏེ། །ལས་སྦྱོར་འདི་དག་བརྩམ་པར་བྱ། །ཞེས་གསུངས་སོ། །གཉིས་པ་ནི། འཕུང་གསུམ་གྱི་ས་ལས་བྱས་པའི་སྟེགས་བུའི་ཁར། །དུག་ཁྲག་དང་རོ་སོལ་གྱིས་བྱུགས་པའི་སྟེང་དུ། །རོ་སྐྲའི་(༢ན)


GLG011_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་སྐུད་དང་མི་རུས་ཀྱི་རྡུལ་ཚོན་སོགས་ཚོགས་པར་བྱས་ནས་དཀྱིལ་འཁོར་བྲིས་ཏེ། །ཅི་འཚམ་འོས་པའི་ས་སྟེགས་ནི། །གྲུ་གསུམ་པ་ལ་དུག་ཁྲག་དང་། །རོ་སོལ་གྱིས་ནི་བྱུགས་པའི་སྟེང་། །ཆོས་འབྱུང་རྩེ་མོ་དགྲའམ་ལྷོ། །ཡང་ན་ལྷ་མིན་གདོང་ཕྱོཊ་བསྟན། །ཕྱི་རོལ་རྡོ་ར་མེ་རི་ནི། །ཆོས་འབྱུང་དབྱིབས་བཞིན་དེ་ནང་དུ། །གདུང་ཟླུམ་པ་དང་གདུང་བཞི་ཡིས། །མིག་མངས་རིས་སུ་ལིང་ཚེ་དགུ །གདུང་རྣམས་ནག་པོ་ལིང་ཚེ་རྣམས། །ཕྱོགས་མདོག་ཆོས་འབྱུང་ནག་པོ་རྣོ། །རྡོ་ར་མེ་རི་སྣ་ཚོགས་སོ། །ལིང་ཚེ་དགུར་ནི་ཚོམ་བུ་དགུ །དབུས་ཀྱི་མདུན་རྒྱབ་གཉིས་སུ་རེ། །ཕྱོགས་སྐྱོང་མདོག་དང་མཐུན་པར་དགོད། ཅེས་གསུངས་སོ། །དྲུག་ཅུ་པ་རྩི་ཚུལ་ནི། ལྕགས་སླང་སོགས་ཀྱི་ནང་དུ་ནི། །ཟན་ལ་ཐིག་གིས་བགོས་པ་ཡི། །དྲུག་ཅུ་རྩ་བཞི་བགོད་པར་བྱ། །ཕྱི་ནི་ལྕགས་མཁར་ཟུར་དགུ་པ། །ནང་དུ་གཤིན་རྗེའི་དོང་གསུམ་མོ། །བཞིའམ་ཆོས་འབྱུང་རྩེ་མོ་ལྷོ། །དོང་གསུམ་རྩེ་མོ་རང་ལ་བསྟན། །དྲུག་ཅུ་རྩ་བཞི་རྩིག་ཚུལ་ནི། །ཕྱི་ཡི་ཟུར་དགུ་ཉིས་བརྩེགས་དང་། །བང་རིམ་དགུ་ལ་བཞི་བརྩེགས་དང་། །ཀུན་གྱི་དབུས་མར་བདུན་བརྩེགས་སོ། །གསུམ་ནི་དོང་གི་ཁ་གཅོད་དོ། །དོང་གསུམ་(༢བ)


GLG011_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་དགྲ་བགེགས་ཀྱི། །ལིང་ག་མི་རུས་མགོ་མཇུག་ལོག །གཏོར་མའི་ཕྱོགས་མཚམས་བརྒྱད་དང་ནི། །དབུས་ཀྱི་རྒྱབ་དང་མདུན་རྣམས་སུ། །འཇིགས་བྱེད་དཔའ་བོ་གཅིག་པ་ནི། །ཕྱོགས་སྐྱོང་ཁ་དོག་དང་མཐུན་པ། །དབུས་སུ་འཇིགས་བྱེད་ཞལ་དགུའམ། །ཡང་ན་དཔའ་གཅིག་སྔོན་པོ་རྣམས། །དར་གྱི་ཤམ་བུས་བརྒྱན་པ་འཛུགས། །ཆོས་འབྱུང་རྩེ་མོར་ལས་གཤིན་གྱི། །གཏོར་མ་ཟུར་གསུམ་ཤ་ཁྲག་དང་། །དར་ནག་གིས་ནི་བརྒྱན་པ་བཞག །ཅེས་གསུངས་པའི་ཕྱག་ལེན་ལྟར་བཤམས། །མདུན་དུ་ཁྲག་སྣའི་མཆོད་པ་དང་ཞེས་སོགས་གསུངས་པ་ལྟར། །མདུན་དུ་ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག །གསུར་ཆེན་གྱི་དུད་པ། ཞུན་ཆེན་གྱི་མར་མེ། ཤ་རུས་ཀྱི་ཞལ་ཟས། ནང་མཆོད་གཙོ་བོར་དང་ལས་གཤིན་གྱི་མཆོད་གཏོར་ལིངྒ་དང་བཅས་པ་བཤམ་མོ། །གཉིས་པ་དངོས་གཞི་ནི། ནང་མཆོད། མཆོད་པ། གཏོར་མ་བྱིན་རླབས་པ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་རླབས་རྣམས་བྱ། སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས། མདུན་དུ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། གནམ་ལྕགས་ལ་གྲུབ་པའི་ལྕགས་མཁར་ནག་པོ་ཟུར་དགུ་པ་འཇིགས་སུ་རུང་བའི་ལྟེ་བར་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་དང་ཉི་མའི་གདན་ལ་ཧཱུཾཿ ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེའི་འཇིགས་བྱེད་ཆེན་པོ་ཞེས་པ་ནས་བཟུང་སྟེ། ཀློང་དཀྱིལ་ན་བཞུགས་པ། དེའི་མདུན་དུ་པདྨ་དང་ཉི་མ་ཞེས་སོགས་ལས་གཤིན་ཡབ་ཡུམ་གྱི་མངོན་རྟོགས་བསྐྱེད། ཨོཾ་ཧྲཱིཿཥྚྲི་ཝི་ཀྲཱི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་སརྦ་དུ་ཥྚ་ན་ཞེས་པ་ནས། འབྱུང་པོའི་ཚོགས་དང་བཅས་པ་ལྷགས་པར་གྱུར། ཛཿ འཇམ་(༣ན)


GLG011_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །ཞེས་པ་ནས། འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཛཿའཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོད་མཆོག །ཅེས་པ་ནས། གཉིས་སུ་མེད་པར་གྱུར། རང་གི་ཐུགས་གའི་ཧ྄ཱུཾ་གི་འོད་ཟེར་ཞེས་པ་ནས། ཡོངས་སུ་གྱུར་པ་ལས། གཙོ་བོ་ལ་མི་བསྐྱོད་པ་དང་། ལས་ཀྱི་གཤིན་རྗེ་ལ་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། ཨོཾ་ཧྲཱིཿཥྚི་ཞེས་པ་ནས། ས་མ་ཡ་སྟྭཾ། རྒྱས་པར་སྤྲོ་ན། རྒྱལ་བ་རྣམས་ནི་གཙང་གྱུར་ཅིང་དང་། སྟོང་གསུམ་ཁྱོན་ལྟར་ཡངས་པ་སོགས་བྱེད། བསྡུ་ན་སྔགས་མཆོད་འབུལ། ནང་མཆོད་བླ་མ་བརྒྱུད་པའི་མཚན་ནས་བརྗོད་པའམ། བསྡུ་ན་སྔགས་ཀྱིས་འབུལ། གཏོར་མ་འབུལ་བ་ནི། གཙོ་བོ་ལ་ཡུམ་དང་འཁོར་སྔགས་དོར། གཞན་དངོས་གཞི་དང་མཐུན། ལས་གཤིན་གྱི་གཏོར་མ་འབུལ། གཉིས་མེད་ཐུན་མོང་མ་དང་། འཇམ་དཔལ་བཀའ་ཉན་མས་བསྟོད། ཕྱོགས་སྐྱོང་འཁོར་དང་བཅས་པ་ཞེས་པ་ནས། རང་གནས་སུ་གཤེགས་པར་གྱུར། བླ་མ་མཆོག་དང་དཀྱིལ་འཁོར་ལྷ་ཚོགས་དང་། ཞེས་སོགས་ཀྱི་བཤགས་པ་དང་། བདེ་ཆེན་ལྷུན་གྲུབ་མའི་བསྐང་གསོ། གཙོ་བོ་དང་ལས་གཤིན་གྱི་བཟླས་པ་ཅི་རིགས་པ་བྱས་རྗེས། གཏོར་མ་སྔར་བཞིན་འབུལ། གཞི་བདག་གཏོར་མ་བཏང་། འཇམ་དཔལ་གསེར་མདོག་མ་དང་། ལས་གཤིན་གྱི་བསྟོད་པ་གང་འོས་བྱ། འཆི་བདག་མའམ། བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་བཀའ། ཞེས་སོགས་བསྐུལ་གང་རིགས་ཀྱི་རྗེས་སུ་གསེར་སྐྱེམས་བཏང་། ལིངྒ་དགུག་གཞུག་བྱ། སྡང་བའི་དགྲ་དང་གནོད་པའི་བགེགས། ཞེས་པ་ནས། ཀཱ་ལ་རཱུ་པ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕགས། ཅེས་ཆ་དགུར་གཏུབས་ལ་ཆ་གཅིག་གཏོར་མ་(༣བ)


GLG011_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་བརྒྱད་དྲུག་ཅུ་པ་ལྟར་བཤམས། གཙོ་བོ་དང་ལས་གཤིན་ལ་གཏོར་མ་ལྟར་འབུལ། ཕྱོགས་སྐྱོང་ལ་བྷུ་ཙ་ར་བརྒྱད་ཚན་བརྒྱད་དུ་བསྔོས་རྗེས་བཟློག་པ་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། གཏོར་མ་བྱིན་རླབས་དང་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། གཙོ་བོ་དང་ལས་གཤིན་ལ་འབུལ་བ་དང་། དྲུག་ཅུ་རྩ་བཞི་བསྔོ་བ་སྔར་ལྟར་བྱ། དེ་ནས། རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །སོགས་ཀྱི་སྒོ་དབྱེ་དང་། རྒྱལ་བ་སྤྱི་བསྐུལ་འདི་བཀའ་བརྒྱད་ཁྲོ་རོལ་གྱི་ཚིག་ཡིན་པས་གསར་མ་ལ་ཧ་ཅང་འབྲེལ་མི་ཆགས་ཀྱང་དིང་སང་མཛད་སྲོལ་འདུག་པ་དང་། སྐད་འཛུད་ཆེ་བ་སོགས་ནས་བྱས་ཀྱང་འགལ་བ་མེད། དེ་རྗེས་གོམ་པ་ཞེ་དགུའི་སར་ཁྱེར་ཏེ། གསེར་སྐྱེམས་དང་བཟློག་བསྐུལ་སྐབས་ཐོབ་སྦྱར་ནས་གཏོར་ཟོར་འཕེན། ནང་དུ་ལོག་སྟེ་སྲུང་འཁོར་དང་མངའ་གསོལ། གཏང་རག་ཤིས་བརྗོད་དཀྱིལ་འཁོར་བསྡུ་བ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ལས་གཤིན་ཁོ་ན་ལ་བརྟེན་ན་ཕྱོགས་སྐྱོང་རྣམས་འོད་གསལ་དུ་འཇུག་པ་མི་རིགས་པས། ཕྱོགས་སྐྱོང་རང་གི་ཙཀླི་འཛུགས་དགོས་ལ་དེ་ཡང་རྩ་བ་རྣམས་སེར་གྱིས་གསལ་བར་བྱས་ཤིང་། བསྡུས་པ་ལས་གཤིན་ཁོ་ན་ལ་བརྟེན་པར་འདོད་ན། རྒྱ་ཚོས་ཀྱིས་ཕྱེ་བ་རྣམས་དོར་བས་འགྲུབ་བོ། །གང་ཞིག་ཐུབ་བསྟན་དབྱར་གྱི་པདྨོའི་ཚལ། །ཞིང་བཅུའི་དགྲ་བགེགས་གླང་པོས་ཉེར་འཇོམས་ཚེ། །མངོན་སྤྱོད་དྲག་པོས་འདུལ་བའི་མཚོན་ཆ་འདི། །རྗེ་བཙུན་རྭ་ལོའི་ཐུགས་བཅུད་ཆེས་ཟབ་ཀྱང་། །ཚུལ་འདི་ཇི་བཞིན་འཛིན་པའི་རིག་སྔགས་འཆང་། །ཨུ་དུམ་ཝ་ར་ལྟ་བུར་ཆེས་དཀོན་པས། །བསྟན་དང་འགྲོ་ལ་ཕན་པའི་བསམ་པ་ཡིས། །བཀླགས་ཆོག་འཁྱེར་བདེའི་ཚུལ་དུ་གསལ་བར་བཀོད། །དགེ་ཚོགས་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །མི་མཐུན་མུན་པའི་(༤ན)


GLG011_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྨག་རུམ་དྲུངས་ཕྱུང་ནས། །ཕན་བདེའི་འདབ་བརྒྱ་བཞད་པའི་རྣམ་དཔྱོད་ཀྱིས། །རྫོགས་ལྡན་གསར་པའི་དགའ་སྟོན་རྒོད་པར་ཤོག །ཅེས་རྗེ་བཙུན་རྭ་ལོའི་ཐུགས་ཀྱི་ཟབ་གནད། དབྱུ་གུ་དྲུག་ཅུ་རྩ་བཞི་ལ་བརྟེན་པའི་གཏོར་ཆེན་གྱི་རིམ་པ་ཁྲིགས་སུ་བསྡེབས་པ་སྲིད་གསུམ་རྣམ་རྒྱལ་ཞེས་པ་འདི་ཡང་ཕོ་བྲང་གུང་རི་དཀར་པོའི་སྐུ་གཉེར་དཔོན་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་བསྐུལ་བ་དང་། རང་གི་བརྗེད་བྱང་དུ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་པ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་རྭ་ལུགས་ཀྱི་ཡིག་ཆ་དང་བླ་མའི་མན་ངག་ལ་བརྟེན་ནས་སྦྱར་བའི་ཡི་གེ་བ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།

ཐོགས་མེད་དྲག་རྩལ་ནུས་སྟོབས་ལྡན་པའི་དམ་ཅན་ཆོས་སྲུང་རྒྱ་མཚོའི་མངོན་རྟོགས་མཆོད་འབུལ་བསྐང་བཤགས་བསྟོད་ཚོགས་སོགས་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅེས་བྱ་བ།


GLG011_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་དྲག་རྩལ་ནུས་སྟོབས་ལྡན་པའི་དམ་ཅན་ཆོས་སྲུང་རྒྱ་མཚོའི་མངོན་རྟོགས་མཆོད་འབུལ་བསྐང་བཤགས་བསྟོད་ཚོགས་སོགས་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།


GLG011_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་སྶ་ར་སྭ་སྟྱི། འགྱུར་མཐའ་དག་གཟུགས་ཅན། མེད་ཆོས་དབྱིངས་གསེར་ལྡན་ཡངས་པའི་དབུས། །གསང་གསུམ་མི་ཟད་ཡོན་ཏན་ལྷུན་པོའི་སྤོར། །འཇིགས་རུང་ལྷ་དབང་དཔུང་ཚོགས་འཕྲུལ་གྱི་སྒོས། །དགྲ་བགེགས་སྔོན་གྱི་ལྷ་རྣམས་འཇོམས་ལ་བསྟོད། །རབ་ཡན་ལག་གཅིག་པའི་གཟུགས་ཅན་དང་དཔེ་རྒྱན་སེམས་མེད་རབ་རྟོག་ལེའུ་གསུམ་པའི་ཐོག་མའི་ཟུང་ལྡན་བར་ཆོད་པ་རྐང་པ་བཞི་པ་ལ་ཡོད་པ་རྣམས་འདྲེས་པའི་རབ་སྤེལ། དམར་ཁྲག་གི་ན་ཀྲའི་གྲོང་ཁྱེར་ལས། །རབ་འཇིགས་འབབ་ལྡན་འཁྲིགས་ཤིང་ཆེར་འཁྲུགས་པ། །རབ་མཐོ་སྲིད་རྩེར་འཕྱུར་ལྟའི་སྒྲ་ཆེན་པོས། །རབ་རྨོངས་བདུད་སྡེ་གདུང་བའི་ཅ་ཅོ་སྒྲོག །སྲ་ཕུལ་བྱུང་རབ་རྟོག །བརྟན་འོད་སྲུང་ཡིན་ཡང་གཡོ་བྱེད་པའི། །ཤུགས་དྲག་རྡུལ་གྱི་རྒྱལ་མཚན་འཚུབ་མ་ཡིས། །ས་འཛིན་དབང་པོ་འཇིག་ན་མི་རུང་ཞེས། །བཅུ་གཉིས་ཁྱིམ་གྱི་ཞགས་པས་རིང་དུ་བཅིངས། །མདོག་དཔེ་རྒྱན་དང་དམས་པའི་ཉམས་འདྲེས་པ། ལྔའི་བགྲོད་པའི་ཤུགས་ཀྱང་དུབ་བྱེད་ཅིང་། ཁྱུ་དགེ་ལ་འགྲན་ཐེག་པའི་དབང་པོ་ལ། །འབོད་གྲོགས་རུས་པའི་གཟེབ་དང་ཀ་ནེའི་སྒས། །ལེགས་སྤུད་མི་ཐོད་སྲབ་སྐྱོགས་རྣམ་པར་འཕྱང་། །ཀ་ཏིང་འཛིན་གྱི་ཆོས་དང་འདྲེས་པའི་རྨད་བྱུང་གི་དཔེ། ཀ་ནཱི་ལའི་རྡུལ་བརྩེགས་ལྷུན་པོ་ནི། །སྟང་ཟིལ་ལན་བརྒྱར་བྱུག་ལ་སྣང་གཏེར་གྱི། །ཚ་(༢ན)


GLG011_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གོས་ཀྱི་ཀླུབས་ན་ཁྱོད་ཀྱི་སྐུའི། །ཆ་ཤས་ཙམ་ལ་འགྲན་པའི་དཔེ་རུ་བསྟན། །གཏུམ་དྲག་རབ་བརྔམ་འདས་པ་འགོག་པ། གཡར་ངོ་བསྟན་ཙམ་གྱིས། །སྲིད་གསུམ་དྲེགས་ལྡན་ཙིཏྟ་བཀས་གྱུར་ན། །རཱ་མ་ཎ་ཡིས་ནོར་སྦྱིན་གཅུང་པོ་དག །ལྔ་པའི་ལམ་དུ་བཏང་སྨྲ་བརྫུན་པའི་གཏམ། །དམར་སེམས་མེད་རབ་རྟོག་གི་སྦྱར་རྒྱན། སེར་གཙུག་ཕུད་འཁྱིལ་བའི་གཟི་འོད་ཀྱི། །ཚ་གདུང་འཇིགས་པས་འཕུར་བྱེད་ཚོགས་རྣམས་ཀུན། །བསྲུང་ཕྱིར་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་གྱིས། །མངོན་པར་རྒྱན་གྱི་ཟོལ་ལ་བརྟེན་པར་ངེས། །ཞལ་གཟུཊ་ཅན་གྱི་ཁྱད་པར་ཕུལ་བྱུང་། ཁྱིམ་འབྲས་ལྡན་དུས་ཀྱི་ཀུན་གསལ་དབུས། །སྣང་བྱེད་རྟ་བདུན་དཀྱིལ་འཁོར་མངོན་གསལ་བས། །ཇི་སྙེད་ཤེས་བྱའི་འདབ་སྟོང་བཞད་པ་ལས། །ལྐོག་གྱུར་ཐུན་གསུམ་མ་དེ་གང་དུ་བྲོས། །འདྲེན་བྱེད་ལེའུ་གསུམ་པའི་སླུ་བྱེད་ཀྱི་གབ་ཚིག །འགྲམ་དཀྱུས་རབ་གསལ་བཞིན་སྣོད་ངོས། །ཐུན་མཚམས་སྒེག་མོ་འཁྱུག་པའི་གཟུགས་ཀྱི་འཕྲུལ། །འགག་མེད་རྟག་ཏུ་ཤར་བའི་ལྕགས་ཀྱུ་ཡིས། །བི་ཤྭ་ཀརྨའི་ཡིད་ཀྱི་ཁེངས་པ་ཕྲོགས། །མི་སྡུག་ཞལ་གྱིས་ལེའུ་དང་པོའི་དོན་གསལ་གྱི་རྒྱན་ཤར་ཕྱོགས་གཽ་ཌ་པ་ལ་གྲགས་པ། འཛི་ན་དཀར་པོ་ལས། །དམ་ཉམས་ཁྲག་གི་ཡན་ལག་བརྒྱད་ལྡན་ཆབ། །ཤུགས་དྲག་ཆེས་ཆེར་བབས་པའི་དབུ་ཕྲེང་(༢བ)


GLG011_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །སོ་སྐྱོང་གོས་སེར་བགྲོད་བྱེད་རྣམ་པར་བརླན། །རབ་ལྡན་པའི་གཟུགས་ཅན། གཙིགས་མཆེ་བའི་ཆུ་འཛིན་འཁྲིགས་པའི་དབུས། །གསུང་གི་ང་རོ་དབྱར་གྱི་རྔ་གསངས་དང་། །རོ་འཛིན་མཇུག་བརྒྱ་རབ་འཁྱུག་རིག་སྔགས་ཀྱི། །རྡོ་རྗེའི་ཟེགས་མས་ལོག་འདྲེན་བྲག་རི་འཇོམས། །ཛམ་བུ་སེམས་ལྡན་རབ་རྟོག།།ནཱ་ད་ལས་བ་རྣ་རྒྱན་སྟེང་། །གཙུག་ཕུད་ལྔ་པ་འཁྱིལ་བའི་རྣམ་འགྱུར་གྱིས། །ས་གསུམ་དྲེགས་ལྡན་གཉིས་འཐུང་དབང་པོའི་ཚོགས། །འཇིགས་ཏེ་ལྔ་པའི་གོང་དུ་བྲོས་ཀྱིས་དོགས། །གཡོན་ཕྱོགས་སེམས་ལྡན་རབ་རྟོག །ཐོས་འཛིན་དབང་པོ་མཛེས་བྱེད་པའི། །རླུང་གི་ཟས་ཅན་སྨྲ་བའི་འབབ་སྟེགས་ལས། །མི་བཟད་ཧ་ལའི་ཞགས་པས་བཅིངས་དོགས་ནས། །སྦྱིན་སྐྱེས་སྟོབས་ལྡན་ས་འོག་སྐྱབས་སུ་བསྟེན། །ཅོད་པན་རབ་དཀར་ཐོད་སྐམ་ལྔ་ཡི་ཕྲེང་རྨད་བྱུང་གི་ཉམས། མི་སྡུག་ཨཎྜའི་སྲད་བུ་ལ་བརྒྱུས་ཏེ། །ཡིད་འོང་སྣ་ཚོགས་རིན་ཅེན་ཕྲེང་བ་ཡི། །བཀོད་ལེགས་འདྲེན་བྱེད་དགའ་སྟོན་ཨེ་མ་མཚར། །འབྲུག་སེམས་ལྡན་གྱི་རབ་རྟོག །སྒྲ་མངལ་འཛིན་ལུས་འདོགས་ལས་གྲུབ་པའི། །རྣམ་བཀྲ་ངག་གི་མཚོན་ཆའི་རྫིང་རིང་རྒྱན། །ནོར་བུའི་ཏོག་གིས་མཚན་པར་རྒྱུ་སྐར་ཚོགས། །བལྟ་ཕྱིར་ལྷ་ཡི་ལམ་ལས་འོངས་པ་འདྲ། །གནམ་འཇིགས་རུང་གི་ཉམས། ལྕགས་རྡོ་རྗེ་འབར་བའི་འཆང་གཟུང་ཅན། །བདུད་དཔུང་ཕྱེ་མར་འཐག་པའི་དབྱིག་པ་ནི། །འཛིན་བྱེད་གཡས་པ་མཁའ་ལ་འཕྱར་ཙམ་གྱིས། །ས་གསུམ་མ་ལུས་ཅིག་ཅར་འདར་བར་ངེས། །ལོག་མི་སྡུག་པའི་ཉམས་དང་ལྡན་པའི་རབ་རྟོག །འདྲེན་མགོ་བོ་བྲེགས་པའི་ཀ་པཱ་ལ། །དམར་ནག་ཁྲག་གིས་རབ་གང་ཕྱག་གཡོན་གྱིས། །ཞལ་དུ་བཏབ་པས་གངྒཱ་མ་གཉིས་ལ། །ཡན་ལག་མཆོག་དང་མི་ལྡན་གཏམ་གྱི་རྫུ། །གྲཊ་པ་ཕུལ་བྱུང་། རྣམ་མང་གདུལ་བྱའི་བློ་ཡི་མེ་ལོང་ངོས། །སྣ་ཚོགས་(༣ན)


GLG011_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བསྒྱུར་སྟོན་པའི་གཟུགས་སྐུའི་ཁྱོན། །ཚད་མས་གཞལ་ནུས་མིན་འདི་ཞིང་སྒྲགས་ཀྱིས། །ཚད་ལྡན་སྟོད་ཀྱི་གོས་སུ་རུང་བ་མཚར། །གང་བཞད་གད་ཀྱི་ཉམས། གི་བྱམས་བརྩེའི་བཅུ་གཉིས་བདག་པོ་ཡིས། །ལུས་ཅན་སྦྲང་རྩིའི་རྒྱལ་མཚན་སྐྱོང་བསྟན་ཡང་། །རཀྟས་སྔཊ་པའི་བམ་ཆེན་མགོ་རློན་གྱི། །མཁའ་དབང་གྲངས་ལྡན་འཕྲེང་འདི་བཞད་གད་རྒྱུ། །ཟུར་གྱི་ཕྲ་མོ། གསུས་ཁྱིམ་འཇིགས་བྲལ་རབ་མཐོའི་བ་གམ་ལ། །ལེགས་བྲིས་དཔུང་ཚོགས་རྣམ་བཞིའི་གནས་བཅས་ནས། །བཅུད་བྲལ་མིང་གི་ལྷག་མར་བཏང་བའི་ཚུལ། །གསལ་བར་སྟོན་ཕྱིར་ནམ་མཁའི་ནོར་བུས་བརྒྱན། །ཕྱི་ནང་རྫས་ཀྱི་རང་བཞིན་བརྗོད་པ། གསལ་འགྲིབ་མེད་པའི་ཡེ་ཤེས་སྐུར། །རབ་བཀྲ་སྟག་ལྤགས་དར་ནག་ལྷབ་ལྷུབ་དང་། །འཁྱོག་འགྲོ་ཟུང་གི་གསེར་ག་བདུན་པ་ཡིས། །མངོན་པར་བརྒྱན་པའི་བྱེད་པོ་སུ་ཞིག་ཡིན། ཁྲམ་ཆ་ཤས་གཟུགས་ཅན། ཤིང་ཤོ་རྡེ་མཚོན་གྱི་དྲུ་གུ་སོགས། །འཇིགས་རུང་ཤ་ཀྲའི་དཔལ་མགྲིན་སྣང་བྱེད་མེས། །དགྲ་བགེགས་ཆུ་སྲིན་རྒྱལ་མཚན་ཅན་གྱི་ལུས། །ལྷག་མར་བསྲེག་པའི་ཕུལ་བྱུང་སྟོབས་ནི་རྨད། །རྐྱང་སེར་རིགས་གཉིས་སྟེང་དུ་ཞབས་པད་ཟུང་། །སྐྱིལ་ཀྲུང་ཕྱེད་པའི་ཚུལ་གྱིས་མཁའ་དབྱིངས་ལ། །མངོན་པར་འཕགས་པའི་ཤུགས་དྲག་གར་ཉམས་ཀྱིས། །རྒྱ་ཆེན་སྲིད་གསུམ་ཚད་ཀྱིས་འཇལ་བ་བཞིན། ཁྱོད་མངོན་གྱུར་འགོག་པ། སྐུ་རབ་དངས་ལྷ་ཡི་ལམ་ཡངས་པར། །མཚན་དཔེའི་གཟི་བྱིན་དབང་གཞུས་ལེགས་སྤྲས་ན། །རིན་ཅེན་རུས་པ་བྲང་འགྲོའི་ཆུ་ཁུར་གྱི། །སྣ་ཚོགས་རྒྱན་གྱིས་སྤུད་ལ་མཚར་དུ་ཅི། །མིག་གིས་ལེའུ་དང་པོ་ནས་བཤད་པའི་ལྷོ་ཕྱོགས་པའི་རྒྱ་ཆེ་བའི་ཡོན་ཏན། བལྟ་བར་བཟོད་དཀའི་དྲག་མོའི་སྐུར། །བསྟན་པ་ཙམ་གྱིས་སྟོབས་ལྡན་དྲེགས་པའི་ཚོགས། །སྙེམས་པ་བཏང་(༣བ)


GLG011_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྱོད་ཀྱི་བྲན་བགྱིད་ན། །སྟོང་གསུམ་མི་མཇེད་བདག་པོ་གང་དུ་མཆིས། །རབ་དཀར་སྦྱར་བའི་གཟུགས་ཅན། རི་དྭགས་རྒྱན་གྱིས་སྦ་བའི་ལུས། །མཛེས་སྡུག་ཆ་ཤས་རྫོགས་ལ་སྲེད་བྲལ་ཞིང་། །མི་སྡུག་སྣང་གཏེར་གཟུགས་སྐུའི་དཀྱིལ་འཁོར་གྱིས། །ལོག་འདྲེན་ས་མོས་ཚལ་ཀུན་ཅིག་ཅར་ཟུམ། །སེང་གེ་ཕུལ་བྱུང་རབ་རྟོག །མོའི་བུའི་སྟོབས་ཀྱང་ཟིལ་གནོན་པའི། །མིག་སྨན་འབུམ་སྡེའི་མདངས་ཅན་འཇིགས་གཟུགས་ལ། །སྐྲག་སྟེ་ཆོས་ཀུན་སྟོང་པའི་མཁར་བྲོས་པས། །ཡེ་ཤེས་མེ་ལྕེ་འབར་བས་རྗེས་སུ་བསྙེགས། །ཐོས་སྙིང་རྗེ་ཉམས། འཛིན་བདུད་རྩིའི་ལང་ཚོ་འཆི་མེད་དབྱངས། །སྙན་བརྗིད་ཡན་ལག་དྲུག་ཅུའི་ཕུལ་བྱུང་གསུང་། །འཇིགས་རུང་ང་རོ་དྲག་པོས་བདུད་སྡེའི་སྙིང་། །དུམ་བུར་གས་ཀྱང་རྣ་བའི་ཁུང་བུ་འགེབས། །ཆོས་གཟུགས་ཅན་གྱི་གཟུགས་ཅན། དབྱིངས་འདམ་སྐྱེས་རྫིང་བུའི་བ་གམ་དབུས། །གང་ཐུགས་དཔལ་ཁྱིམ་ཟེའུ་འབྲུའི་སྒྱུ་རྩལ་སྤྲོད། །བདེ་ཆེན་བུང་བའི་རི་དྭགས་མིག་ཅན་མ། །ཡིད་གཅུགས་གྲོཊ་སུ་བཀུག་སྟེ་རྩེ་དགར་རོལ། །རབ་གྲགས་པ་ཕུལ་བྱུང་། འབྱམས་དུས་གསུམ་རྒྱལ་བ་མ་ལུས་པའི། །གསང་གསུམ་ལས་བྱུང་མཁྱེན་བརྩེ་ནུས་མཐུའི་ཚོགས། །གཅིག་བསྡུས་གང་གི་ཡོན་ཏན་ཕུང་པོ་ཁུར། །ཐེག་པའི་གསེར་ལྡན་ལུས་ནི་ཨེ་མ་སྲ། །ལས་བཞིའི་འཕྲིན་ལས་བཅུ་གཟུཊ་ཅན་བསྡུས་ཤིང་མ་བསྡུས་པ། གཉིས་བདག་པོ་ཡིས། །གང་འཚམ་ལེགས་བྲིས་ལམ་གྱི་ཁྱོན་ཡངས་པར། །འོངས་པས་ལས་ལྡན་སྣང་གསལ་རབ་རྒྱས་ཤིང་། །དགྲ་བགེགས་འབྱུང་པོའི་བྱ་ཚོགས་ཕྱེ་མར་མཛད། །ཐུབ་ལེའུ་དང་པོའི་ཤར་ཕྱོགས་གཽ་ཌ་པའི་དོན་གསལ་གྱི་རྒྱན། བསྟན་ཟླ་བའི་མ་མའི་བཅུད་ཀྱི་ཕུལ། །རྡོ་རྗེ་ཐེག་པའི་ཟིལ་དངར་ཀཱ་ལ་ཤར། །འཁུ་བའི་སེམས་འཆང་བདུད་(༤ན)


GLG011_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་སྦྱིན་སྐྱེས་ཚོཊ། །འཇོམས་མཛད་མགྲིན་སྔོན་ལྷག་པའི་ལྷ་དེར་བསྟོད། །གཙུག་དངོས་པོའི་དཔེ་དང་འདྲེས་པའི་རབ་རྟོག །ཕུད་མགྲིན་པར་ཅོ་འདྲིའི་པད་གདན་ལ། །མངོན་པར་ཆཊ་པས་འཁྱུད་ལྟའི་ཆེས་བདག་སྟེང་། །སྣ་ཚོགས་རྒྱན་གྱིས་སྤུད་འདྲའི་ཀཻ་ལ་ཤར། །གར་དགུའི་རྣམ་འགྱུར་སྟོན་པ་ཡོད་དམ་སྙམ། །ཡིད་ལ་འབྲུ་མང་ཚིག་སྡུད་ཀྱི་དཔེ་དང་གཟུགས་ཅན་རྨད་བྱུང་གི་ཉམས་གསུམ་ཡོད་པའི་རབ་སྤེལ། དཔྱང་ཐག་འཛིན་པའི་གང་གི་སྐུ། །ཞལ་ཁྱིམ་དྲི་བཟང་ཁང་པ་རྒྱས་པའི་དབུས། །ཚེམས་ཀྱི་ཟེའུ་འབྲུ་རབ་འཁྲིགས་བུང་བའི་སྤྱན། །དཀར་དམར་མདངས་སོགས་མ་འདྲེས་ཡིད་དུ་འོང་། །ཨུཏྤལ་ཆོས་དཔེ། འདབ་ལྟར་མཉེན་འཇམ་ཕྱག་ཟུང་གིས། །འདབ་ལྡན་མེལ་ཚེ་དར་གྱི་ཕང་ཕུང་ཅན། །བཀོད་ལེགས་ཀཉྩ་ནམ་གྱི་ཡོལ་གོའི་ནང་། །ཡིད་འོང་རིན་ཆེན་འཕྱུར་བུར་གཏམས་པ་འཛིན། །མཚན་ལེའུ་དང་པོའི་རབ་དངས་ཀྱི་རྒྱན། བཟང་ལང་ཚོའི་གཟི་ལྡན་ཁྱོད་ཀྱི་སྐུ། །འཆི་མེད་རྫས་ཀྱི་ནང་གསུམ་ལྷབ་ལྷུབ་དང་། །རྩེ་ཕྲན་སེ་མོ་དོ་སོགས་རིན་ཅེན་ཕྲས། །ལེགས་པར་སྤྲས་པའི་རྒྱན་གྱིས་རྣམ་པར་མཛེས། །ཆགས་བྲལ་ཆོས་ཀྱི་སྤྲིན་བསམ་པ་རྒྱ་ཆེ་བའི་གཟུགས་ཅན། གྱི་མཁའ་དབྱིངས་ལ། །གང་གི་གསང་གསུམ་རྟ་ལྗང་མངོན་རྫོགས་ཀྱང་། །འགྲོ་ཀུན་པད་དཀར་ལ་ཆགས་ཞབས་ཟུང་གི །འོད་སྟོང་སྐྱིལ་ཀྲུང་ལུས་ཅན་འདབ་བརྒྱ་བཞད། །རིགས་རྫས་ཀྱི་རང་བཞིན་བརྗོད་པ། གཉིས་སྔོན་འགྲོ་འཇིགས་རུང་མུན་པའི་མདོག །འབོད་གྲོགས་ཟག་ཕུང་ན་ཀྲའི་སྤྱི་བོ་ཅན། །མངོན་པར་འགྱིངས་པས་དགྲ་དཔུང་གནམ་འཕྱོའི་ཚོགས། །གསུས་ཁྱིམ་ལྔ་པའི་གྲོང་དུ་འཇུག་ལས་གང་། །འཕྲོག་སེམས་ལྡན་རབ་རྟོག །བྱེད་གདོང་ཅན་དམར་ནག་ཤ་ཟའི་གཟུགས། །སྲ་བརྟན་ནོར་འཛིན་ལྟོ་བར་བགྲོད་བྱེད་ཟུང་། །ཤུགས་དྲག་སྟོབས་(༤བ)


GLG011_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྡབས་པས་ས་གསུམ་ཡང་། །འཇིག་སྙམ་ཚངས་འཇོམས་ལུས་མེད་ཚུལ་གྱིས་གནས། །དྲི་བཞོན་འཁྲུག་པའི་བགྲང་བྱའི་ཆོ་འཕྲུལ་གྱིས། །ས་གསུམ་འགེངས་མཛད་ཆུ་འཛིན་སྟུག་པོའི་ངོས། །བྱེད་པོས་རླུང་གི་རྒྱལ་མཚན་བྱུགས་འདྲའི་མདོག །སྟོབས་འགྲོའི་སྟེང་དུ་འཇིཊ་རུང་གར་གྱིས་རོལ། །རྡོ་རྗེ་ལེའུ་དང་པོའི་མཛེས་པའི་ཡོན་ཏན་བསྔཊ་པ་དང་སྦྱར་བ། ཟེགས་མ་ཆུ་ཁྲིགས་ཕོ་ཉ་ཅན། །རྣམ་འགྱུར་གྲངས་མེད་སྟོན་པའི་བྱུ་རུའི་རི། །ངོ་མཚར་ཡིད་ལ་འགོད་པའི་ཁྱོད་ཀྱི་སྐུ། །ཆུ་གླང་གདན་ལ་མི་སྡུག་རྣམ་འགྱུར་ཚུལ། །གར་དཔེ་རྒྱན་དང་གྲངས་ཀྱི་གབ་ཚིག་རབ་རྟོག་གསུམ་འདྲེས་པའི་རབ་སྤེལ། དགུའི་ཉམས་ལྡན་རི་སྐྱེས་ས་འཛིན་ལ། །འཁུ་བའི་ཁྱོད་སྐུ་ཕྱོཊ་ཀྱིས་རྭ་ལྡན་སྟེང་། །མངོན་པར་འཕགས་པའི་གཟི་འོད་མ་བཟོད་པར། །པད་གཉེན་གླིང་བཞི་བསྐོར་བའི་རྫུ་ལ་བསྟེན། །ཐུན་དཔེ་རྒྱན་དང་འཇིགས་རུང་གི་ཉམས་འདྲེས་པ། གསུམ་དུས་ཀྱི་མཁའ་གླང་སྟུག་པོའི་དབུས། །སྤྲིན་གྱི་ལྕུག་མ་འཁྱུག་ལྟའི་གཟུགས་ཀྱི་སྐུ། །མི་སྡུག་སྟེང་དུ་གཏུམ་དྲག་བརྔམ་ཚུལ་གྱིས། །ལོག་འདྲེན་དགྲ་སྡེའི་མགོ་བོ་ཅིག་ཅར་འགེམས། །སྣ་ཆ་ཤས་གཅིག་པའི་གཟུགས་ཅན། ཚོགས་ལས་བཞིའི་འཕྲིན་ལས་མེལ་ཚེའི་ངོས། །བརྗོད་བྲལ་རྣམ་འགྱུར་གྲངས་མེད་སྟོན་པའི་སྐུ། །མཐུ་སྟོབས་རྫུ་འཕྲུལ་དཔག་དཀའ་སྲིད་གསུམ་ལ། །དབང་སྒྱུར་བཀའ་སྡོད་དམ་ཅན་ཚོགས་ལ་བསྟོད། །གང་མི་མཉམ་གཟུགས་ཅན་གྱི་ཤིས་བརྗོད། གི་ཐུགས་རྗེའི་རྒྱུ་སྐར་མུ་ཁྱུད་ཀྱིས། །མི་མཐུན་ཉེར་འཚེའི་ཀུན་ཁེབས་སྟུག་པོ་ཡི། །དཔུང་ཚོགས་མ་ལུས་འཇོམས་པའི་སྒྱུ་འཕྲུལ་གྱིས། །རབ་འབྱམས་ཞི་བའི་ལས་ཀུན་གྲུབ་པར་མཛོད། མི་མཐའ་དག་གཟུགས་ཅན་གྱི་ཤིས་བརྗོད། ཟད་གསང་གསུམ་ཟླ་བའི་མ་མ་ལས། །ལེགས་འོངས་ཁྱོད་ཐུགས་རྟ་བདུན་དཀྱིལ་འཁོར་གྱིས། །ལུགས་ཟུང་མཐུན་རྐྱེན་འོད་སྟོང་(༥ན)


GLG011_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ཡིས། །རབ་འབྱམས་རྒྱས་པའི་ལས་ཀུན་གྲུབ་པར་མཛོད། །གྲངས་ལྡན་པའི་གཟུགས་ཅན་གྱི་ཤིས་བརྗོད། མེད་མཛད་པའི་ཡིད་བཞིན་དབང་གི་རྒྱལ། །ཤུགས་དྲག་གསོལ་འདེབས་ཀ་ཤིའི་ཐབས་མཁས་གོས། །ཇི་སྙེད་སྲིད་གསུམ་རྒྱལ་མཚན་རྩེར་བཀོད་པའི། །རབ་འབྱམས་དབང་གི་ལས་ཀུན་གྲུབ་པར་མཛོད། །དཔག་གཟུགས་ཅན་ཤིས་བརྗོད། དཀའ་ནུས་མཐུའི་ཕྱུགས་བདག་འདབ་ལྡན་ཅན། །རྫས་སྔགས་ཏིང་འཛིན་གནམ་རུའི་འཕྲུལ་འཁོར་གྱིས། །དགྲ་བགེཊ་བཅུད་བྲལ་གྲོང་ཁྱེར་མཐར་བྱེད་པའི། །རབ་འབྱམས་མངོན་སྤྱོད་ལས་ཀུན་གྲུབ་པར་མཛོད། ཁྱད་པར་ལེའུ་དང་པོའི་དོན་གསལ་གྱི་རྒྱན་ཤར་ཕྱོགས་གཽ་ཌ་པ་ལ་གྲགས་པའི་ཤིས་བརྗོད། བདག་ཡིད་མཁའ་ལྡིང་རྒྱལ་མཚན་ཅན། །འདོད་དོན་ས་མནྟ་ཀ་ནོར་བུའི་མཆོག །ལས་བཞིའི་ཏམྦུའི་ན་ཆུང་ཐབས་ཀྱི་རྒྱས། །ཐོགས་མེད་ཡིད་བཞིན་གྲུབ་པའི་འཕྲིན་ལས་མཛོད། །དཔལ་སྟུག་མཐའ་དག་གཟུགས་ཅན་གྱི་ཤིས་བརྗོད། བསྟན་པ་ཡོངས་འདུ་ས་བརྟོལ་ལ། །ཐུན་མོང་ཐེག་པའི་ཡལ་འདབ་རབ་རྒྱས་ཤིང་། །ངེས་གསང་བླ་མེད་གང་བུས་གཡུར་ཟ་བའི། །རིགས་འཛིན་འཆི་མེད་དགའ་སྟོན་རྒྱས་གྱུར་ཅིག །ཅེས་དཔལ་ལྡན་འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་ལ་བསྟོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ་ཞེས་བྱ་བ་འདི་ཡང་། རང་ཉིད་ལྷག་པའི་ལྷ་མོར་མི་ཕྱེད་དད་པའི་ཤུགས་ཀྱིས་མངོན་པར་བསྐུལ་ཞིང་། རབ་འབྱམས་སྨྲ་བ་ངག་དབང་བསོད་ནམས་རྣམ་རྒྱལ་དང་། རིག་བྱེད་པ་བློ་བཟང་འཇམ་དཔལ་སོགས་ཀྱིས་མཚམས་སྦྱར་བ་ལ་བརྟེན་ནས། ཚངས་སྲས་བཞད་པའི་རྡོ་རྗེས་ས་ཡོས་ནམ་མཐོང་ས་ཟླ་བའི་དཀར་ཕྱོགས་བཟང་པོ་གཉིས་པར་ཀུན་མཁྱེན་བུ་རམ་ཤིང་པ་བལྟམས་པའི་དུས་ཆེན་གྱི་ཉིན་འཆི་མེད་སྐྱེད་ཚལ་ས་ལ་འཕོས་འདྲའི་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་མངོན་པར་དགའ་བར་སྦྱར་བའོ། །(༥བ)


GLG011_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་རིན་ཅེན་བྱེ་བའི་གཏེར་གྱུར་རྩ་བརྒྱུད་བླ་མ་རྡོ་རྗེ་འཛིན་པའི་ཚོགས་རྣམས་དང་། །ཆུ་སྲིན་རྒྱལ་མཚན་སྡེར་བཅས་མིང་གི་ལྷག་མར་རབ་མཛད་རྟེན་དང་བརྟེན་པའི་འཁོར་ལོ་ཆེ། །ལོག་འདྲེན་དགྲ་སྡེའི་སྙིང་ལ་འཆི་བའི་འཇིགས་པ་སྟེར་མཛད་ཁྲག་འཐུང་དམ་ཅན་རྒྱ་མཚོའི་ཚོགས། །རིག་པ་འཛིན་པའི་རྣལ་འབྱོར་ཚོཊ་རྣམས་ལ་བུ་བཞིན་སྐྱོངས་ལ་འཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས། །གང་ཞིག་འདི་ན་དམོད་པ་དྲག་སྔགས་དག་གི་དཔུང་ཚོགས་མངོན་གྱུར་ཚེ། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ལྷ་མིན་སྡེར་བཅས་སྙིང་ཁ་འདར། །རྒྱལ་བའི་བསྟན་དང་དཀར་ཕྱོགས་སྐྱོང་རྣམས་རྣམ་པར་རྒྱལ་བའི་རྫ་རྔ་ཆེ། །ཕྱོགས་བཅུར་བསྒྲགས་པས་ས་འོག་ས་སྟེང་ས་བླ་གསུམ་ཡང་འགུལ་སྙམ་བྱེད། །འདི་ན་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །མཆོད་བསྟོད་འཕྲིན་ལས་འཆོལ་བའི་རིམ་པ་དག །ཀླགས་ཆོག་འཁྱེར་བདེའི་ཚུལ་འདི་བཀོད་པའི་ཚེ། །རབ་ཁྲོས་ཁྲག་འཐུང་ཚོགས་ཀྱང་འཛུམ་ཞལ་སྟོན། །དེ་ལ་འདིར་ཐུན་མོང་མ་ཡིན་པའི་བཀའ་སྲུང་རྣམ་པ་གཉིས་བཀའ་སྡོད་དང་བཅས་པ་མ་གཏོགས་པའི་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་གཏོར་མའི་ཆོ་ག་ཕྱོགས་གཅིག་ཏུ་འཁྱེར་བདེ་བར་བརྗོད་པར་བྱའོ། །ཐོག་མར་མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། འཇིགས་བྱེད་ཀྱི་བདག་བསྐྱེད་དང་ལས་བྱང་གནམ་ལྕགས་འཁོར་ལོ་གཉིས་ནས་བཤད་པ་ལྟར་རྒྱས་བསྡུས་སྐབས་དང་སྦྱར། དེ་ནས་མདུན་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་གྷཾ་ལས་ཚོགས་བདག་གན་རྐྱལ་དུ་སྒྱེལ་བའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག(༦ན)


GLG011_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་དྲུག་པ། ཆེར་འབར་བ་རབ་ཏུ་ཁྲོས་ཤིང་ཤིན་ཏུ་རྔམ་པ། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་རྣོན་པོ་བཞི་གཙིགས་པ། །སྤྱན་གསུམ་དམར་ཞིང་ཟླུམ་པ་གློག་ལྟར་འཁྱུག་ཅིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ། དབུ་སྐྲ་ཁམ་སེར་རྒྱན་དུ་བརྫེས་ཤིང་སྨ་ར་དང་སྨིན་མ་དུས་མཐའི་མེ་ལྟར་རབ་ཏུ་འབར་བ། ལྗགས་རྣམ་པར་འགྲིལ་ཞིང་ཧ་ཧའི་གད་བརྒྱངས་འབྲུག་ལྟར་སྒྲོག་པ། ཕྱག་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་ཐོད་པའི་འཕྲེང་བ། གསུམ་པ་ན་ཐོད་པའི་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། ཕྱག་གཡོན་གྱི་དང་པོ་ན་ཐོད་ཁྲག །གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེ་ཞགས་པ་འཛིན་པ། སྦྲུལ་རིགས་ལྔས་སྐུའི་ཆ་ཐམས་ཅད་ལེགས་པར་བརྒྱན་ཅིང་། སྟག་གི་པགས་པ་རློན་པའི་ཤམ་ཐབས་ལ་དར་ལྗང་གུའི་སྐ་རགས་བཅིངས་པ། ལྟོ་བ་རབ་ཏུ་འཕྱང་ཞིང་ཡན་ལག་རགས་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། དཔྲལ་བར་སིནྡྷུ་རས་ལེགས་པར་བྱུགས་ཤིང་། སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་པ། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པས་རབ་ཏུ་བརྒྱན་ཅིང་། གླང་པོ་ཆེའི་པགས་པ་རློན་པ་གོས་སུ་གྱོན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། མགོན་པོའི་གཡས་སུ་པདྨ་དང་ཉི་མ་ནོར་བདག །གན་རྐྱལ་དུ་སྒྱེལ་བའི་གདན་ལ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས། མགོན་དཀར་ཡིད་བཞིན་གྱི་ནོར་བུ་ཞལ་གཅིག་ཕྱག་དྲུག་པ། །སྤྱན་གསུམ་ཁྲོ་འཛུམ་སྒེག་པའི་ཉམས་དང་ལྡན་པ། ཕྱག་གཡས་གསུམ་ནོར་བུ་གྲི་གུག །ཅང་ཏེའུ། གཡོན་གསུམ་བུམ་པ་རྩེ་གསུམ་(༦བ)


GLG011_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་བསྣམས་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེ་དང་། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། མཁའ་འགྲོ་དང་ནོར་བདག་གནོད་སྦྱིན་དཔག་ཏུ་མེད་པའི་དབུས་ན་བཞུགས་པ། མགོན་པོའི་གཡོན་དུ་བྷྱོ་ལས་མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་མ་ཕྱག་གཡས་རལ་གྲི་རབ་ཏུ་འབར་བ་ནམ་མཁའ་ལ་འཕྱར་ཞིང་། གཡོན་པ་སྐྲ་དང་བཅས་པའི་ཐོད་རློན་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། །སྤྱི་བོར་རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་ཅིང་། གླང་པོ་ཆེའི་ཀོ་བ་རློན་པས་སྟོད་གཡོགས་ཤིང་། རེ་ལྡེའི་ཤམ་ཐབས་ལ་སྦྲུལ་ནག་པོ་སྟོང་གི་ཆུན་པོས་སྐ་རགས་བྱས་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་། ཞག་གི་ཟོར་རིས་དང་ཐལ་ཆེན་གྱི་ཚོམ་བུས་བྱུགས་ཤིང་། ལྟེ་བའི་དབུས་ནས་ཉི་མ་འཆར་བ། དྲེའུ་གྭ་པ་ལ་ཞོན་པ། ཤ་ཟ་མཁའ་འགྲོ་བྱེ་བའི་འཁོར་དང་བཅས་པ། མགོན་པོའི་མདུན་དུ་ཀྵེཾ་ལས་ཀྵེ་ཏྲ་པཱ་ལ་མཐིང་ནག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ་དོམ་ནག་སྨྱོན་པ་ལ་ཞོན་པ། མགོན་པོའི་གཡས་སུ་པད་ཉི་རོའི་གདན་ལ་ཛིཾ་ལས་དབང་ཕྱུག་ཛི་ན་མི་ཏྲ་དམར་ནག་གཡས་ཌཱ་མ་རུ་དང་གཡོན་ཐོད་ཁྲག་འཛིན་པ། མགོན་པོའི་རྒྱབ་ཏུ་པད་ཉི་རོའི་གདན་ལ་ཊག་ལས་གཤིན་རྗེ་ཊཱཀྐི་རཱ་ཛ་མཐིང་ནག་གཡས་ཅང་ཏེའུ་དང་གཡོན་སྡིགས་མཛུབ་མཛད་པ། ལྷ་མོའི་གཡོན་དུ་ཏྲག་ལས་བདུད་མགོན་ཏྲག་ཤད་ནག་པོ་གཡས་རུ་མཚོན་འཕྱར་ཞིང་། གཡོན་ཐོད་ཁྲག་འཛིན་པ། ཟ་འོག་སྔོ་ཁྲའི་བེར་གསོལ་ཞིང་རྟ་ནག་རྟིང་དཀར་ལ་བཅིབས་པ། བཞི་ཀའང་ཤིན་ཏུ་ཁྲོས་ཤིང་འཇིགས་པ། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། གཙོ་འཁོར་དེ་དག་གི་གཡས་སུ་འབྱུང་བཞིའི་དཀྱིལ་འཁོར་རིམ་གྱིས་བརྩེགས་པའི་སྟེང་དུ། སུཾ་ལས་རི་རབ་ཡངས་ཤིང་རྒྱ་ཆེ་བའི་གདན་ལ། རྡོ་རྗེའི་གུར་ཁང་ཆེན་པོ་མེ་རིས་བསྐོར་བའི་དབུས་སུ། ཀཾ་ལསོ་ད་(༧ན)


GLG011_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞལ་ཡས་ཁང་འཇིགས་སུ་རུང་བའི་ནང་ཁྲག་གི་རྒྱ་མཚོས་གང་བའི་ཀློང་དཀྱིལ་དུ་སུཾ་ལས་རྡོ་རྗེའི་བྲག་རི་ནག་པོ་ཕྱི་རོལ་ཏུ་རླུང་འཁོར་རྩིབས་དྲུག་པས་བསྐོར་བ། བྲག་རིའི་འཁོར་ཡུག་དང་བཅས་པའི་དབུས་སུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། མ་ཧཱ་ཀཱ་ལ་མཐིང་ནག་སྐུ་ཐུང་ཞིང་སྦོམ་ལ་བརྗིད་པ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། གཡས་རྡོ་རྗེ་གྲི་གུག་དང་གཡོན་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཕྱག་གཉིས་ཀྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། དབུ་སྐྲ་དང་སྨིན་མ་སྨ་ར་དམར་སེར་གྱེན་དུ་འབར་བ། མི་བསྐྱོད་པས་དབུ་བརྒྱན་པ་དར་གྱི་ན་བཟའ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། མིའུ་ཐུང་འགྱིང་བའི་འདུག་སྟངས་ཀྱིས། རོའི་གདན་ལ་བཞུགས་པ། དེའི་གཡས་ན་བྱ་ནག །གཡོན་ན་ཁྱི་ནག །རྒྱབ་ན་སྤྱང་ནག །མདུན་ན་མི་ནག །སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་དུ་བཞུགས་པ། ཕྱིའི་རྩིབས་དང་པོ་ལ་མཾ་ལས་ལྷ་མོ་ཨེ་ཀ་ཛཱ་ཊཱིའི་ལྟོ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གི་རྒྱ་མཚོའི་དབུས་སུ་བྷྱོ་ལས་དཔལ་ལྡན་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་རལ་གྲི་དང་ཐོད་ཁྲག །གཡོན་གཉིས་མདུང་དང་ཏིར་ཤུལ་བསྣམས་པ། སྙན་གཡས་དུག་སྦྲུལ་དང་གཡོན་སེང་གེས་བརྒྱན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་ལྟེ་བའི་ཐད་ནས་ཉི་མ་འཆར་བ། བྱུག་པའི་རྫས་གསུམ་གྱིས་སྦགས་ཤིང་། མ་མོ་དང་ཌཱ་ཀིའི་འཁོར་གྱི་དབུས་ན་བཞུགས་པ། རྩིབས་གཉིས་པར་ཏྲི་ཡིག་ཡཾ་དུ་གྱུར་པ་ལས་གནོད་སྦྱིན་ནག་པོ་མི་ལྤགས་གོས་སུ་གྱོན་པ་གཡས་གསེར་གྱི་གྲི་གུག་དང་། གཡོན་སྦར་བ་དགྲ་ལ་(༧བ)


GLG011_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བགྲད་པའི་ལག་མཐིལ་དུ་ཉི་མའི་དཀྱིལ་འཁོར་འཆར་བ། རྩིབས་གསུམ་པར་ཏྲི་ཡིག་མྨཾ་དུ་གྱུར་པ་ལས་གནོད་སྦྱིན་ནག་མོ་དར་ནག་གི་གོས་གྱོན་པ། གཡས་སྤུ་གྲི་དང་གཡོན་སྦར་མོ་དགྲ་ལ་གདེང་བའི་ལག་མཐིལ་དུ་ཟླ་བའི་དཀྱིལ་འཁོར་འཆར་བ། རྩིབས་བཞི་པར་ཏྲི་ལས་པུ་ཏྲ་ནག་པོ་དར་དཀར་གྱི་ཨང་རག་གྱོན་པ། གཡས་རལ་གྲི་དང་གཡོན་ཐོད་ཁྲག་འཛིན་པ། རྩིབས་ལྔ་པར་ཏྲི་ལས་བྷ་དྲ་ནག་པོ་སྟག་གི་སློག་པ་གྱོན་པ་གཡས་དམ་ཤིང་དང་གཡོན་མི་སྙིང་འཛིན་པ། རྩིབས་དྲུག་པར་མྨཾ་ལས་སྲིན་མོ་ཁྲག་མིག་མ་ནག་མོ་ཟ་འོག་གི་གོས་གྱོན་པ། གཡས་སྤུ་གྲི་དང་གཡོན་རྒྱུ་མའི་ཞགས་པ་འཛིན་པ། གསུམ་ཀའང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། དེ་དག་གི་ཕྱི་རོལ་ཏུ་སྐྱེས་པ་རུ་མཚོན་ཐོགས་པ་བརྒྱ། བུད་མེད་གྲི་ཐོད་ཐོགས་པ་བརྒྱ། དགེ་སློང་འཁར་གསིལ་ཐོགས་པ་བརྒྱ། སྔགས་པ་ཕུར་བུ་ཐོགས་པ་བརྒྱ་ལ་སོགས་པའི་འཁོར་དཔག་ཏུ་མེད་པས་བསྐོར་བ། མྱུར་མཛད་མགོན་པོ་འཁོར་དང་བཅས་པའི་གཡོན་ཕྱོགས་སུ་བྷྲུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཁང་བུ་བརྩེགས་པ་དགུ་ཡོད་པའི་དབུས་མའི་ནང་དུ་ཏྲཱི་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཻ་སེར་པོ་ལས་བྱུང་བའི་རྒྱལ་མཚན་བཻས་མཚན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་ངལ་བསོས་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་ཆེའི་རྒྱལ་མཚན་དང་། གཡོན་གཏེར་གྱི་ནེའུ་ལེ་འཛིན་པ། སེང་གེ་ཉལ་བ་ཁ་དེ་ཉིད་ལ་ལྟ་བའི་སྟེང་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་རྣམས་ཀྱིས་སྤྲས་ཤིང་། ཕྲག་གོང་གཉིས་ལ་ཉི་མ་དང་ཟླ་བས་བརྒྱན་པ། ནམ་མཁའ་(༨ན)


GLG011_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ལ་མངའ་བརྙེས་ཤིང་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ། ཤར་གྱི་ཁང་བརྩེགས་ཀྱི་པདྨའི་གདན་ལ་ཛམྦྷ་ལ་སེར་པོ་གཡས་རིན་པོ་ཆེ་བསྣམས་པ། ལྷོར་གང་བ་བཟང་པོ་སེར་པོ་གཡས་བུམ་བཟང་བསྣམས་པ། ནུབ་ཏུ་ནོར་བུ་བཟང་པོ་དཀར་པོ་གཡས་ནོར་བུ་བསྣམས་པ། བྱང་དུ་ཀུ་བེ་ར་ནག་པོ་གཡས་རལ་གྲི་བསྣམས་པ། ཤར་ལྷོར་ཡང་དག་ཤེས་སེར་པོ་གཡས་གསེར་གྲི་བསྣམས་པ། ལྷོ་ནུབ་ཏུ་འབྲོག་གནས་ནག་པོ་གཡས་རིན་པོ་ཆེའི་མདུང་བསྣམས་པ། ནུབ་བྱང་དུ་ལྔ་རྩེན་སེར་སྐྱ་གཡས་ཁང་བརྩེགས་བསྣམས་པ། བྱང་ཤར་དུ་འཇམ་པོ་འཁྱིལ་བ་དཀར་པོ་གཡས་གྲི་ཕུབ་བསྣམས་པ། །ཐམས་ཅད་ཀྱང་གཡོན་པས་གཏེར་གྱི་ནེའུ་ལེ་བསྣམས་པ། རང་རང་གི་སྐུ་མདོག་དང་མཚུངས་པའི་རྟ་ལ་བཅིབས་ཤིང་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། དེ་དག་གི་ཕྱི་རོལ་ཏུ་གནོད་སྦྱིན་གྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ་གཙོ་འཁོར་དེ་དག་གི་གཡོན་ཕྱོགས་སུ་པདྨ་དང་ཉི་མ་དང་དགྲ་བགེགས་རྣམས་ཀྱི་སྙིང་ག་ནས་བརྫིས་པའི་མ་ཧེ་རབ་ཏུ་ཁྲོས་པའི་གདན་གྱི་སྟེང་དུ་ཡ་ལས་ཐོད་དབྱུག་ཡས་མཚན་པ། དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་མ་ཧེ་རབ་ཏུ་ཁྲོས་པའི་གདོང་པ་ཅན། རྭ་རྣོན་པོ་གཉིས་དང་ལྡན་པ། བསྐལ་པ་འཇིག་པའི་དུས་ཀྱི་མེའི་ཕུང་པོ་དང་མཚུངས་པའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། ཞལ་རབ་ཏུ་གདངས་ཤིང་འབར་བའི་མཆེ་བ་རྣོན་པོ་བཞི་གཙིགས་ནས་སྔགས་རྣམ་པར་བསྐྱོད་པ། སྨིན་མ་དང་སྨ་ར་རབ་ཏུ་འབར་ཞིང་། སྐྲ་ཁམ་པ་གྱེན་དུ་གཟིངས་ཤིང་འཕྱང་བ། ཕྱག་གཡས་ཐོད་དབྱུག་འཕྱར་ཞིང་གཡོན་སྡིགས་མཛུབ་རབ་ཏུ་བསྒྲེང་བས་བདུད་ཀྱི་ཞགས་པ་ནག་པོ་འཛིན་པ། ཞབས་གཡས་བསྐུམ་པས་མ་ཧེ་རབ་ཏུ་(༨བ)


GLG011_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་རྭ་སྤྲག་ནས་བརྗིས་ཤིང་། གཡོན་བརྐྱང་པས་མ་ཧེ་རབ་ཏུ་ཁྲོས་པའི་ཚང་སྟེང་ནས་བརྫིས་པ། མི་རུས་ཀྱི་རྒྱན་གྱིས་སྤྲས་པ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། གཅེར་བུ་ལིངྒ་དམར་པོ་གྱེན་དུ་ལངས་པ། དེའི་གཡོན་དུ་ཙ་མུཎྜི་ནག་མོ་ཞལ་གཅིག་ཕྱག་གཉིས་མ། མི་སྡུག་པའི་གཟུགས་ཅན། དུད་འགྲོའི་པཊ་པ་རློན་པ་གོས་སུ་གྱོན་ཞིང་། གཡས་རྩེ་གསུམ་དང་གཡོན་ཐོད་ཁྲག་འཛིན་པ། ཡབ་ཡུམ་དེ་གཉིས་ཀྱི་འཁོར་དུ་ལས་ཀྱི་གཤིན་རྗེའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། མདོར་ན་གཙོ་འཁོར་རྣམ་པ་བཞི་པོ་དེ་དག་གི་ཕྱི་རོལ་ཏུ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། དུར་ཁྲོད་བསིལ་བའི་ཚལ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀ །བྱང་ཕྱོགས་ལྕང་ལོ་ཅན། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་སོགས་རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས་སྐད་ཅིག་གིས་གནས་འདིར་སྤྱན་དྲངས། སྤོས་སྦྱོར་བསྲེག་ཅིང་རོལ་མོ་དབྱངས་དང་བཅས་པས། ཧཱུྃ། རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་བདེ་བ་ཆེན་པོ་ཡི། །རྣམ་པར་རོལ་པ་ལས་བྱུང་དྲག་པོའི་སྐུར། །སྟོན་མཛད་མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །བསམ་འཕེལ་དབང་གི་རྒྱལ་པོ་ཇི་བཞིན་དུ། །སྩོལ་མཛད་རིག་འཛིན་སྲུང་མ་ཀུན་གྱི་གཙོ། །ལེགས་ལྡན་ནག་པོ་གནས་འདིར་གཤེགས་སུ་གསོལ། །ཆོས་ཀྱི་དབྱིངས་ལས་ཞི་བའི་སྐུར་སྟོན་པ། །གངས་རིའི་མདངས་འཕྲོག་མགོན་པོ་ཐུགས་རྗེའི་གཏེར། །ཡིད་བཞིན་ནོར་བུ་མཁའ་འགྲོའི་ཚོགས་དང་བཅས། །དངོས་གྲུབ་འདོད་དགུ་སྩོལ་(༩ན)


GLG011_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་༝། གྲངས་མེད་གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ། །གདུག་པ་འདུལ་ཕྱིར་ཁྲོ་མོའི་སྐུར་སྟོན་པ། །འདོད་ཁམས་དབང་ཕྱུག་མ་མོ་ཡོངས་ཀྱི་བདག །དམ་བཅས་དགོངས་ལ་གནས་འདིར་༝། །ཧཱུྃཿ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བའི་བསྐལ་བ་ཡི། །མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྡེ་བརྒྱད་མ་མོ་མཁའ་འགྲོས་བསྐོར། །ནག་མོ་མི་ཟད་བསམ་ལས་འདས། །ལྷ་མོ་དཀར་ནག་གྲངས་སུ་མེད། །སྣང་སྲིད་ཐམས་ཅད་ཁྱོད་ཀྱི་བྲན། །སྲིད་གསུམ་ཐམས་ཅད་ཁྱོད་ཀྱི་འཁོར། །དྲེགས་པ་ཅན་རྣམས་ལས་མཁན་ཏེ། །སྟོང་གསུམ་སྐད་ཅིག་གློག་ལྟར་མྱུལ། །སྡང་དགྲ་གནོད་བགེགས་ཐལ་བར་རློག །བདག་ཅག་དམ་ཚིག་སྒྲུབ་པ་པོ། །འདས་དང་བཞུཊ་པའི་སངས་རྒྱས་ཀྱི། །སྤྱན་སྔར་ཞལ་བཞེས་དྲན་དགོངས་ལ། །གཏོར་མ་རི་ལ་རཀྟ་མཚོ། །བདུད་རྩི་རྒྱ་མཚོ་ལྟ་བུར་འཁྱིལ། །ཕྱི་ནང་གསང་བའི་རྟེན་རྣམས་ཚང་། །དམ་ཚིག་ལྡན་པའི་གནས་འདིར་གཤེགས། །དད་པ་དང་ནི་དམ་ཚིག་གི །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །ནག་པོ་ཆེན་པོ་འཁོར་དང་བཅས། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཀྵེ་ཏྲ་པཱ་ལ་ལ་སོགས་པའི། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །རྡོ་རྗེའི་དམ་ཚིག་རྗེས་དྲན་ནས། །དམ་ཚིག་ཆེན་པོས་གནས་འདིར་གཤེགས། །བདེ་བ་ཆེན་པོའི་ཕོ་བྲང་ནས། །འཕྲིན་ལས་དྲག་པོས་འདུལ་དོན་དུ། །རྡོ་རྗེ་འཛིན་པའི་ཐུགས་ཀྱི་སྤྲུལ། །གཉིས་མེད་ཡེ་ཤེས་ལས་མཛད་པའི། །ནག་པོ་ཆེན་པོ་དྲག་ཤུལ་ཅན། །འཕྲིན་ལས་མཛད་ཕྱིར་གནས་༝། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །མཁའ་འགྲོའི་ཡུལ་དང་འདོད་(༩བ)


GLG011_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་མི། །ལས་བྱེད་གནོད་སྦྱིན་ཡབ་ཡུམ་དང་། །པུ་ཏྲ་ལྕམ་སྲིང་༝། །དུར་ཁྲོད་བདག་པོ་ཕྱོགས་སྐྱོང་དང་། །ཞིང་སྐྱོང་གདོང་བརྙན་འཁོར་དང་བཅས། །ཕོ་རྒྱུད་མོ་རྒྱུད་སྡེ་བརྒྱད་དང་། །རུ་འདྲེན་སྡེ་བཞི་༝། །བརྟན་པའི་དམ་རྫས་སྣ་ཚོགས་བཤམས། །ཚིལ་ཆེན་དུད་པ་སྤྲིན་ལྟར་གཏིབས། །སྨན་ཕུད་རཀྟ་མཚོ་ལྟར་བསྐྱིལ། །འབྲུ་སྣ་བདུད་རྩིའི་ཕུད་ཀྱིས་མཆོད། །སྔགས་ཅན་དར་ནག་གཡབ་མོ་སོགས། །སྤྱན་འདྲེན་མཆོད་པའི་༝། །བཻཿ ས་འཛིན་དབང་པོ་བྱང་གི་ཕྱོགས། །རིག་སྔགས་འཆང་བ་ཀུན་གྱི་གནས། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ནོར་གྱི་དབང་ཕྱུག་རྣམ་ཐོས་སྲས། །འཁོར་དང་བཅས་པ་སྤྱན་འདྲེན་ན། །རྣལ་འབྱོར་བདག་ལ་བརྩེར་དགོངས་ནས། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཛཿ འཇམ་དབྱངས་གཤིན་རྗེ་གཤེད་ཀྱི་བཀའ་སྡོད་མཆོག །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་ཡ་བ་ཏི། །ཕོ་ཉ་མོ་ལ་སོགས་པའི་འཁོར་དང་བཅས། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །གླིང་གི་མཆོག་གྱུར་འཛམ་གླིང་ལྷོ་ཡི་ཕྱོགས། །མཐར་བྱེད་ལྕགས་ཀྱི་ཐོད་མཁར་འབར་བ་ནས། །ལྷོ་སྤྲིན་ནག་པོ་རླུང་གིས་བསྐྱོད་པ་བཞིན། །བརྩེ་བའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ། མ་ཧཱ་ཀཱ་ལ་ཀཱ་ལི་དེ་ཝི་བཻ་ཤྲ་མ་ཎ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཛཿཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལཱ་ཡ་སྟྭཾ། དེ་ནས་མཆོད་པ་འབུལ་བ་ནི། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །རྐང་པ་གཉིས་པའི་མཆོད་ཡོན་གྱི་གནས་སུ། །ཞབས་བསིལ། མེཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་(༡༠ན)


GLG011_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྣམས་བཅུག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལ། ཀཱ་ལི་དེ་ཝི། བཻ་ཤྲ་ཝ་ཎ། ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར། ཨརྒྷཾ། པཱདྱེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་ཏེ། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། །ནང་མཆོད་འབུལ་བ་ནི། མཆོད་དོ། །སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ཞལ་དུ་༝། །དཔལ་ལྡན་ཤ་ཝ་རི་དབང་ཕྱུག་གི་༝། །རྗེ་བཙན་མཻ་ཏྲི་པ་ཆེན་པོའི་༝། །གྲུབ་ཆེན་རཱ་ཧུ་ལ་ཆེན་པོའི་༝། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་༝། །མཉམ་མེད་རིན་ཅེན་བརྩོན་འགྲུས་ཀྱི་༝། །དབོན་སྟོན་སྐྱེར་སྒང་པ་ཆེན་པོའི་༝། །གཉན་སྟོན་སྦས་པའི་རྣལ་འབྱོར་༝། །ཆོས་རྗེ་སངས་རྒྱས་སྟོན་པའི་༝། །མཁས་གྲུབ་ཤངས་སྟོན་ཆེན་པོའི་༝། །མུས་ཆེན་རྒྱལ་མཚན་དཔལ་བཟང་གི་༝། །སྔགས་འཆང་རྡོ་རྗེ་གཞོན་ནུའི་༝། །མཉམ་མེད་ནམ་མཁའི་རྣལ་འབྱོར་པ་༝། །མཁས་གྲུབ་ཐམས་ཅད་མཁྱེན་པའི་༝། །གྲུབ་ཆེན་བཟང་པོ་རྒྱལ་མཚན་༝། །རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་༝། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོའི་༝། །སླར་ཡང་། རྒྱལ་བ་རྡོ་རྗེ་འཆང་༝། །བྲམ་ཟེ་ཆེན་པོ་མཆོག་སྲེད་༝། །སློབ་དཔོན་ནོར་བུ་གླིང་པ་༝། །ཤྲིདྡྷ་ཀཱ་ར་ཝ་རྨ་༝། །ལོ་ཙཱ་བ་རིན་ཅེན་བཟང་པོ་༝། །བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་༝། །རྗེ་བཙུན་མལ་ལོ་ཆེན་པོ་༝། །ས་ཆེན་ཀུན་དགའ་སྙིང་པོ་༝། །སློབ་དཔོན་བསོད་ནམས་རྩེ་མོ་༝། །རྗེ་བཙུན་གྲགས་པ་རྒྱལ་མཚན་༝། །ཆོས་རྗེ་ས་སྐྱ་པཎྜི་ཏ་༝། །འགྲོ་མགོན་ཆོས་རྒྱལ་འཕགས་པ་༝། །མཐུ་ཆེན་ཨ་ཉན་དམ་པ་༝། །བླ་མ་བདག་ཉིད་ཆེན་པོ་༝། །མཁས་བཙུན་ནམ་མཁའ་ལེགས་པ་༝། །བླ་མ་དམ་པ་བསོད་ནམས་རྒྱལ་མཚན་༝། །བླ་ཆེན་ཀུན་དགའ་རྒྱལ་མཚན་༝། །འཇམ་དབྱངས་ནམ་མཁའ་རྒྱལ་མཚན་༝། །བདག་(༡༠བ)


GLG011_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བློ་གྲོས་རྒྱལ་མཚན་༝། །མཐུ་སྟོབས་ཀྱི་དབང་ཕྱུག་ཀུན་སྤངས་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་༝། །ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་༝། །རྡོ་རྗེ་འཛིན་པ་བོད་མཁར་བ་དོན་གྲུབ་རྒྱལ་མཚན་༝། །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་༝། །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་༝། །མཁན་ཆེན་བསླབ་གསུམ་རྒྱལ་མཚན་༝། །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་༝། །སྔགས་འཆང་དབང་པོ་མགོན་པོ་བསོད་ནམས་མཆོག་ལྡན་༝། །རྡོ་རྗེ་འཛིན་པ་བཀྲ་ཤིས་ཀུན་དགའ་༝། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་༝། །གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དམ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་༝། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ། མ་ཧཱ་ཀཱ་ལ། ཀཱ་ལི་དེ་ཝི། བཻ་ཤྲ་ཝ་ཎ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅས་པའམ། ལྕགས་ཀྱི་རྡོ་རྗེ་ལག་ཏུ་འཛིན་པས། ཨོཾ་བཛྲ་མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། བསྟན་བསྲུང་དམ་ཅན་རྒྱ་མཚོའི་ཚོགས་ཁྱེད་རྣམས་ཀྱིས། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་གྱི་དམ་ཚིག་དྲན་པར་མཛོད་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་ཅོག་གི་དབུ་འཕང་བསྟོད། ཁྱད་པར་རྒྱལ་བ་བཙོང་ཁ་པ་ཆེན་པོའི་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བ་དང་། ཡང་སྒོས་རིག་སྔགས་འཆང་བ་བདག་དང་བལྟོས་བཅས་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ་བན་བོན་རིག་སྔགས་མཁན་གྱི་རྫས་སྔགས་ཏིང་ངེ་འཛིན་གྱི་འཕྲུལ་འཁོར་གྱིས་ས་ལ་མནན་པ་ཆུ་ལ་གཏད་པ། མེ་ལ་བསྲེགས་པ། རླུང་ལ་བསྐོར་བ་ལ་སོགས་པའི་སྦྱོར་བ་ངན་པ་དང་། མདོར་ན་སྔོན་ལས་འཕྲལ་རྐྱེན་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བཟློག་པ་སོགས་འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད་(༡༡ན)


GLG011_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །སྐབས་འདིར་གཏོར་མ་འབུལ། དེ་ནས་བཤགས་པ་བྱ་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས། དམིགས་པ་དང་བཅས་པས་ཡི་གེ་བརྒྱ་པ་བཟླ། ཧཱུྃཿ རྡོ་རྗེ་འཆང་དང་དཔལ་ལྡན་ཤ་ཝ་རི། །མཻ་ཏྲི་རཱ་ཧུ་ཛོ་ཀི་རཏྣ་དང་། །བྲམ་ཟེ་མཆོག་སྲེད་ནོར་བུ་གླིང་པ་སོགས། །དངོས་དང་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །འགྲོ་བའི་རེ་སྐོང་ཡོན་ཏན་རབ་རྫོགས་པའི། །བརྒྱུད་ལྡན་བླ་མ་དུས་གསུམ་སངས་རྒྱས་ལ། །དག་པ་གཉིས་ལྡན་ཆོས་སྐུར་མ་རྟོགས་པའི། །འཇིག་རྟེན་རྟོག་བཅས་དབང་གྱུར་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་བཅས། །ཕྱི་ནང་གསང་བའི་ལྷ་རྣམས་དགོངས་སུ་གསོལ། །བདག་ཅག་ཐེག་མཆོག་སྔགས་ཀྱི་སྒོར་ཞུགས་ནས། །རྩ་བ་ཡན་ལག་འགལ་ཉམས་མཐོལ་ལོ་བཤགས། །མཐུ་སྟོབས་ནུས་པ་འཕྲིན་ལས་ཕུན་ཚོགས་ཤིང་། །སྐད་ཅིག་དྲན་པས་བར་ཆད་ཐམས་ཅད་སེལ། །འདུ་འབྲལ་མེད་པར་དངོས་གྲུབ་སྟེར་མཛད་པའི། །དམ་ཅན་སྲུང་མའི་ཚོགས་རྣམས་དགོངས་སུ་གསོལ། །དུར་ཁྲོད་ནགས་འདབས་ཆུ་གླིང་བས་མཐའ་རུ། །ཕྱི་ནང་རྟེན་དང་དམ་རྫས་ཚོགས་གྱུར་ཀྱང་། །བསྙེན་བསྒྲུབ་བསྐང་བཤགས་ཚུལ་བཞིན་མ་གྲུབ་པར། །ལེ་ལོ་གཡེང་བའི་དབང་གྱུར་མཐོལ་ལོ་བཤགས། ཁྱད་པར་གསང་བའི་རྟེན་མཆོག་བླ་ན་མེད། །དམ་ཅན་བསྟན་སྲུང་རྒྱ་མཚོའི་ཚོགས་བཅས་རྣམས། །དུས་གསུམ་རྒྱལ་བ་ཀུན་གྱི་རྣམ་རོལ་དུ། །རྩེ་གཅིག་གདུང་ཤུགས་མ་བགྱིས་མཐོལ་༝། །བདག་ནི་མ་རིག་འཁྲུལ་བའི་དབང་གྱུར་ཏེ། །བླ་མ་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱི། །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །མནོང་ཞིང་འགྱོད་པའི་སེམས་དང་བཅས་(༡༡བ)


GLG011_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་། ལྷ་མཆོག་ཁྱོད་ཀྱི་སྤྱན་སྔར་མཐོལ་༝། །ཡེ་ཤེས་བཀའ་བསྒྲུབ་ལས་ཀྱི་ཕོ་ཉ་མཛད། །རེ་མ་ཏཱི་དང་གནོད་སྦྱིན་རྣམ་པ་བཞི། །པུ་ཏྲ་མཆེད་གསུམ་གནོད་སྦྱིན་མིང་སྲིང་གཉིས། །ཕྱོགས་སྐྱོང་བཅུ་དང་གཙང་རིས་དགོངས་སུ་གསོལ། །ཇི་ལྟར་ཁྱེད་ཀྱིས་ཁས་བླངས་དམ་བཅས་བཞིན། །བདག་གི་འཕྲིན་ལས་ཡེངས་མེད་སྒྲུབ་པ་ལ། །ཡི་ཆད་བགྱིས་ཤིང་ཤ་ཁྲག་གཏོར་ཚོགས་ཀྱིས། །གཏང་རག་དུས་སུ་མ་ཐོངས་མཐོལ་ལོ་བཤཊ། །མངོན་ཤེས་མེད་པའི་ཉེས་སྐྱོན་མ་རྟོགས་པར། །བསྟན་པ་འཇིག་དང་བླ་མའི་སྐུ་དགྲ་ལ། །དྲག་པོའི་ལས་ཀྱིས་ཚར་བཅད་མ་བགྱིས་པར། །གསང་བ་བསྒྲགས་ཤིང་བྱམས་བགྱིས་མཐོལ་༝། །དམ་ཉམས་གྲིབ་ཕོག་གཏམ་འདྲེས་ཟས་ཟོས་དང་། །རྒྱུ་ཆུང་ཕུད་ཉམས་སྒོམ་བཟླས་ནོར་ལ་སོགས། །ཉེས་སྐྱོན་འཁྲུལ་པའི་ཚོགས་རྣམས་ཅི་མཆིས་པ། །མནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་༝། །ཉམས་གྲིབ་དག་ཕྱིར་བཤགས་པ་འདི་བྱས་པས། །དམ་ཅན་བསྟན་སྲུང་རྒྱ་མཚོའི་ཚོགས་བཅས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་ཐམས་ཅད་དུས་འདིར་སྩལ་དུ་གསོལ། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང་། །རྣམ་པར་རྟོག་པའི་བག་ཆགས་དག་བྱའི་ཕྱིར། །རྗེ་བཙུན་དམ་པ་ཡུལ་གྱི་མཆོག་རྣམས་ལ། །རབ་ཏུ་བཤགས་པས་བདེ་ཆེན་ཐོབ་གྱུར་ཅིག །བསྐང་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུྃ་ཕགས། ཨོཾ་སྭ་བྷཱ་ཝ། ཞེས་པ་ནས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་བླ་མ་དང་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་དམ་རྫས། སྤྱན་གཟིགས། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་(༡༢ན)


GLG011_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །ཨོཾ་སརྦ་བིད་པཱུ་ར་པཱུ་ར། །སུ་ར་སུ་ར། ཨཱ་ཝ་རྟ་ཡ་ཨཱ་ཝ་རྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱ༔ཏེ་བཛྲ་སིདྡྷི་ཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲི་ཏེ་ཧཱུྃ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུ་ཏྤནྣ་ཏྭཱ་ཏ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨཪྠ་སཱ་དྷ་ན་སྭ་ཧཱ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །དེ་ནས་བསྐང་གསོ་ནི། ཧཱུྃཿ རྩ་རྒྱུད་བླ་མ་མཆོག་གསུམ་རྒྱལ་བའི་བཀའ། །གསང་སྔགས་རིག་སྔགས་ཏིང་འཛིན་ཕྱག་རྒྱའི་མཐུ། །རང་བཞིན་རྣམ་དག་ཆོས་དབྱིངས་བདེན་པ་ཡིས། །མཐུན་པའི་དམ་རྫས་ཕྱི་ནང་མཆོད་པའི་ཚོགས། །ས་དང་བར་སྣང་ནམ་མཁའི་ཁྱོན་གང་ཞིང་། །ཟག་མེད་བདེ་སྟེར་རེ་བ་རྫོགས་བྱེད་པ། །དམ་ཅན་རྒྱ་མཚོ་འཁོར་བཅས་སྤྱན་ལམ་དུ། །འབྱུང་ཞིང་རྒྱས་ལ་ཐུགས་དམ་སྐོང་གྱུར་ཅིག །གདུག་པའི་དགྲ་བགེགས་རྣམས་ཀྱི་སྙིང་གི་ཁྲག །དམར་ཆེན་རཀྟའི་རྒྱ་མཚོ་རབ་འཁྱིལ་བ། །དམར་སེར་ལྦུ་བས་འཁྲིགས་པའི་མཆོད་ཡོན་འདི། །ཡེ་ཤེས་མགོན་པོ་རྣམ་གསུམ་རེ་མ་ཏཱི། །ཆོས་ཀྱི་རྒྱལ་པོ་བཀའ་སྡོད་བཅས་པ་ཡི། །འཁོར་དང་བཅས་པའི་ཐུགས་དམ་སྐོང་གྱུར་ནས། །བར་ཆད་བཟློག་ལ་མཐུན་པའི་དངོས་གྲུབ་སྩོལ། །གདུག་པའི་དགྲ་བགེགས་རྣམས་ཀྱི་མིག་དང་ནི། །རྣ་བ་སྣ་དངལྕེ་དང་དེ་བཞིན་སྙིང་། །རི་ལྟར་སྤུངས་པ་དབང་པོའི་མེ་ཏོག་འདིས། །ཡེ་ཤེས་མགོན་པོ་(༡༢བ)


GLG011_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཤླཽ་ཀ་གཅིག་པོ་འདི་མན་ཀུན་ལ་འགྲེའོ། །གདུག་པའི་དགྲ་བགེགས་རྣམས་ཀྱི་མིག་དང་ནི། །རྣ་བ་སྣ་དང་ལྕེ་དང་དེ་བཞིན་སྙིང་། །རི་ལྟར་སྤུངས་པ་དབང་པོའི་མེ་ཏོག་འདིས། །ཡེ་ཤེས་མགོན་པོ་རྣམ་གསུམ་རེ་མ་ཏཱི། །ཆོས་ཀྱི་རྒྱལ་པོ་བཀའ་སྡོད་བཅས་པ་ཡི། །འཁོར་དང་བཅས་པའི་ཐུགས་དམ་སྐོང་གྱུར་ནས། །བར་ཆད་བཟློག་ལ་མཐུན་པའི་དངོས་གྲུབ་སྩོལ། །དུག་ཁྲག་ཡུངས་ཀར་གུ་གུལ་ནག་པོ་སོགས། །དྲག་པོའི་རྗེས་མཆོག་སྦྱར་བ་མཐུན་པའི་སྤོས། །རོ་སོལ་མེ་ཡིས་བསྲེགས་པའི་དུད་སྤྲིན་འདིས། །ཡེ་ཤེས་མགོན་པོ་༝། གདུག་པའི་དགྲ་བགེགས་རྣམས་ཀྱི་ཞུན་ཆེན་པོ། །སྐྲ་ཡི་རས་ཀྱི་སྡོང་བུར་བཅས་པ་ལ། །ཡི་དྭགས་མེ་ཡིས་སྦར་བའི་སྒྲོན་མེ་འདིས། །ཡེ་ཤེས་མགོན་པོ་༝། གསར་རྙིང་ཁྲག་དང་ག་པུར་སྦྱར་བ་ལ། །བདུད་རྩི་ལྔ་ཡིས་སྦགས་ཤིང་བྱིན་བརླབས་པའི། །ཞག་ཆེན་སྤྲིས་མ་ཆགས་པའི་དྲི་ཆབ་འདིས། །འབྲུ་ནག་ཟན་དང་འབྲས་ཆན་འཁུར་བ་དང་། །ལ་ཕུག་ལ་དུ་ཤ་ཁྲག་རུས་པར་བཅས། །རོ་བརྒྱ་ལྡན་པའི་ཞལ་ཟས་རྒྱ་མཚོ་འདིས། །ཡེ་ཤེས་མགོན་པོ་༝། །མི་རྐང་གླིང་བུ་གསང་བའི་རྡེའུ་ཆུང་དང་། །རྫ་རྔ་རྔ་ཟླུམ་ཐོད་པའི་ཅང་ཏེའུ། །བརྗིད་པའི་སྒྲ་ལྡན་སྣ་ཚོགས་རོལ་མོ་འདིས། །ཡེ་ཤེས་མགོན་པོ་༝། །དགྲ་བགེགས་གཡང་གཞི་བླ་བྲེ་མཁའ་ལ་བྲེས། །གདུག་པའི་རྒྱུ་རློན་ལྡ་ལྡི་བར་སྣང་གང་། །ཀེང་རུས་ས་གཞི་ཁྱབ་པར་གཅལ་དུ་བཀྲམ། །ཡེ་ཤེས་མགོན་པོ་༝། །གླང་ཆེན་ཀོ་རློན་སྟག་གི་པགས་པ་དང་། །མི་མགོའི་ཕྲེང་བ་ཕྱག་རྒྱ་རྣམ་པ་དྲུག །མཁའ་འགྲོའི་རྫས་མཆོག་ལི་ཁྲིའི་བྱུག་པ་འདིས། །ཡེ་ཤེས་མགོན་པོ་༝། །མྱོས་བྱེད་སྟོང་གི་བཅུད་བསྡུས་བདུད་རྩི་མཆོག །སྦྱངས་ཤིང་བསྐྱེད་དེ་སྦར་བའི་བྱང་ཆུབ་སེམས། །རྨད་བྱུང་དགྱེས་པ་བསྐྱེད་པའི་བཏུང་བ་འདིས། །ཡེ་ཤེས་མགོན་པོ་༝། །ཧཱུྃཿ སྤྲིན་གྱི་ཤུགས་འཆང་གླིང་བཞི་ཡུད་ཀྱིས་བསྐོར། །ཤ་རྒྱས་སྤུ་སྡུག་དར་གྱི་ཅོད་པན་ཅན། །ཟླ་བའི་མདོངས་མཛེས་རྟ་ནག་བཅུ་གསུམ་གྱིས། ཡེ་ཤེས་མགོན་པོ་༝། །གཡག་རོག་ཞོལ་ཆེན་སྤྲིན་ལྟར་གཏིབས་པ་ལ། །རྣོ་ཞིང་མཐོ་བའི་རྡོ་རྗེའི་རྭ་རྩེ་ཅན། །དྲག་པོའི་ངར་སྒྲ་སྒྲོག་(༡༣ན)


GLG011_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་གསུམ་གྱིས། །ཡེ་ཤེས་མགོན་པོ་༝། །ལུག་ནག་སྤྱི་དཀར་དབང་པོ་མ་ཉམས་ཤིང་། །འཁྱིལ་ལེགས་ཆུ་གཉེར་མཛེས་པའི་རྭ་བཞི་པ། །འཇམ་ལེགས་སྤུ་ཡི་གོས་གྱོན་བཅུ་གསུམ་གྱིས། །ཡེ་ཤེས་མགོན་པོ་༝། །དགྲ་བོའི་སྙིང་འབྱིན་རྡོ་རྗེའི་མཆུ་སྡེར་ཅན། །དྲག་པོའི་སྐད་སྒྲོག་ཁ་ནས་གློག་འཁྱུག་ཅིང་། །ཁྱུང་ལྟར་ལྡིང་བའི་བྱ་ནག་བཅུ་གསུམ་གྱིས། །ཡེ་ཤེས་མགོན་པོ་༝། ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་བ་ལ། ཁ་གདངས་མཆེ་གཙིགས་འཇིགས་པའི་ང་རོ་ཅན། །སྣ་ཚོགས་རྒྱན་གྱིས་མཛེས་པ་བཅུ་གསུམ་གྱིས། །ཡེ་ཤེས་མགོན་པོ་༝། །གཞན་ཡང་རིན་ཅེན་བདུན་དང་འདོད་ཡོན་ལྔ། །ཕྱི་ནང་ཉེར་སྤྱོད་གླིང་བཞི་རི་རབ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདིས། །ཡེ་ཤེས་མགོན་པོ་༝། །དམར་ཆེན་གཏོར་མ་རི་ལྟར་སྤུངས་པ་ལ། །དམར་ནག་དར་གྱི་ཅོད་པན་དུ་མས་བརྒྱན། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །ཡེ་ཤེས་མགོན་པོ་༝། །མཉེན་ལྕུག་དྲང་ཞིང་རྒོད་ཆེན་སྒྲོ་ཡིས་བརྒྱན། །སྲོག་གི་སྔགས་བྲིས་དར་ནག་མགུལ་བར་འཕྱང་། །གནམ་ལྕགས་མདེའུ་དགྲ་བགེགས་སྙིང་དཀྱིལ་དུ། །ཐོག་ལྟར་རྒྱུག་པའི་ནང་རྟེན་དམ་པ་འདིས། །ཡེ་ཤེས་མགོན་པོ་༝། །དཔའ་བོ་གཡུལ་དུ་མཚོན་གྱིས་བསད་པའི་སྙིང་། །རྩ་གསུམ་མ་ཉམས་རིན་ཅེན་ཕྱེ་མ་དང་། །བཟང་པོའི་སྨན་དང་སྔགས་ཀྱིས་རབ་བཀང་ནས། །བསྐྱེད་ཅིང་བྱིན་བརླབས་གསང་བའི་རྟེན་རྫས་འདིས། །ཡེ་ཤེས་མགོན་པོ་༝། ཁམས་གསུམ་ཟ་བྱེད་དྲག་པོའི་སྐུར་བསྟན་ཡང་། །རྩ་བརྒྱུད་བླ་མ་ཀུན་དང་དབྱེར་མེད་པའི། །སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་བལྟས་ནས། །དུངས་བས་གསོལ་འདེབས་བླ་མེད་རྟེན་མཆོག་འདིས། །ཡེ་ཤེས་མགོན་པོ་༝། ཁྱི་ནག་འཕྱོ་ཞིང་ལྕགས་སྤྱང་གཡལ་ཞིང་རྒྱུ། །མི་ནག་རབ་འགྱིང་བྱ་ནག་ཚོཊ་རྣམས་ལྡིང་། །ཕྱི་ནང་གསང་རྟེན་མ་ཚང་མེད་པ་འདིས། །ཡེ་ཤེས་མགོན་པོ་༝། །ཐོད་དབྱུག་ཞགས་པ་ཁྲམ་བཾ་ཐོད་ཁྲག་དང་། །རྣོ་ངར་རྡོ་རྗེའི་རྭ་(༡༣བ)


GLG011_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མ་ཧེའི་ཚོགས། །རྡོ་རྗེ་གོ་མཚོན་དུར་ཁྲོད་ཆས་བརྒྱད་ཀྱིས། །ཡེ་ཤེས་མགོན་པོ་༝། །མདོར་ན་ཕྱི་ནང་གསང་བའི་མཆོད་པའི་ཚོགས། །མཁའ་དབྱིངས་ནོར་འཛིན་མ་ལུས་རབ་བཀང་པའི། །ཟག་མེད་བདེ་ཆེན་རྣམ་རོལ་དམ་པ་འདིས། །ཡེ་ཤེས་མགོན་པོ་༝། ཧཱུྃཿ རིན་ཅེན་མང་སྤྲུལ་རྒྱལ་པོ་ཆེན་པོ་སྟེ། །བདེ་མཛད་སྲིད་གསུམ་ཕོངས་དང་རྒུད་པ་ལས། མྱུར་སྐྱོབ་བཀྲ་ཤིས་དཔལ་འབར་བདེ་སྟེར་བ། །མགོན་པོ་སིདྡྷིའི་གཏེར་མཆོག་ཐུགས་དམ་བསྐང་། །གོས་སྔོན་ལུང་ཐང་ཕྲེང་བ་ཅང་ཤེས་རྟ། །འདོད་འཇོའི་བ་དང་གཏེར་བུམ་དཔག་བསམ་ཤིང་། ཁྲུས་ཀྱི་རྫིང་བུ་གཙུག་ལག་ཁང་ཆེན་དང་། །གསང་ཆེན་བྲིས་སྐུ་དམ་པས་ཐུགས་དམ་བསྐང་། །དོན་དམ་སྤྲོས་བྲལ་སྐྱེ་འགག་གནས་གསུམ་བྲལ། །རྡོ་རྗེ་འཛིན་དང་རྒྱལ་པོ་ཆེན་པོ་ཡང་། །ཏིང་འཛིན་འཇའ་ཚོན་ལྟ་བུར་དུས་ཀུན་སྤྱོད། །ལྟ་སྒོམ་སྤྱོད་པ་ཟབ་མོས་༝། །གསང་སྔགས་བསྙེན་སྒྲུབ་ཐུན་མོང་ཁྱད་པར་དང་། །སྐུ་གསུང་ཐུགས་དང་བྱེ་བྲག་སྤྱི་རྣམས་ཀྱི། །དམ་ཚིག་གཙང་མའི་དགེ་བ་ཅི་མཆིས་པས། །མགོན་པོ་འཁོར་དང་བཅས་པའི་༝། །གཏའ་གཏོར་རྒྱུན་གཏོར་དུས་གཏོར་གཉན་པོ་དང་། །མཆོད་པ་ལྔ་དང་འདོད་ཡོན་རྣམ་ལྔ་དང་། །རིན་ཅེན་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱིས། །མགོན་པོ་འཁོར་དང་བཅས་པའི་༝། །ནས་འབྲས་གྲོ་སྲན་ཏིལ་དང་འབྲུ་ཡི་ཚོགས། །ཛཱ་ཏི་གུར་ཀུམ་ཙནྡན་ག་བུར་དང་། །གླ་རྩི་དྲི་ལྔ་འབྲུ་སྣ་ལྔ་དང་ནི། །བྱཱ་གྷྲི་སཾ་ཀྲྀ་ཧ་ས་དེ་བ་དང་། །ཀར་ནི་ཀ་དང་སྨན་མཆོག་རྣམ་ལྔ་དང་། །ཆུ་ཡི་སྙིང་པོ་ལན་ཚ་རྩི་ཏོག་དང་། །ཤིང་རྟོག་བུར་མ་སྦྲང་རྩི་ཏིལ་མར་དང་། །སྨན་ལྔ་སྙིང་པོ་ལྔ་ཡིས་༝། །ལུས་འཕགས་པོ་དང་འཛམ་གླིང་བ་གླང་སྤྱོད། །སྒྲ་མི་སྙན་དང་གླིང་ཕྲན་བརྒྱད་པོ་དང་། །ཉི་ཟླ་རི་རབ་ཀུན་བཟང་མཆོད་པའི་སྤྲིན། །མགོན་པོ་འཁོར་(༡༤ན)


GLG011_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་༝། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་གྱུར་ནས། །བདག་ཅག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །དེ་ནས་བསྙེན་པ་བྱ་བ་ནི་རང་ཡི་དམ་གང་ཡིན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་གྱི་ལྷ་སོ་སོའི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ས་བོན་ལ་སྔགས་ཀྱི་བསྐོར་བ་ལ་ཕོག །ཐུགས་རྒྱུད་བསྐུལ་བས་ལས་རབ་འབྱམས་བསྒྲུབ་པར་བསམ་པ་ཙམ་ཐུན་མོང་གི་དམིགས་པ་ཡིན་ཞིང་། །ཐུན་མོང་མ་ཡིན་པའི་ཞི་རྒྱས་དབང་དྲག་གི་དམིགས་པའི་ཁ་བསྒྱུར་སོགས་ནི། སུ་བྱུང་གི་བླ་མ་ལ་བརྟེན་ནས་གང་བྱུང་གི་གདམས་ངག་ཐོས་པས་གནད་ཀྱི་མྱོང་བ་མེད་པའི་རྟོག་གེའི་ཚིག་ཙམ་གྱིས་འགྲིག་འགྲིག་གི་བཤད་པ་ལ་ཡིད་རྟོན་པར་མི་རུང་བའི་ཕྱིར། ཚད་ཐུབ་ཀྱི་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་སྒྲོ་འདོགས་གཅོད་དགོས་པས་འདིར་མ་སྤྲོས་སོ། །མགོན་པོའི་སྙིང་པོ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྲིཾ་ཀྵ་ཏྲ་བིགྷྣ་ན་བི་ནཱ་ཡ་ཀཱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གུར་གྱི་སྙིང་པོ་ནི ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་ནི། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་དྷྭ་སི། ཀ་མ་ལ་རཀྵ་སི་ཧཱུྃ་བྷྱོ་ཧཱུྃ། གནོད་སྦྱིན་བཞིའི་སྙིང་པོ་ནི། ཨོཾ་ཀྵེ་ཏྲ་པཱ་ལ་བི་གྷྣ་ན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཧཱུྃ་ཕགས། ཨོཾ་ཊཱཀྐི་རཱ་ཛ་ས་མ་ཡ་བྷྱོ་ཧཱུྃ་ཕགས། ཨོཾ་དུ་ཡག་ཛི་མ་ཧཱ་ཀཱ་ལ་ཏྲགྴ་ད་ཧཱུྃ་ཕཊ། ལས་མཁན་མོ་སྔོན་ལ་བཟླ་བར་བཤད་པས། ཨོཾ་རུ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛཿ ལས་མཁན་ཕོའི་སྔགས། ཨའི་ལི་ཨ་ལི་མ་ཛཿཛཿ ཤཾ་ཤཾ་ལི་ཤི་དང་། ཨ་ཤྭ་དད། མོ་རྨུགས། སྤུ་གྲི་ཨ་ལི་མ་ཛཿཛཿ ནག་མོ་ཤ་ལ་རུ་ས་ཛཿཛཿ རྣམ་སྲས་ཀྱི་སྙིང་པོ་ནི། ཨོཾ་བཻ་ཤྲ་ཝ་ཎཱ་ཡ་སྭཱ་ཧཱ། འཁོར་གྱི་སྙིང་པོ་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཨོཾ་པཱུ་རྞ་བྷ་དྲཱ་ཡ་སྭཱ་ཧཱ། (༡༤བ)


GLG011_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་སམྤྲ་ཛ་ནཱ་ཡ་སྭཱ་ཧཱ། ཨོཾ་གུ་ཧསྟ་ནཱ་ཡ་སྭཱ་ཧཱ། ཨོཾ་པཉྩི་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་ཙི་ཀུ་ཎྜ་ལི་ཡེ་སྭཱ་ཧཱ། ཆོས་རྒྱལ་གྱི་སྙིང་པོ་ནི། ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། བད་རྦད་བསད་གསུམ་བསྒྲིལ་བའི་མགོན་པོ་རྣམས་ཀྱི་རྩ་སྔགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ན་ཨུ་བ་ཧ་རི་ཎི་ཨེ་ཥ་ཨ་པ་ཤྩི། མ་ཀཱ་ལོ་ཡ་ཨཾ། ཨི་ད་རཏྣ་ཏྲ་ཡཱ་ཡ་ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱི་ཛྙཱ། སྨ་ར་སི་ཏདཱ། ཨི་དཾ་དུཥྚཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲིཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀ་ན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལྷག་ཆད་བསྐང་ཕྱིར་གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པ་བཟླ། གཏོར་མ་གོང་བཞིན་བྱིན་གྱིས་བརླབས་ལ། དམ་ཅན་སྲུང་མ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལ། ཀཱ་ལི་དེ་ཝི་བཻ་ཤྲ་ཝ་ཎ། ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་ནམ་ཉེར་གཅིག་གིས་གཙོ་བོ་ཡབ་ཡུམ་ལ་འབུལ་ཞིང་ཤཱ་ས་ན་དང་། ཨ་ཀཱ་རོ་གང་ཡང་རུང་བས་འཁོར་རྣམས་ལ་འབུལ། དེ་ནས་གོང་གི་སྔཊ་མཇུག་ཏུ། ཨརྒྷཾ། བཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་ཏེ། ཤབྡ་ཨཱཿཧཱུྃ། བཏགས་པས་མཆོད་པ་དང་། ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་པས་ནང་མཆོད་དང་། རཀྟ་འབུལ། གཏོར་རྫོང་ནི། དམ་ཅན་བསྟན་སྲུང་རྒྱ་མཚོ་ལ། །བདག་གིས་མཆོད་གཏོར་ཕུལ་བ་ཡིས། །དཀོན་ཅོག་དབུ་འཕང་སྨོད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་སྡོ་བ་དང་། །(༡༥ན)


GLG011_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་བསྟན་སྲུང་རྒྱ་མཚོས་སྒྲོལ། །ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ། དེ་ནས་གཞི་བདག་གཏོར་མ་བཏང་རྗེས་བསྟོད་པ་བྱ་བ་ནི། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པ་གྲི་གུག་བར་པ་འཕྲེང་བ་འཛིན། །ཐ་མ་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོ་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྦྷུར་ཡིས་ལེགས་པར་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལ་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་། །དཀོན་ཅོག་དབུ་འཕང་གཉན་པོ་བསྟོད་པ་དང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་། །ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། །བྷྱོཿ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་གཅིག་བསྡུས་རྗེ་བཙུན་སྤྱན་རས་གཟིགས། །དེ་ཡི་སྤྲུལ་པ་ཕྱག་དྲུག་མགོན་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །རླུང་ནག་འཚུབ་མར་འཚུབ་པའི་ཕོ་བྲང་ནས། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏཱི། །སྐུ་མདོག་ནག་མོ་ཆར་སྤྲིན་ལྟ་བུ་ལ། །ཐོད་སྐམ་དབུ་རྒྱན་(༡༥བ)


GLG011_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གཡས་སེང་གེ་འཕྱོ། །སྙན་གཡོན་སྦྲུལ་གྱིས་འཁྲིལ་བའི་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུག་ཞལ་གདངས་མཆེ་བ་གཙིགས། །འཇིགས་བྱེད་ལྷ་མོ་ཁྱོད་ལ་བདག་བསྟོད་དོ། །གཡས་པ་རལ་གྲི་འབར་བས་དགྲ་སྲོག་གཅོད། །ཕྱག་གཡོན་ཐོད་རློན་རྒྱལ་མཚན་སྙིང་ཁྲག་གསོལ། །སྐུ་སྟོད་སྦྲུལ་ནག་ཞིང་ལྤགས་སྐ་རགས་བཅིངས། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེ་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་བཅིབས། །སྲིན་པོའི་ཡ་མགལ་སྔ་རུར་ཁྲམ་བམ་བཏགས། །གོང་རྨེད་སྦྲུལ་ནག་ནད་རྐྱལ་དགྲ་ལ་གཏོང་། །མཆོད་གཏོར་འདི་བཞེས་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་བའི་འཕྲིན་ལས་མ་ལུས་གྲུབ་པར་མཛོད། །ཧཱུྃཿ དུར་ཁྲོད་འཇིགས་སུ་རུང་བའི་ཤར་ཕྱོགས་ན། །མགོན་པོའི་བཀའ་ཉན་ལས་བྱེད་ཕོ་ཉ་བ། །མི་ཡི་ལུས་ལ་སྲིན་པོའི་གདོང་པ་ཅན། །གནོད་སྦྱིན་ཀྵེ་ཏྲ་པཱ་ལས་ལས་མཛོད་ཅིག །ཧཱུྃཿ དུར་ཁྲོད་འཇིགས་སུ་རུང་བའི་ལྷོ་ཕྱོགས་ན། །མགོན་པོའི་༝། ཁ་ནས་ཁྲག་དང་དུག་གི་ཟོར་འཕེན་པའི། །དབང་ཕྱུག་ཛི་ན་མི་ཏྲས་ལས་མཛོད་ཅིག །ཧཱུྃཿ དུར་ཁྲོད་འཇིགས་སུ་རུང་བའི་ནུབ་ཕྱོགས་ན། །མགོན་པོའི་༝། །མི་ཤ་ཁྲག་གི་དྲི་ཚོར་བཟོད་གླགས་མེད། །གཤིན་རྗེ་ཊཀྐི་རཱ་ཛས་ལས་མཛོད་ཅིག །ཧཱུྃཿ དུར་ཁྲོད་འཇིགས་སུ་རུང་བའི་བྱང་ཕྱོགས་ན། །མགོན་པོའི་༝། །བདུད་མགོན་མི་ནག་རྟ་ནག་རྫུ་འཕྲུལ་ཅན། །སྲོག་བདུད་ཏྲག་ཤད་ནག་པོས་ལས་མཛོད་ཅིག །དེ་ནས་བསྐུལ་བ་ནི། ཧཱུྃཿ དམ་ཉམས་དགྲ་དང་བགེགས་རྣམས་ཀྱི། །མཐུ་དང་རྫུ་འཕྲུལ་ཉམས་པར་གྱིས། །རྒྱབ་བརྟེན་ལྷ་དང་མྱུར་དུ་ཕྲོལ། །མཛའ་བ་ཀུན་དང་རྣམ་པར་ཕྱེ། །ཁོང་ནས་སྙིང་ཕྱུངས་སྲོག་རྩ་ཆོད། །རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག །ཉེས་ཅན་སྟོབས་ལ་ཤོར་ར་རེ། །གདུག་(༡༦ན)


GLG011_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྡང་བའི་དགྲ་བོ་འདིས། །བླ་མ་དམ་པའི་སྐུ་དགྲ་བྱས། །རྡོ་རྗེ་ཐེག་པ་སུན་ཕྱུང་ཞིང་། །དགེ་འདུན་སྡེ་རྣམས་དཀྲུགས་ཤིང་འཇོམས། །སྡོམ་བརྩོན་ཀུན་ལ་བརྙས་ཤིང་སྨོད། །སྐྱེ་བོ་ཡོངས་ལ་གནོད་ཅིང་འཚེ། །རྣལ་འབྱོར་ལྷ་མེད་ཟེར་ནས་བརྙས། །ལྷ་ཁྱོད་མཐུ་མེད་ཟེར་ནས་སྨོད། །བསྟན་པའི་དགྲ་བོར་གྱུར་པ་ནི། །ལོ་དང་ཟླ་བར་མ་བཞག་པར། །ཡ་མ་རཱ་ཛའི་ཞལ་དུ་ཐོབ། །གཤོག་པ་ཅན་གྱིས་མཐའ་ནས་ཆུམས། །སྡེར་མོ་ཅན་གྱིས་སྙིང་ནས་དྲོངས། །མཆེ་བ་ཅན་གྱིས་ཀླད་ནས་ཕུབ། །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །མུན་པ་ནག་པོས་མདུན་ནས་བསུས། །ཊཱཀྐི་རཱ་ཛས་གཡས་ནས་ཆུམས། །ཚོགས་བདག་གླང་སྣས་གཡོན་ནས་ཆུམས། །གནམ་གྱི་འཇུ་ཐག་ཆོད་ལས་ཤོག །ས་ཡི་བརྟེན་ཕུར་ཐོན་ལ་ཤོག །དོན་སྙིང་ལྔ་པོ་ཕྱུངས་ལས་ཤོག །ཁ་ནས་ཁོང་ཁྲག་སྐྱུག་ཏུ་ཆུག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཐོང་། །བདུད་ཀྱི་སྒོ་བྲོ་བརྡུང་དུ་ཆུག །བཙན་གྱི་ཞགས་པ་འདེབས་སུ་ཆུག །མ་མོའི་དལ་ཡམས་དགྲ་ལ་སྒྱུར། །བསྟན་པའི་དགྲ་བོར་གྱུར་པ་འདི། ཁྲམ་ལ་བབ་ཀྱི་ཁྲམ་ལ་ཐོབ། །ཤོ་ལ་བབ་ཀྱི་ཤོ་ཁྱེ་ཞིག །དམ་ཉམས་ལས་ངན་སྡིག་ཅན་འདི། །ལོ་དང་ཟླ་བར་མ་བཞག་པར། །རྟགས་དང་མཚོན་ཆ་མྱུར་དུ་སྟོན། །བཅོལ་བའི་ལས་འདི་མ་བྱས་ན། །དུས་གསུམ་རྒྱལ་བའི་བཀའ་ཡང་བསླུས། །ཕྱི་རབས་གསང་སྔགས་སུན་ཡང་ཕྱུང་། །རིག་འཛིན་བདག་གི་རེ་བ་བཅད། །སྔོན་གྱི་ཐུགས་དམ་གཉན་པོ་ཉམས། །རྩ་བརྒྱུད་བླ་མའི་དམ་ཚིག་འགལ། །ཐུབ་པའི་བསྟན་བསྲུང་མིང་ཙམ་གྱུར། །དེ་བས་དམ་ལས་མ་འདའ་བར། །མཐུན་པའི་དམ་རྫས་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །གུར་གྱི་བསྟོད་པ་ནི།(༡༦བ)


GLG011_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃཿ སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་གདུག་པའི་ཁྲག་བཀང་སྣོད། །ཐོད་འཕྲེང་ཅན་ལ་བདག་བསྟོད་དོ། ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་སྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པའི། །དམ་ཚིག་ཅན་ལ་བདག་བསྟོད་དོ། །བྷྱོཿ གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །ཧཱུྃཿ ཡེ་ཤེས་མགོན་པོའི་འཁོར་གྱི་གཙོ་བོ་པ། །མིག་སྨན་མདོག་ཅན་ཉམས་པའི་སྲོག་རྩ་གཅོད། །ལེགས་ཉེས་བསྟངས་འཛིན་དམ་ཉམས་ཤ་ལ་རོལ། །གནོད་སྦྱིན་ནག་པོ་ཁྱོད་ལ་བདག་བསྟོད་དོ། །བྷྱོཿ ཤ་ཟ་ནག་མོ་དམ་ཉམས་སྙིང་འབྱིན་མ། ཁྲག་མིག་འཁྱིལ་ཞིང་མི་ལྤགས་གོས་སུ་གྱོན། །ཟ་བྱེད་ཞལ་གདངས་སྤྱན་བགྲད་མེ་དཔུང་འཕྲོ། །གནོད་སྦྱིན་ནག་མོ་ཁྱོད་ལ་བདག་བསྟོད་དོ། །ཧཱུྃཿ ལས་མཁན་པུ་ཏྲའི་མཚན་གསོལ་མཐུ་བོ་ཆེ། །ལས་བཞི་ཀུན་བསྒྲུབ་སྲོག་གི་བདུད་པོ་ཁྱོད། །ལས་ལ་བསྐུལ་ཚེ་མོན་པ་འབུམ་དང་བཅས། །ལས་རྣམས་ཐོགས་མེད་བསྒྲུབ་ལ་༝། །ལེགས་ལྡན་བཀའ་སྡོད་བྷ་ཏྲ་ནག་པོ་ཁྱོད། །མུན་པས་བྱུགས་འདྲ་ཧ་ཧའི་གད་བརྒྱངས་སྒྲོག །སྲིད་གསུམ་དྲེགས་བྱེད་མ་ལུས་ཟིལ་གནོན་པའི། །གཏུམ་པོ་ཁྲག་འཐུང་ཁྱོད་ལ་༝། །སྲིན་མོའི་ཆ་བྱད་ཁྲག་འཐུང་ཆེན་མོ་ནི། །འཇིགས་པའི་ལུས་ལ་ཁ་ནས་མེ་འབར་མ། །སྲིད་གསུམ་ཅིག་ཅར་འགེངས་པའི་མཐུ་མོ་ཆེ། །བྲན་བདུད་ནག་མོ་ཁྱོད་ལ་༝། །(༡༧ན)


GLG011_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རུ་འདྲེན་སྡེ་བཞི་ཕོ་ཉ་ལྔ། །ཕྱོགས་སྐྱོང་དམ་ཅན་ཞིང་སྐྱོང་སྡེ་བརྒྱད་སོགས། །སྤྲུལ་པ་ཡང་སྤྲུལ་བྱེ་བའི་ཚོགས་རྣམས་ཀྱིས། །སྣ་ཚོགས་འཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། ཁྱད་པར་བསྟན་དང་བསྟན་འཛིན་དགེ་འདུན་ལ། །ལོག་པར་འཁུ་བའི་བསམ་སྦྱོར་ངན་རྩོམ་པའི། །བདུད་དགྲ་ནག་པོའི་སྡེ་རྣམས་སྤ་བཀོང་ལ། །མཐུན་རྐྱེན་དངོས་གྲུབ་མ་ལུས་དེང་འདིར་སྩོལ། །བསྐུལ་བ་ནི། ཧཱུྃཿ མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ལྷ་ཆེན་དཔལ་འབར་མཐུ་བོ་ཆེ། །སྟེང་ནས་སྤྲུལ་པའི་ཕོ་ཉ་ནི། ཁྱུང་ཆེན་སྔོན་པོ་ལྡིང་ཞིང་འཕྱོ། །གཡས་ནས་སྤྲུལ་པའི་ཕོ་ཉ་ནི། །བྱ་ནག་མང་པོ་ཀླད་ལ་ལྡིང་། །གཡོན་ནས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་སྤྱང་མང་པོ་འདུར་ཞིང་རྒྱུག །མདུན་ནས་སྤྲུལ་པའི་ཕོ་ཉ་ནི། །མི་ནག་གནམ་ལ་འོ་དོད་འབོད། །རྒྱབ་ནས་སྤྲུལ་པའི་ཕོ་ཉ་ནི། ཁྱི་ནག་མང་པོ་འཁང་ཞིང་ཟུག །གཎྜི་ལས་སྤྲུལ་ཕོ་ཉ་ནི། ཁྲོ་ཆེན་འབར་བས་འཇིག་རྟེན་གང་། །མངགས་ཤིང་ལས་ལ་བསྐུལ་བའི་ཚེ། །སྟོང་གསུམ་འཇིག་རྟེན་མ་ལུས་འགེངས། །ཁ་ཅིག་མཚོན་ཆ་སྣ་ཚོགས་འཕེན། །ལ་ལས་བ་དན་གཡབ་མོ་གཡོབ། །ལ་ལ་མི་རྐང་གླིང་བུ་འབུད། །ཁ་ཅིག་རྒྱུ་མའི་ཞགས་པ་འདེབས། །ལ་ལ་དམར་ཆེན་རཀྟ་སྦྲེང་། །ལ་ལ་ཚིལ་ཆེན་དུད་པ་གཏོང་། ཁ་ཅིག་ཞིང་ཆེན་ས་ལ་བརྡེག །ལ་ལ་ཧཱུྃ་ཕཊ་འབྲུག་སྒྲ་སྒྲོག །ལ་ལ་གནམ་ལྕགས་ཐོག་སེར་འབེབས། །ཕོ་ཉ་དྲག་གཏུམ་མཐུ་བོ་ཆེ། །འུར་འུར་ཆེམ་ཆེམ་སྟོང་གསུམ་ཁེངས། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །འཕྱོས་ཤིག་བསྒྲལ་ལོ་དམག་ལ་འཕྱོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །དགྲ་བགེགས་ཐལ་བའི་རྡུལ་དུ་རློག །བྷྱོཿ ལྷ་མོ་(༡༧བ)


GLG011_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕམ་སྲིད་གསུམ་བདག །དུང་སྐྱོང་རྒྱལ་མོའི་ཕོ་ཉ་ནི། །མདུན་ནས་རྒྱུག་ཅིང་དྲག་ཤུལ་ཆེ། །བུད་མེད་གྲི་ཐོད་ཐོགས་པ་བརྒྱ། །གཡས་ནས་རུ་འདྲེན་དཔའ་རྩལ་ཅན། །སྐྱེས་པ་རུ་མཚོན་ཐོགས་པ་བརྒྱ། །གཡོན་པ་རུ་འདྲེན་སྤྲུལ་པའི་སྐུ། །ཉན་ཐོས་འཁར་གསིལ་ཐོགས་པ་བརྒྱ། །སླད་ཀྱི་རྗེས་འབྲང་འཇིགས་སུ་རུང་། །སྔགས་པ་ཕུར་བུ་ཐོགས་པ་བརྒྱ། །ཕོ་ཉ་དྲག་གཏུམ་མི་བཟད་འབར། །སྲིན་མོ་རལ་པ་གཡེང་བའི་ཚོགས། །བསྟན་པ་སྲུངས་ཤིག་དཔལ་ལྡན་མ། །ཕོ་ཉར་མངགས་ཀྱིས་རྩལ་མ་ཆུང་། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །འཕྱོངས་ཤིག་དཔུང་བསྐྱེད་རུ་མཚོན་ཕྱོར། །སྡང་དགྲ་གནོད་བགེགས་དམ་ཉམས་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །དེ་ནས་རྣམ་སྲས་ཀྱི་བསྟོད་པ་ནི། །ཧཱུྃཿ མི་འཇིགས་སེང་གེའི་གདན་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །བཙུན་མོ་བཞི་དང་སྲས་བཞི་དང་། །ཁྱད་པར་ལས་གྲུབ་གནོད་སྦྱིན་བརྒྱད། །ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང་། །འབྱོར་བའི་ལོངས་སྤྱོད་ཕུན་ཚོགས་ཤིང་། །འདོད་དགུ་ཡིད་བཞིན་འགྲུབ་པ་དང་། །གཞན་དོན་ལྷུན་གྱིས་གྲུབ་པར་མཛོད། །ལས་གཤིན་གྱི་བསྟོད་པ་ནི། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །བཀའ་སྡོད་ལས་ཀྱི་གཤིན་རྗེ་མ་ཧེ་གདོང་། །ས་གསུམ་ཅིག་ཅར་གཡོ་འདྲའི་ཁྲོ་བོའི་གཟུགས། །གཏུམ་དྲག་རབ་བརྔམས་དུས་ཀྱི་དགྲ་ལ་བསྟོད། །མུན་པ་བྱེ་བས་བྱུཊ་པའི་ལྷུན་པོ་ནི། །རྟ་གདོང་མེ་ཡིས་འཁྱུད་ལ་ཐོད་སྐམ་ཕྲེང་། །བམ་ཆེན་དོ་ཤལ(༡༨ན)


GLG011_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པའི་རྒྱན་འཕྱང་ཚེ། །སྲིད་གསུམ་ཅིག་ཅར་གཡོ་མཛད་ཁྱོད་ལ་བསྟོད། །ལང་ལོང་འཁོལ་བའི་ཁྲག་གི་རྒྱ་མཚོའི་དབུས། །གཏུམ་དྲག་མ་ཧེ་སྟེང་ན་མངོན་པར་འཕྱོ། །བདུད་ཞགས་དགྲ་བོའི་སྐེ་འཆིང་ཐོད་དབྱུག་གིས། །དགྲ་སྡེའི་ཚེ་སྲོག་ཅིག་ཅར་འཇོམས་ལ་བསྟོད། །མི་བཟད་དྲག་པོའི་འོ་དོད་ཆེར་བོས་ཚེ། །ས་འོག་རིམ་པ་བདུན་ཡང་འགས་སམ་བྱེད། །ཉེར་བཞིའི་འཕྲིན་ལས་བསྒྲུབས་ཚེ་ལྷ་ཆེན་ཡང་། །མཐར་བྱེད་གམ་དུ་གཏོང་བ་ཁྱོད་ལ་བསྟོད། །གནམ་ས་ཅིག་ཅར་གདངས་འདྲའི་ཞལ་གྱི་དབུས། །འོད་སྟོང་འབར་བའི་ལྗགས་ཀྱི་གློག་འཕྲེང་གཡོ། །རབ་དཀར་གངས་རིའི་མཆེ་བ་གཙིགས་འདྲའི་གསེབ། །ལོག་འདྲེན་ཁྲག་གི་རྦ་རླབས་འཁྲུགས་ལ་བསྟོད། །ཤངས་ནས་བསྐལ་པའི་མེ་རླུང་བུ་ཡུག་འཚུབ། །རྣམ་གསུམ་སྤྱན་གྱི་ཉིན་བྱེད་མངོན་པར་གཡོ། །དམར་སེར་དབུ་སྐྲ་སྨ་ར་སྨིན་མའི་མེ། །དུས་མཐའི་ཞུགས་ལྟར་འབར་བ་ཁྱོད་ལ་བསྟོད། །འཆི་བདག་གཡོན་ཕྱོགས་ལས་ཀྱི་ཕོ་ཉ་མ། །སྔོ་ནག་སྲིན་མོ་དྲག་ཏུ་ཁྲོས་པའི་གདོང་། །གཡས་པ་རྩེ་གསུམ་དགྲ་བོའི་དོན་སྙིང་འབིགས། །གཡོན་པ་ཁྲག་གང་བནྡྷའི་འཛིན་ལ་བསྟོད། །འཇིགས་རུང་དུར་ཁྲོད་ཐོད་སྐམ་འབར་བའི་ནང་། །རྒྱུ་རློན་ལྡ་ལྡི་ཞིང་ཁམས་མཁའ་ལ་བྲེས། །ཀེང་རུས་གཅལ་བཀྲམ་མི་རོ་ཁྲི་རུ་བརྩིགས། །དགྲ་བགེགས་གསོད་པའི་བཤན་ཁང་ར་བ་ན། །སྙིང་རྗེ་དང་བྲལ་ལས་ཀྱི་ཚེ་སྲོག་གཤེད། །མི་གདུག་གཤིན་རྗེ་ཕོ་མོ་ཕྱོགས་བཅུར་རྒྱུ། །ཀེང་རུས་གར་རྩེ་བྱ་ནག་འཐབ་ཅིང་ལྡིང་། །འབྱུང་པོ་ཁུས་འདེབས་མོན་པ་གར་བྱེད་སོགས། །སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་རྒྱ་མཚོ་ཡིས། །རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ། །ལོག་པར་འདྲེན་པའི་དམ་ཉམས་དགྲ་བོ་འདིའི། །སྙིང་(༡༨བ)


GLG011_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་དྲོན་མོ་འཐུང་ལ་འཕྲིན་ལས་མཛོད། །དེ་ནས་བསྐུལ་བ་ནི། ཧཱུྃཿ འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ན། །སྲོག་ལ་རྔམ་པའི་གཤིན་རྗེ་ནི། །ནག་པོ་མ་ཧེ་གདན་སྟེང་དུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པས་མཚན་པ་ལས་བྱུང་བའི། །གཏིང་ནས་ཁྲོས་པ་མ་ཧེ་གདོང་། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། །ཁྲོས་པའི་སྤྱན་རྩ་དམར་པོ་འཁྲུག །སྐྲ་སེར་སྨ་ར་གྱེན་དུ་བརྫེས། །ལག་གཡོན་ཞགས་པས་དགྲ་བགེགས་འཆིང་། །གཡས་པའི་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །མ་མོ་ཆེན་མོ་ཙ་མུཎྜཱི། །རྩེ་གསུམ་ཐོད་ཁྲག་འཛིན་མཛད་མ། །བྲན་དང་བཅས་པའི་དུས་ལ་བབ། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོའི་མཆོད་པ་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང་། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །བཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམས། ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེ་ཞིག་སྣུན་ཞིག་རྨུགས་པར་གྱིས། །ཐུལ་ཞིང་ཆོམས་ཤིག་རྣམ་པར་ཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ཀཱ་ལ་རཱུ་པ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། སྐབས་འདིར་བཟློག་པ་བྱ། དེ་ནས་གཏང་རག་མཆོད་པ་འབུལ་བ་ནི། ཨོཾ་ཧྲཱིཿཥྚཱིཝི་ཀྲི། ཞེས་པ་ནས། ཨོཾ་སྭ་བྷཱ་ཝ་ཞེས་པ་ནས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཞེས་སོགས་བྱའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ། མ་ཧཱ་ཀཱ་ལ། ཀཱ་ལི་དེ་ཝི། བཻ་ཤྲ་ཝ་ཎ། ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡའི་བར་དུ་མཆོད། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ། མ་ཧཱ་ཀཱ་ལ་ཞེས་པ་ནས། ཨོཾ་ཨཱཿཧཱུྃ། ནང་མཆོད་ཀྱང་འབུལ། ཡིག་བརྒྱ་བཟླ། བཟོད་པར་(༡༩ན)


GLG011_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བསྔོ་བ་སྨོན་ལམ་ཉེར་བསྡུ་སོགས་ཀྱང་བྱ། །རྟེན་ཡོད་ན་དེ་ཉིད་ལ་བརྟན་བཞུགས་བྱ་ཞིང་། །མེད་ན་རང་གནས་སུ་གཤེགས་པར་གྱུར། །དམ་ཚིག་པ་རང་ལ་བསྡུས་ཏེ། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམ་མཛད་ཅིང་། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་མཆོག་སྟེར་བའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་༝། །དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲང་ཞིང་། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་འཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་༝། །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་ངང་། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་༝། །སྒྲུབ་པ་པོ་ལ་བརྟེན་ཅིང་མཆོད་པ་དང་། །སྐུར་བ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་ཉིད་བྱང་ཆུབ་སེམས་ཀྱི་༝། །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་སྙེད་ཡོད་པ་ཀུན། །ཕུན་སུམ་ཚོགས་པ་ཆུ་བོའི་རྒྱུན་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་༝། །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོས་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྲུབ་པའི། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །ཅེས་ཐུན་མོང་མ་ཡིན་པའི་བཀའ་སྲུང་རྣམ་པ་གཉིས་བཀའ་སྡོད་དང་བཅས་པ་མ་གཏོགས་པའི་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་གཏོར་མའི་ཆོ་ག་གཅིག་ཏུ་བསྡེབས་པ་དངོས་གྲུབ་ནོར་བུ་(༡༩བ)


GLG011_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་རྒྱལ་པོའི་གཏེར་ཆེན་ཞེས་བྱ་བ་འདིའང་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱི་གནད། བསྙེན་སྒྲུབ་ལས་གསུམ་ལ་རབ་ཏུ་གཞོལ་བའི་བྱ་བའི་ཁུར་གྱིས་མངོན་པར་མཛེས་པའི་རིག་སྔགས་འཆང་བའི་ཁྲིམས་ལྡན་འདུས་པའི་སྡེ་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་བཞེས་སུ། ཆད་ལྷག་མེད་ཅིང་འཁྱེར་བདེ་བར་བསམས་ཏེ། དམ་པ་གོང་མའི་གསུང་རྣམས་འཁྲུགས་སྡེབས་སུ་བསྒྲིགས་ཤིང་ཚིགས་འཕྲེང་གསར་དུ་ཅུང་ཟད་སྤེལ་བ་འདིའང་། རྡོ་རྗེ་འཆང་དྷརྨ་དྷྭ་ཛ་ལ་སོགས་པའི་རིག་པ་འཛིན་པ་དུ་མའི་བཀའ་དྲིན་ལས་མངོན་སྤྱོད་དྲག་པོའི་སྐོར་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པའི་རིག་སྔགས་འཆང་བ་ངག་དབང་བློ་བཟང་རྒྱ་མཚོ། མིང་གཞན་ཟིལ་གནོན་དྲག་རྩལ་རྡོ་རྗེ་ཁྲག་འཐུང་རྣམ་པར་རོལ་པ་དཔའ་བོའི་སྡེས་ནག་པ་ཟླ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །རིགས་བརྒྱའི་ཁྱབ་བདག་གསུང་གི་གངས་རི་ལས། །ལེགས་འོངས་རྒྱུད་སྡེའི་དལ་འགྲོ་མ་ལུས་ཚོགས། །སྡུད་མཛད་གསང་བདག་ཆུ་གཏེར་ལ་བཏུད་ནས། །ཞང་བློན་མཆོད་ཐབས་ནོར་བུའི་འཕྲེང་བ་སྤེལ། །བདེ་ཆེན་སྤྲིན་འབྱུང་ངང་དུ་རྟག་རོལ་ཀྱང་། །གྲངས་མེད་གཟུགས་སྐུའི་འབྲས་ལྡན་རྣམ་རོལ་གྱིས། །དངོས་གྲུབ་འཆི་མེད་འབབ་ལྡན་སྩོལ་མཛད་པའི། །གནོད་སྦྱིན་བུམ་སྐྱེས་འཁོར་བཅས་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་ཡིད་འོང་དགའ་ཚལ་ནང་། །བཀོད་ལེགས་རིན་ཅེན་ལས་གྲུབ་བ་གམ་དབུས། །འཁོར་ལོ་རྩིབས་བཞི་ལྟེ་བར་ནོར་བུའི་ཁྲི། །སྣ་ཚོགས་པདྨ་ཉི་མའི་གདན་སྟེང་ན། །གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སྐུ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་སྲིན་པོའི་གཟུགས། །དམར་(༢༠ན)


GLG011_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་སྤྱན་བགྲད་ཞལ་གདངས་མཆེ་བ་གཙིགས། །ཉི་འོད་འབུམ་འཕྲོག་རིན་ཅེན་རྩེ་ཕྲན་ཅན། །ཕྱག་གཉིས་ཡིད་བཞིན་ནོར་བུ་བུམ་པ་བསྣམས། །སུམ་བརྩེགས་དར་ནག་ཕོད་ཀ་གསེར་སྐེད་ཅན། །གར་དགུའི་ཉམས་ལྡན་ཞབས་ཟུང་སག་ལྷམ་གསོལ། །རྒྱལ་པོ་རོལ་པའི་ཚུལ་གྱིས་རྣམ་པར་འགྱིང་། །གཡོན་དུ་ཡུམ་ཆེན་ནག་མོ་ཕྱག་གཉིས་ཀྱིས། །ནད་རྐྱལ་རཏྣའི་གཞོང་ཐོགས་དར་དཀར་གསོལ། །རྩིབས་བཞིར་ནོར་ལྷ་དཀར་པོ་མགོན་པོ་ནག །འབྲོག་གནས་མཆེད་ལྔ་རྣམ་ཐོས་སྲས་ལ་སོགས། །དངོས་གྲུབ་སྩོལ་ཞིང་བར་ཆད་སེལ་མཛད་པའི། །མཐུ་སྟོབས་རྫུ་འཕྲུལ་དཔག་པར་དཀའ་བ་ཡི། །བཀའ་ཉན་དམ་ཅན་ཚོགས་རྣམས་མ་ལུས་ཀུན། །འཕྲིན་ལས་རྣམ་བཞི་བསྒྲུབ་ཕྱིར་བཞུགས་སུ་གསོལ། །རྩ་བ་བརྒྱད་པ་ལ་སོགས་བཟང་པོ་དྲི། །མངོན་པར་འཕྲོ་བའི་མཆོད་ཡོན་ཉལ་འགྲོའི་རྒྱུན། །དབང་གཞུ་ལྟར་བཀྲ་སྣ་ཚོགས་ཆུ་སྐྱེས་ཚལ། །ལྷ་ལམ་གཉིས་འཐུང་ལ་འགྲན་བདུག་སྤོས་དང་། །རྟ་བདུན་འབུམ་གྱི་མདངས་ལྡན་མར་མེའི་ཕྲེང་། །རོ་བརྒྱའི་ཟས་ལ་འཁུ་བའི་བ་ལིཾ་ཏ། །རབ་སྙན་ངག་གི་མཚོན་ཆའི་ཕུལ་བྱུང་དབྱངས། །ཕམ་བྱེད་རོལ་མོའི་སྒྲ་ཡིས་ཕྱོགས་ཀུན་འགེངས། །ཕྱི་ནང་གསང་བའི་དམ་རྫས་ལ་སོགས་པ། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འདིས། །ཞང་བློན་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ནས། །ལུགས་ཟུང་དགའ་སྟོན་མ་ལུས་སྩལ་དུ་གསོལ། །གཏོར་མ་སྤྱི་འགྲོ་ལྟར་བྱིན་གྱིས་བརླབས་ལ། །ཨོཾ་བཛྲ་རཏྣ་ཙིཏྟ་ར་གི་ཨི་དཾ་བ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། འཁོར་རྣམས་ལ་ཨ་ཀཱ་རོས་འབུལ་ལོ། །དབང་སྔོན་བརྩེགས་པའི་ས་འཛིན་ན་ཚོད་གནས། །ཉལ་འགྲོའི་ཆོམ་རྐུན་རྐེད་མེད་ཀྱིས་འཁྱུད་ལྟའི། །ལུས་ཀྱི་ཉམས་གསུམ་རྫོགས་པའི་མཐིང་ནག་མདོག །གནོད་སྦྱིན་བདུད་འདུལ་ཆེན་པོའི་སྐུ་ལ་བསྟོད། །རབ་བརྗིད་དབྱར་གྱི་རྔ་གསང་ཆེར་བསྒྲག་པར། །ཕུལ་བྱུང་ཚངས་པའི་དབྱངས་དང་ལྡན་ནམ་ཞེས། །དཔྱང་ཐིག་རྣམ་འགྱུར་ཡིད་ཀྱི་མེ་ལོང་ངོས། །འཆར་བྱེད་ཁྱོད་གསུང་སྒྲ་འཛིན་བདུད་རྩིའི་དཔལ། །མཐའ་བྲལ་གསང་བདག་མཁྱེན་བརྩེའི་ལྷ་ལམ་ལ། །ཁྱོད་ཀྱི་བློ་གྲོས་སྣང་གཏེར་གྱིས་བགྲོད་པས། །གང་འཚམ་ལས་ཀྱི་འོད་སྟོང་སྤྲོ་མཛད་ཐུགས། །རྒྱ་ཆེན་སྲིད་གསུམ་འདིར་ཤོང་ཨེ་མ་མཚར། །ཞང་བློན་ཆེན་པོ་འཁོར་དང་བཅས་རྣམས་ཀྱིས། །རབ་འབྱམས་ལས་ཀུན་ཐོཊ་མེད་བསྒྲུབ་པ་དང་། ཁྱད་པར་རང་གང་མོས་ཀྱི་རིག་གནས་གཞན་ལའང་སྦྱོར། གསོ་རིག་གཙུག་ལག་གཞུང་ལུགས་ཀུན། །དཀར་ཕྱོགས་ཀུན་ཕན་ལྟ་བུར་རྒྱས་པར་མཛོད། །ཅེས་ཞང་བློན་རྡོ་རྗེ་བདུད་འདུལ་ལ་མཆོད་གཏོར་འབུལ་ཚུལ་ཉུང་ངུའི་ཚིགས་སུ་བཅད་པ་འདི་ཡང་། གསོ་རིག་སྨྲ་བ་བློ་བཟང་འཇམ་དཔལ་གྱི་ངོར། །ཚངས་སྲས་བཞད་པའི་རྡོ་རྗེས་འཕྲལ་དུ་སྨྲས་པའོ། །ཨོཾ་ཨ་ཐཱ། བཀྲ་ཤིས་གཡུང་དྲུང་གཅིག་ཏུ་འཁྱིལ་བའི་ནོར། །དངོས་གྲུབ་བདུད་རྩི་འབྱུང་བའི་ཟ་མ་ཏོག །གསང་བདག་གནོད་སྦྱིན་ཆེན་པོར་གུས་བཏུད་ནས། །མཆོད་གཏོར་འབུལ་ཚུལ་ཉུང་ངུའི་ཚིག་གིས་སྤེལ། །རང་ཉིད་སྐད་ཅིག་གསང་བདག་སྐུ་མདོག་མཐིང་། །ཕྱག་གཡས་རྡོ་རྗེ་གཡོན་པ་སྡིགས་མཛུབ་མཛད། །རིན་ཅེན་སྦྲུལ་རྒྱན་དར་དང་སྟག་ཤམ་གསོལ། །རབ་ཁྲོས་མེ་དཔུང་དབུས་བཞུགས་ཐུགས་ཀ་ནས། །འོད་འཕྲོས་མཆོད་གཏོར་སྤྱན་གཟིགས་མ་ལུས་པའི། །ཐ་མལ་དངོས་འཛིན་སྡིག་སྒྲིབ་མི་གཙང་བའི། །ཚོགས་རྣམས་སྦྱངས་ཏེ་ངོ་བོ་ཟག་མེད་ཀྱི། །བདུད་རྩི་འདོད་པའི་ཡོན་ཏན་(༢༡ན)


GLG011_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལྡན་གྱུར། །ཆོས་དབྱིངས་བདེ་ཆེན་ངང་ལས་མ་གཡོས་ཀྱང་། །ཞི་རྒྱས་དབང་དྲག་འཕྲིན་ལས་བསྒྲུབ་པའི་ཆེད། །ཞང་བློན་ཆེན་པོ་འཁོར་བཅས་སྤྱན་འདྲེན་ན། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། །གནོད་སྦྱིན་ཆེན་པོ་མཐིང་ནག་ཕྱག་གཉིས་ཀྱིས། །ནོར་བུ་བུམ་པ་རབ་འཛིན་དར་ནག་གི ། འཇོལ་བེར་གསོལ་ཞིང་རིན་ཅེན་རྒྱན་གྱིས་སྤྲས། །གསང་ཡུམ་བློན་པོ་ཕྱི་འཁོར་བཅས་པ་རྣམས། །མདུན་དུ་ཡིད་འོང་སྐྱེད་མོས་ཚལ་གྱི་དབུས། །འཇམ་མཉེན་པདྨ་རྒྱས་པའི་ལྟེ་བ་ལ། །མཚམས་སྤྲིན་མདངས་ལྡན་ཉི་མའི་དཀྱིལ་འཁོར་སྟེང་། །དགྱེས་པ་ཆེན་པོས་བརྟན་པར་བཞུགས་སུ་གསོལ། །སྨན་གྱིས་སྦགས་པའི་དྲི་ཆབ་མཚོ་ལྟར་འཁྲུག །སྣ་ཚོགས་མདངས་ལྡན་མེ་ཏོག་རྣམ་པར་བཀྲ། །དྲི་ཞིམ་སྤོས་ཀྱི་ནམ་མཁའི་ཁྱོན་ཀུན་འགེང་། །མར་མེའི་འོད་ཀྱིས་མུན་པའི་གོ་སྐབས་འཕྲོག །རོ་བརྒྱའི་ཟས་ཀྱིས་བདུད་རྩིའི་དཔལ་ཀུན་སྟེར། །སྙན་པའི་སྒྲ་ཡིས་རྣ་བར་རྟག་ཏུ་འཇེབས། །དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་སོགས། །ཕྱི་ནང་གསང་བའི་མཆོད་པའི་ཚོགས་ཀུན་འབུལ། །ཨིནྡྲ་ནཱི་ལའི་རི་བོ་ཉིན་བྱེད་ཀྱིས། །ལན་བརྒྱར་བྱུགས་པ་ལྟ་བུའི་གཟི་བརྗིད་ཅན། །དཔལ་ལྡན་གནོད་སྦྱིན་རྡོ་རྗེ་བདུད་འདུལ་ཆེ། །འཁོར་དང་བཅས་ལ་གུས་པས་བདག་བསྟོད་དོ། །ཐུབ་བསྟན་སྤྱི་དང་ཁྱད་པར་གསོ་རིག་གི །གཞུང་ལུགས་ཡར་ངོའི་ཟླ་ལྟར་རབ་འཕེལ་ཞིང་། །བདག་སོགས་འདོད་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ཅུང་ཟད་ཉེས་པར་བགྱིས་པའི་ཚོགས་རྣམས་ཀུན། །ཆོས་དབྱིངས་བདེ་བའི་ངང་དུ་བཟོད་པར་གསོལ། །ལྷུན་གྲུབ་ཕོ་བྲང་ཆེན་པོར་ཕྱིར་གཤེགས་ནས། །སླར་ཡང་འགྲོ་བའི་དོན་དུ་འབྱོན་པར་མཛོད། །(༢༡བ)


GLG011_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར། །འདོད་པའི་རེ་བ་མ་ལུས་ཆེས་སྐོང་བའི། །བསྟན་སྲུང་གནོད་སྦྱིན་ཆེན་པོ་འཁོར་བཅས་ཀྱིས། །དུས་རྣམས་ཀུན་ཏུ་བཀྲ་ཤིས་དགའ་སྟོན་སྩོལ། །ཞང་བློན་གྱི་མཆོད་གཏོར་བདུད་རྩིའི་བུམ་བཟང་འདི་ནི་རང་གི་གམ་དུ་ཉེ་བར་གནས་པའི་བླ་སྨན་བྱང་ངོས་པ་བློ་བཟང་གཞན་ཕན་དབང་པོའི་རྒྱུན་འཁྱེར་དུ་ཟ་ཧོར་གྱི་བནྡེས་བྲིས། ན་མོ་གུ་རུ་ཝེ། མཆོད་གཏོར་བྱིན་རླབས་བདེ་འཇིགས་གང་རུང་བྱས་ལ། མདུན་དུ་དུར་ཁྲོད་འཇིཊ་སུ་རུང་བའི་དབུས། །པད་ཉི་ཚོགས་བདག་སྟེང་ན་ནག་པོ་ཆེ། །ཞལ་གཅིག་ཕྱག་དྲུག་ཞབས་གཉིས་བརྐྱང་བསྐུམ་ཅན། །སྣ་ཚོགས་རྒྱན་ལྡན་སྐུ་ལས་མེ་དཔུང་འབར། །ཧེ་རུ་ཀ་དཔལ་མགོན་པོ་ཕྱག་བཞི་པ། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། །ལས་ཀྱི་གཤིན་རྗེ་མ་ཧེའི་གདོང་པ་ཅན། །ཞལ་གཅིག་ཕྱག་གཉིས་མ་ཧེའི་སྟེང་ན་འགྱིང་། །སྲིད་གསུམ་འདོད་ཁམས་དབང་ཕྱུག་དྲེའུ་ལ། །བཅིབས་ཏེ་མི་སྡུག་སྲིན་མོའི་གར་གྱིས་རོལ། །སྟོབས་ལྡན་དཔའ་བོ་འཇིགས་རུང་བྲམ་ཟེའི་གཟུགས། །རྣམ་མང་ཐོས་སྲས་བེག་ཙེ་ལྕམ་དྲལ་རྣམས། །གྲངས་མེད་འཁོར་ཚོགས་བཅས་པ་སྤྱན་འདྲེན་ན། །ཐོགས་པ་མེད་པར་འདིར་གཤེགས་གཉིས་མེད་གྱུར། །ཨོཾ་སརྦ་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་བརྗོད། ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་སྤྱན་ལམ་དུ། །མཆོད་ཡོན་སྐུ་སྐྱེས་བདུག་སྤོས་མར་མེའི་ཕྲེང་། །དྲི་ཆབ་རོ་བརྒྱའི་ཟས་དང་སྙན་པའི་གླུ། །གྱི་ལིང་གཡག་རོག་འདོད་པ་འཇོ་བའི་བ། །སྲ་བརྟན་གོ་ཁྲབ་གླིང་བཞི་ལྷུན་པོ་དང་། །དམ་རྫས་རྨད་དུ་བྱུང་བའི་གཏོར་མ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་པས་དམ་ཅན་རྣམས། །ཐུགས་དམ་སྐོངས་ལ་མཐུན་པའི་དངོས་གྲུབ་(༢༢ན)


GLG011_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །ཆོས་སྲུང་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་སརྦ་བཛྲ་དྷརྨ་པཱ་ལ་སོགས་ཀྱི་མཐར། ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་འབུལ། སླར་སྔགས་མཇུག་ཏུ་ནང་མཆོད་འབུལ། རྒྱལ་བའི་སྤྱན་སྔར་ཁས་བླངས་མཐུ་ལྡན་པའི། །ཆོས་སྲུང་རྒྱ་མཚོས་བསྟན་དང་དེ་འཛིན་སྐྱོངས། ཁྱད་པར་རྣལ་འབྱོར་བདག་གི་མགོན་དང་གཉེན། །གཡེལ་མེད་མཛོད་ལ་འཕྲིན་ལས་མ་ལུས་སྒྲུབས། །ཞེས་པ་ཡང་བདེ་མཆོག་བླ་མས་བསྐུལ་ཚེ་བྲིས། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། རབ་འབྱམས་རྒྱལ་བའི་མཁྱེན་པའི་ནུས་པ་ཀུན། །གཅིག་བསྡུས་མྱུར་མཛད་མགོན་པོ་འཁོར་བཅས་རྣམས། །ཐོགས་པ་མེད་པར་གནས་འདིར་རབ་གཤེགས་ནས། །པད་ཉི་བམ་རོའི་གདན་ལ་བརྟན་པར་བཞུགས། །ཕྱི་ནང་གསང་བའི་མཆོད་པའི་ཚོགས་སྤྱི་དང་། ཁྱད་པར་དམ་རྫས་རྒྱན་དང་ལྡན་པ་ཡི། །ཟག་མེད་བདུད་རྩིའི་གཏོར་མ་འདི་འབུལ་གྱིས། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨིནྡྲ་ནཱི་ལའི་ལྷུན་པོ་ཉིན་བྱེད་ཀྱིས། །ལན་བརྒྱར་བྱུགས་འདྲའི་དཔལ་ལྡན་ནག་པོ་ཆེ། །བླ་མགོན་དབྱེར་མེད་ཐུགས་རྗེའི་བདག་ཉིད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །བར་གཅོད་བདུད་དགྲའི་གཡུལ་ལས་རྣམ་རྒྱལ་ཞིང་། །ཟུང་འཇུག་དབང་གི་རྒྱལ་པོའི་གོ་འཕང་མཆོག །ཚེ་འདིར་མངོན་དུ་འགྲུབ་པར་མཛད་དུ་གསོལ། །གལ་ཏེ་མ་གྱུར་དུས་ཀྱི་ཕོ་ཉ་ཡིས། །ཟིན་ཚེ་མྱུར་མཛད་མགོན་པོ་ཞལ་བསྟན་ནས། །(༢༢བ)


GLG011_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་དག་པའི་ཞིང་དུ་ལེགས་ཁྲིད་དེ། །རྒྱལ་བའི་སྲས་སུ་བསྐྲུན་པར་མཛད་དུ་གསོལ། །མདུན་གྱི་གཏོར་མགྲོན་དྲིལ་བུ་ཅང་ཏེའི་སྒྲ། །འཁྲོལ་ཞིང་འགྱིང་བག་གར་གྱིས་སྤྱི་བོ་ནས། །ཞུགས་ཏེ་སྙིང་དབུས་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་བརྟན་པར་བཞུགས་སུ་གསོལ། །ཞེས་པ་འདིའང་པཱ་ཐུར་ཧུང་ཐའི་ཇིའི་ཉམས་ལེན་དུ་ཟ་ཧོར་གྱི་བནྡེས་བྲིས། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རང་སྣང་གར། །བོད་ཡུལ་རྒྱལ་པོའི་གཟུགས་སུ་ལེགས་ཤར་བའི། །སྲོང་བཙན་སྒམ་པོའི་ཐུགས་རྗེའི་འོད་དཀར་གྱིས། །ཕན་བདེའི་ཀུ་མུད་རྒྱས་པའི་དགེ་ལེགས་སྩོལ། །བདེ་ལེགས་རྒྱ་མཚོའི་དཔལ་སྟེར་མཁན་སློབ་ཟུང་། །བོད་འབངས་འགྲོ་བའི་གཉེན་གྱུར་ཨ་ཏི་ཤ །དུས་གསུམ་རྒྱལ་བའི་སྤྱི་གཟུགས་བཙོང་ཁ་པ། །མཁྱེན་བརྩེ་ནུས་པའི་མཐུ་དཔུང་སྩལ་དུ་གསོལ། །རབ་དཀར་གངས་རིའི་མདངས་འཕྲོག་སྒེག་མོའི་གཟུགས། །རབ་མང་འགྲོ་ལ་རྗེས་སུ་ཆགས་པའི་ཉམས། །རབ་མཛེས་རྒྱལ་བའི་ཡུམ་གཅིག་དཔལ་ལྷ་མོའི། །རབ་འབྱམས་མཆོད་པའི་འཕྲིན་ལས་དེང་འདིར་བཤད། །དེའང་རྒྱལ་བའི་ཡུམ་གཅིག་དཔལ་གྱི་ལྷ་མོ་འདི་ཉིད་ཐུགས་དམ་བསྐང་ཞིང་། མཆོད་བསྟོད་འཕྲིན་ལས་སུ་བྱ་བར་འདོད་པའི་སྐྱེས་བུས་མཆོད་གཏོར་སྤྱན་གཟིགས་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་དུ་བགྱིས་ལ། སྐྱབས་འགྲོ་ནི། བདག་སོགས་འགྲོ་བ་ཐམས་ཅད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། ། ཆོས་ལ་༝། །དགེ་འདུན་ལ་༝། སངས་རྒྱས་ཆོས་དང་ཆོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །(༢༣ན)


GLG011_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །རང་ཉིད་དཔལ་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། སྣོད་བཅུད་ཀྱི་མ་དག་པ་རྣམས་སྦྱངས། ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར། ཨ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་ན་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔས་གང་བའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པ། ཐུགས་ཀའི་འོད་ཀྱིས་རླུང་གིས་མེ་སྦར་ཏེ་རྫས་རྣམས་ཞུ་ཞིང་ཁོལ། ཡིག་འབྲུ་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཡི་གེ་གསུམ་ལ་ཐིམ་པ་རོ་གཅིག་ཏུ་གྱུར་པས། ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། སླར་ཡང་ཐུགས་ཀ་ལས་འོད་ཟེར་འཕྲོས་པས། ཨ་ལས་བྱུང་བའི་ཀ་པཱ་ལའི་ནང་དུ་ཧཱུྃ་ཧཱུྃ་ཞུ་བ་ལས་བྱུང་བའི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཟད་མི་ཤེས་པའི་བདག་ཉིད་ཅན། རྣམ་པ་ཡིད་དུ་འོང་བའི་འདོད་པའི་ཡོན་ཏན་མཐའ་ཡས་པར་གྱུར། ཨོཾ་ཨ་རྒྷཾ་ཨཱཿ ཧཱུྃ། དེ་བཞིན་དུ། པཱདྱཾ། བཛྲ་པུཥྤེ། དྷཱ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་ཏེ། ཤབྡ་ཨཱཿཧཱུྃ། རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴ་ཨཱཿཧཱུྃ། གཏོར་མ་ཡང་ནང་མཆོད་ལྟར་བྱིན་གྱིས་བརླབས།བདག་བསྐྱེད་ནི། ཆོས་ཀུན་མི་དམིགས་སྟོང་པའི་ངང་ཉིད་ལས། །པད་ཉི་རུ་དྲ་བསྣོལ་བའི་གདན་སྟེང་དུ། །ཧཱུྃ་ལས་རང་ཉིད་དཔལ་ཆེན་རྟ་མགྲིན་སྐུ། །རབ་དམར་ཕྱག་གཡས་དབྱུག་ཏོ་ཐོད་ཁྲག་གཡོན། །དུར་ཁྲོད་ཆས་བརྒྱད་འགྱིང་བག་གར་དགུའི་ཉམས། །ཡུམ་ཆེན་ཕག་མོ་མཐིང་ནག་ཕྱག་གཡས་ཀྱིས། །གྲི་གུག་ཐོད་ཁྲག་འཛིན་པས་སྐུ་ལ་འཁྲིལ། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ཡི། །སྤྱི་གཙུག་(༢༣བ)


GLG011_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཉི་ཟླ་བའི་གདན་སྟེང་དུ། །དུས་གསུམ་སངས་རྒྱས་པདྨ་ཐོད་ཕྲེང་རྩལ། །རང་རང་ཡུམ་བཅས་དཔའ་བོ་མཁའ་འགྲོས་བསྐོར། །མཁའ་ལ་དབང་པོའི་གཞུ་ལྟར་བཀྲ་བར་གྱུར། །ཧྲཱིཿམི་འགྱུར་བདེ་བ་ཆེན་པོའི་ཕོ་བྲང་ནས། །བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་རྣམས། །ཐུགས་རྗེའི་དབང་གིས་ཐོགས་མེད་འདིར་གཤེགས་ནས། །དམ་ཚིག་པ་དང་དབྱེར་མེད་བརྟན་པར་བཞུགས། །སྣ་ཚོགས་ཕྱི་ཡི་མཆོད་པས་ས་གཞི་ཁེངས། །དམ་རྫས་ནང་གི་མཆོད་པས་བར་སྣང་གང་། །གསང་བ་གཉིས་མེད་སྦྱོར་བའི་བདེ་བ་ཆེ། །དགྱེས་དགུར་རོལ་ལ་དངོས་གྲུབ་རྣམ་གཉིས་སྩོལ། །མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ པད་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེཿ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུཿ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོདཿ དེ་ནས་མདུན་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱསྭ་བྷཱ་ཝ་ཤུདྡྷོ྅ཧཾ། འཁོར་འདས་བརྟན་གཡོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་གི་མདུན་དུ་རབ་དཀར་དར་གྱི་གུར་ཁང་འཇའ་ཚོན་རྣམ་པར་བཀྲ་བའི་དབུས་སུ། བཾ་རཾ་ཨ་ལས། པདྨ་ཉི་མ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྱོ་དཀར་པོ་ལས་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་དཔལ་གྱི་ལྷ་མོ་ཤེལ་དཀར་གྱི་ལྷུན་པོ་ཟླ་བཞུན་ལན་བརྒྱར་བྱུགས་པ་ལྟ་བུར་རྒྱས་པའི་ཞལ་ཁྱིམ་ཞི་འཛུམ་ཁྲོ་ཆགས་སྒེག་པའི་ཉམས་ལྡན་ཕྱག་གཡས་ཀྱིས་སྲིད་གསུམ་དབང་དུ་སྡུད་པའི་མདའ་དབང་པོའི་གཞུ་ལྟར་བཀྲ་བའི་དར་དང་། ཆོས་ཀུན་རྗེན་པར་སྟོན་པའི་མེ་ལོང་གིས་བརྒྱན་པ་འཛིན་ཅིང་། གཡོན་ཡིད་བཞིན་གྱི་ནོར་བུས་ཕྱུར་བའི་གཞོང་པ་བསྣམས་པ། རིན་པོ་ཆེ་སྣ་ཚོགས་པའི་ཕྲས་བཀོད་པའི་རྒྱན་གྱིས་དབུ་དང་ཕྱག་ཞབས་སོགས་སྐུའི་ཆ་ཐམས་ཅད་རྣམ་པར་བརྒྱན་པ། དར་གྱི་(༢༤ན)


GLG011_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་གཡོགས་དང་སྨད་གཡོགས་སོགས་ལྷབ་ལྷུབ་ཏུ་མཛེས་པར་ཀླུབས་ཤིང་། དབུ་ལ་རྨ་བྱའི་མདོངས་ཀྱི་གྲིབ་བསིལ་ཅན། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་མདུན་དུ་ལས་མཁན་ཆུ་སྲིན་གདོང་ཅན་སྐུ་མདོག་མུན་པའི་མདངས་ལྡན་གཡས་ཞགས་པ་ནག་པོ་དགྲ་ལ་འདེབས་ཤིང་། གཡོན་ཁྲག་གིས་གང་བའི་ཐོད་པ་འཛིན་པ། སྦོམ་ཞིང་ཐུང་ལ་ཡན་ལག་རགས་པ། སྲིན་མོ་དྲག་ཏུ་ཁྲོས་པའི་གཟུགས་ཀྱིས་དགྲ་བགེགས་ཀྱི་ཐོག་ཏུ་འཕྱོ་བ། རྒྱབ་ཏུ་བཀའ་སྡོད་སེང་གེའི་གདོང་ཅན་སྐུ་མདོག་དམར་ནག་ཁ་གདངས་ཤིང་མཆེ་བ་གཙིགས་ནས་དགྲ་ལ་འོ་དོད་འབོད་པ། གཡས་ཞགས་པ་དང་གཡོན་དོན་སྙིང་འཛིན་པ། དམར་ཟླུམ་སྤྱན་གསུམ་ཕྱི་རྗེས་སུ་བལྟ་ཞིང་རྗེས་སུ་འབྲང་བ། དེའི་འཁོར་དུ་བཀྲ་ཤིས་ཚེ་རིང་མ་དཀར་མོ་གངས་རིའི་མཛེས་པ་འཕྲོག་པ། གཡས་རྡོ་རྗེ་དང་གཡོན་བུམ་པ་འཛིན་ཅིང་སེང་གེ་ལ་བཅིབས་པ། མཐིང་གི་ཞལ་བཟང་མ་ཨིནྡྲ་ནཱི་ལའི་མདངས་ཅན། བ་དན་དང་མེ་ལོང་འཛིན་ཅིང་རྐྱང་ལ་བཅིབས་པ། མི་གཡོ་བློ་བཟང་མ་གསེར་གྱི་མདོག་ཅན་གཡས་ཟས་ཀྱི་གཞོང་པ་དང་། གཡོན་ནེའུ་ལེ་བཟུང་ནས་སྟག་ལ་བཅིབས་པ། ཅོད་པན་མགྲིན་བཟང་མ་པདྨ་རཱ་གའི་མདངས་ལྡན། གཡས་ནོར་བུ་དང་གཡོན་གཏེར་སྒྲོམ་འཛིན་ཅིང་ཤ་བ་ལ་བཅིབས་པ། གཏད་དཀར་འགྲོ་བཟང་མ་མ་ར་ཏ་ཀའི་མདོག་ཅན་གཡས་དུརྦ་དང་། གཡོན་སྦྲུལ་ཞགས་འཛིན་ཅིང་འབྲུག་ལ་བཅིབས་པ། རྡོ་རྗེ་ཀུན་གྲགས་མ་སྔོན་མོ་རྒྱན་མཚན་དང་མེ་ལོང་འཛིན་ཅིང་འབྲུག་ལ་བཅིབས་པ། རྡོ་རྗེ་གཡའ་མ་སྐྱོང་སེར་མོ་རལ་གྲི་དང་ཞགས་པ་བསྣམས་ཤིང་རྐྱང་ལ་བཅིབས་པ། རྡོ་རྗེ་ཀུན་བཟང་མ་དམར་སེར་རྡོ་རྗེ་དང་བུམ་པ་འཛིན་ཅིང་སེང་གེ་ལ་བཅིབས་པ།(༢༤བ)


GLG011_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོག་ཆེན་འཁོར་འདུལ་སྔོན་མོ་རུ་མཚོན་དང་ཞགས་པ་འཛིན་ཅིང་དྲེའུ་ལ་བཅིབས་པ། རྡོ་རྗེ་སྤྱན་གཅིག་མ་དཀར་མོ་གསེར་ཟོར་དང་བུམ་པ་བསྣམས་ཤིང་ཤ་བ་ལ་བཅིབས་པ། ཁ་རག་ཁྱུང་བཙུན་སེར་མོ་ཅང་ཏེའུ་དང་མེ་ལོང་འཛིན་ཅིང་ཁྱུང་ལ་བཅིབས་པ། གསེར་ཆེན་མཁའ་ལྡིང་དམར་པོ་པར་བུ་དང་སྦྲུལ་ཞགས་འཛིན་ཅིང་རྟ་ལ་བཅིབས་པ། རྡོ་རྗེ་དྲག་མོ་རྒྱལ་ལྗང་གུ་བེ་ཅོན་དང་འཁར་གཞོང་འཛིན་ཅིང་འཕར་བ་ལ་བཅིབས་པ། རྡོ་རྗེ་དཔལ་མོ་ཆེ་དཀར་མོ་མདའ་དར་དང་སྒྲོམ་བུ་འཛིན་ཅིང་རྟ་ལ་བཅིབས་པ། རྡོ་རྗེ་སྨན་གཅིག་མ་སེར་མོ་འབྲང་རྒྱས་འཛིན་ཅིང་མཛོ་ལ་བཅིབས་པ། རྡོ་རྗེ་གཡར་མོ་སིལ་སེར་མོ་རིན་པོ་ཆེ་དང་ཏིང་ཤགས་འཛིན་ཅིང་ཡུ་མོ་ལ་བཅིབས་པ། དྲིལ་བུ་གཟུགས་ལེགས་མ་སྔོན་མོ་པདྨ་དང་དྲིལ་བུ་འཛིན་ཅིང་སྟག་ལ་བཅིབས་པ། དེ་དག་རྣམས་ཀྱང་ཁྲོ་ཆགས་སྒེག་པའི་ཉམས་ལྡན། རིན་པོ་ཆེའི་རྒྱན་དང་དར་གྱི་ལྷབ་ལྷུབ་ཅན། དཔག་པར་དཀའ་བའི་རྫུ་འཕྲུལ་གྱིས་རྒྱལ་བའི་བསྟན་པ་བསྲུང་བ་དང་། འཕྲིན་ལས་རྣམ་བཞི་བསྒྲུབ་པ་ལ་མྱུར་བའི་ཤུགས་དང་བཅས་པ། རིག་འཛིན་དམ་ཚིག་ཅན་གྱི་དྲོད་མྱུལ་ཞིང་ཉམས་པའི་སྲོག་དབུགས་ལེན་པ་ལ་དཔའ་བ། མཆོག་ཐུན་གྱི་དངོས་གྲུབ་ཆར་ལྟར་འབེབས་པར་བྱེད་པའི་གཙོ་འཁོར་དེ་དག་གི་ཕྱི་རོལ་ཏུ་སྣང་སྲིད་དྲེགས་པའི་འཁོར་དཔག་ཏུ་མེད་པས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ནས་དཔལ་གྱི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས། དཔལ་གྱི་ལྷ་མོ་འཁོར་བཅས་མཁའ་ལ་སྤྲིན་ཕུང་འཁྲིགས་པ་ལྟར་བྱོན་པར་བསམས་ལ། རོལ་མོ་དབྱངས་དང་བཅས་པས། བྷྱོཿ དུས་གསུམ་(༢༥ན)


GLG011_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་མཁྱེན་བརྩེའི་མཁའ་དབྱིངས་ལས། །སྲིད་གསུམ་དབང་མོ་དུང་སྐྱོང་འོད་དཀར་ཅན། །གྲངས་མེད་ཐུབ་བསྟན་འདབ་སྟོང་རྒྱས་པའི་ཕྱིར། །སྒྱུ་འཕྲུལ་དྲ་བའི་གར་གྱིས་གནས་འདིར་གཤེགས། །པད་དཀར་ཟླ་བ་རྒྱས་པའི་གདན་སྟེང་དུ། །ཁ་བའི་རྡུལ་བརྩེགས་མདངས་ལྡན་འཇོ་སྒེག་ཅན། །ཡིད་འཕྲོག་མིག་ལ་བདུད་རྩིའི་དཔལ་སྟེར་མ། །འདོད་ཁམས་བདག་མོ་འཁོར་བཅས་གཤེཊ་སུ་གསོལ། །སྣ་ཚོགས་རིན་ཅེན་རྒྱན་གྱི་ཕྱང་ཕྲུལ་ཅན། །རྣམ་བཀྲ་དར་གྱི་ཕང་ཕུང་ཅི་ཡང་གཡོ། །ཞི་འཛུམ་འགྱིང་བག་ཉམས་ལྡན་རྒྱལ་བའི་ཡུམ། །དཔལ་ལྡན་དུང་སྐྱོང་རྒྱལ་མོ་༝། །ཞི་རྒྱས་དབང་དྲག་འཕྲིན་ལས་བསྒྲུབ་པའི་ཕྱིར། །ངོ་མཚར་སྐུ་ཡི་རྣམ་རོལ་མཐའ་ཀླས་པ། །སྟོན་མཛད་མ་མོ་ཀུན་གྱི་གཙོ་མོ་ཆེ། །མ་གཅིག་དཔལ་གྱི་ལྷ་མོ་༝། །འཇིག་རྟེན་དབང་ཕྱུག་སྲོང་བཙན་སྒམ་པོ་དང་། །མཚོ་སྐྱེས་རྡོ་རྗེ་ཉང་བན་དགེ་བ་འབུམ། །རྩ་བརྒྱུད་བླ་མས་འཕྲུལ་སྣང་གཙུག་ལག་ཁང་། །གཉེར་གཏད་སྲུང་མའི་གཙོ་མོ་༝། །བྷྱོཿ གདོད་ནས་ལྷུན་གྲུབ་ཕོ་བྲང་ནས། །རྣལ་འབྱོར་སྲུང་མ་ཡོངས་ཀྱི་རྗེ། །དཔལ་གྱི་ལྷ་མོ་འཁོར་བཅས་རྣམས། །གནས་འདིར་སྤྱན་འདྲེན་ཐོགས་མེད་གཤེགས། །ལྷ་ལམ་ཡངས་པའི་དཀྱིལ་འཁོར་ནས། །ཉིན་བྱེད་ཐོགས་མེད་རྒྱུ་བ་ལྟར། །དཔལ་གྱི་སོགས་ཚིག་རྐང་གཉིས་པོ་འགྲེ །གནམ་སྔོན་བཞུ་འདྲའི་རྫིང་བུ་ལ། །གཉིས་སྐྱེས་ལུས་དཀར་འདུ་བ་ལྟར་༝། །ཆུ་སྐྱེས་གེ་སར་རྒྱས་པ་ལ། །རྐང་དྲུག་དགྱེས་དགུར་སྤྱོད་པ་ལྟར་༝། །གངས་ཀྱི་ནོར་འཛིན་མཐོན་པོའི་སྤོར། །གདོང་ལྔའི་དབང་པོ་འགྱིང་བ་ལྟར། །ཚང་ཚིང་འཁྲིགས་པའི་ནགས་ཀླུང་དབུས། །རྒྱ་སྟག་གྲུས་མ་འཕྱོ་བ་ལྟར་༝། །རིས་མེད་ཐུགས་(༢༥བ)


GLG011_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་ཡིས། །རྒྱལ་རྣམས་འགྲོ་ལ་ཉེར་དགོངས་ལྟར་༝། །བྷྱོཿ ཀུན་གསལ་བུ་མོའི་འགྲམ་པ་ལ་ཆགས་པའི། །མི་ཕྱེད་མཚམས་སྤྲིན་གཞོན་ནུས་ལེགས་འཁྱུད་པ། །རྣམ་འདྲེན་ཉི་མའི་གཉེན་གྱི་བསྟན་སྲུང་མཆོག །ཐོགས་མེད་རྫུ་འཕྲུལ་དབང་གིས་གནས་འདིར་གཤགས། །སྨིན་མཆོག་ལྟ་བུར་མི་མཐུན་ནད་ཀྱི་དཔུང་། །རྣམ་པར་གཞོམ་པའི་དངོས་གྲུབ་སྟེར་མཛད་ལྷ། །རབ་འབྱམས་ཞི་བའི་ལས་བསྒྲུབ་དཔལ་ལྷ་མོ། །ཐོགས་མེད་རྫུ་འཕྲུལ་དབང་༝། །དཔག་བསམ་ཤིང་ལྟར་ཚེ་དཔལ་ལོངས་སྤྱོད་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་སྟེར་མཛད་པའི། །རབ་འབྱམས་རྒྱལ་བའི་ལས་མཛད་དཔལ་ལྷ་མོ་༝། །ཡིད་བཞིན་ནོར་ལྟར་གསོལ་བ་བཏབ་ཙམ་གྱིས། །ཁམས་གསུམ་ཀུན་ལ་ཐོགས་མེད་མངའ་སྒྱུར་བའི། །རབ་འབྱམས་དབང་གི་ལས་མཛད་དཔལ་ལྷ་མོ་༝། །རྡོ་རྗེའི་ཐོག་ལྟར་ལོག་འདྲེན་གདུག་པའི་ཚོགས། །མིང་གི་ལྷག་མར་གཏོར་བའི་མཐུ་རྩལ་ཅན། །རབ་འབྱམས་དྲག་པོའི་ལས་མཛད་དཔལ་ལྷ་མོ་༝། ཀྱེཿ རྣལ་འབྱོར་ཡོངས་ཀྱི་སྲུང་མའི་གཙོ། །མ་གཡེལ་མ་གཡེལ་དེང་འདིར་གསོན། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གནས་འདིར་གཤེགས་ལ་དངོས་གྲུབ་སྩོལ། །རྣལ་འབྱོར་༝། །མ་གཡེལ་༝། །ཡིད་འཕྲོག་གཟུགས་ཀྱིས་གར་བྱེད་ན། །གནས་འདིར་༝། །རྣལ་འབྱོར་༝། །མ་གཡེལ་༝། །རབ་སྙན་དབྱངས་སུ་ལེན་བྱེད་ན། །གནས་༝། །རྣལ་༝། །མ་གཡེལ་༝། །ཡོངས་འདུ་ལྟ་བུའི་དྲི་འཐུལ་ན། །གནས་༝། །རྣལ་འབྱོར་༝། །མ་གཡེལ་༝། །རོ་བརྒྱའི་ཟས་ཚོགས་བཤམ་བྱེད་ན། །གནས་༝། །རྣལ་འབྱོར་༝། །མ་གཡེལ་༝། །ལྷ་རྫས་དབང་གཞུ་ལྟར་བཀྲ་ན། །གནས་༝། །བྷྱོཿ ནོར་འཛིན་ཁུར་གྱི་བཏེག་པའི་(༢༦ན)


GLG011_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་དབུས། །དགེ་མཚན་རྒྱ་མཚོར་འཁྱིལ་བ་སྐྱིད་ཤོད་ཀྱི། །ཡུལ་གྲུའི་ལྟེ་བ་འཕྲུལ་སྣང་གཙུག་ལག་ཁང་། །སྲུང་མཛད་མཁའ་འགྲོའི་དབང་མོ་གཤེགས་སུ་གསོལ། །དམ་ལྡན་རྣལ་འབྱོར་བུ་བཞིན་ལེགས་སྐྱོང་ཞིང་། །མི་བསྲུན་དགྲ་བགེགས་ཕྱེ་མར་འཐག་མཛད་པའི། །གཙོ་མོའི་སྔ་ཕྱིར་རྒྱུ་བའི་ལས་བྱེད་མཁན། །བཀའ་སྡོད་གདོང་ཅན་རྣམ་གཉིས་༝། །མཛེས་ཤིང་བརྗིད་ཆགས་ཡིད་འཕྲོག་ལྷ་མོའི་གཟུགས། །མཐུན་པའི་དངོས་གྲུབ་སྩོལ་ལ་ཟླ་བྲལ་མ། །ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་པོ། །འཁོར་བཅས་ཐོགས་པ་མེད་པར་༝། །ཨོཾ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། བཞུགས་སུ་གསོལ་བ་ནི། སྦྲང་རྩིའི་རྒྱལ་མཚན་བཞད་པའི་སྟེང་། །ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ལ། །མ་གཅིག་འདོད་ཁམས་དབང་ཕྱུག་མ། །འཁོར་བཅས་དགྱེས་ཤིང་བརྟན་པར་བཞུགས། །པདྨ་ཀ་མ་ལཱ་ཡ་སྟྭཾ། ཕྱག་ནི། འགྲོ་འདིའི་ཁམས་དང་བསམ་པ་ཇི་བཞིན་དུ། །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་ཀྱིས། །སྣ་ཚོགས་སྤྲུལ་པ་ཉི་མའི་འོད་ཟེར་ལྟར། །གྲངས་མེད་སྤྲོ་བར་མཛད་པ་ཁྱོད་ལ་བསྟོད། །ཅེས་རྗེ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་མཛད་དོ། །མཆོད་པ་འབུལ་བ་ནི། །མཆོད་ཡོན་ཆལ་ཆིལ་གཡོ་བའི་ཆུ་གཏེར་དབུས། །འདམ་སྐྱེས་ཕང་ཕུང་ཟེའུ་འབྲུ་ཅི་ཡང་ལྡེམ། །ནམ་མཁའི་གླང་པོར་འགྲན་པའི་དྲི་ཞིམ་སྤོས། །སྒྲོན་མེའི་འཕྲེང་བས་མུན་པའི་གོ་སྐབས་བསྐྲད། །ཡོངས་འདུའི་ངད་པ་འཐུལ་བའི་ཉལ་འགྲོའི་རྒྱུན། །གྲངས་མེད་རོ་བརྒྱའི་དཔལ་འཛིན་ཞལ་ཟས་དང་། །སྙན་བརྗིད་རོལ་མོར་བཅས་པའི་ཚོགས་རྣམས་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་ཤྲཱི་(༢༦བ)


GLG011_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་བརྗོད། ལྷ་མིའི་ལང་ཚོའི་དཔལ་འཛིན་རྐེད་མེད་མས། །སྣ་ཚོགས་གང་བསྒྱུར་རྒྱུད་མང་པི་ཝང་འཁྲོལ། །རིན་ཅེན་སྣོད་དུ་དྲི་ཡི་བྱུག་པ་དང་། །བདུད་རྩིའི་བཟའ་དང་བཏུང་བ་ཅི་ཡང་ཐོགས། །འཇམ་མཉེན་ལྷ་ཡི་རེག་བྱའི་ཁྱད་པར་ཅན། །རླུང་གི་རྒྱལ་མཚན་ལྟ་བུར་རབ་བཀྲ་བ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་ལེགས་པར་འབུལ། །བཞེས་ནས་༝། །ཨོཾ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་རཱུ་པ་ནས། སྤརྴའི་བར་བརྗོད། མི་མཐུན་གདུང་སྐྱོབ་གདུགས་དཀར་ནོར་བུའི་ཏོག །རབ་གསལ་འཛམ་བུའི་གསེར་ལས་གྲུབ་པའི་ཉ། །མི་ཟད་གཏེར་གྱི་འབྱུང་གནས་བུམ་པ་བཟང་། །དཀར་འཇམ་ལོ་འདབ་གཡོ་བའི་པདྨ་དང་། །སྙན་པའི་གྲགས་པ་འབར་བའི་གཡས་འཁྱིལ་དང་། །བཀྲ་ཤིས་དཔལ་གྱི་བེའུ་མཚན་མ་ཅན། །ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་འཁོར་ལོ་འབུལ། །བཞེས་ནས་༝། །ཨོཾ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་ཨཥྚ་མཾ་ག་ལ་ལིངྒ་པྲ་ཏཱི་ཙྪ་སྭཱ་ཧཱ། གླིང་བཞིར་དབང་སྒྱུར་གསེར་གྱི་འཁོར་ལོ་དང་། །ཅི་བསམས་འདོད་པ་འཇོ་བའི་ཡིད་བཞིན་ནོར། །ཟག་མེད་བདེ་བའི་མཆོག་སྟེར་བཙུན་མོ་དང་། །ཕུན་ཚོགས་འབྱོར་བའི་དབང་ཕྱུག་ཁྱིམ་གྱི་བདག །སྡེ་བཞིའི་ཁུར་གྱིས་མི་ངལ་གཉིས་འཐུང་དབང་། །སྟོང་གསུམ་སྐད་ཅིག་བགྲོད་པའི་ཅང་ཤེས་རྟ། །གཡུལ་ལས་རྣམ་པར་རྒྱལ་བའི་དམག་དཔོན་འབུལ། །བཞེས་ནས་༝། །ཨོཾ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་སཔྟ་རཏྣ་པྲ་ཏཱི་ཙྪ་སྭཱ་ཧཱ། ནང་མཆོད་འབུལ་བ་ནི། བླ་མེད་བདུད་རྩིའི་མཆོད་པ་དམ་པ་འདི། དངོས་དང་བརྒྱུད་པའི་བླ་མའི་ཚོགས་རྣམས་དང་། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །བཞེས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །གུ་རུ་མཎྜལ་དེ་ཝཱི་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་(༢༧ན)


GLG011_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །སྤྲུལ་སྐུ་སྲོང་བཙན་ཨོ་རྒྱན་པདྨ་འབྱུང་། །གཏེར་སྟོན་དངོས་གྲུབ་མངའ་བདག་ཉང་རལ་ལ། །མྱོང་གྲོལ་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཚིག་རྐང་ཐ་མ་དང་སྔགས་འདི་ཀུན་ལ་འགྲེ། །མི་བསྐྱོད་རྡོ་རྗེ་རྗེ་བཙུན་ཤཱཀྱ་བཟང་། །ལྷ་རྗེ་དགེ་འབུམ་དྲིན་ཅན་སངས་རྒྱས་ལྕམ། །ཆུ་སྒོམ་ཞིག་པོ་དགེ་འདུན་དཔལ་བཟང་ལ་༝། །སངས་རྒྱས་སེང་གེ་ཚུལ་ཁྲིམས་རྒྱལ་མཚན་དང་། །སངས་རྒྱས་བརྩོན་འགྲུས་སངས་རྒྱས་བདེ་ཆེན་ཞབས། །རིན་ཅེན་དཔལ་འབྱོར་པདྨ་སངས་རྒྱས་ལ་༝། །ཉི་ཟླ་སངས་རྒྱས་འཁོན་སྟོན་རྡོ་རྗེ་འཆང་། ཁྱབ་བདག་ཟུར་ཆེན་ཆོས་དབྱིངས་རང་གྲོལ་དཔལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ་༝། །ཕྲ་མོ་སྦོམ་པོ་ལས་བྱུང་བའི། །བྱིན་གྱིས་བརླབས་པའི་ནང་མཆོད་འདི། །དཔལ་ལྡན་ལྷ་མོ་ལ་འབུལ་གྱི། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཞན་ཡང་གཙུག་ལག་ཁང་འདི་ཉིད་ཀྱི་གཞི་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འོག་ནས་འབྱུང་བ་ལྟར་གཏོར་མ་འབུལ། བྷྱོཿ འགྱུར་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རྣམ་མང་ཞི་བའི་སྤྲུལ་པ་སྟོན་མཛད་པ། །ཐུབ་པའི་བསྟན་སྲུང་མཐུ་སྟོབས་ནུས་པའི་བདག །དཔལ་ལྡན་ལྷ་མོ་ཁྱོད་ལ་བདག་བསྟོད་དོ། །རབ་དཀར་པདྨའི་འདབ་མ་རྒྱས་པའི་དབུས། །རབ་གསལ་ཟླ་བའི་དཀྱིལ་འཁོར་ཉ་གང་སྟེང་། །རབ་མཛེས་ལང་ཚོའི་དཔལ་ཀུན་གཅིག་བསྡུས་ལྷ། །རབ་འབྱམས་རྒྱལ་བའི་ཡུམ་གྱུར་ཁྱོད་ལ་བསྟོད། །རབ་བརྗིད་གསེར་གྱི་ལྷུན་པོ་བརྩེགས་པ་ལ། །རབ་བཀྲ་དབང་པོའི་གཞུ་ཡིས་འཁྱུད་འདྲ་བའི། །རབ་སྒེག་གཟུཊ་ཀྱི་རྣམ་འགྱུར་སྟོན་མཛད་པ། །(༢༧བ)


GLG011_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་༝། །རབ་དམར་བྱུ་རུའི་འཁྲི་ཤིང་གཞོན་ནུ་གང་། །རབ་མང་འགྲོ་ལ་རྗེས་ཆགས་ཉམས་ལྡན་པ། །རབ་མཉེན་ཆུ་སྐྱེས་རྒོད་འདྲའི་འཛུམ་བག་ཅན། །རབ་འབྱམས་༝། །རབ་ཁྲོས་མི་སྡུག་སྲིན་མོའི་རྣམ་འགྱུར་གྱིས། །རབ་ཏུ་ཉེ་བར་འཚེ་བའི་གདུག་པའི་དགྲ། །རབ་རྣོན་མཚོན་གྱིས་སྲོག་རྩ་གཅོད་མཛད་པའི། །རབ་འབྱམས་༝། བཤགས་པ་ནི། བྷྱོཿ ཁྱབ་བདག་རྡོ་རྗེ་འཆང་དང་སྲོང་བཙན་རྗེ། །པདྨ་འབྱུང་གནས་ལ་སོགས་དངོས་བརྒྱུད་ཀྱི། །བླ་མ་ཡི་དམ་ཆོས་སྲུང་རྒྱ་མཚོ་རྣམས། །རྣལ་འབྱོར་བདག་ལ་དེང་འདིར་དགོངས་སུ་གསོལ། །བདེ་ལེགས་རྩ་བ་དྲིན་ཅན་བླ་མ་ལ། །ཐ་མལ་འཛིན་དང་ལོག་པར་བལྟ་བ་བཤགས། དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ཚོགས་ཀྱི། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་བཤགས། །འཕྲིན་ལས་བསྒྲུབ་མཛད་ཆོས་སྐྱོང་སྲུང་མ་ལ། །མཆོད་གཏོར་གཏང་རག་དུས་སུ་ཆགས་པ་བཤགས། །


GLG011_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དཔལ་གྱི་ལྷ་མོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་ལ་ནོངས་པའི་ཚོགས་ཀུན་བཤགས། །དོན་དམ་ངང་དུ་རྨི་ལམ་སྐྱེས་བུ་བཞིན། །བཤགས་དང་བཤགས་བྱའི་ཡུལ་རྣམས་མ་གྲུབ་ཀྱང་། །ཐ་སྙད་རྟེན་ཅིང་འབྲེལ་འབྱུང་སླུ་མེད་ངོར། །ཉེས་ཀུན་སྙིང་ནས་བཤགས་སོ་དག་པར་མཛོད། བྷྱོཿཡེ་ཤེས་ལྷུན་གྲུབ་གཞལ་ཡས་ན། ཁམས་གསུམ་དབང་མཛད་ལྷ་མོའི་སྐུ། །ཐུགས་རྗེ་འདོད་དགུའི་ཆར་འབེབས་མ། །འདིར་སྤྱོན་དམ་སྐོངས་བཞུགས་སུ་གསོལ། །ཆོས་རྒྱལ་བཀའ་ཡི་སྲུང་མ་ཁྱེད། །བསྟན་མ་བཅུ་གཉིས་འཁོར་གྱིས་བསྐོར། །ཡིད་འོང་གཟུགས་མཛེས་བཀྲ་ཤིས་མ། །ལྷ་མོ་ཁྱེད་ལ་སྐུ་ཁྲུས་གསོལ། །འདོད་ཁམས་སྲིད་པའི་རྒྱལ་མོ་ལ། །ཉམས་ཆགས་སྒྲིབ་པ་མི་མངའ་ཡང་། །བདག་ཅག་བར་ཆད་སེལ་བའི་ཕྱིར། །(༢༨ན)


GLG011_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་གྱིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡི་གཏེར། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །འདོད་དགུ་སྩོལ་བའི་ལྷ་མོ་ལ། །གླིང་བཞི་རི་རབ་ཉི་ཟླར་བཅས། །མ་རྨོས་ལོ་ཏོག་རིན་ཅེན་བདུན། །བློ་ཡིས་བླངས་ནས་མཆོད་པར་འབུལ། །མཚོ་དང་རྫིང་བུ་མེ་ཏོག་དང་། །ལྗོན་ཤིང་འབྲས་བུར་བཅས་པ་དང་། །ཡིད་འོང་སིལ་མ་བཀྲམ་པ་སོགས། །གུས་པའི་ཡིད་ཀྱིས་མཆོད་པར་འབུལ། །གསེར་གཡུ་མུ་ཏིག་སྣང་གསལ་དང་། །རབ་མཛེས་མེ་ཏོག་འཕྲེང་བ་དང་། །གདུགས་དང་རྒྱལ་མཚན་བ་དན་སོགས། །ལྷ་མོ་ཁྱེད་ལ་མཆོད་པར་འབུལ། །ཟས་ཆང་ཀུན་གྱི་ཕུད་བསྡུས་ནས། །བདུད་རྩི་ལྔ་རུ་བྱིན་གྱིས་བརླབས། །གསང་བ་ཕུད་ཀྱི་རྒྱ་མཚོ་འདི། །ལྷ་མོ་ཁྱེད་ལ་མཆོད་པར་འབུལ། །འདོད་ཡོན་རྣམ་ལྔའི་ལོངས་སྤྱོད་དང་། །རོལ་མོ་སིལ་སྙན་བདུག་སྤོས་དང་། །སྣ་ཚོགས་དར་སྣའི་ལྷབ་ལྷུབ་སོགས། །ལྷ་མོ་ཁྱེད་ལ་མཆོད་པར་འབུལ། །ཐོག་མ་མེད་ནས་ད་ལྟའི་བར། །ལས་ངན་སྡིག་སྒྲིབ་ཅི་བསགས་པ། །ལྷ་མོ་ཁྱེད་ཀྱི་སྤྱན་སྔ་རུ། །མ་གསང་འགྱོད་པས་བཤགས་པར་བགྱི། །དེང་ནས་ཇི་སྲིད་འཚོ་ཡི་བར། །མི་དགེའི་སྡིག་པ་ཡོངས་སྤངས་ནས། །ལུས་ངག་ཡིད་གསུམ་དགེ་ལ་བསྐུལ། །བསོད་ནམས་ཚོགས་ལ་རྗེས་ཡི་རང་། །བདག་སོགས་རྒྱུ་སྦྱོར་ཡོན་བདག་གི །འགལ་རྐྱེན་བར་ཆད་ཞི་བ་དང་། །ལོངས་སྤྱོད་ལྷ་དང་མཉམ་པར་མཛོད། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན། །གདོན་དང་བགེགས་རིགས་ཐམས་ཅད་ཀྱང་། །ཞི་ཞིང་མེད་པར་མཛད་དུ་གསོལ། །རྒྱལ་ཁམས་ཀུན་ཏུ་ཆར་ཕོབ་ལ། །ལོ་ཕྱུགས་རྟག་ཏུ་ལེགས་པར་མཛོད། །ཅེས་ལྷ་ལུང་(༢༨བ)


GLG011_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོར་གྱིས་རྒྱལ་པོ་སྡིག་ཅན་བཀྲོངས་དུས་གྲིབ་སེལ་དུ་མཛད་པའོ། །དེ་ནས་ཐུགས་དམ་བསྐང་བ་ནི། མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། རྟ། གཡག་ལུག །བྱ། ཁྱི། གོ་མཚོན། མདའ་དར། མེ་ལོང་སོགས་མཆོད་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་མཆོད་པའི་རྫས་རྣམས་ཀྱི་མ་དག་པའི་སྐྱོན་རྣམས་སྦྱངས། དཔལ་གྱི་ལྷ་མོ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་སྤྱན་གཟིགས་ས་གཞི་བར་སྣང་གི་ཁྱོན་ཀུན་ཁྱབ་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝ་རྟ་ཡ་ཨཱ་ཝ་རྟ་ཡ་ཧོ༔ བཛྲ་སྥ་ར་ཎ་ཁཾ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་དྷརྨཱ་ཏེ་བཛྲ་སིདྡྷི་ཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤ་ནྣ་ཏྭཱཾ་ན། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་ས་མྦྷ་ར་སམྦྷ་ར་ཧཱུྃ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནཱི་སརྦ་ཨཪྠ་སཱ་དྷ་ན་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །རོལ་མོ་དབྱངས་དང་བཅས་པས། །བྷྱོཿ དྲི་མེད་ཡིད་ཀྱི་ལྷ་ལམ་ཡངས་པ་ལ། །ལེགས་སྤྲུལ་མཆོད་པའི་ཆུ་འཛིན་རྣམ་པར་འཁྲིགས། །དངོས་བཤམས་ནོར་ལྡན་ཁྱོན་ཀུན་རབ་བཀང་བས། །བསྟན་སྲུང་དབང་མོ་དགྱེས་པ་བསྐྱེད་གྱུར་ཅིག །རིན་ཅེན་ལས་གྲུབ་ཡངས་པའི་སྣོད་རྣམས་སུ། །སིནྡྷུའི་ཀླུང་ལྟར་དངས་པའི་ཆུ་རྒྱུན་དང་། །དམར་ཆེན་རྦ་རླབས་ཆལ་ཆིལ་གཡོ་བ་ཅན། །དངོས་(༢༩ན)


GLG011_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ཡིད་སྤྲུལ་མཆོད་ཡོན་ཚོགས་རྣམས་ཀྱིས། །དཔལ་གྱི་ལྷ་མོ་གདོང་ཅན་རྣམ་པ་གཉིས། །ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་སོགས། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐོངས་གྱུར་ནས། །འགལ་རྐྱེན་བཟློག་ལ་མཐུན་པའི་དངོས་གྲུབ་སྩོལ། །དཔལ་གྱི་སོགས་ཚིག་རྐང་བཞི་པོ་ཀུན་ལ་འགྲེའོ། །འཆི་མེད་དགའ་ཚལ་གསར་དུ་བསྐྲུན་པ་ལྟའི། །ཡིད་འོང་ཆུ་སྐྱེས་ཡལ་འདབ་ཕང་ཕུང་གཡོ། །དགྲ་བགེགས་བསྒྲལ་བའི་དབང་པོ་ལྔ་བརྩེགས་པའི། །དངོས་བཤམས་ཡིད་སྤྲུལ་མེ་ཏོག་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །དབྱར་དུས་ཆར་སྤྲིན་གསར་པ་འཁྲིགས་པ་ལ། །འགྲན་པར་རབ་ནུས་ཐལ་བའི་སྙིང་པོ་དང་། །ཙནྡན་དཀར་དམར་ཤ་ཆེན་རབ་བསྲེགས་པ། །དངོས་བཤམས་ཡིད་སྤྲུལ་བདུག་སྤོས་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །སྲིད་པའི་རྩེ་མོར་བསྙེག་པའི་དུས་མཐའི་མེ། །གྲངས་མེད་འཕྲེང་བ་ཚར་དུ་ལེགས་བསྟར་ཞིང་། །འོད་ཀྱི་སྣང་བ་སྟེར་བའི་ནོར་བུ་སོགས། །དངོས་བཤམས་ཡིད་སྤྲུལ་སྣང་གསལ་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །ཚར་དུ་དངར་བའི་ངད་ལྡང་སྨན་གྱི་ཚོགས། །རྙོག་བྲལ་དངས་པའི་རྫིང་བུར་ལྷན་ཅིག་ཏུ། །བསྲེས་ཤིང་གདུག་པའི་ཁྲག་ཞག་འཁྱིལ་བ་ཡི། །དངོས་བཤམས་ཡིད་སྤྲུལ་དྲི་ཆབ་ཚོཊ་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །སྐབས་གསུམ་པ་ཡི་བཟའ་དང་བཅའ་བ་ལ། །བདུད་རྩིའི་ཐིགས་པས་སྦྲན་པའི་རོ་བྲོ་ཞིང་། །ཤ་དང་རུས་ཕུང་རི་ལྟར་སྤུངས་པ་ཡི། །དངོས་བཤམས་ཡིད་སྤྲུལ་ཞལ་ཟས་ཚོཊ་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །རྫ་རྔ་ཟོམ་རྔ་པི་ཝང་གླིང་བུ་དང་། །སྙན་འགྱུར་གླུ་དབྱངས་དྲག་པོའི་ང་རོའི་གདངས། །ཟིན་དང་མ་ཟིན་གྱུར་པའི་སྒྲ་ཡི་ཚོགས། །དངོས་བཤམས་ཡིད་སྤྲུལ་རོལ་མོའི་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོཊ་༝། །འགལ་རྐྱེན་༝། །བྷྱོཿ སྟོང་གསུམ་མ་ལུས་ཅིག་ཅར་མྱུལ་བ་ལ། །(༢༩བ)


GLG011_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མཐའི་རླུང་གི་ཤུགས་དང་མཚུངས་པ་ཡི། །མཛེས་པའི་སྒ་སྲབ་ཆས་ཀྱིས་ལེགས་བརྒྱན་པའི། །དངོས་བཤམས་ཡིད་སྤྲུལ་རྟ་མཆོག་ཚོཊ་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །མཁའ་ལྡིང་དབང་པོའི་མཆུ་སྡེར་ལྟར་རྣོ་བའི། །མི་བཟད་རྡོ་རྗེ་འབར་བའི་རྭ་རྩེ་ཅན། །མིག་སྨན་མདངས་ཀྱི་སྤུ་སྡུག་རབ་ཞོལ་བ། །དངོས་བཤམས་ཡིད་སྤྲུལ་གཡག་རོག་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །ཨིནྡྲ་ནཱི་ལ་འཁྱིལ་འདྲའི་རྭ་བཞི་ཅན། །སྤྲིན་དཀར་ལང་ལོང་གཡོ་འདྲའི་འཇམ་པའི་སྤུ། །རྣམ་མང་དར་གྱི་ཅོད་པན་གཡོ་བ་ཡི། །དངོས་བཤམས་ཡིད་སྤྲུལ་ལུག་གི་ཚོཊ་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །སྤུ་གྲི་ལྟ་བུར་རྣོ་བའི་མཆུ་སྡེར་ཅན། །མུན་པའི་ཁུ་བས་བྱུགས་པའི་ལུས་འདེགས་ཀྱིས། །ལྷ་ལམ་འཕུར་ལྡིང་གར་གྱིས་འགེངས་བྱེད་པའི། །དངོས་བཤམས་ཡིད་སྤྲུལ་བྱ་ནག་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །ཅེ་སྤྱང་སྨྱོན་པ་ལྟ་བུར་འདུར་ཞིང་རྒྱུག །སྟག་མོ་མི་རོ་ཟ་ལྟར་ངར་ཞིང་འགྱིང་། །དགྲ་བོའི་དོན་སྙིང་ལེན་ལ་ཆེས་རྔམས་པའི། །དངོས་བཤམས་ཡིད་སྤྲུལ་ཁྱི་ནག་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོཊ་༝། །འགལ་རྐྱེན་༝། །བྷྱོཿ སྨྱུག་རྐང་འདབ་ཆགས་སྒྲོ་ཡིས་ལེགས་སྒྲོན་ཞིང་། །གནམ་ལྕགས་མདེའུ་སྦྱར་བའི་ཉག་ཕྲན་ལ། །དར་ཚོན་མེ་ལོང་རྒྱན་གྱིས་སྤྲས་པ་ཡི། །དངོས་བཤམས་ཡིད་སྤྲུལ་མདའ་དར་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །ཛམྦུའི་གསེར་ལས་གྲུབ་པའི་ཡོལ་གོའི་ནང་། །ཕུན་ཚོགས་འདོད་པ་འཇོ་བའི་ནོར་བུའི་གཏེར། །ཕྱུར་བུར་སྤུངས་པའི་འོད་སྟོང་འཕྲོ་བ་ཅན། །དངོས་བཤམས་ཡིད་སྤྲུལ་ནོར་གཞོང་ཚོཊ་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །འཆི་མེད་བཟོ་བོའི་ལག་པད་ཀྱིས་བསྐྲུན་པའི། །བཀོད་ལེགས་ནོར་བུའི་ཕྲས་མཛེས་རྩེ་བྲན་ལ། །མནྡར་ཡི་འཕྲེང་བས་བྱུགས་རིས་པ། །དངོས་བཤམས་ཡིད་སྤྲུལ་ཅོད་པན་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །མགུལ་པ་རྐེད་སྐབས་ཕྱག་ཞབས་ལ་སོགས་པ། །མཐའ་ཀླས་(༣༠ན)


GLG011_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཅེན་ལས་གྲུབ་ཕྱང་ཕྲུལ་དང་། །འཇམ་མཉེན་ལྷ་ཡི་རེག་བྱ་ཇི་སྙེད་པ། །དངོས་བཤམས་ཡིད་སྤྲུལ་རྒྱན་གོས་ཚོཊ་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །ལྷ་མིའི་རིན་ཅེན་ལས་གྲུབ་ཀཱ་ལ་ཤ །ལེགས་བྲིས་དབང་པོས་སྤྱད་བྱའི་ཟིལ་དངར་གྱི། །མི་འཛད་བཏུང་བ་མཆོག་གིས་ཆེས་གང་བ། །དངོས་བཤམས་ཡིད་སྤྲུལ་བུམ་བཟང་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །བཻཌཱུར་དཀར་པོའི་མདངས་ལ་རབ་འཁུ་ཞིང་། །བཏུང་བའི་སྙིང་པོ་རོ་འཛིན་བདེ་སྟེར་བའི། །ཉལ་འགྲོའི་རྒྱུན་བཞིན་འོ་མ་རྟག་འབབ་པ། །དངོས་བཤམས་ཡིད་སྤྲུལ་འདོད་འཇོའི་བ་ཚོགས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །གང་ཞིག་མཚོན་ཆའི་འཁྲུལ་འཁོར་གྲངས་མེད་ཀྱིས། །ཇི་ཙམ་བཏབ་ཀྱང་གཅོད་པར་མི་ནུས་པའི། །སྲ་བརྟན་རྡོ་རྗེ་འབར་བའི་ཁྲབ་རྨོག་སོགས། །དངོས་བཤམས་ཡིད་སྤྲུལ་གོ་ཆའི་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །དགྲ་སྲོག་གནམ་ལྕགས་རྡོ་རྗེ་ལས་གྲུབ་ཀྱང་། །སྐད་ཅིག་ཉིད་ལ་ཐལ་བར་བརླག་འགྱུར་བའི། །གྲི་གུག་རལ་གྲི་མདུང་ཐུང་དགྲ་སྟ་སོགས། །དངོས་བཤམས་ཡིད་སྤྲུལ་མཚོན་ཆའི་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །དམ་རྫས་གཏོར་མ་རི་རབ་ལྟ་བུར་སྤུངས། །བདུད་རྩི་རཀྟ་རྒྱ་མཚོའི་རླབས་ལྟར་འཁྲུག །མཐའ་ཡས་མཆོད་པ་མཁའ་ལ་སྐར་ལྟར་འཁྲིགས། །དངོས་བཤམས་ཡིད་སྤྲུལ་སྤྱན་གཟིགས་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །ཤེལ་དང་བཻཌཱུར་པད་རཱཀ་དབང་སྔོན་ལས། །ལེགས་གྲུབ་ལྷུན་པོ་རྣམ་རྒྱལ་ཁང་བཟང་དང་། །རྟ་བདུན་ཀུན་ཕན་གླིང་བཞི་གླིང་ཕྲན་སོགས། །དངོས་བཤམས་ཡིད་སྤྲུལ་མཐུན་རྫས་ཚོགས་རྣམས་ཀྱིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །ངག་གི་དབང་ཕྱུག་དབྱངས་ཅན་ལྷ་མོ་ཡི། །མི་འགྱུར་བདེ་ཆེན་ཀློང་དུ་རོ་གཅིག་ཀྱང་། །ཞི་རྒྱས་དབང་དྲག་སྒྱུ་འཕྲུལ་དྲ་བའི་གར། །བསྟན་པར་ཡིད་ཀྱིས་ངེས་རྙེད་རྟེན་མཆོག་འདིས། །དཔལ་གྱི་༝། །ཚེ་རིང་༝། །འཁོར་ཚོགས་༝། །འགལ་རྐྱེན་༝། །སྐབས་འདིར་གཏོར་མ་ཕྱག་ལེན་ལྟར་འབུལ། །བྷྱོཿ དགེ་(༣༠བ)


GLG011_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་འདོད་དགུ་སྩོལ་བའི་དཔལ་ལྷ་མོ། །ནད་གདོན་བགེགས་དང་བར་དུ་གཅོད་པ་རྣམས། །ཞི་མཛད་ལྷ་མོ་ཞི་བའི་ངང་ཚུལ་ཅན། །ཞི་ཞིང་འཛུམ་ལ་རབ་མཛེས་ཡིད་འོང་མ། །ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ཁྱོད། །ཕན་བདེའི་འབྱུང་གནས་ར་ས་འཕྲུལ་སྣང་ལ། །འབྱུང་བ་མེ་ཡི་གནོད་པ་བསྲུང་བ་དང་། །འཕྲིན་ལས་རྣམ་བཞི་ཕྱོགས་བཅུར་རྒྱས་པར་མཛོད། །དངོས་གྲུབ་ཐུན་མོང་སྩོལ་མཛད་དཔལ་ལྷ་མོ། །ཚེ་དང་བསོད་ནམས་དཔལ་འབྱོར་གྲགས་པ་རྣམས། །རྒྱས་མཛད་ལྷ་མོ་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་སྐུ་ལ་རིན་ཅེན་གསེར་གཡུས་སྤྲས། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ཁྱེད། །ཕན་བདེའི་འབྱུང་གནས་ར་ས་འཕྲུལ་སྣང་ལ། །འབྱུང་བ་ཆུ་ཡི་གནོད་པ་བསྲུང་བ་དང་། །འཕྲིན་ལས་རྣམ་བཞི་ཕྱོགས་བཅུར་རྒྱས་པར་མཛོད། །འདོད་ཁམས་ཀུན་ལ་དབང་མཛད་དཔལ་ལྷ་མོ། །སྲིད་གསུམ་ཀུན་གྱི་རིན་ཅེན་བང་མཛོད་རྣམས། །དབང་མཛད་ལྷ་མོ་དབང་གི་ངང་ཚུལ་ཅན། །དབང་ཕྱུག་མཛེས་མ་དར་གྱི་ན་བཟའ་གསོལ། །དབང་ལྡན་འཁོར་གྱིས་བསྐོར་བའི་གཙོ་མོ་ཁྱོད། །ཕན་བདེའི་འབྱུང་གནས་ར་ས་འཕྲུལ་སྣང་ལ། །ལོག་འདྲེན་མི་ཡི་གནོད་པ་བསྲུང་བ་དང་། །འཕྲིན་ལས་རྣམ་བཞི་ཕྱོགས་བཅུར་རྒྱས་པར་མཛོད། །སངས་རྒྱས་བསྟན་པ་བསྲུང་བའི་དཔལ་ལྷ་མོ། །ལོག་འདྲེན་འདུལ་ཕྱིར་ཁྲོས་ཤིང་རྔམ་པའི་ཚུལ། །དྲག་མཛད་ལྷ་མོ་དྲག་པོའི་མཐུ་རྩལ་ཅན། །དྲག་པོའི་སྟོབས་ལྡན་བགེགས་དཔུང་ཚར་གཅོད་མ། །དྲག་པོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ཁྱོད། །ཕན་བདེའི་འབྱུང་གནས་ར་ས་འཕྲུལ་སྣང་ལ། །མཐའ་དམག་འབྱུང་པོའི་གནོད་པ་བསྲུང་བ་དང་། །འཕྲིན་ལས་རྣམ་བཞི་ཕྱོགས་བཅུར་རྒྱས་པར་མཛོད། །ཅེས་ཆོས་རྒྱལ་སྲོང་བཙན་སྒམ་པོས་འཕྲུལ་སྣང་གི་སྲུང་མར་བསྐོས་(༣༡ན)


GLG011_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མཛད་དོ། །དེ་ལྟར་གཏོར་མ་གོང་ལྟར་བྱིན་གྱིས་བརླབས་ལ། །དཔལ་གྱི་ལྷ་མོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེ་རྩེ་གཅིག་པ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་ནམ་ཉི་ཤུ་རྩ་གཅིག་གང་རུང་གིས་གཙོ་མོ་དང་། ཨོཾ་བཛྲ་ས་མ་ཡ་ཌཱ་ཀཱི་ནི་མ་མ་པཉྩ་སིདྡྷི་ཛྙཱ་ན་ས་མ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ཚེ་རིང་མཆེད་ལྔ་དང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ན་མཿསརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་བ་ལིམ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་བསྟན་མ་བཅུ་གཉིས་སོགས་འཁོར་སྤྱི་ལ་འབུལ། །ཨོཾ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་བརྗོད། ཤྲཱི་དེ་ཝཱི་ས་པ་ར་ཝཱ་ར་ཨོཾ་ཨཱཿཧཱུྃ། གཏོར་རྫོངས་ནི། བྷྱོཿ མཐུ་སྟོབས་དབང་ཕྱུག་སྲུང་མ་འཁོར་བཅས་ཀྱིས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །ཉེས་པའི་སྐྱོན་བྲལ་བཀོད་པས་ཁྱད་འཕགས་པའི། །དམ་རྫས་རྨད་བྱུང་གཏོར་མ་འདི་བཞེས་ལ། །རྒྱལ་བའི་བསྟན་དང་བླ་མའི་སྐུ་ཚེ་སྤེལ། །འདུས་སྡེ་བཤད་སྒྲུབ་འཁོར་ལོ་ཉེ་བར་ཚུགས། །ཕན་བདེའི་འབྱུང་གནས་ལྷ་ལྡན་གཙུག་ལག་ཁང་། །བསྐལ་བརྒྱར་འགྱུར་མེད་གཡུང་དྲུང་ལྟར་བརྟན་ཞིང་། །འཐབ་རྩོད་ཉེར་འཚེ་དུས་ཀྱི་འཁྲུག་པ་དང་། །ནད་ཡམས་མཐའ་དམག་གདུག་པའི་གནོད་པ་སོགས། །ནག་པོ་བདུད་ཀྱི་བར་ཆད་ཀུན་ཞི་ནས། །མཐུན་རྐྱེན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །གཞི་བདག་གཏོར་མ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་བདུད་རྩིའི་(༣༡བ)


GLG011_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་རིན་ཅེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ས་བདག་སའི་ལྷ་མོས་གཙོ་བྱས་ཡུལ་ཕྱོགས་ས་ཕྱོགས་འདི་ཉིད་དུ་གནས་པའི་ལྷ་ཀླུ་བཙན་བདུད་རྒྱལ་པོ་ས་བདག་གཉེན་མཐུ་བོ་ཆེ་གཞི་བདག་གནས་བདག་ཐམས་ཅད་ལ་འབུལ་ལོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས། ཇི་ལྟར་བསམས་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་པ་ནས། ཐོགས་པ་མེད་པར་འབྱུང་གྱུར་ཅིག །བསྟོད་པ་ནི། བྷྱོཿ ཀ་ཆེན་སྟོང་གིས་བཏེག་པའི་གཞལ་མེད་ཁང་། ཁ་བད་ཏོག་སོགས་རིན་ཅེན་ལས་གྲུབ་དབུས། །ག་པུར་ངད་ལྡང་འཛུམ་པའི་ཞལ་ཁྱིམ་ཅན། །ང་རོའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོག་ལ་བསྟོད། །ཅ་ཅོ་ལས་འདས་འགག་མེད་རྡོ་རྗེའི་དབྱངས། །ཆ་ལུགས་ཞི་རྒྱས་ཉམས་ཀྱི་གར་མཁན་མ། །ཇ་ཁའི་ཐོར་ཚུགས་རིན་ཅེན་རྒྱན་སྤྲས་ཤིང་། །ཉ་རྒྱས་བསིལ་སྦྱིན་མཁན་ལྟར་མཛེས་ལ་བསྟོད། །ཏ་མིང་ལ་སོགས་གནམ་སྐོས་རྒྱལ་པོ་དང་། །ཐ་མལ་སྐྱེ་བོའི་ཚོགས་ཀྱིས་མཆོད་པའི་གནས། །ད་ལྟ་ཕན་བདེའི་རྩ་ལག་ར་ས་འདི། །ན་མ་རེར་ཡང་བརྒྱ་ཕྲག་བསྲང་ལ་བསྟོད། །པ་སངས་ལྟར་དཀར་ཐུབ་བསྟན་ཡོངས་ཀྱི་སྒོ། །ཕ་མཐའ་ཡས་པར་ཕྱེ་བའི་བདེ་ལེགས་ཀྱི། །བ་དན་སྲིད་གསུམ་བྱས་པར་རབ་བསྒྲེང་བས། །མ་རུངས་གཡུལ་ལས་རྒྱལ་བ་ཁྱོད་ལ་བསྟོད། །ཙ་རི་ལ་སོགས་གནམ་བསྟེན་རྟག་(༣༢ན)


GLG011_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིང་། །ཚ་གདུང་ཁྱད་བསད་བཟླས་བརྗོད་ལྷུར་ལེན་པ། །ཛ་བོ་ཤིང་ལྟར་ལུས་ཀྱི་ཉམས་འཕེལ་ཞིང་། །ཝ་ལེར་ཆོས་ཀྱི་གནས་ལུགས་འཆར་ལ་འདུད། །ཞ་ཡིག་གཟུགས་ལྟར་འཁྱིལ་བའི་ནོར་བུའི་རྒྱན། །ཟ་འོག་རྣམ་པར་བཀྲ་བའི་ལྷབ་ལྷུབ་གོས། །འ་ཅག་ལྷ་མིའི་འདོད་དགུར་ལོངས་སྤྱོད་པའི། །ཡ་མཚན་རྣམ་འགྱུར་ཅིར་ཡང་སྟོན་ལ་བསྟོད། །ར་བ་གངས་ཀྱིས་བསྐོར་བའི་དབུས་འགྱུར་འདིར། །ལ་ཀླུངས་བགྲོད་དཀའི་ཡུལ་གྱི་ཕུན་ཚོགས་ཀུན། །ཤ་སྟག་གཅིག་ཏུ་འདུ་བའི་གཙུག་ལག་ཁང་། །ས་འཛིན་ཇི་སྲིད་གནས་པར་བསྲུང་ལ་བསྟོད། །ཧ་རི་ཙནྡན་དངར་བའི་དྲི་ངད་དང་། །ཨ་མྲའི་གང་བུ་ལྟ་བུས་རྟག་མཆོད་ན། །ཧ་ལའི་སྦྱོར་བ་དང་མཚུངས་སེམས་ལྡན་དགྲ། །ཨ་དོན་སྐྱེ་བ་མེད་པའི་དབྱིངས་སུ་སྒྲོལ། །བྷྱོཿ རྒྱལ་ཀུན་གསང་གསུམ་ལྷ་ལམ་ཡངས་པ་ལ། །ཕུལ་བྱུང་མཐུ་སྟོབས་ཆུ་འཛིན་ལེགས་འཁྲིགས་ཤིང་། །གྲངས་མེད་དངོས་གྲུབ་ཆར་ཆེན་འབེབས་མཛད་པ། །བསྟན་སྲུང་དུང་སྐྱོང་དབང་མོ་ཁྱོད་ལ་བསྟོད། །དབང་པོའི་གཞུ་ཡིས་བསྐོར་བའི་ལྡིང་ཁང་དབུས། །པད་དཀར་འདབ་སྟོང་རྒྱས་པའི་ཟེའུ་འབྲུ་ལ། །གཉིས་སྐྱེས་རྒྱལ་པོའི་དཀྱིལ་འཁོར་རབ་གང་བ། །ཆུ་ཤེལ་ཞུན་མའི་ཐིགས་པ་ཅི་ཡང་འཛག །མཚན་མཁན་ལང་ཚོ་རྒྱས་པ་གཟུགས་ཀྱི་སྐུ། །བཻཌཱུར་མཐིང་ཁ་ལན་བུར་བྱས་པའི་སྐྲ། །དཀར་ནག་མ་འདྲེས་ཕྱེད་པའི་སྤྱན་གི་དཀྱུས། །སྟང་ཟིལ་ཁུ་བས་བྱུགས་པའི་སྨིན་མ་ནག །མུ་ཏིག་འཕྲེང་བ་བསྒྲིགས་པའི་བཞི་བཅུའི་ཚེམས། །མཆུ་སྒྲོས་པདྨ་རཱ་གའི་གོས་ཀྱིས་ཀླུབས། །ལྕུག་ཕྲན་གཞོན་ནུ་ལྟ་བུར་མཉེན་པའི་ཕྱག །མདའ་དར་ནོར་བུས་གང་བའི་གཞོང་པ་འཛིན། །ཞབས་སེན་ཉི་མའི་མདངས་ལ་འཁུ་བའི་འོད། །ཆུ་སྐྱེས་གདན་དེ་སྙིགས་(༣༢བ)


GLG011_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་གྱུར་མཚར། །རྐེད་སྐབས་ཕྲ་ཞིང་ནུ་འབུར་མངོན་པར་མཐོ། །འཆི་མེད་བུ་མོའི་མཛེས་སྡུག་མ་ལུས་འཛིན། །དབང་སྔོན་ལོ་ཧཾ་ཏ་དང་ཛམ་བུའི་གསེར། །མ་རྒད་གཡུ་དང་མན་ཤེལ་མུཀྟེ་ཀ །ལྷ་མི་གནོད་སྦྱིན་ཀླུ་ཡི་རིན་ཅེན་ནོར། །སྲད་བུར་བརྒྱུས་པའི་རྒྱན་གྱིས་ཁྱད་པར་བྱས། །ཙི་ཎའི་སྒེག་མོས་ཐགས་སུ་བསྒྲུབས་པའི་དར། །རྣམ་མང་རི་མོའི་ངོ་མཚར་མཐའ་ཀླས་པ། །འཇམ་ཞིང་ལུས་ལ་བདེ་བ་སྟེར་བྱེད་པ། །ལྷབ་ལྷུབ་ཁ་དོག་བཀྲ་བའི་ན་བཟའ་ཅན། །མཛེས་སྡུག་བརྗིད་ཆགས་ཁྲོ་གཉེར་སྟོན་པའི་སྐུ། །སྙན་འགྱུར་དྲག་ཤུལ་ང་རོའི་གདངས་ཀྱི་གསུང་། །འགྱུར་མེད་བདེ་ཆེན་དབྱིངས་སུ་མནལ་བའི་ཐུགས། །རྒྱལ་བ་ཀུན་གྱི་ཡུམ་གྱུར་ཁྱོད་ལ་བསྟོད། །ལྷ་མོ་ཁྱོད་ཀྱི་སྔ་ཕྱིར་རྒྱུག་བྱེད་པའི། །སྲིན་མོའི་གཟུཊ་ཅན་ན་ཀྲ་སེང་གེའི་གདོང་། །བསྟན་དགྲའི་སྲོག་ལ་རྔམས་པའི་གཤེད་མ་ཆེ། །སྟོབས་ལྡན་ལས་མཁན་གཉིས་ལ་བདག་བསྟོད་དོ། ཁྲོ་ཆགས་ཞི་བའི་ཉམས་ཀྱི་རྣམ་འགྱུར་ཅན། །ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་། །བོད་ཁམས་སྐྱོང་མཛད་བསྟན་མ་བཅུ་གཉིས་སོགས། །བཀའ་ཉན་འཁོར་དང་བཅས་ལ་བདག་བསྟོད་དོ། །ཐུབ་བསྟན་སྤྱི་དང་འཇམ་དཔལ་སྙིང་པོ་ཡི། །རིང་ལུགས་དབྱར་གྱི་མཚོ་ལྟར་རབ་འཕེལ་ཞིང་། །དེ་འཛིན་སྐྱེས་བུ་ཁྲིམས་ལྡན་འདུས་པའི་སྡེ། །བཤད་སྒྲུབ་བྱ་བ་མཐའ་དག་སྤེལ་ཞིང་སྐྱོངས། །རྣལ་འབྱོར་བདག་ཅག་མི་ནོར་སྦྱིན་པའི་བདག །ཚེ་དང་བསོད་ནམས་དཔལ་འབྱོར་རབ་རྒྱས་ཤིང་། །ལོག་པར་སེམས་པའི་གདུག་ཅན་དགྲ་བོ་རྣམས། །བསད་བསྐྲད་རྨོངས་དང་རེངས་པས་ཚར་ཆོད་ཅིག ཁྱད་པར་ཤཱཀྱའི་རྒྱལ་པོའི་ཕོ་བྲང་འདི། །ཉི་ཟླའི་འོད་ཀྱིས་མུན་པའི་དཔུང་འཇོམས་པ། །དེ་སྲིད་སྐྱེ་རྒུའི་ཉེར་འཚོར་གཡོ་མེད་དུ། །གནས་པའི་འཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །(༣༣ན)


GLG011_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོཿ བདེ་ལེགས་རྒྱ་མཚོ་མཚོ་ལྟར་འཁྱིལ་བའི་ས། །ས་འཛིན་ལྟར་མཐོ་མཐོ་བརྩེགས་བོད་ཀྱི་ཡུལ། །ཡུལ་མཆོག་རྣམ་འདྲེན་འདྲེན་པ་སྤྱན་རས་གཟིགས། །གཟིགས་པ་མི་གཡེལ་གཡེལ་མེད་ཁ་བའི་ལྗོངས། །ལྗོངས་འདིར་ཕན་བདེ་བདེ་སྟེར་གཙུག་ལག་ཁང་། །ཁང་བཟང་ར་ས་ས་འཛིན་ཀུན་གྱི་རྒྱན། །རྒྱན་དེའི་བཀའ་སྲུང་སྲུང་མ་ཀུན་གྱི་མཆོག །མཆོག་གསུམ་ཀུན་དངོས་དངོས་བརྒྱུད་བླ་མའི་བྲན། །བྲན་མོའི་ཚུལ་འཛིན་འཛིན་མ་གཡོ་བྱེད་མ། །མ་རུངས་དགྲ་སྡེ་སྡེར་བཅས་འཇོམས་པའི་ལྷ། །ལྷ་ཡི་མཛེས་འཕྲོག་འཕྲོག་བྱེད་ལ་བཅིབས་མ། །མ་མོ་མཆེད་དང་དང་པོར་བོད་ཀྱི་ཡུལ། །ཡུལ་གྲུ་རྣམས་སྐྱོོང་སྐྱོང་མ་བཅུ་གཉིས་ཚོགས། །ཚོགས་གཉིས་དགེ་ལེགས་ལེགས་ཚོགས་ཀུན་གྱི་གཞི། །གཞི་རྟེན་དམ་ཆོས་ཆོས་ཚུལ་རྒྱ་མཚོའི་དཔལ། །དཔལ་འབྱོར་མ་ལུས་ལུས་པ་མེད་པར་སྩོལ། །བྷྱོཿ སྐྱེ་འགག་གཉིས་མེད་ཆོས་དབྱིངས་ནམ་མཁའི་ངོས། །མཆོག་ཏུ་ཞི་བའི་ཚུལ་བསྟན་ཁྱོད་ཀྱི་སྐུ། །ཡིད་འོང་གློག་འཕྲེང་གཡོ་བའི་སྤྲིན་ཕུང་བཞིན། །དངོས་གྲུབ་ཆར་འབེབས་ཁྱོད་ལ་བདག་བསྟོད་དོ། །ཞལ་རས་ཟླ་བའི་དཀྱིལ་འཁོར་རྒྱས་པ་ལ། །ཚེམས་འཕྲེང་འོད་དཀར་སྣང་བས་གསལ་བྱས་ཤིང་། །མཆུ་སྒྲོས་བིམྦའི་འབྲས་བུ་ཡིད་དུ་འོང་། །རབ་ཏུ་བཞད་པའི་དཔལ་མོ་ཁྱོད་ལ་བསྟོད། །སྤྱན་ཟུང་ཨུཏྤལ་མཐིང་ཁའི་འདབ་ལྟར་རྒྱས། །གནག་སྣུམ་དབུ་སྐྲའི་ལན་ཚར་ཅི་ཡང་མཛེས། །རིན་ཅེན་ཟླ་བའི་གཙུག་རྒྱན་མངོན་པར་སྤུད། །ཕུན་ཚོགས་སྒེག་མོའི་སྐུ་ལ་བདག་བསྟོད་དོ། །ཁྱོད་སྐུ་རིན་ཅེན་རྒྱན་གྱིས་རྣམ་པར་སྤྲས། །ལྷབ་ལྷུབ་དར་གྱི་ན་བཟའ་གཡོ་བ་ཅན། །ནོར་བུའི་དོ་ཤལ་རྐེད་སྐབས་མཆོག་ཏུ་མཛེས། །ཡིད་འཕྲོག་ལྷ་མོའི་སྐུ་ལ་༝། །ནུ་མ་ཟུང་རྒྱས་མུ་ཏིག་ཕྲེང་(༣༣བ)


GLG011_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒོད། །ལྷ་ཡི་གོས་བཟང་སྟོད་གཡོགས་མཛེས་པར་འཕྱང་། །འཇའ་ཚོན་ལྟར་བཀྲའི་དར་གྱིས་ཀུན་ནས་ཀླུབས། །བལྟ་བས་ངོམས་མེད་སྐུ་ལ་༝། །སྣང་སྲིད་གསལ་བ་ནོར་བུའི་མེ་ལོང་ཅན། །ཕྱག་གཡས་མདའ་དར་ཁམས་གསུམ་དབང་དུ་སྡུད། །གཡོན་གྱིས་ནོར་བུས་གང་བའི་གཞོང་པ་འཛིན། །དགོས་འདོད་མཆོག་སྩོལ་ཁྱོད་ལ་༝། །རྨ་བྱའི་མདོངས་ཀྱི་གྲིབ་བསིལ་བརྟེན་གྱུར་ཅིང་། །པད་ཟླའི་གདན་ལ་འགྱིང་བའི་ཕྱེད་སྐྱིལ་མཛད། །སྣ་ཚོགས་འོད་ཀྱི་དྲ་བའི་ཁོར་ཡུག་ཅན། །དཔལ་གྱི་ལྷ་མོའི་སྐུ་ལ་༝། །ཚངས་དབྱངས་སྙན་པའི་གདངས་ཀྱིས་དབུགས་འབྱིན་ཞིང་། །ལོག་འདྲེན་བགེགས་ཚོགས་འཇོམས་པའི་གསང་སྔགས་སྒྲོག །བདག་མེད་གཉིས་སྟོན་བདུད་དང་མུ་སྟེགས་འདུལ། །ཐེག་མཆོག་འདོམས་པའི་གསུང་ལ་༝། །ཡེ་ཤེས་རྡོ་རྗེ་བདག་ལྟའི་རི་བོ་བསྙིལ། །ནམ་མཁའི་རང་བཞིན་མཁྱེན་གཉིས་ཉི་ཟླས་མཚན། །བགེགས་ཀུན་གཟིར་བའི་ཏིང་འཛིན་ལ་གཞོལ་བ། །སྟོབས་བཅུ་མངའ་བའི་ཐུགས་ལ་༝། །ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན་གཏེར། །ཞི་བ་བརྙེས་ཀྱང་ཐུགས་རྗེས་གཞན་དབང་གྱུར། །སྨོན་ལམ་དབང་གིས་བསྟན་སྲུང་ཚུལ་འཛིན་པ། །བསྟན་པའི་སྲོག་ཤིང་ཁྱོད་ལ་༝། །ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པའི། །ལྷུན་གྲུབ་ལས་བཞིའི་རོལ་པ་སྣ་ཚོགས་ཀྱིས། །བསྟན་པ་བསྲུང་ཞིང་སྐྱོང་ལ་གཡེལ་མེད་པའི། །མཐུ་སྟོབས་བདག་མོ་ཁྱོད་ལ་༝། །དཔལ་གྱི་ལྷ་མོ་འཁོར་བཅས་ཁྱེད་རྣམས་ཀྱིས། །རྡོ་རྗེ་འཆང་དབང་སློབ་དཔོན་པདྨ་དང་། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་དམ་བཅའ་མ་བསྙེལ་བར། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་། །བླ་མའི་འཕྲིན་ལས་རྒྱ་ཆེར་སྤེལ་བ་དང་། །ཡུལ་ཁམས་(༣༤ན)


GLG011_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཆོས་བཞིན་སྐྱོང་བ་དང་། །དངོས་གྲུབ་ཀུན་སྩོལ་བཅོལ་བའི་ལས་མཛོད་ཅིག །ཁྱད་པར་འཇིག་རྟེན་དབང་པོ་སྲོང་བཙན་གིས། །ཡེ་ཤེས་སྒྱུ་མས་སྤྲུལ་པའི་གཙུག་ལག་ཁང་། །མཐོང་ཐོས་དྲན་པའི་དཔལ་གྱུར་ཡིད་བཞིན་ནོར། །ཤཱཀྱའི་རྒྱལ་པོའི་ཕོ་བྲང་ལྷ་ས་འདི། །ནམ་མཁའ་ཇི་སྲིད་གནས་པ་དེ་སྲིད་དུ། །དབང་ཆེན་འཛིན་མའི་ཉལ་འགྲོའི་རྒྱུན་ཆེན་དང་། །སྲེག་ཟའི་དཔུང་དང་དུས་མིན་དྲི་བཞོན་སོགས། །གནོད་པ་ཀུན་ལས་རྟག་ཏུ་བསྲུང་བར་མཛད། །ཡུལ་ཕྱོགས་འདིར་ཡང་མི་ནད་ཕྱུགས་ནད་དང་། །དུས་ཀྱི་འཁྲུག་པ་མཐའ་དམག་གནོད་པ་སོགས། །མི་འདོད་ཉེ་བར་འཚེ་བའི་དངོས་པོ་ཀུན། །ཞི་བའི་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྣམས། །བསླབ་པ་གསུམ་གྱི་ཉམས་ལེན་མཐའ་དག་དང་། །བཤད་སྒྲུབ་བྱ་བ་ཡར་ངོའི་ཟླ་བ་ལྟར། །རྒྱས་པའི་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ས་འོག་ས་སྟེང་ས་བླའི་འཇིག་རྟེན་གྱི། །ཕུན་སུམ་ཚོགས་པའི་འདོད་དགུ་ཐམས་ཅད་དང་། །ལྷ་མོ་གནོད་སྦྱིན་ལ་སོགས་ཆེ་དགུ་རྣམས། །དབང་དུ་འདུ་བའི་འཕྲིན་ལས་འགྲུབ་པར་མཛོད། །རྒྱལ་བའི་བསྟན་ལ་སྡང་ཞིང་གནོད་པ་ཡི། །དགྲ་བགེགས་གང་ཡིན་བསད་རྨོངས་གཟིར་བ་སོགས། །དྲག་པོའི་ལས་ཀྱིས་ཐལ་བར་རློག་པ་ཡི། །མངོན་སྤྱོད་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །མདོར་ན་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་སེལ་བ་དང་། །མཐུན་རྐྱེན་བསམས་པའི་དོན་ཀུན་མ་ལུས་པ། །ཡིད་བཞིན་འགྲུབ་པའི་འཕྲིན་ལས་སྒྲུབ་ཏུ་གསོལ། །ཅེས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཛད་པའོ། །འདོད་ཁམས་དབང་(༣༤བ)


GLG011_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཐུགས་ཀྱི་སྤྲུལ་པ་ནི། །ཆུ་སྲིན་གདོང་ཅན་འཇིགས་རུང་སྲིན་མོའི་གཟུགས། །སྲིད་གསུམ་དགྲ་བགེགས་སྙིང་ཁྲག་ཧུབ་གཅིག་གིས། །འདྲེན་མཛད་མུན་པའི་མདོག་ཅན་ཁྱོད་ལ་བསྟོད། །སླད་ཀྱི་རྗེས་འབྲང་དམར་ནག་སེང་གེའི་གདོང་། །གནས་གསུམ་མཁའ་འགྲོའི་ཚོགས་ལ་དབང་སྒྱུར་ཞིང་། ཁྲོས་པའི་ཞབས་བརྡབས་སྲིད་གསུམ་སྐད་ཅིག་གིས། །ཆེམ་ཆེམ་གཡོ་མཛད་སྲིན་མོ་ཁྱོད་ལ་བསྟོད། །ཨོཾ། དཔལ་ལྡན་བཀྲ་ཤིས་ཚེ་རིང་སྐུ་མདོག་དཀར། །ཕྱག་གཡས་རྡོ་རྗེ་གཡོན་པ་བུམ་པ་འཛིན། །ཆིབས་སུ་སེང་གེ་དཀར་མོ་བཅིབས་ནས་ཀྱང་། །ཚེ་དང་སྲིད་ཀྱི་དཔལ་འབྱོར་རྒྱས་པར་མཛོད། །སྣང་གསལ་པྲ་སྟོན་མཐིང་གི་ཞལ་བཟང་མ། །ཕྱག་གཡས་བ་དན་གཡོན་པ་མེ་ལོང་འཛིན། །མཛེས་བརྗིད་སྐུ་མདོག་སྔོན་མོ་རྐྱང་ལ་བཅིབས། །རྣམ་མང་འཁོར་ཚོགས་དང་བཅས་ཁྱོད་ལ་བསྟོད། །ཟས་ཀྱི་དཔལ་སྟེར་མི་གཡོ་བློ་བཟང་མ། །སྟག་ལ་བཅིབས་ཤིང་ལྷབ་ལྷུབ་དར་གྱིས་མཛེས། །སྐུ་མདོག་སེར་མོ་ཕྱག་གཡོན་ནེའུ་ལེ་དང་། །གཡས་པ་ཟས་ཀྱི་གཞོང་པ་འཛིན་ལ་བསྟོད། །ནོར་གྱི་མཆོག་སྩོལ་ཅོད་པན་མགྲིན་བཟང་མ། །པདྨ་རཱ་གའི་མདོག་ཅན་ཤ་ཡུ་བཅིབས། །ཕྱག་གཡས་དགོས་འདོད་འབྱུང་བའི་ནོར་བུ་དང་། །གཡོན་པ་གཏེར་གྱི་སྒྲོམ་བུ་འཛིན་ལ་བསྟོད། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་ཀུན་སྩོལ་མ། །གཏད་དཀར་འགྲོ་བཟང་སྔོ་ལྗང་མ་རྒད་མདོག །འབྲུག་ལ་བཅིབས་ཤིང་གཡས་པ་དུརྦ་དང་། །གཡོན་པ་སྦྲུལ་གྱི་ཞགས་པ་འཛིན་ལ་བསྟོད། །གནམ་མཚོ་ཕྱུག་མོ་ལ་གནས་གསང་བའི་མཚན། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །སྐུ་མདོག་སྔོན་མོ་འབྲུག་ལ་བཅིབས་པ་སྟེ། །ཆུ་སྲིན་རྒྱལ་མཚན་མེ་ལོང་འཛིན་ལ་བསྟོད། །ལྷོ་བོད་མཚམས་ལ་(༣༥ན)


GLG011_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་གསང་བའི་མཚན། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གསེར་གྱི་མདོག་ཅན་རྐྱང་ལ་བཅིབས་མཛད་མ། །ཤང་ལང་དང་ནི་ཞགས་པ་འཛིན་ལ་བསྟོད། །ལ་ཕྱི་གངས་ལ་གནས་པ་གསང་བའི་མཚན། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །སྐུ་མདོག་དམར་མོ་ཆིབས་སུ་སེང་གེ་བཅིབས། །རྡོ་རྗེ་དང་ནི་བུམ་པ་འཛིན་ལ་བསྟོད། །ཡར་འབྲོག་མཚོ་ཆེན་ལ་གནས་གསང་བའི་མཚན། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །སྐུ་མདོག་སྔོན་མོ་དྲེའུ་བཅིབས་ནས་ཀྱང་། །རུ་མཚོན་རྩེ་ལྔ་ཞགས་པ་འཛིན་ལ་བསྟོད། །ལྷ་ཕུ་གངས་ལ་གནས་པ་གསང་བའི་མཚན། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །སྐུ་མདོག་དཀར་མོ་ཆིབས་སུ་ཤ་བ་བཅིབས། །གསེར་གྱི་ཟོར་བ་བུམ་པ་འཛིན་ལ་བསྟོད། །རུ་མཚམས་ཇོ་མོ་ཁ་རག་གསང་བའི་མཚན། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །སྐུ་མདོག་སེར་མོ་མཁའ་ལྡིང་དབང་པོ་བཅིབས། །ཌཱ་མ་རུ་དང་མེ་ལོང་འཛིན་ལ་བསྟོད། །བྱང་སྟོད་དོ་དམར་མཚོ་བདག་གསང་བའི་མཚན། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་ནི། །སྐུ་མདོག་དམར་མོ་གྱི་ལིང་རྟ་ལ་བཅིབས། །པར་བུ་དང་ནི་སྦྲུལ་ཞགས་འཛིན་ལ་བསྟོད། །རྨ་ཆེན་སྦོམ་རའི་སྒྲུབ་གནས་གསང་བའི་མཚན། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །སྐུ་མདོག་ལྗང་གུ་ཆིབས་སུ་འཕར་བ་བཅིབས། །བེ་ཅོན་དང་ནི་འཁར་གཞོང་འཛིན་ལ་བསྟོད། །ཀོང་ཡུལ་དྲེད་སྣ་གདོང་གནས་གསང་བའི་མཚན། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །གསེར་གྱི་མདོག་ཅན་རྐྱང་ལ་བཅིབས་མཛད་མ། །སྤྲིན་གསེབ་རླུང་བསྐྱོད་རེས་འགའ་རྟ་ལ་བཅིབས། །དཀར་མོ་མདའ་དར་སྒྲོམ་བུ་འཛིན་ལ་བསྟོད། །ཨེ་གཉལ་ལོ་རོའི་གནས་བདག་གསང་བའི་མཚན། །བཙན་(༣༥བ)


GLG011_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོ་རོ་རྡོ་རྗེ་སྨན་གཅིག་མ། །སྐུ་མདོག་སེར་མོ་མཛོ་མོ་བཅིབས་ནས་ཀྱང་། །ལྷབ་ལྷུབ་དར་དང་འབྲང་རྒྱས་འཛིན་ལ་བསྟོད། །གཙང་སྟོད་ཇོ་མོ་ནགས་རྒྱལ་གསང་བའི་མཚན། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡའ་མོ་སིལ། །སྐུ་མདོག་དམར་མོ་ཤ་བ་ཡུ་མོ་བཅིབས། །རིན་ཅེན་འབར་བའི་ཏིང་ཤགས་འཛིན་ལ་བསྟོད། །ཇོ་མོ་གཡུ་རི་ལ་གནས་གསང་བའི་མཚན། །གཡུ་ཡི་རྡོ་རྗེ་དྲིལ་བུ་གཟུགས་ལེགས་མ། །སྐུ་མདོག་སྔོན་མོ་སྟག་ལ་བཅིབས་པ་སྟེ། །པདྨ་དང་ནི་དྲིལ་བུ་འཛིན་ལ་བསྟོད། །ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་བཅས། །སྔོན་གྱི་ཁས་བླངས་དམ་བཅའ་མ་བསྙེལ་བར། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ཀྱི། །རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་། །ཆོས་དང་སྲིད་ཀྱི་དཔལ་འབྱོར་མ་ལུས་པ། །རྟག་ཏུ་ཕྱོགས་བཅུར་རྒྱས་པའི་འཕྲིན་ལས་མཛོད། །ཅེས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་མཛད་དོ། །འཕྲིན་ལས་བཅོལ་བ་ནི། བྷྱོཿ དཔལ་ལྡན་ལྷ་མོ་འཁོར་བཅས་ཁྱེད་རྣམས་ཀྱིས། །ཁྱབ་བདག་རྡོ་རྗེ་འཆང་དབང་སྲོང་བཙན་ཞབས། །པདྨ་འབྱུང་གནས་ཉང་རལ་དགེ་འབུམ་སོགས། །དངོས་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །འགྲོ་བ་ཀུན་གྱི་ཕན་དང་བདེ་བའི་གཞི། །ཀུན་མཁྱེན་རྒྱལ་བའི་རྗེས་སུ་ལེགས་ཞུགས་པའི། །ཕུལ་བྱུང་ལུང་དང་རྟོགས་པའི་བསྟན་པ་ཀུན། །མི་ནུབ་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛོད། ཁྱད་པར་དྲི་མེད་ཐུབ་བསྟན་ཡང་སྙིང་མཆོག །བློ་བཟང་གྲགས་སྙན་ཆེས་ཆེར་འབར་བའི་གདུགས། །སྲིད་གསུམ་ཀུན་ཏུ་ཁྱབ་པའི་གྲིབ་བསིལ་ཅན། །རབ་རྒྱས་མི་འགྱུར་བརྟན་པའི་འཕྲིན་ལས་མཛོད། །ལུང་རྟོགས་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །(༣༦ན)


GLG011_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཚེ་རྣམ་པར་དཀར་བའི་མཛད་འཕྲིན་དང་། །འདུས་པའི་སྡེ་ཚོགས་ཆོས་སྐྱོང་བཅུ་ཡི་ལས། །ཡར་ངོའི་ཟླ་ལྟར་རྒྱས་པའི་འཕྲིན་ལས་མཛོད། ཁ་བའི་ལྗོངས་ཀྱི་བདེ་ལེགས་ཀུན་གྱི་གཞི། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོ། །རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་འདི། །བསྐལ་བརྒྱར་མི་འགྱུར་བརྟན་པའི་འཕྲིན་ལས་མཛོད། །གནམ་སྐོས་བསོད་ནམས་གསེར་གྱི་འཁོར་ལོ་ཡིས། །ཡངས་པའི་ནོར་འཛིན་ཀུན་ཏུ་དབང་སྒྱུར་བར། །ཆོས་ལྡན་རྒྱལ་པོའི་ཁྲིམས་ཀྱིས་འཛམ་གླིང་ཀུན། །གསེར་གྱི་གཉའ་ཤིང་ལྕི་བཞིན་རབ་བརྟན་མཛོད། །དགའ་བདེར་སྤྱོད་པའི་ལེགས་པའི་ཡོན་ཏན་ཀུན། །གཅིག་གྱུར་སྡེ་བཞིའི་བང་མཛོད་དང་ལྡན་པ། །ཕུན་ཚོགས་སྐྱེ་རྒུ་འདུ་བའི་ཕོ་བྲང་ཆེ། །སྲིད་འདིའི་རྒྱན་དུ་འགྱུར་བའི་འཕྲིན་ལས་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་བསྟན་པ་མཆོག །འཛིན་ལ་སྙིང་སྟོབས་བཙན་པོའི་གོ་ཆ་ཅན། །ས་དབང་ཆོས་ཀྱི་རྒྱལ་པོ་དམ་པ་གང་། །སྐུ་ཚེ་བརྟན་ཞིང་ཆབ་སྲིད་རྒྱས་པར་མཛོད། །འཛམ་གླིང་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། །གཡུལ་འཁྲུག་ནད་རིམས་ཉེར་འཚེ་ཀུན་ཞི་ཞིང་། །ལོ་ལེགས་སྐྱ་རྒྱས་མི་ནོར་འབྱོར་པ་སོགས། །མཐུན་རྐྱེན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །མདོར་ན་བདག་ཅག་མི་ནོར་འཁོར་བཅས་ཀྱི། །ནད་གདོན་བར་ཆད་འགལ་རྐྱེན་ཞི་བ་དང་། །ཡིད་ལ་བསམས་པའི་ལུགས་ཟུང་འདོད་པའི་དོན། །ཐོགས་པ་མེད་པར་འགྲུབ་པའི་འཕྲིན་ལས་མཛོད། །བསྐུལ་བ་ནི། བྷྱོཿ དུང་སྐྱོང་རྒྱལ་མོ་འཁོར་བཅས་རྣམས། །གདུག་པའི་དགྲ་ལ་རྦད་པའི་ཚེ། །རྔམ་ཞིང་ཁྲོ་བའི་ཆ་བྱད་ཀྱིས། །མི་སྡུག་སྤྲུལ་པ་ཅི་ཡང་སྟོན། །མིག་སྨན་མདོག་འཛིན་མཆེ་བ་གཙིགས། །ཞལ་ནས་བསྐལ་པའི་མེ་(༣༦བ)


GLG011_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་འབར། །ཤངས་ནས་འབྲུག་སྒྲ་དྲག་པོ་སྒྲོག །ཕྱག་ནས་མཚོན་ཆ་སྣ་ཚོགས་འབེབས། །རྐྱང་སེར་དྲེལ་རྟ་ཞོན་ནས་བརྒྱུག །ཁྲག་འཐུང་དོན་སྙིང་ནང་ཁྲོལ་ཟ། །མི་ལྤགས་རློན་པ་གོས་སུ་གྱོན། །གདུག་པའི་འཁོར་ཚོགས་སྤྲིན་ལྟར་གཏིབས། །བདུད་བྱ་ནག་པོ་ཐིབས་ཤིང་ལྡིང་། །ཅེ་སྤྱང་མང་པོ་འདུར་ཞིང་བརྒྱུག །བསྐལ་པའི་མེ་རླུང་འཚུབ་མར་འཁྱིལ། །གསོད་རྒྱོབ་སྒྲ་སྐད་སྟོང་གསུམ་གཡོ། །འཁོར་བཅས་ཐུགས་དམ་དུས་ལ་བབ། །བསྟན་དང་དེ་འཛིན་དགེ་འདུན་སྟེ། །ས་དབང་རྒྱུ་སྦྱོར་སྦྱིན་བདག་ལ། །གནོད་ཅིང་འཚེ་བའི་དགྲ་བགེགས་རྣམས། །ལྟས་ངན་ཆོ་འཕྲུལ་འཇིགས་སྐྲག་དང་། །ནད་འཁྲུག་མི་མཐུན་ཉེར་འཚེ་སོགས། །གདུག་པའི་ཆད་པས་ཚར་ཆོད་ཅིག །དུས་ལ་བབ་པོ་ས་མ་ཡ། །དུས་གཏོར་སོགས་ཀྱི་ཚེ་བྱེད། །སྐབས་འདིར་རྫོང་བཙན་འབར་བ་ལ་གསོལ་མཆོད་ནི། །ཤ་ཁྲག་གིས་བརྒྱན་པའི་གཏོར་མ་བཤམ། །ཧྲཱིཿ དུས་གསུམ་རྒྱལ་བའི་བསྟན་པ་བསྲུང་བ་ལ། །མཐུ་སྟོབས་ཐོགས་པ་མེད་པའི་རྫུ་འཕྲུལ་ཅན། །མི་བསྲུན་ཀླུ་བཙན་རྔམས་ཤིང་རབ་འཇིགས་པ། །ཀོང་མོ་གྲིབ་བཙན་རྡོ་རྗེ་མཆོག་རྒོད་རྩལ། །མདོག་དམར་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །དབུ་ལ་སྦྲུལ་མགོའི་གདེངས་ཀ་བདུན་གྱིས་བརྒྱན། །བསེ་རྨོག་ལེ་ཆེན་བསེ་ཁྲབ་དམར་པོ་གསོལ། །ཕྱག་གཡས་ཟངས་མདུང་དམར་པོ་གཡོན་པ་ན། །ཙིཏྟ་རིན་ཅེན་འཕྲུལ་གྱི་ལྡེ་མིག་འཛིན། །བཙན་རྟ་དམར་པོ་རླུང་གཤོག་ཅན་ལ་བཅིབས། །རང་འདྲའི་ཀླུ་བཙན་དྲུག་དང་ཕྱི་རོལ་ཏུ། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་སྦལ་སྦྲུལ་དང་། །སྡོམ་དང་དུར་འཆི་བྱ་ཁྲག་ལ་སོགས་པ། །སྣ་ཚོགས་འཇིགས་སུ་རུང་བའི་སྤྲུལ་པར་བཅས། །འཁོར་བཅས་སྔོན་གྱི་དམ་ཚིག་ཉེར་དགོངས་(༣༧ན)


GLG011_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐོགས་པ་མེད་པར་མྱུར་དུ་གཤེགས་སུ་གསོལ། །རྒྱ་རྗེའི་ཡུལ་ནས་འོངས་ཤིང་ཨོང་ཇོ་ཡི། །རྗེས་འབྲངས་བོད་ཡུལ་སྲུང་མར་སྲོང་བཙན་གྱི། །སྤྱན་སྔར་ཁས་བླངས་ཀླུ་བཙན་མཐུ་བོ་ཆེ། །བྲག་རི་བརྩེགས་པའི་གནས་ནས་གཤེགས་སུ་གསོལ། །དགེ་མཚན་རྒྱ་མཚོ་མ་ལུས་འདུ་བའི་གཞི། །སྨན་ལྗོངས་ས་ཡི་ལྟེ་བ་ཡར་ཀླུངས་ཀྱི། །ཤེལ་དཀར་བྲག་རི་བརྩེགས་པའི་ཕོ་བྲང་ནས། །བཙན་རྒོད་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །ལྗོན་ཤིང་འབྲས་བུའི་ཁུར་གྱིས་རབ་དུད་པའི། །ཤར་ཕྱོགས་ཀོང་ཡུལ་བུ་ཆུ་ལྷ་ཁང་དང་། །སྤུ་རི་ཕུག་མོ་ཆེ་དང་རྩེ་ཆེན་བྲག །གནས་སྲུང་བཙན་རྒོད་ཆེན་པོ་གཤེགས་སུ་གསོལ། །བཛྲ་ཀིང་ཀ་ར་ས་མ་ཡ་ཛཿ ཧྲཱིཿ པདྨ་འབྱུང་གནས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཁས་བླངས་པའི། །ཀླུ་བཙན་དགེ་བསྙེན་འཁོར་བཅས་ལ། །མཐུན་པའི་རྫས་ཀྱི་མཆོད་པ་འབུལ། །ཡིད་འོང་མཛེས་པའི་གཟུགས་ཀྱི་གར། །སྙན་པའི་སྒྲ་དང་དངར་བའི་དྲི། །འཇམ་པའི་རེག་བྱ་ཟས་ཚོགས་ཀྱིས། །བཙན་རྒོད་འཁོར་བཅས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱི་རྦ་རླབས་འཁྲུག །དམ་རྫས་གཏོར་མ་རི་ལྟར་སྤུངས། །དམར་ཆེན་ཁྲག་གི་ཨརྒྷཾ་གྱིས། །བཙན་རྒོད་༝། །དབང་པོ་ལྔ་ཡི་མེ་ཏོག་དང་། །ཤ་ཆེན་དུད་སྤྲིན་མཁའ་ལ་འཁྲིགས། །ཚིལ་ཆེན་བཞུ་བའི་མར་མེ་འདིས། །བཙན་༝། །སྟག་གཟིག་པགས་པའི་རྒྱལ་མཚན་དང་། །མདུང་དམར་རུ་མཚོན་བ་དན་ཚོགས། །གཡབ་ཅིང་འབོད་པའི་དར་ཚོན་འདིས་༝། །ཚིགས་དགུ་སྨྱུག་རྒོད་ལོ་རྒྱས་མདའ། །རྣམ་བཀྲ་དར་གྱི་ཕང་ཕུང་ཅན། །གྱི་ལིང་རླུང་གཤོག་རྟ་ཚོགས་ཀྱིས་༝། །སྲ་བཙན་ཁྲབ་རྨོག་གོ་ཆའི་རིགས། །རྣོ་ངར་གྲི་མདུང་དགྲ་སྟ་དང་། །(༣༧བ)


GLG011_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་རལ་གཟིག་ཤུབས་ལ་སོགས་པས་༝། །གཞན་ཡང་ཕྱི་ནང་གསང་བའི་རྟེན། །མཐུན་པའི་དམ་རྫས་མ་ལུས་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་བྱས་ནས་༝། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། །ཧྲཱིཿ དུས་མཐའི་རླུང་ལ་འགྲན་པའི་རྟ་མཆོག་སྟེང་། །སྐྱེས་བུ་དབང་གི་རང་བཞིན་བྱུ་རུའི་མདོག །ཉིན་བྱེད་འབུམ་གྱི་འོད་ལྟར་བཟོད་དཀའ་བ། །ཀླུ་བཙན་མཐུ་སྟོབས་དབང་ཕྱུག་ཁྱོད་ལ་བསྟོད། །གཡས་པ་སྲིད་རྩེར་བསྙེག་པའི་མདུང་དམར་གྱིས། །དགྲ་བགེགས་དཀར་ནག་སྙིང་གི་མཚམས་སུ་བསྣུན། །གཡོན་པ་ཁྲག་རྒྱུན་འབབ་པའི་དོན་སྙིང་དང་། །རིན་ཅེན་འཕྲུལ་གྱི་ལྡེ་མིག་འཛིན་ལ་བསྟོད། །འཇིགས་རུང་རང་འདྲའི་སྤྲུལ་པའི་འཁོར་ཚོགས་དང་། །རྣམ་མང་ཕོ་ཉ་ལས་མཁན་བཅས་པའི་དབུས། །འགྱིང་མཛད་བསྟན་དང་གཙུག་ལག་ཁང་སྐྱོང་བའི། །རིག་འཛིན་སྲུང་མ་ཆེན་པོར་བདག་བསྟོད་དོ། །དུས་གསུམ་རྒྱལ་བ་པདྨ་ཀ་རའི་ཞབས། །ཨྱོན་གླིང་དང་གར་གྱི་དབང་ཕྱུག་སོགས། །དངོས་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །ཆོས་འཁོར་འདི་སྲུངས་བཅོལ་བའི་འཕྲིན་ལས་མཛོད། །ཅེས་རིགས་འཛིན་སངས་རྒྱས་གླིང་པའི་གཏེར་བྱོན་ལ་གཞི་བྱས་ནས་བཀོད་ཅིང་། དེ་ནས། སྭཱཽ། འཛམ་གླིང་སྐུས་རུ་ཡུལ་གྱི་དབུས། །རྩེ་མཐོ་རིན་ཅེན་འབར་བའི་གནས། །ཡིད་འོང་འདོད་པ་གང་བའི་གཞི། །དེ་འདྲའི་གནས་མཆོག་ཡ་མཚན་ཅན། །རིན་ཅེན་སྣ་ཚོགས་ལས་གྲུབ་པའི། །ཕོ་བྲང་ཆེན་པོ་ཁྱད་པར་འཕགས། །རིན་ཆེན་གསེར་གྱི་ཁྲི་སྟེང་ན། །རྫོང་བཙན་ཆེན་པོའི་སྐུ་བཞུགས་པ། །བལྟ་བས་མི་ངོམས་ཡིད་འཕྲོག་ཅིང་། །མཛེས་པའི་སྐུ་ལ་རྒྱན་ཆ་ཅན། །ཡབ་ཡུམ་སྲས་དང་བཅས་པའི་ཚོགས། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས། །ཇ་ཆང་སྨན་ཕུད་རཀྟ་དང་། །དགྲ་བོ་རྣམས་ཀྱི་ཤ་ཁྲག་སོགས། །(༣༨ན)


GLG011_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སྣ་སྨན་སྤོས་འདིས་མཆོད་དོ། །སྭཱཽ། ཁྲབ་མོ་ཕུབ་དང་མདུང་ལ་བརྟེན། །མཆོད་དོ་དགྲ་ལྷའི་སྐུ་མ་འཁང་། །བསྟེན་པའི་དུས་འདིར་རྒྱང་མ་རིང་། །མཆོད་པའི་དུས་སུ་ཞེ་མ་ལྡོག །བདག་སོགས་དཔོན་གཡོག་འཁོར་བཅས་ཀྱི། །རྨོག་མོ་མགོོ་ནས་མ་ཡར་ཅིག །ཁྲབ་མོ་རྒྱུན་ཐག་མ་ཆད་ཅིག །མདའ་མོ་ལྟོང་ནས་མ་ཡར་ཞིག །གཞུ་མོ་རྒྱུད་ནས་མ་ཆད་ཅིག །མདུང་རིང་རྐེད་པ་མ་ཆག་ཅིག །རྟ་རྒྱུག་རྨིག་པ་མ་བུད་ཅིག །དམག་དང་བྱུས་ཀྱི་རྒྱལ་ཁ་བཟུང་། །ཚེ་དང་བསོད་ནམས་ཡར་ལ་སྤེལ། །བསྟན་པ་གནམ་ལྟར་རྒྱས་པར་མཛོད། །ཅེས་བོན་ལུགས་ཡིན་འདྲ། །དེ་ནས་བཟློག་པ་ནི། བྷྱོཿ དུང་སྐྱོང་རྒྱལ་མོ་བཀའ་སྡོད་གདོང་ཅན་གཉིས། །ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་དང་། །རྡོ་རྗེ་མཆོག་རྒོད་རྩལ་སོགས་འཁོར་བཅས་ཀྱིས། །བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས་པ་ལ། །སྡེ་བརྒྱད་འཁྲུག་པའི་གནོད་པ་མ་ལུས་བཟློག །བན་བོན་གདུག་པའི་བྱད་ཁ་མ་ལུས་བཟློག །ནད་གདོན་བར་ཆད་དུས་མིན་འཆི་བ་བཟློག །ལོ་ཀེག་ཟླ་ཀེག་ཆགས་ཆེ་ཉམ་ང་བཟློག །ཁྱད་པར་གཙུག་ལག་ཆོས་འཁོར་འདི་ཉིད་ལ། །ས་ཆུ་མེ་རླུང་འབྱུང་བའི་གནོད་པ་བཟློག །སྟོད་སྨད་མཐའ་དམག་གདུག་པའི་གནོད་པ་བཟློག །མི་མཐུན་ཕྱོགས་ཀུན་དགྲ་བོའི་སྟེང་དུ་བྷྱོ། །མཐུན་པའི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ལ་སྩལ་དུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་སྲུང་མའི་ཚོགས། །དེ་ནས་ཆང་ཕུད་གཏོར་ཞིང་འདི་སྐད་དོ། །བྷྱཱོཿ རྣམ་འདྲེན་བསྟན་པ་བསྲུང་བའི་ཆོས་སྐྱོང་མཆོག །རྣལ་འབྱོར་བུ་བཞིན་སྐྱོང་མཛད་མཐུ་རྩལ་ཅན། །འདོད་ཁམས་བདག་མོ་དཔལ་གྱི་ལྷ་མོ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་(༣༨བ)


GLG011_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་མཛོད། །སྲིན་མོ་དྲག་ཏུ་ཁྲོས་པའི་རྣམ་འགྱུར་གྱིས། །གཙོ་མོའི་སྔ་ཕྱིར་རྒྱུག་པའི་ལས་མཁན་ཟུང་། །ཆུ་སྲིན་སེང་གེའི་གདོང་ཅན་རྣམ་གཉིས་ལ་༝། །བཀྲ་ཤིས་ཚེ་རིང་མཐིང་གི་ཞལ་བཟང་མ། །མི་གཡོ་བློ་བཟང་ཅོད་པན་མགྲིན་བཟང་མ། །གཏད་དཀར་འགྲོ་བཟང་མཁའ་འགྲོ་མཆེད་ལྔ་ལ་༝། །རྡོ་རྗེ་ཀུན་གྲགས་ལ་སོགས་བདུད་མོ་བཞི། །རྡོ་རྗེ་སྤྱན་གཅིག་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞིར་༝། །གཞན་ཡང་ས་གཞི་བར་སྣང་ཁྱོན་གང་བའི། །ལྷ་ཀླུ་གནོད་སྦྱིན་སྲིན་མོའི་གཟུགས་འཛིན་པ། །བཀའ་ཉན་འཁོར་ཚོགས་རྒྱ་མཚོའི་ཚོགས་རྣམས་ལ་༝། །ཆོས་འཁོར་བཀའ་སྲུང་ཀླུ་བཙན་དབང་གི་མདོག །ཀོག་མ་སྒྲིབ་བཙན་རྡོ་རྗེ་མཆོག་རྒོད་རྩལ། །བཙན་འཁོར་སུམ་བརྒྱ་དྲུག་ཅུར་བཅས་པ་ལ་༝། །མཆོད་པ་བྱིན་རླབས་སྔར་ལྟར་གྱི་མཇུག་ཏུ། །ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་བརྗོད། ཨོཾ་ཨཱཿཧཱུྃ། བཏགས་ལ་ནང་མཆོད་འབུལ། འགྲོ་བའི་ཁམས་དང་བསམ་པ་ཇི་བཞིན་དུ། །སོགས་ཀྱིས་བསྟོད། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པ། །དེང་འདིར་བྱས་པ་གང་ཡིན་པ། །དེ་ཀུན་ཁྱོད་ཀྱིས་བཟོད་པར་མཛོད། །དྲི་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ། ཁྱད་པར་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །ལུང་དང་རྟོགས་པའི་བསྟན་པ་སྲིད་མཐའི་བར། །གནས་ཤིང་ཕྱོགས་བཅུར་རྒྱས་པའི་འཕྲིན་ལས་མཛོད། །ཚུལ་དེ་འཛིན་པའི་དམ་པའི་ཚོགས་ཀུན་གྱི། །ཞབས་ཟུང་རྡོ་རྗེ་ལྟ་བུར་རབ་བརྟན་ཞིང་། །ཁྲིམས་ལྡན་འདུས་པའི་ཆོས་ཀྱི་སྡེ་ཆེན་རྣམས། །བཤད་དང་སྒྲུབ་པའི་དཔལ་ལ་སྤྱོད་པར་ཤོག །རྒྱལ་བའི་བསྟན་འཛིན་ས་གཞི་བདེ་བར་སྐྱོང་། །ཆོས་ལྡན་རྒྱལ་པོ་སྐུ་ཚེ་མངའ་ཐང་རྒྱས། །འཇིག་རྟེན་ཀུན་ཏུ་(༣༩ན)


GLG011_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནད་འཁྲུག་མུ་གེ་རྣམས། །ཞི་ཞིང་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཞེས་སོགས་དང་། །གཞན་ཡང་འདོད་དོན་སྨོན་ལམ་སྐབས་སྦྱར་བྱེད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །སུ་པྟ་ཏིཥྛ་བཛྲེ་སྭཱ་ཧཱ། མངའ་གསོལ་ནི། ཕུན་ཚོགས་རྒྱ་མཚོ་མ་ལུས་འབྱུང་བའི་གནས། །དངོས་གྲུབ་ཡིད་བཞིན་དབང་གི་རྒྱལ་པོའི་མཛོད། །འབད་མེད་ལག་རྩེར་ལྷུན་གྱིས་གྲུབ་མཛད་པ། །དངོས་གྲུབ་བླ་མའི་ངོ་བོར་མངའ་གསོལ་ལོ། །ཚོགས་གཉིས་མཐའ་དག་ཡོངས་རྫོགས་སངས་རྒྱས་དང་། །ལུང་དང་རྟོགས་པའི་གཏེར་གྱུར་དམ་པའི་ཆོས། །འཛིན་ཞིང་སྤེལ་བའི་འཕགས་ཚོགས་དགེ་འདུན་ཏེ། །སླུ་མེད་མཆོག་གསུམ་ངོ་བོར་༝། །དམིགས་མེད་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཀྱང་། །གྲངས་མེད་སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན། །ཞི་དང་ཁྲོ་བོའི་སྤྲུལ་བསྒྱུར་དཀྱིལ་འཁོར་གཙོ། །ཡི་དམ་རྟེན་དང་བརྟེན་པར་མངའ་༝། །རྙོག་མེད་དངས་པའི་བརྒྱ་ཕྲག་རྫིང་བུ་ལ། །ཆུ་ཤེལ་དབང་པོ་ཅིག་ཅར་སྣང་བ་ལྟར། །ཞི་རྒྱས་དབང་དྲག་སྤྲུལ་པ་འགྱེད་མཛད་པའི། །བཀའ་སྲུང་དུང་སྐྱོང་རྒྱལ་མོར་༝། །དགའ་བཞི་འཕྲུལ་སྣང་གཙུག་ལག་སྲུང་མ་དང་། །བདག་ཅག་རྒྱུ་སྦྱོར་མི་ནོར་དགོན་གནས་བཅས། །སྐྱོང་ཞིང་སྤེལ་བའི་སྲུང་མར་མངའ་གསོལ་གྱི། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །ཤིས་བརྗོད་ནི། བྷྱོཿ སྲིད་གསུམ་སྐྱེ་རྒུ་ཀུན་གྱི་སྐྱབས་གྱུར་པ། །དུས་གསུམ་སྒྲིབ་མེད་གསལ་བར་རབ་གཟིགས་ཤིང་། །གནས་གསུམ་དཔའ་བོ་མཁའ་འགྲོ་ཀུན་གྱི་གཙོ། །གདན་གསུམ་ཚང་བའི་བླ་མའི་(༣༩བ)


GLG011_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཤོག །དཔལ་ལྡན་སྐུ་བཞིའི་བདག་ཉིད་འཁོར་ལོའི་མགོན། །རབ་འབྱམས་དུས་བཞིའི་རྒྱལ་བ་ཀུན་གྱི་དངོས། །བགྲང་ཡས་རིགས་བཞིའི་མཁའ་འགྲོའི་འཁོར་ཚོགས་ཅན། །རྒྱུད་སྡེ་རྣམ་བཞིའི་ལྷ་ཡི་བཀྲ་ཤིས་ཤོག །ས་བཅུའི་དབང་ཕྱུག་འགྲོ་ལ་རྗེས་ཆགས་ཀྱང་། །ཞིང་བཅུ་སྒྲོལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །སྟོབས་བཅུ་མངའ་བའི་ལུང་རྟོགས་བསྟན་པ་རྣམས། །ཕྱོགས་བཅུར་སྐྱོང་མཛད་རྣམས་ཀྱི་བཀྲ་ཤིས་༝། །དགེ་ལེགས་དངོས་གྲུབ་འདོད་པ་ཀུན་འཇོ་བའི། །གནས་སྲུང་གཙོ་མོ་དཔལ་ལྡན་དུང་སྐྱོང་མ། །བཀའ་སྡོད་གདོང་ཅན་ཚེ་རིང་མཆེད་ལྔ་དང་། །བསྟན་མ་བཅུ་གཉིས་རྣམས་ཀྱི་བཀྲ་ཤིས་༝། །རབ་སྙན་རྒྱུད་མང་སྟོང་གི་གླུ་དབྱངས་ལྟར། །ཡིད་དང་རྣ་བར་དགའ་བ་སྟེར་བའི་དཔལ། །མཆོག་གསུམ་དམ་པའི་བཀྲ་ཤིས་དགའ་སྟོན་གྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་དགེ་ལེགས་སྩོལ། །ཅེས་གངས་ཅན་གྱི་ལྟེ་བ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་སྐྱོང་བར་མི་རྗེ་སྲོང་བཙན་སྒམ་པོའི་སྤྱན་སྔར་དམ་བཅས་པའི་དཔལ་ལྡན་ལྷ་མོ་དུང་སྐྱོང་མ་དང་། དེའི་ཞོར་དུ་སྒྲིབ་བཙན་གྱི་མཆོད་གཏོར་འབུལ་ཚུལ་ཡིག་ཆ་མང་དུ་འདུག་ཀྱང་། གོ་རིམ་སོགས་ངེས་ཅན་ཞིག་མི་འདུག་པས། མང་ཉུང་འཚམ་ཞིང་རྒྱས་བསྡུས་བླང་བདེ་བྱས་ཆོག་པ་ཞིག་དགོས་ཞེས་ལུགས་གཉིས་ལ་བལྟ་བའི་མཁྱེན་དཔྱོད་ཀྱིས་འཛིན་མ་ཀུན་བདེ་བར་སྐྱོང་བའི་ཕྱག་མཛོད་བསོད་ནམས་རབ་བརྟན་གྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་སོ་སོའི་མཛད་པ་པོ་ཁ་གསལ་བ་རྣམས་ཡིག་རྙིང་ལྟར་དང་དེ་ཕྱིན་གསར་དུ་བསྒྲིགས་པའི་བཀྲ་ཤིས་ཚེ་རིང་མ་རྡོ་རྗེ་ཀུན་བཟང་དང་གཅིག་པས་བསྟན་མ་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་ལ་གཞན་བཞི་འཁོར་ཡིན་པ་ནས་ལོགས་སུ་མི་དགོས་པ་གསང་སྔགས་རྙིང་མའི་བསྟན་སྐྱོང་རྣམས་ཀྱིས་རྟོགས་ནུས་ཀྱང་ཐམས་ཅད་མཁྱེན་པ་དགེ་འདུན་(༤༠ན)


GLG011_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་ཡབ་ཆོས་རྗེ་དྭགས་ཤངས་ཞི་བྱེད་རྙིང་མ་སོགས་ཆོས་ལུགས་སྣ་ཚོགས་མཛད་པའི་དྭགས་བརྒྱུད་ཀྱི་ཤན་ཤོར་ཏེ་ཕྱག་ལེན་གྱི་རྒྱུན་ལ་འདུག་པས་བསྒྱུར་བཀོད་མ་བྱས་པའི་མཆོད་པའི་འཕྲིན་ལས་དོན་གཉིས་ལྷུན་གྲུབ་འདི་འང་རྒྱལ་བའི་དབང་པོ་བཙོང་ཁ་པའི་རིང་ལུགས་པ་ཨ་ཝ་དྷཱུ་ཏཱི་པ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་མཁའ་འགྲོ་འདུ་བའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་ཝཱ་གིནྡྲ་ཤྲེ་ཡའོ། །རྒྱལ་པོ་ཆེན་པོ་སྡེ་ལྔ་ལ་གསོལ་མཆོད་འབུལ་ཚུལ་འཕྲིན་ལས་འགག་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །མི་འགྱུར་བདེ་བ་ཆེན་པོའི་ཟློས་གར་ལས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་སྤྲུལ་པའི་སྐུ། །པདྨའི་ཀ་ས་ར་ལས་ལེགས་འཁྲུངས་པའི། །མཚོ་སྐྱེས་རྡོ་རྗེ་རིགས་ཀྱི་བདག་པོར་བཞུགས། །ཞི་དང་ཁྲོ་བོའི་རྒྱལ་པོ་མ་ལུས་པའི། །དཀྱིལ་འཁོར་ཀུན་འདུས་སྒྲུབ་པ་བཀའ་བརྒྱད་ལྷའི། །འཇིག་རྟེན་དྲེགས་པའི་བསྟན་སྲུང་སྲོག་བདག་ཆེ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་མཆོད་བྱེད་པའི། །འཕྲིན་ལས་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིགས། །ཆད་ལྷག་སྐྱོན་བྲལ་འཁྱེར་བདེ་ཉེར་བཀོད་པ། །གནོད་སྦྱིན་དགྱེས་དགུར་སྤྱད་པའི་འགག་མེད་ཀྱི། །རྡོ་རྗེའི་སྒྲ་དབྱངས་དེང་འདིར་རབ་བསྒྲགས་སོ། །དེ་ཡང་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་དང་བཅས་པ་མཉེས་བྱེད་ཀྱི་འཕྲིན་ལས་ལས། །ཐོག་མར་བླ་མའི་ལས་བྱང་སྔོན་དུ་འགྲོ་དགོས་པས། །བླ་མ་ཡི་དམ་ཆོས་སྐྱོང་ཆེན་པོ་རྣམས་ཀྱི་མཆོད་གཏོར་སྤྱན་གཟིགས་རྣམས་ཕྱག་ལེན་ལྟར་བཤམས་ལ། །ཐོག་མར་རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་གཡོན་རྐྱང་གིས་བཞུགས་པ། གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པར་འགྱུར། །དེ་ནས་བགེགས་གཏོར་རཾ་ཡཾ་ཁཾ་གྱིས་བསྲེཊ་(༤༠བ)


GLG011_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་བཀྲུས། །ཨོཾ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨཱ་དྱ་ནུཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། །ལན་གསུམ་གྱིས་བསྔོས་ལ། ཧཱུྃཿ རྩ་གསུམ་ལྷ་ཡི་བྱིན་རླབས་ཀྱིས། །བར་གཅོད་བགེགས་རྣམས་ཕྱིར་དེངས་ཤིག །གལ་ཏེ་མ་འགྲོ་རྟ་མགྲིན་དབང་། །ཁྲོས་པས་ཐལ་བའི་རྡུལ་དུ་རླག །ཨོཾ་སུཾ་བྷ་སོགས་བརྗོད། མཚམས་གཅོད་ནི། ཧཱུྃ། ད་ནི་ཡེ་ནས་དང་ག་ཁྲ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ས་ཡང་འདའ་བར་མ་བྱེད་ཅིག༔ཨོཾ་བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཕགས། སྐྱབས་སེམས་ནི། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་ཅོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་འཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་དམ་བཅའ་འོ༔ ཚོགས་ཞིང་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ སེམས་ཅན་དོན་དུ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ བྱིན་དབབས་པ་ནི༔ ཆོས་ཀྱི་དབྱིངས་ནས་རྩ་གསུམ་ལྷ་ཚོགས་རྣམས། །ཐོགས་མེད་བཞེངས་ལ་གྲུབ་པའི་གནས་ཆེན་འདིར། །བྱིན་ཆེན་ཕོབ་ལ་བདག་ལ་དབང་བསྐུར་སྩལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མཆོད་གཏོར་བྱིན་བརླབ་ནི།(༤༡ན)


GLG011_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱི་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་པདྨཱནྟ་ཀྲྀཏ་ཧཱུྃ་ཕགས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་དཀྱིལ་གཞུ་དབྱིབས་བ་དན་མཚན། །དེ་སྟེང་རཾ་ལས་མེ་དཀྱིལ་གྲུ་གསུམ་པ། །རཾ་གྱིས་མཚན་སྟེང་ཀ་ལས་མི་མགོ་ཡི། །སྒྱེད་བུ་གསུམ་སྟེང་ཨ་ལས་ཐོད་པའི་ནང་། །མུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་སེང་གེ་དང་། །གླང་པོ་རྟ་དང་རྨ་བྱ་མ་ཤའི་སྟེང་། །ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ་སྟེང་ཐབས་ཤེས་ཀྱི། །ཉི་ཟླ་སྦྱར་ལ་དབྱངས་གསལ་གྱིས་མཚན་པ། །དབུས་སུ་རྡོ་རྗེའི་རྩེ་ཨ་ལྟེ་བར་ཧཱུྃ། །ཡར་རྭ་ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ་ལྔ་དང་། །མར་རྭ་ཧཱུྃ་ལཱཾ་མཱཾ་པཱཾ་ཏཱཾ་གྱིས་མཚན། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་རླུང་གི་མེ། །སྦར་ཏེ་རྫས་འཁོལ་རྒྱལ་བ་སྲས་བཅས་མཆོད། །རྒྱལ་ཀུན་རིགས་ལྔར་གྱུར་པའི་བྱང་ཆུབ་སེམས། །བབས་པས་ཨ་དང་འབྲུ་བཅུ་ཧཱུྃ་དབྱངས་གསོལ། །རིམ་གྱིས་གཅིག་ལ་གཅིག་ཕོག་ཐིམ་པ་ཡིས། །ཉི་ཟླར་བཅས་པ་འོད་ཞུ་རྫས་ལ་ཐིམ། །སྨན་རག་གཏོར་གསུམ་ཟག་མེད་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བྷ་ལིཾ་ཏ་བ་ལ་བ་ཏེ་གྷུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿ ཋ༔ བྷོ་དྷི་ཙིཏྟ་གྷ་ན་གྷུ་ཡ་པཱུ་ཙ་ཧོཿ དངོས་གཞི་ནི། སྤྲོས་བྲལ་ངང་ལས་ཀུན་ཁྱབ་སྙིང་རྗེའི་གདངས། །རང་རིག་རྡོ་རྗེ་ཧྲཱིཿ བཅས་བྷྲུཾ་གྱུར་ལས། །སྒོ་བཞི་གྲུ་ཆད་རྟ་བབས་ཡོངས་རྫོགས་པའི། །དཀྱིལ་འཁོར་དབུས་སུ་བདུད་བཞི་པད་ཉིའི་སྟེང་། །རང་ཉིད་ཧྲཱི༔ལས་དབང་ཆེན་སྐུ་མདོག་དམར། །གྲི་གུག་ཐོད་འཛིན་རྡོ་རྗེ་ཕག་མོས་འཁྱུད། །དུར་ཁྲོད་ཆས་བརྒྱན་སྤྱི་གཙུག་པད་ཉིའི་སྟེང་། །པདྨ་ཐོད་ཕྲེང་རྡོ་རྗེ་བནྡྷ་འཛིན། །མཐིང་ནག་ཟབ་བེར་ཆོས་གོས་པད་ཞྭ་ལ། །སྒྲོ་དར་མེ་ལོང་གིས་བརྒྱན་སྐྱིལ་ཀྲུང་བཞུཊ། །(༤༡བ)


GLG011_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་གནས་གྱུར་བླ་མ་རྡོ་རྗེ་འཆང་། །མཐིང་ནག་རྡོར་དྲིལ་འཛིན་ཅིང་སྐྱིལ་ཀྲུང་ཅན། །པང་དུ་མཁའ་འགྲོ་འཚོ་རྒྱལ་སྐུ་མདོག་དཀར། །གྲི་གུག་བདུད་རྩིའི་ཐོད་འཛིན་མགུལ་ནས་འཁྱུད། །གཉིས་ཀ་རིན་ཅེན་རུས་པའི་རྒྱན་གྱིས་སྤྲས། །ཟུང་འཇུག་བདག་ཉིད་བདེ་བ་ཆེན་པོའི་སྐུ། །དེ་ཡི་ཕྱི་རིམ་འདབ་བཞིར་རྡོ་རྗེ་དང་། །རིན་ཆེན་པདྨ་ཀརྨ་ཐོད་འཕྲེང་རྩལ། །རང་རྟགས་ལས་བཞིའི་ཕྱག་མཚན་གོས་རྒྱན་གྱིས། །ལེགས་པར་སྤྲས་ཏེ་གཟི་བརྗིད་ལྡན་པར་གྱུར། །ཕྱི་རིམ་པདྨའི་འདབ་མ་བརྒྱད་པོ་ལ། །པད་འབྱུང་མཐིང་ནག་ཕྱག་གཡས་རྡོ་རྗེ་དང་། །གཡོན་པ་སྡིགས་མཛུབ་མཛད་ཅིང་ཡུམ་ལ་འཁྱུད། །པདྨ་སཾ་བྷ་པད་ཕོར་སྐྱབས་སྦྱིན་གྱི། །ཕྱག་རྒྱ་མཛད་ཅིང་དགེ་སློང་གཞོན་ནུའི་ཚུལ། །བློ་ལྡན་མཆོག་སྲེད་ཐོད་རྔ་པད་ཕོར་འཛིན། །སྐུ་མདོག་དཀར་པོ་སྔགས་འཆང་གཟི་བརྗིད་ཅན། །པདྨ་རྒྱལ་པོ་ཌཱ་རུ་མེ་ལོང་འཛིན། །སྐུ་མདོག་དམར་པོ་རྒྱལ་པོའི་ཆ་ལུགས་ཅན། །ཉི་མ་འོད་ཟེར་ཁ་ཊྭཱཾ་ཉི་ཟེར་འཛིན། །སེར་པོ་རྣལ་འབྱོར་སྤྱོད་པའི་ཆ་ལུགས་ཅན། །ཤཱཀྱ་སེང་གེ་རྡོ་རྗེ་ལྷུང་བཟེད་འཛིན། །སྤྲུལ་སྐུ་ཤཱཀྱ་ཐུབ་པའི་རྣམ་རོལ་ཅན། །སེང་གེ་སྒྲ་སྒྲོག་མཐིང་ནག་རྡོ་རྗེ་གཡས། །སྡིགས་མཛུབ་མཛད་པ་འཇིགས་རུང་ཁྲོ་བོའི་ཚུལ། །རྡོ་རྗེ་གྲོ་ལོད་སྨུག་ནག་རྡོ་རྗེ་གཡས། །གཡོན་པ་ཕུར་བསྒྲིལ་གཏུམ་རྔམས་ཁྲོ་བོའི་གཟུགས། །ཕྱི་རིམ་རིགས་བཞིའི་མཁའ་འགྲོ་ཤུགས་འགྲོ་དང་། ཁྱམས་ལ་ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས། །གླུ་ལེན་གར་བྱེད་ཆར་སྤྲིན་ལྟ་བུར་གཏིབས། །སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ཡེ་ཤེས་ལྔས། །དབང་བསྐུར་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ་ཨཱོཾ་སྭཱ་ཨཾ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་མ་ཡ་ཛཿཛཿ(༤༢ན)


GLG011_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྤྱན་འདྲེན། བཞུགས་གསོལ། མཆོད་བསྟོད་རྣམས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་གནང་བ་འདི་ལྟར། ཧཱུྃཿ དྲི་མེད་འོད་གསལ་དག་པའི་རོལ་གནས་ལས། །ཀུན་ཁྱབ་སྒྱུ་འཕྲུལ་དྲ་བའི་སྣང་བརྙན་ནི། །རྣམ་དག་དགེ་སློང་རྡོ་རྗེ་འཛིན་པའི་ཚུལ། །དུས་གསུམ་རྒྱལ་དབང་པདྨ་སཾ་བྷ་བ། །གཡས་ན་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ། །གཡོན་ན་དཔའ་མོའི་གླུ་ལེན་ཤར་ར་ར། །བགྲང་ཡས་རིགས་འཛིན་གྲུབ་པའི་ཚོགས་ཀྱིས་བསྐོར། །དམ་ཅན་སྲུང་མའི་ཚོགས་རྣམས་སྤྲིན་ལྟར་གཏིབས། །མཁར་ཉལ་དབང་པོའི་ཚོགས་རྣམས་རྗེས་འབྲང་ཞིང་། །འཆི་མེད་བུ་མོའི་ལག་པད་ཀྱིས་གཏོར་བའི། །མན་དྷ་ར་ཡི་འཕྲེང་བས་མཁའ་ལམ་ཁྱབ། །ཚད་མེད་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །མདུན་གྱི་ནམ་མཁར་འདབ་མ་སྟོང་ལྡན་པའི། །ཆུ་སྐྱེས་ལྟེ་བར་སེང་ཁྲི་ཉི་ཟླའི་སྟེང་། །དྲི་མེད་འོད་ཟེར་ལྔ་ཡི་གུར་ཁྱིམ་དབུས། །དགྱེས་པའི་འཛུམ་ཆགས་བརྟན་པར་བཞུགས་སུ་གསོལ། །གངྒཱའི་རྡུལ་གྱི་གྲངས་མཉམ་ལུས་སྤྲུལ་ཏེ། །ཡིད་སྲུབས་ཟོལ་སྐྱེས་སྤུ་ལོང་གོས་ལྡན་ཞིང་། །དང་བའི་ཐལ་སྦྱར་མེ་ཏོག་ཁ་འབུས་བཅས། །ཞབས་རྡུལ་སྤྱི་བོར་བླངས་ཏེ་གུས་ཕྱག་འཚལ། །གསེར་གྱི་འདབ་སྟོང་འཁྲིགས་པའི་སྣོད་ཡངས་སུ། །འཆི་མེད་བདུད་རྩིའི་མཆོད་ཡོན་མཚོ་ལྟར་བསྐྱིལ། །ཡིད་འཕྲོག་ལྷ་དང་མི་ཡི་མེ་ཏོག་རྣམས། །ཚིག་མདའི་ལམ་ཀུན་ཁྱབ་པར་རབ་འཁྲིགས་ཤིང་། །འོད་ཟེར་བཞད་ལྡན་རིན་ཅེན་སྣོད་རྣམས་སུ། །ཙནྡན་སྦྲུལ་སྙིང་ལྷ་རྫས་ཨ་ཀ་རུ། །བསྲེགས་པའི་དུད་སྤྲིན་ཕྱོགས་ཀྱི་འཁོར་ལོ་འགེངས། །རབ་འབར་སྒྲོན་མེའི་འཕྲེང་བས་ཆུ་མཐོང་འགོག །ག་བུར་ཙནྡན་གྱིས་(༤༢བ)


GLG011_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྦགས་གུར་ཀུམ་གྱི། །དྲི་ཆབ་ཡིད་འོང་རོལ་མཚོ་ལྟར་འཁྱིལ་ཞིང་། །ཟག་མེད་བདེ་སྟེར་རོ་བརྒྱའི་ཕུན་ཚོགས་ཅན། །ལྷ་དང་མི་ཡི་ཞལ་ཟས་མ་ཚང་མེད། །གདངས་སྙན་སྐད་ཀྱི་འགྱུར་བ་འབུམ་ཕྲག་ཅན། །རྒྱུད་མང་གླིང་བུ་དུང་གི་བྱེ་བྲག་སོགས། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་ཚོགས། །མ་ལུས་ཞིང་ཀུན་ཁྱབ་པར་བྱས་ཏེ་འབུལ། །རིན་ཅེན་ལྷུན་པོ་གླིང་བཞི་གླིང་ཕྲན་བརྒྱད། །ཉི་མ་ཟླ་བ་རྒྱལ་སྲིད་རིན་ཅེན་བདུན། །ལུས་དང་ལོངས་སྤྱོད་འདོད་དགུའི་གཏེར་ཆེན་པོ། །དུས་གསུམ་དགེ་ཚོགས་དང་བཅས་ཁྱེད་ལ་འབུལ། །རྙོག་བྲལ་དད་པའི་ཆུ་གཏེར་ལས་འོངས་པའི། །ཀུན་བཟང་མཆོད་སྤྲིན་མཁའ་ངོས་མ་ལུས་པ། །ཡོངས་སུ་ཁྱབ་པའང་རྒྱལ་སྲས་ཚོགས་རྣམས་ཀྱིས། །དུས་གསུམ་རྒྱལ་བ་མཆོད་བཞིན་ལེགས་པར་མཆོད། །སྟོང་གསུམ་ཁྱོན་ལྟར་ཡངས་པའི་ཐོད་པའི་ནང་། །སྒྲོན་མ་ལྔ་དང་དེ་བཞིན་ལྕགས་ཀྱུ་ལྔ། །སྦྱངས་རྟོགས་སྦར་བྱས་ཟག་མེད་ཡེ་ཤེས་ལྔའི། །རང་བཞིན་བདུད་རྩི་རྒྱ་མཚོར་བསྐྱིལ་པས་མཆོད། །བདག་ཉིད་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །ཡིད་འཕྲོག་རང་སྣང་སྒྱུ་མའི་ཕྱག་རྒྱ་དང་། །མཉམ་པར་སྦྱར་བ་ཨེ་མའོ་བདེ་བ་ཆེ། །སྨྲ་བསམ་བརྗོད་འདས་མཆོད་པའི་མཆོག་འདི་རྨད། །སྤྲོས་པའི་མཚན་མ་ཀུན་བྲལ་གདོད་མའི་གཤིས། །སྒྲིབ་གཉིས་འཆིང་བ་ལས་གྲོལ་ལྷན་ཅིག་སྐྱེས། །བརྟན་གཡོ་ཀུན་ཁྱབ་ཀུན་གྱི་རང་བཞིན་མཆོག །དམིགས་མེད་ཆོས་སྐུའི་བདག་ཉིད་ཁྱོད་ལ་འདུད། །སྲིད་པའི་འཁོར་ལོ་མགྱོཊ་འགྲོ་དབྱིངས་སུ་ཐིམ། །དངས་མ་ལྔ་འདུས་མཚན་དཔེའི་དྲ་བ་ཅན། །རྒྱལ་སྲས་སར་གནས་དཔའ་བོའི་མིག་གི་ནི། །བདུད་རྩི་ལོངས་སྤྱོད་རྫོགས་པ་ཁྱོད་ལ་འདུད། །ཡོངས་དག་མཁའ་ལ་ཤར་བའི་རི་བོང་ཅན། །བརྗོད་འདས་དང་བའི་(༤༣ན)


GLG011_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལ་སྣང་བརྙན་བཞིན། །གདུལ་བྱའི་ཁམས་དང་བསམ་པའི་ཁྱད་པར་ལས། །ཅིར་ཡང་འཆར་བ་སྤྲུལ་པའི་སྐུ་ལ་བསྟོད། །ཨཽ་ཌྜི་ཡཱ་ནར་ཡིད་བཞིན་རྒྱ་མཚོའི་དབུས། །མཚོ་སྐྱེས་ལས་འཁྲུངས་ཉེས་ལྟུང་ཕྲ་མོས་ཀྱང་། །མ་གོས་སྡོམ་བརྩོན་དགེ་སློང་ཆ་ལུགས་ཅན། །མི་ལུས་འགྲོ་བའི་སྐྱབས་གཅིག་ཁྱོད་ལ་འདུད། །གངས་རིའི་ཕྲེང་བས་ཡོངས་བསྐོར་ཕྱོགས་འདིར་ཡང་། །ཞབས་རྡུལ་ཅུང་ཟད་བཀོད་པའི་བཀའ་དྲིན་ལས། །ནག་ཕྱོགས་བདུད་དཔུང་ཀུན་ཞི་རྒྱལ་བའི་བསྟན། །འགྲོ་བའི་ཕན་བདེ་རྒྱས་མཛད་ཁྱོད་ལ་འདུད། །དེ་ནས་འཛབ་བཟླ་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཨཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ། །བཛྲ་ས་མ་ཡཿ སིདྡྷི་ཕ་ལ་ཧཱུྃ། ཧྲི་མ་ཧ་རི་ནི་ས། ར་ཙ་ཧྲི་ཡ། ཙིཏྟ་ཧྲིང་ཧྲིང་ཛཿཛཿ གནད་ནས་བསྐུལ་བ་ནི། དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་དཔལ། །རིགས་འཛིན་བླ་མའི་དངོས་གྲུབ་དུས་ལ་བབ། །ཐུགས་དམ་གནད་ནས་བསྐུལ་ན་མཆེད་ལྕམ་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་སྩོལ། དེ་ནས་མཆོད་གཏོར་དམ་རྫས་རྣམས་ལ་དམིགས་ཏེ་སྭ་བྷཱ་ཝས་སྦྱངས། རང་གི་ཐུགས་ཀའི་ས་བོན་ལས་རཾ་ཡཾ་ཁཾ་འཕྲོས་པས་མཆོད་རྫས་རྣམས་ཀྱི་མ་དག་པའི་དངོས་པོ་ཐམས་ཅད་བསྲེགས་གཏོར་བཀྲུས། ཏྲཾ་རཏྣཾ་ཏྲཻ་ལོ་ཀྱ་བྲུམ་གྱིས་མཆོད་གཏོར་གྱི་སྣོད་ནམ་མཁའི་མཐའ་དང་མཉམ་པའི་ནང་དུ་ཐུགས་ཀ་ནས་འཕྲོས་པའི་ཨོཾ་ཨཱཿཧཱུྃ་གིས་རྫས་རྣམས་གཙང་ཞིང་ཡིད་དུ་འོང་བ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མཛད་པ་མེད་པ་ནམ་མཁའི་མཛོད་ཀྱིས་ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་བའི་ནུས་པ་དང་ལྡན་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས། མདུན་དུ་ཆོས་རྒྱལ་ཆེན་པོ་འཁོར་བཅས་བསྐྱེད་པ་ནི།(༤༣བ)


GLG011_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཧྲཱིཿབཛྲ་ཀྲོ་ཏ་སོགས་ཀྱིས་བསངས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རང་གི་མདུན་དུ་བྷྲུཾ་ལས་མཆོང་། དུང་། གསེར། བྱུ་རུ། གཡུ་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་དགྲ་བགེགས་བསྒྲལ་བའི་ཁྲག་མཚོའི་རྦ་ཀློང་འཁྲུག་ཅིང་། ཤ་ཆེན་གྱི་ལྷུ་དུམ་ཉིལ་བ་མི་ལྤགས་ཀྱི་བླ་བྲེ། གློ་སྙིང་གི་འཕྲེང་བ།རྒྱུ་མའི་ལྡ་ལྡི། ཀེང་རུས་གཅལ་དུ་བཀྲམ་པ། དབུས་ཕྱོགས་མཆོང་གི་གཞལ་ཡས་ཁང་གི་དབུས་སུ་པཾ་ལས་པདྨ། རཾ་ལས་ཉི་མ། དགྲ་བགེགས་ཕོ་མོ་གན་རྐྱལ་ཁ་བུབ་ཏུ་བསྣོལ་བའི་གདན་ལ། ཏྲི་མཐིང་ཁ་ལས་འོད་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་དམར་སེར་འཁྱུག་པ། ཕྱག་གཡས་བདུད་ཀྱི་ཞགས་པ་དགྲ་ལ་འདེབས་ཤིང་། གཡོན་སྤུ་གྲིས་དགྲ་བགེགས་ཀྱི་སྲོག་རྩ་གཅོད་པ། སྐུ་ལ་དོམ་གྱི་སློག་པ་དང་དར་ནག་གི་འཇོལ་བེར། དབུ་ལ་དར་ནག་གི་ཐེབ་ཞུ་མཛེས་པར་གསོལ་བ་རིན་པོ་ཆེས་བརྒྱན་པ། གར་དགུའི་ཉམས་ཅན། གངས་རིའི་དུམ་བུ་ཆད་འདྲའི་གླང་ཆེན་སྣ་རིང་ལ་བཅིབས་པའི་མོན་བུ་པུ་ཏྲས་ཁྲིད་པ། གློག་དང་མེ་ལྕེ་རོལ་ཏུ་ཁྲིད་ཅིང་ཐོག་སེར་ཕོ་ཉར་གཏོང་བ་བསྐལ་བའི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེའི་མདུན་དུ་གནོད་སྦྱིན་ཆེན་པོ་སྲོག་བདག་ཡང་ལེ་བེར་སྐུ་མདོག་དམར་པོ་ཉི་མ་སྟོང་གི་གཟི་ལྡན་དྲག་ཏུ་ཁྲོས་པ། ཤ་ཁྲག་སྲོག་དབུགས་ཞལ་དུ་གསོལ་ཞིང་། རེས་འགའ་ཡ་སོས་མ་མཆུ་མནན་ཏེ་ཁྲོ་གཉེར་སྨིན་ཕྲག་ཏུ་བསྡུས་པ། བསེ་ཁྲབ་དང་བསེ་རྨོག་གྱོན་པ། གཡས་མདུང་དམར་དང་གཡོན་བཙན་ཞགས་དགྲ་ལ་འཕེན་པ། རིན་པོ་ཆེའི་སྒ་སྲབ་དང་དར་གྱི་(༤༤ན)


GLG011_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཅོད་པན་གྱིས་སྤྲས་པའི་རྟ་མཆོག་རླུང་གི་ཤུགས་ཅན་ལ་བཅིབས་པ། ཡུམ་ཤནྟི་རོ་ཟན་དམར་མོ་དར་གྱི་ཨང་རག་གྱོན་པ། ཁྲག་དང་ཞག་གིས་བརྒྱན་པ་ལྕགས་ཀྱུ་དང་བནྡྷ་སྙིང་འཛིན་པ། སྤྲུལ་པ་དགེ་བསྙེན་གཞོན་ནུའི་ཆ་བྱད་ཅན། དར་དམར་གྱི་བེར་གྱོན་ཞིང་ཤེལ་གྱི་འཕྲེང་བས་མགུལ་རྒྱན་བྱས་པ། གཡས་སྡིགས་མཛུབ་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཟངས་གྲི་བརྡེག་ཚུལ་མཛད་པ། བློན་པོ་སྲོག་བདག་བཀའི་བྱ་ར་བ་བེར་སྨུག་གྱོན་ཞིང་། དར་ནག་རུ་མཚོན་འཕྱར་བ། སེང་གེ་དཀར་མོ་ལ་བཅིབས་པ། ཤར་ཕྱོགས་དུང་གི་གཞལ་ཡས་ཁང་གི་དབུས་སུ་པད་ཉི་དགྲ་བགེགས་བསྣོལ་བའི་གདན་ལ། ཏྲི་ལས་སྐུའི་རྒྱལ་བ་མོན་བུ་པུ་ཏྲ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་དང་གཡོན་ཤེར་ཤིང་གི་གསེག་ཤང་འཛིན་པ། སྐུ་ལ་མེན་ཏྲི་ནག་པོའི་ན་བཟའ་དང་། དབུ་ལ་དར་ནག་གི་ཐེབ་ཞུ་གསོལ་བ། སེང་གེ་དཀར་མོ་ལ་བཅིབས་ཤིང་། དོམ་ནག་སྨྱོན་པ་རོལ་དུ་ཁྲིད་པ། སྟག་གཟིག་དོམ་དྲེད་ཕོ་ཉར་གཏོང་བ། ཡུམ་བདུད་མོ་རོ་ལངས་མ་དཀར་མོ་དར་དཀར་གྱི་ན་བཟའ་གསོལ་བ། དམ་ཤིང་དང་བནྡྷ་སྙིང་འཛིན་པ། སྤྲུལ་པ་དགེ་སློང་དགྲ་བཅོམ་གཞོན་ནུ་ཆོས་གོས་ངུར་སྨྲིག་གསོལ་བ། ཤེར་ཤིང་གི་གསེག་ཤང་དང་སྤུ་གྲི་བསྣམས་པ། ཀ་པ་ལི་རྒྱབ་ཏུ་ཁུར་བ། སྤྱི་བླུག་མདུན་དུ་འཆང་བ། བློན་པོ་བྱ་ཁྲིད་མིག་གཅིག་པ་གཅེར་བུ་སྦྲུལ་གྱི་ཐོད་ཅན་ཤེལ་གྱི་རྡོ་རྗེ་འཕེན་པ། རྟ་མཆོག་སྔོན་པོ་སྒབ་ནག་ལ་བཅིབས་པ། ལྷོ་ཕྱགས་གསེར་གྱི་གཞལ་ཡས་ཁང་གི་དབུས་སུ་ཏྲི་ལས་ཡོན་ཏན་གྱི་རྒྱལ་པོ་ཤིང་བྱ་ཅན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་དགྲ་སྟ་དང་གཡོན་ཞགས་པ་འཛིན་པ། སྐུ་ལ་སྦྲུལ་དང་སྟག་གི་གཡང་གཞི་དང་།(༤༤བ)


GLG011_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ལ་སྨྱུག་མའི་ཚག་ཞུ་གསོལ་བ། སྟེང་ན་ཁྱུང་གི་ཁོག་ཕུབ་པ། སྲིད་པའི་གཡུ་འབྲུག་རོལ་དུ་ཁྲིད་པ། སྤྲ་སྤྲེལ་བྱི་ལ་ཕོ་ཉར་འགྱེད་པ། ཡུམ་གསེར་གྱི་སྤུ་གྲི་ནག་མོ་ཞལ་གཅིག་ཕྱག་བཞི། གཡས་རལ་གྲི་དང་མདུང་དམར། གཡོན་ཤག་ཏི་དང་ཏྲི་ཤུལ་བསྣམས་པ། དར་ནག་གི་ཅོད་པན་བཅིངས་པ། རེ་ལྡེ་སེར་པོའི་སྨད་གཡོགས་ལ་སྦྲུལ་གྱི་སྐ་རགས་ཅན། སྙན་གཡས་ལ་སེང་གེ་དང་གཡོན་ལ་སྦྲུལ་གྱིས་བརྒྱན་པ། མགུལ་ལ་དྲིལ་བུ་འཁྲོལ་བ། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པ། བོང་བུ་གྭ་དམར་ཞོན་ནས་མཚན་མོ་རྒྱུ་བ། སྤྲུལ་པ་སྐུ་མདོག་སྔོ་སྐྱ་མེན་ཏྲེ་དམར་པོའི་ག་ཤ་ཅན་སྤ་ཁུག་མཆུ་རིངས་བསྣམས་པ། བློན་པོ་བྱ་རྒོད་ཐང་ནག་དགེ་བསྙེན་གཞོན་ནུའི་ཆ་བྱད་ཅན། རྡོ་རྗེ་དང་ཐོ་བ་ཐོགས་པ། ནུབ་ཕྱོགས་བྱུ་རུ་དམར་པོའི་གཞལ་ཡས་ཁང་ན། ཏྲི་ལས་གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་དམར་པོ་ཞལ་གཅིག་ཕྱ་གཉིས་ཀྱི་གཡས་སྦའི་འགིང་འཁར་དང་། གཡོན་ཙནྡན་གྱི་བེང་ཆེན་བསྣམས་པ། དར་ནག་གི་འཇོལ་བེར་ཅན་དབུ་ལ་སྨྱུག་ཞུ་འཁོར་མ་གསོལ་བ། དྲེལ་ནག་རྐང་དཀར་ལ་བཅིབས་པའི་སྣ་གཟུང་མོན་བུ་པུ་ཏྲས་བྱས་པ། །སྤྱང་ཀི་རོལ་དུ་ཁྲིད་ཅིང་ལྕགས་ཀྱི་བྱ་ཁྲ་ཕོ་ཉར་གཏང་བ། ཡུམ་མཛེས་བྱེད་པད་མ་ཅན་དམར་མོ་དམ་ཤིང་དང་བནྡྷ་འཛིན་པ། མཛེས་པའི་རྒྱན་ཆ་དང་ལྡན་པ། སྤྲུལ་པ་མཐིང་ནག་རལ་པ་གྱེན་དུ་བརྫེས་ཤིང་། ཨག་ཚོམ་སེར་ནག་འབར་བ་སྟག་ལྤགས་གྱོན་ཞིང་། ཞིང་དབྱུག་དང་སྤྱང་ཀིའི་རྒྱལ་མཚན་འཕྱར་བ། བློན་པོ་རྡོ་རྗེ་གྲགས་ལྡན་དར་དམར་གྱི་ཆོས་གོས་སོགས་དགེ་སློང་གཞོན་ནུའི་ཆ་བྱད་ཅན་ཤེར་ཤིང་གི་གསེག་ཤིང་བསྣམས་ཤིང་རྔ་མོ་ག་པ་ལ་བཅིབས་པ། བྱང་ཕྱོགས་གཡུའི་གཞལ་ཡས་ཁང་སྔོན་པོ་ནི། ཏྲི་ལས་འཕྲིན་ལས་ཀྱི་རྒྱལ་པོ་ཞལ་གསུམ་སྟོད་ཀྱི་མི་ཕོ་ཆེ་དབུ་གསུམ་ཕྱག་དྲུག་པ། དཀར་(༤༥ན)


GLG011_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་དམར་བའི་ཞལ་ཅན། གཡས་གསུམ་ལྕགས་ཀྱུ་མདའ་དང་རལ་གྲི། གཡོན་གསུམ་སྤུ་གྲི་གཞུ་བེར་ཀ་བསྣམས་པ། དར་དཀར་གྱིས་སྟོད་གཡོགས་ཤིང་ཞིང་ལྤགས་དང་སྟག་ཤམ་གྱོན་པ། དབུ་ལ་ཚག་ཞུ་གདུགས་ཐབས་སུ་གསོལ་བ། སེང་གེ་དཀར་མོ་ལ་བཅིབས་པའི་སྣ་གཟུང་མོན་བུ་པུ་ཏྲས་བྱས་པ། འཚུབ་མ་རོལ་དུ་ཁྲིད་ཅིང་སྐྱུང་ཀ་ཕོ་ཉར་གཏང་བ། ཡུམ་བདུད་གཟའ་སྨིན་དཀར་མཐིང་ནག་བདུད་ཀྱི་སློག་པ་གྱོན་པ། དམ་ཤིང་བནྡྷ་བསྣམས་པ། སྤྲུལ་པ་ནག་པོ་ཞིང་ལྤགས་གསོལ་ཞིང་སྦྲུལ་གྱིས་བརྒྱན་པ། སྟག་དང་སྤྱང་ཀིའི་རྒྱལ་མཚན་འཕྱར་བ། བློན་པོ་པུ་ཏྲ་ནག་པོ་དར་ནག་གི་རལ་ཀ་གསོལ་ཞིང་གྲི་གུག་འཛིན་པ། དྲེལ་རྟ་ནག་པོ་ལ་བཅིབས་པ། དེ་དག་གི་ཕྱི་རོལ་གྱི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་བློན་པོ་ཤ་གྲོལ་གྱི་གྲོལ་འཁོལ་པོ་འཛིན་པ་སྔོན་པོ། སྔོ་སངས་འབག་དང་སེང་གེ །མོན་བུ་ཨ་ཙ་ར་དང་སྤྲེའུ། དགེ་སློང་འཁར་གསིལ་ཐོགས་པ་བརྒྱ། སྔགས་པ་ཕུར་བུ་ཐོགས་པ་བརྒྱ། བུད་མེད་རལ་པ་སྤྲུགས་པ་བརྒྱ། སྐྱེས་པ་གྲི་ཕུབ་ཐོགས་པ་བརྒྱ་ལ་སོགས་པ་འཁོར་དཔག་ཏུ་མེད་པས་བསྐོར་བ། གཙོ་འཁོར་དེ་དག་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། དེ་ནས་བཞེངས་སུ་གསོལ་བ་ནི། རང་བཞིན་བདེ་བ་ཆེན་པོའི་ངང་ཉིད་ལས། །མཁའ་ལ་ཆུ་འཛིན་གསར་དུ་འཁྲིགས་པ་ལྟར། །སྤྲུལ་པའི་བཀའ་སྲུང་རྒྱལ་པོ་སྐུ་ལྔ་པོ། །གསང་ཡུམ་བློན་པོར་བཅས་པ་སྐུ་བཞེངས་ཤིག །དབུས་ཕྱོགས་མཆོང་གི་ཕོ་བྲང་ཡངས་པ་ནས། །ཐུགས་ཀྱི་རྒྱལ་པོ་འཁོར་བཅས་སྐུ་བཞེངས་ཤིག །ཤར་ཕྱོགས་དུང་གི་ཕོ་བྲང་༝། །སྐུ་ཡི་རྒྱལ་པོ་༝། །ལྷོ་ཕྱོགས་གསེར་གྱི་༝། །ཡོན་ཏན་༝། །ནུབ་ཕྱོགས་བྱུ་རུའི་༝། །གསུང་གི་༝། །བྱང་(༤༥བ)


GLG011_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཡུ་ཡི་༝། །འཕྲིན་ལས་༝། །སྤྲུལ་པ་ཡང་སྤྲུལ་ས་དང་བར་སྣང་ཀུན། །མ་ལུས་གང་བ་གནས་འདིར་སྐུ་བཞེངས་ཤིག །སྤྱན་འདྲེན། བཞུགས་གསོལ། བསྟོད་པ། དམ་བསེ་བ་རྣམས་ནི་གཏེར་གཞུང་དངོས་ལས་འདི་ལྟར། ཧཱུྃཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཏིང་ངེ་འཛིན་གྱིས་བསྐྱེད་པའི་དཀྱིལ་འཁོར་འདིར༔ སྤྱན་འདྲེན་གཤེགས་སུ་གསོལ་བའི་ཆོས་སྐྱོང་ནི༔ གནོད་སྦྱིན་རྒྱལ་པོ་སྡེ་ལྔ་འཁོར་དང་བཅས༔ དམ་ཚིག་གཞུང་བཞིན་བསྲུང་བའི་སྐྱེས་མཆོག་ཁྱོད༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ༔ བཀའ་ཡི་བསྟན་པ་བསྲུང་བའི་དོན་ཆེད་དུ༔ ཆོས་ཀྱི་དབྱིངས་ནས་སྒྱུ་མར་སྐུར་བཞེངས་ཤིག༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་ཁྱོད༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ༔ ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་རྒྱལ་པོ་དང་༔ ཡུམ་གཅིག་ཤནྟི་རོ་ཟན་མཐུ་མོ་ཆེ༔ བློན་པོ་སྲོག་བདག་བཀའ་ཡི་བྱ་ར་བ༔ འཁོར་དང་བཅས་པ་གནས་འདིར་༝། སྐུ་ཡི་རྒྱལ་པོ་མོན་བུ་པུ་ཏྲ་སྟེ༔ གསང་བའི་ཡུམ་གཅིག་བདུད་མོ་རོ་ལངས་མ༔ བཀའ་ཡི་བློན་པོ་བྱ་ཁྲིད་མིག་གཅིག་པོ༔ འཁོར་དང་བཅས་པ་གནས་འདིར་༝། །ཡོན་ཏན་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན༔ གསང་བའི་ཡུམ་གཅིག་གསེར་གྱི་སྤུ་གྲི་མ༔ བཀའ་ཡི་བློན་པོ་བྱ་རྒོད་ཐང་ནག་སྟེ༔ འཁོར་དང་བཅས་པ་༝། གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་པུ༔ གསང་བའི་ཡུམ་གཅིག་མཛེས་བྱེད་པདྨ་སྐྱེས༔ བཀའ་ཡི་བློན་པོ་རྡོ་རྗེ་གྲགས་ལྡན་ཏེ༔ འཁོར་དང་བཅས་ཏེ་༝། །་འཕྲིན་ལས་རྒྱལ་པོ་ཞལ་གསུམ་མི་ཕོ་ཆེ༔ གསང་བའི་ཡུམ་ཆེན་བདུད་གཟའ་སྨིན་དཀར་མ༔ བཀའ་ཡི་བློན་པོ་པུ་ཏྲ་ནག་པོ་སྟེ༔ འཁོར་བཅས་༝། ཛཿཧཱུྃ་བཾ་ཧོཿཨ་ལ་ལ་ཧོཿ ཨེ་ཧྱེ་ཧི་བྷ་ག་ཝན་ཨཾ་ཀུ་ཤ་ས་(༤༦ན)


GLG011_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ་ཛཿཛཿ ཞེས་ཕྱག་རྒྱ་བཞིས་རྒྱས་གདབ་བོ། །བཞུགས་སུ་གསོལ་བ་ནི། ཧཱུྃཿ མ་ཏྲཾ་བསྒྲལ་བའི་གནས་མཆོག་དམ་པ་འདིར༔ ཁ་བུབ་གན་རྐྱལ་གྱི་ཆིངས་གདན་དུ་བསྣོལ༔ རིན་ཅེན་སྣ་ལྔའི་རི་རབ་གཞལ་ཡས་བརྩེགས༔ ཉི་ཟླ་པདྨའི་གདན་གྱིས་མཛེས་པར་སྤྲས༔ མ་ཆགས་ལྷུན་གྱིས་གྲུབ་པའི་གནས་མཆོག་འདིར༔ བསྟན་པ་བསྲུང་ཕྱིར་གཉིས་མེད་བརྟན་པར་བཞུགས༔ དབུས་ཕྱོགས་མཐིང་ནག་འབར་བའི་གཞལ་ཡས་སུ༔ ཐུགས་ཀྱི་རྒྱལ་པོ་འཁོར་བཅས་བཞུགས་སུ་གསོལ༔ ཤར་ཕྱོགས་དཀར་པོ་དུང་གི་༝། སྐུ་ཡི་རྒྱལ་པོ་༝། །ལྷོ་ཕྱོགས་རིན་ཅེན་གསེར་གྱི་༝། ཡོན་ཏན་རྒྱལ་པོ་༝། ནུབ་ཕྱོགས་བྱུ་རུ་དམར་པོའི་༝། །གསུང་གི་རྒྱལ་པོ་༝། །བྱང་ཕྱོགས་རིན་ཅེན་གཡུ་ཡི་༝། །འཕྲིན་ལས་རྒྱལ་པོ་༝། །པདྨ་ཨ་བེ་ཤ་ཡ་ཨ། བཛྲ་ཏྲི་དུ་རུ་ཧཱ། བཛྲ་ཨ་ཏི་ཏིཥྛ། ཀ་ར་ཤ་ཡ། ས་མ་ཡ་ཁ་དྷུར་དཀར་པོ་ཨ་བེ་ཤ་ཡ་སྟྭཾ། ཨ་བེ་ཤ་ཡ་ཏིཥྛཾ་ལྷན། ཅེས་པས་གཉིས་སུ་མེད་པར་བཞུགས་པར་བསམ། ཕྱག་འཚལ་བ་ནི། ཧཱུྃཿ འཇིག་རྟེན་ལས་ལ་འགྲུབ་པའི་དྲེགས་པ་ཅན༔ རྒྱལ་པོ་ཆེན་པོ་སྐུ་ལྔའི་སྐུར་བསྟན་པ༔ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ རྒྱལ་པོ་སྡེ་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཀཪྵ་ཡ་ཨ་བེ་ཤ་ཡ། ཧ་ཧེ་ཧ་ར་ཏི་ཧོཿ ཞེས་འཁོར་རྣམས་ཀྱི་གཙོ་བོ་ལ་ཕྱག་འབུལ་བར་བསམ་མོ། །དམ་བསྲེ་བ་ནི། ཨོཾ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ བརྒྱ་རྩས་བྱིན་གྱིས་བརླབས། དམ་བསྲེལ་རབ་འབྲིང་ཐ་གསུམ་སྟེ། །སྤྱི་རྒྱུགས་སུ་བྱེད་ཚེ། ཐ་ཚིག་ནི། ཧཱུྃཿ སྐྱེས་མཆོག་དགྲ་ལྷ་ཆེན་པོ་ཁྱོད༔ ཁྱོད་དང་བདག་གཉིས་དམ་བསྲེ་ན༔ དཔལ་ཆེན་ཁྲག་འཐུང་གཟུ་དང་དཔང་༔ དུས་ཚིགས་འདི་ནས་བཟུང་ནས་ནི༔ ཇི་སྲིད་འཚོ་ཡི་བར་ཉིད་དུ༔ བདག་ཀྱང་དམ་ལས་མ་འདའ་བར༔(༤༦བ)


GLG011_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་རྒྱལ་པོ་མཆོད་ཅིང་བསྟེན༔ ཁྱོད་ཀྱང་དམ་ལས་མི་འདའ་བར༔ རྟག་ཏུ་བདག་གི་གྲོགས་མཛོད་ཅིག༔ ཅི་སྟེ་དམ་ལས་ཁྱོད་འདས་ན༔ རྡོ་རྗེ་གནོད་སྦྱིན་ཁྲོ་བོ་ཡིས། །ཐལ་བའི་རྡུལ་བཞིན་བརླག་པར་བྱེད༔ རྡོ་རྗེ་དྲི་ཆུ་བདུད་རྩི་མཆོག༔ པཉྩ་ཨ་མྲྀ་ཏ་དང་སྦྱར༔ དམ་ཚིག་སྙིང་གི་ཁྲག་ཆེན་པོ༔ བསྲེ་བའི་མཆོག་དེ་སྲོག་གི་སྙིང་༔ སྙིང་དང་སྙིང་གི་གྲོགས་པོར་བྱས༔ རྟག་ཏུ་དམ་ལས་མ་འདའ་ཞིག༔ བཛྲ་ཏྲི་དུ་རཀྵ་ཡཀྵ་ཧཱུྃ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་རང་གི་ལྕེ་ལ་ཡང་བཞག །རྒྱལ་པོ་རྣམས་ལ་ཡང་གཏོར། བདག་དང་རྒྱལ་པོ་གཉིས་མེད་དུ་གྱུར་ཏེ། ཇི་སྲིད་འཚོའི་བར་བཀའ་ཉན་ཅིང་ལས་བྱེད་པར་བསམ་མོ། །ཕྱི་མཆོད་འབུལ་བ་ནི། སྤྲུལ་པའི་ཆོས་རྒྱལ་འཁོར་བཅས་སྤྱན་སྔ་རུ། །རྦ་རླབས་ཆལ་ཆིལ་གཡོ་བའི་མཆོད་ཡོན་དང་། །སྣ་ཚོགས་མེ་ཏོག་ཕང་ཕུང་ཅི་ཡང་གཡོ། །དངར་བའི་དུད་སྤྲིན་ནམ་མཁའི་ཁྱོན་ཀུན་འགེངས། །ཉི་ཟླ་ལྟར་གསལ་མར་མེའི་འཕྲེང་བ་དང་། །སྨན་གྱིས་ཆེས་ཆེར་སྦགས་པའི་དྲི་ཆབ་ཚོགས། །ཕུན་ཚོགས་རོ་བརྒྱའི་བཤོས་བཟང་ཇི་སྙེད་པ། །སྙན་ཅིང་བརྗིད་པའི་རོལ་མོའི་སྒྲ་དབྱངས་རྣམས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་ལེགས་འབུལ་ན། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །འཕྲིན་ལས་བཞིའི་མཆོད་པ་ནི། སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ལ། །གཟུགས་མཛེས་གར་དང་སྙན་པའི་རོལ་མོའི་སྒྲ། །དྲི་ཞིམ་རོ་མཆོག་རེག་བྱ་ལྷ་ཡི་གོས། །འབུལ་གྱི་ཞི་བའི་ལས་རྣམས་སྒྲུབ་པར་མཛོད། །རིན་ཅེན་གདུགས་དང་གསེར་ཉ་པདྨ་དུང་། །བུམ་བཟང་དཔལ་གྱི་བེའུ་རྒྱལ་མཚན་དང་། །འཁོར་ལོ་སྤྲུལ་པའི་རྒྱལ་པོར་འབུལ་བྱེད་ན། །ཚེ་དཔལ་བསོད་ནམས་རྒྱས་པའི་འཕྲིན་ལས་མཛོད། །(༤༧ན)


GLG011_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལས་རྣམ་པར་རྒྱལ་བའི་འཁོར་ལོ་དང་། །རིན་ཅེན་བཙུན་མོ་བློན་པོ་གླང་པོ་རྟ། །དམག་དཔོན་སྤྲུལ་པའི་རྒྱལ་པོར་འབུལ་བྱེད་ན། ཁམས་གསུམ་དབང་དུ་བསྡུ་བའི་འཕྲིན་ལས་མཛོད། །བཀའ་སྲུང་གནོད་སྦྱིན་ཆེན་པོའི་སྤྱན་སྔ་རུ། །དམར་ཆེན་ཁྲག་གི་ཨརྒྷཾ་མཚོ་ལྟར་བསྐྱིལ། །མིག་སོགས་དབང་པོ་ལྔ་ཡི་མེ་ཏོག་དང་། །ཤ་ཆེན་བསྲེགས་པའི་དུད་སྤྲིན་ལང་ལོང་གཡོ། །ཚིལ་ཆེན་ཞུན་མར་ལས་འོངས་མར་མེའི་འཕྲེང་། །ཤ་རུས་ཕུང་པོར་སྤུངས་པའི་ཞལ་ཟས་དང་། །དུང་ཆེན་རྐང་གླིང་རོལ་མོའི་ཚོགས་འབུལ་གྱི། །མངོན་སྤྱོད་དྲག་པོའི་འཕྲིན་ལས་མྱུར་དུ་སྒྲུབས། །ནང་མཆོད་འབུལ་བ་ནི། རྩ་རྒྱུད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །བདུད་རྩི་སྨན་གྱི་མཆོད་པ་དམ་པ་འདི། །ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་དབང་ལ། །རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕྱག་ན་རྡོ་རྗེ་པདྨ་ཐོད་ཕྲེང་རྩལ། །ཇོ་མོ་འཚོ་རྒྱལ་ཁྲི་སྲོང་ལྡེའུ་བཙན། །མངའ་བདག་ཉང་རལ་གུ་རུ་དོན་སེང་ལ། །རྩ་བརྒྱུད་༝། །ཨོཾ་ཨཱཿཧཱུྃ་༝། །རྩ་བྲལ་བྱ་བཏང་འཇམ་དབྱངས་བློ་གྲོས་དང་། །འཇམ་དབྱངས་དཔལ་རིན་དཔལ་ལྡན་དོན་གྲུབ་པ། །ནམ་མཁའ་བཟང་པོ་བཀའ་བརྒྱད་གཞོན་བཟང་ལ། །རྩ་བརྒྱུད་༝། །ཨོཾ་ཨཱཿཧཱུྃ་༝། །སྐལ་ལྡན་རྒྱ་མཚོ་མི་འགྱུར་ལས་འཕྲོ་གླིང་། །འབྲི་གུང་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་རྗེ། །ཉི་ཟླ་སངས་རྒྱས་ལན་བུ་དཀར་ཆེན་ལ། །རྩ་བརྒྱུད་༝། །ཨོཾ་ཨཱཿཧཱུྃ་༝། །རྡོ་རྗེ་འཆང་དབང་ཕ་བོང་ཁ་པའི་ཞབས། །ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་དཔལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །རྩ་བརྒྱུད་༝། །ཨོཾ་ཨཱཿཧཱུྃ་༝། །ཡི་དམ་པདྨ་དབང་ཆེན་དཀྱིལ་འཁོར་ལྷ། །རྒྱལ་པོ་སྐུ་ལྔ་ཡང་སྤྲུལ་གསང་ཡུམ་བློན། །འཁོར་དང་བཅས་ལ་བདུད་རྩི་སྨན་མཆོད་འབུལ། །(༤༧བ)


GLG011_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དམར་ཆེན་ཁྲག་གི་རྦ་རླབས་རབ་འཁྲུག་པའི། །ཞིང་བཅུའི་དགྲ་བགེགས་བསྒྲལ་བའི་དངས་མ་ནི། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་བཅས་ལ། །འབུལ་ལ་ཉེ་བར་བཞེས་ལ་དགྱེས་དགུར་རོལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། བཛྲ་ཡགྴ་ཁཱ་ཧི། དུན་ནི་དུན་ཏིང་ཁཱ་ཧི། ཡགྴ་ནག་པོ་ཁཱ་ཧི། ཤ་གྲོལ་ཧུ་རུ་ཁཱ་ཧི། ཀྱི་གྲོལ་ཧུ་རུ་ཁཱ་ཧི། ཙིཏྟ་མ་ཧཱ་ཁཱ་ཧི། འཛིན་པོ་རུ་ཏྲ་ཁཱ་ཧི། སྡོམ་པོ་ཆང་རྒྱུད་ཁཱ་ཧི། རུ་ཏྲ་རུ་ཏྲ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། རགྴ་ཚུལ་པ་ཁཱ་ཧི། ཤ་རྒྱུད་སྙིང་རྒྱུད་ཁཱ་ཧི། དབང་པོ་སྣ་ལྔ་ཁཱ་ཧི། ཤ་མ་རུ་ཏྲི་ཁཱ་ཧི། ཨརྒྷཾ་ཏཱིཙྪ་ཧོཿ པཱུ་ཙ་བཛྲ་དུ་ཧོ། བདུན་ནམ་ཉེར་གཅིག་སོགས་དང་། མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་མཛོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། དེ་ནས་བསྟོད་ཅིང་འཕྲིན་ལས་བཅོལ་བ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པ་འདི་ལྟར། ཧཱུྃཿ མ་ལུས་རྒྱལ་བའི་མཁྱེན་བརྩེ་གཅིག་བསྡུས་ནས། །ཨཽ་ཌྜི་ཡ་ནར་པདྨའི་གེ་སར་ལས། །ལེགས་འཁྲུངས་རྒྱལ་དབང་པདྨ་སཾ་བྷ་ཝས། །གནས་འདིར་མངའ་ཐང་རིཊ་བརྒྱུད་འཕེལ་བར་མཛོད། །མགོན་དེས་བོད་ཁམས་ཕན་བདེ་འབྱུང་བའི་གཞི། །ཟབ་ཡངས་མི་འགྱུར་ལྷུན་གྱིས་གྲུབ་ལ་སོགས། །གཙུག་ལག་ཁང་ཀུན་བསྲུང་བར་མངའ་གསོལ་བའི། །ཆོས་སྐྱོང་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །མཐའ་བྲལ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །འཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་བའི་ཕྱིར། །སྐུ་ལྔའི་(༤༨ན)


GLG011_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རོལ་སྣ་ཚོགས་སྟོན་མཛད་པའི། །བསྟན་སྲུང་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །གང་ལ་མཆོད་བསྟོད་བསྙེན་སྒྲུབ་ལྷུར་བླངས་ན། །དཔག་བསམ་ཤིང་དང་བུམ་བཟང་ནོར་བུ་ལྟར། །འདོད་དགུའི་དངོས་གྲུབ་ཆར་བཞིན་འབེབས་མཛད་པའི། །བསམ་འཕེལ་དབང་གི་རྒྱལ་པོར་བདག་བསྟོད་དོ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་བཅས་ཀྱིས། །ས་དང་བར་སྣང་གང་བའི་སྤྱན་གཟིགས་དང་། །དམ་རྫས་མཆོད་གཏོར་རྒྱ་མཚོ་འདི་བཞེས་ལ། །ཕུན་ཚོགས་ཆོ་རིགས་འཕེལ་བའི་འཕྲིན་ལས་མཛོད། །གླིང་བཞིའི་དཔལ་ལ་འདོད་དགུར་དབང་སྒྱུར་བའི། །གསེར་གྱི་འཁོར་ལོས་སྒྱུར་རྒྱལ་ཇི་བཞིན་དུ། །ཕུན་ཚོགས་ཡོན་ཏན་ལྡན་པའི་སྲས་སྟོང་དང་། །ལྡན་པའི་མངའ་ཐང་ཆབ་སྲིད་བརྟན་པར་མཛོད། །བཤགས་པ་བྱ་བ་ནི། ཧཱུྃཿ ཀུན་ཏུ་བཟང་པོ་རིགས་འཛིན་པདྨ་འབྱུང་། །རྩ་བརྒྱུད་བླ་མ་རྟ་མགྲིན་དབང་གི་ལྷ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་དེང་འདིར་དགོངས་སུ་གསོལ། །བདག་ཅག་མ་རིག་སྒྲིབ་པའི་དབང་གྱུར་ཏེ། །དངོས་གྲུབ་རྩ་བ་བླ་མར་དམོད་པ་དང་། །ཡི་དམ་ལྷ་ལ་སྤོང་ལེན་བགྱིས་པ་དང་། །གསང་བ་སྔགས་ཀྱི་དམ་ཚིག་ཉམས་པ་བཤགས། །ཁྱད་པར་སྤྲུལ་པའི་རྒྱལ་པོ་འཁོར་བཅས་ལ། །བསྙེན་སྒྲུབ་མཆོད་གཏོར་བསྐང་བ་ཆག་པ་དང་། །གཏང་རག་ལེ་ལོའི་དབང་གྱུར་དུས་ལས་ཡོལ། །མཆོད་རྫས་མི་གཙང་སྦགས་སོགས་མཐོལ་ལོ་བཤགས། །གདུག་ཅན་དགྲ་དང་ཟས་གཏམ་འདྲེས་པ་དང་། །འཕྲིན་ལས་རྣམ་བཞིའི་བྱ་བ་ཉེ་བར་བོར། །འགྲོ་ལ་བརྩེ་བའི་སྙིང་རྗེ་བཏང་བ་སོགས། །ཐེག་ཆེན་ཚུལ་དང་འགལ་རྣམས་མཐོལ་ལོ་བཤགས། །ཆོས་ཀུན་གདོད་ནས་སྟོང་པའི་རང་བཞིན་ལ། །ཀུན་རྫོབ་འཁྲུལ་ངོར་བགྱིད་(༤༨བ)


GLG011_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉེས་པ་རྣམས། །གསལ་སྟོང་འཛིན་པ་མེད་པ་རིག་པའི་གཤིས། །སྤྲོས་བྲལ་ཆོས་དབྱིངས་ངང་དུ་དག་པར་མཛོད། །ཚོགས་བྱིན་གྱིས་བརླབ་པ་ནི། ཨཱོཾ་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཕགས། རཾ་ཡཾ་ཁཾ་ཧཱུྃ་ཧཱུྃ་ཨཱཿཨཱཿ ཨཱོཾ་ཨཱོཾ་ཧ་ཧོ་ཧྲཱིཿ སྤྱན་དྲངས་པ་ནི། དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་དཔལ། །པདྨ་ཐོད་ཕྲེང་དབང་ཆེན་ཡབ་ཡུམ་ལྷ། །དང་བོ་གིང་དང་ཆོས་སྐྱོང་སྲུང་མ་རྣམས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དཔའ་པོ་འབུལ་བ་ནི། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་གིང་དང་ཆོས་སྲུང་གཏོར་བདག་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གུ་རུ་དེ་ཝ་ཌཱ་ཀི་ནི་གྷ་ན་ཙ་ཀྲ་པཱུ་ཙ་ཁཱ་ཧི། བཤགས་པ་ནི། ཡི་གེ་བརྒྱ་པ་བརྗོད། །ཐམ་ཟན་ལྟ་བུ་ལ་དགྲ་བགེགས་ཀྱི་གཟུགས་སུ་དམིགས་ཏེ། ནྲི་ཏྲི་ཛཿ མེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་ཕུར་བུས་དགྲ་སྙིང་གཟིར༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨཱོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛ། ནྲི་ཏྲི་མཱ་ར་ཡ་ཧཱུྃ་ཕགས༔ བསྟབ་པ་ནི། པདྨ་ཐོད་ཕྲེང་འཁོར་བཅས་རྣམས། །རབ་ཏུ་འཇིགས་པའི་ཞལ་ཕྱེ་ཞིག །དགྲ་བགེགས་ཤ་རུས་མཆོད་པར་འབུལ། །མཉམ་ཉིད་ངང་དུ་མཆོད་པ་བཞེས། །གུ་རུ་དེ་ཝ་ཌཱ་ཀི་ནི་དགྲ་བགེགས་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་བསྐང་གསོ་ནི། བསྐང་རྫས་བྱིན་གྱིས་བརླབས་ཏེ། ཧཱུྃཿ རབ་འབྱམས་དུས་གསུམ་རྒྱལ་བ་མ་ལུས་པའི། །བསྟན་སྲུང་སྤྲུལ་པའི་རྒྱལ་པོ་འཁོར་བཅས་པ། །ཕྱི་ནང་གསང་བའི་དམ་རྫས་ཀྱིས་སྐོངས་ན། །དགྱེས་དགུར་སྤྱོད་ལ་བཅོལ་བའི་འཕྲིན་ལས་མཛོད། ཁྲག་གི་ཨརྒྷཾ་རྦ་རླབས་སྲིད་རྩེར་འཁྲུག །(༤༩ན)


GLG011_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་ཅན་བསྒྲལ་བའི་དབང་པོའི་མེ་ཏོག་གཡོ། །ཤ་ཆེན་སྤོས་དཀར་བསྲེགས་པའི་དུད་སྤྲིན་འཐུལ། །ཚིལ་ཆེན་སྒྲོན་མེ་ཚར་དུ་དངར་བ་འདིས། །ཆོས་སྐྱོང་རྒྱལ་པོ་སྡེ་ལྔའི་ཐུགས་དམ་བསྐང་། །གསང་བའི་ཡུམ་ཆེན་རྣམ་ལྔའི་ཐུགས་དམ་བསྐང་། །འཇིགས་རུང་སྤྲུལ་པ་ལྔ་ཡི་ཐུགས་དམ་བསྐང་། །བཀའ་ཉན་བློན་པོའི་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་སྐོངས་གྱུར་ནས། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །ས་དབང་རྒྱལ་པོའི་མངའ་ཐང་རྒྱས་པ་དང་། །བདག་སོགས་བསམ་པའི་དོན་རྣམས་འགྲུབ་པར་མཛོད། ཁྲག་ཞག་འཁྱིལ་བའི་ངད་ལྡན་དྲི་ཆབ་དང་། །ཤ་ཁྲག་དོན་སྙིང་སྤུངས་པའི་ཞལ་ཟས་ཚོགས། །རྐང་གླིང་དུང་ཆེན་སིལ་སྙན་ཐོད་རྔ་སོགས། །སྙན་བརྗིད་རོལ་མོའི་བྱེ་བྲག་མཐའ་ཡས་པས། །ཤླཽ་ཀ་རེའི་མཚམས་སུ་ཆོས་སྐྱོང་རྒྱལ་པོ་སོགས་ཚིག་རྐང་པ་བརྒྱད་པོ་ཀུན་ལ་འགྲེ། །རིན་ཅེན་སྒ་སྲབ་ལྡན་པའི་ཅང་ཤེས་རྟ། །འཇིགས་རུང་རྡོ་རྗེའི་རྭ་གདེངས་གཡག་རོག་ཚོགས། །འདོད་འཇོའི་བ་དང་རྭ་ལུགས་འཕུར་ལྡིང་བྱ། །སེང་གེ་གླང་ཆེན་ཁྱི་སྤྱང་སྤྲ་སྤྲེེལ་གྱིས། །ཆོས་སྐྱོང་རྒྱལ་པོ་༝། །འཇའ་ཚོན་ལྟ་བུར་བཀྲ་བའི་ཁྱིམ་བྱ་དང་། །མོན་ནག་ཨ་ཙ་ར་ཡི་དགའ་བའི་གར། །རུ་འདྲེན་སྤྲུལ་པའི་སྣང་བརྙན་འདྲེན་བྱེད་དུ། །ངོ་མཚར་གཟིགས་མོར་མཚར་བའི་ཚོགས་རྣམས་ཀྱིས། །ཆོས་སྐྱོང་རྒྱལ་པོ་༝། །པད་རྭག་མདངས་ལ་འཁུ་བའི་སག་ཐེབ་ལ། །གསེར་སྦྱངས་མཛེས་པའི་རི་མོ་ཅི་ཡང་བཀྲ། །མིག་སྨན་ཁུ་བས་བྱུཊ་འདྲའི་ཞྭ་ཕོད་དང་། །དར་ནག་ལས་གྲུབ་ཐེབ་ཞྭའི་ཚོགས་རྣམས་ཀྱིས། །ཆོས་སྐྱོང་རྒྱལ་པོ་༝། ཁ་དོག་སྣ་ལྔའི་ཟ་འོག་འཇོལ་བེར་དང་། །དགྲ་བཅོམ་ཆས་ཀྱི་སྣམ་སྦྱར་རུང་མཐུན་གོས། །གཉིས་འཐུང་པགས་པ་སྟག་གི་ཤམ་ཐབས་དང་། །ཞིང་(༤༩བ)


GLG011_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དར་གྱི་སྟོད་གཡོགས་ལ་སོགས་ཀྱིས། ཆོས་སྐྱོང་རྒྱལ་པོ་༝། །སྲ་བརྟན་ཁྲབ་རྨོག་ལ་སོགས་གོ་ཆའི་རིགས། །གསལ་འཚེར་འོད་ཀྱིས་ཕྱོགས་ཀུན་ཅི་ཡང་འགེང་། །མདའ་མདུང་རལ་གྲི་དགྲ་སྟ་སྤུ་གྲི་སོགས། །དགྲ་བགེགས་ཕྱེ་མར་འཐག་པའི་མཚོན་ཆ་ཡིས། །ཆོས་སྐྱོང་རྒྱལ་པོ་༝། །དབང་སྔོན་ལས་གྲུབ་རྟོག་གིས་རབ་མཛེས་ཤིང་། །གསེར་སྦྱངས་རྩིབས་ལ་དར་གྱི་ཤམ་བུ་ཅན། །གདུགས་དང་རྨ་བྱ་སེང་གེ་སྟག་དང་དོམ། །དྲེད་གཟིགས་གཅན་གཟན་པགས་པའི་རྒྱལ་མཚན་གྱིས། །ཆོས་སྐྱོང་རྒྱལ་པོ་༝། །རྣོ་ངར་སྤུ་གྲི་རྡོ་རྗེ་གསེག་ཤང་དང་། །དམ་ཤིང་དགྲ་སྟ་ཞགས་པ་ཀ་པཱ་ལ། །གྲི་གུག་ཅན་བེང་མདའ་གཞུ་ལྕགས་ཀྱུ་དང་། །དར་ནག་རུ་མཚོན་ཤག་ཏི་ཏྲི་ཤུ་མདས། །ཆོས་སྐྱོང་རྒྱལ་པོ་༝། །ཐོད་པ་སྦྲུལ་ནག་གསེར་སོགས་རིན་ཅེན་རྒྱན། །ངོ་མཚར་ཡིད་དུ་འོང་བའི་བཀོད་མཛེས་དང་། །གླང་སེང་དྲེལ་རྟ་རྔ་མོ་བོང་བུ་སོགས། །སྟོང་གསུམ་སྐད་ཅིག་མྱུལ་བའི་བཞོན་པ་ཡིས། །ཆོས་སྐྱོང་རྒྱལ་པོ་༝། །སྣ་ཚོགས་འབྲུ་སྣ་ཁྲག་ཆང་གིས་སྦྲན་པར། །དམ་རྫས་བདུད་རྩིར་ལྡན་པའི་གཏོར་ཚོགས་དང་། ཁང་མཛེས་གསེར་གྱི་རྒྱ་ཕིབས་ཀྱིས་མཛེས་པའི། །སྒྲུབ་དང་མཆོད་པའི་གཏོར་མའི་ཚོགས་རྣམས་ཀྱིས། །ཆོས་སྐྱོང་རྒྱལ་པོ་༝། །ཉི་མ་ཟླ་བ་རྒྱལ་སྲིད་རིན་ཅེན་བདུན། །རི་རབ་གླིང་བཞི་གླིང་ཕྲན་དཔག་བསམ་ཤིང་། །ཡན་ལག་བརྒྱད་ལྡན་རྫིང་བུ་ཡིད་བཞིན་ནོར། །དགྱེས་པ་བསྐྱེད་པའི་མཆོད་པའི་ཚོགས་རྣམས་ཀྱིས། །ཆོས་སྐྱོང་རྒྱལ་པོ་༝། །གདོད་ནས་ལྷུན་གྲུབ་དཔལ་ལྡན་ཀུན་ཏུ་བཟང་། །དཀྱིལ་འཁོར་འཁོར་ལོ་ཤར་བ་བཀའ་བརྒྱད་ལྷ། །དབྱེར་མེད་སོ་སོར་སྣང་བའི་བསྟན་སྲུང་ཆེར། །ཡིད་ཆེས་མོས་པའི་རྟེན་མཆོག་དམ་པ་འདིས། །ཆོས་སྐྱོང་རྒྱལ་པོ་༝། །སྟོད་པ་ནི། ཧཱུྃཿ ཆོས་དབྱིངས་བདེ་ཆེན་རྒྱས་པའི་མཁའ་ཀློང་ལས། །སྒྱུ་འཕྲུལ་དྲ་བའི་རོལ་གར་ཉིན་བྱེད་དབང་། །མཁྱེན་བརྩེ་ནུས་པའི་འོད་ཀྱིས་ཕན་བདེའི་ཚལ། །རྒྱས་མཛད་དུས་གསུམ་སངས་རྒྱས་པདྨ་འབྱུང་། །(༥༠ན)


GLG011_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བས་གར་བསྒྱུར་མཁའ་འགྲོས་གླུ་དབྱངས་ལེན། །གིང་ཆེན་ཁྲོ་རྔམ་རོལ་པས་བདུད་དཔུང་སྐྲད། །ཞི་ཁྲོའི་ལྷ་ཡི་རྣམ་རོལ་མཐའ་ཡས་པའི། །རྩ་གསུམ་འཁོར་ལོས་མཆོག་ཐུན་དངོས་གྲུབ་སྩོལ། །རང་བཞིན་ཡོངས་དག་དུང་གསེར་བྱུ་རུ་དང་། །གཡུ་སོགས་རིན་ཅེན་ལས་གྲུབ་གཞལ་ཡས་ཁང་། །ནང་དུ་དགྲ་དཔུང་བསྒྲལ་བའི་ཁྲག་གི་མཚོར། །ཀེང་རུས་ཟླ་བའི་དུམ་བུ་ལྟ་བུར་བཀྲམ། །གློ་མཆིན་སྙིང་གི་འཕྲེང་བ་རྒྱུ་མ་ཡི། །སྲད་བུར་བརྒྱུས་པའི་ལྡ་ལྡིས་ཕྱོགས་ཀུན་འབྲེལ། །གཡང་གཞིའི་བླ་བྲེ་ཤ་ཡི་ལྷུ་དུམ་ཉིལ། །འཇིགས་རུང་མཐིང་ནག་གྲུ་གསུམ་འབར་བའི་དབུས། །ས་འཛིན་དུམ་བུ་ཆད་འདྲའི་གཉིས་འཐུང་སྟེང་། །མིག་སྨན་ཁུ་བས་བྱུགས་པའི་སྲིན་པོའི་གཟུགས། །གཡས་ཀྱི་ཞགས་པས་བཅིངས་པའི་ཞིང་བཅུའི་ཚོགས། །ཟ་བར་རྔམས་པའི་ཞལ་གདངས་ཕྱག་གཡོན་གྱིས། །དཀར་ནག་སྙིང་གི་མཚམས་སུ་སྤུ་གྲི་བསྣུན། །མཐིང་ནག་དར་དང་འོག་ལྤགས་སྐུ་ལ་གསོལ། །དར་ནག་ཐེབ་ཞུའི་ཞྭ་ཅན་བརྒྱ་བྱིན་ཆེ། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་ཁྱོད་ལ་བསྟོད། །རབ་དཀར་བ་གམ་དབུས་སུ་སེང་གེའི་སྟེང་། །མིག་གིས་བལྟ་བར་བཟོད་དཀའི་ཁྲོ་གཏུམ་ཅན། །ཕྱག་གཡས་གསེར་སྦྱངས་འབར་བའི་རྡོ་རྗེ་དང་། །གཡོན་པ་ཤེར་ཤིང་ལས་གྲུབ་གསེག་ཤིང་བསྣམས། །ཨིནྡྲ་ནཱི་ལའི་མདངས་འཛིན་མེན་ཏྲི་ཡི། །འཇོལ་བེར་ལྷབ་ལྷུབ་དར་ནག་ཐེབ་ཞུ་ཅན། །སྤྲུལ་པའི་བསྟན་སྲུང་མོན་བུ་པུ་ཏྲ་ཆེ། །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་ཁྱོད་ལ་བསྟོད། །མཚམས་སྤྲིན་མདངས་ལ་འཁུ་བའི་ཕོ་བྲང་དབུས། །མུན་པའི་ཕུང་པོ་བརྩེགས་ལ་ཉིན་བྱེད་ཀྱིས། །འཁྱུད་ལྟའི་གར་གྱིས་རྣམ་རོལ་ཕྱག་གཡོན་གྱིས། །བདུད་ཀྱི་ཞགས་པས་བཅིངས་པའི་ལོག་འདྲེན་མིག །(༥༠བ)


GLG011_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཀྱི་དགྲ་སྟས་བཀས་ཚེ་སྲིད་གསུམ་ཡང་། །འདར་བྱེད་སྐུ་ལ་དུག་གི་བྲང་འགྲོ་དང་། །སྟག་ལྤགས་ཀྱིས་བརྒྱན་གནོད་སྦྱིན་ཤིང་བྱ་ཅན། །ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ་ཁྱོད་ལ་བསྟོད། །རཀྟའི་རྦ་ཀློང་མདངས་འཕྲོས་གཞལ་མེད་ན། །ཤུགས་དྲག་དྲི་བཞོན་སྟོབས་ལྡན་དྲེལ་ནག་སྟེང་། །མི་སྲུན་དགྲ་ལ་རྔམས་པའི་ཞལ་གདངས་ཤིང་། །ཕྱག་གཡས་སྦ་འཁར་བརྡེག་པས་འཛིན་མ་འགས། །ཙན་བང་གཡོན་གྱིས་གཟས་ལས་སྲིད་པ་གསུམ། །རབ་འཇོམས་ལྷབ་ལྷུབ་མཐིང་ནག་དར་ཕོད་དང་། །སྨྱུག་ཞུས་ལེགས་སྤུད་དགྲ་ལྷ་སྐྱེས་གཅིག་པུ། །ནུབ་ཕྱོགས་གསུང་གི་རྒྱལ་པོ་ཁྱོད་ལ་བསྟོད། །གནམ་སྔོན་བརྩེགས་པའི་ཁང་དབུས་གདོང་ལྔའི་སྟེང་། །ཁྲོ་ཆགས་ཞི་བའི་ཞལ་ཅན་གདུག་པའི་དགྲ། །འདོམས་བྱེད་ལྕགས་ཀྱུ་སྤུ་གྲི་མདའ་གཞུ་གྲི། །བེར་ཀ་གཡས་གཡོན་ཕྱག་འཛིན་དར་དཀར་གྱིས། །སྟོད་བརྒྱན་ཞིང་གི་པགས་པ་སྟག་ཤམ་གྱོན། །ཐོང་ཆེན་སྟེང་ན་ཚག་ཞུ་ནག་པོ་གསོལ། །བསྟན་སྲུང་དགྲ་ལྷའི་གཙོ་བོ་པེ་ཧ་ར། །བྱང་ཕྱོགས་འཕྲིན་ལས་རྒྱལ་པོ་ཁྱོད་ལ་བསྟོད། །ཀུན་བཟང་ཐུགས་རྗེའི་སྒྱུ་འཕྲུལ་རོལ་གར་ལས། །མངོན་སྤྱོད་ལས་ཀྱི་འདུལ་ཡུལ་བརྣག་པའི་དགྲར། །དྲག་ཏུ་ཁྲོས་པའི་སྐུར་བཞེངས་སྲུང་མའི་གཙོ། །སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་སྐུ་ལྔ་པོ། །ཆར་སྤྲིན་སྟུག་པོ་ལྟ་བུའི་བཞིན་རས་ངོས། །སྨིན་མའི་གར་གྱི་གློག་འཕྲེང་འཁྱུག་པའི་དབུས། །སྡང་མིག་བགྲད་པའི་འོད་གཟིས་ལེགས་ཉེས་ཀུན། །གསལ་བས་སྲོག་ལ་རྔམས་པའི་ཞལ་གྱི་ནང་། ཁྲག་ཞག་རྦ་ཀློང་འཁྲུག་པའི་དབུ་འཕྲེང་གི །གངས་རི་ལྟར་དཀར་མཆེ་བ་དམར་ཉམས་བྱེད། ཁམས་གསུམ་སྐད་ཅིག་མྱུལ་བའི་ཤུགས་དྲག་གིས། །སྲིད་གསུམ་ཀུན་ལས་རྣམ་པར་རྒྱལ་ལ་བསྟོད། །དབྱར་རྔའི་སྒྲ་ལ་ཧཱུྃ་ཕགས་དྲག་པོའི་གདངས། །དགྲ་བགེགས་(༥༡ན)


GLG011_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩ་གཅོད་པའི་རིག་སྔགས་ཀྱིས། །དམོད་པའི་ཚིག་གི་དུག་དབལ་མཚོན་གྱི་དར། །མི་བཟད་གསུང་གི་ང་རོ་ཆེ་ལ་བསྟོད། །ཕ་མཐའ་ཡོངས་བྲལ་ཉེར་ཞིའི་ཐུགས་ཀྱི་དབྱིངས། །གཡོ་མེད་གདོད་ནས་གྲུབ་པའི་ངོ་བོ་ཉིད། །རོ་གཅིག་གཉིས་སུ་སྣང་བའི་གནོད་བྱེད་ཚོགས། །སྒྲོལ་ཕྱིར་ཁྲོས་པའི་སེམས་འཆའ་ཁྱོད་ལ་བསྟོད། །རྨད་བྱུང་དགྱེས་དགུར་སྤྱོད་པས་བདེ་བའི་དཔལ། །རྒྱས་བྱེད་ཡུམ་ལྔ་སྤྲུལ་པ་ཕོ་ཉའི་ཚོགས། །ལས་ཀུན་ཐོགས་མེད་སྒྲུབ་པའི་རྫུ་འཕྲུལ་ཅན། །སྲོག་བདག་བཀའ་ཡི་བློན་པོ་ལྔ་ལ་བསྟོད། །ཆོས་རྒྱལ་སྐུ་ལྔའི་སྤྲུལ་པ་རྣམ་པ་ལྔ། །གསེག་ཤང་སློང་བའི་སྣོད་ཐོགས་ཉན་ཐོས་བརྒྱ། །མིག་སྨན་བདུད་ཀྱི་གོས་ཅན་སྔགས་པ་བརྒྱ། །མུན་པའི་ལན་བུ་གསིག་པའི་བདུད་མོ་བརྒྱ། །གཡུལ་དུ་ཞུགས་པའི་དཔའ་བོ་སྟག་ཤར་བརྒྱ། །དགེ་སློང་མོན་བུ་རྒྱ་གར་སྤེའུ་སོགས། །ཡང་སྤྲུལ་ས་དང་བར་སྣང་ཁྱོན་གང་བའི། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །ཟབ་ཡངས་གཙུག་ལག་ཁང་དང་ཡང་དབེན་གྱི། །གསུང་གི་གནས་སུ་མཚོ་སྐྱེས་རྡོ་རྗེ་ཡིས། །བདེ་གཤེགས་རྒྱལ་བ་འདུས་པའི་དཀྱིལ་འཁོར་དུ། །བཅུག་ཅིང་དམ་བཞག་སྲུང་མར་བཀའ་བསྒོས་པའི། །མཆོད་བསྟོད་དྲེགས་པའི་དབང་ཕྱུག་འཁོར་བཅས་ཀྱི། །སྔོན་གྱི་ཐ་ཚིག་བྲོ་བོར་མ་གཡེལ་བར། །རྒྱལ་བའི་བསྟན་སྲུངས་ཆོས་འཁོར་མཐའ་དབུས་སྐྱོངས། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་སྒྲུབས། །བདག་ཅག་བྲན་གཡོག་སྡེར་བཅས་རྒྱུ་སྦྱོར་ལ། །གཡུལ་གཤོམ་རུ་མཚོན་ཉེར་འཚོའི་གནོད་པ་རྣམས། །མ་ལུས་བཟློག་སྟེ་ནམ་ཡང་མི་མཐུན་ཕྱོགས། །ཀུན་ལས་རྣམ་པར་རྒྱལ་བའི་འཕྲིན་ལས་མཛོད། །ངན་པའི་སེམས་འཆང་རྩུབ་མོའི་སྦྱོར་བ་དག །མངོན་དུ་གྱུར་པའི་མི་བསྲུན་དགྲ་སྡེའི་(༥༡བ)


GLG011_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་། །ཕྱོགས་མཚམས་སྟེང་འོག་གང་དུ་གནས་གྱུར་ཀྱང་། །མྱུར་དུ་བླ་སྲོག་ཚེ་གསུམ་ཞལ་དུ་ཐོབ། །བརྟུལ་ཞུགས་གྲུབ་པའི་དབང་པོ་ཐོད་འཕྲེང་རྩལ། །མངའ་བདག་ཆོས་ཀྱི་རལ་པའི་ཅོད་པན་ཅན། །མདོར་ན་དངོས་བརྒྱུད་བླ་མའི་བསྟན་སྲུང་ཁྱོད། །བཅོལ་བའི་ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད། །དེ་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་གནང་བ་འདི་ལྟར། །ཀ་མ་ལ་ཡི་གེ་སར་ལས་བྱུང་མཚོ་ལས་སྐྱེས་པའི་རྡོ་རྗེ་ཞེས། ཁ་བ་ཅན་འདིར་གྲགས་པའི་གུར་ཀུམ་ཕྱོགས་ཀྱི་བུ་མོའི་འགྲམ་པར་བཀོད། །ག་ན་བཞུགས་ཀྱང་ཐུགས་རྗེའི་ཉི་འོད་རྒྱ་མཚོའི་གོས་ཅན་ཀུན་ཏུ་ཁྱབ། །ང་ཡི་སྙིང་གི་ཆུ་སྐྱེས་ལྟེ་བར་རྣམ་པར་རྩེན་པའི་གར་མཛོད་ཅིག །ཅ་ཅོའི་དབྱངས་ཀྱི་ང་རོས་འབོད་དོ་བ་གམ་མངོན་མཐོའི་ཕོ་བྲང་ནས། །ཆ་ཤས་འཁོར་གྱི་དཀྱིལ་འཁོར་ཡོངས་རྫོགས་སྤྲུལ་པའི་ཆོས་རྒྱལ་གནས་འདིར་སྤྱོན། །ཇ་ཆང་བཏུང་བ་རྒྱ་མཚོར་རབ་འཁྱིལ་རྦ་རླབས་གཡོ་བས་ཆུ་མཐོང་འགོག །ཉ་ཤ་ཁྲག་ཞག་རྒྱ་མཚོས་རབ་བརྒྱན་རི་ལྟར་སྤུངས་པའི་མཆོད་གཏོར་བཞེས། །ཏ་ཐཱ་ག་ཏའི་བསྟན་ལ་གནོད་བྱེད་མེ་ཏོག་མདའ་ཅན་སྡེར་གཏོགས་པ། །ཐ་བ་ལྟ་བུར་མ་རུངས་སེམས་འཆང་བསམ་སྦྱོར་ངན་པའི་དགྲ་དང་བགེགས། །ད་ལྟ་ཉིད་དུ་རིངས་པར་སྒྲོལ་ལ་སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་བཞེས། །ན་ཚ་ལ་སོགས་ཆད་པ་དྲག་པོས་རྐྱེན་དང་འཚམ་པར་ཚར་ཆོད་ཅིག །པ་ར་མི་ཏའི་དགོངས་པ་ཇི་བཞིན་ཆོས་དབྱིངས་ཀུན་གསལ་མཛེས་པའི་ངང་། །ཕ་མཐའ་བྲལ་བའི་མཁྱེན་པའི་འོད་སྟོང་འགྲོགས་པའི་རྩེ་དགའ་ལྷུར་ལེན་ཡང་། །བ་མོ་ལྟར་དཀར་མཆེ་བའི་ཆུ་འཛིན་ལྗགས་ཀྱི་གློག་ཕྲེང་རྣམ་པར་གཡོ། །མ་ལུས་སྲིད་གསུམ་རབ་ཏུ་གསལ་བྱེད་མཐར་བྱེད་རྟ་བབས་མངོན་སུམ་བཞིན། །ཙ་དང་ལོ་མའི་གནས་མལ་ལ་བརྟེན་ཁྱོད་སྐུ་ཏིང་འཛིན་པིར་གྱིས་(༥༢ན)


GLG011_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། །ཚ་གྲང་སྡུག་བསྔལ་ཁྱད་དུ་བསད་ནས་དྲང་སྲོང་གཞན་བཞིན་བཟླས་བརྗོད་བརྩོན། །ཛ་ཞེས་དུས་དྲུག་དག་ཏུ་བོས་ན་མ་གཡེལ་མ་གཡེལ་ད་ཚུར་སྤྱོན། །ཝ་སྐྱེས་ལྟ་བུའི་དགྲ་དང་བགེགས་རྣམས་ད་ལྟ་ཉིད་དུ་གཞོམ་པར་མཛོད། །ཞྭ་ཡི་ཏོག་ལྟར་སྡེ་བརྒྱད་ཀུན་གྱི་ཞབས་སེན་འདབ་འཕྲེང་སྤྱི་བོས་བསྟེན། །ཟ་བྱེད་དཔའ་བར་འཇིག་པའི་བསྐལ་པ་ཉེ་བར་སྟོན་པའི་མེ་ལྕེའི་ཚོགས། །འ་འུར་སྒྲ་ཆེན་རྒྱུད་མང་སྒྲོག་བྱེད་དྲག་པོའི་རླུང་དང་འདྲེས་པའི་དབུས། །ཡ་མ་ལ་སོགས་སྡེ་བརྒྱད་འབྱུང་པོའི་འཁོར་གྱིས་ཡོངས་བསྐོར་ཁྱོད་ལ་བསྟོད། །རྭ་ཆེན་གདེངས་པའི་འབར་བའི་རྡོ་རྗེ་ཀ་པཱ་ལ་ནི་ཕྱག་ཟུང་འཛིན། །ལ་ལར་གདུག་པ་སྣ་ཚོགས་འདུལ་ཕྱིར་དྲག་པོའི་ཕྱག་རྒྱ་སྣ་ཚོགས་ཅན། །ཤ་ཟ་བྱེ་བའི་འཁོར་གྱིས་ཡོངས་བསྐོར་འདོད་དགུའི་འབྲས་སྟེར་དཔག་བསམ་དབང་། །ས་ཆེན་སྐྱོང་བའི་དབང་པོ་གང་འདི་སྲིད་མཐར་ཞབས་བརྟན་དགེ་ལེགས་མཛོད། །ཧ་ཧའི་གད་བརྒྱངས་དྲག་ཏུ་བཞད་ཚེ་སྲིད་པ་གསུམ་འདི་ཕྱེ་མར་འགྱུར་ཞེས་ཆེར་བསྐྲག་ནས། །ཨ་དོན་སྐྱེ་མེད་དབྱིངས་སུ་བྲོས་སྙམ་བདག་ཡིད་ཐེ་ཚོམ་དཔྱང་ཐག་འཛིན། །ཧ་ལའི་དུག་གིས་མྱུར་དུ་ཁྱབ་པས་དགྲ་བགེགས་མ་ལུས་བརླག་པ་དང་། །ཨ་ལ་ལ་ཞེས་དགའ་བའི་གར་བྱེད་དངོས་གྲུབ་མ་ལུས་ཡིད་བཞིན་སྩོལ། །འཕྲིན་ལས་བཅོལ་བ་ནི། དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་རྩལ་ཅན། །ལོག་འདྲེན་དགྲ་བགེགས་གཤེད་མ་སྲོག་གི་བདག །གནོད་སྦྱིན་རྒྱལ་པོ་སྐུ་ལྔ་འཁོར་བཅས་རྣམས། །སྔོན་གྱི་དམ་ཚིག་གཉེན་པོ་ཉེ་བར་དགོངས། །བསམ་ཡས་མཆིམས་ཕུ་གསུང་གི་དབེན་གནས་སུ། །སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་གིས། །བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས། །དབང་བསྐུར་དམ་ཚིག་བསྒྲགས་པ་ཉེ་བར་དགོངས། །རྗེ་འབངས་གྲགས་(༥༢བ)


GLG011_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་མངའ་བདག་ཉང་རལ་སོགས། །དངོས་དང་བརྒྱུད་པའི་བླ་མའི་ཚོགས་རྣམས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་མ་བསྙེལ་བར། །བདག་གིས་འཕྲིན་ལས་བཅོལ་ཚེ་མཐུ་མ་ཞན། །ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན། །དེ་འཛིན་སྐྱེས་བུ་ཁྲིམས་ལྡན་འདུས་པའི་སྡེ། །ཐོས་བསམ་སྒོམ་པའི་བྱ་བ་མ་ལུས་པ། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། ཁྱད་པར་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག །བློ་བཟང་སྙན་འགྱུར་རིང་ལུགས་གྲགས་པའི་དབྱངས། །གདུགས་དཀར་སྲིད་པའི་རྩེ་མོར་རབ་ཁྱབ་ནས། །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེར། །ཆོས་སྲིད་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན། །བསོད་ནམས་བྱེ་བས་ཡོངས་སུ་ཉེར་དྲངས་པ། །ཀུན་ལས་མངོན་མཐོ་རབ་ཏུ་བརྟན་པར་མཛོད། །ཐུབ་བསྟན་འཛིན་ལ་ཟླ་བྲལ་དམ་པའི་ཆོས། །སྐྱོང་བའི་རྩོད་པའི་དུས་ཀྱི་འཁོར་ལོ་སྒྱུར། །ས་སྤྱོད་རྒྱལ་པོ་ཆེན་པོའི་སྐུ་ཚེ་དང་། །མཚན་ཇུས་མངའ་ཐང་ཆབ་སྲིད་རྒྱས་པར་མཛོད། །དུས་ཀུན་བསྙེན་སྒྲུབ་གསོལ་མཆོད་ལྷུར་ལེན་པའི། །རྣལ་འབྱོར་བདག་གིས་བསམས་པའི་དོན་ཀུན་སྒྲུབས། །གནོད་བྱེད་དགྲ་དང་བགེགས་རྣམས་ཐལ་བར་རློག །ཞི་རྒྱས་དབང་གི་འཕྲིན་ལས་མ་ལུས་སྒྲུབས། །བསྐུལ་ནི། ཧཱུྃཿ བསྟན་སྲུང་གནོད་སྦྱིན་འཁོར་བཅས་རྣམས། །གདུག་ཅན་དགྲ་ལ་ཁྲོས་པའི་ཚེ། ཁྲོ་གཏུམ་མི་བཟད་སྲིན་པོའི་གཟུགས། །ཧ་ཧའི་གད་བརྒྱངས་འབྲུག་ལྟར་ལྡིར། །ཉི་ཟླ་བརྡེབ་ཅིང་གནས་ས་གཡོ། །ཐོག་དང་སེར་བ་ཤར་ར་ར། །རུ་མཚོན་དམར་པོ་པུར་རུ་རུ། །མཚོན་ཆ་སྣ་ཚོགས་ཟིངས་སེ་ཟིང་། །མོན་པ་ཨ་ཙར་ཐིབས་སེ་ཐིབ། །གནོད་སྦྱིན་དམག་ཚོགས་ཉེར་རེ་རེ། །ཞུབ་ཅན་རྟ་རྒྱུག་སིལ་ལི་ལི། །རུ་འདྲེན་སྡེ་བཞི་ཤིགས་སེ་ཤིག །ཆོས་སྲུང་འཁོར་དང་(༥༣ན)


GLG011_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྣམས། །མཐུ་སྟོབས་རྫུ་འཕྲུལ་རབ་སྐྱེད་ལ། །བསྟན་པ་འཇིག་ཅིང་སེམས་ཅན་འཚེ། །རྣལ་འབྱོར་ཆོས་བཞིན་སྤྱོད་པ་ལ། །གནོད་པར་བྱེད་པའི་གདུག་ཅན་དགྲ། །ལོ་དང་ཟླ་བར་མ་བཞག་པར། །སྙིང་ཁྲག་འཐུང་ལ་ཚར་ཆོད་ཅིག །གསོལ་ཁ་ནི། བསྐང་རྫས་དུས་སུ་བཤམས་པའི་མཐུན་རྫས་གསོལ་ཁའི་གཏོར་མ་རྒྱ་ཕོར་དུ་ཕུད་སྦྲན་པ་སོགས་ཕྱག་ལེན་འདུ་བྱས་རྒྱས་པར་གཏེར་གཞུང་བཞིན་དང་འཇུག་པ་བདེ་བ་གཙོ་བོར་འདོད་ཚེ། །ཧཱུྃཿ གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་པ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །གཞན་བཞི་ལ་ཡང་འདོན་པ་སྤོ། །ལྷག་མ་ནི། ཧཱུྃ། དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས། །ལས་རྣམས་ཞལ་བཞེས་དམ་ཅན་ཚོགས། །འདིར་སྤྱོན་ལྷག་གཏོར་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཨོཾ་ཨུ་ཙིཥྚ་བཛྲ་ཨ་རོ་ཊ་ཤ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆད་མཐོ་ནི། སྔོན་ཚེ་བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །པདྨ་འབྱུང་གནས་རྗེ་འབངས་གྲོགས་ལྔ་དང་། །རིགས་འཛིན་སྔགས་འཆང་རཏྣ་གླིང་པ་སོགས། །རྩ་བརྒྱུད་བླ་མས་དམ་ལ་བཏགས་པ་ལྟར། །མཁའ་འགྲོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །གཏོར་མ་འདི་ལོང་བཅོལ་བའི་འཕྲིན་ལས་མཛོད། །བསྟན་སྐྱོང་ནི། ཧཱུྃཿ པདྨ་ཐོད་ཕྲེང་སྤྱན་སྔ་རུ། །བོད་ཡུལ་སྐྱོང་བར་ཁས་བླངས་པའི། །རྡོ་རྗེ་ཀུན་གྲགས་གཡའ་མ་སྐྱོང་། །རྡོ་རྗེ་ཀུན་བཟང་བགེགས་ཀྱི་གཙོ། །བདུད་བཞི་ཤ་མེད་གཡུ་སྒྲོན་མ། །ཁྱུང་བཙུན་རྡོ་རྗེ་ཀླུ་མོ་དང་། །རྡོ་རྗེ་དྲག་རྒྱལ་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་སྨན་གཅིག་མ། །གཡར་མོ་སིལ་དང་ཟུ་ལེ་མ། །སྨན་བཙུན་འཁོར་དང་བཅས་པ་རྣམས། །(༥༣བ)


GLG011_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །རྟ་བྲོ་ནི། ཧཱུྃཿ གསང་འདུས་བླ་མའི་དཀྱིལ་འཁོར་དུ། །དུག་ལྔ་ལས་བསྐྱེད་དགྲ་དང་བགེགས། །དམ་སྲི་འབྱུང་པོའི་སྙིང་ཁ་རུ། །དཔལ་ཆེན་དྲག་པོའི་བྲོ་བརྡུངས་པས། །ཉོན་མོངས་ཡེ་ཤེས་དབྱིངས་སུ་བཅོམ། །སྡང་དགྲ་གནོད་བྱེད་ཐལ་བར་རློག །གཟུགས་མེད་གདོན་གྱི་དཔུང་ཚོགས་རྣམས། །བསྒྲལ་བས་མནན་པའི་ཆོ་ག་རྫོགས། །ཨཱོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕགས། ཨཱོཾ་ལཾ་ཧཱུྃ་ལཾ་སྟཾ་པ་ཡཱ་ནན། དགྲ་བགེགས་སརྦ་ཤ་ཏྲུཾ་སྟེ་བྷ་ཡ་ནན། དེ་ནས་སྲིད་ཞི་དཔལ་འབྱོར་མའི་མཇུག་ཏུ། ཆོས་སྐུ་སྐྱེ་མེད་སྟོང་པའི་ངང་ཉིད་ལས། །ཡང་གསང་བླ་མའི་དཀྱིལ་འཁོར་འཇའ་ལྟར་ཤར། །འགྲོ་ཀུན་སྲིད་པའི་མཚོ་ལས་རབ་བསྒྲལ་ནས། །སྐྱེ་མེད་ཆོས་དབྱིངས་ངང་དུ་བཛྲ་མུཿ འདིར་ནི་གཟུགས་དང་ལྷན་ཅིག་ཏུ་སོགས་བརྗོད། །མངའ་གསོལ་ནི། དབང་བསྐུར་བརྒྱུད་དང་མན་ངག་གདམས་པའི་མཛོད། །ཇི་བཞིན་སྟེར་མཛད་རྒྱལ་བ་ཀུན་འདུས་པ། །དངོས་དང་བརྒྱུད་པའི་རྡོ་རྗེ་སློབ་དཔོན་ཚོགས། །དྲིན་ཅན་བླ་མའི་ངོ་བོར་མངའ་གསོལ་ལོ། །སྐྱོན་བྲལ་སངས་རྒྱས་ཡང་གསང་ལྷ་ཡི་ཚོགས། །དེ་དོན་རྒྱུད་སྡེ་རྒྱ་མཚོ་དམ་པའི་ཆོས། །ཚུལ་བཞིན་སྒྲུབ་པའི་རིགས་འཛིན་དགེ་འདུན་ཏེ། །སྐྱབས་གནས་དཀོན་ཅོག་གསུམ་དུ་༝། །ཆོས་དབྱིངས་བདེ་བ་ཆེན་པོའི་ངང་ཉིད་ལས། །གདུག་པ་འདུལ་ཕྱིར་དྲག་པོའི་སྐུར་སྟོན་པ། །སྤྲུལ་པའི་བསྟན་སྲུང་རྒྱལ་པོ་སྐུ་ལྔ་པོ། །རིགས་འཛིན་དགྲ་ལྷའི་གཙོ་བོར་༝། །མཆོད་ཅིང་བསྟོད་ན་སྲིད་ཞིའི་དགེ་ལེགས་ཀུན། །འབད་མེད་ལག་རྩེར་སྩོལ་བའི་དབང་གི་རྒྱལ། །དཔག་བསམ་ཤིང་ལྟར་འདོད་པའི་རེ་བ་ཀུན། །སྐོང་མཛད་རྒྱལ་པོ་ཆེན་པོར་༝། །བདག་ཅག་མི་ནོར་བྲན་གཡོག་དགོན་གནས་སྡེ། །མཐུ་ལྡན་སྲུང་མ་ཁྱོད་ལ་གཉེར་(༥༤ན)


GLG011_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་ན། །འགལ་རྐྱེན་མི་མཐུན་ཕྱོགས་རྣམས་རབ་ཞི་ནས། །བསམ་དོན་ལྷུན་གྱིས་གྲུབ་པའི་དགེ་ལེགས་མཛོད། །ཤིས་པ་བརྗོད་པ་ནི། ཕུན་ཚོགས་འབྱུང་གནས་ཆོས་ལོངས་སྤྲུལ་པའི་སྐུ། །ཀུན་འདུས་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །བར་ཆད་ཀུན་སེལ་དངོས་གྲུབ་སྩོལ་མཛད་པའི། །ཡི་དམ་པདྨ་དབང་ཆེན་༝། །དགྲ་བགེགས་ཀུན་སྒྲོལ་འཕྲིན་ལས་སྒྲུབ་མཛད་པའི། །བསྟན་སྲུང་རྒྱལ་པོ་ཆེན་པོའི་༝། །ལས་ཀུན་སྒྲུབ་ལ་འཕྲིན་ལས་ཐོགས་མེད་པའི། །བཀའ་སྡོད་འཁོར་ཚོགས་རྒྱ་མཚོའི་༝། །གཞན་ཡང་བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་པ་བྱའོ། །ལེགས་བྱས་རྒྱ་མཚོའི་དཔག་བསམ་ཤིང་ཆེན་ལས། །ཕན་བདེའི་འབྲས་བུ་དུད་པའི་གངས་ཅན་ལྗོངས། །གཙུག་ལག་ཡོངས་ཀྱི་སྲུང་མ་རྒྱལ་པོ་ཆེ། །དགྱེས་དགུར་སྤྱོད་པའི་འཕྲིན་ལས་ཁྲིགས་ཀྱི་རིམ། །འགག་པ་མེད་པ་རྡོ་རྗེའི་སྒྲ་དབྱངས་འདི། །ལེགས་བྱས་དཔུང་གིས་ཡངས་པའི་ས་ཆེན་པོར། །དབང་སྒྱུར་གང་གིས་ཉེ་བར་བསྐུལ་བ་ལྟར། །བཀོད་འདིས་འཕྲིན་ལས་རྣམ་བཞི་འགྲུབ་གྱུར་ཅིག །ཅེས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་དང་བཅས་པ་དགྱེས་དགུར་སྤྱོད་པའི་འཕྲིན་ལས་འགག་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་པ་འདི་ཡང་ས་ཆེན་པོ་བདེ་བར་སྐྱོང་བའི་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་ཚང་ལ་འཁྱེར་བདེ་བ་ཞིག་དགོས་ཞེས་བསྐུལ་བ་ལ་བརྟེན། བླ་མའི་ལས་བྱང་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བསྡུས་ཤིང་གསོལ་མཆོད་ཀྱི་རིམ་པ་རྣམས་མངའ་བདག་གི་གཏེར་བྱོན་གྱི་འཕྲིན་ལས་དོན་བཅུ་མ་དང་སྒྲུབ་སྐོར་ལ་གཞི་བྱས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་གནང་བ་ལས་ལེགས་ཆ་བླངས་ཤིང་། ཚིག་སྦྱོར་གསར་དུ་དགོས་པ་རྣམས་བསྒྲིགས་ཏེ་གནོད་སྦྱིན་ཆེན་པོས་སྟོང་གྲོགས་ཚུལ་བཞིན་མཛད་པའི་ཟ་ཧོར་གྱི་རིགས་(༥༤བ)


GLG011_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་བླ་མེད་རྡོ་རྗེ་རྩལ་གྱིས་རྒྱལ་པོ་ཆེན་པོས་འཕྲལ་དུ་སྒྲུབ་དགོས་པའི་མཚན་མ་བྱུང་བ་ལྟར་ཉིན་གཅིག་ལ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །ན་མོ་གུ་རུ་ཝེ། རྒྱལ་བ་ཀུན་གྱི་གསང་གསུམ་མ་ལུས་པ། །སྤྲུལ་པའི་གཟུགས་སུ་ཤར་བ་པདྨ་འབྱུང་། །དབྱེར་མེད་འཇམ་མགོན་མི་ཡི་སྲིད་པ་ཅན། །ཀུན་མཁྱེན་བཙོང་ཁ་པ་ལ་གུས་ཕྱག་འཚལ། །དཔལ་ལྡན་ཐེག་མཆོག་འབྱོར་བའི་འཕྲིན་ལས་རྣམས། །ལྷུན་གྲུབ་རྣམ་པར་རབ་རྒྱས་རྡོ་རྗེ་འཆང་། །གསང་ཆེན་ཆོས་ཀྱི་བདག་པོ་འཁོན་སྟོན་རྗེ། །སྙིང་དབུས་པདྨའི་ཟེའུ་འབྲུའི་གཙུག་ན་མཛེས། །གདུག་ཅན་ཁྲག་གིས་མྱོས་པའི་གར་སྟབས་ཀྱིས། །དགྲ་བགེགས་དོན་སྙིང་འབྱིན་ལ་ཆེས་དཔའ་བའི། །སྔོན་རབས་དམ་པས་ཉེར་བསྟེན་ཆོས་སྲུང་འགའི། །དགྱེས་བསྐྱེད་མཆོད་པའི་འཕྲིན་ལས་དེང་འདིར་སྤེལ། །དེ་ཡང་ཆོས་སྲུང་འདི་དག་རྣམས་ལ་མཆོད་གཏོར་འབུལ་བར་བྱེད་པ་ལ། སོ་སོའི་སྒྲུབ་སྐོར་གྱི་ཡི་གེ་ལས་འབྱུང་བ་ལྟར། མཆོད་གཏོར་སྨན་རཀ་སྤྱན་གཟིགས་རྣམས་ལེགས་པར་བཤམས། བྱིན་རླབས་ཀྱི་རིམ་པ་ལུགས་སོ་སོ་འམ་སྤྱི་འགྲོ་གང་ཡང་རུང་བ་བྱས་ལ། །ཐོག་མར་བརྟེན་པ་ལྷའི་ཚོགས་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། སྲུང་འཁོར་དུར་ཁྲོད་བརྒྱད་དང་ལྡན་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་ཟླ་བ་ཉི་མ་རོའི་གདན་ལ་ཧཱུྃ་མཐིང་ནག་འཕྲོ་འདུ་ཡོངས་སུ་གྱུར་པ་ལས། དཔལ་ནག་པོ་ཆེན་པོ་མཐིང་ནག་ཁྲོ་ཞིང་རྔམ་པ་སྲིན་པོ་དྲག་ཏུ་ཁྲོས་པའི་གཟུགས་ཅན། ཞལ་གཅིག་ཕྱག་བཞི། དང་པོ་གཉིས་ཀྱིས་མི་སྙིང་དང་ཐོད་ཁྲག་(༥༥ན)


GLG011_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་ཡུམ་ལ་འཁྱུད་ཅིང་། འོག་མ་གཉིས་ཀྱིས་རལ་གྲི་དང་ཁ་ཊྭཱཾ་ཀ་བསྣམས་པ། །ཐོད་སྐམ་གྱི་དབུ་རྒྱན། །ཐོད་རློན་གྱི་དོ་ཤལ། སྦྲུལ་གྱི་ཆུན་པོ། རུས་པའི་རྒྱན་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། བྱུག་པའི་རྫས་གསུམ་གྱི་སྦགས་ཤིང་གར་གྱི་ཉམས་དགུ་དང་ལྡན་པའི་པང་ན་ཡུམ་མཆོག་ཙིནྟ་དབང་ཕྱུག་ནག་མོ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ། རུས་རྒྱན་དང་གཟིག་ཤམ་ཅན། གཉིས་ཀ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། གཡས་སུ་ཧཱུྃ་ལས་བྱ་རོག་གདོང་ཅན་མཐིང་ནག་གྲི་གུག་དང་བནྡྷ་འཛིན་པ། །ཐོད་སྦྲུལ་དང་གླང་ལྤགས་སྟག་ཤམ་ཅན། བྱ་རོག་ལ་བཅིབས་པ། རྒྱབ་ཏུ་ར་ལས་སྲིན་པོ་བྱ་གདོང་ཅན་མཐིང་ཁ་དབུ་དགུའི་སྟེང་ན་བྱ་གདོང་ཡོད་པ། ཕྱག་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང་། གཡོན་མདའ་གཞུ་འཛིན་པ། སྦྲུལ་མཇུག་འཁྱིལ་ཞིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རྒྱབ་ཏུ་ཧཱུྃ་ལས་སེང་གདོང་མཐིང་ནག་དར་དམར་གྱི་ཕོད་ཀ་གསོལ་བ། གཡས་རུ་མཚོན་དང་གཡོན་དམར་གཏོར་འཛིན་ཞིང་བདུད་རྟ་ནག་པོ་ལ་བཅིབས་པ། མདུན་དུ་རུ་ལས་ལྷ་མོ་ནག་མོ་གཡས་རྩེ་གསུམ་དང་གཡོན་ཐོད་ཁྲག་བསྣམས་པ། གླང་ལྤགས་དང་མི་མགོའི་དོ་ཤལ་ཅན་བྱ་རོག་ལ་བཅིབས་པ། ཤར་སྒོར་རི་ལས་ཚངས་པ་དུང་གི་ཐོར་ཚུགས་ཅན་དཀར་པོ་གཡས་དར་མདུང་དང་གཡོན་འཁོར་ལོ་འཛིན་པ། དར་དཀར་གྱི་ན་བཟའ་ཅན་སྟག་རལ་དང་གཟིག་ཤུབས་འཆང་བ། རྟ་དཀར་ཞུར་ཅན་ལ་བཅིབས་པ། ལྷོ་སྒོར་ཡ་ལས་གཤིན་རྗེ་དམར་པོ་དང་སྔོན་གྱི་ཨང་རག་ཅན་བསེ་ཕུབ་ཁུར་བ་གཡས་སྤུ་གྲི་དང་གཡོན་བཙན་ཞགས་འཛིན་པ་ར་ཁམ་པ་ལ་བཅིབས་པ། ནུབ་སྒོར་ཤུ་ལས་བཙན་རྒོད་སྔོ་ནག་ཟ་འོག་གི་བེར་ཅན། གཡས་རྡོ་རྗེ་དང་གཡོན་སྙིང་འཛིན་པ་སེང་གེ་སྔོན་པོར་བཅིབས་པ། (༥༥བ)


GLG011_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྒོར་ཀྵ་ལས་གནོད་སྦྱིན་ནག་པོ་ལྭའུ་མཐིང་ཁའི་གོས་ཅན། གཡས་ལྕགས་ཀྱི་བེར་ཀ་དང་གཡོན་དགྲ་སྙིང་འཛིན་པ་རྟ་ནག་ལ་བཅིབས་པ། དེ་དག་གི་འཁོར་དུ་དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་དཔག་ཏུ་མེད་པས་བསྐོར་བ། གཙོ་འཁོར་དེ་དག་གི་གཡས་ཕྱོགས་སུ་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་དབུས་སུ་པདྨ་ཉི་མ་རོའི་གདན་ལ་ཧཱུྃ་མཐིང་ནག་འཕྲོ་འདུ་ཡོངས་སུ་གྱུར་པ་ལས། དཔལ་མགོན་མ་ནིང་ནག་པོ་ཁྲོ་ཞིང་གཏུམ་པོ་མི་སྡུག་པའི་གཟུགས་ཅན། ཞལ་གཅིག་ཕྱག་གཉིས་པ། གཡས་རུ་མཚོན་འཕྱར་ཞིང་། གཡོན་མི་སྙིང་ཞགས་པ་འཛིན་པ། སྦྲུལ་ནག་གི་རལ་པ་མུན་ལྟར་གཏིབས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་འཕྱང་བ། དར་ནག་གི་འཇོལ་བེར་ལ་གསེར་སྐེད་བཅིངས་པར་ཙནྡན་གྱི་བེར་ཆེན་གཟེར་བ་གྱད་ཀྱི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། གཡས་སུ་སྲོག་བདུད་ནག་པོ་གཡས་ཁ་ཊྭཱཾ་གྲི་གུག །གཡོན་ལྕགས་ཀྱི་པར་བུ། འོག་མས་མདའ་གཞུ་འགེང་ཞིང་རྟ་ནག་ལ་བཅིབས་པ། གཡོན་དུ་དཔལ་འབར་མ་དམར་མོ་གཡས་རལ་གྲི་དང་གཡོན་ཐོད་ཁྲག་འཛིན་པ། མི་ལྤགས་ཀྱི་གཡང་གཞི་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཉི་མ་དང་ཟླ་བས་བརྒྱན་པ། དེ་དག་གི་འཁོར་དུ་ཡང་ཁོལ་སྡེ་བརྒྱད་ཀྱི་དམག་ཚོགས་དཔག་ཏུ་མེད་པས་བསྐོར་བ། དཔལ་མགོན་ཕྱག་བཞི་པ་འཁོར་བཅས་ཀྱི་གཡོན་ཕྱོགས་སུ་དུར་ཁྲོད་འཇིགས་སུ་རུང་བ་ཆོས་འབྱུང་མཐིང་ནག་ཁྲག་ཞག་གི་རྒྱ་མཚོས་གང་བའི་དབུས་སུ་པདྨ་ཉི་ཟླ་དགྲ་བགེགས་བསྣོལ་བའི་གདན་ལ་ཏྲི་འཕྲོ་འདུ་ཡོངས་སུ་གྱུར་པ་ལས། གཟའ་བདུད་རཱ་ཧུ་ལ་དུད་ཁ་སྲིན་པོ་ཁྲོས་པའི་དབུ་དགུའི་རྩེ་མོར་བྱ་རོག་གི་ཞལ་ཅན། ཕྱག་དང་པོ་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ནག །འོག་མ་གཉིས་(༥༦ན)


GLG011_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མདའ་གཞུ་འགེང་བ། སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་། སྐུ་ལ་མིག་སྟོང་དང་ལྟོ་ཞལ་རྔམ་ཞིང་བརྗིད་པ། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། སྦྲུལ་གྱི་ཆུན་པོ། མི་ལྤགས་ཀྱི་གཡང་གཞི། སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་འཁོར་དུ། ཡབ་ཡུམ་གཉིས། གཟའ་ཆེན་བརྒྱད། གདོང་མོ་བཞི། སྣང་སྲིད་དྲེགས་པའི་དམག་ཚོགས་དཔག་ཏུ་མེད་པས་བསྐོར་བ། དཔལ་མགོན་མ་ནིང་འཁོར་བཅས་ཀྱི་གཡས་སུ་མེ་རླུང་དམར་ནག་འཁྲུག་པའི་དབུས་ན་པད་ཉི་དགྲ་བགེགས་བསྣོལ་བའི་གདན་ལ་ཧཱུྃ་འཕྲོ་འདུ་ཡོངས་སུ་གྱུར་པ་ལས། ཙ་རི་ཞིང་སྐྱོང་བདུད་མགོན་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་ཁྲོ་ཞིང་གཏུམ་པ་འཇིགས་པའི་གཟུགས་ཅན། གཡུའི་རལ་པ་གྱེན་དུ་འབར་བའི་གསེབ་ནས་སེང་ཆུང་མང་པོ་འཕྲོ་བ། ཕྱག་གཡས་དར་མདུང་ནག་པོ་ནམ་མཁའ་ལ་འཕྱར་ཞིང་། གཡོན་པ་དམར་གྱི་གཏོར་མ་འཛིན་པ། དར་ནག་གི་འཇོལ་བེར་ལྷབ་ལྷུབ་ཏུ་གསོལ་ཞིང་། སྟག་རལ་དང་གཟིགས་ཤུབས་རྐེད་ལ་བཅིངས་པ། སག་ལྷམ་གསོལ་ཞིང་བདུད་རྟ་ནག་པོ་རླུང་གི་གཤོག་པ་ཅན་ལ་བཅིབས་པ། གཡོན་དུ་ཏྲི་ལས་བདུད་མོ་སྲོག་གཅོད་མ་དམར་ནག་རལ་པའི་གསེབ་ནས་ཁྲོ་ཆུང་མང་པོ་འགྱེད་པ། གཡས་རྩེ་གསུམ་དང་གཡོན་སྙིང་བསྣམས་པ། དར་དམར་གྱི་འཇོལ་བེར་ཅན། བདུད་རྟ་དམར་ནག་རླུང་གི་གཤོག་པ་ཅན་ལ་བཅིབས་པ། མདུན་དུ་ལས་མཁན་བམ་རོ་ཕོ་མོ་མདོག་སེར་སྤེའུའི་མགོ་ཅན། ལག་གཉིས་བྱ་སྡེར་ས་ལ་བཙུགས་ཏེ་སྤྱི་བོ་ཚུགས་སུ་འགྲོ་ཞིང་། རྐང་པ་གཉིས་ཀྱིས་དམར་གཏོར་དགྲ་ལ་འཕེན་པ། མི་ལྤགས་རྐེད་ལ་དཀྲིས་ཤིང་མེ་རླུང་འཚུབ་པ། ལས་མཁན་དྲེགས་པའི་འཁོར་(༥༦བ)


GLG011_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པས་བསྐོར་བ། རཱ་ཧུ་ལ་འཁོར་བཅས་ཀྱི་གཡོན་དུ་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་དབུས་སུ་པདྨ་ཉི་མ་དགྲ་བགེགས་བསྣོལ་བའི་གདན་ལ་ཀྵ་ཧྲི་འཕྲོ་འདུ་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་སྤུ་གྲི་དམར་ནག་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཀྱིས་རལ་གྲི་དང་སྙིང་ཞགས། འོག་མ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་པ། །ཐོད་སྐམ་གྱི་དབུ་རྒྱན། དར་དམར་གྱི་འཇོལ་བེར། གླང་ཆེན་གྱི་ཀོ་རློན། སྟག་ལྤགས་ཀྱི་ཤམ་ཐབས་གྱོན་པ། ལུས་མིག་གིས་གང་ཞིང་ལྟོ་བར་སྲིད་གསུམ་ཟ་བའི་ཞལ་གདངས་པ། སྟོང་གསུམ་སྐད་ཅིག་གིས་མྱུལ་བར་ནུས་པའི་བྱ་ཁྱུང་དམར་པོ་ལ་བཅིབས་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པར་ཞུ་བ་ཅན་གནོད་སྦྱིན་གདུག་པའི་དམག་ཚོགས་ཀྱིས་བསྐོར་བ། ཞིང་སྐྱོང་འཁོར་བཅས་ཀྱི་གཡས་སུ་དུར་ཁྲོད་འཇིགས་སུ་རུང་བའི་ས་གཞི་ལ་པདྨ་ཟླ་ཉི་དགྲ་བགེགས་བསྣོལ་བའི་སྟེང་དུ་ཧཱུྃ་ལས་ཐུགས་ཀྱི་རྒྱལ་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་སྦྲུལ་ཞགས་དང་གཡོན་སྤུ་གྲི་འཛིན་པ། དོམ་གྱི་སློག་པ་དར་ནག་གི་འཇོལ་བེར། །ཐེབ་ཞུ་གསོལ་ཞིང་རིན་པོ་ཆེའི་རྒྱན་ཅན། གླང་པོ་ཆེ་ལ་བཅིབས་པ། ཕྱོགས་བཞིར། སྐུ། ཡོན་ཏན། གསུང་འཕྲིན་ལས་ཀྱི་རྒྱལ་པོ། གཞན་ཡང་ཡུམ་ལྔ། བློན་པོ་ལྔ། སྤྲུལ་པ་ལྔ། སྲོག་བདག་གནོད་སྦྱིན་ཡང་ལེ་བེར། རུ་འདྲེན་སྡེ་བཞི་སོགས་འཁོར་དཔག་ཏུ་མེད་པས་བསྐོར་བ། གནོད་སྦྱིན་དམར་པོའི་གཡོན་དུ་ཆོས་འབྱུང་། ཁྲག་མཚོ་འཁྲུག་པ་ལྕགས་རི་ནག་པོས་བསྐོར་བའི་ཕ་ཝང་ལོང་བུའི་སྐུ་མཁར་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཅན་གྱི་དབུས་སུ་པད་ཉིའི་གདན་ལ་ཏྲི་ལས་དམ་ཅན་རྡོ་རྗེ་ལེགས་པ་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་ཁྲོ་ཆུའི་ཐོ་བ་ཕྱར་ཞིང་། གཡོན་འཐོར་རླུང་དྲག་པོའི་གཏེར་གྱི་སྦུད་པ་འཛིན་པ། སྐུ་ལ་བེར་ནག་དགུ་བརྩེགས་དང་(༥༧ན)


GLG011_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་སག་ལྷམ་གསོལ་ཞིང་། གསེར་གྱི་སྐ་རགས་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དབུ་ལ་འོབས་ཞུ་དར་གྱི་ཅོད་པན་ཅན་གྱོན་པ། འཁོར་དུ་དགྱེས་སྡེ་མ་བཞི། གིང་ཆེན་བཞི། མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་ཀྱིས་བསྐོར་བ། དེ་དག་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་མདུན་གྱི་ཐུགས་ཀ་ལས་འོད་ཟེར་འཕྲོོས་པས་རང་རང་གི་གནས་ནས་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྤྱན་དྲངས། ཧཱུྃཿ ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་ལས། །གདུག་པ་འདུལ་ཕྱིར་ཁྲོས་པའི་གར་མཛད་པ། །དཔལ་ལྡན་མ་ཧཱ་ཀཱ་ལ་ཕྱག་བཞི་པ། །འཁོར་བཅས་ཐོགས་པ་མེད་པར་གནས་འདིར་གཤེགས། །རྡོ་རྗེ་གདན་དང་དུར་ཁྲོད་བསིལ་བའི་ཚལ། །འཇིགས་རུང་གནས་ནས་མགོན་པོ་ཡབ་ཡུམ་དང་། །ལས་མགོན་ཁྱབ་འཇུག་སེང་གདོང་འབར་མ་དང་། །ཚངས་པ་གཤིན་རྗེ་བཙན་རྒོད་གནོད་སྦྱིན་སོགས། །བཀའ་སྡོད་དམ་ཅན་རྒྱ་མཚོར་བཅས་པ་རྣམས། །སྔོན་གྱི་དམ་ཚིག་གཉེན་པོ་ཉེར་དགོངས་ལ། །བསྟན་དང་བསྟན་འཛིན་རྣལ་འབྱོར་སྐྱོང་བའི་ཆེད། །མ་ཐོགས་རིངས་བའི་ཚུལ་གྱིས་ད་ཚུར་སྤྱོན། །ཧཱུྃཿ དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཱ་ཧཱ་ཀཱ་ལ་ཆེ། །གསང་བདག་ཁྲོ་རྒྱལ་སྟོབས་ཀྱི་བདག །མ་ནིང་ནག་པོ་ཀུན་གྱི་རྗེ། །འོག་མིན་གནས་མཆོག་དམ་པ་དང་། །གསང་ཆེན་ལྷུན་གྲུབ་དུར་ཁྲོད་ནས། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །ལེཊ་ལྡན་ནག་པོ་༝། །བདུད་རྒྱལ་ཐོད་ཕྲེང་༝། །སྲོག་བདུད་དཔལ་འབར་༝། །ཡང་ཁོལ་སྡེ་བརྒྱད་༝། །འཁོར་དང་བཅས་པ་༝། །ཧཱུྃཿ མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས། །ཆུ་སྲིན་གདུག་པ་སྟོང་གི་གདན་སྟེང་དུ། །ལྷ་ཆེན་ཁྱབ་འཇུག་ཆེན་པོ་སྤྱན་འདྲེན་ནོ། །ཐུགས་(༥༧བ)


GLG011_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གཟི་བརྗིད་འབར་བའི་སྐུ་བཞེངས་ནས། །དྲག་པོའི་ཀི་ཀང་དབབ་པའི་མཐུ་རྩལ་ཅན། །སྲོག་སེར་སྐྱིན་ཐང་ལས་རྣམས་མཐར་ཕྱིན་ནས། །སངས་རྒྱས་བསྟན་པ་གཉེན་པོ་བསྲུང་བའི་ཕྱིར། །ཐུགས་རྗེས་དགོངས་ནས་གནས་འདིར་གཤེགས་སུ་གསོལ། །རྡོ་རྗེ་སྲིན་པོ་རྡོ་རྗེ་གློག་འཁྱུག་དང་། །གཟའ་ཆེན་བརྒྱད་དང་གདོང་མོ་མཆེད་བཞི་སོགས། །གྲངས་མེད་ལྷ་སྲིན་སྡེ་བརྒྱད་འཁོར་ཚོགས་རྣམས། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཧཱུྃཿ པདྨ་ཐོད་འཕྲེང་བཀའ་ཡི་ཕོ་ཉ་བ། །དགྲ་བགེགས་ཐལ་བར་རློག་པའི་བདུད་མགོན་ཆེ། །སེང་གདོང་ཡབ་ཡུམ་བམ་རོ་ཕོ་མོ་སོགས། །འཁོར་ཚོགས་རྒྱ་མཚོར་བཅས་ཏེ་གཤེགས་སུ་གསོལ། །སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད་པའི་ཚེ། །འཇིགས་རུང་དུར་ཁྲོད་ཆེ་ནས་གཤེགས་སུ་གསོལ། །སེང་གདོང་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཚེ། །གངས་དཀར་ཏེ་སེའི་མགུལ་ནས་༝། །མ་མོ་མཁའ་འགྲོའི་གཙོ་བོ་མཛད་པའི་ཚེ། །ལ་ཕྱི་གངས་ཀྱི་གནས་ནས་༝། །སྔགས་འཆང་ཡོངས་ཀྱི་དགྲ་ལྷ་མཛད་པའི་ཚེ། །གནས་མཆོག་ཙ་རི་ཏྲ་ནས་༝། །ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་བསྟན་སྲུང་མཆོག །སྲོག་བདག་བཤན་པ་དམར་པོ་མི་བསྲུན་པ། །རི་རབ་ཐལ་བར་རློག་པའི་རྫུ་འཕྲུལ་ཅན། །གནོད་སྦྱིན་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །དམར་པོ་མི་ཟན་༝། །སྨུག་པོ་སྤྱན་མང་༝། །སྨུག་ནག་འོད་འཕྲོ་༝། །གཟའ་བདུད་ཆེན་པོ་༝། །གཏེར་བདག་ཆེན་པོ་༝། །ལྷ་སྲིན་སྡེ་བརྒྱད་༝། །གནོད་སྦྱིན་དམག་ཚོགས་༝། །འཁོར་དང་བཅས་པ་༝། །ཧཱུྃཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་དང་། །མི་འགྱུར་བསམ་ཡས་གཙུག་ལག་ཁང་སོགས་ནས། །ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་ཆེན་པོ་དང་། །སྐུ་དང་ཡོན་ཏན་གསུང་འཕྲིན་རྒྱལ་པོ་ལྔ། །ཡུམ་བློན་སྤྲུལ་པ་སྲོག་བདག་ཡང་ལེ་བེར། །བཀའ་(༥༨ན)


GLG011_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཡང་སྤྲུལ་དམག་ཚོགས་བཅས་པ་རྣམས། །དབྱར་དུས་སྤྲིན་དཀར་གསར་པའི་ལང་ལོང་ལྟར། །མ་ཐོགས་རིངས་པའི་ཚུལ་གྱིས་ད་ཚུར་སྤྱོན། །ཧཱུྃཿ དབང་ཆེན་ཐུགས་སྤྲུལ་རྡོ་རྗེ་གཤོག་རྒོད་རྩལ། །རིགས་འཛིན་ཡོངས་ཀྱི་དགྲ་ལྷ་བཙན་རྒོད་ཆེ། །པདྨཱ་ཀ་རའི་དགེ་བསྙེན་རྡོ་རྗེ་ལེགས། །དམ་ཉམས་དགྲ་བོའི་གཤེད་མ་མགར་བ་ནག །གསང་བའི་ཡུམ་བཞི་གིང་ཆེན་སྡེ་བཞི་དང་། །མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས་པ་རྣམས། །བཅོལ་བའི་འཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར། །ད་ལྟ་ཉིད་དུ་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི་གྷུ་ན་ཧྲྀ་ཏ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཀ་ཁ་མུ་ཁ་མ་མ་རག་མོ་ཛི་ལི་བི་ན་ར་ཧཱུྃ་ཕཊ། རག་ཤ་རཱ་ཧུ་ལ། གང་ཀ་ར། ཡ་མ་ར་ཙ་ཏྲི་ཙ་ཤུ་ལ་ཡཀྴ། སརྦ་དུཥྚཱ་ནཌཱ་ཀི་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ། རཱ་ཧུ་ལ། ཨོཾ་སིང་ཧ་མུ་ཁ་སིན་ར་མ། ཨེ་ཧེ་རྨ་རུ་རྩེ། མ་ཧཱ་རཱ་ཛ། བཛྲ་ས་དུ། ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། མི་བཟད་འཇིགས་སུ་རུང་བའི་གཞལ་ཡས་དབུས། །པད་ཉི་བམ་ཆེན་བསྣོལ་བའི་ཁྲི་སྟེང་དུ། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀུན། །དགྱེས་པ་ཆེན་པོས་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཨ་བྷེ་ཤ་ཡ་ཏིཥྛ་ཡ་ཧཱུྃ་ཨཱཿ མཆོད་པ་འབུལ་བ་ནི། །དམ་ཅན་སྲུང་མ་འཁོར་དང་བཅས་རྣམས་ལ། །དམར་ཆེན་མཆོད་ཡོན་དབང་པོའི་མེ་ཏོག་དང་། །ཚིལ་ཆེན་དུད་པ་ཞུན་ཆེན་མར་མེའི་ཚོགས། ཁྲག་ཞག་དྲི་ཆབ་ཤ་རུས་ཞལ་ཟས་དང་། །རྐང་གླིང་རོལ་མོ་འདོད་ཡོན་རྣམ་པ་ལྔ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །བྷ་ལིཾ་གཏོར་མ་དམར་ཆེན་རཀྟའི་ཚོགས། །ཆོས་སྐྱོང་སྲུང་མ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བཅོལ་བའི་འཕྲིན་ལས་(༥༨བ)


GLG011_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་མཛོད། །སྔར་གྱི་སྔགས་གཤམ་དུ། ཨརྒྷཾ་ནས་ཤབྡའི་བར། རཱུ་པ་ནས་སྤརྴའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བྷ་ལིང་ཏ་༝། །མ་ཧཱ་རཀྟ་༝། །ཞེས་བརྗོད། །ཉམས་ཆགས་བཤགས་ཤིང་བསྐང་བ་ནི། ཧཱུྃཿ ཀུན་བཟང་ཧེ་རུ་ཀ་དང་པདྨ་འབྱུང་། །མངའ་བདག་ཉང་བན་པདྨ་ལས་འབྲེལ་རྩལ། །རིག་འཛིན་སྔགས་འཆང་རཏྣ་གླིང་པ་སོགས། །དངོས་དང་བརྒྱུད་པའི་བླ་མའི་ཚོགས་རྣམས་དགོངས། །བདག་ཅག་མ་རིག་འཁྲུལ་པའི་གཞན་དབང་གིས། །ལེགས་ཚོགས་ཀུན་གྱི་འབྱུང་གནས་བླ་མ་དང་། །དངོས་གྲུབ་གཏེར་གྱུར་ཡི་དམ་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་དང་འགལ་བའི་ཉེས་པ་བཤགས། །མར་གྱུར་འགྲོ་ལ་བྱམས་དང་བརྩེ་བ་བཏང་། །བསྟན་དགྲ་བསྒྲལ་སོགས་འཕྲིན་ལས་རྣམ་བཞི་གཡེལ། །གསང་ཆེན་ཆོས་ལ་ཡིད་གཉིས་ཟ་བ་སོགས། །རྩ་བ་ཡན་ལག་དམ་ཚིག་འགལ་བ་བཤགས། ཁྱད་པར་མཐུ་ལྡན་སྲུང་མའི་ཚོགས་རྣམས་ཀྱི། །བསྙེན་སྒྲུབ་ལས་སྦྱོར་དུས་ཀྱི་བསྐང་བ་ཆག །མཐུན་རྫས་དམ་ཉམས་མི་གཙང་གིས་སྦགས་སོགས། །བག་མེད་དབང་གིས་སྤྱད་པའི་ཉེས་ཀུན་བཤགས། །སྒྱུ་མའི་སྐྱེས་བུ་སྲོག་དང་བྲལ་བ་ལྟར། །མ་དག་འཁྲུལ་ངོར་བསགས་པའི་ཉེས་པ་ཀུན། །གསལ་སྟོང་གདོད་ནས་དག་པ་རིག་པའི་དབྱིངས་། །བདེ་ཆེན་ཆོས་ཀྱི་ངང་དུ་བཤགས་པར་བགྱི། །ཧཱུྃཿ དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་ཚོའི་ཚོགས། །རང་རང་མཐུན་པའི་རྫས་སུ་བྱིན་བརླབས་ནས། །མཐུ་ལྡན་དམ་ཅན་སྲུང་མའི་སྤྱན་ལམ་དུ། །རྨད་བྱུང་དགྱེས་པ་ཆེན་པོ་བསྐྱེད་གྱུར་ཅིག །འབོད་པའི་དམ་རྫས་གཡབ་དར་ནག་པོ་དང་། །སྟོང་གསུམ་འགེང་བའི་མི་རྐང་གླིང་བུའི་སྒྲ། །གྲི་སྙིང་སྲོག་འཁོར་གསང་བ་རྟེན་གྱི་མཆོག །ཕྱི་རྟེན་རྟ་གཡག་ཤེལ་གོང་བྱ་(༥༩ན)


GLG011_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་ཡིས། །ཆེ་མཆོག་ཕྱག་བཞི་མགོན་པོའི་ཐུགས་དམ་བསྐང་། །དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་བསྐང་། །གཟའ་བདུད་རཱ་ཧུ་ལ་ཡི་ཐུགས་དམ་བསྐང་། །ཞིང་སྐྱོང་སེང་གེའི་གདོང་ཅན་ཐུགས་དམ་བསྐང་། །གནོད་སྦྱིན་སྤུ་གྲི་དམར་ནག་༝། །སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་༝། །དམ་ཅན་སྐྱེས་བུ་ཆེན་པོའི་༝། །བཀའ་ཉན་དྲེགས་པ་འཁོར་ཚོཊ་༝། །བསྟན་དང་བསྟན་འཛིན་དགེ་འདུན་སྡེ་བཅས་སྐྱོངས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །དམར་ཆེན་རྟག་གཏོར་རྒྱུན་གཏོར་རི་ལྟར་སྤུངས། །བདུད་རྩི་སྨན་གྱི་དམ་ཚིག་གཅིག་ཏུ་བསྲེ། །རཀྟའི་རྦ་ཀློང་རྒྱ་མཚོའི་རླབས་ལྟར་འཁྲུག །ཚོགས་གཏོར་བཤོས་བུ་འཛིན་མའི་ཁྱོན་གང་འདིས། །ལྷག་མ་ཚིག་རྐང་བཅུ་པོ་འགྲེ །དབང་པོ་ཆུ་སྐྱེས་བཀྲ་བའི་མེ་ཏོག་དང་། །རོ་སྐྲའི་སྡོང་བུ་ལས་སྦར་མར་མེའི་གཟི། །སྙན་བརྗིད་རྔམ་པ་སྣ་ཚོགས་རོལ་མོའི་སྒྲ། །ཤ་ཆེན་གུ་གུལ་སྤོས་དཀར་དུད་སྤྲིན་འདིས་༝། །ཤ་ཁྲག་གློ་སྙིང་རྒྱུ་མ་ནང་ཁྲོལ་སྤུངས། །ཛ་གད་གསེར་སྐྱེམས་འདོད་ཡོན་རྣམ་པ་ལྔ། །ཤ་ལྔ་བྱང་སེམས་ལ་སོགས་བདུད་རྩི་ལྔ། །ཁྱུང་སེང་གླང་སྟག་དོམ་དྲེད་གཅན་གཟན་གྱིས་༝། །མིག་སྨན་མདངས་ལྡན་ཞྭ་དང་ཕོད་ཀ་དང་། །ཟ་འོག་འཇོལ་བེར་གཡང་གཞི་གླང་སྟག་ལྤགས། །སྲ་བརྟན་གོ་ཆ་རྣོ་ངར་མཚོན་ཆའི་ཚོགས། །སྣ་མང་གདུགས་དང་རྒྱལ་མཚན་མང་པོ་ཡིས་༝། །ཐོད་སྐམ་དབུ་རྒྱན་དོ་ཤལ་རུས་པའི་རྒྱན། །རི་རབ་གསེར་གླིང་གླིང་བཞི་གླིང་ཕྲན་དང་། །ཉི་ཟླ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །མདོར་ན་རང་རང་དགྱེས་པའི་རྫས་རྣམས་ཀྱིས། །ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཟློས་གར་ལས་༝། །བདེ་གཤེགས་ཞི་ཁྲོའི་ཚུལ་འཛིན་བཀའ་བརྒྱད་ལྷ། །ལོག་འདྲེན་འདུལ་ཕྱིར་དྲག་(༥༩བ)


GLG011_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུར་བསྟན་པར། །ཡིད་ཆེས་མོས་པའི་རྟེན་མཆོག་དམ་པ་འདིས་༝། །གཏོར་མ་འབུལ་བ་ནི། ཆོས་སྐྱོང་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་གྱུར་པའི་རྡོ་རྗེ་རྩེ་གཅིག་པ་འོད་ཀྱི་སྦུ་གུ་ཅན་གྱིས་གསོལ་བར་བསམས་ལ། སྔར་གྱི་སྔགས་གཤམ་དུ་མ་ཧཱ་བྷ་ལིང་ཏ་ཁ་རཾ་ཁཱ་ཧི། ཞེས་ལན་བདུན་ནམ་ཉེར་གཅིག་གིས་འབུལ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། མ་ཧཱ་པཉྩ་དང་རཀྟས་སྨན་རག་འབུལ། བསྟོད་པ་ནི། ཧཱུྃཿ སྟོང་ཟིལ་བརྩེགས་པའི་རི་བོ་མིག་སྨན་གྱིས། །ལན་བརྒྱར་བྱུགས་ལ་མི་སྡུག་སྲིན་པོའི་གཟུགས། །བསྐལ་པའི་མེ་དཔུང་དབུས་ན་རབ་འགྱིང་བའི། །སྟོབས་ལྡན་མ་ཧཱ་ཀཱ་ལ་ཁྱོད་ལ་བསྟོད། །སྤྱན་གསུམ་ཉི་ཟླ་ལྟར་གསལ་དགྲ་ལ་གཟིགས། །ཞལ་གདངས་ཁྲག་གི་ལྦུ་བ་ཆལ་ཆིལ་གཡོ། །སྣ་ཚོགས་མཚོན་ཆས་དགྲ་བོའི་དོན་སྙིང་འབིགས། །འཇིགས་རུང་དཔའ་བོའི་རྒྱན་གྱིས་སྤྲས་ལ་བསྟོད། ཁྲོ་གཏུམ་ང་རོས་སྲིད་གསུམ་སྐྲག་བྱེད་ཀྱང་། །ཆོས་དབྱིངས་བདེ་བའི་ངང་ལས་མི་གཡོ་བའི། །ཕུལ་བྱུང་དགྱེས་པ་སྐྱེད་པར་བྱེད་པའི་ཡུམ། །ལྷ་མོ་ཙནྟི་དབང་ཕྱུག་མ་ལ་བསྟོད། །སྟོབས་ལྡན་ཁྱོད་ཀྱི་བཀའ་ཉན་ལས་བྱེད་ཅིང་། །དམ་ཉམས་དགྲ་བོའི་སྲོག་ལ་ཆེར་རྔམ་པའི། །རྗེ་དབོན་རྣམ་གསུམ་གྱིང་ཆེན་སྡེ་ལྔ་དང་། །འཁོར་ཚོགས་དྲེགས་པ་སྡེ་བརྒྱད་རྣམས་ལ་བསྟོད། །འཕྲིན་ལས་ལྷུན་གྲུབ་མགོན་པོ་འཁོར་བཅས་ཀྱིས། །བསྟན་དང་བསྟན་འཛིན་དགེ་འདུན་སྡེ་རྣམས་སྐྱོངས། །ཁྱད་པར་དགོན་གནས་འདི་ཉིད་སྲིད་སྡེར་བཅས། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །ཧཱུྃཿ དཔལ་ཆེན་གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར། །སྟོན་མཛད་འཆོལ་བའི་ཁྲོ་རྒྱལ་དགྲ་བགེགས་གཤེད། །ལྷ་ཆེན་དཔལ་འབར་བསྟན་སྲུང་ཡོངས་ཀྱི་རྗེ། །དཔལ་(༦༠ན)


GLG011_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་མ་ནིང་ནག་པོ་ཁྱོད་ལ་བསྟོད། །གར་དགུའི་ཉམས་ལྡན་སྤྱན་གསུམ་གྱེན་ཐུར་གཟིགས། །རྣོ་ངར་མཆེ་གཙིགས་མཚོན་ཆ་སྣ་ཚོགས་ཐོགས། །བེང་ཆེན་རྐེད་ནས་སྤྲུལ་པའི་ལྷ་དམག་འགྱེད། །བསྟན་སྲུང་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །སྲོག་བདུད་ནག་པོ་གླིང་བཞི་སྐད་ཅིག་མྱུལ། །དཔལ་འབར་དམར་མོ་དགྲ་བོའི་སྲོག་རྩ་གཅོད། །ལས་བསྒྲུབ་ཡང་ཁོལ་དྲེགས་པ་སྡེ་བརྒྱད་ཀྱི། །དམག་ཚོགས་ས་དང་བར་སྣང་གང་ལ་བསྟོད། །བཟློག་པས་མི་བཟློག་སྔགས་བཟློག་མཁན་གྱི་གཤེད། །དཔལ་མགོན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །བདག་ཅག་དཔོན་སློབ་དགོན་གནས་དགེ་འདུན་སྡེ། །བསྲུང་ཞིང་རྒྱས་པའི་འཕྲིན་ལས་མ་ལུས་སྒྲུབས། །ཧཱུྃཿ དམར་ཆེན་ཁྲག་གི་རྒྱ་མཚོ་འཁྲུག་པའི་དབུས། །སྲིན་པོ་མགོ་དགུ་ལུས་ཀུན་ཁྲག་མིག་གང་། །ལྟོ་བར་ཁ་གདངས་སྦྲུལ་གྱི་མཇུག་མ་ཅན། །སྣ་ཚོགས་མཚོན་འཛིན་ཁྱབ་འཇུག་ཆེན་པོར་བསྟོད། །སྟེང་འོག་ཕྱོགས་མཚམས་ཀུན་རྒྱུའི་སྤྲུལ་པ་བརྒྱད། །བཀའ་ཉན་གདོང་མོ་བཞི་དང་གཟའ་ཆེན་བརྒྱད། །རྒྱུ་སྐར་ཉེར་བརྒྱད་ལྷ་སྲིན་སྡེ་བརྒྱད་ཀྱི། །གྲངས་མེད་ཕོ་ཉ་དམག་ཚོགས་རྣམས་ལ་བསྟོད། ཁྱབ་འཇུག་ཆེན་པོ་འཁོར་དང་བཅས་རྣམས་ཀྱིས། །རྒྱལ་བའི་བསྟན་སྲུངས་བླ་མའི་སྐུ་ཚེ་སྲིངས། །དགེ་འདུན་སྡེ་སྐྱོངས་འགྲོ་བའི་ཕན་བདེ་སྤེལ། །རྣལ་འབྱོར་བདག་གིས་བཅོལ་བའི་འཕྲིན་ལས་སྒྲུབས། ཁྱད་པར་གཟའ་མཆོག་ནག་པོ་རཱ་ཧུ་ལ། །ཟ་ཧོར་སྔགས་འཆང་རིམ་པར་བྱོན་རྣམས་ཀྱིས། །ཉེར་བསྟེན་ཕ་མེས་རིགས་ཀྱི་སྲུང་མ་སྟེ། །སྔོན་གྱི་དམ་ཚིག་གཉེན་པོ་རབ་དགོངས་ལ། །བདག་ཅག་དགོན་གནས་སྲིད་སྡེ་བྲན་གཡོག་ལ། །གནོད་ཅིང་འཚེ་བའི་དགྲ་དང་བགེགས་ལ་སོགས། །བར་གཅོད་(༦༠བ)


GLG011_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་རྐྱེན་ངན་མ་ལུས་པ། །ཐལ་བའི་རྡུལ་དུ་རློག་པའི་འཕྲིན་ལས་མཛད། །མེ་རླུང་འཁྲུག་པའི་དབུས་ན་བདུད་མགོན་ཆེ། །དར་ནག་གོས་གྱོན་རུ་མཚོན་མཁའ་ལ་འཕྱར། །དམར་གཏོར་དགྲར་འཕེན་བདུད་རྟ་རླུང་གཤོག་བཅིབས། །སེང་གེའི་གདོང་ཅན་ཡབ་ཡུམ་གཉིས་ལ་བསྟོད། །མི་སྡུག་སྤྲེའུའི་གདོང་ཅན་བམ་རོ་ཟུང་། །ལག་གཉིས་བྱ་སྡེར་ས་ལ་བཙུགས་ནས་བརྒྱུག །རྐང་པ་དམར་གཏོར་དགྲ་བོའི་སྟེང་དུ་འཕེན། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་ལ་བསྟོད། །ཞིང་སྐྱོང་ཤ་ཟན་ནག་པོ་འཁོར་བཅས་ཀྱིས། །ཐུབ་པའི་རིང་ལུགས་སྤེལ་བའི་ཆོས་སྲིད་སྡེ། །མི་མཐུན་ཕྱོགས་རྣམས་ཀུན་ལས་རབ་རྒྱལ་ནས། །འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཟ་ཧོར་སྔགས་འཆང་རིམ་པར་བྱོན་རྣམས་ཀྱིས། །དམ་ཚིག་གཉེན་པོ་བསྒྲགས་ཤིང་རབ་བསྟེན་པའི། །རིགས་དང་བརྒྱུད་ལ་འགོ་བའི་སྲུང་མ་མཆོག །དྲག་ཤུལ་སྟོབས་ལྡན་ཞིང་སྐྱོང་ཆེན་པོ་ཡིས། །རིགས་འཛིན་བདག་ཅག་འཁོར་དང་བཅས་པ་ལ། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་ཀུན། །ལོ་དང་ཟླ་བ་ཞག་ཏུ་མ་བཞག་པར། །མངོན་སྤྱོད་དྲག་པོའི་འཕྲིན་ལས་བསྒྲུབ་པར་མཛོད། །ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་ལས། །བསྟན་པ་བསྲུང་ཕྱིར་ཀླུ་སྲིན་བཤོས་པའི་སྲས། །འཕུང་བྱེད་དམར་ནག་གནོད་སྦྱིན་མཐུ་རྩལ་ཅན། །དགྲ་བགེགས་བཤན་པའི་གཙོ་བོ་ཁྱོད་ལ་བསྟོད། །འཇིགས་པའི་གཟུགས་ཅན་དགྲ་ལ་ཁ་གདངས་ཤིང་། །དམར་ཟླུམ་མིག་གིས་ལེགས་ཉེས་བདེན་ཤན་འབྱེད། །རྣོ་ངར་མཚོན་ཆས་དགྲ་བགེགས་སྲོག་རྩ་གཅོད། །ཐོད་ཁྲག་དོན་སྙིང་ཞལ་དུ་སྟོབ་ལ་བསྟོད། །དར་དམར་འཇོལ་བེར་རིན་ཅེན་གསར་ག་ཅན། །གླང་ལྤགས་གཡང་གཞི་གོས་གྱོན་རུས་རྒྱན་སྤྲས། །སྟོང་གསུམ་(༦༡ན)


GLG011_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མྱུལ་བའི་ཁྱུང་དམར་བཅིབས། །གནོད་སྦྱིན་དབང་གི་མདོག་ཅན་ཁྱོད་ལ་བསྟོད། །བལ་ཡུལ་ཡང་ལེ་ཤོད་ཀྱི་གནས་མཆོག་ཏུ། །པདྨ་ཐོད་འཕྲེང་སྤྱན་སྔར་ཞལ་བཞེས་ལྟར། །རྣལ་འབྱོར་དཔོན་སློབ་སྡེ་དང་བཅས་རྣམས་ཀྱི། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཧཱུྃཿ གདོད་མའི་གཤིས་ལུགས་འཆི་མེད་ལམ་ཡངས་ནས། །བསྟན་སྲུང་དབང་པོ་གནམ་ལྕགས་རྡོ་རྗེའི་ཐོག །ལོག་འདྲེན་བྲག་རི་ཐལ་བར་བརླག་མཛད་པའི། །གཙུག་ལག་ཆོས་འཁོར་ཡོངས་ཀྱི་སྲུང་མར་བསྟོད། །སྐུ་དང་ཡོན་ཏན་གསུང་དང་འཕྲིན་ལས་ཀྱི། །ཆོས་རྒྱལ་ཡུམ་བློན་ལས་བྱེད་སྤྲུལ་པ་དང་། ཁྱད་པར་སྲོག་བདག་གནོད་སྦྱིན་ཡང་ལེ་བེར། །སྡེ་བརྒྱད་དྲེགས་པའི་དམག་ཚོགས་རྣམས་ལ་བསྟོད། །དབང་ཆེན་ཁྲག་འཐུང་སྐུ་ཡི་དཀྱིལ་འཁོར་དུ། །དུས་གསུམ་རྒྱལ་དབང་པདྨ་འབྱུང་གནས་ཀྱིས། །དབང་བསྐུར་དམ་ཚིག་གཉེན་པོ་ཉེར་བསྒྲགས་ལྟར། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །སྔགས་འཆང་དྷརྨ་པཱ་ལ་ནས་བཟུང་སྟེ། །རིགས་དང་བརྒྱུད་ཀྱི་དགྲ་ལྷ་མཐུ་རྩལ་ཅན། །ཞི་རྒྱས་དབང་གིས་འདོད་པའི་དོན་བསྒྲུབ་ཅིང་། །དྲག་པོའི་ལས་ཀྱིས་དགྲ་བགེགས་ཚར་གཅོད་མཛོད། །ཧཱུྃཿ མཐིང་ནག་ཨེ་ཡི་རང་བཞིན་ཁྲག་མཚོའི་ཀློང་། །ལྕགས་རི་ནག་པོས་ཡོངས་བསྐོར་ལོང་བུའི་མཁར། །སྣ་ཚོགས་དབང་པོའི་གཞུ་ཡི་གུར་ཁྱིམ་ནང་། །འགྱིང་མཛད་དམ་ཅན་སྐྱེས་བུ་ཁྱོད་ལ་བསྟོད། ཁྲོ་ཆུའི་ཐོ་བ་མེ་འབར་མཁའ་དབྱིངས་སུ། །ཕྱར་བ་ཙམ་གྱིས་སྲིད་གསུམ་ཕྱེ་མར་འཐག །འཐོར་རླུང་མི་ཟད་གཏེར་གྱི་སྦུད་པ་ཡིས། །དགྲ་བགེགས་རྒྱ་མཚོའི་ཕ་མཐར་སྐྲོད་ལ་བསྟོད། །མ་ངེས་སྐུ་ཡི་སྤྲུལ་པས་སྟོང་གསུམ་འགེང་། །འཇིགས་(༦༡བ)


GLG011_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རུང་གསུང་གི་ང་རོ་འབྲུག་ལྟར་ལྡིར། འགྱུར་མེད་ཐུགས་ནི་བདེ་བ་ཆེན་པོར་མནལ། །དམ་ཅན་རྡོ་རྗེ་གཤོག་རྒོད་རྩལ་ལ་བསྟོད། །དགེ་བསྙེན་འཁོར་དང་བཅས་པས་བསྟན་པ་དང་། །དེ་འཛིན་སྐྱེས་བུ་དགེ་འདུན་སྡེ་རྣམས་སྲུངས། །བདག་སོགས་འཁོར་བཅས་བསམས་པའི་དོན་རྣམས་ཀུན། །འབད་རྩོལ་མེད་པར་ངང་གིས་གྲུབ་པར་མཛོད། དེ་ནས་ཆོས་སྐྱོང་སྤྱི་ལ་འཕྲིན་ལས་གཉེར་དུ་གཏད་པ་ནི། ཧཱུྃ༔ ཆོས་དབྱིངས་བདེ་བ་ཆེན་པོའི་རྣམ་རོལ་ལས། །འཇིགས་རུང་ཁྲོ་བོའི་སྒྱུ་འཕྲུལ་རོལ་གར་ཅན། །རིགས་འཛིན་བུ་བཞིན་སྐྱོང་བའི་བསྟན་སྲུང་ཚོགས། །མ་གཡེལ་མ་གཡེལ་དེང་འདིར་ཉེ་བར་དགོངས། །སྔོན་ཚེ་བཅོམ་ལྡན་ཀུན་བཟང་ཧེ་རུ་ཀ །ཚེ་དབང་རིགས་འཛིན་པདྨཱ་ཀ་ར་སོགས། །དངོས་བརྒྱུད་བླ་མའི་སྤྱན་སྔར་ཞལ་བཞེས་པའི། །ལས་བཞིའི་འཕྲིན་ལས་བསྒྲུབ་པའི་དུས་ལ་བབ། །འགྲོ་བའི་ཕན་བདེའི་རྩ་བ་རྒྱལ་བའི་བསྟན། །དེ་འཛིན་སྐྱེས་བུ་ཁྲིམས་ལྡན་འདུས་པའི་སྡེ། །ཆོས་ལྡན་རྒྱལ་པོའི་ཆབ་སྲིད་མངའ་ཐང་སོགས། །མི་འགྱུར་བརྟན་ཞིང་རྒྱས་པའི་འཕྲིན་ལས་མཛོད། ཁྱད་པར་རྒྱལ་བས་ལུང་དུ་བསྟན་པའི་གནས། །བཤད་སྒྲུབ་ཐུབ་བསྟན་རྩ་ལག་ཆོས་འཁོར་རྒྱལ། །རྟེན་དང་བརྟན་པར་བཅས་པའི་འཁོར་ལོ་འདི། །སྲིད་མཐའི་བར་དུ་བརྟན་ཞིང་འཕེལ་བར་མཛོད། །གཙུག་ལག་སྡེར་བཅས་འདི་ཉིད་སྐྱོབ་པ་དང་། །གནོད་བྱེད་དམ་ཉམས་དགྲ་བོ་མི་སྒྲོལ་ན། །གདུག་ཅན་སྲོག་རྩ་གཅོད་པའི་བཤན་པ་ཞེས། །རྩ་བརྒྱུད་བླ་མས་བསྔགས་པ་ངོ་རེ་གནོང་། །དགོན་གནས་འདི་ཙམ་སྐྱོབ་པའི་མཐུ་མེད་ན། །སངས་རྒྱས་བསྟན་པའི་སྲུང་མ་མིང་ཙམ་འགྱུར། །རྣལ་འབྱོར་སྒོས་དགྲ་བསྒྲལ་བའི་རྩལ་མེད་ན། །ཞིང་བཅུའི་གཤེད་མའི་མིང་ཡང་དོན་རེ་ཆུང་། །མ་གཡེལ་དགོངས་ཤིག་དམ་ཅན་སྲུང་མའི་ཚོགས། །(༦༢ན)


GLG011_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་དང་བླངས་ལུས་སྲོག་ཐེད་ལ་བོར། །མཐུན་པའི་རྫས་བསགས་བསྙེན་ཅིང་བསྒྲུབ་ལ་འབད། །ལུས་དང་གྲིབ་མ་བཞིན་དུ་བསྟེན་བྱས་ན། །བསྐུལ་བའི་ཚེ་ན་དམ་ཅན་བང་མ་བུལ། །བོས་པའི་ཚེ་ན་ཆོས་སྐྱོང་སྙན་མ་སྲ། །བཅོལ་བའི་ཚེ་ན་བསྟན་སྲུང་ལས་མ་ཞན། །རྦད་པའི་ཚེ་ན་བཤན་པ་མཐུ་མ་ཆུང་། །དགོན་གནས་འདི་ལ་སྔ་དགྲ་ལག་དར་ཞིང་། །ཕྱི་དགྲ་ཡིད་སེམས་ད་དགྲ་གནོད་བྱེད་པའི། །དམ་ཉམས་དགྲ་བོ་སྟེང་འོག་གར་འདུག་ཀྱང་། །ཚེ་དང་བསོད་ནམས་ཁ་རྗེ་དབང་ཐང་ཆོམས། །ལྟས་ངན་ཆོ་འཕྲུལ་མི་རུང་སྣ་ཚོགས་མཐོང་། །ནད་རིམས་འཁྲུག་རྩོད་ཉེར་འཚེ་ཆར་ལྟར་ཕོབ། །གནམ་གྱི་འཇུ་ཐག་ས་ཡི་བརྟེན་ཕུར་ཕྱུངས། །མྱུར་དུ་བླ་སྲོག་ཚེ་གསུམ་ཞལ་དུ་ཐོབ། །ཐུབ་བསྟན་སྙིང་པོ་ཀུན་མཁྱེན་བཙོང་ཁ་པའི། །དྲི་མེད་བཤད་དང་སྒྲུབ་པའི་རིང་ལུགས་མཆོག །དཀར་ཕྱོགས་ཀུན་ཕན་དཀྱིལ་འཁོར་ཇི་བཞིན་དུ། །ལེགས་པའི་ཆ་ཤས་འཕེལ་བའི་འཕྲིན་ལས་མཛོད། །གཏང་རག་གི་མཆོད་པ་དང་། །རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་སོགས་ལག་ལེན་གྱི་དཀྱུས་སུ་བསྙེག་གོ །ཨེ་མ་ཆུ་གཏེར་ཆེན་པོ་ལས། །རླབས་འཕྲེང་དུས་ལས་མི་ཡོལ་ལྟར། །འདོད་པའི་རེ་བ་སྐོང་བ་ལ། །ཆོས་སྲུང་བསྟེན་ལས་གཞན་ཅི་ཞིག །འོན་ཀྱང་འདི་འདྲའི་གནད་ཤེས་པའི། །སྔགས་འཆང་ཨུ་དུམ་ཝཱ་ར་བཞིན། །དེ་ཕྱིར་ཁོ་བོའི་འདྲེན་པ་མཆོག །གསང་ཆེན་ཆོས་ཀྱི་བདག་པོར་འཁུམས། །རིགས་འཛིན་ཨ་ཝ་དྷཱུ་ཏཱི་པའི། །མ ཚུངས་པ་མེད་པའི་བཀའ་དྲིན་ལས། །ཆོས་སྲུང་རྒྱ་མཚོ་མཉེས་བྱེད་པའི། །ལས་བཞི་ལྷུན་གྲུབ་ཡི་གེར་བཀོད། །དགེ་དེས་ནག་ཕྱོགས་སྡེར་བཅས་ཀྱི། །རུ་མཚོན་མ་ལུས་རབ་བསྙལ་ནས། །དཀར་ཕྱོགས་རྣམ་པར་རྒྱལ་བ་ཡི། །རྫ་རྔ་སྲིད་རྩེར་སྒྲོག་གྱུར་ཅིག །(༦༢བ)


GLG011_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེ་དང་། གླེགས་བམ་རིན་པོ་ཆེ་སོགས་ལས་ལུང་བསྟན་པའི་ཆོས་འཁོར་རྒྱལ་འདི་ཉིད་ཀྱི་ཡང་དབེན་སྲུང་མ་རང་བཞིན་གྱིས་བཞུགས་གནས་ལྷུན་གྲུབ་དགའ་བའི་ཚལ་དུ་པད་དཀར་འཛིན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོས་ཆོས་སྐྱོང་འདི་དག་གི་སྐུ་བརྙན་བྲིས་འབུར། མདོས་གཏོར་སོགས་ཀྱི་རྟེན་འཛུགས་པར་གནང་ནའང་མཆོད་གཏོར་འབུལ་བ་སོགས་ཀྱི་ཕྱག་ལེན་གནང་རྒྱུ་མ་གྲུབ་པར་ལུས་འདུག་པ། བཞེད་པ་ལྟར་གྲུབ་ན་བསྟན་དང་འགྲོ་ལ་ཕན་པར་འགྱུར་བའི་ལྷག་པའི་བསམ་པས་མཆོད་གཏོར་གྱི་ཆོ་ག་ལས་བཞི་ལྷུན་གྲུབ་འདི་ཡང་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་རིག་པ་འཛིན་པ་དུ་མའི་བཀའ་དྲིན་གྱིས་འཚོ་བའི་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ། མིང་གཞན་བླ་མེད་རྡོ་རྗེ་རྩལ་དུ་འབོད་པས་མགོན་པོ་ཕྱག་བཞི་པ་དང་། རྒྱལ་པོ་པེ་ཧར་གཉིས་མངའ་བདག་གི་གཏེར་བྱོན། །གཟའ་དམར་ནག །ཞིང་སྐྱོང་རྣམས་པདྨ་ལས་འབྲེལ་རྩལ་གྱི་གཏེར་མ། དཔལ་མགོན་མ་ནིང་རཏྣ་གླིང་པའི་གཏེར་མ་དང་། དམ་ཅན་མགོན་པོ་ཞལ་གྱི་རྗེས་འབྲངས་པེ་སྲོག་བཙན་གསུམ་ཞེས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་ལེན་དུ་མཛད་པ་ལ་གཞི་བྱས་ཚིག་སྦྱོར་རྣམས་ཅུང་ཟད་འཁྱེར་བདེ་བར་བྱས་ཏེ། མེ་ཕག་སྣྲོན་ཟླའི་ཡར་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གར། །མཚོ་སྐྱེས་སྤྲུལ་སྐུའི་རོལ་བར་ཡོངས་ཤར་བའི། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་། །རྟ་མཆོག་ཧེ་རུ་ཀ་ཡིས་དངོས་གྲུབ་སྩོལ། །འཇམ་དབྱངས་རྣམ་སྤྲུལ་ཁྲི་སྲོང་ལྡེའུ་བཙན་དང་། །བློ་བཟང་སྙན་པའི་གྲགས་འབར་བཙོང་ཁ་པ། །ཕུལ་བྱུང་བསོད་ནམས་ཞིང་གྱུར་རྒྱ་མཚོའི་དཔལ། །དངོས་བརྒྱུད་བླ་མས་བྱིན་རླབས་ཆར་དུ་ཕོབ། །ངག་དབང་འཇམ་དཔལ་(༦༣ན)


GLG011_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དགྲའི་བློ་ནུས་མཐུ། །གྲུབ་པའི་སྐལ་བཟང་ངེས་གསང་རྒྱ་མཚོའི་སྡེས། །དམ་ཚིག་ཉེར་བསྒྲགས་གསོལ་ཞིང་ལེགས་མཆོད་པའི། །སྤྲུལ་པའི་ཆོས་རྒྱལ་འཁོར་བཅས་གནས་འདིར་གཤེཊ། །ཏིང་འཛིན་གྱིས་སྤྲུལ་རིན་ཅེན་གཞལ་མེད་དབུས། །པདྨ་ཉི་ཟླ་དགྲ་བགེགས་བསྣོལ་བའི་སྟེང་། །མི་གཡོ་བརྟན་པར་བཞུགས་ནས་དགྱེས་པའི་ཞལ། །སྒྲུབ་མཆོག་རིག་འཛིན་བདག་ལ་བསྟན་དུ་གསོལ། །སྨན་རཀ་གཏོར་མ་མཆོད་པའི་ཚོགས་རྣམས་དང་། །བླ་རྡོ་སྲོག་འཁོར་ཕྱི་ནང་གསང་བའི་རྟེན། །དམ་ཅན་འདུ་བའི་རྫས་ཀུན་བཤམས་ལགས་ན། །དྲེགས་པའི་དེད་དཔོན་ཐུགས་དམ་སྐོངས་གྱུར་ཅིག །ཞལ་གསུམ་ཕྱག་དྲུག་སྣ་ཚོགས་མཚོན་ཆ་བསྣམས། །དར་དཀར་གོས་གྱོན་སྨྱུག་མའི་ཐེབ་ཞུ་གསོལ། །སེང་གེའི་སྟེང་འགྱིང་དགྲ་བགེགས་ཚར་གཅོད་པའི། །འཕྲིན་ལས་རྒྱལ་པོ་ཁྱོད་ལ་བདག་བསྟོད་དོ། །མུན་པའི་མདོག་ཅན་བདུད་ཞགས་སྤུ་གྲི་འཛིན། །དོམ་སློག་དར་ནག་འཇོལ་བེར་ཐིབ་ཞུ་ཅན། །གླང་ཆེན་སྣ་རིང་ཞོན་ནས་སྟོང་གསུམ་མྱུལ། །ཐུགས་ཀྱི་རྒྱལ་པོ་༝། །མོན་ནུ་ནག་པོ་རྡོ་རྗེ་གསེག་ཤང་བསྣམས། །དར་ནག་གོས་དང་དབུ་ལ་སྨྱུག་ཞུ་གསོལ། །སེང་གེ་བཅིབས་ནས་དགྲ་བོའི་བླ་ཚེ་བརྐུ། །སྐུ་ཡི་རྒྱལ་པོ་༝། །མཐིང་ནག་མདངས་འཛིན་དགྲ་སྟ་ཞགས་པ་བསྣམས། །སྦྲུལ་དང་སྟག་ལྤགས་སྨྱུག་མའི་ཚག་ཞུ་གསོལ། །རྟ་ནག་རྟིང་དཀར་བཅིབས་ནས་བསྟན་པ་བསྲུང་། །ཡོན་ཏན་རྒྱལ་པོ་༝། །མདོག་དམར་སྦ་འཁར་ཙནྡན་བང་ཆེན་འཛིན། །ལྷབ་ལྷུབ་དར་དང་སྨྱུག་ཞུ་དབུ་ལ་གསོལ། །སྲིད་གསུམ་སྐད་ཅིག་བསྐོར་བའི་དྲེལ་ནག་བཅིབས། །གསུང་གི་རྒྱལ་པོ་༝། །སྣ་ཁྲིད་ཕོ་ཉ་གསང་ཡུམ་སྤྲུལ་པ་དང་། །བློན་པོ་ཁོལ་བོ་སྐྱོ་བསང་སེང་གེའི་འབག །རྒྱ་གར་མོན་པ་སྤྲེའུ་ལ་སོགས་པ། །(༦༣བ)


GLG011_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་སྤྲུལ་པའི་འཁོར་ཚོགས་བསམ་མི་ཁྱབ། ཁྲིམས་ལྡན་ཞི་ཞིང་དུལ་བའི་ཉན་ཐོས་བརྒྱ། །སྔགས་ནག་གར་དགུའི་ཉམས་ལྡན་ཕུར་ཐོགས་བརྒྱ། །རལ་པ་མུན་ལྟར་གཏིབས་པའི་བུད་མེད་བརྒྱ། །གཡུལ་དུ་ཞུགས་པའི་དཔའ་བོ་སྟག་ཤར་བརྒྱ། །མདོར་ན་འཕྲིན་ལས་རྣམ་བཞི་བསྒྲུབ་པའི་འཁོར། །རྣལ་འབྱོར་སེམས་ཀྱི་རོལ་པར་ཤར་བའི་རྩལ། །གྲངས་མེད་སྣང་སྲིད་ལྷ་སྲིན་དྲེགས་པའི་དཔུང་། །ས་གཞི་བར་སྣང་ཐམས་ཅད་ཡོངས་གང་བ། །མཛེས་ཤིང་ཡིད་འཕྲོག་ལྷ་ཡི་ཚོགས་ལ་འགྲན། །གཟི་བརྗིད་དབང་ཕྱུག་གནོད་སྦྱིན་ནོར་ལྷ་བཞི། །འཇིགས་རུང་བདུད་དང་གཤིན་རྗེ་ལྟར་སྟོན་པའི། །པེ་ཧར་རྒྱལ་པོ་འཁོར་དང་བཅས་ལ་བསྟོད། །དངོས་སུ་འགྲོ་ལ་བརླམས་པའི་སྐུར་སྟོན་པ། །ཉི་འོད་ལྟར་འཚེར་བསེ་ཁྲབ་བསེ་རྨོག་གྱོན། །མདུང་དམར་བཙན་ཞགས་རལ་གྲི་དགྲ་སྟ་མདའ། །སྣ་ཚོགས་མཚོན་འཛིན་གཏུམ་དྲག་རྔམ་བརྗིད་སྐུ། །དུས་གསུམ་ཀུན་གྱི་འབྱུང་དང་འབྱུང་འགྱུར་གྱི། །བླང་དང་དོར་བྱའི་ལྐོག་གྱུར་གསང་བའི་གནད། །ཚུལ་བཞིན་སྟོན་པའི་གསུང་གི་ང་རོ་མཆོག །དབྱར་གྱི་རྔ་གསང་དག་ལ་སྐྱེངས་པ་སྟེར། །སྣ་ཚོགས་མཚོན་དང་ཉེ་བའི་ཤེལ་དཀར་བཞིན། །དྲི་མེད་རྣམ་པར་གསལ་བའི་ཐུགས་ཀྱི་མཁར། །ཆོས་ཀུན་དབང་པོའི་གཞུ་ལྟར་རབ་བཀྲ་བའི། །གར་དགུའི་ཉམས་ལྡན་ཁྱོད་ལ་བདག་བསྟོད་དོ། །བསྟན་སྲུང་ཁྱོད་ལ་གཉེར་དུ་གཏད་པ་ནི། །རྒྱལ་བའི་བསྟན་དང་དེ་འཛིན་སྐྱོང་བ་དང་། །དུས་ཀྱི་འཁྲུག་པ་ནད་རིགས་རྣམ་པར་ཞི། །ས་སྟེང་ཀུན་ཏུ་བདེ་བས་ཁྱབ་པར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་ཆོས་བསྒྲུབ་པའི། །མཐུན་རྐྱེན་མ་ལུས་འབད་མེད་འགྲུབ་པ་དང་། །གནོད་ཅིང་འཚེ་བའི་དགྲ་དང་བགེགས་ཀྱི་ཚོགས། །ཐལ་བའི་རྡུལ་དུ་བརླག་པའི་འཕྲིན་ལས་མཛོད། །(༦༤ན)


GLG011_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་པདྨ་ཐོད་འཕྲེང་ཉང་རལ་སོགས། །རྩ་བརྒྱུད་བླ་མའི་བཀའ་ལས་མ་འདའ་བར། །རིག་སྔགས་འཆང་བ་བདག་གིས་བཅོལ་བའི་ལས། །ཐམས་ཅད་ཐོགས་པ་མེད་པར་ལྷུན་གྲུབ་མཛོད། །ཅེས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལ་བསྟོད་ཅིང་འཕྲིན་ལས་བཅོལ་བ་འདི་ནི་ལྕགས་ཡོས་ནག་པ་ཟླ་བའི་ལྷ་ཚེས་ལ་སྐུ་བརྙན་གསར་བྲིས་ཕུལ་སྐབས་ཆོས་སྐྱོང་འདི་ཉིད་ཀྱིས་འདི་འདྲ་ཞིག་གྱིས་ཞེས་གསུང་བ་ལྟར་ཟ་ཧོར་གྱི་བནྡེ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ནོར་བུའོ། །བདེ་ཆེན་ཆོས་སྐུ་སྣང་བ་མཐའ་ཡས་དཔལ། །ལོངས་སྤྱོད་རྫོགས་སྐུ་རྟ་མགྲིན་དབང་གིས་ལྷ། །གྲངས་མེད་སྤྲུལ་པའི་རྣམ་རོལ་པདྨ་འབྱུང་། །སྐུ་གསུམ་དབྱེར་མེད་དངོས་གྲུབ་ཆར་ཆེན་ཕོབ། །གདོད་ནས་དག་པ་གསལ་སྟོང་དབྱིངས་ཀྱི་ངང་། །ལྷུན་གྲུབ་ཞི་ཁྲོ་རབ་འབྱམས་འོད་ལྔའི་ཀློང་། །གཅིག་ལས་དུ་མར་སྣང་བ་ཆུ་ཟླའི་གར། །རིགས་ཀུན་ཁྱབ་བདག་པདྨ་ཐོད་འཕྲེང་རྩལ། །མཁའ་ལ་འཇའ་ཚོན་སྣ་ལྔའི་མདངས་བཀྲག་ལྟར། །ལས་བཞི་སོ་སོར་བསྒྲུབ་པའི་ཐུགས་གསུང་སྐུའི། །སྣ་ཚོགས་ཆོ་འཕྲུལ་སྟོང་གི་གཟི་བྱིན་དཔུང་། །བསྐྱེད་ལ་སྡེ་བརྒྱད་ཚོགས་ཀུན་དབང་དུ་སྡུས། །སྣང་སྲིད་དྲེགས་པ་ཀུན་གྱི་ཅོད་པན་དུ། །མི་འདའ་རྡོ་རྗེའི་ཕྱག་རྒྱ་ཉེར་བཀོད་ནས། །བོད་ཡུལ་གངས་ཅན་ལྗོངས་འདིར་བསྟན་འགྲོ་ཡི། །ཕན་བདེའི་ལེགས་ཚོགས་མ་ལུས་རབ་རྒྱས་ཤིང་། །ཁྱད་པར་རིག་འཛིན་སྔགས་འཆང་བདག་ཅག་གི །ཆོས་སྲིད་འདོད་པའི་རེ་བ་སྐོང་བ་དང་། །སྲུང་བ་རྡོ་རྗེའི་ར་བ་བཅུག་རྣམས་ཀྱི། །བར་ཆད་ཀུན་ཞི་མཐུན་པའི་དངོས་གྲུབ་སྤེལ། །དངོས་དང་བརྒྱུད་པའི་སྒོ་ནས་མི་སྲུན་པའི། །ལོག་འདྲེན་དགྲ་བགེགས་རྩད་ནས་གཅོད་པ་སོགས། །(༦༤བ)


GLG011_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་ཐོགས་མེད་བསྒྲུབ་པའི་གཟུ་དཔང་མགོན། །དུས་འདིར་མཛོད་ཅིག་པདྨ་ཐོད་འཕྲེང་རྩལ། །བརྒྱུད་ལྡན་བླ་མའི་དམ་ཚིག་མཉན་པོ་དང་། །རྣལ་འབྱོར་གདུང་བའི་ཡིད་ཀྱིས་འབོད་བྱེད་ན། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་རྣམས། །གསང་བའི་ཕོ་བྲང་ཆེ་ནས་སྐུ་བཞེངས་ཤིག །ཕུལ་བྱུང་བདེ་ཆེན་དབྱིངས་ལས་མ་གཡོས་ཀྱང་། ཁྲོ་ཆགས་ཞི་སོགས་རྣམ་འགྱུར་གྲངས་མེད་ཀྱིས། །བསྟན་དང་བསྟན་འཛིན་སྐྱོང་བའི་མཐུ་རྩལ་ཅན། །ཆོས་རྒྱལ་སྐུ་ལྔ་འཁོར་བཅས་གནས་འདིར་གཤེགས། །དམ་ཅན་སྤྲིན་ལྟར་འདུ་བའི་གནས་མཆོག་འདིར། །ཕྱི་ནང་གསང་མཆོད་རྟེན་པའི་དམ་རྫས་རྣམས། །ཆོས་སྐྱོང་འབོད་པའི་ཆེད་དུ་བཤམས་ལགས་ན། །དབྱར་གྱི་ཆར་སྤྲིན་ལྟ་བུར་འཐིབས་ཤིང་སྤྱོན། །རྐང་གླིང་དུང་ཆེན་འབྲུག་གི་སྒྲ་ལྟར་ལྡིར། །ཤ་ཆེན་སྤོས་དཀར་བསྲེག་ཅིང་དམར་ཆེན་སྦྱང་། །དར་ཚོན་སྣ་ལྔས་གཡབ་ན་བསྟན་སྲུང་ཁྱོད། །དགུན་གྱི་འཐོར་རླུང་བཞིན་དུ་འཚུབ་ཅིང་སྤྱོན། །སྙན་འགྱུར་དབྱངས་དང་སྣ་ཚོགས་རོལ་མོའི་སྒྲ། །ཏིང་འཛིན་གསལ་དང་གདུང་སེམས་དྲག་པོ་ཡིས། །དྲེགས་པའི་སྡེ་དཔོན་གནས་འདིར་སྤྱན་འདྲེན་ན། །ཚུར་སྤྱོན་དགྱེས་པའི་གདན་ལ་བརྟེན་པར་བཞུགས། །དཔལ་ཆེན་ཁྲག་འཐུང་དབང་པོར་ལེགས་བཞུགས་ནས། །བདག་གིས་རྒྱལ་པོ་ཆེན་པོ་མཆོད་ཅིང་བསྟོད། །སྲུང་མ་ཁྱོད་ཀྱིས་བདག་གི་འཕྲིན་ལས་རྣམས། །སྒྲུབ་པའི་རྡོ་རྗེའི་དམ་ལས་མ་འདའ་ཞིང་། ཁ་དོག་སྣ་ཚོགས་རབ་བཀྲའི་མེ་ཏོག་དང་། །དྲི་བཟང་བསྲེགས་པའི་དུད་པས་ནམ་མཁའ་གང་། །མེ་ཤེལ་མར་མེའི་འཕྲེང་བ་ཚར་དུ་དངར། །བཟང་པོའི་སྨན་གྱི་ངད་དང་དྲི་ཆབ་འཁྲུག །རོ་བརྒྱའི་དཔལ་འཛིན་ལྷ་མིའི་ཞལ་ཟས་སྤུངས། །སྙན་ཅིང་བརྗིད་པའི་གྲངས་མེད་རོལ་མོའི་ཚོགས། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་(༦༥ན)


GLG011_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ལ། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱི་བཞེས་སུ་གསོལ། །ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཤ་ཆེན་དུད་པ་ཞུན་ཆེན་མར་མེ་སྦར། །ཤ་རུས་ཞལ་ཟས་རྐང་གླིང་རོལ་མོའི་སྒྲ། །མི་ལྤགས་གཅན་གཟན་གཡང་གཞིའི་བླ་བྲེ་དང་། །རྒྱུ་མའི་དྲ་བ་གློ་སྙིང་ཡན་ལག་གི །ལྷུ་དུམ་ལྡ་ལྡི་འཕྲེང་བར་སྤེལ་བ་རྣམས་༝། །སྤྲུལ་པའི་སོགས་ཚིག་རྐང་གཉིས་པོ་ཀུན་ལ་འགྲེ། །ཅང་ཤེས་རྟ་མཆོག་དར་གྱི་ཅོད་པན་ཅན། །འབྲོང་གཡག་མ་ཧེ་རྣོ་བའི་རྭ་ཅན་གདེངས། །གླང་སེང་ཁྱི་སྤྱང་ར་ལུག་འདོད་འཇོའི་བ། །སྤྲ་སྤྲེལ་ཁྱིམ་བྱ་མོན་ནག་ཨ་ཙ་ར། །རྔ་མོ་བོང་བུ་དྲེལ་སོགས་བཞོན་པའི་ཚོགས། །འབག་སེང་གླུ་གར་རྩེད་འཇོ་མཐའ་ཡས་པ་༝། །ཞྭ་ནག་ཕོད་ཀ་ཐེབ་ཞུ་གསག་ཐེབ་དང་། །ཟ་འོག་འཇོལ་བེར་སྣམ་སྦྱར་པགས་པའི་གོས། །སྦྲུལ་གྱི་ཆུན་པོ་རིན་ཅེན་རུས་པའི་རྒྱན། །སྲ་བརྟན་གོ་ཁྲབ་རྣོ་བའི་མཚོན་ཆའི་ཚོགས། །སྟག་སྤྲེ་བྱ་རྒོད་སྤྱང་ཀི་ཟ་འོག་གི །རྒྱལ་མཚན་ཕྱོགས་བཅུ་མ་ལུས་ཟིལ་གནོན་པ་༝། །རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །དགྲ་བགེགས་སྙིང་ཁྲག་བསྐྱིལ་བའི་རཀྟའི་མཚོ། །སྒྲུབ་གཏོར་ཁང་བཟང་རྒྱ་ཕུབས་ཏོག་གིས་མཛེས། །མཆོད་གཏོར་ཤ་ཁྲག་གསང་འཕྱེའི་རྟགས་ཀྱིས་བརྒྱན། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་རྣམས་༝། །ཕྱི་རྟེན་སྲོག་ཆཊ་དཀར་པོ་མཛེས་ཤིང་བརྗིད། །ནང་རྟེན་སྨྱུག་རྒོད་རྔ་མ་དར་སྣས་བརྒྱན། །གསང་རྟེན་མདོས་རིགས་སྣ་ཚོགས་སྐུ་འབག་དང་། །དྲེགས་པ་རང་བཞིན་འདུ་བའི་རྫས་ཀྱི་མཆོག །བླ་རྡོ་སྲོག་གི་འཁོར་ལོ་བཅས་པ་སོགས། །རྒྱུད་དང་མན་ངག་ཇི་བཞིན་ལེཊ་བཤམས་པ་༝། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཅེན་བདུན། །ལྕགས་རི་མུ་ཁྱུད་(༦༥བ)


GLG011_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ལྷུན་པོ་དང་། །གླིང་བཞི་གླིང་ཕྲན་ཉི་མ་ཟླ་བ་ཟུང་། །འདོད་པའི་འབྲས་སྟེར་དཔག་བསམ་ཡོངས་འདུའི་ཤིང་། །ཡན་ལག་བརྒྱད་ལྡན་མཚོ་དང་རྫིང་བུ་སོགས། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཇི་སྙེད་པ་༝། །རྒྱལ་པོ་སྐུ་ལྔ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ་རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་གཙོ་བོ་དང་ཨ་ཀཱ་རོ་ལན་གསུམ་གྱིས་འཁོར་རྣམས་ལ་དབུལ། ས་པ་རི་ཝཱ་རའི་མཐར་ཨརྒྷཾ་སོགས་ཀྱིས་མཆོད་འབྲུ་གསུམ་སྦྱར་བས་ནང་མཆོད་འབུལ། ཆོས་དབྱིངས་བདེ་བ་ཆེ་ལས་མ་གཡོས་ཀྱང་། །ལོག་འདྲེན་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །སྲོག་བདག་བཤན་པའི་གཟུགས་ཀྱིས་རྣམ་རོལ་པ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔར་བསྟོད། །གདོང་ལྔའི་དབང་པོ་རབ་ཏུ་འགྱིང་བའི་སྟེང་། །ཞལ་གསུམ་ཕྱག་དྲུག་སྣ་ཚོགས་མཚོན་ཆ་ཐོགས། །ཁྲོ་གཏུམ་གར་གྱིས་རོལ་བའི་མཐུ་སྟོབས་ཅན། །འཕྲིན་ལས་རྒྱལ་པོ་ཁྱོད་ལ་བདག་བསྟོད་དོ། །མུན་པ་བྱེ་བས་བྱུགས་པའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་འདྲའི་གཟི་བྱིན་ཅན། །གླང་ཆེན་ཞོན་ནས་སྟོང་གསུམ་སྐད་ཅིག་མྱུལ། །ཐུགས་ཀྱི་རྒྱལ་པོ་༝། །མིག་སྨན་མདོག་ཅན་སྲིན་པོ་ཁྲོས་པའི་གཟུགས། །སེང་གེ་ཞོན་ནས་བརྣག་པའི་དགྲ་བགེགས་སྒྲོལ། །གྲངས་མེད་ཆོ་འཕྲུལ་སྣ་ཚོགས་སྟོན་མཛད་པའི། །སྐུ་ཡི་རྒྱལ་པོ་༝། །དཔག་པར་དཀའ་བའི་མཐུ་སྟོབས་རྫུ་འཕྲུལ་གྱིས། །ཆོས་འཁོར་སྐྱོང་མཛད་གནོད་སྦྱིན་ཤིང་བྱ་ཅན། །སྐུ་མདོག་ནག་པོ་དགྲ་བོའི་བླ་ཚེ་འགུགས། །ཡོན་ཏན་རྒྱལ་པོ་༝། །རྟ་གདོང་མེ་ཡི་ཕུང་པོ་ལྟར་དམར་ཞིང་། །འཇིགས་བརྒྱངས་ང་རོ་དྲག་པོས་(༦༦ན)


GLG011_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ས་གསུམ་གཡོ། །རླུང་གི་ཤུགས་འཆང་དྲེལ་རྟ་ལ་ཞོན་པ། །གསུང་གི་རྒྱལ་པོ་༝། །ཟག་མེད་བདེ་བའི་ཉམས་ལྡན་གསང་བའི་ཡུམ། །བཀའ་ཉན་བློན་པོ་སྤྲུལ་པ་ཡང་སྤྲུལ་དང་། །རུ་འདྲེན་སྡེ་བཞི་དྲེགས་པ་སྡེ་བརྒྱད་ཀྱི། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །ཆོས་སྐྱོང་རྒྱལ་པོ་སྡེ་ལྔ་འཁོར་བཅས་རྣམས། །རིགས་འཛིན་མཚོ་སྐྱེས་པདྨ་ཐོད་འཕྲེང་གིས། །དབུ་རྩེ་མཆིམས་བུ་ཤེལ་གྱི་བྲག་ཕུག་ཏུ། །སྲོག་གི་སྙིང་པོ་བླངས་ནས་དམ་ལ་བཏགས། །དེ་རྗེས་ཉང་བན་ཉི་མ་འོད་ཟེར་དང་། །མངའ་བདག་ཆོས་ཀྱི་དབང་ཕྱུག་ལ་སོགས་པ། །ཟབ་གཏེར་བརྒྱུད་པའི་བླ་མ་གྲངས་མེད་ཀྱིས། །དཀྱིལ་འཁོར་ཞལ་ཕྱེ་སྔོན་གྱི་མཐའ་ཚིག་བསྒྲགས། །པདྨ་དབང་དང་ལེགས་ལྡན་རྡོ་རྗེའི་ཞབས། །བཀྲ་ཤིས་སྟོབས་ཀྱི་རྒྱལ་པོ་ལ་སོགས་པའི། །པདྨའི་གདུང་གསོབ་རིག་པ་འཛིན་རྣམས་ཀྱིས། །དམ་ཚིག་གཉན་པོ་བསྒྲགས་པ་དེང་འདིར་དགོངས། །རྒྱལ་བ་ཀུན་དངོས་དགེ་འདུན་རྒྱ་མཚོའི་དཔལ། །མཐུ་སྟོབས་དབང་ཕྱུག་བསོད་ནམས་རྒྱ་མཚོའི་སྡེ། །རིགས་འཛིན་བདག་གིས་མཆོད་བསྟོད་གཉེར་གཏད་པའི། །དམ་བཅའ་དགོངས་ལ་བཅོལ་བའི་འཕྲིན་ལས་སྒྲུབས། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་དང་། །དེ་འཛིན་སྐྱེས་བུ་ཁྲིམས་ལྡན་འདུས་པའི་སྡེ། །བཤད་དང་སྒྲུབ་པའི་ཆོས་ལྡན་བྱ་བ་ཀུན། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །གངས་རིས་བསྐོར་བའི་བོད་ཀྱི་རྒྱལ་ཁམས་འདིར། །མི་ནད་ཕྱུགས་ནད་མུ་གེ་མཐའ་དམག་དང་། །དུས་འཁྲུག་མཐའ་འདྲེའི་ཁ་རླངས་ཀུན་ཞི་ནས། །བདེ་སྐྱིད་དགའ་སྟོན་དཔལ་འབྱོར་རྒྱས་པར་མཛོད། །བློ་ཆེན་འཇམ་དཔལ་དཔའ་བོ་ངུར་སྨྲིག་གི །རྣམ་རོལ་སྐལ་བཟང་དཔྱིད་གྱུར་གྲགས་པའི་སྡེའི། །དྲི་མེད་ལུང་(༦༦བ)


GLG011_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྟོགས་པའི་བསྟན་པ་མཆོག །སྲིད་མཐའི་བར་དུ་མི་ཉམས་རྒྱས་པར་མཛོད། །ནོར་འཛིན་ཆོས་བཞིན་སྐྱོང་བ་མི་ཡི་བདག །གནམ་སྐོས་གསེར་གྱི་འཁོར་ལོ་རྩིབས་སྟོང་གིས། །དབང་སྒྱུར་ས་སྤྱོད་རྒྱལ་པོའི་མངའ་ཐང་དང་། །སྐུ་ཚེ་ཆབ་སྲིད་བརྟན་ཞིང་འཕེལ་བར་མཛོད། །ངོ་མཚར་སྡེ་བཞིའི་དགའ་སྟོན་དང་ལྡན་པའི། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེའི། །བསྟན་སྲིད་ཡིད་བཞིན་དབང་གི་རྒྱལ་པོ་མཆོག །སྲིད་ཞིའི་རྒྱལ་མཚན་རྩེ་མོར་འབར་གྱུར་ཅིག། མཆོག་མཐུན་དངོས་གྲུབ་འབྱུང་གནས་རྡོ་རྗེའི་ཐེག །ཕན་དང་བདེ་བའི་དཔྱིད། །ངེས་གསང་ལེགས་པར་བཤད་པ་འདུས་པའི་གྲར། ལྕགས་རྟ་ཚིག་ཟུར་བསྒྱུར། ལུགས་ཟུང་རྣམ་པར་རྒྱལ་བའི་རུ་མཚོན་ཆེ། །སྲིད་པའི་རྩེ་མོའི་བར་དུ་སྒྲེང་བར་མཛོད། །རྒྱལ་བའི་བསྟན་བཤིག་དཀོན་ཅོག་དབུ་འཕང་སྨད། །བླ་མའི་སྐུ་དགྲ་སེམས་ཅན་བདེ་སྐྱིད་འཇོམས། །རྣལ་འབྱོར་སྒོས་སུ་འཚེ་བའི་རབ་གྱུར་སྒྲ་དབྱངས་ཟབ་མོ་སྒྲོག །དགྲ་བགེགས་རྣམས། །མངོན་སྤྱོད་དྲག་པོའི་ལས་ཀྱི་ཚར་ཆོད་ཅིག །ཁྱད་པར་ཟ་ཧོར་སྔགས་རིག་སྔགས་འཆང་བཞེས་ཚིག་ཟུར་བསྒྱུར། འཆང་བདག་ཅག་ལ། །སྔ་དགྲ་ལག་དར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་བྱེད་དུག་མཚོན་དམག་གཤོམས་བྱེད། །ཕྲག་དོག་མཐོ་གནོན་ལེགས་བསུབ་ཉེས་པ་སྒྲོག །རང་ནུས་མ་ཐོན་གཞན་དག་ཁྱི་ལྟར་རྦད། །དངོས་དང་བརྒྱུད་ནས་འཚེ་བའི་དམ་ཉམས་དགྲ། །ཡིད་ལ་བརྣག་ཅིང་བསྒྲལ་བའི་ཞིང་གྱུར་པ། །སྟེང་འོག་ཕྱོགས་མཚམས་བར་གསུམ་གར་འདུག་ཀྱང་། །ཁ་རྗེ་དབང་ཐང་སྟོབས་དང་གཟི་བརྗིད་ཆོམས། །ལོ་ཟླར་མ་འཇོག་བླ་སྲོག་ཚེ་གསུམ་ཁུག །དོན་སྙིང་དམར་པོ་ཞལ་དུ་བསྟབ་ནས་ཀྱང་། །རྗེས་མེད་རླུང་ལ་སྐུར་ཞིག་རྩལ་མ་ཞན། །སྐྱབས་འོས་སྲུང་བའི་འཁོར་ལོར་བཅུག་རྣམས་ཀྱི། །བར་ཆད་ཉེར་འཚེའི་ཚོགས་ཀུན་རབ་ཞི་ཞིང་། །ཚེ་དང་བསོད་ནམས་(༦༧ན)


GLG011_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་ལེགས་ཚོགས་ཀུན། །འཕེལ་ཞིང་རྒྱས་པའི་སྟོང་གྲོགས་མཐའ་དག་མཛོད། །ཀུན་མཁྱེན་འཇམ་དཔལ་སྙིང་པོའི་བསྟན་པ་མཆོག །ཐོས་སྒོམ་འཆད་རྩོད་རྩོམ་པས་འཛིན་པ་སོགས། །རྨད་བྱུང་རྣམ་པར་དཀར་བའི་འཕྲིན་ལས་ཀུན། །བསམ་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། །ཚེ་རིང་ནད་མེད་ལེགས་པའི་ཡོན་ཏན་སྤེལ། །སྲིད་གསུམ་ཟིལ་གནོན་ཁམས་གསུམ་དབང་དུ་སྡུས། །ཕུན་ཚོགས་འདོད་པའི་དོན་གྱི་རེ་བ་རྣམས། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །མདོར་ན་འདོད་འཇོའི་བ་དང་བུམ་པ་བཟང་། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར། །དགོས་འདོད་སྩོལ་བའི་ཆོས་སྐྱོང་ཆེན་པོ་ཡིས། །དགྲ་ལྷ་མཛོད་ལ་བཀྲ་ཤིས་དགེ་ལེགས་སྩོལ། །ཞེས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལ་མཆོད་གཏོར་འབུལ་ཚུལ་དངོས་གྲུབ་ཆར་འབེབས་འདི་ཡང་གནས་ཆུང་པེ་ཧར་ལྕོག་ཏུ་མདོས་བཙུགས་སྐབས་ཆོས་སྐྱོང་ཆེན་པོས་འདི་ལྟར་གྱིས་ཞེས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་རྒྱ་མཚོའོ། །དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་གཏོར་འབུལ་བསྡུས་པ་ནི། བདག་ཉིད་སྐད་ཅིག་རྡོ་རྗེ་སྲིན་པོའི་སྐུ༔ ཞེས་སོགས་ཀྱི་ང་རྒྱལ་བསྐྱེད། མཆོད་གཏོར་རྣམས། དམ་རྫས་ཡེ་ཤེས་བདུད་རྩིའི་ངོ་བོར་འབར། །ཞེས་སོགས་ཀྱིས་བྱིན་གྱིས་བརླབས་ཏེ། བྷྱོཿ རྒྱལ་བ་ཀུན་གྱི་མ་གཅིག་དབྱངས་ཅན་མ། །གདུག་པ་འདུལ་ཕྱིར་དྲག་མོའི་སྐུར་བསྟན་པ། །དཔལ་ལྡན་འདོད་ཁམས་དབང་ཕྱུག་དམག་ཟོར་མ། །འཁོར་བཅས་ཐོགས་པ་མེད་པར་ད་ཚུར་སྤྱོན། །རླུང་ནག་གུར་ནང་ཁྲག་ཞག་རྒྱ་མཚོའི་སྟེང་། །དྲེལ་རྟ་ལ་བཅིབས་བེ་ཅོན་ཐོད་ཁྲག་འཛིན། །སྣ་ཚོགས་བརྒྱན་སྤྲས་གར་དགུའི་ཉམས་ལྡན་ལྷ། །བརྟན་པར་བཞུགས་ལ་མཆོག་མཐུན་(༦༧བ)


GLG011_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །སྨན་རག་གཏོར་མ་ཕྱི་ནང་མཆོད་པའི་ཚོགས། །ས་དང་བར་སྣང་ཁྱོན་ཀུན་རབ་བཀང་བ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་ལེགས་འབུལ་ན། །དགྱེས་པར་བཞེས་ལ་འཕྲིན་ལས་རྣམ་བཞི་སྒྲུབས། །ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། །ཞེས་སོགས་ཀྱིས་གཏོར་མ་དཀྱུས་ལྟར་འབུལ། །འགྱུར་མེད་བདེ་ཆེན་ཡེ་ཤེས་མཆོག་གི་མདངས། །བསྟན་སྲུང་དབང་མོའི་གར་གྱིས་རྣམ་རོལ་བ། །དཔལ་ལྡན་ལྷ་མོ་འདོད་ཁམས་བདག་མོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དཔག་བསམ་ཤིང་དང་བུམ་བཟང་འདོད་འཇོའི་བ། །ཡིད་བཞིན་ནོར་དང་མཚུངས་པའི་ལྷག་པའི་ལྷས། །འགལ་རྐྱེན་བར་ཆད་ཉེར་འཚེ་ཞི་བ་དང་། །མཆོག་མཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཆོ་ག་ཆད་དང་དམ་རྫས་འབགས་པ་སོགས། །ཀ་དག་གདོད་མའི་ངང་དུ་རབ་བཤེགས་ཤིང་། །ཡེ་ཤེས་རང་བཞིན་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་ཏེ་དངོས་གྲུབ་སྩལ་དུ་གསོལ། །བྱིན་རླབས་རྩ་བ་རྡོ་རྗེ་སློབ་དཔོན་དང་། །བར་ཆད་ཀུན་སེལ་དཔལ་ཆེན་ཕུར་པའི་ལྷ། །མ་ལྟར་བརྩེ་བའི་དཔལ་ལྡན་ལྷ་མོ་ཡིས། །དགེ་ལེགས་བཀྲ་ཤིས་ཆར་གྱིས་ཁྱབ་པར་ཤོག །ཅེས་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་མཆོད་གཏོར་འབུལ་ཚུལ་འདི་ནི། ལྕགས་ཡོས་ལྷུན་གྲུབ་དགའ་བའི་ཚལ་དུ་བཅད་རྒྱ་བགྱིས་སྐབས་མཆོད་དཔོན་དབུ་མཛད་གཉིས་ཀྱིས་བསྐུལ་བ་ལྟར་དེ་ཝཱི་ཀོ་ཊིར་རིག་ཐོག་ཏུ་ཤར་བ་ལས་མཆིམས་ཕུ་གསང་ཕུག་ཏུ་ཡིག་ཐོག་ཏུ་ཕབ་པའོ། །ཧཱུྃཿ ཡེ་ནས་དག་པ་ཆོས་སྐུའི་རང་བཞིན་ལས། །སྣ་ཚོགས་སྤྲུལ་པའི་སྒྱུ་འཕྲུལ་དྲ་བའི་གར། །སྟོན་མཛད་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཆོག །སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་། །གང་དེས་མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ། །ལེགས་བཅུག་དབང་བསྐུར་(༦༨ན)


GLG011_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཉེར་བསྒྲགས་པའི། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་བཅས་རྣམས། །ཐོགས་པ་མེད་པར་གནས་ནས་ད་ཚུར་སྤྱོན། །པད་ཉི་དགྲ་བགེགས་བསྒྱེལ་ཞིང་བསྣོལ་བའི་སྟེང་། །གླང་ཆེན་སེང་གེ་དྲེལ་རྟ་ལ་སོགས་པ། །གྲངས་མེད་སྣ་ཚོགས་བཞོན་པས་བཏེག་པའི་ཁར། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །པད་དཀར་ཨུཏྤལ་ལ་སོགས་མེ་ཏོག་ཚོགས། །དྲི་ཞིམ་དུམ་བུ་བསྲེགས་པའི་དུད་པའི་སྤྲིན། །ཤེལ་སོགས་སྣ་ཚོགས་ནོར་བུའི་སྣང་གསལ་དང་། །བཟང་པོའི་ངད་ལྡན་དྲི་ཆབ་མཚོ་ལྟར་འཁྱིལ། །རོ་བརྒྱའི་དཔལ་འཛིན་ཟས་ཀྱི་ཚོགས་རྣམས་སྤུངས། །སྙན་འགྱུར་རོལ་མོའི་བྱེ་བྲག་མཐའ་ཡས་པ། །སྤྲུལ་པའི་ཆོས་རྒྱལ་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ལ་ཞི་རྒྱས་དབང་ལས་སྒྲུབས། །དམར་ཆེན་ཁྲག་གི་ཨརྒྷཾ་རྦ་ཀློང་འཁྲུག །དབང་པོ་ལྔ་ཡི་མེ་ཏོག་ཕང་ཕུང་གཡོ། །ཤ་ཆེན་བསྲེགས་པའི་དུད་པས་ནམ་མཁའ་གང་། །རོ་སྐྲའི་སྡོང་བུ་ལ་སྦར་མར་མེའི་འཕྲེང་། །ཤ་རུས་ཕུང་པོར་སྤུངས་པའི་ཞལ་ཟས་དང་། །རྐང་གླིང་ཐོད་རྔ་ལ་སོགས་རོལ་མོའི་ཚོགས། །བཤན་པ་ལག་དམར་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ལ་དྲག་པོའི་འཕྲིན་ལས་སྒྲུབས། །རྟ་མཆོག་བྱ་ཁྱི་སྤྲེལ་སོགས་ཕྱི་ཡི་རྟེན། །སྨན་ཕུད་རཀྟ་གཏོར་མ་ནང་གི་རྟེན། །བླ་རྡོ་སྲོག་གི་འཁོར་ལོ་གསང་བའི་རྟེན། །ཆོས་སྐྱོང་རྒྱལ་པོ་བསྟེེན་པའི་རྫས་སུ་འབུལ། །སྟག་གཟིག་སེང་གེའི་རྒྱལ་མཚན་བ་དན་དང་། །ཞྭ་ནག་བསེ་ཐེབ་ཕོད་ཀ་རུས་པའི་རྒྱན། །སྲ་བའི་གོ་ཆ་རྣོ་ངར་མཚོན་ཆའི་ཚོགས། །དྲེགས་པའི་སྡེ་དཔོན་དགྱེས་པའི་རྟེན་དུ་འབུལ། །རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་དང་། །ཉི་མ་ཟླ་བ་རྒྱལ་སྲིད་རིན་ཅེན་བདུན། །དངོས་བཤམས་ཡིད་ཀྱི་སྤྲུལ་དང་མཆོད་ཚོགས་ཀྱིས། །ཆོས་སྐྱོང་འཁོར་བཅས་དགྱེས་པ་བསྐྱེད་གྱུར་(༦༨བ)


GLG011_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་རྣམས། །བསྒྲུབ་ཕྱིར་སྐུ་ཡི་རྣམ་འགྱུར་སྣ་ཚོགས་ཀྱིས། །སྟོང་གསུམ་ཅིར་ཅར་མྱུལ་བའི་མཐུ་སྟོབས་ཅན། །སྤྲུལ་པའི་ཆོས་སྐྱོང་སྐུ་ལ་བདག་བསྟོད་དོ། །སྙན་ཞིང་བརྗིད་ལྡན་རྔམས་པའི་ང་རོ་སོགས། །དབྱར་གྱི་རྔ་གསང་སྟོང་གི་སྒྲ་དབྱངས་ལྟར། །བསྒྲགས་པས་སྲིད་གསུམ་གཡོ་བར་ནུས་པ་ཡི། །ཆོས་སྐྱོང་ཆེན་པོའི་གསུང་ལ་བདག་བསྟོད་དོ། །སྤྲོས་བྲལ་བདེ་བ་ཆེ་ལས་མ་གཡོས་ཀྱང་། །ལྐོག་གྱུར་ཆོས་ཀུན་མངོན་སུམ་རབ་གཟིགས་ནས། །འཕྲིན་ལས་ཐོགས་མེད་བསྒྲུབ་པའི་ནུས་མཐུ་ཅན། །ཆོས་སྐྱོང་ཆེན་པོའི་ཐུགས་ལ་བདག་བསྟོད་དོ། །པདྨ་འབྱུང་གནས་མངའ་བདག་ཉང་བན་སོགས། །རྩ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །བཤན་པ་ལག་དམར་ཁྱོད་ཀྱིས་ཁས་བླངས་པའི། །དམ་ཚིག་གཉན་པོ་མ་ལུས་ཉེ་བར་དགོངས། །སངས་རྒྱས་བསྟན་སྲུངས་བླ་མའི་སྐུ་ཚེ་སྤེལ། །གངས་ཅན་བོད་ཀྱི་ཕན་བདེའི་སྲོག་ཤིང་ཚུགས། །བསྟན་དང་འགྲོ་ལ་འཚེ་བའི་དགྲ་དང་བགེགས། །ནད་རིམས་མུ་གེ་འཁྲུག་རྩོད་བཟློག་པར་མཛོད། །བློ་བཟང་གྲགས་སྙན་འབར་བའི་བསྟན་པ་དང་། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆབ་སྲིད་ཉི་ཟླ་ཟུང་དུ་འབྲེལ་བ་གང་། །རྒྱས་ཤིང་མི་འགྱུར་བརྟན་པའི་འཕྲིན་ལས་མཛོད། ཁྱད་པར་ཟ་ཧོར་སྔགས་འཆང་རིམ་བྱོན་གྱིས། །ཉེ་བར་བསྟེན་པའི་སྲུང་མའི་དབང་པོ་ཁྱོད། །རིགས་དང་རྒྱུད་ལ་འགོ་བའི་དམ་ཚིག་དེ། །མ་གཡེལ་མ་གཡེལ་འཕྲིན་ལས་ལྷུན་གྲུབ་མཛོད། །ལུས་ལ་མཚོན་གཏོད་ཟས་ལ་དུག་གཡས་བྱེད། །གནོད་པའི་གོས་བཤོམ་ངན་པའི་སེམས་འཆང་བའི། །སྔ་དགྲ་ལག་དར་ཕྱི་དགྲ་ཡིད་ལ་སེམས། །ད་ལྟ་མངོན་གྱུར་དགྲ་བགེགས་ཚར་ཆོད་ཅིག །མདོར་ན་ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །བཅོལ་བའི་འཕྲིན་ལས་དཔག་བསམ་ཡིད་བཞིན་དབང་། །འདོད་པའི་རེ་བ་སྐོང་བའི་ཡིད་བཞིན་(༦༩ན)


GLG011_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །ནོར་བུའི་ཆར་གྱིས་ས་སྟེང་ཁྱབ་གྱུར་ཅིག །ཅེས་ཐང་པོ་ཆེའི་སྲུང་མ་སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་གསོལ་མཆོད་འདི་ཡང་ཆོས་སྐྱོང་ཉིད་ཀྱིས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་འཕྱིང་བར་སྟག་རྩེའི་ཕོ་བྲང་དུ་སྦྱར། །ཧཱུྃཿ ཕུལ་བྱུང་བདེ་ཆེན་ཡིད་བཞིན་དབང་གི་རྒྱལ། །བསམ་དོན་ལྷུན་གྱིས་གྲུབ་པའི་འདོད་དགུའི་ཆར། །སྩོལ་མཛད་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །དུས་རྣམས་ཀུན་ཏུ་བཀྲ་ཤིས་དགེ་ལེགས་སྩོལ། །གསལ་སྟོང་ཆོས་སྐུའི་རོལ་གར་འོད་དཔག་མེད། །ལྷུན་གྲུབ་ལོངས་སྐུར་བཞེངས་པ་དབང་ཆེན་ལྷ། །ཐུགས་རྗེའི་སྤྲུལ་སྐུར་ལེགས་བསྟན་པདྨ་འབྱུང་། །དེང་འདིར་དངོས་གྲུབ་རྒྱ་མཚོའི་ཆར་ཕོབ་ཅིག །ཀུན་བཟང་ཐུགས་རྗེ་ཆེན་པོའི་ཟློས་གར་ལས། །ལོག་འདྲེན་གཤེད་དུ་དྲེགས་པའི་ཚུལ་འཛིན་པའི། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔ་པོ། །འཁོར་བཅས་ཐོགས་པ་མེད་པར་ད་ཚུར་སྤྱོན། །གསང་བའི་ཡུམ་ལྔ་བཀའ་སྡོད་བློན་པོ་ལྔ། །སྤྲུལ་པ་རྣམ་ལྔ་ཡང་སྤྲུལ་གྲངས་མེད་པ། །དབྱར་གྱི་ཆུ་འཛིན་གསར་པའི་ལང་ལོང་ལྟར། །གཡོ་ཞིང་གཡོ་ཞིང་ཐོགས་མེད་ད་ཚུར་སྤྱོན། །ཁྱད་པར་བཀའ་སྡོད་ཀུན་གྱི་གཙོ་བོ་མཆོག །གཏུམ་དྲག་བཤན་པའི་དབང་པོ་གནོད་སྦྱིན་ཆེ། །སྣང་སྲིད་དྲེགས་པའི་དམག་དཔོན་ཙི་དམར་བ། །འཁོར་བཅས་ཐོགས་པ་མེད་པར་ད་ཚུར་སྤྱོན། །མདོར་ན་མོན་བུ་རྒྱ་གར་སྤྲ་སྤྲེའུ། །འབག་སེང་གླུ་གར་རོལ་མོའི་གར་མཁན་དང་། །རུ་འདྲེན་སྡེ་བཞི་ལ་སོགས་འཁོར་ཚོགས་ཀུན། །ཐོགས་པ་མེད་པར་གནས་ནས་ད་ཚུར་སྤྱོན། །ཡེ་ཤེས་རང་མདངས་འགག་མེད་ལྷུན་རྫོགས་པའི། །ཁ་དོག་ལྔ་ལྡན་རིན་ཆེན་གཞལ་ཡས་དབུས། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །དགྱེས་པར་བཞུགས་ལ་འཕྲིན་ལས་རྣམ་བཞི་སྒྲུབས། །ཡིད་འོང་ཆུ་སྐྱེས་གཞོན་ནུ་ཕང་ཕུང་ལྡེམ། །དྲི་(༦༩བ)


GLG011_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དུད་སྤྲིན་ལྷ་ཡི་ལམ་ཀུན་ཁྱབ། །མར་མེའི་འཕྲེང་བས་མུན་པའི་གོ་སྐབས་འཕྲོག །གུར་ཀུམ་གྱིས་བྲན་དྲི་ཆབ་མཚོ་ལྟར་འཁྱིལ། །རོ་བརྒྱའི་དཔལ་འཛིན་ཞལ་ཟས་རི་ལྟར་སྤུངས། །སྙན་འགྱུར་རོལ་མོའི་བྱེ་བྲག་ཚོགས་རྣམས་ཀྱིས། །སྤྲུལ་པའི་ཆོས་རྒྱལ་བཀའ་སྡོད་འཁོར་བཅས་ཀྱི། །ཐུགས་དམ་བསྐང་དེ་བཅོལ་པའི་འཕྲིན་ལས་སྒྲུབས། །དགྲ་བགེགས་དབང་པོ་ལྔ་ཡི་མེ་ཏོག་དང་། །ཤ་ཆེན་བསྲེགས་པའི་དུད་པ་ལང་ལོང་གཡོ། །ཚིལ་ཆེན་རོ་སྐྲ་ལ་སྦར་མར་མེའི་འཕྲེང་། ཁྲག་ཞག་རྦ་ཀློང་འཀྲུག་པའི་དྲི་ཆབ་འཁྱིལ། །ཤ་རུས་ཕུང་པོར་སྤུངས་པའི་ཞལ་ཟས་དང་། །མི་རྐང་གླིང་བུ་ཐོད་རྔ་ལ་སོགས་པས། །ཚིག་རྐང་འོག་མ་གཉིས་ཀུན་ལ་འགྲེ། །སྒ་སྲབ་ཆས་མཛེས་རྟ་མཆོག་རླུང་ལྟར་འཕྱོ། །རྣོ་ངར་རྡོ་རྗེའི་རྭ་ལྡན་གཡག་རྒོད་དང་། །འདོད་འཇོའི་བ་དང་ལུག་ནག་སྤྱི་དཀར་ཅན། །སྟག་སེང་ཅེ་སྤྱང་ཁྱི་ནག་རྔམས་ཤིང་རྒྱུག །ཛོ་ཀི་མོན་བུ་སྤྲ་སྤྲེ་གར་གྱིས་མཛེས། །འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ་བ་ཡིས་༝། །རྡོ་རྗེ་ལྟ་བུར་སྲ་བའི་གོ་ཁྲབ་དང་། །རྣོ་ཞིང་ངར་ལྡན་གྲངས་མེད་མཚོན་ཆའི་ཚོགས། །རྒྱལ་མཚན་བ་དན་རུ་མཚོན་སྣ་ཚོགས་བསྒྲེང་། །ཟ་འོག་འཇོལ་བེར་བསེ་ཞུ་དམར་པོ་དང་། །མིག་སྨན་མདངས་ལྡན་སྲིད་པ་སྤྱི་ལུགས་ཞྭ། །རུས་པ་རིན་ཅེན་རྒྱན་གྱི་ཕྲེང་བ་ཡིས་༝། །དམ་ཚིག་བསྲེ་བའི་བདུད་རྩི་ཨ་མྲྀ་ཏ། །དམར་ཆེན་རྦ་རླབས་འཁྲུག་པའི་རཀྟའི་མཚོ། །སྒྲུབ་གཏོར་སྐུ་མཁར་རྒྱ་ཕུབས་ལྕོག་གི་མཛེས། །མཆོད་གཏོར་དམ་རྫས་རྒྱན་ལྡན་གསང་འཕྱིས་མཛེས། །གསེར་སྐྱེམས་སྨྱུག་རྒོད་དར་སྣས་བརྒྱན་པ་སོགས། །ཕྱི་ནང་བསྟེན་རྫས་སྤྱན་གཟིགས་མ་ལུས་པས་༝། །སྲོག་གི་འཁོར་ལོ་བླ་རྡོར་བཅས་པ་ཡིས། །དྲེགས་པ་དབང་དུ་འདུ་བ་གསང་བའི་རྫས། །གཞན་ཡང་རྒྱལ་སྲིད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་བརྒྱད་ཉེ་བའི་རྫས་ཆེན་བརྒྱད། །(༧༠ན)


GLG011_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་ཀྱིས་༝། །གདོད་ནས་མི་འགྱུར་བདེ་བ་ཆེན་པོ་ལས། །གཡོ་བ་མེད་ཀྱང་བསྟན་པ་བསྲུང་བའི་ཕྱིར། ཁྲོ་ཆགས་ཞི་དང་སྒེག་པའི་རྣམ་འགྱུར་སོགས། །སྟོན་མཛད་སྤྲུལ་པའི་རྒྱལ་པོ་སྐུ་ལྔར་བསྟོད། །ཧཱུྃ་ཕཊ་བྷྱོ་སོགས་དྲག་པོའི་བཞད་སྒྲ་ཡིས། །ས་གཞི་རི་རབ་འགས་པའི་མཐུ་ལྡན་ཡང་། །སྙན་ཞིང་འགྱུར་བ་སྟོང་གི་སྒྲ་དབྱངས་ཀྱིས། །དམ་ལྡན་རྣ་བའི་བཅུད་དུ་འཇེབས་ལ་བསྟོད། །དྲི་བྲལ་ཐུགས་ཀྱི་བཻ་ཌཱུར་ཞུན་མའི་མཚོར། །དུས་གསུམ་ཟླ་བའི་གཟུགས་བརྙན་འབུམ་འཆར་བས། །ལྐོག་གྱུར་བླང་དོར་ཇི་བཞིན་སྟོན་མཛད་པའི། །ཡེ་ཤེས་སྤྱན་ལྡན་དབང་པོ་ཁྱོད་ལ་བསྟོད། །རྦད་ཅིང་བསྐུལ་ན་བརྣག་པའི་དགྲ་བགེགས་ཚོགས། །སྐད་ཅིག་ཙམ་གྱིས་ཐལ་བར་རློག་བྱེད་པའི། །མཐུ་སྟོབས་རྫུ་འཕྲུལ་དཔག་པར་དཀའ་བ་ཅན། །སྡེ་བརྒྱད་དྲེགས་པའི་དམག་དཔོན་ཁྱོད་ལ་བསྟོད། །བསྟེན་ཅིང་མཆོད་ན་འདོད་པའི་རེ་བ་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་པ་ཡི། །དཔག་བསམ་དབང་གི་རྒྱལ་པོ་ཡིད་བཞིན་ནོར། །སྤྲུལ་པའི་ཆོས་སྐྱོང་ཆེན་པོ་ཁྱོད་ལ་བསྟོད། །ཕུལ་བྱུང་བདེ་བའི་དཔལ་སྟེར་གསང་བའི་ཡུམ། །ལས་ཀུན་ཐོགས་མེད་སྒྲུབ་པའི་བློན་པོའི་ཚོགས། །སྣ་ཚོགས་སྒྱུ་དྲའི་རོལ་གར་སྤྲུལ་པ་དང་། །ཡང་སྤྲུལ་ས་དང་བར་སྣང་གང་ལ་བསྟོད། །བཀའ་ཉན་གཙོ་བོ་གནོད་སྦྱིན་བཤན་པ་ཆེ། །དར་དམར་གོས་དང་ཐོད་གྱོན་མདུང་དམར་འཛིན། །བཙན་ཞགས་འཕེན་ཞིང་རྟ་མཆོག་ལ་བཅིབས་ནས། །སྟོང་གསུམ་སྐད་ཅིག་མྱུལ་བར་མཛད་ལ་བསྟོད། །མུན་པའི་གོས་གྱོན་ཕུར་ཐོགས་སྔགས་ནག་བརྒྱ། །གསེག་ཤིང་ལྷུང་བཟེད་ཐོགས་པའི་ཉན་ཐོས་བརྒྱ། །རལ་པ་མུན་ལྟར་གཏིབས་པའི་བུད་མེད་བརྒྱ། །གཡུལ་དུ་(༦༠བ)


GLG011_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་དཔའ་བོ་བརྒྱ་ལ་སོགས། །མདོར་ན་སྣང་སྲིད་འཇིག་རྟེན་དྲེགས་པ་ཡི། །དམག་ཚོགས་ས་གཞི་བར་སྣང་ཁྱོན་གང་བའི། །རྣམ་འགྱུར་སྣ་ཚོགས་སྟོན་པའི་རྫུ་འཕྲུལ་ཅན། །གྲངས་མེད་འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་བསྟོད། །རིགས་འཛིན་སློབ་དཔོན་པདྨ་ཐོད་འཕྲེང་གིས། །མཆིམས་ཕུ་གསུང་གི་སྒྲུབ་པའི་དབེན་གནས་སུ། །བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ། །དབང་བསྐུར་དམ་ཚིགས་བསྒྲགས་པ་ཉེར་དགོངས་ལ། །ཀུན་མཁྱེན་ཐུབ་པའི་བསྟན་པ་རབ་རྒྱས་ཤིང་། །དེའཛིན་སྐྱེས་བུ་བླ་མའི་སྐུ་ཚེ་སྤེལ། །དགེ་འདུན་སྡེ་རྣམས་བཤད་སྒྲུབ་འཕེལ་བ་དང་། །འཇིག་རྟེན་ཁམས་སུ་བདེ་སྐྱིད་འབྱུང་བར་མཛོད། །ཁྱད་པར་འཇམ་མགོན་བློ་བཟང་གྲགས་པ་ཡི། །དྲི་མེད་ལུང་དང་རྟོགས་པའི་བསྟན་པ་མཆོག །ཡར་ངོའི་ཟླ་བ་ལྟ་བུར་རབ་འཕེལ་བའི། །སྐལ་བཟང་ཀུནྡའི་དགའ་སྟོན་རྒྱས་པར་མཛོད། །ཐུབ་བསྟན་འཛིན་པའི་ས་དབང་ཆོས་རྒྱལ་གྱི། །སྐུ་ཚེ་ཉི་ཟླའི་དཀྱིལ་འཁོར་དང་མཉམ་ཞིང་། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆབ་སྲིད་རྡོ་རྗེ་ལྟ་བུར་བརྟན་པར་མཛོད། ཁ་བའི་ལྗོངས་འདིར་མི་ནད་ཕྱུགས་ནད་དང་། །དམག་འཁྲུག་འཐབ་རྩོད་མུ་གེ་རབ་ཞི་ཞིང་། །ཆོས་སྲིད་ཕན་དང་བདེ་བའི་ལེགས་ཚོགས་ཀྱི། །འདོད་པའི་ཆར་གྱིས་རེ་བ་སྐོང་བར་མཛོད། ཁྱད་པར་ཟ་ཧོར་རིག་འཛིན་བདག་ཅག་གིས། །བཅོལ་བའི་ཞི་རྒྱས་དབང་དང་དྲག་པོའི་ལས། །མ་ལུས་ཐོགས་པ་མེད་པར་རབ་བསྒྲུབས་ནས། །བསམས་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་དང་བཅས་པ་ལ་མཆོད་གཏོར་འབུལ་བའི་རིམ་པ་བསམས་དོན་ལྷུན་གྲུབ་མ་ཞེས་པ་འདི་ཡང་ལྕགས་ཡོས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་གྱི་ཉིན་ཆོས་འཁོར་བསམ་ཡས་ཀྱི་པེ་ཧར་ལྕོག་ཏུ་ངོས་ཀྱིས་ཕྱིན་པའི་ཚེ། གནོད་སྦྱིན་ཆེན་པོས་འདི་(༧༡ན)


GLG011_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཞིག་གྱིས་ཤིག་ཅེས་བསྐུལ་བ་མཛད་པ་ལྟར་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསུང་གི་དབེན་གནས་མཆིམས་ཕུ་གསང་བའི་ཕུག་ཏུ་སྦྱར་བའི་ཡི་གེ་པ་ནི་སུ་དྷཱི་ཨཱ་ཡུརྡིརྒྷའོ། །ཡིད་འཕྲོག་རབ་དཀར་ཕྱི་ལྟས་གངས་ཀྱི་རི། །ནང་དུ་རིན་ཅེན་ལས་གྲུབ་ཕོ་བྲང་མཆོག །རྩེ་ན་གསེར་གཡུའི་རྒྱ་ཕུབས་ཏོག་གིས་མཛེས། །རྐེད་པར་སྤྲིན་དཀར་ན་བུན་ལང་ལོང་འཁྲིགས། །རྩ་བར་ཡིད་བཞིན་ཆུ་གཏེར་ཆེན་པོ་འཁྱིལ། །འདོད་པའི་ལོངས་སྤྱོད་ཕྱི་ནང་ཀུན་གང་བའི། །རིན་ཅེན་གཞལ་མེད་ཁང་བཟང་ཉམས་དགའི་དབུས། །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །སྐུ་མདོག་རབ་དཀར་ཁྲོ་ཆགས་ཞི་བའི་ཉམས། །ཕྱག་གཡས་མཉེན་ལྕུག་སོར་མོ་སྡིགས་མཛུབ་ཀྱིས། །སྦ་ལྕག་དར་གྱི་ཅོད་པན་མཛེས་པར་འཛིན། །གཡོན་པ་དར་གྱི་སྲད་བུ་ལ་བརྒྱུས་པའི། །ཤེལ་དཀར་ཕྲེང་བ་བརྒྱ་རྩ་བརྒྱད་པ་འདྲེན། །མཐོན་མཐིང་དབུ་སྐྲའི་ཐོར་ཚུགས་རབ་མཛེས་ཤིང་། །རིན་ཅེན་དབུ་རྒྱན་སྙན་ཆ་མགུལ་རྒྱན་དང་། །གདུ་བུས་ལེགས་སྤྲས་དར་དཀར་ན་བཟའ་གསོལ། །རྟ་མཆོག་ངང་དཀར་རིན་ཅེན་སྒ་སྲབ་དང་། །གོང་རྨེད་ཆས་ཀྱིས་མཛེས་པའི་སྟེང་ན་བཞུགས། །གྲངས་མེད་འཁོར་ཚོགས་རྒྱ་མཚོས་བསྐོར་བ་ཡི། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཁྱོད། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དབང་བསྐུར་དམ་བཏགས་ཁྲི་སྲོང་ལྡེ་བཙན་གྱི། །རིགས་དང་བརྒྱུད་ལ་འགོ་བའི་ལྷ་རུ་བསྐོས། །བོད་ཁམས་སྐྱོང་བའི་སྲུང་མར་མངའ་ཡང་གསོལ། །དེའི་ཕྱིར་དང་པོར་པདྨ་ཐོད་འཕྲེང་རྩལ། །བར་དུ་རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན། །ཐ་མར་ལེགས་ལྡན་རྡོ་རྗེ་ཡབ་སྲས་ཀྱི། །དམ་ལ་གནས་པའི་ཐང་ལྷ་ཡབ་ཞུར་ཁྱོད། །རྣལ་འབྱོར་དུང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །ཐོགས་མེད་(༧༡བ)


GLG011_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྤྱོན་དགྱེས་པའི་སྟན་ལ་བཞུགས། །རིག་འཛིན་བདག་དང་ལུས་དང་གྲིབ་མ་བཞིན། །འགྲོགས་ལ་ཉིན་མཚན་དུས་དྲུག་བར་ཆད་སོལ། །མཐུན་རྐྱེན་བསམས་པའི་དོན་ཀུན་འབད་མེད་སྒྲུབས། །རིན་ཅེན་དར་སྣ་ལྔ་དང་གསང་བའི་ལུག །འབྲས་དཀར་བཤོས་བཟང་གཡའ་ཆུ་གངས་ཀྱི་ཆུ། །སྤོས་དཀར་དུད་པ་མན་ཤེལ་ལ་སོགས་པའི། །ཕྱི་ནང་གསང་བའི་རྟེན་རྫས་སྤྱན་གཟིགས་འབུལ། །དགྱེས་པར་བཞེས་ལ་བཅོལ་བའི་འཕྲིན་ལས་མཛོད། །གངས་ཅན་ལྗོངས་འདིར་བདེ་སྐྱིད་ཕུན་ཚོགས་ཤིང་། །ཆོས་སྲིད་ཟུང་འབྲེལ་བསྟན་པ་རྒྱས་པ་དང་། །འཇམ་དབྱངས་ངག་གི་དབང་པོ་བཀྲ་ཤིས་ཀྱི། །ཀུན་དགའི་དཔལ་སྟེར་རྗེ་བཙུན་རྡོ་རྗེ་འཛིན། །དང་པོའི་མགོན་པོ་ཕུལ་བྱུང་བསོད་ནམས་ཀྱི། །ཞིང་མཆོག་ལེཊ་པར་ལྡན་ཟུང་ཞབས་བརྟན་མཛོད། །རིག་སྔགས་འཆང་བ་བདག་གི་ལུགས་གཉིས་ཀྱི། །འདོད་པའི་རེ་བ་མ་ལུས་སྐོང་བ་ལ། །ལྷག་པའི་ལྷ་ཁྱོད་ཡོངས་འདུའི་ལྗོན་པ་དང་། །བུམ་བཟང་ཡིད་བཞིན་ནོར་བུ་ལྟར་མཛོད་ཅིག །ཅེས་པ་འདི་ཡང་དྲི་ཟའི་རྒྱལ་པོའི་ཕོ་བྲང་གི་མདུན་སར་ཟ་ཧོར་གྱི་བནྡེས་ཐོགས་མེད་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །དྲི་མེད་ཐུབ་བསྟན་ཨུཏྤལ་དཀར་པོའི་ཚལ། །ཐུཊ་རྗེ་བསིལ་བའི་ཟེར་གྱིས་འཛུམ་བྱེད་པའི། །སྤྲུལ་པའི་ཆོས་སྐྱོང་ཆུ་ཤེལ་དབང་པོ་ལ། །མཆོད་བསྟོད་གཉིས་སྐྱེས་མགྲིན་པའི་དབྱངས་སྙན་སྒྲོག །ཟག་མེད་བདུད་རྩིའི་གཏོར་མ་རི་ལྟར་སྤུངས། །རྙོག་མེད་བཏུང་བའི་མཆོད་པ་མཚོ་ལྟར་འཁྱིལ། །སྐྱོན་མེད་མཆོད་ཚོགས་སྤྲིན་ཕུང་ལྟར་འཁྲིགས་པ། །དྲི་མེད་ཡིད་ཀྱིས་སྤྲུལ་ཏེ་རྒྱ་ཆེར་འབུལ། །རབ་ཏུ་འཇམ་ལེགས་རྣམ་པར་བཀྲ་བའི་གཟུགས། །གྲངས་མེད་ཆོ་འཕྲུལ་སྟོང་གི་རོལ་གར་མཁན། །ཀུན་ནས་དགེ་ཞིང་ཤིས་པའི་དཔལ་སྟེར་བ། །ཐུབ་བསྟན་རྒྱ་མཚོའི་སྲུང་མ་ཆེན་པོ་(༧༢ན)


GLG011_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །སྒྱུ་མ་མཁན་གྱི་རྣམ་པར་སྤྲུལ་པ་ཡི། །གདོང་ལྔའི་དབང་པོས་རི་དྭགས་བསད་པ་ལྟར། །གདོད་ནས་སྐྱེ་བ་མེད་པའི་དགྲ་བགེགས་ཀུན། །རང་བཞིན་མེད་པའི་དབྱིངས་སུ་རྣམ་པར་སྒྲོལ། །ཁྱད་པར་འཕགས་ཡུལ་གྲུབ་མཐའ་རྣམ་བཞི་ཡི། །བཞེད་གཞུང་ལེཊ་པར་བཤད་པའི་དམ་ཆོས་ཀྱི། །འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བའི་གླིང་། །ཟླ་བཞོན་བགྲོད་པ་ཇི་བཞིན་འཕེལ་བར་མཛོད། །མང་ཐོས་རིག་པའི་རྩལ་ལྡན་ཀརྟི་ཀས། །ཕས་རྒོལ་དམ་བཅའི་གླང་ཆེན་མཆེ་བ་དག །ཕྱུང་སྟེ་རྣམ་དཔྱོད་མདོངས་མཐའ་ལ་ཞོན་ནས། །སྲིད་པའི་མཐོ་རིས་ཡུལ་དུ་གར་བྱེད་ཤོག །དཔྱིད་ཀྱི་དཔལ་མོའི་མངལ་ལས་ལེགས་བསྐྱངས་པས། །དབྱར་གྱི་ལང་ཚོ་དར་བའི་དོན་གཉིས་ཀྱི། །ལྷུན་གྲུབ་རྒྱལ་མཚན་སྲིད་པའི་རྩེ་མོའི་བར། །བསྒྲེངས་པའི་སྒྲ་དབྱངས་ཕྱོགས་ཀུན་ཁྱབ་པར་མཛོད། །ཅེས་པ་འདི་ཡང་དབང་ཕྱོགས་ཀྱི་རྒྱལ་ཁམས་ཆེན་པོར་འདེགས་སྐབས་ལེགས་བཤད་ཆོས་འཁོར་གླིང་པའི་སློབ་ཆུང་དེར་འདུས་ཀྱི་གྲྭ་རིགས་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྱང་གི་སའི་ཆ་ཟོའི་ཁུག་ཏུ་སྦྱར། །མཐུ་སྟོབས་ནུས་པའི་དཔུང་གིས་རྒྱལ་བའི་བསྟན། །བསྲུང་མཛད་དམ་ཅན་ཆེན་པོ་རྡོ་རྗེ་ལེགས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས་པ་རྣམས། །འཁོར་བཅས་གནས་ནས་ཐོགས་མེད་དུ་ཚུར་སྤྱོན། །མདུན་དུ་ཕ་ཝང་ལོང་བུའི་སྐུ་མཁར་ལ། །འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཕུབ་པའི་དབུས། །འཇིགས་རུང་བཟོད་པར་དཀའ་བའི་གཞལ་ཡས་ནང་། །དགྱེས་པར་བཞུགས་ལ་བཅོལ་པའི་འཕྲིན་ལས་མཛོད། །ཕྱི་དང་ནང་དང་གསང་བའི་མཆོད་པ་དང་། །ཚོགས་དང་གཏོར་མ་བསྟེན་པའི་དམ་རྫས་རྣམས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་ལེགས་འབུལ་ན། །བཞེས་ལ་རྣལ་འབྱོར་བདག་གི་སྟོང་གྲོགས་མཛོད། །(༧༢བ)


GLG011_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་བྱེད་ཀྱིས་འཁྱུད་དབང་སྔོན་ལྷུན་པོ་ལ། །ཐུན་མཚམས་དབུ་སྐྲ་སྨ་ར་དམར་སེར་ཅན། །གློག་སྟོང་འཁྱུག་པའི་དམར་ཟླུམ་སྤྱན་གསུམ་བགྲད། །གངས་རི་ལ་འགྲན་མཆེ་བ་དགྲ་ལ་གཙིགས། །གཡས་པ་གནམ་ལྕགས་ཐོ་ཆེན་མཁའ་ལ་འཕྱར། །གཡོན་པ་འཐོར་རླུང་ཚུབ་པའི་སྤུད་པ་འཛིན། །དར་ནག་འཇོལ་བེར་རིན་ཅེན་སྐ་རགས་མཛེས། །སག་ལྷམ་གྱོན་ནས་ར་སྐྱེས་སྟེང་འགྱིང་བའི། །དམ་ཅན་སྐྱེས་བུ་ཆེན་པོ་ཁྱོད་ཉིད་ཀྱིས། །སློབ་དཔོན་པདྨ་ཐོད་འཕྲེང་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་བསྲུང་བ་དང་། །ཁྱད་པར་རིག་སྔགས་འཆང་བའི་འདུས་པའི་སྡེ། །བཤད་དང་སྒྲུབ་པའི་བྱ་བ་རབ་འཕེལ་ཞིང་། །བདག་སོགས་རྣམས་ཀྱི་བར་གཅོད་མི་མཐུན་ཚོགས། །ཞི་ཞིང་བསམས་པའི་དོན་ཀུན་གྲུབ་པར་མཛོད། །ཅེས་དམ་ཅན་སྐྱེས་བུ་ཆེན་པོ་ལ་མཆོད་གཏོར་འབུལ་ཚུལ་ཉུང་ངུར་བསྡུས་པ་འདི་ནི་རྒྱུད་སྨད་ནས་བསྡུས་པའི་རྒྱ་ནག་ཕོ་བྲང་དུ་འདེགས་མཁན་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྱང་འབྲོང་རྩར་སྦྱར།བདེ་སྟོང་ཟུང་འཇུག་ཁྱབ་བདག་འཁོར་ལོའི་མགོན། །བཤེས་གཉེན་ཟོལ་གྱིས་གར་མཛད་རྡོ་རྗེ་འཛིན། །འཁོན་རིགས་འཇམ་དབྱངས་གྲུབ་པའི་དཔའ་བོ་མཆོག །དཔལ་འབྱོར་ལྷུན་གྲུབ་གཙུག་གི་པད་མཚོར་བསྟེན། །པད་གནུབས་གཉེན་སོགས་རྩ་བརྒྱུད་བླ་མ་ཡིས། །བཀའ་དང་དམ་ལ་བཏགས་པའི་མཐུ་རྩལ་ཅན། །བསྟན་པ་སྐྱོང་མཛད་རྡོ་རྗེ་དྲག་རྒྱལ་མའི། །རྨད་བྱུང་མཆོད་པའི་འཕྲིན་ལས་དེང་འདིར་སྤེལ། །དེ་ལ་འདིར་བསྟན་སྐྱོང་ཆེན་མོ་དྲག་མོ་རྒྱལ་དགྱེས་པ་བསྐྱེད་པའི་འཕྲིན་ལས་ཀྱི་རིམ་པ་ལ། མཆོད་གཏོར་སྤྱན་གཟིགས་སོགས་ཕྱག་ལེན་ལྟར་བཤམས། ཆོས་སྐྱོང་འདི་ཉིད་དང་འབྲེལ་ཆགས་པའི་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་སྔོན་དུ་བཏང་མཆོད་རྫས་རྣམས་(༧༣ན)


GLG011_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་ཏེ། ཏིང་ངེ་འཛིན་སྒོ་ནས། ཕུན་ཚོཊ་ངོ་མཚར་བཀོད་པ་རྒྱ་མཚོ་ཡི། །དགེ་མཚན་མ་ལུས་གཅིག་ཏུ་རབ་འཁྱིལ་བའི། །སྣ་ཚོགས་རིན་ཅེན་ལས་གྲུབ་ཕོ་བྲང་ནས། །དཔལ་ལྡན་བསྟན་སྐྱོང་ཆེན་མོ་སྐུ་བཞེངས་ཤོག །འཁོར་ལོའི་མགོན་པོ་དཔལ་ལྡན་ཧེ་རུ་ཀ །དངོས་དང་བརྒྱུད་པའི་བླ་མར་སྤྲུལ་པ་ཡི། །མཐུ་ལྡན་རྣམས་ཀྱིས་དམ་ཚིག་ཉེར་བསྒྲགས་པའི། །གནོད་སྦྱིན་དབང་མོ་གནས་འདིར་གཤེགས་སུ་གསོལ། །སྙན་པའི་དབྱངས་དང་གཡོ་མེད་ཏིང་འཛིན་གསལ། །མཐུན་པའི་དམ་རྫས་ཀུན་ཚང་མཆོད་པའི་སྤྲིན། །ནོར་འཛིན་ལྷ་ཡི་ལམ་ཀུན་རབ་འགེངས་ན། །བསྟན་སྐྱོང་འཁོར་བཅས་ཐོགས་མེད་ད་ཚུར་སྤྱོན། །ཆུ་སྐྱེས་འདབ་བརྒྱ་བཞད་པའི་གེ་སར་རྩེར། །བསིལ་སྦྱིན་མཁན་པོ་ཉིན་མོར་བྱེད་པ་ཡི། །གདན་སྟེང་དཔལ་ལྡན་ལྷ་མོ་ཡང་གྷ་བཟའ། །འཁོར་བཅས་དགྱེས་པར་བཞུགས་ལ་འཕྲིན་ལས་སྒྲུབ། །སྣང་སྟོང་དག་པའི་མཁའ་ཡི་རྩིག་ངོས་ལ། །ཏིང་འཛིན་པིར་གྱིས་བྲིས་པའི་འཇའ་རིས་ཅན། །ཕུལ་བྱུང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །བསྟན་སྲུང་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ཅིག །བཟང་པོའི་ངད་ལྡན་མཆོད་ཡོན་མཚོ་ལྟར་འཁྱིལ། །ལྷ་མིའི་མེ་ཏོག་སྣ་ཚོགས་ཕང་ཕུང་གཡོ། །ཕུན་ཚོགས་དྲི་ཞིམ་དུད་པ་སྤྲིན་ལྟར་འཁྲིགས། །མར་མེའི་ཕྲེང་བས་ཉི་ཟླའི་ཁེངས་པ་འཕྲོག །སིདྡྷཱུ་ཝཱ་རའི་མདངས་འཕྲོག་དྲི་ཆབ་དང་། །རོ་བརྒྱའི་དཔལ་འཛིན་ཞལ་ཟས་རི་ལྟར་སྤུངས། །སྙན་བརྗིད་རོལ་མོའི་བྱེ་བྲག་ལ་སོགས་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་ལེགས་པར་འབུལ། །རྟ་མཆོག་དར་གྱི་ཅོད་པན་རླུང་ལྟར་འཕྱོ། །འབྲོང་གཡག་རྡོ་རྗེའི་རྭ་རྩེ་རྣོན་པོ་གདེངས། །འདོད་འཇོའི་བ་དང་ཤ་བ་ར་སྐྱེས་ལུག །བྱ་ཚོགས་སྙན་པའི་སྐད་འབྱིན་འཕུར་ལྡིང་གཡོ། །(༧༣བ)


GLG011_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་པོ་གླིང་བཞི་ཉི་ཟླ་རིན་ཅེན་བདུན། །རྡོ་རྗེའི་གོ་མཚོན་དར་ཟབ་རིན་ཅེན་རྒྱན། །འདོད་ཡོན་ལྔ་སོགས་དགྱེས་པ་བསྐྱེད་པའི་རྫས། །ནས་འབྲས་གྲོ་སོགས་འབྲུ་སྣ་ཕུང་པོར་སྤུངས། །ཇ་ཆང་བཏུང་བ་རྒྱ་མཚོ་ལྟ་བུར་བསྐྱིལ། །དཀར་གསུམ་མངར་གསུམ་གཙང་མའི་མཆོད་རྫས་དང་། །དགྲ་བགེགས་བསྒྲལ་བའི་དབང་པོ་རྣམ་པ་ལྔ། །ཤ་རུས་ཚིལ་བུ་ཁྲག་གི་ཨརྒྷཾ་དང་། །ཕྱི་ནང་གསང་རྟེན་མན་ངག་ཇི་བཞིན་བཤམས། །གསེར་སྐྱེམས་དམ་རྫས་རྒྱན་ལྡན་གཏོར་མ་རྣམས། །མི་འགྱུར་བདེ་ཆེན་ཀུན་གསལ་ཡངས་པ་ལས། །ཁྲོ་ཆགས་ཉིན་བྱེད་སྒྱུ་དྲའི་རོལ་གར་གྱིས། །ཐུབ་བསྟན་ཕན་བདེའི་འདབ་སྟོང་རྒྱས་མཛད་པའི། །དཔལ་ལྡན་བསྟན་སྐྱོང་ཆེན་མོ་ཁྱོད་ལ་བསྟོད། །ཉི་འོད་འབུམ་གྱིས་འཁྱུད་པའི་གངས་ཀྱི་རི། །མཛེས་སྡུག་རྣམ་འགྱུར་སྟོན་པའི་སྒྱུ་མ་མཁན། །ལྷ་རྫས་ན་བཟའ་རིན་ཅེན་རྒྱན་ཕྲེང་ཅན། །འཆི་མེད་ལུས་ཕྲའི་ཁེངས་པ་འཕྲོག་ལ་བསྟོད། །ཕྱག་གཡས་དུས་གསུམ་ཀུན་གསལ་མེ་ལོང་དང་། །ལོག་འདྲེན་དགྲ་བགེགས་འཆིང་བའི་ཞགས་པ་ཐོགས། །གཡོན་པ་བརྟན་གཡོའི་དངོས་ཀུན་མ་ལུས་པ། །དབང་སྡུད་ལྕགས་ཀྱུ་འཛིན་མཛད་ཁྱེད་ལ་བསྟོད། །དུང་གི་རྭ་ཅོ་གདེངས་པའི་ཤ་བ་ལ། །བཅིབས་ནས་སྟོང་གསུམ་སྐད་ཅིག་ཙམ་གྱིས་མྱུལ། །གྲངས་མེད་འཁོར་ཚོགས་རྒྱ་མཚོ་དང་བཅས་ཏེ། །ཆོས་འཁོར་སྐྱོང་བའི་བསྲུང་མ་ཁྱོད་ལ་བསྟོད། །རེས་འགའ་ཅུང་ཟད་ཁྲོས་པའི་ཉམས་ལྡན་པ། །སྐུ་མདོག་ལྗང་གུ་བེ་ཅོན་ཕྱག་ན་བསྣམས། །འཕར་བ་ཞོན་ནས་རྣལ་འབྱོར་དྲོད་མྱུལ་བའི། །དམ་ཚིག་གཟི་ལྡན་འབར་མ་ཁྱོད་ལ་བསྟོད། །སྐབས་འགར་འཇིགས་རུང་བཟོད་དཀའི་རྣམ་འགྱུར་ཅན། །མཐོང་བ་ཙམ་གྱིས་དགྲ་བོའི་སྲོག་འཕྲོག་ཅིང་། །སྲིད་གསུམ་གཡོ་བར་ནུས་པའི་མཐུ་རྩལ་ཅན། །(༧༤ན)


GLG011_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ཧེ་ལེ་འབར་མ་ཁྱེད་ལ་བསྟོད། །བསྟན་སྐྱོང་རྡོ་རྗེ་དྲག་རྒྱལ་འཁོར་བཅས་རྣམས། །པདྨ་ཐོད་ཕྲེང་གནུབས་ཆེན་ལོ་ཙཱ་བ། །སྔགས་འཆང་གཉེན་ཆེན་དཔལ་དབྱངས་ལ་སོགས་པས། །དབང་བསྐུར་དམ་ཚིག་བསྒྲགས་པ་ཉེར་དགོངས་ལ། །ཀུན་མཁྱེན་རྒྱལ་བའི་ལུང་རྟོགས་བསྟན་པ་དང་། །འགྲོ་བའི་ཕན་དང་བདེ་བའི་ལེགས་ཚོགས་ཀུན། །དཀར་པོའི་ཕྱོགས་ཀྱི་ཆུ་ཤེལ་དབང་པོ་ཡི། །དཀྱིལ་འཁོར་ཆ་ཤས་ཇི་བཞིན་འཕེལ་བར་མཛོད། །ཕུལ་བྱུང་བློ་གྲོས་མཆོག་མངའ་འཇམ་དཔལ་དབྱངས། །སྐལ་བཟང་གདུལ་བྱའི་སྣང་ངོར་ངུར་སྨྲིག་གར། །སྟོན་མཛད་སྙན་པའི་གྲགས་འབར་བཙོང་ཁ་པའི། །དྲི་མེད་བསྟན་པ་སྲིད་མཐར་རྒྱས་པར་མཛོད། །དགའ་བའི་དཔལ་ལྡན་དམ་ཆོས་མ་ལུས་པའི། །འཁོར་ལོ་རྒྱུན་ཆད་མེད་པ་འདུ་བའི་གླིང་། །དེ་འཛིན་སྐྱེས་བུ་ཁྲིམས་ལྡན་འདུས་པ་ཡི། །དོན་གཉིས་ལྷུན་གྲུབ་རྒྱ་མཚོ་ལྟར་འཕེལ་མཛོད། །གནས་སྐབས་ཞི་རྒྱས་དབང་དང་དྲག་པོ་ཡི། །ལས་བཞིའི་འཕྲིན་ལས་ཐོགས་པ་མེད་འགྲུབ་ཅིང་། །མཐར་ཐུག་ཚེ་འདིར་ཟུང་འཇུག་མངོན་བྱེད་སོགས། །བསམས་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཅེས་བསྟན་སྐྱོང་ཆེན་མོ་རྡོ་རྗེ་དྲག་མོ་རྒྱལ་ལ་མཆོད་གཏོར་འབུལ་བའི་རིམ་པ་འདི་ནི་མདོ་རྒྱུད་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་རྗེ་དོན་གྲུབ་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་རིགས་ལས་ཨ་ཝ་དྷཱུ་ཏཱི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་དཀར་ཐང་མར་ཁུའི་མཚོ་མོར་སྦྱར། རྒྱལ་ཀུན་མཁྱེན་བརྩེ་ནུས་པ་ཡི། །ཆ་ཤས་ཡོངས་རྫོགས་པདྨ་འབྱུང་། །སྔོན་མེད་ཟླ་བ་གསར་པ་ཡིས། །ཡིད་ཀྱི་གདུང་བ་སེལ་བར་མཛོད། །གང་དེའི་(༧༤བ)


GLG011_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་རྡོ་རྗེ་ཡི། །རི་མོ་གཙུག་ཏུ་ལེགས་འཆར་བའི། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལ། །དགྱེས་བསྐྱེད་མཆོད་པའི་ཕྲེང་བ་སྤེལ། །དེ་ཡང་གནས་ཆུང་ནས་སྤྲུལ་པའི་ཆོས་རྒྱལ་ཆེན་པོར་མཆོད་གཏོར་འབུལ་བ་ལ། མཆོད་གཏོར་རྣམས་བཤམས་ཤིང་བྱིན་གྱིས་བརླབས་ཏེ། ཧཱུྃཿ མི་འགྱུར་བདེ་ཆེན་ཆོས་སྐུའི་ངང་ཉིད་ལས། །ལོངས་སྤྱོད་རྫོཊ་སྐུ་ཁྲག་འཐུང་ཧེ་རུ་ཀ །དྲི་མེད་མཚོ་སྐྱེས་སྤྲུལ་སྐུ་པདྨ་འབྱུང་། །ཐུགས་རྗེའི་མཐུ་དཔུང་བསྐྱེད་ལ་དངོས་གྲུབ་སྩོལ། །སྤྲོས་ཀུན་ཉེར་ཞིའི་ངང་ལས་མ་གཡོས་ཀྱང་། །ལོག་འདྲེན་གཤེད་དུ་དྲག་པོའི་སྐུར་བསྟན་པ། །སྤྲུལ་པའི་ཆོས་སྐྱོང་ཆེན་པོ་འཁོར་བཅས་རྣམས། །ཐོགས་མེད་འདིར་སྤྱོན་དགྱེས་པའི་གདན་ལ་བཞུགས། །དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་དང་། །བདུད་རྩིའི་བཏུང་བ་ཁྲག་གི་ཨརྒྷཾ་སོགས། །ཕྱི་ནང་གསང་བའི་མཆོད་རྫས་སྤྱན་གཟིགས་རྣམས། །ས་དང་བར་སྣང་ཁྱོན་ཀུན་བཀང་སྟེ་འབུལ། །ཁྲོ་ཆགས་སྒེག་དང་ཞི་སོགས་རྣམ་འགྱུར་གྱིས། །བསྟན་པ་བསྲུང་ཞིང་དགྲ་བགེགས་སྒྲོལ་མཛད་པའི། །སྣང་སྲིད་དྲེགས་པ་ཀུན་གྱི་སྡེ་དཔོན་མཆོག །སྤྲུལ་པའི་ཆོས་རྒྱལ་སྐུ་ལ་བདག་བསྟོད་དོ། །སྙན་འགྱུར་དབྱངས་དང་དྲག་པོའི་ང་རོ་སོགས། །སྣ་ཚོགས་སྐད་ཀྱིས་དམ་ཉམས་དགྲ་བོའི་ཚོགས། །ཐལ་བར་རློག་པའི་མི་བཟད་དྲག་པོའི་སྒྲ། །ཆོས་རྒྱལ་ཆེན་པོའི་གསུང་ལ་བདག་བསྟོད་དོ། །ལྐོག་གྱུར་ཆོས་ཀྱི་སྣང་བརྙན་མ་ལུས་པ། །མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་དུ། །ལེགས་རྟོགས་བདེ་སྟོང་གཉིས་སུ་མེད་པ་ཡི། །ས་སྐྱོང་ཆེན་པོའི་ཐུགས་ལ་བདག་བསྟོད་དོ། །སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་གི ། སྤྱན་སྔར་ཞལ་བཞེས་དམ་བཅས་ཉེར་དགོངས་ལ། །བསྟན་དང་བསྟན་འཛིན་ཁྲིམས་ལྡན་འདུས་པའི་སྡེ། །འཕེལ་ཞིང་རྒྱས་(༧༥ན)


GLG011_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཕྲིན་ལས་མ་ལུས་སྒྲུབས། །འཇམ་དབྱངས་གཞོན་ནུ་མཐོན་མཐིང་རལ་པའི་ཁུར། །དོར་ནས་ངུར་སྨྲིག་གོས་ཀྱིས་རབ་ཀླུབས་པའི། །ཀུན་མཁྱེན་བློ་བཟང་གྲགས་པའི་རིང་ལུགས་མཆོག །སྲིད་མཐའི་བར་དུ་ཉམས་པ་མེད་པར་མཛོད། །ཁྱད་པར་དགའ་བ་ལྡན་པའི་གནས་མཆོག་འདིར། །དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བྱེད་པའི། །འདུས་པའི་གླིང་དང་དེ་འཛིན་སྐྱེས་བུ་ཡི། །བསམས་དོན་མ་ལུས་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་གནས་ཆུང་ནས་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་ལ་མཆོད་གཏོར་འབུལ་ཚུལ་འདི་ནི་མང་དུ་ཐོས་པའི་ཆོས་རྗེ་དོན་གྲུབ་རྒྱ་མཚོས་བཀས་སྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་དཀར་ཐང་མར་ཁུའི་མཚོ་མོར་སྦྱར། །ཀྱེཿ གསལ་སྟོང་ཟུང་འཇུག་བདེ་ཆེན་མཁའ་དབྱིངས་ལས། །མི་བསྲུན་བཤན་པ་གློག་དམར་འཁྱུག་པའི་གར། །མཐུ་སྟོབས་གནམ་ལྕགས་ཐོག་ཟེར་འཕྲོ་བཞིན་དུ། །ཚུར་སྤྱོན་ཚུར་སྤྱོན་སྔོན་གྱི་དམ་ཚིག་དགོངས། །བྱང་ཤར་ཉམ་ངའི་དུར་ཁྲོད་ཐང་ཆེན་དབུས། །ཐོད་པ་རིན་ཅེན་ལས་གྲུབ་གཞལ་ཡས་ཁང་། །བམ་ཆེན་གསར་རྙིང་བརྩེཊ་པའི་གདན་སྟེང་ནས། །གནོད་སྦྱིན་དབང་གི་རྒྱལ་པོ་གཤེགས་སུ་གསོལ། །སྲིན་མོའི་གཟུགས་ཅན་གར་གྱི་དབང་ཕྱུག་མ། །ལས་མཁན་སྲོག་གི་བདག་པོ་ཁྲོ་གཏུམ་ཅན། །གྲི་ཐོགས་བརྒྱད་དང་བཤན་པ་ཉེར་གཅིག་སོགས། །འཁོར་ཚོགས་དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །སྔོན་ཚེ་རྡོ་རྗེ་འཆང་དང་ཉི་འོད་གྲགས། །ལ་ཆེན་གཉེན་དང་ཀུན་མཁྱེན་མུས་སྲད་པ། །རྡོ་རྗེ་འཆང་དངོས་བློ་གསལ་རྒྱ་མཚོ་སོགས། །དངོས་བརྒྱུད་བླ་མའི་བསྟན་སྲུང་གནས་འདིར་གཤེགས། །གཤིན་རྗེ་གཤེད་དང་པདྨ་དབང་ཆེན་སོགས། །གྲངས་མེད་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི། །(༧༥བ)


GLG011_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་བསྟན་པ་བསྲུང་བའི་དབང་པོ་ཁྱོད། །རྣལ་འབྱོར་བདག་གིས་འབོད་ན་གནས་འདིར་གཤེཊ། །ཕྱི་ནང་གསང་མཆོད་བསྟེན་པའི་དམ་རྫས་རྣམས། །ས་གཞི་བར་སྣང་ཁྱོན་ཀུན་ཡོངས་བཀོད་ནས། །བདག་ཅག་སྙིང་ནས་དུང་བས་འབོད་བྱེད་ན། །དྲེགས་པའི་དེད་དཔོན་ཐོགས་མེད་ད་ཚུར་སྤྱོན། །ཞེས་གནོད་སྦྱིན་བེག་ཙེ་ལྕམ་དྲལ་འཁོར་བཅས་རྣམས་སྤྱན་དྲང་པའི་ཚིགས་སུ་བཅད་པ་འདི་ནི་བླ་མ་སངས་རྒྱས་བཀྲ་ཤིས་ཀྱི་ངོར་འཁོན་སྟོན་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་གྱིས་འཚོ་བའི་ཟ་ཧོར་གྱི་བནྡེ་ལྡུམ་བུ་བས་རྨ་ཆུའི་འགྲམ་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ཨིནྡྲ་ནཱི་ལ་བརྩེགས་པའི་ལྷུན་པོ་ལ། །རྟ་བདུན་འབུམ་གྱིས་འཁྱུད་འདྲའི་འོད་འཕྲོ་བའི། །སྟོང་གསུམ་སྐད་ཅིག་མྱུལ་བའི་རྫུ་འཕྲུལ་ཅན། །དུས་མཐའི་རླུང་གི་ཤུགས་ལྡན་རྟ་མཆོག་འདི། །མྱུར་མཛད་ཡེ་ཤེས་མགོན་པོའི་རྟེན་དུ་འབུལ། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་རྟེན་དུ་འབུལ། །བསྟེན་པའི་དམ་རྫས་སྤྱན་གཟིགས་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་མ་ལུས་བསྒྲུབ་པར་མཛོད། །དབྱར་གྱི་ཆར་སྤྲིན་སྟུག་པོ་ལྟར་གནག་ཅིང་། །རྣོ་དང་རྡོ་རྗེའི་རྭ་ཆེན་མཁའ་ལ་གདེངས། །ང་རོ་དྲག་པོས་ས་གསུམ་འདར་བྱེད་པའི། །དམ་ཉམས་སྲོག་ལ་བརྔམས་པའི་འབྲོང་གཡག་འདི། །༝བཻཌཱུརྱ་མཐིང་ཁའི་མདོག་ལ་རབ་འཁུ་ཞིང་། །འཇམ་མཉེན་མཛེས་པའི་སྤུ་ཚོགས་རྣམ་པར་འཁྱིལ། །སྤྱི་བོ་ལ་བ་ཚེས་པ་ལྟ་བུར་དཀར། །རྣོ་བའི་རྭ་བཞི་ལྡན་པའི་ལུག་ནག་འདི། །༝་གནམ་ལྕགས་འབར་བའི་སྤུ་གྲིའི་མཆུ་སྡེར་གྱིས། །དགྲ་བོའི་དོན་སྙིང་ཟ་ཞིང་ནོར་ཁྲོལ་འབྲད། །རྫུ་འཕྲུལ་གཤོག་པས་སྟོང་གསུམ་སྐད་ཅིག་མྱུལ། །(༧༦ན)


GLG011_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་འཕུར་ལྡིང་རོལ་བའི་བྱ་ནག་འདི།༝།གནམ་ས་ལྟ་བུར་ཡངས་པའི་ཁ་གདངས་ཤིང་། །གངས་རིའི་དུམ་བུ་ཆད་འདྲའི་མཆེ་བ་གཙིགས། །སྡེར་བཞི་རབ་བགྲད་གདོང་ལྔའི་དབང་པོ་ལྟར། །དགྲ་བགེགས་རི་དྭགས་ཚོགས་འཇོམས་ཁྱི་ནག་འདི།༝།མྱུར་མཛད་ཡེ་ཤེས་མགོན་པོ་ལ་ཕྱི་རྟེན་ལྔ་འབུལ་བའི་ཚིགས་སུ་བཅད་པ་འདི་ནི་འོ་རློན་པ་ངག་དབང་ཆོས་དཔལ་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བྱ་རྒྱལ་པོ་བཀྲ་ཤིས་སོ། །ཡིད་བཞིན་འོ་མཚོ་འཁྱིལ་བའི་དབུས། །རབ་མཛེས་རིན་ཆེན་ཁང་བཟང་ཅན། །ལྗོན་ཤིང་འཕྲེང་བས་ཡོངས་བསྐོར་བ། །སྤང་ལྗོངས་མེ་ཏོག་ཆུ་མིག་སོགས། །ཡིད་འོངས་མཛེས་པའི་གནས་མཆོག་ནས། །གཙུག་ན་ནོར་བུའི་རྒྱན་འཆང་བའི། །གདེངས་ཅན་དབང་པོ་དུང་སྐྱོང་དང་། །འཛིན་པ་ལག་མང་གནས་འདིར་གཤེགས། །དགྱེས་པའི་སྟན་ལ་བརྟན་པར་བཞུགས། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །མེ་ཏོག་བདུག་སྤོས་མར་མེ་དང་། །ཞལ་ཟས་རོལ་མོའི་མཆོད་པ་འབུལ། །དཀར་གསུམ་དངར་གསུམ་སྦྱར་བ་ཡི། །རྣམ་དག་གཙང་མའི་གཏོར་མ་བཞེས། །བཟང་པོ་དྲུག་དང་ཞོ་ཤ་གསུམ། །ཆུ་སྲིན་སྡེར་མོ་པུ་ཤེལ་ཙེ། །རྔ་རྒྱུས་དབང་ལག་རྨ་བྱའི་མདོངས། །དུང་དང་མགྲོན་བུ་སྤང་སྤོས་དང་། །སླེ་ཧྲེས་བྱི་ཐང་ཀ་དང་གཟི། །དར་ཚོན་སྣ་ལྔ་རིན་ཅེན་ལྔ། །མཐུན་པའི་དམ་རྫས་ཚོགས་རྣམས་ཀུན། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ། །དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །བསྟན་འགྲོའི་བདེ་སྐྱིད་རྒྱས་པ་དང་། །བདག་སོགས་ནད་གདོན་ཀུན་ཞི་ཞིང་། །བསམས་དོན་ལྷུན་གྱིས་གྲུབ་པར་མཛོད།(༧༦བ)


GLG011_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་འདི་ནི་གཙུག་ན་ནོར་བུ་འཆང་བའི་ཀླུས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །བསྟན་སྲུང་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡི། །མཐའ་འཁོབ་ཡུལ་དུ་བླང་དོར་སྟོན་པའི་ཕྱིར། །དངོས་སུ་འགྲོ་ལ་བརླམས་པའི་སྐུའི་ཁོག་པ། །ཆོས་འཕེལ་བཟང་པོ་དེ་སྒོས་འབྲས་སྤུངས་སུ། །སོས་གདལ་སྡོད་ལ་བར་ཆད་མེད་པ་དང་། །མཐུན་རྐྱེན་སྒྲུབས་ཞེས་བདག་གིས་གཉེར་གཏད་ན། །པདྨ་འབྱུང་གནས་དམ་ཚིག་དྲན་པར་མཛོད། །ཅེས་པའང་ཆོས་འཕེལ་བཟང་པོའི་འདོད་པ་ལྟར་བཀོད། །ཕུན་ཚོགས་དགེ་མཚན་ཀུན་ཚང་ཡུལ་གྱི་དབུས། །དཔའ་བོ་མཁའ་འགྲོ་མ་ལུས་འདུ་བའི་གླིང་། །མི་འགྱུར་བདེ་ཆེན་བཤད་སྒྲུབ་ཆོས་འཁོར་རྒྱལ། །གནས་མཆོག་དམ་པའི་གནོད་སྦྱིན་ཕྱོགས་ཀྱི་སྒོར། །རབ་དཀར་ཡིད་འོང་གངས་རི་ལྷུན་ཆགས་པའི། །སྟོད་ན་ཆུ་འཛིན་གསར་པའི་ལང་ལོང་གཡོ། །སྨད་ན་གཡའ་དང་སྤང་ལྗོངས་མེ་ཏོག་བཀྲ། །རྩ་བར་ཉལ་འགྲོ་ལྷུང་ལྷུང་སྒོར་བཅས་འབབ། །མིག་དང་ཡིད་ལ་དགའ་བསྐྱེད་གནས་མཆོག་ཏུ། །རང་སྣང་རྫུ་འཕྲུལ་ལས་གྲུབ་གཞལ་མེད་ཁང་། །ཤེལ་དཀར་རྩིག་པ་བྱུ་རུའི་ཁ་བད་ཅན། །གཡུ་དང་གསེར་གྱི་རྒྱ་ཕུབས་ཏོག་བཅས་མཛེས། །ཨིནྡྲ་ནཱི་ལའི་སྒོ་འགྲམ་དངུལ་ཐེམ་ལ། །པདྨ་རཱ་གའི་སྒོ་འཕར་བཻཌཱུརྱའི། །ཕྲ་བཀོད་བྱ་འདབས་སྙན་པའི་དྲིལ་ཆུང་སིལ། །བཀོད་པས་ཁྱད་འཕགས་ཁང་བཟང་དམ་པའི་ནང་། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །རྟ་དཀར་རིན་ཅེན་སྒ་སྲབ་སྤྲས་པའི་སྟེང་། །གནོད་སྦྱིན་ཆེན་པོ་རྟ་རྒོད་ཤེལ་ལྕགས་ནི། །སྐུ་མདོག་ཟླ་བ་རྒྱས་པ་ལྟར་མཛེས་ལ། །ཞི་ཞིང་འཛུམ་ལ་ཅུང་ཟད་ཁྲོ་ཆགས་ཉམས། །དར་དཀར་ཐོད་བཅིངས་རྩེ་མོར་ནོར་བུས་མཚན། །ཁ་བའི་མདངས་འཛིན་ཕོད་ཀ་ལྷུབ་ལྷུབ་གསོལ། །སག་ལྷམ་སྔོ་ཁྲ་ཟ་འོག་ཡུ་བ་ཅན། །(༧༧ན)


GLG011_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཅེན་ལས་གྲུབ་དབུ་རྒྱན་སྙན་རྒྱན་དང་། །མགུལ་རྒྱན་སྐ་རགས་ཕྱག་གཉིས་གདུ་བུས་མཛེས། །གཡས་པ་རུ་མཚོན་དཀར་པོ་དར་ལྕེ་དམར། །མཆོང་དམར་ལས་གྲུབ་ཡུ་བ་ལྡེམ་པའི་རྩེར། །དགྲ་སྙིང་འབིགས་པའི་མདུང་སོ་རྣོན་པོ་བརྒྱུས། །གཡོན་པ་འདོད་པའི་རེ་བ་སྐོང་བ་ཡི། །བསམ་འཕེལ་ཡིད་བཞིན་ནོར་བུ་ཐུགས་ཀར་འཛིན། །འགྱིང་བག་གར་གྱིས་བཞུགས་པའི་འཁོར་ཚོགས་སུ། །གནོད་སྦྱིན་དམག་ཚོགས་རུ་དར་ལྷབས་སེ་ལྷབ། །མ་མོ་དགའ་བའི་གླུ་དབྱངས་ཙེར་རེ་རེ། །ཀླུ་རྣམས་རིན་ཅེན་ཆར་པ་ཆིལ་ལི་ལི། །ལྷ་རྣམས་དགའ་བའི་བྲོ་གར་ཤིགས་སེ་ཤིག །བཙན་རྒོད་དམག་ཚོགས་རྟ་རྒྱུས་ཤར་ར་ར། །རྒྱལ་པོ་དགྲ་བཅོམ་ཚུལ་འཛིན་ལིངས་སེ་ལིང་། །དམུ་རྣམས་ཁྲོས་པའི་མཆེ་བ་གཙིགས་སེ་གཙིག །བདུད་དམག་ཆོས་པའི་དཔུང་ཚོགས་འུར་རུ་རུ། །དེ་ལྟར་མཐའ་ཡས་འཕྲིན་ལས་ཀུན་སྒྲུབ་པའི། །སྒྱུ་འཕྲུལ་ཡིད་ཀྱི་རིན་ཅེན་རྩིག་ངོས་ལ། །ཀུན་རྟོག་པིར་གྱིས་བྲིས་པའི་ཟློས་གར་མཁན། །དཔལ་ལྡན་ཆོས་སྐྱོང་ཆེན་པོ་འཁོར་བཅས་རྣམས། །སློབ་དཔོན་པདྨ་སྲོང་བཙན་སྒམ་པོ་དང་། །དབྱངས་ཅན་བཞད་པའི་རྡོ་རྗེ་ལ་སོགས་པའི། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །གནས་འདིར་ཐོགས་པ་མེད་པར་ད་ཚུར་སྤྱོན། །ཏིང་འཛིན་ཉི་མའི་འོད་ཀྱིས་ལེགས་བསྐྱངས་པའི། །ཕོ་བྲང་ཨུཏྤལ་འདབ་མ་རྒྱས་པའི་ནང་། །གདན་གསུམ་བརྩེགས་པའི་ཟེའུ་འབྲུ་གཡོ་བའི་སྟེང་། །མི་གཡོ་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ། །གནོད་སྦྱིན་ཁྱོད་ལ་མཐུན་པའི་དམ་རྫས་ནི། །ཁང་བརྩེགས་བཤོས་བུ་བདུད་རྩིའི་བཏུང་བ་དང་། །རྣམ་བཀྲ་མེ་ཏོག་ཙནྡྲན་བསྲེགས་པའི་སྤོས། །སྣང་གསལ་སྒྲོན་མེ་དྲི་བཟང་འཁྲུག་པའི་ཆབ། །(༧༧བ)


GLG011_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རོ་བརྒྱའི་ཟས་དང་སྙན་པའི་རོལ་མོའི་སྒྲ། །རྟ་དཀར་རིན་ཅེན་རྒྱན་མཛེས་གཡག་རྒོད་དང་། །ལུག་དང་བྱ་ཁྱི་ཅེ་སྤྱང་སྟག་གཟིག་དོམ། །འཕན་གདུགས་རྒྱལ་མཚན་བླ་བྲེེ་གོ་མཚོན་དང་། །ཕོད་ཀ་དར་ཐོད་རུ་མཚོན་ཡིད་བཞིན་ནོར། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཅེན་བདུན། །གླིང་བཞི་གླིང་ཕྲན་རི་རབ་ཉི་ཟླར་བཅས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་རབ་ཏུ་འབུལ། །སྣ་ཚོགས་གྲངས་མེད་སྤྲུལ་པས་དགྲ་སྡེ་རྣམས། །ཚར་གཅོད་རྣལ་འབྱོར་བུ་བཞིན་སྐྱོང་མཛད་ཀྱང་། །ཞི་བའི་སྐུ་ཡིས་དོན་ཀུན་སྒྲུབ་མཛད་པའི། །དཔལ་ལྡན་གནོད་སྦྱིན་ཆེན་པོ་ཁྱོད་ལ་བསྟོད། །འཇིགས་རུང་གསུང་གི་ང་རོ་དྲག་པོ་ཡིས། །ནག་ཕྱོགས་བདུད་སྡེ་ཕ་མཐར་ཉེར་སྐྲད་ཀྱང་། །དམ་ལྡན་རྣ་བར་གསུང་གི་དབྱངས་སྙན་པོ། །སྒྲོག་མཛད་དགྲ་ལྷའི་དབང་པོ་ཁྱོད་ལ་བསྟོད། །མཁའ་ལྟར་དག་པ་བདེ་ཆེན་དབྱིངས་ཉིད་དུ། །སྤྲོས་ཀུན་ཉེར་ཞིའི་ངང་ལས་གཡོ་མེད་ཀྱང་། །འཕྲིན་ལས་སོ་སོར་འཇུག་པའི་ཟབ་ཡངས་ཐུགས། །མཁྱེན་བརྩེ་ནུས་པར་ལྡན་པ་ཁྱེད་ལ་བསྟོད། །གནོད་སྦྱིན་རྟ་རྒོད་ཤེལ་ལྕགས་འཁོར་བཅས་ཀྱིས། །རྒྱལ་བའི་བསྟན་སྲུངས་བླ་མའི་སྐུ་ཚེ་སྤེལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ཀྱི། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་མ་ལུས་སྒྲུབས། །ཐུབ་བསྟན་རྩ་ལག་གནས་མཆོག་ཆོས་འཁོར་རྒྱལ། །འཇོམས་པའི་གནོད་བྱེད་དགྲ་བགེགས་ཚར་ཆོད་ལ། །ཆོས་དང་སྲིད་ཀྱི་བྱ་བ་མ་ལུས་པ། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་དང་། །འདོད་འཇོའི་བ་དང་གཏེར་གྱི་བུམ་པ་བཞིན། །དངོས་གྲུབ་འདོད་དགུའི་ཆར་ཆེན་འབེབས་མཛད་པའི། །བསྟན་སྲུང་གནོད་སྦྱིན་ཆེན་པོའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་རྒྱལ་(༧༨ན)


GLG011_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་པ་དབོན་དར་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །རྒྱལ་ཀུན་མཁྱེན་བརྩེའི་གཏེར་གྱུར་འཇམ་དཔལ་དབྱངས། །དུས་དགྲའི་དབང་པོ་བཅོམ་ལྡན་གཤིན་རྗེའི་གཤེད། །དཔལ་ལྡན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །ཐུབ་བསྟན་བསྲུང་ཕྱིར་མིག་སྨན་བརྩེགས་པའི་རི། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་གཟི་འོད་ལ། །བསྐལ་པའི་མེ་དཔུང་གོས་སུ་ཉེར་གྱོན་པ། །མཐོང་བས་དགྲ་བོའི་སྲོག་འཕྲོག་སྲིན་མོའི་གཟུགས། །ཁྲག་ཞག་རྦ་ཀློང་དྲག་ཏུ་འཁྲུག་པའི་སྟེང་། །རླུང་ནག་འཚུབ་མར་འཁྱིལ་བའི་གུར་གྱི་ནང་། །རྐྱང་སེར་དྲེའུའི་སྟེང་ན་འགྱིང་མཛད་པའི། །འདོད་པ་ཁམས་ཀྱི་དབང་ཕྱུག་དམག་ཟོར་མར། །རབ་དཀར་དགེ་ལེགས་མ་ལུས་འབྱུང་བའི་གནས། །དཔལ་ལྡན་ཕུན་ཚོགས་དམ་པའི་ཆོས་ཀྱི་གླིང་། །དགོན་གནས་དེ་འཛིན་དགེ་འདུན་སྦྱིན་བདག་ཀུན། །སྲིད་གསུམ་བདག་མོ་ཁྱོད་ལ་གཉེར་གཏོད་ན། །རྡོ་རྗེ་འཆང་དབང་སངས་རྒྱས་གསང་བའི་ཞལ། །ལྕེ་སྟོན་འབྱུང་གནས་གནུབས་བན་རྒྱལ་བའི་མཚན། །ཞང་རིགས་ཤེས་རབ་དགེ་འདུན་བཟང་པོ་དང་། །སྔགས་འཆང་འོད་ཆེན་དེ་སྲས་རྡོ་རྗེ་རྩེ། །ཞང་སྟོན་ཉི་འོད་རིན་ཅེན་རྣམ་རྒྱལ་དང་། །བསམ་གླིང་སངས་རྒྱས་འཇམ་དབྱངས་འཁོན་རིགས་རྗེ། །རིན་ཅེན་མགོན་པོ་ཉི་མ་བཤེས་གཉེན་དང་། །ནམ་མཁའ་རྡོ་རྗེ་འཇམ་དབྱངས་དཀར་པོའི་ཞབས། །རིན་ཅེན་ཆོས་བཟང་པཎ་ཆེན་དགེ་འདུན་གྲུབ། །ཀུན་དགའ་རྒྱལ་མཚན་དགེ་འདུན་རྒྱ་མཚོའི་དཔལ། །བསོད་ནམས་གྲགས་པ་རྗེ་བཙུན་བཞད་པའི་མཚན། །གཉོས་རིགས་ལྷ་བཙུན་མཁས་གྲུབ་སྣང་མཛད་རྗེ། །ཤྲཱི་བྷཱུ་ཏི་བློ་བཟང་རྒྱ་མཚོ་སོགས། །རྩ་བརྒྱུད་བླ་མའི་བཀའ་(༧༨བ)


GLG011_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ་དམ་ཚིག་རྣམས། །སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏཱི། །འཁོར་དང་བཅས་པས་དེང་འདིར་རབ་དགོངས་ལ། །སྡེ་འདིར་རྣམ་པར་དག་པའི་ཚུལ་ཁྲིམས་གཙང་། །རྒྱ་ཆེན་མང་དུ་ཐོས་པ་ལྷུར་ལེན་ཞིང་། །དེ་དོན་བསམ་དང་སྒོམ་པས་ཉམས་ལེན་པའི། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་འཕེལ་བར་མཛོད། །གཙུག་ལག་ཁང་བཟང་སྐུ་གསུང་ཐུགས་ཀྱི་རྟེན། །ཀུན་དགའ་ར་བ་གནས་མལ་ཁང་བུ་དང་། །དགེ་འདུན་འདུ་བའི་རྫས་སོཊ་མཐུན་པའི་རྐྱེན། །བྱ་བ་ལས་ཀྱི་འཁོར་ལོ་རྒྱས་པར་མཛོད། །དངོས་དང་བརྒྱུད་པའི་སྒོ་ནས་ངན་སེམས་འཆང་། །ཉེ་བར་འཚེ་བའི་དགྲ་བགེགས་བདུད་དཔུང་ཆོམས། །བསྟན་དང་བསྟན་འཛིན་འདུས་སྡེ་སྦྱིན་པའི་བདག །མ་ལུས་བསྲུང་ཞིང་སྐྱོབ་པའི་འཕྲིན་ལས་མཛོད། །ཉི་ཟླའི་འོད་ཀྱིས་ནོར་འཛིན་པདྨོའི་བཞིན། །མངོན་པར་གསལ་བ་དེ་སྲིད་འདུས་སྡེ་འདི། །རབ་བརྟན་རྒྱལ་དབང་བློ་བཟང་གྲགས་པ་ཡི། །དྲི་མེད་རིང་ལུགས་དར་བའི་འཕྲིན་ལས་མཛོད། །འདོད་ཁམས་དབང་ཕྱུག་མཐུ་སྟོབས་ཡིད་བཞིན་ནོར། །མི་མཐུན་དབུལ་ཕོངས་རྒུད་པ་དྲུངས་ཕྱུང་ནས། །མི་འཛད་ཕན་བདེའི་འདོད་དགུར་ལོངས་སྤྱོད་པའི། །ཕུན་ཚོགས་བཀྲ་ཤིས་དགའ་སྟོན་རྒྱས་གྱུར་ཅིག །ཅེས་ནང་ཕྱོགས་གསེར་གཞོང་གི་དགའ་ལྡན་དམ་ཆོས་གླིང་གི་འདུས་སྡེ་རྒྱལ་བ་ཀུན་ཡུམ་དཔལ་ལྡན་འདོད་ཁམས་ཀྱི་དབང་ཕྱུག་མར་གཉེར་དུ་གཏད་པའི་ཚིགས་སུ་བཅད་པ་ཞིག་དགོས་ཞེས་ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཆོས་རྗེ་དོན་གྲུབ་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོའོ། །རིགས་ཀུན་ཁྱབ་བདག་དཔལ་ལྡན་ཀུན་ཏུ་བཟང་། །(༧༩ན)


GLG011_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སློབ་དཔོན་གར་མཁན་པདྨ་འབྱུང་། །རིས་མེད་འགྲོ་ལ་ཕན་བདེའི་བྱེད་པོ་མཆོག །བྱང་ཆུབ་བར་དུ་སྙིང་གི་པད་མཚོར་རོལ། །གང་དེའི་བཀའ་ཉན་སྲིད་གསུམ་དྲེགས་པའི་གཙོ། །ལྷ་གཉེན་ཆེན་པོ་སྨ་ཆེན་སྤོམ་ར་ལ། །དགྱེས་བསྐྱེད་གསོལ་མཆོད་འཕྲིན་ལས་རིམ་པ་དག །ཁུངས་ལྡན་མཁས་པའི་ཕྱག་བཞེས་བཞིན་དུ་འདྲི། །དེའང་སྤྱན་གཟིགས་རྟེན་དང་མཐུན་རྫས་མཆོད་གཏོར་གསེར་སྐྱེམས་རྣམས་ཕྱག་ལེན་ལྟར་བཤམས། །རང་ཉིད་རིགས་འཛིན་བླ་མའི་དཀྱིལ་འཁོར་རམ་དཔལ་ཆེན་པོ་སོགས་ཡི་དམ་གང་རུང་གི་ང་རྒྱལ་དང་ལྡན་པས་མཆོད་རྫས་རྣམས་ལ་དམིགས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུྃ་ལན་གསུམ་གྱིས་མ་དག་པ་རྣམས་བསངས། ཨཱོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཕྱི་ནང་གསང་བའི་མཆོད་རྫས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་བྷྲུཾ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་གཏོར་རྣམས་བདུད་རྩིའི་རྒྱ་མཚོས་ལྷ་གཉེན་འཁོར་བཅས་ཀྱི་དབང་པོ་རྣམས་ཚིམ་པར་བྱེད་པའི་ནུས་པ་དང་ལྡན་པ། ཕྱི་ནང་གསང་བའི་རྟེན་རྫས་སྤྱན་གཟིགས་རྣམས་མཛེས་ཤིང་བརྗིད་ལྡན་ཡིད་དུ་འོང་བ། ས་གཞི་བར་སྣང་གི་ཁྱོན་ཐམས་ཅད་ཡོངས་སུ་གང་བའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། བསསྭཱཽ། ཨོཾ་མུ་ཡེ་གླང་ཆེན་པི་ཏ་ཉེ་རི་འབའ་ར་ཏྲཾ། བསྭཱཽ། ཨོཾ་མུ་ཁྱུད་ཀྲག་པ་ཏི་ཉེ་རིང་ཏྲཾ། བསྭཱཽ། ཨོཾ་མུ་ཡེ་ཤེ་ཐུན། པི་ཏ་ཉེ་རི་འབར་ཏྲཾ། ཏ་བྲུཾ་ཛུ་དཔུང་འདུ། སུ་པ་ལི་སྭཱ་ཧཱ། ཨ་ཡད་རཾ། ཡཾ། མཾ་ཁཾ། བྲུ་རི་རི། གར་མ་ལ་ཧོ། བྲུམ་འདུས། ཞེས་ཉེར་གཅིག་གམ་བདུན་བཟླས། བསངས་དུད་ཆེར་(༧༩བ)


GLG011_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། རྔ་གཤང་སོགས་རོལ་མོ་དཀྲོལ་ཞིང་། གཡུ་འབྲུག་གི་ངར་སྐད་ཀྱི་དབྱངས་དང་བཅས། བསྭཱཽ། རྩེ་མོ་རབ་དཀར་གངས་རི་བརྗིད་ཆགས་པ། །ཤེལ་དཀར་བརྩེགས་པའི་ལྷུན་པོའི་རྗེས་འགྲོ་ཞིང་། །རྐེད་པ་གཡུ་ཡི་གཡའ་ཆུང་བསིལ་མས་མཛེས། །རྩ་བར་སྤང་ལྗོངས་མེ་ཏོག་སྨན་ཤིང་ཚལ། །ལྷུང་ལྷུང་སྒྲ་ལྡན་ཆུ་བོ་གྲངས་མེད་འབབ། །གངས་ཕྲན་སུམ་བརྒྱ་དྲུག་ཅུས་ཕྱོཊ་ཀུན་བསྐོར། །མཐོང་བས་ཡིད་ལ་ཀུན་དགའི་དཔལ་སྟེར་བའི། །ཕྱི་ལྟས་ས་འཛིན་དབང་པོའི་རྣམ་པ་ལ། །ནང་དུ་རིན་ཅེན་སྣ་ཚོགས་ལས་གྲུབ་པའི། །བང་རིམ་དགུ་དང་ལྡན་པའི་ཕོ་བྲང་ཆེ། །གསེར་དང་གཡུ་ཡི་རྒྱ་ཕུབས་མཁའ་ལ་སྙེག །ཁོར་ཡུག་ལྕགས་རི་ཉིས་རིམ་ལྕོག་དང་བཅས། །ཀུན་ཀྱང་ནོར་བུའི་དྲ་བ་དྲ་ཕྱེད་དང་། །དར་ཟབ་ལས་གྲུབ་རྒྱལ་མཚན་བ་དན་སོགས། །སྣ་ཚོགས་བཀོད་པས་མཛེས་པའི་ངོ་མཚར་གྱིས། །རྣམ་པར་རྒྱལ་བའི་ཁང་བཟང་དག་ལ་འཁུ། ཁྲོས་པའི་དཔའ་བོ་གཡུལ་ངོར་ཆས་འདྲ་བའི། །ལྷ་སྲིན་དྲེགས་པའི་ཚོགས་ཀྱི་དམག་གི་དཔུང་། །སྲ་བའི་གོ་དང་རྣོ་བའི་མཚོན་ཐོགས་པས། །ཡོངས་བསྐོར་ལངྐའི་བདག་པོའི་བྱིན་ཤ་འདར། །མཛེས་བརྗིད་རྔམས་པའི་གཞལ་མེད་ཁང་བཟང་ནས། །དགྲ་ལྷའི་རྒྱལ་པོ་ལྷ་གཉེན་ཀུན་གྱི་གཙོ། །མཐུ་སྟོབས་དབང་ཕྱུག་སྨ་ཆེན་སྤོམ་ར་ཁྱོད། །ཐོགས་མེད་རྫུ་འཕྲུལ་སྟོབས་ཀྱིས་གནས་འདིར་གཤེགས། །བདེ་བའི་ཉམས་སྟེར་དགྱེས་པ་སྐྱེད་བྱེད་པའི། །གསང་བའི་ཡུམ་ཆེན་དགུང་སྨན་ལྷ་རི་དང་། །དཔའ་བའི་སྲས་དགུ་མཛངས་མའི་སྲས་མོ་དགུ། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། །འཛུམ་ཆེན་ལྡོམ་ཁྲོམ་དབྱི་ཆེན་རབ་སྡེ་དང་། །འབྲི་ཆེན་ལྡང་དངུལ་ལྷ་ཆེན་ཐང་ལྷ་དེ། །ཕྱོགས་བཞི་གཉེན་ཆེན་སྡེ་བཞི་འཁོར་བཅས་རྣམས། །ཐོགས་པ་མེད་པར་གནས་(༨༠ན)


GLG011_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་༝། །སུམ་བརྒྱ་དྲུག་ཅུའི་གངས་ཀྱི་རི་ཕྲན་ནས། །མདའ་མདུང་འཛིན་པའི་དཔའ་བོའི་ཚོཊ་རྣམས་དང་། །འཆི་མེད་བུ་མོའི་ཁེངས་འཕྲོག་ལྷ་སྨན་སོགས། །མ་ལུས་འཁོར་བཅས་གནས་འདིར་༝། །ཀུ །བསྭཱཽ། ཆའོ། ལྷ་རྒྱལ་ལོ། །མདུན་དུ་ཏིང་འཛིན་གྱིས་སྤྲུལ་གཞལ་མེད་ཁང་། །གསེར་གྱི་ཁྲི་སོགས་སྣ་ཚོགས་གདན་སྟེང་དུ། །དགྲ་ལྷའི་རྒྱལ་པོ་འཁོར་བཅས་རབ་བཞུགས་ལ། །མཐུན་རྫས་མཆོད་པ་འབུལ་གྱི་བཞེས་སུ་གསོལ། །རོ་བརྒྱའི་དཔལ་དང་ལྡན་པའི་ཞལ་ཟས་དང་། །དྲི་ཞིམ་ངད་ལྡན་བཏུང་བ་མཚོ་ལྟར་འཁྱིལ། །སྨན་སྤོས་ཤིང་སྣའི་དུད་པ་སྤྲིན་ལྟར་གཏིབས། །ལྷ་མཆོག་འཁོར་བཅས་དགྱེས་པ་བསྐྱེད་ཕྱིར་འབུལ། །རྔ་གཤང་དུང་གླིང་རོལ་མོ་འབྲུག་ལྟར་སྒྲག །བདུད་རྩིའི་གཏོར་མ་རི་རབ་ལྟ་བུར་སྤུངས། །གསེར་གྱི་ཞལ་སྐྱེམས་ཆུ་བོའི་རྒྱུན་ལྟར་སྦྲེང་། །ལྷ་མཆོག་འཁོར་བཅས་མཐུན་པའི་རྫས་སུ་འབུལ། ཁྲབ་རྨོག་མདུང་ཐུང་རལ་གྲི་དགྲ་སྟ་དང་། །མདའ་དང་སྟག་གཟིག་གུང་གསུམ་པགས་པའི་ཚོགས། །ཅང་ཤེས་རྟ་དང་འབྲོང་གཡག་ཞོལ་ཆེན་ལུག །ལྷ་མཆོག་འཁོར་བཅས་དགྱེས་པའི་རྟེན་དུ་འཛུགས། །ཟ་འོག་བེར་ཆེན་ནོར་བུ་ཤིང་འཕྲེང་དང་། །བདུད་རྩིའི་བུམ་པ་མེ་ལོང་རྒྱལ་སྲིད་བདུན། །གླིང་བཞི་རི་རབ་ཉི་མ་ཟླ་བ་ཟུང་། །ལྷ་མཆོག་འཁོར་བཅས་མཆོད་པའི་རྟེན་དུ་འབུལ། །ས་གཞི་བར་སྣང་ཡོངས་གང་མཆོད་པ་འདི། །སྔར་བཅོལ་གྲུབ་པའི་གཏང་རག་ཆེད་དུ་འབུལ། །ད་ལྟ་བསྲུང་སྐྱོབ་མཛད་པའི་བསྐུལ་མར་འབུལ། །སླད་ནས་འཕྲིན་ལས་སྒྲུབ་པའི་རྟེན་དུ་འབུལ། །དཔལ་ལྡན་ལྷ་མཆོག་སྨ་ཆེན་སྤོམ་ར་ཁྱོད། །རྒྱལ་བ་ཀུན་དངོས་པདྨ་འབྱུང་གནས་དང་། །རླངས་སྟོན་ཨ་མི་བྱང་ཆུབ་འདྲེ་བཀོལ་(༨༠བ)


GLG011_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །སྤྱན་སྔར་ཁས་བླངས་དམ་བཅའ་ཉེར་དགོངས་ལ། །བསྟན་དང་བསྟན་འཛིན་དགེ་འདུན་སྡེ་རྣམས་སྲུངས། །ནག་པོ་དགྲ་དང་བགེགས་ཀྱི་དཔུང་ཚོགས་ཆོམས། །ཆེན་པོ་བོད་ཀྱི་རྒྱལ་ཁམས་མདོ་སྨད་ཀྱི། །མི་ནོར་ཕྱུགས་གསུམ་ཐམས་ཅད་བུ་བཞིན་སྐྱོངས། ཁྱད་པར་བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ནད་གདོན་བར་ཆད་ཆག་སྒོ་ཉམ་ང་བཟློག །ཚེ་དཔལ་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྤེལ། །བསམས་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཀུ །བསྭཱཽ། ཆའོ། །ལྷ་རྒྱལ་ལོ། །བསྭཱཽ། །སྐུ་མདོག་རབ་དཀར་ཁྲོ་ཆགས་སྒེག་པའི་ཉམས། །ཕྱག་གཡས་ཡིད་བཞིན་ནོར་བུ་བསམ་འཕེལ་བསྣམས། །གཡོན་པ་ཤེལ་དཀར་འཕྲེང་བ་བརྒྱ་རྩ་འདྲེན། །དངོས་གྲུབ་ཆར་འབེབས་ཁྱོད་ལ་བདག་བསྟོད་དོ། །དབུ་ལ་རིན་ཅེན་པྲོག་ཞུ་མཛེས་པར་གསོལ། །ལྷབ་ལྷུབ་ཟ་འོག་བེར་གྱི་ན་བཟའ་ཅན། །ཞབས་གཉིས་གསེར་གྱི་ཁྲི་ལ་འགྱིང་ཞིང་བཞུགས། །དཔལ་ལྡན་དགྲ་ལྷའི་དབང་པོ་ཁྱོད་ལ་བསྟོད། །ཡིད་འཕྲོག་སྒེག་མོ་མཛེས་པའི་ཆས་ཀྱིས་བརྒྱན། །གཡས་པ་འཆི་མེད་ཚེ་ཡི་བུམ་པ་དང་། །གཡོན་པ་སྣང་སྲིད་གསལ་བའི་མེ་ལོང་འཛིན། །གསང་བའི་ཡུམ་ཆེན་དགུང་སྨན་ལྷ་རིར་བསྟོད། །ལྷ་ཡིས་སྲས་དང་སྲས་མོ་བཅོ་བརྒྱད་དང་། །གཉན་ཆེན་སྡེ་བཞི་ལྷ་འཁོར་སྨན་འཁོར་གྱི། །སུམ་བརྒྱ་དྲུག་ཅུར་བཅས་པའི་བཀའ་སྡོད་སོགས། །ཕོ་ཉ་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །ཀུ། བསྭཱཽ། །ཆའོ། །ལྷ་རྒྱལ་ལོ། །བསྭཱཽ། །རྟ་མཆོག་གྲོ་ཞུར་གསེར་གྱི་སྒ་སྤྲས་པ། །གཡུ་ཡི་གོང་རྨེད་གསེར་སྲབ་གཡུ་མཐུར་བཅས། །ཉི་ཟླའི་སྤུ་ལེན་རིན་ཅེན་རྒྱན་སྤྲས་པར། །ཞོན་ནས་སྟོང་གསུམ་མྱུལ་བའི་ལྷ་ཆེན་པོ། །སྐུ་ལ་གསེར་ཁྲབ་དབུ་ལ་བསེ་རྨོག་གསོལ། །གཡས་པ་མདུང་རིང་གཡོན་པ་ཞགས་པ་འཛིན། །རྐེད་ལ་གནམ་ལྕགས་ཐོག་མདའི་སྟག་དོང་དང་། །མཆོག་(༨༡ན)


GLG011_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སྲ་བའི་གཞུ་ལྡན་གཟིག་ཤུབས་བཅིངས། །དྲག་རྩལ་མཐུ་ལྡན་སྨ་ཆེན་སྤོམ་ར་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །ཆིབས་སུ་གསེར་གྱི་ཤ་བ་ཡུ་མོ་བཅིབས། །མཛེས་པའི་རྒྱན་ལྡན་གཡུ་ཡི་ལན་ཚར་འཕྱང་། །ཚེ་བུམ་མེ་ལོང་འཛིན་པའི་དགུང་སྨན་ལ། །གསོལ་ལོ་༝། །སྟག་ཤར་དཔའ་བོའི་ཆས་ལྡན་མཚོན་ཆ་འཛིན། །རླུང་གི་ཤུགས་ལྡན་རྟ་མཆོག་ལ་བཅིབས་པ། །ལྷ་ཆེན་ཤུགས་ཀྱི་སྲས་པོ་མཆེད་དགུ་ལ། །གསོལ་ལོ་༝། །གཡུ་བྱ་ཁུ་བྱུག་དུང་བྱ་ཁྲུང་ཁྲུང་བཅིབས། །བུམ་པ་མེ་ལོང་ཚེ་འགུགས་མདའ་དར་བསྣམས། །དགྲ་ལྷའི་སྲས་མོ་ལྷ་སྨན་མཆེད་༝། །གསོལ་ལོ་༝། །འཛུམ་ཆེན་ལྡོམ་ཁྲོམ་མཁའ་ལྡིང་ཁྱུང་ལ་བཅིབས། །ཕྱག་ན་གནམ་ལྕགས་ཐོག་གི་མདའ་གཞུ་བསྣམས། །དབྱི་ཆེན་རབ་སྡེ་རྒྱ་སྟག་རི་ཁྲ་བཅིབས། །ཕྱག་ན་སྟག་གི་པགས་པའི་རྒྱལ་མཚན་འཛིན། །འབྲི་ཆེན་མདོང་དངུལ་གར་ཤོག་འབྲོང་ལ་བཅིབས། །ཕྱག་ན་གནམ་ལྕགས་འབར་བའི་རལ་གྲི་འཛིན། །གཉན་ཆེན་ཐང་ལྷ་གཡུ་འབྲུག་སྔོན་མོ་བཅིབས། །ཕྱག་ན་མདུང་རིང་དར་གྱི་བ་དན་འཛིན། །ཕྱོགས་བཞི་སྐྱོང་བའི་གཉན་ཆེན་སྡེ་བཞི་ལ། །གསོལ་ལོ༝། །གཡས་ཀྱིས་མདའ་འཛིན་གཡོན་གྱིས་མདུང་འཛིན་ཞིང་། །རྟ་མཆོག་ལ་ཞོན་སྲ་བའི་གོ་ཆ་གྱོན། །དུང་ཁྲ་ཀླད་ལྡིང་སྟག་དམར་རོལ་དུ་ཁྲིད། །འདབ་ཆགས་གཅན་གཟན་རི་དྭགས་རྗེས་སུ་འབྲང་། །སྨ་རིགས་སུམ་བརྒྱ་དྲུག་ཅུའི་ཚོགས་རྣམས་དང་། །སྨན་མོ་ཡིད་འོང་སུམ་བརྒྱ་དྲུག་ཅུ་སོགས། །བཀའ་ཉན་འཁོར་དང་བཅས་པའི་ཚོགས་རྣམས་ལ། །གསོལ་ལོ་༝། །ལྷ་མཆོག་སྨ་ཆེན་སྤོམ་ར་འཁོར་བཅས་རྣམས། །བསྟེན་པའི་ཚེ་ན་ལྷ་གཉན་རྒྱང་མ་རིང་། །བོས་པའི་ཚེ་ན་སྲུང་མ་སྙན་མ་སྲ། །གཡབས་པའི་ཚེ་ན་དམ་ཅན་སྤྱན་མ་རྟུལ། །རྦད་པའི་ཚེ་ན་དགྲ་ལྷ་མཐུ་མ་ཆུང་། །ལུས་དང་གྲིབ་མ་བཞིན་དུ་ཁྱེད་འགྲོགས་ལ། །ཉིན་གྱི་བྱ་ར་མཚན་གྱི་(༨༡བ)


GLG011_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མེལ་ཚེ་མཛོད། །ཡོ་སྲོངས་འགྱེལ་སློང་ཆད་འཐུད་བརྗེད་པ་བསྐུལ། །ལེགས་པ་བརྒྱ་སྤྲོད་ཉེས་པ་སྟོང་དང་བསྣོལ། །གཞི་ལམ་བྱེས་གསུམ་ཀུན་ཏུ་མཐུན་རྐྱེན་སྒྲུབས། །མི་ནོར་རིགས་བརྒྱུད་ཟས་ནོར་ལོངས་སྤྱོད་སྤེལ། །འཁོར་འབངས་ཆབ་སྲིད་མངའ་ཐང་རྒྱས་པར་མཛོད། །མདོར་ན་བདག་གི་ཆོས་དང་སྲིད་ཀྱི་དོན། །ཕུན་ཚོགས་སྡེ་བཞིའི་ཡོན་ཏན་མ་ལུས་པ། །ཡར་ངོའི་ཟླ་བ་བཞིན་དུ་རབ་འཕེལ་ནས། །བཀྲ་ཤིས་དཔལ་གྱིས་དུས་ཀུན་ཁྱབ་གྱུར་ཅིག །ཀུ །བསྭཱཽ། །ཆའོ། །ལྷ་རྒྱལ་ལོ། །ཞེས་གཏོར་མ་དང་ཆང་ཕུད་འབུལ་ལོ། །དེ་ལྟར་ལྷ་ཆེན་སྤོམ་ར་ཡི། །གསོལ་མཆོད་འཕྲིན་ལས་ཉུང་ངུ་འདི། །སྐལ་ལྡན་རྨ་བྱའི་དགའ་སྟོན་དུ། །སྙན་འགྱུར་དབྱར་གྱི་རྔ་གསང་ལྡིར། །སྨ་ཆེན་སྤོམ་རའི་གསོལ་མཆོད་འདོད་པའི་རེ་སྐོང་འདི་ནི་མཆོག་ཏུ་ཡངས་པའི་བློ་གྲོས་དང་ལྡན་པ་དཀའ་བཅུ་ཤེས་རབ་རྒྱ་མཚོས་བསྐུལ་བའི་ངོར་ལུགས་གཉིས་ཀྱི་འདུན་ས་ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེའི་ལྷ་བཅས་སྐྱེ་རྒུའི་གཙུག་རྒྱན་གོང་མ་ཆེན་པོའི་ཕྱག་ལེན་གྱི་ཡི་གེ་རྙིང་པ་ལས་བསྡུས་ཏེ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་ལྷ་ཆེན་པོ་ཉིད་ཀྱི་ཕོ་བྲང་དང་ཉེ་བའི་སའི་ཆ་རང་བྱུང་ཁྲུས་ཀྱི་རྫིང་བུའི་འགྲམ་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །རིགས་ཀུན་ཁྱབ་བདག་པད་མ་འབྱུང་གནས་ཞེས། །སྣང་སྲིད་ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་ལ། །གུས་པས་བཏུད་ནས་སྤྲུལ་པའི་ཆོས་རྒྱལ་གྱི། །དགྱེས་བྱེད་འཕྲིན་ལས་རིམ་པ་ཅུང་ཟད་འབྲི། །སྐྱབས་སེམས་ནི། ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་འཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་དམ་བཅའོ༔ ལན་གསུམ་བརྗོད། ཚོགས་ཞིང་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེཊ༔ ཉི་ཟླ་པད་མའི་གདན་ལ་བཞུགས༔ ལུས་ངག་ཡིད་(༨༢ན)


GLG011_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ སེམས་ཅན་དོན་དུ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ མཚམས་གཅོད་ནི། ད་ནི་ཡེ་ནས་རང་གིས་ཁྲ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཕཊ༔ བྱིན་འབེབས་ནི། རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །ཐུགས་དམ་དབྱིངས་ནས་བསྐུལ་ལོ་བཞེངས། །གནས་མཆོག་འདི་རུ་བྱིན་ཆེན་ཕོབ། །བདག་ལ་དབང་བསྐུར་སྩལ་དུ་གསོལ། །སྨན་རཀ་གཏོར་གསུམ་བྱིན་གྱིས་བརླབས་པ་ནི། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིཾ་ཏ་ཏེ་ཛོ་བྷ་ལིཾ་ཏ་བ་ལ་བ་ཏེ་ག་ཀུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ། གསུམ་མམ་བདུན་བརྗོད། དངོས་གཞི་ནི། ཀ་དག་ངང་ལས་སྙིང་རྗེའི་གདངས། །རང་རིག་རྡོ་རྗེ་ཧྲཱིཿཡིག་ལས། །བྷྲུཾ་འཕྲོས་གྲུ་བཞི་སྒོ་བཞི་པའི། །མཚན་ཉིད་ཀུན་རྫོགས་གཞལ་ཡས་ཁང་། །དབུས་སུ་པད་ཉི་བདུད་བཞིའི་སྟེང་། །རང་ཉིད་ཧྲཱིཿལས་རྟ་མགྲིན་དམར། །གྲི་གུག་ཐོད་འཛིན་ཡུམ་ལ་འཁྱུད། །དུར་ཁྲོད་ཆས་བརྒྱན་སྤྱི་གཙུག་ཏུ། །པདྨ་ཉི་ཟླ་བརྩེགས་པའི་སྟེང་། །པདྨ་འབྱུང་གནས་སྐུ་མདོག་དཀར། །ཕྱག་གཉིས་རྡོ་རྗེ་བྷན་དྷ་འཛྀན། །གསང་གོས་མཐིང་ནག་ཆོས་གོས་དམར། །ཟབ་བེར་ཁྲོ་བོ་གཡང་ལུགས་གསོལ། །པད་ཞྭ་སྒྲོ་དར་མེ་ལོང་ཅན། །དེ་ཉིད་གནས་འགྱུར་རྡོ་རྗེ་འཆང་། །མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན། །པང་དུ་མཚོ་རྒྱལ་སྐུ་མདོག་དཀར། །གྲི་ཐོད་འཛིན་པས་མགུལ་ནས་འཁྱུད། །གཉིས་ཀ་རིན་ཅེན་རུས་པས་བརྒྱན། །འདབ་བཞིར་ཐོད་འཕྲེང་རིགས་བཞི་པོ། །རང་རྟགས་ཕྱག་མཚན་གོས་ཀྱིས་བརྒྱན། །པདྨའི་འདབ་མ་བརྒྱད་པོ་ལ། །པད་འབྱུང་པདྨ་སཾ་བྷཱ་ཝ། །(༨༢བ)


GLG011_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལྡན་མཆོག་སྲེད་པདྨ་རྒྱལ། །ཉི་མ་འོད་ཟེར་ཤཱཀྱ་སེང་། །སེང་གེ་སྒྲ་སྒྲོག་གྲོ་བོ་ལོད། །མཚན་བརྒྱད་སྤྲུལ་པའི་རྣམ་པར་རོལ། །ཕྱི་རིམ་མཁའ་འགྲོ་ཤུགས་འགྲོ་དང་། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། །གོ་མཚམས་མེད་པར་གང་བར་གྱུར། །ཧཱུྃ་ཨོཾ་སྭ་ཨོ་ཧ་གུ་རུ་དྷེ་ཝ་ཌཱ་ཀི་ས་མ་ཡ་ཛ༔ཛ༔ སྤྱན་དྲང་བ་ནི། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨྱོན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལས༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱོད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ཛ༔ཧཱུྃ་བཾ་ཧོ༔ མཆོད་པ་འབུལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །སྨན་རཀ་གཏོར་གསུམ་ཉེར་སྤྱོད་དང་། །སྦྱོར་སྒྲོལ་ལ་སོགས་མཆོད་པ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །བསྟོད་པ་ནི། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་སྤྱི་བོས་འདུད༔ འཛབ་བཟླ་བ་ནི། ཨོཾ་ཨཱ༔ཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཅི་ནུས་བཟླ། མཆོད་གཏོར་བྱིན་གྱིས་བརླབ་པ་ནི། ཧྲཱི༔ བཛྲ་ཀྲོ་དྷ་ཧ་ཡ་གྷྲི་ཝ་པདྨ་ཏ་ཀྲི་ད་ཧཱུྃ་ཕཊ། །ཐོད་པ་རིན་ཆེན་ལ་སོཊ་སྣོད་ཡངས་པོར། །ཤ་ལྔ་བདུད་རྩི་ལྔ་དང་ལྷ་མི་ཡི། །ཕུན་ཚོགས་འདོད་པའི་ལོངས་སྤྱོད་ལས་གྲུབ་པའི། །སྨན་རཀ་གཏོར་མ་ཕྱི་ནང་མཆོད་པའི་ཚོགས། །ཆོས་སྐྱོང་འཁོར་བཅས་ཚིམ་པར་བྱེད་ནུས་པའི། ཁ་དོག་དྲི་རོ་རེག་བྱ་བླ་ན་མེད། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོས། །ས་གཞི་བར་སྣང་ཁྱོན་ཀུན་ཁྱབ་གྱུར་ཅིག །ཨོཾ་སརྦ་བིད། པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ། ཨཱ་ཝརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ལན་གསུམ་དང་བཅས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱའོ། །སྤྱན་འདྲེན་ནི། ཧཱུྃཿ བསམ་འཕེལ་དབང་གི་རྒྱལ་པོ་ཡིད་བཞིན་ནོར། །མཆོག་མཐུན་དངོས་གྲུབ་འདོད་དགུའི་དཔལ་སྟེར་བ། །དུས་(༨༣ན)


GLG011_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སངས་རྒྱས་ངོ་བོ་པདྨ་འབྱུང་། །མཚོ་སྐྱེས་རྡོ་རྗེ་རིཊ་ཀྱི་བདག་པོར་བཞུགས། །ཀ་ནས་དག་པ་ཆོས་སྐུའི་ལྷ་ལམ་ངོས། །ལྷུན་གྲུབ་ལོངས་སྐུའི་རྟ་བདུན་དཀྱིལ་འཁོར་ཅན། །ཐུགས་རྗེ་སྤྲུལ་སྐུ་འོད་སྟོང་སྒྱུ་དྲའི་གར། །རྩ་གསུམ་དཀྱིལ་འཁོར་ལྷ་ཡི་དངོས་གྲུབ་སྩོལ། །ཆོས་དབྱིངས་བདེ་བ་ཆེ་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔ་པོ། །ཐུགས་དམ་བསྐུལ་ན་གནས་འདིར་ད་ཚུར་སྤྱོན། །མཆོང་དུང་གསེར་དང་བྱུ་རུ་གཡུ་ལྔ་ལས། །ལེགས་གྲུབ་རྔམས་བརྗིད་ཡངས་པའི་ཕོ་བྲང་ནས། །ཐུགས་སྐུ་ཡོན་ཏན་གསུང་དང་འཕྲིན་ལས་ཀྱི། །དཔལ་ལྡན་རྒྱལ་པོ་སྡེ་ལྔ་གཤེགས་སུ་གསོལ། །ཤནྟི་རོ་ཟན་བདུད་མོ་རོ་ལངས་མ། །གསེར་གྱི་སྤུ་གྲི་མཛེས་བྱེད་པདྨ་ཅན། །རོ་ལངས་སྨིན་དཀར་བདེ་ཆེན་བསྐྱེད་མཛད་པའི། །གསང་བའི་ཡུམ་ཆེན་རྣམ་ལྔ་༝། །ཉན་ཐོས་ཚུལ་འཛིན་སྡོམ་བརྩོན་གཞོན་ནུའི་གཟུགས། །ཁྲོ་གཏུམ་མི་སྡུག་སྲིན་པོ་མོན་བུ་སོགས། །སྣ་ཚོགས་སྐུ་ཡི་རོལ་གར་སྟོན་མཛད་པའི། །འཇིགས་རུང་སྤྲུལ་པ་རྣམ་ལྔ་༝། །སྲོག་བདག་དབང་པོ་བྱ་ཁྲིད་མིག་གཅིག་པོ། །བྱ་རྒོད་ཐང་ནག་རྡོ་རྗེ་གྲགས་ལྡན་དང་། །པུ་ཏྲ་ནག་པོ་རྫུ་འཕྲུལ་སྟོབས་ལྡན་པའི། །ལས་བྱེད་བློན་པོ་རྣམ་ལྔ་༝། །ཤ་གྲོལ་གྱི་གྲོལ་ཁོལ་པོ་འཛིམ་སྡོམ་དང་། །འབག་སེང་མོན་པ་སྤྲེའུ་ཨ་ཙ་ར། །རུ་འདྲེན་སྡེ་བཞི་ལ་སོཊ་སྤྲུལ་པའི་འཁོར། །ས་གཞི་བར་སྣང་གང་བ་༝། ཁྱད་པར་དཔལ་ལྡན་སོལ་ནག་ཐང་ཆེན་གྱི། །གཙུག་ལག་ཁང་དང་སྡེ་བཅས་སྐྱོང་བའི་ལྷ། །ཆོས་སྐྱོང་ཆེན་པོ་རྒྱལ་པོ་པེ་ཧ་ར། །འཁོར་དང་བཅས་པ་གནས་འདིར་ད་ཚུར་སྤྱོན། །འཕྱིང་བར་སྟག་རྩེའི་ཕོ་བྲང་ལེགས་སྐྱོང་བའི། །ཟ་ཧོར་རྒྱལ་རིགས་ཕ་མེས་བརྒྱུད་པའི་ལྷ། །སྣང་སྲིད་དྲེགས་པ་ཀུན་གྱི་དམག་དཔོན་མཆོག །བཤན་པ་ལག་དམར་(༨༣བ)


GLG011_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿཨེ་ཧྱེ་ཧི་བྷ་ག་ཝ་ན་ཨཾ་ཀུ་ཤ་ས་མ་ཡ་ཛཿཛཿ ཕྱག་རྒྱ་བཞིས་སྤྱན་དྲངས། བཞུགས་སུ་གསོལ་བ་ནི། སྣ་ཚོགས་རིན་ཅེན་ལས་གྲུབ་གཞལ་ཡས་ཁང་། །གློ་སྙིང་རྒྱུ་མའི་འཕྲེང་བ་ལྡ་ལྡིས་བརྒྱན། །གཡང་གཞིའི་བླ་བྲེ་བྲེས་ཤིང་པདྨ་དང་། །ཉི་མ་བམ་རོའི་གདན་ལ་བརྟན་པར་བཞུགས། །དམ་བསྲེ་བ་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿ་ཋ། པདྨ་འབྱུང་གནས་རྟ་མགྲིན་དབང་གི་ལྷ། །དུས་འདི་ནས་བཟུང་གཟུ་དང་དཔང་མཛོད་ཅིག །བདག་གིས་རྒྱལ་པོ་ཆེན་པོ་བསྟེན་ཅིང་མཆོད། །


GLG011_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མ་ཁྱོད་ཀྱིས་བདག་གི་གྲོགས་མཛོད་ཅིག །བཛྲ་ཏྲི་དུར་རཀྵ་ཡཀྵ་ཧཱུྃ་ཕགས། མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། བཤགས་པ་ནི། མ་རིག་དབང་གིས་དམ་ཚིག་ཉམས་པ་དང་། །མཆོད་གཏོར་བསྟེན་པའི་རྫས་རྣམས་མ་ཚང་འབགས། །རྟག་གཏོར་དུས་ཀྱི་མཆོད་པ་ཆག་པ་སོགས། །གསལ་སྟོང་འཛིན་མེད་ངང་ནས་མཐོལ་ཞིང་བཤགས། གཏོར་མ་འབུལ་བ་ནི། སརྦ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱི་ཙྪ་ཧོཿ བཛྲ་ཡཀྵ་ཁ་ཁ་ཁཱ་ཧི་ཁཱ་ཧི། དུན་ཏིང་དུན་ཏིང་ཁཱ་ཧི། ཡག་ཤ་ནག་པོ་ཁཱ་ཧི། ཤ་གྲོལ་ཧུ་རུ་ཁཱ་ཧི། ཀྱི་གྲོལ་ཧུ་རུ་ཁཱ་ཧི། ཙིཏྟ་བ་ཏ་ཁཱ་ཧི། འཛིན་པོ་རུ་ཏྲ་ཁཱ་ཧི། སྡོམ་པོ་ཆང་རྒྱུད་ཁཱ་ཧི། རུ་ཏྲ་རུ་ཏྲ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། རཀྟ་ཚུལ་པ་ཁཱ་ཧི། ཤ་རྒྱུད་སྙིང་རྒྱུད་ཁཱ་ཧི། དབང་པོ་སྣ་ལྔ་ཁཱ་ཧི། ཤ་མ་རུ་ཏྲ་ཁཱ་ཧི། ཨརྒྷཾ་པྲ་ཏཱིཙྪ་ཧོཿ པུ་ཛཿ བཛྲ་དུ་རུ་ཧོཿ བདུན་ནམ་ཉེར་གཅིག་གིས་དབུལ། བསྐང་བ་ནི། དམ་ཅན་སྲུང་མ་འདུ་བའི་གནས་མཆོག་འདིར། །ཕྱི་ནང་གསང་བའི་རྟེན་དང་མཆོད་པའི་ཚོགས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའི་ཁྱོན་རྣམས་ཀུན། །ཡོངས་སུ་བཀང་སྟེ་འབུལ་གྱིས་དགྱེས་པར་རོལ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན། །དམར་ཆེན་ཁྲག་གི་རྒྱ་མཚོའི་བཏུང་བ་དང་། །གསང་འཕྱིས་ལེགས་བརྒྱན་གཏོར་ཚོགས་རི་ལྟར་སྤུངས། །རྒྱ་ཕུབས་ལྕོག་གིས་མཛེས་པའི་སྐུ་མཁར་གྱིས། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྡེ་ལྔ་དང་། །གསང་ཡུམ་སྤྲུལ་པ་བློན་པོ་བཀའ་སྡོད་ཚོགས། ཁྱད་པར་བཤན་པ་དམར་ནག་འཁོར་བཅས་ཀྱི། །ཐུགས་དམ་བསྐང་ངོ་བཅོལ་བའི་འཕྲིན་ལས་མཛོད། །བཤོས་བུ་འབྲུ་སྣ་ཤིང་ཏོག་བུ་རམ་སྦྲང་། །སྔོ་རིགས་ཤ་སྣ་བཟའ་དང་བཅའ་བ་སྤུངས། །འབྲས་ཆང་རྒུན་ཆང་ཇ་དཀར་བཏུང་བ་སོགས། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོའི་མཆོད་པ་འདིས། །སྤྲུལ་པའི་སོགས་ཤླཽ་ཀ་གཅིག་པ་འགྲེ །རབ་མཛེས་སྲོག་ཆགས་དཀར་པོ་ཕྱི་ཡི་རྟེན། །སྨྱུག་རྒོད་རྔ་མ་དར་ཚོན་ནང་གི་རྟེན། །གསང་རྟེན་སྐུ་འབག་བླ་རྡོ་སྲོག་འཁོར་བཅས། །འཇའ་ཚོན་ལྟར་བཀྲ་སྣ་ཚོཊ་མདོས་རིགས་ཀྱིས་༝། །རྙོག་བྲལ་ཆུ་ཀླུང་འཁྱིལ་བའི་མཆོད་ཡོན་དང་། །པདྨ་ཨུཏྤལ་ལ་སོགས་མེ་ཏོག་ཚོགས། །སྨན་སྣ་སྟོང་དང་སྦྱར་བའི་བདུག་པའི་སྤོས། །མེ་ཤེལ་ཉི་ཟླའི་སྣང་བ་གསལ་བྱེད་ཀྱིས་༝། །དངར་བའི་ངད་དང་ལྡན་པའི་དྲི་ཆབ་དང་། །ལྷ་མིའི་ཟས་ཀུན་སྤུངས་པའི་ཞལ་ཟས་ཚོགས། །པི་ཝང་གླིང་བུ་ལ་སོགས་སྙན་པའི་སྒྲ། །ལུས་ཀྱི་རྣམ་འགྱུར་གར་འཆམས་སྟང་སྟབས་ཀྱིས་༝། ཁྲག་མཚོའི་ཨརྒྷཾ་རྦ་རླབས་མཁའ་ལ་འཕྱོ། །མིག་ལྕེ་རྣ་བ་སྣ་སྙིང་མེ་ཏོག་བཀྲ། །ཤ་ཆེན་སྤོས་དཀར་དུད་སྤྲིན་ལང་ལོང་གཡོ། །ཆིལ་ཆེན་ཞུན་མར་གསལ་བྱེད་སྒྲོན་མེ་ཡིས་༝། །ཁྲག་ཞག་མཁྲིས་པ་འཁྱིལ་བའི་དྲི་ཆབ་དང་། །ཤ་རུས་ནང་ཁྲོལ་སྤུངས་པའི་བཤོས་བུའི་ཚོགས། །ཐོད་པའི་རྔ་ཆུང་མི་རྐང་གླིང་བུའི་སྒྲ། །ཛོ་ཀི་མོན་པ་སྤྲ་སྤྲེལ་ཟློས་གར་གྱིས་༝། །རྒྱ་གླིང་དུང་ཆེན་རྔ་དང་སིལ་སྙན་སོགས། །སྣ་ཚོགས་རོལ་མོས་གནམ་ས་དུས་གཅིག་སྦེར། ཁྲག་ཆང་འཐོར་ཞིང་སྦྱར་བའི་བདུག་སྤོས་སྦྲེང་། །གཡབ་བྱེད་གཡང་གཞི་མ་ལིང་དར་ཚོན་གྱིས་༝། །རིན་ཅེན་ཏོག་གིས་མཛེས་པའི་གདུགས་དཀར་པོ། །(༨༤བ)


GLG011_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་གསེར་མིག་རྣམ་པར་འཁྱིལ་བའི་ཉ། །འདབ་སྟོང་ཕང་ཕུང་གཡོ་བའི་པདྨ་དཀར། །ངོ་མཚར་ཕུན་ཚོགས་གཡས་སུ་འཁྱིལ་བའི་དུང་༝། །འཆི་མེད་བདུད་རྩིས་གཏམས་པའི་བུམ་པ་བཟང་། །དགེ་ལེགས་རི་མོ་རྣམ་བཀྲའི་དཔལ་བེའུ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་། །རྩིབས་སྟོང་ལྡན་པའི་རིན་ཅེན་འཁོར་ལོ་ཡིས་༝། །གླིང་བཞིར་དབང་སྒྱུར་གསེར་གྱི་འཁོར་ལོ་དང་། །འདོད་པའི་རེ་བ་སྐོང་བའི་ཡིད་བཞིན་ནོར། །འཆི་མེད་ལུས་ཕྲའི་ཁེངས་འཕྲོག་བཙུན་མོ་དང་། །དཔའ་མཛངས་རྟུལ་ཕོད་བློན་པོ་རིན་ཅེན་གྱིས་༝། །གླང་ཆེན་དབང་པོ་མཆེ་བ་དྲུག་དང་ལྡན། །གླིང་བཞི་སྐད་ཅིག་ཙམ་གྱིས་བསྐོར་བའི་རྟ། །དགྲ་དཔུང་ཐལ་བར་རློག་པའི་དམག་དཔོན་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔས་༝། །དར་ནག་དར་དཀར་ཟ་འོག་འཇོལ་བེར་དང་། །དོམ་གྱི་སློག་པ་ཞིང་ཆེན་སྟག་གླང་ལྤགས། །དར་དང་སྨྱུག་མའི་ཐེབ་ཞུ་སག་ཐེབ་ཞྭ། །རུས་པ་རིན་ཅེན་སྦྲུལ་གྱི་རྒྱན་ཆ་ཡིས་༝། །ཞགས་པ་སྤུ་གྲི་རྡོ་རྗེ་གསེང་ཤང་དང་། །དགྲ་སྟ་སྦ་འཁར་བེང་ཆེན་ལྕགས་ཀྱུ་མདའ། །རལ་གྲི་གཞུ་དང་བནྡྷ་ཤེལ་དཀར་འཕྲེང་། །དམ་ཤིང་རྒྱལ་མཚན་རུ་མཚོན་ལ་སོཊ་པས་༝། །སྲ་བརྟན་བསེ་ལྕགས་ལས་གྲུབ་ཁྲབ་རྨོག་ཚོགས། །འཇའ་རིས་རྔ་ཆས་སྤྲས་པའི་ཞོལ་བཏགས་ཕུབ། །ལྕགས་གཞིབས་ལྕགས་འབག་བཞོན་པའི་གོ་ཆ་སོགས། །རང་སྲིད་བསྲུང་བའི་ཁྱད་པར་ཇི་སྙེད་པས་༝། །དཔག་ཆེན་མདའ་མདུང་རལ་གྲི་དགྲ་སྟ་དང་། ཁྲི་སྒྱོགས་རྨ་བྱ་སྟག་མོ་མེ་མདའ་སོགས། །ཕ་རོལ་དགྲ་དཔུང་ཕྱེ་མར་འཐག་ནུས་པའི། །སྣ་ཚོགས་མཚོན་ཆའི་འཁྲུལ་འཁོར་ཇི་སྙེད་པས་༝། །ཞྭ་ནག་ཕོད་ཀ་ཕུར་ཐུན་སྒྲོལ་བའི་གྲི། །དམ་ཉམས་དགྲ་བགེགས་དམིགས་རྟེན་ལིངྒ་དང་། །ཐར་མེད་བཙོན་ཁང་འབྲུབ་ཁུང་ལ་སོགས་པ། །དྲག་པོ་མཐུ་ཡི་ལས་སྦྱོར་རྫས་(༨༥ན)


GLG011_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་༝། །སྟག་དོམ་དྲེད་གཟིག་སེང་གེ་ཅེ་སྤྱང་དང་། །བྱ་རྒོད་རྨ་བྱ་ལས་གྲུབ་རྒྱལ་མཚན་འཕྱར། །འཕན་གདུགས་བླ་བྲེ་བ་དན་ལྡ་ལྡི་བྲེས། །ལྷུབ་ལྷུབ་མདུང་དར་ནམ་མཁའི་ཁྱོན་གང་བས་༝། །རླུང་གི་ཤུགས་ལྡན་རྟ་མཆོག་ཚོགས་རྣམས་རྒྱུག །འཇིགས་རུང་འབྲོང་གཡག་རྡོ་རྗེའི་རྭ་ཆེན་གདེངས། །འོ་མའི་བཅུད་ལྡན་འདོད་པ་འཇོ་བའི་བ། །དཀར་འཇམ་སྤུ་ལྡན་རྭ་བཞི་འཁྱིལ་བའི་ལུག་༝། །གངས་རིའི་དུམ་བུ་ཆད་འདྲའི་གཉིས་འཐུང་དབང་། །རྩལ་གསུམ་ལུས་ལ་རྫོཊ་པའི་གདོང་ལྔ་པ། །སྤྲ་དང་སྤྲེའུ་ཕྱི་བ་ཁྱིམ་གྱི་བྱ། །རྔ་མོ་བོང་བུ་དྲེལ་ནག་ལ་སོགས་པས་༝། །ས་ལ་འཛུལ་དགུ་གནམ་ལ་འཕུར་དགུ་སོགས། །སྣ་ཚོགས་སྲོག་ཆགས་ཁྱད་པར་ཇི་སྙེད་དང་། །དར་ཟབ་རས་དང་ར་བ་ལས་སྒྲུབ་གོས། །ལྷུང་བཟེད་པར་བུ་སྣོད་ཀྱི་བྱེ་བྲག་གིས་༝། །རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་བརྒྱད། །ཉི་ཟླ་ཡན་ལག་བརྒྱད་ལྡན་མཚོ་དང་རྫིང་། །ཡོངས་འདུའི་ཤིང་དང་ལྷ་མིའི་འབྱོར་པ་རྣམས། །ཀུན་བཟང་མཆོད་པའི་སྤྲིན་ལྟར་རབ་སྤྲོས་པས་༝། །བསྟོད་པ་ནི། ཀ་པཱ་ཡིས་སྙིང་གི་ཁྲག་བཅུས་ནས། ཁ་གདངས་མཆེ་བ་གཙིགས་པའི་ཞལ་དུ་གསོལ། །ག་ན་གནས་ཀྱང་དམ་ཉམས་དགྲ་བགེགས་ཚོགས། །ང་རོ་དྲག་པོར་བཅས་ཏེ་སྒྲལ་ལ་བསྟོད། །ཅ་ཅོའི་གླུ་དང་འཇིགས་པའི་གད་བརྒྱངས་སྒྲོགས། །ཆ་ལུགས་མ་ངེས་སྣ་ཚོགས་སྤྲུལ་པ་འགྱེད། །ཇ་ཆང་གིས་མཆོད་བསྐུལ་ཚེ་དམ་ཉམས་དགྲ། །ཉི་མ་ལྕགས་ཀྱུས་འཛིན་ལྟར་འགུགས་ལ་བསྟོད། །ཏ་ལའི་ལོ་མར་དགྲ་བགེགས་ཉ་བོ་བྲིས། །ཐ་ཆད་བཙན་པའི་ལྷ་ཁྱོད་རྦད་པ་ན། །ད་ལྟ་ཉིད་དུ་ཧོམ་ཁུང་ནང་བཅུག་སྟེ། །ན་ཚ་འཆི་བའི་འཇིགས་པ་སྟེར་ལ་བསྟོད། །པ་སངས་ལྟར་དཀར་དགྱེས་པའི་ཞལ་བསྟན་ནས། །ཕ་རོལ་དགྲ་སྡེ་ཐལ་བར་བརླག་གོ་ཞེས། །བ་དན་རུ་མཚོན་མཁའ་ལ་འཕྱར་བྱེད་པའི། །མ་ལུས་ཕྱོཊ་(༨༥བ)


GLG011_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་རྒྱལ་ཁྱོད་ལ་བསྟོད། །རེ་མ་ཏི་དང་རྟ་མཆོག་སེང་གེ་གླང་། །ཚ་ལུའི་བྱ་སོགས་སྤྱན་གཟིགས་སྣ་ཚོགས་བཤམས། །ཛ་གད་སྨན་ཕུད་གསེར་སྐྱེམས་ཀྱིས་མཆོད་ཚེ། །ཝ་ལེར་བསམས་པའི་དོན་ཀུན་སྒྲུབ་ལ་བསྟོད། །ཞྭ་མོ་སག་ཐེབ་ཐིབ་ཞུ་སྣ་ཚོགས་གྱོན། །ཟ་མར་དགྲ་བོའི་ཤ་ཁྲག་དོན་སྙིང་རོལ། །འ་འུར་རླུང་གི་འཚུབ་མ་ལ་སོགས་པའི། །ཡ་མཚན་བཞོན་པས་སྟོང་གསུམ་བསྐོར་ལ་བསྟོད། །ར་ལུག་གསེར་དངུལ་ལ་སོགས་དཀོར་ནོར་རྫས། །ལ་ལུང་མང་པོར་བརྒལ་ཏེ་སྲིད་མཐར་བསྙེགས། །ཤ་ཟ་དྲེགས་པའི་ཕོ་ཉ་གྲངས་མེད་སྤྲོས། །ས་ཆེན་ཀུན་ལ་དབང་སྒྱུར་ཁྱོད་ལ་བསྟོད། །ཧ་རི་ཙནྡན་ཤ་ཆེན་སྤོས་དཀར་དང་། །ཨ་ཀ་རུ་ཡི་བདུག་སྤོས་འབུལ་བྱེད་ན། །ཧ་སའི་ཚུལ་གྱི་དགྱེས་པའི་ཞལ་གྱི་ཁྱིམ། །ཨ་ཧོ་མིག་གི་བདུད་རྩིར་སྟོན་ལ་བསྟོད། །ཧཱུྃཿ དཔལ་ལྡན་ཨཽཌྜི་ཡཱ་ནའི་ཡུལ་ཁམས་སུ། །དངས་གསལ་རྙོག་མེད་ཆུ་ཀླུང་འཁྱིལ་བའི་མཚོར། །རབ་དཀར་པདྨའི་སྦུབས་ལ་ཉེར་འཁྲུངས་པའི། །སངས་རྒྱས་ཀུན་དངོས་རྡོ་རྗེ་ཐོད་ཕྲེང་རྩལ། །གང་དེས་བསྟན་པ་སྲུང་བར་བཀའ་བསྒོས་པའི། །བསྟན་སྲུང་དྲེགས་པའི་དེད་དཔོན་པེ་ཧ་ར། །སྤྲུལ་པའི་ཆོས་རྒྱལ་སྤྲུལ་ཡུམ་བློན་པོ་སོགས། །འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་ལ་བསྟོད། །ཨིནྡྲ་ནཱི་ལའི་ལྷུན་པོ་དུས་མཐའི་མེའི། །གོས་གྱོན་བདུད་ཞགས་དགྲ་བོའི་སྐེ་ནས་འཆིང་། །སྤུ་གྲི་རྣོན་པོས་སྲོག་རྩ་གཅད་མཛད་པའི། །ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་ཁྱོད་ལ་བསྟོད། །མུན་པ་བྱེ་བས་བྱུགས་པའི་ལྷུན་པོ་ལ། །ཉི་མ་འབུམ་གྱིས་འཁྱུད་པའི་གཟི་བརྗིད་ཅན། །གསེར་གྱི་རྡོ་རྗེ་གསེང་ཤང་དགྲ་ལ་བསྣུན། །སྐུ་ཡི་རྒྱལ་པོ་མོན་བུ་པུ་ཏྲར་བསྟོད། །ཧ་ལའི་སྡོང་པོ་ལྟ་བུར་མདོག་གནག་ཅིང་། །རྣོ་ངར་ལྡན་པའི་དགྲ་སྟས་མགོ་ལུས་གཤོག །ཞགས་པས་སྐེ་དང་ཡན་ལག་འཆིང་(༨༦ན)


GLG011_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི། །ཡོན་ཏན་རྒྱལ་པོ་ཤིང་བྱ་ཅན་ལ་བསྟོད། །བྱུ་རུའི་ལྷུན་པོ་ལྟར་དམར་ཞལ་ཁྱིམ་ཅན། །སྦ་འཁར་བརྡབས་པས་ནོར་འཛིན་འདར་བྱེད་ཅིང་། །ཙནྡ་བེང་ལས་སྤྲུལ་པའི་དམག་དཔུང་སྤྲོ། །གསུང་གི་རྒྱལ་པོ་སྐྱེས་གཅིག་དགྲ་ལྷར་བསྟོད། །སྣ་ཚོགས་མདོག་ཅན་ཁྲོ་གཏུམ་འཇིགས་པའི་ཚུལ། །ལྕགས་ཀྱུས་ལོག་འདྲེན་འགུགས་ཤིང་རལ་གྲི་མདའ། །རྡོ་རྗེ་སྤུ་གྲིས་ཐལ་བར་བརླག་མཛད་པའི། །འཕྲིན་ལས་རྒྱལ་པོ་མི་བོ་ཆེ་ལ་བསྟོད། ཁྱད་པར་སོལ་ནག་ཐང་ཆེན་གཙུག་ལག་ཁང་། །ཉིན་མཚན་དུས་དྲུག་མ་ཡེངས་བསྲུང་མཛད་པའི། །སྡེ་བརྒྱད་དམག་དཔོན་སྤྲུལ་པའི་ཆོས་རྒྱལ་ཆེ། །བཤན་པ་ལག་དམར་འཁོར་དང་བཅས་ལ་བསྟོད། །གསང་བའི་ཡུམ་ལྔ་སྤྲུལ་པ་རྣམ་པ་ལྔ། །བློན་པོ་སྡེ་ལྔ་རུ་འདྲེན་སྡེ་བཞི་སོགས། །ས་དང་བར་སྣང་ཁྱོན་ཀུན་གང་བ་ཡི། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །གསོལ་ཁ་ནི་གསེར་སྐྱེམས་དང་བཅས། །ཧཱུྃཿ སྐུ་མདོག་མཐིང་ནག་ཁྲོས་པའི་རྣམ་འགྱུར་ཅན། །གཡས་པ་བདུད་ཞགས་གཡོན་པ་སྤུ་གྲི་འཛིན། །དོམ་སློག་དར་བེར་ཐེབ་ཞུ་མཛེས་པར་གསོལ། །གླང་ཆེན་ལ་བཅིབས་ཐུགས་ཀྱི་རྒྱལ་པོ་ཆེ། །ཤན་ཏིང་རོ་ཟན་སྲོག་བདག་བྱ་ར་བ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་ལ། །དགྱེས་པ་སྐྱེད་བྱེད་མཐུན་པའི་དམ་རྫས་འབུལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །སྤྲུལ་པ་སོགས་ཚིག་རྐང་གསུམ་པོ་འགྲེ། །སྐུ་མདོག་མཐིང་ནག་ཁྲོས་པའི་རྣམ་འགྱུར་ཅན། །གཡས་པ་རྡོ་རྗེ་གཡོན་པ་གསེག་ཤང་འཛིན། །དར་ནག་འཇོལ་བེར་སྨྱུག་མའི་ཚག་ཞུ་གསོལ། །སེང་གེ་ལ་བཅིབས་སྐུ་ཡི་རྒྱལ་པོ་ཆེ། །བདུད་མོ་རོ་ལངས་བྱ་ཁྲིད་མིག་གཅིག་པོ། །མུན་པའི་མདོག་ཅན་དགྲ་སྟ་ཞགས་པ་འཛིན། །སྦྲུལ་གྱིས་བརྒྱན་ཅིང་སྟག་ལྤགས་གཡང་བཞི་དང་། །སྨྱུག་(༨༦བ)


GLG011_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ལེགས་གྱོན་སྟེང་ནས་ཁྱུང་གིས་ཕུབ། །རྟ་ནག་ལ་བཅིབས་གནོད་སྦྱིན་ཤིང་བྱ་ཅན། །གསེར་གྱི་སྤུ་གྲི་བྱ་རྒོད་ཐང་ནག་ཆེ། །༝སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་སྦ་འཁར་ནམ་མཁའི་དབྱིངས་སུ་འཕྱར། །གཡོན་པ་ཙན་དན་བེང་ལས་དམག་དཔུང་འགྱེད། །དྲེལ་རྟ་ལ་བཅིབས་དགྲ་ལྷ་སྐྱེས་གཅིག་པོ། །མཛེས་བྱེད་པདྨ་རྡོ་རྗེ་གྲགས་ལྡན་ཅན༝། །དཀར་མཐིང་དམར་ཞལ་ལྕཊ་ཀྱུ་མདའ་གྲི་གཡས། །རྡོ་རྗེ་གཞུ་དང་སྤུ་གྲི་གཡོན་པས་བསྣམས། །དར་དཀར་སྟོད་གཡོགས་སྨྱུག་མའི་ཐེབ་ཞུ་གསོལ། །སེང་གེ་ལ་བཅིབས་སྟོད་ཀྱི་མི་བོ་ཆེ། །རོ་ལངས་སྨིན་དཀར་བློན་པོ་པུ་ཏྲ་ནག་༝། །ཆོས་འཁོར་སྟོད་སྨད་གཙུག་ལག་ཁང་རྣམས་སྐྱོང་། ཁྲོ་ཆགས་ཞི་སོགས་སྣ་ཚོགས་སྤྲུལ་པ་ཡིས། །དགྲ་བགེགས་སྒྲོལ་ཞིང་རྣལ་འབྱོར་སྐྱོང་མཛད་པ། །སོལ་ནག་ཐང་ཆེན་གཙུག་ལག་ཁང་བཞུགས་ཚེ། །བཤན་པ་ལག་དམར་ཞེས་གྲགས་མཐུ་སྟོབས་ཅན་༝། །འཕྲིན་ལས་བཅོལ་བ་ནི། ཧཱུྃཿ དཔལ་ལྡན་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཁྱོད། །རྟག་གཏོར་རྒྱུན་གཏོར་དུས་ཀྱི་མཆོད་པ་ཡིས། །གཡེལ་མེད་གསོལ་ཞིང་ཐུགས་དམ་སྐོང་བྱེད་ན། །འདོད་པའི་དོན་གྱི་འབྲས་བུ་སྨིན་པར་མཛོད། །ཕན་བདེའི་གཞིར་གྱུར་ཐུབ་པའི་བསྟན་པ་དང་། །དེ་འཛིན་སྐྱེས་བུ་ཁྲིམས་ལྡན་འདུས་པའི་སྡེ། །ཐོས་བསམ་སྒོམ་པའི་བྱ་བ་མ་ལུས་པ། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་མཛོད། །འཛམ་གླིང་སྤྱི་དང་ཁྱད་པར་གངས་ཅན་འདིར། །མི་ཕྱུགས་ནད་དང་དུས་ཀྱི་འཁྲུག་པ་སོགས། །མི་མཐུན་རྒུད་པའི་ཚོགས་ཀུན་རབ་ཞི་ནས། །བདེ་སྐྱིད་དགའ་སྟོན་དཔལ་ལ་སྤྱོད་པར་མཛོད། །རྩོད་པའི་དུས་འདིར་ལེགས་བྱས་རྩིབས་སྟོང་གི །འཁོར་ལོ་འགོག་མེད་མཁའ་ལ་རབ་འཕགས་པའི། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆབ་སྲིད་(༨༧བ)


GLG011_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཐང་འཕེལ་ཞིང་རྒྱས་པར་མཛོད། །ཟ་ཧོར་གདུང་གི་ཙནྡན་ལྗོན་པ་དང་། །ནམ་ཡང་འབྲལ་མེད་དྲི་བསུང་རིགས་ཀྱི་ལྷས། །མི་མཐུན་དགྲ་བགེགས་ཚ་གདུང་ཀུན་བཅོམ་སྟེ། །བསམས་དོན་ལྷུན་གྱིས་གྲུབ་པའི་དགའ་སྟོན་སྩོལ། །དགེ་བཅུ་ཀུན་ཚང་བོད་ཀྱི་རྒྱལ་ཁམས་འདིར། །འཇམ་དབྱངས་རྣམ་སྤྲུལ་ཁྲི་སྲོང་ལྡེ་བཙན་གྱིས། །ཕན་བདེའི་རྩ་ལག་རྒྱལ་བསྟན་སྤེལ་བའི་ཆེད། །སློབ་དཔོན་སངས་རྒྱས་གཉིས་པ་སྤྱན་དྲངས་ཚེ། །གཙུག་ལག་ཆོས་འཁོར་ཡོངས་ཀྱི་སྲུང་མ་ཆེར། །མཁན་སློབ་ཆོས་གསུམ་དགོངས་པ་གཅིག་གྱུར་ཏེ། །བྷ་ཏ་ཧོར་གྱི་ཡུལ་ནས་སྲུང་མ་ཁྱོད། །སྤྱན་དྲངས་བཀའ་བསྒོས་གཉེར་དུ་མ་གཏད་དམ། །ཟབ་ཡང་ལྷུན་གྲུབ་དཔལ་གྱི་དབུ་རྩེ་ཆེར། །དབང་དྲག་པདྨ་དྲག་པོའི་མཐུ་སྟོབས་ཀྱིས། །པེ་ཧར་མཆོད་ལྔ་བྲན་གཡོག་འཁོར་བཅས་ཀྱི། །སྲོག་སྙིང་བླངས་ཤིང་གཟིར་མནན་མཛད་མིན་ནམ། །བསམ་ཡས་མཆིམས་ཕུ་གསང་བའི་ཕུག་པ་རུ། །བདེ་གཤེཊ་ཀུན་འདུས་སྒྲུབ་ཆེན་བཀའ་བརྒྱད་ཀྱི། །འཇིག་རྟེན་མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ། །དབང་བསྐུར་དམ་ཚིག་ཉེ་བར་མ་བསྒྲགས་སམ། །ནམ་སྙིང་སངས་རྒྱས་ཡེ་ཤེས་རྒྱལ་བ་མཆོག །མཁར་ཆེན་བཟའ་དང་འབྲོག་མི་དཔལ་ཡེ་ཤེས། །དཔལ་སེང་བཻ་རོ་ལྷ་ཡི་མེ་ཏོག་སོགས། །རྗེ་འབངས་རྣམས་ཀྱིས་དམ་ལ་མ་བཏགས་སམ། །ཉང་བན་ཆོས་དབང་རྒོད་ལྡེམ་པདྨ་དབང་། །ལེགས་ལྡན་རྡོ་རྗེ་བཀྲ་ཤིས་སྟོབས་རྒྱལ་སོགས། །ཟབ་དོན་གཏེར་གྱི་སྒོ་འབྱེད་ཚོགས་རྣམས་ཀྱིས། །ཡང་སྐྱོར་ཚུལ་གྱི་དམ་ཚིག་བསྒྲགས་མིན་ནམ། །ཟ་ཧོར་སྔགས་འཆང་དྷརྨ་པཱ་ལའི་ཞབས། །ཧོར་རིགས་ཀུན་དགའ་ར་བ་ཤཱཀྱ་བཟང་། །ངག་དབང་བསོད་ནམས་གྲགས་པ་ལ་སོགས་པའི། །སྤྱན་སྔར་ཁས་བླངས་དམ་བཅའ་ཉེར་དགོངས་ལ། །བསྟན་འགྲོ་བདེ་སྐྱིད་འཇོམས་པ་སྤྱི་ཡི་དགྲ། །རིག་འཛིན་བདག་ལ་(༨༧བ)


GLG011_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོ་བ་སྒོས་ཀྱི་དགྲ། །སྟེང་འོག་ཕྱོགས་མཚམས་གང་དུ་གནས་ཀྱང་རུང་། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། །བདུན་བརྒྱུད་ཚུན་གྱི་མི་རབས་རྩད་ནས་ཆོད། །ཚེ་སྲོག་བསོད་ནམས་དཔལ་འབྱོར་ཀུན་དང་ཕྲོལ། །གཟི་བརྗིད་མངའ་ཐང་མཐུ་སྟོབས་ཐམས་ཅད་ཆོམས། །ཐལ་བར་རློག་ལ་རྗེས་མེད་རླུང་ལ་སྐུར། །བདག་སོགས་བསྲུང་བྱར་གྱུར་པ་མཐའ་དག་ལ། །བན་བོན་མཐུ་བྱད་སྡེ་བརྒྱད་གནོད་པ་དང་། །ནད་རིགས་གདོན་བགེགས་དུས་མིན་འཆི་བ་སོགས། །བར་ཆད་མི་མཐུན་ཕྱོགས་ཀུན་བཟློག་པར་མཛོད། །རྫོགས་ལྡན་དུས་བཞིན་ཚེ་དཔལ་འབྱོར་པ་ཀུན། །ཡར་ངོའི་ཟླ་བ་ལྟ་བུར་རབ་འཕེལ་ཞིང་། །ཆོས་སྲིད་འདོད་པའི་དོན་ཀུན་བསྒྲུབ་པ་ལ། །ཡིད་བཞིན་དབང་གི་རྒྱལ་པོ་ལྟ་བུར་མཛོད། །མདོར་ན་དཔག་བསམ་ཡོངས་འདུ་ས་བརྟོལ་དབང་། །འདོད་འཇོའི་བ་དང་བུམ་པ་བཟང་པོ་ལྟར། །བདེ་སྐྱིད་དགའ་སྟོན་མ་ལུས་སྩོལ་བ་དང་། །བསམས་པ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །དཀྱིལ་འཁོར་བསྡུ་བ་ནི། ཆོས་སྐུ་སྐྱེ་མེད་སྟོང་པའི་ངང་ཉིད་ལས། །ཡང་གསང་བླ་མའི་དཀྱིལ་འཁོར་འཇའ་ལྟར་ཤར། །འགྲོ་ཀུན་སྲིད་པའི་མཚོ་ལས་རབ་བསྒྲལ་ཏེ། །སྐྱེ་མེད་ཆོས་དབྱིངས་ངང་དུ་བཛྲ་མུཿ རྟེན་ཡོད་ན། འདིར་ནི་གཟུཊ་དང་སོགས་ཀྱིས་བརྟན་བཞུགས་བྱ། མེད་ན། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་གཤེགས་སུ་གསོལ་ལོ། །བཀྲ་ཤིས་ནི། །ཐུགས་རྗེ་ནུས་མཐུའི་ཆུ་འཛིན་འཁྲིགས་པ་ལས། །མཆོག་མཐུན་དངོས་གྲུབ་ཆར་ཆེན་འབེབས་མཛད་པའི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བཀྲ་ཤིས་སྙན་པའི་དབྱངས་སུ་ལེན་པར་ཤོག །རྦད་ན་མཐུ་ཆེ་དགྲ་བགེགས་ཐལ་བར་རློག །བསྟེན་ན་སྙིང་ཉེ་ཉིན་མཚན་དུས་དྲུག་བསྲུང་། །(༨༨ན)


GLG011_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ན་རེ་སྐོང་དངོས་གྲུབ་ཆར་ལྟར་འབེབས། །ཆོས་སྐྱོང་རྒྱལ་པོ་སྡེ་ལྔའི་བཀྲ་ཤིས་ཤོག །འཕྲིན་ལས་རིན་ཆེན་བུམ་པ་བཟང་པོ་ལས། །བསམ་པའི་དོན་ཀུན་གྲུབ་པའི་བདུད་རྩིའི་བཅུད། །སྙིང་གི་ཡོལ་གོར་འཁྱིལ་བའི་དགེ་ལེགས་ཀྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅས་པ་ཅི་རིགས་པར་བྱའོ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་དང་བཅས་པ་རྣམས་མཉེས་པར་བྱེད་པའི་ལས་བྱང་བསྐང་བསྟོད་ཀྱི་རིམ་པ་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་བྱ་བ་འདི་ནི་ཐང་ཆེའི་གཙུག་ལག་ཁང་གི་སྲུང་མ་རིགས་དང་བརྒྱུད་ལ་བསྒོ་བའི་དགྲ་ལྷ་ཆེན་པོ་གང་དེས་བགྱིས་ཞེས་རི་མོའི་ལམ་ནས་བསྐུལ་བ་ལྟར། འཕྲིན་ལས་རྒྱས་པར་སྤྲོ་ན་ལས་བྱང་ལེའུ་བརྒྱད་མ་སྔོན་དུ་བཏང་། འཕྲིན་ལས་དོན་བཅུ་མ་ཉིད་བྱ་དགོས་པས་འདིར་འཁྱེར་བདེ་བའི་དབང་དུ་བགྱིས་སྟེ་སྦྱོར་དངོས་འཇུག་གསུམ་ཚང་བར་ཟ་ཧོར་གྱི་རིགས་ལས་སྔགས་བན་གང་ཤར་རང་གྲོལ་གྱིས་ཤིང་ལུག་ཧོར་ཟླ་བཞི་པའི་ཉེར་བདུན་དམག་དཔོན་ཐ་སྐར་གྱི་འགྲུབ་སྦྱོར་ཐོག་བཀོད་པའོ། །ན་མོ་གུ་རུ་བཛྲ་པ་ཎི་ཡེ། དཔལ་ལྡན་གསང་བ་ཀུན་འཛིན་འཁོར་ལོའི་བདག །ཕྱག་ན་མཐུ་སྟོབས་རྡོ་རྗེ་རབ་འབར་བ། །གཏུམ་ཆེན་མིག་སྨན་མདངས་འཛིན་གར་དགུའི་ཉམས། །སྐུར་མཛད་ཁྲོ་བོའི་དབང་པོས་རྟག་ཏུ་སྐྱོངས། །རབ་འབྱམས་རྒྱལ་ཀུན་ངོ་བོ་པདྨ་འབྱུང་། །ཟབ་གཏེར་ཆོས་ཀྱི་བཀའ་བབས་ལས་འབྲེལ་རྩལ། །མན་ངག་གདམ་པའི་མཛོད་འཛིན་དབང་པོའི་སྡེ། །རྩ་བརྒྱུད་བླ་མའི་ཚོགས་རྣམས་ཕྱག་གི་ཡུལ། །མ་རུངས་དགྲ་བགེགས་སྲོག་ལ་རྔམས་པའི་ཁ། །གནམ་ས་ལྟ་བུར་གདངས་པའི་སྲིན་བུའི་གཟུགས། །སྲིད་གསུམ་ཅིག་ཅར་བལྟ་བའི་མིག་སྟོང་ཅན། །ཀྭ་ཡེ་ཁྱབ་འཇུག་བསྟན་སྲུང་སྤུ་གྲིའི་མཚོན། །བསྟེན་ན་སྙིང་ཉེ་དམ་ཚིག་(༨༨བ)


GLG011_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་འདའ། །རྦད་ན་རྡོ་རྗེའི་བྲག་ཀྱང་ཕྱེར་འཐག་པའི་། །ཆོས་སྐྱོང་ཟ་བདུད་ནག་པོ་ར་ཧུ་ལ། །དགྱེས་སྐྱེད་འཕྲིན་ལས་ཚངས་པའི་སྒྲ་དབྱངས་ཅན། །སོར་མོའི་སྐུལ་བྱེད་རྩོལ་བར་མ་བལྟོས་ཤིང་། །སྣ་ཚོགས་རྒྱུད་མང་འཕྲུལ་དང་མི་ལྡན་པར། །ནམ་ཡང་འཇིགས་པ་མེད་པའི་དབྱངས་ཀྱི་སྒྲ། །རི་མོ་གསུམ་པའི་ལམ་ནས་དེང་འདིར་སྒྲོག །ཕྱི་ནང་གསང་བའི་མཆོད་རྫས་སྤྱན་གཟིགས་སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བཤམས། །སྐྱབས་འགྲོ་ནི། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པ། བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སངས་རྒྱས་སྒྲུབ་ལ་བར་གཅོད་དགྲ་བགེགས་རྣམས། །བསྒྲལ་ཕྱིར་ཁྱབ་འཇུག་ཆེན་པོ་མཆོད་པར་བྱ། །བདག་སྐྱེད་ནི། ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །ཧཱུྃ་ལས་བདག་ཉིད་གཏུམ་པོ་རབ་ཁྲོས་པ། །གཡས་པ་རྡོ་རྗེ་རྩེ་ལྔ་མཁའ་ལ་འཕྱར། །གཡོན་པ་སྡིགས་འཛུབ་རྩེ་ལས་བྱ་ཁྱུང་འགྱེད། །དུར་ཁྲོད་ཆས་བརྒྱན་མེ་དཔུང་དབུས་ན་བཞུགས། །ཐུགས་གར་ཉི་སྟེང་རྡོ་རྗེའི་ལྟེ་བ་ལ། །ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། །ཨོཾ་ཙཎྜ་མཧཱ་རོཥ་ནཧཱུྃ་ཕཊཿགྷ་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ་ཞེས་འཛབ་ཅི་ནུས་སུ་བཟླ། མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། སྨན་རག་གཏོར་གསུམ་སོགས་མཆོད་རྫས་རྣམས་ཀྱི་མ་དག་པའི་ཚོགས་རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་རཾ་ལས་ཡེ་ཤེས་ཀྱི་མེས་བསྲེགས། ཡཾ་ལས་ཆོས་ཉིད་ཀྱི་རླུང་གིས་གཏོར། ཁཾ་ལས་མཚན་མེད་ཀྱི་ཆུས་བཀྲུས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿརྟེན་བསྐྱེད་པ་ནི་བཛྲ་ཨ་མྲི་ཏས་བསངས། སརྦ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སྲུང་བའི་འཁོར་ལོ་ནང་ཁྲག་གི་རྒྱ་མཚོ་འཁྲུག་པའི་དབུས་སུ་ཆོས་(༨༩ན)


GLG011_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གྲུ་གསུམ་མཐིང་ནག་གི་ལྟེ་བར་པདྨ་ཉི་ཟླ་དགྲ་བགེགས་ཀྱི་སྟེང་དུ་ཏྲི་དུད་ཁ་ཡོངས་སུ་གྱུར་པ་ལས་གཟའ་བདུད་རཱ་ཧུ་ལ་སྐུ་མདོག་དུད་ཁ་སྲིན་པོའི་མགོ་དགུ་བྱ་རོག་གི་མགོ་དང་བཅུར་ཡོད་པ་ཕྱག་དང་པོ་གཉིས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་རལ་གྲིའི་ཡུ་བ་ཅན་དང་སྦྲུལ་ཞགས་འཛིན་པ། འོག་མ་གཉིས་ཀྱིས་མདའ་གཞུ་འགེང་བ། སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་སྐུ་ལ་སྤྱན་སྟོང་གིས་མཛེས་པ། །ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། མི་པགས་གི་གཡང་གཞི། སྟག་ལྤགས་གི་ཤམ་ཐབ་ཅན། དར་ནག་གི་སྟོད་གཡོག་གསོལ་བ། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། གར་དགུའི་ཉམས་ལྡན་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ། དེའི་འཁོར་དུ་ཡབ་རྡོ་རྗེ་སྲིན་པོ་ཡུམ་རྡོ་རྗེ་གློག་འགྱུ། ནང་གི་གཟའ་ཆེན་བརྒྱད། གདོང་མོ་བཞི། ཕྱིའི་གཟའ་ཆེན་བརྒྱད། ཀླུ་ཆེན་བརྒྱད། ཕྱོགས་སྐྱོང་བཅུ། རྒྱུ་སྐར་ཉེར་བརྒྱད། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། ལྷ་དམག་དུང་ཕྱུར་སོགས་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཀྱིས་བསྐོར་བར་གྱུར། གཙོ་བོའི་ཐུགས་ཁར་ཨོ་རྒྱན་པདྨ་མཚོན་གང་བ། དེའི་ཐུགས་ཀར་ཡེ་ཤེས་ཀྱི་རཱ་ཧུ་ལ་སྐུ་མདོག་དཀར་པོ་ཕྱག་གཉིས་ཐལ་མོ་སྦྱར་བ། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གྱིས་མཚན་པ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གཟའ་བདུད་འཁོར་དང་བཅས་པ་རྩ་བརྒྱུད་བླ་མའི་དམ་ཚིག་དྲན་པ་ཙམ་གྱིས་ཐོགས་པ་མེད་པར་གནས་འདིར་བཛྲ་ས་མ་ཡ་ཛཿཧཱུྃཿ ཤག་ཏུ་ག་རཾ་ན་གེ་ཙིཏྟ་ཏྲཾ། མ་མ་ཡོང་ཟ་འགྲམ། ཧ་ཧི་ཡོ་ཀེ་ཤེ་ལ་ཛཿཛཿ བཛྲ་ས་མ་ཛཿཛཿ སྤྱན་འདྲེན་པ་ནི། ཧཱུྃཿ སངས་རྒྱས་བསྟན་པ་བསྲུང་བའི་མཐུ་རྩལ་ཅན། །ལྷ་སྲིན་སྡེ་བརྒྱད་ཀུན་གྱི་དམག་དཔོན་ཆེ། ཁྱབ་འཇུག་ནག་པོ་གཟའ་བདུད་(༨༩བ)


GLG011_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཧུ་ལ། །འཁོར་བཅས་གནས་འདིར་ཐོགས་མེད་གཤེགས་སུ་གསོལ། །མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས། །གཟའ་མཆོག་རྒྱལ་པོ་སྤྲུལ་པ་ཡང་སྤྲུལ་སོགས། །ཐོག་སེར་སྐྱིན་ཐང་འབེབས་པའི་མཐུ་རྩལ་ཅན། །དྲག་པོའི་འཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །རིན་ཆེན་སྙིང་པོ་ཤཱ་ཀྱ་ཐུབ་པ་དང་། །པདྨ་འབྱུང་གནས་ཚུལ་ཁྲིམས་རྡོ་རྗེ་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ། །ཨོཾ་རཱ་ཧུ་ལ་གྷ་ཧྣ་ཨཱ་གཙྪ་ཡ་ཧཱུྃ་ཛཿ བཞུགས་སུ་གསོལ་བ་ནི། ཧཱུྃཿ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དབུས། །པདྨ་ཉི་ཟླ་དགྲ་བགེགས་བརྩེགས་པའི་སྟེང་། །ལྷ་ཆེན་ཁྱབ་འཇུག་ནག་པོ་འཁོར་བཅས་རྣམས། །དགྱེས་པར་བཞུགས་ལ་དངོས་གྲུབ་སྩལ་དུ་གསོལ། །རཱ་ཧུ་ལ་ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃཿ རི་རབ་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཉི་མ་སྟོང་གི་གཟི་འོད་ལྟར་འབར་བ། །སྣང་སྲིད་དྲེགས་པའི་སྡེ་དཔོན་རཱ་ཧུ་ལ། །ཡབ་ཡུམ་སྲས་འཁོར་བཅས་ལ་ཕྱག་འཚལ་ལོ། །རཱ་ཧུ་ལ་ཨ་ཏི་པུ་ཧོཿཔྲ་ཏི་ཛཿཧོཿ སྨན་མཆོད་འབུལ་བ་ནི། ཧཱུྃཿ རྩ་བ་བརྒྱད་དང་ཡན་ལག་སྟོང་སྦྱར་བའི། །བདུད་རྩི་སྨན་གྱི་མཆོད་པ་དམ་པ་འདི། །ལྷ་ཆེན་ཁྱབ་འཇུག་འཁོར་དང་བཅས་ལ་འབུལ། །བཞེས་ནས་དབང་དང་དངོས་གྲུབ་སྩལ་དུ་གསོལ། རཱ་ཧུ་ལ་སརྦ་པཉྩ་ཨ་མྲི་ཏ་ཁཱ་ཧིཿ ཨོཾ་བཱ་ཤ་མི་ཀི་དུ་རུ་མ་ཤི་ཀི་ཛ་ལ་ཏི་ཨ་ཛི་ཏེསྭཱཧཱཿ ཚལ་པ་ནི་རཱ་ཧུ་ལ་སྭཱཧཱཿ ཨཱ་ཏྲ་ཏ་ཀྲ་སྥ་ར་ཎ་ད་ཤ་ཤབྡ་ཧཱུཾ་ཕཊཿ རཀྟ་འབུལ་བ་ནི། ཧཱུྃཿ དམར་ནག་རྦ་ཀློང་འཁྲུག་པ་ཁྲག་གི་མཚོ། །རཀྟ་དམར་གྱི་ཨ་གྷཾ་ཆེན་པོ་འདི། །ལྷ་ཆེན་ཁྱབ་༝། །དམ་ཉམས་དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །རཱ་ཧུ་ལ་མཧཱ་རཀྟ་ཁ་རཾ་ཁཱ་ཧིཿགཏོར་མ་འབུལ་བ་ནི། ཧཱུྃཿ ཤ་ལྔ་བདུད་རྩི་ལྔ་སོགས་སྦྱར་བ་ཡི། །(༩༠ན)


GLG011_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་བརྒྱན་དང་ལྡན་པའི་གཏོར་མ་འདི། །ལྷ་ཆེན་༝། །དམ་ཉམས་དགྲ་ལ་ཐོག་དང་སེར་བ་ཕོབ། །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧིཿ དུས་གཏོར་སོགས་ཀྱི་ཚེ། བསྐང་བ་ནི། ཧཱུྃཿ དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས། །ས་དང་བར་སྣང་མ་ལུས་རབ་བཀང་ནས། །གཟའ་བདུད་ནག་པོ་འཁོར་དང་བཅས་ལ་འབུལ། །ཐུཊ་དམ་སྐོངས་ལ་དངོས་གྲུབ་སྩལ་དུ་གསོལ། །ཆུ་སྐྱེས་སྣ་ཚོགས་དབང་པོའི་མེ་ཏོག་དང་། །སྙན་པའི་གླུ་དབྱངས་རོལ་མོ་གར་དང་འཆམས། །གསུར་ཆེན་ར་ཚིལ་སྤོས་དཀར་དུད་སྤྲིན་འཁྲིག །ཤ་ཆེན་སྤུངས་པའི་ཞལ་ཟས་དམ་པ་འདིས། ལྷ་ཆེན་ཁྱབ་འཇུག་ཆེན་པོའི་ཐུགས་དམ་བསྐང་། བཟའ་བརྒྱད་གདོང་མོ་བཞི་ཡི་ཐུགས་དམ་བསྐང་། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །ཐུགས་དམ་སྐོངས་ལ་འཕྲིན་ལས་མ་ལུས་སྒྲུབས། །ཤླཽ་ཀ་གཅིག་པུ་འདི་འོག་མ་ཀུན་ལ་རིཊ་འགྲེ། །རྟག་གཏོར་རྒྱུན་གཏོར་དུས་གཏོར་ཐུན་གཏོར་དང་། །ཐོད་མཁར་གཞལ་ཡས་ཉི་ཟླ་པདྨའི་གདན། །དོན་སྙིང་ནང་ཁྲོལ་དམར་པོ་རྣམ་པ་ལྔ། །ཚིལ་ཆེན་སྣང་གསལ་ཛ་གད་གསེར་སྐྱེམས་གྱིས། །༝རྟ་གཡག་ར་སྐྱེས་ཁམས་པ་བྱ་ཁྱི་སོགས། །ས་ལ་འཛུལ་དགུ་གནམ་ལ་འཕུར་དགུ་དང་། །སྲ་བའི་གོ་ཆ་རྣོ་བའི་མཚོན་ཆའི་ཚོགས། །འཕན་གདུགས་བླ་དྲེ་བ་དན་རྒྱལ་མཚན་གྱིས། །༝མདོས་ནག་ནམ་མཁའ་རྒྱུད་དུ་མདའ་འཕང་ཅན། །བླ་རྡོ་སྲོག་འཁོར་བསྟན་པའི་དམ་རྫས་དང་། །ཧོམ་ཁུང་ལིངྒ་ཐུན་དང་གྲི་ཕུར་མཚོན། །ཞྭ་ནག་ཕོད་ཀ་དྲག་པོའི་ཆོས་རྣམས་ཀྱིས། །༝།བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །འདོད་ཡོན་ལྔ་དང་ལྷུན་པོ་གླིང་བཞིར་བཅས། །སྨན་སྣ་སྟོང་དང་རིན་ཆེན་རྣམ་པ་ལྔ། །བཟའ་དང་བཏུང་བ་ཚོགས་ཀྱི་འཁོར་ལོ་ཡིས།༝།(༩༠བ)


GLG011_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ནི། ཧཱུྃཿ རབ་མཛེས་མཆོང་སྨུག་བརྩེག་པའི་ལྷུན་པོ་ལ། །བསྐལ་པའི་མེ་དཔུང་སྟོང་གི་གོས་གྱོན་པ། །དྲག་རྩལ་ཐོག་མེད་ཁྱབ་འཇུག་རཱ་ཧུ་ལ། །བསྟན་པ་སྲུང་བའི་དབང་པོ་ཁྱོད་ལ་བསྟོད། །རང་འདྲའི་གཟུགས་ཅན་མཐུ་སྟོབས་ནུས་པའི་བདག །དུས་གཉན་རྒྱུ་བའི་གཟའ་ཆེན་རྣམ་པ་བརྒྱད། །ཕྱོགས་བཞི་སྐྱོང་བའི་གདོང་མོ་བཞི་ལ་སོགས། །ཡབ་ཡུམ་སྲས་འཁོར་བཅས་པ་རྣམས་ལ་བསྟོད། །ཉི་ཟླ་ལ་སོགས་གཟའ་དང་རྒྱུ་སྐར་དང་། །ལྷ་ཀླུ་ཕྱོགས་སྐྱོང་ལྷ་སྲིན་སྡེ་བརྒྱད་ཚོགས། །ཤ་ཟ་ཁྲག་འཐུང་དབུགས་སྡུད་ཆོ་འཕྲུལ་ཅན། །བཀའ་ཉན་ལས་བྱེད་ཕོ་ཉ་རྣམས་ལ་བསྟོད། །བསྐུལ་ཞིང་འཕྲིན་ལས་བཅོལ་བ་ནི། ཧཱུྃཿ ལྷ་ཆེན་ཁྱབ་འཇུག་ནག་པོ་དབུ་དགུ་པ། །མགོ་བརྒྱད་གཟའ་ཆེན་བརྒྱད་ཀྱི་ངོ་བོ་སྟེ། །གྲི་རྒོད་ནད་སེར་འཁྲུག་གསོད་ལྷ་སྲིན་གྱིས། །ཀི་ཀང་ཆེན་པོ་སྡང་བའི་དགྲ་ལ་འབེབས། །མགོ་གཅིག་བྱ་རོག་མགོ་བོ་བརྩེགས་པ་ཡིས། །མུ་གེ་ནད་ཡམས་ཀི་ཀང་དགྲ་ལ་འབེབས། །དྲག་རྩལ་ཀི་ཀང་དབབ་པའི་དུས་ལ་བབ། །མཐུན་རྫས་འདི་བཞེས་བཅོལ་བའི་འཕྲིན་ལས་མཛོད། །ཕྱོགས་མཚམས་འགྲོ་ཞིང་དུས་བརྒྱད་རྒྱུ་བ་ཡི། །འཇིག་རྟེན་ཁམས་ཀུན་འཕུང་བྱེད་མཐུ་རྩལ་ཅན། །ཁྱབ་འཇུག་ཆེན་པོ་སྤྲུལ་པ་རྣམ་བརྒྱད་ཀྱིས། །མཐུན་རྫས་༝། །ནམ་མཁའི་མཐོང་ལས་གནམ་ལྕགས་ཐོག་སེར་གྱིས། །དམ་ཉམས་དགྲ་བགེགས་འཕུང་བྱེད་མཐུ་རྩལ་ཅན། །གདོང་མོ་མཆེད་བཞི་འཁོར་ཚོགས་རྒྱ་མཚོ་ཡིས། །མཐུན་རྫས་༝། །གཟའ་བདུད་ནག་པོ་འཁོར་དང་བཅས་རྣམས་ཀྱིས། །སངས་རྒྱས་རིན་ཅེན་སྙིང་པོ་ཤཱཀྱ་ཐུབ། །རྡོ་རྗེ་འཆང་དབང་སློབ་དཔོན་པདྨ་འབྱུང་། །ཡེ་ཤེས་འཚོ་རྒྱལ་ལྷ་ལྕམ་པདྨ་གསལ། །གཏེར་སྟོན་ཆེན་པོ་པདྨ་ལས་འབྲེལ་རྩལ། །ལོ་སྟོན་རྡོར་འབུམ་བླ་མ་གྲགས་འོད་དང་། །རྡོ་རྗེ་རྒྱལ་པོ་དྷརྨ་ཀེ་ཏུའི་ཞབས། །ཆོས་ཀྱི་བློ་གྲོས་ནམ་མཁའ་དཔལ་ལྡན་རྗེ། །མངའ་རིས་རིགས་འཛིན་ལེགས་ལྡན་རྡོ་རྗེའི་ཞབས། །ཆོས་རྒྱལ་(༩༡ན)


GLG011_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ། །སྤྲུལ་སྐུ་རིགས་འཛིན་ངག་དབང་རྡོ་རྗེའི་དཔལ། །མཁྱེན་བརྩེ་ནུས་ལྡན་རྗེ་བཙུན་པདྨ་དབང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མའི་ཞབས། །གཞན་ཡང་ཀླུ་དབང་བསྲུང་སོགས་འཁོན་རིགས་ཀྱི། །སྔགས་འཆང་རིམ་བྱོན་གདམས་པའི་མཛོད་འཛིན་པ། །བྱ་ནག་གདུང་གསོབ་བླ་མ་རིན་ཅེན་འོད། །བརྒྱུད་པར་བཅས་པའི་དམ་ཚིག་རབ་དགོངས་པ། །སངས་རྒྱས་བསྟན་སྲུང་འགྲོ་བའི་བདེ་སྐྱིད་སྤེལ། །ནད་གདོན་དགྲ་བགེགས་བར་ཆད་མ་ལུས་ཐུལ། །རྣལ་འབྱོར་བཅོལ་བའི་ལས་ཀུན་ཐོགས་མེད་སྒྲུབས། །ཁྱད་པར་བྱ་ནག་ནོར་འཛིན་སྐྱོང་བ་ཡི། །ཚེ་དཔལ་བསོད་ནམས་མངའ་ཐང་རྒྱས་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་རྣམས་ཐུལ། །ཞི་རྒྱས་དབང་དྲག་འཕྲིན་ལས་ལྷུན་གྲུབ་མཛོད། །གསང་བ་གསོལ་བ་འདེབས་པ་ནི། ཧཱུྃཿ དགོངས་ཤིག་ཆོས་སྐྱོང་ཟ་བདུད་ནག་པོ་ཁྱོད། །ཀུན་བཟང་ཧེ་རུ་ཀ་དང་རོ་གཅིག་ཀྱང་། །འཇིག་རྟེན་ཚུལ་འཛིན་སྡེ་བརྒྱད་དམག་དཔོན་མཆོག །རིགས་འཛིན་བདག་ཅག་སྲུང་སྐྱོབ་འཕྲིན་ལས་མཛོད། །ཞི་བའི་མདངས་ལྡན་རྒྱས་པའི་བྱིན་ཆགས་ཤིང་། །དབང་གི་རྩལ་མངའ་དྲག་པོའི་ལས་མྱུར་བའི། །བསྟན་པ་སྲུང་བའི་དབང་པོ་ཆེན་པོ་ཁྱོད། །སྒྲུབ་པའི་སྟན་ལ་བརྟན་པར་བཞུགས་ནས་ཀྱང་། །བདག་སོགས་བདུད་བཞིའི་འཇིགས་པ་ཀུན་ལས་སྐྱོབས། །ས་དང་ལམ་ལ་འཁྲིད་པའི་བསུ་མ་མཛོད། །མདོར་ན་བླ་མེད་བྱང་ཆུབ་མ་ཐོབ་བར། །མགོན་སྐྱབས་དཔུང་གཉེན་དམ་པ་མཛད་དུ་གསོལ། །རྒྱ་དུས་སོགས་ལ་ཐུན་གཏོར་བརྡེག་པའམ། །གློ་བུར་དུ་ལས་བཅོལ་ཞིང་དྲག་ཏུ་བསྐུལ་ན། །ཧཱུྃཿ ཟབ་གཏེར་བསྟན་སྲུང་ཁྱབ་འཇུག་རཱ་ཧུ་ལ། །འཁོར་དང་བཅས་པའི་ཐུགས་དམ་དུས་ལ་(༩༡བ)


GLG011_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བབ། །དར་ནག་གཡབ་ཅིང་མི་རྐང་གླིང་བུ་འབུད། །ལྷ་ཁྱོད་བོས་པའི་ཚེ་ན་སྙན་མ་སྲ། །སྨན་རག་མཆོད་གཏོར་མདོས་དང་བླ་རྡོར་བཅས། །ལྷ་ཁྱོད་བསྟེན་པའི་ཚེ་ན་རྒྱང་མ་རིང་། །མནན་བསྲེག་འཕང་སོགས་དྲག་པོའི་ལས་སྦྱོར་གྱིས། །ལྷ་ཁྱོད་རྦད་པའི་ཚེ་ན་མཐུ་མ་ཆུང་། །ཐུགས་དམ་བསྐུལ་ལོ་ཁྱབ་འཇུག་རཱ་ཧུ་ལ། །མཐོང་རེག་ཁ་རླངས་དུག་བསེ་དགྲ་བོ་རྣམས། ཁ་མིག་ལྟག་པའི་རྒྱབ་ཏུ་སྐྱལ་ནས་ཞོག །སྨྱོ་འབོག་རེངས་དང་ཞ་འཁུམས་གཟེར་ནད་དང་། །དམར་བཤལ་འཁྲུ་སྐྱུག་དམུ་བོར་སྐྱ་རྦབ་ཐོང་། ཁྱོ་དང་ཆུང་མ་བུ་སྲིང་ཉེ་དུ་དང་། །རྟ་ནོར་ཕྱུགས་དང་བྲན་གཡོག་མ་ལུས་གསོད། །བསོད་ནམས་མངའ་ཐང་ལོངས་སྤྱོད་ཐམས་ཅད་གཏོར། །ཐོག་གིས་ཁང་ཁྱིམ་སེར་བས་ལོ་ཏོག་ཆོམས། །གནམ་གྱི་འཇུ་ཐག་ས་ཡི་བརྟེན་འཕུར་ཕྱུངས། །རང་བཞིན་ལས་ཀྱི་ཤི་ལ་ཁུངས་མ་འབྱིན། །སྲུང་མ་ཁྱོད་དང་རིགས་འཛིན་བདག་ཅག་གཉིས། ཁྱད་དུ་གསོད་པའི་དམ་ཉམས་དགྲ་བོ་འདི། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །ཨོཾ་ཨཱཿཧཱུྃཿ ཀ་ཏ་ཀེ་ཏ་རཱ་ཧུ་ལ་ས་མ་ཡ་མཱ་ར་ཡ་རྦད་ཛཿ འདི་གཉན་པས་གལ་ཆེན་མ་གཏོགས་མི་བྱ། །ཐུན་གཏོར་འབུལ་ནི། སྨན་རག་སྦྲན། དཔལ་འབར་བཙུགས། ཧཱུྃཿ སྔོན་ཚེ་སིནྡུ་རྒྱ་མཚོའི་མཚོ་གླིང་དུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །དམ་ལ་བཏགས་པའི་ཟ་བདུད་འཁོར་བཅས་རྣམས། །གཏོར་མ་འདི་ལོང་བཅོལ་བའི་འཕྲིན་ལས་མཛོད། །ཡར་སྟོད་ཤམ་བོ་གངས་ཀྱི་ར་བ་རུ། ཀུ་མཱ་ར་ཛ་ཀློང་ཆེན་རབ་འབྱམས་ཀྱིས། །དམ་ལ་༝། །གཏོར་མ་༝། །བྱ་ཡུལ་ཡང་རྩེའི་གཙུག་ལག་ཁང་ཆེན་དུ། །སྔགས་འཆང་ཨ་མི་བྱ་ནག་ཆེན་པོ་ཡི། །དམ་ལ་༝། །གཏོར་མ་༝། །ཞེས་གཏོར་མ་གཙང་སར་(༩༢ན)


GLG011_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། བཏང་རག་ནི། ཧཱུྃཿ བདུད་རྩི་སྨན་དང་དམར་ཆེན་རཀྟའི་མཚོ། །དམར་ཆེན་གཏོར་མ་ཕྱི་ནང་མཆོད་པའི་ཚོགས། །གཟའ་བདུད་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ནོངས་པ་བཟོད་པར་གསོལ་བ་ནི། །བདག་ཅག་མ་རིག་རྨོངས་པའི་དབང་གྱུར་ཏེ། །འཕྲིན་ལས་ཆད་ལྷག་དམ་རྫས་ཉམས་པ་སོགས། །མ་དག་འཁྲུལ་པའི་ཚོགས་རྣམས་ཅི་མཆིས་པ། །སྙིང་ནས་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །རྟེན་ཡོད་ན་བརྟེན་པར་བཞུགས་སུ་གསོལ་བ་ནི། བྲིས་འབུར་སྐུ་གཟུགས་བླ་རྡོ་སྲོག་འཁོར་སོགས། །རྟེན་ལ་ནམ་ཡང་མི་འདའ་བརྟན་པར་བཞུགས། །བཞུགས་ནས་བདག་སོགས་འཁོར་དང་བཅས་རྣམས་ཀྱི། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །རྟེན་མེད་ན་གཤེགས་སུ་གསོལ་བ་ནི། ཆོས་སྐྱོང་གཟའ་བདུད་འཁོར་དང་བཅས་རྣམས་ཀྱིས། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་མ་ལུས་སྩོལ། །ཡེ་ཤེས་རང་བཞིན་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་གསོལ་བ་ཇི་བཞིན་འབྱོན་པར་མཛོད། བཛྲ་མུཿ བཀྲ་ཤིས་ནི། རྒྱ་མཚོའི་རླུང་ལྟར་ཐུགས་རྗེ་ཡོལ་མེད་ཅན། །རྩ་རྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོ །དཔག་བསམ་ཤིང་ལྟར་དངོས་གྲུབ་ཆར་འབེབས་པའི། །ཡི་དམ་རྡོ་རྗེ་གཏུམ་པོའི་བཀྲ་ཤིས་ཤོག །རྡོ་རྗེའི་ཐོག་ལྟར་མཐུ་སྟོབས་འཕྲིན་ལས་ཅན། །ཆོས་སྐྱོང་ཁྱབ་འཇུག་ཆེན་པོའི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པའི་དགེ་ལེགས་རྒྱ་མཚོའི་དབྱངས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །འདི་ནི་རྒྱུན་འཁྱེར་གྱི་དབང་དུ་བྱས་པ་ཡིན་ལ། །རྒྱས་པར་འདོད་ན་གཏེར་གཞུང་ཉིད་ཉམས་སུ་བླངས་བར་བྱའོ། །སྨྲས་པ། ཟབ་གཏེར་མ་ལ་ཡ་ཡི་དགའ་ཚལ་ནས། །(༩༢བ)


GLG011_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དཔྱོད་པའི་བསེར་བུས་ལེགས་སྐུལ་བས། ལས་བྱང་ཚིགས་ཉུང་དོན་རྒྱས་དྲི་བསུང་ཅན། །ལོག་འདྲེན་ཚ་གདུང་འཇོམས་པའི་བྱེད་པོ་བཞིན། །པདྨའི་རིང་ལུགས་གངས་ཀྱི་རི་བོ་ལས། །ལེགས་བཤད་ཆད་པ་མེད་པ་ཆུ་བོའི་རྒྱུན། །བློ་གྲོས་ཀེ་ལ་ཤ་ཡི་བཅུས་པའི་ཆབ། །སྐལ་བཟང་རིགས་འཛིན་དགའ་སྟོན་ཆེད་དུ་སྦྲེང་། །ཤར་གཏེར་རིན་ཆེན་འབྲས་བཟང་སྨིན་པའི་བཅུད། །ལོངས་སུ་སྤྱད་མཁས་བྱང་པ་རིགས་འཛིན་རྗེའི། །མནན་ངག་རོ་བརྒྱའི་དཔལ་ལ་དབང་འབྱོར་བའི། །ཟ་ཧོར་བནྡེ་གང་ཤར་རང་གྲོལ་གྱིས། །འདབ་བཟང་དབང་པོའི་རིགས་ལས་བྱ་ནག་གདུང་། །བཟའ་བདུད་བྲན་ལྟར་གསོལ་བའི་སྔགས་རིགས་བརྒྱད། །ལྷོ་ཕྱོགས་ནོར་འཛིན་སྐྱོང་དེའི་རྒྱུན་ཁྱེར་དུ། །ཉམས་ལེན་ཚིག་ཉུང་དོན་རྒྱས་ཡི་གེར་བཀོད། །དགེ་དེས་འཁོར་བར་འཕེན་བྱེད་ཉོན་མོངས་དང་། །ཚེ་འདིར་ལོག་པར་འཁུ་བའི་དགྲ་བགེགས་ཚོགས། །མ་ལུས་ཀ་དག་དབྱིངས་སུ་བསྒྲལ་བྱས་ནས། །རང་གཞན་དོན་གཉིས་མ་ལུས་འགྲུབ་པར་ཤོག །ཆོས་སྐྱོང་གཟའ་བདུད་ཆེན་པོ་རཱ་ཧུ་ལའི། ལས་བྱང་བསྐང་གསོ་དྲག་སྐུལ་རྣམས་ཕྱོགས་གཅིག་ཏུ་ཚིག་སྦྱོར་གསར་དུ་བསྒྲིག་པ་ཞིག་དགོས་ཞེས། བྱ་ཁྲི་དཔོན་རྒྱལ་པོ་བཀྲ་ཤིས་ཀྱིས་བསྐུལ་བ་ལ་བརྟེན་ནས། ལས་བྱང་ཚངས་པའི་སྒྲ་དབྱངས་ཞེས་པ་འདི་ནི་ཟ་ཧོར་གྱི་སྔགས་བཙུན་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །ལྷ་ཆེན་འཕྱོས་ལྷ་བཀའ་སྡོད་དང་བཅས་པ་གསོལ་བ་ལ། །བླ་མའི་ལས་བྱང་རྒྱས་བསྡུས་གང་ཡང་རུང་བས་གཞུང་བསྲང་། སྨན་རག་གཏོར་གསུམ་ལས་བྱང་གི་ནང་བཞིན་བྱིན་གྱིས་རླབས་པ་དང་། བསྐང་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་མང་པོར་སྤེལ་ཏེ་འདི་སྐད་དོ། །སྭཽ། འཛམ་བུའི་གླིང་ན་ཆེ་བའི་རིགས་སྔགས་(༦༣ན)


GLG011_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །བརྟུལ་བཞུགས་གྲུབ་པའི་དབང་པོ་པདྨ་འབྱུང་། །བརྒྱུད་པར་བཅས་པའི་དམ་ཚིག་ཉེར་དགོངས་ལ། །ལྷ་ཆེན་འཕྱོས་ལྷ་དཀོན་པ་གནས་འདིར་གཤེགས། །མདུན་དུ་ཏིང་འཛིན་པིར་གྱིས་ཉེར་བྲིས་པའི། །བཻཌཱུར་པད་རཀ་མར་གད་མུ་ཏིག་སོགས། །ལྷ་མིའི་རིན་ཅེན་ཕྲ་ཡིས་བཀོད་མཛེས་ཅན། །གསེར་གྱི་ཁང་བཟང་རྒྱ་ཕུབས་ལྡན་པའི་དབུས། །རབ་དཀར་ལྷ་ཆེན་ཁྲོ་ཆགས་སྒེེག་པའི་ཉམས། །དར་དཀར་ཐོད་དང་གོས་གྱོན་ཐུཊ་ཀ་ན། །ཛམྦུའི་གསེར་སྦྱངས་ཞུན་མའི་གའུ་ལ། །དྲུག་དམར་གཡུ་ཡི་པད་འདབ་རྣམ་པར་སྤུངས། །ས་ཡི་ཟླ་བ་ལས་གྲུབ་སྐ་རགས་ལ། །ནོར་བུའི་ལན་ཚར་གཡོ་བས་ཅི་ཡང་མཛེས། །སྣ་མང་རིན་ཅེན་དུ་མའི་རྒྱན་སྤྲས་པ། །རྨུགས་འཛིན་དབང་པོའི་གཟི་བརྗིད་དག་ལ་འགྲན། །ཕྱག་གཡས་སྦ་ལྕག་དཀར་པོ་མཁའ་ལ་འཕྱར། །གཡོན་པ་ནོར་བུས་གང་བའི་གཞོང་པ་འཛིན། །རིན་ཅེན་སྒ་སྲབ་མཛེས་པའི་རྟ་དཀར་སྟེང་། །སག་ལྷམ་དང་བཅས་འགྱིང་བའི་ཚུལ་གྱིས་ཞོན། །པདྨ་ཉི་ཟླའི་གདན་ལ་ལེགས་བཞུགས་ནས། །སྤྲུལ་པ་ཡང་སྤྲུལ་བྱེ་བའི་ཚོགས་རྣམས་ཀུན། །དབྱར་གྱི་ཆར་སྤྲིན་ལྟ་བུར་ཡོངས་འཁྲིགས་ཏེ། །རྨད་བྱུང་མཆོད་པའི་ཞིང་འདིར་དགྱེས་པར་མཛོད། །སྭཽ། ཁྱད་པར་ལྷ་མཆོག་ཁྱོད་ཀྱི་བཀའ་སྡོད་གཙོ། །མཐུ་ལྡན་བཤན་པ་ལག་དམར་རྫོང་བཙན་པ། །ཁྲོ་གཏུམ་རྔམས་ཞལ་དམར་སྨུག་དབང་གི་མདོག །ལྷག་ལྷག་གསལ་འཆར་བསེ་ཁྲབ་བསེ་རྨོག་གྱོན། །མདུང་དམར་འདེབས་ཤིང་ཞགས་པ་དགྲ་ལ་འཕེན། །ཞབས་གཉིས་སག་ལྷམ་དམར་པོ་གསོལ་བ་ཡིས། །སྒ་སྲབ་ལྡན་པའི་རྟ་མཆོག་སྔོན་པོར་བཅིབས། །ཚུར་སྤྱོན་ཚུར་སྤྱོན་དགྱེས་པའི་གདན་ལ་བཞུཊ། །ཨཱོཾ། །འཆི་(༩༣བ)


GLG011_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདུད་རྩིའི་བཅུད་ལྡན་ཨ་མྲྀ་ཏ། །དཀར་དམར་དམ་རྫས་གཏོར་མ་རི་ལྟར་སྤུངས། །རིན་ཅེན་གསེར་གཡུ་བརྡར་བའི་ཞལ་སྐྱེམས་འདིས། །ལྷ་མཆོག་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ནད་སེལ་སྨན་ཕུད་རིན་ཅེན་སྣོད་དུ་གཏམས། །དར་ཚོན་སྣ་ལྔའི་གཡབ་དར་འཇའ་བཞིན་བཀྲ། །རྒྱ་ཇའི་བཏུང་བ་རྒྱ་མཚོ་ལྟར་བསྐྱིལ་བས། །ལྷ་མཆོག་འཁོར་དང་བཅས་པའི་༝། །དངར་གསུམ་བཅུད་ཀྱི་རོ་ལྡན་མཆོད་ཡོན་དང་། །པད་དཀར་ཀུ་མུད་ལ་སོགས་མེ་ཏོག་ཚོགས། །ལྗོན་ཤིང་དྲི་བཟང་བསྲེགས་པའི་དུད་པའི་སྤྲིན། །ལྷ་མཆོག་༝། །ཉི་ཟླ་ནོར་བུ་རྩི་བཅུད་སྒྲོན་མེ་སྦར། །ག་པུར་གུར་ཀུམ་ངད་ལྡན་དྲི་ཆབ་འཁྲུག །རོ་བརྒྱའི་དཔལ་འཛིན་ལྷ་མིའི་ཞལ་ཟས་ཀྱིས། །ལྷ་མཆོག་༝། །སིལ་སྙན་གླིང་བུ་དུང་སོགས་རོལ་མོའི་སྒྲ། །གཟུགས་མཛེས་གར་བསྒྱུར་སྙན་པའི་ཝི་ཝང་བརྡུང་། །དྲི་ལྡན་དུང་ཆོས་བཟའ་དང་བཅའ་བ་སྦྲེང་། །དར་དང་ཟ་འོག་ལྷབ་ལྷུབ་ན་བཟའ་ཡིས། །ལྷ་མཆོག་༝། །གསེར་གྱི་འཁོར་ལོ་འདོད་འཇོ་ཡིད་བཞིན་ནོར། །བདེ་སྟེར་བཙུན་མོ་དཔའ་མཛངས་བློན་པོའི་ཚོགས། །གླང་ཆེན་རྟ་མཆོག་དཔའ་བོ་ཡ་ལད་ཅན། །ལྷ་མཆོག་༝། །རིན་ཅེན་ཏོག་མཛེས་གདུགས་དང་གསེར་གྱི་ཉ། །བུམ་བཟང་པདྨ་གཡས་སུ་འཁྱིལ་བའི་དུང་། །དཔལ་གྱི་བེའུ་རྒྱལ་མཚན་འཁོར་ལོ་ཡིས། །ལྷ་མཆོག་༝། །རླུང་གི་ཤུགས་འཆང་ཅང་ཤེས་སྒ་སྲབ་སྤྲས། །རྡོ་རྗེའི་རྭ་ལྡན་འབྲོང་གཡག་ཞོལ་མོའི་ཚོགས། །ར་ལུག་འཕུར་ལྡིང་གཡོ་བའི་བྱ་ཚོགས་ཀྱིས། །ལྷ་མཆོག་༝། །སྟག་གཟིག་ཅེ་སྤྱང་ཁྱི་སོགས་འདུར་ཞིང་རྒྱུག །སྲ་བཙན་ཁྲབ་རྨོག་ཞོལ་བཏགས་འཇའ་རིས་ཅན། །རལ་གྲི་མདའ་མདུང་རུ་མཚོན་བསྒྲེང་བ་ཡིས། །ལྷ་མཆོག་༝། ཁྲག་(༩༤ན)


GLG011_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཨརྒྷཾ་དབང་པོ་སྣ་ལྔ་སྤུངས། །གསུར་ཆེན་དུད་པ་ཚིལ་ཆེན་མར་མེ་དང་། །ཤ་རུས་ཞལ་ཟས་རྐང་གླིང་རོལ་མོ་ཡིས། །བཙན་རྒོད་དྲག་པོའི་དམག་ཚོགས་ཐུགས་དམ་བསྐང་། །མདོར་ན་ཞི་རྒྱས་དབང་དྲག་དང་འཚམ་པར། །དབང་པོ་སྒོ་ལྔ་དགྱེས་པ་བསྐྱེད་ནུས་པའི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་ཡིས། །བཙན་རྒོད་དྲག་པོའི་དམག་ཚོགས་ཐུགས་དམ་བསྐང་། །ཧཱུྃཿ དེ་ལྟར་ཐུགས་དམ་གཉན་པོ་ལེགས་བསྐང་བས། །བདག་སོགས་རྒྱུ་སྦྱོར་ཡོན་བདག་བཅས་པ་ཡིས། །མ་རིག་དབང་གིས་ཐུགས་དང་ཅི་འགལ་བ། །ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཧཱུྃཿ ཞི་ཁྲོའི་ཉམས་ཀྱི་རྣམ་འགྱུར་ཅིར་ཡང་སྟོན། །རིན་ཅེན་རྒྱན་དང་དར་གྱི་ན་བཟས་ཀླུབས། །རྟ་མཆོག་ཞོན་ནས་སྟོང་གསུམ་སྐད་ཅིག་མྱུལ། །ཇེ་བོ་ལྷ་ཆེན་དཀོན་པ་ཁྱོད་ལ་བསྟོད། །བཀའ་སྡོད་ཆེན་པོ་བཙན་རྒོད་འབར་བའི་གཙོ། །མདོག་དམར་ཁ་གདངས་དགྲ་ལ་འོ་དོད་འབོད། །བདུད་སྡེ་ལས་རྒྱལ་བ་དན་མཁའ་ལ་བསྒྲེང་། །གནོད་སྦྱིན་སྲོག་གི་བཤན་པ་ཁྱོད་ལ་བསྟོད། །མཛེས་བརྗིད་ཆགས་དང་དྲག་པོའི་རྣམ་འགྱུར་སོགས། །བགྲང་ཡས་སྒྱུ་འཕྲུལ་དྲ་བའི་རོལ་གར་གྱིས། །སྣ་ཚོགས་འཕྲིན་ལས་མ་ལུས་སྒྲུབ་མཛད་པའི། །བཀའ་སྡོད་སྲུང་མའི་ཚོགས་དང་བཅས་ལ་བསྟོད། །རྒྱལ་བ་ཀུན་དངོས་པདྨ་འབྱུང་གནས་ཀྱིས། །བཀའ་བཏགས་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ལྕེ་ལ་བླུག །དམ་ཚིག་ཕོག་པ་མ་གཡེལ་དེང་འདིར་དགོངས། །བསྟན་དང་འགྲོ་བའི་བདེ་སྐྱིད་ལ་འཚེ་བའི། །ནག་པོ་བདུད་ཀྱི་རིས་གྱུར་དགྲ་དང་བགེགས། །སྟེང་འོག་ཕྱོགས་མཚམས་བར་གསུམ་གར་གནས་ཀྱང་། །ད་ལྟ་ཉིད་དུ་སྒྲོལ་བའི་དུས་(༩༤བ)


GLG011_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ། །རབ་ཁྲོས་སྐུ་ལ་ནོར་བུའི་གོ་ཁྲབ་གསོལ། །ཕྱག་ན་མདུང་རྣོན་བ་དན་གཡོ་བ་འཛིན། །སྲིད་གསུམ་འབྱུང་བའི་དམག་གི་དཔུང་ཚོགས་དང་། །ལྷན་ཅིག་རྒྱུ་བའི་རྫུ་འཕྲུལ་སྟོན་པར་མཛོད། །སྟོང་གསུམ་བལྟ་བའི་མིག་གིས་ལུས་ཀུན་གང་། །ཐོག་དང་སེར་བའི་སྣེ་ཁྲིད་བར་སྣང་ཀུན། །བཙོ་དམར་མེ་ཡི་ཕུང་པོས་ཁྱབ་མཛད་པའི། །མངོན་སུམ་གསལ་བའི་ཆོ་འཕྲུལ་སྟོན་པར་མཛོད། །ལྷ་ཆེན་བཙན་རྒོད་གཉན་པོ་འཁོར་བཅས་རྣམས། །རབ་ཁྲོས་དྲག་ཤུལ་ཆེན་པོའི་དཔུང་ཚོགས་ཀྱིས། །ནག་པོ་བདུད་ཀྱི་རུ་མཚོན་ས་ལ་སྙོལ། །དཀར་ཕྱོགས་རྒྱལ་བའི་རྫ་རྔ་སྲིད་རྩེར་རྡུངས། །ཧཱུྃཿ དགྱེས་ཞལ་སྟོན་ཟླ་བཞིན་དུ་རབ་གསལ་ཞིང་། །ཉིན་བྱེད་འབུམ་གྱི་གཟི་བརྗིད་ལྟར་འབར་བའི། །ངོ་མཚར་བཀོད་པ་རྒྱ་མཚོའི་རྣམ་རོལ་གྱིས། །བསྟན་དང་འགྲོ་བའི་ཕན་བདེ་སྤེལ་བར་མཛོད། ཁྱད་པར་གངས་ཀྱི་ར་བའི་ཁོར་ཡུག་དབུས། །དགེ་བཅུ་ཀུན་ཚང་ཡར་ཀླུངས་འཛིན་མའི་གཞིའི། །བྱེ་བྲག་འཕྱོས་ལུང་ཡུལ་གྲུའི་སྐྱེ་རྒུ་རྣམས། །བདེ་སྐྱིད་ཕུན་ཚོགས་དཔལ་ལ་འགོད་པར་མཛོད། །སྔོན་བསགས་ལེགས་བྱས་སྟོང་གི་རྒྱལ་མཚན་རྩེར། །སྲིད་ཞིའི་དཔལ་འབྱོར་ཡིད་བཞིན་དབང་གི་རྒྱལ། །དགེ་ལེགས་འདོད་དགུའི་ཆར་གྱིས་ཁ་བའི་ལྗོངས། །ཀུན་ཁྱབ་བསམས་དོན་ལྷུན་གྱིས་གྲུབ་པར་ཤོག །ཅེས་ཇོ་བོ་འཕྱོས་ལྷ་དཀོན་པ་དང་། བཤན་པ་གྲིབ་བཙན་པ་གཉིས་ཀྱི་གསོལ་མཆོད་འདི་ནི་བཙན་རྒོད་ཉིད་ཀྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །བླ་མའི་ལས་བྱང་མཆོད་གཏོར་བྱིན་རླབས་སོགས་སྔོན་དུ་འགྲོ་བས། ཧཱུྃ། རྒྱལ་བ་ཀུན་གྱི་མཐུ་སྟོབས་མ་ལུས་པ། །རྫུས་སྐྱེས་སྤྲུལ་པའི་གར་མཁན་པདྨ་འབྱུང་། །(༩༥ན)


GLG011_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཨྱོན་སངས་རྒྱས་གཉིས་པའི་དགེ་བསྙེན་ཆེ། །ཚངས་པ་དུང་གི་ཐོར་ཚུཊ་གནས་འདིར་གཤེགས། །སྙན་པའི་དབྱངས་དང་བརྗིད་ལྡན་རོལ་མོའི་སྒྲ། །མཆོད་གཏོར་མདོས་དང་ཕྱི་ནང་གསང་བའི་རྟེན། །ལྷ་ཁྱོད་བསྟེན་པའི་རྫས་སུ་བཤམས་ལགས་ན། །མཛེས་ཞལ་ཟླ་བ་ལྟ་བུར་ངོམ་ཞིང་གཤེགས། །ཚུར་སྤྱོན་ཚུར་སྤྱོན་ཏིང་འཛིན་གྱིས་སྤྲུལ་པའི། །རིན་ཅེན་ལྔ་ལས་གྲུབ་པའི་ཕོ་བྲང་དབུས། །པདྨ་ཉི་ཟླ་རྟ་མཆོག་ངང་དཀར་སྟེང་། །འགྱིང་བག་རོལ་པའི་ཚུལ་གྱིས་བཞུགས་སུ་གསོལ། །རྙོག་བྲལ་མཆོད་ཡོན་མེ་ཏོག་སྣ་ཚོགས་བཀྲ། །སྨན་སྤོས་དུད་སྤྲིན་མར་མེའི་འཕྲེང་བ་འཁྲིགས། །དྲི་ཆབ་རོ་བརྒྱའི་ཟས་དང་པི་ཝང་སྒྲོག །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔས། །ལྷ་ཆེན་ཚངས་པ་ཡུམ་སྲས་བློན་པོར་བཅས། །སྤྲུལ་པ་ཡང་སྤྲུལ་བྱེ་བའི་ཚོགས་རྣམས་ཀྱི། །ཐུགས་དམ་བསྐང་ངོ་བསྟན་འགྲོའི་བདེ་སྐྱིད་སྤེལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབས། །བདུད་རྩི་སྨན་མཆོད་དམར་ཆེན་གཏོར་མ་དང་། ཁྲག་གི་ཨརྒྷཾ་དབང་པོ་སྣ་ལྔ་སྤུངས། །ཤ་ཆེན་གསུར་དུད་ཚིལ་ཆེན་མར་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་ཀྱིས། །ལྷ་ཆེན་ཚངས་པ་སོགས་ཤླཽ་ཀ་གཅིག་པོ་འགྲེ་༝། །དར་དཀར་གོས་ཐོད་སྣ་ཚོགས་རིན་ཅེན་རྒྱན། །སྲ་བརྟན་ཁྲབ་རྨོག་རྔ་ཞོལ་འཇའ་ལྟར་བཀྲ། །མདའ་མདུང་རལ་གྲི་དགྲ་སྟ་ཞགས་པ་དང་། །སྤྱང་ཀི་རྒོད་སྤྲེལ་བྱི་ལའི་རྒྱལ་མཚན་གྱིས་༝། །རྫ་རྔ་དུང་ཆེན་སིལ་སྙན་འབྲུག་ལྟར་སྒྲོག །རིན་ཅེན་གསེར་གཡུ་བརྡར་བའི་ཞལ་སྐྱེམས་དང་། །རྟ་དཀར་གཡག་རྒོད་ར་ལུག་བྱ་དང་ཁྱི། །ཅེ་སྤྱང་སྟག་གཟིག་དོམ་དྲེད་ལ་སོགས་པས་༝། །མོན་པ་ཛོ་ཀི་སྤྲེའུ་འབག་སེང་དང་། །དར་འཕན་བླ་བྲེ་ལྡ་ལྡི་རུ་(༩༥བ)


GLG011_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དར་གཡོ། །གདུགས་མཛེས་གསེར་ཉ་བུམ་པ་པདྨ་བཟང་། །དུང་དཀར་དཔལ་བེའུ་རྒྱལ་མཚན་འཁོར་ལོ་ཡིས་༝། །རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་ཅེན་བདུན། །བཀྲ་ཤིས་རྫས་བརྒྱད་གླིང་བཞི་གླིང་ཕྲན་དང་། །ཉི་ཟླ་རི་རབ་ལྷ་མིའི་འདོད་ཡོན་སོགས། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་མཆོད་སྤྲིན་གྱིས་༝། །གངས་ཀྱི་རི་བོ་ཟླ་བ་ཞུན་མ་ཡིས། །ལན་བརྒྱར་བྱུགས་པའི་མཛེས་སྡུག་ཡིད་འོང་ལ། ཁྲོ་ཆགས་ཞི་བའི་རྣམ་འགྱུར་སྟོན་མཛད་པའི། །ལྷ་ཆེན་ཚངས་པ་ཆེན་པོ་ཁྱོད་ལ་བསྟོད། །རེས་འགའ་དམར་ཟླུམ་སྤྱན་བགྲད་ཨམ་གཙིགས་བསྡམས། །བཙན་པོའི་གོ་གྱོན་རྣོན་པོའི་མཚོན་ཐོགས་ནས། །སྲོག་བདག་བཙན་རྒོད་ཆེན་པོའི་རྣམ་རོལ་གྱིས། །སྣ་ཚོགས་སྤྲུལ་པའི་གར་མཁན་ཁྱོད་ལ་བསྟོད། །ས་འོག་ས་སྟེང་ས་བླ་མ་ལུས་པར། །རྣམ་འགྱུར་ཅིར་ཡང་སྟོན་པའི་རྫུ་འཕྲུལ་ཅན། །གསང་ཡུམ་བློན་པོ་སྤྲུལ་པ་ཡང་སྤྲུལ་སོགས། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཚོཊ་ལ་བསྟོད། །ཨྱོན་སློབ་དཔོན་པདྨ་ཐོད་ཕྲེང་གིས། །སྒྲུབ་པ་བཀའ་བརྒྱད་ལྷ་ཡི་དཀྱིལ་འཁོར་དུ། །དབང་བསྐུར་སངས་རྒྱས་བསྟན་པའི་སྲུང་མ་རུ། །མངའ་གསོལ་གཟེངས་བསྟོད་ལྷ་ཡི་དགེ་བསྙེན་ཁྱོད། །དགྲ་བགེགས་འདུལ་ལ་གནམ་ལྕགས་རྡོ་རྗེའི་ཐོག །རེ་བ་སྐོང་ལ་དཔག་བསམ་ལྗོན་པའི་ཤིང་། །ནད་བརྒྱ་འཇོམས་ལ་སྨན་མཆོག་རྣམ་པར་རྒྱལ། །འཆི་མེད་སྩོལ་ལ་བདུད་རྩིའི་བུམ་པ་བཟང་། །གདུང་བའི་ཡིད་ཀྱིས་ཐུགས་དམ་རྒྱུད་བསྐུལ་ན། །ལུང་རྟོགས་བསྟན་པ་དབྱར་གྱི་མཚོ་ལྟར་རྒྱས། །འགྲོ་ཀུན་བདེ་ཞིང་སྐྱིད་པའི་དཔལ་ལ་སྦྱོར། །ས་སྤྱོད་རྒྱལ་པོའི་མངའ་ཐང་ཆབ་སྲིད་སྤེལ། །བདག་སོགས་འཁོར་བཅས་བསམས་དོན་ལྷུན་གྲུབ་མཛོད། །གངས་ཅན་ལྷ་གཅིག་སྲོང་བཙན་སྐྱེས་ལྷ་ཆེ། །ཞེས་སོགས་ཤླཽ་ཀ་(༩༦ན)


GLG011_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོའི་མཐར། མདོར་ན་ཕན་བདེའི་རྩ་ལག་ཐུབ་པའི་བསྟན། །སྤྱི་དང་ཁྱད་པར་མཉམ་མེད་བཙོང་ཁ་པའི། །ཆོས་སྲིད་ཉི་ཟླའི་འོད་ཀྱིས་འཇིག་རྟེན་ཀུན། །ཕན་བདེའི་སྣང་བས་ཁྱབ་པའི་བཀྲ་ཤིས་ཤོག །ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་འཕྲིན་ཡིག་གསོལ་བའི་ནང་གི་གཉེར་གཏད་ཤླཽ་ཀ་གསུམ་པོ་དང་བཅས་པའི་གསོལ་མཆོད་ཅིག་དགོས་ཞེས་ཚེར་གསེབ་བླ་མ་བློ་བཟང་འཇམ་དབྱངས་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ།། །།དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་རྣམ་རོལ་བ། །སྲིད་པ་གསུམ་ན་ཆེ་བའི་རིགས་སྔགས་འཆང་། །ཨྱོན་སངས་རྒྱས་གཉིས་པས་བྱིན་ཕོབ་ཅིག །དོན་དམ་སྤྲོས་དང་བྲལ་བའི་དབྱིངས་ཉིད་ལ། །ཀུན་རྫོབ་སྒྱུ་འཕྲུལ་འཇའ་ཚོན་ལྟར་བཀྲ་བའི། །མཆོང་སྨུག་དུང་དང་གསེར་སྦྱངས་བྱུ་རུ་གཡུའི། །རིན་ཅེན་ལྔ་ལས་གྲུབ་པའི་གཞལ་མེད་ཁང་། །ལྟ་ན་ཉེར་སྡུག་ལྷ་ཡི་ཕོ་བྲང་ལ། །རྔམ་བརྗིད་སྲིན་པོའི་གྲོང་ཁྱེར་དང་མཚུངས་ནས། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་ཆེ། །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་པུ་ཏྲ་ནག །ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ་ཤིང་བྱ་ཅན། །ནུབ་ཕྱོགས་གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས། །བྱང་ཕྱོགས་འཕྲིན་ལས་རྒྱལ་པོ་མི་བོ་ཆེ། །ཀུན་ཀྱང་གསང་ཡུམ་སྤྲུལ་པ་བློན་པོ་དང་། །རྔམ་བརྗིད་གོས་དང་རྒྱན་ཆ་བཞོན་པར་བཅས། །སྣ་བཟུང་རོལ་ཁྲིད་སྤྲུལ་པའི་ཕོ་ཉ་འགྱེད། །ཤ་གྲོལ་གྱི་གྲོལ་འཛིན་སྡོམ་འབག་སེང་དང་། །མོན་བུ་ནག་པོ་སྤྲེའུ་ཨ་ཙ་ར། །རུ་འདྲེན་སྡེ་བཞི་སྣང་སྲིད་དྲེགས་པའི་འཁོར། །ས་གཞི་བར་སྣང་གང་བའི་ཚོགས་རྣམས་ཀུན། །ཚུར་གཤེགས་ཏིང་འཛིན་གྱིས་སྤྲུལ་དཀྱིལ་(༩༦བ)


GLG011_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ། །པད་ཉི་དགྲ་བགེགས་གདན་ལ་བརྟན་པར་བཞུགས། །ཁྱད་པར་ཤར་ཕྱོགས་སྐུ་ཡི་རྒྱལ་པོའི་བློན། བྱ་ཁྲིད་མིག་གཅིག་གཅེར་བུ་སྦྲུལ་ཐོད་ཅན། །རྟ་སྔོན་ལ་བཅིབས་ཤེལ་གྱི་རྡོ་རྗེ་འཕེན། །འདིར་སྤྱོན་དགྱེས་པའི་གདན་ལ་བརྟན་པར་བཞུགས། །མཐུ་སྟོབས་ནུས་པ་མངའ་བའི་དྲག་རྩལ་ཅན། །འཇིག་རྟེན་དྲེགས་པའི་སྡེ་དཔོན་པེ་ཧཱ་ར། །གནོད་སྦྱིན་རྒྱལ་པོ་སྡེ་ལྔ་བློན་པོར་བཅས། །སྤྲུལ་པ་ཡང་སྤྲུལ་ཚོགས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བདག་དང་ལྷ་ཁྱོད་དམ་ཚིག་བསྲེ། །བདག་གིས་རྟག་ཏུ་རྒྱལ་ཆེན་ཐུགས་དམ་བསྐོང་། །སྐྱེས་མཆོག་ཁྱོད་ཀྱིས་བདག་གི་སྟོང་གྲོགས་མཛོད། །དཔལ་ཆེན་ཁྲག་འཐུང་གཟུ་དང་དཔང་པོར་བཞུགས། །དམ་རྫས་བདུད་རྩིའི་སྨན་མཆོད་བྷནྡྷར་གཏམས། །འབྲུ་བཅུད་སྟོང་སྦྱར་ཛ་གད་མཚོ་ལྟར་བསྐྱིལ། །ཕུན་ཚོགས་རྒྱ་ཇ་རབ་དཀར་སྣོད་དུ་འཁྱིལ། །གྲངས་མེད་བཅུད་ལྡན་བཏུང་བའི་ཚོགས་རྣམས་ཀྱིས། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་དང་། ཁྱད་པར་བཤན་པ་བྱ་ཁྲིད་མིག་གཅིག་པ། །གསོལ་ལོ་མཆོད་དོ་བདག་སོགས་འཁོར་བཅས་ཀྱི། །འགལ་རྐྱེན་ཀུན་སེལ་བསམ་དོན་ལྷུན་གྲུབ་མཛོད། །དམ་རྫས་དམར་ཆེན་གཏོར་མ་རི་ལྟར་སྤུངས། །རོ་བརྒྱའི་གཡང་ཆགས་ལྷ་བཤོས་རྒྱན་དང་ལྡན། །སེང་གེ་གླང་ཆེན་རྟ་ཁྱུང་རྨ་བྱའི་ཤ །ཤིང་འབྲས་དངར་གསུམ་འབྲུ་སོགས་བཟའ་བཅའ་ཡིས། །སྤྲུལ་པའི་ཆོས་རྒྱལ་སོགས་ཤླཽ་ཀ་གཅིག་པོ་འགྲེ་༝། །དྲི་བཟང་སྨན་གྱིས་སྦགས་པའི་མཆོད་ཡོན་དང་། །དམར་ཆེན་ཨརྒྷཾ་རཀྟའི་ལྦུ་འཕྲེང་འཁྲིགས། །དག་བྱེད་ཁྲུས་ཀྱི་ཞབས་བསིལ་རྣམ་པར་སྦྲེང་། ཁྲག་ཞག་ག་བུར་དྲི་ཆབ་ལེགས་བཤམས་པས་༝། །པུཎྜ་རཱི་ཀ་ཨུཔྟལ་དཀར་དམར་སོགས། །(༩༧ན)


GLG011_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྐྱེས་སྣ་ཚོགས་བཀྲ་བའི་ཆུན་པོ་དང་། །དོན་སྙིང་མིག་འབྲས་རྣ་བ་སྣ་ལྕེ་ཡི། །དབང་པོ་ལྔ་ཡི་མེ་ཏོག་ཚོགས་རྣམས་ཀྱིས་༝། །སྤོས་དཀར་སྨན་སྣ་ཙནྡན་ཨ་ཀ་རུ། །ཤུག་པ་བ་ལུ་འཁན་པ་སྟག་པ་སོགས། །དྲི་བཟང་སྣ་ཚོགས་བསྲེགས་པའི་བསངས་མཆོད་དང་། །ཤ་ཆེན་གསུར་གྱི་དུད་པའི་སྤྲིན་ཕུང་གིས་༝། །མུན་པའི་གདུང་སེལ་ཉི་ཟླའི་འོད་སྣང་དང་། །བཀྲག་མདངས་རབ་འབར་ཕུན་ཚོགས་ནོར་བུའི་དཔྱ། །རྩི་བཅུད་འབྲུ་མར་ཚིལ་ཆེན་ལས་སྦྱར་བའི། །མར་མེའི་ཕྲེང་བ་སྐར་ཚོགས་ལྟར་བཀྲ་བས་༝། །སྙན་འགྱུར་འདེགས་འཇོག་རྔམས་བརྗིད་གྱེར་དབྱངས་དང་། །སིལ་སྙན་རྫ་རྔ་དུང་ཆེན་གླིང་བུའི་སྒྲ། །སྐྱེས་བུ་བུད་མེད་དགའ་བའི་གླུ་ལེན་ཅིང་། །རྣམ་འགྱུར་རྩེད་འཇོའི་ཟློས་གར་ཇི་སྙེད་པས་༝། །མི་དཀར་རྒྱན་ལྡན་ར་དཀར་སྒ་སྲབ་ལྡན། །བྱ་དཀར་ལྡིང་ཞིང་ཁྱི་དཀར་འཁང་ཞིང་ཟུག །འཇམ་མཉེན་སྤུ་ཚོགས་འཁྱིལ་བའི་ལུག་དཀར་དང་། །ཤེལ་གོང་ལྟར་གསལ་ར་དཀར་ཚོགས་རྣམས་ཀྱིས་༝། །ཁྲབ་རྨོག་ཞོལ་བཏགས་ཕུབ་སོགས་སྲ་བའི་གོ །མདའ་མདུང་རལ་གྲི་དགྲ་སྟ་ལྕགས་ཀྱུ་དང་། །སྤུ་གྲི་བེ་ཅོན་ཞགས་པ་དམ་ཞིང་སོགས། །ཇི་སྙེད་མཚོན་ཆ་ཕྱག་མཚན་སྣ་ཚོགས་ཀྱིས་༝། །ཙེ་བེར་ཞྭ་ཕོད་སག་ཐེབ་དར་ཟབ་གོས། །སྣམ་སྦྱར་མཐང་གོས་ལྷུང་བཟེད་གསེག་ཀ་ལི། །འཁར་གསིལ་བྷནྡྷ་གླང་སྟག་པགས་པའི་གོས། །གཡང་གཞི་རུས་པ་རིན་ཅེན་སྦྲུལ་ཆུན་གྱིས་༝། །རབ་འཇིགས་རྒྱ་སྟག་རྩལ་ཆེན་སྤྲེའུ་དང་། །ལྡིང་བྱེད་བྱ་རྒོད་ཟ་བྱེད་སྤྱང་ཀིའི་པགས། ཁ་དོག་རྣམ་པར་བཀྲ་བའི་ཟ་འོག་ལས། །གྲུབ་པའི་རྣམ་པར་རྒྱལ་བའི་རྒྱལ་མཚན་འདི་༝། །མདོར་ན་ལྷ་དང་མི་ཡི་ཉེར་སྤྱད་དང་། ལྷ་སྲིན་(༩༧བ)


GLG011_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་དགའ་བའི་མཐུན་རྫས་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པའི་ཚོགས། །མི་འཛད་ནམ་མཁའ་མཛོད་དུ་བྱིན་བརླབས་པས་༝། །དེ་ལྟར་པེ་ཧར་ཆོས་རྒྱལ་སྐུ་ལྔ་པོ། །སྤྲུལ་པ་ཡང་སྤྲུལ་བཀའ་ཉན་མངག་གཞུག་བཅས། ཁྱད་པར་བློན་པོ་བྱ་ཁྲིད་མིག་གཅིག་པ། །འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། །མ་རིག་དབང་གིས་མཆོད་རྫས་ཉམས་ཤིང་འབགས། །ཏིང་འཛིན་མི་གསལ་ཆད་ལྷག་ནོངས་པ་ཀུན། །རྨི་ལམ་སྒྱུ་མའི་རོལ་པ་ཇི་བཞིན་དུ། །རང་བཞིན་གདོད་ནས་སྟོང་པའི་དབྱིངས་སུ་བཤགས། །ཆོས་སྐྱོང་དགྲ་ལྷའི་རྒྱལ་པོ་འཁོར་བཅས་ཀྱིས། །སངས་རྒྱས་བསྟན་སྲུངས་འགྲོ་བའི་བདེ་སྐྱིད་སྤེལ། །བདག་སོགས་གཞི་ལམ་བྱེས་གསུམ་གང་དུ་ཡང་། །མགོན་སྐྱབས་དཔུང་གཉེན་མཛོད་ལ་བསམས་དོན་སྒྲུབས། །མདོར་ན་ཨྱོན་པདྨ་ཐོད་ཕྲེང་དང་། །འགྲོ་མགོན་མངའ་བདག་ཡབ་སྲས་ལ་སོགས་པའི། །རིགས་འཛིན་བརྒྱུད་པའི་དམ་ལས་མ་འདའ་བར། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ཅེས་རྒྱལ་པོ་སྐུ་ལྔ་གཙོ་བོ་བཏོན་པ་ལ་སྐུའི་རྒྱལ་པོ་མོན་བུ་པུ་ཏྲའི་བློན་པོའི་སྒེར་གསོལ་ཡོད་པ་ཞིག་དགོས་ཞེས་གྲ་ཨར་དགེ་ནས་བྱ་ཁྲིད་མིག་གཅིག་པར་གྲགས་པས་བསྐུལ་བ་ལ་བརྟེན་ནས་འཕྲིན་ལས་དོན་བཅུ་མའི་ཁ་སྐོང་དུ་ཕན་པར་བསམས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །གཏེར་སྲུང་ལྡང་ལྷར་རྒྱུན་དུ་མཆོད་གཏོར་འབུལ་བ་ནི། །ཟངས་གཞོང་གི་ནང་དུ་བཙན་བཤོས་དམར་པོ་རའི་ཁྲག་གིས་བྱུགས་པ་དཀར་རྒྱན་དང་ར་ཤའི་དམར་རྒྱན་ཅན། །སྐྱུ་གུ་བདུན་གྱིས་བསྐོར་བ་བཤམས། ཧཱུྃཿ ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན། །ལྡང་ལྷ་སྐུ་མདོག་དཀར་ལ་དམར། །འཇིགས་གཟུགས་ཁྲོ་གཏུམ་ཨམ་གཙིགས་(༩༨ན)


GLG011_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས། །དར་དཀར་ན་བཟའ་སྐུ་ལ་གསོལ། །དར་གྱི་ཐོད་བཅིངས་སག་ལྷམ་ཅན། །གཡས་པ་དར་དཀར་རུ་མཚོན་འཕྱར། །གཡོན་པ་དགྲ་སྙིང་ཞལ་དུ་གསོལ། །ངང་དཀར་རྟ་མཆོག་སྒ་སྲབ་ཅན། །ཞོན་ནས་སྟོང་གསུམ་སྐད་ཅིག་མྱུལ། །འཁོར་དུ་བཙན་རྒོད་སྟོང་གིས་བསྐོར། །རེས་འགའ་བསེ་ཁྲབ་བསེ་རྨོག་གྱོན། །བསེ་ཕུབ་ཁུར་ཞིང་མདུང་དམར་བསྣམས། །བཙན་རྟ་དམར་པོ་ཞོན་ནས་རྒྱུག །ཞགས་པས་དགྲ་བོའི་སྐེ་ནས་འཆིང་། །འཁོར་བཅས་ཚུར་གཤེགས་གནས་འདིར་སྤྱོན། །པད་ཉི་དགྲ་བགེགས་གདན་ལ་བཞུགས། །བཙན་རྒོད་འཁོར་བཅས་སྤྱན་ལམ་དུ། །ར་དམར་ཁྲག་ཆང་ཨརྒྷཾ་དང་། །དབང་པོ་སྣ་ལྔའི་མེ་ཏོག་སྤུངས། །ཤ་ཆེན་ར་ཤའི་དུད་སྤྲིན་འཁྲིགས། །ཚིལ་ཆེན་ར་ཚིལ་སྒྲོན་མེ་སྦར། །མཁྲིས་པའི་དྲི་ཆབ་ཆལ་ཆིལ་གཡོ། །ཤ་རུས་བརྩེགས་པའི་ཞལ་ཟས་ལྡམ། །རྐང་གླིང་དུང་དང་རྔ་ཆེན་ལྡིང་། །མཛེས་པའི་རྟ་མཆོག་རླུང་ལྟར་གཡོ། །འབྲོང་གཡག་ངར་ཞིང་བཙན་བྱ་ལྡིང་། །ར་ལུག་འོ་མའི་རྒྱུན་འཛིན་པ། །དར་ཐོད་གོས་དང་རུ་མཚོན་མདུང་། །རྣོན་པོའི་མཚོན་དང་སྲ་བའི་གོ །སྨན་རཀ་གཏོར་གསུམ་ཚོགས་འཁོར་སོགས། །མཐུན་པའི་དམ་རྫས་ཚོགས་རྣམས་ཀྱིས། །བཙན་རྒོད་འཁོར་བཅས་ཐུགས་དམ་བསྐང་། །རྒྱུ་ཆུང་ཕུད་ཉམས་འབགས་པ་སོགས། །སྒོ་གསུམ་དམ་ཚིག་ཉམས་ཆགས་ཀུན། །རང་རིག་ཀ་དག་དབྱིངས་སུ་བཤགས། །བཟོད་པར་མཛོད་ལ་དངོས་གྲུབ་སྩོལ། །ཨོཾ་ཤུ་ལ་ར་ཙ་ལྗང་ལྔ་ས་པ་རི་ཝཱ་ར་མ་ཧཱ་པཉྩ། མ་ཧཱ་རཀྟ། མ་ཧཱ་བ་ལིཾ་ཁཱ་ཧིས་སྨན་རཀ་གཏོར་གསུམ་ཕུལ། ཉི་མ་འབུམ་གྱིས་ལེགས་འཁྱུད་པའི། །བྱུ་རུའི་ལྷུན་པོ་ལྟར་བརྗིད་པ། །ལྡང་ལྷ་བཙན་(༩༨བ)


GLG011_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་མཐུ་བོ་ཆེ། །འཁོར་དང་བཅས་པ་བདག་བསྟོད་དོ། །སློབ་དཔོན་པདྨ་ཐོད་ཕྲེང་དང་། །གཏེར་སྟོན་སྤྲུལ་སྐུ་ཚུལ་རྡོར་ནས། །རྩ་བརྒྱུད་བླ་མའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་མ་གཡེལ་བར། །རིག་འཛིན་བདག་ཅག་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་དགྲ་བགེགས་ཐུལ། །ཚེ་དང་བསོད་ནམས་དཔལ་འབྱོར་རྣམས། །ཡང་ངོའི་ཟླ་ལྟར་རྒྱས་པར་མཛོད། ཁྱད་པར་ཟབ་གཏེར་ཆོས་འདི་རྣམས། །ཉམས་སུ་ལེན་ཅིང་སྤེལ་བ་ལ། །འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །མཐུན་རྐྱེན་ཡིད་བཞིན་ལྷུན་གྲུབ་མཛོད། །ཅེས་ཕྱག་རྡོར་དྲེགས་འདུལ་གྱི་གཏེར་སྲུང་བཙན་རྒོད་ལྡང་ལྷ་ལ་མཆོད་གཏོར་འབུལ་ཚུལ་འཁྱེར་བདེ་བར་བཀོད་པ་འདི་ནི་རིགས་འཛིན་ཆེན་པོའི་སྤྲུལ་པའི་ཟློས་གར་བློ་བཟང་པདྨ་འཕྲིན་ལས་ཀྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་འགོད་པའི་སྐབས་ལྷ་ཆེན་ཉིད་གཏེར་གཞུང་གི་བཤད་ཚོད་དང་ཅུང་ཟད་མི་མཐུན་པའི་བཙན་ཆོས་ཀྱི་རྣམ་པའི་དགྱེས་ཚུལ་གི་རོལ་གར་ཉིང་འཁྲུལ་དུ་ཤར་བའི་དོན་ཡང་ཅུང་ཟད་སྨོས་ཏེ་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། མཆོད་རྫས་རྣམས་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་མཉེས་པར་བྱེད་པའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་རང་རང་གི་དབང་པོ་རྣམས་ཚིམ་ཞིང་དགྱེས་པ་སྐྱེད་པར་བྱེད་པའི་ནུས་པ་དང་ལྡན་པ་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཁྲི་ཤོག་རྒྱལ་མོའི་མཚོ་ལ་གནས་བྱས་པའི། །མཚོ་སྨན་ལྗང་གུ་ཆུ་དར་གོས་སྔོན་གྱོན། །རིན་ཅེན་རྒྱན་སྤྲས་རུས་སྦལ་ལ་ཞོན་པ། །འཁོར་དང་བཅས་པ་(༩༩ན)


GLG011_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་ད་ཚུར་སྤྱོན། །ཉལ་འགྲོ་འཁྱིལ་བའི་མགོ་བོ་གློ་བ་རི། །མཚོ་ཡི་མཇུག་མ་མཆེར་པ་རི་དང་ནི། །མཚོ་སྙིང་མ་ཧཱ་དེ་ཝ་ལ་གནས་པའི། །ལྷ་ཀླུ་གཞི་བདག་འཁོར་བཅས་ད་ཚུར་སྤྱོན། །གཉན་ཆེན་ཟོར་བ་བཙན་གདོང་དམར་པོ་དང་། །ཀླུ་ཡི་ཆུ་ཁོལ་ཝ་ཆུ་རིང་མོའི་གནས། །ཆེན་པོ་བཅུ་གསུམ་ཚྭ་མཚོ་དཀར་མོ་ལ། །གནས་པའི་ལྷ་ཀླུ་གཞི་བདག་མ་ལུས་སྤྱོན། །མཐོན་པོ་བཅུ་གསུམ་མགོན་པོ་གདོང་སྣ་དང་། །འཇུ་ལག་མདུང་རྩེ་ཆེ་ཆུང་བེའི་ཏུག་ཐང་། །ཨེན་ཙེ་རི་དང་ཞོ་ཤ་ལ་བོ་ཆེའི། །ཡུལ་ལྷ་གཞི་བདག་ལྷ་ཀླུ་མ་ལུས་སྤྱོན། །ཀརྟི་ཀ་གནས་ལ་བཙས་དཀར་པོ་དང་། །རྡོ་ཡི་ཉི་ཟླ་དཀར་ཐང་མར་ཁུའི་མཚོ། །སྤེན་ཆེན་སྤེན་ཆུང་གསེར་ཁོག་སྒོ་ར་ཡི། །ཡུལ་ལྷ་གཞི་བདག་ལྷ་ཀླུ་མ་ལུས་སྤྱོན། །ནེའུ་གསིང་ཐང་ཆེ་འཛིན་བྲག་དཀར་པོ། །འོམ་ལུང་ཆེ་ཆུང་གདོང་དམར་ཆེ་ཆུང་དང་། །བཙོང་ཁའི་མཚོ་སྔོན་ལྷ་རི་དེའུ་ཡག །ཡུལ་ལྷ་གཞི་བདག་ལྷ་ཀླུ་མ་ལུས་སྤྱོན། །གཞི་བདག་ལྷ་ཀླུ་སྡེ་བརྒྱད་འཁོར་བཅས་ལ། །པདྨ་ཨུཏྤལ་ཆུ་སྐྱེས་ཐང་སྐྱེས་ཀྱི། ཁ་དོག་རྣམ་བཀྲའི་མེ་ཏོག་འཕྲེང་བ་ཡི། །སྤེལ་ལེགས་མཛེས་པའི་ཐོད་དང་རྒྱན་དུ་འབུལ། །དབང་སྔོན་པད་རཱཀ་གཡུ་དང་མུ་ཀྟི་ཀ །གསེར་སྦྱངས་མུ་མེན་བྱུ་རུ་དངུལ་ལ་སོགས། །ལྷ་མིའི་རིན་ཅེན་སྣ་ཚོགས་འཕྲེང་བ་རྣམས། །གང་སྐུ་མཛེས་པར་བྱེད་པའི་རྒྱན་དུ་འབུལ། །འཇའ་ཚོན་ལྟར་བཀྲ་ཟ་འོག་ཐགས་ཀྱི་གོས། །འཇམ་མཉེན་རེག་བྱའི་ཁྱད་པར་ཇི་སྙེད་པ། །ཙེ་བེར་སྟོད་གཡོགས་ཤམ་ཐབས་ཡུག་དཀྲིས་ཀྱི། །ལྷབ་ལྷུབ་ན་བཟའི་ཁྱད་པར་ཇི་སྙེད་འབུལ། །སྨན་སྣ་སྟོང་གི་ཉེར་སྦགས་དྲི་ངད་ཅན། །ཕུན་ཚོགས་བདེ་བ་སྟེར་བའི་ཉལ་འགྲོའི་རྒྱུན། །གསེར་དངུལ་རིན་ཅེན་སྣོད་དུ་ལེགས་གཏམས་(༩༩བ)


GLG011_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྐུ་ཡི་གནས་ལ་བྱུག་པའི་རྫས་སུ་འབུལ། །ཙན་དན་དཀར་དམར་སྦྲུལ་གྱི་སྙིང་པོ་དང་། །སྨན་སྤོས་ཤིང་སྣ་སྟོང་ཕྲག་རབ་བསྲེགས་པའི། །དངར་བའི་དྲི་ཞིམ་སྤྲིན་ཕུང་ལྟར་འཁྲིགས་པ། །ཤངས་ཀྱི་དབང་པོ་དགྱེས་པ་སྐྱེད་ཕྱིར་འབུལ་། །བསྐལ་པའི་མུན་པ་མཐར་བྱེད་ཉི་ཟླའི་འོད། །ཤེལ་སོགས་རིན་ཅེན་སྣང་བའི་གཟི་འབར་ཅན། །རྩི་བཅུད་ལས་སྦར་མར་མེའི་ཕྲེང་བ་ཡི། །འདྲེན་བྱེད་གཟིགས་མོར་མངར་བའི་ཆེད་དུ་འབུལ། །ལྗོན་པའི་ལོ་འདབ་སྐོལ་བའི་ཁུ་བ་དང་། །འབྲས་ནས་རྒུན་འབྲུམ་སྙིང་པོ་ལས་འོངས་ཆང་། །དཀར་གསུམ་དངར་གསུམ་ཤིང་ཏོག་ལྷ་བཤོས་སོགས། །བཟའ་བཏུང་རོ་བརྒྱའི་དཔལ་ཀུན་ལྗགས་ལ་འབུལ། །སྒ་སྲབ་གོང་རྨེད་དར་གྱི་ཅོད་པན་ཅན། །རྟ་མཆོག་རླུང་གི་ཤུགས་ལ་རྣམ་པར་འགྲན། །ལོངས་སྤྱོད་ཁལ་གྱི་ཁུར་ལྡན་དྲེ་ལྟ་དང་། །འཕུར་ལྡིང་གཡོ་བའི་འདབ་ཆགས་སྣ་ཚོགས་འབུལ། །ཨིནྡྲ་ནཱི་ལའི་མདོག་ལྟར་རབ་སྔོ་བའི། །རྡོ་རྗེ་རྭ་ལྡན་འབྲོང་གཡག་རྣམ་པར་འགྱིང་། །འོ་མའི་རྒྱུན་འཛིན་འདོད་པ་འཇོ་བའི་བ། །ར་ལུག་རི་དྭགས་ཡིད་འོང་སྣ་ཚོགས་འབུལ། །དཔའ་གཏུམ་རྩལ་ལྡན་སེང་གེ་སྟག་གཟིག་དོམ། །དྲེད་མོ་ཅེ་སྤྱང་ཁྱི་སོགས་མཆེ་བ་ཅན། །རུས་སྦལ་སྦྲུལ་དང་སྦལ་ལྕོང་ཀླུ་ཡི་ནོར། །གྲངས་མེད་སྲོག་ཆགས་སྣ་ཚོགས་ཁྱེད་ལ་འབུལ། །གསེར་དངུལ་གནམ་ལྕགས་ལས་གྲུབ་གོ་ཁྲབ་དང་། །མདའ་མདུང་རལ་གྲི་ལ་སོགས་མཚོན་ཆའི་རིས། །དུང་ཆེན་གླིང་དུ་རྫ་རྔ་རོལ་མོའི་སྒྲ། །དར་ཟབ་འཇའ་ཚོན་ལྟ་བུར་རྣམ་བཀྲ་འབུལ། །མཛེས་པའི་གར་བསྒྱུར་སྙན་པའི་གླུ་ལེན་ཅིང་། །གདུགས་དང་རྒྱལ་མཚན་བ་དན་རྣམ་པར་བསྒྲེང་། །རང་རང་མཁོ་དགུའི་འབྱོར་བ་ཇི་སྙེད་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་རྣམ་པར་འབུལ། །མ་རིག་འཁྲུལ་པས་ཉེས་པར་སྤྱད་པ་ཡིས། །ཡུལ་(༡༠༠ན)


GLG011_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཞི་བདག་འཁོར་དང་བཅས་པ་ལ། །ཕོག་ཐུག་ཉམས་ཆགས་གྱུར་པ་ཅི་མཆིས་པ། །སྙིང་ནས་བཤགས་སོ་བཟོད་པར་མཛད་དུ་གསོལ། །ཁྲི་ཤོག་རྒྱལ་མོའི་ཕྱོགས་བཞི་མཚམས་བརྒྱད་དུ། །འཁོད་པའི་རྗེ་འབངས་མི་ནོར་ཕྱུགས་ཀུན་ལ། །ནད་གདོན་བར་ཆད་ཉེར་འཚེ་ཞི་བ་དང་། །ལེགས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །མཚོ་སྔོན་ཁྲི་ཤོག་རྒྱལ་མོའི་སྐོར་གྱི་ཡུལ་ལྷ་གཞི་བདག་རྣམས་གསོལ་བའི་རིམ་པ་འདི་ནི་དད་སྟོབས་ལྡན་པ་ཨར་ཏི་ད་ལའི་ཧུང་ཐའི་ཇིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །མཆོད་གཏོར་རྣམས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། རི་བོ་སྤང་ལྗོངས་ལྗོན་ཤིང་སྐྱེད་ཚལ་དང་། །ཆུ་ཀླུང་ལྟེང་ཀ་འབབ་ཆུ་ལ་སོགས་པ། །དགའ་བདེར་སྤྱོད་པའི་གནས་མཆོག་དམ་པ་ནས། །མ་མོ་བསྟན་མ་ཀླུ་བདུད་འདིར་སྤྱོན་ཅིག །རང་རང་དགྱེས་པའི་གདན་ལ་བརྟན་པར་བཞུགས། །དབང་པོ་སྒོ་ལྔ་དགྱེས་པ་སྐྱེད་བྱེད་པའི། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་བ། །རེག་བྱ་ཕུན་སུམ་ཚོགས་པའི་མཆོད་པ་འབུལ། །རྩི་སྨན་ངད་ལྡན་མཆོད་ཡོན་དྲི་ཆབ་དང་། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་སྣ་ཚོགས་བཀྲ། །སྨན་སྤོས་ལྗོན་ཤིང་བསྲེགས་པའི་དུད་སྤྲིན་འཁྲིགས། །སྣང་གསལ་སྒྲོན་མེ་བཟའ་བཅའ་ཕུང་པོར་སྤུངས། །རྟ་མཆོག་འདོད་འཇོའི་བ་དང་ར་ལུག་བྱ། །སྦལ་ལྕོང་ཉ་སྦྲུལ་མཚོ་རྟ་མཚོ་གླང་དང་། །དར་དང་ཟ་འོག་རིན་ཅེན་རྣམ་པ་ལྔ། །ཁང་བཟང་མཚོ་རྫིང་ནེའུ་གསིང་སྐྱེད་མོས་ཚལ། །གོ་མཚོན་རིན་ཅེན་རྒྱན་དང་དར་ཟབ་གོས། །ལྷ་དང་མི་ཡི་ལོངས་སྤྱོད་མ་ལུས་འབུལ། །དགྱེས་པར་རོལ་ལ་(༡༠༠བ)


GLG011_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྐྱེན་དངོས་གྲུབ་སྩོལ། །ཉམས་ཆཊ་འགལ་འཁྲུལ་གྱུར་པ་དབྱིངས་སུ་བཤགས། ཁྱད་པར་དགེ་བཅུ་ཀུན་ཚང་རི་བོའི་སྤོར། །ཁྲིམས་ལྡན་དམ་པའི་ཆོས་ཀྱི་འདུས་པའི་གླིང་། །འཁོར་ལོ་གསུམ་གྱི་བྱ་བ་མ་ལུས་པ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །མདོར་ན་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཆོས་དང་སྲིད་ཀྱི་མཐུན་རྐྱེན་མ་ལུས་པ། །བསམས་པ་ཙམ་གྱིས་ཡིད་བཞིན་འགྲུབ་པ་ཡི། །འདོད་པའི་རེ་བ་ཡོངས་སུ་སྐོང་བར་མཛོད། །ཅེས་རི་བོ་ཆོས་གླིང་གི་སྲུང་མ་བསྟན་མ་དང་། ཀླུ་བདུད་གཉིས་ཀྱི་གསོལ་མཆོད་འདི་ལྟ་བུ་ཞིག་དགོས་ཞེས་མཆོད་དཔོན་བློ་བཟང་མཐུ་སྟོབས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །རྒྱལ་ཀུན་གསང་བ་རབ་འབྱམས་འཁོར་ལོའི་མཛོད། །སིནྡྷུ་རྒྱ་མཚོར་པདྨའི་གེ་སར་ལས། །ངོ་མཚར་སྤྲུལ་པའི་རོལ་གར་ཐོད་ཕྲེང་རྩལ། །ཨྱོན་སངས་རྒྱས་གཉིས་པས་བྱིན་ཕོབ་ཅིག །མགོན་དེའི་ཕྱག་མཚན་ཡེ་ཤེས་རྡོ་རྗེའི་གཟུགས། །གཙུག་ན་རབ་འབར་སྤྲུལ་པའི་ཆོས་རྒྱལ་ཆེ། །བཀའ་སྡོད་དྲེགས་པའི་དམག་གི་དཔུང་ཚོགས་རྣམས། །ཚུར་གཤེགས་དབྱར་གྱི་ཆར་སྤྲིན་ལྟ་བུར་སྤྱོན། །ཁྱད་པར་སྐུ་ཡི་རྒྱལ་པོ་མོན་བུ་ནག །སྤྲུལ་པ་དགྲ་བཅོམ་ཡུམ་ཆེན་རོ་ལངས་དཀར། །བཀའ་ཡི་བློན་པོ་བྱ་ཁྲིད་མིག་གཅིག་པ། །དགུན་གྱི་འཐོར་རླུང་བཞིན་དུ་འཚུབ་ཅིང་སྤྱོན། །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་བློན་པོར་བཅས། །བཤན་པ་ཆེན་པོ་སྣང་སྲིད་དྲེགས་པའི་ཚོགས། །གཡབ་དང་རོལ་མོ་སྙན་པའི་གདུང་དབྱངས་ཀྱིས། །འབོད་ན་སྔོན་གྱི་དམ་ཚིག་དགོངས་ཏེ་སྤྱོན། །དྲག་པོ་མ་ཏྲཾ་བསྒྲལ་བའི་གནས་མཆོག་ཆེ། །རིན་ཅེན་སྣ་ལྔ་ལས་གྲུབ་གཞལ་མེད་ཁང་། །ཉི་ཟླ་པདྨ་དགྲ་བགེགས་བསྣོལ་བའི་(༡༠༡ན)


GLG011_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་བརྟན་པར་བཞུགས། །བྱེ་བྲག་ཤར་ཕྱོགས་དུང་གི་གཞལ་ཡས་སུ། །སེང་གེ་ལ་བཅིབས་མོན་བུ་པུ་ཏྲ་ནག །མེན་ཏྲིའི་གོས་དང་དར་ནག་ཐེབ་ཞུ་གསོལ། །རྡོ་རྗེ་གསེག་ཤང་འཛིན་ཞིང་རྣམ་པར་འགྱིང་། །དོམ་ནག་རོལ་ཁྲིད་སྟག་གཟིག་དོམ་དྲེད་ཀྱི། །ཕོ་ཉ་རབ་འགྱེད་སྤྲུལ་པ་དགྲ་བཅོམ་ཚུལ། །ཆོས་གོས་གསོལ་ཞིང་གསེག་ཤང་སྤུ་གྲི་འཛིན། །གསེག་ལི་རྒྱབ་ཁུར་སྤྱི་བླུགས་མདུན་ན་འཆང་། །རོ་ལངས་དར་དཀར་གོས་ཅན་དམ་ཤིང་དང་། །བནྡྷ་སྙིང་བསྣམས་བྱ་ཁྲིད་མིག་གཅིག་པ། །སྦྲུལ་ནག་ཐོད་བཅིངས་རྟ་སྔོན་སྒབ་ནག་བཅིབས། །ཤེལ་གྱི་རྡོ་རྗེ་འཕེན་ཁྱོད་གནས་འདིར་བཞུགས། །བསྟན་སྲུང་པེ་ཧར་རྒྱལ་པོ་འཁོར་བཅས་ལ། །རྣལ་འབྱོར་དང་བའི་སེམས་ཀྱིས་གུས་ཕྱག་འཚལ། །བདུད་རྩི་འདི་བཞེས་བདག་དང་དགྲ་ལྷ་ཁྱོད། །དམ་བསྲེ་དཔལ་ཆེན་ཁྲག་འཐུང་གཟུ་དཔང་མཛོད། །རྩ་བརྒྱད་སྟོང་སྦྱར་མྱོང་གྲོལ་བདུད་རྩི་སྨན། །དམར་ཆེན་ལྦུ་ཕྲེང་འཁྲིགས་པར་རཀྟའི་མཚོ། །སྐུ་མཁར་རྒྱ་ཕུབས་བརྟེན་པའི་གཏོར་མ་དང་། །གསང་འཕྱིས་སྤྲས་པའི་མཆོད་གཏོར་ཚོགས་རྣམས་ཀྱིས། །རྒྱལ་ཆེན་སྡེ་ལྔ་འཁོར་ཚོགས་བཅས་པ་དང་། །པུ་ཏྲ་ནག་པོ་བྱ་ཁྲིད་མིག་གཅིག་པོ། །འཁོར་བཅས་གསོལ་ལོ་མཆོད་དོ་ཐུགས་དམ་སྐོང་། །སྔགས་འཆང་བདག་གིས་བཅོལ་བའི་འཕྲིན་ལས་སྒྲུབས། །དཀར་སེར་དམར་ལྗང་ཁ་དོག་འཇའ་ལྟར་བཀྲ། །སྙན་དང་མི་སྙན་སྣ་ཚོགས་སྒྲའི་བྱེ་བྲག །དོན་སྙིང་དྲོད་ལྡན་རྫ་རི་ལྟར་སྤུངས་པས། །སྐུ་གསུང་ཐུགས་ལ་དགྱེས་སྐྱེད་རྫས་མཆོག་གིས། །རྒྱལ་ཆེན་སྡེ་ལྔ་ལ་སོཊ་ཤླཽ་ཀ་གཅིག་པོ་འགྲེ། །དམ་ཉམས་ཤ་ཆེན་གཡང་གཞིའི་སྟེང་དུ་སྤུངས། །ཁྲག་གི་ཞམ་ཆུ་བནྡྷའི་སྣོད་དུ་(༡༠༡བ)


GLG011_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱིལ། །རྐང་མར་རུས་ཚོགས་ས་གཞིར་གཅལ་དུ་བཀྲམ། །དུག་གསུམ་རྣམ་པར་དག་པའི་མཆོད་སྤྲིན་གྱིས་༝། །སྟག་ཆེན་སྤྲེའུ་བྱ་རྒོད་སྤྱང་ཀི་དང་། །ཟ་འོག་ལས་གྲུབ་རྒྱལ་མཚན་རྣམ་པར་སྒྲེང་། །སྲོག་ཆགས་དཀར་པོ་སྨྱུག་རྒོད་རྔ་དར་སྤྲས། །སྐུ་འབག་བླ་རྡོ་ཕྱི་ནང་གསང་རྟེན་གྱིས་༝། །རི་རབ་གླིང་བཞི་གླིང་ཕྲན་འདོད་ཡོན་རྣམས། །ཉེར་སྤུངས་མདོས་ཆེན་ཐགས་ཀྱི་འཇའ་རིས་ཅན། །བཤོས་བུ་ཤ་ཆང་དཀར་གསུམ་དངར་གསུམ་འབྲུ། །སྔོ་རིས་བཟའ་བཅའ་སྤུངས་པའི་ཚོགས་འཁོར་གྱིས་༝། །རྙོག་མེད་ཆུ་ཀླུང་རཀྟའི་མཆོད་ཡོན་བཤམས། །ཆུ་འདམ་ཐང་སྐྱེས་མེ་ཏོག་དབང་པོ་ལྔ། །སྨན་སྣ་སྟོང་དང་ཤ་ཆེན་དུད་པ་འཐུལ། །ཚིལ་ཆེན་ཞུན་མར་མེ་ཤེལ་ཉི་ཟླ་ཡིས་༝། །བཟང་དྲུག་ཁྲག་ཞག་མཁྲིས་པའི་དྲི་ཆབ་སྦྲེང་། །རོ་བརྒྱའི་ཟས་དང་ཤ་རུས་སྤུངས་པའི་བཤོས། །རྒྱ་གླིང་དུང་ཆེན་རྔ་སིལ་རྐང་གླིང་སྒྲ། །བཀྲ་ཤིས་རྟགས་བརྒྱད་རིན་ཅེན་སྣ་བདུན་གྱིས་༝། །དར་ཟབ་འཇོལ་བེར་མི་དོམ་གླང་སྟག་ལྤགས། །ཐེབ་ཞུ་ས་ཐེབ་རིན་ཅེན་རུས་པའི་རྒྱན། །ཕ་རོལ་འཇོམས་པའི་སྣ་ཚོགས་མཚོན་ཆ་དང་། །རང་བསྲུང་སྲ་བརྟན་གོ་ཆའི་ཚོགས་རྣམས་ཀྱིས་༝། །རིན་ཅེན་སྒ་སྲབ་ཀྱིས་མཛེས་རྟ་མཆོག་དཀར། །འཇིགས་རུང་འབྲོང་གཡག་འདོད་པ་འཇོ་བའི་བ། །ར་ལུག་ཁྱིམ་བྱ་ནོར་སྐྱོང་དཀར་མཛེས་ཅན། །སེང་གེ་སྤྲ་སྤྲེའུ་རྔ་མོ་ཞོན་ཁལ་གྱིས་༝། །མདོར་ན་གཙང་ཞིང་གྱ་ནོམ་དངོས་སུ་བཤམས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་མང་པོར་སྤེལ། །མི་ཟད་ནམ་མཁའ་མཛོད་ལ་མངའ་བརྙེས་པ། །ཕྱི་ནང་གསང་བའི་ཀུན་བཟང་མཆོད་སྤྲིན་གྱིས་༝། །སྒེག་དཔའ་མི་སྡུག་བགྲང་ཡས་རྣམ་འགྱུར་གྱིས། །ལས་ཀུན་སྒྲུབ་ལ་ཐོགས་མེད་མཐུ་རྩལ་ཅན། །མཛེས་བརྗིད་(༡༠༢ན)


GLG011_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་རྔམས་སྐུ་ཡི་རོལ་གར་མཁན། །ཆོས་རྒྱལ་སྐུ་ལྔ་འཁོར་དང་བཅས་ལ་བསྟོད། །རྒོད་དྲག་འཇིགས་རུང་སྣ་ཚོགས་སྒྲ་སྐད་ཀྱིས། །ལས་ཀུན་སྒྲུབ་ལ་ཐོགས་མེད་༝། །སྙན་འཇིགས་ང་རོ་གསུང་གི་རོལ་གར་མཁན། །ཆོས་རྒྱལ་སྐུ་ལྔ་༝། །སྙིང་རྗེ་རྔམ་ཞིང་ཟབ་གསལ་ཡེ་ཤེས་ཀྱིས། །ལས་ཀུན་སྒྲུབ་ལ་༝། ཁྲོ་ཆགས་བརྩེ་ལྡན་ཐུགས་ཀྱི་རོལ་གར་མཁན། །ཆོས་རྒྱལ་སྐུ་ལྔ་༝། །མིག་སྨན་བྱེ་བས་བྱུགས་པའི་ལྷུན་པོ་ལ། །དུས་ཀྱི་སྦྱིན་ཟའི་ཕུང་པོའི་གོས་གྱོན་པ། །རྡོ་རྗེ་གསེག་ཤང་འབར་བའི་མཚོན་རྣོན་པོས། །དགྲ་དཔུང་ཕྱེར་འཐག་མོན་བུ་པུ་ཏྲར་བསྟོད། །དོམ་ནག་སྨྱོན་པ་ཁ་གདངས་ཕྱི་བཞིན་འབྲང་། །སྟག་གཟིག་དོམ་དྲེད་ཕོ་ཉ་ཕྱོགས་བཅུར་འགྱེད། །ངུར་སྨྲིག་གོས་ཀྱིས་ཀླུབས་པའི་དགྲ་བཅོམ་གཟུགས། །བློ་བྲིད་འཇིགས་རུང་སྤྲུལ་པ་སྟོན་ལ་བསྟོད། །སྟོང་ཉིད་སྙིང་རྗེའི་རང་གདངས་རོ་ལངས་མར། །མཉམ་སྦྱོར་ཐབས་ཤེས་ཟུང་འཇུག་བདེ་ཆེན་འདྲེན། །སྲིད་གསུམ་ཅིག་ཅར་མཐོང་བ་བཀའི་བློན་པོ། །བྱ་ཁྲིད་མིག་གཅིག་བཤན་པ་ཆེ་ལ་བསྟོད། །སྐུ་ཡི་སྐྱོང་གྲོགས་འབག་སེང་གླུ་གར་མཁན། །མོན་པ་བྱི་ལ་སྤྲ་སྤྲེལ་ཨཱ་ཙརྱ། །སྣ་ཚོགས་ཅིར་ཡང་བརྫུ་བའི་ཆོ་འཕྲུལ་ཅན། །སྤྲུལ་པ་ཡང་སྤྲུལ་བྱེ་བའི་ཚོགས་ལ་བསྟོད། །སྔགས་ནག་ཕུར་ཐོགས་ཉན་ཐོས་ཞི་ཞིང་དུལ། །གོ་མཚོན་སྤྲས་པའི་དཔའ་བོ་སྟག་ཤར་ཅན། །མི་སྡུག་གཟུགས་ཅན་བུད་མེད་རལ་པ་གསིག །རུ་འདྲེན་དྲེགས་པའི་འཁོར་ཚོགས་བཅས་ལ་བསྟོད། །བརྟུལ་ཞུགས་ནུས་པའི་རྩལ་གྱིས་འཛམ་གླིང་གི །དྲེགས་པའི་སྲོག་ལ་དབང་སྒྱུར་ཐོད་ཕྲེང་རྩལ། །མངའ་བདག་བོད་ཀྱི་བཙན་པོས་སྤྱན་དྲངས་ཚེ། །ལྷ་ཁྱོད་གཙུག་ལག་སྲུང་མར་མ་བསྐོས་སམ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་སོགས་པ། །གྲུབ་བརྙེས་སྔགས་འཆང་རྗེ་(༡༠༢བ)


GLG011_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་མང་པོ་ཡིས། །བཀའ་བརྒྱད་སྤྱི་དང་བྱེ་བྲག་དཀྱིལ་འཁོར་དུ། །སྔོན་གྱི་མཐའ་ཚིག་གཉེན་པོ་མ་བསྒྲགས་སམ། །བླ་ཆེན་མངའ་བདག་ཉང་དང་ཆོས་ཀྱི་དབང་། །ལེགས་ལྡན་བདུད་འཇོམས་རྡོ་རྗེ་ལ་སོགས་པ། །ཟབ་གཏེར་དངོས་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས། །བཀའ་རྟགས་ཕྱག་རྒྱས་དམ་ཚིག་མ་བསྐྱར་རམ། །དེ་ལྟར་རིགས་འཛིན་བརྒྱུད་པའི་བླ་མ་ཡི། ཁྲག་འཐུང་རྣམ་པར་རོལ་བའི་བརྟུལ་ཞུགས་ཀྱིས། །རྡོ་རྗེ་གཙུག་བཀོད་མནའ་ཆུ་ལྕེར་བཞག་པའི། །འདའ་དཀའ་དམ་ཚིག་གཉེན་པོ་ཉེར་དགོངས་ལ། །ལུས་ཅན་ཀུན་གྱི་ཕན་བདེ་འབྱུང་བའི་གཞི། །རྒྱལ་བའི་བསྟན་དང་དེ་འཛིན་སྐྱེས་བུ་དང་། །མདོ་སྔགས་བཤད་སྒྲུབ་ཐོས་བསམ་སྒོམ་པ་ཡི། །རྣམ་གསུམ་འཁོར་ལོའི་བྱ་བ་རྒྱས་པར་མཛོད། །བོད་ཡུལ་ཁ་བས་བསྐོར་བའི་སྨན་ལྗོངས་འདིར། །ནད་རིམས་མུ་གེ་འཁྲུག་རྩོད་ཀུན་ཞི་ཞིང་། །རྫོགས་ལྡན་དུས་ཀྱི་ཚེ་དང་ལོངས་སྤྱོད་སོགས། །ལྷུན་གྲུབ་ཕན་བདེར་སྤྱོད་པའི་འཕྲིན་ལས་མཛོད། །ཡངས་པའི་ས་ལ་གནམ་གྱིས་བསྐོས་པའི་ལྷ། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེ། །མཆོད་ཡོན་ཟུང་དུ་འཇུག་པའི་མཚན་ཇུས་དང་། །མངའ་ཐང་ཆབ་སྲིད་ཕྱོགས་བཅུར་རྒྱས་པར་མཛོད། །རྟག་ཏུ་མཆོད་གསོལ་བསྟོད་པ་ལྷུར་བླངས་ཏེ། །ལྷ་ཁྱོད་དགྲ་ལྷར་བསྟེན་པའི་ཚོགས་རྣམས་ཀུན། །མི་མཐུན་ཉེས་བརྒྱའི་གཡུལ་ལས་རབ་རྒྱལ་ཞིང་། །ཆོས་སྲིད་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །མཐུ་སྟོབས་གངྒའི་ཡབ་གཅིག་ལས་འོངས་པའི། །ཕུན་ཚོགས་སྡེ་བཞི་ཆུ་བོ་ཟད་མི་ཤེས། །འདོད་དོན་རྒྱ་མཚོར་འབབ་པའི་དགའ་སྟོན་གྱིས། །ལྷ་རྒྱལ་བཀྲ་ཤིས་དབྱངས་སྙན་ཀུན་ཁྱབ་མཛོད། །ཅེས་པ་འདིའང་སྦུག་ཆོལ་གསེར་རྔ་ཟུང་དང་བཅས་ཏེ་གསོལ་མཆོད་གསར་རྩོམ་ཞིག་དགོས་ཞེས་(༡༠༣ན)


GLG011_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་འདུས་ལྷའི་ལྕོག་ནས་བཤན་པ་བྱ་ཁྲིད་མིག་གཅིག་པ་དངོས་དང་མཆོད་ཁང་གསོལ་ཇ་བས་བསྐུལ་མ་བྱུང་བ་ལྟར་གཙོ་བོར་དཔལ་ཨྱོན་གྱི་སློབ་དཔོན་ཆེན་པོའི་གསུང་དྲི་མ་མེད་པ་བླ་མ་མངའ་བདག་ཉང་གི་གཏེར་བྱོན་འཕྲིན་ལས་དོན་བཅུ་མ་ཆག་མེད་གཏོང་དགོས་པ་གཞིར་བཅས་ཀྱི་དབང་དུ་བྱས་ཏེ་དེའི་ཁ་སྐོང་དང་གློ་བུར་དུ་མགྱོགས་རྩོལ་གྱིས་གཏོང་དགོས་པ་འདྲའི་སྐབས་སུ་འདི་ཙམ་གྱིས་ཀྱང་དོན་སྟོན་པའི་དབང་དུ་བྱས་ཏེ་ཟ་ཧོར་གྱི་བནྡེས་ཆུ་ཡོས་ཧོར་ཟླ་བཅུ་པའི་ཉེར་དྲུག་ཉི་མ་མེ་བཞིའི་འགྲུབ་སྦྱོར་གྱི་ཐོག་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་བསྟན་འཛིན་ནོ། །དགྱེས་མཛད་རྡོ་རྗེའི་ངོ་བོ་ཚར་པ་རྗེ། །བསྟན་འཛིན་འཁོར་ལོའི་མགོན་པོ་གནས་གསར་པ། །བཀའ་དྲིན་འཁོར་མེད་ཟུར་ཆེན་རྡོ་རྗེ་འཆང་། །བྱང་ཆུབ་བར་དུ་སྙིང་གི་པད་མཚོར་བསྟེན། །དེ་ལ་འདིར་ཆོས་སྐྱོང་ཆེ་ཆུང་གི་གཏོར་བསྔོ་བྱ་བར་འདོད་པས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲིཿ ཞེས་ལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་བཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་རོ་དམར་སེར་མགོ་གཡས་སུ་བསྟན་པའི་གདན་ལ། ཧཱུྃཿ མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཕྱག་གཉིས་ཀྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། །སྤྱན་གསུམ་དང་ལྡན་པ། མཆེ་བ་གཙིགས་པའི་ཞལ་ནས་ཁྲག་འཛག་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན་ཕྱག་རྒྱ་དྲུག་དང་སྦྲུལ་གྱིས་བརྒྱན་པ། །སྟག་ཤམ་དང་དར་སྣ་ཚོགས་ཀྱི་ཅོད་ཅན་འཕྱང་(༡༠༣བ)


GLG011_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བ། མེའུ་ཐུང་གེལ་བའི་འདུག་སྟངས་ཀྱི་བཞུགས་པ། དེའི་གཡས་ན་བྱ་ནག །གཡོན་ན་ཁྱི་ནག །རྒྱབ་ན་ཅེ་སྤྱང་། མདུན་ན་མི་ནག །སྟེང་ན་ཁྱུང་ཆེན་འབུམ་སྡེ་འཁོར་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་པད་ཉིའི་གདན་ལ་ཏྲཾ་ལས་ཨེ་ཀ་ཛ་ཊི་རལ་གཅིག་མ་སྐུ་མདོག་སྔོན་མོ་ཁྲོ་མོའི་ཞལ་ཅན། ཕྱག་གཉིས་ཀྱིས་གཡུའི་བུམ་པ་བདུད་རྩིས་གང་བ་འཛིན་པ། དར་དཀར་གྱི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པ་དང་རིན་པོ་ཆེས་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ལྟོ་བར་ཏྲག་ལས་ཁྲག་གིས་རྒྱ་མཚོའི་དབུས་སུ་དཔལ་ལྡན་ལྷ་མོ་སྐུ་མདོག་སྔོ་ནག་ཞལ་གཅིག་སྤྱན་གསུམ་ཕྱག་བཞི་མ། གཡས་གཉིས་རལ་གྲི་དང་ཐོད་ཁྲག །གཡོན་གཉིས་མདུང་དང་བ་དན་འཕྱང་བའི་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གླང་ལྤགས་ཀྱི་སྟོད་གཡོགས་དང་བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ལ་སྦྲུལ་གྱི་སྐ་རགས་བཅིངས་པ། མི་རོ་རེངས་པོ་ཟ་ཞིང་། དུག་སྦྲུལ་དང་གསེར་དྲིལ། །སེང་གེ་དང་གཡུ་དྲིལ་གྱི་སྙན་གཡས་གཡོན་བརྒྱན་པ་ཞབས་གཉིས་ལྕགས་སྒྲོག་གིས་མཛེས་ཤིང་སྐུ་ལ་བྱུག་པའི་རྫས་གསུམ་གྱིས་སྦགས་པ། ཤིན་ཏུ་རིད་ཅིང་མི་སྡུག་པ། ཉི་ཟླ་ལྟེ་བའི་ཐོད་ཀ་ནས་འཆར་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་ཏེ་བཞུགས་པ། གཙོ་འཁོར་གསུམ་གྱི་འཁོར་དུ་གནོད་སྦྱིན་ལས་མཁན། རུ་འདྲེན་སྤྲུལ་པ་ཡང་སྤྲུལ་གྱི་དམག་ཚོགས་ས་གཞི་བར་སྣང་གང་བས་བསྐོར་བ། ལྕམ་དྲལ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་(༡༠༤ན)


GLG011_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས། མགོན་པོ་དང་རང་བཞིན་གྱི་གནས་ནས་དཔལ་ལྡན་ལྷ་མོ་ལ། །འཁོར་ཚོགས་རྒྱ་མཚོས་བསྐོར་བ། ཨོཾ་བཛྲ་ས་མཱ་ཛཿ ཧཱུྃ། འོག་མིན་བདེ་ཆེན་ཆོས་དབྱིངས་ཕོ་བྲང་ནས། །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་གུར་གྱི་མགོན། །ལྕམ་དྲལ་བཀའ་སྡོད་བྲན་གཡོག་བཅས་པ་རྣམས། །ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དི་ཝཱི། ཨེ་ཀ་ཛཱ་ཊཱི། ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿས་བསྟིམ། སྔགས་དེ་གཉིས་ཀྱི་རྗེས་སུ། གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ་ནས་བཟུང་སྟེ་ཤབྡའི་བར་གྱིས་མཆོད། ལྕམ་དྲལ་གྱི་ལྗགས་འོད་ཟེར་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་པར་བསམས་ལ་གོང་གི་སྔགས་གཤམ་དུ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱ་དི་སྭཱ་ཧཱ། ལན་གསུམ་མམ་ལྔ་དང་ཤཱ་ས་ནས་འབུལ། གོང་ལྟར་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། སྔགས་གཤམ་དུ་ཨོཾ་ཨཱཿཧཱུྃ་བཏགས་ལ་ནང་མཆོད་འབུལ། ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་རྣལ་འབྱོར་པ་བདག་གི་བར་ཆད་ཞི་ཞིང་མཐུན་རྐྱེན་བསམ་དོན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། སངས་རྒྱས་ཀུན་གྱི་མཐུ་སྟོབས་བཞུ་བླུགས་ཁམས། །རྡོ་རྗེ་སྲིན་པོའི་གཟུགས་ཅན་གུར་གྱི་མགོན། །དཔལ་ལྡན་ལྷ་མོ་སྲིད་པ་གསུམ་གྱི་བདག །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །བསྟབ་པ་ནི། ནག་པོ་ཆེན་པོ་ལྕམ་དྲལ་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་སྨན་རཀ་སོགས། །སྔར་བཅོལ་ལེགས་དང་ད་འཆོལ་གསོལ་འདེབས་སུ། །འབུལ་ལོ་(༡༠༤བ)


GLG011_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། ཅེས་འཕྲིན་ལས་བཅོལ། མགོན་པོ་ཆུང་བའི་གཏོར་ཆོག་ནི། གཏོར་མ་སྔར་བཞིན་བྱིན་གྱིས་བརླབས། །མདུན་དུ་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་ཀྱི་འདབ་མ་བཞིར་ཉི་མ་དང་རོའི་གདན་རེ་རེ་དབུས་ཀྱི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། ཕྱོགས་བཞིར་ཧཱུྃ་རེ་རེ་དང་བཅས་པ་ཡོངས་སུ་གྱུར་པ་ལས། དབུས་སུ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པ་རྩ་ཞལ་གཉིས་བརྩེཊ་པ་ནག་པོ། །གཡས་གཡོན་གཉིས་ལྗང་ནག་སྐུ་མདོག་ཆར་སྤྲིན་ལྟར་ནག་པ། དགྲ་བོའི་སྟོབས་འཕྲོག་པའི་གཟུགས་ཅན། ཕྱག་བཞིའི་གཡས་དང་པོས་གྲི་གུག་དང་། གཡོན་དང་པོས་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རལ་གྲི་དང་། གཡོན་འོག་མས་རུས་པའི་ཕྲེང་བ་འཕྱར་སྟབས་སུ་བསྣམས་པ། དབུ་སྐྲ་དང་སྨིན་མ། སྨ་ར་མེ་ལྟར་འབར་བ་ཞལ་ནས་ཀྵིཾ་ཀྵིཾ་དང་ཧ་ཧ་དང་ཧཱུྃ་ཧཱུྃ་གི་སྒྲ་སྒྲོག་པ། །ཐོད་སྐམ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་ཚངས་སྐུད་རུས་པའི་རྒྱན་དྲུག །སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པ། དེའི་གཡས་སུ་གཡུང་མོ་ནག་མོ། །གཡོན་དུ་གཏུམ་མོ་ལྗང་གུ། མདུན་དུ་སྲིན་མོ་ནག་མོ། །རྒྱན་ཏུ་སིངྒཱ་ལི་མ་ནག་མོ། །བཞི་ཀའང་ཞལ་གཅིག་ཕྱག་གཉིས་མ། རལ་པ་ཐུར་དུ་འཕྱང་ཞིང་། གཅེར་བུ་རྒྱན་མེད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་མཛད་པ། ལྔ་གའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། འཁོར་ཚོགས་རྒྱ་མཚོས་བསྐོར་བའི་དཔྲལ་བར་ཨོཾ།(༡༠༥ན)


GLG011_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། ཏེ་སེ། གྲུ་འཛིན། སིང་གྷའི་གླིང་། ཧ་ཧ་རྒོད་པའི་དུར་ཁྲོད། དར་ལུང་། ཁའུ་བྲག་རྫོང་། དཔལ་ལྡན་ས་སྐྱ་ནས་གཙོ་འཁོར་རྣམས་བཛྲ་ས་མཱ་ཛཿཧཱུྃ། གངས་ཅན་གྲུ་འཛིན་ལ་སོགས་གནས་མཆོག་ནས། །སྟོབས་འཕྲོག་དབང་པོ་ལེགས་ལྡན་གདོང་བཞི་པ། །ཡབ་ཡུམ་འཁོར་ཚོགས་རྒྱ་མཚོར་བཅས་པ་རྣམས། །ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏི་ཏ། ཌོམྦྷི་ནཱི། ཙཎྜ་ལཱི། རཀྑ་སཱི། སིང་གྷ་ལཱི། དེ་ཝཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། །སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་བསྟིམ། གོང་གི་སྔགས་གཤམ་དུ། གྲྀཧྞེ་དཾ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། སྔགས་གཤམ་དུ་ན་མཿསརྦྦ་ཏ་ཐཱ་ག་ཏ་བཏགས་པ་སོགས་ལན་གསུམ་གྱིས་གཏོར་མ་འབུལ། སྔར་ལྟར་ཉེར་སྤྱོད་ཀྱིས་མཆོད་ཅིང་ནང་མཆོད་འབུལ། རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པ་ཡབ་ཡུམ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་ཞེས་སོགས་གོང་ལྟར་འཕྲིན་ལས་བཅོལ། ཧཱུྃཿ དུས་ཀྱི་སྦྱིན་ཟའི་ཕུང་པོ་འབར་བའི་དབུས། །ཆར་སྤྲིན་ལྟར་གནག་མིའུ་ཐུང་སྲིན་པོའི་གཟུགས། །དམ་ཉམས་དགྲ་བོའི་སྟེང་དུ་བྲོ་བརྡུང་བའི། །སྟོབས་འཕྲོག་དབང་པོ་འཁོར་དང་བཅས་ལ་བསྟོད། །བསྟབ་པ་ནི། གདོང་བཞི་མགོན་པོ་ཡབ་ཡུམ་འཁོར་བཅས་རྣམས། །ཚིག་རྐང་ལྷག་མ་གསུམ་མགོན་ཆེན་ལྟར་བྱ། སྲིད་ཞིའི་དཔལ་འབྱོར་མ་བརྗོད། ཧེ་རུ་ཀའི་ཡི་གེ་བརྒྱ་པས་ལྷག་ཆད་བཀང་། རྟེན་ཡོད་ན་བརྟན་བཞུགས། མེད་ན་བཛྲ་མུཿས་རང་གནས་སུ་གཤེགས། །དགེ་འདིས་ནག་པོ་ཆེན་པོ་འཁོར་བཅས་ཀྱིས། །དམ་ཆོས་སྒྲུབ་པའི་བར་ཆོད་ཀུན་བསལ་ཏེ། །ཚེ་འདིར་རྡོ་རྗེ་(༡༠༥བ)


GLG011_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་ས་ཐོབ་ནས། །འགྲོ་བ་མ་ལུས་འདྲེན་པའི་དཔལ་གྱུར་ཅིག །རྒྱལ་མཚན་རྩེ་མོ་སོགས་ཤིས་བརྗོད་ཅི་རིགས་བྱའོ། །དེ་ལྟར་མགོན་པོ་ཆེ་ཆུང་གི་གཏོར་མའི་ཆོ་ག་ཉུང་ངུ་དོན་གསལ་འདི་ནི་གདོང་ཁ་ནས་བློ་བཟང་བསྟན་འཛིན་དབང་རྒྱལ་གྱིས་བསྐུལ་བ་ལ་བརྟེན་ནས་གཏོར་ཆོག་རྒྱས་འབྲིང་བསྡུས་གསུམ་སྣ་ཚོགས་འདུག་པ་ལས། ཉུང་ངུ་འཁྱེར་བདེའི་དབང་དུ་བྱས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །ཕྱག་ན་མཐུ་སྟོབས་འབར་བ་རྡོ་རྗེའི་མཚོན། །གདེངས་པས་ཡིད་སྲུབས་དཔུང་ལས་རྣམ་རྒྱལ་ཏེ། །གསང་བའི་མཛོད་འཛིན་ཁྲོ་བོའི་དབང་པོ་དང་། །དབྱེར་མེད་དྲིན་ཅན་བླ་མ་གཙུག་ན་བསྟེན། །བདེ་སྟོང་ཟུང་འཇུག་ཆོས་དབྱིངས་རྡོ་རྗེའི་ཐུགས། །ནམ་ཡང་གཡོ་བ་མེད་ཀྱང་བདུད་སྡེའི་དཔུང་། །འདུལ་ཕྱིར་གནོད་སྦྱིན་ཆེན་པོའི་སྐུར་བསྟན་པ། །ཟབ་གཏེར་སྲུང་མའི་དབང་པོས་རྟག་ཏུ་སྐྱོངས། །མགོན་ཁྱོད་དགྱེས་པ་སྐྱེད་བྱེད་མཆོད་པའི་སྤྲིན། །མི་མཛད་ནམ་མཁའ་མཛོད་ཀྱི་སྒོ་འཕར་བརྒྱ། །སྔོན་རབས་དམ་པའི་མན་ངག་ལ་བརྟེན་ནས། །རྣམ་པར་འབྱེད་པའི་ལྡེ་མིག་འདི་ནའོ། །དེའང་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་གྱི་དམ་ཚིག་གསོ་ཞིང་ཐུགས་དམ་སྐོང་བའི་ཆེད་དུ་ལས་བྱང་གི་རིམ་པ་ཉམས་སུ་བསྟར་བ་ལ་བརྒྱུད་ལྡན་གྱི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་ཞབས་པད་ཉེ་བར་བསྟེན་ནས་གསང་བའི་བདག་པོ་ཁང་བུ་བརྩེགས་པའི་རྗེས་གནང་དང་ཆོས་སྐྱོང་འདི་ཉིད་ཀྱི་ར་བ་ཕྱི་ནང་གསང་གསུམ། ཐ་མའང་ཕྱི་སྒྲུབ་ཀྱི་རྗེས་གནང་ཙམ་སྔགས་གསར་མའི་རྗེས་གནང་གི་རིགས་འགྲེ་ཁོ་ན་ལྷུར་བླངས་པ་མ་ཡིན་པའི་ལུགས་སྲོལ་འདི་གའི་རྒྱུན་ཉམས་པ་མེད་པར་ནོས། དམ་ཚིག་དང་སྡོམ་པ་ལ་གནས་པའི་སྒྲུབ་པ་པོས། གནས་ཁང་བྱི་དོར་བྱས། དཀོན་(༡༠༦ན)


GLG011_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་སྤྱི་བྱེ་བྲག་གི་རྟེན་དཀྲམ། གསང་བའི་བདག་པོའི་གཏོར་མ་ལྷ་བཤོས་ཟླུམ་པོ་རྒྱན་ཅན་དང་། ཐུགས་དམ་བསྐང་བའི་གཏོར་མ་ནོར་བུ་འབར་བའི་རྣམ་པ་གྲུ་གསུམ་ཆེ་བ་གཅིག་ལ་འཁོར་གྱི་དཔལ་བཤོས་བཞིས་བསྐོར་བའམ་ཡང་ན་སོ་སོར་བཤམས། ཁ་ཟས་ཀྱི་བྱེ་བྲག་བཟང་དགུ་མཚར་ཚད་དང་། རིན་པོ་ཆེ། ཤིང་ཏོག །འབྲུ་སྣ། དར་སྣ་ཚོགས། གཞན་ཡང་མེ་ཏོག་ལྔ་སོགས་ཕྱི། བདུད་རྩི་ལྔ་སོགས་དང་། གཟུགས་ལ་སོགས་པ་གསང་བའི་མཆོད་པ། གསང་འཕྱི་དང་དམ་ཚིག་གི་རྒྱ་ཕོར་སོགས་མཐུན་རྫས། གཡག་ནག་ཁྱི་ནག་སོགས་བསྐང་བའི་རྟེན། རུ་མཚོན། བ་དན། གོ་ཆ་སོགས་དང་། གོས་རྒྱན། ནོར་རྫས་ཀྱི་ཁྱད་པར་སྤྱན་གཟིགས་ཅི་འབྱོར་པ་བཀོད་པས་མཛེས་པར་བཤམས། གཞི་བདག་གི་གཏོར་མའང་སྤྱི་དང་མཐུན་ནོ། །ཐོག་མར་མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། གནས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་ཕུན་སུམ་ཚོགས་པར་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ཉེར་སྤྱོད་འདོད་ཡོན་སོགས་ཕྱི་ནང་གསང་བའི་སྤྱན་གཟིགས་མཁོ་དགུ་ཚང་བ་བཟང་དགུ་འབྱོར་བ་མཛེས་དགུས་བརྒྱན་པ་རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འབྱུང་བ་དཔལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ངོ་བོ་ཡེ་ཤེས་ཀྱི་སྒྱུ་མའི་རང་བཞིན་རྣམ་པ་བདེ་བར་འཆར་བ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ་ནས། ཤབྡའི་བར་བརྗོད་ཅིང་རོལ་མོ་འབུད་དཀྲོལ་བྱེད། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བེ་(༡༠༦བ)


GLG011_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས། བཛྲ་སྥ་ར་ཎ་ཁཾ་ཞེས་པས་མང་བར་སྤེལ། སྨན་རཀ་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀ་ནས། རཾ་ཡཾ་ཁཾ་འཕྲོས་པས། སྨན་ཕུད་ཀྱི་མ་དག་པ་རྣམས་བསྲེགས་གཏར་བཀྲུས་ཏེ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ལྔ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ། རླུང་གིས་མེ་སྦར་ཏེ་ཞུ་བ་ལས་ཕྱག་མཚན་བཅུ་སོ་སོའི་ལྟེ་བར་རིགས་ལྔ་ཡབ་ཡུམ་ལྔའི་ས་བོན་གྱིས་མཚན་པ་ལས་འོད་འཁོར་འདས་ཀྱི་བཅུད་ཀུན་བསྡུས་ཏེ་ཐིམ་པ་ལས་རིགས་ལྔ་ཡབ་ཡུམ་ལྔར་གྱུར་པའི་སྦྱོར་མཚམས་ནས་བྱང་སེམས་བབས་པའི་སྟེང་དུ་ལྷ་རྣམས་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། རཾ་ཡཾ་ཁཾ་གྱིས་རཀྟའི་སྣོད་བཅུད་ཀྱི་མ་དག་པ་རྣམས་སྦྱངས། པདྨ་འབར་བའི་སྣོད་ཆེན་པོར་ར་ལས་རཀྟའི་རྒྱ་མཚོ་གཟེགས་མ་ལ་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་གྱུར། ཨཱོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ཧཱུྃ། གཏོར་མ་བྱིན་གྱིས་བརླབ་པ་ནི། གོང་བཞིན་བསང་སྦྱངས། སྟོང་པའི་ངང་ལས་ཡཾ་རཾ་ལས་རླུང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱིས་བཏེག་པའི་སྟེང་དུ་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པས་གང་བ། དེའི་སྟེང་དུ་ཉི་ཟླ་ཁ་སྦྱོར་རྡོ་རྗེ་དང་བཅས་པ་ལ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འཕྲོས་པའི་འོད་ཟེར་གྱིས་བསྐུལ་བས་རླུང་གཡོས་མེ་སྦར་ནས་རྫས་རྣམས་ཁོལ་བའི་ནང་དུ་ཟླ་ཉི་རྡོ་རྗེ་དང་བཅས་ཞུ་བས་མ་དག་པའི་སྐྱོན་རྣམས་སྦྱངས་ཏེ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་(༡༠༧ན)


GLG011_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱིན་གྱིས་བརླབ་བོ། །བདག་སྐྱེད་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག། སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་སངས་རྒྱས་འཐོབ་པར་བགྱི། །ཞེས་སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། །འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འོད་གསལ་གྱི་རང་གདངས། རྡོ་རྗེའི་ཁམས་ལས་གྲུབ་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བཾ་ལས་པདྨ་དང་ར་ལས་ཉི་མའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་ཁང་བུ་བརྩེགས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། སྐུ་ལུས་སྦོམ་ཞིང་ཐུང་བ་གསུས་ཁྱིམ་ཆེ་བ། ཡན་ལག་རགས་པ། དར་སྔོན་པོའི་ན་བཟའ་དང་སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་དང་རིན་པོ་ཆེས་སྤྲས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་པ་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། ཞལ་གདངས་པ། ལྗགས་འདྲིལ་བ། མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། སྨིན་མ་དང་སྨ་ར་དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བ། གར་དགུའི་ཉམས་དང་ལྡན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གནས་ནས་བསྒོམ་པ་དང་(༡༠༧བ)


GLG011_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་ཡེ་ཤེས་སེམས་དཔའ་ལ་ཁྲོ་བོ་དང་རིག་པའི་ལྷ་མོའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨཱོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨཱོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྭི་ཡེ་ཧཱུྃ། ཞེས་གསུངས་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་མི་བསྐྱོད་པས་དབུ་རྒྱན་པར་བསམ། རང་གི་ཐུགས་ཀར་ཉི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོ་སྔགས་ཀྱི་འཕྲེང་བས་བསྐོར་བའི་སྤྲོ་བསྡུའི་དམིགས་པ་དང་བཅས་ཏེ། ཨཱོཾ་ན་མོ་ནཱི་ལམྦྷ་ར་དྷ་ར་བཛྲ་པ་ཎི་རཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། དེ་ནས་བཟླས་གཏོར་འབུལ་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས། གསང་བའི་བདག་པོ་ལ་བླ་མ་རིགས་འཛིན་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་བཞིན་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད་རྩ་སྔགས་ཀྱི་མཐར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཞེས་བཏཊ་ལ་ལན་གསུམ་མམ་བདུན་གྱིས་གཏོར་མ་འབུལ། སྔགས་གཤམ་དུ་འབྲུ་གསུམ་བཏགས་ཏེ་ནང་མཆོད་ཀྱང་འབུལ་ལོ། །བརྩེ་ལྡན་ཐུགས་རྗེ་ཆེ་ལས་མ་གཡོས་ཀྱང་། །གཏུམ་རྔམས་རབ་འབར་མི་བཟད་གཟི་བྱིན་གྱིས། །ནག་པོའི་རྩ་ལག་སྡེ་བཅས་འཇོམས་མཛད་པ། །དཔལ་ལྡན་གསང་བའི་བདག་པོར་ཕྱག་འཚལ་ལོ། །ཞེས་པས་བསྟོད། །མདུན་བསྐྱེད་ནི། བྷྲཱུཾ་ཙཀྲ་མཎྜལ། ཞེས་བརྗོད་པས། མདུན་གྱི་ནམ་མཁར་ཕུན་སུམ་ཚོགས་པའི་(༡༠༨ན)


GLG011_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་དང་ནོར་བུ་འབྲུ་སྣ་ཚོགས་ཀྱིས་གཏམས་པའི་ས་གཞི། མེ་ཏོག་སྣ་ཚོགས་པས་མཛེས་ཤིང་དཔག་བསམ་གྱི་ལྗོན་པས་ཡོངས་སུ་བསྐོར་བའི་དབུས་སུ་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་། སྒོ་ཁང་། རྟ་བབས། ཁོར་ཡུག་སོགས་ལྟ་ན་སྡུག་ཅིང་གཟི་བརྗིད་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་བ་དན་རྒྱལ་མཚན་སོགས་རྒྱན་སྣ་ཚོགས་ཀྱིས་སྤྲོས་པའི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་བཻཌཱུརྱ་སྔོན་པོའི་རང་བཞིན་གྱི་བྲག་རིའི་ཁྲི་གདན་གྱི་སྟེང་དུ་སྲིན་པོ་ཕོ་མོ་བསྣོལ་བའི་གདན་ལ་རང་གི་ཐུགས་ག་ནས་ཀྵ་ཆད་དེ་བབས་པ་ལས་འོད་འཕྲོས་བདེ་བར་གཤེགས་པ་མཆོད། འགྲོ་བ་རྣམས་ཀྱི་དབུལ་ཕོངས་སོགས་སྡུག་བསྔལ་རྣམས་སྦྱངས། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་ཚོགས་ཐམས་ཅད་བསྡུས་ཏེ་ཀྵ་ལ་ཐིམ། དེ་ཞུ་བ་ལས་ཨཱོཾ་བཛྲ་རཏྣ་ཙིཏྟ་རཱ་ག་རཱ་གེ་ཧཱུྃ། ཞེས་བརྗོད་པའི་མཐུས་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སྐུ་མདོག་མཐིང་ནག་སྦོམ་ལ་ཐུང་ཞིང་གསུས་ཁྱིམ་ཆེ་བ། ཞལ་གཅིག་ཕྱག་གཉིས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་། རབ་ཏུ་ཁྲོས་པའི་ཞལ་ཅན། ཕྱག་གཡས་པུས་སྟེང་དུ་མཆོད་སྦྱིན་གྱི་ཕྱག་རྒྱས་ཡིད་བཞིན་གྱི་ནོར་བུ་དང་། གཡོན་བདུད་རྩིས་གང་བའི་བུམ་པ་ལྟེ་བའི་ཐུགས་ཀར་འཛིན་པ། དབུ་ལ་རིན་པོ་ཆེའི་པྲོོག་ཞུ་འོད་དུ་འབར་ཞིང་། སྐུ་ལ་དར་ནག་གི་འཇོལ་བེར་སུམ་བརྩེགས་སུ་གསོལ་བའི་འོག་མ་ལ་གསེར་རྐེད་རིན་པོ་ཆེའི་ཕྲ་ཚོམ་ཅན་བཅིངས་པར་དལ་བུ་གཡེར་ཀའི་སྒྲ་འཁྲོལ་བ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། སག་ལྷམ་རིན་པོ་ཆེའི་འབུར་ཅན་གསོལ་བའི་ཞབས་གཉིས་རྒྱལ་པོ་རོལ་བའི་ཚུལ་གྱིས་གར་དགུའི་ཉམས་དང་ལྡན་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་ཡུམ་གནོད་སྦྱིན་དབང་(༡༠༨བ)


GLG011_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཀུན་སྒྲུབ་མ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་མ། གཡས་ནད་རྐྱལ་དང་གཡོན་ཟས་སྣ་ཚོགས་ཀྱིས་གང་བའི་རིན་པོ་ཆེའི་གཞོང་པ་ཡབ་ལ་སྟོབ་པའི་ཚུལ་གྱིས་འཛིན་པ། དར་དཀར་པོའི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཤར་གྱི་རྩིབས་པད་ཉིའི་གདན་ལ་དྲི་ཟ་ཕོ་མོའི་སྟེང་དུ་རང་གི་ཐུགས་ཀ་ནས་འཕྲོས་པའི་ཛཾ་ཡོངས་སུ་གྱུར་པ་ལས་ནོར་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་དར་དཀར་གྱི་བེར་གསོལ་བ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། གཡས་རིན་པོ་ཆེ་འབར་བ་དང་། གཡོན་གསེར་གྱི་སྒྲོམ་བུ་འཛིན་པ། ཞབས་བརྐྱང་བསྐུམ་གྱིས་བཞུགས་པ། ལྷོའི་རྩིབས་སུ་པད་ཉིའི་གདན་ལ་གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང་དུ་རང་གི་ཐུགས་ཀ་ནས་འཕྲོས་པའི་ཧཱུཾ་ཡོངས་སུ་གྱུར་པ་ལས། མགོན་པོ་ནག་པོ་ཤིན་ཏུ་ཁྲོས་པ་ཞལ་གཅིག་ཕྱག་གཉིས་པ་བདུད་ཀྱི་བེར་ནག་མཐའ་ལྗང་ཅན་གསོལ་བ། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་ཙན་དན་གྱི་བེང་ལས་འདོད་དགུའི་ཆར་འབེབས་ཤིང་། གཡོན་འཆི་མེད་བདུད་རྩིས་གང་བའི་པར་བུ་བསྣམས་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ནུབ་ཀྱི་རྩིབས་སུ་པད་ཉིའི་གདན་ལ་ཀླུ་གདོན་ཕོ་མོ་བསྣོལ་བའི་སྟེང་དུ་རང་གི་ཐུགས་ཀ་ནས་འཕྲོས་པའི་ཀྵ་ཡོངས་སུ་གྱུར་པ་ལས་འབྲོག་གནས་མཆེད་ལྔ་སྐུ་མདོག་དམར་པོ་དབུ་ལྔའི་དབུས་མ་སེང་གེ །གཡས་གཉིས་རྟ་དང་ལུག །གཡོན་གཉིས་ར་དང་སྤྲེའུའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རིན་པོ་ཆེའི་སྒྲོམ་བུ་ཐུགས་ཀར་འཛིན་པ། བར་པ་གཉིས་ཀྱིས་གསེར་གྱི་འཁོར་ལོ་དང་འབྲས་ཀྱི་གཞོང་པ། ཐ་མ་གཉིས་ཀྱིས་སྨན་དང་ཤིང་ཏོག་སྣ་ཚོགས་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་གཉིས་བརྐྱང་བསྐུམ་ཕྱི་ཚུལ་དུ་བཞུགས་པ། བྱང་གི་རྩིབས་སུ་པད་ཉིའི་གདན་ལ་གནོད་སྦྱིན་ཕོ་(༡༠༩ན)


GLG011_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྟེང་དུ་རང་གི་ཐུགས་ཀ་ནས་འཕྲོས་པའི་བཻ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ་ཐུང་ཞིང་བརྗིད་པ་གསུས་ཁྱིམ་ཆེ་བ། སྐུ་ལ་གསེར་ཁྲབ་གསོལ་བ། ཕྱག་གཡས་གསེར་གྱི་སྦ་ལྕག་དང་གཡོན་པ་གསེར་གཞོང་རིན་པོ་ཆེས་བཀང་བ་འཛིན་པ། རིན་པོ་ཆེ་པྲོག་ཞུ་དང་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། རྟ་མཆོག་ངང་པ་སྒ་སྲབ་ཅན་ལ་བཅིབས་པ། གཙོ་འཁོར་དེ་རྣམས་ཀྱི་འཁོར་དུ་གནོད་སྦྱིན་བྱེ་བའི་དམག་ཚོགས་དང་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་དམ་ཚིག་ཅན་སོགས་གངྒཱའི་ཀླུང་གི་རྡུལ་གྱི་གྲངས་ལས་འདས་པས་བསྐོར་བ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། བདག་མདུན་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས་དག་པ་རབ་འབྱམས་ཀྱི་ཞིང་ནས་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དང་། ལྕང་ལོ་ཅན་གྱི་ཕོ་བྲང་ནས་གནོད་སྦྱིན་ཆེན་པོ་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས། རོལ་མོའི་སྒྲ་དང་སྙན་པའི་དབྱངས་ཀྱིས་འདི་སྐད་དོ། །ཧཱུཾ། བདེ་སྟོང་ཟུང་འཇུག་ཆོས་དབྱིངས་ཕོ་བྲང་ནས། །པདྨ་ཐོད་འཕྲེང་རྩལ་སོགས་དངོས་བརྒྱུད་ཀྱི། །རིགས་འཛིན་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །གནས་འདིར་གཤེགས་ལ་བྱིན་ཆེན་དབབ་ཏུ་གསོལ། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གནོད་སྦྱིན་ཆེན་པོ་བཙུན་མོ་འཁོར་ཚོགས་བཅས། །མར་མེ་མཛད་ཀྱི་སྤྱན་སྔར་ཞལ་བཞེས་པ། །ཇི་བཞིན་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །དབྱངས་ཀྱི་ང་རོ་སྙན་བརྗིད་རོལ་མོ་འཁྲོལ། །འབོད་པའི་དར་གཡབ་སྦྱར་བའི་སྤོས་དུད་འཐུལ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་སྤྱན་འདྲེན་ན། །འཁོར་དང་བཅས་པ་གནས་འདིར་ད་ཚུར་སྤྱོན། །ཨཱོཾ་བཛྲ་ཙིཏྟ་ས་མཱ་ཡ་ཛཿཛཿ ཞེས་གཙོ་བོ་འབོད་པ་དང་། ཨཱོཾ་རཏྣ་ཙིཏྟ་ཡཀྵ་(༡༠༩བ)


GLG011_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃཿ ཞེས་འཁོར་འགུགས་པའི་སྔགས་བརྗོད། ཨེ་ཧྱེ་ཧི་མ་ཧཱ་ཡཀྴ་རཏྣ་ཙིཏྟ་ཛཿཧཱུྃ་བཾ་ཧོ་ས་མ་ཡ་ཛཿ ཞེས་པས་སྤྱན་དྲངས་ལ་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ། ཧཱུྃཿ རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ཡིད་འཕྲོག་ལྟ་ན་སྡུག་པའི་འཕྲེང་། །ཅོད་པན་གནོད་སྦྱིན་ཆེན་པོའི་དབུར། །ལེགས་པར་བཅིངས་ཏེ་དབང་བསྐུར་རོ། །ཨཱོཾ་བཛྲ་རཏྣ་ཙིཏྟ་མཱ་ལེ་ཧཱུྃ། ཞེས་བརྗོད། དེ་ནས་ཟིལ་གནོན་ལྷའི་བརྟུལ་ཞུགས་བརྟན་པོས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་པ། ཆོས་སྐྱོང་འཁོར་བཅས་ཀྱི་སྤྱི་བོར་བཞག་པར་མོས་ཏེ། དམ་བསྒྲག་དང་གཡར་དམ་ལྷན་ཅིག་ཏུ་བསྐུལ་བ་ནི། ཨཱོཾ་བཛྲ་རཏྣ་ཙིཏྟ་པཱ་ཤ་ཧཱུྃ། བཛྲ་དྲྀ་ཀ་སྭཱ་ཧཱ། ཧཱུྃ། དམ་ཅན་རྡོ་རྗེ་བདུད་འདུལ་འཁོར་བཅས་རྣམས། །དང་པོར་མར་མེ་མཛད་ཀྱིས་ལུང་བསྟན་ཞིང་། །བར་དུ་རྡོ་རྗེ་འཆང་གིས་དབང་ཡང་བསྐུར། །དེ་རྗེས་ཕྱག་རྡོར་ཀླུ་སྒྲུབ་པདྨ་འབྱུང་། །ལོ་ཆེན་བེ་རོ་མངའ་བདག་ཁྲི་སྲོང་རྗེ། །གཏེར་སྟོན་གྲྭ་པ་མངོན་ཤེས་དབང་ཕྱུག་འབར། །ཉེ་གནས་གྲ་བྲན་བསོད་ནམས་རིན་ཆེན་དཔལ། །སྨོན་ལམ་འབར་དང་གུང་ཆུང་སྟོན་པའི་ཞབས། །རྡོ་རྗེ་རྒྱལ་མཚན་བཛྲ་པཱ་ཎི་དང་། །རྒྱ་སྟོན་བྱང་སེམས་ཉང་ཆེན་བྱང་ཆུབ་སེམས། །བྲག་དཀར་སྨན་བླ་ཇོ་སྲས་ཀུན་གཞོན་པ། །མགར་སྟོན་ཚུལ་གཞོན་བླ་ཆེན་ཆོས་དཔལ་བཟང་། །དཔལ་སྦས་གྲགས་རྒྱན་པཎ་ཆེན་པདྨ་དབང་། །མངའ་རིས་རིགས་འཛིན་བདུད་འཇོམས་རྡོ་རྗེའི་ཞབས། །ཨྱོན་རྒྱལ་པོ་ཀུན་དགའ་བཀྲ་ཤིས་དང་། །རྡོ་རྗེ་འཆང་དངོས་མགོན་པོ་བསོད་ནམས་མཆོག །རྩ་བའི་བླ་མ་ཆོས་དབྱིངས་རང་སར་གྲོལ། །གདམས་པའི་བཀའ་བབས་འཕྲིན་ལས་ལྷུན་གྱིས་གྲུབ། །བཻ་རོའི་སྤྲུལ་སྐུ་གཏེར་བདག་གླིང་པ་སོགས། །རྗེས་གནང་ལུང་དང་བང་མཛོད་མ་ལུས་ཀུན། །འབད་མེད་(༡༡༠ན)


GLG011_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་མཛད་རིགས་རྣམས་ཀུན་གྱི་གཙོ། །དངོས་བརྒྱུད་བླ་མ་རྡོ་རྗེ་འཛིན་གྱི་བཀའ། །ད་ལྟ་རྣལ་འབྱོར་བདག་གིས་དམ་བསྒྲགས་བཞིན། །ལུང་དང་རྟོགས་པའི་སངས་རྒྱས་བསྟན་པ་དང་། །ཚུལ་བཞིན་སྒྲུབ་པའི་བསྟན་འཛིན་དགེ་འདུན་ཚོགས། །རྟེན་གནས་གཙུག་ལག་ཁང་དང་དགོན་སྡེ་སྐྱོངས། །འཇིག་རྟེན་ཁམས་ཀྱི་སྣོད་བཅུད་ལེགས་ཚོགས་སྤེལ། །འཕུང་བྱེད་ནག་ཕྱོགས་བདུད་སྡེ་ཐལ་བར་རློག །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་དགྲ་བགེགས་དཔུང་ཚོགས་ཆོམས། །ཚེ་དང་ལོངས་སྤྱོད་དཔལ་འབྱོར་ལུང་རྟོགས་རྣམས། །རབ་འཕེལ་བསམ་པའི་དོན་ཀུན་ལྷུན་གྱིས་སྒྲུབས། །ཐུགས་དམ་བསྐུལ་ཀྱང་དགོངས་པར་མི་འགྱུར་ཞིང་། །ལས་རྣམས་གཡོལ་ན་རྒྱལ་བའི་བཀའ་བཅག་ཅིང་། །རིགས་འཛིན་དམ་དྲལ་སྲུང་མ་འཁོར་བཅས་རྣམས། །ཉམས་འགྱུར་གདོན་མི་ཟ་ན་འཇིགས་ཏ་རེ། །ཨཱོཾ་བཛྲ་ཧ་ན་ཧ་ན་ས་མ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། རྩ་བརྒྱད་སྟོང་སྦྱར་གྱིས་བདུད་རྩི་འབུལ། །ཨཱོཾ་བཛྲ་ཨ་ལ་ལ་ཧོཿ ཞེས་དམ་བསྲེས་ཏེ་འཕྲིན་ལས་ཐམས་ཅད་སྒྲུབ་བར་བསམ་མོ། །བཞུགས་སུ་གསོལ་བ་ནི། ཧཱུྃཿ ཡིད་འཕྲོག་ནོར་བུའི་གཞལ་མེད་ཉམས་དགའ་བར། །བྲག་རི་པད་ཉིའི་གདན་ལ་འདུལ་བྱེད་སྟེང་། །གནོད་སྦྱིན་འཁོར་བཅས་བརྟན་པར་བཞུགས་ནས་ཀྱང་། །དགྱེས་པའི་ཞལ་སྟོན་དངོས་གྲུབ་མ་ལུས་སྩོལ། །ཨཱོཾ་མ་ཧཱ་ཡཀྵ་རཏྣ་ཙིཏྟ་ས་མ་ཡ་ཨིཥྛནྟུ། ཕྱག་བྱ་བ་ནི། ཧཱུྃཿ ཉིན་བྱེད་གོས་ཀྱིས་ཀླུབས་པའི་དབང་སྣོན་ནི། །གར་དགུའི་ཉམས་ཀྱིས་ཟློས་གར་སྒྱུར་མཛད་པ། །དྲན་པས་མཆོག་མཐུན་དངོས་གྲུབ་ཆར་འབེབས་པའི། །གནོད་སྦྱིན་ཆེན་པོ་འཁོར་བཅས་ལ་ཕྱག་འཚལ། བཛྲ་དུནྟི་སྭཱ་ཧཱ། ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། ཕྱི་(༡༡༠བ)


GLG011_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འབུལ་བ་ནི། ཧཱུྃཿ མེ་ཏོག་ཆུན་པོ་བདུག་སྤོས་སྤྲིན་ལྟར་གཏིབས། །མར་མེའི་འཕྲེང་མཛེས་དྲི་ཆབ་ཆལ་ཆིལ་གཡོ། །རོ་བརྒྱའི་ཞལ་ཟས་སྙན་བརྗིད་སྒྲ་སྙན་སྒྲོག །ལ་དུ་ལ་ཕུག་ཞོ་དང་འོ་མ་མར། །ཀ་ར་བུ་རམ་སྦྲང་རྩི་ཤིང་ཏོག་ཚོགས། །འབྲས་ཆན་འཁུར་བ་ཚོས་མ་བཟའ་བཅའི་རིགས། །རྗེན་བཙོས་ཤ་དང་གསུར་དུད་རུས་པ་ཁྲག །དབང་པོ་ལྔ་དང་ནང་ཁྲོལ་ཞག་རྐང་ཚིལ། །ཇ་དཀར་རྒུན་འབྲུམ་ཆང་སོགས་བཏུང་བའི་མཚོ། །གཟུགས་སྒྲ་དྲི་རོ་རེག་བྱ་མཆོད་པའི་སྤྲིན། །རྡོ་རྗེ་བདུད་འདུལ་འཁོར་བཅས་སྤྱན་སྔ་རུ། །འབུལ་གྱིས་དགྱེས་པར་རོལ་ལ་དངོས་གྲུབ་སྩོལ། །ཨཱོཾ་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་བཛྲ་མཱ་ར་ད་མ་ཀ་ས་པ་རི་ཝཱ་རེ་བྷྱཿ པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་ཏེ། ཤབྡ་པཱུ་ཛ་ས་ཡོ་ཛཿ ཨ་མྲྀ་ཏ་རཀྵ་བ་ལིཾ་ག་ན་ཙཀྲ་ཉྩ། པར་ཤུ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། བདུད་རྩི་སྨན་ཕུད་ནི། ཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་ལས་སྦྱར་བ་ཡི། །དམ་རྫས་མྱོང་གྲོལ་སྨན་གྱི་མཆོད་པ་ནི། །དངོས་བརྒྱུད་བླ་མ་ཡི་དམ་གསང་བའི་བདག །གནོད་སྦྱིན་སྡེ་དཔོན་འཁོར་དང་བཅས་ལ་འབུལ། །གོང་གི་སྔགས་གཤམ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། རཀྟ་འབུལ་བ་ནི། ཧཱུྃཿ ཉོན་མོངས་དགྲ་བགེགས་བསྒྲལ་བའི་རཀྟའི་མཚོར། །ཨེ་དབྱིངས་མཚལ་ཆེན་རང་བྱུང་བཅུད་ཀྱི་ཁྲག །གཟེགས་མར་འདོད་ཡོན་ལྷ་མོ་ཉེར་འཕྲོ་བ། །གནོད་སྦྱིན་སྡེ་དཔོན་འཁོར་དང་བཅས་ལ་འབུལ། །གོང་གི་སྔགས་གཤམ་དུ་མ་ཧཱ་རཀྟ་ཁཱ་ཧི། གཏོར་མ་འབུལ་བ་ནི། ཧཱུྃཿ རིན་ཅེན་ཀ་པཱ་ལ་ཡི་སྣོད་ཡངས་པོར། །ཤ་ལྔ་བདུད་རྩི་ལྔ་སོགས་བཟའ་བཏུང་ཀུན། །བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་བརླབས་འདི། །གནོད་སྦྱིན་སྡེ་དཔོན་འཁོར་དང་བཅས་ལ་འབུལ། །ཨཱོཾ་བཛྲ་རཏྣ་ཙིཏྟ་རཱ་ཀ་རཱ་གེ་ཧཱུྃ་ཕཊ་སྭཱ་ཧཱ་གུ་ཧྱ་བ་ལིཾ་ཏ་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་(༡༡༡ན)


GLG011_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གཙོ་བོ་དང་། །ཨཱོཾ་བཛྲ་རཏྣ་བྷནྡྷ་བདུད་མ་ཏིང་སྐྱོལ་ཏིང་ཛཱཿཛཱ༔ གུ་ཧྱ་བ་ལིཾ་ཏ་ཁཱ་ཧི་ལན་གསུམ་གྱིས་ཡུམ་དང་། ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་ཨཱཪྻ་ཛམྦྷ་ལ་ཧྲྀ་ད་ཡ་སྭཱཧཱ་གུ་ཧྱ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་ནོར་ལྷ་དང་། ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་ན་སྭཱཧཱ་གུ་ཧྱ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་མགོན་པོ་དང་། ཨཱོཾ་མ་ཧཱ་ཡཀྵ་པཉྩ་དེ་ཝ་རཱ་ཛ་སྭཱ་ཧཱ་གུ་ཧྱ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱི་འབྲོག་གནས་དང་། ཨཱོཾ་མ་ཧཱ་རཱ་ཛ་བཻ་ཤྭ་བ་ཎ་ཡེ་སྭཱ་ཧཱ་གུ་ཧྱ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་རྣམ་སྲས། ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་འཁོར་ཚོགས་སྤྱི་ལ་འབུལ། བཀང་བ་ལ་ཐོག་མར་མཐུན་རྫས་ཀྱིས་བསྐང་བ་ནི། དྲི་བཟང་དང་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་མངོན་པར་བཀྲ། །སྣ་ཚོགས་ལྗོན་ཤིང་སྨན་སྣའི་དུད་སྤྲིན་འཁྲིགས། །མར་དང་འབྲུ་མེའི་སྣང་གསལ་ཆེས་ཆེར་སྦར། །ག་བུར་གུར་ཀུམ་གྱིས་སྦགས་དྲི་ཆབ་འཁྱིལ། །རོ་བརྒྱའི་ཟས་སྣ་ཆེར་སྤུངས་ལྷ་བཤོས་དང་། །སིལ་སྙན་དུང་ཆེན་སྣ་ཚོགས་རོལ་མོའི་སྒྲས། །གནོད་སྦྱིན་འཁོར་བཅས་ཐུགས་དམ་སྐོངས་གྱུར་ཅིག །བདུད་རྩི་སྨན་དང་ཁྲག་གི་ཨརྒྷཾ་བསྐྱིལ། །ཕྱེ་གཙང་ཆང་མར་སྤོད་སྦྲན་བཟའ་བཅར་བཅས། །གསང་འཕྱི་རིན་ཅེན་འབར་བའི་གཏོར་མ་དང་། །རྒྱ་ཕོར་མ་ད་ནས་བཀང་མར་ཟེའི་སྲོག །ཡིད་འཕྲོག་ཕྱག་རྒྱར་མཉམ་སྦྱོར་བདེ་བ་ཆེ། །དབང་པོའི་མེ་ཏོག་ཤ་ཆེན་གསུར་དུང་འཆུབ། །ཞུན་ཆེན་སྣང་གསལ་ཐོད་རྔ་རྐང་གླིང་སྒྲས། །གནོད་སྦྱིན་༝། །བྱེ་བྲག་ག་བུར་སྦྲང་སྦྱར་ཞུན་མར་གྱིས། །རྡོ་རྗེ་བདུད་འདུལ་ཡབ་ཡུམ་ཐུགས་དམ་བསྐང་། །ཀ་ར་མཚལ་ཆེན་སྦྱར་བའི་རྫས་མཆོག་གིས། །ནོར་ལྷ་སྨུགས་འཛིན་འཁོར་བཅས་ཐུགས་དམ་བསྐང་།(༡༡༡བ)


GLG011_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁྲག་དམར་དང་སྦྱར་བའི་རྫས་མཆོག་གིས། །སྲོག་བདག་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །འབྲས་དང་བུ་རམ་སྦྱར་བའི་རྫས་མཆོག་གིས། །འབྲོག་གནས་མཆེད་ལྔ་འཁོར་བཅས་ཐུགས་དམ་བསྐང་། །སྨན་དང་སྤོས་སུ་སྦྱར་བའི་རྫས་མཆོག་གིས། །རྣམ་མང་ཐོས་སྲས་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་གཉེན་པོ་དབྱིངས་སུ་སྐོང་གྱུར་ནས། །བདག་སོགས་བསམས་དོན་ལྷུན་གྱིས་གྲུབ་པར་མཛོད། །རྟེན་རྫས་ཀྱིས་བསྐང་བ་ནི། ནོར་བུ་འབྲུ་སྣ་གཏེར་གྱིས་རབ་གཏམས་ཤིང་། །པདྨ་ཨུཏྤལ་ལ་སོགས་མེ་ཏོག་བཀྲ། །ཡོངས་འདུའི་ལྗོན་པས་ལེགས་བསྐོར་འཛིན་མའི་དབུས། །རིན་ཅེན་བདུན་གྱི་རང་བཞིན་གཞལ་མེད་ཁང་། །བཀོད་པས་ཁྱད་འཕགས་དབྱིབས་ལེགས་ལྟ་ན་སྡུག །བ་དན་ལྕེ་གསུམ་དྲིལ་འཁྲོལ་རྒྱལ་མཚན་སྒྲེང་། །འཆི་མེད་གྲོང་ཁྱེར་ལ་འགྲན་ཁང་བཟང་གིས། །གནོད་སྦྱིན་འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །གཡབ་དར་ལྷབ་ལྷུབ་ནོར་བུའི་ཡུ་བ་ཅན། །གསེར་དངུལ་མུ་ཏིག་བྱུ་རུ་མཆོང་དམར་ལས། །ལེགས་གྲུབ་མི་འཛད་གཏེར་གྱི་བུམ་པ་དང་། །བྲིས་འབུར་སྐུ་འབག་བླ་རྡོ་སྲོག་འཁོར་བཅས། །རྟེན་གཏོར་ཡིད་འཕྲོག་གནས་ཀྱི་ཁྱད་འཕགས་ཅན། །གྲི་སྙིང་གཡང་གཞི་མཚོན་གྱིས་ཕུག་པའི་བམ། །ལེ་བརྒན་དར་དང་མེ་ལོང་བྱ་རྒོད་མདས། །གནོད་སྦྱིན་༝། །འབྲོང་གཡག་ནག་པོ་རྡོ་རྗེའི་རྭ་ཆེན་གདེངས། །སོག་པར་དར་རྒྱན་ལུག་ནག་སྤྱི་བོ་དཀར། །མཆེ་སྡེར་ཁྲག་གིས་སྦགས་པའི་ཁྱི་ནག་ཟུག །སྒ་སྲབ་རྒྱན་མཛེས་རྟ་ནག་རླུང་ལྟར་གཡོ། །གནམ་ལྕགས་མཆུ་སྡེར་བྱ་ནག་འཕུར་ཞིང་ལྡིང་། །རླུང་རས་དཔྱངས་པའི་བྱ་རོག་རྒྱལ་མཚན་དང་། །གསེར་མིག་སྐྱུང་ཀ་ནལ་བུའི་རྒྱལ་མཚན་གྱིས། །གནོད་སྦྱིན་༝། །སྤྱན་(༡༡༢ན)


GLG011_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་བསྐང་བ་ནི། རིན་ཅེན་སྣ་བཞི་ལས་གྲུབ་རི་རབ་ལ། །སྲ་བརྟན་ལྕགས་རི་གཅིག་གིས་བསྐོར་བའི་ནང་། །གླིང་བཞི་གླིང་ཕྲན་གསེར་རི་རོལ་མཚོར་བཅས། །རིན་ཅེན་རི་བོ་ཡོངས་འདུ་ས་བརྟོལ་ཤིང་། །ཡིད་ལ་གང་བསམས་འདོད་པ་འཇོ་བའི་བ། །རྩོལ་མེད་ལྷུན་གྲུབ་མ་རྨོས་ལོ་ཏོག་གིས། །གནོད་སྦྱིན་༝། །ཟ་འོག་གོས་ཀྱི་བླ་བྲེ་མཁའ་ལ་བྲེས། །སྣ་ཚོགས་དར་གྱི་ལྡ་ལྡིའི་ཅོད་པན་གཡོ། །སྲོག་སྐྱོབ་སྲ་བརྟན་རྡོ་རྗེའི་ཁྲབ་རྨོག་དང་། །ཞོལ་བཏགས་ལྕགས་གཞིབས་རྔ་རྒྱན་འཇའ་ལྟར་བཀྲ། །དཔག་ཆེན་མདའ་མདུད་དགྲ་སྟ་གྲི་མཚོན་རིགས། །དར་ཟབ་འཇོལ་བེར་སྣ་ཚོཊ་རིན་ཅེན་རྒྱན། །གཉིས་འཐུང་དབང་པོ་མ་ཧེ་བ་ལང་ཁྱུས། །གནོད་སྦྱིན་༝། །གདུགས་དཀར་གསེར་ཉ་བུམ་བཟང་དཔལ་བེའུ། །པདྨ་དུང་དཀར་གཡས་འཁྱིལ་རྒྱལ་མཚན་གདུགས། །གསེར་འཁོར་ནོར་བུ་བློན་པོ་བུད་མེད་མཆོག །རྟ་གླང་ཁྱིམ་བདག་རྒྱལ་སྲིད་རིན་ཅེན་བདུན། །མེ་ལོང་གྷི་ཧཾ་ཞོ་དང་རྩྭ་དུར་བ། །བིལ་ཝ་གཡས་འཁྱིལ་ལི་ཁྲི་ཡུངས་ཀར་རྫས། །ལྷ་ཀླུ་གནོད་སྦྱིན་མི་ཡི་འབྱོར་ཚོགས་ཀྱིས། །གནོད་སྦྱིན་༝། །འཁྲུལ་ངོར་ཤར་བའི་དགྲ་བགེགས་འཇོམས་པ་དང་། །འདོད་དགུའི་དངོས་གྲུབ་སྩོལ་ཕྱིར་གནོད་སྦྱིན་ཆེར། །བསྟན་ཀྱང་གདོད་ནས་དག་པའི་རང་སེམས་དང་། །བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ། །རོ་གཅིག་རང་ངོ་ཤེས་པའི་རྣལ་འབྱོར་སོགས། །ཕྱི་ནང་གསང་དང་དེ་ཉིད་མཆོད་ཚོགས་ཀྱིས། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང་། །གནོད་སྦྱིན་༝། །བཤགས་པ་ནི། ཧཱུྃཿ རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །རྡོ་རྗེ་བདུད་འདུལ་འཁོར་བཅསསྤྱན་སྔ་རུ། །བདག་ཅག་ནོངས་པ་བསྒྲག་ཅིང་བཤཊ་བྱེད་ན། །སྤྲོས་(༡༡༢བ)


GLG011_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བརྩེ་ཆེན་དབྱིངས་ནས་གསོན་ཅིང་དགོངས། །སྣང་སྟོང་དབྱེར་མེད་ཐ་མལ་དབང་དུ་ཤོར། །གྲག་སྟོང་རང་སྒྲར་ཐ་སྙད་དབང་གིས་ཞེན། །རིག་སྟོང་བདེན་འཛིན་འཆིང་བས་བཅིངས་ལ་སོགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །ཀ་དག་དབྱིངས་ལས་ལྷུན་གྲུབ་འོད་གསལ་བ། །བདེ་སྟོང་ཟུང་འཇུག་རང་ལ་གདོད་མ་ནས། །ཡོད་པར་མ་ཤེས་གཞན་ནས་འཚོལ་བའི་བློས། །སྐུ་གསུམ་རིང་པོར་སྤོང་བའི་འཁྲུལ་ཉེས་བཤགས། །ལྷ་ཁྱོད་མཆོག་ཐུན་དངོས་གྲུབ་གཏེར་ཆེན་པོར། །མ་ཤེས་འཇིག་རྟེན་རང་རྒྱུད་པར་བཟུང་ཞིང་། །དོན་ཆུང་ཙམ་དུ་ལས་སྦྱོར་བཀོལ་བ་སོགས། །ཡོན་ཏན་འཕྲིན་ལས་དམ་ཚིག་ཉམས་པ་བཤགས། །སྨིན་གྲོལ་གསང་སྔགས་ལམ་དུ་ཉེར་ཞུགས་ནས། །རྩ་བ་ཡན་ལག་དམ་ཚིག་རས་སུ་བོར། །ཁྱད་པར་མགོན་ཁྱོད་བསྙེན་སྒྲུབ་བསྐོང་བ་དང་། །མཆོད་གཏོར་ཆག་སོགས་ནོངས་པ་མ་ལུས་བཤགས། །མདོར་ན་བཤགས་བྱ་བཤགས་བྱེད་བཤགས་པའི་ཡུལ། །ཀུན་ཀྱང་རང་གི་སེམས་ཉིད་གཅིག་པུའི་རྩལ། །བློ་འདས་བྱར་མེད་བཤགས་པའི་མཆོག་ཉིད་ཀྱིས། །སྒྲིབ་བྲལ་ཚངས་པའི་དངོས་གྲུབ་དེང་འདིར་སྩོལ། །བསྟོད་པ་ནི། གཏེར་གཞུང་དངོས་ལས། ཧཱུྃཿ མགོན་པོ་རྡོ་རྗེ་བདུད་འདུལ་ནི༔ ཐུགས་རྗེའི་ཐབས་ཀྱིས་གདུག་པ་འདུལ༔ གཞོན་ནུ་དཔའ་བོ་ཁྲོས་པའི་སྐུ༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ མགོན་པོ་གཡུལ་ལས་རྣམ་རྒྱལ་ཏེ༔ མགོན་པོ་རིན་ཆེན་བརྩེགས་པར་བཞུགས༔ ཕྱག་ན་རིན་ཅེན་ཐོད་ཁྲག་བསྣམས༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ མགོན་པོ་རྒྱལ་པོ་དབུ་མཐའ་ཡས༔ སྤྱན་གསུམ་པ་ལ་མཆེ་བ་གཙིགས༔ ཧཱུྃ་དང་ཕཊ་སྒྲ་འཇིགས་དྲག་པོས༔(༡༡༣ན)


GLG011_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུངས་འདུལ་ཁྱོད་ལ་ཕྱག་འཚལ༔ ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ སྦྲུལ་དང་ཐོད་པའི་འཕྲེང་བས་བརྒྱན༔ དར་ནག་རལ་ཀ་སྐུ་ལ་གསོལ༔ རྡོ་རྗེ་བདུད་འདུལ་སྐུ་ལ་བསྟོད༔ འཁོར་ནི་གནོད་སྦྱིན་སྟོང་སྡེས་བསྐོར༔ མདོག་ནག་བསྐལ་པའི་མེ་ལྟར་འབར༔ རྔམས་པའི་སྟབས་ཀྱི་བགེགས་འདུལ་བ༔ བགེགས་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ རིགས་འཛིན་ཁྲོ་བོའི་སྐུ་ལས་འཕགས༔ མཐུ་རྩལ་མི་ཉམས་ཡངས་པ་ལས༔ སྲིད་པ་གསུམ་གྱིས་མཐར་ཕྱིན་མཛད༔ བདུད་འདུལ་འཇིགས་བྱེད་ཁྱོད་ལ་བསྟོད༔ ཧཱུྃཿ དབུས་ཀྱི་གྲུ་གསུམ་མཐིང་ནག་ན། །རྡོ་རྗེ་ནོར་བུའི་དངོས་གྲུབ་ཅན། །གནོད་སྦྱིན་ཕྲུག་གུ་གདུག་པ་ཅན། །ཀླུ་ཡི་ཚ་བོ་ཞེ་གནག་ཅན། །བསྟན་པ་བསྲུང་བའི་དམ་ཚིག་ཅན། །དགྲ་བགེགས་འདུལ་བའི་མཐུ་སྟོབས་ཅན། །འཇིཊ་པའི་སྐུར་སྟོན་ཁྱོད་ལ་བསྟོད། །སྡེ་དཔོན་ཆེན་པོ་ཁྱོད་ལ་བསྟོད། །རིན་ཅེན་གཏེར་བདག་ཁྱོད་ལ་བསྟོད། །བསྟན་པ་བསྲུང་མཛད་ཁྱོད་ལ་བསྟོད། །ཅེས་དང་། གཞན་ཡང་། ཧཱུྃཿ མི་འགྱུར་བདེ་ཆེན་ཆོས་ཀྱི་དབྱིངས་ཉིད་ལས། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་བསྟན་པ། །གནོད་སྦྱིན་སྡེ་དཔོན་ཆོས་སྲུང་ཀུན་གྱི་གཙོ། །དཔལ་ལྡན་རྡོ་རྗེ་བདུད་འདུལ་ཁྱོད་ལ་བསྟོད། །སྲིན་པོའི་གཟུགས་ཅན་མིག་སྨན་ལྟ་བུའི་མདོག །རིན་ཅེན་རྒྱན་དང་དར་ནག་འཇོལ་བེར་མཛེས། །ཡིད་བཞིན་ནོར་དང་བདུད་རྩིའི་བུམ་པ་བསྣམས། །རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས་ལ་བསྟོད། །ཧ་ཧ་ཧཱུྃ་ཕཊ་རྔམས་པའི་ང་རོའི་སྒྲས། །ནག་པོའི་རྩ་ལག་སྡེ་བཅས་ཀླད་པ་འགེམས། །དངོས་གྲུབ་སྟེར་ཞེས་གསུང་གི་གདངས་སྙན་པོས། །སྒྲུབ་པ་པོ་རྣམས་དབུགས་དབྱུང་མཛད་ལ་བསྟོད། །(༡༡༣བ)


GLG011_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ལྟ་བུར་གཏིང་མཐའ་དཔག་དཀའ་བའི། །ཟབ་གསལ་ཐུགས་ཀྱིས་དུས་གསུམ་ཀུན་གཟིགས་ནས། །གང་ལ་གང་འདུལ་ཞི་རྒྱས་དབང་དྲག་དང་། །མཆོག་མཐུན་འཕྲིན་ལས་སྒྲུབ་པར་མཛད་ལ་བསྟོད། །རེས་འགའ་རབ་ཁྲོས་བརྐྱང་བསྐུམ་ཚུལ་གྱིས་འགྱིང་། །རྩེ་གསུམ་ཐོད་ཁྲག་ཐོགས་ནས་དགྲ་དཔུང་འཇོམས། །གནོད་སྦྱིན་རྣོན་པོ་འཇིགས་བྱེད་འཁོར་དང་བཅས། །ནང་གི་མགོན་པོའི་རྣམ་པར་རོལ་ལ་བསྟོད། །མཐིང་ནག་ཞལ་གསུམ་ཕྱག་དྲུག་གཏུམ་ཞིང་རྔམས། །རྩེ་གསུམ་དབྱུག་པ་གྲི་ཐོད་ཞགས་པ་དང་། །ལྕགས་ཀྱུ་འཛིན་ཞིང་བདུད་ཀྱི་རྒྱལ་པོའི་ཚུལ། །གསང་བའི་མགོན་པོའི་རྣམ་པར་སྟོན་ལ་བསྟོད། །གཉིས་མེད་གཉིས་སུ་སྣང་བའི་སྒྱུ་དྲ་ཡིས། །ཟག་བྲལ་བདེ་བ་ཆེན་པོ་སྐྱེད་པའི་ཡུམ། །ནད་རྐྱལ་རིན་ཅེན་ཞགས་པ་འཛིན་མཛད་མ། །དོན་ཀུན་སྒྲུབ་པའི་གནོད་སྦྱིན་དབང་མོར་བསྟོད། །གངས་རིའི་མདངས་འཕྲོག་མཛེས་པའི་རྒྱན་གྱིས་སྤྲས། །ཕྱག་གཉིས་ནོར་བུ་རིན་ཅེན་སྒྲོམ་བུ་ནས། །འདོད་དགུའི་ལོངས་སྤྱོད་ཆར་བཞིན་འབེབས་མཛད་པ། །ནོར་བདག་ཛམ་ལ་དཀར་པོ་ཁྱོད་ལ་བསྟོད། །མུན་པ་བྱེ་བས་བྱུགས་པའི་ལྷུན་པོའི་སྐུ། །གཤིན་རྗེ་ལྟར་ཁྲོས་བེང་ཆེན་པར་བུ་ཅན། །ཞིང་བཅུའི་དགྲ་བགེགས་དབྱིངས་སུ་སྒྲོལ་མཛད་པ། །ལྷ་ཆེན་ལེཊ་ལྡན་མགོན་པོ་ཁྱོད་ལ་བསྟོད། །མདོག་དམར་དབུ་ལྔ་ཕྱག་དྲུག་རིན་ཅེན་སྒྲོམ། །གསེར་འཁོར་སྨན་སྣ་འབྲས་སྡེར་ཤིང་ཏོག་བསྣམས། །ལོག་པར་བལྟ་རྣམས་དབང་དུ་སྡུད་མཛད་པ། །གནོད་སྦྱིན་འབྲོག་གནས་མཆེད་ལྔ་ཁྱོད་ལ་བསྟོད། །མར་གད་མདངས་འཛིན་ཉི་མའི་གཟི་བྱིན་ཅན། །ཅང་ཤེས་ལ་བཅིབས་གསེར་ཁྲབ་རིན་ཅེན་རྒྱན། །སྦ་ལྕག་གཞོང་ཐོགས་ཚེ་དཔལ་འབྱོར་བ་ཀུན། །རྒྱས་མཛད་(༡༡༤ན)


GLG011_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་མང་ཐོས་སྲས་ཁྱོད་ལ་བསྟོད། །ཕོ་བྲང་ཁོར་སའི་ཁྱོན་ཀུན་དབྱར་དུས་ཀྱི། །ཆུ་འཛིན་ལང་ལོང་ལྟ་བུར་རབ་གཡོ་བ། །གནོད་སྦྱིན་གདུག་པའི་དམག་གི་སྡེ་དཔུང་སོགས། །གྲངས་མེད་དམ་ཅན་རྒྱ་མཚོའི་ཚོཊ་ལ་བསྟོད། །བཟླས་པ་བྱེད་པར་སྤྲོ་ན། །མདུན་བསྐྱེད་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་ལ་རང་རང་གི་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་དམིགས། །དེ་ལ་རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་ཕོག་པས་དབང་དུ་འདུས་ཏེ་བཀའ་ཉན་གྱི་ཚུལ་དུ་གནས་པ་ལ། རང་གང་འདོད་པའི་ལས་བསྐུལ་བའི་དམིགས་པ་དང་བཅས་ཏེ། ཕྱག་རྡོར་གྱི་སྔགས་དང་གཙོ་འཁོར་དྲུག་པོའི་སྔགས་གོང་གི་གཏོར་མ་འབུལ་བའི་དུས་ཀྱི་གུ་ཧྱ་བ་ལིཾ་ཏ་མན་ཆད་དོར་ནས་སོ་སོའི་སྲོག་སྔགས་གཙོ་བོ་ལ་སྟོང་དང་འཁོར་ལོ་བརྒྱ་སོགས་མང་ཉུང་ཇི་ལྟར་རིགས་པ་སྐབས་དང་སྦྱར་ཏེ་བཟླའོ། །གསོལ་ཀའི་འཕྲིན་ལས་སྦྱར་བ་ནི། གསང་འཕྱི་རིན་ཅེན་འབར་བའི་གཟུགས་ཅན་ནས་ཀྱི་ཕྱེ་ཆང་མར་རྣམས་སྤོས་ཀྱིས་སྦྲན་པ་སྦྱར་བ་ལས་བརྫིས་ཤིང་། ཁ་ཟས་ཀྱི་བྱེ་བྲག་སྣ་ཚོགས་དང་བཅས་པ་དང་སྣ་ལྔས་བརྒྱན་པ་ལྔ། དམ་ཚིག་གི་རྒྱ་ཕོར་ཆང་བཟང་པོ་སྨན་རཀ་བཏབ་པས་བཀང་ཞིང་། མར་གྱི་ཟེ་པྲོག་གིས་བརྒྱན་པ་ལྔ། ཞུན་མར་དང་བུ་རམ་སྦྱར་བ་ལ་སོགས་པའི་གཙོ་འཁོར་ལྔའི་ཐུན་རྫས་སོ་སོ་རྣམས། སྔར་བཀང་རྫས་སུ་བཤམས་པ། སྐབས་འདིར་རང་གི་མདུན་དུ་བཀོད། རིན་པོ་ཆེའི་སྣོད་དུ་གསང་འཕྱི་དང་། ཤུན་རྫས་སོ་སོ་ནས་ཇི་ལྟར་རིགས་པ་བཅད་དེ་བསྲེ། དམ་ཚིག་གི་རྒྱ་ཕོར་ཕུད་ཀྱིས་སྦྲན་ལ་འདི་ལྟར་བསྔོའོ། །ཨཱོཾ་ཕུད་ཀྱི་མངའ་བདག་མཆོག་གསུམ་དམ་པའི་ངོ་བོར་བཞུགས་པའི་རྡོ་རྗེ་སློབ་དཔོན་ཡིད་དམ་ཞི་ཁྲོའི་ལྷ་ཚོགས་དམ་ཅན་སྲུང་མ་རྣམས་ལ་གསང་བའི་ཕྱི་རྒྱན་ལྡན་གཡས་སུ་སྦྱར་བ་(༡༡༤བ)


GLG011_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བའི་ཐུན་རྫས་བཏབ་པ། གསེར་སྐྱེམས་ཀྱི་དམ་ཚིག་གིས་སྦྲན་པའི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །དགྱེས་པ་ཆེན་པོ་སྐྱེད་པར་གྱུར་ཅིག །མཐུ་སྟོབས་ནུས་པའི་བྱིན་རླབས་ཀྱིས་རྒྱལ་བའི་བསྟན་པ་དར་ཞིང་། འགྲོ་བའི་ཕན་བདེ་རྒྱས་པ་དང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་བདུད་སྡེ་ཟིལ་གྱིས་མནན་ནས་དབང་དུ་འདུ་ཞིང་། དམ་ཅན་ལས་ལ་འཁོལ་ཏེ་འཕྲིན་ལས་མཐའ་དག་སྒྲུབ་པར་མཛད་དུ་གསོལ་ཞེས་ཕུད་གཏོར་རུ་མཚོན་བ་དན་སོགས་འཕྱར། རོལ་མོ་སྣ་ཚོགས་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཀྵ་དམ་པ་ཆོས་སྐྱོང་བའི་གཙོ་བོ་ཟབ་མོ་གཏེར་གྱི་སྲུང་མ་གནོད་སྦྱིན་རྡོ་རྗེ་བདུད་འདུལ་ལ་གསང་འཕྱེ་རྒྱན་ལྡན་གཡོས་སུ་སྦྱངས། །ཞུན་མར་དང་དངར་གསུམ་སྦྱར་བའི་མཐུན་རྫས་བཏབ་པ། གསེར་སྐྱེམས་ཀྱི་དམ་ཚིག་གིས་སྦྲན་པའི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །དགྱེས་པ་ཆེན་པོ་སྐྱེད་པར་གྱུར་ཅིག །མཐུ་སྟོབས་ནུས་པའི་བྱིན་རླབས་ཀྱིས་རྒྱལ་བའི་བསྟན་པ་སྤྱི་དང་། བྱེ་བྲག་དགོན་གནས་འདི་ཉིད་དར་ཞིང་རྒྱས་པ་དང་འགྲོ་ཀུན་བདེ་ཞིང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་བདུད་དང་ལོག་འདྲེན་ཟིལ་གྱིས་མནན་ནས་དབང་དུ་འདུ་ཞིང་། དམ་ཅན་ལས་ལ་འཁོལ་ཏེ་ཡིད་ལ་བརྣག་པའི་འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཕུད་གཏོར་སོགས་གོང་ལྟར་བྱ་ཞིང་འོག་མ་རྣམས་ལའང་འགྲེ །ཀྵཿ ཡུམ་གནོད་སྦྱིན་དབང་མོ་དོན་ཀུན་སྒྲུབ་མ་གསང་འཕྱེ་རྒྱན་ལྡན་གཡོས་སུ་སྦྱར་བ། བསྐང་བའི་རིམ་པ་ཐུན་རྫས་བཏབ་པ། གསེར་སྐྱེམས་ཀྱི་དམ་ཚིག་གིས་སྦྲན་པའི་མཆོད་པ་འདིས་གསོལ་ལོ་མཆོད་དོ། །དགྱེས་པ་ཆེན་པོ་སྐྱེད་པར་གྱུར་ཅིག །ཐུགས་དམ་བསྐུལ་(༡༡༥ན)


GLG011_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉེར་ཁ་བསྟན་འགྲོའི་ཕན་བདེ་རྒྱས་ཞིང་ཉེ་བར་འཚེ་བ་རྣམས་གཞོམ་པ་དང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་ནད་རིམས་ཞི་བ་དང་ཟས་ནོར་གྱི་འབྱོར་ཞིང་དཔལ་དང་གཡང་སྐྱེད་པ། ཆོ་རིགས་ཀྱི་སྲིད་སྤེལ་བར་མཛད་དུ་གསོལ། ཛ། ཤར་ཕྱོགས་ནོར་ལྷ་དཀར་པོ་གནོད་སྦྱིན་ཛཾ་བྷ་ལ་འཁོར་བཅས་ལ་གསང་འཕྱི་རྒྱན་ལྡན་གཡོས་སུ་སྦྱར་བ། ཀ་ར་མཚལ་དང་སྦྱར་བའི་མཐུན་རྫས་བཏབ་པ། གསེར་སྐྱེམས་ཀྱི་དམ་ཚིག་གིས་སྦྲན་པའི་མཆོད་པ་འདིས་གསོལ་ཞིང་མཆོད་དོ། །དགྱེས་པ་ཆེན་པོ་སྐྱེད་པར་གྱུར་ཅིག །ཐུགས་དམ་བསྐུལ་བའི་གཉེར་ཁ་རྒྱལ་བའི་བསྟན་པ་འཕེལ་ཞིང་། འགྲོ་རྣམས་འབྱོར་པ་རྒྱས་པ་དང་ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལོངས་སྤྱོད་ཀྱི་གཏེར་ལ་མངའ་འབྱོར་ཏེ་བསོད་ནམས་ཀྱི་ཚོགས་འཕེལ་བའི་འཕྲིན་ལས་མཛད་དུ་གསོལ། ཧཱུྃཿ ལྷོ་ཕྱོགས་མགོན་པོ་ནག་པོ་ལེགས་ལྡན་ཆེན་པོ་འཁོར་བཅས་ལ་གསང་འཕྱི་རྒྱན་ལྡན་གཡོས་སུ་སྦྱར་བ། ཤ་ཁྲག་དམར་དང་སྦྱར་བའི་མཐུན་རྫས་བཏབ་པ་གསེར་སྐྱེམས་ཀྱི་དམ་ཚིག་གིས་སྦྲན་པའི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །དགྱེས་པ་ཆེན་པོ་སྐྱེད་པར་གྱུར་ཅིག །ཐུགས་དམ་བསྐུལ་བའི་གཉེར་ཁ་བསྟན་དང་འགྲོ་ལ་འཚེ་བའི་དགྲ་བགེགས་རྣམས་ཚར་གཅོད་པ་དང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ། ངན་སྡིག་ཅན་གྱིས་མཐུ་བྱེད་གཡུལ་འཁྲུག་སོགས་བསམ་ངན་སྦྱོར་རྩུབ་རྣམས་ཟློག་ཅིང་ཚར་གཅོད་པ་དང་བར་གཅོད་ཐམས་ཅད་ལས་བསྲུང་སྐྱོབ་ཀྱི་འཕྲིན་ལས་མཛད་དུ་གསོལ། ཀྵཿ འབྲོག་གནས་ཆེན་པོ་མཆེད་ལྔ་འཁོར་བཅས་ལ་གསང་འཕྱི་རྒྱན་ལྡན་གཡོས་སུ་སྦྱར་བ་བུ་རམ་འབྲས་(༡༡༥བ)


GLG011_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱར་བའི་མཐུན་རྫས་བཏབ་པ་གསེར་སྐྱེམས་ཀྱི་དམ་ཚིག་གིས་སྦྲན་པའི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །དགྱེས་པ་ཆེན་པོ་སྐྱེད་པར་གྱུར་ཅིག །ཐུགས་དམ་བསྐུལ་བའི་གཉེར་ཁ་མུ་སྟེགས་བྱེད་སོགས་ལོག་ལྟ་ཅན་རྣམས་བསྟན་པ་ལ་གཟུད་པ་དང་། སྐྱེ་དགུ་རྣམས་ཕན་ཚུན་བྱམས་པ་དང་ལྡན་ཞིང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་མ་དད་པ་དང་སྡང་བར་སེམས་པ་རྣམས་འབངས་དང་གདུལ་བྱར་གྱུར་ཞིང་། ཕུན་སུམ་ཚོགས་པ་ལ་དབང་འབྱོར་བའི་འཕྲིན་ལས་མཛད་དུ་གསོལ། བེ་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་པའི་སྲས་འཁོར་དང་བཅས་པ་ལ་གསང་འཕྱེ་རྒྱན་ལྡན་གཡོས་སུ་སྦྱར་བ། སྨན་དང་སྤོས་ཀྱིས་སྦྱར་བའི་མཐུན་རྫས་བཏབ་པ་གསེར་སྐྱེམས་ཀྱི་དམ་ཚིག་གི་སྦྲན་པའི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །དགྱེས་པ་ཆེན་པོ་སྐྱེད་པར་གྱུར་ཅིག །ཐུགས་དམ་བསྐུལ་བའི་གཉེར་ཁ་ས་སྤྱོད་རྒྱལ་པོའི་མངའ་ཐང་རྒྱས་ཤིང་བསྟན་འགྲོ་ཀུན་ལ་རྒྱུད་པ་མི་འབྱུང་བ་དང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་རྡོ་རྗེ་ལྟ་བུའི་སྲོག་དང་ཉི་ཟླ་ལྟ་བུའི་ཚེ་དང་བཀྲག་མདངས་ཟད་མི་ཤེས་པ་སྩོལ་བའི་འཕྲིན་ལས་མཛད་དུ་གསོལ། འཁོར་གྱི་གཙོ་བོ་དམག་དཔོན། བློན་པོ། རུ་འདྲེན། ཕོ་ཉ། ལྷ་ཀླུ་དམ་ཚིག་ཅན། མགོན་པོ་བདུན་ཅུ་རྩ་ལྔ། བསྟན་མ་བཅུ་གཉིས་ཡུལ་ལྷ་གཞི་བདག་ཏུ་གཏོགས་སོ་ཅོག །རིགས་དང་རྒྱུད་ཀྱི་སྲུང་མ་འཁོར་བཅས་ལ་མཐུན་རྫས་དང་སྦྱར་བའི་གསེར་སྐྱེམས་དམ་པ་འདིས་གསོལ་ཞིང་མཆོད་དོ། །དགྱེས་པ་ཆེན་པོ་སྐྱེད་པར་གྱུར་ཅིག །འཕྲིན་ལས་ཀྱི་གཉེར་ཁ་ཞི་རྒྱས་དབང་དྲག་གི་ལས་གང་བཅོལ་བ་སྒྲུབ་པར་མཛད་དུ་གསོལ། གོང་གི་མཆོད་རྫས་སོགས་(༡༡༦ན)


GLG011_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་མ་འབྱོར་ན་གསང་འཕྱེ་གསེར་སྐྱེམས་ཙམ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ཏེ་ཕུལ་བས་ཀྱང་འགྲུབ་བོ། །ཁྱད་པར་གྱི་འཕྲིན་ལས་གཉེར་གཏད་ནི། ཧཱུྃཿ གནོད་སྦྱིན་ཆེན་པོ་འཁོར་དང་བཅས་རྣམས་ཀྱིས། །བུ་རམ་ཤིང་པའི་བསྟན་པ་རྒྱས་པ་དང་། །དེ་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བརྟན། །འདུས་པའི་སྡེ་རྣམས་ཆོས་སྤྱོད་འཕེལ་བར་མཛོད། །སྟོབས་ཀྱི་དཔུང་པས་ཡངས་པའི་ནོར་འཛིན་ལ། །དབང་སྒྱུར་ས་ལ་སྤྱོད་པའི་ཚངས་པ་ཆེའི། །སྐུ་ཚེ་མཐའ་ཐང་མཚན་བྱུས་ཆབ་སྲིད་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །འཇིག་རྟེན་སྤྱི་དང་ཁྱད་པར་གངས་ཅན་འདིར། །མི་ཕྱུགས་ནད་རིམས་དུས་ཀྱི་འཁྲུག་པ་དང་། །འཐབ་རྩོད་མུ་གེ་མ་ལུས་རབ་ཞི་ཞིང་། །ཕན་བདེའི་དགའ་སྟོན་མཆོག་ལ་སྤྱོད་པར་མཛོད། །རྒྱལ་བའི་བཀའ་རྣམས་འདྲི་ཞིང་ཀློག་པ་དང་། །མཆོད་དང་སྲི་ཞུར་བྱེད་ལ་གེགས་མེད་ཅིང་། །དེ་དོན་སྒྲུབ་པའི་སྦྱིན་པའི་བདག་པོ་ཡི། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །བཤེས་གཉེན་ཆེན་པོ་གྲྭ་པ་མངོན་ཤེས་ཀྱི། །གཙུག་ལག་ཁང་དང་སྡེ་རྣམས་འཕེལ་ཞིང་རྒྱས། །ཆོས་ནོར་གཏེར་གྱི་བུམ་པ་བཟང་པོ་ཡིས། །འདོད་པའི་རེ་བ་སྐོང་བའི་དངོས་གྲུབ་སྩོལ། །གཏང་རག་གི་མཆོད་པ་ནི། མཆོད་པ་རྣམས་སྔར་ལྟར་བྱིན་གྱིས་བརླབས་ཤིང་། ཉེར་སྤྱོད་རོལ་མོ་སོགས་ཀྱིས་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་འདོན། མ་ཉེས་ཡོངས་སུ་མ་ཤེས་དང་། ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ་ཞེས་སོགས་ཀྱིས་རྟེན་ལ་བརྟན་བཞུགས། རྟེན་མེད་པའི་འཁོར་རྣམས་ལ་གཙྪ་སྭ་བྷཱ་(༡༡༦བ)


GLG011_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཝ། ཞེས་པས་གཤེགས་སུ་གསོལ། སྨོན་ལམ་ནི། དགེ་བ་འདི་ཡིས་མར་གྱུར་འགྲོ་བ་རྣམས། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པའི་ཆེད། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཆེན་པོ། །ཚེ་འདིར་མངོན་དུ་འགྱུར་བའི་རྒྱུར་གྱུར་ཅིག །ཤིས་པ་བརྗོད་པ་ནི། །དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །བརྟུལ་ཞུགས་གྲུབ་པའི་དབང་པོར་རྣམ་རོལ་པ། །སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་སོགས། །རྩ་བརྒྱུད་བླ་མའི་ཚོགས་ཀྱི་བཀྲ་ཤིས་ཤོག །རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་གསང་བ་ཀུན། །འཆང་ཞིང་བཀའ་ཡི་སྡུད་པ་རྡོ་རྗེ་འཛིན། ཁྲོ་བོའི་དབང་པོ་ཁང་བུ་བརྩེགས་པ་སོགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །བྱང་ཕྱོགས་གནོད་སྦྱིན་བྱེ་བའི་སྡེ་དཔོན་སྐུར། །བཞེངས་ནས་མཆོག་མཐུན་དངོས་གྲུབ་ཆར་འབེབས་པ། །ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་སོགས། །དམ་ཅན་ཆོས་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་པ་བྱའོ། །སྨྲས་པ། དེང་དུས་གངས་ཅན་ལྗོངས་འདིར་མཁས་རློམ་འགའ། །སྔ་འགྱུར་ཆོས་ཀྱི་རང་སྐད་ཉེར་བོར་ནས། །གསར་མའི་ཆོག་སྒྲིགས་ཁོ་ན་ལྷུར་ལེན་པ། །དེ་དག་སྐོམ་འདོད་སྨིག་རྒྱུར་བསྙེགས་པ་བཞིན། །ལ་ལ་སྔ་ཕྱིར་འགྱུར་བའི་མགོན་པོ་ཀུན། །གཅིག་བསྡུས་སྒྲུབ་ཆེན་བཀའ་བརྒྱད་ཡི་གེ་ལས། །རྒྱས་བཀབ་རང་བཟོས་གཞན་མགོ་ཉེར་བསྐོར་བ། །དབང་ལུང་ཆོས་ཀྱི་རྒྱུན་བྲལ་ནམ་མཁའི་འཇའ། །ཧམ་ཅན་གདོལ་གཏམ་སྨྲ་ལ་དམ་པ་ཞེས། །མཁས་བླུན་དབྱེ་བ་མེད་པའི་དུས་ངན་འདིར། །གང་དྲན་ཡི་གེར་བྲིས་ཀྱང་དཔྱད་པ་དང་། །རྩོད་ཅིང་རྒོལ་བའི་བྱེད་པོ་ཉིན་སྐར་བཞིན། །འོན་ཀྱང་ལས་འབྲས་རྣམ་བཞག་ཕྲ་(༡༡༧ན)


GLG011_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཟབ། །ཀུན་ལ་གཅེས་པ་ཐུབ་བསྟན་ཡིན་པའི་ཕྱིར། །བརྒྱུད་ལྡན་དམ་པའི་སྒྲོས་དང་མན་ངག་བཞིན། །རང་བཟོས་བསླད་པ་མེད་པ་དེང་འདིར་སྤེལ། །དགེ་འདིས་ནམ་མཁའ་ཇི་སྲིད་གནས་ཀྱི་བར། །གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་གྱིས། །ཤཱཀྱའི་བསྟན་པ་ལེགས་པར་བསྲུང་བྱས་ཏེ། །བདེ་སྐྱིད་དཔལ་གྱིས་འཇིག་རྟེན་ཁྱབ་པར་ཤོག །ཅེས་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་གྱི་ལས་བྱང་ཡོངས་འདུའི་འཁྲི་ཤིང་ཞེས་བྱ་བ་འདི་ནི་གྲྭ་བསམ་དར་བ་མདའ་དཔོན་བློ་བཟང་བསྟན་འཛིན་གྱིས་དོན་གཉེར་ཆེན་པོས་བསྐུལ་པ་ལ་བརྟེན་ནས། མགོན་པོ་འདི་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་རྗེས་སུ་གནང་བ་མི་དབར་ཁྱིས་མ་ཆོད་པའི་བརྒྱུད་པ་མ་ཉམས་པ་ལས་འོངས་པ་ཟུར་འཇམ་དབྱངས་བླ་མའི་དྲུང་དུ་ལེགས་པར་ནོས་པ་དང་སླར་སྤྲུལ་སྐུ་གཏེར་བདག་གླིང་པའི་དྲུང་དུ་རྗེས་གནང་ལུང་མན་ངག་ཐོས་ཤིང་། གསང་ཆེན་རྙིང་མའི་ཆོས་ཚུལ་འདི་ལ་རིང་དུ་སྦྱངས་པའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་བསྟན་པ་སྤྱི་ལ་ཚད་ཐུབ་ཏུ་གྱུར་པའི་མཁས་པ་ཆེན་པོ་ལོ་ཆེན་བསོད་ནམས་རྒྱ་མཚོས་མཛད་པའི་ལས་བྱང་ལས་བཏུས་ཤིང་རིགས་འཛིན་བརྒྱུད་པའི་གསུང་སྒྲོས་ཀྱིས་རྣམ་པར་བརྒྱན་ཏེ་ཁྲོ་མོ་ཞེས་པ་ཤིང་འབྲུག་ནག་པ་ཟླ་བའི་ཡར་ངོའི་ཚེས་བཅུའི་དུས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །སྣང་སྲིད་དྲེགས་པ་ཡོངས་ཀྱི་ཅོད་པན་དུ། །ཞབས་སེན་ནོར་བུའི་འོད་སྟོང་ཆེར་འབར་བ། །སངས་རྒྱས་ཀུན་དངོས་པདྨ་ཐོད་འཕྲེང་རྩལ། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས། །དེ་ལ་འདིར་གསང་ནེའུ་ཐོག་གི་སྲུང་མ་བཙན་རྒོད་གནོད་སྦྱིན་གསེའི་ཁྲབ་ཅན་ལ་མཆོད་གཏོར་འབུལ་(༡༡༧བ)


GLG011_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ་ནི། རང་ཉིད་ཇི་ལྟར་མོས་པའི་ཡི་དམ་གྱི་ལྷའི་བདག་སྐྱེད་སྔོན་དུ་འགྲོ་དགོས་པས་མཆོད་གཏོར་བྱིན་རླབས་སོགས་དེའི་ལུགས་སུ་བྱས་ནས། རྟེན་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་པདྨ་ཉི་མ་དགྲ་བགེགས་བསྣོལ་བའི་སྟེང་དུ། རྩ་དམར་པོ་ལས་འོད་ཟེར་འཕྲོས་གནོད་བྱེད་དགྲ་བགེགས་རྣམས་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་བཙན་རྒོད་བསེའི་ཁྲབ་ཅན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ལ་ཟླུམ་ལ། ཁྲོ་གཉེར་སྨིན་མཚམས་སུ་བསྡུས་ཤིང་། ཡས་སོས་མས་མཆུ་མནན་པས་མཆེ་བ་གངས་རི་ལྟར་འཚེར་བ། གཡས་ཙན་དན་གྱི་བེང་ཆེན་འཕྱར་བ་ལས་སྤྲུལ་པའི་དམག་ཚོགས་འགྱེད་པ། གཡོན་དགྲ་བོའི་མགོ་ལུས་འཆིང་བའི་ཞགས་པ་ཐུགས་ཀར་སྡིགས་མཛུབ་དང་བཅས་ཏེ་འཛིན་པ། དབུ་ལ་བསེ་རྨོག་རྒྱལ་མཚན་རུ་དར་གྱིས་སྤྲས་པ། སྐུ་ལ་དར་དམར་གྱི་ཙི་བེར་སྟེང་དུ་བསེ་ཁྲབ་གསོལ་བ། རྐེད་ལ་སྟག་དོང་གཟིག་ཤུབས་རལ་གྲིས་མཛེས་པ། རྟ་མཆོག་རག་པ་སྒ་སྲབ་དར་གྱི་ཅོད་པན་ཅན་བཅིབས་པ། བྱ་ཕོ་ཚ་ལུ་རོལ་ཏུ་ཁྲིད་ལ། དེའི་གཡས་སུ་སྐུའི་སྤྲུལ་པ་ཀླུ་བཙན་མཐིང་ནག་རང་འདྲའི་མདོག་དང་མཚུངས་པའི་དར་ཐོད་དང་འཇོལ་བེར་དགུ་བརྩེགས་གསོལ་བ། སྦྲུལ་ཞགས་འཛིན་ཅིང་རྟ་བྲ་ནག་ལ་ཞོན་པ། སྤྲུལ་པ་སྦྲུལ་ནག་འབུམ་སྡེ་འགྱེད་པ། གཡོན་ན་གསུང་སྤྲུལ་བཙན་རྒོད་དམར་ནག་དར་དམར་གྱི་ཐོད་དང་ཙི་བེར་གསོལ་བ། གཡས་བཙན་ཞགས་དམར་པོ་འཕེན་ཞིང་། གཡོན་དར་འཕེན་དམར་པོ་སྒྲེང་བ། རྟ་དམར་ཞོན་ཞིང་། སྤྲུལ་པ་སྤྲེའུ་དམར་པོ་འགྱེད་པ། མདུན་དུ་ཐུགས་སྤྲུལ་ལྷ་རིགས་དཀར་པོ་དར་དཀར་གྱི་གོས་དང་ཐོད་གསོལ་ཞིང་རིན་པོ་ཆེས་(༡༡༨ན)


GLG011_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། གཡས་ཞགས་པ་དཀར་པོ་འཕེན་ཞིང་། རྟ་དཀར་ཞོན་པའི་སྲབ་མདའ་གཡོན་པས་འཛིན་པ། དགེ་སློང་གི་ཆ་བྱད་ཅན་གྱི་སྤྲུལ་པ་འགྱེད་པ། རྗེའི་རྒྱལ་པོ་རིན་པོ་ཆེ་མཚར་སྡུག་ཅན། ཟ་འོག་དམར་ཁྲའི་ཙི་བེར་གསོལ་བ། གཡས་སྦ་ལྕག་དང་། གཡོན་པས་དུང་དཀར་འབུད་པ། རྟ་བྲ་ནག་ཞོན་ཞིང་སྟག་ཤར་ཕོ་ཉར་འགྱེད་པ། རྒྱབ་ཏུ་ཡོན་ཏན་གྱི་སྤྲུལ་པ་གཏེར་གྱི་སྲུང་མ་དཀར་པོ་ལེ་བརྒན་གྱི་ཐོད་བཅིངས་ཤིང་། དར་དཀར་གྱི་རལ་གུ་གསོལ་བ། གཡས་ཞགས་པ་དང་གཡོན་སྦ་ལྕག་འཛིན་པ། བྱ་ཕོ་ཚ་ལུ་ཞོན་ཞིང་བྱི་ལ་གྭ་པ་སྤྲ་པར་འགྱེད་པ། མཚམས་བཞིར་འཕྲིན་ལས་ཀྱི་སྤྲུལ་པ་བཙན་གྱི་དམག་དཔོན་མདོག་དམར་བསེའི་ཁྲབ་ཅན་དར་ཐོད་དམར་པོ་བཅིངས་པ། གཡས་ཞགས་པ་དང་གཡོན་སྦ་ལྕག་བསྣམས་པ། རྟ་རག་པ་རྟིང་དཀར་ཞོན་པ་སྔགས་ནག་ཕོ་ཉར་འགྱེད་པ། དེ་དག་གི་འཁོར་དུ་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པས་བསྐོར་བ། གཙོ་འཁོར་དེ་རྣམས་ཀྱི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བདག་མདུན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཆོས་སྐྱོང་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿ འཆི་མེད་ལྷ་ཡི་ཁང་བཟང་དམ་པ་དང་། །བྲག་དམར་སྲིན་པོ་ཁྲོས་འདྲའི་གནས་མཆོག་ནས། །གནོད་སྦྱིན་བཙན་རྒོད་ཆེན་པོ་བསེའི་ཁྲབ་ཅན། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །སངས་རྒྱས་ཀུན་དངོས་པདྨ་ཐོད་འཕྲེང་སོགས། །རྩ་རྒྱུད་བླ་མས་བཀའ་བསྒོས་དམ་བཞག་པ། ཇི་ལྟར་བསྲུང་ཞིང་རྟེན་གནས་རྒྱ་བོད་ཀྱི། །གཙུག་ལག་ཁང་བཟང་རྣམས་ནས་(༡༡༨བ)


GLG011_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །ཁྱད་པར་བོད་ཡུལ་འཇིག་རྟེན་མིག་གཅིག་པུ། །སྐད་གཉིས་སྨྲ་བ་བློ་ལྡན་ཤེས་རབ་ཀྱི། །བསྟན་པ་བསྟན་འཛིན་དགེ་འདུན་སྡེ་བཅས་རྣམས །བསྲུང་ཕྱིར་གཡར་དམ་དགོངས་ཏེ་གཤེགས་སུ་གསོལ། །མ་ཧཱ་ཡཀྵ་ཙ་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ། གོང་གི་སྔགས་གཤམ་དུ་ཨརྒྷཾ་ནས་ཤབྡའི་བར་བཏགས་ཏེ་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ། ཆོས་སྐྱོང་འཁོར་བཅས་ཀྱི་ལྗགས་འོད་ཟེར་སྦུ་གུའི་རྣམ་པ་ཅན་གྱི་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། གོང་གི་སྔགས་གཤམ་དུ་ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་གཙོ་བོ་དང་། འཁོར་རྣམས་ལ་ཨ་ཀཱ་རོས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་སྔགས་གཤམ་དུ་ཨོཾ་ཨཱཿཧཱུྃ་བཏགས་ཏེ་ནང་མཆོད་འབུལ། འཕྲིན་ལས་འཆོལ་བ་ནི། ཧོཿ རྒྱལ་པོ་གནོད་སྦྱིན་ཆེན་པོ་བསེའི་ཁྲབ་ཅན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། རྟ་མགྲིན་དབང་གི་རྒྱལ་པོ། རིཊ་འཛིན་པདྨ་འབྱུང་གནས། རྔོག་ལོ་བློ་ལྡན་ཤེས་རབ་སོགས་བླ་མ་དམ་པ་རྣམས་ཀྱི་སྤྱན་སྔར་གཡར་དམ་གཉེན་པོ་ཞལ་གྱིས་བཞེས་པ་བཞིན། རྒྱལ་བའི་བསྟན་པ་སྲུངས། དཀོན་ཅོག་གི་དབུ་འཕང་སྟོད། དགེ་འདུན་གྱི་སྡེ་སྐྱོངས། འགྲོ་བའི་བདེ་སྐྱིད་སྤེལ། ཁྱད་པར་གསང་ནེའུ་ཐོག་གི་ཆོས་གྲྭས་མཚོན་པའི་ལོ་ཙཱ་བ་ཁུ་དབོན་དང་། ཆ་གཙང་ཡབ་སྲས་རྣམས་ཀྱི་རིང་ལུགས་གང་དུ་རྒྱས་པའི་དགོན་གནས་འདུས་སྡེ་དང་བཅས་པ་བསྲུང་ཞིང་བསྐྱབས་ཏེ། སྡེ་སྣོད་གསུམ་གྱི་ཐོས་བསམ་དང་། བསླབ་པ་གསུམ་གྱི་ཉམས་ལེན་སོགས་འཁོར་ལོ་གསུམ་གྱི་བྱ་བ་རྣམས་འཕེལ་བ་དང་། བདག་སོགས་རྣམས་ཀྱི་འགལ་རྐྱེན་བར་གཅོད་ཞི་ཞིང་མཐུན་རྐྱེན་བསམ་(༡༡༩ན)


GLG011_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བསྐང་བ་ནི། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ། ཧཱུཾ། རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས། །དབང་པོའི་མེ་ཏོག་ཕུང་པོར་བརྩེགས། །ཤ་གསུར་དུད་པ་སྤྲིན་བཞིན་གཏིབས། །ཞུན་ཆེན་སྣང་གསལ་ཉི་ལྟར་གསལ། །ཞག་ཆེན་དྲི་ཆབ་སྣོད་དུ་གཏམས། །ཤ་རུས་བཟའ་དང་བཅའ་བའི་ཟས། །སྣ་ཚོགས་རོལ་མོ་འབྲུག་སྟོང་ལྡིར། །སྲོག་སྐྱོབ་སྲ་བརྟན་རྡོ་རྗེའི་གོ །ཕ་རོལ་འཇོམས་པ་སྣ་ཚོགས་མཚོན། །སྟོང་གསུམ་བགྲོད་བྱེད་ཅང་ཤེས་རྟ། །འོ་མའི་རྒྱུན་འཛིན་འདོད་འཇོའི་བ། །སྤྲ་སྤྲེའུ་བྱི་ལ་མཚའ་ལུའི་བྱ། །ར་ལུག་འབྲོང་གཡག་གླང་སེང་སྟག །གཏོར་མའི་རི་བོ་མཁའ་ལ་བསྙེག །ཇ་ཆང་བཏུང་བ་མཚོ་རུ་བསྐྱིལ། །རི་རབ་གླིང་བཞི་ཉི་ཟླ་ཟུང་། །རྒྱལ་སྲིད་བདུན་དང་འདོད་ཡོན་ལྔ། །མདོར་ན་ལྷ་མིའི་དཔལ་འབྱོར་ཀུན། །དངོས་འབྱོར་བཤམས་དང་ཡིད་སྤྲུལ་རྣམས། །ནམ་མཁའ་མཛོད་དུ་བྱིན་རླབས་ཏེ། །བསེ་ཡི་ཁྲབ་ཅན་ཐུགས་དམ་བསྐང་། །སྤྲུལ་པ་རྣམ་དྲུག་ཐུགས་དམ་བསྐང་། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐང་། །དམ་སྐོངས་ཉམས་ཆགས་གསོས་གྱུར་ཅིག །བསྟོད་པ་ནི། ཧཱུྃཿ པདྨ་རཱ་གའི་ལྷུན་པོ་རྟ་གདོང་མེས། །ལན་བརྒྱར་འཁྱུད་པའི་དཔལ་འཛིན་སྲིན་པོའི་གཟུགས། །འཇིགས་རུང་གར་དགུའི་ཉམས་ཀྱི་རྣམ་རོལ་པ། །ཆོས་འཁོར་སྐྱོང་བའི་སྲུང་མ་ཆེ་ལ་བསྟོད། །དབུ་ལ་གསལ་འཚེར་འབར་བའི་བསེ་རྨོག་གྱོན། །ལྷག་ལྷག་འོད་སྟོང་འཁྱུག་པའི་བསེ་ཁྲབ་གསོལ། །སྒ་སྲབ་ཆས་མཛེས་ཅང་ཤེས་ལ་བཅིབས་ནས། །སྲིད་གསུམ་སྐད་ཅིག་མྱུལ་བ་ཁྱོད་ལ་བསྟོད། །དམག་ཚོགས་བྱེ་བ་འགྱེད་པའི་བེང་ཆེན་(༡༡༩བ)


GLG011_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱར། །དགྲ་བགེགས་འཆིང་བའི་ཞགས་པ་ཐུགས་ཀར་འཛིན། །རྐེད་ལ་སྟག་རལ་གཟིག་ཤུབས་རལ་གྲི་འཕྱར། །མཐུ་ལྡན་བཙན་རྒོད་ཆེན་པོ་ཁྱོད་ལ་བསྟོད། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །སྤྲུལ་པ་ཞི་དང་ཁྲོ་ཆགས་རོལ་གར་མཁན། །རྣམ་འགྱུར་ཅིར་ཡང་སྟོན་པའི་མཐུ་རྩལ་ཅན། །ལྷ་ཀླུ་བཙན་རྒོད་རིགས་གྱུར་རྣམས་ལ་བསྟོད། །བན་སྔགས་མོན་པ་སྟག་ཤར་ཨཱ་ཙརྱ། །མཚའ་ལུ་བྱ་པོ་སྦྲུལ་ནག་སྤྲ་སྤྲེེལ་སོགས། །གྲངས་མེད་སྤྲུལ་པ་འཇིགས་རུང་འཁོར་ཚོགས་ཀྱི། །ས་གཞི་བར་སྣང་ཁྱོན་ཀུན་འགེངས་ལ་བསྟོད། །ཟས་གཙང་སྲས་ཀྱི་བསྟན་པ་རིན་པོ་ཆེ། །བཤད་དང་སྒྲུབ་པས་སྤེལ་བ་འདུས་པའི་སྡེ། །དེ་འཛིན་སྐྱེས་བུ་རྒྱུ་སྦྱོར་སྦྱིན་པའི་བདག །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས། །དུས་ཀྱི་ཆད་པ་མ་ལུས་ཀུན་ཞི་ནས། །བརྒྱད་ཁྲིའི་ཚེ་ཐུབ་འཛམ་གླིང་མི་བཞིན་དུ། །རྫོགས་ལྡན་གསར་བའི་རྩེ་དགའ་དགོད་པར་མཛོད། །ཁྱད་པར་ཕ་རོལ་ཕྱིན་དང་ཚད་མ་སོགས། །རྒྱན་དྲུག་མཆོག་གཉིས་གཞུང་ལུགས་ཐོས་བསམ་གྱིས། །གཏན་ལ་འབེབས་པའི་གསང་ཕུ་ནེའུ་ཐོག །རྗེས་འབྲང་བཅས་ཀུན་དར་ཞིང་རྒྱས་པར་མཛོད། །མདོར་ན་བདག་ཅག་དགོན་གནས་མི་ནོར་ཀུན། །བསྟན་སྲུང་ཆེན་པོ་ཁྱོད་ལ་གཉེར་གཏོད་ན། །ཉིན་མཚན་དུས་དྲུག་བསྲུང་ཞིང་སྐྱོབ་པ་དང་། །ཞི་རྒྱས་དབང་དྲག་འཕྲིན་ལས་ལྷུན་གྲུབ་མཛོད། །ནོངས་པ་བཟོད་གསོལ་དང་། རྟེན་ཡོན་ན་བརྟན་བཞུགས། མེད་ན་གཤེགས་གསོལ་སྤྱི་ལྟར་བྱ། ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །སྲུང་མ་འདི་ཉིད་འཕགས་པའི་ཡུལ་དུ་བརྟུལ་ཞུགས་གྲུབ་པའི་དབང་(༡༢༠ན)


GLG011_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པོ་པདྨ་ཐོད་འཕྲེང་གིས་དམ་ལ་བཏགས་པའི་ཆོས་སྐྱོང་ཁྱད་པར་ཅན་ཞིག་ཡིན་འདུག་ནའང་། འདི་པའི་སྒྲུབ་སྐོར་གཏེར་བྱོན་ཚད་ཐུབ་མ་མཐོང་ཞིང་། ལོ་ཙཱ་བ་ཆེན་པོའི་རྗེས་སུ་འབྲངས་བ་ཙམ་ལས་དེ་ཉིད་ནས་བརྒྱུད་པའི་ཡི་གེའང་མ་མཆིས་པས། དེང་སང་གསོལ་མཆོད་འདྲ་འདུག་པ་རྣམས་ཁུངས་མེད་ཀྱི་ཡིག་ཧྲུལ་དང་བློས་བྱས་སྣ་ཚོགས་སྣང་བར་ཡིད་བརྟན་དཀའ་ལ། སྔགས་གསར་རྙིང་གང་གི་ལུགས་སུ་བྱེད་པའི་ཁ་ཚོན་མ་ཆོད་པས། མུན་པར་མདའ་འཕེན་ཙམ་དུ་ཟད་མོད། འོན་ཏེ་གླིང་སྨད་ཆོས་རྗེ་བསྟན་འཛིན་རྒྱ་མཚོ། ཉང་རེ་བྲ་ཡག་སྐུ་སྐྱེ། མི་ཉག་འགྲི་བ་ཁ་པ་སོགས་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་གཡར་ཁྲལ་ཙམ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ། །རྒྱ་གར་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར། །བྲམ་ཟེ་མཆོག་སྲེད་འཕགས་མཆོག་ཀླུ་སྒྲུབ་ཞབས། །གངས་ཅན་རྡོར་འཛིན་བྱེ་བའི་གཙུག་གི་རྒྱན། །ས་སྐྱ་པ་ཞེས་སྙན་པའི་གྲགས་པ་དཀར། །གང་དེའི་སྙན་བརྒྱུད་མངའ་བདག་ཚར་པ་རྗེའི། །བསྟན་འཛིན་བཀའ་དྲིན་མཚུངས་མེད་གནས་གསར་བའི། །གདམས་པའི་མཛོད་འཛིན་ཟུར་ཆེན་རྡོ་རྗེ་འཆང་། །ཕ་རྒོད་བླ་མ་རྣམ་གཉིས་གཙུག་ཏུ་བསྟེན། །མགོན་པོ་ཆེ་ཆུང་ལས་མཁན་དམར་ནག་གི །བསྐང་བཤགས་རྒྱུན་འཁྱེར་ཚིག་ཉུང་དོན་གསལ་བའི། །ཉིན་བྱེད་ཁོ་བོའི་བློ་གྲོས་མཁར་ཤར་ཚེ། །དོན་གཉེར་རེ་བའི་འདབ་སྟོང་རྣམ་པར་བཞད། །འདིར་མགོན་པོ་རྣམ་གཉིས་ལས་མཁན་མོན་བུ་དང་གནོད་སྦྱིན་ཆེན་པོ་རྣམས་ཀྱི་བསྐང་བཤགས་ངག་འདོན་ཉུང་ངུར་སྤེལ་བ་ལ། དམ་རྫས་སྤྱན་གཟིགས་མཆོད་གཏོར་སོགས་ཚར་ཆེན་ཆོས་ཀྱི་རྒྱལ་པོས་(༡༢༠བ)


GLG011_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་མཆོད་གཏོར་གྱི་ལྷན་ཐབས་དངོས་གྲུབ་རོལ་མཚོ་དང་མཐོང་བརྒྱུད་ཀྱི་ཕྱག་ལེན་ལས་ཤེས་པར་བྱས་ཏེ། རྡོ་རྗེའི་རྩེས་ནང་མཆོད་གཏོར་ཞིང་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲུྃ་ལས་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་མཆོད་རྫས་རྣམས་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ཆུ་ཉེར་སྤྱོད་རོལ་མོ་དང་བཅས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་འབྲུ་གསུམ་སྦྱར་བའི་པཱ་དྱཾ་ནས་ཤབྡའི་བར་དང་། ཨོཾ་བཛྲ་གྷཎྚེ་ཎི་ཏ་སོགས་ཚར་གསུམ་བརྗོད། དེ་ནས་ལམ་སྡུས་བྲག་རྫོང་སོགས་བདག་སྐྱེད་གང་ཡང་རུང་བ་སྔོན་དུ་བཏང་ནས་ནང་མཆོད་བྱིན་གྱིས་བརླབས། བཤགས་པ་ནི། བཛྲ་ས་མཱ་ཛཿ གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་ཤླཽ་ཀ་གཅིག་དང་། ཡི་དམ་དཀྱིལ་འཁོར་འཁོར་ལོའི་ལྷ། །ནག་པོ་ལྕམ་དྲལ་གདོང་བཞི་པ། །ལས་མཁན་འཁོར་ཚོགས་རྒྱ་མཚོར་བཅས། །ཕྱག་འོས་ཀུན་ལ་ཕྱག་འཚལ་ལོ། །དཔལ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པ། ལེགས་ལྡན་གདོང་བཞི་ཡབ་ཡུམ་བཀའ་སྡོད་དང་བཅས་པ་ཁྱེད་རྣམས་ལ་གསོལ་བ་ནི། བདག་ཅག་འཁོར་བཅས་རྣམས་ཀྱི་མ་རིག་པའི་དབང་གིས་སྲུང་མ་ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཉམས་ཆགས་སུ་གྱུར་པ་མཐའ་དག་སྤྲོས་བྲལ་གྱི་དབྱིངས་སུ་བཤགས་སོ། །ནོངས་པར་ཐམས་ཅད་ཞི་བར་གྱུར་ཅིག །ཕྱི་ནང་གསང་བའི་དམ་རྫས་འདི་རྣམས་ཀྱིས་བསྟན་སྲུང་དམ་པ་ཁྱེད་རྣམས་ཀྱི་ཐུགས་དམ་སྐོང་བར་གྱུར་ཅིག །དེ་ལྟར་གྱུར་བའི་མཐུས་བདག་ཅག་རྣམས་ཀྱི་བར་གཅོད་ཐམས་ཅད་ཞི་ཞིང་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཁྱེད་ཐུགས་གསང་བ་དམ་པའི་(༡༢༡ན)


GLG011_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །དགྱེས་པ་ཆེན་པོའི་སྒོ་ཕྱེ་ལ། །དངོས་གྲུབ་འཕྲིན་ལས་བདུད་རྩི་ཡི། །རྒྱུན་གྱིས་བདག་རྒྱུད་གཏམས་པར་མཛོད། །ལན་གསུམ་བརྗོད། དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། །ཚངས་པར་སྩལ་དུ་གསོལ། བསྐང་རྫས་བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཧཱུྃ་ལས་དྲག་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་བསྐང་རྫས་རྣམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་ཡོན་ཉེར་སྤྱོད། རོལ་མོ། བླ་བྲེ། ལྡ་ལྡི། གཞན་ཡང་རྟ་མཆོག གཡག་ལུགབྱ་ཁྱི། མི་ནག །སྟག་གཟིག གོ་མཚོན། གཏོར་མ། བདུད་རྩི། ཛ་གད་སོགས་མཆོད་རྫས་བསམ་གྱིས་མི་ཁྱབ་པ་མགོན་པོ་རྣམ་གཉིས་འཁོར་དང་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་བྱ། མགོན་ཆེན་གྱི་བསྐང་གསོ་ནི། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཞེས་པ་ནས། ཨོཾ་བཛྲ་ས་མཱ་ཛཿ ཞེས་པའི་བར་གཏོར་ཆོག་ཕོ་ཉ་མྱུར་མགྱོགས་ལྟར་བྱ། ཧཱུྃཿ རྣམ་སྣང་ཐུགས་ཀློང་རང་བཞིན་གནས་རྣམས་ནས། །དཔལ་ལྡན་མ་ཧཱ་ཀཱ་ལ་ལྕམ་དྲལ་དང་། །གནོད་སྦྱིན་ཡབ་ཡུམ་མོན་པ་མིང་སྲིང་སོགས། །འཕྲིན་ལས་བསྒྲུབ་ཕྱིར་སྤྱན་འདྲེན་ད་ཚུར་སྤྱོན། །ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཞེས་པ་ནས། པདྨ་ཀ་མཱ་ལཱ་ཡེ་སྟྭཾ། སྔགས་མཆོད། དམ་བསྒྲག །གཏོར་འབུལ། འཕྲིན་ལས་འཆོལ་བ་རྣམས་ཕོ་ཉ་མྱུར་མགྱོགས་ལྟར་བྱེད། ཧཱུྃཿ ཁྲག་གི་མཆོད་ཡོན་དབང་ལྔའི་མེ་ཏོག་དང་། །ཚིལ་རྐང་ཀླད་དུད་ཞུན་ཆེན་ཏིལ་མར་སྒྲོན། །རང་བྱུང་དྲི་ཆབ་ཤ་ཆེན་སྤུངས་པའི་ཟན། །རྐང་གླིང་ཐོད་(༡༢༡བ)


GLG011_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་རོལ་མོའི་སྒྲ་དབྱངས་ཀྱིས། །གུར་མགོན་རལ་གཅིག་ལྷ་མོ་འདོད་ཁམས་མ། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་ལྕམ་དྲལ་སོགས། །ཐུགས་དམ་སྐོང་ཞིང་ཉམས་ཆགས་གསོས་གྱུར་ནས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཛ་གད་བདུད་རྩི་ཤ་ཁྲག་གཏོར་མ་སྤུངས། །གྲི་ཐོད་ཁྲག་བཀང་གཡང་གཞིའི་བླ་བྲེ་དང་། །རྐང་རུས་གཅལ་བཀྲམ་རྒྱུ་རློན་ལྡ་ལྡི་ཡིས། །གུར་མགོན་རལ་གཅིག་ལྷ་མོ་འདོད་ཁམས་མ། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་ལྕམ་དྲལ་སོགས། །ཐུགས་དམ་སྐོང་ཞིང་ཉམས་ཆགས་གསོས་གྱུར་ནས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཁྲག་ཞག་དྲི་གསུར་རྣམ་དག་ཚོགས་གཏོར་སྤུངས། །བྱ་ནག་ལྡིང་ཞིང་རྟ་མཆོག་རླུང་ལྟར་འཕྱོ། །གཡག་རྒོད་ར་གདེངས་ལུག་ནག་ལྕགས་རུ་ཅན། ཁྱི་ནག་སེང་གེ་མི་ནག་གར་བྱེད་པའི། །གུར་མགོན་༝། །གནོད་སྦྱིན་༝། །ཐུགས་དམ་༝། །རྣལ་འབྱོར་༝། །འབྲང་རྒྱས་ཁྲག་གི་ཐིག་བཏབ་རཀྟ་འཁྱིལ། །གསང་རྟེན་གྲི་སྙིང་འབྲུ་སྣ་སྟོང་གི་ཆང་། །སྨྱུག་རྒོད་བྱ་རྒོད་སྒྲོས་བརྒྱན་མདའ་བོ་ཆེ། །ནམ་མཁའ་རྒྱང་བུ་འཕན་གདུགས་རབ་མཛེས་པས། །གུར་མགོན་༝། །གནོད་སྦྱིན་༝། །ཐུགས་དམ་༝། །རྣལ་འབྱོར་༝། །ལུག་ནག་རྒྱལ་མཚན་སྙིང་དང་གཡབ་དར་ནག །དམར་ནག་བཤོས་བུ་སྨན་རག་གྲི་རྒོད་སྙིང་། །གསུར་ཆེན་རྟག་གཏོར་རྒྱུན་གཏོར་ལ་སོགས་པ། །མཐུན་པའི་དམ་རྫས་འདོད་ཡོན་སྤྱན་གཟིགས་ཀྱིས། །གུར་མགོན་༝། །གནོད་སྦྱིན་༝། །ཐུགས་དམ་༝། །རྣལ་འབྱོར་༝། །དེ་ལྟར་དམ་སྐོངས་ཉམས་ཆགས་གསོས་གྱུར་ནས། །བདག་སོགས་རྣམས་ཀྱི་འགལ་རྐྱེན་ཀུན་ཞི་ཞིང་། །གནོད་པའི་དགྲ་བགེགས་རྡུལ་དུ་རློག་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞལ་གྱི་བསྐང་གསོ་ནི།(༡༢༢ན)


GLG011_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་ཞེས་པ་ནས། བཛྲ་ས་མཱ་ཛཿའི་བར་གཏོར་ཆོག་ལྟར་བྱས། ཏེ་སེ་གྲ་འཛིན་བསིལ་ཚལ་ཧ་ཧ་དགོད། །དར་ལུང་ཁའུ་དཔལ་ལྡན་ས་སྐྱ་ནས། །རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པ། །ཡབ་ཡུམ་འཁོར་ཚོགས་རྒྱ་མཚོ་གནས་འདིར་གཤེགས། །ཨཱོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཞེས་པ་ནས། པདྨ་ཀ་མ་ལཱ་ཡེ་སྟྭཾ་གྱི་བར་དང་། སྔགས་མཆོད། དམ་བསྒྲག གཏོར་འབུལ། འཕྲིན་ལས་འཆོལ་བ་རྣམས་གཏོར་ཆོག་ལྟར་བྱ། ཧཱུྃ། ལེགས་ལྡན་དབང་པོ་འཁོར་བཅས་སྤྱན་ལམ་དུ། །གཡག་རོག་ཞོལ་ཆེན་ཅང་ཤེས་རྟིང་དཀར་འཕྱོ། །ལུག་ནག་སྤྱི་དཀར་བྱ་ནག་ཁྱུང་ལྟར་ལྡིང་། ཁྱི་ནག་སྙིང་དཀར་རྒྱན་གྱིས་བརྒྱན་པ་འདིས། །སྟོབས་འཕྲོག་དབང་པོ་ཡབ་ཡུམ་ཐུགས་དམ་བསྐང་། །བཀའ་སྡོད་འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་སྐོང་ཞིང་ཉམས་ཆགས་དག་གྱུར་ནས། །འགལ་རྐྱེན་ཀུན་ཞི་དངོས་གྲུབ་ཆར་ལྟར་ཕོབ། །རཀྟའི་ཨརྒྷཾ་མེ་ཏོག་ནག་པོ་དང་། །ཤ་ཚལ་བདུག་སྤོས་ཞུན་ཆེན་སྣང་གསལ་སྦར། །ཁྲག་ཞག་དྲི་ཆབ་བཤོས་བུ་དམར་ནག་སྤུངས། །རྐང་གླིང་སིལ་སྙན་རོལ་མོའི་ཚོགས་རྣམས་ཀྱིས། །སྟོབས་འཕྲོག་༝། །བཀའ་སྡོད་༝། །ཐུཊ་དམ་༝། །འགལ་རྐྱེན་༝། །དམ་རྫས་གཏོར་མ་བདུད་རྩི་ཛ་གད་ཕུད། །གྲི་གུག་རལ་གྲི་རྩེ་གསུམ་མདུང་རྣོན་མཚོན། །བྷནྡྷ་བུམ་པ་རུས་འཕྲེང་མི་རྐང་གླིང་། །རྡོ་ནག་མཎྜལ་གྲི་སྙིང་སྲོག་འཁོར་གྱིས། །སྟོབས་འཕྲོག་༝། །བཀའ་སྡོད་༝། །ཐུགས་དམ་༝། །འགལ་རྐྱེན་༝། །དེ་ལྟར་ལེགས་ལྡན་གདོང་བཞི་འཁོར་བཅས་རྣམས། །ཐུགས་དམ་དབྱིངས་སྐོང་དགྱེས་པ་རབ་བསྐྱེད་ནས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །གནོད་ཅིང་འཚེ་བའི་དགྲ་བགེགས་རྡུལ་དུ་རློག །ཚེ་དང་བསོད་ནམས་(༡༢༢བ)


GLG011_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་མངའ་ཐང་རྒྱས། །དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་མ་ལུས་ཚང་། །ཐུན་མོང་དངོས་གྲུབ་བསྒྲུབ་ལ་ཐོགས་མེད་ཅིང་། །མྱུར་དུ་རྡོ་རྗེ་འཛིན་པའི་ས་ཐོབ་མཛོད། །དམ་ཅན་མོན་བུ་ལྕམ་དྲལ་གྱི་བསྐང་བ་ནི། ཧཱུྃཿ གཏུམ་དྲག་རབ་འབར་གནོད་སྦྱིན་ཡབ་ཡུམ་གཉིས། །སྐྱེ་འགྲོའི་སྲོག་བདུད་གཤིན་རྗེ་པུ་ཏྲ་ནག །བདུད་ཆེན་བྷ་ཏྲ་ཤ་ཟ་རལ་གཅིག་མ། །འཁོར་དང་བཅས་པ་གནས་འདིར་ད་ཚུར་སྤྱོན། །བཛྲ་ཀཱ་ལ་ཡཀྵ་ཡེ། ཀཱ་ལི་ཡཀྵ་སི། ཡཀྵ་པུ་ཏྲཾ་ཡེ། རུ་ཏྲར་བྷ་དྲ་ཡེ། ལུ་རུ་རཀྵ་སི། ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃཿ དགྲ་བགེགས་བསྒྲལ་བའི་བཤས་ར་གཤིན་རྗེའི་གྲོང་། །བཾ་ཆེན་ཁ་སྦུབ་གན་རྐྱལ་བསྣོལ་བའི་ཁྲིར། །གནོད་སྦྱིན་ཡབ་ཡུམ་མོན་པ་མིང་སྲིང་རྣམས། །དགྱེས་པར་བཞུགས་ལ་འཕྲིན་ལས་མ་ལུས་སྒྲུབས། །གོང་གི་སྔགས་གཤམ་དུ་སརྦ་བིགྷྣ་ན་ཤ་ཏྲཱུཾ། བེ་ཏ་ཨཱ་ས་ན་ཏིཥྛ་ནྟུ། བདུད་རྩི་ལྔ་ལྡན་མ་ད་ན་ཡི་མཚོ། །མི་བཟད་གདུག་ཅན་དགྲ་བོ་བསྒྲལ་བའི་སྙིང་། །རྦ་རླབས་འཁྲུག་པའི་ཁྲག་གི་ཨརྒྷཾ་འདི། །ལས་མགོན་ཡབ་ཡུམ་སྲས་འཁོར་བཅས་པར་འབུལ། གོང་གི་སྔགས་གཤམ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། རཀྟ་ཁཱ་ཧི། ཧཱུྃ་བྷྱོཿ ལས་མགོན་འཁོར་དང་བཅས་པའི་སྤྱན་ལམ་དུ། །རྟ་ནག་འབྲོང་གཡག་བདུད་ལུག་ཁྱི་ནག་བྱ། མི་ནག་ཆེར་དགོད་དྲེལ་ནག་རྟིང་དཀར་ཅན། །བོང་བུ་གྭ་དམར་རྒྱན་གྱིས་རབ་མཛེས་པས། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་དང་། །རུ་འདྲེན་སྡེ་བཞི་དྲེགས་པ་སྡེ་བརྒྱད་ཀྱི། །ཐུགས་དམ་གཉེན་པོ་དབྱིངས་སུ་སྐོང་བྱེད་ན། །ཉམས་ཆགས་ཀུན་དག་ལས་བཞི་ལྷུན་གྲུབ་མཛོད། །རྔ་ཡབ་ནལ་བུའི་རྒྱལ་མཚན་ཐོད་པའི་ནང་། །སྙིང་སྣས་ཆེར་བཀང་དམར་གཏོར་ཁྲག་ཆང་འཁྱིལ། །བཟའ་བཅའ་(༡༢༣ན)


GLG011_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་ཞྭ་གོས་ནག་པོ་ཡིས། །གནོད་སྦྱིན་༝། །རུ་འདྲེན་༝། །ཐུགས་དམ་༝། །ཉམས་ཆགས་༝། །སྨྱུག་རྒོད་མདའ་ཆེན་བསེ་ལྕགས་བྱང་བུས་བརྒྱན། །དགྲ་བགེཊ་ཉ་བོར་ཁྲམ་གྱི་རི་མོ་བཏབ། །སྟག་གཟིག་པགས་པའི་རས་མ་གཡེར་ཁ་འཁྲོལ། །བླ་རྡོ་རྫས་རྒོད་སྲོག་སྙིང་འཁོར་ལོ་ཡིས། །གནོད་སྦྱིན་༝། །རུ་འདྲེན་༝། །ཐུགས་དམ་༝། །ཉམས་ཆགས་༝། །དམ་ཉམས་བསྒྲལ་བ་ལས་བྱུང་ཉེར་སྤྱོད་ལྔ། །བླ་བྲེ་ལྡ་ལྡི་རུས་རྒྱན་གོ་མཚོན་དང་། །སྟག་གཟིག་དོམ་དྲེད་ཤུན་ལྤགས་སྒྲུབ་པ་པོ། ཁྲོས་པའི་རྒྱན་སྤྲས་གསང་སྔགས་ཆེར་སྒྲོག་པས། །གནོད་སྦྱིན་༝། །རུ་འདྲེན་༝། །ཐུགས་དམ་༝། །ཉམས་ཆགས་༝། །ཐུགས་དམ་སྐོང་ན་ལྷ་ཁྱོད་དགྱེས་པའི་ཞལ། །སྒྲུབ་མཆོག་རྣལ་འབྱོར་བདག་ལ་རབ་སྟོན་ལ། །དགྲ་བགེགས་དཔུང་ཚོགས་ཕྱེ་མར་འཐག་པ་དང་། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ལས་མཁན་བེག་ཙེའི་བསྐང་བ་ནི། ཧཱུྃཿ བྷྱོཿ བྱང་ཤར་དབང་དྲག་རོལ་པའི་དུར་ཁྲོད་ནས། །གནོད་སྦྱིན་སྲོག་བདག་ཟངས་ཀྱི་བེག་ཙེ་ཅན། །སྲིང་མོ་རིག་པའི་ལྷ་མོ་གར་དབང་མ། །ལས་མཁན་སྒྲོལ་གིང་འཁོར་བཅས་གནས་འདིར་གཤེགས། །ཨོཾ་རཀྨོ་པྲ་ཎ་ཨཏྨ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཛཿ ཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །པདྨ་ཀ་མ་ལཱ་ཡ་སྟྭཾ། མཆོད་ཡོན་ཉེར་སྤྱོད་སྣ་ལྔ་གསེར་སྐྱེམས་དང་། །བཙན་བཤོས་ཕྱི་ནང་གསང་བའི་མཆོད་རྫས་རྣམས། །བསེ་ཡི་སྐྱེས་བུ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་མཐུ་དབང་དངོས་གྲུབ་སྩོལ། །སྔགས་མཆོད་དང་གཏོར་འབུལ་འཕྲིན་ལས་འཆོལ་བ་རྣམས་གཏོར་ཆོག་ལྟར་བྱ། ཀྱེ། ར་དམར་ཁྲག་ཆང་མཆོད་ཡོན་དབང་པོ་ལྔའི། །མེ་ཏོག་ཤ་ཚིལ་དུད་འཐུལ་ཞུན་ཆེན་སྒྲོན། །(༡༢༣བ)


GLG011_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་དང་། །རྐང་གླིང་དུང་ཆེན་སྙན་བརྗིད་རོལ་མོའི་སྒྲས། །གནོད་སྦྱིན་དབང་པོ་བེག་ཙེ་ལྕམ་དྲལ་དང་། །ལས་མཁན་སྲོག་བདག་འཁོར་དང་བཅས་རྣམས་ཀྱི། །ཐུགས་དམ་སྐོང་ཞིང་དགྱེས་པ་སྐྱེད་གྱུར་ནས། །རྣལ་འབྱོར་འཕྲིན་ལས་རྣམ་བཞི་ལྷུན་གྱིས་སྒྲུབས། །རོ་བདའི་གསེར་སྐྱེམས་ར་སྐྱེས་ཁམ་པ་དང་། །ཞོལ་གཡག་རྟ་དམར་དུར་བ་སྲིན་བྱ་ཁྲ། །གོ་མཚོན་འུག་པའི་སྒྲོས་བརྒྱན་མདའ་བོ་ཆེ། །ཚོགས་གཏོར་འདོད་ཡོན་རྒྱལ་སྲིད་སྣ་བདུན་གྱིས། །གནོད་སྦྱིན་༝། །ལས་མཁན་༝། །ཐུགས་དམ་སྐོང་༝། །རྣལ་འབྱོར་འཕྲིན་ལས་༝། །གནོད་སྦྱིན་དབང་པོ་ལྕམ་དྲལ་འཁོར་བཅས་རྣམས། །རྣལ་འབྱོར་བདག་གིས་རྟག་ཏུ་ཁྱོད་བསྟེན་ན། །གནོད་བྱེད་གཟུགས་ཅན་གཟུགས་མེད་སྡེ་དཔུང་རྣམས། །ཐལ་བར་རློག་ལ་བསམས་པའི་དོན་རྣམས་སྒྲུབས། །ཆོས་སྐྱོང་རྣམས་སྤྱིར་འཕྲིན་ལས་འཆོལ་བར་སྤྲོ་ན། །ཧཱུྃཿ བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་རྡོ་རྗེ་གུར། །སྟོབས་འཕྲོག་ལེགས་ལྡན་ནག་པོ་གདོང་བཞི་པ། །སྲོག་གཤེད་ལས་མཁན་པུ་ཏྲ་མིང་སྲིང་ཆེ། །དགྲ་བོའི་བཤན་པ་བེག་ཙེ་ལྕམ་དྲལ་དགོངས། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་། །འཕགས་བོད་མཁས་གྲུབ་གྲུབ་བརྙེས་ལོ་པཎ་ཚོགས། །འཁོན་སྟོན་འཇམ་དབྱངས་རིམ་བྱོན་ས་སྐྱ་པ། ཁྱད་པར་ཚར་ཆེན་ཡབ་སྲས་བརྒྱུད་བཅས་ཀྱིས། །ཕྱི་རོལ་དུར་ཁྲོད་བརྒྱད་དུ་རབ་རྒྱུ་བའི། ཁྲོ་གཏུམ་དྲེགས་པའི་དམག་གི་དཔུང་ཚོགས་རྣམས། །གཏོར་མའི་རི་བོ་རཀྟའི་རྒྱ་མཚོ་བསྐྱིལ། །ཕྱི་ནང་གསང་རྟེན་རྫས་ཀྱིས་བསྟེན་ཅིང་མཆོད། །ནང་དུ་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཁམས། །རྒྱུད་གསུམ་དྲེགས་པའི་སྒྱུ་འཕྲུལ་རོལ་པར་ཤར། །གསང་བ་གསལ་སྟོང་ཟུང་འཇུག་བདེ་བ་ཆེ། །སེམས་ཉིད་གཅིག་པུར་ངེས་པའི་རང་ཞལ་བལྟས། །དམ་ཚིག་རྡོ་རྗེའི་ར་བ་སྲ་ཞིང་མཁྲེག །(༡༢༤ན)


GLG011_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་བྱེད་དབང་གི་ཆུ་བོ་མ་ནུབ་འཕེལ། །ལས་བཞི་སྨིན་གྲོལ་གནད་གསང་འཕྱུགས་པ་མེད། །མན་ངག་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ། །སྙན་ནས་སྙན་བརྒྱུད་ཚད་མ་བཞི་ལྡན་ཆོས། །འཛིན་མཁས་རྡོ་རྗེའི་སློབ་དཔོན་རིམ་བྱོན་གྱིས། །རྡོ་རྗེ་གཙུག་བཞག་ལྕེ་ལ་མནའ་ཆུ་བླུད། །དམ་ཚིག་བསྔགས་པའི་གཡར་དམ་ཉེར་དགོངས་ལ། །ཕན་བདེའི་རྩ་ལག་ཀུན་མཁྱེན་ཤཱཀྱའི་བསྟན། །བཤད་དང་སྒྲུབ་པས་དབྱར་མཚོ་ལྟར་འཕེལ་ཞིང་། ཁྱད་པར་ཁའུ་པར་གྲགས་སློབ་བཤད་ཀྱི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་པར་མཛོད། །འཇིག་རྟེན་ཀུན་ཏུ་ནག་པོའི་འབྲས་སྨིན་པའི། །དུས་ཀྱི་ཆད་པ་མིང་ཡང་མི་གྲགས་ཅིང་། །བྱེ་བྲག་གངས་ཅན་ཁ་བའི་སྨན་ལྗོངས་འདིར། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་པར་མཛོད། །ཡང་སྒོས་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྔ་དགྲ་ལག་དར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་གདུག་ཅན་དཔུང་། །རྒྱབ་རྟེན་མི་དང་མི་མིན་བཅས་པ་ཀུན། །གནམ་གྱི་འཇུ་ཐག་གཉེན་པོ་སྟེང་ནས་ཆོད། །ས་ཡི་བརྟེན་ཕུར་རྩ་བ་འོག་ནས་ཕྱུང་། །བསོད་ནམས་སྟོབས་འབྱོར་མངའ་ཐང་ཀུན་དང་ཕྲོལ། །བླ་སྲོག་ཚེ་གསུམ་སྤར་ཀྱིས་ཐོབ་ལ་བཀུམ། །ཡིད་སྲུབས་ལས་རྒྱལ་བ་དན་སྲིད་རྩེར་ཕྱོར། །རྨད་བྱུང་སྙན་གྲགས་རྡོ་རྗེ་ཕྱོགས་བཅུར་སྒྲོགས། །མི་ཤིགས་རྡོ་རྗེའི་སྲོག་གི་ཀ་བ་ཚུགས། །བསོད་ནམས་ཉི་མའི་དངོས་བརྒྱའི་གཟི་བྱིན་སྐྱེད། །ཚེ་འདིར་གྲུབ་མཐའ་སྙོགས་པར་མ་གྱུར་ན། །འཆི་བ་འོད་གསལ་དཔལ་ལྡན་ནག་པོ་ཆེས། །སྔར་འདྲིས་མཛའ་བོ་བཞིན་དུ་གྲོགས་མཛད་ནས། །མཁའ་སྤྱོད་བདེ་ཆེན་དག་པའི་ཞིང་དུ་དྲོངས། །རིང་པོར་མི་ཐོགས་རིགས་རྣམས་ཀུན་གྱི་བདག །ཟུང་འཇུག་སྒྱུ་མའི་གར་མཁན་བཅོམ་ལྡན་འདས། །དགྱེས་མཛད་རྡོ་རྗེ་ཧེ་རུ་ཀ་(༡༢༤བ)


GLG011_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི། །གོ་འཕང་མངོན་དུ་འགྱུར་བའི་འཕྲིན་ལས་མཛོད། །སྨྲས་པ། ལྗོངས་འདིར་རྨོངས་འགས་རྒྱུད་དང་རྒྱ་གཞུང་ཁུངས། །ལྟ་ཅི་བཟོ་ཡི་རིག་པའི་ཆ་ཚད་ཙམ། །མ་ཤེས་གདོང་ཕྱེད་ཁ་ཡི་ཚད་ཡིན་ཞེས། །སྨིག་རྒྱུ་ཆུར་རློམ་སྲུང་མ་གསར་དུ་བཟོ། །ལ་ལ་སྔོན་རབས་དམ་པའི་མན་ངག་ཀུན། །བོར་ཏེ་རྣ་བས་ཐོས་པའི་མགོན་པོའི་ཚོགས། །མུ་ཏོའི་ཕྱེ་བཞིན་བསགས་པའི་དཀྱིལ་འཁོར་དུ། །བ་ལང་ལྟ་བུའི་སྐྱེ་བོ་འཇུག་པར་བྱེད། །འགའ་ཞིག་དབང་ཁྲིད་མན་ངག་ཕྱག་བཞེས་ལུང་། །མི་འཚོལ་དམ་ཅན་རོལ་མོས་འཁོལ་དུ་རེ། །ཧམ་ཆེན་ཆོས་ཀྱི་རྒྱུད་མེད་བུམ་སྟོང་རྣམས། །ཕན་ཚུན་འགེང་བའི་སྒྱུ་མའི་ལྟད་མོར་གཡེང་། །འོན་ཏེ་ཚོང་འདུས་ངན་པའི་ཟོང་བཞིན་དུ། །གང་བྱུང་བཟང་པོར་རེ་བའི་ཉོ་ཚོང་ལས། །དག་དང་མ་དག་དབྱེ་བའི་རྣམ་དཔྱོད་ཅན། །ཉིན་མོའི་སྐར་མ་ལས་ཀྱང་ཆེས་ཆེར་དཀོན། །དེ་ལྟ་ནའང་ཆོས་སྐྱོང་ཆེ་ཆུང་གི །ཟབ་ཆོས་མི་དབར་ཁྱི་ཡིས་མ་ཆོད་པ། །ལེགས་བཤད་བདུད་རྩི་སྙིང་གི་ཟ་མ་ཏོག །རྣམ་པར་གང་བའི་གདེངས་ཚད་ཅུང་ཟད་མཆིས། །ལུགས་སྲོལ་གཞན་གྱི་རྒྱས་བཀབ་རིགས་བགྲེ་དང་། །གདོལ་གཏམ་མགལ་དུམ་འཕྲེང་བར་སྤེལ་མིན་པར། །འཁྲུལ་མེད་བརྒྱུད་པའི་གསུང་སྒྲོས་ལས་བཏུས་ཏེ། །དོན་གཉེར་བློ་ཡི་རེ་བ་སྐོང་ཕྱིར་བཀོད། །དགེ་འདིས་རྡོ་རྗེ་སྲིན་པོ་འཁོར་བཅས་ཀྱི། །མཐུ་སྟོབས་གནམ་ལྕགས་འབར་བའི་ཐོག་མདའ་ཡིས། །ཡིད་སྲུབས་དཔུང་གི་བྲག་རི་ཕྱེར་བཏགས་ནས། །ངེས་གསང་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རྡོ་རྗེའི་ཆོས་སྐྱོང་ཆེ་ཆུང་ལས་མཁན་རྣམ་གཉིས་དང་བཅས་པའི་བསྐང་བ་ཕུན་ཚོགས་འདོད་དགུའི་དཔལ་སྟེར་ཞེས་པ་འདི་ནི་སེ་དཀར་རིགས་ཀྱི་ཐིག་ལེ་འདར་པ་ངག་དབང་འཕྲིན་ལས་ཀྱིས་བསྐང་བ་རྒྱུན་འཁྱེར་ཉུང་ངུ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་(༡༢༥ན)


GLG011_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ།། །།རྟ་ཐུགས་དཀར་པོ་ལ་བརྟེན་ནས་དགྲ་ལྷ་གསོལ་བ་ནི། དགྲ་ལྷའི་སྤྱན་གཟིགས་གོ་མཚོན། ཕྱེ་མར། ཆང་ཕུད། མདའ་དར། རྟ་སྒ་བཅས། དར་ལྕོག་སོགས་བཤམས། ཤིང་སྣ་དང་སྤོས་སྣ་བསྲེགས་པའི་དུད་པ་དང་བཅས། ཀྱེ། སྔོན་གྱི་དུས་སུ་ལྷ་དབང་བརྒྱ་བྱིན་གྱིས། །བསྟེན་ཅིང་མཆོད་པའི་དགྲ་ལྷ་མཐུ་བོ་ཆེ། །དེ་རིང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དགྲ་ལྷར་འབོད་དོ་རྟེན་ལ་བརྟན་པར་བཞུགས། །ལྷ་ཁྱོད་སྐུ་མདོག་དཀར་པོ་འོད་ཟེར་འཕྲོ། །སྲ་བའི་གནམ་ལྕགས་རྨོག་མོ་དབུ་ལ་བརྒྱན། །རིན་ཅེན་གསེར་གྱི་ཁྲབ་ཆེན་སྐུ་ལ་གྱོན། །མཛེས་པའི་སག་ལྷམ་ཡུ་རིང་ཞབས་ལ་གསོལ། །རྣོ་བའི་མདས་གང་སྟག་དོང་གཡས་སུ་འཕྱང་། །སྲ་བའི་གཞུ་བཅུག་གཟིག་ཤུབས་གཡོན་ན་ཁྲ། །རྣོ་ངར་འཛོམ་པའི་རལ་གྲི་རྐེད་ལ་བཏགས། །སྦ་ལྕག་དཀར་པོ་ཚིགས་གསུམ་ཕྱག་ཏུ་བསྣམས། །རིན་ཅེན་སྒྲ་སྲབ་མཛེས་པའི་རྟ་ལ་བཅིབས། །ལྕགས་ཀྱི་བྱ་ཁྲ་ཧོར་པ་ཀླད་ལ་ལྡིང་། །ཕྲག་གོང་གཡས་ན་སེང་གེ་དཀར་མོ་འགྱིང་། །ཕྲག་གོང་གཡོན་ན་སྟག་ཆེན་དྲུས་མ་འཕྱོ། ཁྱི་ནག་དོམ་དྲེད་མང་པོ་སྔ་ཕྱིར་རྒྱུག །སྤྲུལ་པ་ཡང་སྤྲུལ་ས་གཞི་མ་ལུས་ཁྱབ། །ཀུན་ཀྱང་དཀར་ཕྱོགས་སྐྱོང་བའི་རུ་མཚོན་སྒྲེང་། །བསྟན་སྲུང་དགྲ་ལྷ་ཆེན་པོ་འཁོར་དང་བཅས། ཁྱེད་རྣམས་བཞུགས་གནས་མཁར་གྱི་རྩེ་འདི་ཡིན། ཁྱེད་རྣམས་རྟེན་གནས་སྤྱན་གཟིགས་འདི་དག་ཡིན། །གནས་དང་རྟེན་རྫས་རྣམས་ལ་བརྟན་པར་བཞུགས། །རྒྱུ་སྦྱོར་ཡོན་གྱི་བདག་པོའི་སྟོང་གྲོགས་མཛོད། །ལྷ་ཁྱོད་དགྱེས་པའི་མཐུན་རྫས་འབུལ་བ་ནི། །རྣམ་རྒྱལ་ཁང་བཟང་ལྟ་བུའི་ཕོ་བྲང་དང་། །རྨོས་ཞིང་དབྱར་སྐྱེས་མྱུ་གུའི་འཕྲེང་བ་འཁྲིགས། །དཀར་གསུམ་(༡༢༥བ)


GLG011_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དངར་གསུམ་ཕྱེ་མར་ཤིང་འབྲས་འབྲུ། །བཤོས་བུ་གཙང་སྦྱར་རྔ་དཀར་ཆང་རྒོད་ཕུད། །དར་ཚོན་རིན་ཅེན་དཀོར་ནོར་སྣ་ཚོགས་སྤུངས། །རང་བསྲུང་སྲོག་སྐྱོབ་བཙན་པོའི་གོ་ཆ་དང་། །ཕ་རོལ་འཇོམས་པའི་རྣོ་ངར་མཚོན་ཆའི་རིས། །མཛེས་པའི་རྟ་མཆོག་རྒྱན་ལྡན་རླུང་ལྟར་འཕྱོ། །མི་གཙང་ཉེས་ཀུན་སེལ་བའི་བསངས་མཆོད་རྣམས། །དགྲ་ལྷ་ཆེན་པོ་འཁོར་དང་བཅས་ལ་འབུལ། །དགྱེས་པ་རབ་སྐྱེད་རྟེན་ལ་བརྟན་པར་བཞུགས། ཀྱེ། དགུང་སྔོན་དབྱིངས་སུ་གཡུ་འབྲུག་ལྡིར་བ་བཞིན། །དགྲ་ལྷ་འཁོར་བཅས་མི་དང་མ་འབྲལ་ཞིག །གངས་དཀར་སྤོ་ལ་སེང་གེ་འཕྱོ་བ་བཞིན། །དགྲ་ལྷ་འཁོར་བཅས་མི་དང་མ་འབྲལ་ཞིག །ཤ་བ་རྭ་བཅུ་སྤང་ལ་གནས་པ་བཞིན། །དགྲ་ལྷ་འཁོར་བཅས་༝། །ཆུ་ཀླུང་ཆེན་པོར་ཉ་མོ་གནས་པ་བཞིན། །དགྲ་ལྷ་འཁོར་བཅས་༝། །མཚོ་ལ་འདབ་ཆགས་ལུས་དཀར་བརྟེན་པ་བཞིན། །དགྲ་ལྷ་འཁོར་བཅས་༝། །ཕ་མས་བུ་ཚ་གདུང་བརྩེས་སྐྱོང་བ་བཞིན། །དགྲ་ལྷ་འཁོར་བཅས་༝། །ཉི་ཟླ་སྣང་བའི་དཔལ་དང་འགྲོགས་པ་བཞིན། །དགྲ་ལྷ་འཁོར་བཅས་༝། །ནོར་བུར་འདོད་འཇོའི་ཡོན་ཏན་ལྡན་པ་བཞིན། །དགྲ་ལྷ་འཁོར་བཅས་༝། །གོ་མཚོན་དཀོར་ནོར་སྤྱན་གཟིགས་ཡུལ་མཁར་ལ། །དགྲ་ལྷ་གཉེན་པོ་དཔུང་ཚོགས་རྟེན་བཅས་ཏེ། །དབུ་འཕང་རི་རྒྱལ་ལྷུན་པོ་ལྟ་བུར་གཏོད། །དགྲ་བོའི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །འཇིག་རྟེན་མུན་པ་སེལ་བ་ཉི་ཟླའི་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །ཡིད་བཞིན་ནོར་བུ་ཕུན་ཚོགས་དགོས་འདོད་གཏེར། །དེ་རིང་བཀྲ་ཤིས་གནས་༝། །ཚངས་པ་བརྒྱ་བྱིན་ལ་སོགས་ལྷ་ཡི་དཔལ། །དེ་རིང་བཀྲ་ཤིས་གནས་༝། །འཁོར་ལོས་སྒྱུར་རྒྱལ་ལ་སོགས་མི་ཡི་གཡང་། །དེ་རིང་བཀྲ་ཤིས་༝། །དགའ་བོ་འཇོག་པོ་ལ་སོགས་ཀླུ་ཡི་གཡང་། །དེ་རིང་(༡༢༦ན)


GLG011_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་༝། །གནོད་སྦྱིན་ཚོགས་ཀྱི་འཛད་མེད་འབྱོར་པའི་གཡང་། །དེ་རིང་བཀྲ་ཤིས་༝། །གེ་སར་དཔའ་རྟུལ་འཛོམ་པ་དམག་གི་གཡང་། །དེ་རིང་བཀྲ་ཤིས་༝། །རིགས་བརྒྱུད་བུ་ཚ་གྲངས་མེད་འཕེལ་བའི་གཡང་། །དེ་རིང་བཀྲ་ཤིས་༝། །མཚོན་གྱིས་མི་ཕིགས་གོ་ཁྲབ་བཙན་པོའི་གཡང་། །དེ་རིང་བཀྲ་ཤིས་༝། །གང་བསམས་སྐད་ཅིག་བགྲོད་པ་རྟ་ཡི་གཡང་། །དེ་རིང་བཀྲ་ཤིས་༝། །ཕུན་ཚོགས་ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་། །གནས་འདིར་བཀྲ་ཤིས་ཕྱྭ་དང་གཡང་དུ་འཁྱིལ། །དགྲ་ལྷ་གཉེན་པོ་འཁོར་དང་བཅས་རྣམས་ཀྱིས། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད། །རྒྱབ་ཀྱི་རྟེན་ས་མདུན་གྱི་འཁོར་བ་དང་། །ཕར་འགྲོའི་སྐྱེལ་མ་ཚུར་འགྲོའི་བསུ་མ་མཛོད། །ནད་གདོན་ཆགས་ཆེ་བར་ཆད་ཀུན་ལས་སྐྱོབས། །བསམས་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་མཛོད། །ཅེས་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་རྟ་ཐུག་དཀར་པོ་ལ་བརྟེན་ནས་དགྲ་ལྷ་མཆོད་ཚུལ་ཞིག་དགོས་ཞེས་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །གར་གྱི་དབང་ཕྱུག་བདེ་ཆེན་ཆོས་ཀྱི་སྐུ། །ཧེ་རུ་ཀ་དཔལ་རྟ་མགྲིན་ལོངས་སྤྱོད་རྫོགས། །པདྨ་ཐོད་ཕྲེང་སྤྲུལ་པའི་རྣམ་རོལ་ཅན། །སྐུ་གསུམ་དབྱེར་མེད་ཞི་ཁྲོའི་ལྷ་ཚོགས་དགོངས། །ཐུགས་དམ་བསྐུལ་ན་བྱིན་ཆེན་ཆར་ལྟར་ཕོབ། །སྨན་རཀ་གཏོར་སོགས་རྫས་ལ་ནུས་པ་བསྐྱེད། རིགས་འཛིན་རྣལ་འབྱོར་བདག་ལ་དབང་བསྐུར་ལ། །མཆོག་དང་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ། །མ་ཏྲཾ་བསྒྲལ་བའི་དུར་ཁྲོད་ས་གཞིའི་སྟེང་། །རི་རབ་རིན་ཅེན་ལས་གྲུབ་གཞལ་ཡས་ན། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་ཆེ། །གཉིས་འཐུང་(༡༢༦བ)


GLG011_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་སྐྱིལ་ཀྲུང་ཕྱེད་པས་རོལ། །སྣ་བཟུང་མོན་བུ་ཡུམ་ཆེན་ཤཱནྟིཾ་མ། །སྤྲུལ་པ་དགེ་བསྙེན་བློན་པོ་སྲོག་བདག་ཆེ། །ལས་མཁན་བཀའ་སྡོད་རུ་འདྲེན་སྡེ་བཞིར་བཅས། །ཏིང་འཛིན་པིར་གྱིས་འཇའ་ཚོན་ལྟ་བུར་བཀྲ། །གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས། །སྤུ་གྲི་འབར་བ་འཁོར་ཚོགས་བཅས་པ་རྣམས། །ཚུར་སྤྱོན་ཚུར་སྤྱོན་པདྨ་ཉི་ཟླ་དང་། །བཾ་ཆེན་བསྣོལ་བའི་གདན་ལ་བརྟན་པར་བཞུགས། །གསང་བའི་བདག་པོ་དབང་ཆེན་རྟ་མཆོག་དཔལ། །པདྨ་འབྱུང་གནས་གཏེར་སྟོན་ཉང་རལ་སོགས། །རིགས་འཛིན་རྩ་བརྒྱུད་བླ་མའི་སྤྱན་སྔ་རུ། །ཞལ་བཞེས་དྲན་པར་མཛོད་ཅིག་ས་མ་ཡ། །སྣ་ཚོགས་གཟུགས་ཀྱི་རོལ་པ་མཐའ་ཀླས་པ། །སྙན་བརྗིད་སྒྲ་དབྱངས་འབྲུག་སྟོང་ལྟ་བུར་ལྡིར། །དོན་སྙིང་རྫ་རི་བཞིན་དུ་ཆེར་སྤུངས་པས། །སྐུ་གསུང་ཐུགས་ལ་དགྱེས་པ་བསྐྱེད་གྱུར་ཅིག །དམ་ཉམས་བསྒྲལ་བའི་ཤ་ཆེན་ཕུང་པོར་སྤུངས། །རབ་དམར་ཁྲག་གི་བཏུང་བ་མཚོ་ལྟར་བསྐྱིལ། །དཀར་འཚེར་རུས་པ་གངས་རི་ལྟ་བུར་བརྩེགས། །དུས་གསུམ་རྫས་ཀྱི་མཆོད་པས་མཉེས་གྱུར་ཅིག །དར་ཟབ་ཤམ་བུ་རིན་ཅེན་ཏོག་གིས་མཛེས། །རྒྱལ་མཚན་བ་དན་དར་གྱི་ལྡ་ལྡི་གཡོ། །ཟབ་ཆེན་གུར་ཕུབ་རོ་བརྒྱའི་ཞལ་ཟས་བཤམས། །ཤ་ཆེན་ཟན་དང་རཀྟའི་དམར་རྒྱུན་སྦྲེང་། །གསེར་སྐྱེམས་བཏུང་བ་རིན་ཅེན་སྣོད་དུ་གཏམས། །སྤོས་དཀར་ཚིལ་ཆེན་དུད་པ་སྤྲིན་ལྟར་གཏིབས། །མཛེས་པའི་སྤྱན་གཟིགས་ནམ་མཁའི་ཁམས་གང་བས། །ཐུགས་དམ་བསྐོང་ངོ་སྐུ་ཡི་དངོས་གྲུབ་སྩོལ། །རྫ་རྔ་རྔ་ཟླུམ་པི་ཝང་རྒྱུད་མངས་གླུ། །སིལ་སྙན་དུང་ཆེན་ཕེག་རྡོབ་རྒྱ་གླིང་སྒྲ། །གསང་བའི་ཅང་ཏེའུ་མི་རྐང་གླིང་བུ་ཡིས། །ཐུགས་དམ་བསྐང་ངོ་གསུང་གི་དངོས་གྲུབ་སྩོལ། །དེ་ལྟར་མཆོད་བྱ་མཆོད་བྱེད་མ་(༡༢༧ན)


GLG011_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ། །གདོད་ནས་རྣམ་དག་རང་སེམས་རིག་པའི་རྩལ། །དོན་དམ་དག་པའི་དབྱིངས་སུ་ངེས་རྙེད་པས། །ཐུགས་དམ་བསྐང་ངོ་ཐུགས་ཀྱི་དངོས་གྲུབ་སྩོལ། །སྲིན་པོའི་གཟུགས་ཅན་མིག་སྨན་ལྟར་གནག་སྐུ། །དར་ནག་གོས་དང་ཐེབ་ཞུ་དོམ་སློག་ཅན། །གཡས་པ་བདུད་ཞགས་གཡོན་པ་སྤུ་གྲི་འཛིན། །ས་སྲུངས་ལ་བཅིབས་ཐུགས་ཀྱི་རྒྱལ་པོར་བསྟོད། །སྣ་བཟུང་མོན་པ་ནག་པོ་རྔམས་སྟབས་རྒྱུ། །རོལ་དུ་གློག་དང་མེ་ལྕེའི་ཕྲེང་བ་འཁྲིགས། །གནམ་ལྕགས་ཐོག་དང་སེར་བ་ཕོ་ཉར་གཏོང་། །མཐུ་སྟོབས་རྫུ་འཕྲུལ་མངའ་བ་ཁྱོད་ལ་བསྟོད། །དགྲ་ལྷའི་སྤྲུལ་པ་དགེ་བསྙེན་གཞོན་ནུའི་གཟུགས། །དར་དམར་བེར་གསོལ་ཤེལ་གྱི་འཕྲེང་བས་བརྒྱན། །གཡས་པ་སྡིགས་མཛུབ་གཡོན་པ་ཟངས་གྲི་འཕྱར། །ཆོ་འཕྲུལ་ཅིར་ཡང་སྟོན་པ་ཁྱོད་ལ་བསྟོད། །བཅུ་དྲུག་དགའ་བཞིའི་ཟག་མེད་བདེ་བ་ཆེ། །སྐྱེད་མཛད་གསང་བའི་ཡུམ་ཆེན་རོ་ཟན་མ། །ལྕགས་ཀྱུ་བནྡྷ་དོན་སྙིང་ཕྱག་ན་བསྣམས། ཁྲག་ཞག་ཐིག་ལེས་བརྒྱན་པ་ཁྱོད་ལ་བསྟོད། །གདོང་ལྔ་ལ་བཅིབས་བེར་སྨུག་དགུ་བརྩེགས་གསོལ། །དར་ནག་རུ་མཚོན་འཕྱར་ཞིང་ཕྱོགས་ཀུན་མྱུལ། །བཀའ་ཡི་ལས་མཛད་སྲོག་བདག་བྱ་ར་བ། །དྲེགས་པའི་དམག་དཔོན་ཆེན་པོ་ཁྱོད་ལ་བསྟོད། །ཟ་འོག་སྟག་སེང་རྨ་བྱ་སྤྱང་ཀི་ཡི། །སྣ་ཚོགས་རྒྱལ་མཚན་འཕྱར་བའི་ལས་མཁན་དང་། །ཅང་ཤེས་ལ་ཞོན་བསེ་ཡི་ཁྲབ་རྨོག་གྱོན། །མདུང་དམར་ཞགས་འཛིན་ཕོ་ཉའི་ཚོགས་ལ་བསྟོད། །སྟག་ཤར་གོ་ཅན་བུད་མེད་རལ་པ་གསིག །ཞི་དུལ་ཁྲིམས་ལྡན་སྔགས་ནག་ཕུར་ཐོགས་སོགས། །ས་གཞི་བར་སྣང་ཁྱོན་ཀུན་ཡོངས་གང་བའི། །སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་རྣམས་ལ་བསྟོད། །ལྷ་ཡི་དགེ་སློང་ལེགས་ལྡན་ནག་པོ་ཡི། །(༡༢༧བ)


GLG011_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔར་ཁས་བླངས་དགྲ་ལྷ་ཁྱུང་ཆེན་འབར། །ཕྱག་ན་རྡོ་རྗེས་དམ་ལ་ཉེར་བཏགས་ཚེ། །གསང་བའི་མཚན་ནི་སྤུ་གྲི་འབར་བར་གྲགས། །སྲིད་གསུམ་ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་ཡིས། །རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་བཅུག་སྟེ། །སྲོག་གི་སྙིང་པོ་བླངས་ནས་རྒྱལ་བའི་བསྟན། །བསྲུང་བར་བཀའ་བསྒོས་དམ་བཅའ་མ་གཡེལ་བ། །ཤཱཀྱའི་བསྟན་པ་དེ་འཛིན་སྐྱེས་བུ་དང་། །གཙུག་ལག་ཁྲིམས་ལྡན་འདུས་སྡེ་བཅས་པ་སྐྱོངས། །འཇིག་རྟེན་ཁམས་སུ་དུས་ཀྱི་ཆད་པ་ཀུན། །རབ་ཞི་ཕན་བདེའི་དཔལ་ལ་སྦྱོར་བར་མཛོད། ཁྱད་པར་གངས་རིས་བསྐོར་བའི་ཡུལ་ལྗོངས་འདིར། །འཐབ་རྩོད་འཁྲུག་ལོ་མུ་གེ་ནད་རིམས་སོགས། །མི་མཐུན་ཉེར་འཚེའི་མིང་ཡང་མི་གྲགས་ཅིང་། །རྫོགས་ལྡན་དགའ་སྟོན་མགྲོན་དུ་བསུ་བར་མཛོད། །ཞྭ་སེར་བསྟན་པ་བླ་ནས་བླར་འདེགས་པའི། །གནམ་སྐོས་རྒྱལ་པོའི་མངའ་ཐང་ཆབ་སྲིད་རྣམས། །དབྱར་གྱི་ཆུ་གཏེར་བཞིན་དུ་རབ་འཕེལ་ཤིང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་འཕྲིན་ལས་མཛོད། །དགྲ་ལྷ་ཆེ་ཁྱོད་རྟག་ཏུ་གསོལ་མཆོད་པའི། །བདག་སོགས་དགོན་གནས་སྡེ་དང་བཅས་པ་རྣམས། །དུས་ཀུན་གཡེལ་བ་མེད་པར་བསྲུང་བ་དང་། །ཕུན་ཚོགས་བཀྲ་ཤིས་དཔལ་གྱིས་ཁྱབ་པར་མཛོད། །ཅེས་སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་གསོལ་མཆོད་གར་དབང་བདེ་ཆེན་ཞེས་བགྱི་བ་འདི་ནི་འཕྱོས་ཆོས་འཁོར་སྟེང་གི་རྒྱལ་པོའི་བཀའ་ཉན་བཙན་རྒོད་ཀྱིས་བསྐུལ་བ་ལྟར་དངོས་གཞི་འཕྲིན་ལས་དོན་བཅུ་མ་གཏོང་དགོས་པ་གཞིར་བཅས་རུང་འཁྱེར་བདེའི་སྐབས་ཕན་པའི་ཆེད་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་པ་འཇམ་དབྱངས་སོ། །ཕུད་གསུམ་འདུས་པ་གཡང་ཆགས་ཉང་ཡུལ་གྱི། །ཕུ་ན་རི་གསུམ་རྔམ་དང་བརྗིད་ལྡན་(༡༢༨ན)


GLG011_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གངས་དཀར་སྨན་ལྗོངས་རྩི་ཤིང་མེ་ཏོག་རྒྱས། །མདའ་ན་ཆུ་ཀླུང་ཆེན་པོ་ཆད་མེད་འབབ། །ཕུན་ཚོགས་དགེ་མཚན་ལྡན་པའི་ཡུལ་གྲུའི་དབུས། །ཤེལ་གྱི་སྐུ་མཁར་གསེར་གྱི་ཁ་བད་ཅན། །རྩེ་མོར་རྒྱལ་མཚན་རུ་མཚོན་རྣམ་པར་བཀྲ། །ནང་དུ་གསེར་གཡུ་རིན་ཅེན་ཁྲི་སྟེང་ན། །གཡའ་མང་རྡོ་རྗེ་སྤུན་གསུམ་མཛེས་བརྗིད་སྐུ། །དར་དཀར་ཐོད་བཅིངས་ཤེལ་གྱི་བེར་ཆེན་གསོལ། །གཡས་པ་རྒྱལ་མཚན་གཡོན་པ་ནེའུ་ལེ་བསྣམས། །ཞབས་གཉིས་རྒྱལ་པོ་རོལ་པའི་ཚུལ་གྱིས་བཞུགས། །གཡས་གཡོན་སྤུས་རུ་གསུམ་གྱི་སྣ་འདྲེན་པའི། །དམག་དཔོན་ལྷ་གཉེན་དཔུང་གི་ཚོགས་བཅས་རྣམས། །ཚུར་སྤྱོན་ཚུར་སྤྱོན་གདན་ལ་བརྟན་པར་བཞུགས། །ལྷ་ངོ་མཐོན་པོར་བཏེག་ལ་དགྱེས་ཞལ་སྟོན། །དྲི་ལྡན་སྨན་ཆབ་རྒྱུན་གྱིས་སྐུ་ཁྲུས་གསོལ། །ལྗོན་ཤིང་བསྲེགས་པའི་དུད་པས་ཉམས་ཆགས་བསངས། །དཀར་གསུམ་དངར་གསུམ་གཏོར་མ་འབྲས་བུར་སྤུངས། །བདུད་རྩི་གསེར་སྐྱེམས་བཏུང་བ་རྒྱ་མཚོས་མཆོད། ཁྲབ་རྨོག་ཞོལ་བཏགས་ཕུབ་ཆེན་འཇའ་ལྟར་བཀྲ། །རྟ་མཆོག་ལྕགས་གཞིབས་སྒ་སྲབ་རྒྱན་གྱིས་སྤྲས། །གྲི་མདུང་མདའ་དར་རྣོ་མཚོན་རྟེན་དུ་འཛུགས། །དངོས་བཤམས་ཡིད་སྤྲུལ་མཐུན་པའི་སྤྱན་གཟིགས་འབུལ། །ཁྱོད་ནི་དང་པོར་གཤེན་རབ་བོན་གྱི་ལྷ། །བར་དུ་རྒྱལ་དབང་པདྨས་དམ་ལ་བཏགས། །ཐ་མར་ཐུ་རིགས་ལྷ་ཙའི་དགྲ་ལྷ་མཛད། །སྔོན་གྱི་གཡར་དམ་གཉེན་པོ་མ་ཡེལ་བར། །བདག་ཅག་མི་ནོར་འཁོར་དང་བཅས་པ་རྣམས། །གཞིས་ལམ་བྱེས་གསུམ་གང་དུ་གནས་ཀྱང་རུང་། །འགལ་རྐྱེན་བར་གཅོད་ཐམས་ཅད་ཞི་བ་དང་། །བསམས་པ་ཇི་བཞིན་འགྲུབ་པའི་སྟོང་གྲོགས་མཛོད། །ཀྱེ། མི་རྟ་ཁྱི་དང་འུག་པའི་ཐོད་པ་རྣམས། །བརྩེགས་པའི་(༡༢༨བ)


GLG011_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་མཁར་འཇིགས་ཤིང་སྐྱི་གཡའ་ནས། །ཇོ་བོ་གཉེར་པ་སེང་གེའི་གདོང་པ་ཅན། །འཁོར་བཅས་ཚུར་སྤྱོན་དགྱེས་པའི་གདན་ལ་བཞུགས། །སྐུ་མདོག་སྨུག་ནག་གདོང་ལྔའི་དབང་པོའི་ཞལ། ཁ་གདངས་མཆེ་གཙིགས་དམར་སེར་རལ་པ་བརྫེས། །ཟ་འོག་བེར་གསོལ་རིན་ཅེན་རྒྱན་གྱིས་སྤྲས། །གཡས་པ་སྦྲུལ་ཞགས་གཡོན་པ་ཐོད་པ་བསྣམས། །ཞབས་གཉིས་ཟ་འོག་སྔོན་པོའི་ལྷམ་གསོལ་ནས། །རྒྱལ་པོ་རོལ་པའི་ཚུལ་གྱིས་རྣམ་པར་འགྱིང་། །རེས་འགའ་བནྡེ་སྔགས་པ་སྐྱེས་པ་སོགས། །སྤྲུལ་པ་སྣ་ཚོགས་བཀྱེ་ནས་རྫུ་འཕྲུལ་སྟོན། །མི་ནག་རྟ་ནག་མི་སྔོན་མདུང་ཐོགས་ཅན། །མི་དམར་རྟ་དམར་ཁྱི་ནག་དོམ་ལ་སོགས། །འཇིགས་སུ་རུང་བའི་འཁོར་ཚོགས་རྒྱ་མཚོས་བསྐོར། །ལྕམ་མོ་མཚོ་སྨན་གཡུ་ཡི་ཐོར་ཚུགས་ཅན། །དར་དཀར་བེར་གྱོོན་དངུལ་དཀར་མེ་ལོང་འཛིན། །ཤ་བ་ཡུ་མོ་བཅིབས་ནས་སྟོང་གསུམ་མྱུལ། །ཀླུ་སྨན་འབུམ་སྡེའི་འཁོར་དང་བཅས་རྣམས་ལ། །ཉམས་ཆགས་དག་བྱེད་སྨན་གྱིས་སྐུ་ཁྲུས་གསོལ། །མི་གཙང་ཞི་བྱེད་ལྗོན་ཤིང་དུད་པས་བསངས། །རོ་བརྒྱའི་ངད་ལྡན་གཏོར་མ་རི་ལྟར་སྤུངས། །གསེར་སྐྱེམས་སྨན་ཕུད་བཏུང་བ་མཚོ་ལྟར་བསྐྱིལ། །གསོལ་ལོ་མཆོད་དོ་ཇོ་ཆེན་དགྲ་ལྷའི་རྒྱལ། །བདག་སོགས་རྒྱུ་སྦྱོར་བསོད་ནམས་དཔལ་འབྱོར་དང་། །མི་ནོར་རིགས་བརྒྱུད་ཆུ་བོའི་རྒྱུན་བཞིན་སྤེལ། །དམག་ཚོང་བྱེས་སུ་སྐྱབས་སྐྱེལ་རྒྱབ་རྟེན་དང་། །གཞིས་སུ་གང་བསམས་མདུན་མ་ལྷུན་གྲུབ་མཛོད། །ཅེས་གཡའ་མང་རྡོ་རྗེ་སྤུན་གསུམ་དང་ཇོ་བོ་གཉེར་པ་སེང་གདོང་གི་གསོལ་མཆོད་ཅིག་དགོས་ཞེས་ཐུ་རིགས་ལེགས་ལྡན་དབང་པོས་བསྐུལ་བ་ལ་བརྟེན་ནས། དངོས་གཞི་བོད་ཀྱི་ཡུལ་ལྷ་རྣམས་ཀྱི་གསོལ་མཆོད་རྒྱས་པར་སྤྲོ་ན་བོན་གཞུང་གི་ཡི་གེ་རྙིང་པ་རྣམས་(༡༢༩ན)


GLG011_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་དང་ཕན་ཡོན་གཉིས་ཀ་ཆེ་བས་དེ་ག་སོར་གནས་བྱེད་པའི་དབང་དུ་བཏང་སྟེ་རྒྱུན་འཁྱེར་ལ་མཁོ་བའི་ཉུང་ངུ་འདི་ཡང་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །པདྨ་ཐོད་འཕྲེང་སྤྱན་སྔར་རྒྱལ་བའི་བསྟན། །བསྲུང་བར་ཞལ་འཆེས་སྤྲུལ་པའི་ཆོས་རྒྱལ་ཆེ། །གསང་ཡུམ་སྤྲུལ་པ་ཕོ་ཉ་བློན་པོ་སོགས། །འཁོར་ཚོགས་རྒྱ་མཚོ་ཚུར་སྤྱོན་གདན་ལ་བཞུགས། །ཆུ་གཉིས་ཉེར་སྤྱོད་སྣ་ལྔ་རོལ་མོར་བཅས། །གཏོར་མའི་རི་བོ་སྨན་རཀ་རྒྱ་མཚོར་བསྐྱིལ། །ཕྱི་ནང་གསང་མཆོད་ནམ་མཁའི་མཛོད་ཆེན་པོར། །ཏིང་འཛིན་སྔགས་རྒྱས་བརླབ་ཏེ་འབུལ་གྱིས་བཞེས། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། ཁྱད་པར་རིགས་འཛིན་བདག་ཅག་ཐོས་བསམ་སྒོམ། །འཆད་ཉན་རྣམ་དཀར་ལས་ཀུན་སྤྱོད་པ་ལ། །གེགས་མེད་བསམས་དོན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པ་འདི་འང་མཁན་ཆེན་ཞ་ལུ་པ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱི་ཐུགས་དམ་དུ་ཟ་ཧོར་གྱི་བནྡེས་བཀོད་པའོ། །གཏེར་སྲུང་ཞི་བ་རྡོ་རྗེ་གཡུ་སྒྲོན་མ་དྲག་མོ་རྡོ་རྗེ་གཤོག་རྒོད་རྩལ་ལ་མཆོད་གཏོར་འབུལ་བ་ལ། གཏོར་མ་དམར་པོ་ཟུར་གསུམ་པ་འཁོར་བཅུ་གཉིས་ཀྱིས་བསྐོར་བ། སྨན་རཀ །ཆུ་གཉིས་ཉེར་སྤྱོད་སོགས་ཕྱི་ནང་གསང་བའི་མཆོད་པ་རྟེན་རྫས་རྣམས་ཚོགས་པར་བྱས་ལ། པདྨ་ཉི་ཟླ་སྦྱོར་གིང་བསྣོལ་བའི་སྟེང་། །རང་ཉིད་དབང་ཆེན་དྲེཊ་པ་ཀུན་འདུལ་དམར། །བེ་ཅོན་ཐོ་བ་རབ་འཛིན་དུར་ཁྲོད་ཆས། །བརྒྱད་ལྡན་ཞབས་གཉིས་དོར་སྟབས་མེ་ཀློང་བཞུགས། །ཨཱོཾ་མ་ཧཱ་ཀྲོ་དྷ་ཧཱུྃ། ཨཱོཾ་ཧ་ཡ་གྲཱི་ཝ་ཧཱུྃ། ཨཱོཾ་པདྨ་ཏ་ཀྲྀ་ཏ་ཧཱུྃ། ཧྲཱིཿཧྲཱིཿཧྲཱིཿཧཱུྃ་ཧཱུྃ་ཧཱུྃ། ཕཊཿཕཊཿཕཊཿ ཅེས་བདག་(༡༢༩བ)


GLG011_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་གསལ་བཏབ་ནས། མཆོད་གཏོར་རྣམས་ཀྱི་མ་དག་པའི་སྐྱོན་རཾ་ལས་ཡེ་ཤེས་ཀྱི་མེས་བསྲེགས། །ཡཾ་ལས་ཆོས་ཉིད་ཀྱི་རླུང་གིས་གཏོར། ཁཾ་ལས་ཆད་མེད་ཀྱི་ཆུས་བཀྲུས། །ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། བྷྱོཿ ཨྱོན་པདྨ་ཐོད་ཕྲེང་སྤྱན་སྔ་རུ། །བསྟན་དང་ཟབ་གཏེར་སྐྱོང་བར་ཞལ་བཞེས་པ། །པདྨ་གར་གྱི་དབང་ཕྱུག་འཁོར་བཅས་རྣམས། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། །རྡོ་རྗེ་གཤོག་རྒོད་འཁོར་བཅས་གཤེགས་སུ་གསོལ། །ཧེ་ལེ་འབར་མ་འཁོར་བཅས་༝། །རྡོ་རྗེ་གཡུ་སྒྲོན་འཁོར་བཅས་གཤེགས་སུ་གསོལ། །དུང་སྒང་ཆེན་མོ་༝། །དགེ་བསྙེན་ཆེན་མོ་༝། །དཔལ་གྱི་ལྷ་མོ་འཁོར་བཅས་༝། །པདྨ་གར་དབང་འཁོར་བཅས་༝། །དེ་ཁམས་གནས་དང་འཁོར་བཅས་༝། །ཀླུ་མོ་ཁ་འབར་འཁོར་བཅས་༝། །ནག་མོ་ནད་བདག་འཁོར་བཅས་༝། །རྡོ་རྗེ་ཆོས་སྒྲོན་འཁོར་བཅས་༝། །རྡོ་རྗེ་གནས་གཡོན་འཁོར་བཅས་༝། །ཀླུ་རྒྱལ་ཆེན་མོ་འཁོར་བཅས་༝། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། ཨོཾ་བཛྲ་པྲ་མོ་ཧ་ཙི་ཏ་ཧྲིང་ཧྲིང་ཛཿཛཿ ཨོཾ་རུ་རུ་ཧེ་དུན་རུ་རུ། ཁ་ཁ་དུན་དྲག་མོ་དུ་ར་དུན་ཏི་ཛཿ དྲག་མོ་ཉེ་ར་དུ་ར་དུ་ཏཾ་བྷྱཿ ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿ ཞི་བའི་སྐུར་བསྟན་རྡོ་རྗེ་གཡུ་སྒྲོན་མ། །རབ་དཀར་ཕྱག་གཉིས་མདའ་དར་བུམ་པ་འཛིན། །དར་གྱི་ན་བཟའ་རྨ་བྱའི་སྒྲོ་ཐུལ་དང་། །རིན་ཅེན་རྒྱན་མཛེས་ཁྲོ་ཆགས་སྒེག་ལྡེམ་ཅན། །གཡས་སུ་རྡོ་རྗེ་ཆོས་སྒྲོན་སྐུ་མདོག་དཀར། །རྔ་ཆུང་འཛིན་ཅིང་རྒྱན་ལྡན་དྲེལ་རྟར་བཅིབས། །གཡོན་དུ་རྡོ་རྗེ་གནས་ཡོན་མཐིང་ནག་མདོག །ལྕགས་ཀྱུ་ཟོར་བ་འཛིན་ཅིང་(༡༣༠ན)


GLG011_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ལ་བཅིབས། །དྲག་པོར་ཁྲོས་ཚེ་རྡོ་རྗེ་གཤོག་རྒོད་མ། །སྲིན་པོའི་གཟུགས་ཅན་དབུ་ལྔ་ཕྱག་བཞི་མ། །གཡས་གཉིས་ལྕགས་ཀྱུ་རྡོ་རྗེ་རྩེ་ལྔ་དང་། །གཡོན་གཉིས་དགྲ་སྟ་ཐོད་པ་ཁྲག་བཀང་བསྣམས། །དུར་ཁྲོད་ཆས་བརྒྱན་དྲེལ་རྟ་རྐང་གསུམ་བཅིབས། །མིང་པོ་ཀླུ་རྗེ་ཐོད་དཀར་རྫུ་འཕྲུལ་ཅན། །སྲིན་པོའི་གཟུགས་འཛིན་སྐུ་སྨད་སྦྲུལ་དུ་འཁྱིལ། །བྲང་འགྲོའི་གདེངས་ཀ་བདུན་ལྡན་ཕྱག་གཉིས་ཀྱིས། །མི་འཛད་རིན་ཅེན་གཏེར་གྱི་སྒྲོམ་བུ་འཛིན། །ལྕམ་དྲལ་བཀའ་སྡོད་རྡོ་རྗེ་དགེ་བསྙེན་མ། །དར་དཀར་གོས་གྱོན་དྲེལ་རྟ་རྐང་གསུམ་ཞོན། །ཀུན་ཀྱང་རང་རང་གདན་ལ་བརྟན་པར་བཞུགས། །པདྨ་ཀ་མ་ལཱ་ཡེ་སྟཱཾཿ གོང་གི་སྔགས་གཉིས་ཀྱི་མཐར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་བཏགས་པས་མཆོད། བསྟན་སྐྱོང་ཆེན་མོ་ཞི་དྲག་གཙོ་འཁོར་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བར་བསམས་ལ། གོང་གི་སྔགས་གཉིས་ཀྱི་གཤམ་དུ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་བདུན་ནམ་དགུས་འབུལ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧིས་སྨན་དང་། མ་ཧཱ་རཀྟ་ཁ་ར་ཁཱ་ཧིས་རཀྟ་འབུལ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་བསྟན་སྐྱོང་ཆེན་མོ་རྡོ་རྗེ་གཤོག་རྒོད་མ་མཚན་གཞན་རྡོ་རྗེ་གཡུ་སྒྲོན་མ་གསང་མཚན་པདྨ་གར་གྱི་དབང་ཕྱུག་མ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ་མཆོད་དོ་མགྲོན་ནོ་བསྔོའོ། །དམ་རྫས་རྒྱན་དང་ལྡན་པའི་མཆོད་གཏོར་འདི་བཞེས་ལ་རིགས་འཛིན་ཆེན་པོ་པདྨ་འབྱུང་གནས་དང་སྤྲུལ་པའི་གཏེར་སྟོན་ཤེས་རབ་འོད་ཟེར་བརྒྱུད་པར་བཅས་པའི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་ཅོག་གི་དབུ་འཕང་སྟོད། བདག་ཅག་འཁོར་འབངས་དང་ཕྱོགས་འདིའི་ཡུལ་གྲུར་(༡༣༠བ)


GLG011_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་བསྲུང་སྐྱོབ་སྦ་བ་དང་ཆོས་སྲིད་ཀྱི་བསམ་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། བྷྱོཿ གཏེར་སྲུང་འཁོར་དང་བཅས་པའི་སྤྱན་ལམ་དུ། །སྨན་སྣ་སྟོང་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ། །སྣ་ཚོགས་མེ་ཏོག་འཇའ་ཚོན་ལྟ་བུར་བཀྲ། །ཤིང་སྣ་སྟོང་གི་དུད་པ་ལང་ལོང་འཁྲིགས། །ཉི་ཟླ་ནོར་བུ་སྒྲོན་མེའི་སྣང་གསལ་འབར། །རོ་བརྒྱའི་བཟའ་བཅའ་བཏུང་བ་སྣོད་དུ་གཏམས། །སྣ་ཚོགས་སྙན་པའི་རོལ་མོས་ཕྱོགས་ཀུན་ཁྱབ། །ཅང་ཤེས་རྟ་དྲེལ་འབྲོང་གཡག་འདོད་འཇོའི་བ། །ར་ལུག་འདབ་ཆགས་ནོར་སྐྱོང་རྒྱན་གྱིས་སྤྲས། །རི་རབ་གཏོར་མ་བདུད་རྩི་ཨ་མྲྀ་ཏ། །རཀྟའི་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཤ་ཆེན་དུད་སྤྲིན་ཚིལ་ཆེན་མར་མེ་སྦར། །ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ། །རྡོ་རྗེའི་གོ་མཚོན་འབྲུ་སྣ་རིན་ཅེན་ལྔ། །མདའ་དར་མེ་ལོང་དུང་ཤོ་བུམ་པ་དང་། །ལྕགས་ཀྱུ་དགྲ་སྟ་རྡོ་རྗེ་བྷན་དམར་སྣོད། །དར་ཟབ་གོས་དང་རིན་ཅེན་རུས་པའི་རྒྱན། །དུར་ཁྲོད་ཆས་བརྒྱད་རྒྱལ་སྲིད་རིན་ཅེན་བདུན། །གླིང་བཞི་གླིང་ཕྲན་ཕྱི་ནང་གསང་རྟེན་རྣམས། །དངོས་སུ་འབྱོར་དང་ཡིད་ཀྱིས་རབ་སྤྲུལ་འདིས། །ཞི་བ་རྡོ་རྗེ་གཡུ་སྒྲོན་ཐུགས་དམ་བསྐང་། །དྲག་མོ་རྡོ་རྗེ་གཤོག་རྒོད་ཐུགས་དམ་བསྐང་། །བཀའ་ཉན་གནས་ཡོན་ཆོས་སྒྲོན་༝། །མིང་པོ་ཀླུ་རྗེ་ཐོད་དཀར་༝། །ལས་བྱེད་རྡོ་རྗེ་དགེ་བསྙེན་༝། །འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ནས། །ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞི་སོགས། །རྣལ་འབྱོར་བསམས་པའི་དོན་ཀུན་འགྲུབ་པར་མཛོད། །བྷྱོཿ རབ་དཀར་གངས་རིའི་མདོག་འཛིན་སྒེག་མོའི་གཟུགས། །ཞི་ཁྲོ་ཆགས་ལྡན་ཟ་འོག་རིན་ཆེན་རྒྱན། །མདའ་དར་བུམ་པ་འཛིན་ཅིང་དྲེའུར་བཅིབས། །གཡུ་སྒྲོན་པདྨ་གར་དབང་ཁྱོད་ལ་བསྟོད། །(༡༣༡ན)


GLG011_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཁྲོས་མིག་སྨན་མདོག་ཅན་དབུ་ལྔ་པ། །ཕྱག་བཞི་སྣ་ཚོགས་མཚོན་ཐོགས་དྲེའུ་བཅིབས། །དུར་ཁྲོད་ཆས་བརྒྱད་རབ་འཇིགས་སྲིན་མོའི་གཟུགས། །དཔལ་ཆེན་རྡོ་རྗེ་གཤོག་རྒོད་མ་ལ་བསྟོད། །ཆོས་སྒྲ་དཀར་མོ་འཛུམ་ཅན་ཐོད་རྔ་འཛིན། །གཡས་ཕྱོགས་མཛེས་པའི་གར་བསྒྱུར་དྲེལ་རྟ་ཞོན། །གནས་ཡོན་མཐིང་ནག་ལྕགས་ཀྱུ་ཟོར་བ་བསྣམས། །གཡོན་ཕྱོགས་སྟག་མོའི་སྟེང་དུ་འགྱིང་ལ་བསྟོད། །རོ་སྟོད་མི་ལ་སྦྲུལ་གྱི་མཇུག་མར་འཁྱིལ། །གདེངས་ཀ་བདུན་ལྡན་རིན་ཅེན་རྒྱན་གྱིས་སྤྲས། །གཏེར་སྒྲོམ་བཟུང་ནས་དངོས་གྲུབ་སྩོལ་མཛད་པ། །མིང་པོ་ཀླུ་རྗེ་ཐོད་དཀར་ཁྱོད་ལ་བསྟོད། །དར་དཀར་གོས་གྱོན་བུད་མེད་གཞོན་ནུའི་ཚུལ། །སྣ་ཚོགས་ཆོ་འཕྲུལ་མ་ངེས་ཅིར་ཡང་སྟོན། །དྲེལ་རྟ་ཞོན་ནས་སྟོང་གསུམ་ཀུན་མྱུལ་བ། །ལས་བྱེད་རྡོ་རྗེ་དགེ་བསྙེན་མ་ལ་བསྟོད། །བསྟན་སྐྱོང་ཆེན་མོ་འཁོར་དང་བཅས་པ་རྣམས། །དབང་དྲག་པདྨ་རྒྱལ་པོའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་གཡེལ་བ་མི་མངའ་བར། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་དཔུང་ཆོམས། །སྐྱེ་རྒུའི་བདེ་སྐྱིད་ལུང་རྟོགས་བསྟན་པ་སྤེལ། །བོད་འབངས་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། །ནད་རིམས་འཁྲུག་རྩོད་བཙའ་ཐན་སད་སེར་སོགས། །མི་འདོད་ཉེར་འཚེ་ནམ་ཡང་མི་འབྱུང་ཞིང་། །ཚེ་རིང་ནད་མེད་འབྲུ་དང་རྩི་བཅུད་རྒྱས། །མཁོ་དགུའི་དཔལ་དང་འབྱོར་བའི་འདོད་པ་འཇོ། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་མཛོད། །ལྷ་ཁྱོད་རྟག་ཏུ་གསོལ་ཞིང་མཆོད་བྱེད་ན། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་གྱིས། །བརྒྱ་ཕྲག་ཉེས་པ་ཀུན་ལས་སྐྱོབ་པ་དང་། །ཕུན་སུམ་ཚོགས་པའི་དངོས་གྲུབ་སྩལ་དུ་གསོལ། །གང་ཡང་བདག་བློ་རྨོངས་(༡༣༡བ)


GLG011_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། །རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་བྱ། སངས་རྒྱས་ཀུན་འདུས་པདྨ་ཐོད་འཕྲེང་རྩལ། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དྲེགས་པ་ཟིལ་གནོན་དབང་ཆེན་རྟ་མཆོག་དཔལ། །ཡི་དམ་ལྷ་ཚོགས་རྣམས་༝། །ཟབ་གཏེར་སྲུང་མ་པདྨ་གར་དབང་མ། །བསྟན་སྐྱོང་ཆེན་མོ་འཁོར་བཅས་༝། །ཅེས་ཨྱོན་ཆེན་པོའི་སྒྲུབ་གནས་ལྷ་རྩེ་བྲག་གི་སྲུང་མ་བསྟན་སྐྱོང་རྡོ་རྗེ་གཡུ་སྒྲོན་མའམ་རྡོ་རྗེ་གཤོག་རྒོད་མར་གྲགས་པའི་རྒྱུན་གསོལ་ཁྱེར་བདེ་བ་འདི་ནི་མཆོད་དཔོན་བློ་བཟང་མཐུ་སྟོབས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་གཏེར་བྱོན་ལས་བཏུས་ཏེ་བཀོད་པའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །ཆུ་བོ་རིའི་གནས་སྲུང་རྣམས་ལ་མཆོད་གཏོར་འབུལ་ཚུལ་ནི། བྱིན་རླབས་སོགས་སྤྱི་ལྟར་བྱས་ལ་འདི་སྐད་དོ། །ཧཱུྃཿ ཆུ་བོ་བཟང་པོ་གང་བཟང་ནོར་བུ་བཟང་། །རྒྱལ་བ་ཁྱུ་མཆོག་ཚོགས་བདག་སྡེ་དཔོན་ལྔ། །གནོད་སྦྱིན་མཆེད་གསུམ་བཀའ་སྡོད་མགོན་པོ་ནག །སྒོ་སྲུང་མཐའ་ཡས་འཇོག་པོ་པདྨ་དང་། །ཆུ་ལྷ་བཞི་དང་མཚམས་ལ་གནས་པ་ཡི། །ཟེ་བོ་ཀླུ་བཙན་སྒོགས་པོ་མཐའ་དམར་གྱི། །རྡོ་རྗེ་དགྲ་འདུལ་བཙན་སོགས་མཆེད་ལྕམ་འཁོར། །མ་ལུས་འདིར་སྤྱོན་དགྱེས་པའི་གདན་ལ་བཞུགས། །ཆུ་སྐྱེས་དུད་སྤྲིན་སྣང་གསལ་དྲི་བཟང་ཆབ། །རོ་བརྒྱའི་བཟའ་བཅའ་སྒྲ་སྙན་རོལ་མོར་བཅས། །དམ་རྫས་བདུད་རྩིའི་གཏོར་མ་ལ་སོགས་པ། །ཕྱི་ནང་གསང་མཆོད་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦདྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏྲ་ན་མཿསརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པ་ལན་གསུམ་མམ་(༡༣༢ན)


GLG011_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱིས་གཏོར་མ་ཕུལ། ཨོཾ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཔལ་ཆེན་ཆུ་བོ་རི་ཡི་ཕྱོགས་མཚམས་དང་། །སྟེང་འོག་སྐྱེད་པའི་སྲུང་མའི་ཚོགས་རྣམས་ཀྱིས། །སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་གི །སྤྱན་སྔར་ཁས་བླངས་དམ་ལས་མ་འདའ་བར། །འཇིག་རྟེན་ཀུན་བདེ་ཐུབ་པའི་བསྟན་པ་སྲུངས། །དེ་འཛིན་ཚོགས་རྣམས་ཡུན་དུ་བརྟན་པ་དང་། །ཁྱད་པར་སྒྲུབ་གནས་སྡེ་བཅས་མཐུན་རྐྱེན་སྤེལ། །བདག་གི་བཅོལ་བའི་འཕྲིན་ལས་ལྷུན་གྲུབ་མཛོད། །མ་ཤེས་ནོངས་པར་སྤྱད་རྣམས་སྒྱུ་མ་ཡི། །རོལ་པ་ཇི་བཞིན་ཀ་དག་དབྱིངས་སུ་བཤགས། །རང་རང་གནས་གཤེགས་སླར་ཡང་མཆོད་བསྟོད་ཆེད། །བྱོན་ནས་དུས་ཀུན་བཀྲ་ཤིས་དགེ་ལེགས་མཛོད། །ཅེས་རིགས་འཛིན་ཆེན་པོ་ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ་དཔལ་ཆུ་བོ་རིའི་གནས་སྲུང་རྣམས་ལ་མཆོད་གཏོར་འབུལ་བའི་རིམ་པ་ཁྱེར་བདེ་བ་ཞིག་དགོས་ཚུལ་བྱུང་བ་ལྟར་ཆོས་རྗེ་བྲག་ཐོག་པ་ཆེན་པོ་བསོད་ནམས་བཟང་པོས་མཛད་པའི་ཡིག་ཆ་ཉིད་ཁུངས་བཙུན་པར་མཐོང་ནས་དེ་ཉིད་ལས་བཏུས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །དྲེགས་པའི་དབང་ཕྱུག་མཐུ་ལྡན་རྒྱལ་པོ་ཆེ། །ཚུར་སྤྱོན་ཚུར་སྤྱོན་པདྨ་ཉི་ཟླ་དང་། །གཉིས་འཐུང་སེང་གེ་དྲེལ་རྟ་བཾ་ཆེན་སོགས། །དགྱེས་པའི་གདན་ལ་བརྟན་པར་བཞུགས་སུ་གསོལ། །རཀྟ་མཆོད་ཡོན་གདངས་པའི་ཞལ་ནང་དུ། །ཕུལ་བས་དབུ་འཕྲེང་མཆེ་བའི་གོས་སུ་ཀླུབས། །མིག་སྣ་རྣ་བ་ལྕེ་སྙིང་དོ་ཤལ་གྱིས། །ལྷ་ཁྱོད་བརྗིད་པའི་རྒྱན་དུ་མངོན་པར་སྤུད། །མི་རོ་བསྲེཊ་པའི་དུད་སྤྲིན་ལང་ལོང་དུ། །འཁྲིཊ་པ་ཤངས་ཀྱི་དབང་པོ་ཚིམ་ཕྱིར་འབུལ། །ཚིལ་ཞུན་འཁྱིལ་དབུས་སྐྲ་ཡི་སྡོང་བུ་ལ། །སྦར་(༡༣༢བ)


GLG011_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྣང་གསལ་གཟིགས་མོར་ཚར་དུ་དངར། ཁྲག་ཞག་མཁྲིས་པའི་ངད་འཐུལ་དྲི་ཡི་ཆབ། །ཐུགས་ཀར་བྱུག་པའི་རྫས་སུ་ཉེ་བར་གཏམས། །ཤ་ཆེན་ནང་ཁྲོལ་རུས་ཚོགས་ཆེར་སྤུངས་པའི། །བཟའ་བཅའ་སྔགས་ལ་རོ་མཆོག་བརྒྱ་དང་ལྡན། །མི་རྐང་དུང་གླིང་རྫ་རྔ་སིལ་སྙན་སོགས། །ཐོས་འཛིན་ཡུལ་དུ་འཇེབས་པའི་སྒྲ་དབྱངས་འཁྲིལ། །སྒ་སྲབ་གོང་རྨེད་དར་གྱི་ཅོད་པན་ཅན། །རྟ་མཆོག་རླུང་གི་ཤུགས་འཆང་སྟོང་གསུམ་མྱུལ། །འབྲོང་གཡག་རྡོ་རྗེའི་རྭ་རྩེ་རྣོན་པོ་ཡིས། །ལོག་འདྲེན་དགྲ་བགེགས་སྙིང་ག་ཐལ་མོར་འབིགས། །གྲངས་མེད་འདབ་ཆགས་མཁའ་ལ་འཕུར་ཞིང་ལྡིང་། །སེང་གེ་སྟག་གཟིག་དོམ་དྲེད་ཁྱི་སྤྱང་རྒྱུག །རི་དྭགས་སྣ་ཚོགས་ར་ལུག་དྲེའུ་མཛོ། །སྤྲ་སྤྲེལ་མོན་པ་ཛོ་ཀི་ཟློས་གར་བསྒྱུར། །ཁྲབ་རྨོག་ཞོལ་བཏགས་རྔ་མ་དབང་གཞུའི་རིས། །གྲི་མདུང་མདའ་སོགས་མཚོན་ཆ་རྣོ་ངར་ལྡན། །ཟ་འོག་སེང་གེ་སྤྲེའུ་སྤྱང་ཀི་བྱའི། །རྒྱལ་མཚན་སྣ་ལྔ་བ་དན་མཁའ་ལ་བསྒྲེང་། །ཞྭ་ཕོད་སག་ཞུ་རིན་ཅེན་རུས་པའི་རྒྱན། །ཞིང་ལྤགས་གླང་དོམ་སློག་པ་དར་གྱི་བེར། །བླ་གོས་ཤམ་ཐབས་ལྷུང་བཟེད་གསིལ་བྱེད་དང་། །དམ་རྫས་གཏོར་མ་བདུད་རྩི་ཨ་མྲྀ་ཏཿ། །སྐུ་འབག་སྨྱུག་རྒོད་བླ་རྡོ་སྲོག་འཁོར་བཅས། །རྒྱལ་སྲིད་སྣ་བདུན་འདོད་པའི་ཡོན་ཏན་ལྔ། །ལྷུན་པོ་གླིང་བཞི་གླིང་ཕྲན་མུ་ཁྱུད་བསྐོར། །རིན་ཅེན་རི་བོ་དཔག་བསམ་ལྗོན་པའི་ཤིང་། །འདོད་འཇོའི་བ་དང་མ་རྨོས་ལོ་འབྲས་དུད། །ཉི་ཟླ་ཟུང་འཇུག་ཀུན་བཟང་མཆོད་སྤྲིན་གྱིས། །བསྟན་སྲུང་རྒྱལ་པོ་ཆེན་པོའི་ཐུགས་དམ་བསྐང་། །གསང་ཡུམ་བློན་པོ་སྤྲུལ་པའི་ཐུགས་དམ་བསྐང་། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་སྐོངས་གྱུར་ནས། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །སློབ་དཔོན་(༡༣༣ན)


GLG011_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་པདྨ་ཐོད་འཕྲེང་གིས། །ཕྱག་མཚན་རྡོ་རྗེ་སྤྱི་བོའི་གཙུག་ཏུ་བཀོད། །བདུད་རྩིའི་མནའ་ཆུ་ལྕེ་ལ་ལེགས་བཞག་ནས། །དམ་བཏགས་སྲོག་སྙིང་བླངས་ནས་བྲོ་བོར་བ། །མ་གཡེལ་དྲན་པར་མཛོད་ལ་རྒྱལ་བའི་བསྟན། །དེ་འཛིན་སྐྱེས་བུ་མདོ་དང་སྔགས་ཀྱི་སྡེ། །སྐྱོང་ཞིང་སྐྱེ་དགུའི་བདེ་སྐྱིད་མ་ལུས་པ། །དཀར་ཕྱོགས་ཟླ་བ་ལྟ་བུར་འཕེལ་བར་མཛོད། །ཁྱད་པར་བདག་སོགས་དགོན་གནས་སྡེ་བཅས་རྣམས། །ཉིན་མཚན་དུས་ཀུན་གཡེལ་མེད་བསྲུང་ཞིང་སྐྱོབས། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །ཇི་ལྟར་བསམ་པ་བཞིན་དུ་སྒྲུབ་པར་མཛོད། །ཅེས་སྐྱིད་ཤོད་དགའ་བ་གདོང་ཆོས་སྐྱོང་གི་གསོལ་མཆོད་འདི་ནི་ཆོས་སྐྱོང་ཉིད་ཀྱིས་སྔགས་རམ་པ་དོན་གྲུབ་རྒྱ་མཚོ་བརྒྱུད་ནས་དགོས་ཚུལ་གྱི་འཕྲིན་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །རང་བཞིན་དག་པའི་གནས་མཆོག་དམ་པ་ནས། །དཔལ་ལྡན་ལྷ་མོ་ཆེན་མོ་ཙཎྜི་ཀ །མཁའ་འགྲོ་རྣམ་གསུམ་ལས་མཁན་ཁྱབ་འཇུག་སོགས། །འཁོར་བཅས་ཐོགས་པ་མེད་པར་གནས་འདིར་གཤེགས། །མདུན་གྱི་ནམ་མཁར་པདྨ་ཉི་མ་དང་། །བམ་རོའི་གདན་ལ་པདྨ་རཱ་གའི་མདོག །ཕྱག་གཡས་རལ་གྲི་ཕྱག་གཡོན་ཐོད་ཁྲག་བསྣམས། །རལ་པའི་ཐོར་ཚུགས་རྨ་བྱའི་སྒྲོ་ཡིས་སྤུད། །ཐོད་སྐམ་དབུ་རྒྱན་དོ་ཤལ་ཕྱག་རྒྱ་ལྔ། །སྦྲུལ་གྱི་ཆུན་པོ་རིན་ཅེན་འཕྲེང་བས་མཛེས། །གཡང་གཞིས་སྟོད་གཡོགས་སྟག་ཤམ་རེ་ལྡེ་དཀྲིས། །རབ་གཏུམ་ཁྲོ་ཆགས་གར་དགུའི་ཉམས་ཀྱིས་འགྱིང་། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་བཞུགས་པར། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འབུལ། །(༡༣༣བ)


GLG011_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པར་བཞེས་ལ་འཕྲིན་ལས་རྣམ་བཞི་སྒྲུབ། ཁྱད་པར་ཤ་ལྔ་བདུད་རྩི་ལྔ་སྦྱར་བའི། །དམ་རྫས་རྨད་བྱུང་གཏོར་མའི་མཆོད་པ་འབུལ། །ཟག་མེད་བདེ་བ་ཆེན་པོས་རབ་ཚིམ་ནས། །བཤད་སྒྲུབ་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད། །སྔོན་ཚེ་གཤེན་རབ་མི་བོ་བོན་གྱི་ལྷ། །བར་དུ་པདྨ་ཐོད་འཕྲེང་ཕོ་ཉ་བ། །སྲིད་པའི་ལྷ་རབས་ཤམ་པོ་འཁོར་བཅས་རྣམས། །ཐོགས་པ་མེད་པར་གནས་འདིར་མྱུར་དུ་སྤྱོན། །འདོད་ཡོན་ལྔ་དང་ཉེར་སྤྱོད་རོལ་མོའི་སྒྲ། །སྨན་གཏོར་རཀྟ་ཕྱི་ནང་གསང་མཆོད་རྣམས། །ནམ་མཁའ་མཛོད་ཀྱི་ཁམས་སུ་བྱིན་བརླབས་ནས། །ལེགས་པར་འབུལ་ན་མཉེས་ཤིང་ཚིམ་གྱུར་ཅིག ཁྲོ་གཏུམ་ཞི་ཆགས་སྣ་ཚོགས་གཟུགས་འཛིན་ཅིང་། །དར་འཇམ་གོས་གྱོན་འབྲོང་གཡག་དཀར་པོ་བཅིབས། །རལ་གྲི་མདུང་ཐོགས་གྲངས་མེད་ཕོ་ཉས་བསྐོར། །ལྷ་ཡི་སྡེ་དཔོན་ཆེན་པོ་ཁྱོད་ལ་བསྟོད། །མཚོ་སྐྱེས་རྡོ་རྗེ་གནུབས་སྟོན་འདུལ་འཛིན་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །ཙཎྜི་ཀ་དང་ལྷ་རབས་ཤམ་པོ་ཆེ། །འཁོར་དང་བཅས་པས་བཅོལ་བའི་འཕྲིན་ལས་མཛོད། །སངས་རྒྱས་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། ཁྱད་པར་སྡེ་འདིའི་སྟོད་སྨད་ཡུལ་གྲུ་ཡི། །ནད་མུག་འཁྲུག་རྩོད་ཉེས་བརྒྱ་ཀུན་ཞི་ཞིང་། །ཆོས་སྲིད་ལེགས་ཚོགས་མ་ལུས་འཕེལ་བར་མཛོད། །ཅེས་ལྷ་མོ་ཙཎྜི་ཀ་དང་ལྷ་རབས་ཤམ་པོའི་གཏོར་བསྔོ་ཁྱེར་བདེ་བ་ཞིག་དགོས་ཞེས་ཐོས་བསམ་དར་རྒྱས་གླིང་པ་སྤྱི་སོས་བསྐུལ་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །རྩ་བརྒྱུད་བླ་མ་དགྱེས་མཛད་ཧེ་རུ་ཀཿ །གུར་མགོན་ལེགས་ལྡན་དབང་པོ་གདོང་བཞི་པ། །བཀའ་སྡོད་ཕོ་ཉར་བཅས་(༡༣༤ན)


GLG011_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གུས་བཏུད་ནས། །གཏོར་ཆོག་དངོས་གྲུབ་རྒྱ་མཚོ་དེང་འདིར་སྤེལ། །དེའང་མཆོད་གཏོར་དང་སྤྱན་གཟིགས་རྣམས་ཕྱག་ལེན་ལྟར་བཤམས། །བདག་སྐྱེད་ཀྱི་རྣལ་འབྱོར་དང་བཟླས་གཏོར་གཞུང་བཞིན་ཕུལ་ནས་མགོན་ཆེན་ལ་གཏོར་མ་འབུལ་བ་ནི། དམིགས་པ་ཕྱག་རྒྱ་དང་བཅས་ཏེ། ཨོཾ་ཨཱཿཧཱུྃ་ཧོ་ཧྲཱིཿ ཞེས་ལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབས། །མདུན་དུ་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་བདུད་ཀྱི་ངོ་བོ། རོ་དམར་སེར་མགོ་གཡས་སུ་བསྟན་པའི་གདན་ལ་ཧཱུྃ་མཐིང་ནག་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ནག་པོ་ཆེན་པོ་སྲིན་པོའི་གཟུགས་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་འཛིན་པའི་དབུས་ན་གཎྜི་བསྣམས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་ཤིང་། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་ཀླུབས་པ། མིའུ་ཐུང་གེལ་པའི་ཚུལ་གྱིས་བཞུགས་པའི་གཡས་ན་བྱ་ནག །གཡོན་ན་ཁྱི་ནག །རྒྱབ་ན་ཅེ་སྤྱང་། མདུན་ན་མི་ནག །སྟེང་ན་ཁྱུང་ཆེན་རྣམས་འབུམ་འབུམ་གྱི་གྲངས་ལྡན། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ། དེའི་གཡོན་དུ་པད་ཉིའི་གདན་ལ་ཊཾ་ལས་ཨེ་ཀ་ཛ་ཊཱི་སྔོན་མོ་ཁྲོ་མོའི་རྣམ་པ་ཅན་ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་གཡུའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡུའི་རལ་པ་ལན་བུ་གཅིག་པ་གཡོན་དུ་འབྱུང་བ། རུས་པ་དང་རིན་པོ་ཆེས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་དེའི་ལྟོ་(༡༣༤བ)


GLG011_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཏྲག་ལས་ཁྲག་མཚོའི་དབུས་སུ་བྷྱོཿ ལས་དཔལ་ལྡན་ལྷ་མོ་སྔོ་ནག་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ་མི་རོ་རེངས་པོ་ཁར་བཅུག་པ། གཡས་གཉིས་རལ་གྲི་དང་ཐོད་ཁྲག་གཡོན་གཉིས་མདུང་དང་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གླང་པོ་ཆེའི་ཀོ་བས་སྟོད་དང་བ་གླང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ལ་སྦྲུལ་གྱི་སྐ་རགས་བཅིངས་པ། སྙན་གཡས་གཡོན་ལ་དུག་སྦྲུལ་དང་སེང་གེས་བརྒྱན་པ། ཞབས་གཉིས་ལྕགས་སྒྲོག་གིས་མཛེས་པ། བྱུག་པའི་རྫས་གསུམ་གྱིས་སྦགས་ཤིང་རིད་ལ་མི་སྡུག་པ། ལྟེ་བར་ཉི་ཟླ་འཆར་བ། བོང་བུ་གྭ་པ་ལ་ཞོན་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལི་དེ་ཝཱི་ཧཱུྃ་བྷྱོ་ཧཱུྃཿ ལྕམ་དྲལ་གྱི་མདུན་དུ་པད་ཉི་གདན་གཉིས་ཀྱི་གཡས་སུ་མགོན་པོའི་ཐུགས་ཀ་ནས་ཆད་པའི་ཏྲི་ཡིག་མམ་དུ་གྱུར་པ་ལས། གནོད་སྦྱིན་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གསེར་གྱི་གྲི་གུག་དང་གཡོན་པའི་ལག་མཐིལ་ནས་ཉི་མའི་དཀྱིལ་འཁོར་འཆར་བ། ཟ་འོག་གི་གོས་དང་མི་ལྤགས་ཀྱི་གཡང་གཞི་གསོལ་བ། རལ་པ་བརྫེས་པ། གསེར་གྱི་རྣ་ཆ་ཅན། གཡོན་བརྐྱང་གིས་བཞུགས་པ། དེའི་གཡོན་དུ་ལྷ་མོའི་ཐུགས་ཀ་ནས་ཆད་པའི་ཏྲི་ཡིག་མྨ་དུ་གྱུར་པ་ལས་ནག་མོ་གནོད་སྦྱིན་གཡས་གསེར་གྱི་སྤུ་གྲི་དང་། གཡོན་པའི་ལག་མཐིལ་ན་ཟླ་བའི་དཀྱིལ་འཁོར་འཆར་བ། དར་ནག་གི་གོས་གྱོན་པ། རལ་པ་ཐུར་དུ་ཉིལ་ཞིང་བྱུ་རུའི་ལན་ཚར་ཅན་གཡས་བརྐྱང་གིས་བཞུགས་པ། གཉིས་ཀའང་དར་མེན་གྱི་ག་ཤ་དང་དར་གྱི་ཨང་རག་ཅན། དེ་གཉིས་ཀྱི་མདུན་དུ་རོའི་གདན་གསུམ་གྱི་སྟེང་དུ་ཡབ་ཀྱི་ཐུགས་ཀ་ནས་ཆད་པའི་(༡༣༥ན)


GLG011_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲི་ཡིག་དང་པོ་ལས་པུ་ཏྲི་ནག་པོ་ཤང་ལང་དང་ཐོད་པ་འཛིན་པ་དར་ནག་ལྷབ་ལྷུབ་དང་དར་དཀར་གྱི་ཨང་རག་གསོལ་བ། དེའི་གཡོན་དུ་ཏྲི་ཡིག་གཉིས་པ་ལས་བྷ་དྲ་ནག་པོ་དམ་ཤིང་དང་མི་སྙིང་འཛིན་པ། དར་ནག་གི་གོས་དང་སྟག་སློག་ཅན། གཉིས་ཀའང་རལ་པ་གྱེན་དུ་གཟིངས་པ་གཡོན་བརྐྱང་གིས་བཞུགས་པ། དེའི་གཡོན་དུ་ཡུམ་གྱི་ཐུགས་ཀ་ནས་ཆད་པའི་མྨ་ལས། མོན་མོ་ནག་མོ་ཁ་ནས་མེ་འབར་བ་སྤུ་གྲི་དང་རྒྱུ་མ་འཛིན་པ། ཟ་འོག་གི་གོས་གྱོན་ཞིང་རལ་པ་ཐུར་དུ་འཕྱང་བ་གཡས་བརྐྱང་གིས་བཞུགས་པ། མིང་སྲིང་གསུམ་གའང་དར་མེན་གྱི་ག་ཤ་དང་རྣ་བ་ལ་དུང་ལོང་འཁྲོལ་ཞིང་ཐུགས་ཀ་ནས་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོ་བ། ལྔ་གའང་སྤྱན་གསུམ་པ་ཁྲོ་ཞིང་གཏུམ་པ་ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ་རྒྱུ་རློན་དང་རུས་འཕྲེང་གིས་སྤྲས་པ། དེ་དག་གི་འཁོར་དུ་རུ་འདྲེན་སྡེ་བཞི། སྤྲུལ་པ་ཡང་སྤྲུལ། ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཕོ་རྒྱུད་མོ་རྒྱུད་དང་བཅས་པའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང་རང་བཞིན་གྱི་གནས་ནས་ལྷ་མོ་དང་ལས་ཀྱི་མགོན་པོ་ཕོ་ཉའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་པའི་ཕྱག་རྒྱ་བྱ། དམ་རྒྱ་བཅས་ནས་མཛུབ་མོ་གཡབ་པའམ་རྡོར་དྲིལ་འཛིན་པ་གང་རུང་གིས། ཧཱུྃཿ དཔལ་ལྡན་མགོན་པོ་ལྕམ་དྲལ་དང་། །ལས་ཀྱི་མགོན་པོ་འཁོར་བཅས་རྣམས། །ཐོགས་པ་མེད་པར་འདིར་གཤེགས་ལ། །དགྱེས་པའི་གདན་ལ་བརྟེན་པར་བཞུགས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི། ཨ་ཀ་ཛཱ་ཊཱི་དེ་ཝཱི་ཨིནྡྲ་སཱི། ཀཱ་ལ་ཡཀྵ་ཡེ། ཀཱ་ལཱི་ཡཀྵ་སཱི། ཡཀྵ་པུ་ཏྲ་ཡེ། རུ་ཏྲ་བྷ་ཏྲ་ཡེ། རུ་ལུ་རཀྵ་སཱི། (༡༣༥བ)


GLG011_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། གོང་གི་སྔགས་གཤམ་དུ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་ཞེས་པའི་བར་གྱིས་མཆོད། དམ་རྒྱ་སྙིང་གར་བཅས་ཏེ། གོང་གི་སྔགས་ཀྱི་ས་པ་རི་ཝཱ་རའི་རྗེས་སུ་ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ། ས་མ་ཡ་རཀྵ་ནྟུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ་ལས་མ་འདའ་བར་བསྟན་པ་དང་འགྲོ་བའི་ལེགས་ཚོགས་སྤེལ་བ་དང་ཁྱད་པར་རྣལ་འབྱོར་པ་བདག་གི་ཆོས་སྒྲུབ་པའི་བར་གཅོད་དགྲ་བགེགས་རྣམས་ཞི་བ་དང་དབང་དྲག་གི་སྒོ་ནས་འདུལ་ཞིང་ཆོས་སྲིད་ཡོན་ཏན་ཐམས་ཅད་དར་ཞིང་རྒྱས་པར་མཛད་དུ་གསོལ། མཐར་ཐལ་མོ་ལན་གསུམ་བརྡབ། ལྕམ་དྲལ་གྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། པད་ཀོར་དང་བཅས་པས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་མཐར། སེ་གོལ་གཏོགས་ཤིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལི་དེ་ཝཱི། ཨེ་ཀ་ཛཱ་ཌཱི་དེ་ཝཱི། ཨིནྡྲ་སཱི། ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུ་ངྒ་ཏེ། སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་ད་སྭཱ་ཧཱ། ཞེས་ལན་གསུམ་མམ་ལྔ་གང་རིགས་ཀྱིས་གཏོར་མ་ཕུལ། གཏོར་སྔགས་ཀྱི་ས་པ་རི་ཝཱ་རིའི་རྗེས་སུ་གྲྀཧྞེ་དཾ་ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་འབྲུ་གསུམ་བཏགས་ཏེ་ནང་མཆོད་འབུལ། དཔལ་ལྡན་ནག་པོ་ཆེན་པོ་གུར་གྱི་མགོན་པོ། ཡུམ་ཆེན་ཨེ་ཀ་ཛ་ཊཱི། དཔལ་ལྡན་འདོད་ཁམས་དབང་ཕྱུག་མ་འཁོར་བཅས་རྣམས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་བསྟན་པ་དང་བསྟན་འཛིན་སྡེ་དང་བཅས་པ་སྐྱོང་ཞིང་ཁྱད་པར་རིག་པ་འཛིན་པ་བདག་(༡༣༦ན)


GLG011_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གི་འགལ་རྐྱེན་ཞི་ཞིང་བསམ་པ་འགྲུབ་པ་དང་བྱང་ཆུབ་ཀྱི་བར་དུ་བསྲུང་སྐྱོབ་མཛད་དུ་གསོལ། བསྟོད་པ་ནི། ཧཱུྃཿ མ་ཧཱ་ཀཱ་ལ་སྲིན་པོའི་གཟུགས། །ཨེ་ཀ་ཛ་ཌཱི་ཀུན་གྱི་ཡུམ། །སྲིད་གསུམ་དབང་སྒྱུར་འདོད་ཁམས་མ། །ལྕམ་དྲལ་འཁོར་དང་བཅས་ལ་བསྟོད། །བསྟབ་པ་ནི། རྡོ་རྗེ་ནག་པོ་གུར་མགོན་ལྕམ་དྲལ་རྣམས། །འདིར་གཤེགས་སྨན་རཀ་མཆོད་གཏོར་ཚོགས་བཞེས་ཤིག །སྔར་བཅོལ་ལེགས་སོ་དར་འཆོལ་རྟེན་དུ་འབུལ། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །མགོན་པོ་ཞལ་བཞི་པར་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃཿ ཧ་ཧི་ཧྲིཿས་བྱིན་གྱིས་རླབས། མདུན་དུ་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་དང་ཕྱོགས་བཞིར་ཉི་མ་དང་རོའི་གདན་རེ་རེ། དབུས་ཀྱི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུཾཿ གིས་མཚན་པ། ཕྱོགས་བཞིར་ཧཱུྃ་རེ་རེ་དང་བཅས་པ་ཡོངས་སུ་གྱུར་པ་ལས་གཙོ་འཁོར་ལྔ་དུས་གཅིག་ཏུ་གྲུབ་པ་ནི་དབུས་སུ་ནག་པོ་ཆེན་པོ་ཞལ་བཞི། གཡས་དཀར་གཡོན་དམར་དབུས་མཐིང་སྟེང་དུད་ཁ། །སྤྱན་གསུམ་པ། དབུ་སྐྲ་གྱེན་དུ་བརྫེས་ཤིང་སྨ་ར་དང་སྨིན་མ་འབར་བ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དྲག་པོའི་ང་རོ་སྒྲོག་པ། ཕྱག་གཡས་གཉིས་ཀྱིས་གྲི་གུག་དང་རྩེ་གསུམ། གཡོན་གཉིས་ཀྱི་ཐོད་ཁྲག་དང་མདུང་བསྣམས་པ། མཆན་ཁུང་དུ་བུམ་པ་དང་ཕྱག་འགག་ན་རུས་ཕྲེང་ཐོགས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་ནག་པོས་མཆོད་ཕྱིར་ཐོགས་བྱས་པ། རུས་རྒྱན་དང་ཚངས་པའི་སྐུད་པས་སྤྲས་པ། རྐང་གླིང་དང་དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་(༡༣༦བ)


GLG011_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་གཡས་སུ་གཡུང་མོ་ནག་མོ། །གཡོན་དུ་གཏུམ་མོ་ལྗང་གུ །མདུན་དུ་དམར་ནག་སྲིན་མོ། །རྒྱབ་ཏུ་སེར་ནག་སིངྒྷ་ལི་མ་རྣམས་སྲིན་མོ་ཁྲོས་པའི་རྣམ་པ་ཅན་གྲི་གུག་དང་ཐོད་པ་འཛིན་ཅིང་རལ་པ་ཐུར་དུ་འཕྱང་བ། གཅེར་བུ་རྒྱུ་མའི་ག་ཤ་ཅན། ཞབས་གཡོན་བརྐྱང་བ། འཁོར་ཕོ་ཉ་དྲེགས་པའི་དམག་ཚོཊ་ཀྱིས་བསྐོར་བ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་གཙོ་འཁོར་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་གངས་ཏེ་སེ། །བསིལ་བ་ཚལ། པོ་ཊ་ལ། ཧ་ཧ་རྒོད་པའི་དུར་ཁྲོད། དར་ལུང་། ཁའུ་སྐྱེད་ལྷས། དཔལ་ལྡན་ས་སྐྱ་ལ་སོགས་པའི་རྒྱ་བོད་ཀྱི་གནས་ཆེན་གར་བཞུགས་ནས་སྟོབས་འཕྲོག་དབང་པོ་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཧཱུྃ། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ། ར་ཏྲི་ཏ། ཌོཾ་བྷི་ནི། ཙིཎྜ་ལཱི། རཀྑ་སཱི། སིངྒ་ལཱི། དེ་ཝཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། གོང་གི་སྔགས་ཀྱི་ས་པ་རི་ཝཱ་རའི་རྗེས་སུ་གྲྀཧྞེ་དཾ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དམ་རྒྱ་སྤྱི་བོར་བཞག་པར་བསམས་ལ། སྔར་གྱི་སྔགས་ས་པ་རི་ཝཱ་རའི་རྗེས་སུ་ས་མ་ཡ་སྨ་ར་ནས། རཀྵནྟུའི་བར་དང་། ནག་པོ་ཆེན་པོ་ཞལ་བཞི་པ་འཁོར་དང་བཅས་པ་རྣམས་མཆོད་སྤྲིན་གྱི་གཏོར་མ་སོགས་མགོན་ཆེན་གྱི་སྐབས་ལྟར་བྱ། སྟོབས་འཕྲོག་དབང་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་འོད་ཟེར་སོགས་ཀྱི་རྗེས་(༡༣༧ན)


GLG011_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སུ། གོང་གི་སྔགས་ས་པ་རི་ཝཱ་རའི་རྗེས་སུ། ན་མཿསརྦ་ཏ་ཐཱ་ག་ཏོ་བྷྱོ་སོགས་བཏགས་ལ་གསུམ་མམ་ལྔས་གཏོར་མ་དང་། ཕྱི་ནང་གི་མཆོད་པ་སྔར་ལྟར་འབུལ། ལྷ་ཆེན་ནག་པོ་ཞལ་བཞི་ཡབ་ཡུམ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་ཞེས་སོགས་འཕྲིན་བཅོལ་མགོན་ཆེན་གྱི་སྐབས་ལྟར་བྱ། བསྟོད་པ་ནི། ཧཱུྃཿ ཧེ་རུ་ཀ་དཔལ་གཏུམ་དྲག་སྲིན་པོའི་གཟུགས། །བདུད་སྡེའི་སྙིང་ལ་བྲོ་རྡུང་དཔའ་བོ་ཆེ། །ཡུམ་ཆེན་བཞི་དང་སྡེ་བརྒྱད་དྲེགས་པ་ཡི། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །བསྟབ་པ་ནི། སྟོབས་འཕྲོག་གདོང་བཞི་ཡབ་ཡུམ་འཁོར་བཅས་རྣམས། འདིར་གཤེགས་སོགས་གུར་མགོན་གྱི་སྐབས་ལྟར་བྱ། ལས་མཁན་མོན་བུ་ལྕམ་དྲལ་ལ་གཏོར་མ་འབུལ་བ་ནི། ཨོཾ་ཨཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ། བོད་པའི་མཐར་ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧ་ཁཱ་ཧི། ཞེས་པས་དབུལ། བཛྲ་ཀཱ་ལ་ཡཀྵ་ནས། རུ་ལུ་རཀྑ་སཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་སོགས་ཀྱིས་གོང་ལྟར་འཕྲིན་ལས་འཆོལ། བསྟོད་པ་ནི། ཧཱུྃཿ དཔལ་ལྡན་གནོད་སྦྱིན་ཡབ་ཡུམ་གཉིས། །པུ་ཏྲ་བྷ་ཏྲ་སྲིང་མོ་གསུམ། །བཀའ་སྡོད་རྫུ་འཕྲུལ་ལྡན་པ་ཡི། །མཐུ་སྟོབས་དྲེགས་པའི་བདག་པོར་བསྟོད། །བསྟབ་པ་ནི། གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་རྣམས། འདིར་གཤེགས་སོགས་འགྲོ །ལས་མཁན་བཤན་པ་ལྕམ་དྲལ་ལ་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་པས་བྱིན་གྱིས་བརླབ། མདུན་དུ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་ཆེན་པོའི་དབུས་སུ་ཟངས་ཀྱི་ར་བ་གྲུ་བཞི་པ་རྟ་རོ་མི་རོ་བརྩེགས་པའི་(༡༣༧བ)


GLG011_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་པྲ་དང་ཟངས་གྲི་ལས་སྐྱེས་པའི་གནོད་སྦྱིན་ཆེན་པོ་སྐུ་མདོག་དམར་པོ་ཁྲོ་ཞིང་གཏུམ་པ་ཞལ་གཅིག་སྤྱན་གསུམ་པ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ། སྨིན་མ་དང་སྨ་ར་དམར་སེར་ཅན་ཞལ་མཆེ་བ་གཙིགས་པ། ཕྱག་གཡས་རལ་གྲི་དང་གཡོན་མདའ་གཞུ་གློ་སྙིང་འཛིན་པའི་མཆན་ཁུང་དུ་རུ་མཚོན་བསྣམས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཟངས་ཀྱི་བེག་ཙེ་དང་དར་གྱི་རལ་གུ་དམར་པོས་བརྒྱན་ཅིང་སག་ལྷམ་གསོལ་བ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་གཡོན་དུ་མཾ་ལས་སྲིད་པའི་ལྷ་མོ་སྐུ་གཟུགས་སྔོ་ལ་གདོང་པ་དམར་བ། གཅེར་མོ་ཞལ་དང་སྤྱན་བགྲད་པ། གཡུའི་སྨིན་མ་དང་དུང་གི་སོ། མེའི་རལ་པ་ཅན། གསེར་གྱི་རྣ་རྒྱན་འཕྱང་བ། རལ་གྲི་དང་ཕུར་བུ་འཛིན་པ། དྲེད་མོ་ལ་ཞོན་པ། གཙོ་བོའི་གཡས་སུ་པྲ་ལས་སྲོག་བདག་དམར་པོ་བསེ་ཁྲབ་དང་བསེ་རྨོག་གྱོན་ཞིང་མདུང་དམར་དང་བཙན་ཞགས་བསྣམས་པ། ཅེ་སྤྱང་ལ་ཞོན་པ། དེ་དག་གི་འཁོར་དུ་གྲི་ཐོགས་བཤན་པ་བརྒྱད། ར་བཤན་ཉེར་གཅིག་ལ་སོགས་པའི་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མ་རུ་ཙེའི་དུར་ཁྲོད་བྲག་དམར་པོ་མཆོང་ལྡིང་གི་ཕོ་བྲང་ནས་གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཀྱེཿ བྱང་ཤར་དབང་དྲག་རོལ་པའི་དུར་ཁྲོད་ནས། །གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་བཅས་རྣམས། །འདིར་སྤྱོན་དམ་ཚིག་པ་དང་གཉིས་མེད་བཞུཊ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །རཀྨོ་པྲ་ཎ་ཨཱདྨས་པ་རི་ཝཱ་ར་ཨཱ་ཀཪྵ་ཡ་ཛཿཛཿཧཱུྃ་བཾ་(༡༣༨ན)


GLG011_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿཔདྨ་ཀ་མ་ལཱ་ཡ་སྟཾ། གོང་གི་སྔགས་གཤམ་དུ་ཨརྒྷཾ་ནས་ཤབྡའི་བར་སྦྱར་བས་ཕྱི་མཆོད་དང་། འབྲུ་གསུམ་བཏགས་ཏེ་ནང་མཆོད་འབུལ། གནོད་སྦྱིན་ལྕམ་དྲལ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སོགས་གོང་བཞིན་དང་། སྔགས་གཤམ་དུ་སརྦ་བིགྷྣ་ན་ཤ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་མམ་བདུན་གྱིས་གཏོར་མ་དང་སྔགས་མཆོད་ནང་མཆོད་འབུལ། གནོད་སྦྱིན་བེག་ཙེ་ལྕམ་དྲལ་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་ཞེས་སོགས་གོང་དང་འདྲ། བསྟབ་པ་ནི། བཤན་པ་བེག་ཙེ་ལྕམ་དྲལ་འཁོར་བཅས་རྣམས། འདིར་གཤེགས་སོགས་བྱ། མཁའ་འགྲོ་སྤྱི་གཏོར་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་གཏོར་མ་བྱིན་གྱིས་བརླབ། འབར་བའི་ཕྱག་རྒྱ་དཔྲལ་བར་བཅས་ལ། ཕཻཾ། ཨོཾ་བཛྲ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོས་སྤྱན་དྲངས་ལ་གཏོར་མ་ཕུལ་བར་བསམས་ཏེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་མཐར་སེ་གོལ་གཏོག་ཅིང་། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྑ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་པ་སྨཱ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲིཧྞ་ནྟུ། ས་མ་ཡ་རཀྵ་ནྟུ། མ་མ་སརྦ་སིདྡྷཾ། མེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་བེཥྚཾ། བྷུཉྫ་ཐཱ། ཛི་ག་ཐཱ། བི་བ་ཐཱ། མ་ཏི་ཀྲ་མ་ཐཱ། མ་མ་སརྦཱ། ཀཱ་རྟ་ཡ། སཏྶུཁ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷ་ཝནྟཱ། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། མཁའ་འགྲོ་སྡེ་ལྔ་སོགས་གནས་གསུམ་གྱིས་དཔའ་བོ་དང་མཁའ་འགྲོ་མ་རྣམས་མཆོད་སྦྱིན་གྱི་གཏོར་མ་སོགས་གོང་དང་འདྲ། གཞི་བདག་གཏོར་མ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃཿ ས་བྱིན་གྱིས་བརླབ།(༡༣༨བ)


GLG011_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་བྷཱུ་མི་བ་ཏི་ཨཱ་ཀཪྵ་ཡ་ཛཿས་བཀུག །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦདྷརྨཱ་ཎཱཾ་ཨ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གི་མཆོད་པས་མཆོད། བོད་ཡུལ་སྤྱི་དང་ཁྱད་པར་སྒོས་ཀྱི་ཡུལ་ལྷ་གཞི་བདག་རྣམས་མཆོད་སྦྱིན་གྱི་གཏོར་མ་སོགས་གོང་ལྟར་དང་། བདག་གི་བསམ་པའི་སྟོབས་དང་ནི་ཞེས་སོགས་བརྗོད། བཟླས་པ་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ཡིག་བརྒྱ་བརྗོད། གོང་གནོན་ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མགོན་པོའི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་མོའི་སྔགས་ནི། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བདྷྭ་སཱི་ཀ་མ་ལ་རཀྑ་སཱི་ཧཱུྃ་བྷྱོ་ཧཱུྃ། ཞལ་གྱི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ། ར་ཏྲི་ཏ། ཌོམྦྷི་ནཱི། ཙཎྜ་ལཱི། སིངྒྷ་ལཱི། དེ་ཝཱི་ཧཱུྃ་བྷྱོ་ཧཱུཾ། ལས་མཁན་ལྕམ་དྲལ་གྱི་སྔགས་ནི། ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛཿ ཨ་ལི་ཨ་ལི་མ་ཛཿཛཿཤཾ་ཤཾ་ལི་ཤི་དེད། ཨ་ཤྭ་དེད། མོ་སྣུགས་སྤུ་གྲི་ཨ་ལི་མ་ཛཿཛཿ ནག་མོ་ཤ་ལ་རབས་ཛཿཛཿ བེག་ཙེ་ལྕམ་དྲལ་གྱི་སྔགས་ནི། ཨོཾ་རཀྨོ་པ་ཎ་ཨཱཾདྨ་ཀྵི་རུ་པུ་རུ་ཥ། ལུ་ཧི་ཏ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་རཀྨོ་ཡ་མ་ཙིཏྟ་ཛྭ་ལ་རཾ། པྲ་ཏི་དེ་ཝཱི་ཧཱུྃ། སྲོག་ལ་ཡ་མ་ཛཿ སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ཕཊ། ཅེས་ཅི་ནུས་བཟླ། །ཐུན་གྱི་མཐར་གཏོར་མ་སྐྱོང་བ་ནི། ཡི་དམ་མ་གཏོགས་པའི་གཏོར་མ་རྣམས་བཏེག་ལ། ཧཱུྃ་བྷྱོཿ མ་ཧཱ་ཀཱ་ལ་ལྷ་མོ་སྲིད་གསུམ་བདག །སྟོབས་འཕྲོག་དབང་པོ་ཡུམ་ཆེན་སྲིང་མོ་བཞི། །པུ་ཏྲ་མིང་སྲིང་བེག་ཙེ་ལྕམ་དྲལ་དང་། །དུར་ཁྲོད་ཞིང་སྐྱོང་ཕོ་རྒྱུད་མོ་རྒྱུད་སོགས། །དམ་ཅན་རྒྱ་མཚོ་གཞི་བདག་འཁོར་བཅས་རྣམས། །འདིར་གཤེགས་སོགས་(༡༣༩ན)


GLG011_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། སྲིད་ཞིའི་དཔལ་འབྱོར་མ་བྱ། ཡིག་བརྒྱ་བརྗོད་ཅིང་མ་འབྱོར་བ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ་ཞེས་སོགས་དང་། སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱས་རྟེན་ཡོད་རྣམས་ལ་བརྟན་བཞུགས་དང་། རྟེན་མེད་རྣམས་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་དང་བཛྲ་མུཿས་གཤེགས་སུ་གསོལ། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་ནི། དགེ་འདིས་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ཞིང་། །གནས་སྐབས་དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་ཚང་། །རིང་མིན་བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །མངོན་དུ་བྱས་ནས་འགྲོ་རྣམས་སྒྲོལ་བར་ཤོག །ཤིས་བརྗོད་ནི། བྱིན་རླབས་ངད་ལྡན་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་དགྱེས་མཛད་འཁོར་ལོའི་ལྷ། །འཕྲིན་ལས་ཀུན་སྒྲུབ་ཆོས་སྐྱོང་སྲུང་མ་ཡིས། །དུས་རྣམས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པ་ཅི་རིགས་པ་བྱའོ། །ཐུབ་གསུང་རྒྱུད་སྡེ་ལས་བསྟན་ཁུངས་དང་འབྲེལ། །འཕགས་བོད་ལོ་པཎ་བརྒྱུད་པ་ཟམ་མ་ཆད། །ས་སྐྱའི་འཇམ་མགོན་བཞེད་པ་མ་ནོར་བ། །སློབ་བཤད་ཕྱག་བཞེས་ཇི་བཞིན་ཁྲིགས་སུ་བསྡེབས། །རྟོག་པ་འོག་འགྱུར་འབྱམས་པའི་སྲུང་མ་དང་། །ཞལ་གཟིགས་རྫུན་གྱི་སྡེབ་ཕྱོགས་མ་ཡིན་པར། །ཚད་མ་བཞི་ལྡན་སྙན་བརྒྱུད་ལས་འོངས་བའི། །རྡོ་རྗེ་ཆོས་སྐྱོང་དགྱེས་གླུ་མགྲིན་པར་ལེན། །དགེ་བའི་དྲི་བཞོན་གྱིས་སྦྱར་ཡེ་ཤེས་མེས། །སྒྲིབ་གཉིས་བག་ཆགས་བུད་ཤིང་ཀུན་བསྲེགས་ཏེ། །ཚེ་འདིར་གྲུབ་མཐའ་བསྙོགས་ཏེ་རླུང་སེམས་སྐུ། །དགྱེས་མཛད་རྡོ་རྗེའི་ངོ་བོར་ལྡང་བར་ཤོག །ཅེས་དཔལ་ལྡན་ས་སྐྱ་པའི་བཀའ་སྲུང་མགོན་པོ་རྣམ་གཉིས་ལས་མཁན་དང་བཅས་པའི་གཏོར་ཆོག་དངོས་གྲུབ་རྒྱ་མཚོར་གྲགས་པ་འདི་ནི། ལོ་ཆེན་(༡༣༩བ)


GLG011_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་རོ་ཙ་ནའི་སྤྲུལ་པའི་ཟློས་གར་འགྲོ་འདུལ་གཏེར་བདག་གླིང་པར་དཔལ་ཨྱོན་ཆེན་པོའི་ལུང་གིས་ཉེ་བར་ཟིན་པའི་རིག་འཛིན་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །བདེ་སྟོང་རོལ་མཚོར་འཁྱིལ་བའི་ཆོས་དབྱིངས་སུ། །ནམ་ཡང་འགོག་པ་མེད་པའི་རྩེད་འཇོ་ཡིས། །རྒྱལ་ཀུན་ཟག་པ་མེད་པའི་བདེ་ཆེན་དུ། །དགྱེས་དགུར་སྤྱོད་མཛད་ངག་དབང་དབྱངས་ཅན་མ། །མུན་པ་བྱེ་བས་བྱུགས་པའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་གཟི་བརྗིད་དང་། །བསྐལ་པའི་མེ་དཔུང་གོས་སུ་ལེགས་གྱོན་པའི། །བསྟན་སྲུང་གཙོ་མོ་དམག་ཟོར་རྒྱལ་མོ་ཡིས། །དགའ་ཆེན་བདག་ཉིད་དཔལ་ལྡན་བཙོང་ཁ་པའི། །གསུང་རབ་རྒྱ་མཚོ་འདུ་བའི་བསྟི་གནས་མཆོག །བཤད་སྒྲུབ་ཆོས་ཀྱི་གླིང་འདི་སྲིད་མཐའི་བར། །འཕེལ་རྒྱས་ཡར་ངོའི་ཟླ་བ་ལྟར་མཛོད་ཅིག །གཏོར་མ་རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །ཐོད་པ་སྐམ་རློན་བརྩེགས་པའི་གཞལ་ཡས་ཁང་། །སྲ་བརྟན་རྡོ་རྗེའི་མུ་ཁྱུད་ཏོག་མཛེས་པ། །མེ་རླུང་འཚུབ་པའི་དྲག་པོའི་སྒྲ་སྒྲོག་དབུས། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །དམ་ཅན་སྐྱེས་བུ་མཐིང་ནག་སྲིན་པོའི་གཟུགས། །དམར་ཟླུམ་སྤྱན་བགྲད་ཞལ་གདངས་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་དམར་སེར་འབར། །དབུ་ལ་རྒྱ་ཞུ་ལེ་བརྒན་སྦྲུལ་མགོ་ཅན། །དར་དང་ཟ་འོག་འཇོལ་བེར་དགུ་བརྩེགས་གསོལ། །བཙོ་མའི་གསེར་སྦྱངས་ལས་གྲུབ་སྐ་རགས་བཅིངས། །རིན་ཅེན་རུས་པ་སྣ་ཚོགས་རྒྱན་གྱི་སྤྲོས། །ཕྱག་གཡས་ཐོ་བས་དགྲ་བགེགས་ཐལ་བར་རློག །གཡོན་པ་འཐོར་རླུང་གཏེར་གྱི་སྦུད་པ་ཡིས། །མི་མཐུན་ཕྱོགས་ཀུན་རྒྱ་མཚོའི་ཕ་མཐར་སྐྲོད། །ཧོར་ལྷམ་གསོལ་ནས་ར་སྐྱེས་ཁམ་(༡༤༠ན)


GLG011_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅིབས། །གསང་ཡུམ་མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །ཐོགས་མེད་འདིར་སྤྱོན་དགྱེས་པའི་གདན་ལ་བཞུགས། ཁྲག་ཆང་ཨརྒྷཾ་རྒྱ་མཚོ་ལྟ་བུ་བསྐྱིལ། །དམ་རྫས་གཏོར་མ་རི་བོ་ཇི་བཞིན་སྤུངས། །ཕྱི་ནང་གསང་མཆོད་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་བཛྲ་སཱ་དྷུ་ས་པ་རི་ཝཱ་ར་སོགས་ཀྱིས་གཏོར་མ་བསྔོ་ཞིང་ཨརྒྷཾ་ནས་ཤབྡའི་བར་བརྗོད། སྨན་རཀ་འབུལ། རྡོ་རྗེ་ལེགས་པ་འཁོར་དང་བཅས་རྣམས་ཀྱིས། །བར་ཆད་ནད་གདོན་དགྲ་བགེགས་ཞི་བ་དང་། །ཚེ་དང་དཔལ་འབྱོར་བསོད་ནམས་རྒྱས་པ་སོགས། །བསམ་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །འཐོར་རླུང་འཚུབ་ཅིང་མེ་རླུང་འཁྲུག་པའི་དབུས། །དགྲ་བགེགས་གན་རྐྱལ་ཁ་སྤུབ་བསྣོལ་བའི་སྟེང་། །ངམ་ཤོད་རྒྱལ་ཆེན་འཕྲིན་ལས་མཚན་འཛིན་པ། །རབ་བྱུང་ཚུལ་ཅན་ཅུང་ཟད་ཞི་མ་ཁྲོ། །བླ་གོས་མཐང་གཤམ་ངུར་སྨྲིག་གོས་ཀྱིས་ཀླུབས། །དར་གྱིས་ཐོད་བཅིང་ཁྲ་བོ་དབུ་ལ་མཛེས། །གཡས་པ་སྦ་ལྕག་གཡོན་པ་ཤེལ་འཕྲེང་འཛིན། །རེས་འགའ་བོང་བུ་བྱི་ལར་ཞོན་ནས་རྒྱུ། །བཙུན་མོ་ཤུགས་སྨན་བཤན་པ་བློན་པོ་བཞི། །བདུད་དམག་འཁོར་དང་བཅས་པ་མ་ལུས་པ། །ཚུར་སྤྱོན་བམ་རོའི་ཁྲི་ལ་བརྟན་པར་བཞུགས། །དམ་རྫས་གཏོར་མ་ཁྲག་ཆང་བཏུང་བ་དང་། །ཉེར་སྤྱོད་སྣ་ལྔ་དུང་ཆེན་རོལ་མོ་འཁྲོལ། །རྡོ་རྗེའི་གོ་མཚོན་སྤྱན་གཟིགས་དཀོར་ནོར་ཚོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་གཉེར་སྐོང་ན། །དགྱེས་པར་བཞེས་ལ་འཕྲིན་ལས་མ་ལུས་སྒྲུབས། །ཛྭ་ལ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་སོགས་ཀྱི་གཏོར་མ་བསྔོ། །ཨརྒྷཾ་སོགས་ཀྱིས་མཆོད་ཅིང་སྨན་རཀ་འབུལ། །སྲོག་བདག་མི་བསྲུན་དགྲ་ལྷ་མཐུ་རྩལ་ཅན། །པཀྵུའི་ཀླུང་ཆེན་གཞུང་དུ་རྒྱུ་བའི་ཚེ། ཆུ་རྒྱུད་རྒྱལ་པོའི་མཚན་དུ་གྲགས་མིན་(༡༤༠བ)


GLG011_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། །ལྷོ་ཁ་ངམ་ཤོད་གནས་སྲུང་མཛད་པའི་ཚེ། །ལྷ་མཆོག་དགེ་བསྙེན་ཆེན་པོར་མི་འབོད་དམ། །གཡས་རུ་གཙང་གི་རྒྱལ་ཁམས་མྱུལ་བ་ན། །དགེ་སློང་བསྟན་འཛིན་ཞེས་སུ་མ་གྲགས་སམ། །ཡབ་ནི་རྣལ་འབྱོར་ཐོག་ཏུ་རྗེ་བོ་སྟེ། །ཡུམ་ཆེན་ཀླུ་མོ་མ་མོ་སྤྱན་གཅིག་མ། །སྲས་མཆོག་ཀརྨ་འཕྲིན་ལས་རྒྱ་མཚོ་ཁྱོད། །མཐུ་རྩལ་མ་ཆུང་སྡང་དགྲ་རྡུལ་དུ་རློག །གནོད་པའི་བགེགས་ཚོགས་མ་ལུས་ཕྱེ་མར་ཐོགས། །ཉིན་མཚན་ཀུན་ཏུ་མ་གཡེལ་བྱ་ར་གཟིགས། །གཞི་ལམ་བྱེས་གསུམ་ཀུན་ཏུ་མགོན་སྐྱབས་མཛོད། །ཞི་རྒྱས་དབང་གི་འཕྲིན་ལས་མ་ལུས་པ། །བསམས་པ་ཇི་བཞིན་ཐོགས་མེད་གྲུབ་པར་མཛོད། །ཅེས་དམ་ཅན་སྐྱེས་བུ་བཛྲ་ཐིག་ལེ་རྩལ་དང་ཆུ་རྒྱུད་རྒྱལ་པོའི་གསོལ་མཆོད་འདི་ནི་མཆོད་དཔོན་ངག་དབང་ཤེས་རབ་ཀྱི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའ་འོ། །སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་མའི་འཕྲུལ། །མཚོ་ལས་སྐྱེས་པའི་རྡོ་རྗེ་སྤྲུལ་པའི་སྐུས། །གཙུག་ལག་ཡོངས་ཀྱི་སྲུང་མར་མངའ་གསོལ་བ། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་གནས་འདིར་གཤེགས། །གང་གི་བཀའ་སྡོད་ཕོ་ཉར་རབ་བསྔགས་པ། །དམག་དཔོན་གངས་ལ་ཉི་ཤར་མཐུ་བོ་ཆེ། །ཀླུ་བཙན་ཡངས་པའི་རྒྱལ་པོར་ཡོངས་འབོད་པ། །མ་གཡེལ་མ་གཡེལ་གནས་འདིར་ད་ཚུར་སྤྱོན། །ལས་མཁན་ཤོང་ཁ་རྟ་མགྲིན་དཔལ་བཟང་དང་། །ལུམ་པ་སྡེ་པར་གྲགས་སོགས་དྲེགས་པའི་འཁོར། །མ་ལུས་འདིར་སྤྱོན་པད་ཉི་བམ་རོས་མཚོན། །རང་རང་དགྱེས་པའི་གདན་ལ་བརྟན་པར་བཞུགས། །པེ་ཧར་རྒྱལ་པོ་བཀའ་སྡོད་བློན་པོ་དང་། །ཡང་སྤྲུལ་འཁོར་དང་བཅས་པའི་ཚོགས་རྣམས་ལ། །སྨན་ཕུད་རཀྟའི་བཏུང་བ་མཚོ་ལྟར་བསྐྱིལ། །དམ་རྫས་(༡༤༡ན)


GLG011_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་རི་བོ་ལྟ་བུར་སྤུངས། །དབང་པོའི་མེ་ཏོག་ཚིལ་ཆེན་དུད་པ་འཐུལ། །མི་ཚིལ་མར་མེ་མཁྲིས་པའི་དྲི་ཆབ་འཁྱིལ། །ཤ་རུས་བཟའ་བཅའི་ཞལ་ཟས་ཚར་དུ་དངར། །རྫ་རྔ་རྐང་གླིང་སྦུབ་སིལ་དུང་སྒྲ་འཁྲོལ། །ཅང་ཤེས་རྟ་མཆོག་ནོར་བུའི་སྒྲ་སྲབ་སྤྲས། །འབྲོང་གཡག་རྡོ་རྗེའི་རྭ་རྩེ་མཁའ་ལ་གདེང་། །རབ་དཀར་འོ་མའི་འདོད་པ་འཇོ་བའི་བ། །བྱ་རོག་ཁྲ་སོགས་འཕུར་དགུ་མཁའ་ལ་ལྡིང་། །སེང་གེ་ཁྱི་སྤྱང་གཅན་གཟན་གྲངས་མེད་རྒྱུག །རི་དྭགས་འཕྱོ་དགུ་སྲོག་ཆཊ་ཕ་མཐའ་ཡས། །སྲ་བའི་གོ་ངོམ་རྣོ་ངར་མཚོན་ཆ་བསྒྲེང་། །ཟ་འོག་སྟག་སྤྱང་སྤྲེའུ་བྱ་རྒོད་ཀྱི། །རྒྱལ་མཚན་བ་དན་ལྡ་ལྡི་མཁའ་ལ་བྲེས། །རྒྱལ་སྲིད་བདུན་དང་འདོད་པའི་ཡོན་ཏན་ལྔ། །རང་རང་མཐུན་པའི་དམ་རྫས་མ་ལུས་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་འབུལ་གྱིས་བཞེས། །བདག་སོགས་མ་རིག་འཁྲུལ་བས་མཆོད་པའི་ཚོགས། །མ་ཚང་འབགས་དང་དུས་ཀྱི་གཏོར་མ་ཆག །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །སྙིང་ནས་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །གྲངས་མེད་སྤྲུལ་པའི་རོལ་གར་མཐའ་ཀླས་པས། །སངས་རྒྱས་བསྟན་པ་བསྲུང་བའི་མཐུ་སྟོབས་ཅན། །དཔལ་ལྡན་དྲེགས་པའི་སྡེ་དཔོན་ཀུན་གྱི་གཙོ། །ཆོས་རྒྱལ་སྡེ་ལྔ་འཁོར་དང་བཅས་ལ་བསྟོད། །མིག་སྟོང་ལྡན་པའི་ཟབ་ཕོད་བླ་གོས་གྱོན། །སག་ཐེབ་གསོལ་ཞིང་གཡས་པ་འཁར་གསིལ་དང་། །གཡོན་པ་དྲིལ་བུ་རབ་འཁྲོལ་དགེ་བསྙེན་ཆེ། །དམག་དཔོན་གངས་ལ་ཉི་ཤར་ཁྱོད་ལ་བསྟོད། །རེས་འགའ་མདོག་སྔོ་སྦྲུལ་གྱི་གདེངས་ཀ་ཅན། །ཆུ་དར་གོས་གྱོན་ནོར་བུའི་རྒྱན་གྱིས་སྤུད། །རྟ་སྔོན་ཞོན་ནས་སྡིག་སྦྲུལ་ཕོ་ཉར་འགྱེད། །འཇིགས་རུང་ཀླུ་ཡི་དབང་པོ་ཁྱོད་ལ་བསྟོད། །བསེ་ཁྲབ་བསེ་(༡༤༡བ)


GLG011_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྨོག་གྱོན་ཞིང་མདུང་དམར་འཛིན། །ཞགས་པས་དགྲ་བོའི་སྐེ་ནས་ཉེ་བར་འཆིང་། །མྱུར་མགྱོགས་རྟ་དམར་ཞོན་ནས་སྟོང་གསུམ་མྱུལ། །དྲག་ཤུལ་འཇིགས་རུང་བཙན་རྒོད་ཆེན་པོར་བསྟོད། །ཤོང་ཁ་ལུམ་པ་བར་གྲགས་མཐུ་རྩལ་ཅན། །སྲོག་དབུགས་ཤ་ཁྲག་དྲོན་མོར་ཉེར་བརྔམས་པའི། །བཀའ་སྡོད་སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །དཔག་དཀའི་རྫུ་འཕྲུལ་ལྡན་པ་རྣམས་ལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །བདག་སོགས་མི་ནོར་སྡེ་དང་བཅས་རྣམས་ཀྱི། །འགལ་རྐྱེན་བར་ཆོད་ཐམས་ཅད་ཞི་བ་དང་། །མཐུན་རྐྱེན་བསམས་དོན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པ་འདིའང་དམག་དཔོན་གངས་ལ་ཉི་ཤར་གྱིས་བདོག་པའི་རྟེན་དང་བཅས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །ཕུན་ཚོགས་རིན་ཅེན་མཛེས་པའི་གཞལ་མེད་ཁང་། །འཇམ་མཉེན་དར་གྱི་གུར་དང་ཡོལ་བས་བྲེས། །པདྨ་ཉི་ཟླ་མཛེས་པའི་གདན་སྟེང་དུ། །རྡོ་རྗེ་གཡུ་སྒྲོན་ཚུར་གཤེགས་བརྟན་པར་བཞུགས། །རེས་འགའ་རྡོ་རྗེ་འབར་རྩལ་གསང་བའི་ཡུམ། །སྣང་སྲིད་མ་ལུས་གསལ་བའི་པྲ་སྟོན་པ། །སྨན་བཅུད་ཡིད་འཕྲོག་སྒེག་མོའི་རྣམ་རོལ་ཅན། །འདམ་ཤོད་སྣང་དམར་གངས་རིའི་མགུལ་ནས་གཤེགས། །ལ་ལར་ཁྲོ་གཏུམ་གནོད་སྦྱིན་མོ་ཡི་གཟུགས། །རབ་འཛིན་ཤ་མེད་གངས་དཀར་སྤྱན་གཅིག་མ། །རིགས་མཐུན་རང་རང་འཁོར་ཚོགས་དང་བཅས་པ། །མ་ཐོགས་རིངས་པའི་ཚུལ་གྱིས་ད་ཚུར་སྤྱོན། །འཛད་མེད་ནམ་མཁའ་མཛོད་ཀྱི་སྒེ་ཕྱེ་ནས། །བསྟན་སྐྱོང་ལྷ་ཁྱོད་དགྱེས་པ་བསྐྱེད་པའི་རྫས། །ལྷུང་ལྷུང་དལ་འབབ་གཡའ་དང་གངས་ཀྱི་ཆུ། །བརྒྱ་ཕྲག་སྨན་སྣས་སྦྲན་པ་སྐྱེམས་སུ་འབུལ། །པད་དཀར་(༡༤༢ན)


GLG011_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་མུ་ཨུ་དུཾ་ཝཱ་ར་སོགས། །སྣ་ཚོགས་མེ་ཏོག་ཆུན་པོ་ཐོད་དུ་ཆིངས། །མ་ལ་ཡར་སྐྱེས་ལ་སོགས་ཤིང་སྣ་དང་། །སྨན་སྤོས་དངར་བའི་དྲི་བསུང་ཤངས་ལ་དབུལ། །ཉི་ཟླ་ནོར་བུ་འབྲུ་མར་རྩི་བཅུད་ཀྱི། །སྒྲོན་མེས་མུན་པ་མཐར་བྱེད་སྤྱན་སྔར་བསྒྲེང་། །ཙན་དན་ག་བུར་གུར་གུམ་བསྲེས་པའི་ཆབ། །རིན་ཅེན་སྣོད་གཏམས་སྐུ་ལ་བྱུག་པའི་རྫས། །ཕུན་ཚོགས་རོ་བདའི་གཡང་ཆགས་ལྷ་དང་མིའི། །བཟའ་བཅའི་བཤོས་བཟང་ལྗགས་ཀྱི་དབང་པོ་ཚིམ། །སྙན་པའི་གླུ་དབྱངས་ཟིན་དང་མ་ཟིན་པའི། །སྒྲ་སྙན་རོལ་མོ་ཐོས་འཛིན་ཡུལ་དུ་འཁྲོལ། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང་། །རི་དྭགས་འཕྱོ་དགུ་མཐའ་ཀླས་སྲོག་ཆགས་ཚོཊ། །དར་ཟབ་གོས་དང་རིན་ཅེན་མཛེས་པའི་རྒྱན། །རྡོ་རྗེའི་ཡ་ལད་རྣོ་ངར་ལྡན་པའི་མཚོན། །རི་རབ་གླིང་བཞི་གླིང་ཕྲན་འདོད་ཡོན་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྟགས་རྫས་སོགས། །ལྷ་མིའི་དཔལ་འབྱོར་མ་ཚང་མེད་པ་ཀུན། །བསྟན་སྐྱོང་དབང་མོ་དགྱེས་པ་བསྐྱེད་ཕྱིར་འབུལ། །བྷྲུཾ་ལས་བྱུང་བའི་རིན་ཅེན་སྣོད་ཡངས་སུ། །ཨོཾ་ཡིག་ཞུ་བའི་དམ་རྫས་གཏོར་མའི་བཅུད། །རྨད་བྱུང་བདུད་རྩིའི་ངོ་བོར་བྱིན་བརླབས་པ། །བཞེས་ནས་བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབས། །གུར་སྔོན་ཕ་ཝང་ལོང་བུའི་སྐུ་མཁར་ནས། །བཙན་སྐྱ་དམ་ཅན་ཆེན་པོ་ཐིག་ལེ་རྩལ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས་པ་རྣམས། །ཐོགས་པ་མེད་པར་གནས་འདིར་མྱུར་དུ་གཤེགས། །རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །སྙིང་གི་ཁྲག་དྲོན་བསྐྱིལ་བའི་རཀྟ་དང་། །ཤ་རུས་ཕུང་པོར་རབ་སྤུངས་གཏོར་མའི་རི། །ཡིད་འོངས་ཕྱི་མཆོད་ས་དང་བར་སྣང་གང་། །ནང་གི་མཆོད་པ་དུར་ཁྲོད་རྫས་ལས་གྲུབ། །མཉམ་སྦྱོར་(༡༤༢བ)


GLG011_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་གསང་བའི་མཆོད་པ་ཡིས། །སྐུ་གསུང་ཐུགས་ལ་དགྱེས་པར་རབ་བསྐྱེད་ནས། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། ཁྲོ་ཆགས་ཞི་བའི་ཉམས་ལྡན་ཀླུ་མ་བཙན། །ཆུ་དར་གོས་གྱོན་རྟ་སྔོན་ཞོན་ནས་རྒྱུ། །སྦྲུལ་མགོའི་གདེངས་ཅན་དོ་སྔོན་ཀླུ་བཙན་པ། །འཁོར་དང་བཅས་པ་འདིར་སྤྱོན་གདན་ལ་བཞུགས། །ར་དཀར་བ་དམར་འོ་མའི་བཅུད་འཁྱིལ་བར། །གྲངས་མེད་ཀླུ་སྨན་ཚོགས་ཀྱིས་རབ་སྦྲན་པ། །སྒོ་གསུམ་བདེ་བསྐྱེད་འདོད་པའི་ཡོན་ཏན་དུ། །སྤེལ་ནས་ཉེར་འབུལ་བཞེས་ལ་ལས་ཀུན་སྒྲུབས། །གནོད་སྦྱིན་ཙིའུ་དམར་པོའི་ལས་མཁན་ཆེ། །གཅིག་ཏུ་མ་ངེས་དུ་མར་རབ་སྤྲུལ་པའི། །བཤན་པ་ལག་དམར་ཆུ་རྒྱུད་འཕྲིན་ལས་མིང་། །བདག་གི་གདུང་བས་འབོད་ན་གནས་འདིར་སྤྱོན། །སྙིང་ཁྲག་དྲོན་མོ་ཁོལ་བའི་ཨརྒྷཾ་དང་། །མིག་སྣ་རྣ་བ་ལྕེ་སྙིང་མེ་ཏོག་འཕྲེང་། །ཤ་ཆེན་དུད་པ་ཞུན་ཆེན་མར་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་སྤུངས། །སྣ་ཚོགས་རོལ་མོ་དབྱར་རྔ་ལྟ་བུར་སྒྲོག །གོ་མཚོན་སྲོག་ཆགས་མཐའ་ཀླས་རྒྱལ་མཚན་འཕེན། །སྨན་རཀ་གཏོར་མ་འབུལ་གྱིས་རབ་བཞེས་ལ། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ཅེས་གསོལ་མཆོད་འདི་ནི་འཇམ་དབྱངས་དཔལ་འབྱོར་གྱིས་བསྐུལ་བའི་ངོར་སྲུང་མ་བཞི་པོ་གཙོ་འཁོར་སོགས་མིན་འདུག་པས་ལྷན་ཅིག་ཏུ་འདྲི་མ་བདེ་བས་སོ་སོར་བགྱིས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །ཆོས་གྲ་ཆེན་པོ་དཔལ་གྱི་རྩེས་ཐང་གི །ཤར་སྒོའི་སྒོ་སྲུང་བྲག་གདོང་བཙན་རྒོད་ཆེ། །ཐོགས་པ་མེད་པར་གནས་འདིར་རབ་གཤེགས་ལ། །དགྱེས་པའི་གདན་ལ་བརྟན་པར་བཞུགས་སུ་གསོལ། །ཁྲག་ཆང་བཏུང་བ་ཤ་རུས་ཞལ་ཟས་དང་། །ཐོད་རྔ་རྐང་གླིང་སྣ་ཚོགས་རོལ་མོའི་(༡༤༣ན)


GLG011_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ། །ཚིལ་ཆེན་མར་མེ་ཤ་ཆེན་དུད་པ་འཐུལ། །རྟ་མཆོག་སྒ་སྲབ་མཛེས་པའི་རྒྱན་གྱིས་སྤྲས། །རྡོ་རྗེའི་གོ་མཚོན་སྟག་རལ་གཟིག་ཤུབས་དང་། །མདུང་དམར་རུ་མཚོན་བ་དན་ཕྱོགས་བཅུར་གཡོ། །འདོད་འཇོའི་བ་དང་འབྲོང་གཡག་ཅེ་སྤྱང་ཁྱི། །སྨན་རཀ་གཏོར་མ་མཐུན་པའི་དམ་རྫས་འབུལ། །དགྱེས་པར་རོལ་ཅིག་བཙན་རྒོད་འབར་བ་ཆེ། །ཉམས་ཆགས་ཉེས་པའི་ཚོགས་རྣམས་བཟོད་པར་བཞེས། །ཉིན་མཚན་དུས་དྲུག་མ་གཡེལ་བསྲུང་ཞིང་སྐྱོབས། །བཅོལ་བའི་འཕྲིན་ལས་མ་ལུས་གྲུབ་པར་མཛོད། །ཅེས་པ་འདིའང་རྩེས་དང་བསྟན་སྐྱོང་ཆེན་མོ་དང་བྲག་གདོང་བཙན་གཉིས་ཀྱིས་བསྐུལ་མ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ནམ་མཁའོ། །བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ལོ། །གཏོར་བསྔོས་རྒྱུན་འཁྱེར་ཉུང་ངུར་བྱེད་པ་བྱ་བར་འདོད་ན། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །རཾ་འཕྲོས་མཆོད་རྫས་མ་དག་སྐྱོན་རྣམས་བསྲེགས། །ཡཾ་འཕྲོས་རླུང་གིས་མ་དག་སྐྱོན་རྣམས་གཏོར། ཁཾ་འཕྲོས་ཆུ་ཡིས་མ་དག་སྐྱོན་རྣམས་བཀྲུས། །ཨ་ལས་ཐོད་པ་བྷྲུཾ་ལས་རིན་པོ་ཆེའི། །སྣོད་དུ་ངོ་བོ་བདུད་རྩིའི་རྒྱ་མཚོ་ལ། །རྣམ་པ་སོ་སོ་བྱེད་ལས་རང་རང་གི །སྒོ་ལྔ་ཚིམ་བྱེད་ཀུན་བཟང་མཆོད་སྤྲིན་གྱུར། །ཨོཾ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ་ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱི༔ཋ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཨརྒྷཾ་ནས་ཤབྡའི་བར་བརྗོད་ལ་བྱིན་གྱིས་བརླབས། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །ཀ་དག་གདོད་མའི་ཀློང་ནས་རང་བྱུང་དུ། །ཕྱག་རྒྱ་ཟིལ་གནོན་རྡོ་རྗེ་ཕུར་པའི་ལྷ། །དུར་ཁྲོད་བརྒྱད་དང་གར་བཞུགས་གནས་རྣམས་ནས། །མྱུར་མཛད་མགོན་པོ་རྡོ་རྗེ་གུར་(༡༤༣བ)


GLG011_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མགོན། །ལས་གཤིན་འདོད་ཁམས་དབང་ཕྱུག་དཔལ་ལྷ་མོ། །སྟོབས་འཕྲོག་དབང་པོ་རྣམ་སྲས་བེག་ཙེ་དང་། །ཐང་ལྷ་ཤམ་པོ་བསྟན་མ་བཅུ་གཉིས་ཚོགས། །སྤྲུལ་པའི་ཆོས་རྒྱལ་རང་རང་བཀའ་སྡོད་དང་། །འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་པ་རྣམས། །ཐོགས་མེད་འདིར་སྤྱོན་བཛྲ་ས་མཱ་ཛཿ། །དགྱེས་པའི་གདན་ལ་བརྟན་པར་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ། སྨན་ཆབ་མཆོད་ཡོན་མེ་ཏོག་སྣ་ཚོགས་མཛེས། །དྲི་ཞིམ་བདུག་སྤོས་ཉི་ཟླ་ནོར་བུའི་སྒྲོན། །དྲི་ཆབ་རོ་བརྒྱའི་ཟས་དང་སྙན་པའི་སྒྲ། །ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཤ་ཆེན་དུད་པ་ཚིལ་ཆེན་མར་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་རུས་བཟའ་བཅའ་སྤུངས། །རྐང་གླིང་ཐོད་པ་གསང་བའི་རྔ་ཆུང་འཁྲོལ། །བདུད་རྩི་སྨན་མཆོད་རཀྟའི་བཏུང་བ་སྤྲེང་། །དམ་རྫས་རྒྱན་ལྡན་གཏོར་མའི་ཚོགས་རྣམས་འབུལ། །དགྱེས་ཤིང་བཞེས་ལ་ཐུགས་དམ་གཉེན་པོ་སྐོངས། །ཉམས་ཆགས་ཀུན་སོས་སྐུ་གསུང་ཐུགས་ཡོན་གྱི། །དངོས་གྲུབ་མ་ལུས་དུས་འདིར་སྩལ་དུ་གསོལ། །ལྷ་སོ་སོའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་པར་བསམས་ལ། ཨོཾ་ཨེ་ཀ་ཧེ་དུ་ན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ས་པ་རི་ཝཱ་ར་སྔགས་གོང་བཞིན་བཏགས་ལ་འབུལ། ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལི་དེ་ཝཱི་ཨེ་ཀ་ཛ་ཊི་ས་པ་རི་ཝཱ་ར་༝། །དེ་བཞིན་དུ་ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་༝། །ཨོཾ་ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་༝། །ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་༝། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཊི་ཏ་ཌོམྦྷ་ནཱི་ཙཎྜ་ལཱི་རཀྑ་སི་སིངྒྷ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་༝། །ཨོཾ་བཻ་ཤྲ་བ་ཎ་ས་པ་རི་ཝཱ་ར་༝། །རཀྨོ་པྲད་ཎ་ཨཱ་ཏྨ་ན་(༡༤༤ན)


GLG011_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་རི་ཝཱ་ར་༝། །བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལེ་ས་པ་རི་ཝཱ་ར་༝། །སྲིད་པའི་ལྷ་རབས་ཤམ་པོ་ས་པ་རི་ཝཱ་ར་༝། །མ་མ་ཁ་ཁ་ལ་ལ་ལེ་ལེ་ཏ་ཏ་ཏེ་ཏེ་ས་པ་རི་ཝཱ་༝། །མ་ཧཱ་རཱ་ཛཱ་ས་པ་རི་ཝཱ་ར་༝། །ཞེས་འབུལ་ཞིང་། བསྡུས་པར་བྱེད་ན། ཨེ་ཀ་ཧེ་དུ་ན་ཡ་མ་སྙིང་ཁྲག་མ་ར་ཙ་ཡ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཾ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བེ་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་གྲྀཧྞ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་པ་གསུམ་མམ་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤབྷའི་བར་གྱིས་མཆོད། ནང་མཆོད་ཀྱང་འབུལ། བྷཱུ་མི་པ་ཏི་ཨཱ་ཀར་ཥ་ཡ་ཛཿས་གཞི་བདག་རྣམས་སྤྱན་དྲངས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས། ཡུལ་ལྷ་གཞི་བདག་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར་མཐུན་རྐྱེན་བསམ་དོན་ཡིད་བཞིན་དུ་སྒྲུབ་པར་མཛད་དུ་གསོལ། བདག་གི་བསམ་པའི་སྟོབས་དང་ནི་ཞེས་སོགས་བརྗོད། དངོས་གྲུབ་ཀུན་སྩོལ་ཟིལ་གནོན་ཕུར་བའི་ལྷ། །དཔག་བསམ་དཀའ་བའི་མཐུ་སྟོབས་རྫུ་འཕྲུལ་ཅན། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ། །ལུས་ངག་ཡིད་གསུམ་གུས་པས་བདག་བསྟོད་དོ། །ནད་གདོན་བར་ཆད་དགྲ་བགེགས་ཞི་བ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩོལ་བ་སོགས། །ཞི་རྒྱས་དབང་དང་མངོན་སྤྱོད་འཕྲིན་ལས་ཀུན། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །ཡི་གེ་བརྒྱ་པ་བརྗོད། གང་ཡང་བདག་རྨོངས་བློ་ཡིས་ནི། ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། ཞེས་སོགས་ཀྱིས་རྟེན་ཡོད་པ་རྣམས་ལ་བརྟན་བཞུགས་(༡༤༤བ)


GLG011_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་རྟེན་མེད་པ་རྣམས་གཤེགས་སུ་གསོལ། འབད་དང་རྩོལ་བ་མ་དགོས་པར་སོགས་ཀྱི་ཤིས་པ་བརྗོད། གཏོར་བསྔོས་ཉུང་ངུར་བྱས་པ་འདི་ནི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་རྒྱུན་ཁྱེར་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །སྣང་བ་མཐའ་ཡས་གསང་གསུམ་སྒྱུ་མའི་འཕྲུལ། །ལྷ་སྔགས་ཡེ་ཤེས་བདག་ཉིད་བརྟུལ་ཞུགས་ཅན། །འཛམ་བུའི་གླིང་ན་ཆེ་བའི་རིག་སྔགས་འཆང་། །ཐོད་འཕྲེང་རྩལ་གྱིས་སྲིད་གསུམ་ཟིལ་གྱིས་གནོན། །མགོན་དེས་དམ་ལ་ཉེར་བཏགས་བཙན་རྒོད་ལྷ། །གནོད་སྦྱིན་ཆེན་པོ་འབར་བ་སྤུན་བདུན་གྱི། །ཡ་གྱལ་བྲག་དམར་རོང་བཙན་མཐུ་རྩལ་ཅན། །མ་གཡེལ་མ་གཡེལ་གནས་འདིར་ད་ཚུར་སྤྱོན། །ཡུམ་ཆེན་བློན་པོ་འཁོར་ཚོགས་རྒྱ་མཚོར་བཅས། །དབྱར་གྱི་གློག་སྟོང་འཁྱུག་འདྲ་བཞིན་དུ་སྤྱོན། །པདྨ་ཉི་ཟླ་བམ་རོ་བརྩེགས་པ་སོགས། །རང་རང་དགྱེས་པའི་སྟན་ལ་བརྟན་པར་བཞུགས། །རྦ་ཀློང་འཁྲུག་པ་ཁྲག་གི་ཨ་གྷཾ་འདི། །སྲུང་མ་ཁྱོད་ཀྱི་མཆོད་ཡོན་ཚུལ་དུ་འབུལ། །མིག་རྣ་སྣ་ལྕེ་སྙིང་གི་འཕྲེང་སྤེལ་བ། །དཔའ་གཏུམ་རྔམས་པར་བྱེད་པའི་རྒྱན་དུ་འབུལ། །མི་རོ་བམ་པོར་བསྲེགས་པའི་གསུར་ཆེན་དུད། །ལང་ལོང་འཐུལ་བ་ཤངས་ཀྱི་ཡུལ་དུ་འབུལ། །ཚིལ་ཆེན་རོ་སྐྲ་ལ་སྦར་མར་མེའི་ཚོགས། །སྤྱན་སྔར་གཟུགས་བརྙན་མཐའ་དག་གསལ་ཕྱིར་འབུལ། ཁྲག་ཞག་མཁྲིས་པ་འཁྱིལ་བ་དྲི་ཡི་ཆབ། །ཐུགས་ཀར་བྱུག་པར་བྱེད་པའི་རྫས་སུ་འབུལ། །ཕྱི་ཤ་ནང་ཁྲོལ་རུས་ཀླད་ལྷ་བ་རྣམས། །སྤུངས་པའི་ཞལ་ཟས་རོ་བདའ་ལྗགས་ལ་འབུལ། །ཐོད་རྔ་རྐང་གླིང་སྣ་ཚོགས་རོལ་མོའི་སྒྲ། །སྙན་གྱི་དབང་པོ་དགྱེས་པ་བསྐྱེད་(༡༤༥ན)


GLG011_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འབུལ། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང་། །རི་དྭགས་འཕྱོ་དགུ་གོ་མཚོན་སྲ་ཞིང་མཁྲེགས། །འཕན་གདུགས་བླ་བྲེ་རུ་མཚོན་རྒྱལ་མཚན་འཕྱར། །པགས་རློན་མགོ་ལག་རྒྱུ་མའི་ལྡ་ལྡིར་བྲེས། །སྟེང་ན་གཏོར་མའི་རི་བོ་མཁའ་ལ་སྙེག །འོག་ན་སྨན་རཀ་བཏུང་བའི་རྒྱ་མཚོ་འཁྱིལ། །འདོད་ཡོན་ལྔ་དང་རྒྱལ་སྲིད་རྣམ་པ་བདུན། །རིན་ཅེན་རི་བོ་དཔག་བསམ་ལྗོོན་པའི་ཤིང་། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་སྨྲིན། །རི་རབ་གླིང་བཞི་ཉི་ཟླར་བཅས་པ་ཡིས། །བཙན་རྒོད་འབར་བ་ཆེན་པོའི་ཐུགས་དམ་བསྐང་། །གསང་ཡུམ་བློན་པོའི་ཚོགས་ཀྱིས་༝། །འཁོར་ཚོགས་ཕོ་ཉའི་ཚོགས་ཀྱི་༝། །ཐུགས་དམ་སྐོངས་ལས་བཅོལ་བའི་འཕྲིན་ལས་སྒྲུབས། །བྱུ་རུའི་ལྷུན་པོ་བསྐལ་པའི་མེ་དཔུང་གིས། །མངོན་པར་འཁྱུད་ལ་ཁྲོ་ཆགས་སྒེག་ཉམས་ཅན། །སྒ་སྲབ་ཆས་མཛེས་རླུང་གི་ཤུགས་ལྡན་ལྟར། །ཞོན་ནས་སྟོང་གསུམ་བསྐོར་བ་ཁྱོད་ལ་བསྟོད། །བསེ་ཁྲབ་བསེ་རྨོག་ཉི་མའི་འོད་ལྟར་འཚེར། །དར་ལྕེ་ཅོད་པན་འཇའ་ཚོན་ལྟ་བུར་བཀྲ། །ཞགས་པས་དགྲ་བོའི་སྐེ་བཅིངས་མདུང་དམར་གྱིས། །སྲོག་རྩ་དམར་པོ་རྦད་ཀྱིས་གཅོད་ལ་བསྟོད། །ཁྱོད་ནི་ཁྲི་སྲོང་ལྡེའུ་བཙན་སྐྱེས་ལྷ་ཡིན། །པདྨ་ཐོད་འཕྲེང་རྩལ་གྱི་ཕོ་ཉ་ལ། །གངས་ཅན་གཙུག་ལག་སྐྱོང་བའི་སྲུང་མ་ཆེ། །རྣལ་འབྱོར་བདག་གི་དགྲ་ལྷ་མགོན་སྐྱབས་གཉེན། །མཚོ་སྐྱེས་རྡོ་རྗེའི་དམ་ལས་མ་འདའ་བར། །སངས་རྒྱས་བསྟན་སྲུངས་འགྲོ་བའི་བདེ་སྐྱིད་སྤེལ། །ཁྱད་པར་དགོན་གནས་སྡེ་དང་བཅས་པ་སྐྱོངས། །བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདི་ཡང་འཕྱོང་རྒྱས་རི་བོ་བྲག་བཙན་པས་གསོལ་མཆོད་ཅིག་དགོས་ཚུལ་དགོན་པའི་གྲྭ་རིགས་རྣམས་བརྒྱུད་(༡༤༥བ)


GLG011_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ཀྱེཿ མདུན་ན་འདོན་ཆེ་བྲན་ཀ་དཔལ་ཡོན་ཞེས། །ཙི་བེར་ལ་ཐོད་ཞང་བློན་ཆ་ལུགས་ཅན། །རེས་འགའ་སྤྲེའུའི་གཟུགས་འཛིན་སྤྱང་ཀིར་ཞོན། །ལྕགས་ཀྱི་བེར་ཀ་ས་ལ་བརྡབ་ཅིང་རྒྱུག །ལ་ལར་དམར་སྨུག་མདོག་ཅན་ཁྲོ་ཆགས་སྒེག །དབུ་ལ་སྨྱུག་ཞུ་ཟ་འོག་བེར་ཆེན་གྱོན། །གཡས་པ་དབྱུག་ཏོ་གཡོན་པ་མི་སྙིང་འཛིན། །སེང་གེ་དཀར་མོ་ཞོན་ནས་ཕྱོགས་ཀུན་མྱུལ། །བསྟན་མ་བཀྲ་ཤིས་ལྕམ་མོ་ཞི་བའི་ཉམས། །མཛེས་ཤིང་ཡིད་འོངས་དར་གྱི་ན་བཟའ་དང་། །རིན་ཅེན་སྣ་ཚོགས་རྒྱན་གྱི་དོ་ཤལ་ཅན། །གཡས་པ་མདའ་དར་གཡོན་པ་མེ་ལོང་འཛིན། །ཆད་པར་བལྟ་དང་ཚུལ་མིན་གར་མཁན་གྱིས། །དམ་སྲིའི་རིགས་སྐྱེས་བྱ་བྲལ་གཙོང་རུ་དང་། །ཞགས་པ་འཛིན་ཅིང་ཨང་རག་རས་གཟན་གྱོན། །ཀླུ་རྒྱལ་ལ་སོགས་མ་ལུས་འདིར་གཤེགས་ཤིག །སྣ་ཚོགས་འབྲུ་སྣ་གཡོས་སུ་བྱས་པའི་ཟན། །མི་གཡག་མཛོ་གླང་ར་ལུག་ཤ་ཚིལ་ཁྲག །ཤིང་ཏོག་སྒོག་བཙོང་ལ་ཕུག་སྔོ་སྣའི་རིས། །དཀར་གསུམ་དངར་གསུམ་ལ་སོགས་བཟང་དྲུག་སྨན། །ཇ་ཆང་ཚ་བ་དངས་པའི་ཆུ་ཀླུང་འཁྱིལ། །བཟའ་བཅའ་བཏུང་བ་འདོད་ཡོན་རྣམ་པ་ལྔས། །བྲན་ཀ་དཔལ་ཡོན་བསྟན་མ་ཀླུ་རྒྱལ་དང་། །ལས་མཁན་དྭགས་བརྒྱུད་རྟོགས་ལྡན་རྣམས་ལ་འབུལ། །དགའ་ལྡན་ཆོས་འཁོར་སློབ་དཔོན་གྲྭ་རིས་རྣམས། །ཁྱེད་མཆོད་གསོལ་ན་རུ་ང་ཕྲག་དོག་སོགས། །གནོད་འཚེ་མ་གཏོང་གཞིས་ལམ་བྱེས་གསུམ་དུ། །མགོན་སྐྱབས་ཕན་གྲོགས་མ་ལུས་མཛད་དུ་གསོལ། །སྣང་སྲིད་ལྷ་འདྲེ་ཀུན་གྱི་རྗེ་བཙན་ཆེ། །གནོད་སྦྱིན་སྡེ་དཔོན་ལག་ན་རྡོ་རྗེ་ཡི། །དམ་ཚིག་གཉེན་པོ་ནམ་ཡང་མ་བྲལ་བར། །གནོད་(༡༤༦ན)


GLG011_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཞི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་པ་འདི་ནི་འཕན་ཡུལ་ཐང་སག་དགའ་ལྡན་ཆོས་འཁོར་བླ་གྲྭ་རྣམས་ཀྱིས་ས་བོན་དང་བཅས་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྐོག་པ་ཕུན་ཚོགས་དབང་པོའོ། །བྷྱོཿ རླུང་ནག་གུར་ཕུབ་འོག་ཏུ་ཁྲག་མཚོ་འཁྱིལ། །ཐོད་པ་སྐམ་རློན་བརྩིགས་པའི་གཞལ་ཡས་དབུས། །མི་བཟོད་སྒ་སྲབ་སྤྲས་པའི་དྲེའུའི་སྟེང་། །བྷྱོ་ལས་དམག་ཟོར་ལྷ་མོ་སྲིན་མོའི་གཟུགས། །བེ་ཅོན་ནལ་ཐོད་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །འཇིགས་རུང་རྒྱན་སྤུད་སྐུ་ལ་མེ་དཔུང་འབར། །གྲངས་མེད་འཁོར་ཚོགས་རྒྱ་མཚོས་ཡོངས་བསྐོར་བ། །ཇི་བཞིན་ཡེ་ཤེས་ལྷ་ཚོགས་ས་མཱ་ཛ། །གཉིས་མེད་བཞུཊ་ལ་ཁྲག་གི་ཨརྒྷཾ་དང་། །དབང་པོའི་མེ་ཏོག་ཤ་ཆེན་དུད་པ་འཐུལ། །ཞིང་ཆེན་སྣང་གསལ་མཁྲིས་པའི་དྲི་ཡི་ཆབ། ཤ་རུས་ལྷ་བཤོས་རྐང་གླིང་ཐོད་རྔའི་སྒྲ། །སྨན་རག་གཏོར་གསུམ་སྣ་ཚོགས་སྲོག་ཆགས་དང་། །གོ་མཚོན་བཞོན་པ་ཞི་དང་དྲག་པོའི་ཆས། །རི་རབ་གླིང་བཞི་ཉི་ཟླ་རྒྱལ་སྲིད་བདུན། །ཕུན་ཚོགས་འདོད་ཡོན་དངོས་བཤམས་ཡིད་སྤྲུལ་འབུལ། །ཨོཾ་ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་ནམ་གསུམ་གྱིས་འབུལ། ཨརྒྷཾ་ནས་ཤབྡའི་བར་བརྗོད། སྨན་རཀ་ཀྱང་འབུལ། ཞི་རྒྱས་དབང་དྲག་རྣམ་འགྱུར་སྣ་ཚོགས་ཀྱིས། །འཕྲིན་ལས་སྒྲུབ་མཛད་འདོད་ཁམས་དབང་ཕྱུག་མ། །གུས་པས་བསྟོད་ཅིང་འདོད་དོན་ཉེར་གསོལ་ན། །བསམས་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་འདོད་ཁམས་དབང་ཕྱུག་མའི་གཏོར་བསྔོས་ཁྱེར་བདེ་བ་འདི་ནི་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེའི་ཐུཊ་དམ་དུ་ཟ་ཧོར་གྱི་སྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་(༡༤༦བ)


GLG011_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའོ། །བྷྱོཿ སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏཱི། །བཀའ་ཉན་མངག་གཞུག་བྲན་འཁོར་སྤྱན་ལམ་དུ། །འཛད་མེད་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན། །སྔགས་རྒྱ་ཏིང་འཛིན་གྱིས་སྤེལ་ཐུགས་དམ་སྐོངས། །ལང་ལོང་ཁོལ་བའི་ཁྲག་གི་ཨརྒྷཾ་སྦྲེང་། །འཕྲལ་བསད་དབང་པོའི་མེ་ཏོག་འཁྲིག་ཅིང་གཡོ། །བམ་སྲེག་དུད་སྤྲིན་ཁམ་ནག་འཐུལ་བ་འདིས། །དམག་ཟོར་རྒྱལ་མོ་འཁོར་བཅས་ཐུགས་དམ་སྐོངས། །ཚིལ་ཆེན་ལ་སྦར་མེ་ལྕེ་སྲིད་རྩེར་སྙེག །ཁྲག་མཁྲིས་དྲི་ཆབ་དབྱར་མཚོའི་རླབས་ལྟར་འཁྲུག །ཤ་རུས་རོ་བདའི་ལྷ་བཤོས་སྤུངས་པ་འདིས། །དམག་ཟོར་རྒྱལ་༝། །རྐང་གླིང་རོལ་མོ་སྣ་ཚོགས་འབྲུག་བཞིན་ལྡིར། །སྤྱན་འདྲེན་བརྡ་ཡི་དར་ནག་བ་དན་གཡོབ། །མྱུར་མགྱོགས་ཤུགས་སྤྱོན་ཁྲག་ཆང་ཞལ་སྐྱེམས་འདིས། །དམག་ཟོར་རྒྱལ་༝། །སྒ་སྲབ་རྒྱན་སྤྲས་རྟ་མཆོག་སྟོང་གསུམ་མྱུལ། །འབྲོང་གཡག་ཞོལ་མོ་ཆར་སྤྲིན་ལྟ་བུར་རྒྱུ། །རྭ་བཞི་འཁྱིལ་ལུག་འདབ་ཆགས་བྱ་ནག་གིས། །དམག་ཟོར་༝། །ཁྱི་ནག་གཏུམ་པོ་ཅེ་སྤྱང་བཞིན་དུ་འཕྱོ། །སྲིན་པོའི་མགོ་ལྤགས་སྦྲུལ་རྒྱན་རྐྱང་སེར་དྲེལ། །བེ་ཅོན་ནལ་ཐོད་མི་ལྤགས་སྟག་ཤམ་གྱིས། །དམག་ཟོར་༝། །སྐམ་རློན་ཕྲེང་བ་རུས་རྒྱན་བྱུག་རྫས་གསུམ། །རེ་ནག་གོས་དང་སྙན་རྒྱན་སེང་གེ་སྦྲུལ། །ནད་རྐྱལ་ཁྲམ་ཤིང་མཚོན་དྲུ་དཀར་ནག་ཤོས། །དམག་ཟོར་༝། །རྨ་བྱའི་གདུགས་དང་ཉི་མ་ཟླ་བའི་རྒྱན། །རླུང་ནག་འཚུབ་གུར་ནད་ཀྱི་རྫིང་བུ་དང་། །སྲ་བའི་གོ་ཆ་རྣོ་བའི་མཚོན་རྣོན་གྱིས། །དམག་ཟོར་༝། །དམ་རྫས་གཏོར་མ་རི་བོ་ལྟ་བུར་སྤུངས། །སྨན་རཀ་བཏུང་བ་རྒྱ་མཚོ་བཞིན་དུ་འཁྱིལ། །ལྷ་མིའི་དཔལ་འབྱོར་མ་ཚང་མེད་པ་ཡིས། །དམག་ཟོར་༝། །བྱ་རོག་(༡༤༧ན)


GLG011_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནལ་བུའི་གསོབ་སྙིང་སྔགས་འཁོར་རྫས། །ལེགས་བལྟམས་དབྱངས་ཅན་ལྷ་མོར་ངེས་རྙེད་པའི། །ཕྱི་ནང་གསང་བ་དེ་ཉིད་རྟེན་མཆོག་གིས། །དམག་ཟོར་༝། །ཞེས་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་བསྐང་བ་གསོལ་བའི་དུས་ཉུང་ངུ་འཁྱེར་བདེ་ཞིག་རྩོམས་ཤིག་པར་ལོ་ཆེན་བཻ་རོའི་ཡང་སྲིད་ཆོས་རྒྱལ་གཏེར་བདག་གླིང་པས་གསུང་གི་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེ་གང་ཤར་རང་གྲོལ་གྱི་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །འཇམ་དཔལ་ཁྲོས་པའི་གཤིན་རྗེ་མ་ཧེའི་ཞལ། །བླ་མགོན་དབྱེར་མེད་མྱུར་མཛད་ཡེ་ཤེས་མགོན། །གནོད་སྦྱིན་བེག་ཙེ་ལྕམ་དྲལ་འཁོར་དང་བཅས། །ཐོགས་མེད་འདིར་སྤྱོན་དགྱེས་པའི་གདན་ལ་བཞུགས། །ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། །འབྲུ་གསུམ་གྱིས་སྦྱངས་རྟོགས་སྤེལ་གཏོར་མ་ཆེ། །ལྗགས་ཀྱི་སྦུ་གུའི་འོད་ཀྱིས་ཉེར་དྲངས་ནས། །དགྱེས་རོལ་ཕྱི་ནང་མཆོད་པ་འབུལ་གྱི་བཞེས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་དཔག་ཡས་པར། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །བདག་གི་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་པ་འདི་ནི་དགེ་སློང་བཀྲ་ཤིས་རྣམ་རྒྱལ་གྱི་འདོད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་དབང་ངོ་། །བདེ་བ་ཅན་ཞིང་མགོན་པོ་གར་གྱི་དབང་། །མཚོ་ལས་སྐྱེས་པའི་རྡོ་རྗེ་སྤྲུལ་པའི་སྐུ། །པདྨ་ཐོད་འཕྲེང་དམ་ལས་མི་འདའ་བའི། །བཙན་རྒོད་ཁ་ཆེ་དམར་པོ་ད་ཚུར་སྤྱོན། །ཟངས་བྲག་དམར་པོ་གནམ་ལ་སྙེག་པའི་ནང་། ཁྲག་མཚོ་ཁོལ་ལ་རྦ་ཀློང་འཁྲུག་པའི་དབུས། །བསེ་མཁར་སྨུག་པོ་རྔམས་ཤིང་རབ་(༡༤༧བ)


GLG011_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་པ། །ཏིང་འཛིན་གྱིས་སྤྲུལ་གནས་འདིར་དགྱེས་བཞིན་བཞུགས། །དམར་ཆེན་ཁྲག་ཆར་ཨརྒྷཾ་ཞལ་དུ་སྦྲེངས། །མིག་སྣ་རྣ་ལྕེ་སྙིང་གི་མེ་ཏོག་འཕྲེང་། །ཤ་ཆེན་སྤོས་དཀར་དུད་པ་ཤངས་སུ་ཐུལ། །ཚིལ་ཆེན་མར་མེ་སྤྱན་གྱི་གཟིགས་མོར་སྦར། ཁྲག་དང་མཁྲིས་པའི་དྲི་ཆབ་ཐུགས་ཀར་བྱུག །ཤ་རུས་ལྷ་པའི་ཞལ་ཟས་ལྗགས་ལ་དབུལ། །རྐང་གླིང་ཐོད་པ་གསང་བའི་རྔ་ཆུང་དང་། །དུང་ཆེན་སིལ་སྙན་རྔ་སྒྲས་སྙན་དབང་སིམ། །སྒ་སྲབ་གོང་རྨེད་མཛེས་པའི་རྟ་མཆོག་འཕྱོ། །སེང་གེ་གླང་ཆེན་མ་ཧེ་ར་དང་ལུག །ཁྱིམ་བྱ་སྤྲ་སྤྲེལ་ཅེ་སྤྱང་ཁྱི་ནག་དོམ། །སྟག་གཟིག་གུང་གསུམ་བྱ་རྒོད་གླག་མོ་ཁྲ། །གནའ་བ་དགོ་སྤྱང་ཤ་བ་ལ་སོགས་པ། །གནམ་ལ་ཕུར་དགུ་ས་ལ་འཛུལ་དགུ་དང་། །རི་དྭགས་འཕྱོ་དགུ་མོན་པ་ཨ་ཙ་ར། །གར་མཁན་འབག་སོགས་མཐུན་པའི་རྫས་སུ་འབུལ། ཁྲབ་རྨོག་པར་ཕུབ་ཞལ་བཏགས་འཇའ་སྒྲིགས་ཅན། །མདའ་མདུང་སྤུ་གྲི་རལ་གྲི་དགྲ་སྟ་ཞགས། །ཐོ་བ་རྡོ་ཆུ་མེ་ཡི་འཕྲུལ་སྒྱོགས་སོགས། །རང་བསྲུང་གཞན་འཇོམས་རྣམས་ཀྱིས་དགྱེས་པ་བསྐྱེད། །དམ་རྫས་གཏོར་མ་རི་བོ་ལྟ་བུར་སྤུངས། ཁྲག་ཆང་བཏུང་བ་རྒྱ་མཚོ་བཞིན་དུ་བསྐྱིལ། །འཕན་གདུགས་རྒྱལ་མཚན་བླ་རེ་ལྡ་ལྡི་དང་། །འདོད་ཡོན་སྣ་ལྔ་ལོངས་སྤྱོད་ཚོགས་ཀྱིས་སྐོངས། །རྒྱུན་དུ་གསོལ་ཞིང་མཆོད་པ་ཕྱི་ཡི་རྟེན། །སྦ་ལྕགས་རྫས་ལ་བསྒྲུབ་པ་ནང་གི་རྟེན། །བླ་རྡོ་སྲོག་གི་འཁོར་ལོ་གསང་བའི་རྟེན། །བདུད་ཞགས་དམར་པོ་དེ་ཉིད་རྟེན་གྱིས་བཀང་། །རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ཟུང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་ཉེ་བ་བདུན། །ལྷ་མིའི་དཔལ་འབྱོར་མ་ཚང་མེད་པ་ཡིས། །བཙན་རྒོད་འཁོར་དང་བཅས་པའི་ཐུགས་དམ་བཀང་། །རླུང་གི་ཤུགས་འཆང་སྒ་སྲབ་གོང་རྨེད་ཅན། །རྟ་མཆོག་ལ་ཞོན་(༡༤༨ན)


GLG011_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་སྐད་ཅིག་གིས། །མྱུལ་ནས་བསྟན་པའི་མེལ་ཚེ་ལེགས་མཛད་པ། །གནོད་སྦྱིན་ཁ་ཆེ་དམར་པོ་ཁྱོད་ལ་བསྟོད། །དབང་གི་སྐྱེས་བུ་ཁྲོ་གཏུམ་ཨཾ་གཙིགས་བསྡམས། །ཉི་ཟླ་ལྟར་འཁྱིལ་སྤྱན་གསུམ་དགྲ་ལ་གཟིགས། །སྤྲུལ་པའི་ཕོ་ཉས་ལོག་འདྲེན་བླ་ཚེ་འགུགས། །ཞིང་བཅུ་སྒྲོལ་བའི་བཤན་པ་ཁྱོད་ལ་བསྟོད། །བསེ་ཁྲབ་རུ་དར་ཚོན་རིས་གོས་ཀྱིས་བཀྲ། །བསེ་རྨོག་རྒྱལ་མཚན་བཀྲ་ཤིས་དགུ་བརྩེགས་མཛེས། །ཞགས་པས་དགྲ་བོའི་སྐེ་འཆིང་མདུང་རྣོན་གྱིས། །དོན་སྙིང་འབིགས་མཛད་འཁོར་དང་བཅས་ལ་བསྟོད། །ལི་ཡུལ་དགེ་སློང་ཡིད་དབང་འཁྲུགས་པ་ལས། ཁྲག་གི་སྒོ་ང་ལས་སྐྱེས་བཙན་རྒོད་ཆེ། །འབར་བ་སྤུན་བདུན་འགྲོ་ལ་ཉེར་འཚེ་བ། །དང་པོར་རྟ་མགྲིན་དབང་གིས་དམ་ལ་བཏགས། །བར་དུ་རྒྱལ་དབང་པདྨ་འབྱུང་གནས་ཀྱིས། །སྲོག་སྙིང་བླངས་ནས་ཆོས་འཁོར་སྲུང་མར་བསྐོས། །ཐ་མར་པདྨ་དབང་རྒྱལ་ལེགས་ལྡན་རྗེ། །རིགས་འཛིན་བརྒྱུད་པའི་དམ་ལས་མ་འདའ་བར། །སངས་རྒྱས་བསྟན་སྲུངས་དགེ་འདུན་ཚོགས་རྣམས་སྤེལ། །ལུས་ཅན་མ་ལུས་བདེ་བའི་དཔལ་ལ་སྦྱོར། །ནད་མཚོན་དུས་འཁྲུག་མི་མཐུན་ཕྱོགས་སུ་བཟློག །བདག་སོགས་བསམས་དོན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་ཟུང་མཁར་མདོ་སྔགས་གླིང་གི་སྲུང་མ་གནོད་སྦྱིན་ཁ་ཆེ་དམར་པོས་རང་ཉིད་ཀྱི་གསོལ་མཆོད་ཅིག་རྩོམས་ཤིག་པར་བསྐུལ་བ་ལྟར་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །གད་ཁ་སའི་ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེ་བརྫུས་མ་ལམ་དུ་སོང་བ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ། འགྲོ་བ་མང་པོར་གནོད་ཚབས་ཆེས་པར་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། ཆོས་རྒྱལ་གཏེར་བདག་གླིང་པ། ཆོས་རྗེ་འུག་བྱ་ལུང་(༡༤༨ན)


GLG011_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ། མངའ་རིས་སྔགས་འཆང་དཀོན་ཅོག་ལྷུན་གྲུབ། དཔལ་རི་སྤྲུལ་སྐུ། ཕན་བདེ་ལེགས་བཤད་གླིང་པའི་མཚམས་ཁག་གཉིས་དང་བཅས་སྒྲུབ་ཁག་བདུན་གྱིས་བསྲེག་པ་མེའི་ལས་སྦྱོར་གྱིས་གཏན་མེད་དུ་བཏང་སྐབས་དཔང་གཟུར་བཀོད་པ། ལེགས་ལྡན་ཕྱག་དྲུག་ལས་གཤིན་དམག་ཟོར་ལྷ། །གདོང་བཞི་མགོན་པོ་ལྕམ་དྲལ་བེག་ཙེ་སོགས། །བསྟེན་མཆོད་བསྒྲུབ་པའི་སྲུང་མ་དམ་ཅན་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །དམ་མིན་དམ་བརྫུས་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །གནོད་སྦྱིན་ཡང་གྷ་བཟའ་སོགས་བསྟན་མ་དང་། །རྒྱལ་པོ་སྐུ་ལྔ་ཁྱབ་འཇུག་རྡོ་རྗེ་ལེགས། ཁྱད་པར་གནས་ཆུང་ཆོས་རྒྱལ་འཁོར་བཅས་ལ། །གསེར་༝། །དམ་༝། །སྨོན་ལམ་༝། །བསྟན་༝། །མགོན་༝། །ཙེ་དམར་བ་སོགས་འབར་བ་སྤུན་བདུན་དང་། །གསང་ཕུ་བསེ་ཡི་ཁྲབ་ཅན་གྱིས་མཚོན་པ། །འདྲེ་འདིའི་སྐྱབས་གསོལ་ལྷ་འདྲེ་དྲག་པོ་ལ། །གསེར་༝། །དམ་༝། །སྨོན་ལམ་༝། །བསྟན་༝། །མགོན་༝། །རྡོ་རྗེ་འཆང་དབང་རྩ་བརྒྱུད་བླ་མ་ཡི། །སྤྱན་སྔར་བསྟན་འགྲོའི་ཕན་བདེ་སྤེལ་བ་རུ། །ཞལ་གྱིས་བཞེས་ནས་དམ་སྲི་འདི་སྐྱབས་ཚེ། །སྔོན་གྱི་དམ་ཚིག་ཉམས་པར་མ་འགྱུར་རམ། །མི་ནད་ཕྱུགས་ནད་སད་སེར་མུ་གེ་ཐན། །མི་རུང་ཆོ་འཕྲུལ་སྣ་ཚོགས་སྟོན་བྱེད་པ། །འབྱུང་པོ་སྡེར་བཅས་མཐུ་སྟོབས་ནུས་པ་དང་། །ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་རློག །ཀ་ཅའི་རྗེས་སུ་འབྲངས་པའི་མི་མ་ཡིན། ཁལ་ཁ་རྒྱལ་པོའི་མིང་ཅན་གནས་འདིར་སྤྱོན། །དམར་ཆེན་ཁྲག་གི་བཏུང་བ་སྐྱེམས་སུ་འབུལ། །ཤ་ཁྲག་རུས་པའི་བཤོས་བུ་ཟས་སུ་འབུལ། །དབང་པོ་ལྔ་ལ་བདེ་བ་སྟེར་བྱེད་པའི། །མཛེས་(༡༤༩ན)


GLG011_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་གར་བསྒྱུར་སྣ་ཚོགས་རོལ་མོ་ཁྲོལ། །ངད་ལྡང་དྲི་ཡི་བྱུག་པ་ལྷ་མིའི་ཟས། །འཇམ་མཉེན་གོས་ཀྱི་ཁྱད་པར་ལོངས་སྤྱོད་ལ། །དགེ་འདུན་སྡེ་འདིར་བཤད་དང་སྒྲུབ་པ་ཡི། །ལེགས་ཚོགས་ཡོན་ཏན་འཕེལ་བར་བྱེད་པ་ལ། །བརླང་པོར་སྤྱོད་པའི་ཉེར་འཚེ་མ་ལུས་པ། །ཞི་ཞིང་བདེ་བའི་དཔལ་ལ་འབྱོར་བར་མཛོད། །ཅེས་པ་འདིའང་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དགོས་ཚུལ་ལྟར་བྲིས།ཧཱུྃཿ ཆོས་སྐུ་ཀུན་བཟང་གར་དབང་སྣང་མཐའ་ཡས། །ལོངས་སྐུ་ཁྲག་འཐུང་ཁྲོ་རྒྱལ་རྟ་མགྲིན་དབང་། །སྤྲུལ་སྐུ་མཚོ་ལས་སྐྱེས་པའི་པདྨ་འབྱུང་། །སྐུ་གསུམ་དབྱེར་མེད་ཐོད་འཕྲེང་ཧེ་རུ་ཀས། །མི་བཟད་རྡོ་རྗེའི་མཚོན་ཆ་གཙུག་ཏུ་བཀོད། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ལྕེ་ལ་བླུག །གངས་ཅན་བསྟན་འགྲོའི་སྲུང་མར་བཀའ་བསྒོས་པའི། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་པེ་ཧ་ར། །སྐུ་ལྔ་སྤྲུལ་པ་གསང་ཡུམ་བློན་པོའི་ཚོགས། ཁྱད་པར་རྗེ་བློན་གཉིས་མེད་རྣམ་རོལ་བ། །དྲེགས་པ་ཀུན་གྱི་སྡེ་དཔོན་ཙེའུ་དམར། །བཙན་རྗེ་གནོད་སྦྱིན་རྡོ་རྗེ་དྲག་པོ་རྩལ། །དྲེགས་པའི་སྡེ་དཔོན་ཆེན་པོ་དེ་དག་གི །འབངས་སུ་གདུག་པའི་སེམས་ཀྱིས་མཚམས་སྦྱར་བ། །དམག་དཔོན་གངས་ལ་ཉི་ཤར་འཁོར་བཅས་རྣམས། །གནས་འདིར་ཐོགས་པ་མེད་པར་ཚུར་སྤྱོན་ལ། །རང་རང་དགྱེས་པའི་གདན་ལ་བརྟན་པར་བཞུགས། །དྲི་བཟང་སྨན་ཆབ་བཏབ་པའི་མཆོད་ཡོན་དང་། །དམར་ཆེན་ཁྲག་མཚོ་ཁོལ་མའི་ཨརྒྷཾ་སྦྲེང་། །ཐང་སྐྱེས་ཆུ་སྐྱེས་དབང་པོ་སྣ་ལྔ་སོགས། །སྣ་ཚོགས་མེ་ཏོག་ཕྲེང་བ་ཕང་ཕུང་གཡོ། །ཤིང་སྣ་སྟོང་སྦྱར་བསངས་དང་ཤ་ཆེན་གྱི། །ལང་ལོང་དུད་སྤྲིན་ནམ་མཁའི་མཐོངས་ཀུན་འགེངས། །ཉི་ཟླ་ནོར་བུའི་འོད་དང་རྩི་འབྲུའི་མར། །ཚིལ་ཆེན་རོ་སྐྲ་ལ་སྦར་སྣང་གསལ་ཕྲེང་། །ག་པུར་ངད་པ་ལྡང་བའི་དྲི་ཆབ་དང་། །ཁྲག་ཞག་མཁྲིས་པའི་བྱུག་རྫས་གནོད་དུ་(༡༤༩བ)


GLG011_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གཏམས། །ལྷ་མིའི་རོ་བརྒྱའི་བཟའ་བཅའ་བཏུང་བ་དང་། །ཤ་རུས་ནང་ཁྲོལ་ཞལ་ཟས་ཕྱུར་བུར་སྤུངས། །སིལ་སྙན་རྫ་རྔ་དུང་ཆེན་གླིང་བུའི་སྒྲ། །གསང་བའི་ཐོད་རྔ་མི་རྐང་གླིང་བུ་འབུད། །དམར་ཆེན་གཏོར་མའི་རི་བོ་མཁའ་ལ་སྙེག །ཁྲག་ཆང་རྒྱ་ཇའི་བཏུང་བ་མཚོ་རུ་བསྐྱིལ། །རྟ་མཆོག་གོང་རྨེད་སྒ་སྲབ་ཆས་ཀྱིས་མཛེས། །སྤྲ་དང་སྤྲེའུ་མོན་པ་ཛོ་ཀི་དང་། །བནྡེ་ཞུབ་ཅན་བུད་མེད་ཟློས་གར་རྩེ། །འབྲོང་གཡག་གཅན་གཟན་རི་དྭགས་སྒོ་ཕྱུགས་སོགས། །གནམ་ལ་ཕུར་དགུ་ས་ལ་འཛུལ་དགུ་ཡི། །གྲངས་མེད་སྲོག་ཆགས་ས་གཞི་མ་ལུས་བཀང་། ཁྲབ་རྨོག་ཞོལ་བཏགས་པིར་ཕུབ་སྲ་བའི་གོ །མདའ་མདུང་རལ་གྲི་དགྲ་སྟ་རྣོ་བའི་མཚོན། །དར་གྱི་ལྡ་ལྡི་འཕན་གདུགས་བླ་བྲེ་དང་། །ཞིང་ཆེན་གླང་སེང་སྟག་ལྤགས་གནམ་རྒྱན་བྲེས། །རྒྱུ་མའི་སྲད་བུས་དྲ་བ་ལ་བརྒྱུས་པའི། །མགོ་ལག་དབང་པོའི་དྲ་བ་ཕྱེད་པ་འཕྱང་། །ལྷ་མིའི་ནོར་བུ་རིན་ཅེན་གཞོང་པ་བཀང་། །སྨན་དང་ཇ་སྣ་རས་དར་སྣམ་ཐེར་རིགས། །འབྲུ་སྣ་དཀར་གསུམ་མངར་གསུམ་ཤ་དང་ཆང་། །བཙོད་དང་ཞུན་ཁན་རྒྱ་སྐྱེགས་རམས་ལ་སོགས། །ལྷོ་རྫས་བྱང་རྫས་འདོད་ཡོན་བསམ་མི་ཁྱབ། །མདོར་ན་དངོས་བཤམས་ཡིད་སྤྲུལ་མཆོད་པའི་རྫས། །དམག་དཔོན་གངས་ལ་ཉི་ཤར་འཁོར་བཅས་ལ། །འབུལ་གྱི་དགྱེས་པར་རོལ་ལ་བསམས་དོན་སྒྲུབས། །གངས་ལ་ཉི་ཤར་ཁྱོད་ཀྱི་རྗེ་དཔོན་ནི། །ཆོས་རྒྱལ་སྐུ་ལྔ་བློན་པོར་བཅས་པ་ཡིན། །གནམ་ལྷ་བྱང་ཆུབ་སྡེ་བཅས་མ་ལུས་ཀུན། །མཚོ་སྐྱེས་རྡོ་རྗེའི་ཕོ་ཉ་མངག་གཞུག་ཡིན། །པདྨ་ཐོད་ཕྲེང་བཀའ་ལས་ཉེར་འདས་ན། །དྲེགས་པའི་ཚོགས་ཀྱི་མགོ་བོ་ཚལ་པར་འགས། །དེ་ཕྱིར་རང་རྟགས་སྲོག་སྙིང་དམར་པོ་ལ། །མི་འགྱུར་རྡོ་རྗེས་རྒྱས་བཏབ་ཉེ་བར་སོམས། །གངས་ཅན་སྐྱེ་དགུའི་བདེ་སྐྱིད་མ་ལུས་པ། །འབྱུང་བའི་སྒོ་གཅིག་ཐུབ་(༡༥༠ན)


GLG011_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྟན་པ་སྲུངས། །མི་ཕྱུགས་ནད་ཡམས་མུ་གེ་འཐབ་རྩོད་སོགས། །དུས་ཀྱི་ཆད་པ་ཐམས་ཅད་རབ་ཞི་ཞིང་། །འགྲོ་བའི་ཚེ་དང་ལོངས་སྤྱོད་དཔལ་འབྱོར་ཚོགས། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་མཛོད། །དཔག་བསམ་ཤིང་དང་ཡོངས་འདུའི་ལྗོན་པ་ལྟར། །བསམས་པའི་རེ་བ་མ་ལུས་ཡོངས་སུ་སྐོངས། །རྒྱལ་དབང་པདྨའི་རིགས་འཛིན་སྔགས་འཆང་རྣམས། །བོད་འབངས་རིས་མེད་སྐྱེ་དགུའི་ཕན་དང་བདེ། །སྤེལ་ལ་ཕྲག་དོག་མེད་པར་འཕྲིན་ལས་ཀུན། །སྒྲུབ་པ་སྔོན་གྱི་ཁས་བླངས་དམ་ཚིག་གནས། །སྟོད་སྨད་ཡུལ་ཕྱོགས་ས་ཕྱོགས་འདི་ཉིད་ཀྱི། །འགྲོ་རྣམས་མི་ཤེས་དབང་གིས་ལྷ་ཁྱོད་ལ། །འཕོག་ཐུག་ནོངས་པར་གྱུར་པ་ཅི་མཆིས་པ། །མཆོད་བསྟོད་བསྐང་བས་ཉེ་བར་དག་པར་མཛོད། །བཙན་པོའི་གོ་གྱོན་རྣོ་མཚོན་སྣ་ཚོགས་ཐོགས། །རྟ་མཆོག་རླུང་གི་ཤུགས་ཅན་ལ་ཞོན་ནས། །སྟོང་གསུམ་མ་ལུས་སྐད་ཅིག་མྱུལ་བྱེད་པ། །དམག་དཔོན་འཁོར་དང་བཅས་ལ་བདག་བསྟོད་དོ། །བྱིན་རླབས་ཆར་འབེབས་བླ་མ་པདྨ་འབྱུང་། །དངོས་གྲུབ་ཀུན་སྩོལ་ཡི་དམ་བཀའ་བརྒྱད་ལྷ། །འཕྲིན་ལས་ཡོངས་གྲུབ་ཆོས་རྒྱལ་སྐུ་ལྔ་པོ། །ཡབ་ཡུམ་འཁོར་དང་བཅས་པའི་བཀྲ་ཤིས་ཤོག །ཅེས་བཙན་རྒོད་གངས་ལ་ཉི་ཤར་གྱི་མཆོད་བསྟོད་བསྐང་བ་འདི་ལྟ་བུ་ཞིག་བརྩོན་པས་གླེངས་ཞེས་བྱང་གླིང་བསམ་གྲུབ་རྒྱལ་པོར་རྒྱུ་མཚན་བྱས་འདུག་པ་གཞན་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པའོ། །རཾ་ཡཾ་ཁཾ་གིས་ཕྱི་ནང་མཆོད་རྫས་རྣམས་ཀྱི་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས། །ཨོཾ་ཨཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ཏེ། ཀྱེ། ཕོ་ལྷ་ཆེན་པོ་དཔལ་འབྱོར་རྒྱལ་པོ་ཁྱོད། །རྔ་གཤང་སྒྲ་དང་སྙན་པའི་དབྱངས་སྙན་(༡༥༠བ)


GLG011_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པོས། །འབོད་པའི་ཆེད་དུ་བསྐུལ་ན་མ་གཡེལ་བར། །ཐོགས་མེད་གནས་འདིར་ཚུར་སྤྱོན་སྟན་ལ་བཞུགས། །ཕོ་ལྷ་ཆེན་པོ་འཁོར་བཅས་མཆོད་པའི་རྫས། །འཆི་མེད་བདུད་རྩི་པཉྩ་ཨ་མྲྀ་ཏཿ། །ཞིམ་དགུའི་ཟས་མཆོག་སྦྱར་བའི་གཏོར་མ་དང་། །དམར་ཆེན་ཁྲག་ཞག་འཁྲུག་པའི་བཏུང་བ་བསྐྱིལ། །ཆང་ཕུད་རིན་ཅེན་ཕྱེ་དང་བསྲེས་པའི་སྐྱེམས། །རྙོག་བྲལ་ཆུ་དང་རྒྱ་ཇའི་མཆོད་ཡོན་བཤམས། ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་ཕྲེང་། །བརྒྱ་ཕྲག་ཤིང་དང་སྨན་སྣའི་བསངས་དུད་འཐུལ། །རྩི་མར་ཞུན་གྱི་སྒྲོན་མེ་རབ་ཏུ་གསལ། །གུར་ཀུམ་ག་བུར་སྦྱར་བ་བྱུག་པའི་དྲི། །རོ་བརྒྱའི་དཔལ་ལྡན་བཟའ་བཅའི་ཞལ་ཟས་སྤུངས། །སྣ་ཚོགས་རོལ་མོ་འབྲུག་སྟོང་ལྟ་བུར་ལྡིར། །ཁྲབ་རྨོག་ཞོལ་བཏགས་པིར་ཕུབ་རང་སྲུང་གོ །མདའ་མདུང་རལ་གྲི་དགྲ་སྟ་ཕར་འཇོམས་མཚོན། །བྲ་ནག་རྟིང་དཀར་རྟ་མཆོག་རླུང་ལྟར་འཕྱོ། །གཡག་རྒོད་ཞོལ་པོ་བ་ལང་ར་ལུག་བྱ། །སེང་གེ་གཉིས་འཐུང་སྟག་གཟིག་ཅེ་སྤྱང་ཁྱི། །སྤང་དཀར་བྱ་ཕོ་ཁྲ་སོགས་འདབ་ཆགས་བྱ། །ཤ་བ་གནའ་རྐྱང་གིས་མཚོན་རི་དྭཊ་དང་། །འབྲས་གྲོ་ནས་སྲན་འབྲུ་ཡི་བྱེ་བྲག་རིགས། །སྣ་ཚོགས་རིན་ཅེན་དར་ཟབ་རས་སྣ་ཇ། །རྒྱ་བལ་ཧོར་དང་ཙི་ནའི་ཡུལ་གྲུ་སོགས། །ལས་སྒོ་ནས་འོངས་མཁོ་དགུའི་ཡོ་བྱད་རྫས། །མཛེས་སྡུག་གར་གྱི་རྩེད་འཇོ་སྙན་པའི་གླུ། །གླིང་བཞི་རི་རབ་ཉི་ཟླ་རྒྱལ་སྲིད་བདུན། །མདོར་ན་ལྷ་མིའི་ལོངས་སྤྱོད་ཇི་སྙེད་པ། །སྒོ་གསུམ་དགྱེས་པ་བསྐྱེད་པའི་ཆེད་དུ་འབུལ། །བཞེས་ནས་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཟླ་ཞུན་ལྟ་བུར་མཛེས་བརྗིད་སྐུ་མདོག་དཀར། །ལ་ཐོད་ཟ་འོག་སྔོན་པོའི་ཙེ་གོས་གྱོན། །སྦ་ལྕག་ཞགས་འཛིན་བྲ་ནག་རྟིང་དཀར་བཅིབས། །ལྷ་ཆེན་དཔལ་འབྱོར་རྒྱལ་པོ་ཁྱོད་ལ་བསྟོད། །བདག་ཅག་མ་རིག་ནོངས་པར་བགྱིས་པའི་ཚོཊ། །ལྷ་ཁྱོད་(༡༥༡ན)


GLG011_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པར་བཞེས་ནས་མི་ནོར་ཀུན། །ཉིན་མཚན་དུས་རྣམས་བསྲུང་ཞིང་སྐྱོབ་པ་དང་། །བསམས་པའི་རེ་བ་ལྷུན་གྱིས་གྲུབ་པར་མཛོད། །སངས་རྒྱས་བསྟན་སྲུངས་དཀོན་ཅོག་དབུ་འཕང་བསྟོད། །ཅེས་སོཊ་ཀྱི་འདོད་གསོལ་དང་། །གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་ཀྱིས་བཟོད་པར་གསོལ། །ཨོཾ་བཛྲ་མུཿས་རང་གནས་སུ་གཤེགས་པར་གསོལ་ནས་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་བྱའོ། །ཞེས་པ་འདི་ཡང་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ། །གཅིག་ཏུ་འཁྱིལ་བ་འཇའ་ལུས་འཕོ་བ་ཆེ། །གྲུབ་པའི་ཚེ་དབང་རིགས་འཛིན་སྤྲུལ་པའི་སྐུ། །པདྨ་ཐོད་ཕྲེང་བྱིན་ཆེན་ཆར་དུ་ཕོབ། །མགོན་ཁྱོད་མཐུ་སྟོབས་གཟི་བྱིན་བཞུ་བླུགས་ཁམས། །མི་བཟད་རྡོ་རྗེ་འབར་བའི་ཕྱག་རྟགས་རྗེས། །སྤྱི་བོར་ཉེར་བཀོད་དྲེགས་པའི་སྡེ་དཔོན་གཙོ། །ཡབ་རྗེ་སྲོག་བདག་ལྷ་ཆེན་ཚངས་པ་དཀར། །གཅིག་ལས་དུ་མར་སྣང་བའི་འཕྲུལ་པོ་ཆེ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྒྱལ་པོ་ལྔ། །སྤྲུལ་པ་གསང་ཡུམ་བློན་པོ་ལས་བྱེད་ཚོགས། །སྒོས་ཀྱི་གིང་ཆེན་སྲོག་བདུད་བསེ་སྐུ་བ། །འཁོར་བཅས་སྣང་སྲིད་དམག་གི་སྡེ་དཔུང་རྣམས། །རྐང་གླིང་དུང་ཆེན་སྙན་པའི་རོལ་མོ་དང་། །འབོད་པའི་བརྡ་ཐབས་དར་ཚོན་གཡབ་བྱེད་ན། །ཚུར་སྤྱོན་པད་ཉི་བམ་རོའི་སྟན་ལ་བཞུགས། །པདྨ་རྒྱལ་པོས་སྲོག་སྙིང་རབ་བླངས་ནས། །འདའ་ཀའི་དམ་ཚིག་གཉེན་པོ་བསྒྲགས་པ་བཞིན། །ཐུབ་པའི་བསྟན་དང་འགྲོ་བའི་བདེ་སྐྱིད་ལ། །དུས་དྲུག་མེལ་ཚེའི་བྱ་ར་རྟག་ཏུ་མཛོད། །རྟ་དྲེལ་ར་ལུག་བྱ་ཁྱི་ལ་སོགས་པ། །ཕྱི་རྟེན་སྲོག་ཡིག་མཛེས་པའི་དར་ཚོན་སྤྲས། །སྨྱུག་རྒོད་(༡༥༡བ)


GLG011_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་རྒྱན་རྔ་མ་འཇའ་ཚོན་ལྟར། །རྣམ་བཀྲ་དར་གྱིས་ལེཊ་སྤུད་ནང་གི་རྟེན། །སྐུ་འབག་མདོས་དང་སྲོག་གི་འཁོར་ལོ་སོགས། །བླ་རྡོ་འཁྲུལ་མེད་བཅས་པ་གསང་བའི་རྟེན། །ལྷ་ཆེན་ཚངས་པ་ཆོས་རྒྱལ་མཆེད་ལྔ་དང་། །འཁོར་ཚོགས་དྲེགས་པ་དམ་ཅན་རྒྱ་མཚོའི་དཔུང་། ཁྱད་པར་བཀའ་ཡི་ལས་བྱེད་བསེ་སྐུ་བ། །མ་ལུས་ཐུགས་དམ་གཉེན་པོ་སྐོང་ཕྱིར་འབུལ། །དགྱེས་པར་བཞེས་ལ་བདག་སོགས་རྒྱུ་སྦྱོར་གྱི། །འགལ་རྐྱེན་ཀུན་སོལ་མཐུན་པའི་དངོས་གྲུབ་སྩོལ། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏཿ། །མྱོང་གྲོལ་རིན་ཅེན་ཐོད་པའི་སྣོད་དུ་བསྐྱིལ། །རི་རབ་རྟེན་བསྐང་དམ་རྫས་གཏོར་མ་ཀུན། །ཕྱུར་བུར་སྤུངས་པ་སྣ་ཚོགས་རྒྱན་གྱིས་སྤྲས། །བསད་ཁྲག་རང་བྱུང་རཀྟ་ལ་སོགས་པ། །དམར་ཆེན་ཨརྒའི་རྦ་ཀློང་ཆལ་ཆིལ་འཁྲུག །ལྷ་ཆེན་སོགས་ཚིག་རྐང་དྲུག་པོ་སྦྱར་བ་འགྲེ་༝། །ཉམས་ཆགས་དྲི་མ་དག་པ་བྱེད་པའི་བསངས། །མངར་བའི་ངད་ལྡན་ཤིང་སྣའི་དུད་པ་འཐུལ། །འབྲུ་བཅུད་སྙིང་པོ་ཕྱུངས་པའི་མ་ད་ནར། །རིན་ཅེན་སྣ་ལྔ་བཏབ་པའི་སྐྱེམས་བཟང་སྦྲང་། །བགྲང་ཡས་རོ་ལྡན་བཟའ་བཅའ་བཏུང་བས་གཏམས། །ཟག་མེད་བདུད་རྩི་ཚོགས་ཀྱི་འཁོར་ལོ་ཆེ།༝། །གཙང་མའི་ཆུ་རྒྱུན་ཁྲག་གི་མཆོད་ཡོན་བསྐྱིལ། །ཐང་ཆུར་སྐྱེས་དང་དབང་པོའི་མེ་ཏོག་ཕྲེང་། །སྨན་སྤོས་ཤ་ཆེན་བསྲེགས་པ་དུད་པའི་སྤྲིན། །ཉི་ཟླ་རྩི་བཅུད་ཞུན་ཆེན་མར་མེ་གསལ། །ག་པུར་མཁྲིས་པའི་དྲི་ཆབ་བྱུག་པའི་རྫས། །ལྷ་མིའི་ཟས་དང་ཤ་རུས་བཤོས་བུ་མཆོག་༝། །ཐོད་པའི་ཅང་ཏེ་གསང་བའི་རྡེའུ་ཆུང་། །མི་རྐང་གླིང་བུ་རྫ་རྔ་ཟོམ་རྔ་དང་། །དུང་ཆེན་རྒྱ་གླིང་སིལ་སྙན་པི་ཝང་སྒྲ། །གཟུགས་མཛེས་གར་དང་རྒྱུད་མངས་ལས་དྲངས་གླུ། །གུར་ཀུམ་ངད་ལྡན་དྲི་ཡི་དུང་ཆོས་སྤེལ། །བཟའ་བཏུང་བྱེ་བྲག་དར་ཟབ་ལྷབ་ལྷུབ་གཡོ།༝། །རིན་ཅེན་འཕྲུ་(༡༥༢ན)


GLG011_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཟ་འོག་སྤེལ་ལེགས་བཀྲ། །རྔམས་བྱེད་སྟག་དང་རབ་འཇིགས་གདོང་ལྔ་པ། །མཛེས་སྡུག་རྨ་བྱ་ཟ་བྱེད་སྤྱང་ཀིའི་གདོང་། །ནམ་འཕང་མཐོར་གཅོད་བྱ་རྒོད་རྩལ་ཆེན་སྤྲེལ། །མི་བཟད་བྱི་ལའི་མགོ་ཏོག་པགས་པ་ཡི། །ལྷབ་ལྷུབ་སྲིད་རྩེར་བསྒྲེང་བའི་རྒྱལ་མཚན་བརྒྱད།༝། །སྲ་བའི་གོ་ཁྲབ་སྲམ་སྐོར་གོས་གཤམ་མཛེས། །རྨོག་ཆེན་ཨང་ཟིང་དོམ་ཕྲུ་རྔ་གཅུས་ཅན། །ཞོལ་བཏགས་ལྕགས་གཞིབས་རྔ་ཆས་འཇའ་ལྟར་བཀྲ། །དཔག་ཆེན་མདའ་མདུང་རལ་ག་སྤུ་གྲི་དང་། །མེ་ཆུ་རྡོ་ཤིང་རྣམ་མང་འཕྲུལ་གི་སྒྱོགས། །དགྲ་སྟ་ཐོ་བ་སྣ་ཚོགས་མཚོན་ཆའི་རིགས།༝། །གོང་རྨེད་སྒ་སྲབ་ཆས་མཛེས་གྱི་ལིང་རྟ། །འབྲོང་གཡག་རྡོ་རྗེའི་རྭ་རྩེ་མཁའ་ལ་བསྙེག །འདོད་འཇོའི་བ་དང་གནམ་ལ་འཕུར་དགུའི་བྱ། །ས་ལ་འཛུལ་དགུ་རི་དྭགས་འཕྱོ་དགུ་དང་། །གླང་ཆེན་སེང་གེ་སྟག་གཟིག་གཅན་གཟན་རིགས། །མདོར་ན་སྲིད་དོ་ཅོག་གི་སྲོག་ཆགས་ཚོགས།༝། །ཙེ་བེར་བེར་ཟླམ་བླ་གོས་སློང་བའི་སྣོད། །གསེག་ཤང་སག་ཐེབ་ཐིབ་ཞུ་མཐིང་ནག་ཞྭ། །ཕོད་ཀ་ཙེ་གོས་རུས་པ་རིན་ཅེན་རྒྱན། །སག་ལྷམ་ཞིང་ཆེན་གླང་ཤུན་སྟག་ཤམ་སོགས། །མཆེ་ཅན་པགས་རིགས་མགོ་ཕྲེང་སྐམ་རློན་རྙིད། །དར་གྱི་ཨང་རག་ག་ཤ་སྦྲུལ་ཆུན་ཚོགས།༝། །འབག་དང་སེང་གེ་སྤྲ་དང་སྤྲེའུ་དང་། །བྱི་ལ་ཛོ་ཀི་མོན་པ་ཞུབ་ཅན་དཔུང་། །དགེ་སློང་དགྲ་བཅོམ་སྔགས་པ་ཕུར་བུ་ཐོགས། །བུད་མེད་གོས་ནག་གཡབ་ཅིང་འོ་དོད་འབོད། །ལུས་ཀྱི་རྣམ་འགྱུར་བྲོ་གར་ཤོན་གྱི་རིགས། །གདངས་དབྱངས་གླུ་གཞས་མགྲིན་ལས་བྱུང་བའི་སྒྲ།༝། །བཻཌཱུརྱ་དང་པད་རཱག་ཨནྡ་རྙིལ། །མར་གད་གཡུ་དང་བྱུ་རུ་མུ་ཀྟི་ཏཿ། །གསེར་དངུལ་ཟངས་སོགས་སྣ་ཚོགས་རིན་པོ་ཆེ། །དར་ཟབ་སྨན་སྣ་སྣམ་རས་བཙོད་ཞུན་སྐོག །དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ་སྣ་ཇ། །ལྷོ་རྫས་བྱང་རྫས་འདོད་(༡༥༢བ)


GLG011_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་གྲངས་མེད་པ།༝། །ལྷུན་པོ་གསེར་གྱི་རི་བདུན་རོལ་མཚོ་འཁྱིལ། །གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ཕྱོཊ་མཚམས་བསྐོར། །གསལ་བྱེད་ཉི་ཟླའི་དཀྱིལ་འཁོར་ཟུང་དུ་འབྲེལ། །འཁོར་ལོས་སྒྱུར་རྒྱལ་སྔོན་འགྲོ་རིན་ཅེན་བདུན། །བཀྲ་ཤིས་རྟགས་བརྒྱད་ལ་སོགས་ལྷ་དང་མིའི། །ཕུན་ཚོགས་མཁོ་དགུའི་དཔལ་འབྱོར་མ་ལུས་པ།༝། །གངས་རིའི་མདངས་འཛིན་ཞི་མ་ཁྲོ་ཡི་སྐུ། །གནག་སྣུམ་དབུ་སྐྲའི་ཐོར་ཚུགས་མཛེས་པའི་རྩེར། །བཀྲ་ཤིས་གཡས་སུ་འཁྱིལ་བས་རབ་མཚན་པ། །ལྷ་ཆེན་ཚངས་པའི་རྒྱལ་པོ་ཁྱོད་ལ་བསྟོད། །དར་དཀར་ལྷབ་ལྷུབ་གཡོ་བའི་ཙེ་གོས་གྱོན། །རིན་ཅེན་རྒྱན་སྤྲས་ཤེལ་གྲི་ཞགས་པ་སོགས། །སྣ་ཚོགས་མཚོན་ཆས་དགྲ་བགེཊ་འཇོམས་མཛད་པ། །མཐུ་ཆེན་སྲོག་གི་བདག་པོ་ཁྱོད་ལ་བསྟོད། །སྒ་སྲབ་གོང་རྨེད་སྤུ་ལེན་ཟེ་ལོང་ཁེབས། །གསེར་སྦྱངས་རྒྱན་མཛེས་རྟ་མཆོག་རླུང་ཤུགས་ཅན། །ཞོན་ནས་སྟོང་གསུམ་སྐད་ཅིག་བསྐོར་མཛད་པ། །དྲེགས་པའི་སྡེ་དཔོན་ཆེན་པོ་ཁྱོད་ལ་བསྟོད། །ཡེ་ནས་དུག་ལྔ་ཀ་དག་རིགས་ལྔའི་དངོས། །རྣམ་པ་ཡེ་ཤེས་སྒྱུ་མ་འཕྲུལ་པོ་ཆེ། །ཆོས་རྒྱལ་སྐུ་ལྔ་གསང་ཡུམ་བློན་པོ་སོགས། །དམ་ཅན་བཀའ་ཉན་བྱེ་བའི་ཚོགས་ལ་བསྟོད། །ཁྱད་པར་རབ་དམར་བསེ་ཡི་ཁྲབ་རྨོག་གྱོན། །མི་བཟད་མཚོན་ཐོགས་དཔའ་གཏུམ་ཁྲོ་ཚུལ་ཅན། །ལས་རྣམས་ཀུན་སྒྲུབ་བཤན་པ་བསེ་སྐུ་བ། །ལྷ་སྲིན་དཔུང་གི་སྣ་འདྲེན་ཁྱོད་ལ་བསྟོད། །ཀ་པཱ་ལ་རུ་དགྲ་ཁྲག་མཚོར་བསྐྱིལ་བ། ཁ་གདངས་མཆེ་གཙིགས་ལྗགས་བསྐྱོད་ཧུབ་ཀྱིས་འཐུང་། །ག་ཤ་མི་མགོའི་དོ་ཤལ་རྔམས་ཤིང་བརྗིད། །ང་རོ་དྲག་པོས་ལོག་འདྲེན་འགུགས་ལ་བསྟོད། །ཅ་ཅོའི་དབྱངས་དང་རོལ་མོའི་སྒྲ་ཡིས་བོས། །ཆ་ཤས་ཀུན་ཚང་དམ་རྫས་གཏོར་མ་བཤམས། །ཇ་ཆང་སྐྱེམས་ཀྱི་མཆོད་ཡོན་སྦྲེངས་པ་ན། །ཉ་རྒྱས་ཟླ་འདྲའི་ཞལ་ཁྱིམ་སྟོན་ལ་བསྟོད། །ཏ་ལའི་ལོ་མར་བྲིས་པའི་ཉ་བོས་ལ། །ཐ་བའི་སེམས་(༡༥༣ན)


GLG011_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་དགྲ་བགེགས་བླ་ཚེ་སྲོག །ད་ལྟ་ཉིད་དུ་རིགས་པར་བཀུག་ནས་ཀྱང་། །ན་འཆིའི་དུཿཁས་མནར་བར་མཛད་ལ་བསྟོད། །པ་སངས་བཞིན་དུ་སྡེ་བརྒྱད་སྐར་ཚོགས་དབུས། །ཕ་རོལ་ཟིལ་གྱིས་གནོན་པའི་ཚངས་པ་ཆེས། །བ་མོ་ཉི་མས་ཞུ་ལྟར་ཡིད་སྲུབས་དཔུང་། །མ་ལུས་ཐལ་བར་རློག་བྱེད་ཁྱོད་ལ་བསྟོད། །ཙ་ན་ཡིན་ཀྱང་མཐུན་པའི་དམ་རྫས་བསགས། །ཚ་གྲང་ཁྱད་དུ་གསད་པའི་བཀའ་ཐུབ་བསྟེན། །ཇ་རྦད་མཱ་རཱའི་བསྙེན་སྒྲུབ་ལས་སྦྱོར་གྱི། །ཝ་ལེར་ཏིང་འཛིན་གསལ་ན་ལྷ་ཁྱོད་དགོངས། །ཞྭ་ལྟར་མཐོ་བ་ཆེར་རློམ་དགྲ་བོའི་དཔུང་། །ཟ་མ་ཙམ་ཡང་འཇོག་པའི་ལོང་མེད་པར། །འ་འུར་ལས་ཀྱི་རླུང་ཤུགས་ཀྱིས་དེད་ནས། །ཡ་མ་རཱ་ཛའི་ཞལ་དུ་མྱུར་དུ་ཐོབ། །ར་གདེངས་རྡོ་རྗེ་ལྟ་བུར་རྒྱུ་སྦྱོར་སྲོག །ལ་ལ་མཱ་ཡིན་རྟག་ཏུ་མི་འགྱུར་བརྟན། །ཤ་སྟག་གཏན་མདུན་སྒྲུབ་པའི་ཆོས་བྱེད་ཀྱིས། །ས་ཆེན་ཁོང་ལ་ཐུབ་བསྟན་རྒྱས་པར་མཛོད། །ཧ་ལ་ལྟར་རྩུབ་ཆེར་སྙིགས་དུས་ངན་ནད། །ཨ་མྲྀ་ཏ་མཚུངས་ནུས་པས་གཞོམས་བྱས་ནས། །ཧ་ཧར་བཞེད་པའི་ཕུན་ཚོགས་དགའ་སྟོན་རྣམས། །ཨ་མྲྀའི་འབྲས་ལྟར་སྨིན་པའི་འཕྲིན་ལས་མཛོད། །རྒྱལ་ཀུན་འདུས་པའི་ངོ་བོ་པདྨ་འབྱུང་། །འཛམ་གླིང་ཆེ་བའི་རིག་སྔགས་འཆང་བ་དེས། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཡི་དཀྱིལ་འཁོར་དུ། །དབང་བསྐུར་བསྟན་པའི་སྲུང་མར་མ་བསྐོས་སམ། །ཧེ་རུ་ཀ་དཔལ་མི་ཡི་གཟུགས་འཛིན་པ། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་སུམ་པ། །ཉང་རལ་ཆོས་དབང་ལ་སོགས་བཀའ་གཏེར་གྱི། །རིགས་འཛིན་བརྒྱུད་པའི་དམ་ཚིག་རབ་དགོངས་ལ། །ཕན་བདེའི་འབྱུང་གནས་རྣམ་འདྲེན་བཞི་པའི་བསྟན། །བོད་སྐྱོང་རྒྱལ་པོའི་མངའ་ཐང་ཆབ་སྲིད་རྒྱས། །ལྗོངས་འདིར་ནད་མུག་འཐབ་རྩོད་ཉེས་པའི་ཚོགས། །ཡོངས་ཞི་སྐྱིད་པའི་ཉི་མ་གུང་(༡༤༣བ)


GLG011_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་མཛོད། ཁྱད་པར་སྲོང་བཙན་ཐུགས་དམ་ལྷ་ཀུན་དང་། །མཐའ་འདུལ་ཡང་འདུལ་རུ་གནོན་གཙུག་ལག་ཁང་། །བྱེ་བྲག་དཔལ་གྱི་ཁྲ་འབྲུག་རྟེན་བརྟེན་པ། །འགྲོ་བའི་བསོད་ནམས་ཞིང་དུ་དར་བར་མཛོད། །མདོར་ན་ཡོན་སྦྱོར་སྦྱིན་པའི་བདག་པོས་མཚོན། །བདག་ཅག་རྣམས་ཀྱི་འཕྲིན་ལས་རྣམ་པ་བཞི། །བསམས་པ་ཇི་བཞིན་ལྷུན་གྱིས་རབ་འགྲུབ་པའི། །བཀྲ་ཤིས་དགའ་སྟོན་ཕྱོགས་བཅུར་རྒྱས་པར་མཛོད། །ཅེས་ཁྲ་འབྲུག་གི་གནས་ཀྱི་སྲུང་མ་དཔལ་ལྡན་ཚངས་པ་ཆེན་པོས་སྡེ་བརྒྱད་གོ་རིམ་བསྒྲིགས་པའི་གསོལ་མཆོད་ཅིག་རྩོམས་ཤིག་པར་རྡོ་རྗེའི་གསུང་གིས་བསྐུལ་བ་དངོས་གཞི་འཕྲིན་ལས་དོན་བཅུ་མ་གྱེར་དགོས་པར་དེ་གའི་ཆ་ལག་ཏུ་སྦྱར་རུང་བའི་གསོལ་མཆོད་ཙམ་དུ་ཤིང་ཡོས་མགོ་ཟླའི་གྲལ་ཚེས་དགེ་བར་ཟ་ཧོར་གྱི་སྔགས་སྨྱོན་བཞད་པ་རྩལ་གྱིས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །སྔོན་ཚེ་ལངྐའི་སྒོ་སྲུང་ཆེན་པོ་པ། །དེང་སང་རྭ་སྒྲེང་རྒྱལ་སོཊ་གནས་སྐྱོང་མཁན། །ཕྱིང་དཀར་ཇོ་བོ་རྒྱལ་མཚན་འཁོར་བཅས་རྣམས། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། །རྙོག་མེད་དངས་པའི་ཆུ་ཀླུང་སྨན་ཆབ་མཚོ། །ཁྲག་དང་ཞག་གི་བཏུང་བ་ཆལ་ཆིལ་གཡོ། །ཐང་སྐྱེས་ཆུ་སྐྱེས་དབང་པོའི་མེ་ཏོག་དང་། །བརྒྱ་ཕྲག་ལྗོན་ཤིང་བསྲེགས་པའི་བསངས་དུད་འཁྲིགས། །རྩི་མར་འབྲུ་མར་རྐང་གི་སྒྲོན་མེ་སྦར། །དམ་རྫས་གཏོར་མ་བཤོས་བུའི་བྱེ་བྲག་སྤུངས། །སིལ་སྙན་དུང་ཆེན་རྔ་བོ་ཆེ་ཡི་སྒྲ། །རྔ་དང་གཡག་རྒོད་བྱ་ཁྱི་ཅེ་སྤྱང་སོགས། །གཅན་གཟན་རི་དྭགས་འདབ་ཆགས་ཕ་མཐའ་ཡས། །རྡོ་རྗེ་གོ་མཚོན་བསེ་ཕུབ་མདའ་མདུང་ཞགས། །སྤུ་གྲི་རལ་གྲི་མཚོན་ཆ་སྣ་ཚོགས་བསྒྲེང་། །དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ་བྱེད་ན། །སངས་རྒྱས་བསྟན་སྲུངས་རྣལ་འབྱོར་བདག་ཅག་གི(༡༤༤ན)


GLG011_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

། ནད་གདོན་བར་གཅོད་མི་མཐུན་ཕྱོགས་ཞི་ཞིང་། །ཚེ་དང་བསོད་ནམས་བཤད་སྒྲུབ་བྱ་བ་སོགས། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །གཏོར་མ་ཨ་ཀཱ་རོས་བསྔོས་ལ་འབུལ་ལོ། །ཞེས་པ་འདིའང་ལྷ་ཉིད་ཁོག་ཏུ་ཞུགས་ནས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །གཞོམ་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ནས། །འཁོར་འདས་རྒྱལ་པོ་པདྨ་ཐོད་ཕྲེང་རྩལ། །ཞབས་སེན་བུང་བ་གཙུག་ཏོར་འདབ་སྟོང་གི །གེ་སར་རྩེ་མོར་བྱང་ཆུབ་བར་དུ་བསྟེན། །ཁ་བའི་རྡུལ་བརྩེགས་ཀྱིས་བསྐོར་སྨན་གྱི་ལྗོངས། །ལེགས་སྐྱོང་བཅུ་གཉིས་བསྟན་མའི་སྒྲ་བོ་ཆེ། །ཕྱོགས་བྲལ་ལུས་ཕྲའི་རྣ་རྒྱན་འོད་འབར་ཡང་། །ཚུལ་བཞིན་རྟོགས་ཉུང་ཕལ་ཆེར་ན་ཡམས་ཙམ། །བདུད་མོ་མཆེད་ལས་རྡོ་རྗེ་ཀུན་བཟང་མ། །གངས་དཀར་སྐྱོང་བའི་ཡུམ་ཆེན་བཀྲ་ཤིས་ལྷ། །ཚེ་རིང་འབྱོར་བ་སྩོལ་དེའི་མཆོད་ཆོག་འཕྲིན། །དཔྱད་གསུམ་དག་པའི་རྒྱུད་མང་འདི་ནའོ། །དེ་ཡང་བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཉིད་སྐྱོང་བའི་བསྟན་མ་བཅུ་གཉིས་ཞེས་མཐུ་སྟོབས་རྫུ་འཕྲུལ་དཔག་པར་དཀའ་བ་རྣམས་རྗེ་ཁྲི་སྲོང་ལྡེའུ་བཙན་ཡན་ཆད་དུ་གཡུང་དྲུང་བོན་གྱིས་བསྟེན་པའི་ལྷ་ཡིན་ལ། སངས་རྒྱས་གཉིས་པ་ཨྱོན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་བཏུལ་ཞིང་དམ་ལ་བཏགས་པ་ནས་བཟུང་གསང་ཆེན་རྙིང་མའི་ཆོས་སྐྱོང་དུ་མཛད་པས་འཕྲིན་ལས་ཚོགས་ཀྱི་མཆོད་པའི་མཇུག་ཏུ་བསྟན་མ་སྐྱོང་བ་ངེས་པར་དགོས་ལ། རྗེ་བཙུན་མི་ལས་གཟུང་མར་མཛད་པའི་རྣམ་མགུར་ཚེ་རིང་མའི་སྐོར་གྱི་ལོ་རྒྱུས་ལ་བརྟེན་དྭགས་བརྒྱུད་པ་ཕྱོགས་ལ་གྲགས་ཆེ་ཡང་། བསྟན་མ་བཅུ་གཉིས་ཀྱི་ཁྲོད་དུ་ཡོད་པ་མ་རྟོགས་པར་ལྷ་ཟུར་པ་(༡༥༤བ)


GLG011_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ་འཁྲུལ་ཞིང་དེའི་རྒྱུན་འབྱམས་པས་རང་གཞན་མང་པོར་ཚེ་རིང་མཆེད་ལྔ་དང་བསྟན་མ་བཅུ་གཉིས་ཞེས་ན་ཡམས་སྨྲ་བ་ལ་སྙིང་པོ་མེད་མོད། འོན་ཀྱང་བླ་མ་སྔ་མ་འདྲས་སྒེར་དུ་གསོལ་རྒྱུན་བྱུང་བ་འདིར་མ་ཟད་བསྟན་མ་གཞན་ལའང་སྒོས་མགྲོན་དུ་བྱ་མི་རུང་བ་མ་ཡིན་པས་ལྷག་སྐྱོན་དུ་འགྱུར་བར་མི་སེམས། །དེ་ཡང་གཏེར་ཁ་གོང་འོག་སོགས་མང་པོར་གངས་ཀྱི་ཡུམ་ཆེན་བཀྲ་ཤིས་ཚེ་རིང་ལེགས་སྦྱོར་ཡི་གེའི་སེར་ཐང་སོགས་མཚན་གྱི་རྣམ་གྲངས་དང་སྐུ་མདོག་ཕྱག་མཚན་རྒྱན་ཆའི་རྣམ་འགྱུར་མི་འདྲ་བ་དུ་མ་བྱུང་བས་ཤེས་བྱ་མཐའ་བཀག་གི་གུ་དོག་མི་དགོས་ཤིང་། དེང་སང་ཡོངས་གྲགས་དང་ཉང་གཏེར་གཉིས་ཕྱོགས་མཐུན་པའི་རྗེས་སུ་འབྲངས། བསྐྱེད་ཆོག་དང་མཆོད་བསྟོད་གཏེར་ཁ་གཞན་ནས་ཀྱང་ཁ་བཀང་སྟེ་བགྱི་བ་ལ་མཆོད་གཏོར་སྤྱན་གཟིགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་འདུ་བྱས། ཐོག་མར་རང་ཉིད་ཁྲོ་བོའི་ང་རྒྱལ་བསྐྱེད་པ་ནི་གཏེར་ཁ་འོག་མའི་དགོངས་དོན་གྱི་སྙིང་པོ་བསྡུས་པ་འདི་ལྟ་སྟེ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས། པདྨ་ཉི་མ་རུ་ཏྲ་ཕོ་མོ་གན་རྐྱལ་ཁ་བུག་ཏུ་བསྣོལ་བའི་སྟེང་དུ་རང་ཉིད་སྐད་ཅིག་གིས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་དབུས་མཐིང་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་ཐོད་ཁྲགབར་པ་གཉིས་རྡོར་དྲིལ། ཐ་མ་གཉིས་ཞིང་དབྱུག་རི་རབ་བསྣམས་པ། དུར་ཁྲོད་ཀྱི་ཆས་ཀྱི་རྒྱན་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་བསམ། བདུད་རྩི་ནི། ཆོས་སྨན་ཆང་ལ་བཏབ་ན་བྱིན་རླབས་བྱ་མི་དགོས་ཤིང་མ་རྙེད་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་ན་ཕྱོགས་བཞིར་རིམ་(༡༥༥ན)


GLG011_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱང་སེམས་སེང་གེའི་ཤ་དྲི་ཆེན་གླང་པོ་ཆེའི་ཤ །ཤ་ཆེན་རྟའི་ཤ །པདྨ་རཀྟ་རྨ་བྱའི་ཤ །དྲི་ཆུ་ཁྱུང་ཤ །སྨན་བཟང་པོ་དྲུག་དང་བཅས་པ་དེའི་སྟེང་དུ་ཧཱུྃ་ཨཱོཾ་སྭཱ་ཨཾ་ཧཱ་མུཾ་ལཾ་མཾ་པཾ་ཏཾ་ལས་རིགས་ལྔ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་འདས་ཀྱི་རོ་བཅུད་རྣམས་བཀུག་པ་དང་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་ཏེ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་འདྲེས་པས་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་བསམ། ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ་ཞེས་ལན་གསུམ་མམ་བདུན་གྱིས་བྱིན་གྱིས་བརླབས། གཏོར་མ་ནི། རླུང་མེ་ཐོད་པའི་སྒྱེད་བུ་གསུམ་གྱིས་བཏེག་པའི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ་བའི་སྟེང་དུ་ཨཱོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བརྩེགས་པ་ལས་འོད་ཟེར་འཕྲོས་འཁོར་འདས་ཀྱི་ནུས་པ་ཐམས་ཅད་བསྡུས་ཏེ་ཡི་གེ་གསུམ་དང་ལྷན་ཅིག་པར་འོད་དུ་ཞུ་ནས་ཐིམ་པས་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་བསམ། ཨཱོཾ་ཨཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋ། རཀྟ་ནི། ཨཱ་ལས་ཐོད་པའི་ནང་དུ་ར་ལས་རྡོ་རྗེ་སྒེག་མོའི་མཁའ་ནས་རཀྟའི་རྒྱུན་བབས་ཏེ་གང་བས་ཉོན་མོངས་པ་འདོད་ཆགས་འཇོམས་པའི་ནུས་པ་དང་ལྡན་པར་བསམ། ཨཱོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ། ཉེར་སྤྱོད་བརླབ་པ་ནི། ཨཱོཾ་ལས་རིན་པོ་ཆེ་དང་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཕྱི་ནང་གི་ཉེར་སྤྱོད་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་སོ་སོའི་རྣམ་པར་གསལ་ཞིང་བྱེད་ལས་དང་ལྡན་པར་གྱུར། ཨཱོཾ་ཨརྒྷཾ་ནས་ཤབྡའི་བར་བརྗོད། རྟེན་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གངས་རི་དཀར་པོ་ཤེལ་དཀར་གྱི་རི་བོ་ལྟར་འོད་དུ་འཚེར་བ་ལ་རྐེད་པར་ན་བུན་འཁྲིགས་པ། ཆུ་ཀླུང་མང་པོ་དལ་གྱིས་འབབ་པ། གཡའ་ཆུ་སིལ་མ་དང་(༡༥༥བ)


GLG011_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ནེའུ་གསིང་གི་ལྗོངས་ཁ་དོག་སྣ་ཚོགས་པའི་མེ་ཏོག་བཀྲ་བ། ལྗོན་པའི་ཚལ་གྱི་རྩེ་མོར་བྱ་རྣམས་སྐད་སྙན་སྒྲོག་པ། ཕྱོགས་ཀུན་ཏུ་རི་དྭགས་དང་གཅན་གཟན་རྣམས་རྒྱུ་བ་སོགས་འཁོར་ཡུག་གི་ནང་དུ་ཧཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་སོ་སོར་ཨ་ལས་ཟླའི་དཀྱིལ་འཁོར་རེ་རེའི་སྟེང་དུ་དབུས་ནས་བརྩམས་ཏེ་གཡས་བསྐོར་དུ་མཾ་དཀར་མཐིང་སེར་དམར་ལྗང་ལྔ་ཡོངས་སུ་གྱུར་པ་ལས་དབུས་སུ་དཔལ་ལྡན་རྡོ་རྗེ་ཀུན་ཏུ་བཟང་པོ་ཚེ་རིང་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཁྲོ་འཛུམ་ཆགས་པའི་ཉམས་ཅན་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གདེངས་ཤིང་གཡོན་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། གཏེར་ཁ་གོང་མར་སྔོན་མོ་འོག་མར་དཀར་པོ་ལས་དམར་སེར་སོགས་གཏེར་གཞུང་ཚོར་སྐུའི་རྣམ་འགྱུར་ཕྱག་མཚན་མ་གཅིག་པ་སྣ་ཚོགས་པས་མཐའ་གཅིག་ཏུ་མ་ངེས་ཀྱང་སྐུ་མདོག་རིགས་འཛིན་ཡོལ་མོ་བའི་བྲིས་སྐུའི་རྗེས་སུ་འབྲངས་ཤིང་བདུད་མོ་བཞིར་སྤྱན་གསུམ་གནམ་སྐས་བྲག་གི་གཏེར་མར་བཤད་དོ། །དར་དཀར་དང་དར་དམར་གྱི་ཙེ་གོས་དང་དར་ལྗང་གི་ལྷབ་ལྷུབ་ཅན་དབུ་སྐྲ་གནག་སྣུམ་གྱི་ཐོར་ཚུགས་བཅིངས་པའི་ལྷག་མའི་ཟར་བུ་དཔུང་པའི་ཐད་དུ་སླེབ་པ་ནི་རིན་པོ་ཆེའི་པྲོག་ཞུ་སྙན་རྒྱན་མགུལ་རྒྱན་གདུ་བུ་སེ་མོ་དོ་དོ་ཤལ་འོག་པག་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སེང་གེ་དཀར་མོའི་སྟེང་ན་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱི་བཞུགས་པ། ཤར་གྱི་འདབ་མ་ལ་མཐིང་གི་ཞལ་བཟང་མ་སྐུ་མདོག་མཐིང་ཁ་ཞལ་གཅིག་ཕྱག་གཉིས་གཡས་པས་སྣང་སྲིད་གསལ་བའི་མེ་ལོང་དང་གཡོན་བ་དན་འཛིན་པ་རྐྱང་ལ་བཅིབས་པ། ལྷོའི་འདབ་མར་མི་གཡོ་བློ་བཟང་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་ཕྱག་གཡོན་པས་གསེར་གྱི་གཞོང་པ་ཟས་སྣ་ཚོགས་ཀྱིས་བཀང་བ་བཟུང་བ་ནས། གཡས་པས་སྒྲུབ་པ་པོ་ལ་སྩོལ་བའི་ཕྱག་རྒྱ་ཅན་སྟག་ལ་བཅིབས་པ། ནུབ་ཀྱི་འདབ་མར་ཅོད་པན་མགྲིན་བཟང་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ནོར་བུ་དང་གཡོན་གཏེར་གྱི་སྒྲོམ་བུ་འཛིན་(༡༥༦ན)


GLG011_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཤ་བ་ཡུ་མོ་ལ་བཅིབས་པ། བྱང་གི་འདབ་མར་གཏད་དཀར་འགྲོ་བཟང་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྩཱ་དཱུརྦ་དང་གཡོན་སྦྲུལ་ཞགས་འཛིན་ཅིང་གཡུ་འབྲུག་སྔོན་མོ་ལ་བཅིབས་པ། བཞི་གའང་ཞི་ཞིང་འཛུམ་ལ་ཡིད་ཙམ་ཁྲོས་པ་དབུ་སྐྲའི་ཐོར་ཚུགས་ལན་བུའི་ཟར་བུ་ཅན་དར་དམར་པོའི་སྟེང་དུ་དཀར་པོའི་ཙཻ་གོས་ལྷབ་ལྷུབ་ཏུ་བརྩེགས་པ་རིན་པོ་ཆེའི་ཐོད་དང་སྙན་ཆ་མགུལ་རྒྱན། །དོ་ཤལ་གདུ་བུ་སོགས་རྒྱན་ཐམས་ཅད་ཀྱིས་མཛེས་པར་བརྒྱན་པ་བདུད་མོ་དང་སྨན་མོ་སོགས་སྤྲུལ་པའི་འཁོར་དཔག་ཏུ་མེད་པས་བསྐོར་བར་བསམ། སྤྱན་དྲང་ཞིང་བཞུགས་སུ་གསོལ་བ་ནི། གཏེར་ཁ་འོག་མ། གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ བེར་དམར་གྱོན་ནས་ཕྱག་ན་ཐོད་ཁྲག་འཛིན༔ བོང་བུ་གྭ་པ་ཞོན་ནས་སྟོང་གསུམ་མྱུལ༔ བཙན་ཐོགས་འདུལ་ཕྱིར་ལ་ཕྱིའི་གངས་ནས་གཤེགས༔ ཧོཿ ནག་མོ་བཞིན་མི་སྡུག་གི་བདུད་མོའི་རིགས། །སྔོན་ཚེ་ཨ་སུ་ར་ཡི་བྲག་ཕུག་དབེན་གནས་སུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །བཤེས་གཉེན་རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་བསྒྱེལ་བའི་སྟེང་དུ་བཞག་ནས་ཀྱང་། གཏེར་ཁ་འོག་མ་ནས་མངའ་རིས་པཎ་ཆེན་གྱིས་བསྒྲིགས་པ་ལས་་དམིགས་བསལ་གྱི་ཟུར་དུ་ཕྱུངས། རྡོ་རྗེ་ལག་གཏད་བདུད་རྩི་ལྕེ་ལ་བཞག །དེ་ཚེ་ཁས་བླངས་དམ་ལས་མ་འདའ་བར། །ཚུར་གཤེགས་ཚུར་སྤྱོན་བོད་སྐྱོང་བསྟན་མ་རྣམས། །ཀུན་ཀྱང་ལྷབ་ལྷུབ་མང་པོ་བརྒྱན་དང་བཅས། །རོལ་མོ་སིལ་སྙན་མང་པོའི་སྒྲ་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བཅས་ཏེ་སྤྱོན། །འདིར་གཤེགས་དམ་སྐོང་འཕྲིན་ལས་གྲུབ་པར་མཛོད། །ཧཱུྃཿ སྔོན་ཉང་གཏེར་ལ་ཚིག་ཟུར་ཅུང་ཟད་བཅོས་པ་ཚེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་གྱི༔ སྤྱན་སྔར་ཐུགས་དམ་ཞལ་བཞེས་དམ་བཅས་པའི༔ བཀྲ་ཤིས་ཚེ་རིང་འཁོར་བཅས་གནས་འདིར་གཤེགས༔ སྔོན་ཚེ་བལ་པོ་ཁ་ལ་རོང་(༡༥༦བ)


GLG011_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཐུགས་དམ་ཞལ་བཞེས་དམ་བཅས་པའི༔ རྡོ་རྗེ་ཀུན་བཟང་འཁོར་བཅས་གནས་འདིར་གཤེགས༔ རང་རང་སྡེ་བརྒྱད་དུ་མའི་འཁོར་བཅས་རྣམས༔ དམ་ཅན་རྣལ་འབྱོར་སྒྲུབ་པོ་འཁོར་བཅས་ལ༔ ཐུཊ་ནི་བརྩེ་བས་རྗེས་སུ་ཉེར་དགོངས་ལ༔ སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཕྱི་ལྟར་གསར་རྩོམ། ཁ་བའི་རྡུལ་བརྩེགས་ཤེལ་དཀར་ནི། །ནང་དུ་ཡིད་འཕྲོག་རིན་ཅེན་ཕོ་བྲང་ནས། །འཆི་བདག་གཡུལ་ལས་རྒྱལ་བྱེད་ཀུན་བཟང་མ། །གཙོ་མོ་བཀྲ་ཤིས་ཚེ་རིང་གནས་འདིར་གཤེགས། །སྣང་ཞིང་སྲིད་པའི་ཆོས་ཀྱི་གཟུགས་བརྙན་ཀུན། །མ་འདྲེས་མེ་ལོང་ངོས་སུ་ཡོངས་ཤར་བས། །བཟང་ངན་པྲ་རྟགས་མ་ལུས་སྟོན་བྱེད་མ། །མཆེད་ཟླ་མཐིང་གི་ཞལ་བཟང་༝། །མཐོ་རིས་བདག་པོས་ལོངས་སུ་ཉེར་སྤྱོད་པ། །ཕུན་ཚོགས་རོ་བརྒྱས་གང་བའི་གསེར་གཞོང་ནས། །མི་འཛད་ཟས་ཀྱི་དངོས་གྲུབ་སྩོལ་མཛད་མ། །མཆེད་ཟླ་མི་གཡོ་བློ་བཟང་༝། །ལྷ་ཀླུ་གནོད་སྦྱིན་མི་ཡི་བང་མཛོད་ཁ། །ཕྱེ་ནས་གཏེར་གྱི་སྒྲོམ་བུ་ལེགས་བཀང་སྟེ། །འདོད་དགུའི་དཔལ་འབྱོར་མཐའ་དག་སྩོལ་བྱེད་མ། །མཆེད་ཟླ་ཅོད་པན་མགྲིན་བཟང་༝། །རྟ་མཆོག་གླང་ཆེན་མ་ཧེ་འབྲོང་གཡག་ལུག །ས་ལ་འཛུལ་དགུ་རི་དྭགས་འཕྱོ་དགུ་སོགས། །སྣ་ཚོགས་རྐང་བཞིའི་དངོས་གྲུབ་སྦྱིན་བྱེད་མ། །མཆེད་ཟླ་གཏད་དཀར་འགྲོ་བཟང་༝། །ཧཱུྃ་ལམ་འགྲེང་བ་ཛྲ་ཏིབ་ཏིབ་ཏིང་ཏིང་བཛྲ་ཨོཾ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བྷྱོཿ གཏེར་ཁ་འོག་མ་ལས་ཚིག་གཟུར་ཅུང་ཟད་བཅོས་པ། བདུད་མོ་ཆེན་མོ་གངས་ཀྱི་ཡུམ་ཆེན་མ༔ བཞིན་མི་སྡུག་གི་བུ་མོ་སེར་ནག་གྱོན༔ རྣལ་འབྱོར་དབང་གི་འཕྲིན་ལས་བསྒྲུབ་པའི་ཕྱིར༔ དམར་ནག་རོ་ཡི་གདན་ལ་བཞུགས་སུ་གསོལ༔ ས་མ་ཡ་ཕེབས། ཧཱུྃཿ གཏེར་ཁ་འོག་མ་ལས་ཅུང་ཟད་བཅོས་པ། ང་ནི་ཆེ་མཆོག་ཧེ་རུ་ཀ༔ སངས་རྒྱས་ཀུན་དང་མཉམ་སྦྱར་བའི༔ ཇི་སྙེད་(༡༥༧ན)


GLG011_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པའི༔ དད་པ་དང་ནི་དམ་ཚིག་གིས༔ མིང་སྲིང་བཞིན་དུ་དམ་བསྲེས་པའི༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ རྡོ་རྗེ་དྲི་ཆུ་བདུད་རྩི་མཆོག༔ པཉྩ་ཨ་མྲྀ་ཏ་སྦྱར་ཏེ༔ ལེགས་སྦྱོར་ཡི་གེའི་སེར་ཐང་མོ༔ ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས༔ ལྕེ་ལ་བདུད་རྩི་བཞག་ནས་ནི༔ སྔོན་ཚེ་ཇི་ལྟར་མནའ་བོར་བཞིན༔ ང་ཡང་དམ་ལས་མི་འདའོ༔ ཁྱེད་རྣམས་དམ་ལས་མ་འདའ་ཞིག༔ གལ་ཏེ་དམ་ལས་ཁྱོད་འདས་ན༔ ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས༔ སྙིང་ཁྲག་བཞོས་ཏེ་འཐུང་བར་བྱེད༔ དེ་བས་དམ་ལས་མ་འདའ་བར༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ བཛྲ་ཡཀྴ་ཧཱུྃ་ཧཱུྃ། མཆོད་པ་འབུལ་བ་ནི། བཅོམ་གཏེར་ཁ་འོག་མ་ལས་ཚིག་ཟུར་ཅུང་ཟད་བཅོས་པ། ལྡན་ཆེ་མཆོག་ཡབ་ཡུམ་དང་༔ ཉི་ཟླ་འོད་ཀྱི་དཀྱིལ་འཁོར་ན༔ གངས་ཀྱི་ཡུམ་ཆེན་འཁོར་བཅས་ལ༔ རྣམ་དག་བདུད་རྩིའི་དམ་བཅས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བྷྱོཿ གངས་ཀྱི་ཡུམ་ཆེན་འཁོར་བཅས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི། མཛེས་པ་མེ་ཏོག་དབུ་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ སྣང་གསལ་མར་མེ་སྤྱན་ལ་འབུལ༔ དམ་རྫས་གཏོར་མ་ལྗགས་ལ་འབུལ༔ ཐོད་རྔ་གླིང་བུ་སྙན་ལ་འབུལ༔ མི་ལྤགས་གཡང་གཞི་སྐུ་ལ་འབུལ༔ ཤ་ཆེན་སྤོས་ཀྱི་མཆོད་པ་འབུལ༔ ཞུན་ཆེན་མར་མེའི་མཆོད་པ་འབུལ༔ རྡོ་རྗེ་དྲི་ཆུ་བྱུག་པས་མཆོད༔ ཨཱོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝ་ཏེ། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ༔ བྷྱོཿ རང་བྱུང་ནང་མཆོད་འབུལ་བ་ནི༔ འབྲས་ཆེན་འཁུར་བ་ཟན་དང་ཆང༔ མི་ཤ་ལ་སོགས་ཤ་ལྔས་བརྒྱན༔ གཏི་མུག་ཤ་ནི་ཟན་ལས་ཞིམཿ (༡༥༧བ)


GLG011_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཁྲག་ནི་ཆང་ལས་ཞིམ༔ ཞེ་སྡང་ཀེང་རུས་རྫ་ལྟར་ཕུངས༔ ནང་གི་མཆོད་པར་བཞེས་སུ་གསོལ༔ མ་ཧཱ་པཱ་ཛ་ཧོ༔ བྷྱོཿ གཉིས་མེད་གསང་མཆོད་འབུལ་བ་ནི། ཟག་བཅས་ཕུང་པོ་རྣམ་པ་ལྔ༔ སྐུ་ཡི་མཆོད་པར་བཞེས་སུ་གསོལ༔ འདོད་ཆགས་ཞེ་སྡང་ཉོན་མོངས་ལྔ༔ གསུང་གི་མཆོད་པར་བཞེས་སུ་གསོལ༔ ཐིག་ལེ་དཀར་དམར་བདེ་གསལ་དབྱིངས༔ ཐུགས་ཀྱི་མཆོད་པར་བཞེས་སུ་གསོལ༔ བླ་མེད་གསང་བའི་བློ་བྲལ་དང་༔ བློ་དང་ལྡན་པ་སྣ་ཚོགས་རྣམས༔ གཟུང་འཛིན་མེད་པར་འབུལ་ལགས་ཀྱིས༔ དུག་གསུམ་ལུས་ངག་ཡིད་དང་གསུམ༔ སྐུ་གསུང་ཐུགས་ཀྱི་མཆོད་པར་བཞེས༔ མ་ཧཱ་པཱ་ཛ་ཧོ༔ ཐུགས་དམ་སྐོང་བ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་སྤྱན་གཟིགས་ས་དང་བར་སྣང་གི་ཁྱོན་གང་བ་སྐུ་གསུང་ཐུགས་དགྱེས་པ་བསྐྱེད་ཅིང་ཐུགས་དམ་གཉེན་པོ་དབྱིངས་སུ་སྐོང་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝ་རྟ་ཡ་ཧོཿབཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ་ཞེས་སྔཊ་རྒྱས་བྱིན་གྱིས་བརླབ། བྷྱོཿ གསར་རྩོམ། བརྒྱ་ཕྲག་ཆུ་བོ་འདུས་པ་རྙོག་མེད་ཀླུང་། །སྐྱེམས་དང་དྲི་མ་སེལ་བའི་རྫས་སུ་འབུལ། །པདྨ་ཨུཏྤལ་ལ་སོཊ་ཆུ་སྐྱེས་རིགས། །སྟོང་ཕྲག་ཆུན་པོ་དབུ་ཡི་ཐོད་དུ་འཆིང་། །ཤིང་སྣ་སྨན་སྤོས་སྦྱར་བ་དུད་པའི་སྤྲིན། །ལང་ལོང་ནམ་མཁའ་ཁྱབ་པས་ཉེར་ཚོགས་བསངས། །ཉི་ཟླ་མེ་ཤེལ་རྩི་མར་འབྲུ་བཅུད་ལས། །སྦར་བའི་སྒྲོན་མེའི་འོད་ཀྱིས་ཕྱོགས་ཀུན་གསལ། །ག་བུར་གུར་ཀུམ་དྲི་ངད་ཡོངས་འཐུལ་བའི། །བརླན་གཤེར་ཐུགས་ཀར་བྱུག་པའི་རྫས་སུ་འབུལ། །ལྷ་མིའི་བཟའ་བཅའ་རོ་མཆོག་བརྒྱ་ལྡན་པ། །ཞལ་ཟས་རི་བོའི་རྗེས་སུ་འགྲོ་བ་བཞིན། །སིལ་སྙན་རྫ་རྔ་(༡༥༨ན)


GLG011_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཆེན་གླིང་བུ་སོགས། །རྣ་བར་སྙན་ཅིང་བརྗིད་པའི་སྒྲ་དབྱངས་འཁྲོལ། །དམར་ཆེན་ཁྲག་གི་ཨརྒྷཾ་རྦ་ཀློང་འཁྲུག །མིག་སོགས་དབང་པོའི་མེ་ཏོག་འཕྲིག་ཅིང་འདར། །བེམ་རོ་བསྲེགས་པའི་ཁམ་ནག་དུད་སྤྲིན་གཏིབས། །ཚིལ་ཞུན་སྐྲ་སྡོང་ལས་སྦར་མར་མེའི་འཕྲེང་། ཁྲག་ཞག་མཁྲིས་པ་ཉེར་བསྲེས་དྲི་ཆབ་འཁྱིལ། །ཤ་ཁྲག་རུས་པའི་ལྷ་བཤོས་ཕྱུར་བུར་སྤུངས། །རྐང་གླིང་ཐོད་རྔ་གསང་བའི་རྔ་ཆུང་འཁྲོལ། །སེང་གེ་རྐྱང་སྟག་ཤ་བ་གཡུ་འབྲུག་སོགས། །སྣ་ཚོགས་བཞོན་པའི་ཁྱད་པར་ཇི་སྙེད་དང་། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུའི་རིགས། །རི་དྭགས་འཕྱོ་དགུ་སྲོག་ཆགས་བགྲང་ལས་འདས། །བཻཌཱུརྱ་པད་རཱག་དབང་སྔོན་མརྒ་ཏ། །གསེར་དངུལ་གཡུ་དང་མུ་ཏིག་ལ་སོགས་པ། །རིན་ཅེན་རྒྱན་དང་དར་ཟབ་ལས་གྲུབ་པའི། །ཙེ་གོས་ཡུག་གྱོན་ལ་སོགས་ན་བཟའི་རིགས། །རུས་རྒྱན་མགོ་ཕྲེང་ཞིང་ཆེན་གླང་སེང་དང་། །སྟག་ལྤགས་གཡང་གཞི་ལ་སོགས་དྲག་པོའི་ཆས། །བདུད་རྩི་བུམ་པ་ཀུན་གསལ་མེ་ལོང་དང་། །ཟས་ཀྱི་གཞོང་པ་རིན་ཅེན་གཏེར་གྱི་སྒྲོམ། །དཱུརྦ་སྦྲུལ་ཞགས་ཐོད་ཁྲག་འཁོར་ལོ་གྲི །ནོར་བུ་པདྨ་མདུང་ཐུང་དཔག་ཆེན་མདའ། །དགྲ་སྟ་རྩེ་གསུམ་ལྕགས་ཀྱི་ཐོ་བ་དང་། །ལྕགས་ཀྱི་གསལ་ཤིང་ལ་སོགས་སྣ་ཚོགས་མཚོན། །ཁྲབ་རྨོག་ཕུབ་དང་ཞོལ་བཏགས་འཇའ་རིས་ཅན། །ལྕགས་གཞིབས་ཀྱིས་མཚན་རང་སྲུང་སྲ་བའི་གོ ། ཕྱི་ནང་ཉེར་སྤྱོད་སྨན་གཏོར་ཁྲག་ཆང་སྐྱེམས། །ལྷུན་པོ་གླིང་བཞི་གླིང་ཕྲན་རིན་ཅེན་རི། །ཡོངས་འདུ་འདོད་འཇོའི་བ་དང་མ་རྨོས་འབྲུ། །རྒྱལ་སྲིད་སྣ་བདུན་གཏེར་ཆེན་བུམ་པ་བཟང་། །སྒེག་སོགས་བརྒྱད་དང་ཉི་ཟླ་རྒྱལ་མཚན་གདུགས། །མདོར་ན་ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཀྱིས། །དཔལ་ལྡན་བཀྲ་ཤིས་ཚེ་རིང་ཐུགས་དམ་བསྐང་། །པྲ་སྟོན་མཐིང་གི་ཞལ་བཟང་༝། །ཟས་སྟེར་མི་གཡོ་བློ་བཟང་༝། །ནོར་སྩོལ་ཅོད་(༡༥༨བ)


GLG011_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པན་མགྲིན་བཟང་༝། །རྐང་བཞི་སྤེལ་མཛད་གཏད་དཀར་༝། །བདུད་དང་སྨན་མོ་གནོད་སྦྱིན་གདུག་པའི་རིགས། །མ་ཚོགས་བཀའ་ཉན་འཁོར་གྱི་༝། །བདག་སོགས་མ་རིག་ནོངས་པའི་ཉེས་པ་ཀུན། །སྙིང་ནས་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཐུགས་དམ་གཉེན་པོ་དབྱིངས་སུ་སྐོངས་གྱུར་ནས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །བསྟོད་པ་ནི། ཧཱུྃཿ རྡོ་རྗེ་དབང་ཕྱུག་ཆོས་དབང་གི་གཏེར་བྱོན། ཡེ་ཤེས་ཁྲོ་རྒྱལ་གཙོ༔ གདུག་པའི་དབང་གིས་ཁྲོ་བོའི་སྐུར་བསྟན་པཿ དུར་ཁྲོད་ཆས་ཀྱིས་སྐུ་ལ་རབ་ཏུ་བརྗིད༔ ཕྱག་དྲུག་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ ཞབས་གཉིས་རུ་དྲའི་སྟེང་ན་སྟབས་ཀྱིས་བཞུགས༔ ཁྲོ་བོ་རྡོ་རྗེ་གནོད་སྦྱིན་སྐུ་ལ་བསྟོད༔ བོང་བུ་ཞོན་ནས་བདུད་དཔུང་གཡོབ་པར་བྱེད༔ གངས་ཀྱི་ཡུམ་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ བྷྱོཿ རབ་མཛེས་ཤེལ་གསར་རྩོམ། དཀར་ཞུན་མའི་ལྷུན་པོ་ལ། །འབུམ་ཕྲག་སྟོན་ཟླ་བྱུགས་འདྲའི་ཡིད་འཕྲོག་སྐུ། །དར་ཟབ་གོས་དང་ནོར་བུའི་རྒྱན་སྤྲས་པ། །ཚེ་ཡི་དཔལ་སྟེར་བཀྲ་ཤིས་ལྷ་མོར་བསྟོད། །འཇིགས་རུང་མཚོན་དང་མི་སྡུག་ན་བཟའ་གསོལ། །སྣ་ཚོགས་བཞོན་པས་སྟོང་གསུམ་སྐད་ཅིག་མྱུལ། །ལོག་འདྲེན་དགྲ་བོ་ཆམ་ལ་འབེབས་མཛད་མ། །མཐུ་སྟོབས་དབང་ཕྱུག་བདུད་མོ་ཆེ་ལ་བསྟོད། །ཞི་རྒྱས་དབང་དྲག་འཕྲིན་ལས་བསྒྲུབ་པའི་ཕྱིར། །མ་ངེས་སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན། །དཔག་པར་དཀའ་བའི་འཕྲུལ་ལྡན་གངས་ཀྱི་ཡུམ། །དཔལ་ལྡན་རྡོ་རྗེ་ཀུན་བཟང་མ་ལ་བསྟོད། །མཐའ་ཀླས་སྲིད་པའི་ཁོངས་སུ་སྣང་བའི་གཟུགས། །དྲི་བྲལ་མེ་ལོང་ངོས་ལ་པྲ་ཕབ་ནས། །བཟང་ངན་མ་ལུས་མ་འདྲེས་སྟོན་མཛད་པ། །མ་མོ་མཐིང་གི་ཞལ་བཟང་སྟོན་ལ་བསྟོད། །ཕུན་ཚོགས་རོ་བརྒྱ་བདའ་བ་ཟས་ཀྱི་གཡང་། །རིན་ཅེན་གསེར་གྱི་གཞོང་པར་ཡོངས་ཁུགས་པ། །ཅི་དགར་སྩོལ་ལ་གཏོང་བའི་སྒོ་འབྱེད་མཁན། །མ་མོ་མི་གཡོ་བློ་གྲོས་བཟང་ལ་བསྟོད། །རྨུགས་འཛིན་དབང་པོའི་གན་མཛོད་འབྱོར་པ་ཀུན། །རིན་ཅེན་སྒྲོམ་དུ་ཕྱུར་བུར་ཉེར་སྤུངས་ནས། །ཕུན་ཚོགས་འདོད་དགུའི་མཆོད་སྦྱིན་སྩོལ་མཁས་་(༡༥༩ན)


GLG011_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མ་མོ་ཅོད་པན་མགྲིན་པ་བཟང་ལ་བསྟོད། །སེང་གེ་རྐང་པ་བརྒྱད་ལྡན་གྱི་ལིང་རིགས། །རྟ་དྲེལ་གླང་པོ་ཁྱུ་མཆོག་རྐང་བཞིའི་ཚོགས། །ཀུན་བཟོད་ལྟ་བ་ཁྱབ་པར་སྤེལ་མཛད་པ། །མ་མོ་གཏད་དཀར་འགྲོ་བཟང་ཁྱོད་ལ་བསྟོད། །བཞིན་མཛེས་ལྷ་སྨན་གཟུཊ་དང་ཆགས་ཉམས་ཅན། །རེས་འགའ་མི་སྡུག་བདུད་མོ་གནོད་སྦྱིན་ཚུལ། །ཐོགས་མེད་ལས་ཀུན་སྒྲུབ་པའི་ཀིངྐ་ར། །བཀའ་ཉན་འཁོར་ཚོགས་རྒྱ་མཚོར་བཅས་ལ་བསྟོད། །འཕྲིན་ལས་འཆོལ་བ་ནི། །བྷྱོཿ སློབ་དཔོན་ཆེན་པོ་པད་མ་ཐོད་འཕྲེང་གིས། །བྲིན་གྱི་ལ་ཕྱི་ཆུ་དབར་གནས་མཆོག་ཏུ། །ལེགས་སྦྱོར་ཡི་གེའི་སེར་ཐང་མོ་ཁྱོད་ཀྱི། །གསང་མཚན་རྡོ་རྗེ་ཀུན་བཟང་མོ་རུ་བཏགས། །སློབ་དཔོན་རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་གདན་བཞག་དམ་ཚིག་མ་བསྒྲགས་སམ། །སྔགས་འཆང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས། །དབང་བསྐུར་བདུད་རྩི་ལྕེ་ལ་མབཞག་གམ། །གཏེར་སྟོན་ཉང་རལ་ཡབ་སྲས་ཆོས་ཀྱི་དབང་། །པདྨ་དབང་ཆེན་དམར་ཞབས་རལ་པ་དང་། །གྲགས་རྒྱན་བཀྲ་ཤིས་མཚན་ཅན་ཤེས་རབ་འོད། །ཆོས་བློ་དབང་ཕྱུག་བློ་གྲོས་བསོད་ནམས་སེང་། །འཇམ་བློ་དམ་པ་ཆོས་ཚུལ་ནམ་མཁའ་དཔལ། །འཇམ་དབྱངས་རྒྱལ་མཚན་པཎ་ཆེན་པདྨ་དབང་། །ལྷ་རིགས་ལེགས་ལྡན་རྡོ་རྗེ་མཁྱེན་བརྩེའི་ཞབས། །དབང་ཕྱུག་རབ་བརྟན་རྗེ་བཙུན་བཀའ་འགྱུར་བ། །བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ་སོགས། །དངོས་བརྒྱུད་བླ་མའི་སྤྱན་སྔར་ཞལ་བཞེས་བཞིན། །ཐུབ་པའི་བསྟན་དང་སྐྱེ་རྒུའི་བདེ་སྐྱིད་སྤེལ། །བདག་གི་ཆོས་དང་སྲིད་ཀྱི་འདོད་དོན་སྒྲུབས། ཁྱད་པར་ཁ་བས་བསྐོར་བའི་བོད་ཡུལ་འདིར། །མི་ནད་ཕྱུགས་ནད་མུ་གེ་དབུལ་ཕོངས་དང་། །སྟོད་སྨད་གདུག་པའི་དམག་དང་འཐབ་རྩོད་གཡུལ། །དུས་ཀྱི་ཆད་པ་མ་ལུས་ཞི་བར་(༡༥༩བ)


GLG011_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །བྱེ་བྲག་སྟོད་ཧོར་གློ་མོན་ལ་སོགས་ནས། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོའི་དཔུང་། །སྡེ་བཅས་ཤ་ཁྲག་ཚོགས་སུ་ཉེར་རོལ་ཏེ། །ཚེ་སྲོག་སྟོབས་འབྱོར་རྡུལ་དུ་བརླག་པར་མཛོད། །ལོ་ཏོག་སྦྲུམ་པ་མཐའ་བཞིའི་ལས་སྒོ་དང་། །སྒོ་གསུམ་སིམ་པའི་ཚོར་བ་རྟག་ཏུ་མྱང་། །རིང་པོར་འཚོ་སོགས་ལེགས་ཚོགས་མ་ལུས་པ། །བརྒྱད་ཁྲིའི་ཚེ་ལྡན་སྐྱེ་རྒུ་ལྟར་འཕེལ་མཛོད། །ཁྱད་པར་ལ་ཕྱི་ཆུ་དབར་ཡུལ་ཕྱི་འདིར། །ཀུན་མཁྱེན་བློ་བཟང་གྲགས་པའི་རིང་ལུགས་སྲོལ། །ལེགས་འཛིན་བསླབ་གསུམ་འཆད་པའི་འདུས་པའི་སྡེ། །སྐྱེ་རྒུའི་བསོད་ནམས་ཞིང་དུ་རྒྱས་པར་མཛོད། །མདོར་ན་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །ཡིད་ལ་འདོད་པ་འཇོ་བ་དཔག་བསམ་དབང་། །ཉེར་སྡུད་རེ་བའི་འབྲས་བུ་མ་ལུས་པ། །སྨིན་པའི་དགའ་སྟོན་དར་བའི་འཕྲིན་ལས་མཛོད། །གསོལ་མཆོད་ནི། ཕྱེ་གཙང་མར་སྨན་སྤོས་བཏབ་ཅིང་མར་ཆང་གིས་བརྫིས་པའི་བཤོས་བུ་གཙོ་འཁོར་ལྔ་པའམ་རྒྱས་པར་སྤྲོ་ན་སྣོད་སོ་སོར་རྒྱན་གྱིས་མཛེས་ཤིང་ཁ་ཟས་སྣ་ཚོགས་ཀྱིས་བསྐོར་བར་མདའ་དར་བཙུགས་པ་རྒྱ་ཕོར་བཟང་པོ་ཆང་གིས་བཀང་བར་མར་གྱི་ཟེ་སྒྲོན་བྱས་པ། གཞན་ཡང་མཆོད་བསྐང་གི་གཏོར་མའི་ཕབས་དང་ཚོགས་ཀྱི་ཕུད་དང་མཐུན་རྫས་རྣམས་བཤམས་པར་བསངས་སྦྱངས་བྱིན་གྱིས་བརླབས་ལ། ཨཱོཾ་མཆོད་དོ་ཕུད་ཀྱི་མངའ་བདག་རྒྱལ་བ་དགོངས་བརྒྱུད་རིགས་འཛིན་བརྡ་བརྒྱུད་གང་ཟག་སྙན་བརྒྱུད་སྨོན་ལམ་དབང་བསྐུར་བརྒྱུད་པ་བཀའ་བབས་ལས་འཕྲོ་བརྒྱུད་པ་ཤོག་སེར་ཚིག་གི་བརྒྱུད་པ་སོགས་དངོས་བརྒྱུད་ཀྱི་བླ་མ་སྤྱི་དང་ཁྱད་པར་སློབ་དཔོན་པདྨ་ཐོད་འཕྲེང་གནུབས་ཆེན་སངས་རྒྱས་ཡེ་ཤེས་སློབ་དཔོན་རླངས་ཆེན་དཔལ་སེང་མངའ་བདག་ཉང་རལ་ཡབ་སྲས་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་སོགས་སྒོས་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། དཀོན་ཅོག་གསུམ་འདུས་ཡི་དམ་(༡༦༠ན)


GLG011_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོཊ། ཁྱད་པར་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་ཕྱི་ནང་གསང་བའི་དམ་ཅན་རྒྱ་མཚོ་རྣམས་ལ་དམ་རྫས་རྒྱན་ལྡན་གཡོས་སུ་སྦྱར་བ། གསེར་སྐྱེམས་སྨན་གྱིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་བཤད་སྒྲུབ་ཀྱི་བསྟན་པ་དང་། དེ་ཚུལ་བཞིན་དུ་འཛིན་པའི་སྐྱེས་བུ་མདོ་སྔགས་ཀྱི་སྡེ་གཉིས་དང་འགྲོ་བའི་ཕན་བདེ་རྒྱས་པ་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྩལ་དུ་གསོལ། ཕུད་གཏོར་རོལ་མོ་དཀྲོལ་བའི་འོག་མར་འགྲོ། ཧོཿ སྨན་བཙུན་མཛེས་མའི་ཚུལ་གྱིས་ཞི་བའི་ལས། གཟི་འབར་བརྗིད་ལྡན་ཉམས་ཀྱིས་རྒྱས་པའི་ལས། རྗེས་ཆགས་དབང་གི་མདངས་ཀྱིས་འགུགས་པའི་ལས། འཇིགས་རུང་བདུད་མོའི་གཟུགས་ཀྱིས་དྲག་པོའི་ལས། ཐོགས་མེད་དུ་བསྒྲུབ་པ་དཔལ་ལྡན་བཀྲ་ཤིས་ཚེ་རིང་། གསང་མཚན་གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མར་དམ་རྫས་རྒྱན་ལྡན་གཡོས་སུ་སྦྱར་བ། གསེར་སྐྱེམས་སྨན་གྱིས་བྲན་པའི་ཕུད་ཀྱི་མཆོད་པ་འདིས་གསོལ་ལོ་མཆོད་དོ་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་དང་བསྟན་དང་འགྲོ་བའི་ཕན་བདེ་དར་ཞིང་ཁྱད་པར་བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་མི་ཕྱུགས་ཀྱི་ནད་རིམས་མུ་གེ་འཐབ་རྩོད་འཁྲུག་ལོང་སྟོད་ཧོར་སོགས་མཐའ་དཔུང་གི་འཇིགས་པ་མཐའ་དག་ཞི་བ་དང་། ལོ་ཕྱུགས་ལེགས་པ་མཐའ་བཞིའི་ལོངས་སྤྱོད་འདུ་བ་ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བ་དང་། ཡང་སྒོས་རྒྱུ་སྦྱོར་སྦྱིན་པའི་བདག་པོ་དང་བཅས་པ་རྣམས་ལ་འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ། ཕུད་གཏོར་བ་སོགས་འགྲོ། བྷྱོཿ གཙོ་མོ་དཔལ་ལྡན་ཀུན་བཟང་མའི་མཆེད་འཁོར་མཐིང་གི་ཞལ་བཟང་མར་དམ་རྫས་རྒྱན་ལྡན། ཞེས་པ་ནས་རྒྱུ་སྦྱོར་སྦྱིན་པའི་བདག་པོ་དང་བཅས་པ་(༡༦༠བ)


GLG011_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྣང་སྲིད་གསལ་བར་སྟོན་པའི་པྲའི་དངོས་གྲུབ་སྩལ་དུ་གསོལ། མཐིང་གི་ཞལ་བཟང་མའི་ཚབ་ཏུ་མི་གཡོ་བློ་བཟང་མ་དང་། མཐའི་འདོད་གསོལ་ལྷ་དང་མིའི་རོ་བརྒྱ་བདའ་བའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། དེ་བཞིན་དུ་ཅོད་པན་མགྲིན་བཟང་མར་ལྷ་ཀླུ་གནོད་སྦྱིན་མིའི་ཕུན་ཚོགས་ནོར་གྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གཏད་དཀར་འགྲོ་བཟང་མར། རྟ་དང་ཁྱུ་མཆོག་མ་ཧེ་སོགས་རྐང་བཞི་སྲོག་ཆགས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། བྷྱོ༔ གངས་ཀྱི་ཡུམ་ཆེན་མཆེད་བྲན་འཁོར་བཅས་རྣམས། །ཕྱི་ནང་གསང་བས་མཆོད་བསྟོད་གསོལ་བ་འདི། །སྔར་བཅོལ་ལས་རྣམས་འགྲུབ་པའི་གཏང་རག་དང་། །སླད་ནས་སྒྲུབ་པའི་རྟེན་དུ་འབུལ་བྱེད་ན། །དཀོན་ཅོག་རྟེན་གྱི་བཞུགས་གནས་གནྡྷོ་ལ། །བཤད་དང་སྒྲུབ་པ་ལྷུར་ལེན་འདུས་པའི་སྡེ། །རྣམ་གསུམ་འཁོར་ལོའི་བྱ་བ་མ་ལུས་པ། །སྲིད་མཐའི་བར་དུ་མི་ཉམས་འཕེལ་བ་དང་། །སངས་རྒྱས་སྲས་དང་སློབ་མར་བཅས་པ་ཡི། །ཐུགས་རྗེས་གདུགས་དཀར་གྲིབ་བསིལ་ཁོར་ཡུག་འོག །འཇིག་རྟེན་གསུམ་གྱི་སྡུག་བསྔལ་ཚ་གདུང་ཀུན། །རབ་ཞི་སིམ་པའི་ཚོར་བ་རྟག་ཏུ་མྱོང་། ཁྱད་པར་དུམ་བུ་བཅུ་གཉིས་ལས་ཀྱི་སའི། །འགྲོ་རྣམས་རྫོགས་ལྡན་སྐྱེ་བོ་ཇི་བཞིན་དུ། །མི་དགེ་དེ་འབྲས་མིང་ཡང་རབ་སྤངས་ཤིང་། །དགེ་ལེགས་གསར་བའི་དཔལ་གྱིས་ཁྱབ་པར་མཛོད། །ལ་ཕྱི་གངས་ཀྱི་ར་བས་ཡོངས་བསྐོར་འདི། །གསང་དུ་ཉེར་བསྐྲུན་ཐུབ་པའི་རྗེས་འཇུག་སྟེ། །བསླབ་གསུམ་རྣམ་དག་གསེར་གྱི་དྲ་བ་ཡིས། །ལེགས་བརྒྱན་ཐོས་བསམ་ལུས་སྟོབས་ཉེ་བར་རྒྱས། །ལུང་རྟགས་ཤལླི་ཀ་ཡི་ནགས་ཡངས་པོར། །བག་ཡོད་ཁྲིམས་ཀྱིས་ལྷོད་པར་རབ་རྒྱུ་ཞིང་། །བུ་རམ་ཤིང་བའི་རིང་ལུགས་མི་སྟོང་ཅན། །འདེགས་པའི་སྐལ་པ་བཟང་པོར་འཇུག་པར་མཛོད། །ཅེས་སོགས་འདོད་དོན་གྱི་འཕྲིན་ལས་(༡༦༡ན)


GLG011_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འཆོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་བྱའོ། །མཚོ་སྐྱེས་རྡོ་རྗེ་གནུབས་ཆེན་དཔལ་སེང་ཞབས། །ཉི་མ་འོད་ཟེར་ཆོས་ཀྱི་དབང་ཕྱུག་སོགས། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་མཛད་པའི། །དངོས་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཞི་དང་ཁྲོ་བོའི་བདེ་བར་གཤེགས་པ་ཀུན། །མ་ལུས་འདུས་པ་སྒྲུབ་པ་སྡེ་བརྒྱད་སོགས། །མཆོག་མཐུན་དངོས་གྲུབ་ཆར་ལྟར་འབེབས་མཛད་པ། །ཡི་དམ་ལྷ་ཚོགས་རྣམས་༝། །གངས་ཅན་ར་བ་དཀར་པོའི་ཁོར་ཡུག་གི །འགྲོ་རྣམས་བདེ་བར་སྐྱོང་བའི་མཐུ་རྩལ་ཅན། །རྡོ་རྗེ་ཀུན་བཟང་མཆེད་བྲན་ཕོ་ཉར་བཅས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་༝། །གཞན་ཡང་ཤིས་བརྗོད་ཅི་རིགས་པ་བྱའོ། ཁུངས་མེད་འགལ་དུམ་སྤེལ་བའི་ཡིག་ནག་དང་། །དམ་རྫས་གནད་གསང་མི་ཤེས་མཆོད་བསྟོད་བསྐང་། །བྱ་བྲལ་ཟག་ཟོག་བློས་བྱས་རྗེས་འབྲངས་ནས། །འབན་བཙུན་ཆང་གྲལ་གྱེར་བ་དེས་ཀྱང་ནོངས། །རྒྱལ་ཀུན་འདུས་པ་རྔ་ཡབ་གླིང་པ་ཡི། །ཟབ་གཏེར་བསྟན་མའི་སྒྲུབ་ཐབས་མཆོད་འཕྲིན་ནས། །ཕྱུང་ལས་ཨ་མའི་རྨི་ལམ་ཨ་མའི་ཉམས། །བཟང་བཟང་རྫུན་གྱི་མཆོད་འཕྲིན་འདི་ན་མེད། །དེ་ཕྱིར་དཔྱད་གསུམ་དག་པའི་ཞིང་ས་ལ། །མ་ཚོགས་དགའ་སྟོན་རྒྱས་པ་མྱུ་གུའི་བསྐྱེད། །དམ་སྐོང་ཆར་གྱིས་སྦྲན་པའི་འབྲས་བུའི་ཚོགས། །རབ་བསྡུས་བདེ་སྐྱིད་ལོངས་སྤྱོད་འཕེལ་བར་ཤོག །ཅེས་རྡོ་རྗེ་ཀུན་བཟང་མའི་གསོལ་མཆོད་དཔྱད་གསུམ་དག་པའི་རྒྱུད་མང་ཞེས་པ་འདི་ནི་ལ་ཕྱི་ཆུ་དབར་དུ་ཞྭ་སེར་འཆང་བའི་སྡེ་བཙུགས་པའི་ཆོས་སྐྱོང་བློ་བཟང་སྦྱིན་པས་རྩོམས་ཤིག་པར་བརྟེན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་(༡༦༡བ)


GLG011_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་དགེ་ལེགས་སོ། །ཧཱུྃཿ པདྨ་ཐོད་ཕྲེེང་རྟ་མགྲིན་དབང་གི་རྒྱལ། །གསང་བདག་ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཞལ་བཞེས་དམ་བཅས་སྐུ་ཡི་རྒྱལ་པོ་ནི། །ཚུར་སྤྱོན་བམ་ཆེན་བརྩེགས་པའི་གདན་ལ་བཞུགས། །ལྷ་ཁྱོད་དགྱེས་པ་བསྐྱེད་པའི་དམ་ཚིག་རྫས། ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་འཁྲིགས། །ཤ་ཆེན་དུད་པ་ཚིལ་ཆེན་མར་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་ཁྲག་རུས་པའི་བཤོས། །ཐོད་རྔ་རྐང་གླིང་དུང་ཆེན་སྙན་པའི་སྒྲ། །བདུད་རྩི་སྨན་མཆོད་དམར་ཆེན་གཏོར་མ་སྤུངས། །རཀྟས་ལང་ལོང་ཁོལ་བའི་བཏུང་བ་རྣམས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའ་བཀང་སྟེ་འབུལ། །མོན་བུ་པུ་ཏྲ་སྐུ་མདོག་མུན་ལྟར་གཏིབས། །མོན་ཏིའི་གོས་དང་དར་ནག་ཐིབ་ཞུ་ཅན། །གསེར་གྱི་རྡོ་རྗེ་ཤེར་ཤིང་གསེག་ཤང་བསྣམས། །སེང་གེ་ལ་ཞོན་རོལ་དུ་དོམ་ནག་ཁྲིད། །སྟག་གཟིག་དོམ་དྲེད་སྣ་ཚོགས་ཕོ་ཉར་གཏོང་། །སྤྲུལ་པ་དགྲ་བཅོམ་གསང་ཡུམ་རོ་ལངས་མ། །བློན་པོ་བྱ་ཁྲིད་མིག་གཅིག་ལ་སོགས་པ། །འཁོར་བཅས་གསོལ་ལོ་མཆོད་དོ་འཕྲིན་ལས་སྒྲུབས། །སྐུ་ཡི་རྒྱལ་པོ་འཁོར་དང་བཅས་རྣམས་ཀྱིས། །བདག་སོགས་རྣམས་ཀྱི་ནད་གདོན་བར་ཆད་ཞི། །ཚེ་དང་བསོད་ནམས་བཤད་སྒྲུབ་ལེགས་ཚོགས་ཀུན། །བསམས་པ་བཞིན་དུ་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་པ་འདི་ཡང་སྔགས་བན་བློ་བཟང་མཐུ་སྟོབས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཨིནྡྲ་ནཱི་ལའི་རི་བོང་རྟ་ལྗང་ཅན། །རབ་བྱུགས་གར་དགུའི་ཉམས་ཀྱིས་རྣམ་རོལ་བ། །གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་མཐུ་བོ་ཆེ། །རྡོ་རྗེ་བདུད་འདུལ་ཁྱོད་ལ་བདག་བསྟོད་དོ། །ཏིང་འཛིན་མི་གསལ་དམ་རྫས་ཉམས་དང་ཆད། །ཆོ་ག་མ་དག་འཁྲུལ་པའི་དབང་གྱུར་སོགས། །ཉེས་པར་བྱས་ཀུན་ལྷ་ཁྱོད་སྤྱན་(༡༦༢ན)


GLG011_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་རུ། །མཐོལ་ཞིང་བཤགས་ནས་ཚངས་པའི་དངོས་གྲུབ་སྩོལ། །སྒོམ་བཟླས་མཆོད་དང་ཐུགས་དམ་རྒྱུད་བསྐུལ་ནས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་པ། །ཇི་ལྟར་བསམས་པ་བཞིན་དུ་འགྲུབ་པར་མཛོད། །ཅེས་པའང་རྗེ་བླ་མའི་བཀའ་སྩལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །པད་ཉི་ཚོགས་ཀྱི་བདག་པོའི་སྟེང་། །རང་སེམས་ཧཱུྃ་ཡིག་ཡོངས་གྱུར་ལས། །ཕྱག་དྲུག་མགོན་པོ་སྲིན་པོའི་གཟུགས། །གྲི་གུག་ཐོད་ཕྲེང་ཅང་ཏེའུ་གཡས། །ཐོད་ཁྲག་རྩེ་གསུམ་ཞགས་པ་གཡོན། །སྐམ་རློན་ཐོད་ཕྲེང་གླང་ལྤགས་དང་། །ཞིང་ཆེན་སྟག་ཤམ་རུས་རྒྱན་སྦྲུལ། །སིནྡྷུ་ར་ཡི་ཐིག་ལེས་སྤྲས། །མེ་དཔུང་འབར་བའི་དབུས་བཞུགས་པའི། །གཡོན་དུ་ལྷ་མོ་རེ་མ་ཏཱི། །ལུས་དང་གྲིབ་མའི་ཚུལ་བཞིན་འགྲོགས། །གནོད་སྦྱིན་བཞི་སོགས་འཁོར་གྱིས་བསྐོར། །ཐུགས་ཀར་ཧཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་ས་མཱ་ཛཿ། །དམ་ཚིག་པ་དང་གཉིས་མེད་གྱུར། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་ཚོགས། །ཞལ་ཟས་རོལ་མོ་བ་ལིནྟ། །བདུད་རྩིར་བཅས་པ་ལེགས་འབུལ་གྱི། །བཞེས་ནས་དངོས་གྲུབ་རྣམ་གཉིས་སྩོལ། །ཐུགས་ཀའི་སྔགས་ཕྲེང་ས་བོན་ལས། །འོད་འཕྲོས་གདུག་ཅན་མ་ལུས་བསྒྲལ། །སེམས་ཅན་དོན་བྱས་སངས་རྒྱས་མཆོད། །བྱིན་རླབས་དངོས་གྲུབ་བདག་ཐིམ་བསམ། །སྔགས་རྣམས་བཟླ། དགེ་འདིས་མྱུར་མཛད་མགོན་པོ་ཡིས། །སྐྱེ་བ་ཀུན་ཏུ་རྗེས་བཟུང་ནས། །བར་ཆད་མ་ལུས་ཞི་བ་དང་། །མཆོག་ཐུན་དངོས་གྲུབ་འགྲུབ་པར་ཤོག །ཅེས་པའང་འཕྱོང་རྒྱས་བློ་བཟང་དགེ་འདུན་གྱི་ཁ་ཏོན་དུ་འདི་འདྲ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་(༡༦༢བ)


GLG011_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་གྲགས་པའོ། །ཨོཾ་སྭ་སྟི། འདིར་གནམ་མཚོ་དང་འདམ་སོགས་ཀྱི་ཚེར་མལ་རྣམས་སུ་ཉེ་བར་མཁོ་བའི་མཆོད་པ་མདོར་བསྡུས་ལག་ཏུ་བླང་བ་ལ། རས་དཀར་རམ་གཡང་ཤུན་ལྟ་བུ་དྲི་མ་མེད་པའི་སྟེང་དུ་གསེར་དངུལ་ཟངས་ཤིང་སོགས་ལས་གྲུབ་པའི་སྣོད་གཙང་མར་ཕྱེ་ཕྱུར་བུར་སྤུངས་པའི་སྟེང་དང་ཕྱོགས་བཞིར་མར་གྱིས་སྒྲོན་པའི་ཕྱེ་མར། སྣོད་ཅིག་ཏུ་འོ་མ་ལ་ཙནྡན་དཀར་དམར་བཟང་དྲུག་དང་། ཀ་ར་བུ་རམ་སྦྲང་རྩི་སོགས་བཏབ་པའམ། མ་འབྱོར་ན་འོ་མ་ཙམ་དང་དེ་མིན་དར་བ་ཕྱུར་ཁུ་གཙང་མས་ཀྱང་འཐུས། སྣོད་ཅིག་ཏུ་ཆང་ལ་གསེར་སོགས་རིན་པོ་ཆེ་གཙང་མ་བཏབ་པའམ་མ་རྙེད་ན་ཆང་གཙང་མས་ཀྱང་གོ་ཆོད། སྣོད་ཅིག་ཏུ་ཇ་བཀོལ་ཟིན་པའམ་ཡང་ན་ཆུ་ལ་ཇའི་ཕྱེ་མ་བཏབ། མར་མེ་སྤར་དཀར་མོའི་ལག་གཡས། མདའ་ལ་དར་ཚོན་སྣ་ལྔ་བཏགས་པ་རྣམས་དང་། འབྱོར་ཞིང་རྒྱས་པར་བྱེད་ན་རྟ་གཡག་ར་ལུག་གོ་མཚོན་སྤྱན་གཟིགས་ཀྱི་རིགས་ཀྱང་བཤམ། བསངས་ཆས་ལ། སྤ་མ། བ་ལུ། སུ་ལུ། ཤུག་པ། སྟག་པ། མཁན་པ། སྤོས་དཀར། ཨ་ཀ་རུ། དྲི་བཟང་བའི་རིགས་གང་འབྱོར་གསོག །མཆོད་རྫས་རྣམས་ཆུ་གཙང་གིས་སྦྲན། སངས་རྒྱས་ཆོས་ཚོགས་མ་ལྟ་བུས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་རང་ཉིད་སྐད་ཅིག་གིས་པད་ཉིའི་གདན་ལ་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་གྲི་གུག་དང་ཐོད་པ་འཛིན་པ། ཡུམ་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའི་སྐུ་ཅན་དུ་གྱུར། མཆོད་རྫས་ལ་དམིགས་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་དངས་ཤིང་ཐོགས་པ་མེད་པ། མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཡུལ་(༡༦༣ན)


GLG011_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཞི་བདག་འགོ་བའི་ལྷ་ཚོགས་ཐམས་ཅད་ཀྱི་དབང་པོ་དྲུག་ལ་རྨད་དུ་བྱུང་བའི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། རང་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་གནམ་མཚོ་དང་འདམ་ཤོད་སྣར་མོ་སོགས་བྱང་རྒྱུད་ཀྱི་རི་བྲག་མཚོ་རྩི་ཤིང་ནགས་ཚལ་ལ་གནས་པའི་ཡུལ་ལྷ་གཞི་བདག་ལྷ་ཀླུ་ཐམས་ཅད་སྐད་ཅིག་གི་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཀྱེ། སྟེང་ཕྱོགས་ཚངས་པ་འཕྲུལ་གྱི་གཞལ་ཡས་དང་། །འདམ་ཤོད་སྣར་མོ་ལ་སོགས་གནས་རྣམས་ནས། །གཉན་ཆེན་ཐང་ལྷ་དྲི་ཟའི་རྒྱལ་པོ་ཆེ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་གནས་འདིར་གཤེགས། །གནམ་མཚོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་སོགས། །བསྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་། །ཡང་མ་བཅུ་གཉིས་ཏིང་ཏིང་ཏིང་མོ་སྨན། །མདོར་ན་བྱང་རྒྱུད་སྟོད་སྨད་ལ་གནས་པའི། །ལྷ་ཀླུ་གནོད་སྦྱིན་བདུད་དང་རྒྱལ་བཙན་སོགས། །སོ་སོའི་ཡུལ་གྲུར་དབང་བའི་གཞི་བདག་ཀུན། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། །རང་རང་དགྱེས་པའི་སྟན་ལ་བརྟན་པར་བཞུགས་། །དྲི་ཞིམ་དུད་པ་དབྱར་དུས་ཆར་བཞིན་དུ། །ལང་ལོང་གཡོ་བའི་ཕྱོགས་བཅུར་ཁྱབ་པ་ཡི། །ཡུལ་ལྷ་གཞི་བདག་རྣམས་ལ་མི་གཙང་བའི། །ཉམས་གྲིབ་འཕོག་ཐུག་ཉེས་ཚོགས་བསངས་གྱུར་ཅིག །ཕྱེ་མར་རོ་བརྒྱ་ལྡན་པའི་བཤོས་བུ་ཡིས། །ལྗགས་ཀྱི་དབང་པོ་ཀུན་ནས་ཚིམ་གྱུར་ཅིག །འོ་ཆོལ་ཇ་ཆང་བཏུང་བའི་ཚོགས་རྣམས་ཀྱིས། །གཞི་བདག་མ་ལུས་ངོམས་ཤིང་ཚིམ་གྱུར་ཅིག །ལུག་ཤ་ལག་གཡས་མདའ་དར་སྣ་ལྔ་དང་། །རླུང་གི་ཤུགས་ལྡན་རྟ་མཆོག་སྒ་ཆས་སྤྲས། །དབང་སྔོན་རྭ་གདེངས་འབྲོང་གཡག་ཞོལ་ཆེན་ངུར། །འོ་མའི་རྒྱུན་འཛིན་མཛོ་མོ་འདོད་འཇོ་བ། །ར་ལུག་བྱ་ཁྱི་གཅན་གཟན་རི་དྭགས་ཚོགས། །རང་སྲུང་སྲ་མཁྲེགས་རྡོ་རྗེ་འབར་བའི་(༡༦༣བ)


GLG011_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གོ །ཕ་རོལ་དཔུང་འཇོམས་སྣ་ཚོགས་མཚོན་ཆའི་རིགས། །དར་གྱི་ཙེ་བེར་ཐོད་དང་རིན་པོ་ཆེ། །རུས་པ་སྦྲུལ་ཆུན་ལ་སོགས་སྣ་ཚོགས་རྒྱན། །སེང་གླང་སྟག་གཟིག་མི་ལྤགས་གཡང་ཤུན་གོས། །འཇའ་ཚོན་ལྟར་བཀྲ་ཟ་འོག་བེར་པོ་ཆེ། །སོ་སོར་མཐུན་རྫས་དངོས་བཤམས་ཡིད་སྤྲུལ་འབུལ། །གཟུགས་མཛེས་གར་གྱི་མཆོད་པ་སྤྱན་ལ་འབུལ། །རབ་སྙན་སྒྲ་ཡི་མཆོད་པ་སྙན་ལ་འབུལ། །དྲི་ཞིམ་སྤོས་ཀྱི་དུད་པ་ཤངས་ལ་འབུལ། །ལྷ་མིའི་ཟས་སྐོམ་བདུད་རྩི་ལྗགས་ལ་འབུལ། །རེག་ན་བདེ་བའི་ན་བཟའ་སྐུ་ལ་འབུལ། །འདོད་ཡོན་སྣ་ལྔས་ཐུགས་དམ་སྐོང་གྱུར་ཅིག །ཐུགས་དམ་སྐོངས་ལ་འགལ་རྐྱེན་བར་ཆད་སོལ། །ལུས་དང་གྲིབ་མ་ལྟར་འགྲོགས་བསྲུང་སྐྱོབ་མཛོད། །བདག་སོགས་མ་རིག་རྨོངས་པའི་ལས་དབང་གིས། །གཉན་སར་དམར་བཤས་བྱས་དང་བཤང་བ་དོར། །དཀར་དམར་ཐབ་གཞོབ་བཏང་དང་མཚོ་གཉན་དཀྲུགས། །ཤིང་གཉན་བཅད་སོགས་འཕོག་ཐུག་མ་ལུས་པ། །ཉེས་པའི་ཚོགས་ཀུན་སྙིང་ནས་མཐོལ་ཞིང་བཤགས། །ལྷ་སྲུང་ཁྲོས་དང་འཁུ་དང་སྡང་བ་སོགས། །རབ་ཞི་དགྱེས་པའི་སྤྱན་གྱིས་གཟིགས་ནས་ཀྱང་། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །བདག་སོགས་མི་ནོར་འཁོར་དང་བཅས་པ་རྣམས། །ཡུལ་ལྷ་གཞི་བདག་སྲུང་མ་ཁྱེད་རྣམས་ལ། །སྐྱབས་སུ་གསོལ་དང་ཕྱོགས་འདིར་གནས་བྱེད་ན། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །མི་ཕྱུགས་ནད་རིམས་གོད་ཁ་གདོན་བགེགས་སོགས། །བར་ཆད་མ་ལུས་ཞི་བའི་འཕྲིན་ལས་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་སོགས། །ཡར་ངོའི་ཟླ་ལྟར་རྒྱས་པའི་འཕྲིན་ལས་མཛོད། །སྲིད་དང་ཞི་བའི་ཡོན་ཏན་མ་ལུས་པ། །ཐོགས་མེད་དབང་དུ་བསྡུ་བའི་འཕྲིན་ལས་མཛོད། །ཕ་རོལ་དགྲ་དཔུང་ཐལ་བར་རློག་བྱེད་པའི། །མཐུ་(༡༦༤ན)


GLG011_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ནུས་པ་དྲག་པོའི་འཕྲིན་ལས་མཛོད། །ཡིད་བཞིན་ནོར་དང་དཔག་བསམ་ཡོངས་འདུ་ལྟར། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །བསམས་པ་ཇི་བཞིན་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་པར་ཤོག །མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་རང་གནས་སུ་གཤེགས་པར་གྱུར། །འབད་དང་རྩོལ་བ་མ་དགོས་པའི། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པའི། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་བརྗོད་ཅི་རིགས་པ་བྱའོ། །ཐང་ལྷ་དང་གནམ་མཚོ་གཙོ་བོར་གྱུར་པའི་བྱང་རྒྱུད་ཀྱི་ཡུལ་ལྷ་གཞི་བདག་རྣམས་ལ་གསོལ་མཆོད་བཤགས་པ་འཕྲིན་བཅོལ་གྱི་རིམ་པ་ཚིག་ཉུང་དོན་རྒྱས་འདོད་འཇོའི་དཔལ་སྟེར་ནི་དད་སྟོབས་ལྡན་པ་དགའ་ལྡན་ཚེ་དབང་དཔལ་བཟང་གིས་བསྐུལ་བ་ལ་བརྟེན་ནས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བསྟན་འཛིན་དབང་པོའོ། །ལས་ཀྱི་གཤིན་རྗེ་དང་དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མར་མཆོད་གཏོར་མདོར་བསྡུས་པར་འདོད་པས་རང་ཡི་དམ་གྱི་ལྷ་གང་ཡང་རུང་བའི་ངང་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཿཧྲཱིཿས་བདུད་རྩིར་བྱིན་གྱིས་བརླབས། །རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་གཤིན་རྗེའི་གྲོང་ཁྱེར་ནས་དམ་ཅན་གཤིན་རྗེའི་རྒྱལ་པོ། །ཡུམ་ཙ་མུནྟྲི། ལས་བྱེད་ཕོ་བརྒྱད་མོ་བརྒྱད་སོགས་བཀའ་ཉན་འཁོར་ཚོགས་རྒྱ་མཚོའི་(༡༦༤བ)


GLG011_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། །ཛ་ལྷོ་ཕྱོཊ་རིམ་པ་བདུན་གྱི་ས་འོག་ནས། །ལས་ཀྱི་གཤིན་རྗེ་འཆི་བདག་མ་ཧེའི་ཞལ། །ཡབ་ཡུམ་འཁོར་བཅས་གནས་འདིར་སྤྱན་འདྲེན་ན། །ཐུགས་དམ་དབང་གིས་ཐོགས་མེད་ད་ཚུར་སྤྱོན། །ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཛཿཛཿ། པདྨ་ཀ་མ་ལ་ཡེ་སྟྭཾ། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས། །དམ་ཚིག་དབང་གིས་འདིར་སྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང་། །འཕྲིན་ལས་སྒྲུབ་ཕྱིར་ཇི་སྲིད་དུ། །ལས་སྒྲུབ་བར་དུ་བརྟན་པར་བཞུགས། །ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ་ནས། ཤབྡའི་བར་བརྗོད། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ལས་ཀྱི་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་བིགྷྣཱན་ཤ་ཏྲུཾ་མཱ་ར་ཡ་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙ་མུནྟྲི་སརྦ་བིགྷྣ་ན་ཤ་ཏྲུཾ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་བརྗོད། ནང་མཆོད་ཀྱང་འབུལ། ཁྲག་ཞག་མཚོར་འཁྱིལ་བམ་རོ་གཅལ་དུ་བཀྲམ། །མེ་རླུང་འཚུབ་མ་དྲག་པོ་འཁྲུག་པའི་དབུས། །རྣོ་ངར་རྭ་གདེངས་མ་ཧེའི་གདན་སྟེང་ནས། །གཡས་བསྐུམ་གཡོན་བརྐྱང་གར་གྱིས་རོལ་ལ་བསྟོད། །སྦོམ་ཐུང་ཡན་ལག་རགས་ལ་གསུས་པ་འཕྱང་། །མིའུ་ཐུང་སྲིན་པོའི་གཟུགས་ལ་མ་ཧེའི་ཞལ། །བལྟ་བར་མི་བཟོད་གཅེར་བུ་རུས་པས་སྤྲས། །འཆི་བདག་གཤིན་རྗེའི་རྒྱལ་པོ་ཁྱོད་ལ་བསྟོད། །ཕྱག་གཡས་ཐོད་དབྱུག་དགྲ་བགེགས་ཐལ་བར་རློག །གཡོན་པ་བདུད་ཞགས་ཡན་ལག་རྣམ་པར་འཆིང་། །ལང་ལོང་འཁོལ་བའི་ཁྲག་དྲོན་ཧུབ་ཀྱི་འདྲེན། །སྡེ་བརྒྱད་ཀུན་གྱི་དམག་(༡༦༥ན)


GLG011_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཁྱོད་ལ་བསྟོད། །མ་མོ་བྱེ་བའི་གཙོ་མོ་ཙ་མུནྟྲི། །ཕྱག་གཡས་རྩེ་གསུམ་དགྲ་བོའི་གནས་གསུམ་བསྣན། །གཡོན་པ་ཐོད་ཁྲག་གཙོ་བོའི་ཞལ་དུ་སྟོབ། །ཡམས་རིམས་ནད་ཀྱིས་དགྲ་བོ་འཕུང་ལ་བསྟོད། །གནམ་ས་བར་སྣང་ཁྱབ་པའི་རྫུ་འཕྲུལ་གྱིས། །ཐོགས་མེད་མྱུལ་ནས་མི་སྲུན་སྡེ་བརྒྱད་འཇོམས། །སངས་རྒྱས་བསྟན་དང་དེ་འཛིན་སྐྱོང་བྱེད་པའི། །ལས་རྣམས་ཀུན་སྒྲུབ་བཀའ་སྡོད་བཅས་ལ་བསྟོད། །དམག་ཟོར་མའི་གཏོར་མ་གོང་ལྟར་བྱིན་གྱིས་བརླབས། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བྱང་ཤར་མུ་ལེ་དིང་གི་རྒྱ་མཚོ་ཆེན་པོ་ནས་འདོད་པ་ཁམས་ཀྱི་དབང་ཕྱུག་དཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷྱོཿ གཤིན་རྗེའི་སྦྱོར་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ། །གདུལ་བྱའི་དོན་དུ་དབྱངས་ཅན་ངག་གི་ལྷ། །གདུག་པ་འདུལ་ཕྱིར་དཔལ་ལྡན་རེ་མ་ཏཱི། །འཁོར་དང་བཅས་པ་ཐོགས་མེད་ད་ཚུར་སྤྱོན། །ཨོཾ་ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཛ༔ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཨོཾ་ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། ཨོཾ་ཀཱ་ལི་སོགས་རཱུ་པ་ནས། སྤརྴའི་བར་བརྗོད། གོང་གི་སྔགས་གཤམ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་སརྦ་བིགྷྣཱ་ན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བྷ་ལེཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤྲཱི་དེ་ཝཱི་ས་པ་ར་༝། །བཛྲ་ས་མ་ཡ་ཌཱ་ཀ་ནི་ས་༝། །ཨོཾ་ཨ་ཀཱ་རོ་སོགས་ཀྱི་མཇུག་ཏུ་ཨརྒྷཾ་ནས་ཤབྡའི་བར་བརྗོད། ཀཱ་ལི་དེ་ཝཱིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཤྲཱི་དེ་ཝཱིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཚེ་རིང་མཆེད་ལྔ་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཡུལ་ལྷ་གཞི་བདག་འཁོར་(༡༦༥བ)


GLG011_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བྷྱོཿ སྟོང་ཟིལ་བརྩེགས་པའི་ལྷུན་པོ་དུས་མཐའི་མེས། །རབ་ཀླུབས་སྲིན་མོའི་གཟུགས་ཅན་བེ་ཅོན་དང་། །ཐོད་ཁྲག་འཛིན་མཛད་རྐྱང་སེར་དྲེའུའི་སྟེང་། །ལེགས་འགྱིང་འདོད་པ་ཁམས་ཀྱི་དབང་མོར་བསྟོད། །སྔ་ཕྱིར་རྒྱུ་བའི་ཆུ་སྲིན་སེང་གེ་གདོང་། །དུས་བཞིའི་ལས་སྒྲུབ་སྤྲུལ་པའི་ལྷ་མོ་བཞི། །བོད་ཁམས་སྐྱོང་བ་བསྟན་མ་བཅུ་གཉིས་སོགས། །འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་ལ་བསྟོད། །ཤཱཀྱ་སེང་གེའི་བསྟན་པ་བསྲུང་བ་ལ། །སྨོན་ལམ་བཏབ་ཅིང་ཞལ་འཆེས་ཇི་བཞིན་དུ། །བསྟན་དང་བསྟན་འཛིན་སྐྱོང་ཞིང་བདག་སོགས་ཀྱི། །བསམས་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །དེ་ནས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བཀང་། །མ་འབྱོར་བ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་ཡེ་ཤེས་པ་རང་གནས་སུ་གཤེགས། སྨོན་ལམ་དང་བཀྲ་ཤིས་སོགས་ཅི་རིགས་པ་བྱའོ། །ལས་ཀྱི་གཤིན་རྗེ་མ་ཧེའི་ཞལ་ཅན་དང་། །དཔལ་ལྡན་འདོད་ཁམས་དབང་ཕྱུག་གི་གཏོར་འབུལ་འཁྱེར་བདེ་འདི་ནི་ཁམས་རི་བོ་ཆེ་ནས་དཔལ་སྟག་ལུང་ཐང་པ་རིན་པོ་ཆེའི་ལུགས་གཉིས་བསྟན་འཛིན་གསི་ངག་གི་དབང་ཕྱུག་གིས་རྩོམས་ཤིག་པའི་བཀས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །རྣམ་དག་སྨོན་ལམ་རྙོག་བྲལ་རྫིང་བུ་འཁྱིལ། །དལ་བརྒྱད་འབྱོར་བཅུའི་ཆུ་སྐྱེས་འདབ་མ་བཞད། །བག་ཡོད་ཁྲིམས་ཀྱི་དྲི་བསུང་ངད་པ་འཐུལ། །དབང་རྣོན་རིག་པའི་སྣང་གསལ་ཁ་དོག་བཀྲ ། མང་ཐོས་དྲི་ཆབ་རྒྱུན་གྱིས་ལང་ཚོ་དང་། །ལྷག་བསམ་ཟེའུ་འབྲུའི་ལྷ་བཤོས་རོ་བརྒྱ་བདའ། །རྩོད་ངག་རྐང་དྲུག་རབ་སྙན་རོལ་མོ་འཁྲོལ། །འཆད་ཉན་སྦྲང་རྩི་དངར་པོའི་མཆོད་ཚོགས་ཀྱིས། །(༡༦༦ན)


GLG011_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་པེ་ཧར་རྒྱལ་པོ་མཉེས་བྱེད་ན། །བཀྲ་ཤིས་སྒོ་མང་བརྒྱ་ཕྲག་དུས་གཅིག་ཏུ། །རབ་འབྱེད་ཁྲིམས་ལྡན་དགེ་འདུན་འདུས་པའི་སྡེ། །སྲིད་མཐའི་བར་དུ་དར་རྒྱས་འཕྲིན་ལས་མཛོད། །གཞན་ཡང་དངོས་བཤམས་ཡིད་སྤྲུལ་མཆོད་རྫས་ཀྱིས། ཆོས་སྐྱོང་ཆེན་པོའི་ཐུགས་དམ་ལེགས་སྐོང་ན། །བཀའ་པོད་མང་པོར་ཀློག་པ་ཐོས་བསམ་བསྟན། །རྣམ་དག་རིང་ལུགས་དབྱར་མཚོ་ལྟར་འཕེལ་མཛོད། །འཇམ་དཔལ་དབྱངས་དངོས་བཀྲ་ཤིས་དཔལ་ལྡན་གྱི། །དགོངས་བཞེད་རྒྱན་དྲུག་མཆོག་གཉིས་གཞུང་ལུགས་ལ། །འཆད་ཉན་ལྷུར་ལེན་བློ་གསལ་མཁས་མང་གིས། །ཡངས་པའི་ནོར་འཛིན་ཀུན་ཁྱབ་བཀྲ་ཤིས་ཤོག །ཅེས་དཔལ་ལྡན་འབྲས་སྤུངས་ཀྱི་བཀྲ་ཤིས་སྒོ་མང་པར་གནས་ཆུང་ནས་སྤྲུལ་པའི་ཆོས་རྒྱལ་ཆེན་པོས་མཆོད་གཏོར་འབུལ་བའི་ཚིགས་བཅད་ཉུང་ངུ་ཞིག་གསར་དུ་བསྐུལ་ནས་འཛུགས་དགོས་ཚུལ་གསུངས་པའི་རྒྱུ་མཚན་མོས་བྱུང་བར་བརྟེན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ཧཱུྃཿ ཧེ་རུ་ཀ་དཔལ་མིའུ་ཐུང་སྲིན་པོའི་གཟུགས། །ཕྱག་བཞི་མགོན་པོ་རྣམ་སྤྲུལ་བྱ་རོག་གདོང་། །འཁོར་བཅས་བཀའ་སྡོད་རྒྱ་མཚོ་མ་ལུས་པ། །འདིར་སྤྱོན་པད་ཉི་རོ་ཡི་གདན་ལ་བཞུགས། །པདྨ་ཐོད་འཕྲེང་སྤྱན་སྔར་ཐུབ་པའི་བསྟན། །སྐྱོང་བར་ཞལ་འཆེས་དམ་ཅན་སྐྱེས་བུ་ཆེ། །རྡོ་རྗེ་ལེགས་པ་མཆེད་བྲན་སུམ་བརྒྱ་དང་། །དྲུག་ཅུར་བཅས་པའི་འཁོར་ཚོགས་གནས་འདིར་གཤེགས། །ཨརྒྷའི་ཀླུང་སྦྲེང་མེ་ཏོག་འཕྲེང་བ་དང་། །དྲི་ཞིམ་བདུག་པ་སྣང་གསལ་མར་མེ་སྦར། །དྲི་ཆབ་ལྷ་བཤོས་སྙན་བརྗིད་རོལ་མོའི་ཚོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ། །རབ་ཡངས་ཐོད་པར་ཤ་ལྔ་བདུད་རྩི་ལྔ། །སྦྱངས་རྟོགས་སྦྱར་བྱས་ཟག་མེད་བ་ལིནྟ། །ལྷ་(༡༦༦བ)


GLG011_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ལྕམ་དྲལ་ལས་མཁན་བྱ་རོག་གདོང་། །རྡོ་རྗེ་ལེགས་པ་འཁོར་ཚོགས་རྣམས་ལ་འབུལ། །བཞེས་ནས་ཐུབ་པའི་བསྟན་དང་ཁྱད་པར་དུ། །དགོན་གནས་འདི་ཉིད་རྟག་ཏུ་བསྲུང་ཞིང་སྐྱོབ། །བདག་སོགས་དཔོན་སློབ་ཆོས་བཞིན་སྒྲུབ་པ་ཡི། །འཕྲིན་ལས་མཐའ་དག་ལྷུན་གྱིས་གྲུབ་པར་མཛོད། །ཅེས་དཔལ་ལྡན་དམག་ཟོར་མའི་གཏོར་བསྔོས་དང་ལྷན་དུ་མགོན་པོ་ཕྱག་བཞི་པ་དང་རྡོ་རྗེ་ལེགས་པ་གཉིས་ལ་གཏོར་འབུལ་འཁྱེར་བདེ་འདི་ནི་ཞོགས་གུར་སྨོན་གྱི་དགེ་བསྐོས་ངག་དབང་རྒྱ་མཚོ་དང་དབུ་མཛད་དགེ་ལེགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །བྷྱོཿ འཇམ་དཔལ་གཤིན་རྗེའི་སྦྱོར་ཡུམ་དབྱིངས་ཕྱུག་མ། །འདོད་ཁམས་དབང་སྒྱུར་དུང་སྐྱོང་ལྷ་མོ་དང་། །བཀའ་བརྒྱད་སྒོ་སྲུང་སེར་མོ་ལས་མཁན་མ། །གནོད་སྦྱིན་རྨ་རི་རབ་འབྱམས་འཁོར་བཅས་གཤེགས། །ཚུར་སྤྱོན་ཚུར་སྤྱོན་དགྱེས་པའི་གདན་ལ་བཞུགས། །ཕྱི་ནང་གསང་བའི་མཆོད་སྤྲིན་ཚོགས་རྣམས་དང་། ཁྱད་པར་བདུད་རྩི་རྒྱ་མཚོའི་གཏོར་མ་འབུལ། །བཞེས་ནས་ཐུགས་དམ་གཉེན་པོ་སྐོང་གྱུར་ཅིག །དཔལ་ཆེན་ཁྲག་འཐུང་སྲོང་བཙན་སྒམ་པོའི་ཞབས། །མཚོ་སྐྱེས་རྡོ་རྗེ་དངོས་བརྒྱུད་བླ་མ་ཡིས། །རྡོ་རྗེ་གཙུག་བཞག་བདུད་རྩི་ལྕེ་ཐོག་བླུག །དམ་ཚིག་གཉེན་པོ་བསྒྲགས་པ་དེང་དགོངས་ལ། །བསྟན་དང་བསྟན་འཛིན་དགེ་འདུན་སྡེ་རྣམས་སྐྱོངས། །བོད་སྐྱོང་རྒྱལ་པོའི་སྐུ་ཚེ་མངའ་ཐང་རྒྱས། །ནད་རིམས་དབུལ་ཕོངས་དུས་ཀྱི་འཁྲུག་པ་ཞི། །འཇིག་རྟེན་ཀུན་ཏུ་བདེ་སྐྱིད་དར་བར་མཛོད། །ཧཱུྃཿ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་གྲུ་འཛིན་པ། །དྲེགས་པའི་སྡེ་དཔོན་སུམ་ཅུའི་ནང་ཚན་ནས། །པེ་ཧར་རྒྱལ་པོ་སྐུ་ལྔ་གསང་ཡུམ་དང་། །བློན་པོ་འཁོར་ཚོགས་རྒྱ་མཚོ་ད་ཚུར་སྤྱོན། ཁྱད་པར་དགྲ་ལྷ་སྐྱེས་(༡༦༧ན)


GLG011_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གསུང་གི་རྒྱལ། །བློན་པོ་རྡོ་རྗེ་གྲགས་ལྡན་མཐུ་རྩལ་ཅན། །སྐུ་ལྔའི་རྣམ་རོལ་གཅིག་ཏུ་མ་ངེས་པར། །སྟོན་མཛད་སྤྲུལ་པའི་ཆོས་རྒྱལ་གནས་འདིར་གཤེགས། །ཁྲག་གི་སྒོ་ང་བདུན་ལས་ཉེར་བརྡོལ་བའི། །བཙན་རྒོད་དམག་དཔོན་འབར་བ་སྤུན་བདུན་དང་། །ཁྱད་པར་ཙེའུ་དམར་པོ་ཡང་ལེ་བེར། །ཕོ་ཉ་མངག་གཞུག་འཁོར་བཅས་གནས་འདིར་སྤྱོན། །དམར་ཆེན་གཏོར་མའི་རི་བོ་མཁའ་ལ་བསྙེག །ཁྲག་ཆང་བཏུང་བ་རྒྱ་མཚོ་ལྟ་བུར་བསྐྱིལ། །ཕྱི་ནང་གསང་བའི་མཆོད་པ་འབུལ་བྱེད་ན། །རོལ་ཞིག་ཁ་ཁཱ་ཧིས་ཞལ་དུ་འབུལ། །པདྨ་ཐོད་འཕྲེང་སོ་ཟུར་གནུབས་ཉང་སོགས། །སྔགས་འཆང་རྣམས་ཀྱིས་ཁྲག་འཐུང་དཀྱིལ་འཁོར་དུ། །དབང་བསྐུར་དམ་ཚིག་གཉེན་པོ་ཉེར་ཕབ་ནས། །ཐུབ་བསྟན་སྐྱོང་བའི་སྲུང་མར་མ་བསྐོས་སམ། །མ་གཡེལ་མ་གཡེལ་སྔོན་གྱི་ཐ་ཚིག་དགོངས། །གསང་བ་སྔགས་ཀྱི་དམ་ཚིག་རྒྱ་མ་བྲལ། །རྡོ་རྗེའི་རི་མོ་སྤྱི་བོའི་གཙུག་མ་ཡལ། །ལྕེ་ལ་བདུད་རྩི་རོ་མཆོག་མ་ཉམས་པས། །བཤད་སྒྲུབ་བསྟན་པ་ཡར་ངོའི་ཟླ་ལྟར་རྒྱས། །བསྟན་འཛིན་སྐྱེས་བུ་བླ་མཆོད་སྡེ་གཉིས་སྤེལ། །གངས་ལྗོངས་ཡུལ་འདིར་འཐབ་རྩོད་མུ་གེ་ནད། །དུས་ཀྱི་འཁྲུག་པ་མ་ལུས་ཞི་བར་མཛོད། །དགའ་བའི་དཔལ་ལྡན་སྡེ་བཞིའི་ཕོ་བྲང་ཆེའི། །ཆོས་སྲིད་ཟུང་དུ་འཇུག་པའི་མངའ་ཐང་དར། །ཆབ་སྲིད་བརྟན་ཅིང་དབུ་རྨོག་བཙན་པ་སོགས། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་སྒྲུབ། །ཧཱུྃ། སྲིན་པོའི་རྒྱལ་པོ་གཟའ་བདུད་རཱ་ཧུ་ལ། །དུས་གཉེན་བརྒྱད་དུ་རྒྱུ་བའི་སྤྲུལ་པ་བརྒྱད། །གདོང་མོ་བཞི་དང་གཟའ་བརྒྱད་རྒྱུ་སྐར་སོགས། །མཁའ་ལ་གློག་དམར་འཁྱུག་པ་ཇི་བཞིན་སྤྱོན། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དབུས། །པད་ཉི་དགྲ་བགེགས་བསྒྱེལ་བའི་གདན་ལ་བཞུགས། །དམར་ཟླུམ་སྤྱན་སྟོང་སྡང་བའི་དགྲ་ལ་གཟིགས། །མཐོང་རེག་དུག་གི་རླངས་(༡༦༧བ)


GLG011_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཕུང་དུ་ཆུག །བསད་ཁྲག་དྲོན་མོའི་ཨརྒྷཾ་དྲི་ངད་ཅན། །རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩིའི་སྐེམས། །ཤ་ཁྲག་རུས་པའི་བཤོས་བཟང་ཞལ་དུ་འབུལ། །དགྱེས་པར་རོལ་ལ་དྲག་པོའི་རྐན་སྒྲ་གཏོགས། །པདྨ་ཐོད་འཕྲེང་སྤྲུལ་སྐུ་ལས་འབྲེལ་རྩལ། །ཀུ་མཱ་རཱ་ཛ་ཀློང་ཆེན་རབ་འབྱམས་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །ཞི་རྒྱས་དབང་དྲག་འཕྲིན་ལས་མྱུར་དུ་སྒྲུབས། །ཧྲཱིཿ སྐྱེས་བུ་དམ་ཅན་ཆེན་པོ་ཐིག་ལེ་རྩལ། །སེང་གེ་ར་སྐྱེས་མ་ངེས་བཞོན་པ་ཅན། །སུམ་བརྒྱ་དྲུག་ཅུའི་སྤྲུལ་པ་གྲངས་མེད་པ། །མ་ཐོགས་རིངས་པའི་ཚུལ་གྱིས་ད་ཚུར་སྤྱོན། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །ཤ་རུས་ཟས་མཆོག་དམ་རྫས་རྒྱན་ལྡན་ཆེ། །སྨན་སྐྱེམས་རཀྟའི་མཆོད་པ་འབུལ་བྱེད་ན། །དགྱེས་པར་རོལ་ལ་བཅོལ་བའི་འཕྲིན་ལས་མཛོད། །ཅེས་པ་འདིའང་ས་ལུག་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་གནས་ཆུང་ནས་སྤྲུལ་པའི་ཆོས་རྒྱལ་ཆེན་པོས་ཚིག་ཉུང་དོན་ཚང་འཁྱེར་བདེ་ཞིག་རྩོམས་ཞེས་དབུ་མཛད་བློ་བཟང་ཡོན་ཏན་ལ་གསུང་འཕྲིན་བྱུང་བ་ལྟར་དུང་སྐྱོང་མ་དང་དྲག་རྒྱལ་མ་གཉིས་སྡེ་ཚན་རྒྱལ་བཙན་གཉིས་སྡེ་ཚན། །ཁྱབ་འཇུག་དང་རྡོར་ལེགས་སོ་སོར་བྱས་ཏེ་གང་འདོད་ལྷུ་བཏན་ནས་བཏང་རག་རྩིས་འདིའང་ཟ་ཧོར་སྔགས་སྨྱོན་གྱིས་བཀོད་པའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རིགས་ཀུན་ཁྱབ་བདག་རྩ་བརྒྱུད་བླ་མ་དང་། །ཧེ་རུ་ཀ་དཔལ་འཁོར་ལོ་སྡོམ་པ་ཆེ། །ཐུབ་བསྟན་སྐྱོང་མཛད་ལེགས་ལྡན་ཨ་གྷ་ར། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་དུ་ཕོབ། །ཆོས་དབྱིངས་བདེ་ཆེན་ཀློང་དུ་རྟག་ཞི་ཡང་། །ཡིད་སྲུབས་གཉེན་པོར་རབ་ཁྲོས་སྲིན་པོའི་གཟུགས། །གཏུམ་ཆེན་ཁྲོ་བོའི་གད་བརྒྱངས་སེང་གེའི་སྒྲས། །ལོག་འདྲེན་རི་དྭགས་ཀླད་པ་ཅིག་ཅར་འགེམས། །དེ་ཕྱིར་ནག་པོ་ཆེན་པོས་མངོན་སུམ་དུ། །ཀ་མཱ་(༡༦༨ན)


GLG011_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལར་བསྟན་དྲི་མེད་ཁྲོས་པའི་རྒྱུད། །དམ་པ་སངས་རྒྱས་རང་འགྱུར་དགོངས་དོན་ལ། །འཁྲུལ་ཞིག་ཉི་སེང་ཕྱག་བཞེས་ཇི་བཞིན་འགོད། །དེ་ལ་འདིར་སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་སྐྱོང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྲུང་མཐའ་ཀླས་པའི་ནང་ནས་ཀ་ལིངྐའི་དུར་ཁྲོད་དུ་དཔལ་མགོན་པོ་ཉིད་ཀྱིས་རང་གི་རྒྱུད་དང་མན་ངག་རྣམས་པཎྜི་ཏ་ཆེན་པོ་པདྨའི་ངང་ཚུལ་ལ་དངོས་སུ་གསུངས་ཤིང་། དེ་ཉིད་རྣམ་པར་འཕྲུལ་པོ་ཆེས་རྒྱ་གར་གྱི་པཎ་གྲུབ་དམ་པ་སངས་རྒྱས་ཀྱིས་རྒྱུད་དང་མན་ངག་ལ་བརྟེན་འཁྲུགས་བསྡེབས་སུ་མཛད་ནས་ཐུགས་ཉམས་སུ་བསྟར་བས་ཆོས་སྐྱོང་གི་གཙོ་བོར་གྱུར། བོད་ཡུལ་འདིར་དམ་པའི་རྗེས་འབྲངས་ཞི་བྱེད་སྔ་ཕྱི་བར་གསུམ་གྱི་ལུགས་འཛིན་རྣམས་ལ་དར་རྒྱས་སུ་གྱུར་པ་ལེགས་ལྡན་ནག་པོ་འདི་ལ་གྷོ་ར་ཞེས་པ་རྟ་འམ་དྲི་མ་སྔོན་དུ་དགག་པའི་ཨ་བཞག་པ་བོད་སྐད་དུ་རྟ་མེད་དམ་དྲི་མེད་མགོན་པོར་གྲགས་པ་འདི་ཉིད་ལ་ལྷག་པའི་ལྷར་འཛིན་པ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བ་ནི། དུར་ཁྲོད་དང་ཆུ་གླིང་བས་མཐའ་འམ་བླ་མ་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་སམ་ཡང་ན་གནས་ཁང་ཡིད་དུ་འོང་ཞིང་བཀྲ་ཤིས་པའི་སར་ས་རྒྱན་གནམ་རྒྱན་སོགས་བཀོད་པས་མཛེས་པར་བྱས་ནས་དཀོན་ཅོག་སྤྱིའི་རྟེན་དང་བྱེ་བྲག་ཡི་དམ་འཁོར་ལོ་སྡོམ་པ་དང་ཆོས་སྐྱོང་འདི་ཉིད་ཀྱི་བྲིས་འབུར་སྐུ་རབ་གནས་ཅན་བཞུགས་སུ་གསོལ། མན་ངག་ལས་བྱུང་བའི་ཕྱི་ནང་གསང་བའི་རྟེན་རྣམས་ཚོགས་པའམ། དེ་ཙམ་མ་འབྱོར་ཀྱང་རྟག་གཏོར། རྒྱུན་གཏོར། བཀང་གཏོར་སོགས་སྲོལ་འདི་གའི་སྔོན་རབས་ཀྱི་ཕྱག་བཞེས་ལྟར་བཤམས་པའི་མདུན་དུ་ཕྱི་ནང་གི་མཆོད་པ་སྤྱན་གཟིགས་རྣམས་བཀོད་པས་མཛེས་པ་འདུ་བྱས། དེ་ཡང་མ་མགོན་ལྕམ་དྲལ་སོགས་སྲུང་མའི་རིགས་ལ་སོ་སོའི་སྒོས་ཀྱི་གོང་གནོན་ཡི་དམ་དང་གཏོར་ཆོག་དང་བཀང་བའི་འཁྲིགས་རིམ་ཀྱང་། སྔ་འགྱུར་ས་(༡༦༨བ)


GLG011_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་དྭགས་ཤངས་ཞི་གཉོས་སོགས་གྲུབ་མཐའ་རྣམས་ལ་ལོ་པཎ་དང་རྒྱུད་འཛིན་རྣམས་ཀྱི་བཞེད་སྲོལ་མ་འདྲ་བའི་ཁྲིགས་མང་དུ་སྣང་བ་སོ་སོའི་ལུཊ་བཞིན་བསླད་པ་མ་ཞུགས་པ་བྱུང་ན་ལེགས་པར་མངོན་ནའང་འདིར་དམག་ཟོར་མ་སོགས་ཆོས་སྐྱོང་གཞན་དང་ཉིས་བསྲེས་སུ་གཏང་བར་གོ་རིམ་མཐུན་ན་འཇུག་པ་བདེ་ཞིང་བསྐུལ་བ་པོའི་བློ་དང་མཐུན་པར་མངོན་པས་དམིགས་བསལ་གྱི་ཁྱད་ཆོས་དགོས་ངེས་རྣམས་མ་གཏོགས་དེ་དོན་བཞིན་བཀོད་པ་ལ། བདག་བསྐྱེད་ལྷན་ཅིག་པར་བསྒོམ་དུ་མི་བཏུབ་པས་བདེ་མཆོག་བཤད་པ་བཏང་སྙོམས་སུ་བཞག །འཇིགས་བྱེད་ལྟ་བུ་རྒྱུན་གྱི་ཡི་དམ་གང་བྱེད་ཀྱིས་གོ་བཅད། མཆོད་པ་བྱིན་གྱིས་བརླབ་པ་ནི། ཧྲཱིཿཥྚྲིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས་རོལ་མོ་ལ་སོགས་པ་རྣམས་རང་བཞིན་བདེ་སྟོང་། རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཾ། བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨ་ལོ་ཀེ །བཛྲ་གནྡྷེ། བཛྲ་ནཻ་ཝི་ཏེ། བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴ་ཨཱཿཧཱུྃ། ཞེས་རོལ་མོ་དང་བཅས་པས་བྱིིན་གྱིས་བརླབས། ནང་མཆོད་ལ་བདུད་རྩི་རིལ་བུའམ་ཆོས་སྨན་ལྟ་བུ་བཏབ་ན་བྱིན་གྱིས་བརླབ་མི་དགོས་ཤིང་། མེད་ན། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨཱཿ་ལས་བྱུང་(༡༦༩ན)


GLG011_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྲུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱུང་བའི་གླང་པོའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུྃ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཱཾ་ལས་བྱུང་བའི་དྲིཾ་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པཱཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏྲཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་རླུང་ལ་ཕོག །རླུང་གཡོས་མེ་སྦར། ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་པས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུྃ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། དེ་ནས་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་ཤིང་བདུན་རྣམ་དག་བྱ་བ་ནི། ཡིག་རྙིང་ལས། རང་ཉིད་ཡི་དམ་ལྷ་རུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁར་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པ། ཉི་ཟླ་རིན་ཆེན་དར་ཟབ་དང་བཅས་པའི་གདན་ལ། རང་གི་དྲིན་ཅན་རྩ་བའི་བླ་མ་བཀའ་བརྒྱུད་ཆོས་འབྲེལ་ཐོབ་པ་དང་བཅས་པ་མོས་གུས་ཀྱི་གནས་སུ་གྱུར་པའི་བླ་མ་རྣམས་གསལ་བར་གྱུར། དེའི་གཙུག་ཏུ་སྤྲུལ་སྐུ་དམ་པ་སངས་རྒྱས་སྐུ་མདོག་སྨུག་ནག་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཕྱག་གཉིས་(༡༦༩བ)


GLG011_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་དྲིལ་བུ་འཛིན་པ། གར་ཉམས་དང་ལྡན་པ། དེའི་གཡས་སུ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི། གཡོན་དུ་མཁའ་འགྲོ་ཁྱད་པར་གྱི་བརྒྱུད་པ། རྒྱབ་ཏུ་དཔལ་ལྡན་སུམ་ཅུ་རྩ་དྲུག །མདུན་དུ་དམ་ཅན་རྒྱ་མཚོ། གཙུག་ན་བདེ་གཤེགས་བཅུ་གཉིས། ཡི་དམ་ཞི་ཁྲོ། གསང་སྔགས་གསར་རྙིང་གི་ལྷ་ཚོགས་རྣམས་ཀྱིས་ནམ་མཁའ་གང་བ། ཕ་རྒྱུད་གཡས་ལ་མ་རྒྱུད་གཡོན་གྱི་ཚུལ་དུ་བསྐོར་བར་གྱུར། ན་མོ་བླ་མ་དཀོན་ཅོག་ཡི་དམ་ལ། །དང་བའི་སེམས་ཀྱིས་ཕྱག་འཚལ་ལོ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ། །ཡིད་ཀྱིས་སྤྲུལ་ནས་མཆོད་པ་འབུལ། །བདག་གིས་སྡིག་པ་ཅི་བགྱིས་པ། །དེ་དག་ཐམས་ཅད་སོ་སོར་བཤགས། །སེམས་ཅན་དོན་མཛད་རྒྱལ་སྲས་གང་། །དེ་དག་ཀུན་ལ་རྗེས་ཡི་རང་། །ཇི་སྲིད་འཁོར་བ་མ་སྟོངས་པར། །མྱ་ངན་མི་འདའ་གསོལ་བ་འདེབས། །མགོན་པོ་ཐུགས་རྗེ་ཆེ་ལྡན་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འགྲོ་ཀུན་བསགས་པའི་དགེ་བ་གང་། །བྱང་ཆུབ་ཏུ་ནི་བདག་གིས་བསྔོ། །རྟེན་བསྐྱེད་ཡིག་རྙིང་ལ་ཟུར་ཅུང་ཟད་བཅོས་པ། སྭ་བྷཱ་ཝས་སྦྱངས། མདུན་གྱི་རྟེན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་ཀ་ལིངྐ་ཡི་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བ། དུར་བྱ་ཤ་ཟ་ཞིང་ཅེ་སྤྱང་ཕེམ་སྒྲ་སྒྲོག་པ། རོ་ལངས་གར་བྱེད་ཅིང་འབྱུང་པོས་ཀི་འདེབས་པ། ཀེང་རུས་གད་མོ་དགོད་པ་ལ་སོགས་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་དབུས་སུ། ཆོས་འབྱུང་མཐིང་ནག་གྲུ་གསུམ་པའི་སྟེང་དུ། གདུག་པ་དགྲ་བགེགས་ཁ་སྤུབ་ཏུ་མནན་པའི་གདན། དེའི་སྟེང་དུ་པཾ་ལས་པདྨ། ཨ་ལས་ཟླ་བ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མི་རོ་དང་རྟ་རོ་བསྣོལ་བའི་གདན། དེའི་སྟེང་དུ་བདག་གི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ནག་ཅིག་ཆད། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་(༡༧༠ན)


GLG011_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བགེཊ་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས། ཧཱུྃ་ལ་ཐིམ། ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་ཙནྡན་གྱི་བེང་ཧཱུྃ་མཐིང་ནག་གིས་མཚན་པ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། བསྟན་པ་ལ་གནོད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་བེང་ལ་ཐིམ། ཨོཾ་ཨ་གྷོ་ར་མ་ཧཱ་ཀཱ་ལ་དུ་རེ་སྭཱ་ཧཱ་ཧཱུྃ་ཧཱུྃ་ཞེས་བརྗོད་པས། ཙན་དན་གྱི་བེང་ཧཱུྃ་མཐིང་ནག་དང་བཅས་པ་འོད་དུ་ཞུ་བ་ལས་བྱུང་བའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཨ་གྷོ་ར་བཤན་པ་ལྟ་བུ། འཇིགས་ཤིང་རྔམས་པ། ཟ་ཞིང་འཆའ་བ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཙན་དན་གྱི་བེང་ཆེན་བསྣམས་པ། གཡོན་ཐོད་ནང་ཁྲག་དྲོན་ལང་ལོང་འཁོལ་བ་ཐུགས་ཀར་འཛིན་པ། །སྤྱན་གསུམ་དམར་ལ་ཟླུམ་པ། ཤངས་མཐོ་བ། ཞལ་གདངས་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། ཁྲོ་གཉེར་སྨིན་མ་འཁྱུག་ཅིང་སྨ་ར་སེར་བ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་དར་ནག་གི་ཐོད་བཅིངས་པ། མི་མགོ་སྐམ་པོ་ལྔ་ཡི་ཕྲེང་བས་དབུ་ལ་བརྒྱན་པ། སྦྲུལ་གདུག་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། སྐུ་ལ་དར་ནག་གི་འཇོལ་བེར་གསོལ་བ། གསེར་སྐེད་རིན་ཅེན་སྐ་རགས་སུ་བཅིངས་པ། ཞབས་ལ་ཟངས་ཀྱི་ལྷམ་བུ་གསོལ་བ། མི་རོའི་སྟེང་ན་འགྱིང་བ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་ན་བཞུགས་པའོ། །དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་གིས་མཚན་པ་དེ་ལས་ཧཱུྃ་ཞིག་གཡས་དང་གཡོན་དུ་ཆད་པ་ལས། ཨོཾ་མ་ཧཱ་ཀཱ་ལ་ཏྲགྴད་མ་མ་རུ་རུ་ཙེ་ཞེས་བརྗོད་པས། གཡས་སུ་རཾ་ཡིག་དམར་ནག་ལས་བདུད་པོ་ལེགས་ལྡན་ནག་པོ་རྟ་ནག་པོ་རྟིང་དཀར་ལ་བཅིབས་པ། ཕྱག་གཡས་མདུང་དང་རུ་མཚོན་འཕྱར་བ། གཡོན་པ་དགྲ་སྙིང་དྲོན་མོ་ཞལ་(༡༧༠བ)


GLG011_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ་བ། སྟག་རལ་གཟིག་ཤུབས་གཡས་དང་གཡོན་དུ་འཁྱུག་པ། རལ་པ་ནག་པོས་ལུས་ཁེབས་པ། འཁོར་དུ་བདུད་ཕོའི་ཚོགས་ཀྱིས་བསྐོར་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི། གཡོན་དུ་བྷྱོ་སྨུག་ནག་ལས་དཔལ་ལྡན་ལྷ་མོ་རེ་མ་ཏཱེ་སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་བསྣམས་པ། གཡོན་ན་ནད་ཀྱི་རྐྱལ་པ་བསྣམས་པ། ཀོ་རློན་རེ་ལྡེ་གོས་སུ་གྱོན་པ། ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས་པ། དྲ་བ་དགུ་ཡི་ཏེ་ལན་བྱས་པ། འཁོར་དུ་མ་མོའི་ཚོགས་ཀྱིས་བསྐོར་བ། རླུང་ནག་འཚུབ་མ་འཁྱིལ་བའི་དབུས་ན་བཞུགས་པའོ། །མདུན་དུ་ཏྲག་ནག་པོ་ལས་ལས་མཁན་གཡག་མགོ་ཅན་ནག་པོ་ཁ་དམར་ལ་མཆེ་བ་དཀར་བ། ལག་ན་སྲིན་པོའི་ལྕགས་སྒྲོག་བསྣམས་པ། ལྕགས་ཀྱི་སེན་མོ་རྣོ་བས་དགྲ་བོའི་སྲོག་ཁུང་ཁ་ཕྱེ་ནས་འདག་པ། ཁ་ནས་ཞེ་སྡང་གི་མེ་འབར་བ། འོག་སྒོ་ནས་ཕྲག་དོག་གི་རླུང་འཚུབ་པ། གསང་སྒོ་ནས་འདོད་ཆགས་ཀྱི་ཆུ་ཁོལ་བ། བསྐལ་བའི་མུན་ནག་གཏིབས་པའི་དབུས་ན་བཞུགས་པའོ། །གཡས་སུ་ཀྵིཾ་ཡོངས་སུ་གྱུར་པ་ལས། ཕྱག་བརྙན་རྒྱ་གར་ནག་པོ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གྲི་གུག་གཤིན་རྗེའི་ལྕེ་འདྲ་བ་ནམ་མཁའ་ལ་འཕྱར་བ། ཕྱག་གཡོན་ཐོད་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། ཆིབས་སུ་དོམ་ནག་སྨྱོན་པ་ལ་བཅིབས་ཤིང་། ཚམ་ཚོམ་མེད་པར་དགྲ་ལ་རྒྱུག་པ། ཁ་གདངས་འོ་དོད་དགྲ་ལ་འབོད་པ། དམ་ཚིག་ཅན་ལ་བརྩེ་ཞིང་དུངས་པ། དམ་ཉམས་དགྲ་ལ་ཁྲོ་ཞིང་གཏུམ་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །གཡོན་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས། སྲོག་གཅོད་བཤན་པ་དམར་པོ། སྐུ་མདོག་ཁྲག་གི་མདོག་ཅན་སྐུ་ལ་ཤ་ལྤཊ་མཉེན་པོ་གསོལ་བ། དབུ་ལ་བསེ་རྨོག་དམར་པོ་གསོལ་བ། ཕྱག་གཉིས་(༡༧༡ན)


GLG011_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མདའ་ལྕགས་གཞུ་བསྣམས་པ། ཀླད་ལ་ལྕགས་ཀྱི་བྱ་ཁྲ་ལྡིང་བ། ཕྱི་ལ་ཤ་ཁྱི་དྲི་སྣོམ་ཁྲིད་པ། ཁྲག་གི་རྦ་ཀློང་འཁྲུག་པའི་དབུས་ན་བཞུགས་པའོ། །རྒྱབ་ཏུ་བྷྱོ་ཡོངས་སུ་གྱུར་པ་ལས། ཕོ་ཉ་ལྕགས་སྤྱང་སྔོན་པོ། མིག་ནི་ཉི་མའི་ཟེར་ལྟར་རྣོ་ཞིང་དམར་བ། སྐད་ནི་ནམ་མཁའི་འབྲུག་ལྟར་ལྡིར་བ། བང་ནི་རྐྱང་སེར་རླུང་ལྟར་མགྱོགས་པ། འཁོར་དུ་དུར་ཁྲོད་ཅེ་སྤྱང་ཚོགས་ཀྱིས་བསྐོར་བ། རླུང་ནག་འཚུབ་མ་འཁྱིལ་བའི་དབུས་ན་བཞུགས་པའོ། །མཚམས་སུ་ཏྲཻ་ལས་གནོད་སྦྱིན་རྡོ་རྗེ་ལེགས་པ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། ལྕགས་ཀྱི་རལ་པས་རྐེད་པར་སླེབས་པ། །སྤྱན་ལྡོག་པ། མཆེ་བ་གཙིགས་པ། སྐུ་ལ་ངུར་སྨྲིག་གི་ན་བཟའ་དང་། དབུ་ལ་དར་གྱི་ཐང་ཞུ་གསོལ་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་ནས་དགྲ་བགེགས་ཀྱི་ཀླད་པའི་སྟེང་དུ་བརྡེག་པ། གཡོན་དགྲ་སྙིང་བྲན་མོ་སྲོག་རྩ་དང་བཅས་པ་ཞལ་དུ་གསོལ་བ། ཆིབས་སུ་སེང་གེ་དཀར་མོ་ལ་བཅིབས་ཤིང་། མེ་རླུང་རབ་ཏུ་འཁྲུག་པའི་ཀློང་ན་བཞུགས་པའོ། །དེའི་ཕྱི་རོལ་འདབ་བརྒྱད་པད་ཟླའི་སྟེང་དུ་མདུན་ནས་གཡས་བསྐོར་གྱིས། གཏུམ་ཆེན་ཤ་ལ་བརྔམ་པའི་སྲིན་པོ་སྟོང་། །སྲིད་གསུམ་ཁྲག་མཚོ་འཐུང་བའི་མ་མོ་སྟོང་། །དུས་བཞི་སྲངས་ལ་རྒྱུ་བའི་གཟའ་བདུད་སྟོང་། །ལས་སུ་རྒྱུ་ཞགས་འཕེན་པའི་བཙན་དམར་སྟོང་། །སྐྱེ་འགྲོ་སྲོག་རྩ་གཅད་པའི་གིང་པོ་སྟོང་། །སྣང་སྲིད་གཡབ་མོས་འདེབས་པའི་བདུད་ཕོ་སྟོང་། །བདེན་བརྫུན་ཤན་ཐང་འབྱེད་པའི་དམུ་རྨོད་སྟོང་། །མཐུན་པ་གཉིས་སུ་འབྱེད་པའི་གཤིན་རྗེ་སྟོང་། །གཞན་ཡང་འཁོར་དུ་བདུད་ཕོ་འབུམ། བདུད་མོ་འབུམ། བཤན་པ་འབུམ། ལིངས་པ་འབུམ། སྲོག་བདུད་འབུམ། མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །གཙོ་འཁོར་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་(༡༧༡བ)


GLG011_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་མ་དང་མཁའ་འགྲོ། དུར་ཁྲོད་ཆེན་པོ་ཀ་ལིངྐ། ཨུ་ཙ་ལ། མེ་རི་འབར་བ། དཔལ་གྱི་རྒྱུ་སྐར། བསིལ་བ་ཚལ་སོགས་དུར་ཁྲོད་བརྒྱད། རྡོ་རྗེ་གདན་ནཱ་ལནྡྲའི་གཙུག་ལག་ཁང་ལ་སོགས་པ་ནས་ལེགས་ལྡན་ནག་པོ་ཨ་གྷོ་ར་འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། བཞེངས་བསྐུལ་སྤྱན་འདྲེན་གསར་སྒྲིགས་ནི། སྤོས་སྦྱོར་བསྲེགས་རོལ་མོ་དབྱངས་དང་བཅས་པས། བདེ་ཆེན་ཆོས་དབྱིངས་དག་པའི་ཀློང་ཡངས་ནས། །རྒྱལ་བ་ཤཱཀ་ཐུབ་ཕྱག་ན་རྡོ་རྗེ་དང་། །པདྨའི་ངང་ཚུལ་དམ་པ་སངས་རྒྱས་སོགས། །དངོས་བརྒྱུད་བླ་མ་མ་ལུས་དབྱིངས་ནས་བཞེངས། །ཟུང་འཇུག་བདེ་སྟོང་རིན་ཅེན་གཞལ་ཡས་ཁང་། །སུམ་ཅུ་རྩ་གཉིས་ཉེར་བཞིའི་གནས་ཡུལ་ནས། །བདེ་མཆོག་འཁོར་ལོ་ལ་སོགས་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་མ་ལུས་དབྱིངས་ནས་བཞེངས། །ཀ་ལིངྐ་སོགས་དུར་ཁྲོད་ཆེན་པོ་བརྒྱད། །རྡོ་རྗེ་གདན་དང་རྒྱུན་གྱི་དབང་པོ་ཡི། །གཙུག་ལག་ཁང་ནས་དྲི་མེད་ལེགས་ལྡན་མགོན། །ཡབ་ཡུམ་སྤྲུལ་པ་ཕོ་ཉ་དབྱིངས་ནས་བཞེངས། །ཤཱཀྱ་ཐུབ་པ་དམ་པ་སངས་རྒྱས་སོགས། །རྒྱ་བོད་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །བདེ་མཆོག་འཁོར་ལོ་ཡི་དམ་དཀྱིལ་འཁོར་ལྷ། །དཔའ་བོ་མཁའ་འགྲོ་མ་ལུས་གཤེགས་སུ་གསོལ། །ཐུབ་དབང་ལག་ན་རྡོ་རྗེ་ལ་སོགས་པའི། །སྤྱན་སྔར་བསྟན་པ་སྐྱོང་བར་ཞལ་བཞེས་པ། །ལྷ་ཆེན་དཔལ་ལྡན་ནག་པོ་ཨ་གྷོ་ར། །དུར་ཁྲོད་ཀངྐ་ལིངྐ་ནས་༝། །གང་གི་ལས་སྒྲུབ་མཐུ་སྟོབས་ནུས་པའི་བདག །རྣལ་འབྱོར་སྐྱོང་བའི་དགྲ་ལྷ་དམ་ཚིག་ཅན། །ལེགས་ལྡན་ནག་པོ་བདུད་ཀྱི་དམག་དཔུང་བཅས། །རྫུ་འཕྲུལ་ཤུཊ་ཀྱིས་ཐོགས་མེད་༝། །ཟག་(༡༧༢ན)


GLG011_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདེ་བ་བསྐྱེད་པ་གསང་བའི་ཡུམ། །མ་མོ་བྱེ་བའི་ཚོགས་ལ་དབང་སྒྱུར་མ། །མ་གཅིག་དཔལ་ལྡན་ལྷ་མོ་ནམ་གྲུ་མ། །རླུང་ནག་འཚུབ་མའི་དབུས་ནས་༝། །ལས་མཁན་ཏྲཀྴད་ནག་པོ་གཡག་མགོ་ཅན། །ཕྱག་བརྙན་རྒྱ་གར་ནག་པོ་མཐུ་བོ་ཆེ། །དམ་ཉམས་སྲོག་གཅོད་བཙན་རྒོད་བཤན་པ་དམར། །རང་རང་འཁོར་ཚོགས་དང་བཅས་༝། །རླུང་ལྟར་འཕྱོ་བའི་ཕོ་ཉ་ལྕགས་སྤྱང་སྔོན། །དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས། །སྣ་ཚོགས་འཕྲིན་ལས་སྒྲུབ་པའི་བཀའ་སྡོད་ལྔ། །ཐོགས་པ་མེད་པར་གནས་འདིར་༝། །གཏུམ་ཆེན་སྲིན་པོ་ཁྲག་འཐུང་མ་མོའི་ཚོགས། །གཟའ་བདུད་ཆེན་པོ་བཙན་རྒོད་ཀིངྐ་ར། །བདུད་ནག་དམུ་དང་སྲོག་གཅོད་གཤིན་རྗེ་སོགས། །ལྷ་སྲིན་སྡེ་བརྒྱད་དམག་ཚོགས་༝། །མདོར་ན་སྤྲུལ་པ་ཡང་སྤྲུལ་གནམ་སའི་ཁྱོན། །ཀུན་ཁྱབ་ལུས་ཀྱི་ཆོ་འཕྲུལ་གློག་བཞིན་འཁྱུག །ང་རོ་འབྲུག་ལྟར་ལྡིར་ཞིང་གཏུམ་རྔམས་ཅན། །དངོམ་པས་དཔའ་བའི་ཉམས་ཀྱིས་༝། །ཡིག་རྙིང་ལ་ཚིག་རྐང་རིང་ཐུང་བྱུང་བ་ཟུར་ཅུང་ཟད་བཅོས་པ། དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་བ་དང་། །སངས་རྒྱས་བསྟན་པ་གཉེན་པོའི་བཀའ་བསྲུང་ཞིང་། །གཞན་གྱིས་གནོད་ཅིང་འཚེ་བ་བཟློག་པ་དང་། །རྣལ་འབྱོར་བདག་གི་ལས་བཅོལ་སྒྲུབ་པའི་ཕྱིར། །ཡེ་ཤེས་མགོན་པོ་ནག་པོ་སྤྱན་འདྲེན་གྱི། །བདེ་སྟོང་ཟུང་འཇུག་འབྲལ་མེད་ཀློང་དཀྱིལ་ནས། །ཡང་དག་འགྱུར་མེད་སྐུ་གཅིག་གཤེགས་སུ་གསོལ། །ལྷ་ཆེན་དཔལ་འབར་མཐུ་བོ་སྤྱན་འདྲེན་གྱི། །ནག་པོ་ཆེན་པོ་གནས་འདིར་༝། །མཐུ་ཆེན་དཔའ་བོ་ཆོས་སྐྱོང་ཨ་རྒྷོ་ར། །དད་པ་དང་ནི་དམ་ཚིག་གཙང་མ་ཡིས། །ཚུར་གཤེགས་ཚུར་གཤེགས་དཔལ་ལྡན་མགོན་པོའི་ཚོགས། །ཐུགས་དམ་བརྩེར་དགོངས་གནས་འདིར༝། །མ་ཧཱ་ཀཱ་ལ་ཡེ་ཤེས་འབར་བའི་སྐུ། །ལྷ་ཆེན་དཔལ་འབར་བདུད་འདུལ་མཐུ་བོ་ཆེ། །རྣལ་(༡༧༢བ)


GLG011_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དགྲ་ལྷ་རིག་འཛིན་སྲུང་མའི་གཙོ། །ནག་པོ་སྟོབས་ཅན་དཔལ་ལྡན་ལྷ་མོ་དང་། །དཔལ་གྱི་སྲུང་མ་འཁོར་བཅས་༝། །དྲི་ཟ་མེ་ལྷ་གཤིན་རྗེ་བདེན་བྲལ་དང་། །ཆུ་ལྷ་རླུང་ལྷ་གནོད་སྦྱིན་དབང་ལྡན་དང་། །ལྷ་དང་ཚངས་པ་མ་མོ་སྲིན་པོ་དང་། །རོ་ལངས་གསོད་བྱེད་ཀླུ་ཡི་བུ་མོར་བཅས། །གནོད་སྦྱིན་འབྱུང་པོ་དང་ནི་སྒྱུ་རྩལ་ཅན། །ཉི་ཟླ་ས་བདག་རྒྱུ་སྐར་ལ་སོགས་པ། །སྡེ་བརྒྱད་ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞིར་བཅས། །ནག་པོ་སྟོང་གཟུགས་ཤ་ཟ་མ་མོ་དང་། །བཀའ་སྲུང་བསྟན་སྐྱོང་དམ་ཅན་ཕོ་ཉའི་ཚོགས། །དུར་ཁྲོད་འབར་བའི་གནས་ནས་༝། །མ་ཧཱ་ཀཱ་ལ་དུ་བེང་ཛཿཛཿཧཱུྃ་བཾ་ཧོཿ ཡིག་རྙིང་། ཧཱུྃཿ མ་བཅོས་བདེ་ཆེན་ལྷུན་གྲུབ་ཆོས་ཀྱི་དབྱིངས། །རྣམ་དག་འོད་ལྔ་རིན་ཅེན་གཞལ་ཡས་ཁང་། །བཀོད་མཛེས་པད་སྡོང་ཉི་ཟླ་འབར་བའི་གདན། །འདོད་ཡོན་ཟག་མེད་ཕུན་ཚོགས་མཆོད་གནས་འདིར། །བླ་མ་བཀའ་བརྒྱུད་རྒྱལ་སྲས་འཕགས་ཚོགས་དང་། །སྤྲུལ་སྐུ་དམ་པ་བྱིན་རླབས་བཀའ་བཞིའི་བརྒྱུད། །ཞི་ཁྲོ་གསང་བའི་དམ་ཅན་སྲུང་མའི་ཚོགས། །གཉིས་མེད་ཐུགས་རྗེས་བརྟན་པར་བཞུགས་སུ་གསོལ། །གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་མ་ཡ་ཏིཥྛ་ཏྣུ། ཡིག་རྙིང་ལས། ཧཱུྃཿ ཆོས་དབྱིངས་ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྐུ་ལྔ་མཆོག་གྱུར་འདོད་དགུའི་རིན་ཅེན་གཏེར། །སྐྱབས་གསུམ་ངོ་བོ་རྣམ་མཁྱེན་རྡོ་རྗེ་འཆང་། །གཉིས་མེད་བླ་མ་མཆོག་ལ་ཕྱག་འཚལ་ལོ། །རྒྱལ་བའི་གདུང་འཚོབ་རྒྱུད་སྡེའི་སྙིང་པོ་ཅན། །སྟོབས་བཅུ་དཔག་ཡས་མཆོག་གི་ནོར་བུས་གཏམས། །འདོད་དགའ་དཔལ་འབྱོར་རེ་བ་བསམ་པ་བསྐོང་། །སྤྲུལ་སྐུ་དམ་པའི་ཞབས་ལ་༝། །ཟག་མེད་མཆོག་སྟོན་བདེ་གཤེགས་ཡི་དམ་ལྷ། །ངོ་མཚར་ཡོན་ཏན་དཔལ་ལྡན་སུམ་ཅུ་དྲུག །རྒྱུད་སྡེའི་བཅུད་ལྡན་གྲུབ་ཆེན་རྣལ་འབྱོར་ཚོགས། །ཌཱ་ཀི་ཡེ་ཤེས་དངོས་གྲུབ་ཁྱད་ར་(༡༧༣ན)


GLG011_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད། །འཕྲིན་ལས་རྩ་བའི་དམ་ཅན་སྲུང་མའི་ཚོགས། །བྱིན་རླབས་སྟོབས་མཆོག་རྣམས་ལ་༝། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཡིག་རྙིང་ལས། ཧཱུྃཿ མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་དབྱངས་སྙན་རོལ་མོའི་ཚོགས། །སྒེག་མོ་འཕྲེང་བ་གླུ་གར་འདོད་དགུས་མཛེས། །བཀོད་མཛེས་རིན་ཅེན་སྣ་ཚོགས་གཞལ་ཡས་ཁང་། །ཉི་ཟླ་སྣང་གསལ་མཆོད་སྤྲིན་ནམ་མཁའི་རྒྱན། །ཀུན་བཟང་རྣམ་སྤྲུལ་དཔག་ཡས་བདེ་ཆེན་མཆོག །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མར་འབུལ། །ཐུགས་རྗེས་བརྩེར་དགོངས་བླ་མེད་དངོས་གྲུབ་སྩོལ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷ་རྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གསར་སྒྲིགས། མཆོད་དོ་སྐུ་བཞིའི་ཡེ་ཤེས་ལྔའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་དུ་༝། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་དུ་༝། དཔལ་ཡེ་ཤེས་ཀྱི་མགོན་པོའི་ཞལ་དུ་༝། པཎྜི་ཏ་ཀཱ་མ་ལ་ཤཱི་ལའི་༝། དམ་པ་རིན་པོ་ཆེ་མི་ཕམ་མགོན་པོའི་༝། བྱང་ཆུབ་སེམས་དཔའ་ཀུན་དགའ་བཟང་པོའི་༝། པ་ཚབ་ཚུལ་ཁྲིམས་འབར་གྱི་༝། གྲུབ་ཆེན་རྒྱལ་བ་ཏེ་ནེའི་༝། ཞིག་པོ་ཉི་མ་སེང་གེའི་༝། འཁྲུལ་ཞིག་དར་མ་སེང་གེའི་༝། རོག་སྤྱན་སྔ་དཔལ་ཆེན་༝། གཙུག་རྒྱན་ཀུན་དགའ་ལྷུན་གྲུབ་༝། དྲིན་ཅན་ཆོས་ཀྱི་རྒྱལ་པོའི་༝། རྒྱལ་སྲས་ཤེས་རབ་བཟང་པོའི་༝། རྟོགས་ལྡན་བྱང་ཆུབ་བཟང་པོའི་༝། རྒྱལ་ཚབ་དཔལ་ལྡན་དབང་ཕྱུག་གི་༝། ཆོས་རྗེ་དཔལ་ལྡན་བྱང་ཆུབ་ཀྱི་༝། འགྲོ་མགོན་ངག་དབང་ཆོས་རྒྱལ་གྱི་༝། ལྡུམ་པོ་བ་ཀརྨ་ཆོས་གྲགས་ཀྱི་༝། རི་ཁྲོད་པ་ཉི་ཟླ་གྲགས་པའི་༝། གྲུབ་དབང་བསོད་ནམས་རིན་ཅེན་གྱི་༝། སྤྲུལ་སྐུ་ཤཱཀྱ་རིན་ཅེན་གྱི་༝། ཆོས་རྒྱལ་གཏེར་བདག་གླིང་པའི་༝། དྲིན་ཆེན་རྩ་བའི་བླ་མ་(༡༧༣བ)


GLG011_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་༝། གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དམ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་༝། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཨོཾ་ཨཱཿཧཱུྃ། ཨོཾ་ཌཱ་ཀ་ཌཱ་ཀེ་ནི་ཨོཾ་༝། ཨོཾ་ཨ་གྷོ་ར་མ་ཧཱ་ཀ་ལ་དུ་བེང་ཛ་ཧཱུྃ་ཧཱུྃ་ཨོཾ་༝། མ་ཧཱ་ཀཱ་ལ་ཏྲཀྴ་མ་མ་རུ་ཙེ་ས་པ་རི་ཝཱ་ར་༝། ཨོཾ་ཧཱུཾ་ཤྲཱི་དེ་ཝི་ཀཱ་ལི་མ་ཧཱ་ཀཱ་ལི་དེ་ཝི་ས་པ་རི་༝། ལས་མཁན་ཏྲཀྴད་ནག་པོའི་༝། ཕྱག་བརྙན་རྒྱ་གར་ནག་པོའི་༝། སྲོག་གཅོད་བཤན་པ་དམར་པོའི་༝། ཕོ་ཉ་ལྕགས་སྤྱང་སྔོན་པོའི་༝། དམ་ཅན་རྡོ་རྗེ་ལེགས་པའི་ཞལ་༝། སྲིན་པོ། མ་མོ། གཟའ་བདུད། བཙན་དམར། གིང་པོ། བདུད་ཕོ། དམུ་རྒོད། གཤིན་རྗེ་རྣམས་ཀྱི་ཞལ༝། མདོར་ན་འཁོར་ཚོགས་དམ་ཅན་རྒྱ་མཚོ་ཕོ་ཉ་མངག་གཞུག་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་བཛྲ་གུ་རུ་ཨི་དམ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གུ་རུ་ཀ་མཱ་ལ་ཤཱི་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་གུ་རུ་ཤྲཱི་ཙཀྲ་སམྦྷ་ར་ས་༝། པནྩ་ཌཱ་ཀི་ནི་ས་༝། ཨོཾ་ཨ་གྷོ་ར་མ་ཧཱ་ཀ་དུ་རེ་སྭཱ་ཧཱ། མ་ཧཱ་ཀཱ་ལ་ཛྙཱ་ན་དྷརྨ་པཱ་ལ་ས་༝།མ་ཧཱ་ཀཱ་ལ་ཏྲཀྴད་མ་མ་རུ་ཙེ་ས་༝། ཨོཾ་ཧཱུཾ་ཤྲཱི་དེ་ཝི་ཀཱ་ལ་མ་ཧཱ་ཀཱ་ལི་དེ་ཝི་ཨ་༝། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ཀྱིས་གཏོར་མ་ཕུལ། ཨོཾ་བཛྲ་གུ་རུ་ཀ་མཱ་ལ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་དང་། གོང་གི་སྔགས་གཤམ་དུ་ནང་མཆོད་ཕུལ། ཡིག་རྙིང་། ཧཱུྃཿ སྟོན་པ་བླ་མེད་ཆོས་རྗེའི་བཀའ་བཞིན་དུ། །བདེ་མཆོག་འཁོར་ལོའི་རྒྱུད་རྣམས་རྒྱས་མཛད་ཅིང་། །ཀླུ་ཡི་ཅོད་པན་མི་བཟད་བཅིངས་ནས་ཀྱང་། །བསྟན་པ་གཉེན་སྲུང་སྐུ་ལ་ཕྱག་འཚལ་བསྟོད། །མགོན་པོའི་ནང་འདབ་དུར་ཁྲོད་ཆེན་པོ་ནས། །རབ་འཇིགས་མ་མོའི་ཚོགས་ཀྱིས་ཡོངས་(༡༧༤ན)


GLG011_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་ལྷ། །སྲོག་སྐྱོབ་དངོས་གྲུབ་སྟེར་ལ་༝། །སངས་རྒྱས་བསྟན་བསྲུང་བཀའ་ཡི་བྱ་ར་བ། །གཙུག་ལག་ཁང་ན་ཆོས་སྐྱོང་ཚོགས་པའི་དཔོན། །དམ་ཉམས་དགྲ་འདུལ་བགེགས་དཔུང་བརླག་པར་མཛད། །མཐུ་ཆེན་དྲག་རྩལ་ཅན་ལ་༝། བཤགས་པ་གསར་སྒྲིགས་ནི། །ཧཱུྃཿ ཤཱཀྱའི་རྒྱལ་པོ་དམ་པ་སངས་རྒྱས་སོགས། །དངོས་དང་བརྒྱུད་ལྡན་བླ་མའི་ཚོགས་རྣམས་ལ། །རྨོངས་པའི་དབང་གིས་སྒྲིབ་པ་ཆེར་བསགས་ནས། །དངོས་གྲུབ་གེགས་གྱུར་སྙིང་ནས་མཐོལ་ལོ་བཤགས། །དཔལ་ལྡན་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱི། །སྨིན་བྱེད་དཀྱིལ་འཁོར་ཆེན་པོར་མ་ཞུགས་ཤིང་། །གྲོལ་ལམ་བསྐྱེད་རྫོགས་ཉམས་ལེན་དང་བྲལ་ཏེ། །བག་མེད་ལེ་ལོའི་དབང་གྱུར་༝། ཁྱད་པར་དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །ཕྱི་ནང་གསང་བའི་དམ་རྫས་གསོག་པ་དང་། །བསྙེན་སྒྲུབ་ལོ་ཟླ་དུས་ཀྱི་མཆོད་པ་རྣམས། །གཡེང་བའི་དབང་གིས་མ་བགྱིད་༝། །ཐུབ་བསྟན་འཇིག་ཅིང་འགྲོ་བའི་བདེ་སྐྱིད་ཚོགས། །འཕྲོག་བྱེད་ཞིང་བཅུ་ཚང་བའི་ལོག་འདྲེན་དགྲར། །མངོན་སྤྱོད་ལས་སྦྱོར་མ་བགྱིས་དབང་བསྐུར་ཞིང་། །བརྩེ་བས་ཕན་གདཊ་བྱས་པ་༝། །རྩ་ལྟུང་བཅུ་བཞི་ལ་སོགས་གསང་སྔགས་ཀྱི། །དམ་ཚིག་ཉམས་པར་བདག་འཇུག་བླང་བ་དང་། །སྟོབས་བཞིའི་སྒོ་ནས་ཕྱིར་བཅོས་བཤགས་སྡོམ་སོགས། །མ་བགྱིས་ཡལ་བར་གྱུར་པ་༝། །མདོར་ན་ཐོག་མེད་དུ་ནས་རང་རྒྱུད་ལ། །ཉེར་གོས་མ་རིག་སྟུག་པོའི་བག་ཆགས་ཀྱིས། །བླ་མ་ཡི་དམ་ཆོས་སྲུང་ཐུགས་འགལ་རྣམས། །བཤགས་པས་ཉེས་ཚོགས་མ་ལུས་དག་གྱུར་ཅིག །ཐུགས་དམ་སྐོང་བ་ནི་གཞུང་ནས་བྱུང་བའི་བསྐང་རྫས་རྣམས་ཚོགས་པར་བྱས། བསྐང་གཏོར་བྱིན་རླབས་གོང་ལྟར་ལ་བཀང་རྫས་བརླབ་པ་ནི། ཧྲཱིཿཥྚཱི་ས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་(༡༧༤བ)


GLG011_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མགོན་པོ་ཨ་གྷོ་ར་འཁོར་དང་བཅས་པ་མཉེས་པར་བྱེད་པའི་དམ་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་མགོན་པོ་ཨ་གྷོ་ར་འཁོར་དང་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་སརྦྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝ་རྟ་ཡ། ཨཱ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ། ཞེས་དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས་དང་བཅས་པ་ལན་གསུམ་དང་། ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་དྷརྨ་ཏེ་བཛྲ་སིདྡྷི་ཧཱུྃ། ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁ་བྷྱཿ སརྦྦ་ཐཱ་ཁི་ཨུད་ག་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ། ཨཱ་དྱ་ནུད་པནྣ་ཏྭཱ་ཏ། ན་མཿསརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སཾ་བྷ་ར་ཧཱུྃ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོཙྪ་ནི་སརྦྦ་ཨཪྠཐ་སཱ་དྷ་ནི་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་ཀྱང་བྱིན་གྱིས་བརླབས་ལ། བསྐང་བ་གསར་བསྒྲིགས་ནི། རོལ་མོ་དབྱངས་དང་བཅས་པས། ཧཱུྃཿ ངོ་བོ་གདོད་ནས་སྤྲོས་དང་བྲལ་བའི་ངང་། །རྣམ་པ་ཕྱི་ནང་གསང་བ་མཆོད་པའི་རྫས། །བྱེད་ལས་དབང་པོ་དྲུག་ཡུལ་ཟག་མེད་ཀྱི། །བདེ་ཆེན་མཆོད་པས་དགྱེས་པ་བསྐྱེད་གྱུར་ཅིག །རྙོག་མེད་དངས་བསལ་ཉལ་འགྲོ་སྣོད་དུ་འཁྱིལ། །དམར་ཆེན་ཁྲག་མཚོ་ཐོད་ནང་དབུ་བའི་ཕྲེང་། །ཉེར་འཁྲིགས་མཆོད་པའི་ལྷ་མོས་རབ་སྦྲེང་བའི། །ཞལ་སྐྱེམས་ཆད་མེད་ཨརྒྷའི་ཆུ་རྒྱུན་གྱིས། །བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་། །དཔལ་མགོན་ཨ་གྷོ་ར་ཡི་ཐུགས་དམ་བསྐང་། །བདུད་མགོན་སྲོག་བདག་ཆེན་པོའི་ཐུགས་དམ་བསྐང་། །(༡༧༥ན)


GLG011_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་མཆོག་རེ་མ་ཏི་ཡི་ཐུགས་དམ་བསྐང་། །མཐུ་ཆེན་བཀའ་སྡོད་སྣ་ལྔའི་ཐུགས་དམ་བསྐང་། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་སྐོངས་གྱུར་ནས། །ཐུགས་དང་འགལ་བའི་དམ་ཚིག་ཉམས་ཆགས་སོལ། །མི་མཐུན་བར་གཅོད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་རྣམ་གཉིས་འབད་མེད་སྩལ་དུ་གསོལ། །བླ་མ་ཡི་དམ་སོགས་ཚིག་རྐང་བཅུ་པོ་འོག་མ་རྣམས་ལ་འགྲོ། ཨུ་དུམ་ཝཱ་ར་པད་དཀར་ཨུཏྤལ་སོགས། །ཐང་དང་ཆུ་ལས་སྐྱེས་པའི་མེ་ཏོག་འཛུམ། །མིག་རྣ་སྣ་ལྕེ་དོན་སྙིང་དྲོད་རླངས་ཅན། །འཕྲིག་འཕྲིག་འདར་བའི་དོ་ཤལ་རིང་བརྐྱངས་ནས་༝། །ཙནྡན་ཨ་ག་རུ་དང་དུ་རུ་ཀ །བ་ལུ་ཤུག་པ་མཁན་སྟག་སྣ་ཚོགས་སྨན། །གསར་རྙིང་མི་རོ་བམ་པོར་བསྲེགས་པའི་དུད། །ཤ་སྤྲིན་ལང་ལོང་འཐིབས་པའི་རྗེས་འགྲོ་བས་༝། །ཉི་ཟླ་རྒྱུ་སྐར་རིན་ཅེན་སྣང་བའི་འོད། །རྩི་བཅུད་འབྲུ་དང་ཚིལ་ཞུན་རྐང་མར་མཚོར། །རས་དང་རོ་སྐྲའི་སྡོང་བུ་ལ་སྦར་བའི། །འཇིག་རྟེན་ཁམས་ཀུན་གསལ་བྱེད་སྒྲོན་མེ་ཡིས་༝། །ཀུངྐུ་མ་དང་ཀ་སྤུ་ར་ལ་སོགས། །སྤོས་དང་རྩི་སྨན་བཟང་པོའི་ངད་ལྡན་པ། །རཀྟ་ཞག་ཆེན་མཁྲིས་པ་བསྲེས་པའི་ཆབ། །སྐུ་ལ་བྱུག་པའི་རྫས་མཆོག་དམ་པ་འདིས་༝། །དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ་སྣའི་ཕྱེ། །ལྷ་མིན་བཟའ་བཅའ་གཡོས་སྦྱར་རོ་བདའི་བཅུད། །གློ་སྙིང་མཁལ་མཆིན་རྒྱུ་ལོང་མཆེར་པ་དང་། །མགོ་ལག་རྐང་རུས་སྤུངས་པའི་ཞལ་ཟས་ཀྱིས་༝། །སིལ་སྙན་ཕོག་རྡོབ་ཏིང་ཤག་ཏམྦུར། །རྫ་རྔ་ཟོམ་རྔ་རྒྱ་གླིང་དུང་ཆེན་དང་། །ཐོད་རྔ་རྐང་གླིང་གསང་བའི་རྔ་ཆུང་འཁྲོལ། །འབོད་པའི་སྒྲ་སོགས་དབྱངས་དང་རོལ་མོ་ཡིས་༝། །མཛེས་སྡུག་ལུས་སྒེག་རིན་ཅེན་འཕྲེང་བ་འཛིན། སྙན་པའི་གླུ་ལེན་ཡིད་འོང་ཟློས་གར་བསྒྱུར། །མེ་ལོང་སྒྲ་སྙན་དུང་ཆོས་བཟའ་བཏུང་ཚོགས། །འཇམ་མཉེན་(༡༧༥བ)


GLG011_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གོས་འཛིན་མཆོད་ལྷས་ཡོངས་གང་འདིས། །རིན་ཅེན་སྲབ་རྨེད་གོང་དང་ཟ་འོག་གི །སྤུ་ལེན་ལོང་ཁེབས་ཟེ་ཤུན་རུས་པའི་སྒ། །གཡང་གཞིའི་སྟན་དང་དུག་སྦྲུལ་སྲབ་འཐུར་ཅན། །སྟོང་གསུམ་མྱུལ་བའི་རྟ་ནག་ཚོཊ་རྣམས་ཀྱི་༝། །དབང་སྔོན་ལྟར་འཚེར་རྭ་གདེངས་སྣ་ཚོགས་དང་། །རླུང་གིས་བསྐྱོད་མཛེས་འབྲོང་གཡག་ཞོལ་ཆེན་ཚོགས། །འདོད་འཇོའི་བ་མཛོ་རྭ་བཞི་འཁྱིལ་བའི་ལུག །ལྕཊ་ཀྱི་མཆུ་སྡེར་དགྲ་སྙིང་འབིགས་པའི་བྱ་༝། །ཐང་དཀར་ཁྲ་སོགས་མཁའ་ལ་འཕུར་དགུ་དང་། །སྟག་གཟིག་དྲེད་སོགས་ས་ལ་འཛུལ་དགུའི་རིགས། །ཤ་བ་ལ་སོགས་ར་དཀར་འཕྱོ་དགུའི་ཚོགས། །གླང་སེང་དྲེའུ་རྟ་ར་ཕག་སྲོག་ཆགས་ཀྱི། །སྲ་མཁྲེགས་བྱང་བུ་རྒྱུན་སྦྲེལ་གོས་གཤམ་ཅན། །གླིང་བརྒྱད་རྨོག་དཀར་མཛེས་བརྗིད་ཆས་ཀྱིས་སྤྲས། །ཞོལ་བཏགས་པར་ཕུབ་ལྕགས་གཞིབས་ལ་སོགས་པ། །སྲོག་སྐྱོབ་བསྲུང་བའི་གོ་ཆ་བཙན་པོ་ཡིས། །མེ་ཆུ་རྡོ་ཡིས་སྒྱོགས་ཀྱི་འཕྲུལ་འཁོར་དང་། །དཔག་ཆེན་མདའ་མདུང་དགྲ་སྟ་ལྕགས་ཀྱུ་ཞགས། །སྤུ་གྲི་ཆུ་གྲི་སྟ་རེ་ཤང་ལང་སོགས། །ཕ་རོལ་འཇོམས་བྱེད་མཚོན་ཆའི་ཚོགས་རྣམས་ཀྱིས་༝། །ཙནྡན་བེང་ཆེན་ལྕགས་པར་ཀ་པཱ་ལ། །དར་ནག་འཇོལ་བེར་གསེར་སྐེད་ཕྱག་རྒྱ་དྲུག །རིན་ཅེན་དུག་སྦྲུལ་ཐོད་སྐམ་དབུ་རྒྱན་དང་། །མགོ་རློན་དོ་ཤལ་དཔའ་བོའི་ཆས་གོས་ཀྱི། །གཅན་གཟན་རི་དྭགས་སྣ་ཚོགས་ཤུན་པགས་དང་། །ཞིང་ཆེན་སྟག་ཤམ་རུས་པ་རིན་ཅེན་སྦྲུལ། །རཀྟའི་ཐིག་ལེ་ཞག་གི་སོར་རིས་དང་། །ཐལ་ཆེན་ལ་སོགས་དུར་ཁྲོད་རྫས་ཀྱིས་བརྒྱན་༝། །རུ་མཚོན་སྟག་རལ་གཟིག་ཤུབ་ཁྲམ་ཤིང་དང་། །ནད་རྐྱལ་ལྕགས་སྒྲོག་གྲི་གུག་ཉག་ཕྲན་གཞུ། །ཙེ་བེར་རེ་ལྡེ་བསེ་ཡི་རྨོག་མོ་ཁྲབ། །མེ་འབར་རླུང་ནག་འཚུབ་མ་འཁྱིལ་བ་ཡི། །རྟག་གཏོར་རྒྱུན་གཏོར་དུས་གཏོར་བསྐང་གཏོར་སོགས། །རི་བོ་ལྟ་བུར་སྤུངས་(༡༧༦ན)


GLG011_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷུན་ཆགས་བརྗིད། །འབྲུ་འབྲས་སྦྲང་བུར་རྩྭ་ལས་བྱུང་བའི་ཆང་། །སྣ་ཚོགས་ཁྲག་གི་བཏུང་བ་མཚོ་ལྟར་སྐྱིལ་༝། །ལ་ཕུག་སྒོག་བཙོང་ཉ་ཤ་ལ་དུའི་རྫས། །འབྲུ་ཡི་ཚ་བ་རྒུན་འབྲུམ་གྱིས་མཚོན་པའི། །ཤིང་ཏོག་རིས་དང་སྨན་སྣའི་བྱེ་བྲག་ཚོཊ། །ཤ་སྣ་འཁུར་སྣ་བཟའ་དང་བཅའ་བ་ཡིས་༝། །གནས་ཀྱི་ཁྱད་པར་རིན་ཅེན་ཕོ་བྲང་ཆེ། །བནྡྷ་སྐམ་རློན་བརྩེགས་པའི་ཁང་བཟང་དང་། །ཞྭ་གོས་ནག་པོ་གཡབ་དར་ཕ་ཝང་རྡོ། །ལྷང་འཚེར་སྲོག་སྔགས་མི་འབྲལ་འཆང་བའི་རྟེན་༝། །ལྷུན་པོ་གླིང་བཞི་གླིང་ཕྲན་ལྕགས་རིས་བསྐོར། །རི་བོ་ས་བརྟོལ་མ་རྨོས་ལོ་ཏོག་པ། །རྒྱལ་སྲིད་སྣ་བདུན་བུམ་བཟང་ཉི་ཟླ་ཟུང་། །མདོར་ན་མཐོ་རིས་དཔལ་འབྱོར་ལོངས་སྤྱོད་ཀྱིས་༝། །ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་རྫས། །མ་དག་སྐྱོན་སྦྱངས་ཨ་མྲྀ་ཏའི་ངོ་བོར། །རབ་རྟོགས་རྒྱ་ཆེར་སྤེལ་བས་ཟག་མེད་ཀྱི། །ངོ་བོ་ནང་གི་མཆོད་པ་བླ་མེད་ཀྱིས་༝། །ནུ་འབུར་བྷ་ག་མངོན་རྒྱས་རྐེད་སྐབས་ཕྲ། །ལང་ཚོ་བཅུ་དྲུག་དར་བབ་མཛེས་སྡུག་ཅན། །གསང་བའི་ཕྱག་རྒྱ་མ་དང་སྙོམས་ཞུགས་པས། །དགའ་བཞིའི་འགྲོས་ཀྱིས་གསང་བའི་མཆོད་པ་ཡིས་༝། །སྣ་ཚོགས་སྤྲུལ་ཀུན་མཚན་མ་མ་ལུས་པ། །གཞི་མེད་རྩ་བྲལ་སྟོང་ཆེན་དག་པའི་དབྱིངས། །གང་ཤར་ཆོས་སྐུར་འཆར་བ་ཕྱག་རྒྱ་ཆེ། །གཉུག་མ་དོན་གྱི་དེ་ཉིད་མཆོད་པ་ཡིས༝། །ལོག་འདྲེན་གཤེད་དུ་ཤ་ཁྲག་སྲོག་དབུགས་ལ། །རབ་རྔམས་སྲིན་པོ་ཁྲོས་པའི་གཟུགས་འཆང་ཡང་། །དོན་གྱི་སྙིང་པོར་ཁྱབ་བདག་ཧེ་རུ་ཀར། །ཡིད་ཆེས་ངེས་པ་རྙེད་པའི་རྟེན་མཆོག་གིས་༝། །བཟློག་པ་ནི། ཧཱུྃཿ དཔལ་ལྡན་མགོན་པོ་ནག་པོ་ནི། །རི་རབ་རྩེ་ལ་གཤེགས་པའི་ཚེ། །ཚངས་པ་བརྒྱ་བྱིན་དབང་དུ་སྡུད། །ཉེ་དབང་འབུམ་སྡེ་ཀླད་ལ་འགྱེད། །དང་པོ་སངས་རྒྱས་བསྟན་པ་བསྲུང་། །བར་དུ་རྣལ་འབྱོར་འཁོར་བཅས་སྐྱོང་། །ཐ་མར་གནོད་པའི་དགྲ་བགེགས་བཟློག །སྟེང་གི་དགྲ་བགེགས་སྟེང་དུ་བཟློག །དཔལ་ལྡན་མགོན་པོ་ནག་པོ་ནི། །རི་རབ་ཤར་ལ་གཤེཊ་པའི་ཚེ། །ཡུལ་(༡༧༦བ)


GLG011_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བསྲུང་ནི་དབང་དུ་སྡུད། །དྲི་ཟ་འབུམ་སྡེ་ཀླད་ལ་འགྱེད། །དང་པོ་སངས་རྒྱས་༝། །བར་དུ་རྣལ་འབྱོར་༝། །ཐ་མར་གནོད་པའི་༝། །ཤར་གྱི་དགྲ་བགེགས་ཤར་དུ་བཟློག །དཔལ་ལྡན་མགོན་པོ་༝། །རི་རབ་ལྷོ་ལ་གཤེགས་པའི་ཚེ། །འཕགས་སྐྱེས་པོ་ནི་དབང་དུ་སྡུད། །གཤིན་རྗེ་འབུམ་སྡེ་ཀླད་ལ་འགྱེད། །དང་པོ་༝། །བར་དུ་༝། །ཐ་མར་༝། །ལྷོ་ཡི་དགྲ་བགེགས་ལྷོ་རུ་བཟློག །དཔལ་ལྡན་མགོན་༝། །རི་རབ་ནུབ་ལ་གཤེགས་པའི་ཚེ། །སྤྱན་མི་བཟང་ནི་དབང་དུ་སྡུད། །ཀླུ་དབང་འབུམ་སྡེ་ལས་ལ་འགྱེད། །དང་པོ་༝། །བར་༝། །ཐ་མར་༝། །ནུབ་ཀྱི་དགྲ་བགེཊ་ནུབ་ཏུ་བཟློག །དཔལ་ལྡན་མགོན་པོ་༝། །རི་རབ་བྱང་ལ་གཤེཊ་པའི་ཚེ། །རྣམ་ཐོས་སྲས་པོ་དབང་དུ་སྡུད། །གནོད་སྦྱིན་འབུམ་སྡེ་ཀླད་ལ་འགྱེད། །དང་པོ་༝། །བར་དུ་༝། །ཐ་མར་༝། །བྱང་གི་དགྲ་བགེགས་བྱང་དུ་བཟློག །དཔལ་ལྡན་མགོན་པོ་༝། །རི་རབ་འབར་ལ་གཤེགས་པའི་ཚེ། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུད། །ལྷ་ཕྲན་འབུམ་སྡེ་ཀླད་ལ་འགྱེད། །དང་པོ་༝། །བར་༝། །ཐ་མར་༝། །བར་གྱི་དགྲ་བགེགས་བར་དུ་བཟློག །དཔལ་ལྡན་མགོན་པོ་༝། །རྒྱ་མཚོའི་གླིང་ལ་བྱོན་པའི་ཚེ། །ཀླུ་ཆེན་བརྒྱད་པོ་དབང་དུ་སྡུད། །ས་བདག་འབུམ་སྡེ་ལས་ལ་འགྱེད། །དང་པོ་༝། །བར་༝། །ཐ་མར་༝། །འོག་གི་དགྲ་བགེཊ་འོག་ཏུ་བཟློག །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །བྷྱོ་བྷྱོ་ཟ་བའི་སྲི་ལ་བྷྱོ། །བྷྱོ་བྷྱོ་ཕུང་པོའི་འདྲེ་ལ་བྷྱོ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་སྡང་བར་བྱེད་པའི་དགྲ་བགེགས་ཀྱི་སྟེང་དུ་བཟློག་ཏུ་གསོལ། བསྙེན་པ་བྱ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་མགོན་པོའི་ཐུགས་ཀར་ཉི་གདན་ལ་ས་བོན་གྱི་མཐར་སྔགས་འཕྲེང་གིས་བསྐོར་(༡༧༧ན)


GLG011_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་འཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་རྣམས་ལས་ལ་བཀོལ་ཏེ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་སྤྲོས་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པ་སོགས་འཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་བསྒྲུབ་པར་བསམས་ལ། མགོན་པོའི་སྙིང་པོ་ནི། ཨོཾ་ཨ་གྷོ་ར་མ་ཧཱ་ཀཱ་ལ་དུ་རེ་སྭཱ་ཧཱ་ཧཱུྃ་ཧཱུྃ། བདུད་མགོན་གྱི་སྙིང་པོ་ནི། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་མ་རུ་རུ་ཙེ་ཧཱུྃ། ལྷ་མོའི་སྙིང་པོ་ནི། ཨོཾ་ཧཱུྃ་ཤྲཱི་དེ་ཝི་ཀཱ་ལི་མ་ཧཱ་ཀཱ་ལི་དེ་ཝི་ཧཱུྃ། ལས་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྷ་ཏ་གྷ་ཏ། དགྲ་བགེགས་མཱ་ར་ཡ་ཕཊ། ཛྷི་པཾ་ཏཾ་ཧ་ར་ཧ་ར་ཧཱུྃ་ཕཊ། རཀྵ་རཀྵ་མ་ཧཱ་རཀྵ། ཀ་ལ་རཀྵ། ཙིཏྟ་རཀྵ། ལེ་ལེ། དྷ་ར་དྷ་ར། །གྷི་ལ་གྷི་དགྲ་བགེགས་མཱ་ར་ཡ་ཕཊ། ཅེས་དམིགས་པ་དང་བཅས་བཟླས་པའི་མཐར་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་གཏོར་མ་བྱིན་གྱིས་བརླབས་ནས་འབུལ་བ་གོང་བཞིན་བྱ། གཏོར་རྫོངས་གསར་སྒྲིགས་ནི། ཧོ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། དཔལ་མ་ཧཱ་ཀཱ་ལ་ཨ་གྷོ་ར། བདུད་མགོན་ནག་པོ་ཆེན་པོ། །དཔལ་ལྡན་ལྷ་མོ་ནམ་གྲུ་མ། །ལས་མཁན་ཏྲཀྴད་ནག་པོ། །ཕྱག་བརྙན་རྒྱ་གར་ནག་པོ། །སྲོག་གཅོད་བཤན་པ་དམར་པོ། །ཕོ་ཉ་ལྕགས་སྤྱང་སྔོན་པོ། །དམ་ཅན་རྡོ་རྗེ་ལེགས་པ། གཏུམ་ཆེན་སྲིན་པོ། །ཁྲག་འཐུང་མ་མོ། །གཟའ་བདུད་རཱ་ཧུ་ལ། གཟེར་སྟོང་བཙན་དམག །སྲོག་གཅོད་གིང་པོ། །འཇིགས་རུང་བདུད་དམག །གཤན་འབྱེད་དམུའི་རིགས། འཆི་བདག་གཤིན་རྗེ། མདོར་ན་སྣང་སྲིད་ལས་བྱེད་དྲེཊ་པའི་དམག་ཚོགས་རྣམས་ལ་འབུལ་ལོ་དགྱེས་པར་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྐྱོངས། དཀོན་ཅོག་གི་དབུ་འཕང་བསྟོད། །དགེ་(༡༧༧བ)


GLG011_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་བཤད་སྒྲུབ་སྤེལ། །འགྲོ་རྣམས་བདེ་སྐྱིད་ལ་འཁོད། ཁྱད་པར་རྣལ་འབྱོར་པ་བདག་ཅག་འཁོར་བཅས་ལ་བསམ་ངན་སྦྱོར་རྩུབ་འཆང་བའི་གནོད་དགྲ་བགེགས་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག །བདག་སོགས་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། རིང་པོར་མི་ཐོགས་པར་མྱུར་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་འཕྲིན་ལས་མཛོད་ཅིག །ཅེས་འཕྲིན་ལས་བཅོལ། གཞི་བདག་གཏོར་མ་གཏོང་། བདག་གི་བསམ་པའི་སྟོབས་དང་ནི་ཞེས་སོགས་བརྗོད། བསྟོད་པ་གསར་བསྒྲིགས་ནི། རོལ་མོ་དབྱངས་དང་བཅས་པས། གཟོད་མ་ཉིད་ནས་ངེས་པ་ལྔ་ལྡན་སྐུར། །བཞེངས་ཀྱང་ཞིང་འདིར་འདྲེན་པ་ཉི་མའི་གཉེན། །གསང་བའི་བདག་པོ་དམ་པ་སངས་རྒྱས་སོགས། །རྩ་བརྒྱུད་བླ་མའི་ཚོགས་ལ་གུས་པས་བསྟོད། །བྱེ་བ་ཕྲག་བརྒྱའི་དཀྱིལ་འཁོར་འཁོར་ལོ་ཡི། །ཁྱབ་བདག་ཝ་ཡིག་དཔལ་ལྡན་ཧེ་རུ་ཀ །ཨེ་དབྱིངས་རྡོ་རྗེ་ཕག་མོར་མཉམ་སྦྱོར་བ། །གྲངས་མེད་པད་སྟོང་ཟུང་འཇུག་ངོ་བོར་བསྟོད། །ཤེས་རབ་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གར། །ཞིང་སྐྱེས་ལྷན་ཅིག་སྐྱེས་དང་སྔགས་སྐྱེས་ཀྱི། །མཐའ་ཡས་ཕོ་བའི་བགྲོད་པས་ཚེ་གཅིག་ཏུ། །ཟུང་འཇུག་སྐུ་གསུམ་གོ་འཕང་སྩོལ་ལ་བསྟོད། །ཡིག་རྙིང་། ཧཱུྃཿ དུར་ཁྲོད་ཆེན་པོ་ཀ་ལིངྐ་ཡི་དབུས། །འོད་ཕུང་བསྐལ་པ་མེ་ལྟར་འབར་བའི་ཀློང་། །ཉི་ཟླ་པདྨ་མི་རོའི་གདན་སྟེང་ནས། །ཧཱུྃ་ལས་སྐྱེས་པའི་དཔལ་ལྡན་མགོན་པོ་ནི། །ཤིན་ཏུ་མི་བཟད་མ་ཧཱ་ཀཱ་ལའི་སྐུ། །ཞལ་གཅིག་ཕྱག་གཉིས་མདོག་ནག་འཇིགས་པའི་ཚུལ། །དར་ནག་བེར་གསོལ་གསེར་སྐེད་རིན་ཅེན་བཅིངས། །དབུ་སྐྲ་ཁམ་ནག་སྲིད་གསུམ་རྒྱན་ལ་བརྫེས། །ཞལ་གྱི་ཁྲོ་གཉེར་སྤྱན་གསུམ་གློག་ལྟར་འཁྱུག །ཤངས་ནས་ཧཱུྃ་འབྱིན་ཞལ་ནས་ཕགས་སྒྲོག་ཅིང་། །(༡༧༨ན)


GLG011_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས། །གཡས་གཡོན་ཕྱག་ན་བེང་དང་པར་བུ་བསྣམས། །སྦྲུལ་དང་ཐོད་རློན་ཕྲེང་བའི་རྒྱན་གྱིས་བརྒྱན། །དཔལ་ལྡན་མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃཿ སྟོན་པ་བླ་མེད་ཆོས་རྗེའི་བཀའ་བཞིན་དུ། །བདེ་མཆོག་འཁོར་ལོའི་རྒྱུད་རྣམས་རྒྱས་མཛད་ཅིང་། །ཀླུ་ཡི་ཅོད་པན་མི་བཟད་བཅིངས་ནས་ཀྱང་། །བསྟན་པ་གཉེན་བསྲུང་སྐུ་ལ་ཕྱག་འཚལ་བསྟོད། །མགོན་པོའི་ནགས་འདབ་དུར་ཁྲོད་ཆེན་པོ་ནི། །རབ་འཇིགས་མ་མོའི་ཚོགས་ཀྱི་ཡོངས་བསྐོར་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་ལྷ། །སྲོག་སྐྱོབ་དངོས་གྲུབ་སྟེར་ལ་ཕྱག་འཚལ་བསྟོད། །སངས་རྒྱས་བསྟན་བསྲུང་བཀའ་ཡི་བྱ་ར་བ། །གཙུག་ལག་ཁང་ན་ཆོས་སྐྱོང་ཚོགས་པའི་དཔོན། །དམ་ཉམས་དགྲ་འདུལ་བགེགས་དཔུང་བརླག་པར་མཛད། །མཐུ་ཆེན་དྲག་རྩལ་ཅན་ལ་ཕྱག་འཚལ་བསྟོད། །ཧཱུྃཿ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཐུགས་རྗེའི་སྤྲུལ་པ་ནག་པོ་ཆེན་པོ་ནི། །ཤིན་ཏུ་མི་བཟད་སྐུ་མདོག་མཐིང་ནག་ལ། །བརྗིད་པའི་ན་བཟའ་བེར་ཆེན་སྐུ་ལ་གསོལ། །ཐུགས་རྗེའི་རྟགས་ཀྱི་ཐོད་པས་དབུ་ལ་བརྒྱན། །གཡས་ཀྱི་ཕྱག་ན་ཙནྡན་བེང་ཆེན་བསྣམས། །གཡོན་གྱི་ཕྱག་ན་ཐོད་ཁྲག་སྐུ་ལ་བརྟེན། །དབུ་སྐྲ་རལ་པའི་ཐོར་ཚུཊ་གཅིག་ཏུ་བཅིངས། །སྐུ་མདོག་མཐིང་ནག་འཇིགས་པར་བསྟན་པ་ནི། །ཆོས་རྣམས་ཐམས་ཅད་མཉམ་ཉིད་ཡིན་པའི་རྟཊ། །སྐུ་ལ་དར་ནག་འཇོལ་བེར་གསོལ་བ་ནི། །ཐུགས་རྗེའི་སྤྲུལ་པས་འགྲོ་དོན་མཛད་པའི་རྟགས། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ནི། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཅིག་པའི་རྟགས། །ཐོད་པའི་ཕྲེང་བས་དབུ་ལ་བརྒྱན་པ་ནི། །ཐུགས་ལས་སྤྲུལ་པ་སྣ་ཚོགས་འབྱུང་བའི་རྟགས། །གདུག་པ་སྦྲུལ་གྱི་ཆུན་པོས་བརྒྱན་པ་ནི། །ཉོན་(༡༧༨བ)


GLG011_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་དུག་གསུམ་མ་ལུས་སྤངས་པའི་རྟགས། །ཕྱག་གཡས་ཙནྡན་བེང་ཆེན་བསྣམས་པ་ནི། །ལྷ་དམག་འབུམ་གྱིས་ལྷ་མིན་འདུལ་བའི་རྟགས། །གཡོན་ན་བནྡྷ་ཁྲག་བཀང་བསྣམས་པ་ནི། །ཉོན་མོངས་རྣམ་རྟོག་ཞལ་དུ་གསོལ་བའི་རྟགས། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ནི། ཁམས་གསུམ་སེམས་ཅན་གྱེན་ལ་འདྲེན་པའི་རྟགས། །མེ་སྟག་ཚ་ཚ་སྐར་ལྟར་འཕྲོ་བ་ནི། །ཆོས་འོད་ཆེན་པོས་ཁམས་གསུམ་འགེངས་པའི་རྟགས། །མེ་ལྕེས་སྟོང་གསུམ་ཁྱབ་པར་འབར་བ་ནི། ཁམས་གསུམ་སེམས་ཅན་མུན་པ་སེལ་བའི་རྟགས། ཁྲོ་རྒྱལ་སྟོང་ཕྲག་ཚོགས་ཀྱིས་བསྐོར་བ་ནི། །བདུད་རྣམས་ཀུན་ལ་ཞུམ་པ་མེད་པའི་རྟགས། །བགེགས་རིགས་སྟོང་ཕྲག་གདན་དུ་བཏིང་བ་ནི། །ལོག་འདྲེན་ཚོགས་རྣམས་མ་ལུས་འདུལ་བའི་རྟགས། །མ་མོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ནི། །བཙུན་མོའི་བདེ་བ་སྐུ་ལ་བརྟེན་པའི་རྟགས། །བསྟན་པ་གཉེན་བསྲུང་བཀའ་ཡི་བྱ་ར་མཛོད། །ཐུགས་རྗེས་བསྟན་པ་གཉེན་པོ་བསྲུང་དུ་གསོལ། །ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ལས་ངན་སྡིག་ཅན་ཐལ་བའི་རྡུལ་དུ་རློག །བདག་གིས་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །མགོན་པོའི་མཁར་བསྟོད་ནི། །ཧཱུྃཿ ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ལྷོ་ནུབ་ཕ་གི་ན། །སྲིན་པོ་རྒྱུ་བའི་མཚམས་ཤེད་ན། །སྲིན་ཡུལ་ལངྐ་པུ་ར་ན། །ཐང་རྣམས་ཐམས་ཅད་པགས་པའི་ཐང་། །རི་བོ་ཐམས་ཅད་རུས་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་མདུང་། །ཆུ་འབབ་ཐམས་ཅད་ཁྲག་དང་རྣག །གཟུགས་རྣམས་ཐམས་ཅད་ཧེ་རུ་ཀ །སྒྲ་སྐད་ཐམས་ཅད་མཁའ་འགྲོའི་སྐད། །མཚོ་རྣམས་ཐམས་ཅད་དུག་གི་མཚོ། །དུག་མཚོ་ཁོལ་མའི་ནང་ཤེད་ན། །རྗེ་ཡི་སྐུ་མཁར་ལམ་སེ་ལམ། །སྐུ་མཁར་དེ་ཡི་རྒྱུ་བཞི་ནི། །ཤར་ཕྱོགས་མི་ཡི་ཐོད་པས་བརྩིགས། །མི་ཐོད་གད་མོ་ཡལ་ལ་ལ། །ལྷོ་ཕྱོགས་(༡༧༩ན)


GLG011_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཡི་ཐོད་པས་བརྩིགས། །གྱི་ལིང་རྟ་སྐད་རྩེར་རེ་རེ། །ནུབ་ཕྱོགས་སྤྲེའུའི་ཐོད་པས་བརྩིགས། །འདུར་མོ་ཉལ་སྐད་ལྷངས་སེ་ལྷང་། །བྱང་ཕྱོགས་ལུག་གི་ཐོད་པས་བརྩིགས། །གཡང་མོ་འབའ་སྒྲ་དིར་རི་རི། །ལྷ་ཆེན་བརྒྱད་ཀྱིས་ཀ་བ་བྱས། །ཀླུ་ཆེན་བརྒྱད་ཀྱིས་གདུང་མ་བྱས། །གཟའ་ཆེན་བརྒྱད་ཀྱིས་དྲལ་ཕྱམ་བྱས། །སྲིན་པོའི་པགས་པའི་ཐོག་ཕུག་ཅིང་། །ཚངས་པའི་མགོ་བོའི་ཏོག་གིས་བརྒྱན། །སྒོ་བཞི་ཆུ་སྲིན་རྟ་བབས་བྱས། །སྐུ་མཁར་དེ་ཡི་རྩེ་མོ་ན། །ནད་ཀྱི་ན་བུན་ཐུལ་ལུ་ལུ། །མི་རོའི་རྒྱལ་མཚན་རོང་སེ་རོང་། །མི་ལྤགས་གཡབ་མོ་ལིངས་སེ་ལིང་། །བྱ་ནག་ཁྱུང་ཆེན་ལྡིངས་སེ་ལྡིང་། །སྐུ་མཁར་དེ་ཡི་ཟུར་བཞི་ལ། །མི་མགོ་རྟ་མགོ་ཧྲིལ་ལེ་ལེ། །སྐུ་མཁར་དེ་ཡི་ལོགས་བཞི་ལ། །ཁྱི་ཁྲག་རྟ་ཁྲག་ཤམས་སེ་ཤམ། །སྐུ་མཁར་དེ་ཡི་ཤར་ཕྱོགས་ན། །སྦྲུལ་ནག་ཆུན་པོ་ཉིལ་ལི་ལི། །སྐུ་མཁར་དེ་ཡི་ལྷོ་ཕྱོགས་ན། །དུར་བྱ་རྐང་སྟབས་ལིངས་སེ་ལིང་། །སྐུ་མཁར་དེ་ཡི་ནུབ་ཕྱོགས་ན། །སྲིན་བྱ་ཁུས་འདེབས་ལྷངས་སེ་ལྷང་། །སྐུ་མཁར་དེ་ཡི་བྱང་ཕྱོགས་ན། །ཅེ་སྤྱང་ངུ་ཟུག་དི་རི་རི། །སྐུ་མཁར་དེ་ཡི་འགྲམ་གཞི་ལ། །ཀེང་རུས་གར་བྱེད་ཁྲོལ་ལོ་ལོ། །སྐུ་མཁར་དེ་ཡི་ཕྱོགས་མཚམས་ན། །འུག་པ་རྐན་སྒྲ་ཆེམས་སེ་ཆེམས། །བྱ་རོག་ཤ་སྐད་ཏོངས་སེ་ཏོང་། །སྐུ་མཁར་དེ་ཡི་རྨང་གཞི་ལ། །རླུང་ལྷ་ལྕགས་སྐད་རྩེར་རེ་རེ། །སྐུ་མཁར་དེ་ཡི་མཐའ་སྐོར་ལ། །སྡེ་བརྒྱད་གད་མོ་ཡལ་ལ་ལ། །རོ་ལངས་མཆོང་རྒྱུག་ལིངས་སེ་ལིང་། །རྟ་ནག་རྟིང་དཀར་རྩེར་རེ་རེ། །གཡག་རོག་ཞོལ་བོ་དར་ར་ར། །ལུག་ནག་སྤྱི་དཀར་འབབ་སེ་འབས། །ཁྱི་ནག་དོམ་བུ་ཁངས་སེ་ཁང་། །བྱ་ནག་ཕོ་རོག་ལིངས་སེ་ལིང་། །མོན་ནག་གྱོན་པོ་ཤར་ར་ར། །དམ་ཅན་ལས་བྱེད་ཁྱུགས་སེ་ཁྱུག །སྐུ་མཁར་དེ་ཡི་ནང་ཤེད་ན། །མི་(༡༧༩བ)


GLG011_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རོ་འབུམ་ནི་ཁྲི་རུ་བརྩིགས། །རྟ་རོ་འབུམ་ནི་བཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་མཚོ་རུ་སྐྱིལ། །ཞིང་ཆེན་བསྣོལ་བའི་གདན་སྟེང་ན། །དཔལ་ལྡན་མགོན་པོ་བཞུགས་པ་ནི། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །སྐུ་ལ་དར་ནག་འཇོལ་བེར་གསོལ། །གསེར་སྐེད་རིན་ཅེན་སྐེད་ལ་བཅིངས། །སག་ཆེན་ཡུ་རིང་ཞབས་ལ་གསོལ། །དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས། །མཆེ་བ་རྩང་ཕུར་བསྣོལ་བ་འདྲ། །ཕྱག་གཡས་ཙནྡན་བེང་ཆེན་བསྣམས། །ཙནྡན་བེང་གི་བེང་སྟོད་ནས། །ལྷ་དམག་ཉི་ཁྲི་ཆིག་སྟོང་འགྱེད། །ཙནྡན་བེང་གི་བེང་སྨད་ནས། །བདུད་དམག་ཉི་ཁྲི་ཆིག་སྟོང་འཕྲོ། །གཡོན་པ་ལྕགས་པར་སྐུ་ལ་བརྟེན། །ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས། །དགྲ་བགེགས་འཆོར་མེད་བཙོན་དུ་བཟུང་། །འཁོར་དུ་སྲོག་བདུད་འབུམ་གྱིས་བསྐོར། ཁྱེད་ལ་མཆོད་པ་འབུལ་བ་ནི། །བསད་པའི་ཤ་དང་མྱོས་པའི་ཆང་། །བསྲེགས་པའི་གསུར་དང་བཙོས་པའི་ཞག །ཁུ་བ་ཁྲག་དང་ལྷ་བ་རྐང་། །ནང་ཁྲོལ་གློ་སྙིང་མཁལ་མར་བཅས། །གསོལ་ཞིག་རོལ་ཞིག་དགྱེས་པར་མཛོད། །དེ་ནས་ལེགས་ལྡན་ལ་བསྟོད་པ་ནི། །ཧཱུྃཿ རླུང་ནག་འཚུབ་མ་འཁོལ་བའི་དབུས། །ཐོད་མཁར་འབར་བའི་གཞལ་ཡས་ནས། །ལས་ཀྱི་བཤན་པ་གཤེགས་སུ་གསོལ། །བཤན་པ་ནག་པོ་རོལ་ས་ནི། །རལ་པ་ནག་པོ་གོས་སུ་གྱོན། །བདུད་ཀྱི་གཡང་གཞི་ཕྲག་ལ་བཀལ། །ཞགས་པ་ནག་པོ་མཆན་ན་བཅུག །ཕྱག་ན་སྲོག་གི་ནེ་ལེ་བསྣམས། །བྲ་ནག་རྟིང་དཀར་ཆིབས་སུ་བཅིབས། །སྟག་རལ་གཟིག་ཤུབས་གཡས་གཡོན་འཁྱུག །གཞུ་མོ་མཆོག་དཀར་རུ་མཚོན་འཕྱར། །མདའ་མོ་ལྟོང་དམར་དགྲ་ལ་འཕེན། །བསྒྲུབ་པའི་དམ་རྫས་འདི་གསོལ་ལ། །དམིགས་པའི་དགྲ་ལ་རྟགས་ཐོན་ཅིག །བཅོལ་བའི་འཕྲིན་ལས་སྒྲུབ་(༡༨༠ན)


GLG011_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །གསར་སྒྲིགས་ནི། ཧཱུྃཿ ཧེ་རུ་ཀ་དཔལ་བདེ་སྟོང་ཟུང་འཇུག་གི ། ཡེ་ཤེས་རྣམ་པར་རོལ་བའི་འཕྲུལ་པོ་ཆེ། །ལྷ་ཆེན་དཔལ་འབར་ལེགས་ལྡན་མཐུ་རྩལ་ཅན། །རྡོ་རྗེ་འཆང་གི་བཀའ་སྡོད་ཁྱོད་ལ་བསྟོད། །དུས་མཐའི་མེ་ལྟར་རབ་འབར་ཀློང་དཀྱིལ་དབུས། །པདྨ་ཉི་ཟླ་ལོག་འདྲེན་བསྣོལ་བའི་ཁྲིར། །མིག་སྨན་ལྷུན་པོ་ཟ་བྱེད་སྲིན་པོའི་གདོང་། །སྲིད་གསུམ་མ་ལུས་སྐྲག་པར་མཛད་ལ་བསྟོད། །དམར་ཟླུམ་སྤྱན་གསུམ་ཉི་ཟླ་ལྟ་བུར་འཁྱིལ། །སྨ་ར་སྨིན་མ་གློག་སྟོང་རྗེས་འགྲོར་འཁྱུག །ཞལ་གདངས་མཆེ་གཙིགས་ཁ་ནས་ཁྲག་རྒྱུན་འཛག །གཏུམ་རྔམས་ཁྲོ་གཉེར་སྨིན་མཚམས་བསྡུས་ལ་བསྟོད། །ཕྱག་གཡས་ཙནྡན་བེང་ཆེན་སྒོ་གསུམ་ནས། །ལྷ་བདུད་བཙན་དམག་འབུམ་ཐེར་ཕྱོགས་བཅུར་འགྱེད། །གཡོན་པ་སྙིང་ཁྲག་དྲོན་མོ་ལང་ལོང་དུ། །ཁོལ་བའི་ཐོད་པ་བཾ་ཧྲིལ་འཛིན་ལ་བསྟོད། །སྐུ་ལ་དར་ནག་ཙེ་བེར་ལྷབ་ལྷུབ་ཏུ། །མནབས་པ་གསེར་གྱི་ཕྲ་ཚོམ་སྐ་རགས་བཅིངས། །རིན་ཅེན་རྩེ་ཕྲན་ཐོད་སྐམ་དབུ་བརྒྱན་པ། །དར་གྱི་ཅོད་པན་འཕུར་ལྡིང་མཛེས་ལ་བསྟོད། །ཁྲག་འཛག་ལྔ་བཅུའི་མགོ་རློན་རྒྱུ་མ་ཡི། །སྲད་བུར་ཉེར་བརྒྱུས་དོ་ཤལ་རིང་དུ་འཕྱང་། །རུས་པའི་རྒྱན་གྱིས་སྐུ་དང་ལྷུ་ཚིགས་བརྒྱན། །སག་ལྷམ་སྔོན་པོས་ཞབས་ཟུང་མཛེས་ལ་བསྟོད། །པད་ཉི་མི་རོ་གསར་རྙིང་ཁྲི་བརྩིགས་པའི། །སྟེང་ན་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་སྟེ། །སྒེག་པ་དཔའ་བ་མི་སྡུག་རྣམ་རོལ་གྱིས། །ཡེ་ཤེས་མེ་དཔུང་འབར་དབུས་བཞུགས་ལ་བསྟོད། །ལྗགས་རིལ་ཧ་ཧའི་གད་བརྒྱངས་བསྒྲགས་པའི་མོད། །འཇིག་རྟེན་ཁམས་རྣམས་མ་ལུས་གཡོ་བ་ཡི། ཁུའི་སྒྲས་བསྟན་དགྲ་འགུགས་ཤིང་རྒོད་པ་དང་། །དྲག་ཤུལ་འཇིགས་སུ་རུང་བའི་གསུང་ལ་བསྟོད། །རིས་མེད་ཀུན་ལ་སྙིང་རྗེ་ཆེན་པོའི་གདངས། །མ་འགགས་ཁྲོ་གཏུམ་(༡༨༠བ)


GLG011_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྔམ་པས་ལོག་འདྲེན་རྣམས། །འགུམ་ཡང་ཞི་བའི་དབྱིངས་ནས་ལུས་ཅན་ཀུན། །མྱ་ངན་འདས་ལ་ཡོངས་སྦྱོར་ཐུགས་ལ་བསྟོད། །བདུད་མགོན་རུ་མཚོན་འཕྱར་ཞིང་དགྲ་སྙིང་ཟ། །སྟག་རལ་གཟིག་ཤུབས་སྐེད་བཅིངས་རྟ་ནག་བཅིབས། །རལ་པས་ལུས་ཁེབས་སྟོང་གསུམ་ཕྱོགས་བཅུར་མྱུལ། །དམག་དཔོན་ལེགས་ལྡན་ཆེན་པོ་ཁྱོད་ལ་བསྟོད། །མ་མོའི་གཙོ་མོ་ཁྲམ་ཤིང་ནད་རྐྱལ་ཐོགས། །ཀོ་རློན་རེ་ལྡེའི་གོས་གྱོན་དྲེའུ་རྟ་བཅིབས། །རླུང་དགའ་འཚུབ་མའི་དབུས་བཞུགས་དམ་ཉམས་ཀྱི། །བླ་ཚེ་སྲོག་སྡུད་རེ་མ་ཏཱི་ལ་བསྟོད། །ཏྲཀྴད་གཡག་མགོ་ཞལ་གདངས་མཆེ་བ་གཙིགས། །ལྕགས་སྡེར་བྲང་གི་ཁ་ཕྱེ་ཤ་ཁྲག་རྔུབས། །བུ་ག་གསུམ་ནས་མེ་རླུང་ཆུ་བོ་འཁྲུག །དགྲ་བགེགས་སྡོམ་ཕྱིར་ལྕགས་སྲོག་འཛིན་ལ་བསྟོད། །ཕྱག་བརྙན་དོམ་ནག་སྨྱོན་པ་ལ་ཞོན་ནས། །ཚམ་ཚོམ་མེད་པར་དགྲ་བོའི་སྟེང་དུ་མཆོང་། །གྲི་གུག་ཐོད་ཁྲག་འཛིན་ཞིང་འོ་དོད་འབོད། །ལས་བྱེད་རྒྱ་གར་ནག་པོ་ཁྱོད་ལ་བསྟོད། །སྲོག་གཅོད་བཤན་དམར་ཤ་བའི་པགས་པ་དང་། །བསེ་རྨོག་གསོལ་ཞིང་ལྕགས་ཀྱི་མདའ་གཞུ་འགེངས། ཁྲ་ལྡིང་ཁྱི་ཁྲིད་ཁྲག་གི་རྦ་ཀློང་ནས། །རྟ་དམར་ཞོན་ནས་ལས་ཀུན་བསྒྲུབ་ལ་བསྟོད། །རླུང་ནག་འཚུབ་དབུས་ཉི་མ་ལྟར་འཁྱིལ་མིག །དབྱར་རྔ་ལྟ་བུར་དྲག་པོའི་སྐད་གསང་ལྡིར། །བང་རྩལ་རྗེས་སུ་དྲི་བཞོན་ངལ་བྱེད་པ། །ཕོ་ཉ་ལྕགས་སྤྱང་སྔོན་པོ་ཁྱོད་ལ་བསྟོད། །གསེར་གྱི་རྡོ་རྗེ་དོན་སྙིང་རྩ་ལག་འཛིན། །ངུར་སྨྲིག་གོས་གྱོན་དར་ཐེབ་འཕྲོག་བྱེད་བཅིབས། །དམར་ཟླུམ་སྤྱན་ལྡོག་མཆེ་གཙིགས་མཐུ་སྟོབས་ཅན། །དམ་ཅན་སྐྱེས་བུ་ཆེན་པོ་ཁྱེད་ལ་བསྟོད། །འབོད་གྲོགས་ཚོགས་རྣམས་དགྲ་ཤ་སྦར་གྱི་འདེབས། །རཀྟའི་མཚོ་ལ་ཧུབ་སྐོར་མ་དང་སྲིན། །དུས་བརྒྱད་ཕྱོགས་མཚམས་རྒྱུ་བའི་སྒྲ་གཅན་ཆེ། །རྒྱུ་མའི་ཞགས་འཕེན་(༡༨༡ན)


GLG011_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་དམར་ཚོགས་ལ་བསྟོད། །ཀིངྐ་ར་རྣམས་སྲོག་རྩ་འབྲལ་ལ་རྔམས། །གཡབ་མོས་བླ་ཚེ་འགུགས་པའི་ནག་པོ་བདུད། །དམུ་རྣམས་དཀར་ནག་ཤན་འབྱེད་དྲང་ཐིག་འདེབས། །དབྱེ་དཀྲུགས་ལས་བྱེད་གཤིན་རྗེའི་ཚོགས་ལ་བསྟོད། །བདུད་དང་བདུད་མོ་སྤྲིན་ནག་ལྟ་བུར་གཏིབས། །བཤན་པ་གསོད་བྱེད་གྲི་ལ་རྣོ་ངར་འདོགས། །ལོག་འདྲེན་རྗེས་བསྙེག་ལིང་པ་མདའ་གཞུ་འཛིན། །སྲོག་བདུད་མ་མོ་འབུམ་སྡེའི་ཚོགས་ལ་བསྟོད། །བཀའ་སྡོད་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་སོགས། །ས་གཞི་བར་སྣང་ཁྱོན་གང་སྟེང་འོག་དང་། །ཕྱོགས་མཚམས་གཏམས་ཤིང་རྣལ་འབྱོར་དྲོད་མྱུལ་བ། །དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་ལ་བསྟོད། །གསར་སྒྲིགས། ཧཱུྃཿ ཀ་པཱ་ལ་བརྩེགས་རྔམ་བརྗིད་དགུ་ཐོག་མཁར། ཁ་བད་མགོ་རློན་ལྕང་ལོའི་དྲ་ཕྱེད་འཕྱང་། །ག་བུར་ངད་ལྡན་ཁྲག་གི་ཞམ་ཆུ་འབབ། །ང་རོའི་སྒྲ་སྒྲོག་གནས་ཀྱི་གཙོ་བོར་བསྟོད། །ཅ་རེ་རྣལ་འབྱོར་སྲུང་ལ་འབྲལ་མེད་ཀྱང་། །ཆ་ལུགས་མ་ངེས་བཟུང་ནས་སྟོང་གསུམ་མྱུལ། །ཇ་ཁ་ལ་སོགས་ཁ་དོག་སྣ་ཚོགས་ཅན། །ཉ་བཞིན་འཁྱུག་པའི་སྤྲུལ་པ་འགྱེད་ལ་བསྟོད། །ཏ་ལའི་ལོ་མར་བྲིས་པའི་ལིངྒ་ལ། །ཐ་ཆད་བཙན་པོའི་ལས་མཁན་ཉེར་སྤྲོས་ནས། །ད་ལྟ་ཉིད་དུ་དབང་མེད་རབ་བཀུག་སྟེ། །ན་ཚ་དྲག་པོས་སྲོག་རྩ་གཅོད་ལ་བསྟོད། །པ་སངས་ལྟར་དཀར་དགྱེས་པའི་ཞལ་དངོམ་ནས། །ཕ་རོལ་དགྲ་བོའི་གཡུལ་ལས་རྒྱལ་ལོ་ཞེས། །བ་དན་སྲིད་རྩེར་བསྒྲེང་བའི་མཐུ་རྩལ་ཅན། །མ་ལུས་བསྟན་པའི་སྲོག་ཤིང་ཁྱོད་ལ་བསྟོད། །ཙ་རིའི་སྙིང་སོགས་དམ་རྫས་མཆོད་གཏོར་བཤམས། །ཚ་གྲང་ཁྱད་བསད་བསྙེན་སྒྲུབ་ལས་སྦྱོར་ཆེད། །ཛཿཞེས་དུས་དྲུག་བོས་ན་འཐོར་རླུང་བཞིན། །ཝ་ལེར་ཐོགས་མེད་འཁྱུག་བཞིན་འབྱོན་ལ་བསྟོད། །ཞྭ་ལྟར་གཙུག་བཞུགས་རྩ་བརྒྱུད་བླ་མ་དང་། །ཟ་བྱེད་ཞལ་གདངས་ཡི་དམ་ཁྲག་འཐུང་ལྷས། །འ་འུར་(༡༨༡བ)


GLG011_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཡིས་དམ་བཞག་མ་གཡེལ་བར། །ཡ་མཚན་འཕྲིན་ལས་རྣམ་བཞི་བསྒྲུབ་ལ་བསྟོད། །རྭ་གདེངས་རྡོ་རྗེ་ལ་སོགས་མཚོན་ཆ་འཛིན། །ལ་ཀླུངས་མང་པོ་བགྲོད་ནས་དགྲ་བགེགས་ཀྱི། །ཤ་ཁྲག་དྲོན་མོའི་ཟས་ཀྱིས་མ་ཚིམ་པར། །ས་འོག་ས་སྟེང་ས་བླར་མྱུལ་ལ་བསྟོད། །ཧ་ལའི་དུག་གིས་ཡིད་བརྣག་དགྲ་བགེགས་ཀུན། །ཨ་དོན་སྐྱེ་མེད་དབྱིངས་སུ་རབ་བསྒྲལ་ནས། །ཧ་ཧའི་གད་བརྒྱངས་དང་བཅས་ཐུབ་པའི་བསྟན། །ཨ་ལ་ལ་ཞེས་སྐྱོང་བར་མཛད་ལ་བསྟོད། །འཕྲིན་ལས་བཅོལ་བ་གསར་སྒྲིགས་ནི། དཔལ་ལྡན་དྲི་མེད་མགོན་པོ་འཁོར་བཅས་ཀྱིས། །ཤཱཀྱ་སེང་གེའི་ལུང་དང་རྟོགས་པའི་བསྟན། །ཁྱད་པར་དམ་པ་རྒྱ་གར་ཤིང་རྟའི་སྲོལ། །རབ་ཕྱེ་རིང་ལུགས་དར་ཞིང་རྒྱས་པར་མཛོད། །གངས་ཅན་ནོར་འཛིན་དཔལ་མོའི་ལྟོ་བ་རུ། །གསེར་མདོག་ཅོད་པན་འཛིན་པ་དགའ་ལྡན་བསྟན། །རྒྱ་ཧོར་བོད་འབངས་སྐྱེ་རྒུའི་སྐྱབས་མགོན་དུ། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་མཛོད། །འཇིག་རྟེན་སྤྱི་དང་ཁྱད་པར་གངས་ཅན་འདིར། །ནད་རིམས་མུ་གེ་དུས་ཀྱི་འཁྲུག་པ་སོགས། །རབ་ཞི་ཚེ་དཔལ་ལོངས་སྤྱོད་བདེ་སྐྱིད་ཀྱིས། །དགའ་སྟོན་མཆོག་ལ་ཡུན་དུ་སྦྱོར་བར་མཛོད། །དུས་ཀྱི་བདག་པོར་བཙན་པོའི་ལས་ཤུགས་ཅན། །ཆོས་ལྡན་རྒྱལ་པོའི་སྐུ་ཚེ་མངའ་ཐང་རྒྱས། །ལུགས་ཟུང་ཁྲིམས་ཀྱིས་འབངས་རྣམས་མ་ལུས་པ། །རྫོགས་ལྡན་གསར་པའི་དགའ་སྟོན་དར་བར་མཛོད། །ཁྱད་པར་གཡུ་རུ་འཆུས་པ་བརྩོན་སེང་གེ །བརྒྱུད་འཛིན་ཆང་ཁྱིམ་གཞིས་ཀ་འདི་ཉིད་དུ། །གཡོ་མེད་རྟག་བཞུགས་མི་ནོར་འཁོར་བཅས་རྣམས། །ཉིན་མཚན་དུས་དྲུག་སྲུང་སྐྱོབ་སྦ་བར་མཛོད། །རིགས་བརྒྱུད་གངྒཱའི་རྒྱུན་ལྟར་ཆད་མེད་ཅིང་། །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་སོགས། །ཆོས་དང་སྲིད་ཀྱི་ཡོན་ཏན་མ་ལུས་པ། །ཡར་ངོའི་ཟླ་བ་ལྟ་བུར་རྒྱས་པར་མཛོད། །མདོར་ན་མགོན་ཁྱོད་ལྷག་པའི་(༡༨༢ན)


GLG011_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་འཛིན་པ། །རྣལ་འབྱོར་སྤྱོད་པ་ཡོན་གྱི་བདག་པོར་བཅས། །ཟུང་འཇུག་རྡོ་རྗེ་འཆང་དབང་མ་ཐོབ་པར། །འབྲལ་མེད་རྗེས་སུ་སྐྱོང་བའི་སྲུང་མ་མཛོད། །རྒྱུད་ལས། ཧཱུྃཿ མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཡབ་ནི་ཚོགས་བདག་དབང་ཕྱུག་ལ། །ཡུམ་ནི་ལྷ་མོ་དམ་ཚིག་ཅན། །བུ་ནི་རིགས་འཛིན་མཐུ་བོ་ཆེ། །སྐུ་ནི་མཐིང་ནག་འབར་བ་ལ། །སྐུ་ལ་མཐིང་ནག་བེར་ཆེན་གསོལ། །དབུ་སྐྲ་རལ་པ་གྱེན་དུ་བརྫེས། །མཐིང་ནག་དར་གྱི་ཅོད་པན་འཕྱར། །རལ་པ་གསིག་ཅིང་སྲིད་གསུམ་འདུལ། །སྤྱན་གསུམ་སྐར་ཆེན་མེ་དཔུང་འཁྲུག །ལོག་ལྟ་འདུལ་ཕྱིར་སྡང་མིག་ལྡོག །ཤངས་ནས་རླུང་ནག་འཚུབ་མ་གཏོར། །བསྟན་པ་འཇིག་པའི་སྲོག་རྩ་གཅོད། །ཟ་འུག་ཕྱགས་ལྷམ་སྔོན་པོ་གསོལ། །སྟོང་གསུམ་བདུད་འདུལ་རྟ་ནག་བཅིབས། །གཡས་ན་ཙནྡན་བེང་ཆེན་བསྣམས། །ལྷ་དམག་ཉི་ཁྲི་ཆིག་སྟོང་འགྱེད། །གཡོན་ན་མདུང་ཐུང་རུ་མཚོན་འཕྱར། །བདུད་དང་མུ་སྟེགས་ལོག་འདྲེན་འདུལ། །སྔོན་ཡང་ལྷ་དམག་དགྲ་འདུལ་ཞེས། །ད་ལྟ་དགྲ་བགེགས་གཉེན་པོར་གཤེགས། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་དྲག་ཏུ་བསྐུལ་ལོ། །ཧཱུྃཿ དུར་ཁྲོད་ཆེན་པོ་རབ་འཇིགས་པ། །མེ་དང་རླུང་ནག་འཚུབ་མའི་ཀློང་། །ཐོད་པ་སྐམ་རློན་བརྩིགས་པའི་ནང་། །ཨུ་ཙ་ལ་ཡི་གཞལ་ཡས་ན། །འཇིགས་བྱེད་ཆེན་པོ་བཞུགས་པ་ནི། །མ་རུངས་འབྱུང་པོ་སྐྲག་མཛད་ཅིང་། །སྔོ་ནག་རྔམས་པའི་ཆ་ལུགས་ཅན། །གདུག་པའི་གད་བརྒྱངས་འབྲུག་སྟོང་སྒྲོག །སྤྱན་དམར་ཤིན་ཏུ་འཁྱུག་པ་ཡིས། །བསྟན་པའི་དགྲ་བོ་ཟིལ་གྱིས་གནོན། །མཆེ་བ་ཟངས་ཡག་གཙིགས་པ་ཡིས། །ལོག་པར་ལྟ་ལ་བརྔམ་ཞིང་འཁྲུག །གཡས་ཀྱི་དར་ནག་རུ་མཚོན་གྱིས། །བདུད་དམག་ཐམས་ཅད་གཡབ་མོས་གཡོབ། །གཡོན་གྱི་དགྲ་སྙིང་དྲོན་མོ་ནི། །རྟག་པར་ཟ་ཞིང་ལོངས་སྤྱོད་ཆེ། །(༡༨༢བ)


GLG011_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྣམས་ཀུན་ཀྱིས་མངའ་གསོལ་བ། །བརྗིད་པའི་སྐུ་ལ་བེར་ནག་གསོལ། །ཁ་རླངས་མེ་ཡི་འཕྲོ་འདུ་ཡིས། །སྟོང་གསུམ་གདུག་པ་ནད་ཀྱིས་འགེང་། །བྲ་ནག་རྟིང་དཀར་བསྐྱོད་པའི་ཚེ། །མྱུར་བའི་རྫུ་འཕྲུལ་སྟོང་གསུམ་འཁོར། །སྲོག་བདུད་ཆེན་པོ་ལས་ཀྱི་ལྷ། །ཞལ་ནས་གདུག་པའི་འཛབ་ཟློས་ཤིང་། །གླིང་བཞི་སྲིད་པ་འདར་ཞིང་བརྔམ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །དགེ་བསྙེན་ཆེན་པོ་ལེགས་ལྡན་ཞེས། །མཚན་བཏགས་ཁྱོད་ཀྱི་སྲོག་སྙིང་ཕུལ། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །དེ་ཡང་རིག་འཛིན་བདག་ལ་སོགས། །ཆོས་མཛད་ཡོངས་ལ་གནོད་པ་དང་། །བསྟན་པ་བཤིག་པའི་དགྲ་བོ་རྣམས། །དཔའ་བོ་ཁྱོད་ཀྱི་ཞལ་དུ་བཞེས། །བླ་མ་མགོན་དང་ཆོས་ཀྱི་སྤུན། །ཕྱོགས་བཅུར་བཞུགས་པའི་སྒྲུབ་པ་པོ། །ཞི་བ་ཆེན་པོའི་འཕྲིན་ལས་ཀྱི། །ཡེངས་པ་མེད་པར་ཁྱོད་ཀྱིས་སྐྱོང་། །བདག་ཅག་རིག་འཛིན་སྒྲུབ་པ་པོས། །ཅི་ནུས་མཆོད་པས་ཁྱོད་མཆོད་ཀྱིས། །སྔོན་གྱི་ཁས་བླངས་དྲན་གྱིས་ལ། །ད་ལྟ་ཉིད་དུ་འཕྲིན་ལས་མཛོད། །བྷྱོཿ སྨོན་ལམ་སྟོབས་ཀྱིས་སངས་རྒྱས་བསྟན་བསྲུང་དང་། །ལས་ཀྱི་འབྲེལ་པས་མིང་པོའི་ལས་མཛད་མ། །ཤནྟི་རོ་ཟན་བདུད་ཀྱི་ལྕམ་གཅིག་མ། ཁམས་གསུམ་དབང་སྡུད་མགོན་པོའི་སྲིང་གཅིག་མ། །སྐུ་མདོག་མཐིང་ནག་གཅེར་བུ་རབ་འཇིགས་མ། །དབུ་ལ་ཁྲག་གི་རལ་པ་སྤྲིན་ལྟར་གཏིབས། །རལ་པ་སྤྲུགས་པའི་སྐྲ་གསེབ་ནས། ཁྲག་གི་བུ་མོ་སྟོང་གསུམ་ཤར་ར་ར། ཁྲོས་པའི་ཁ་རླངས་སེར་པོས་སྟོང་གསུམ་གང་། །སྲུང་མ་མ་མོའི་ཚོགས་ཀྱིས་སྟོང་གསུམ་གང་། །གཡས་ཀྱི་ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །གཡོན་གྱི་ཕྱག་ན་ནད་ཀྱི་རྐྱལ་པ་བསྣམས། །ཀོ་རློན་རེ་ལྡེ་གོས་སུ་གྱོན། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས། །དྲ་བ་དགུ་ཡིས་ཏེ་ལེན་བྱས། །འཁོར་དུ་མ་ཚོགས་འབུམ་གྱིས་བསྐོར། །མ་ཚོགས་(༡༨༣ན)


GLG011_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་དང་བཅས་པ་ལ། །དམ་རྫས་བརྒྱན་པའི་གཏོར་མ་འདི་འབུལ་གྱི། །འཁོར་དང་བཅས་པས་དགྱེས་པར་བཞེས་ནས་ཀྱང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཧཱུྃཿ བྲག་ནག་བརྩེགས་པའི་གཞལ་ཡས་ནས། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། ཁྲོས་པའི་རྒྱལ་པོ་༝། །བདུད་ཀྱི་རྒྱལ་པོ་༝། །གཡག་མགོ་བདུན་པ་༝། །བཤན་པ་ཁྱོད་ཀྱི་མཚན་ཉིད་ནི། ཁྱོད་ཀྱི་རྭ་རྩེ་གཡས་པ་ལ། །སྲིད་པའི་མེ་འབར་ལྷབས་སེ་ལྷབ། །ཡ་རབས་རྣམས་ཀྱི་བདུད་ཡིན་པས། །བདུད་ཀྱི་རྒྱལ་པོ་ཁྱོད་ཀྱིས་ནི། །སྡང་བ་དགྲ་ཡི་བླ་ཚེ་ལ། །མ་ཐོགས་མྱུར་དུ་ལས་འདི་མཛོད། །ཡལ་བར་མ་གཏོང་གཡག་མགོ་ཅན། ཁྱོད་ཀྱི་རྭ་རྩེ་གཡོན་པ་ལ། །སྲིད་པའི་ཆུ་འབབ་སིལ་ལི་ལི། །བུད་མེད་རྣམས་ཀྱི་བདུད་ཡིན་པས། །བདུད་ཀྱི་རྒྱལ་པོ་ཁྱོད་༝། །སྡང་བ་དགྲ་བོའི་བླ་ཚེ་ལ། །མ་ཐོགས་མྱུར་དུ་༝། །ཡལ་བར་མ་གཏོང་༝། ཁྱོད་ཀྱི་སྤྱན་མིག་གཡས་པ་ལ། །ཉི་མའི་དཀྱིལ་འཁོར་སྐྱིལ་ལི་ལི། །སྔཊ་པ་རྣམས་ཀྱི་བདུད་ཡིན་པས། །བདུད་ཀྱི་རྒྱལ་པོ་༝། །སྡང་བའི་དགྲ་བོའི་༝། །མ་ཐོགས་མྱུར་དུ་༝། །ཡལ་བར་མ་གཏོར་༝། ཁྱོད་ཀྱི་སྤྱན་མིག་གཡོན་པ་ལ། །ཟླ་བའི་དཀྱིལ་འཁོར་ཏལ་ལ་ལ། །བོན་པོ་རྣམས་ཀྱི་བདུད་ཡིན་པས། །བདུད་ཀྱི་རྒྱལ་པོ་༝། །སྡང་བ་དགྲ་བོའི་༝། །མ་ཐོགས་མྱུར་༝། །ཡལ་བར་མ་༝། །ཁྱོད་ཀྱི་ཤངས་སྦུག་གཡས་གཡོན་ནས། །མེ་ཚུབ་ནང་ཚུབ་བུན་ནུ་ནུ། །སེམས་ཅན་ཀུན་གྱི་བདུད་ཡིན་པས། །བདུད་ཀྱི་རྒྱལ་པོ་༝། །སྡང་བའི་དགྲ་༝། །མ་ཐོགས་༝། །ཡལ་བར་མ་༝། ཁྱོད་ཀྱི་ཞལ་ཁ་ཆེན་པོ་ནས། །ཞེ་སྡང་མེ་འབར་འུར་རུ་རུ། །སྡང་བ་དགྲ་བོའི་བླ་ཚེ་ལ། །ཚ་བའི་ནད་རྣམས་ད་ཐོང་ཞིག །ཁྱོད་ཀྱི་གསང་བའི་གསང་སྒོ་ནས། །འདོད་ཆགས་རྒྱ་མཚོ་ཁོལ་ལོ་ལོ། །དམ་ཉམས་དགྲ་བོའི་བླ་ཚེ་ལ། །གྲང་(༡༨༣བ)


GLG011_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནད་རྣམས་ད་ཐོང་ཞིག ཁྱོད་ཀྱི་གསང་བའི་འོག་སྒོ་ནས། །ཕྲག་དོག་རླུང་འཚུབ་བུན་ནུ་ནུ། །དམ་ཉམས་དགྲ་བོའི་བླ་ཚེ་ལ། །ཡམས་དང་རིམས་ནད་ད་ཐོང་ཞིག །ཁྱེད་ཀྱི་ལག་པ་གཡས་གཡོན་ན། །སྲིན་པོའི་ལྕགས་སྒྲོག་སིལ་ལི་ལི། །སྲོག་ཆགས་ཀུན་གྱི་བདུད་ཡིན་པས། །བདུད་ཀྱི་རྒྱལ་པོ་ཁྱོད་ཀྱིས་ནི། །སྡང་བ་དགྲ་བོའི་བླ་ཚེ་ལ། །མ་ཐོགས་མྱུར་དུ་ལས་འདི་མཛོད། །ཡལ་བར་མ་གཏོང་གཡག་མགོ་ཅན། །དེ་ནས་རྒྱ་གར་ནག་པོ་བསྟོད་ཅིང་བསྐུལ་བ་ནི། །ཧཱུྃཿ ཕྱག་བརྙན་རྒྱ་གར་ནག་པོ་ནི། །ནག་པོ་གཅེར་བུ་རལ་པ་ཅན། །དབུ་ལ་བྷ་ཏི་ཐོད་ནག་བཅིངས། །ཕྱག་གཡས་མཚོན་ཆ་འབར་བ་བསྣམས། །མཚོན་ཆ་དགྲ་བོའི་སྙིང་ལ་རྒྱོབ། །ཕྱག་གཡོན་བནྡྷ་ཁྲག་བཀང་བསྣམས། །དགྲ་བོའི་སྙིང་ཁྲག་དྲོན་མོ་འཐུང་། །ཁ་གདངས་འོ་དོད་དགྲ་ལ་བོད། །དམ་ཚིག་ཅན་ལ་བརྩེ་ཞིང་དུངས། །དམ་ཉམས་དགྲ་ལ་ཁྲོ་ཞིང་གཏུམ། །ཆིབས་སུ་དོམ་ནག་སྨྱོན་པ་བཅིབས། །ཚམ་ཚོམ་མེད་པར་དགྲ་ལ་རྒྱུག །དགྲ་བོ་གླང་ཐབས་གྲི་རུ་སད། །ཤ་ཁྲག་སོགས་ལ་བརྔམས་པར་རོལ། །མ་ཐོགས་མྱུར་དུ་ལས་འདི་མཛོད། །དེ་ནས་བཤན་པ་དམར་པོའི་བསྟོད་བསྐུལ་ནི། ཧཱུྃཿ སྲོག་གཅོད་བཤན་པ་དམར་པོ་ནི། །སྲིན་པོའི་ཤུགས་ཅན་གློག་ལས་འཁྱུག །དབུ་ལ་བསེ་རྨོོག་དམར་པོ་གསོལ། །སྐུ་ལ་ཤ་ལྤགས་མཉན་པོ་གསོལ། །ཕྱག་ན་ལྕགས་མདའ་ལྕགས་གཞུ་བསྣམས། །ཀླད་ལ་ལྕགས་ཀྱི་བྱ་ཁྲ་ལྡིང་། །ཕྱི་ལ་ཤ་ཁྱི་དྲི་སྣོམ་ཁྲིད། །སྲོག་ལ་མདའ་རྒྱབ་དབུགས་རྔུབས་ཤིག །ཤ་ལ་བརྐོས་ཀྱིས་ཀླད་ལ་ཁྱེར། །དགྲ་བོ་མདའ་གྲི་མདུང་གྲིར་སོད། །ཤ་ཁྲག་སྲོག་ལ་བརྔམས་པར་རོལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དེ་ནས་ལྕགས་སྤྱང་སྔོན་པོ་བསྐུལ་བ་ནི། །ཧཱུྃཿ ཕོ་ཉ་ལྕགས་སྤྱང་སྔོན་པོ་ནི། །སྡང་བ་དགྲ་ལ་འདུར་ཙ་ན། །བང་ནི་སྐྱི་སེར་རླུང་ལས་མགྱོགས། །སྐད་ནི་ནམ་(༡༨༤ན)


GLG011_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་འབྲུག་ལས་ཆེ། །མིག་ནི་ཉི་མའི་ཟེར་ལས་རྣོ། །དུར་ཁྲོད་ཅེ་སྤྱང་ཚོགས་ཀྱིས་བསྐོར། །གཅན་གཟན་ཚོགས་ཀྱིས་ངུ་འབོད་བྱེད། །ལྟས་ངན་འབེབས་ཤིང་ཆོ་འཕྲུལ་བདག །དགྲ་བོ་སྨྱོ་འབོག་གྲི་རུ་སོད། །ཤ་ཁྲག་སྲོག་ལ་བརྔམས་པར་རོལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དེ་ནས་དམ་ཅན་རྡོར་ལེགས་ལ་བསྟོད་པ་ནི། །ཀྱེ། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡི་ཡུལ། །རྣམ་པར་རྒྱལ་བའི་ཁང་བཟང་དམ་པ་ན། །གདོད་ནས་མ་སྐྱེས་རང་བཞིན་དག་པའི་ལྷ། །མཉམ་ཉིད་རིག་པའི་ལྷ་ལ་ཕྱག་འཚལ་བསྟོད། །སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ། །བསྟན་པ་བསྲུང་ཞིང་ལེགས་ཉེས་སྟངས་འཛིན་པ། །དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་ཁྱོད། །འཇིག་རྟེན་སྐྱོང་བའི་ལྷ་ལ་ཕྱག་༝། །གསང་བདག་ཕྱག་ན་རྡོ་རྗེའི་བཀའ་ཉན་པའི། །སྨོན་ལམ་དབང་གི་འཇིག་རྟེན་ཕུད་ལ་རོལ། །མཐུ་རྩལ་རབ་ལྡན་བདུད་ཀྱི་སེར་ཆེན་འབེབས། །དགེ་བསྙེན་སེར་སྐྱ་ཁྱོད་ལ་ཕྱག་༝། ཁྱོད་ཀྱང་བདག་གི་བཀའ་ལས་མ་འདའ་ཞིག །བདག་ཀྱང་ཁྱོད་ཀྱི་དམ་ལས་མི་འདའ་འོ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་དང་། དཔལ་ལྡན་མགོན་པོ་ནག་པོ་ནི། །རི་རབ་རྩེ་ལ་གཤེགས་པའི་ཚེ། །ཞེས་སོགས་ཀྱི་བཟློག་པའང་བྱའོ། །གཏོར་མ་སྐྱོང་བ་ནི། མཚན་མོ་ཡིན་ན་དཔལ་འབར་བཙུགས་བདུད་རྩི་སྦྲན་ལ། ཧཱུྃཿ དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལཱ་ཡ། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ཆེ། །མ་ཧཱ་དེ་ཝའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་བརྒྱུད་མོ་རྒྱུད་འཁོར་དང་བཅས། །འདིར་(༡༨༤བ)


GLG011_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་༝། །འཛམ་བུ་ཏི་བའི་ཞལ་ཟས་༝། །ཛ་གད་སྨན་ཕུད་མཆོད་པ་༝། །སྔར་བཅོལ་ལེགས་པའི་གཏང་རག་གཉེན་པོར་གཏོང་། །ད་བཅོལ་ལེགས་པའི་གསལ་འདེབས་གཉེན་པོར་བཞེས། །འཁོར་རྣམས་སྐྱོང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པ་དང་། །བསྟན་པ་རྒྱས་པའི་ལས་འདི་ཁྱེད་ཀྱིས་སྒྲུབས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་ཐོག་ཏུ་འབུལ། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །བསམས་པའི་དོན་རྣམས་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་ཤོག །གཏང་རག་མཆོད་པ་ནི། གོང་ལྟར་བརླབས་ལ། གུ་རུ་དེ་བ་སོགས་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གསར་རྩོམ་ནི། བྱིན་རླབས་གཏེར་མཛོད་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་འབྱུང་གནས་ཡི་དམ་དཀྱིལ་འཁོར་ལྷ། །འཕྲིན་ལས་ལྷུན་གྲུབ་ལེགས་ལྡན་དྲི་མེད་མགོན། །འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་ལ་སྟོད། །ཡི་གེ་བརྒྱ་པས་ཆད་ལྷག་ཁ་བཀང་། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིད་པ་དང་ནི་བགྱིད་སྩལ་ཡང་། །དེ་ཡང་བཟོད་པར་མཛད་དུ་གསོལ། །ཞེས་ནོངས་པ་བཟོད་པར་གསོལ། །རྟེན་ཡོད་ན་འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་བརྟན་བཞུགས་དང་།(༡༨༥ན)


GLG011_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་གཤེགས་གསོལ་བྱ། མངའ་གསོལ་གསར་སྒྲིགས་ནི། ཧཱུྃཿ ལྷ་རྣམས་ཀུན་གྱི་དམག་དཔོན་ལེགས་ལྡན་ཆེ། །རྣལ་འབྱོར་རྒྱུད་ལ་བྱིན་རླབས་གཟི་འབར་བས། །དངོས་བརྒྱུད་བླ་མ་ཚོགས་རྣམས་གཅིག་པུ་ཉིད། །སྒྱུ་མའི་གར་གྱིས་རོལ་པར་མངའ་གསོལ་ལོ། །ཆོས་དབྱིངས་མཁའ་ལ་སྣ་ཚོགས་གཟུགས་སྐུའི་ཟླ། །གདུལ་བྱ་དད་པའི་རྫིང་བུར་ཡོངས་ཤར་བ། །བགྲང་ཡས་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཀྱིས། །རྣམ་པར་འཕྲུལ་པོ་ཆེ་རུ་མངའ་༝། །འགོག་ལམ་མངོན་གྱུར་སངས་རྒྱས་ཞལ་སྒོ་ནས། །ལེགས་གསུངས་བདེན་གཉིས་དམ་ཆོས་དེ་དོན་བཞིན། །བསྒྲུབ་མཛད་དགེ་འདུན་སྲིད་ཞིའི་གླིང་དང་མགོན། །བསླུ་མེད་འདུས་པའི་སྐྱབས་སུ་མངའ་༝། །རབ་འབྱམས་རྒྱལ་བའི་ཐུགས་རྗེ་བཞུ་བླུགས་པ། །དཔལ་ལྡན་ནག་པོ་ཆེན་པོའི་སྣང་བརྙན་དུ། །ཡོངས་ཤར་གཏུམ་དྲག་ཁྲོ་བོ་ཡོངས་ཀྱི་རྗེ། །ཐུབ་བསྟན་ཀུན་གྱི་སྲུང་མར་མངའ་༝། །ཀ་ལིངྐ་སོགས་དུར་ཁྲོད་ཆེན་པོ་བརྒྱད། །ཉི་ཤུ་རྩ་བཞིའི་གནས་ཡུལ་མ་ལུས་པའི། །དཔའ་བོ་མཁའ་འགྲོ་མ་སྲིང་བློས་བྱན་དང་། །ལྷ་སྲིན་སྡེ་བརྒྱད་དཔོན་དུ་མངའ་༝། །རྡོ་རྗེ་གདན་དང་ནཱ་ལནྡྲ་ལ་སོགས། །རྒྱ་གར་བོད་ཀྱི་གནྡྷོ་ལ་མང་པོ། །པཎ་གྲུབ་དུ་མས་གཉེར་དུ་ལེགས་གཏད་པ། །བསྲུང་སྐྱོབ་སྤེལ་ཕྱིར་བྱེད་པོར་མངའ་༝། །པདྨའི་ངང་ཚུལ་དམ་པ་སངས་རྒྱས་སོགས། །ལུང་དང་རྟོགས་པའི་མངའ་བདག་ཆེས་མང་པོས། །སྡུག་བསྔལ་དེ་རྒྱུ་མ་ལུས་ཞི་བྱེད་བསྟན། །སྲིད་མཐའ་རབ་རྒྱས་སྲུང་མར་མངའ་༝། །ཕྱི་ནང་གསང་གསུམ་དམ་རྫས་མཆོད་གཏོར་དང་། །སྤྱན་གཟིགས་དངོས་བཤམས་ཡིད་སྤྲུལ་མང་སྤེལ་ནས། །རྟག་ཏུ་མཆོད་རྟེན་རྣལ་འབྱོར་རྒྱུ་སྦྱོར་ལ། །འགོ་བའི་དགྲ་ལྷ་ཆེན་(༡༨༥བ)


GLG011_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པོར་མངའ་༝། །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་བར། །བདག་ཅག་དགོན་གནས་མི་ནོར་སྡེ་བཅས་དང་། །འབྲལ་མེད་ཉིན་མཚན་དུས་དྲུག་མེལ་ཚེ་གྱིས། །ཞི་རྒྱས་དབང་དྲག་འཕྲིན་ལས་སྒྲུབ་པར་མཛོད། །ཤིས་བརྗོད་གསར་སྒྲིགས་ནི། སྐྱབས་གནས་འདུས་པའི་ངོ་བོ་རྡོ་རྗེ་འཛིན། །རིན་ཅེན་ཕྲེང་ལྟར་ཆད་མེད་སྤྱི་བོའི་གཙུག །བསྒོམས་པས་བྱིན་རླབས་སྙིང་དབུས་འཇུག་མཛད་པ། །དཔལ་ལྡན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྐྱེ་ཤི་བར་དོ་སྐུ་གསུམ་ལམ་དུ་ཁྱེར། །དཔྱིད་ཐིག་རིམ་བཞི་རིམ་ལྔའི་གྲོལ་ལམ་གྱིས། ཁ་སྦྱོར་བདུན་ལྡན་ཚེ་འདིར་མངོན་འགྱུར་བ། །བདེ་ཆེན་རྒྱལ་བ་ཡབ་ཡུམ་༝། །མཁའ་དང་ས་འོག་ས་བླར་ཉེར་སྤྱོད་པས། །སྐུ་གསུང་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་། །དཔའ་མོ་རྣལ་འབྱོར་མ་ཚོགས་སྒྲུབ་པ་པོར། །རྟག་ཏུ་བརྩེ་བའི་རྗེས་འཛིན་༝། །གནམ་ས་ལྟར་བཀྲ་སྲིན་པོ་རབ་ཁྲོས་ཁས། །ཡིད་སྲུབས་སྡེ་བཅས་སྙིང་རྩ་འདར་བྱེད་ཀྱང་། །དམ་ཚིག་ཅན་ལ་དགྱེས་ཞལ་སྟོན་མཛད་པ། །ལེགས་ལྡན་དྲི་མེད་མགོན་པོའི་༝། །ཕ་ལྟར་ལེགས་སྐྱོང་མ་བཞིན་བརྩེ་བ་ཅན། །བདུད་མགོན་རེ་མ་ཏཱི་དང་བཀའ་སྡོད་ལྔ། །ལས་མཁན་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །འཕྲིན་ལས་རྣམ་བཞི་སྒྲུབ་པའི་༝། །གཞན་ཡང་ཤིས་བརྗོད་ཅི་རིགས་པ་བྱའོ། །ཨེ་མ་རྒྱལ་བའི་སྤྱན་སྔར་བསྟན་པ་དང་། །བསྟན་འཛིན་སྐྱེས་བུ་འདུས་སྡེ་ལུས་ཅན་གྱི། །བདེ་སྐྱིད་སྤེལ་བར་གཡར་དམ་ཉེར་སྩལ་བ། །ཨ་གྷོ་ར་ཞེས་སྙན་པའི་གྲགས་པ་འབར། །གང་འདིའི་བསྐང་བསྟོད་གཏོར་ཆོག་ཟུང་འབྲེལ་བ། །རྒྱུད་དང་གོང་མའི་དགོངས་དོན་ལ་བརྟེན་ནས། །ཡོངས་འདུའི་འཁྲི་ཤིང་ཁོ་བོའི་བློ་གྲོས་ཀྱིས། །ས་བོན་སྨིན་པའི་ཆོ་ག་རྫོགས་ལས་བསྐྲུན། །ལེགས་བྱས་རྔ་ཡབ་དཀར་པོས་དྲངས་པའི་རླུང་། །འཁོར་བའི་ཚ་གདུང་མ་ལུས་ཡོངས་བཅིལ་ཏེ། །ཕན་བདེ་བསིལ་བའི་རེག་བྱ་བྱང་ཆུབ་བར། །འགྲོ་ཀུན་(༡༨༦ན)


GLG011_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བའི་སྐལ་བཟང་ཐོབ་གྱུར་ཅིག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཨ་གྷོ་ར་གཙོ་འཁོར་རྣམས་ཀྱི་གཏོར་ཆོག་བཀང་བསྟོད་ཟུང་དུ་འབྲེལ་བ་ཡོངས་འདུའི་འཁྲི་ཤིང་ཞེས་པ་འདི་ནི་ཡར་ཀླུངས་འཕྱོས་ནས་འཆུས་པ་དར་བརྩོན་དང་བརྩོན་འགྲུས་སེང་གེའི་རིགས་བརྒྱུད་འཛིན་པ་ཆང་ཁྱིམ་པའི་ཕ་མེས་ཀྱི་ལྷ་ཆོས་སྐྱོང་འདི་ཉིད་ཡིན་འདུག་པའི་གཏོར་ཁུངས་བར་སྐབས་སུ་སྟོངས་པ་སླར་གསོས་ན་ལེགས་ཚུལ་བརྟག་པར་ཤར་བ་དང་མཐུན་པར་སྒེར་གཞིས་སུ་གཏོར་གཞི་སོགས་མགོན་ཁང་བཙུགས་པའི་སྐབས། རྒྱུན་འདོན་གྱི་བཀང་གསོ་དམག་ཟོར་མ་སོགས་དང་ཕྱོགས་མཐུན་དུ་སྔ་རབས་ཀྱི་ཡིག་རྙིང་རྣམས་ལས་བདེ་བ་ཞིག་དགོས་ཞེས་བརྩོན་པ་ཆེན་པོ་བསྐུལ་མ་བྱུང་བའི་ཚེ་གསང་སྔགས་ཀྱི་ཆོས་ལ་རང་ཉིད་ཀྱིས་ཐོབ་ཐོས་གང་ཡང་མེད་པར་ཚིག་སྦྱོར་ཤེས་པ་རྒྱུ་མཚན་དུ་བྱས་ནས་བླ་མ་ལས་བརྩོམས་པ་ཚད་ལྡན་དུ་མ་མཐོང་ཞིང་རང་ཉིད་ཞི་བྱེད་པའི་ཕྱོགས་ལ་འདྲིས་པ་ཆུང་བས་རྒྱལ་ཁང་པདྨའི་གདུང་འཚོབ་ཆོས་རྒྱལ་གཏེར་བདག་གླིང་པར་རྗེས་གནང་གློ་བུར་དུ་ཞུས་ཏེ་གནང་བ་ནོས་ནས་རྒྱུད་དང་གོང་མའི་ཡི་གེ་ལ་གཞི་བྱས་སྒོས་ཆོས་རྣམས་སྦྱར། དེ་ཕྱིན་འཁྲུགས་སྡེབས་འཁྱེར་བདེ་བར་ཟ་ཧོར་གྱི་བན་རྒན་འཇམ་དབྱངས་དགའ་བའི་བཤེས་གཉེན་དུ་འབོད་པས་ས་ལུགས་སྨལ་པོ་ཟླ་བའི་དཀར་ཆའི་དཔའ་བོ་མཁའ་འགྲོ་འདུ་བའི་ཡར་ཚེས་བརྒྱད་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཤྲཱི་ཛ་ཡནྟུ། །གཏོར་མ་ཆང་ཕུད། གསུར་དུད་སོགས་བཤམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། མཆོད་གཏོར་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་གཏོར་རྣམས་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། (༡༨༦བ)


GLG011_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ནས་མཆོད་གཏོར་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར། ཨཱ་ཨརྟ་ཡ་ཨཱ་ཝརྟ་ཡ་ཧོ་བཛྲ་སྥ་ར་ཎ་ཁཾ་ལན་གསུམ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། ཀྱེ། ཕག་རྒོད་ཆེན་པོའི་མག་པ་སོགས། །སྤྲུལ་པ་སྣ་ཚོགས་སྟོན་མཛད་པ། །ནོར་རྒྱལ་ཆེན་པོ་མཐུ་རྩལ་ཅན། །ཚུར་སྤྱོན་ཚུར་སྤྱོན་གདན་ལ་བཞུགས། ཁྱོད་ལ་དགྱེས་མཆོད་འབུལ་བ་ནི། །དམ་རྫས་གཏོར་མ་རི་ལྟར་སྤུངས། །མྱོས་བྱེད་བཏུང་བ་མཚོ་ལྟར་བསྐྱིལ། །གསུར་ཆེན་དུད་པ་སྤྲིན་ལྟར་གཏིབས། །ཉི་ཟླ་མར་མེ་འོད་མདངས་གསལ། །སྣ་ཚོགས་མེ་ཏོག་ཁ་དོག་བཀྲ། །སྙན་བརྗིད་རྫ་རྔ་འབྲུག་ལྟར་སྒྲོག །སྲོག་ཆགས་སྣ་ཚོགས་གོ་མཚོན་སོགས། །དངོས་བཤམས་ཡིད་ཀྱིས་རབ་སྤྲུལ་ནས། །ས་དང་བར་སྣང་བཀང་སྟེ་འབུལ། །བདག་སོགས་རྣམས་ཀྱིས་མ་རིག་པའི། །ཉེས་པ་ཐམས་ཅད་བཟོད་པར་མཛོད། །མི་ཕྱུགས་རྣམས་ཀྱི་ཚེ་སྲོག་ལ། །ཉེ་བར་འཚེ་བའི་བར་གཅོད་དང་། །ནོར་རྫས་འབྱོར་པར་གོད་ཁ་སོགས། །མི་མཐུན་ཕྱོགས་རྣམས་ཞི་བར་མཛོད། །དངོས་པོ་ཕྱི་འགྲོའི་རྗེས་འབྲངས་ནས། །གནོད་པའི་དགབ་འདྲེ་མི་མཛད་ཅིང་། །གཞིས་འདིར་བརྟན་པར་བཞུགས་ནས་ཀྱང་། །མི་ནོར་མགོན་སྐྱབས་དཔུང་གཉེན་མཛོད། །མདོར་ན་སྲུང་མ་འཁོར་བཅས་རྣམས། །མཆོད་པས་ཐུགས་དམ་རབ་བསྐོངས་ནས། །བདག་སོགས་འཁོར་དང་བཅས་པ་ལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཤེལ་གྲོང་གནས་བདག་གི་གསོལ་མཆོད་འདི་ཡང་དྲུང་འཚོ་དར་མོ་བ་བློ་བཟང་ཆོས་གྲགས་ཀྱི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ན་མ་ཤྴཱི་མཧཱ་ཀྱ་ཀ་མུ་ཁཱ་ཡ། འཁོར་ལོའི་དྲ་བ་སྡོམ་པ་ཁྲག་འཐུང་གི །མ་མགོན་གཙོ་འཁོར་ཕྱི་ནང་གསང་(༡༨༦ན)


GLG011_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི། །བྱ་རོག་མཚན་ཅན་ལེགས་ལྡན་ཕྱག་བཞི་པའི། །གཏོར་བཀང་རྒྱུན་ཁྱེར་ཉུང་ངུ་ཅུང་ཟད་སྤེལ། །དེ་ཡང་དཔལ་མགོན་ལྕམ་དྲལ་མཆོད་ཅིང་བསྐང་བར་འདོད་པའི་རྣལ་འབྱོར་པས་མགོན་པོའི་བྲིས་སྐུ་སོགས་རྟེན་བྱིན་རླབས་ཅན་གྱི་མདུན་དུ་སྟེགས་ཀྱི་ཁར། གཏོར་མ་སུམ་ཆ་ཟླུམ་པོ། སུམ་གཉིས་གྲུ་གསུམ་གྱིས་རྣོ་བ་བེ་ཏའི་རྣམ་པ་ལྟ་བུ། དེ་ལས་སུམ་གཅིག་གིས་ཆུང་བ་ཡུམ་དང་གཙོ་བོའི་ཕྱེད་ཆར་སླེབས་པའི་གདོང་ཅན་གསུམ། དེ་ལས་ཅུང་ཟད་ཆུང་བའི་མཁའ་འགྲོ་བརྒྱད། བྱ་གདོང་གསུམ་ལེགས་ལྡན། དཔལ་མགོན་བདུན་ཅུ་སོགས་ལ་མཐེབ་སྐྱུས་བསྐོར་བ་མར་རྒྱན་ཅི་མཛེས་དང་། ཆུ་གཉིས་ཉེར་སྤྱོད་ནང་མཆོད་རྡོར་དྲིལ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། རབ་བདེ་མཆོག་གམ། ཡང་ན་རང་གང་བྱེད་ཀྱི་ཡི་དམ་གྱི་བདག་བསྐྱེད་སོང་ནས། མདུན་བསྐྱེད་ཀྱི་མཆོད་གཏོར་རྣམས་བྱིན་གྱིས་བརླབས། རྟེན་བསྐྱེད་པ་ནི། མདུན་གྱི་ནམ་མཁར་པད་ཉིའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེའི་གུར་ཁང་མེ་རབ་ཏུ་འབར་བ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་དུ། ལྷ་སྣམ་སྔོན་པོའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ནག །དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཉི་མ་མི་རོའི་སྟེང་དུ་ཧཱུྃ་ལས་རལ་གྲི་སྔོ་སངས་ཡུ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། སྤྱན་གསུམ་དམར་ལ་ཟླུམ་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྨ་ར་དང་སྨིན་མ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཀྱིས་བེ་ཏའི་འབྲས་བུ་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། འོག་མ་གཉིས་ཀྱིས་རལ་གྲི་དང་རྩེ་གསུམ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་(༡༨༧བ)


GLG011_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རྒྱན་དྲུག་དང་སྦྲུལ་གྱིས་སྤྲས་པ། དར་ནག་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། སྐྱིལ་ཀྲུང་ཕྱེད་པའི་ཚུལ་གྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྟེང་གི་ཆ་ལ་གཡས་སུ་གནོད་སྦྱིན་གང་པོ་དང་། གཡོན་དུ་མཛེས་ལྡན་གཉིས་སྐུ་མདོག་སེར་པོ་ཕྱག་གཉིས་ཀྱིས་བུམ་པ་ལྷའི་བདུད་རྩིས་གང་ཞིང་ཡིད་བཞིན་གྱི་ནོར་བུས་ཁ་བརྒྱན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ། །གཞན་ཡང་མཁའ་ལྡིང་བྱ་ནག །མི་ནག་ཅེ་སྤྱང་ལ་སོགས་པས་བསྐོར་བ། དེའི་གཡོན་ཟུར་དུ་པདྨ་ཉི་མ་མི་རོའི་སྟེང་དུ་བྷྱོཿལས་ཙཎྜི་ཀ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་དམར་ལ་བགྲད་ཅིང་། ལྗགས་འདྲིལ་བ། ཕྱག་གཉིས་ན་རལ་གྲི་དང་རྩེ་གསུམ། གཡོན་གཉིས་ན་མདའ་གཞུ་དང་དགྲ་མགོ་འཛིན་པ། རུས་པའི་རྒྱན་ལྔས་བརྒྱན་པ། གཡང་གཞིའི་སྟོད་གཡོགས་དང་། གཟིག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་རོལ་བས་བཞུགས་པ། ཆོས་འབྱུང་གི་ནང་གི་ཟུར་གསུམ་དུ། པདྨ་ཉི་མ་མི་རོའི་སྟེང་དུ་གཡས་ཟུར་དུ། ཧཱུྃ་དང་རལ་གྲི་ལས། སྐུའི་སྤྲུལ་པ་སེང་གེའི་གདོང་པ་ཅན་རབ་ཏུ་འཇིགས་ཤིང་གཡས་རལ་གྲི་དང་གཡོན་ཐོད་ཁྲག་འཛིན་པ། གཡོན་ཟུར་དུ་ཛམ་དང་གྲི་གུག་ལས་གསུང་གི་སྤྲུལ་པ་ཅེ་སྤྱང་གི་གདོང་པ་ཅན་མཆེ་བ་གཙིགས་པ། གཡས་གྲི་གུག་དང་ཐོད་ཁྲག་འཛིན་པ། གདོང་ཟུར་དུ་ཀཾ་དང་གྲི་གུག་ལས་ཐུགས་ཀྱི་སྤྲུལ་པ་བྱ་རོག་གི་གདོང་པ་ཅན་ཁ་གདངས་པ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། གསུམ་གའང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྟག་པགས་ཀྱི་ཤམ་ཐབས་ཅན། དྲག་ཅིང་རྔམས་པ། གཡོན་བརྐྱང་གི་སྟབས་ཀྱིས་མེ་དཔུང་གི་དབུས་ན་བཞུགས་པ། འདབ་མ་བརྒྱད་ལ་ཉི་མ་དང་མི་རོའི་(༡༨༨ན)


GLG011_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཧཱུྃ་བརྒྱད་ལས་ཤར་དུ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་དུ་བྱ་ཁྱུང་གི་༝། ནུབ་ཏུ་ཁྭ་ཏའི་༝། ལྷོར་འུག་པའི་༝། །མེར་ཕག་གི་༝། །བདེན་བྲལ་དུ་ཁྱིའི་༝། རླུང་དུ་ཅེ་སྤྱང་གི་༝། དབང་ལྡན་དུ་སྟག་གི་གདོང་པ་ཅན་ཐམས་ཅད་ཀྱང་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་སྟག་གི་པགས་པའི་ཤམ་ཐབས་ཅན། སྤྱན་གསུམ་དང་ལྡན་པ། སྐྲ་དམར་སེར་གྱེན་དུ་འབར་བ། ཞབས་གཉིས་གར་སྟབས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཆོས་འབྱུང་ཕྱི་མའི་ཟུར་གསུམ་དུ་པད་ཉིའི་སྟེང་དུ་གདོང་ཟུར་དུ་བྷེ་ལས་གནོད་སྦྱིན་བྱ་རོག་གདོང་ཅན་གཡས་རིན་པོ་ཆེ་དང་གཡོན་ཐོད་པ་བདུད་རྩིས་གང་བ་འཛིནཔ། སེང་གེ་སྔོན་པོའི་སྟེང་ན་བཞུགས་པ། གཡས་ཟུར་དུ་ཡ་ལས་སྲོག་བདག་བྱ་རོག །གདོང་ཅན་གཡས་དུས་ཀྱི་དབྱུག་པ་དང་གཡོན་ཞགས་པ་འཛིན་པ་མ་ཧེ་སྨུག་པོའི་སྟེང་ན་བཞུགས་པ། གཡོན་ཟུར་དུ་ཀེཾ་ལས་བདུད་པོ་བྱ་རོག་གདོང་ཅན་གཡས་ཆུ་སྲིན་གྱི་རྒྱལ་མཚན། གཡོན་རའི་མདའ་གཞུ་འཛིན་པ། སྟོད་མི་ལ་སྨད་སྦྲུལ་མཇུག་འཁྱིལ་བ། ལུས་ཐམས་ཅད་མིག་གིས་སྤྲས་པ། གསུམ་གའང་དྲག་ཅིང་རྔམས་ལ་གཏུམ་པ། མི་མགོའི་འཕྲེང་བ་དང་མི་སྡུག་པའི་རྒྱན་གྱིས་སྤྲས་པ། སྟག་ལྤགས་ཀྱི་སྨད་དཀྲིས་པའོ། །ཆོས་འབྱུང་ཕྱི་མའི་ཁ་ཁྱེར་ལ་རྒྱལ་ཆེན་བཞི་ལ་སོགས་པའི་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་དང་། ཁོར་ཡུག་ལ་མགོན་པོ་བེང་འཛིན་སོགས་དྲེགས་པའི་དམག་དཔུང་བསམ་གྱིས་མི་ཁྱབ་པ་ཐམས་ཅད་མི་གདུག་པའི་ཆ་ལུགས་ཅན་མཚོན་ཆ་སྣ་ཚོགས་འཛིན་པ། དུར་ཁྲོད་བརྒྱད་དུ་ནག་པོ་སྟོང་། ཤ་ཟ་འབུམ་ལ་སོགས་པས་ཡོངས་སུ་གང་བ་ཐམས་ཅད་ཀྱང་དྲག་པོའི་ཆ་ལུགས་ཅན། མེ་འབར་བའི་དབུས་ན་བཞུགས་པའོ། །དེ་(༡༨༨བ)


GLG011_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་འོག་མིན་དང་། རྡོ་རྗེའི་གདན་ནཱ་ལནྡྲ་བསིལ་པའི་ཚལ་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཐེལ་ལུགས་ཡིག་རྙིང་ལས་བྱུང་བ་ལྟར། ཧཱུྃཿ འོག་མིན་ཆོས་ཀྱི་ཕོ་བྲང་དང་། །བསིལ་བ་ཚལ་གྱི་དུར་ཁྲོད་དང་། །ནཱ་ལནྡ་ཡི་གཙུག་ལག་དང་། །ཕྱི་ཡི་རྒྱ་མཚོའི་འགྲམ་དག་དང་། །རང་བཞིན་གར་བཞུགས་གནས་མཆོག་ནས། །ཆོས་སྐྱོང་མ་ཧཱ་ཀཱ་ལའི་ཚོགས། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །སྤྱན་འདྲེན་མཆོད་ཀྱིས་ད་ཚུར་སྤྱོན། །སྔོན་གྱི་བདེ་གཤེགས་སྤྱན་སྔ་རུ། ཁས་བླངས་དམ་ཚིག་དྲན་གྱིས་ལ། །བཀའ་བཞིན་བསྒྲུབ་པའི་དམ་ཅན་ལ། །ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ། །ཧཱུྃཿ ནག་པོ་ཆེན་པོ་ཁྲོ་བོའི་རྒྱལ། །བྱ་རོག་མཚན་ཅན་གནས་འདིར་སྤྱོན། །ལས་མཁན་མ་མོ་ཁྱབ་འཇུག་ཅན། །ཡུམ་མཆོག་རྩ་འཇིབ་གནས་འདིར་སྤྱོན། །ལས་མགོན་ནག་པོ་འཇིགས་པའི་གཟུགས། །བྱ་རོག་གདོང་ཅན་གནས་འདིར་སྤྱོན། །གསོད་བྱེད་བདུད་པོ་སེང་གེའི་གདོང་། །མཁའ་འགྲོ་དྲུག་སྐོར་༝། །མོན་མོ་ནག་མོ་དབང་མོ་ཆེ། །ལྷ་མོ་ཙཎྜ་༝། །དགྲ་བགེགས་ཆམ་ལ་འབེབས་མཛད་པའི། །ནག་པོ་སྟོང་ཚོགས་༝། །གནོད་བྱེད་ཚེ་སྲོག་གཅོད་མཛད་པའི། །མ་མོ་བྱེ་བ་༝། བཅོལ་བའི་འཕྲིན་ལས་བསྒྲུབ་མཛད་པའི། །ཤ་ཟ་འབུམ་ཚོགས་༝། །དཔལ་ལྡན་རྡོ་རྗེ་འཆང་ཆེན་གྱི། །བཀའ་དང་དམ་ལས་མ་འདའ་བར། །མ་འགྱིང་མ་འགྱིང་གནས་འདིར་སྤྱོན། །མ་འགོར་མ་འགོར་ལ་འུར་སྤྱོན། །རིངས་པའི་ཚུལ་གྱིས་གནས་འདིར་སྤྱོན། །འདིར་སྤྱོན་གདན་ལ་བཞུགས་སུ་གསོལ། །འདིར་སྤྱོན་ཚོགས་གཏོར་བཞེས་སུ་གསོལ། །འདིར་སྤྱོན་བྱིན་གྱིས་བརླབཏུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཙ་ཏུ་ར་ཧ་སྟ་ས་པ་རི་(༡༨༩ན)


GLG011_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས་ནས། པདྨ་ཀ་མ་ལཱ་ཡེ་སྟྭཾ། ཞེས་གདན་འབུལ། ཨོཾ་མ་ཧཱ་ཀཱ་ལ་ནས་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། ཡང་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཀྱིས་དབང་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ། དབང་ལྷས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ། འཁོར་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་བརྒྱན་པར་བསམ། ཐལ་མོ་ཁ་ཕྱེ་ལ་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་ཨཱཿམཾ་ཧཾ་རཾ་ཧཱུྃ་ཕཊ་སྭཱ་ཧཱའི་མཐར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་བདུན། ཤཱ་ས་ན་ལན་གསུམ་དང་། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི། མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཛ་ཞེས་པའི་མཐར་ཨི་དཾ་བ་ལིཾ་སོགས་བཏགས་པ་ལན་ལྔ། གདོང་ཅན་རྣམས་ལ། ཨོཾ་མ་ཧཱ་ཀཱ་ལི། ཀ་ཀཱ་སྱཻ་ཧཱུྃ་ཕཊ། ཅེས་ཐོག་མཐའ་འདྲ་བ་ལས། བར་གྱི་སིཾ་ཧ་སྱཻ། ཛམྦུ་ཀཱ་སྱཻ། བྲྀངྷསྱཻ། ག་རུ་ཌ་སྱཻ། ཀྲོཎྜ་ཀ་ཀཱ་སྱཻ། ཨུ་ལཱུ་ཀཱ་སྱཻ། སུ་ཀ་རཱ་སྱཻ། ཤྲ་ནཱ་སྱཻ། ཤྲཱི་ཁ་མ་སྱཻ། བྱ་གྷྲ་སྱཻ། ཧཱུྃ་ཕཊ་ཀྱི་གཤམ་དུ་བ་ལིཾ་ཏ་བཏགས་པ་གསུམ་གྱིས་ཕུལ། ཕོ་ཉ་བེང་འཛིན་དཔལ་མགོན་བདུན་ཅུ་སོགས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ། མཁའ་འགྲོ་སྤྱི་གཏོར་གཏོང་བར་སྤྲོ་ན་བྱ་ཞིང་། མི་བྱ་ཡང་བཏང་སྙོམས་སུ་བཞག་སྟེ། གཞི་བདག་གཏོར་མ་འབུལ། དུས་གཏོར་སོགས་ལ་བཀང་བ་བྱེད་པར་འདོད་པས། བཀང་གཏོར་སྤྱན་གཟིགས་བཤམས་(༡༨༩བ)


GLG011_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏོར་མ་བྱིན་རླབས་དང་བཀང་རྫས་སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱིན་གྱིས་རླབས། ཧཱུྃ༔ རང་བཞིན་རྣམ་དག་ཆོས་དབྱིངས་ངང་ཉིད་ནས། །ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །རྣམ་རོལ་ཕྱི་ནང་སྤྱན་གཟིགས་མཆོད་པའི་ཚོགས། །མགོན་པོ་འཁོར་དང་བཅས་ལ་འབུལ་བ་ནི། །དམར་ཆེན་སྙིང་ཁྲག་ཨརྒྷཾ་མཚོ་ལྟར་འཁྱིལ། །དགྲ་བགེགས་དབང་པོའི་མེ་ཏོག་རི་ལྟར་སྤུངས། །ཤ་ཆེན་དུད་སྤྲིན་ནམ་མཁའི་ཁམས་ཀུན་གང་། །ཚིལ་ཆེན་སྒྲོན་མེ་ཚར་དུ་དངར་བ་འདིས། །ཡེ་ཤེས་མགོན་པོ་ལྕམ་དྲལ་ཐུགས་དམ་བསྐང་། །ལས་བྱེད་མགོན་པོ་སྡེ་ལྔའི་ཐུགས་དམ་བསྐང་། །སྒོ་མཚམས་སྐྱོང་བའི་མཁའ་འགྲོ་བརྒྱད་དང་ནི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་བཅས་བདེ་བ་ཆེན་པོས་མཉེས་གྱུར་ནས། །རྣལ་འབྱོར་ཉམས་ཆགས་དབྱིངས་སུ་དག་གྱུར་ཏེ། །དམ་ཆོས་བསྒྲུབ་པའི་བར་ཆད་ཀུན་ཞི་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །ཤླཽ་ཀ་ཕྱི་མ་གཉིས་པོ་འདི་འོག་མ་རྣམས་ལའང་འགྲེའོ། །ག་བུར་ངད་ལྡན་ཁྲག་ཞག་རྒྱ་མཚོ་དང་། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ་སྦྱར་བའི། །ཟག་མེད་བདུད་རྩིའི་བཏུང་བ་མཚོ་ལྟར་བསྐྱིལ། །ཤ་ཁྲག་ཞལ་ཟས་རི་ལྟར་སྤུངས་པ་འདི། །ཡེ་ཤེས་མགོན་པོ་༝། །མཁའ་འགྲོ་དབང་དུ་སྡུད་བྱེད་ཅང་ཏེའུ། །རྡོ་རྗེ་དྲིལ་བུ་ཟངས་དུང་རྔ་བོ་ཆེ། །རྐང་གླིང་གསང་བའི་རྡེ་ཆུང་དྲིལ་ཆེན་སྒྲ། །དབྱར་དུས་འབྲུག་གི་སྒྲ་དང་མཚུངས་པ་འདིས། །ཡེ་ཤེས་མགོན་པོ་༝། །རྟ་ནག་རྟིང་དཀར་ཚོགས་རྣམས་རླུང་བཞིན་འཕྱོ། །རྣོ་བའི་རྭ་དང་འཇིགས་པའི་ངར་སྒྲ་ཅན། །གཡག་རོག་ཞོལ་ཆེན་ཚོགས་རྣམས་འགྱིང་ཞིང་རོལ། །དར་གྱིས་བརྒྱན་པའི་ལུག་ནག་ཚོགས་རྣམས་ཀྱིས། །ཡེ་ཤེས་མགོན་པོ་༝། །ལང་ལིང་གར་གྱིས་ནམ་མཁའི་ཁྱོན་བཀང་ནས། །དགྲ་བོའི་སྙིང་འབྱིན་བྱ་ནག་ཚོགས་རྣམས་དང་། །དར་གྱི་རྒྱན་ལྡན་འཇིགས་པའི་(༡༩༠ན)


GLG011_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ང་རོ་ཅན། །སེང་གེའི་སྟོབས་ལྡན་ཁྱི་ནག་ཚོགས་རྣམས་ཀྱིས། །ཡེ་ཤེས་མགོན་པོ་༝། །མཚན་ལྡན་ཡངས་ཤིང་རྒྱ་ཆེའི་ཐོད་པའི་ནང་། །ཤ་ཁྲག་རི་ལྟར་སྤུངས་པའི་གཏོར་མ་ནི། །ཟག་མེད་ཡེ་ཤེས་རྣམ་ལྔར་བྱིན་བརླབས་པ། །དམར་ནག་དར་གྱི་འཕུར་ལྡིང་རོལ་བ་འདིས། །ཡེ་ཤེས་མགོན་པོ་༝། །སྟོང་གསུམ་ཁྱོན་ཀུན་འགེངས་པའི་དྲི་བཟང་ཅན། །ན་རྒའི་འཇིགས་འཕྲོག་འཆི་མེད་དཔལ་སྟེར་བ། །སྨན་སྣ་སྟོང་རྩ་བརྒྱད་ལས་སྦྱར་བ་ཡི། །འཛའ་གད་སྨན་ཕུད་མཚོ་ལྟར་བསྐྱིལ་བ་འདིས། །ཡེ་ཤེས་མགོན་པོ་༝། །གཞན་ཡང་གསེར་དང་དངུལ་སོགས་རིན་ཅེན་ལྔ། །དཀར་དམར་བྱང་ཆུབ་སེམས་སོགས་བདུད་རྩི་ལྔ། །མི་དང་གླང་ཆེན་ཤ་སོགས་ཤ་ལྔ་དང་། །ཟག་མེད་བདེ་སྟེར་འདོད་ཡོན་ལྔ་རྣམས་ཀྱིས། །ཡེ་ཤེས་མགོན་པོ་༝། །ལྷ་དང་མི་ཡི་བཟའ་དང་བཅའ་བའི་ཚོགས། །རོ་བརྒྱ་ལྡན་པའི་ཁ་ཟས་དུ་མ་དང་། །འབྲས་ཆང་རྒུན་ཆང་ལ་སོགས་བཏུང་བའི་ཚོགས། །དཔའ་བོ་མཁའ་འགྲོ་མཉེས་བྱེད་ཚོགས་འཁོར་གྱིས། །ཡེ་ཤེས་མགོན་པོ་༝། །བྱེ་བ་ཕྲག་བརྒྱའི་གླིང་དང་གླིང་ཕྲན་ཚོགས། །ཉི་ཟླ་རི་རབ་རིན་ཅེན་བདུན་རྣམས་དང་། །རྡོ་རྗེ་གསུམ་དང་ཕྱི་ནང་གསང་བའི་རྟེན། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདིས། །ཡེ་ཤེས་མགོན་པོ་༝། །བདུད་དཔུང་འཇོམས་ཕྱིར་དྲག་པོའི་སྐུར་བསྟན་ཀྱང་། །རྒྱལ་བ་ཀུན་གྱི་ལྷན་ཅིག་སྐྱེས་པའི་དངོས། །བླ་མ་མཆོག་དང་དཔལ་ལྡན་ཧེ་རུ་ཀའི། །ངོ་བོར་ཡིད་ཆེས་རྩེ་གཅིག་གསོལ་འདེབས་ཀྱིས། །ཡེ་ཤེས་མགོན་པོ་༝། །ཅེས་བསྐང་བཤགས་བྱས་ནས་གཏོར་མ་གོང་བཞིན་འབུལ། བཟླས་པ་བྱ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་འཕོག །ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་ཕོ་ཉ་བསམ་གྱིས་མི་ཁྱབ་པ་སྤྲོས་དགྲ་བགེགས་གདུག་པ་ཅན་(༡༩༠བ)


GLG011_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཚད་བཅད། ཚུར་འདུས། འཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པར་བསམས་ལ་གོང་གིས་ཡབ་ཡུམ་གདོང་ཅན་རྣམས་ཀྱིས་སྔགས་དང་། སྤྱི་སྔགས་ཤཱ་ས་ན་བཟླ། ཐུན་མཐར་ཡི་གེ་བརྒྱ་པས་ཆད་ལྷག་ཁ་བསྐང་། བསྟོད་པ་ཙ་མིས་མཛད་པ་ནི། ཧཱུྃཿ བདུད་དང་བདུད་ཀྱི་ཕྱོགས་གྱུར་པའི། །སེམས་ཅན་མ་ལུས་མྱུར་བར་ནི། །རྩད་བཅད་བསད་ནས་ཁྲག་གི་རྒྱུན། །གསོལ་མཛད་ནག་པོ་ཆེན་པོ་ནི། །རབ་འཇིགས་མདོག་ནག་གཟུགས་ཐུང་པོ། །གསུས་པ་འཕྱང་ཞིང་དབུ་སྐྲ་སེར། །འཇིགས་པའི་མེ་དཔུང་ནང་ན་བཞུགས། །གཏུམ་ཆེན་ཁྲོས་པའི་གད་མོ་ནི། །ཧ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པས། །ལྷ་དང་ལྷ་མིན་སྐྲག་གྱུར་ནས། །བྲོས་ཤིང་འགྱེལ་བའི་མགོ་བཅད་དེ། །ཞབས་ཀྱིས་རོ་མནན་དྲག་པོའི་ཚུལ། །སྐ་རགས་རིལ་བུ་གཡེར་ཁས་བརྒྱན། །སིལ་སིལ་ཌཱ་མ་རུ་ཡི་སྒྲ། །དྷི་དྷི་དྷུ་ཧ་དྷ་སྒྲ་ནི། །ཐོག་གི་ན་ར་ནི་རིའི་སྒྲ། །སྒྲ་སྒྲོགས་སྙན་དང་མི་སྙན་པ། །གར་བྱེད་ལྷ་དང་ལྷ་མོ་ཡི། །ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ནི། །དུད་ཁྲོད་གནས་སུ་རོལ་བར་མཛད། །ཐུང་ལ་སྦོམ་པའི་སྤྱན་གསུམ་པོ། །མེ་ཏོག་བྷནྡྷུ་ར་ལྟར་དམར། །བགེགས་རྣམས་སྐྲག་ཅིང་དངངས་མཛད་པའི། །ལྗགས་ནི་གློག་ལྟར་འཁྱུག་པར་བྱེད། །མཆེ་བ་རྣམ་པར་གཙིགས་པ་ཡིས། །མ་རུངས་གདུག་པའི་སེམས་ཅན་གྱི། །ཤ་རུས་ཁྲུམ་ཁྲུམ་འཆའ་བར་བྱེད། །ལྷ་བ་ཞག་རྣམས་འཇིབ་པར་བྱེད། །ཕྱག་རྒྱ་ལྔ་དང་ཀླུའི་དོ་ཞལ། །རྒྱན་རྣམས་ཀུན་གྱིས་རྣམ་པར་སྤྲས། །སྟག་གི་པགས་པའི་སྟོད་གཡོགས་དང་། །སྐུ་རགས་དང་ནི་ཤམ་ཐབས་མཛད། །མི་བསྐྱོད་པ་སོགས་བདེ་གཤེགས་ཚོགས། །དབུ་ལ་བརྒྱན་ཅིང་སྐུ་ལ་འཕྲོ། །མི་ཡི་རྒྱུ་མའི་ཐག་པ་ལ། །མི་མགོ་ལྔ་བཅུ་འཕྱང་བ་ཡི། །འཕྲེང་བ་ཡིས་ནི་དོ་ཤལ་བྱས། །དྲག་པོ་དང་ནི་ཆུ་བདག་སོགས། །བཟློག་པར་དཀའ་བའི་ཚོགས་རྣམས་ཀྱང་། །ཞལ་དུ་གསོལ་མཛད་(༡༩༡ན)


GLG011_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡོན་དུ། །རྩེ་གསུམ་འཛིན་ཅིང་ཐོད་ཁྲག་འཐུང་། །གཤིན་རྗེའི་ལྕེ་འདྲའི་གྲི་གུག་དང་། །རལ་གྲི་ཕྱག་གཡས་བསྣམས་ནས་ནི། །གདུག་པ་ཅན་རྣམས་བརླག་མཛད་ཅིང་། །མི་ཤེས་སྡིག་པ་རིང་དུ་སྤོང་། །མཛེས་པའི་ལྷ་མོ་གར་བྱེད་མ། །བརྒྱད་དང་རོལ་བའི་རྗེ་བཙུན་དཔལ། །རྡོ་རྗེ་ནག་པོ་ཆེན་པོ་ལ། །སངས་རྒྱས་གྲགས་པས་བསྐུལ་བ་ནི། །གང་གིས་ཉིན་མཚན་འདི་བསྟོད་པས། །སྒྲུབ་པའི་དོན་རྣམས་གྲུབ་པ་དང་། །སེམས་ཅན་མ་ལུས་ཁྱོད་ལྟ་བུར། །ས་བཅུ་ལ་ནི་གནས་པར་མཛོད། །ཧཱུྃཿ ཀ་རའི་རོ་ལྟར་དོན་སྙིང་ཁྲག་གི་རྒྱུན། ཁ་གདངས་ཧུབ་ཀྱིས་དྲངས་ནས་རྐན་སྒྲ་གཏོག །ག་ཤ་མི་མགོ་ཁྲག་འཛག་རྒྱུ་རློན་བརྒྱུས། །ང་རོ་དྲག་པོས་བདུད་དཔུང་སྤ་བཀོངས་ཤིག །ཅ་ཅོ་སྣ་ཚོགས་སྒྲ་སྒྲོག་དུར་ཁྲོད་དབུས། །ཆ་ལུགས་མ་ངེས་སྣ་ཚོགས་ཆོ་འཕྲུལ་ཅན། །ཇ་ཁའི་རལ་པ་གྱེན་བརྫེས་དགྲ་བོའི་སྲོག །ཉ་མོ་ཆུ་འཁྱུག་ལྟར་མཆོངས་གཅོད་པར་མཛོད། །ཏ་ལེར་འཕགས་པའི་ཡུལ་ནས་གངས་ཅན་བསྟན། །ཐ་ཆད་བཙན་པོས་སྐྱོང་བར་བྱོན་པའི་དོན། །ད་ལྟ་བདག་སོགས་ཚུལ་ལྡན་སྡེ་སྐྱོང་ཞིང་། །ན་ཚ་འཚེ་བས་ལོག་འདྲེན་འཇོམས་པར་མཛོད། །པ་སངས་ལྟར་དཀར་ཆེར་རྣོ་མཆེ་བའི་རྩེ། །ཕ་རོལ་ཡིད་སྲ་སྙིང་ག་ཐལ་མར་འབིགས། །བ་མོའི་སད་ཀྱིས་ལོ་ཏོག་འཇོམས་པ་ལྟར། །མ་རུངས་ཞིང་བཅུ་མིང་མཐའ་ཙམ་དུ་སྐྲོད། །ཙ་མ་ར་སོགས་བསྟན་པའི་དམ་རྫས་བསགས། །ཚ་གྲང་ཁྱད་སད་ལྷ་ཁྱོད་མཆོད་བསྒྲུབ་ན། །ཛ་ལང་རྒྱས་པ་ཆོས་གཟུགས་ཀླ་ཀློའི་སྡེ། །ཝ་སྐྱེས་ལྟར་གཞོམ་རང་གཤེད་མྱུར་དུ་ཕོབ། །ཞྭ་སེར་རིང་ལུགས་རྣམ་དག་ཐུབ་བསྟན་ལ། །ཟ་འདོད་མནའ་ཟན་ཆད་ལས་འདུས་པའི་སྡེ། །འ་འུར་སྒྲ་སྒྲོགས་གནམ་ལྕགས་ཐོག་མཚོན་དང་། །ཡ་མའི་དཔུང་གིས་ཚེ་སྲོག་མངའ་ཐང་ཆོམས། །ར་བ་གངས་ཀྱིས་བསྐོར་(༡༩༡བ)


GLG011_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཕན་དང་བདེ། །ལ་འུར་འཕེལ་ལ་གནོད་ཐོབ་ངན་གཡོ་མཁན། །ཤ་ཟ་ཕྲ་མེན་ལྟ་བུའི་མ་རུངས་ཚོགས། །ས་འོག་རིམ་པ་བདུན་གྱི་འོག་ཏུ་ཆུག །ཧ་ཧར་བཞད་སྒྲས་ཕ་རོལ་ཀླད་འགེམས་ནས། །ཨ་དོན་སྐྱེ་བ་མེད་པའི་དབྱིངས་བསྒྲལ་ཏེ། །ཧ་ལའི་འདབ་འདྲ་མཆུ་སྒྲོས་ཆེར་འཛུམ་པས། །ཨ་ལ་ལ་ཞེས་དགའ་བའི་དབུགས་དབྱུང་ཤོག །ཧཱུྃཿ རྡོ་རྗེ་འཆང་དབང་འཕགས་མཆོག་ཀླུ་སྒྲུབ་ཞབས། །ཨཱ་རྱ་དེ་བ་མར་མེ་མཛད་བཟང་པོ། །དུས་འཁོར་ཞབས་པ་ཙ་མི་སངས་རྒྱས་གྲགས། །དཔལ་ཆེན་རྒ་ལོ་བདེ་གཤེགས་ཕག་གྲུ་པ། །འབྲི་གུང་སྐྱོབ་པ་སྐྱིད་ཤོད་བཀྲ་ཤིས་འབུམ། །གྲགས་པ་ཡེ་ཤེས་སངས་རྒྱས་གཞོན་ནུ་དང་། །མ་ཎི་ཀ་ཤྲཱི་ས་བཟང་འཕགས་གཞོན་པ། །རྡོར་འཆང་ཀུན་བཟང་པཎ་ཆེན་གྲགས་རྒྱལ་རྗེ། །བསོད་ནམས་ལྷུན་གྲུབ་ས་ལོ་ཀུན་བསོད་དང་། །གྲགས་པ་བློ་གྲོས་སངས་རྒྱས་སེང་གེའི་མཚན། །ཐར་རྩེ་པཎ་ཆེན་མུས་པ་ནམ་མཁའ་དཔལ། །དཔལ་ལྡན་དོན་གྲུབ་དེ་དབོན་དཔལ་མཆོག་པ། །རྡོ་རྗེ་འཆང་དངོས་མཁན་ཆེན་ཞ་ལུ་པ། །རྩ་བརྒྱུད་བླ་མས་ལྕམ་དྲལ་འཁོར་བཅས་གཙུག །དམ་ཚིག་རྡོ་རྗེ་འབར་བའི་རི་མོ་བཀོད། །མི་འབྲལ་གསང་བའི་མནའ་ཆུ་ལྕེ་ཐོག་བླུག །སྔོན་གྱི་མཐའ་ཚིག་གཉན་པོ་ཉེར་བསྒྲགས་ཤིང་། །བཀའ་དང་དམ་ཚིག་ཁས་བླངས་མ་འདའ་བར། །བཅོམ་ལྡན་ཤཱཀྱ་སེང་གེས་ལེགས་གསུངས་པའི། །བསྟན་པའི་རྩ་བ་ཚུལ་ཁྲིམས་ངད་མ་ཡལ། །སྙིང་པོ་ཐེག་ཆེན་སྡེ་སྣོད་བཤད་སྒྲུབ་དར། །འབྲས་བུ་ངེས་གསང་སྨིན་གྲོལ་གདམས་པའི་གནད། །བཀའ་དང་བསྟན་བཅོས་དབང་པོ་ཚད་ཐུབ་དང་། །སྡེབ་བྱ་སངས་རྒྱས་ལུགས་ལས་ཕྱིར་ཕྱོགས་པ། །ཚུར་མཐོང་སྐྱེ་བོས་ཕྱོགས་ཙམ་རྟོགས་གྱུར་ན། །སྤྱན་དང་མངོན་པར་ཤེས་པ་མངའ་བ་ཡི། །དམ་ཅན་ཆོས་སྲུང་རྣམས་ཀྱིས་ཅིས་མི་གཟིགས། །མཁྱེན་བཞིན་ཡལ་བར་འདོར་ན་དམ་པའི་ཆོས། །སྐོང་བར་ཞལ་གྱིས་འཆེས་ལ་མི་གནོད་དམ། །(༡༩༢ན)


GLG011_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་བསྟན་དང་ཟས་སྐོམ་འབྱོར་པ་གཉིས། །གདམ་ང་ནོར་ན་ཐ་ཤལ་དམན་པར་གོལ། །འགོགས་གཞུང་ཙམ་ལ་ཞེན་ན་གཅན་གཟན་མ། །བུ་ལ་བརྩེ་ལྟར་འདོད་ཆགས་ཐུགས་རྗེར་འཁྲུལ། །མ་འདྲིས་འགྲོ་བ་མཐའ་དག་བྱང་ཆུབ་ལ། །སྦྱོར་འདུན་མེད་ན་འཇིག་རྟེན་ག་ལ་འདས། །དེ་ཕྱིར་ཧེ་རུ་ཀ་དཔལ་གདུལ་དཀའི་འགྲོ། །འདུལ་ལ་རྡོ་རྗེ་སྲིན་པོར་སྤྲུལ་དོན་བཞིན། །བསྟན་དང་དེ་འཛིན་འདུས་པའི་ཚོགས་རྣམས་རྒྱས། །ས་དབང་ཞབས་བརྟན་མངའ་འབངས་བདེ་ཞིང་སྐྱིད། །རྣལ་འབྱོར་བདག་སོགས་བསམས་དོན་ལྷུན་གྲུབ་མཛོད། །མཇུག་ཆོག་རྣམས་ཆོས་སྐྱོང་གཞན་གྱི་གཏོར་ཆོག་བཀང་བ་ལྟར་བྱས་པས་འགྲུབ་བོ། །དཔལ་ལྡན་མགོན་པོ་བྱ་རོག་མཚན་ཅན་འདི་ཉིད་ཀྱི་བཀའ་མའི་ཆོས་སྐོར་དཔལ་ཆེན་རྒ་ལོ་ནས། བདེ་གཤེགས་ཕག་མོ་གྲུ་པ་དང་། ཞང་འགྲོ་བའི་མགོན་པོ་གཉིས་ལ་བཀའ་བབས་པའི་རྒྱུན་བཟང་པོ་རྣམས་རྗེས་འབྲངས་ལ་ལས་མཐོང་ཐོས་ཀྱི་སྲུང་མ་ཡིན་ནོ་ཅོག་བསྣན་ཏེ་ཚོང་འདུས་ཀྱི་འོ་མ་ལྟར་བསླད་པ་ལ་ཡིད་གཏན་དུ་མ་ཐུབ་པས། སྔོན་རབས་དམ་པའི་ཡི་གེའི་རྗེས་སུ་འབྲངས་ཏེ་གཏོར་ཆོག་དང་བསྐང་གསོ་ཟུང་དུ་འཇུག་པ་ལེགས་ལྡན་དགྱེས་པའི་མཆོད་སྤྲིན་འདི་ནི་འཇམ་དབྱངས་དཔལ་འབྱོར་གྱིས་སྔ་ཐོག་ནས་བསྐུལ་བ་འདྲི་འདུན་རིམ་འགྱངས་སུ་སོང་བ་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་ཡང་བསྐྱར་དུ་བསྐུལ་ཞིང་། མེ་རག་བླ་མ་བློ་གྲོས་རྒྱ་མཚོས་ཀྱང་མཚམས་སྦྱར་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་སོ། །སྭསྟི་སིདྡྷཾ། དགྱེས་མཛད་རྡོ་རྗེའི་ངོ་བོ་གནས་གསར་བ། །མ་ཧཱ་ཀཱ་ལ་ཆོས་དབྱིངས་རང་གྲོལ་རྗེ། །དྲིན་ཅན་བླ་མ་རྣམ་གཉིས་ཞབས་པད་ལ། །བཏུད་ནས་དཔལ་ལྡན་ལྷ་མོའི་མཆོད་ཐབས་འབྲི། །ཆོས་སྲུང་འདི་ཉིད་བྲིས་སྐུ་རབ་གནས་ཅན་གྱི་མདུན་དུ་ནས་ནག་གི་རྗེན་བཏགས་དང་། ཤ་ཁྲག་(༡༩༢བ)


GLG011_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ་དངར་གསུམ། འཁུར་བ་སོགས་ཟས་སྣ་ཚོགས་ཀྱིས་སྤྲས་པའི་གཏོར་མ་དར་སྣ་ལྔས་བརྒྱན་པ། ཕྱི་ནང་མཆོད་པ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམས། རང་བདེ་དགྱེས་གང་རུང་ངམ་དེ་མིན་ཡི་དམ་གང་བྱེད་ཀྱིས་གོ་ཆོད། མཆོད་གཏོར་རྣམས་སྤྱི་ལྟར་བྱིན་གྱིས་བརླབས་པའི་མཐར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི་ལན་གསུམ་བརྗོད། མདུན་གྱི་ནམ་མཁར་པཾ་ལས་པད་མ་དང་རཾ་ལས་ཉི་མའི་སྟེང་དུ་ཏྲཾ་ལས་ཨེ་ཀ་ཛཱ་ཊཱི་མཐིང་ནག་གཡུ་རལ་ལན་བུ་གཅིག་ཏུ་གྱུར་པ། ཕྱག་གཉིས་ཀྱིས་ཐུགས་ཀར་བདུད་རྩིའི་བུམ་པ་འཛིན་པ། དར་དཀར་གྱི་སྟོད་གཡོགས་དང་སྟག་ཤམ་རུས་པ་དང་རིན་པོ་ཆེས་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འོད་ཟེར་འབར་བའི་དབུས་ན་བཞུགས་པ། དེའང་རྩུབ་ལུགས་དང་འཇམ་ལུགས་སུ་བསྒྲུབ་པ་གཉིས་ལས། ཕྱི་མའི་ལུགས་སུ་བྱས་ཏེ། དེའི་ལྟོ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གི་རྒྱ་མཚོའི་དབུས་སུ། བྷྱོ་ལས་འདོད་ཁམས་དབང་ཕྱུག་མ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་དམར་ལ་འཁྱུག་པ། མཆེ་བ་གཙིགས་ཤིང་། མི་རོ་རངས་པོ་ཟ་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གཡས་གཉིས་རལ་གྲི་དང་ཐོད་ཁྲག །གཡོན་གཉིས་མདུང་ཐུང་དང་དར་ནག་གི་བ་དན་འཕྱར་བའི་ཏྲི་ཤུལ་འཛིན་པ། ཐོད་སྐམ་ལྔའི་འཕྲེང་བ་ལྷ་མིན་ལ་སོགས་པའི་མགོ་བོའི་དོ་ཤལ་འཕྱང་བ། སྙན་གཡས་གཡོན་དུག་སྦྲུལ་དང་སེང་གེས་བརྒྱན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས། བ་ལང་གི་ཀོ་བས་སྨད་གཡོགས། རེ་ལྡེའི་ཤམ་ཐབས་ལ་ཀླུའི་དབང་པོ་ཉིས་གཤིབས་ཀྱི་སྐ་རགས་བཅིངས་པ། སྐུ་ལ་ཁྲག་གི་ཐིག་ལེ། ཞག་གི་སོར་རིས། ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ལྟེ་བའི་ཐད་ནས་ཉི་ཟླ་འཆར་བ། ཤིན་ཏུ་རིད་ཅིང་མི་སྡུག་པ། བོང་བུ་ག་དམར་གྱི་སྟེང་ན་བཙན་སྐྱིལ་གྱི་ཞབས་གཉིས་ལྕགས་སྒྲོག་གིས་མཛེས་པ། དུར་ཁྲོད་བརྒྱད་ཀྱི་དབུས་ན་བཞུགས་པའི་འཁོར་དུ་བཀའ་ཉན་གྱི་མ་མོ་(༡༩༣ན)


GLG011_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རྐང་སྲོག་ཟེར་དུང་སྐྱོང་མ་ཁྲག་མདོག་མ། ཕྲ་མེན་མ་ལ་སོགས་པ་མ་མོའི་ཚོགས་འབུམ་སྡེ་རྣམས་ཐོད་པའི་སེ་རལ་གས་བརྒྱན་ཞིང་། བནྡྷ་དང་ཐོད་ཁྲག་འཛིན་པ། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་མཁའ་འགྲོ་རྒྱན་ཆ་ལུགས་རྣམ་འགྱུར་ཕྱག་མཚན་མི་འདྲ་བའི་ཚོགས་དང་། དཔལ་མགོན་བདུན་ཅུ་རྩ་གཉིས་ཤ་ཟ་སྲིན་པོ་དཔག་ཏུ་མེད་པས་བསྐོར་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་ཝི་ཀོ་ཊི་ལ་དང་། ཡུལ་ཉི་ཤུ་རྩ་བཞི་ནས་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷྱོཿ དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཁའ་འགྲོ་རྒྱ་མཚོའི་ཚོགས། །ལྷ་མོ་འདིར་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་ལན་གསུམ་བརྗོད། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་འབུལ། གོང་གི་སྔགས་གཤམ་དུ་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། དམ་ཚིག་གི་ཕྱག་རྒྱ་བཅས་པར་མོས་ཏེ། ཨོཾ་མ་ཧཱ་ཀཱ་ལི་དེ་ཝཱི་ཡེ། ཨེ་ཀ་ཛཱ་ཊཱི་དེ་ཝཱི་ས་མ་ཡེ། ས་མ་ཡ་སྨ་ར། ས་མ་ཡ། མཱི་ཏ་ཀྲ་མ། ས་མ་ཡ་རཀྵ་ཏྣུ། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སངས་རྒྱས་རྡོ་རྗེ་འཆང་ནས་བཟུང་ས་རྔོག་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ་དང་དམ་ལ་བཏགས་པའི་དམ་ཚིག་གཉེན་པོ་དྲན་པར་མཛོད་ལ། གཞི་བསླབ་ཁྲིམས་ལ་གནས། བྱང་སེམས་ཀྱི་སྡེ་སྣོད་ལ་སྦྱངས། གསང་སྔགས་ཀྱི་སྨིན་གྲོལ་ལ་སྤྱོད་པའི་སངས་རྒྱས་ཀྱི་བསྟན་པ་སྲུངས། དེ་འཛིན་པའི་སྐྱེས་བུ་དགེ་འདུན་ཆོས་སྐྱོང་རྒྱལ་པོའི་སྐུ་(༡༩༣བ)


GLG011_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་མངའ་ཐང་སྤེལ་ཞིང་ཆབ་འབངས་རྣམས་བདེ་སྐྱིད་ལ་སྦྱོར། ཁྱད་པར་བདག་སོགས་མཆོད་ཡོན་འཁོར་དང་བཅས་པ་ལ་གནོད་བྱེད་མནའ་ཟིན་ཚད་ལ་མི་བརྩི་བའི་དགྲ་བགེགས་ཐམས་ཅད་གང་ལ་གང་འཚམ་གྱི་ཆད་པ་དྲག་པོས་ཚར་ཆོད། བདག་སོགས་རྣམས་ཀྱི་ཆོས་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། འཇིག་རྟེན་ཀུན་ཏུ་བདེ་ལེགས་རྒྱ་ཆེན་པོ་འབྱུང་བར་མཛད་དུ་གསོལ། ཞེས་བརྗོད། རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས་གོང་གི་སྔགས་གཤམ་དུ། ན་མཿསརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་ལན་བདུན་དང་འཁོར་རྣམས་ལ་ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། གོང་བཞིན་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། སྔགས་གཤམ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི་ཞེས་སྨན་རཀ་གཉིས་ཀྱང་འབུལ། ཐུགས་མཉེས་པའི་བཟླས་པ་བྱ་ན། རང་གི་ཐུགས་ཀ་ནས་འོད་ཟེར་གྱི་སྣ་ལ་མཆོད་པའི་ཚོགས་སྤྲོས། ལྷ་མོ་འཁོར་བཅས་མཉེས་ནས་འཕྲིན་ལས་ཐམས་ཅད་སྒྲུབ་པར་བསམས་ལ། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སི་ཀ་མ་ལ་རཀྵ་སི་ཧཱུྃ་བྷྱོཿབྷྱོཿཧཱུྃ། བསྟོད་པ་ནི། བྷྱོཿ རཀྟའི་རྒྱ་མཚོའི་དབུས་ན་ཐོད་པའི་མཁར། །ཞིང་ལྤགས་བླ་བྲེ་རྒྱུ་རློན་དྲ་བ་ལ། །གློ་སྙིང་མགོ་ལག་འཕན་གྱིས་རབ་སྤྲས་པ། །མཐོང་བས་འཇིགས་རུང་ཕོ་བྲང་ཆེ་ལ་བསྟོད། །སྲིན་པོའི་གཟུགས་ཅན་མི་རོ་རངས་པོ་ཟ། །དམར་ཟླུམ་སྤྱན་བགྲད་རལ་པ་གྱེན་དུ་བརྫེས། །སྐམ་རློན་ཐོད་འཕྲེང་སྦྲུལ་སེང་རྣ་བའི་རྒྱན། །ལྟེ་བར་ཉི་ཟླའི་དཀྱིལ་འཁོར་འཆར་ལ་བསྟོད། །སྟོད་སྨད་གཉིས་འཐུང་བ་ལང་ཀོ་བ་གྱོན། །ཁྲག་ཞག་ཐལ་ཆེན་ཚོམ་བུས་ལུས་བྱུགས་པ། །རལ་གྲིས་དགྲ་སྲོག་གཅོད་ཅིང་ཀ་པཱ་ལས། ཁྲག་ཞག་དྲོན་མོ་འཐུང་བ་ཁྱོད་ལ་བསྟོད། །མདུང་ཐུང་སྙིང་གི་དཀར་ནག་མཚམས་སུ་གཟེར། །གནས་གསུམ་བསྣུན་པའི་ཏྲི་ཤུ་བ་དན་འཛིན། །བོང་བུའི་སྟེང་ན་བཙན་སྐྱིལ་རྣམ་འགྱུར་ཅན། །མེ་རླུང་འཁྲུག་(༡༩༤ན)


GLG011_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུས་ན་བཞུགས་ལ་བསྟོད། །ལྷ་མོ་ཀུན་གྱི་ཡུམ་ཆེན་རལ་གཅིག་མ། །དར་དཀར་སྟོད་གཡོགས་སྟག་ཤམ་རུས་པ་དང་། །རིན་ཅེན་རྒྱན་སྤྲས་བདུད་རྩིའི་བུམ་པ་འཛིན། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ལ་བསྟོད། །མ་མོ་མཁའ་འགྲོ་བྱེ་བ་གཙང་རིས་ཀྱི། །དཔལ་མགོན་བདུན་ཅུ་སྣང་སྲིད་ལྷ་འདྲེ་སོགས། །བཀའ་ཉན་དམ་ཅན་འཁོར་ཚོགས་རྣམས་ལ་བསྟོད། །དཔལ་ལྡན་འདོད་ཁམས་དབང་ཕྱུག་འཁོར་བཅས་ཀྱིས། །བསྟན་དང་འགྲོ་བའི་ཕན་བདེ་རབ་སྤེལ་ཞིང་། །རྣལ་འབྱོར་བདག་སོགས་མཆོད་ཡོན་འཁོར་བཅས་ཀྱི། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །དེ་ནས་གཏོར་མ་ལ་སྨན་རག་སྦྲན། །མཚན་མོ་ཡིན་ན་དཔལ་འབར་བཙུགས་ཏེ། བྷྱོཿ དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཨེ་ཀ་ཛཱ་ཊཱི་མ་མོ་ཀུན་གྱི་ཡུམ། །ལྕགས་རྐང་སྲོག་གཟེར་དུང་སྐྱོང་ཕྲ་མེན་མ། །མ་ཚོགས་ཕོ་ཉ་བཀའ་སྡོད་དམ་ཅན་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་སོགས་དཀྱུས་ལྟར་བཏང་ནས་ཡང་ཐོག་ཏུ་བསྟབ་པ་བྱ། སྲིད་ཞིའི་དཔལ་འབྱོར་མ་སོགས། མཇུག་ཚིག་སྤྱི་ལྟར་བྱའོ། །སྣ་ཚོགས་ཟ་ཟིའི་བསླད་པ་མ་ཞུགས་པ། །རྡོ་རྗེ་འཆང་ནས་རྩ་བའི་བླ་མ་བར། །ཆད་མེད་སོམ་ཉི་བྲལ་བའི་བཞེད་སྲོལ་ལྟར། །བཀོད་པས་བདུད་སྡེའི་གཡུལ་ལས་རྒྱལ་བར་ཤོག །དཔལ་ལྡན་དུད་པའི་སོལ་བ་ཅན་གྱི་གཏོར་ཆོག་ཁྱེར་བདེ་བ་ཞིག་དགོས་ཞེས་མེ་རག་བླ་མ་བློ་གྲོས་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་གསུང་རབ་ལས་བཏུས་ནས་བཀོད་པའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །པདྨ་ཐོད་ཕྲེང་དགེ་བསྙེན་སྲོག་བདག་དམར། །དྲག་སྔགས་བདག་པོ་གནུབས་ཀྱི་ཀིངྐ་ར། །རྡོ་རྗེ་ཡང་ཝང་ཟབ་གཏེར་དགོངས་དོན་ལས། །བྱུང་བ་ཇི་བཞིན་མཆོད་ཐབས་ཅུང་ཞིག་འདྲི། །སྲོག་བདག་དམར་(༡༩༤བ)


GLG011_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་གི་དགོངས་དོན་དང་མི་འགལ་བར་གསོལ་མཆོད་བྱ་བར་འདོད་པས། སྟེགས་ཀྱི་ཁར་བསེ་ཕོར་དམར་པོའི་ནང་དུ་གྲི་བཤོས་ཙ་རའི་ཁྲག་གིས་བྱུགས་པ་མཐའ་མཐེབ་སྐྱུས་བསྐོར་ཞིང་དཀར་རྒྱན་དམར་རྒྱན་གྱིས་སྤྲས་ལ། མདའ་དར་དམར་པོ་བཙུགས་པ། རྒྱས་པར་སྤྲོ་ན་སྨན་རག་སོགས་ཕྱི་ནང་གི་མཆོད་པ་དང་སྤྱན་གཟིགས་ཀྱང་བྱ། རང་གནུབས་ལུགས་བཀའ་གཏེར་ལས་བྱུང་བའི་གཤིན་རྗེ་དམར་ནག་གི་རིགས་མ་སྒྲུབ་པ་བཀའ་བརྒྱད་སྤྱི་བྱེ་བྲག་གཞན་གྱིས་ཀྱང་རུང་ཞིང་། རྒྱུན་གསོལ་ལ་རང་གི་ཡི་དམ་གང་བྱེད་བྱས་ཀྱང་འགལ་བ་མེད། མཆོད་གཏོར་རྣམས་ལས་གཞུང་གང་འབྲེལ་དེ་གའི་བྱིན་རླབས་བྱ། དེ་ནས་སྤྱན་འདྲེན་པ་གཏེར་གཞུང་གི་བསྐུལ་གྱི་སྟོད་ཆ་རྣམས་ལ་ཚིག་ཟུར་ཅུང་ཟད་བཅོས་ཤིང་། མཇུག་གསར་དུ་བསྒྲིགས་པ་ནི། ཀྱེ། སྲོག་གི་མངའ་བདག་ཆེན་པོ་ནི། །རི་རབ་ཤར་ཕྱོགས་ཕ་གི་ན། །རི་དམར་དེ་ནི་ལུང་དུ་དམར། །ཐང་དམར་དེ་ནི་ཟངས་སེ་ཟང་། །ཟངས་མཁར་དེ་ཡི་ནང་ཤེད་ན། །ལྟས་ངན་སྟོང་གི་དམག་དཔོན་བཞུགས། །སྒྲོལ་གིང་དམར་པོ་སྲོག་གི་གཤེད། །ཆིབས་སུ་བསེ་བྱ་ལྡན་དམར་བཅིབས། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །དབུ་ལ་བསེ་རྨོག་འོད་དང་བཅས། །ཕྱག་གཡས་བསེ་ཡི་མདུང་དམར་ལ། །ཁྲག་གི་བ་དན་ཡེངས་སེ་ཡེང་། །གཡོན་པ་མི་སྙིང་དཀྲུག་ཅིང་སྡེབ། །བཙན་བྲན་སྟོང་གི་དམག་དཔོན་མཛད། །ལས་སུ་མི་སྲོག་རྟ་སྲོག་གཅོད། །ཟས་སུ་མི་ཤ་རྟ་ཤ་ཟ། །ཕོ་ཉར་གཅེར་བུ་མི་དགུ་འགྱེད། །གཡས་ཀྱི་རུ་འདྲེན་རྟ་པ་དགུ །གཡོན་ནས་རུ་འདྲེན་མི་རེང་དགུ །སྔོན་ལ་ཟངས་ཀྱི་འཕར་བ་དགུ། །སླད་ཀྱི་དེ་ནི་རྗེས་ཤུལ་ནས། །འཚུབ་མ་དམར་པོ་འབྲེངས་སེ་འབྲེང་། །སྐུ་ཡི་འོད་ཟེར་གཟི་མདངས་ལས། །འོད་ཟེར་དམར་པོ་ལྗིབས་སེ་ལྗིབ། །གསུང་གི་དེ་ནི་གཟི་མདངས་ལས། །བཤུག་པ་དེ་ནི་ཀྱུ་རུ་རུ། །(༡༩༥ན)


GLG011_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་དེ་ནི་གཟི་མདངས་ལས། །མི་དམར་དེ་ནི་གཅེར་བུ་དགུ །གྲི་བདར་དེ་ནི་རད་དེ་རད། །བསེ་ལྡེམ་དེ་ནི་ཁྲིགས་སེ་ཁྲིག །དམག་དཔོན་བཙན་རྒོད་ཆེན་པོ་ནི། །འཇམ་དཔལ་གཤིན་རྗེ་རྟ་མགྲིན་རྒྱལ། །དྲེགས་པ་ཀུན་འདུལ་གསང་བའི་བདག །རྒྱལ་དབང་པདྨ་ཐོད་ཕྲེང་རྩལ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞབས། །སྤྲུལ་སྐུ་གཏེར་སྟོན་རྒྱ་ཞང་ཁྲོམ། །རིགས་འཛིན་དངོས་གྲུབ་རྒྱལ་མཚན་ནས། །ཁྱབ་བདག་ཆོས་དབྱིངས་རང་གྲོལ་བར། །རྩ་བརྒྱུད་བླ་མའི་དམ་ཚིག་རྣམས། །དྲན་པར་མཛོད་ལ་གནས་མཆོག་འདིར། །ཐོགས་པ་མེད་པར་ད་ཚུར་སྤྱོན། །ཡ་མ་ཤུ་ཏྲི་ས་མ་ཡ། ཏྲི་རི་ར་ཙ་ཧཱུཾ་ཛཿཛཿ བཛྲ་ས་མ་ཡ་ཨ་གཱཙྪ། བཞུགས་ཕྱག་དམ་མཆོད། སྨན་རཀ་གཏོར་གསུམ་མཐུན་པའི་དམ་རྫས་འབུལ་བ་གསར་བསྒྲིགས་ནི། ཀྱཻ། མདུན་དུ་བདེ་སྟོང་ཤེལ་གྱི་རྩིག་ངོས་ལ། །ཏིང་འཛིན་པིར་གྱིས་བྲིས་པའི་འཇའ་རིས་ཅན། །འཇིགས་རུང་སྲིན་མཁར་སྨུག་པོའི་ཕོ་བྲང་ནང་། །བམ་རོ་རྟ་གཡག་སྲོག་ཆགས་སྣ་ཚོགས་ཀྱི། །ཁྲག་མཚོ་འཁྱིལ་ཞིང་མམ་སའི་ལྷུ་དུམ་ཉིལ། །རུས་པ་གཅལ་དུ་བཀྲམ་སྟེང་པད་ཉིའི་གདན། །དགྲ་བགེགས་གན་རྐྱལ་ཁ་སྦུབ་བསྣོལ་བའི་སྟེང་། །སྒྲོལ་གིང་བཙན་རྒོད་འཁོར་བཅས་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། རྣལ་འབྱོར་རིག་པའི་རྩལ་ལས་རང་བྱུང་ཞིང་། །རང་ཤར་ཕྱི་རོལ་དྲེགས་པའི་དམག་ཚོགས་སུ། །སྣང་ཡང་གདོད་ནས་དག་པའི་ཧེ་རུ་ཀར། །དབྱེར་མེད་ངོ་བོ་གཅིག་པས་བརྡ་ཕྱག་འཚལ། །ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། །གཙུག་ཏུ་གནམ་ལྕགས་འབར་བའི་རྡོ་རྗེ་བཀོད། །ལྕེ་ཐོག་བདུད་རྩི་ཨ་མྲྀ་ཏ་བཞག་ནས། །རྣལ་འབྱོར་བདག་དང་དམ་ཚིག་གཅིག་བསྲེ་ན། །དམ་བཅའ་མ་གཡེལ་བཅོལ་བའི་འཕྲིན་ལས་སྒྲུབས། །ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ། ཧཱུྃཿ གཏུམ་ཆེན་དཔའ་བོ་དགྱེས་པའི་མཆོད་པ་ནི། །དམར་ཆེན་(༡༩༥བ)


GLG011_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གི་ཨརྒྷའི་ཆུ་རྒྱུན་སྦྲེང་། །འཕྲལ་བསད་དབང་པོའི་མེ་ཏོག་འདར་ཞིང་འཕྲིག །ཤ་ཆེན་བསྲེགས་དུད་ཆར་སྤྲིན་ལྟ་བུར་གཡོ། །ཚིལ་ཞུན་རོ་སྐའི་མར་མེ་འོད་བཀྲག་གསལ། །ཞག་དང་མཁྲིས་པའི་བྱུག་པ་དྲི་ངད་འཐུལ། །ཤ་རུས་ཕུང་པོར་སྤུངས་པའི་ལྷ་ཡི་བཤོས། །སྣ་ཚོགས་རོལ་མོ་འབྲུག་སྟོང་ལྟར་སྒྲོག་འབུལ། །རྩ་བརྒྱད་སྟོང་ལས་སྦྱར་བའི་མྱོང་གྲོལ་དང་། །དམར་ཆེན་རཀྟའི་དངས་མ་མཚོ་ལྟར་འཁྱིལ། །དམ་རྫས་གཏོར་མ་རི་ལྟར་སྤུངས་པ་ཡིས། །བཙན་རྒོད་འཁོར་བཅས་མཉེས་པའི་མཆོད་པར་འབུལ། །གོང་གི་སྔགས་གཤམ་དུ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མཐུན་རྫས་འབུལ་བ་ནི། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། ཧཱུྃཿ རྟ་དམར་རླུང་གི་ཤུགས་ཅན་རིན་པོ་ཆེའི། །སྒ་སྲབ་གོང་རྨེད་མཛེས་པའི་ཆས་སྤྲས་པ། །སྒྲོལ་གིང་ཆེན་པོ་ཆིབས་པའི་རྟེན་དུ་འབུལ། །སྟོང་གསུམ་སྐོར་ལ་དགྲ་བགེགས་རིངས་པར་ཁུག །བསེ་ཁྲབ་བསེ་རྨོག་ཉི་མའི་འོད་ལྟར་འཚེར། །རྒྱལ་མཚན་དར་ལྕོག་ཅོད་པན་འཇའ་ལྟར་བཀྲ། །བཙན་པོའི་གོ་ཆ་གནོད་སྦྱིན་རྟེན་དུ་འབུལ། །རྣལ་འབྱོར་བདག་སོགས་སྲུང་སྐྱོབ་འཕྲིན་ལས་མཛོད། །མདུང་དམར་དར་ལྕེ་ལྷབ་ལྷུབ་རྣོན་པོའི་མཚོན། །དྲོད་རླངས་མ་ཡལ་དགྲ་སྙིང་རྩ་ལག་བཅས། །དཔའ་རྟགས་གཡུལ་ལས་རྒྱལ་བའི་ཕྱག་མཚན་འབུལ། །ལོག་འདྲེན་ཕྱེ་མར་འཐག་པའི་འཕྲིན་ལས་མཛོད། །ཟ་འོག་གཤམ་ལྡན་ཁྲབ་ཆེན་གངས་ལྟར་དཀར། །དམག་ཆས་ལྷ་ཡི་དཔུང་གི་གཟི་བརྗིད་འཕྲོག །རྔ་མའི་འཇའ་རིས་ཞོལ་བཏགས་ལྕགས་གཞིབས་སོགས། །སྲུང་སྐྱོབ་རྡོ་རྗེའི་གོ་ཆ་ཁྱོད་ལ་འབུལ། །དཔག་ཆེན་མདའ་མདུང་རལ་གྲི་ཆུ་གྲི་དང་། །སྤུ་གྲི་དགྲ་སྟ་མེ་རྡོ་ཆུ་ཡི་སྒྱོགས། །ཕ་རོལ་ཕྱེ་མར་འཐག་པ་འཕྲུལ་འཁོར་གྱི། རྣོ་བའི་མཚོན་ཆ་སྣ་ཚོགས་ཁྱོད་ལ་འབུལ། །སེང་གེ་གླང་ཆེན་མ་ཧེ་འབྲོང་གཡག་དང་། །འདོད་(༡༩༦ན)


GLG011_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

འཇོའི་བ་མོ་ར་རྒོད་ལུག་ནག་ཁྱི། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང་། །རི་དྭགས་འཕྱོ་དགུ་མ་ལུས་ཁྱོད་ལ་འབུལ། །འབྲལ་མེད་འགྲོགས་པའི་རྟག་གཏོར་ནར་མ་རུ། །དབུལ་བའི་མཆོད་གཏོར་ཚོགས་ཀྱི་འཁོར་ལོ་སྤུངས། །མདའ་དར་དོན་སྙིང་སྔགས་འཁོར་བླ་རྡོ་སོགས། །དམ་རྫས་འབྲལ་མེད་གསང་བའི་རྟེན་དུ་འབུལ། །རི་རབ་གླིང་བཞི་ཉི་ཟླ་རྒྱལ་སྲིད་བདུན། །མདོར་ན་ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཀྱིས། །སྒྲོལ་གིང་བཙན་རྒོད་འཁོར་བཅས་མཐུན་རྫས་སུ། །འབུལ་གྱི་ཐུགས་དམ་སྐོངས་ལ་འཕྲིན་ལས་སྒྲུབས། བསྟོད་པ་ནི། ཧཱུྃཿ པདྨ་རཱ་གའི་ཕྱེ་མ་བརྡལ་བའི་ཐང་། །ཟངས་དམར་རི་བོ་མཁར་བསྙེག་ཁོར་ཡུག་ནང་། །བསེ་ཡི་བཙན་མཁར་མཆོང་གི་བ་གམ་ཅན། །འཇིགས་ཤིང་སྐྱི་གཡའི་དུར་ཁྲོད་ཆེན་པོར་བསྟོད། །དེ་དབུས་ཆུ་སྐྱེས་ཉི་མའི་དཀྱིལ་འཁོར་གདན། །གསར་རྙིང་བཾ་རོའི་ཁྲི་ལ་འགྱིང་ཞིང་བཞུགས། །དྲག་པོའི་ལས་ལ་བསྐྱོད་ཚེ་བསེ་བྱ་དམར། །རླུང་གི་ཤུགས་ཅན་རྟ་མཆོག་བཅིབས་ལ་བསྟོད། །བྱུ་རུའི་ལྷུན་པོ་བརྒྱ་ཕྲག་ཉི་མ་ཡིས། །འཁྱུད་པའི་གཟི་འབར་སྐྱེས་བུ་དབང་གི་མདོག །བསེ་ཡི་བེག་ཙེ་རྨོག་ཟླུམ་དར་ཕྲུ་ཅན། །བཙན་རྒོད་བྱེ་བའི་དམག་དཔོན་ཁྱོད་ལ་བསྟོད། །ཕྱག་གཡས་ཁྲག་གིས་སྦགས་པའི་དར་ལྕེ་ཅན། །མདུང་དམར་རྣོན་པོས་དགྲ་སྲོག་ཐལ་བར་འབུགས། །གཡོན་པ་སྦར་མོས་དོན་སྙིང་རྩ་ཕྲན་བཅས། །ཕྱུངས་ནས་དཀྲུག་ཅིང་བརྡེག་པ་ཁྱོད་ལ་བསྟོད། །ཕྱོགས་བཅུར་ཕོ་ཉ་འགྱེད་པའི་གཅེར་བུ་དགུ། །གཡས་གཡོན་རུ་འདྲེན་རྟ་པ་མི་རེང་དགུ། །སྔོན་དུ་འཕར་བ་རྗེས་འབྲང་འཚུབ་མ་སོགས། །སྤྲུལ་པའི་རྣམ་རོལ་སྣ་ཚོགས་སྟོན་ལ་བསྟོད། །དགྲ་སྲོག་ལ་བརྔམས་བཙན་རྒོད་བཤན་པ་སོགས། །ཕོ་ཉ་ལྷ་སྲིན་མཐའ་ཀླས་དམག་དཔུང་ཚོགས། །ལས་བྱེད་བཀའ་ཉན་གནམ་ས་བར་སྣང་ཀུན། ཁྱབ་པའི་(༡༩༦བ)


GLG011_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་དམ་ཅན་ཚོགས་ལ་བསྟོད། །དུས་གཏོར་སོགས་ཀྱི་ཚེ། སྨན་སྤོས་འབྲུ་སྣའི་ཕྱེ་མ་སྦྱར་བའི་ཕྱེ་ལ་བཙན་བཤོས་མཐེབ་སྐྱུ་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ། རྒྱ་ཕོར་དུ་ཆང་བཟང་པོ་ལ་རིན་པོ་ཆེའི་ཕྱེ་དང་སྨན་སྣ་བཏབ་སྟེ་མར་གྱི་ཟེ་པྲོག་གིས་བརྒྱན་པ། སྣ་ཅིག་ཏུ་ར་དམར་གྱི་ཁྲག་ཆང་སྦྱར་བ་རྣམས་བཤམས་ཏེ་བྱིན་གྱིས་བརླབས། ཨོཾ། ཕུད་ཀྱི་མངའ་བདག་རྡོ་རྗེ་སློབ་དཔོན། ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས། ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་གཡོས་སུ་སྦྱར་བའི་བཟའ་བཅའ། སྐྱེམས་ཀྱི་མཆོད་པ་དམ་པ་འདི་གསོལ་ཞིང་མཆོད་དོ། །དགྱེས་པ་བསྐྱེད་པར་གྱུར་ཅིག །ཐུགས་རྗེའི་བྱིན་རླབས་ཀྱིས་བསྟན་འགྲོའི་བདེ་སྐྱིད་དར་ཞིང་། བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི་ཕ་རོལ་བདུད་ཚོགས་འདུལ་ཞིང་དམ་ཅན་བྲན་དུ་འཁོལ་ནས་འཕྲིན་ལས་ཐམས་ཅད་བསྒྲུབ་པར་མཛད་དུ་གསོལ། ཏྲི་ཆོས་སྐྱོང་སྒྲོལ་གིང་བཙན་རྒོད་ཆེན་པོ་ལ། གཡོས་སུ་སྦྱར་བ་སོགས་གོང་ལྟར། སྤྲུལ་པ་ཕོ་ཉ་ལས་མཁན་གྱི་ཚོགས་ལ་གཡོས་སུ་སྦྱར་བ་སོགས་གོང་ལྟར། དམ་བསྒྲག་ཅིང་འཕྲིན་ལས་འཆོལ་བ་ནི། ཧཱུྃཿ དང་པོ་སངས་རྒྱས་གཉིས་པ་པདྨ་འབྱུང་། །བར་དུ་གནུབས་ཆེན་རྡོ་རྗེ་འོད་འབར་ཞབས། །ཐ་མར་རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་མ་གཡེལ་བར། །ཚུལ་ལྡན་མདོ་སྔགས་བཤད་སྒྲུབ་ཐུབ་པའི་བསྟན། །དེ་འཛིན་སྐྱེས་བུ་འདུལ་བའི་སྡེ་རྣམས་སྐྱོངས། །བོད་སྐྱོང་རྒྱལ་པོའི་སྐུ་ཚེ་མངའ་ཐང་སྤེལ། །སྔགས་འཆང་བདག་གི་ལས་ཀུན་ཐོགས་མེད་སྒྲུབས། །མནའ་དང་ཆད་ལ་མི་བརྩི་ངན་གཡོའི་འཕྲུལ། །ཐབས་ཀྱིས་འགྲོ་མང་འཕུང་སྦྱོར་ཀླ་ཀློའི་སྡེ། །དུག་མཚོན་དམག་འཁྲུག་གཏད་སེར་སྦྱོར་བ་ཀུན། །རང་གཤེད་ཕོབ་ལ་སྙིང་ཁྲག་ཧུབ་ཏུ་འཐུང་། །ལས་འབྲས་བདེན་རྫུན་གསལ་བ་དྲང་པོའི་ཐིག །བཏབ་ནས་དྲི་མེད་སྤྱན་གྱིས་རབ་གཟིགས་ཏེ། །དཀར་(༡༩༧)


GLG011_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མ་འདྲེས་དབྱེ་བ་མངོན་སུམ་དུ། །སོ་སོར་དབྱེ་བའི་འཕྲིན་ལས་དུས་ལ་བབ། །མདོར་ན་ཡོངས་འདུའི་ཤིང་དང་གཏེར་གྱི་བུམ། །ཡིད་བཞིན་ནོར་ལྟར་འདོད་པའི་རེ་བ་ཀུན། །འབད་མེད་འབྱུང་བའི་ལེགས་ཚོགས་ཆར་ཆེན་པོས། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཆད་ལྷག་བཟོད་གསོལ། །རང་གནས་སུ་གཤེགས་ཤིང་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །པདྨཱ་ཀ་རའི་ཟབ་ཆོས་མ་ཐོབ་པར། །རང་གི་མཐོང་དང་དམ་བཏགས་ཟོག་རྫུན་གྱི། །རྒྱུད་མངས་ལ་དྲངས་ཇག་ལེན་དགྲ་འདུལ་སོགས། །བློས་བྱས་མར་མེས་བླུན་པོ་ཕྱེ་ལེབ་འདྲིད། །མཁའ་རློམ་རྟོག་བཟོའི་སྙན་ཚིག་ཐང་ལེགས་འདྲི། །ལ་ལ་གནག་རྫི་རྒན་པོའི་བགྲོས་རྗེས་འཇུག །སེམས་ཀྱི་འཆར་སྒོའི་གཟུགས་མེད་ཕན་གནོད་འབྲས། །རྣམ་རྟོག་རྗེས་འབྲང་ཚད་པ་ཁ་ཙམ་དབྲི། །སྒྲོལ་གིང་མཆོད་ཐབས་ཁུངས་འབྲེལ་འཕྲིན་ལས་ཀྱི། །རླབས་འཕྲེང་མེ་རག་བློ་གྲོས་རྒྱ་མཚོ་ཡིས། །བསྐུལ་ཚེ་ཟ་ཧོར་བནྡེས་ཉེར་བཀོད་འདི། །ཡི་གེའི་འདུ་བྱེད་བློ་བཟང་དབང་པོའོ། །དགེ་བ་འདིས་ཀྱང་གཙང་བྱེད་པདྨའི་སྦུབས། །ལེགས་འཁྲུངས་སྲིད་གསུམ་དྲེགས་པ་ཟིལ་གནོན་དེའི། །བཀའ་རྟགས་རྡོ་རྗེའི་རི་མོ་སྡེ་བརྒྱད་གཅུག །ནམ་ཡང་ཡོལ་མེད་བསམ་པ་ལྷུན་གྲུབ་ཤོག །ཙ་རིའི་གནས་སྲུང་ཅིག་ཅར་དམར་པོ་ལ་གསོལ་མཆོད་འབུལ་བར་འདོད་པས། རྡོ་རྗེ་འཇིགས་བྱེད་སོགས་གང་མོས་པའི་ཡི་དམ་གྱི་ང་རྒྱལ་དང་ལྡན་པའི་སྒོ་ནས། མཆོད་གཏོར་རྣམས་སྤྱི་འགྲོ་ལྟར་བྱིན་གྱིས་བརླབས་ལ། ཧཱུྃཿ བདེ་ཆེན་ཡེ་ཤེས་འཁོར་ལོ་ཙ་རི་ཏྲ། །ཅིག་ཅར་བྲག་དམར་དེའུའི་མཁར་རྫོང་ནས། །གནས་ཆེན་སྲུང་མ་འཁོར་ཚོགས་མ་ལུས་པ། །ཐོགས་མེད་འདིར་སྤྱོན་དགྱེས་པའི་གདན་ལ་བཞུགས། །སྲུང་མ་ཁྱོད་ལ་མཐུན་པའི་དམ་རྫས་ནི། ཁྲག་ཆང་མཆོད་ཡོན་དབང་པོའི་(༡༩༧བ)


GLG011_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་བཀྲ། །གསུར་ཆེན་དུད་པ་ཞུན་ཆེན་མར་མེ་གསལ། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་སྤུངས། །ཐོད་རྔ་རྐང་གླིང་རོལ་མོ་སྣ་ཚོགས་འཁྲོལ། །ཤ་ཁྲག་དཀར་དམར་རྒྱན་ལྡན་བ་ལིནྟ། །ཕྱི་ནང་གསང་བའི་སྤྱན་གཟིགས་དངོས་བཤམས་དང་། །ཡིད་ཀྱི་སྤྲུལ་ནས་འབུལ་ལོ་ཐུགས་དམ་སྐོང་། །ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་ཨཱ་དྱཱ་ནུ་ཏྤ་ནྣཱ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་མམ་བདུན་གྱིས་ཕུལ། ཨོཾ་ཨརྒྷཾ་ནས་ཤབྡའི་བར་དང་། །འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས། །ཆུ་གང་དམར་པོ་ལ་ཞོན་པ། །པདྨ་རཱ་གའི་མདོག་འཚེར་བ། །སྲིན་པོའི་གཟུགས་ཅན་ཁྱོད་ལ་བསྟོད། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨ་ར་ཨག་ཚོམ་སྨིན་མ་འཁྱུག །རལ་པ་དམར་སེར་གྱེན་དུ་བརྫེས། །ཐོད་སྐམ་དབུ་རྒྱན་གསོལ་ལ་བསྟོད། ཁྲག་འཛག་མགོ་འཕྲེང་དོ་ཤལ་དང་། །རུས་པའི་རྒྱན་དྲུག་སྦྲུལ་གྱིས་སྤྲས། །གཡང་གཞིའི་སྟོད་གཡོགས་སྟག་ཤམ་གྱོན། །མེ་དཔུང་དབུས་ན་འགྱིང་ལ་བསྟོད། །ཕྱག་གཉིས་མདའ་གཞུ་རབ་བཀང་སྟེ། །ལོག་འདྲེན་དགྲ་བགེགས་སྙིང་ལ་འབིགས། །སྣ་ཚོགས་སྤྲུལ་པ་ཕྱོགས་བཅུར་འགྱེད། །དམ་ཅན་འཁོར་དང་བཅས་ལ་བསྟོད། །སངས་རྒྱས་ཀུན་དངོས་པདྨ་འབྱུང་། །གཉོས་སྟོན་ཆེན་པོ་ལྷ་ནང་པ། །དམ་པ་མགར་དང་ཆོས་ཡེ་ཤེས། །རྩ་བརྒྱུད་བླ་མའི་དམ་ཚིག་དགོངས། །གངས་ཅན་བསྟན་འགྲོའི་ཕན་བདེ་སྤེལ། །བསྟན་འཛིན་སྐྱེས་བུ་འདུས་སྡེ་སྐྱོང་། །ས་སྐྱོང་མངའ་ཐང་སྐུ་ཚེ་སྤེལ། །བདག་སོགས་བསམ་དོན་ལྷུན་གྱིས་གྲུབས། །མནའ་ཟན་ཆང་ལ་མི་བརྩེ་བའི། །མ་རུངས་ཀླ་ཀློའི་དཔུང་ཚོགས་ཆོམས། །མདོར་ན་འཕྲིན་ལས་མ་ལུས་པ། །ཐོགས་པ་མེད་པར་སྒྲུབ་པར་མཛོད། །ཅེས་ཅིག་ཅར་དམར་པོའི་གསོལ་མཆོད་ཅིག་དགོས་ཞེས་མེ་རག་བླ་མ་བློ་གྲོས་(༡༩༨ན)


GLG011_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོས་བསྐུལ་བར་འདི་དང་ཇག་ལེན་དུ་མིང་བཏགས་པ་གཉིས་ལ་འཁྲུག་ཕྱོགས་སུ་ཡི་གེ་འགའ་ཞིག་སྣང་བ་རྩོམ་ཆོས་ཀྱི་ནང་གསེས་རྣམས་ཀྱང་མི་མཐུན་ཞིང་། བྲིས་ཐང་ཡང་རིགས་མི་གཅིག་པ་དང་། ལྷག་ཏུ་ཁྲོ་བོ་ལ་མི་འོས་པའི་རིན་ཅེན་རྒྱན་ཆ་སོགས་རྒྱ་གྲལ་བློ་ལྷག་གི་གཏམ་ལ་ངེས་པ་མི་འདུག་རུང་། ལྷ་འདི་གའི་ཡོང་བབས་དང་བསྟན་པའི་འགལ་མེད་ཀྱི་ལུགས་སུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །རང་བྱུང་ལུས་ཀྱི་འཁོར་ལོར་ཞི་ཁྲོའི་ལྷ། །ཆུ་ཟླ་ལྟར་ཤར་རྔ་ཡབ་གླིང་པ་ཡི། །གསུང་གི་གནས་མཆོག་མཆིམས་ཕུའི་སྲུང་མ་ཆེ། །རལ་གཅིག་ལྷ་མོ་མཆོད་ཐབས་འཕྲིན་ལས་སྤེལ། །དེ་ཡང་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་དང་མཚུངས་པ་མཆིམས་ཕུ་གསུང་གི་དབེན་གནས་ཀྱི་སྲུང་མ་བླ་མ་དགོངས་པ་འདུས་པའི་ཆོས་སྐྱོང་དཔལ་ལྡན་ལྷ་མོ་རལ་གཅིག་མཆོད་གསོལ་བསྟོད་པ་ལས་འཆོལ་གྱི་རིམ་པ་བྱ་བར་འདོད་པས། ལྷ་མོ་འདི་ཉིད་ལ་ཞི་དྲག་གི་རྣམ་འགྱུར་སྣ་ཚོགས་ཀྱང་ཡོངས་སུ་གྲགས་པ་ཞི་བའི་རྣམ་པ་ཅན་དུ་མཛད་པ་ཤས་ཆེ་བས་འབྲུ་སྣ་ལྔ་ལ་སོགས་པའི་དར་ཕྱེ་ལ་སྨན་སྤོས་རིན་པོ་ཆེ། །བདུད་རྩི་ཨ་མྲྀ་ཏ་སོགས་བསྲེས་པའི་བཤོས་བུ་དཀར་ཟླུམ་ཞི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པ། འཁོར་གྲངས་ཅི་རིགས་པ་དང་། མཐེབ་སྐྱུ་ཁ་ཟས་སྣ་ཚོགས་ཀྱིས་བསྐོར་བ་དང་བཅས་པ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད། སྨན་ཕུད། ཚོགས། ཕྱི་ནང་གསང་བའི་སྤྱན་གཟིགས། གསོལ་ཁ་ལ་དགོས་པའི་རྒྱ་ཕོར་ཆང་གིས་བཀང་བར་སྨན་ཕབས་བཏབ་པ་མར་གྱི་ཟེ་པྲོག་ཅན་སོགས་ཡོ་བྱད་རྣམས་འདུ་བྱས། བཀའ་བརྒྱད་སྤྱི་བྱེ་བྲག་གམ་བླ་མ་དགོངས་འདུས་ལྟ་བུ་གང་མོས་ཀྱི་ལས་བྱང་གཞུང་བསྲང་བའམ། བསྡུ་ན་རྒྱུན་འཁྱེར་གྱི། བདག་བསྐྱེད་བཟླས་པ་སོགས་བྱས་ནས། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་(༡༩༨བ)


GLG011_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་ཕྱི་ནང་གསང་བའི་མཆོད་པ་ངོ་བོ་བདེ་བ། རང་བཞིན་སྟོང་པ། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་ནུས་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ཟད་མི་ཤེས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར། རཱུ་པ་ནས་སྤརྴའི་བར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། སྔགས་དྲུག །ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་གཏོར་མ་ལ་དམིགས་ནས་བསངས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ལྷ་རྫས་ལས་གྲུབ་པའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་བསྡུས་ནས་ཡི་གེ་གསུམ་ལ་ཐིམ་པ་རིམ་གྱིས་ཞུ་བ་ལས། ཧཱུྃ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿ ས་བདུད་རྩིའི་རྒྱ་མཚོར་བྱས། ཨོཾ་གྱིས་རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་བརླབས་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ། ཏེ་ཛྭ་བ་ལིནྟ། བ་ལ་བྷ་ཏེ། གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ། རྟེན་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཡི་གེ་བྷྱོ་དཀར་པོ་ཡོངས་སུ་གྱུར་བ་ལས། དཔལ་ལྡན་ལྷ་མོ་རལ་གཅིག་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞི་འཇམ་ཆགས་པའི་ཉམས་ལྡན་ལ་ཡིད་ཙམ་ཁྲོས་པ། ཞལ་གཅིག་ཕྱག་གཉིས་པ་གཡས་དཔའ་བོ་མཁའ་འགྲོ་དབང་དུ་སྡུད་པའི་ཅང་ཏེའུ་འཁྲོལ་ཞིང་། གཡོན་སྣང་སྲིད་མ་ལུས་པ་གསལ་བའི་མེ་ལོང་འཛིན་པ། དབུ་སྐྲ་གནག་སྣུམ་རལ་པའི་ཐོར་ཚུགས་བཅིངས་པའི་ལྷག་མའི་ཟར་བུ་ལན་བུ་གཅིག་ཏུ་གྱུར་ནས་འཕྱང་བ།(༡༩༩ན)


GLG011_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་འོག་ཁ་དོག་ལྔ་ལྡན་གྱི་ཤ་གོས་ལ་རིན་པོ་ཆེའི་ཕྲས་སྤྲས་པའི་གསེར་གྱི་སྐ་རགས་བཅིངས་པ། དེའི་སྟེང་དུ་དར་དཀར་གྱི་ཙི་གོས་ཕུ་དུང་ལྷབ་ལྷུབ་གཡོ་བར་ཟ་འོག་ཚོན་ཁྲའི་གོང་པ་དང་མཐའ་འཇག་ཅན་གཡང་ཀླུབས་སུ་གསོལ་བ། རིན་པོ་ཆེའི་པྲོག་ཞུ། སྙན་ཆ། འགུལ་རྒྱན། དོ་ཤལ། ཕྱག་ཞབས་ཀྱི་གདུ་བུ་སོགས་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱི་བཞེངས་པ་དེའི་འཁོར་དུ་མ་མོ་འབུམ། ཤ་ཟ་སྟོང་། སྣང་སྲིད་དྲེགས་པའི་དམག་ཚོགས་ཀྱིས་བསྐོར་བ་རྣམས་ཀྱིས་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། བདག་མདུན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད། བོད་ཀྱི་གནས་ཆེན་གངས་བྲག་ཁྱད་པར་ཅན་རྣམས་ནས་དཔལ་ལྡན་ལྷ་མོ་རལ་གཅིག་མ་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛཿཛཿ སྤྱན་དྲངས་པ་ནི། བྷྱོཿ སངས་རྒྱས་ཀུན་འདུས་པདྨ་ཐོད་འཕྲེང་གི །སྤྱན་སྔར་ཟབ་གཏེར་ཆོས་དང་གནས་ཆེན་གྱི། །སྲུང་མར་ཁས་བླངས་ཨེ་ཀ་ཛཱ་ཊཱི་མ། །འཁོར་དང་བཅས་པས་གནས་འདིར་གཤེགས་སུ་གསོལ། །མཆིམས་ཕུ་གྲི་ཁུ་གེའུ་གོང་ཕུག་པ་རུ། །པདྨ་བཛྲ་འཁོར་ལོར་རབ་སྨིན་པ། །ཧཱུྃ་ཀའི་སྲས་མོ་དཔལ་མོ་འཛོམ་པ་སྐྱིད། །ཌཱ་ཀིའི་དབང་མོའི་སྐུར་བསྟན་༝། །ཆོས་བདག་ཉི་མ་རྒྱལ་མཚན་སྤྱན་སྔ་རུ། །དམར་ནག་ཁྲམ་ཤིང་ཐོད་པ་སྙིང་འཛིན་པའི། །རེས་འགའ་ཁྲོ་མོའི་སྐུར་སྟོན་སྲིད་གསུམ་ཤ །ཟ་བའི་ཁ་མོ་ཆེ་ཁྱོད་༝། །ཟན་གཡང་ལྷུན་གྲུབ་གོང་པ་མཆིམས་ཕུའི་གནས། །སྐྱོང་ཞིང་དགོངས་འདུས་སྒོས་ཀྱི་བཀའ་སྲུང་ཆེ། །ཨ་མ་རིགས་འཛིན་ལྷ་མོ་རལ་གཅིག་ཅན། །མ་མོ་མཁའ་འགྲོའི་ཚོགས་བཅས་༝། །སིལ་སྙན་རྫ་རྔ་དུང་ཆེན་བཤུག་པའི་སྒྲ། །དྲི་ཞིམ་སྤོས་ཐུལ་དར་ཚོན་སྣ་ལྔ་གཡབ། །དམ་རྫས་མཆོད་པའི་ཡོ་བྱད་ཀུན་བཤམས་ན། །རལ་གཅིག་ལྷ་(༡༩༩བ)


GLG011_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འཁོར་དང་བཅས་པ་རྣམས། །གངས་རི་ལྟར་དཀར་ཞི་བའི་ཆས་ཀྱིས་སྤྱོན། །བརྗིད་ལྡན་གསེར་མདོག་རྒྱས་པའི་ཚུལ་གྱིས་སྤྱོན། །རྗེས་ཆགས་དབང་སྡུད་དམར་འོད་འཁྲུག་ཅིང་སྤྱོན། །མཐིང་ནག་ཁྲོ་གཏུམ་གནམ་ལྕགས་ཐོག་ལྟར་སྤྱོན། །འཐོར་རླུང་དྲག་པོའི་འཚུབ་མ་ཇི་བཞིན་སྤྱོན། །ཆར་སྤྲིན་སྟུག་པོ་དང་མཚུངས་ལང་ལོང་སྤྱོན། །གློག་སྟོང་འཁྱུག་པ་ལྟ་བུར་མྱུར་དུ་སྤྱོན། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་ད་ཚུར་སྤྱོན། །དེ་ཝཱི་ཀཱུ་ལ་དྷ་རཱི་ཌཱ་ཀི་ནཱ་ཨེ་ཀ་ཛཱ་ཊཱི་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿ བཞུགས་སུ་གསོལ་བ་ནི། འཇམ་མཉེན་ཆུ་སྐྱེས་བཞད་པའི་གེ་སར་རྩེར། །རི་བོང་འཛིན་པའི་དཀྱིལ་འཁོར་ཉ་གང་སྟེང་། །ལྷ་མོ་རིགས་འཛིན་རལ་གཅིག་འཁོར་བཅས་རྣམས། །དགྱེས་པའི་ཚུལ་གྱིས་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། མཆོད་བསྐང་ནི། བྷྱོཿ དཔལ་ལྡན་མཁའ་འགྲོའི་དབང་ཕྱུག་སྤྱན་སྔ་རུ། །མཐོ་རིས་ཆུ་ཀླུང་དངས་ཤིང་རྙོག་བྲལ་བ། །སྐྱེམས་ཀྱི་མཆོད་ཡོན་ཚུལ་དུ་རབ་དབུལ་ཞིང་། །ཞབས་ཟུང་དྲི་མ་བཀྲུ་བའི་བསིལ་བྱེད་སྦྲེང་། །མནྡྷ་ར་བ་ཨུ་དུམ་ཝཱ་ར་དང་། །ཨུཏྤལ་པདྨ་ལ་སོགས་ཆུ་དང་ནི། །ཐང་ལས་སྐྱེས་པའི་མེ་ཏོག་སྣ་ཚོགས་པ། །རིགས་འཛིན་ལྷ་མོའི་རྒྱན་དང་ཐོད་དུ་ཆིངས། །ཙནྡན་དཀར་དམར་ལྷ་ཤུག་མཁན་པ་དང་། །བ་ལུ་སུ་ལུ་སྟག་པ་ཨ་ཀ་རུ། །སྤོས་དཀར་བཟང་སྨན་སྣ་ཚོགས་བསངས་དུད་ཀྱིས། །མ་དག་ཀུན་སེལ་ཤངས་ཀྱི་དབང་པོར་འབུལ། །ཉི་ཟླའི་འོད་ཟེར་མེ་ཤེལ་ལ་སོགས་པ། །བརྒྱ་ཕྲག་ནོར་བུའི་ཚོགས་ཀྱི་བཀྲག་མདངས་དང་། །རྩི་བཅུད་འབྲུ་མར་ལས་སྦར་སྒྲོན་མེ་ཡིས། །མུན་པ་ཀུན་བསངས་སྤྱན་གྱི་གཟིགས་མོར་འབུལ། །ག་པུར་གུར་གུམ་དྲི་ངད་བཟང་པོ་རུ། །འཐུལ་བའི་སྤོས་སྣ་ཉལ་འགྲོར་ལེགས་བཏབ་པ། །དུང་ཆོས་སྣོད་དུ་མཚོ་ལྟར་རབ་བསྐྱིལ་བ། །འཇམ་མཉེན་སྙིམ་པས་སྐུ་ཡི་གནས་སུ་བྱུག །མངར་སྐྱུར་(༢༠༠ན)


GLG011_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བསྐ་ཁ་ཚ་དང་ལན་ཚ་སོགས། །རོ་བརྒྱ་ལྡན་པའི་བཟའ་བཅའ་རི་ལྟར་སྤུངས། ཨ་མྲྀ་ཏ་སྦྱར་བདུད་རྩིའི་ཞལ་སྐྱེམས་དང་། །རྒྱ་ཇའི་བཏུང་བ་ལྗགས་ཀྱི་དབང་པོར་འབུལ། །སྦུག་སིལ་རྔ་དང་རྫ་རྔ་ཏིང་ཏིང་ཤགས། །དུང་དཀར་རྒྱ་གླིང་དུང་ཆེན་རྒྱུད་མང་དང་། །འཕྲིན་ལས་གྱེར་དབྱངས་གླུ་ཡི་འགྱུར་ཁུགས་སྒྲ། །མ་སྲིང་ཐོས་འཛིན་འཇེབས་པའི་རྒྱན་དུ་འབུལ། །རིན་ཅེན་སྒ་སྲབ་གོང་རྨེད་དར་དཔྱངས་ཀྱིས། །བརྒྱན་པའི་རྟ་མཆོག་སྟོང་གསུམ་ཡུད་ཀྱིས་བསྐོར། །འོ་མའི་རྒྱུན་འཛིན་འདོད་འཇོའི་བ་དང་མཛོ། །འབྲོང་གཡག་ཞོལ་ཆེན་དབང་སྔོན་རྭ་རྣོ་གདེངས། །མཁའ་ལྡིང་བྱ་རྒོད་ཁྲ་དང་ཁྭ་ཏ་སོགས། །ནམ་མཁའི་ཁྱོན་འགང་འདབ་ཆགས་འཕུར་དགུ་དང་། །སེང་གེ་སྟག་གཟིག་དོམ་དྲེད་ཅེ་སྤྱང་གསའ། །སྣ་ཚོགས་གཅན་གཟན་ས་གཞིར་འཛུལ་དགུའི་ཚོགས། །ཤ་བ་གནའ་བ་གླ་བ་དགོ་བ་སོགས། །ས་འཛིན་ངོས་རྒྱུ་རི་དྭགས་འཕྱོ་དགུར་བཅས། །ར་ལུག་མ་ཧེ་བ་གླང་སྒོ་ཕྱུགས་སོགས། །སྲོག་ཆགས་སྣ་ཚོགས་བསྟེན་པའི་རྫས་སུ་འབུལ། །སྲ་མཁྲེགས་བྱང་བརྩེགས་ཁྲབ་ཆེན་གོས་གཤམ་ཅན། །རྨོག་དཀར་རྒྱལ་མཚན་ལྕོག་དར་ཆས་ཀྱི་དཔའ། །རྔ་མའི་འཇའ་རིས་ཞོལ་བཏགས་ལྕགས་གཞིབས་སོགས། །བསྲུང་སྐྱོབ་བསྟེན་དུ་རྡོ་རྗེའི་གོ་ཆ་འབུལ། །སྤུ་གྲི་ཆུ་གྲི་རལ་གྲི་དཔག་ཆེན་མདའ། །མདུང་རྣོན་དགྲ་སྟ་མེ་རྡོ་ཆུ་སྒྱོགས་ཀྱི། །སྣ་ཚོགས་འཕྲུལ་འཁོར་ཕ་རོལ་དགྲ་བགེགས་དཔུང་། །ཐལ་བའི་རྡུལ་དུ་བརླག་པའི་རྟེན་དུ་འབུལ། །དར་དཀར་ལ་སོགས་ཟ་འོག་ཙེ་གོས་དང་། །རིན་ཅེན་རྒྱན་འཕྲེང་མདའ་དར་ཅང་ཏེའུ། །མེ་ལོང་འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རྒྱ་གྲམ་ལས་བཞིའི་རྒྱལ་མཚན་འབུལ། །སྣ་ཚོགས་རྒྱན་སྤྲས་གཏོར་མའི་རི་བོ་བརྗིད། །རོ་བདའི་བཅུད་ལྡན་བཏུང་བ་མཚོ་ལྟར་བསྐྱིལ། །འཕན་གདུགས་བླ་བྲེ་རྒྱལ་མཚན་བ་དན་དང་། །དར་(༢༠༠བ)


GLG011_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྡ་ལྡི་རྣམ་བཀྲའི་སྤྱན་གཟིགས་འབུལ། །བཤོས་བུ་རྒྱན་ལྡན་མཾ་ས་མ་ད་ན། །དཀར་གསུམ་མངར་གསུམ་ཤིང་ཏོག་སྔོ་ཡི་རིགས། །བཅའ་ཡོས་འཁུར་བ་ཐུག་པའི་བྱེ་བྲག་སོགས། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོའི་མཆོད་པ་འབུལ། །སྨྱུག་རྒོད་རྩེ་རྒྱལ་བླ་རྡོ་སྲོག་སྔགས་དང་། །གསེར་གཡུ་མུ་ཏིག་ཌཱ་ཀི་གསང་བའི་རྫས། །རི་རབ་གླིང་བཞི་རྒྱལ་སྲིད་རིན་ཅེན་བདུན། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་མ་ལུས་འབུལ། །མཁའ་ལ་དམ་ཚིག་རྡོ་རྗེའི་གུར་མ་དྲལ། །ས་ལ་དཀྱིལ་འཁོར་ཚོན་མདངས་བཀྲག་མ་ཡལ། །བར་དུ་ལྷ་སྔགས་ཡེ་ཤེས་རྒྱུན་མ་ཆད། །རང་བྱུང་རང་ཤར་རིག་རྩལ་མཆོད་པ་འབུལ། །ལོག་འདྲེན་གཤེད་དུ་ཤ་ཟ་མ་མོའི་རིགས། །རྣལ་འབྱོར་སྐྱོང་ལ་ཡིད་འཕྲོག་ལྷ་མོའི་གཟུགས། །ངེས་པའི་དོན་དུ་གནས་གསུམ་མཁའ་འགྲོའི་གཙོར། །ཡིད་ཆེས་མོས་པའི་རྟེན་མཆོག་དམ་པ་འབུལ། །དེ་ལྟར་ཕྱི་ནང་གསང་བའི་དམ་རྫས་ཀྱིས། །རིགས་འཛིན་རལ་གཅིག་ལྷ་མོའི་ཐུགས་དམ་བསྐང་། །མ་སྲིང་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་། །ལྷ་སྲིན་ཀིངྐ་ར་ཚོགས་༝། །ཐུགས་དམ་གཉེན་པོ་དབྱིངས་སུ་སྐོངས་གྱུར་ནས། །དམ་ཚིག་ཉམས་ཆགས་འགལ་འཁྲུག་མ་ལུས་སོས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །བར་ཆད་ཀུན་ཞི་མཐུན་པའི་དངོས་གྲུབ་སྩོལ། །གོང་གིས་སྔགས་གཤམ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁ་རཾ་ཁཱ་ཧི། སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་མཆོད་གཏོར་རྣམས་བསྔོ་ཞིང་འབུལ། །བསྟོད་པ་ནི། ཤེལ་དཀར་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཟླ་ཞུན་ལན་བརྒྱར་བླུགས་པའི་འོད་བཀྲག་ཅན། །ཟ་འོག་གོས་དང་རིན་ཅེན་ཕྱང་ཕྲུལ་གྱིས། །རབ་སྤྲས་མཛེས་བརྗིད་ཡིད་འཕྲོག་སྐུ་ལ་བསྟོད། །རྡོ་རྗེའི་ཚིག་ཕྲེང་མགྲིན་པའི་རྒྱུད་མང་གླུར། །ཉེར་བླངས་གངས་ཀྱིས་མ་སྲིང་མཁའ་འགྲོའི་(༢༠༡ན)


GLG011_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །པདྨའི་རྫིང་བུར་བུང་བ་ཇི་བཞིན་དུ། །ཐོགས་མེད་སྡུད་མཛད་སྙན་འཇེབས་གསུང་ལ་བསྟོད། །སྲིད་ཞིའི་རྣམ་རྟོག་སྒྱུ་མའི་གར་མཁན་མ། །ཀུན་རྫོབ་འཁྲུལ་ངོར་ཤར་རྣམས་དྲི་བྲལ་སྤྱན། །འཁོར་བའི་ཕ་མཐའ་དཀྱུས་རིང་གིས་འཇལ་བར། །ཐོགས་མེད་ཡེ་ཤེས་ཀློང་ཡངས་ཐུགས་ལ་བསྟོད། །འབུམ་ཕྲག་ཉི་མའི་འོད་ཀྱིས་ཆ་ཙམ་དུ། །སྒྲུན་པར་ནུས་པ་མིན་པའི་གཟི་བྱིན་གྱིས། །ཚེ་དཔལ་འབྱོར་པ་རྒྱས་ལ་རྣམ་ཐོས་བུ། །བསྙེམས་པའི་ངལ་བ་གཏོང་བར་མཛད་ལ་བསྟོད། །སེམས་ལྡན་ལྟ་ཅི་ས་རྡོ་ལྗོན་ཤིང་སོགས། །བརྟན་པ་འཕྲོག་བྱེད་དགྱེས་ཆགས་རྣམས་འགྱུར་གྱིས། །འདོད་པའི་མདའ་ལྔ་ཉེར་སྐྱེངས་མགྲིན་སྔོན་གྱི། །རྫུ་འཕྲུལ་མངོན་སུམ་སྟོན་པར་མཛད་ལ་བསྟོད། །དམར་ནག་སྲིན་མོ་ཁྲོས་པའི་དྲག་ཤུལ་གྱིས། ཁྲག་འཛག་གཡང་གཞིའི་གོས་གྱོན་དོན་སྙིང་ཟ། །རྒྱུ་རློན་ལ་བརྒྱུས་མགོ་འཕྲེང་དོ་ཤལ་ཅན། །མངོན་སྤྱོད་ཐོགས་མེད་འཕྲིན་ལས་སྒྲུབ་ལ་བསྟོད། །མ་ངེས་ཆས་དང་སྣ་ཚོགས་མཚོན་ཆ་ཐོགས། །ཞི་རྒྱས་དབང་དྲག་སྒྲུབ་ལ་ཆེས་དཔའ་བ། །མ་མོ་ཤ་ཟ་མཁའ་འགྲོ་ལྷ་མ་སྲིན། །དམ་ཅན་དྲེགས་པའི་ཚོགས་དང་བཅས་ལ་བསྟོད། །གསོལ་ཁ་ནི་བཀང་བའི་དུས་ཀྱི་གཏོར་མ་དང་ཆང་ཕུད་སོགས་སྒྲིགས། །རིན་པོ་ཆེའི་སྣོད་དུ་གཏོར་མ་སོ་སོ་ནས་ཅི་རིགས་བཅད་པ་དང་། ཟས་སྣ་ཚོགས་བླུག་པ་ལ་རྒྱ་ཕོར་གྱི་ཆང་ཕུད་ནས་སྦྲན་ཏེ། ཧོཿ ཕུད་ཀྱི་མངའ་བདག་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་དམ་རྫས་རྒྱན་གྱི་བཟའ་བཅའ་སྣ་ཚོགས་ཕུད་ཀྱིས་སྦྲན་པ་འདི་ཉིད་ཀྱིས་གསོལ་ལོ། །མཆོད་དོ། །དགྱེས་པ་ཆེན་པོ་བསྐྱེད་ནས། བསྟན་པ་དར་ཞིང་དེ་འཛིན་རྣམས་ཞབས་པད་བརྟན་པ། མདོ་སྔགས་ཀྱི་སྡེ་གཉིས་དར་བ། བོད་སྐྱོང་རྒྱལ་པོའི་སྐུ་ཚེ་མངའ་ཐང་རྒྱས་ཤིང་། མངའ་འབངས་རྣམས་བདེ་ཞིང་སྐྱིད་པ། བདག་ཅག་དཔོན་སློབ་རྣམས་ཀྱི་(༢༠༡བ)


GLG011_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པའི་དོན་ཆོས་དང་མཐུན་པར་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། ཕུད་གཏོར། རུ་མཚོན་སྒྲེང་ཞིང་རོལ་མོ་བྱ། བྷྱོཿ དཔལ་ལྡན་ལྷ་མོ་རིགས་འཛིན་རལ་གཅིག་མ་ལ་དམ་རྫས་རྒྱན་ལྡན་ཞེས་སོགས་གོང་དང་འདྲ་མ་མོ་ཤ་ཟ། བཀའ་སྡོད་དྲེགས་པའི་ཚོགས་རྣམས་ལ་དམ་རྫས་རྒྱན་ལྡན་ཞེས་སོགས་འདྲ། འཕྲིན་ལས་འཆོལ་བ་ནི། རལ་གཅིག་ལྷ་མོ་འཁོར་དང་བཅས་རྣམས་ཀྱིས། །སྣང་བ་མཐའ་ཡས་རིགས་ལྔ་སྤྱན་རས་གཟིགས། །པད་འབྱུང་ཁྲི་སྲོང་ལྡེ་བཙན་མཁར་ཆེན་བཟའ། །དམ་འཛིན་ལྷ་སྲས་གཏེར་སྟོན་སངས་རྒྱས་གླིང་། །དཔལ་ལྡན་སེང་གེ་ཆོས་རྒྱལ་བཀྲ་ཤིས་དང་། །དཔལ་འབར་དབང་ཕྱུག་བྱ་ཁྱུང་ངག་གི་དབང་། །ཨྱོན་དཔལ་འབྱོར་ཀུན་བཟང་རྣམ་པར་རྒྱལ། །འཕྲིན་ལས་ལྷུན་གྲུབ་ཆོས་དབྱིངས་རང་གྲོལ་ཞབས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །སངས་རྒྱས་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས། །གངས་ཅན་ལྗོངས་འདིར་མི་ཕྱུགས་ནད་ཡམས་རིམས། །སད་སེར་བཙའ་འཐན་མུ་གེ་དབུལ་ཕོངས་དང་། །འཐབ་རྩོད་གཡུལ་འཁྲུག་མཐའ་དམག་གནོད་པ་སོགས། །མི་མཐུན་ཕྱོགས་རྣམས་མ་ལུས་བཟློག་པ་དང་། །འབྲུ་བཅུད་འཕེལ་ཞིང་མཐའ་བཞིའི་ལས་སྒོ་དར། །སྨན་རྣམས་མཐུ་ལྡན་ཚེ་དཔལ་རྒྱས་པར་མཛོད། །ཟ་ཧོར་རིགས་འཛིན་ཆེ་མཆོག་འདུས་རྩལ་གྱིས། །བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་འཁོར་འདས་ཀྱི། །ཡོན་ཏན་མ་ལུས་བསམས་པ་ཇི་བཞིན་དུ། །ཡར་ངོའི་ཟླ་ལྟར་རྒྱས་པའི་འཕྲིན་ལས་མཛོད། །དགའ་ལྡན་ལུགས་གཉིས་ཕོ་བྲང་རྒྱལ་ཁབ་ཆེར། །སངས་རྒྱས་བསྟན་པ་རྒྱ་མཚོ་ལེགས་སྐྱོང་བ། །གནམ་སའི་དབང་ཕྱུག་རིགས་བརྒྱུད་མངའ་ཐང་སོགས། །རྣམ་མང་ཐོས་པའི་སྲས་དང་མཚུངས་པར་མཛོད། །ཆོས་དང་སྲིད་ཀྱི་ཁྲིམས་གཉིས་གསེར་གྱི་ཤིང་། །མཆོག་དམན་ཀུན་གྱི་གཉའ་བར་རབ་ལྕི་བས། །འབངས་(༢༠༢ན)


GLG011_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྫོགས་ལྡན་དུས་ཀྱི་སྐྱེ་རྒུ་བཞིན། །བདེ་ཞིང་སྐྱིད་པའི་དཔལ་ལ་སྦྱོར་བར་མཛོད། །བསིལ་བའི་ཚལ་མཚུངས་མཆིམས་ཕུའི་གནས་འཛིན་པ། །དཔལ་གྱི་རི་བོར་གསང་སྔགས་འཆང་བའི་གླིང་། །འཁོར་ལོ་གསུམ་གྱིས་སྲིད་མཐར་དར་རྒྱས་ཤིང་། །རྒྱལ་དབང་པདྨའི་བཞེད་པ་འགྲུབ་པར་མཛོད། །དུག་མཚོན་གཡུལ་དང་རྫས་སྔགས་འཁྲུལ་འཁོར་སོགས། །སྣ་ཚོགས་ཐབས་ཀྱི་བསམ་ངན་སྦྱོར་རྩུབ་པའི། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་དཔུང་། །ཚེ་སྲོག་མངའ་ཐང་མཐུ་སྟོབས་ནུས་པ་ཕྱུང་། ཁྱད་པར་མནའ་དང་ཆད་ལ་མི་བརྩི་བར། །ཐབས་ཀྱི་བོད་ཕུང་སྣ་འདྲེན་ལྷོ་མོན་ནས། །སྒོམ་གྲར་བརྫུ་བའི་བརླང་སྤྱོད་སྡེར་བཅས་རྣམས། །སྙིང་གི་ཁྲག་དྲོན་འཐུང་ལ་རྡུལ་དུ་རློག །མདོར་ན་དུས་གསུམ་ཀུན་ཏུ་བདེ་ལེགས་པའི། །བཀྲ་ཤིས་རྒྱ་མཚོར་གསེར་གྱི་སྙེ་མའི་འབྲས། །རབ་སྨིན་འཛམ་གླིང་མཛེས་པའི་རྒྱན་དམ་པར། །ཡོངས་འདུའི་དཔལ་གྱི་འཁྲི་ཤིང་དར་བར་ཤོག །མཇུག་ཏུ་ནོངས་པ་བཟོད་པར་གསོལ་ཞིང་རྟེན་མེད་ན་གཤེགས་གསོལ། ཡོད་ན་བརྟན་བཞུགས། སྨོན་ལམ་ཤིས་བརྗོད་སོགས་སྤྱི་ལྟར་བྱའོ། །སངས་རྒྱས་གཉིས་པ་པདྨཱ་ཀ་རའི་གསུང་གི་གནས་ཆེན་མཆིམས་ཕུའི་སྲུང་མ་ལྷ་མོ་རིགས་འཛིན་རལ་གཅིག་མའི་སྤྱན་འདྲེན། གཏོར་བསྐང་། བསྟོད་འཕྲིན་དང་བཅས་པ་ཕྱོགས་གཅིག་ཏུ་བསྡེབས་པ་འཕྲིན་ལས་མྱུར་མགྱོགས་འདི་ནི་སྲུང་མ་ཆེན་པོ་ཉིད་ཀྱིས་རྩོམས་ཤིག་པའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་ལྕགས་སྤྲེལ་ས་ག་ཟླ་བའི་ཉེར་ལྔ་ལ་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །དགུང་སྔོན་མཐོན་པོའི་སྟེང་དང་དབུས་ཕྱོགས་མཚམས། །རིན་ཅེན་གཞལ་ཡས་གར་བཞུགས་གནས་གཞན་ནས། །དམུ་བདུད་ཀླུ་ཚ་རྒྱལ་ཆེན་རྗེ་བློན་ལྔ། །འཁོར་དང་བཅས་པ་དབྱིངས་ནས་སྐུ་བཞེངས་(༢༠༢བ)


GLG011_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཤི །རང་རང་གནས་ནས་གནོད་སྦྱིན་མཆེད་ལྔ་དང་། །སྤྲུལ་པ་གསང་ཡུམ་བློན་པོ་ཕྱག་བརྙན་སོགས། །བཀའ་སྡོད་དྲེགས་པའི་དཔུང་གི་དམག་ཚོགས་བཅས། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། །དགྲ་ལྷ་སྐྱེས་གཅིག་མཛེས་བྱེད་པདྨ་སྐྱེས། །རྡོ་རྗེ་གྲགས་ལྡན་འཁོར་ཚོགས་རྒྱ་མཚོར་བཅས། །ཚུར་སྤྱོན་མཐུན་པའི་དམ་རྫས་བཤམས་ལགས་ན། །དགྱེས་སྐྱེད་འཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཞེས་པའམ་བཞེངས་བསྐུལ་སྤྱན་འདྲེན་གཙོ་བོར་འཕྲིན་ལས་དོན་བཅུ་མ་དང་གཞན་མའི་གསོལ་མཆོད་ཐོར་བུ་འདུག་རུང་ཁོག་པར་མྱུར་ཕེབས་ཀྱི་དུས་གཞན་རྣམས་ལོང་མེད་པའི་རྩོལ་ཁྱད་ལ་ཤླཽ་ཀ་གསུམ་ཙམ་ཞིག་གྱིས་ཞེས་ཆོས་སྐྱོང་ཆེན་པོས་གསུངས་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། ། ཧཱུྃ། འོད་མཚན་གར་དབང་མཆོག་གི་རྣམ་འཕྲུལ་ལས། །སིནྡྷུ་རྒྱ་མཚོར་རྫུས་སྐྱེས་སྤྲུལ་པའི་སྐུ། །དུས་གསུམ་སངས་རྒྱས་སྤྱི་གཟུགས་པདྨ་འབྱུང་། །མཐུ་སྟོབས་དཔུང་གིས་སྣང་སྲིད་ཟིལ་གནོན་ཞིང་། །མགོན་དེའི་དམ་ཚིག་རྡོ་རྗེ་རི་མོའི་རྗེས། །སྤྱི་བོར་གསལ་ཞིང་ལྕེ་ལ་ཨ་མྲྀ་ཏ། །ཉེར་བླུད་སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་པ། །གསང་ཡུམ་བློན་པོ་འཁོར་ཚོགས་གནས་འདིར་སྤྱོན། ཁྱད་པར་སྐྱིད་གཤོད་དགའ་གདོང་གནས་མཆོག་ནས། །མཐུ་སྟོབས་རྫུ་འཕྲུལ་ལྡན་པ་ཤིང་བྱ་ཅན། །བཀའ་སྡོད་ལས་བྱེད་ཕོ་ཉ་བཅས་པ་རྣམས། །ཐོགས་པ་མེད་པར་གནས་འདིར་ཚུར་སྤྱོན་ཞིག །རབ་འཇིགས་དུར་ཁྲོད་རོལ་པའི་ས་གཞིའི་དབུས། །པདྨ་ཉི་ཟླ་དགྲ་བགེགས་བསྣོལ་བའི་སྟེང་། །ཆོས་སྐྱོང་རྒྱལ་ཆེན་སྤྲུལ་འཁོར་བཅས་པ་རྣམས། །ཕྱི་ནང་མཆོད་པའི་ཡུལ་དུ་ཏིཥྛནྟུ། །དངས་བསིལ་མཐོ་རིས་ཉལ་འགྲོའི་ཨརྒྷཾ་སྦྲེང་། །ཐང་དང་ཆུ་ལས་སྐྱེས་པའི་མེ་ཏོག་བཀྲ །ཤིང་སྣའི་བསངས་དང་སྨན་སྤོས་དུད་སྤྲིན་འཐུལ། །རྩི་བཅུད་འབྲུ་མར་སྒྲོན་མེ་རབ་ཏུ་གསལ། །ག་བུར་གུར་གུམ་(༢༠༣ན)


GLG011_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་པའི་དྲི་ངད་འཇེབས། །ལྷ་མིའི་བཟའ་བཅའི་བཤོས་བུ་རི་ལྟར་སྤུང་། །རོལ་མོའི་སྒྲ་ཡིས་གནམ་སའི་ཁྱོན་ཀུན་འགེང་། །ཕྱི་མཆོད་ཆོས་སྐྱོང་འཁོར་བཅས་དགྱེས་ཕྱིར་འབུལ། ཁྲག་ཆང་བཏུང་བའི་རྦ་རླབས་མཁའ་ལ་འཕྱོ། །མིག་སྣ་རྣ་ལྕེ་དོན་སྙིང་འཕྲིག་ཅིང་འདར། །བམ་རོ་གསར་རྙིང་བསྲེགས་པའི་དུད་སྤྲིན་འཐུལ། །ཚིལ་ཆེན་རོ་སྐྲ་ལས་སྦར་མར་མེ་འབར། ཁྲག་ཞག་མཁྲིས་པའི་བྱུག་པ་མཚོ་ལྟར་འཁྱིལ། །ཤ་རུས་ནང་ཁྲོལ་ཞལ་ཟས་ཕུང་པོར་སྤུངས། །ཐོད་རྔ་རྐང་གླིང་སྒྲ་དབྱངས་འབྲུག་ལྟར་སྒྲོག །ནང་གི་ཉེར་སྤྱོད་མཁའ་དབྱིངས་བཀང་ནས་འབུལ། །སྲབ་རྨེད་སྒ་སྲབ་མཛེས་པའི་རྟ་མཆོག་འཕྱོ། །འབྲོང་གཡག་འདོད་པ་འཇོ་བའི་བ་དང་མཛོ། །ར་ལུག་བྱ་ཁྱི་རི་དྭགས་གཅན་གཟན་རྒྱུ། །སྲ་བརྟན་གོ་ཆ་སྣ་ཚོགས་རྣོ་བའི་མཚོན། །ཟ་འོག་སེང་སྤྱང་རྨ་བྱ་སྤྲེའུ་ཡི། །རྒྱལ་མཚན་ཞིང་ལྤགས་གླང་ཆེན་སྟག་ལྤགས་གོས། །ཟབ་བེར་འཐེབ་ཞུ་མགོ་འཕྲེང་རུས་པའི་རྒྱན། །བསྟན་སྲུང་གནོད་སྦྱིན་འཁོར་དང་བཅས་ལ་འབུལ། །གཏོར་མའི་རི་བོ་རྒྱན་ལྡན་མཁའ་ལ་བསྙེག །ཇ་ཆང་ཁྲག་གི་བཏུང་བ་མཚོ་ལྟར་བསྐྱིལ། །འཕན་གདུགས་བླ་བྲེ་རྒྱལ་མཚན་ལྡ་ལྡི་དང་། །མོན་པ་ཛོ་ཀི་སྤྲེའུ་ཟློས་གར་རྩེ། །རི་རབ་གླིང་བཞི་ཉི་ཟླ་འདོད་ཡོན་ལྔ། །རྒྱལ་སྲིད་བདུན་དང་ཉེ་བའི་སྣ་བདུན་སོགས། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཚོགས་རྣམས་ཀུན། །རྒྱལ་ཆེན་འཁོར་བཅས་ལ་འབུལ་འཕྲིན་ལས་སྒྲུབས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྨད་པོ་ཆེས། །གར་དགུའི་ཉམས་ལྡན་སྐུ་ལྔའི་རྣམ་རོལ་ཅན། །སྤྲུལ་པ་ཡུམ་བློན་སྐྱོ་སངས་འབག་སེང་གར། །བཀའ་སྡོད་ཕོ་ཉ་ལས་བྱེད་ཚོགས་ལ་བསྟོད། ཁྱད་པར་དགྲ་བོའི་སྲོག་ལ་ཆེས་བརྔམས་པས། །སྟོང་གསུམ་སྐད་ཅིག་མྱུལ་བའི་རྫུ་འཕྲུལ་ཆེ། །དཔལ་ལྡན་གནོད་སྦྱིན་ཆེན་པོ་ཤིང་བྱ་ཅན། །དམ་ཅན་(༢༠༣བ)


GLG011_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་ཚོགས་དང་བཅས་ལ་བསྟོད། །གསང་བདག་དྲེགས་འདུལ་རྟ་མགྲིན་དབང་གི་རྒྱལ། །པདྨ་ཐོད་འཕྲེང་ཉི་མ་འོད་ཟེར་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །ཐུབ་བསྟན་སྤྱི་དང་མཉམ་མེད་བཙོང་ཁ་པའི། །བཤད་དང་སྒྲུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས། །དེ་འཛིན་སྐྱེས་བུ་འདུས་པའི་སྡེ་རྣམས་འཕེལ། །བོད་སྐྱོང་རྒྱལ་པོའི་སྐུ་ཚེ་མངའ་ཐང་དར། །མངའ་འབངས་ཀུན་ཏུ་ནད་མེད་ཚེ་རིང་ཞིང་། །འབྲུ་བཅུད་ཁེ་དཔོགས་མཐའ་བཞིའི་ལས་སྒོ་འདུ། །དཔལ་འབྱོར་ལོངས་སྤྱོད་སྙན་པའི་གྲགས་པ་འབར། །སུམ་རྩེན་ཡུལ་གྱི་དགའ་སྟོན་མ་ལུས་པ། །མངོན་སུམ་ཉམས་སུ་མྱོང་བའི་འཕྲིན་ལས་མཛོད། །ཁྱད་པར་དགེ་མཚན་བཅུ་དང་ལྡན་པ་ཡི། །སྐྱིད་གཤོད་ནོར་འཛིན་དཔལ་མོའི་ལྟེ་བ་རུ། །དགའ་གདོང་ཆོས་སྡེའི་ལུགས་གཉིས་ཕུན་ཚོགས་ཀུན། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །བསྟན་དང་འགྲོ་ལ་འཚེ་བ་སྤྱི་ཡི་དགྲ། །རྣལ་འབྱོར་བདག་ལ་བསྡོ་བ་སྒོས་ཀྱི་དགྲ། །གདོན་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀུན། །སྟེང་འོག་ཕྱོགས་མཚམས་གང་དུ་གནས་ཀྱང་ཆོམས། །སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས་བསྒྱུར་བའི། །ལུས་ངག་ཡིད་གསུམ་མནར་བའི་ཉེར་འཚེ་ཀུན། །ཞི་ཞིང་འཁོར་འདས་ལེགས་ཚོགས་མ་ལུས་པ། །བསམས་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་མཛོད། །ནམ་མཁའ་གཟའ་སྐར་དུས་སྦྱོར་འཕྲོད་ཀྱིས་དགེ །ས་ལ་བཀྲ་ཤིས་ཕུན་ཚོགས་གཡང་དུ་ཆགས། །ཕྱོགས་དུས་ཀུན་ཏུ་བདེ་ལེགས་ཆར་ཆེན་པོས། །ཕན་བདེའི་སྙེ་མ་སྨིན་པའི་བཀྲ་ཤིས་ཤོག །ཅེས་དགའ་བ་གདོང་གི་གནས་སྲུང་ཆེན་པོ་ཤིང་བྱ་ཅན་གྱིས། གསོལ་མཆོད་འཁྱེར་བདེ་ཀུན་ཕན་ཞིག་རྩོམས་ཤིག་པར་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །(༢༠༤ན)


GLG011_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་གཤོད་རྒྱལ་པོ་ཆེན་པོར་མཆོད་གཏོར་འབུལ་ཚུལ་ནི། །རང་དཔལ་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འཕྲོས་པའི་རཾ་ལས་ཡེ་ཤེས་ཀྱི་མེས་གཏོར་མའི་དངོས་འཛིན་བསྲེགས། ཡཾ་ལས་རླུང་གིས་གཏོར། ཁཾ་ལས་ཆུས་བཀྲུས། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོའི་སྟེང་དུ་ཨོཾ་ཨཱཿཧཱུྃ་བརྩེགས་པ་ལས་འོད་ཟེར་འཕྲོས་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ནས་ཡི་གེ་གསུམ་ལ་ཐིམ་པ་འོད་དུ་ཞུ་སྟེ་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། །སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། །སྤྱན་དྲང་བ་ནི། ཧཱུྃཿ རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་གཙང་ཆུའི་ཆུ་ཀླུང་ལ་རྒྱུ་བ། །ངམ་གཤོད་རྒྱལ་ཆེན་ཀརྨ་འཕྲིན་ལས་པ། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། །མདུན་དུ་མེ་རླུང་འཁྲུག་པའི་གུར་གྱི་ནང་། །མི་རོ་རྟ་རོ་ཁ་སྦུབ་གན་རྐྱལ་དུ། །བསྣོལ་བའི་ཁྲི་ལ་འཁོར་ཚོགས་མ་ལུས་པ། །དགྱེས་པ་ཆེན་པོས་མཆོད་པའི་ཡུལ་དུ་བཞུགས། །སྲུང་མ་ཁྱོད་ལ་མཆོད་པའི་དམ་རྫས་ནི། ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་བཀྲ། །ཤ་ཆེན་སྤོས་དང་ཚིལ་ཆེན་མར་མེ་གསལ། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་སྤུངས། །རྐང་གླིང་ཐོད་རྔ་རྔམ་བརྗིད་རོལ་མོའི་སྒྲ། །རྟ་གཡག་ར་ལུག་བྱ་ཁྱི་སེང་གེ་གླང་། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང་། །རི་དྭགས་འཕྱོ་དགུ་སྲ་བའི་གོ་དང་མཚོན། །རབ་བྱུང་ཆས་གོས་སྦ་ལྕག་ཤེལ་གྱི་འཕྲེང་། །འཁར་གསིལ་རལ་གྲི་མདུང་རྣོན་ཞགས་པ་དང་། །འཕན་གདུགས་བླ་བྲེ་དར་གྱི་ལྡ་ལྡི་བྲེས། །ཤ་ཁྲག་གཏོར་མ་རི་བོ་ལྟ་བུར་སྤུངས། །ཁྲག་ཆང་བཏུང་བ་རྒྱ་མཚོ་ལྟ་བུར་འཁྱིལ། །རི་རབ་གླིང་བཞི་གླིང་ཕྲན་འདོད་ཡོན་ལྔ། །ཉི་ཟླ་རྒྱལ་སྲིད་བདུན་སོགས་ལྷ་མི་ཡི། །དཔལ་འབྱོར་ནམ་མཁའི་ཁམས་(༢༠༤བ)


GLG011_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཀང་ནས་འབུལ། །དགེ་བསྙེན་ཆེན་པོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཀརྨ་མ་ཧཱ་རཱ་ཛ་སརྦ་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སོགས་གཏོར་སྔགས་བཏགས་ལ་ལན་གསུམ་གྱིས་ཕུལ། སྔགས་གཤམ་དུ་ཨརྒྷཾ་སོགས་དང་། མ་ཧཱ་པཉྩ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི་ཞེས་བརྗོད། བསྟོད་པ་ནི། ཧཱུྃཿ དམར་ནག་མེ་རླུང་འཁྲུག་པའི་དབུས། །དགྲ་བགེགས་བམ་རོའི་གདན་སྟེང་ན། །ཞི་ཁྲོའི་གར་གྱི་རྣམ་རོལ་པ། །ངམ་ཤོད་རྒྱལ་ཆེན་ཁྱོད་ལ་བསྟོད། །བླ་གོས་མཐང་ཤམ་རྩར་མོ་སོགས། །ངུར་སྨྲིག་རབ་བྱུང་ཆས་གོས་ཀྱིས། །ཉེར་ཀླུབས་ཆུ་བོའི་གཞུང་མྱུལ་བ། །ཀརྨ་འཕྲིན་ལས་ཁྱོད་ལ་བསྟོད། །རེས་འགའ་གསེག་ཤང་ལྷུང་བཟེད་འཛིན། །སྐབས་འགར་རལ་གྲི་ཞགས་པ་ཐོགས། །ངམ་གཤོད་ལ་སོགས་ས་མཐའ་ཀུན། །ཐོགས་མེད་མྱུལ་བ་ཁྱོད་ལ་བསྟོད། །དབུ་ལ་དར་ཁྲའི་ཐོད་བཅིངས་ཤིང་། །སྦ་ལྕག་ཤེལ་གྱི་ཕྲེང་བ་འཛིན། །བོང་བུ་བྱི་ལ་ཞོན་ནས་རྒྱུ། །སྣ་ཚོགས་སྤྲུལ་པ་སྟོན་ལ་བསྟོད། ཁྱོད་ཀྱི་བཙུན་མོ་ཤུགས་སྨན་མ། །སྲོག་གཅོད་བློན་པོ་བཤན་པ་བཞི། །བདུད་ཀྱི་དམག་དཔུང་དང་བཅས་པ། །འཁོར་དང་བཅས་ལ་བདག་བསྟོད་དོ། །ཨྱོན་པདྨ་ཐོད་འཕྲེང་དང་། །རྗེ་བཙུན་བློ་བཟང་གྲགས་པ་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་དང་། །དབང་ཆེན་རྟ་མཆོག་བཀའ་བཞིན་སྒྲུབས། ཁྱད་པར་རིག་འཛིན་བདག་ཅག་གིས། །བཅོལ་བའི་ལས་འདི་དང་ལོང་ལ། ཁེ་གསུམ་རྒྱལ་དར་གྲོང་པ་ཡིས། །མ་རིག་དབང་གིས་འགལ་རྣམས་ལ། །རུ་ང་ཕྲག་དོག་མ་མཛད་པར། །བརྩེ་བའི་སེམས་ཀྱིས་བཟོད་པར་མཛོད། །མཆོད་བསྟོད་གཏོར་མ་ཕུལ་བ་རྣམས། །དགའ་བའི་སེམས་ཀྱིས་དང་དུ་ལོང་། །མདོར་ན་མི་ནོར་འཁོར་བཅས་ཀྱི། །འགལ་རྐྱེན་(༡༠༥ན)


GLG011_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་སོགས། །ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །མ་འབྱོར་བ་དང་ཞེས་སོགས་ཀྱིས་བཟོད་པར་གསོལ། བཛྲ་མུཿས་གཤེགས་སུ་གསོལ། མཇུག་ཏུ་བཀྲ་ཤིས་ཅི་རིགས་པ་བྱའོ། །ཞེས་ངམ་གཤོད་རྒྱལ་ཆེན་ཀརྨ་འཕྲིན་ལས་ལ་མཆོད་གཏོར་འབུལ་ཚུལ་རྒྱས་པ་ཞིག་དགོས་ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །རྒྱལ་དབང་པདྨ་ཐོད་འཕྲེང་གི །ཕོ་ལྷ་ལྷ་རབས་ཤམ་པོ་དང་། །དགྲ་ལྷ་རྫོང་བཙན་ཆེན་པོ་ཡི། །གསོལ་མཆོད་རིམ་པ་འདི་ལྟར་རོ། །དེ་ཡང་ཤམ་པོ་ལ་རྒྱས་པར་བང་རིམ་ཉིས་བརྩེགས་ཀྱི་སྟེང་དུ་མཁར་ཐབས་རྒྱ་ཕིབས་ཏོག་ཅན། མདུན་དུ་མཆོད་གཏོར་བཤོས་བུ་དཀར་པོ་ཟུར་གསུམ་གཡག་དཀར་གྱི་མགོས་མཚན་པ། དེའི་ཕྱི་རོལ་དུ་འཁོར་བརྒྱད་མཐེབ་སྐྱུས་བསྐོར་བ། བདུད་རྩི་ཨ་མྲྀ་ཏ། གཡའ་ཆུ་གངས་ཆུའི་མཆོད་ཡོན། མེ་ཏོག་སྣ་ཚོགས། སྤོས་དཀར། བཟང་སྨན། བསངས་ཤིང་གི་དུད་པ། རྩི་བཅུད་དམ་འབྲུ་མར་གང་འབྱོར་གྱི་མར་མེ། སྨན་གྱི་ཁ་བསྒྱུར་བའི་དྲི་ཆབ། ཞལ་ཟས། རོལ་མོ། མར་གྱི་གཡག་དཀར། གཞན་ཡང་ཅི་འབྱོར་བའི་མཆོད་པ་བཤམས་ལ། ཡི་དམ་རབ་ཕྱག་ན་རྡོ་རྗེ་དྲེགས་འདུལ། དེ་མིན་བཀའ་བརྒྱད་སྤྱི་བྱེ་བྲག་གི་ཡི་དམ་གང་རུང་གི་ང་རྒྱལ་དང་ལྡན་པའི་སྒོ་ནས་མཆོད་གཏོར་རྣམས་ཨ་མྲྀ་ཏས་བསངས། ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་ཕྱི་ནང་གསང་བའི་མཆོད་པ་ངོ་བོ་བདེ་བ། རང་བཞིན་སྟོང་པ། རྣམ་པ་དབང་པོ་དྲུག་གི་སྤྱོད་(༢༠༥བ)


GLG011_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་བདེ་བ་ཁྱད་པར་ཅན་བསྐྱེད་པར་ནུས་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་བརྗོད། གཏོར་མ་བསངས་སྦྱང་། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་གཏོར་མ་ལ་ཐིམ་པས་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིཾ་ཏ་ཏེ་ཛོ་བྷ་ལིཾ་ཏ་བ་ལ་བྷ་ཏ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། རྟེན་བསྐྱེདཔ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གངས་དཀར་གྱི་རི་བོ་ཆེས་མཐོ་བའི་རྩེ་མོ་མཁའ་ལ་བསྙེག་པ་ཁོར་ཡུག་གི་སྟེང་ཐམས་ཅད་གངས་རིའི་འཕྲེང་བ། བར་རྣམས་གཡའ་ཆུ་བསིལ་མ། སྨད་ཀྱི་ཆར་སྤངས་ལྗོངས་ནགས་ཚལ་མེ་ཏོག་རྣམ་པར་བཀྲ་བས་མཛེས་ཤིང་ཡིད་དུ་འོང་བའི་ལྗོངས་ཆེན་པོའི་དབུས་སུ་བྷྲུཾ་ལས་བྱུང་བའི་ཤེལ་དཀར་གྱི་རྩིག་པ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་བད་དང་ཕྲ་ཚོམ་གྱིས་རབ་ཏུ་མཛེས་པར་བྱས་པའི་ཕོ་བྲང་བརྗིད་ཆགས་ཤིང་། ཁོར་ཡུག་སྒོ་ལྕོག་ལྕགས་རི་ཁང་བརྩེགས་ཀྱི་རྣམ་པར་བསྐོར་བའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མ་དགྲ་བགེགས་ཕོ་མོ་གན་རྐྱལ་ཁ་སྦུབ་ཏུ་བསྣོལ་བའི་སྟེང་དུ་ཏྲི་དཀར་པོ་ཡོངས་སུ་གྱུར་པ་ལས། སྲིད་པའི་ལྷ་རབས་ཤམ་པོ་སྐུ་མདོག་ཤེལ་གྱི་རི་བོ་ལ་ཉི་མ་ཤར་བ་ལྟར་གསལ་ཞིང་གདངས་པ་ཞལ་གཅིག་ཕྱག་གཉིས་པ་ཁྲོས་པའི་རྣམ་པ་ཅན་ཞལ་དངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། སྨ་ར་དང་སྨིན་མ་དམར་སེར་འབར་བ། དབུ་སྐྲ་རལ་པ་ཁམ་ནག་རྒྱབ་ཏུ་བསྙིལ་བའི་གཙུག་ན་རྡོ་རྗེ་སེར་པོ་ཕྱེད་པས་མཚན་པ། ཕྱག་གཡས་རལ་གྲི་ནམ་མཁའ་ལ་འཕྱར་ཞིང་གཡོན་པས་མདུང་རྣོན་དར་དཀར་གྱི་བ་(༢༠༦ན)


GLG011_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དན་ཤམ་བུ་དམར་པོ་ཅན་འཕྱར་བ། སྐུ་ལ་དར་དཀར་གྱི་ཙེ་གོས་ཟ་འོག་སྔོན་པོའི་མཐའ་ཅན། རིན་པོ་ཆེའི་ཐོད་དང་ཕྱག་ཞབས་ཀྱི་གདུ་བུ་སྙན་ཆ་དོ་ཤལ་སོགས་ཀྱིས་སྤྲས་པ། ཞབས་ལ་སག་ལྷམ་དམར་པོ་གསོལ་བ། འབྲོང་གཡག་དཀར་པོའི་རྭ་དང་རྨིག་པ་བཻཌཱུརྱའི་མདོག་ལྟར་འཚེར་ཞིང་ཁ་རླངས་ན་བུན་ལྟར་འཐུལ་བ་ལ་བཅིབས་ནས། མེ་རླུང་འཚུབ་མའི་དབུས་ན་བཞུགས་པ། དེའི་ཕྱོགས་མཚམས་སུ་དགྱེས་བསྐྱེད་གསང་བའི་ཡུམ་ཆེན། བཀའ་ཉན་ལས་བྱེད་བློན་པོ། །ཕོ་ཉ་མངག་གཞུག་བྲན་གཡོག་དཔག་ཏུ་མེད་པ། ལ་ལ་དཀར་པོ་ལྷའི་སྡེ། ལ་ལ་དམར་པོ་བཙན་གྱི་སྡེ། ལ་ལ་ནག་པོ་བདུད་ཀྱི་སྡེ་སོགས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་ཞི་བའི་ཉམས་རྒྱས་པའི་གཟི་བྱིན། དབང་གི་བཀྲག་མདངས། དྲག་པོའི་གཏུམ་རྔམས་སོགས་ལས་ཐམས་ཅད་བསྒྲུབ་པ་ལ་ཐོགས་པ་མེད་པའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུྃ་གིས་མཚན་པ། ལྷ་ཆེན་གྱི་དབུ་གཙུག་ཏུ་པདྨ་ཉི་ཟླའི་གདན་ལ་ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཞི་མ་ཁྲོའི་རྣམ་པ་ཅན་གསང་གོས་སྣམ་སྦྱར། ཟབ་བེར་སུམ་བརྩེགས་དབུ་ལ་ཤ་བའི་མཉེན་ཞུ་རྒོད་ཀྱི་ལྡེམ་ཕྲུ་ཅན་ཉི་ཟླས་བརྒྱན་པ་གསོལ་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀ་དང་གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ཀ་པཱ་ལ་འཛིན་པའི་གྲུ་མོ་ན་ཡུམ་སྦས་པའི་ཚུལ་གྱིས་ཁ་ཏཱཾ་རྩེ་གསུམ་འཆང་བ་ཞབས་ལ་ཧོར་ལྷམ་གསོལ་ནས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་དུ་བཞུགས་པར་གྱུར། བདག་ལྷར་གསལ་བ་དང་སློབ་དཔོན་ཆེན་པོའི་ཐུགས་ཀ་གཉིས་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་སོགས་གར་བཞུགས་(༢༠༦བ)


GLG011_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་ནས་སྲིད་པའི་ལྷ་རབས་ཤམ་པོ་ཡུམ་སྲས་བློན་པོ། །བཀའ་ཉན་དྲེགས་པའི་ཚོགས་དང་བཅས་པ་སྐད་ཅིག་གིས་བཛྲ་ཨངྐུ་ཤ་ཛཿ ཀྱེཿ ནུབ་བྱང་མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ། །ཨོ་རྒྱན་སངས་རྒྱས་གཉིས་པས་ལེགས་བཅུག་ནས། །གསང་བདག་ཧེ་རུ་ཀ་དང་དབྱེར་མེད་པ། །ཡེ་ཤེས་དཀྱིལ་འཁོར་ལྷ་ཆེན་གནས་འདིར་གཤེགས། །སྔོན་ཚེ་གངས་ཅན་བོད་ཀྱི་སྲིད་པ་འདི། །ཆགས་པའི་དུས་ནས་སྐྱོང་བའི་ལྷ་ཆེན་པོ། །གཡུང་དྲུང་བོན་གྱིས་ཁྱོད་བསྟེན་བསྒྲུབས་པ་ཡི། །ལྷ་ཆེན་ཤམ་པོ་འཁོར་བཅས་གནས་འདིར་གཤེགས། །པདྨཱ་ཀ་རའི་མཐུ་སྟོབས་རྫུ་འཕྲུལ་གྱིས། །སངས་རྒྱས་བསྟན་པ་བསྲུང་བར་དམ་བསྒྲགས་ནས། །མཆོད་བསྟོད་དྲེགས་པའི་སྲུང་མར་བཀའ་བསྒོས་པ། །སྲིད་པའི་ལྷ་རབས་ཤམ་པོ་ད་ཚུར་སྤྱོན། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་ཉང་དང་། །ཆོས་དབང་རྒྱ་སྟོན་པདྨ་དབང་ཕྱུག་སོགས། །སྔགས་འཆང་རིམ་པར་བྱོན་ནས་དམ་བཏགས་པ། །ཟབ་མོ་གཏེར་གྱི་སྲུང་མ་གནས་འདིར་གཤེགས། །ལྷ་ཁྱོད་མཐུན་པའི་མཆོད་གཏོར་སྤྱན་གཟིགས་བཤམས། །དགྱེས་དབྱངས་རོལ་མོའི་སྒྲ་དང་གཡབ་དར་གིས། །འབོད་ན་གནས་འདིར་ཐོགས་པ་མེད་སྤྱོན་ནས། །པདྨ་ཉི་ཟླའི་གདན་ལ་བཞུགས་སུ་གསོལ། །ཨཱོཾ་དེ་ཝ་ཨ་ཤཾ་དྷཱུ་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། སྲིད་པས་བསྐོས་པ་གཙང་རིས་ལྷ་ཆེན་ལ། །གཡའ་གངས་དངས་ཆུ་བསིལ་བའི་མཆོད་ཡོན་སྦྱང་། །པདྨ་ཨུཏྤལ་ལ་སོགས་མེ་ཏོག་གི །ཆུན་པོ་དབུ་ལ་འཆིང་བའི་ཐོད་དུ་འབུལ། །ཙནྡན་ཤུག་པ་ཨ་ཀ་རུ་ལ་སོགས། །སྨན་ཤིང་དུད་སྤྲིན་ཤངས་ཀྱི་དབང་པོར་འཐུལ། །ཉི་ཟླ་ནོར་བུའི་འོད་དང་སྒྲོན་མེའི་ཚོགས། །ལྷ་མིག་དག་པའི་སྤྱན་སྔར་རབ་ཏུ་སྦར། །ག་པུར་གུར་གུམ་ངད་(༢༠༧ན)


GLG011_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དྲི་ཡི་ཆབ། །ཐུགས་ཀ་ལ་སོགས་སྐུ་ཡི་ཆ་ལ་འབྱུག །རོ་བརྒྱ་ལྡན་པ་ལྷ་མིའི་བཟའ་བཅའ་རྣམས། །ཕུང་པོ་སྤུངས་པ་ལྗགས་ཀྱི་དབང་པོས་རོལ། །པི་ཝང་སིལ་སྙན་དུང་དང་རྔ་ཆེན་སོགས། །སྙན་བརྗིད་རོལ་མོ་ཐོས་འཛིན་རྒྱན་དུ་སྤེལ། །རིན་ཆེན་གདུ་བུ་དོ་ཤལ་རྣ་ཆ་དང་། །དར་དཀར་གོས་བཟང་རལ་གྲི་རྣོན་པོའི་མདུང་། །འབྲོང་གཡག་གངས་རིའི་དུམ་བུ་ཆད་འདྲ་བ། །ལྷ་ཆེན་མཐུན་པའི་ཉེར་སྤྱད་རྫས་སུ་འབུལ། །ཁྲབ་རྨོག་ཞོལ་བཏགས་ལྕགས་གཞིབས་གོ་ཆ་དང་། །མདའ་མདུང་རལ་གྲི་དགྲ་སྟ་འཕྲུལ་སྒྱོགས་སོགས། །སྣ་ཚོགས་མཆོད་པའི་ཁྱད་པར་ཇི་སྙེད་པ། །རང་བསྲུང་ཕ་རོལ་འཇོམས་པའི་རྟེན་དུ་འབུལ། །བཻཌཱུར་དབང་སྔོན་པད་རཱག་མར་གད་སྤུག །གསེར་དངུལ་ཟངས་ལྕགས་བྱུ་རུ་མུཀྟི་ཀ །སྤུར་ལེན་ཤེལ་སོགས་ལྷ་ཀླུ་མིའི་ནོར་བུ། །ཕུན་ཚོགས་འབྱོར་པ་སྤེལ་བའི་རྟེན་དུ་འབུལ། །ཁ་དོག་སྣ་ཚོགས་བཀྲ་བའི་ཟ་འོག་གི །འཕན་གདུགས་བླ་བྲེ་རྒྱལ་མཚན་བ་དན་དང་། །སྣ་ཚོགས་དར་གྱི་ལྡ་ལྡི་སྤེལ་བ་སོགས། །རིན་ཅེན་ཁང་བཟང་མཛེས་པའི་རྒྱན་དུ་འབུལ། །རྟ་དྲེལ་མཛོ་གཡག་ར་ལུག་ཁྱིམ་བྱ་ཁྱི། །གླང་སེང་དོམ་དྲེད་སྟག་གཟིག་འཕར་པ་གུང་། །བྱ་རྒོད་གོང་མོ་ཁྲ་འོལ་ཁྲུང་ཁྲུང་སོགས། །གནམ་སར་འཕུར་འཛུལ་སྲོག་ཆགས་ཐམས་ཅད་འབུལ། །ཤ་བ་དགོ་བ་གླ་བ་གནའ་བ་གཉན། །རི་དྭགས་འཕྱོ་དགུར་གཏོགས་སོ་ཅོག་རྣམས་དང་། །རི་རབ་གླིང་བཞི་རྒྱལ་སྲིད་སྣ་བདུན་སོགས། །མཐོ་རིས་འབྱོར་པའི་ཡོན་ཏན་ཐམས་ཅད་འབུལ། །མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་དང་། །དམ་རྫས་གཏོར་མ་འདོད་ཡོན་ལྔ་ལྡན་པའི། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོའི་མཆོད་པ་འབུལ། །ལྷ་ཆེན་འཁོར་བཅས་ཐུགས་དམ་བསྐོང་གྱུར་(༢༠༧བ)


GLG011_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བདག་སོགས་རྣམས་ཀྱིས་མ་རིག་འཁྲུལ་བ་ཡི། །འཁོར་བཅས་སྐུ་གསུང་ཐུགས་དང་འགལ་གྱུར་པའི། །ཉེས་ཚོགས་མཐའ་དག་སྙིང་ནས་བཤགས་བྱེད་ན། །བཟང་པོར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ། །ལྷ་ཆེན་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་བཛྲ་ས་དུ་ཏྲི་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁ་སོགས་ཀྱིས་ཕུལ། སྔགས་གཤམ་དུ་ཨརྒྷཾ་ནས་ཤབྡའི་བར་བརྗོད་ཅིང་ནང་མཆོད་འབུལ། ཧཱུྃཿ དགུང་སྔོན་དབྱིངས་སུ་བསྙེགས་པའི་གངས་རིའི་འདབས། །རིན་ཅེན་རྔམ་བརྗིད་མཛེས་པའི་ཕོ་བྲང་དབུས། །ཁྲོ་ཆགས་ཞི་རྒྱས་རྣམ་པར་འཕྲུལ་པོ་ཆེ། །ཅིར་ཡང་སྟོན་པའི་ལྷ་ཆེན་ཁྱོད་ལ་བསྟོད། །པད་ཉི་འབྲོང་གཡག་དཀར་པོ་འཕྱོ་བའི་སྟེང་། །ཁྲོ་གཏུམ་བརྔམ་བརྗིད་རལ་གྲི་མདུང་རྣོན་ཐོགས། །དར་དཀར་གོས་དང་རིན་ཅེན་རྒྱན་སྤྲས་པ། །སྲིད་པ་ཆགས་པའི་ལྷ་རབས་ཤམ་པོར་བསྟོད། །ཟག་མེད་བདེ་བ་སྐྱེད་བྱེད་གསང་བའི་ཡུམ། །རིགས་ཀྱི་ལྷ་སྲས་ལས་བྱེད་བློན་པོ་དང་། །རྔ་ཐོགས་སྟེང་དང་ལྷ་སྲིན་ཀིངྐ་ར། །བཀའ་ཉན་དྲེགས་པའི་དམག་གི་ཚོགས་ལ་བསྟོད། །དུས་གསུམ་སངས་རྒྱས་པདྨ་འབྱུང་གནས་ཀྱི། །ཕྱག་རྟགས་རྡོ་རྗེ་རྩེ་ལྔ་གཙུག་ཏུ་བཀོད། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ལྕེ་ལ་བླུད། །སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་གྲལ་དུ་བཀོད། བོད་ཡུལ་བསྟན་འགྲོའི་བདེ་སྐྱིད་སྤེལ་བ་རུ། །བཀའ་བཞིན་བསྒྲུབ་པ་དྲེགས་པའི་ཚུལ་བཟུང་ཡང་། །དོན་དུ་འཇིག་རྟེན་ལས་འདས་གསང་བདག་གི །ཡེ་ཤེས་རང་གདངས་འཁོར་གྱི་རྣམ་པར་ཤར། །ཚུལ་དེས་མཚོ་སྐྱེས་རྡོ་རྗེའི་རྗེས་ཞུགས་པའི། །སྔགས་འཆང་རྣམས་ཀྱིས་དྲེགས་པའི་སྡེ་དཔོན་སྲོག །རིམ་བཞིན་ཆད་མེད་གཏད་ཅིང་ཐོབ་རྣམས་ཀྱི། །དམ་ལས་འདས་ན་མགོ་བོ་ཚལ་བར་འགས། །དེ་ཕྱིར་རུ་(༢༠༨ན)


GLG011_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་རྒྱལ་ཁབ་ཆེན་པོ་འདིར། །ནད་མཚོན་མུ་གེ་འཐབ་རྩོད་ཉེར་ཞི་ཞིང་། །རིང་པོའི་ཚེ་དང་འཛད་མེད་ལོངས་སྤྱོད་སོགས། །བདེ་སྐྱིད་དགའ་སྟོན་ཚོགས་ལ་སྦྱོར་བར་མཛོད། །སྤྱི་དང་བྱེ་བྲག་རྒྱལ་བའི་ལུང་རྟོགས་བསྟན། །འཛིན་པའི་མདོ་སྔགས་སྡེ་རྣམས་དར་ཞིང་རྒྱས། །ས་སྐྱོང་རྒྱལ་པོའི་སྐུ་ཚེ་མངའ་ཐང་དང་། །མཚན་ཇུས་ཆབ་སྲིད་ཕྱོགས་བཅུར་རྒྱས་པར་མཛོད། ཁེ་གསུམ་བཀྲ་ཤིས་རབ་བརྟན་མི་ནོར་གྱི། །ནད་གདོན་བར་ཆད་ཉེར་འཚེ་ཞི་བ་དང་། །ཚེ་དཔལ་འབྱོར་པའི་དངོས་གྲུབ་མ་ལུས་པ། །བླ་ནས་བླར་ཡང་འཕེལ་བའི་འཕྲིན་ལས་མཛོད། །བླ་མ་ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །དྲེགས་པའི་སྡེ་དཔོན་དམ་ཅན་སྲུང་མའི་ཚོགས། ཁྱད་པར་ལྷ་ཆེན་ཤམ་པོ་འཁོར་བཅས་ཀྱིས། །དུས་རྣམས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཡི་གེ་བརྒྱ་པས་ཆད་ལྷག་ཁ་བསྐང་། མ་འབྱོར་བ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཁྱོད་ཀྱིས་སེམས་ཅན་སོགས་ཀྱིས་རང་གནས་སུ་གཤེགས། །བལྟས་པ་ཙམ་གྱི་སྲིད་གསུམ་དབང་དུ་སྡུད། །ཅེས་སོགས་ཀྱི་ཤིས་བརྗོད་བྱའོ། །རྫོང་བཙན་པའི་གསོལ་མཆོད་ནི། བཙན་བཤོས་དམར་པོ་འཁོར་གྲངས་ཅི་རིགས་པའི་མཐར་མཐེབ་སྐྱུས་བསྐོར་བ། སྨན་རག །ཕྱི་ནང་གི་ཉེར་སྤྱོད། སྦྱན་གཟིགས་སོགས་ཅི་འབྱོར་བ་བཤམས། བདག་བསྐྱེད་གོང་དང་འདྲ། མཆོད་པ་རྣམས་ཨ་མྲྀ་ཏས་བསངས། ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཞུ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ་བཙན་རྒོད་འཁོར་དང་བཅས་པ་མཉེས་ཤིང་ཚིམ་པར་ནུས་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨརྒྷཾ་ནས་ཤབྡའི་བར་བརྗོད། གཏོར་མ་དང་རཀྟ་ལ་དམིགས་ནས་བསངས་སྦྱངས་ཨ་ལས་ཐོད་པའི་སྣོད།(༢༠༨བ)


GLG011_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་རྒྱ་ཆེ་བ་གཉིས་ཀྱི་ནང་དུ་ཤ་ལྔ་དང་བདུད་རྩི་ལྔའི་རང་བཞིན་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་རུས་རྐང་ལྷ་བ་ཚིལ་བུ་ཕུང་པོར་སྤུངས་པ་རོ་མཆོག་བརྒྱ་ཕྲག་ལྡན་པ་དང་། བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་རཀྟའི་རྒྱ་མཚོའི་རྦ་ཀློང་ཕྱོགས་བཅུར་འཕྲོ་བར་གྱུར། ཨོཾ་བྷ་ལིཾ་སོགས་དང་། མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿ སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བམ་རོ་ཤ་ཁྲག་རུས་པ་གཅལ་དུ་བཀྲམ་པའི་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བ་ཁོར་ཡུག་ཟངས་རི་དམར་པོ་གནམ་དུ་བསྙེག་པ་འདྲ་བས་བསྐོར་བ། དེའི་དབུས་སུ་བསེ་དང་ཟངས་ལྕགས་ལས་གྲུབ་པའི་བཙན་མཁར་དམར་པོ་ཐོད་པ་སྐམ་རློན་སྙིང་པའི་ཁ་བད་ཅན་མིའི་རྒྱུ་མ་དང་། རུས་པའི་འཕྲེང་བའི་དྲ་བ་ལ་དབང་པོ་ལྔ་དང་ཡན་ལག་གི་དྲ་ཕྱེད་འཕྱང་བ། ཞིང་ལྤགས་ཀྱི་རྒྱལ་མཚན་ལ་ཙིཏྟའི་ཏོག་གིས་སྤྲས་པ། གསུར་ཆེན་གྱི་དུད་པ་འཐུལ་ཞིང་། ཁྲག་གི་ཞམ་ཆུ་འབབ་པ། འཇིགས་ཤིང་སྐྱི་གཡའ་བའི་ཕོ་བྲང་གི་དབུས་སུ་པདྨ་ཉི་མའི་སྟེང་དུ་གནོད་སྦྱིན་ཆེན་པོ་ཀོང་མ་གྲིབ་བཙན་རྡོ་རྗེ་མཆོག་རྒོད་རྩལ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་དམར་བ། ཡ་སོས་མ་མཆུ་མནན་པའི་ཨམ་ཚིགས་བསྡམས་ཤིང་དམར་ཟླུམ་སྤྱན་གསུམ་གློག་ལྟར་འཁྱུག་པ། སྨ་ར་དང་སྨིན་མ་མེ་ལྟར་འབར་བ། སྐུ་ལ་བསེ་ཁྲབ་དང་དབུ་ལ་བསེ་རྨོག་དམར་པོ་ཞོལ་ཅན་རྒྱལ་མཚན་བཀྲ་ཤིས་དགུ་བརྩེགས་རུ་དར་དུང་རུ་ཨང་སིང་རྨོག་གཅུས་སོགས་རྒྱན་རྣམས་ཀྱིས་སྤྲས་ཤིང་། སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། སྐུ་རྒྱབ་ཏུ་རྒྱལ་མཚན་ལྕོག་དར་འཇའ་ལྟར་བཀྲ་བ། ཕྱག་གཡས་ཟངས་མདུང་དམར་པོ་དར་གྱི་ཅོད་པན་ཅན་དང་། གཡོན་པ་ན་ཙིཏྟ་དམར་པོ་རིན་ཅེན་འཕྲུལ་གྱི་ལྡེ་མིག་དང་བཅས་པ་འཛིན་པ། ཞབས་ལ་(༢༠༩ན)


GLG011_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སག་ལྷམ་དམར་པོ་གསོལ་བ། རྟ་མཆོག་དམར་པོ་སྒ་སྲབ་གོང་རྨེད་སྤུ་ལེན་ཟེ་ལོང་གི་ཁེབས་སོགས་རྒྱན་རྣམས་ཀྱིས་སྤྲས་པ་ལ་བཅིབས་པ། འཁོར་དུ་རང་འདྲའི་ཀླུ་བཙན་དྲུག །བཙན་འཁོར་སུམ་བརྒྱ་དྲུག་ཅུ། སྡོམ་དང་སྡིག་པ་བྱ་ཁྲ་ལ་སོགས་འཇིགས་སུ་རུང་བའི་སྤྲུལ་པ་སྣ་ཚོགས་ཀྱིས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱ་ཡུལ་ཟངས་ཐང་དམར་པོ། ཡར་ཀླུངས་ཤེལ་གྱི་བྲག་ཕུག །འཕྱོས་ཀྱི་ལྷ་ལུང་བཙན་མཁར། སྐྱིད་གཤོད་གྲིབ་ཀྱི་རྫོང་རི། ཀོང་པོ་བུ་ཆུ་ལྷ་ཁང་། སྤུ་རི་ཕུག་མོ་ཆེ། རྩེ་ཆེན་བྲག་ལ་སོགས་པའི་གནས་རྣམས་ནས་བཙན་རྒོད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ བསྭཱཽ། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀཿ། །རྟ་མགྲིན་དབང་གི་རྒྱལ་པོ་དང་། །གསང་བདག་དྲེགས་པ་ཀུན་འདུལ་གྱི། །སྤྱན་སྔར་བསྟན་འགྲོ་ལེགས་སྐྱོང་བར། །དམ་ཚིག་གཉེན་པོ་གཉེར་གཏད་ཅིང་། །ཁས་བླངས་དམ་བཅའ་མ་གཡེལ་བ། །དགྲ་ལྷ་རྫོང་བཙན་འཁོར་བཅས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རིགས་འཛིན་པདྨ་སམ་བྷ་ཝས། །བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་། །བླ་མ་དགོངས་པ་འདུས་པ་ཡི། །ཟབ་གཏེར་གཉེར་དུ་གཏད་པ་བཞིན། །བསྲུང་ཞིང་ལས་འཕྲོ་སྐལ་ལྡན་ལ། །རང་ནོར་ལག་ཏུ་སྤྲད་མཛད་པ། །གྲིབ་བཙན་རྡོ་རྗེ་མཆོག་རྒོད་རྩལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བཛྲ་ཀིང་ཀ་ར་ཤུ་ལ་རཱ་ཙ་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན། མཆོད་པ་ནི། དངས་བསིལ་མཆོད་ཡོན་རཀྟའི་ཨརྒྷཾ་སྦྲེང་། སྣ་ཚོགས་ཆུ་སྐྱེས་དབང་པོ་ལྔའི་མེ་ཏོག །སྨན་དང་ཤིང་སྣ་ཤ་ཆེན་དུད་སྤྲིན་འཐུལ། །རྩི་བཅུད་འབྲུ་མར་ཤ་ཚིལ་མར་མེ་སྦར། །ག་པུར་གུར་(༢༠༩བ)


GLG011_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཀུམ་མཁྲིས་པའི་དྲི་ཡི་བྱུག །རོ་བརྒྱའི་ཟས་དང་ཤ་རུས་ཞལ་ཟས་སྤུངས། །ཐོད་རྔ་རྐང་གླིང་སྙན་པའི་རོལ་མོ་ཡིས། །རྫོང་བཙན་འཁོར་བཅས་ཐུགས་དམ་སྐོངས་གྱུར་ཅིག །སྒ་སྲབ་གོང་རྨེད་དར་གྱི་ཅོད་པན་གྱིས། །རབ་སྤྲས་རླུང་གི་ཤུགས་འཆང་རྟ་མཆོག་ཆེ། །བསེ་ཡི་ཁྲབ་རྨོག་གྲུ་བཞི་ལྕོག་དར་དང་། །རུ་མཚོན་རྣོན་པོ་དར་ལྕེ་མཁའ་ལ་འཕྱོ། །ཙིཏྟ་རིན་ཆེན་འཕྲུལ་གྱི་ལྡེ་མིག་འཛིན། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང་། །རི་དྭགས་འཕྱོ་དགུ་སྒོ་ཕྱུགས་ཚོགས་རྣམས་ཀྱིས། རྫོང་བཙན།༝། ཁྲབ་རྨོག་ཞོལ་བཏགས་ལྕགས་གཞིབ་པིར་ཕུག་གོ །ཤང་ལང་སྤུ་གྲི་དགྲ་སྟ་མདའ་མདུང་མཚོན། །འཕན་གདུགས་བླ་བྲེ་རྒྱལ་མཚན་ལྡ་ལྡི་གཡོ། །སྨན་རཀ་གཏོར་གསུམ་ཚོགས་ཀྱི་འཁོར་ལོ་དང་། །རི་རབ་གླིང་བཞི་ཉི་ཟླ་རྒྱལ་སྲིད་བདུན། །རིན་ཆེན་རིལ་བུ་དཔག་བསམ་ལྗོན་པའི་ཤིང་། །འདོད་འཇོའི་བ་དང་མ་སྨོས་ལོ་ཏོག་གིས། །རྫོང་བཙན་འཁོར་བཅས་ཐུགས་དམ་སྐོངས་གྱུར་ཅིག །བཙན་རྒོད་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། གོང་གི་སྔགས་གཤམ་དུ་ཨ་ཀཱ་རོ་མུ་ཁཾ་བཏགས་ལ་གཏོར་མ་ཕུལ། ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ཅིང་སྨན་རཀ་ཀྱང་འབུལ། བསྟོད་པ་ནི། ཧཱུྃཿ པདྨ་རཱ་གའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱིས་བྱུག་པའི་གཟི། །རབ་འབར་གཏུམ་དྲག་རྔམས་པའི་གཟུགས། སྟོན་མཛད་བཙན་རྒོད་ཆེན་པོར་བསྟོད། །པདྨ་ཉི་ཟླ་དགྲ་བགེགས་སྟེང་། །རྫུ་འཕྲུལ་ཤུགས་ལྡན་རྟ་དམར་ལ། །ཞོན་ནས་སྟོང་གསུམ་སྐད་ཅིག་གིས། །རབ་བསྐོར་སྲོག་བདག་ཆེན་པོར་བསྟོད། །བསེ་ཡི་ཁྲབ་རྨོག་འོད་སྟོང་འཚེར། །ཙིཏྟ་རིན་ཆེན་ལྡེ་མིག་འཆང་། །རྣལ་འབྱོར་དྲོད་མྱུལ་སྲུང་ཞིག་སྐྱོང་། །གཏེར་(༢༡༠)


GLG011_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆེན་པོ་ཁྱོད་ལ་བསྟོད། །རང་འདྲའི་ལས་བྱེད་སྤྲུལ་པ་དྲུག །སུམ་བརྒྱ་དྲུག་ཅུའི་བཙན་རྒོད་འཁོར། །སྡིག་སྦྲུལ་ཁྲ་སོགས་ཆོ་འཕྲུལ་གྱི། །སྤྲུལ་པ་སྣ་ཚོགས་སྟོན་ལ་བསྟོད། །རྒྱལ་དབང་པདྨཱ་ཀ་ར་དང་། །ཡབ་རྗེ་ཨྱོན་གླིང་པའི་ཞབས། །གར་གྱི་དབང་ཕྱུག་ནས་བཟུང་སྟེ། །ཟུར་ཆེན་རྩ་བའི་བླ་མའི་བར། །རིགས་འཛིན་རིམ་པར་བྱོན་རྣམས་ཀྱི། །བཀའ་དང་དམ་ལ་བཏགས་པ་ཡི། །དམ་ཚིག་གཉེན་པོའི་རྒྱ་མ་རལ། །སྔགས་འཆང་བདག་གི་ངག་མི་གཅོག །གངས་ཅན་སྐྱེ་རྒུའི་བདེ་སྐྱིད་ཀྱི། །འབྱུང་གནས་སྤྱི་དང་བྱེ་བྲག་གི །བསྟན་པ་རིན་ཅེན་འཕེལ་ཞིང་རྒྱས། །དེ་འཛིན་སྐྱེས་བུའི་ཚོགས་རྣམས་བརྟན། །མཆོད་གནས་སྡེ་གཉིས་བཤད་སྒྲུབ་འཕེལ། །བོད་སྐྱོང་ས་དབང་རྒྱལ་པོ་ཡི། །སྐུ་ཚེ་མངའ་ཐང་ཆབ་སྲིད་རྣམས། །ཕྱོགས་བཅུར་རྒྱས་པའི་འཕྲིན་ལས་མཛོད། །ཁེ་གསུམ་བཀྲ་ཤིས་རབ་བརྟན་པའི། །མི་ནོར་འཁོར་དང་བཅས་པ་ལ། །ནད་གདོན་བར་ཆད་མི་འབྱུང་ཞིང་། །བདེ་སྐྱིད་ཕུན་ཚོགས་སྤེལ་བར་མཛོད། །མདོར་ན་བདག་ཅག་དཔོན་སློབ་ལ། །གནོད་པའི་དགྲ་བགེགས་རྡུལ་དུ་རློག །ཆོས་དང་སྲིད་ཀྱི་འདོད་པའི་དོན། །བསམས་པ་ཇི་བཞིན་ལྷུན་གྱིས་སྒྲུབས། །མཇུག་ཏུ་ནོངས་པ་བཟོད་པར་གསོལ། །མགྲོན་རྣམས་རང་གནས་སུ་གཤེགས་ནས་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱའོ། །ཞེས་ལྷ་ཆེན་ཡར་ལྷ་ཤམ་པོ་དང་ཤེལ་བྲག་རྫོང་བཙན་གཉིས་ལ་གསོལ་མཆོད་འདི་ལྟ་བུ་ཞིག་དགོས་ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །འདིར་སྒེར་གསོལ་ཉེར་མཁོའི་རིགས་འགའ་ཞིག་(༢༡༠བ)


GLG011_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཏུ་བཀོད་པ་ལ། རང་དཔལ་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་གསུམ་རིམ་པ་བཞིན་དུ་འཕྲོས་པས་ཕྱི་ནང་གི་མཆོད་གཏོར་གྱི་མ་དག་པའི་དྲི་མ་ཐམས་ཅད་མེས་བསྲེགས། རླུང་གིས་གཏོར། ཆུས་བཀྲུས། ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་སོགས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་གྱུར། གཏོར་མ་རིན་པོ་ཆེའི་སྣོད་དུ་ལྷ་མིའི་བཟའ་བཅའ་བཏུང་བ་གྱ་ནོམ་པའི་སྟེང་དུ། ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཡི་གེ་གསུམ་ལ་ཐིམ་པ་ཞུ་བ་ལས་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་མགྲོན་རྣམས་བཀུག་པར་བསམས་ལ། ཀྱེ། བོས་སོ་མཐུ་སྟོབས་རྫུ་འཕྲུལ་མངའ་བའི་ལྷ། །དཔལ་འབྱོར་རྒྱལ་པོ་འཁོར་དང་བཅས་པ་རྣམས། །དབྱར་གྱི་ཆར་སྤྲིན་ལྟ་བུར་ལང་ལོང་དུ། །ཐོགས་པ་མེད་པར་གནས་འདིར་ཚུར་སྤྱོན་ཞིག །མདུན་དུ་རིན་ཅེན་ལས་གྲུབ་ཕོ་བྲང་དབུས། །བྲ་ནག་རྟིང་དཀར་སྒ་སྲབ་གོང་རྨེད་སྟེང་། །རབ་དཀར་མཛེས་བྱེད་ཡིད་འོང་གཞོན་ནུའི་གཟུགས། །ཟ་འོག་སྔོན་པོའི་ཙི་གོས་ལ་ཐོད་གྱོན། །གཡས་པ་སྦ་ལྕག་འཕྱར་ཞིང་གཡོན་པ་ཡིས། །ཞབས་ཁྲ་ལྕགས་ཀྱུ་ཨ་ལུང་དགྲ་ལ་འདེབས། །ཕྱོགས་མཚམས་ཀུན་ཏུ་རང་འདྲའི་སྤྲུལ་པ་སོགས། །བཀའ་ཉན་འཁོར་(༢༡༡ན)


GLG011_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་བསྐོར་བརྟན་པར་བཞུགས། །འགི་ར་ཁ་ཡི་བཙན་རྒོད་མཐུ་རྩལ་ཅན། །ཁྲབ་རྨོག་གྱོན་ཞིང་གྲི་མདུང་ཞགས་པ་ཐོགས། །སྟག་རལ་གཡས་ལ་གཟིག་ཤུགས་གཡོན་དུ་འཆང་། །རྟ་མཆོག་ལ་ཞོན་རང་འདྲའི་སྤྲུལ་འཁོར་བཅས། །བདག་གིས་གདུང་བའི་དབྱངས་ཀྱིས་འབོད་བྱེད་ན། །མ་ཐོགས་རིངས་པའི་ཚུལ་གྱིས་ཚུར་སྤྱོན་ལ། །ཏིང་ངེ་འཛིན་གྱིས་སྤྲུལ་པའི་གནས་མཆོག་འདིར། །དགྱེས་པའི་གདན་ལ་བརྟན་པར་བཞུགས་སུ་གསོལ། །གཞན་ཡང་ས་ཕྱོགས་གནས་གཞི་འདི་དག་ཀུན། །སྐྱོང་བའི་ཡུལ་ལྷ་གཞི་བདག་ཐམས་ཅད་དང་། །བྱེ་བྲག་ཁེ་གསུམ་ཕྱོགས་རྒྱུའི་བཙན་རྒོད་ཆེ། །མཆོད་གཏོར་ལེན་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཕོ་ལྷ་ཡུལ་ལྷ་སྐྱེས་ལྷ་དགྲ་ལྷ་སོགས། །སོ་སོར་དགྱེས་པའི་མཐུན་རྫས་འབུལ་བ་ནི། །རིན་ཅེན་ཕྱེ་མས་བརྒྱན་པའི་ཆང་ཕུད་དང་། །དམར་སེར་རྒྱ་ཇ་གཡའ་གངས་གཙང་མའི་སྐྱེམས། །ཐང་དང་ཆུ་ལས་སྐྱེས་པའི་མེ་ཏོག་གི །མྱུ་གུ་གསར་པ་ཁ་ཕྱེ་སྤེལ་ལེགས་འཕྲེང་། །བ་ལུ་སུ་ལུ་ཨ་ཀར་ཙནྡན་སྤོས། །ཉི་ཟླ་ནོར་བུའི་འོད་དང་རྩི་བཅུད་ཀྱི། །སྣང་གསལ་སྒྲོན་མེས་ཕྱོགས་ཀྱི་མུན་པ་སེལ། །སྨན་མཆོག་བཟང་དགུ་ལེགས་སྦྱར་བྱུག་པའི་རྫས། །དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ་སྣ་དང་། །ཤ་ཚིལ་ནང་ཁྲོལ་གཡོས་སུ་སྦྱར་བའི་བཤོས། །དུང་ཆེན་སྒྲ་སྙན་རྫ་རྔ་རོལ་མོའི་ཚོགས། །ཀ་ཤི་ཀ་ཡི་ལ་ཐོད་ཟ་འོག་གོས། །སྦ་ལྕག་ཞགས་པ་སྒ་སྲབ་གོང་རྨེད་ཀྱིས། །རབ་སྤྲས་བྲ་ནག་རྟ་མཆོག་རྟིང་དཀར་ཅན། །སྲ་མཁྲེགས་གོ་དང་སྣ་ཚོགས་རྣོ་བའི་མཚོན། །འབྲོང་གཡག་(༢༡༡བ)


GLG011_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཛོ་ར་ལུག་ཁྱིམ་བྱ་ཁྱི། །སེང་གེ་གླང་ཆེན་སྟག་གཟིག་དོམ་དྲེད་གུང་། །ཤ་རྐྱང་གནའ་བ་གླ་བ་བསེ་རུ་བཙོད། །ཐང་དཀར་གོ་བོ་གླག་མོ་བྱ་རོག་ཁྲ། །སྲིད་འདིར་རྒྱུག་གོ་ཅོག་གི་སྲོག་ཆགས་དང་། །མུ་ཏིག་བྱུ་རུ་གཡུ་ཤེལ་སྦུར་ལེན་གསེར། །དངུལ་དཀར་ཟངས་ལྕགས་གོས་དར་སྣམ་རས་ཇ། །ལྷོ་རྫས་བྱང་རྫས་ཉི་ཟླ་རྒྱལ་སྲིད་བདུན། །གླིང་བཞི་གླིང་ཕྲན་ལྷ་མིའི་ལོངས་སྤྱོད་ཚོགས། ཁྱད་པར་དཀར་དམར་བྷ་ལིཾ་རྒྱན་ལྡན་དང་། །ཇ་ཆང་རཀྟ་བཏུང་བ་ཨ་མྲྀ་ཏ། །རིན་ཅེན་རྐམ་ཆ་བཏབ་པའི་གསེར་སྐྱེམས་སོགས། །དབང་པོ་སྒོ་ལྔ་དགྱེས་བསྐྱེད་མཐུན་རྫས་འབུལ། །ཉམས་ཆགས་འགལ་འཁྲུལ་ནོངས་པ་ཐམས་ཅད་བཤགས། །ཐུགས་དམ་བསྐོང་ལ་མཐུན་རྐྱེན་མ་ལུས་སྒྲུབས། །ཕོ་ལྷ་དཔལ་འབྱོར་རྒྱལ་པོ། །འགི་ར་ཁའི་བཙན་རྒོད། ཡུལ་ཕྱོགས་ས་ཕྱོགས་འདི་དག་བསྲུང་བའི་ཡུལ་ལྷ་གཞི་བདག་རྒྱུན་དུ་གནས་པ་དང་གློ་བུར་དུ་ལྷགས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་གསོལ་བར་བསམས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵཱ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་པསྨཱ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བྷ་ལིཾ་གྷྲིཧྣནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷཾ། མེ་པྲ་ཡཙྪནྟ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀརླཾ། སཏྶ་ཁ་བི་ཤུདྡྷ་ཡི། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཚར་གསུམ་དང་། ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོ། །ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། བྲ་ནག་རྟིང་དཀར་སྒ་སྲབ་རྒྱན་སྤྲས་སྟེང་། །སྐྱེས་བུ་མདོག་དཀར་ལ་ཐོད་ཙེ་བར་སྡེ། །སྦ་ལྕག་(༢༡༢ན)


GLG011_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་འཛིན་དཔལ་འབྱོར་རྒྱལ་པོ་ཞེས། །དགྲ་ལྷ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །བསེ་ཁྲབ་བསེ་རྨོག་ཆས་སྤྲས་དར་མདུང་ཞགས། །སྣ་ཚོགས་མཚོན་འཛིན་རྟ་དམར་རྒྱན་ལྡན་ཞོན། །འགི་ར་ཁ་ཡི་བཙན་རྒོད་དམ་ཅན་ཆེ། །རྡོ་རྗེ་ལེགས་པའི་ཕོ་ཉ་ཁྱོད་ལ་བསྟོད། །གཞན་ཡང་ཡུལ་ཕྱོགས་ས་ཕྱོགས་གནས་གཞིས་སོགས། །སོ་སོར་གནས་ཤིང་སྐྱོང་བར་བྱེད་པ་ཡི། །ལྷ་ཀླུ་གནོད་སྦྱིན་བདུད་བཙན་ས་བདག་གཉན། །གཤིན་རྗེ་དམུ་རྒྱལ་དྲེགས་པའི་ཚོགས་ལ་བསྟོད། །པདྨ་ཐོད་ཕྲེང་རྟ་མགྲིན་དབང་རྒྱལ་གྱི། །མཐུ་སྟོབས་རྡོ་རྗེ་འབར་བས་ཟིལ་མནན་ཞིང་། །སྔགས་འཆང་བདག་གི་དམ་ཚིག་བསྒྲགས་པ་བཞིན། །གངས་ཅན་བོད་ཀྱི་བདེ་སྐྱིད་འཕེལ་ཞིང་རྒྱས། ཁྱད་པར་ཁེ་གསུམ་བཀྲ་ཤིས་རབ་བརྟན་པའི། །མི་ནོར་རྣམས་ལ་ཕྲག་དོག་གནོད་འཚེ་སྤོངས། །ནད་གདོན་ཉེར་འཚེ་ཞི་ཞིང་མཐུན་རྐྱེན་རྣམས། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །སངས་རྒྱས་བསྟན་སྲུངས་དཀོན་ཅོག་དབུ་འཕང་བསྟོད། །ཅེས་སོགས་ཀྱི་འདོད་གསོལ་དང་། ནོངས་པ་བཟོད་གསོལ། ཨོཾ་བཛྲ་མུཿས་མགྲོན་རྣམས་རང་གནས་སུ་གཤེགས། །བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་བྱའོ། །ཞེས་སྤྱི་བྱེ་བྲག་གི་གསོལ་མཆོད་ཕྱོགས་གཅིག་ཏུ་བསྒྲིགས་པ་འདི་ཡང་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །པདྨཱ་ཀ་རཱ་ཡ། འདིར་གསེར་མདོངས་དཀར་པོ་དང་ཐང་རྩེ་བཙན་པོ་གཉིས་ལ་མཆོད་གཏོར་འབུལ་བར་འདོད་པས། རང་དབང་ཆེན་རྟ་མཆོག་དམར་པོ་ཞལ་གཅིག་(༢༡༢བ)


GLG011_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ་དབུ་ཚངས་པའི་འཇིག་རྟེན་དུ་སླེབས་པ་ཞབས་རྒྱ་མཚོའི་གཏིང་དུ་བགྲོད་པ། གཡས་པས་གཟུགས་ཁམས་འདེགས་ཤིང་གཡོན་པས་འདོད་ཁམས་གནོན་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་མཆོད་གཏོར་རྣམས་ཀྱི་མ་དག་པ་རཾ་ལས་མེས་བསྲེགས། ཡཾ་ལས་རླུང་གིས་གཏོར། ཁཾ་ལས་ཆུས་བཀྲུས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་པའི་སྤྱན་གཟིགས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་རྫས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཡི་གེ་གསུམ་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཀྱེ། ལྷ་ཆེན་ཚངས་པའི་རིགས་བརྒྱུད་སྲས། །གསེར་མདོངས་དཀར་པོ་གཤེགས་སུ་གསོལ། །ཐང་རྩེ་བཙན་པོ་གཤེགས་སུ་གསོལ། །སྐུ་ལ་དར་དཀར་ན་བཟའ་གསོལ། །དབུ་ལ་ཟ་འོག་ཐོད་བཅིངས་མཛེས། །རིན་ཆེན་རྒྱན་ཆ་ཁྲོལ་ལོ་ལོ། །རུ་མཚོན་ཞགས་པ་ནོར་གཞོང་དང་། །མདའ་དར་ཕྱག་མཚན་བུར་རུ་རུ། །ཞབས་ལ་སག་ལྷམ་ཁྲ་འབུར་བཏབ། །རྟ་དཀར་སྒ་སྲབ་གོང་རྨེད་ཅན། །བཅིབས་ནས་རང་འདྲའི་འཁོར་ཚོགས་བཅས། །ཐོགས་པ་མེད་པར་གནས་འདིར་སྤྱོན། །ཉི་ཟླ་པདྨ་དར་ཟབ་སོགས། །ཡིད་འོང་མཛེས་པའི་གདན་ལ་བཞུགས། །ལྷ་ཆེན་འཁོར་དང་བཅས་པ་ལ། །བཀུར་སྟི་སྲི་ཞུ་འབུལ་བ་ནི། །རིན་ཅེན་སྣོད་དུ་གཡའ་གངས་ཆུ། །རྙོག་བྲལ་དངས་པའི་མཆོད་ཡོན་(༢༡༣ན)


GLG011_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །རོལ་ཞིག་ཨརྒྷཾ་པཱུ་ཛ་ཧཱུྃ། །རི་ཐང་ཆུ་ལས་སྐྱེས་པ་ཡི། །མེ་ཏོག་སྣ་ཚོགས་ཐོད་ཆིངས་སུ། །འབུལ་ལོ་བཛྲ་པུཥྤེ་ཧཱུྃ། །ཤིང་སྣ་དུད་སྤྲིན་སྣ་བའི་ཡུལ། །འཐུལ་ལོ་བཛྲ་དྷཱུ་པེ་ཧཱུྃ། །གསལ་བྱེད་མར་མེ་སྤྱན་སྔ་རུ། །སྦར་རོ་བཛྲ་དཱི་པ་ཧཱུྃ། །དྲི་ཞིམ་ཆབ་ཀྱིས་ཐུགས་ཀ་རུ། །འབྱུག་གོ་བཛྲ་གནྡྷེ་ཧཱུྃ། །རོ་བརྒྱའི་ཟས་མཆོག་ལྗགས་ཀྱི་ཡུལ། །དབུལ་ལོ་བཛྲ་ནཻ་ཝེ་ཏེ་ཧཱུྃ། །སྣ་ཚོགས་རོལ་མོ་སྒྲ་འཛིན་དུ། །འཁྲོལ་ལོ་བཛྲ་ཤབྡ་ཧཱུྃ། །ཧཱུྃཿ ཟ་འོག་ཙ་བེར་ཧོར་ལྷམ་རིན་ཅེན་རྒྱན། །ནོར་གཞོང་སྨན་གྱི་པར་བུ་རུ་མཚོན་གྲི། །སྟག་རལ་གཟིག་ཤུབས་གོ་མཚོན་ལྡ་ལྡི་འཕན། །རྒྱལ་མཚན་བླ་བྲེ་སྨྱུག་རྒོད་དར་ཚོན་བཀྲ། །བདུད་རྩི་སྨན་ཕུད་གསེར་སྐྱེམས་ཚོགས་འཁོར་དང་། །དམ་རྫས་གཏོར་མ་འདོད་པའི་ཡོན་ཏན་ལྔ། །རྫུ་འཕྲུལ་རྟ་མཆོག་སྒ་སྲབ་གོང་རྨེད་སྤྲས། །སྒོ་ཕྱུགས་མཁའ་ལ་འཕུར་བ་བྱ་ཡི་རིགས། །གཡའ་གངས་སྤང་ལྗོངས་འགྲིམ་པ་རི་དྭགས་ཚོགས། །མཆེ་སྡེར་རྣོ་ངར་ལྡན་པ་གཅན་གཟན་དང་། །མདོར་ན་ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཚོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ་བྱེད་ན། །ལྷ་མཆོག་འཁོར་དང་བཅས་པ་མ་ལུས་པ། །དགྱེས་པ་ཆེན་པོའི་སྒོ་ནས་བཞེས་སུ་གསོལ། །ལྷ་ཚོགས་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨ་ཀཱ་རོ་མུ་ཁཾ་ལན་བདུན་ནམ་གསུམ་གྱིས་གཏོར་མ་འབུལ། ཉེར་སྤྱོད་རོལ་མོའི་བར་དང་། བདུད་རྩི་ཕུལ། མཐོ་རིས་ཡུལ་སར་དབང་སྒྱུར་ཚངས་པ་ཆེ། །ལྷ་རིགས་གཉེན་རྒོད་ཆེན་པོ་དྲི་ཟའི་(༢༡༣བ)


GLG011_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བུ། །རིགས་བརྒྱུད་འཛིན་པ་གསེར་མདོངས་དཀར་པོ་དང་། །ཐང་རྩེ་བཙན་པོ་འཁོར་དང་བཅས་ལ་བསྟོད། །དངོས་བཤམས་ཡིད་སྤྲུལ་མཆོད་གཏོར་ཕུལ་བའི་མཐུས། །བདག་སོགས་མི་ནོར་འཁོར་དང་བཅས་རྣམས་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། །མཐུན་རྐྱེན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །མཁའ་ལ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས། །ས་ལ་ཁྲི་གདུགས་ཉི་མ་འོད་དུ་དྲོ། །གཙང་རིས་ལྷ་གཉན་དྲི་ཟའི་ཚོགས་རྣམས་ཀྱིས། །བཀྲ་ཤིས་དཔལ་གྱི་དགའ་སྟོན་རྒྱས་པར་ཤོག །ཅེས་གསེར་མདོངས་དཀར་པོ་དང་ཐང་རྩེ་བཙན་པོ་གཉིས་ཀྱི་གསོལ་མཆོད་འདི་ནི་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །རང་ལྷར་གསལ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབས་ལ། ཀྱེ། དཀོར་མཛོད་གླིང་སོགས་གར་བཞུགས་གནས་རྣམས་ནས། །བཀྲས་རབ་བསོད་ལྷུན་རྒྱལ་པོ་ཆེན་པོ་ཁྱོད། །མཆོད་གཏོར་སྤྱན་གཟིགས་མཐུན་པའི་དམ་རྫས་བཤམས། །རོལ་མོ་དབྱངས་ཀྱིས་འབོད་ན་ད་ཚུར་སྤྱོན། །དར་འབོལ་སྟག་གཟིག་པགས་པའི་སྟན་ལ་སོགས། །རང་རང་དགྱེས་པའི་གདན་ལ་བརྟན་པར་བཞུགས། །ཆང་རྒོད་ཕུད་དང་རཀྟའི་ཨརྒྷཾ་སྦྲེང་། །ཤ་ཁྲག་དམར་ཆེན་གཏོར་མ་ཕྱུར་བུར་སྤུངས། །སྣ་ཚོགས་དྲི་ཞིམ་ཤིང་སྣའི་དུད་པ་འཐུལ། །སྣང་གསལ་སྒྲོན་མེ་སྙན་པའི་རོལ་མོ་འཁྲོལ། །རྟ་མཆོག་གོང་རྨེད་སྒྲ་སྲབ་བརྒྱན་གྱིས་སྤྲས། །སྟག་དོང་ཁྲ་མོ་ཐོག་ཆེན་མདའ་ཡིས་ཁེངས། །གཟིག་ཤུབས་སྲ་བའི་མཆོག་དཀར་གཞུ་མོ་བཅུག །རྣོ་བའི་རལ་གྲི་(༢༡༤ན)


GLG011_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་རྣོན་མཁའ་ལ་བསྙེག །ཁྲབ་ཆེན་གོས་གཤམ་རྨོག་མོ་རྒྱན་གྱིས་སྤུད། །འབྲོང་གཡག་བ་ལང་ར་ལུག་ཁྱིམ་བྱ་ཁྱི། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང་། །རི་དྭགས་འཕྱོ་དགུ་གོས་དར་སྣམ་ཕྲུག་ཇ། །གསེར་དངུལ་ཟངས་ལྕགས་མུ་མེན་གཡུ་མུ་ཏིག །བྱུ་རུ་སྦུར་ལེན་སྣ་ཚོགས་རིན་པོ་ཆེ། །གྲོ་ནས་སྲན་གསུམ་བྲའོ་རྒྱ་བྲ་འབྲས། །མདོར་ན་ལྷོ་རྫས་བྱང་རྫས་ལ་སོགས་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ་བྱེད་ན། །དགྱེས་པ་ཆེན་པོའི་སྒོ་ནས་བཞེས་སུ་གསོལ། །རེ་འགའ་བཙན་རྒོད་དྲག་པོའི་རྣམ་པར་སྟོན། །སྐབས་འགར་རྣ་རྒྱན་རལ་གུ་རྒྱ་ལུ་ཆས། །གྲངས་མེད་རྣམ་འགྱུར་སྣ་ཚོགས་སྟོན་མཛད་པ། །བཀྲ་ཤིས་རབ་བརྟན་རྒྱལ་ཆེན་ཁྱོད་ལ་བསྟོད། །བདག་སོགས་མི་ནོར་འཁོར་དང་བཅས་པ་ཡི། །བར་གཅོད་ཉེར་འཚེ་ཐམས་ཅད་ཞི་བ་དང་། །མཐུན་རྐྱེན་བསམས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཅེས་པའང་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཡིད་བཞིན་འོ་མའི་རྒྱ་མཚོ་འཁྱིལ་བའི་དབུས། །པད་སྡོང་འབ་བརྒྱ་རབ་བཞད་ཟེའུ་འབྲུའི་རྩེར། །སྣང་བ་མཐའ་ཡས་སྤྲུལ་པའི་སྒྱུ་འཕྲུལ་གར། །པདྨ་ཐོད་ཕྲེང་ཐུགས་རྗེའི་བྱིན་ཆེན་ཕབ། །མགོན་དེས་བཀའ་བརྒྱད་ལྷ་ཡི་དཀྱིལ་འཁོར་དུ། །ཉེར་བཅུག་བསྟན་པའི་བསྲུང་མར་བཀའ་བསྒོས་པ། །ཆོས་རྒྱལ་སྐུ་ལྔ་སྤྲུལ་པ་གསང་ཡུམ་དང་། །བློན་པོ་འཁོར་ཚོགས་རྒྱ་མཚོ་གནས་འདིར་གཤེགས། །ཁྱད་པར་དཔལ་ལྡན་འབྲས་སྤུངས་(༢༡༤བ)


GLG011_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་གུང་གི །ཆོས་སྐྱོང་དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ། །བློན་པོ་རྡོ་རྗེ་གྲགས་ལྡན་བཀའ་སྡོད་ཚོགས། །སྔོན་གྱི་དམ་ཚིག་དགོངས་ལ་གནས་འདིར་སྤྱོན། །སྨན་རག་གཏོར་མ་སྣ་ཚོགས་རོལ་མོའི་སྒྲ། །གསུར་ཆེན་དུད་འཐུལ་ཁྲག་ཆང་བཏུང་བ་སྦྲེང་། །འབོད་པའི་བརྡ་ཐབས་དར་ཚོན་གཡོབ་བྱེད་ན། །དབྱར་གྱི་ཆར་སྤྲིན་བཞིན་དུ་ལང་ལོང་སྤྱོན། །དགུན་གྱི་འཐོར་རླུང་བཞིན་དུ་འཚུབ་ཅིང་སྤྱོན། །བཙོ་མར་གློག་འོད་བཞིན་དུ་འཁྱུག་ཅིང་སྤྱོན། །དབྱར་རྔའི་སྒྲ་བཞིན་འུར་འུར་ཆེམ་ཆེམ་སྤྱོན། །པདྨ་ཟླ་ཉི་དགྲ་བགེགས་གདན་ལ་བཞུགས། །བསམ་ཡས་དབུ་རྩེ་མཆིམས་ཕུའི་ཡང་དབེན་དུ། །འཁོར་འདས་རྒྱལ་པོ་པདྨ་ཧེ་རུ་ཀ །ལྕགས་ཀྱི་སྡིག་པས་སྲོག་སྙིང་རབ་དྲངས་ཏེ། །རྡོ་རྗེ་གཙུག་བཞག་བདུད་རྩི་བླུད་པ་ལྟར། །དེང་འདིར་རིགས་འཛིན་སྔགས་འཆང་བདག་ཅག་གིས། །སྔོན་གྱི་གཡར་དམ་གཉེན་པོ་དྲན་གསོས་ནས། །ལྷ་མི་དམ་ཚིག་གཅིག་ཏུ་བསྲེ་བྱེད་ན། །དམ་ལས་མ་འདའ་བཅོལ་བའི་འཕྲིན་ལས་མཛོད། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་བཅས་ལ། །དམར་ཆེན་གཏོར་མའི་རི་བོ་མཁའ་ལ་བསྙེག །མྱོང་གྲོལ་བདུད་རྩི་སྨན་གྱི་བཏུང་བ་བསྐྱིལ། །ཆང་ཁྲག་རྒྱ་མཚོའི་རྦ་ཀློང་ཕྱོགས་བཅུར་འཁྲུག །དར་ཚོན་གྱིས་སྤྲས་ཕྱི་རྟེན་སྲོག་ཆགས་དཀར། །ནང་རྟེན་སྨྱུག་རྒོད་དར་དང་རྔ་མས་བརྒྱན། །གསང་རྟེན་མདོས་དང་སྐུ་འབག་དཀོར་ནོར་སྤུངས། །ཡང་གསང་འཁོར་ལོ་སྲོག་གི་བླ་རྡོ་བཅས། །འཕྲལ་བསད་དབང་པོའི་མེ་ཏོག་འཕྲིག་ཅིང་འདར། །མི་རོ་བམ་པོར་བསྲེགས་པའི་དུད་སྤྲིན་འཐུལ། །ཚིལ་ཆེན་རྐང་ལས་སྦར་བའི་སྒྲོན་མེ་གསལ། །ཁྲག་དང་མཁྲིས་པའི་ངད་ལྡན་དྲི་ཆབ་འཁྱིལ། །ཤ་ཁྲག་རྐང་རུས་ལྷ་བཤོས་ཕྱུར་བུར་སྤུངས། །རྐང་གླིང་ཐོད་རྔ་གསང་བའི་རྡེེའུ་ཆུང་བརྡུང་། །སྣ་ཚོགས་མེ་ཏོག་(༢༡༥ན)


GLG011_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་སྤོས་དུད་སྤྲིན་འཁྲིགས། །ནོར་བུའི་སྣང་གསལ་ག་པུར་གུར་ཀུམ་ཆབ། །ལྷ་མིའི་ཟས་མཆོག་རོལ་མོའི་སྒྲ་དབྱངས་སྙན། །རླུང་གི་ཤུགས་འཆང་གྱི་ལིང་སྒ་སྲབ་སྤྲས། །འབྲོང་གཡག་ཞོལ་མོ་དབང་སྔོན་རྭ་ཆེན་གདེང་། །ར་ལུག་བ་ལང་ཁྱིམ་བྱ་ནོར་སྐྱོང་དང་། །གླང་སེང་རྔ་མོ་དྲེའུ་རྟ་ཤིང་བྱ་ལྡིང་། །གནམ་ལ་འཕུར་དགུ་ཅོག་གི་འདབ་ཆགས་དང་། །ས་ལ་འཛུལ་དགུའི་གཅན་གཟན་མཆེ་སྡེར་རྣོ། །རི་དྭགས་འཕྱོ་དགུ་གྲངས་མེད་འཁྲབ་ཅིང་རྒྱུག །ཕོད་ཀ་ཙེ་གོས་ཟབ་བེར་སྣམ་སྦྱར་སོགས། །བན་སྔགས་ཛཽ་ཀི་མོན་པའི་སྣ་ཚོགས་གོས། །དམ་ཤིང་དུང་དམར་ཤེར་ཤིང་གསིལ་བྱེད་དང་། །སྨྱུག་ཞུ་སག་ཐེབ་བྱ་ཁྱུང་ཁོག་པས་མཚོན། །ཞྭ་རིགས་མི་གཅིག་རིན་ཅེན་རུས་རྒྱན་དང་། །དུར་ཁྲོད་ཆས་བརྒྱད་སྲ་མཁྲེགས་རྡོ་རྗེའི་གོ །རྣོ་ངར་མཚོན་ཆ་སྦ་འཁར་ཙིནྡན་བེང་། །གསལ་བྱེད་ཟ་འོག་རྔམ་བྱེད་གཅན་གཟན་སྟག །མཆོད་བྱེད་སེང་གེ་སྲིན་མོ་མདོངས་མཐའ་ཅན། །ཟ་བྱེད་སྤྱང་ཀི་ལྡིང་བྱེད་ཐང་དཀར་དང་། །རྩལ་ཆེན་སྤྲེའུ་མི་བཟང་བྱི་ལ་སྟེ། །རང་རྟགས་ཏོག་དང་ཤམ་བུའི་རྒྱལ་མཚན་བརྒྱད། །ལྷ་མིའི་རིན་ཅེན་གོས་དར་སྣམ་རས་ཇ། །སྣ་ཚོགས་འབྲུ་སྣ་ལྷོ་རྫས་བྱང་གི་རྫས། །རི་རབ་གླིང་བཞི་ཉི་ཟླ་རྒྱལ་སྲིད་བདུན། །འདོད་ཡོན་ལྔ་སོགས་མཆོད་པའི་ཚོགས་རྣམས་ཀྱིས། །ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ཐུགས་དམ་བསྐང་། ཁྱད་པར་དགྲ་ལྷ་སྐྱེས་གཅིག་༝། །གསང་ཡུམ་པདྨ་མཛེས་༝། །བློན་པོ་རྡོ་རྗེ་གྲགས་ལྡན་༝། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་༝། །འཁོར་དང་བཅས་པའི་ཐུགས་དམ་བསྐོང་གྱུར་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ཉམས་ཆགས་འགལ་འཁྲུལ་མ་ལུས་པ་དག་པ་དང་། བསམས་པ་ཇི་བཞིན་ལྷུན་གྱིས་གྲུབ་པ་ཡི། །དངོས་གྲུབ་ཐམས་ཅད་སྩོལ་བའི་འཕྲིན་ལས་མཛོད། །གཏོར་མ་འབུལ་བ་ནི། ལྷ་ཚོགས་(༢༡༥བ)


GLG011_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གསོལ་བར་བསམས་ལ། སརྦ་པཉྩ་ཨ་ར་ཧེཿ པཱུ་ཙ་ཧོཿ ར་ཙ་ཧོཿ ཨརྒྷཾ་པྲ་ཏཱིཙྪ་ཧོཿ བཛྲ་ཡཀྵ་ཀཱ་ཧཾ། དུནྟིང་དུནྟིང་ཁཱ་ཧི། ཡཀྴ་ནག་པོ་ཁཱ་ཧི། ཤ་གྲོལ་ཧེ་རུ་ཁཱ་ཧི། ཀྱི་གྲོལ་དུ་རུ་ཁཱ་ཧི། འཛིན་པོ་རུ་ཏྲ་ཁཱ་ཧི། སྡོམས་པོ་ཆང་སྐྱུགས་ཁཱ་ཧི། རུ་ཏྲ་རུ་ཏྲ་ཁཱ་ཧི། གོ་རོ་ཙེ་ན་ཁཱ་ཧི། ཙིཏྟ་བྷ་ཧི་ཁཱ་ཧི། རཀྟ་ཚུལ་པ་ཁཱ་ཧི། ཤ་རྒྱུད་སྙིང་རྒྱུད་ཁཱ་ཧི། དབང་པོ་སྣ་ལྔ་ཁཱ་ཧི། ཤ་མ་རུ་ཏ་ཁཱ་ཧི། ཨརྒྷཾ་པྲ་ཏཱིཙྪ་ཧོཿ པཱུ་ཛ་བཛྲ་དུ་རུ་ཧོཿ ཞེས་ལན་གསུམ་གྱིས་འབུལ། བསྟོད་པ་ནི། དུས་མཐའི་རླུང་ནག་མེ་དཔུང་འཁྲུགས་པའི་དབུས། །དཔའ་གཏུམ་ཁྲོ་ཆགས་རྣམ་འགྱུར་ཅིར་ཡང་སྟོན། །ལས་ཀུན་སྒྲུབ་མཛད་ཆོས་རྒྱལ་སྐུ་ལྔ་པོ། །གསང་ཡུམ་བློན་པོ་སྤྲུལ་འཁོར་བཅས་ལ་བསྟོད། ཁྱད་པར་སྨྱུག་ཞུ་དར་ནག་འཇོལ་བེར་གསོལ། །སྦ་འཁོར་བེང་ཆེན་དགྲ་བོ་རྡུལ་དུ་རློག །དྲེལ་ནག་རྟིང་དཀར་བཅིབས་ནས་སྟོང་གསུམ་མྱུལ། །དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ་པོར་བསྟོད། །སྐུ་མདོག་དམར་མོ་མཛེས་པའི་རྒྱན་གྱི་སྤྲས། །དམ་ཤིང་འཕྱར་ཞིང་བྷན་དམར་ཡབ་ལ་སྟོབ། །དགའ་བཞི་ཡེ་ཤེས་བདེ་ཆེན་སྐྱེད་མཛད་མ། །པདྨ་མཛེས་བྱེད་གསང་བའི་ཡུམ་ལ་བསྟོད། །ཆོས་གོས་གསོལ་ཞིང་ཤེར་ཤིང་འཁར་གསིལ་ཐོགས། །གླིང་བཞི་བསྐོར་བའི་རྔ་མོ་གྭ་པ་བཅིབས། །དགྲ་བགེགས་སྒྲོལ་བའི་ལས་མཁན་མཐུ་རྩལ་ཅན། །བློན་པོ་རྡོ་རྗེ་གྲགས་ལྡན་ཁྱོད་ལ་བསྟོད། །མདོར་ན་སྐུ་མདོག་ཆ་ལུགས་ཕྱག་མཚན་སོགས། །མ་ངེས་ཅིར་ཡང་སྤྲུལ་པའི་ཀིངྐ་ར། །སྡེ་བརྒྱད་དྲེགས་པའི་དམག་གི་དཔུང་ཆེན་པོ། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །དམ་བསྒྲག་འཕྲིན་ལས་འཆོལ་བ་ནི། །ཆོས་རྒྱལ་ཆེན་པོ་འཁོར་དང་བཅས་རྣམས་དགོངས། །ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་འཆང་། །གསང་བའི་བདག་པོ་སྤྲུལ་སྐུ་པདྨ་འབྱུང་། །མཁའ་འགྲོ་འཚོ་རྒྱལ་ཚངས་(༢༡༦ན)


GLG011_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷའི་མེ་ཏོག །མངའ་བདག་མྱང་རལ་དོན་སེང་རྒྱལ་མཚན་དང་། །རྩ་བྲལ་ཆོས་རྗེ་འཇམ་དབྱངས་བློ་གྲོས་དཔལ། །འཇམ་དབྱངས་དཔལ་རིན་དཔལ་ལྡན་དོན་གྲུབ་དང་། །ནམ་མཁའ་བཟང་པོ་བཀའ་བརྒྱད་གཞོན་ནུ་བཟང་། །སྐལ་ལྡན་རྒྱ་མཚོ་རྒྱ་མ་མི་འགྱུར་བ། །འབྲི་གུང་ཆོས་རྒྱལ་གནམ་ལྕགས་མེ་འབར་ཞབས། །ཉི་ཟླ་སངས་རྒྱས་དཀར་ཆེན་ལན་བུ་པ། །རྡོ་རྗེ་འཆང་དངོས་དཔལ་འབྱོར་ལྷུན་གྲུབ་རྗེ། །རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ་ཞབས། །ཟ་ཧོར་སྔགས་འཆང་ཟིལ་གནོན་བཞད་པ་རྩལ། །དངོས་དང་བརྒྱུད་པའི་བླ་མའི་ཚོགས་རྣམས་ཀྱིས། །དམ་ཚིག་རྡོ་རྗེའི་རི་མོ་གཙུག་ཏུ་བཀོད། །ལྕེ་ལ་མྱོང་གྲོལ་ཨ་མི་ཏ་བླུད་ནས། །དམ་ཚིག་གཉན་པོ་ཉེ་བར་བསྒྲགས་པ་བཞིན། །ཐུབ་པའི་བསྟན་པ་སྲིད་མཐར་དར་བ་དང་། །དེ་འཛིན་སྐྱེས་བུ་དགེ་འདུན་སྡེ་རྣམས་སྤེལ། །ས་དབང་རྒྱལ་པོའི་སྐུ་ཚེ་མངའ་ཐང་རྒྱས། །འཇིག་རྟེན་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། ཁྱད་པར་མདོ་ཁམས་རྒྱ་ཡུལ་ས་མཚམས་འདིར། །མི་ནད་ཕྱུགས་ནད་དུས་ཀྱི་འཁྲུག་པ་ཞི། །ཆར་ཆུ་དུས་འབེབས་ལོ་ཏོག་སྦྲུམ་ཞིང་འཕེལ། །རྒྱ་བོད་ཚོང་སྒོ་བྱེ་བའི་འདོད་དགུ་འཛོམ། །བྱེ་བྲག་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ནད་གདོན་བར་གཅོད་ཉེར་འཚེ་ཀུན་ཞི་ཞིང་། །ཚེ་དང་བསོད་ནམས་མངའ་ཐང་ལོངས་སྤྱོད་སོགས། །སྲིད་དང་ཞི་བའི་ལེགས་ཚོགས་མ་ལུས་པ། །བསམ་པ་ཇི་བཞིན་ལྷུན་གྱིས་གྲུབ་པ་ཡི། །འཕྲིན་ལས་རྣམ་བཞི་ཕྱོགས་བཅུར་རྒྱས་པར་མཛོད། །ཅེས་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྒེར་གསོལ་གཙོ་བོར་བྱས་པའི་གསོལ་མཆོད་ལས་བཞི་ལྷུན་གྲུབ་འདི་ནི་དར་ཙེ་མདོ་ནས་ས་དཀར་མགོ་པ་རྡོ་རྗེ་སྐྱབས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །(༢༡༦བ)


GLG011_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བཀྱེ། དགེ་བཅུ་ཀུན་ཚང་གཡོར་པོ་ཡར་ཀླུངས་ནུབ། །འཕྱོས་ལུང་དཀར་པོའི་ཡུལ་གྱི་སྨན་ལྗོངས་ནས། །ལྷ་མཆོག་བཙན་རྒོད་ཆེན་པོ་མཐུ་རྩལ་ཅན། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། །མྱོང་གྲོལ་སྨན་གྱི་སྒྲུབ་གནས་ཤེལ་གྱི་བྲག །ཡོན་ཏན་དབེན་གནས་ཞི་ཁྲོ་བགྲང་ཡས་ཀྱི། །དཀྱིལ་འཁོར་བྱེ་བའི་སྲུང་མ་གཏེར་གྱི་བདག །ལྷ་བཙན་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །གངས་ཅན་ས་ཡི་ཐིག་ལེ་སྐྱིད་ཤོད་ཀྱི། །ཤཱཀྱའི་རྒྱལ་པོའི་ཕོ་བྲང་སྐྱོང་བའི་ལྷ། །འཁོར་བཅས་སྒྲིབ་ཀྱི་རྫོང་རི་མཐོན་པོ་ནས། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་༝། །དགོངས་འདུས་བཀའ་སྐྱོང་འབར་བ་སྤུན་བདུན་མཆེད། །ཀོང་མ་སྒྲིབ་བཙན་རྡོ་རྗེ་མཆོག་རྒོད་རྩལ། །ཤར་ཕྱོགས་ཀོང་ཡུལ་རྩེ་ཆེན་བྲག་དམར་ནས། །གནས་འདིར་ཐོགས་པ་མེད་པར་༝། །ལྷ་ཁྱོད་གཤེགས་ཤིང་བཞུགས་པའི་དཀྱིལ་འཁོར་ནི། །ཟངས་ལྕགས་བསེ་མཁར་སྨུག་པོ་ཁྱོན་ཡངས་པ། །བྷནྡྷ་སྐམ་རློན་ཐོད་པའི་ཁ་བད་ཅན། །རྒྱ་མ་རུས་འཕྲེང་གློ་སྙིང་དྲ་བ་དང་། །དྲ་ཕྱེད་རྐང་ལག་འཕན་དང་སྐྲའི་རྔ་ཡབ། །གཡང་གཞི་རྒྱལ་མཚན་ཕྱི་ནང་ཁོར་ཡུག་ཀུན། །གསར་རྙིང་བམ་རོ་ཤ་རུས་ཚལ་བུ་རྣམས། །གཅལ་བཀྲམ་ཁྲག་གི་ཞམ་ཆུ་གསུར་དུད་འཐུལ། །ལྷ་སྲིན་འབྱུང་པོ་ཁུས་འདེབས་བསྭོ་སྒྲ་སྒྲོག །འཇིགས་ཤིང་སྐྱི་གཡའི་ཕོ་བྲང་ཆེན་པོའི་དབུས། །པདྨ་ཉི་མ་དགྲ་བགེགས་བསྣོལ་བའི་སྟེང་། །དགྱེས་པར་བཞུགས་ལ་བཅོལ་བའི་འཕྲིན་ལས་མཛོད། །སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་གིས། །དབང་ཆེན་ཁྲག་འཐུང་དཀྱིལ་འཁོར་ཆེན་པོ་རུ། །དབང་བསྐུར་གཙུག་ཏུ་མི་འདའི་རྡོ་རྗེ་བཀོད། །ལྗགས་ཐོག་བདུད་རྩི་བླུག་པའི་དྲན་གསོའི་ཆེད། །དེང་འདིར་རྣལ་འབྱོར་བདག་དང་ལྷ་བཙན་ཁྱོད། །འཆི་མེད་མྱོང་གྲོལ་སྨན་གྱི་དམ་(༢༡༧ན)


GLG011_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་ནས། །དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར། །གཡར་དམ་གཉན་པོའི་རྒྱ་དེ་མ་དྲལ་ཞིག །མཐུན་པའི་དམ་རྫས་དངོས་བཤམས་ཡིད་སྤྲུལ་པ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་སྦྱངས་བསྒྱུར་སྤེལ། །ནམ་མཁའ་མཛོད་ཀྱི་སྒོ་འཕར་རབ་ཕྱེ་ནས། །མཐུན་པའི་དམ་རྫས་མཆོད་པ་འབུལ་གྱི་བཞེས། །སྣ་ཚོགས་འབྲུ་སྣ་ཚོན་སྤོས་ཤ་ཁྲག་སོགས། །བསྲེས་པའི་དམར་ཆེན་བཤོས་བུ་མཁར་ཐབས་ལ། །ཡིད་འོང་རྒྱན་གྱིས་སྤྲས་པའི་བྷ་ལིནྟ། །བརྟེན་པའི་མཁར་དང་ལྗགས་ཀྱི་དབང་པོར་འབུལ། །ཨ་མྲྀ་ཏ་བསྲེས་འབྲུ་བཅུད་མ་ད་ན། །མྱོང་བ་ཙམ་གྱིས་སྲིད་པའི་འཇིགས་པ་ལས། །གྲོལ་བ་ནུས་པའི་བཏུང་བའི་མཆོག་གྱུར་དང་། །ཇ་ཆང་ཞོ་དར་སྐྱེམས་ཀྱི་མཆོད་པ་འབུལ། །མི་རྟ་བ་ལང་ར་ལུག་ལ་སོགས་པ། །སྲོག་ཆགས་སྣ་ཚོགས་བསད་པའི་ཁྲག་དྲོན་མཚོ། །རྦ་རླབས་འཁྲུག་ཅིང་དབུ་བའི་འཕྲེང་མཛེས་པ། །ལྗགས་ཀྱི་དབང་པོ་སྐོམ་པ་སེལ་ཕྱིར་འབུལ། །བསེ་རྨོག་གླིང་བརྒྱད་རྒྱལ་མཚན་དགུ་བརྩེགས་ཏོག །དོམ་རུ་ཨང་སིང་རྔ་གཅུས་ད་རུ་ཆུང་། །བསེ་ཁྲབ་ཤམ་ལྡན་ཟ་འོག་ཁྲབ་གདན་ལྷམ། །ཞལ་སྐྱེམས་རབ་མཛེས་སྐུ་ཡི་རྒྱན་དུ་འབུལ། །ཐོག་སེར་གང་བའི་སྟག་དོང་གཟིག་ཤུབས་ནང་། །མཆོག་དཀར་གཞུ་དང་རྣོ་ངར་རལ་གྲི་ཞགས། །ཟངས་མདུང་ཙིཏྟ་དམར་པོ་རིན་པོ་ཆེའི། །འཕྲུལ་གྱི་ལྡེ་མིག་ཕྱག་མཚན་རྟེན་དུ་འབུལ། །རྒྱལ་མཚན་ལྷབ་ལྷུབ་དར་ལྕོག་གཤོག་རྒྱངས་ཅན། །སྐུ་རྒྱབ་རབ་མཛེས་དར་ཟབ་ཕང་ཕུང་གཡོ། །སྣང་སྲིད་གསལ་བའི་མེ་ལོང་ཐུགས་ཀར་འཆང་། །སྟོང་གསུམ་བསྐོར་བའི་རྟ་དམར་རླུང་ཤུགས་ཅན། །རིན་ཅེན་སྒ་དང་གོང་(༢༡༧བ)


GLG011_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྨེད་ཆེ་ཆུང་སྲབ། །གསེར་སྦྱངས་ལས་གྲུབ་སྤུ་ལོན་ཟེ་ལོང་ཁེབས། །སྣ་ཚོགས་རྒྱན་འཕྲེང་སྤེལ་ལ་གཡེར་ག་འཁྲོལ། །དར་ལྕེ་རྔ་མའི་རྒྱན་གྱིས་མཛེས་པ་འབུལ། །ཁྲབ་རྨོག་ཞོལ་བཏགས་རྔ་སྤྱོད་པིར་ཕུབ་དང་། །ལྕགས་གཞིབས་གདོང་ལྕགས་མི་རྟ་སྲུང་བའི་གོ །མདའ་མདུང་རལ་གྲི་དགྲ་སྟ་སྤུ་གྲི་སྒྱོགས། །མེ་ཆུའི་འཕྲུལ་འཁོར་གཞན་འཇོམས་མཚོན་ཆ་འབུལ། །སེང་གེ་གླང་ཆེན་མཁའ་ལྡིང་རྟ་དྲེལ་འབྲོང་། །ཞོལ་མོ་ར་ལུག་ཁྱིམ་བྱ་རྔ་མོ་ཁྱི། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང་། །རི་དྭགས་ཆེས་མང་སྲོག་ཆགས་མཐའ་ཀླས་འབུལ། །པདྨ་ཨུཏྤལ་ཆུ་སྐྱེས་ཐང་སྐྱེས་ཀྱི། །སྣ་ཚོགས་མེ་ཏོག་ཐོད་དང་ནོར་བུའི་རྒྱན། །འཇམ་གཉེན་གོས་དང་པི་ཝང་གླིང་བུའི་སྒྲར། །དྲངས་པའི་སྙན་འགྱུར་གླུ་ཡི་འགྱུར་ཁུག་འབུལ། །ཉི་ཟླ་མེ་ཤེལ་ཆུ་ཤེལ་སྒྱུ་སྐར་འོད། །རྩི་བཅུད་འབྲུ་མར་ལས་སྦར་མར་མེའི་འཕྲེང་། །གློག་འོད་ལ་སོགས་མུན་པ་ཀུན་སེལ་བའི། །གཟུགས་བརྙན་ཀུན་གསལ་སྣང་བའི་གཏེར་ཆེན་འབུལ། །ཙནྡན་དཀར་དམར་ཨར་ནག་དུ་རུ་ཀ །ཤུག་པ་མཁན་པོ་བ་ལུ་སྟག་པ་སོགས། །ཤིང་སྣ་སྨན་སྤོས་བྱེ་བྲག་བསྲེགས་པ་ཡི། །བསངས་མཆོད་མ་དག་དྲི་མ་སྦྱང་ཕྱིར་འབུལ། །མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ་བའི་རོ། །ལྡན་དང་འདུས་པར་སྦྱར་བ་རོ་བརྒྱའི་ཟས། །ལུས་མཆོག་དྲི་ཞིམ་ངད་ཀྱིས་བརྟས་བྱེད་པའི། །ག་པུར་གུར་ཀུམ་སྦྱར་བའི་བྱུག་པ་འབུལ། །མིག་རྣ་སྣ་ལྕེ་སྙིང་གི་མེ་ཏོག་འཕྲིག །བམ་ཆེན་རོ་སོལ་ལ་བསྲེགས་དུད་པ་འཐུལ། །ཚིལ་དང་རྐང་མར་ལ་སྦར་སྒྲོན་མེ་གསལ། །ཤ་ཁྲག་ཀླད་ཚིལ་ལྷ་བའི་ཞལ་ཟས་འབུལ། །སེང་གླང་སྟག་གཟིག་དོམ་དྲེད་པགས་པའི་རིགས། །དར་ཟབ་རྒྱལ་མཚན་བླ་བྲེ་འཕན་དང་གདུགས། །སྐམ་རློན་མི་མགོའི་དོ་ཤལ་རུས་པའི་རྒྱན། །སྦྲུལ་(༢༡༨ན)


GLG011_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཆུན་བྱུག་པའི་རྫས་གསུམ་མ་ལུས་འབུལ། །རི་རབ་གླིང་བཞི་ལྕགས་རིིའི་ཁོར་ཡུག་ནང་། །ཕུན་ཚོགས་འདོད་ཡོན་བྱུར་བུར་སྤུངས་པ་ཀུན། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ་བྱེད་ན། །ཐུགས་དམ་གཉེན་པོ་དབྱིངས་སུ་སྐོང་གྱུར་ཅིག །སྣ་ཚོགས་པདྨ་ཉི་མ་རྟ་མཆོག་སྟེང་། །བྱུ་རུའི་མདངས་ལྡན་དབང་གི་སྐྱེས་བུ་ཆེ། །སྲ་བའི་གོ་སྤྲད་རྣོ་བའི་མཚོན་ཐོགས་ནས། །དགྲ་བགེགས་ཐལ་བར་རླག་བྱེད་ཁྱོད་ལ་བསྟོད། །ཁྲག་གི་སྒོ་ང་ལས་སྐྱེས་མི་སྲུན་རིགས། །སྦྲུལ་མགོའི་གདེངས་ཀ་བདུན་ལྡན་ཀླུ་མ་བཙན། །སྣང་སྲིད་དྲེགས་པའི་དམག་གི་སྣ་འདྲེན་པ། །མཐུ་སྟོབས་རྫུ་འཕྲུལ་དཔག་དཀའ་ཁྱོད་ལ་བསྟོད། །རང་འདྲའི་མཆེད་པོ་སུམ་བརྒྱ་དྲུག་ཅུའི་འཁོར། །དགྲ་བོའི་བླ་སྲོག་ཤ་ཁྲག་དྲོན་མོ་ལ། །རྔམས་པའི་ཁ་གདངས་སྟོང་གསུམ་སྐད་ཅིག་ལ། །རབ་མྱུལ་འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་བསྟོད། །སངས་རྒྱས་ཀུན་དངོས་མཚོ་སྐྱེས་རྡོ་རྗེ་དང་། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་དང་ཉང་། །བཀའ་གཏེར་བརྒྱུད་པའི་བླ་མ་རིམ་བྱོན་གྱིས། །དབང་བསྐུར་དམ་ཚིག་བསྒྲགས་པ་ཉེར་དགོངས་ལ། །མདོ་སྔགས་བཤད་སྒྲུབ་བསྟན་པ་རིན་ཅེན་དང་། །དེ་འཛིན་སྐྱེས་བུ་བླ་མཆོད་རྣམ་གཉིས་སྡེ། །གངས་ཅན་སྐྱེ་རྒུའི་བདེ་སྐྱིད་མ་ལུས་པ། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་མཛོད། །སྟོབས་ཀྱི་འཁོར་ལོ་ཡངས་པའི་ས་ཆེན་པོར། །དབང་སྒྱུར་དགའ་བའི་དཔལ་ལྡན་ཕོ་བྲང་ཆེའི། །མི་བདག་རིགས་བརྒྱུད་སྐུ་ཚེ་མངའ་ཐང་དང་། །ཆབ་སྲིད་སྟོབས་འབྱོར་བླ་ནས་བླར་འཕེལ་མཛོད། །བདག་སོགས་ལྷ་བདག་ཆེད་དུ་གསོལ་མཆོད་མཁན། །དགོན་གྲོང་ཡུལ་སྡེར་བཅས་པ་མ་ལུས་པར། །མི་མཐུན་ཉེར་འཚེའི་ཕྱོགས་རྣམས་རབ་ཞི་ཞིང་། །བསམས་པའི་(༢༡༨བ)


GLG011_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །རུ་བཞི་རྒྱལ་ཁམས་སྤྱི་དང་བྱེ་བྲག་ཏུ། །ནད་གདོན་གཡུལ་འཁྲུག་དབུལ་ཕོངས་སྡུག་བསྔལ་མིང་། །མཐར་བྱས་ལོ་འབྲས་དུས་སྨིན་ཚོང་འདུས་སོགས། །ལོངས་སྤྱོད་ལྷ་ཡི་དཔལ་ལ་འགྲན་ནུས་མཛོད། །མདོར་ན་ཡོངས་འདུའི་ལྗོན་པ་རིན་ཅེན་རི། །མ་རྨོས་ལོ་ཏོག་འདོད་འཇོའི་བ་མོ་ལྟར། །བསམས་པའི་རེ་བ་མ་ལུས་སྐོང་མཛད་པའི། །ལྷ་བཙན་དགྲ་ལྷ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་འཕྱོས་སྒྲིབ་བཙན་པའི་གསོལ་མཆོད་རྒྱས་པ་ཞིག་དགོས་ཞེས་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་སྤུན་གྱིས་འབད་པ་ཆེན་པོས་བསྐུལ་བ་ལྟར་བདག་བསྐྱེད་མཆོད་གཏོར་བརླབ་པ་དང་འབུལ་བ་སོགས་གསོལ་མཆོད་སྤྱི་དང་འདྲ་བས་ཁ་འཕངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ།།གཤིན་རྗེ་གཤེད་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ། །ཐུན་མོང་འགྲོ་ངོར་དབྱངས་ཅན་ངག་གི་ལྷ། །གདུག་པ་འདུལ་ཕྱིར་དམག་ཟོར་རྒྱལ་མོའི་སྐུར། །ལེགས་བསྟན་འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །ཆོས་དབྱིངས་བདེ་བ་ཆེན་པོར་ཉེར་ཞི་ཡང་། །གདུག་པ་འདུལ་ལ་སྣ་ཚོགས་གཟུགས་ཀྱི་སྐུ། །གཏུམ་ཆེན་སྲིན་མོ་ཁྲོས་འདྲའི་སྒྱུ་འཕྲུལ་གར། །སྟོན་མཛད་དཔལ་ལྡན་རེ་མ་ཏི་ལ་བསྟོད། །བསྐལ་བཟང་རྣམ་འདྲེན་གསུམ་པ་འོད་སྲུངས་ཀྱི། །བསྟན་པའི་མཇུག་ཏུ་ཤཱཀྱ་སེང་གེ་ཡི། །རིང་ལུགས་སྐྱོང་བར་སྨོན་ལམ་ལྷན་ཅིག་ཏུ། །ལེགས་བཏབས་སྲིད་གསུམ་བདག་མོ་ཁྱོད་ལ་བསྟོད། །ངེས་པའི་དོན་དུ་རྒྱལ་བ་ཀུན་གྱི་ཡུམ། །ཀུན་རྫོབ་འཇིག་རྟེན་རང་རྒྱུད་པར་བསྟན་ཚེ། །རྡོ་རྗེ་འཆང་དང་རྟ་མཆོག་ཕྱག་རྡོར་གྱིས། །དབང་བསྐུར་དམ་བསྒྲགས་བསྟན་པའི་སྲུང་མར་བསྐོས། །པཎ་ཆེན་ལྭ་བ་དམར་པོ་ནས་བཟུང་སྟེ། །རྩ་བ་རྒྱུད་པའི་བླ་མ་ཐམས་ཅད་ཀྱིས། །བསྟན་དང་འགྲོ་བའི་ཕན་བདེ་སྤེལ་(༢༡༩ན)


GLG011_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི། །བྱེད་པོར་མངའ་གསོལ་དམ་ཚིག་གཉེར་དུ་གཏད། །དེང་འདིར་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ། །རིགས་དང་བརྒྱུད་པར་བཅས་རྣམས་གཉེར་གཏད་པས། །ཉིན་མཚན་ཀུན་ཏུ་མེལ་ཚེ་ལེགས་མཛད་ནས། །གནོད་བྱེད་དགྲ་བགེགས་བར་ཆད་ཀུན་ལས་སྐྱོབས། །ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་དང་། །ཆོས་དང་སྲིད་ཀྱི་ཡོན་ཏན་མ་ལུས་པ། །ཡར་ངོའི་ཟླ་བ་ལྟ་བུར་ཡོངས་སྤེལ་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོར་སྲུང་མ་གང་འགོའི་བརྟག་པ་དང་གང་བབས་ལ་འཕྲིན་བཅོལ་གཉེར་གཏད་དགོས་ཚུལ་བྱུང་བ་ལྟར་ད་ལྟ་བསྟེན་པའི་སྲུང་མ་རྣམས་འབྲེལ་མི་ཆགས་པ་མི་འདུག་རུང་དཔལ་ལྡན་དམག་ཟོར་མ་གཙོ་ཆེ་བར་ཤར་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ན་མ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། གདེངས་ཅན་ཚོགས་ཀྱི་ལྷ་གཅིག་པད་དཀར་འཆང་། །ཞབས་ཟུང་གཙུག་ཏུ་བསྟེན་ནས་གངས་ལྗོངས་ཀྱི། །ཀླུ་རྒྱལ་མལ་གྲོ་གཟི་ཆེན་དགྱེས་བསྐྱེད་པའི། །མཆོད་སྤྲིན་ཕན་བདེའི་འབྱུང་གནས་དེང་འདིར་སྤེལ། །ཀླུ་རྒྱལ་མལ་གྲོ་གཟི་ཆེན་ལ་མཆོད་གསོལ་བྱ་བར་འདོད་པས། མཆོད་གཏོར། ཀླུ་སྨན། འོ་འཆོལ་སོགས་ཚོགས་པར་བྱས། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་གཏོར་མའི་བགེགས་བསངས། རྡོ་རྗེ་མེའི་ཕྱག་རྒྱ་དང་ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷ་ཉྫ་ར་ཌ་ཕཊ་ཀྱིས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཀླུ་རྣམས་དགའ་བར་བྱེད་པའི་བདུད་རྩིའི་རྒྱ་མཚོས་གང་བར་བསམ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་པའི་ཚུལ་དང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཌཱ་(༢༡༩བ)


GLG011_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་དྱ་ནུཏྤནཱ་ཏྭཱ་ཏ་ཨོཾ་ཨཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ལས་ཀླུ་རྣམས་ཇི་ལྟར་འདོད་པའི་ཡོ་བྱད་ཐམས་ཅད་ཐོགས་པ་མེད་པར་འབྱུང་བར་བསམས་ལ། འདོད་རྒྱལ་གྱི་ཕྱག་རྒྱ་དང་བཅས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ཀླུའི་རྒྱལ་པོ་མལ་གྲོ་གཟི་ཆེན་ལ་བོད་ཡུལ་ན་གནས་པའི་ཀླུ་གཉན་ས་བདག་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་མོས་ལ། ཨོཾ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛཿཛཿསྭཱ་ཧཱ། ལན་གསུམ་དང་། ཀྱེ། དབུས་གཙང་རུ་བཞིའི་ཡུལ་ཁམས་སུ། །དབང་བསྒྱུར་ཀླུ་རྒྱལ་གཟི་ཆེན་ལ། །ཀླུ་གཉན་ས་བདག་གྲངས་མེད་ཀྱིས། །བསྐོར་བ་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝཿཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་པས་མདུན་དུ་བྱོན་པར་བསམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་མ་ཧཱ་ནཱ་ག་ཨ་ཏི་པ་ཏ་ཡེ་གྲཧྣེ་ད་ན་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ་བཅུག་པས་མཆོད། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་དང་། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་སེ་གོལ་གཏོག་པ་དང་བཅས། ལན་གསུམ་དང་། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་གཏོར་མ་བསྔོ། ཀླུ་རྣམས་ལ་བདེ་བ་བྱིན་པའི་གཟུངས་ནི། ཏདྱ་ཐཱ། དྷཱ་ར་ཎི་དྷ་ར་ཎི་ཨུདྡྷཱ་ར་ཎི། སཾ་པྲ་ཏིཥྛ་ཏེ་བི་ཛ་ཡ་བཪྞ། ས་ཏྱ་པྲ་ཏི་ཛྙཱ་ས་ར་ཧཱ། ཛྙཱ་ན་པ་ཏི། ཨུཏྤ་ད་ནི་བི་ནཱ་མ་ནི། ཨ་བྷི་ཥིཉྩ་ནི། ཨ་བྷི་བྱ་ཧཱ་ར། ཤུ་བྷཱི་བི་ཧི། ཨ་ཛི་མ་རུ། ཨེ་ཧི་ཀུ་མ་བཱ་ན། མཱ་ཧ་ཧ་ར་ཀླེ་ཤཱ་ན། དྷུ་ན་པཱ་པ་མ། ཤོ་དྷ་ཡ། མཱ་རྒ་ན། བི་རཱ་ཧི་ཀ་དྷརྨ་ཧཱ་ཤུདྡྷཾ། ལོ་ཀ་བི་ཏི་མ་ཏི་རཱ་ཛ་ས་དུ་ཁ། ཤ་མ་ཎ་སརྦ་བུདྡྷཾ་ཨ་པ་ལོ་ཀེ་ན་ཨ་དྷིཥྛ་ཏེ་པྲ་ཛྙཱ་ཛྙཱ་ན་བྷེ་སྭ་ཧཱ། ལན་གསུམ་འདོན། ཀྱེ། དྲི་(༢༢༠ན)


GLG011_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་སྨན་གྱིས་སྦགས་པའི་མཆོད་ཡོན་འདི། །ཀླུ་རྒྱལ་འཁོར་དང་བཅས་པའི་ཞལ་དུ་འབུལ། །པདྨ་ཨུཏྤལ་ཆུ་དང་ཐང་སྐྱེས་པའི། །མེ་ཏོག་སྣ་ཚོགས་སྐུ་ཡི་རྒྱན་དུ་འབུལ། །དྲི་ཞིམ་ཤིང་དང་སྨན་སྣ་དཀར་གསུམ་གྱི། །གསུར་དུད་བདུག་སྤོས་ཤངས་ཀྱི་དབང་པོར་འབུལ། །ཉི་ཟླ་ནོར་བུ་རྩི་བཅུད་མར་དཀར་གྱི། །སྣང་གསལ་སྒྲོན་མེ་སྤྱན་གྱི་ཡུལ་དུ་འབུལ། །བཟང་དྲུག་ཙནྡན་དཀར་དམར་ག་པུར་གྱི། །དྲི་ལྡན་སྐུ་ལ་བྱུག་པའི་རྫས་སུ་འབུལ། །ལྷ་མིའི་བཟའ་བཅའ་བཏུང་བའི་བྱེ་བྲག་ཚོགས། །རོ་བརྒྱ་ལྡན་པའི་ཟས་མཆོག་ཞལ་དུ་འབུལ། །སིལ་སྙན་གླིང་བུ་ཏིང་ཏིང་ཤགས་ལ་སོགས། །རོལ་མོའི་སྒྲ་དབྱངས་སྙན་གྱི་དབང་པོར་འབུལ། །ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་འཛུམ། །དཔག་བསམ་ལྗོན་པ་ཙནྡན་བྱུག་པ་དང་། །འབྲས་བུ་ཅན་དང་རི་ཀླུངས་ཤིང་ནགས་འཕྲེང་། །མཚོ་རྫིང་ཀླུང་ཆེན་ཀླུང་ཕྲན་ལུ་མ་དང་། །སྤང་ལྗོངས་སྐྱེད་ཚལ་རིན་ཅེན་ཁང་བཟང་བྲག །ཡིད་བཞིན་ནོར་བུ་དབང་སྔོན་བཻཌཱུརྱ། །པད་རཱཀ་མ་རྒད་པུག་དང་ཀེ་ཀེ་རུ། །མན་ཤེལ་ཕ་ལམ་གསེར་དངུལ་མུཀྟི་ཀཿ། །བྱུ་རུ་སྦུར་ལེན་སྣ་ཚོགས་རིན་པོ་ཆེ། །ཟ་འོག་བླ་བྲེ་འཕན་གདུགས་རྒྱལ་མཚན་གོས། །དར་ཚོན་འབྲུ་སྣ་དཀར་གསུམ་ཇ་ཡི་རིགས། །ག་པུར་ཛཱ་ཏི་ཀུར་གུམ་ཙནྡན་གཉིས། །དབང་ལག་ནཱ་གི་ད་ཆུང་དཀར་དམར་དུང་། །རྒྱ་དར་ཟི་ཧུན་ཞོ་ཤ་རྣམ་གསུམ་གཟི། །རབ་དམར་སྤུ་ཤེལ་རྩེ་དང་རྨ་བྱའི་མདོངས། །སྦྲུལ་ཤུན་ཐང་ལོ་སྨྱུགས་ལོ་འདམ་བུ་ཀར། །སྤོས་དཀར་དངར་གསུམ་དྲི་ཞིམ་མེ་ཏོག་ཚོགས། །ཤིང་ཏོག་རིན་ཅེན་རྒྱ་མཚོ་ལྦུ་བ་དང་། །སླེ་ཏྲེས་ལི་ཤི་སུག་སྨེལ་གེ་སར་གསུམ། །དཀར་ནག་ཟ་ར་ཨུཏྤལ་ཨ་བར་སྐྱར། །སྤང་སྤོས་དཀར་ནག་ཏིལ་དང་རྡོ་རྗེ་གཉིས། །སོ་མ་ར་ཙ་(༢༢༠བ)


GLG011_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྒུན་འབྲུམ་ཤིང་དངར་དང་། །ཀ་པེད་ཀཎྜ་ཀ་རི་ཀ་ཀོ་ལ། །རུ་རྟ་གོ་ཡུ་ཨ་འབྲས་སྲ་འབྲས་དང་། །ཨར་ནག་ཀ་ར་བུ་རམ་སྦྲང་རྩི་མངར། །བ་དམར་ར་དཀར་འོ་མར་སྦྱར་བའི་སྨན། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྟགས་བརྒྱད་རྫས། །རིན་ཅེན་རི་བོ་མ་རྨོས་ལོ་ཏོག་ཚོགས། །འདོད་འཇོའི་བ་མཛོ་སྡོམ་སྡིག་སྦལ་སྦྲུལ་ཉ། །ལྕོང་མོ་ལ་སོགས་དཀོར་ནོར་ཡིན་ནོ་ཅོག །ཀླུ་རྒྱལ་འཁོར་ཚོགས་མཉེས་པའི་མཆོད་པར་འབུལ། །དགྱེས་པ་ཆེན་པོར་རོལ་ཞིང་ཚིམ་པ་ཡིས། །སྐུ་གསུང་ཐུགས་ལ་ཟུག་རྔུའི་ནད་དང་སྒྲིབ། །ཉེས་པའི་ཚོགས་ཀུན་བྱང་ཞིང་དག་གྱུར་ཅིག །བཅོམ་ལྡན་ཤཱཀྱ་ཐུབ་པས་ཀླུ་ཡི་ཚོགས། །རྗེས་བཟུང་ཆོས་བསྟན་ཐར་པའི་ས་བོན་བཞག །ཀླུ་སྒྲུབ་སྙིང་པོས་ཀླུ་ཡི་ཡུལ་བྱོན་ནས། །ཕན་བདེ་ལ་སྦྱར་འདོད་པའི་རེ་བ་བསྐང་། །ཨྱོན་མཁན་པོ་པདྨ་སཾ་བྷཱ་ཝས། །སྣང་སྲིད་ལྷ་སྲིན་མཐའ་དག་དམ་ལ་བཏགས། །ཁྱད་པར་བསམ་ཡས་གཙུག་ལག་བཞེངས་པའི་དུས། །མལ་གྲོའི་མཚོ་འགྲམ་དོང་སྤྲུག་ཆོ་ག་མཛད། །མི་ཡི་བཙད་པོ་ཁྲི་སྲོོང་ལྡེའུ་བཙན་གྱི། །གྲོགས་སུ་ཀླུ་ཡི་རྒྱལ་པོ་ཁྱོད་བཀུག་ནས། །ཕན་འདོགས་གནོད་པ་སྤོང་བར་བཀའ་བསྒོས་པ། །དམ་ཚིག་གཉན་པོ་མ་གཡེལ་ཉེ་བར་དགོངས། །གཞན་ཡང་གཤེན་རབ་མི་བོའི་རྗེས་འབྲང་བོན། །གསང་ཆེན་རྙིང་མའི་སྔགས་འཆང་དུ་མ་ཡིས། །མཐུན་པའི་རྫས་བསགས་གཏའ་བསྡམས་ཀླུ་རྟེན་བཙུགས། །ཉེས་སེལ་མཐུན་རྐྱེན་བསྒྲུབ་པར་མ་ཆད་དམ། །དེང་འདིར་བདག་གིས་མཐུན་པའི་ཡོ་བྱད་བསགས། །སྔགས་རྫས་ཕྱག་རྒྱ་ཏིང་འཛིན་མ་ནོར་བར། །ཀླུ་རྒྱལ་འཁོར་དང་བཅས་པ་མཆོད་བྱས་པའི། །ཡིད་ལ་བརྣག་པའི་འདོད་དོན་ཞུ་བ་ནི། །སྙིགས་དུས་མི་རྣམས་རྩིང་སྤྱོད་ཆེས་དར་བས། །ས་གཉེན་བརྐོས་ཤིང་རྡོ་གཉན་གཤགས་པ་དང་། །ཤིང་(༢༢༡ན)


GLG011_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་བཅད་ཅིང་མཚོ་གཉན་དཀྲུག་པ་ཡིས། །ཀླུ་གཉན་ས་བདག་རྣམས་ལ་འཕོག་ཐུག་གི །ཉེས་པར་གྱུར་རྣམས་བཤགས་སོ་ཚངས་པར་མཛོད། །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་འདིར། །ཀླད་གཟེར་གག་ལྷོག་གཟེར་ཐུང་བཤལ་རམས་དང་། །ཉྭ་ལོག་འཁྲུ་སྐྱུག་བེ་གེ་འབྲུམ་པའི་རིགས། །འོན་ལོང་ཞ་རེངས་དམུ་ཆུ་རྡེལ་ནད་སོགས། །སྣ་ཚོགས་ནད་དང་བཙའ་ཐན་སད་སེར་འབུས། །ལོ་ཉེས་བཀྲེས་ཕོངས་ཆུ་རྒོད་བརྡོལ་བ་དང་། །མ་རུང་ས་གཡོས་འཐབ་རྩོད་གཡུལ་བཤམས་སོགས། །མི་མཐུན་ཉེས་པའི་ཚོགས་ཀུན་ཞི་བར་མཛོད། །བདག་སོགས་རྒྱུ་སྦྱོར་མི་ནོར་འཁོར་བཅས་ལ། །བན་བུན་གདུག་པས་སྐམ་གཤེར་གཏད་ཁྲམ་རིགས། །གང་བྱས་དང་དུ་མི་ལེན་རུལ་པ་དང་། །རྦོད་གཏོང་ཁོ་རང་རྣམས་ཀྱི་གཤེད་དུ་ཕབ། །ཆར་ཆུ་དུས་སུ་སྙོམས་ཤིང་འབབ་པ་ཡི། །ལོ་ཏོག་སྨིན་ཞིང་ལྗོན་ཤིང་རྩྭ་རྣམས་འཕེལ། །མི་ཕྱུགས་མཐའ་དག་ནད་མེད་རིང་དུ་འཚོ། །བདེ་ཞིང་སྐྱིད་པའི་དཔལ་ལ་སྦྱོར་བར་མཛོད། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཏེ་ཥྛཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་(༢༢༡བ)


GLG011_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་ཆོས་ཀྱི་སྦྱིན་པ་བྱ། །དཀོན་ཅོག་གསུམ་གྱི་བདེན་པ་དང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱིན་གྱིས་རླབས་དང་། །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། །ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་མཐུས་ཀླུ་གཉན་ས་བདག་ཐམས་ཅད་མཁའ་ལྡིང་དང་བྱེ་ཚན་དང་མེ་དང་རྫས་སྦྱོར་ངན་པའི་འཇིགས་པ་ཐམས་ཅད་དང་བྲལ་ནས་ལུས་ངག་ཡིད་གསུམ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཀླུས་ཀྱང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པ་དང་། །རྒྱལ་པོ་ཆོས་བཞིན་སྤྱོད་པ་དང་། །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པ་དང་། །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སེམས་ཅན་ནད་པ་ཇི་སྙེད་པ། །དེ་ཀུན་ནད་ལས་ཐར་བར་ཤོག །འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེ། །བདག་གི་དགེ་བའི་རྩ་བ་འདི་དག་ཀྱང་། །བཟང་པོ་སྤྱོད་ཕྱིར་ཡོངས་སུ་བསྔོ་བར་བགྱི། །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་(༢༢༢ན)


GLG011_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག །ཅེས་སྨོན་ལམ་བཏབ། །ཨོཾ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་གཙྪ། ཞེས་པས་དཀར་ཕྱོགས་ཀྱི་ཀླུ་རིགས་རྣམས་རང་གནས་སུ་གཤེགས། །བྱ་ཁྱུང་གི་ཕྱག་རྒྱ་དང་། །ཨོཾ་ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། །ཞེས་པས་ནག་པོའི་ཀླུ་རིགས་རྣམས་བསྐྲད་པར་མོས། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །སོགས་བཀྲ་ཤིས་ཅི་རིགས་བྱའོ། །ལྷག་བསམ་པད་རྩ་ལྟ་བུ་དཀར་བ་ཡིས། །ཀླུ་རྒྱལ་སྒོ་གསུམ་ཚིམ་པའི་དགེ་བ་ལ། །བརྟེན་ནས་འགྲོ་ཀུན་ལས་ཉོན་སྡིག་སྒྲིབ་དང་། །ནད་གནོད་སྡུག་བསྔལ་མཐའ་དག་ཞི་བར་ཤོག །ཅེས་ཀླུ་རྒྱལ་མལ་གྲོ་གཟི་ཆེན་ལ་བརྟེན་ནས་ཀླུ་མཆོད་བྱ་བའི་ཚུལ་རྒྱས་པ་ཞིག་དགོས་ཞེས་འཕྱོང་རྒྱས་ཀྱི་བོན་པོ་ཟླ་བ་རྒྱལ་མཚན། བཀྲ་ཤིས་ཚེ་བརྟན། ཆགས་མ་བ་གསུམ་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །དམག་དཔོན་གངས་ལ་ཉི་ཤར་གནས་འདིར་སྤྱོན། །དགྱེས་པའི་གདན་ལ་བརྟན་པར་བཞུགས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་ཚོགས་མ་ལུས་པ། །དངོས་སུ་བཤམས་དང་ཡིད་ཀྱི་སྤྲུལ་ནས་འབུལ། །ཚེ་དབང་རྡོ་རྗེ་རིགས་བརྒྱུད་གཡོག་འཁོར་གྱི། །མ་རིག་དབང་གིས་ཉམས་གྲིབ་མི་གཙང་དང་། །དུས་ཀྱི་མཆོད་གཏོར་ཆག་སོགས་ཉེས་པ་ཀུན། །མཐོལ་ཞིང་བཤགས་ན་ཚངས་པའི་དངོས་གྲུབ་རྩོལ། །སྲུང་མ་ཁྱོད་ཀྱི་བཀའ་དང་འགལ་བ་རྣམས། །སྔོན་ཆད་མནོང་ཞིང་རབ་འགྱོད་དེང་ནས་བཟུང་། །མི་ཤེས་གོང་ཕུད་སྒོ་གསུམ་ཅི་ནུས་སུ། །རྣམ་དག་བསམ་པས་བསྒྲུབ་པར་དམ་བཅའོ། །ལུས་ཀྱི་ན་ཚ་སེམས་ལ་སྡུག་བསྔལ་(༢༢༢བ)


GLG011_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བསམ་པར་བར་གཅོད་ཚེ་སྲོག་འཕྲོག་འཇོམས་པའི། །མི་བཟད་ཟུག་རྔུ་དྲག་པོས་ཆེས་མནར་བ། །འཁུ་ལྡོག་བྱད་དང་ཆད་པ་ལས་གྲོལ་མཛོད། །ཚེ་རིང་ནད་མེད་ལོངས་སྤྱོད་ཕུན་སུམ་ཚོགས། །ལུས་ངག་ཡིད་གསུམ་ཚོར་བ་བདེ་ཆེན་མྱོང་། འབད་དང་རྩོལ་བར་བལྟོས་མིན་བསམས་དོན་ཀུན། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛད་དུ་གསོལ། །ཞེས་པའང་གངས་ལ་ཉི་ཤར་གྱི་ཁོག་པར་ལྷ་ནད་དྲག་པོ་བྱུང་སྐབས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་སྲོག་གི་སྙིང་པོ་ལེགས་ཕུལ་ནས། །བསྟན་འགྲོའི་སྲུང་མར་ཁས་བླངས་མཐུ་རྩལ་ཅན། །ཐ་འོག་ཆོས་རྒྱལ་འཁོར་བཅས་གནས་འདིར་སྤྱོན། །ཕྱི་རུ་རིན་ཅེན་སྣ་ལྔའི་ཕོ་བྲང་མཛེས། །ནང་དུ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་། །པདྨ་ཉི་ཟླ་དགྲ་བགེགས་གན་རྐྱལ་དང་། ཁ་བུབ་བསྙོལ་བའི་རབ་བརྗིད་གདན་སྟེང་དུ། །སྐུ་མདོག་སྨུག་ནག་ཁྲོ་གཏུམ་འཇིགས་པའི་གཟུགས། །ཟབ་བེར་ཁྲ་བོར་གསེར་འོད་བཀྲ་ཅན་དང་། །གསག་ཐེབ་གྱོན་ཞིང་རྡོ་རྗེ་གསེག་ཤང་ཐོགས། །འཕྲོག་བྱེད་སྟེང་ན་བརྐྱང་བསྐུམ་ཚུལ་གྱིས་འགྱིང་། །གསང་བའི་ཡུམ་གཅིག་བཀའ་བསྡོད་བློན་པོ་དང་། །སྤྲུལ་པ་ཡང་སྤྲུལ་ལས་བྱེད་ཕོ་ཉ་སོགས། །བཀའ་ཉན་འཁོར་ཚོགས་དམ་ཅན་རྒྱ་མཚོ་རྣམས། །རང་རང་དགྱེས་པའི་གདན་ལ་བརྟན་པར་བཞུགས། །གཡའ་གངས་ཆུ་ཀླུང་གཙང་མའི་མཆོད་ཡོན་དང་། ཁྲག་གི་ཨརྒྷཾ་དམར་སེར་ལྦུ་འཕྲེང་འཁྲིགས། །པདྨ་ཨུཏྤལ་ཆུ་སྐྱེས་མདངས་བཀྲག་མཚར། །དབང་པོ་སྣ་ལྔའི་མེ་ཏོག་འཕྲིག་ཅིང་འདར། །བཟང་སྨན་ཤིང་སྣའི་བསངས་དུད་(༢༢༣ན)


GLG011_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ལོང་གཡོ། །བམ་ཆེན་རོ་སོལ་མེར་བསྲེགས་བདུག་སྤོས་འཐུལ། །ཉི་ཟླ་ནོར་བུ་ཞུན་མའི་སྣང་གསལ་དང་། །ཚིལ་ཆེན་རོ་སྐྲར་ཞུགས་ཀྱི་ཕུང་པོ་འབར། །ག་བུར་ཙནྡན་གུར་གུམ་དྲི་ངད་འཐུལ། །ཁྲག་དང་མཁྲིས་པ་ཐུགས་ཀར་བྱུག་པའི་རྫས། །ལྷ་མིའི་ཟས་མཆོག་རོ་བརྒྱ་བདའ་བའི་བཤོས། །ཤ་རུས་ནང་ཁྲོལ་ཞག་ཚིལ་ཕུང་པོར་སྤུངས། །པི་ཝཾ་གླིང་བུ་རྫ་རྔ་སིལ་སྙན་འཁྲོལ། །ཐོད་པའི་ཅང་ཏེའུ་མི་རྐང་གླིང་བུ་འབུད། །དམ་རྫས་གཏོར་མའི་རི་བོ་མཁའ་ལ་བསྙེག །ཁྲག་ཆང་རྒྱ་ཇའི་བཏུང་བ་མཚོ་ལྟར་འཁྱིལ། །སེང་གེ་གླང་ཆེན་དྲེའུ་རྟ་འདོད་འཇོའི་བ། །འབྲོང་གཡག་ཞོལ་མོ་ར་ལུག་ཅེ་སྤྱང་ཁྱི། །སྟག་གཟིག་དོམ་དྲེད་གཡི་གུང་འཕར་སྤྱང་གསའ། །རྒོད་ཁྲ་བྱ་འུག་ཁྲུང་ཁྲུང་ངང་ངུར་ཁྱུང་། །ཤ་དགོ་གླ་རྩོད་ཁྲི་གཉན་བསེ་རུ་རྒྱ། ཕག་རྒོད་ཁྱིམ་བྱ་སྤྲ་སྤྲེལ་བྱི་བ་དང་། མོན་པ་ཛོ་ཀི་འབག་སེང་བྲོ་ཤོན་གཞས། །གོ་མཚོན་པར་བུ་ལྷུང་བཟེད་ཀ་པཱ་ལ། །སྣམ་སྦྱར་ཙེ་བེར་ཕོད་ཀ་རིན་ཆེན་སྦྲུལ། །རུས་རྒྱན་ཐེབ་ཞུ་སག་ལྷམ་སྐ་རགས་དང་། །འཕན་གདུགས་བླ་བྲེ་རྒྱལ་མཚན་ལྡ་ལྡི་བྲེས། །འདོད་ཡོན་སྣ་ལྔ་ལྷུན་པོ་གླིང་བཞིར་བཅས། །ལྷ་མིའི་དཔལ་འབྱོར་ཡོད་དོ་ཅོག་རྣམས་ཀུན། །སྟོབས་ལྡན་རྒྱལ་པོ་ཆེན་པོ་འཁོར་བཅས་ལ། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ལེགས་འབུལ་གྱི། །བཞེས་ནས་བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ན་ཚོད་ཡར་རྒན་ཅུང་ཟད་འགྲམ་ཤ་གཟར། །སྣམ་སྦྱར་བླ་གོས་མཐང་ཤམ་ངུར་སྨྲིག་ཆས། །དགེ་སློང་སྡོམ་བརྩོན་ཞི་དུལ་རྣམ་འགྱུར་ལྡན། །སྤྲུལ་པ་སྣ་ཚོགས་སྟོན་པ་ཁྱོད་ལ་བསྟོད། །ཟ་འོག་ཁྲ་བོ་གསེར་གྱི་རི་མོ་ཅན། །འོད་འབར་ཙེ་བེར་གསག་ཐེབ་ཆས་ཀྱིས་བརྗིད། །ཕྱག་གཡས་འཁར་གསིལ་གཡོན་པ་ལྷུང་བཟེད་འཛིན། །ཉན་ཐོས་(༢༢༣བ)


GLG011_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་ཚུལ་འཛིན་ཁྱོད་ལ་བསྟོད། །ཞལ་གདངས་མཆེ་གཅིགས་སྨ་ར་དབུ་སྐྲ་སེར། །དམར་ཟླུམ་སྤྱན་བགྲད་གསག་ཐེབ་བེར་ཆེན་གསོལ། །རྡོ་རྗེ་སེག་ཤང་ཐོགས་ནས་གདོང་ལྔའི་སྟེང་། །རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་ལ་བསྟོད། །གཞན་ཡང་རྟ་ནག་གཉིས་འཐུང་ལ་སོགས་པ། །སྣ་ཚོགས་ཞོན་པར་བཅིབས་དང་གོམ་འགྲོས་ཀྱིས། །སྟེང་འོག་ཕྱོགས་མཚམས་མྱུལ་བའི་མཐུ་མངའ་བ། །སྤྲུལ་པའི་རྒྱལ་པོ་ཆེན་པོ་ཁྱོད་ལ་བསྟོད། །བདེ་ཆེན་དགའ་བཞི་སྟེར་བ་གསང་བའི་ཡུམ། །ལས་ཀུན་ཐོགས་མེད་བསྒྲུབ་པ་མདུན་ན་འདོན། །མངག་གཞུག་ཀིངྐཱ་ར་སོགས་རྫུ་འཕྲུལ་རྩལ། །ཐོགས་མེད་བཀའ་ཉན་འཁོར་དང་བཅས་ལ་བསྟོད། །རྒྱ་གར་ཨཽཌྜི་ཡཱ་ནའི་པཎ་ཆེན་གྱིས། །གཙུག་ཏུ་རྡོ་རྗེ་ལྕེ་ཐོག་ཨ་མྲྀ་ཏ། །བླུད་ནས་བཀའ་བསྒོས་ཇི་བཞིན་ཁས་བླངས་པའི། །དམ་ཚིག་གཉན་པོ་མ་གཡེལ་ཉེ་བར་དགོངས། །ཐུབ་པའི་བསྟན་སྲུངས་བླ་མའི་སྐུ་ཚེ་སྤེལ། །དགེ་འདུན་ཚོགས་རྣམས་ཐུགས་མཐུན་བཤད་སྒྲུབ་འཕེལ། །ས་སྤྱོད་རྒྱལ་པོའི་སྐུ་ཚེ་ཆབ་སྲིད་རྒྱས། །འཇིག་རྟེན་ཁམས་སུ་བདེ་སྐྱིད་དར་བར་ཤོག །ཁྱད་པར་ཕྱོགས་འདིར་ལྷ་ཁྱོད་གསོལ་མཆོད་པའི། །འགྲོ་རྣམས་ནད་རིམས་གདོན་བགེགས་དབུལ་ཕོངས་སོགས། །བར་ཆད་ཉེར་འཚེ་ཀུན་ཞི་ཚེ་འབྱོར་དཔལ། །བདེ་སྐྱིད་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །ཡང་སྒོས་སེ་ཤིང་ར་བས་ཡོངས་བསྐོར་བ། །ཐེག་ཆེན་གླིང་སྤྱི་བྱེ་བྲག་གྲ་ཚང་སྨད། །འཁོར་འདས་ཡོངས་ཀྱི་ལེགས་ཚོགས་མ་ལུས་པ། །སྲིད་མཐའི་བར་དུ་རྒྱས་པའི་འཕྲིན་ལས་མཛོད། །ཅེས་ཐ་འོག་ཆོས་རྒྱལ་གྱི་གཏོར་འབུལ་དང་འབྲེལ་བའི་གསོལ་མཆོད་རྒྱས་ཙམ་ཞིག་དགོས་ཞེས་སེ་ར་ཐེག་ཆེན་གླིང་སྨད་གྲྭ་ཚང་གི་སློབ་དཔོན་བློ་བཟང་དོན་གྲུབ་ཀྱི་འབད་པས་བསྐུལ་བ་ལྟར་ཟ་ཧོར་གྱི་(༢༢༤ན)


GLG011_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །མཚོ་སྐྱེས་རྡོ་རྗེ་ཉི་མ་འོད་ཟེར་དང་། །ཆོས་དབྱིངས་རང་གྲོལ་ཞབས་པད་གཙུག་བསྟེན་ནས། །རྩ་གསུམ་ལྷ་ཚོགས་མཆོད་གཏོར་བསྟོད་པ་ཡི། །ལས་རིམ་ཚིག་ཉུང་དོན་ཚང་དེང་འདིར་སྤེལ། །འདིར་ཐིང་མ་བ་འགྲོ་མགོན་སྨྱོས་ཞིག་ཆེན་པོ་ཡབ་སྲས་ཀྱི་རྩ་བ་གསུམ་གྱི་ལྷ་ཚོགས་ལ་མཆོད་གཏོར་འབུལ་བའི་རིམ་པ་མདོར་བསྡུས་པ་ནི། །བླ་མ་བདེ་གཤེགས་འདུས་པའི་སྐུ༔ ཞེས་སོགས་ཤློ་ཀ་གཉིས་ཀྱིས་སྐྱབས་སེམས། བླ་མ་བདེ་གཤེགས་མཁའ་འགྲོ་གནས་འདིར་གཤེགས༔ ཞེས་སོགས་ཀྱི་ཡན་ལག་བདུན་པ་བྱ། །རང་ཉིད་སྐད་ཅིག་གིས་ཆེ་མཆོག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་པ་དུར་ཁྲོད་དང་དཔལ་གྱི་ཆས་ཀྱིས་བརྒྱན་པའི་སྐུ་གསལ་བའི་ཐུགས་ཀ་ནས་ཁྲོ་བོ་མེ་མཚོན་གྱི་ཚོགས་སྤྲོས། །གནོད་བྱེད་གདོན་བགེགས་ཐམས་ཅད་བསྐྲད། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁང་མེ་འབར་བར་བསམ། །ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས། །སྨན་རཀ་གཏོར་གསུམ་ཕྱི་ནང་གསང་བའི་མཆོད་རྫས་རྣམས་ཀྱི་མ་དག་པ་རྣམས་བསྲེགས་གཏོར་བཀྲུས། །ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔའི་སྟེང་དུ་ཨཱོཾ་ཨཱཿཧཱུཾ་གིས་མཚན་པ་ལས་འོད་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ནས་ཡི་གེ་གསུམ་ལ་ཐིམ་པ་གཏོར་མའི་རྫས་འདྲེས་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ་ལ། ཨཱོཾ་ཨཱཿཧཱུཾ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ།(༢༢༤བ)


GLG011_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾཿ རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་ནས། །སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་ལ། །སྐུ་གཅིག་མཚན་བརྒྱད་གསང་ཡུམ་མཁའ་འགྲོ་གཉིས། །རྒྱ་གར་རིགས་འཛིན་བརྒྱད་དང་བོད་ཡུལ་གྱི། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་གསུམ་སོགས། །བཀའ་ནས་བཀར་བརྒྱུད་མདོ་སྒྱུ་སེམས་ཕྱོགས་ཀྱི། །བསྟན་འཛིན་ཧེ་རུ་ཀ་དཔལ་མི་གཟུགས་ཅན། །མངའ་བདག་མྱང་བན་ཆོས་དབང་རྒོད་ལྡེམ་ཅན། །གླིང་པ་བཅུ་གཅིག་ལ་སོགས་ཟབ་གཏེར་སྒོ། །འབྱེད་མཛད་རིགས་འཛིན་རྩ་རྒྱུད་བླ་མ་ལ། གུ་རུ་ཞི་དྲག་སྒྲུབ་ཆེན་བཀའ་བརྒྱད་ལྷ། །འཁོར་ལོའི་དབང་ཕྱུག་མ་ལུས་གནས་འདིར་གཤེགས། །མ་ཧཱ་ཀཱ་ལ་འབར་མ་ཕྱག་བཞི་པ། །དཔལ་མགོན་མ་ནིང་ནག་པོ་དུར་ཁྲོད་བདག །ཛམ་བྷ་ལ་དང་སྟག་ཞོན་གནོད་སྦྱིན་མཆེད། །ཁྱབ་འཇུག་ཆེན་པོ་བཤན་པ་དམར་ནག་དང་། །སྤྲུལ་པའི་ཆོས་རྒྱལ་ལས་མཁན་ཙིའུ་དམར་བ། །དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་སོགས། །ཕ་མེས་བརྒྱུད་པས་བསྒྲུབ་རྟེན་གསོལ་མཆོད་པའི། །བསྟན་སྲུང་འཁོར་བཅས་ཚུར་སྤྱོན་གདན་ལ་བཞུགས། །ཕྱི་ཡི་མཆོད་ཡོན་ཉེར་སྤྱོད་སིལ་སྙན་རྣམས། །མཛེས་སྡུག་དྲི་རོ་རེག་བྱ་ཕུན་སུམ་ཚོགས། །ནང་གི་ཨརྒྷཾ་ཉེར་སྤྱོད་རོལ་མོ་ཀུན། །འཇིགས་རྔམ་སྐྱི་གཡའ་དུར་ཁྲོད་རྫས་ལས་གྲུབ། །མྱོང་གྲོལ་སྨན་མཆོད་བ་ལིཾ་རི་ལྟར་སྤུངས། །རཀྟ་མཚོར་འཁྱིལ་གནམ་ལ་འཕུར་དགུ་དང་། །ས་ལ་འཛུལ་དགུ་རི་དྭགས་འཕྱོ་དགུ་རྒྱུག །གོ་མཚོན་སྤྱན་གཟིགས་རི་རབ་གླིང་བཞི་དང་། །དཀར་གསུམ་དངར་གསུམ་སྨན་དང་འབྲུ་སྣ་ཇ། །དར་ཟབ་རིན་ཅེན་ལྷ་མིའི་དཔལ་འབྱོར་རྣམས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའ་བཀང་སྟེ་འབུལ། །བཞེས་ནས་དབང་དང་དངོས་གྲུབ་འཕྲིན་ལས་སྩོལ། །ཨཱོཾ་གུ་རུ་དེ་ཝ་(༢༢༥ན)


GLG011_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར། རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། བླ་མ་ཞི་དྲག་ལ། ཨཱོཾ་བཛྲ་གུ་རུ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བཀའ་བརྒྱད་ལ། ཨོཾ་བྷོ་དྷི་ཙིཏྟ་སོགས་དང་དྲག་སྔགས་སོ་ལྔ་པའི་མཇུག་ཨི་དཾ་བ་ལིཾ་གོང་བཞིན་ལན་གསུམ། འབར་མ་ལ་ཨོཾ་མ་ཧཱ་ཀཱ་ལཱ་ཁ་ཀ་མུ་ཁ། མ་མ་རག་མོ་ཛ་ལི། སིདྷ་མུ་ཁ་ཧཱུྃ་ཕཊ། རགྴ་ར་ཧཱུ་ལ། ཀིངྐ་ར། ཡ་མ་ར་ཙ། ཙ་ཏྲི་ཤུ་ལ། ཡཀྴ་སརྦ་དུཥྚ་ན། ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨི་དཾ་སོགས་ལན་གསུམ། མ་ནིང་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། དུར་ཁྲོད་བདག་པོ་ལ། ཨོཾ་གྷྲི་རཱ་ཛཱ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཤྲཱི་སྨ་ཤ་ན་ཨ་ཏི་པ་ཏི། མ་ཧཱ་པི་ཤི་ཙ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གནོད་སྦྱིན་མཆེད་དགུ་ལ། ཨཱོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ། བ་སུ་དྷ་རི་ཎི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། སྟག་ཞོན་ལ། ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿ ཏྲག་རག་ཤ་ཁ་ལ་ཛཿཛཿ དུན་ཏུ་ཏྲ་རུ་ཐུཾ་བྷ་ཏིང་ཛཿ ཤུ་ལ་རཱ་ཛ་ཏྲི་ཤཾ་ཛཿམཾ་ཛཿབཛྲ་ཏྲིནྟ་པ་དྷུ་ཁ་ཐུཾ་ཏྲི་ས་པ་རི་ཝཱ་ར་སརྦ་བིགྷྲན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། གནོད་སྦྱིན་མཆེད་ལྔ་ལ། ཨཱོཾ་མ་ཧཱ་ཀྲོ་དྷ་ཨཱརྱ་ཛཾ་བྷ་རི། ཨཱོཾ་རཏྣ་ཙིཏྟ་ཀ་ར་ཏི་རཏྣའི་ཙིཏྟ། ཨོཾ་ཧྲི་ཨ་པ་ར་ཙིཏྟ་ས་པ་རི་ཝཱ་ར་ཨི་དཾ་ལན་གསུམ། ཁྱབ་འཇུག་ལ་ཧྲཱིཿཤག་རུ་རཾ་ནཱ་ག་ཙིཏྟ་གྲཾ་མ་མ་ཡོང་ཟ་གྲཾ་ཧ་ཧི་ཡོ་ཀེ་ཤ་ལ་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་ལན་གསུམ། གནོད་སྦྱིན་བཤན་པ་དམར་ནག་ལ། ཨོཾ་བྷོ་ཨེ་མ་རུ་ཙེ་གྷུ་ཎ་ཧྲི་ཏྲི་ས་པ་རི་ཝཱ་ར་ཨི་དཾ་ལན་གསུམ། རྒྱལ་པོ་སྐུ་ལྔ་ལ། བཛྲ་(༢༢༥བ)


GLG011_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རགྴ་ཡག་ཤ་ཁཱ་ཧི། དུན་ཏིང་དུན་ཏིང་༝། །ཡག་ཤ་ནག་པོ་༝། །ཤ་གྲོལ་ཧེ་རུ་༝། །ཀྱི་གྲོལ་ཧུ་རུ་༝། །ཙི་ཏ་མ་ཧཱ་༝། །འཛིན་པོ་རུ་ཏྲ་༝། །སྡོམ་པོ་ཆང་རྒྱུད་༝། །རུ་ཏྲ་རུ་ཏྲ་༝། །སུ་ཏྲ་རུ་ཏྲ་༝། །གོ་རོ་ཙ་ན་༝། །རགྟ་ཚུལ་པ་༝། །ཤ་རྒྱུད་སྙིང་རྒྱུད་༝། །དབང་པོ་སྣ་ལྔ་༝། །ཤ་མ་རུ་ཏྲ་༝། །ཨརྒྷཾ་པྲ་ཏི་ཛ་ཧོ། པཱུ་ཙ་བཛྲ་དུ་རུ་ཧེ་ལན་གསུམ། ཙི་དམར་བ་ལ། ཤུ་ལ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་ལན་གསུམ། དྲེགས་པའི་སྡེ་དཔོན་སུམ་ཅུ་ལ། མ་ཧཱ་དེ་བ་ཨེ། ཨུ་མ་དེ་བ་ཨེ། ཡ་མ་ར་ཙ་ཡ། ཡ་མ་དནྟི་ཡ། མ་མ་རུ་ལུ་མ། ཨེ་ཀ་ཛ་ཏི་ཏྲ། དུ་ཁྲག་དུ། དུནྟིཾ་དུ། ར་ཙ་ཙ། གིང་ཀ་ར་ན་ཏྲི། བཛྲ་སཱ་དྷུ་ཏྲི། རཱ་ཧུ་ལ་ས། རཀྴ་ར། རཀ་མོར། ཡཀྨོ་ཀྵ། མ་ཧཱ་ཀཱ་ལ་ཀྵིཾ། རུ་ཏྲ་དྷྲི། མུན་མུན་ས། ཏིར་ཏི་ཀ་ཐ། དེ་ཝ་ཨ། ཨ་སེ་ལ་ཨ། ཏིཥྞ་དྲི་རུཾ་ཙ། ཨ་པི་ཤུ་ཀྵུ། ཏྲི་པ་ཤ་ལིདྟ། ཧཾ་ཤཾ་ཏྲི། བྷི་ན་ཡ་ཀ་ཨུ། ཌ་ཀི་མཾ། ནཱ་ག་ཕུ། ནཱ་ག་ཀྲོ་ཏི་ཤྭ་རི་ཕུ། སརྦ་དུཥྚ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ། གོང་གི་འཁོར་སྤྱི་ལ་ཨ་ཀཱ་རོ་མུ་སོགས་དང་། གཙོ་འཁོར་ཐུན་མོང་དུ་སྨན་རཀ་ཀྱང་འབུལ། བསྟོད་ཅིང་འཕྲིན་ལས་བཅོལ་བ་ནི། སྣང་བ་མཐའ་ཡས་ཡེ་ཤེས་རོལ་པ་ལས། །པདྨ་ཐོད་འཕྲེང་ཞི་དང་ཁྲོ་བོའི་གར། །སྒྲུབ་པ་སྡེ་བརྒྱད་བགྲང་ཡས་དཀྱིལ་འཁོར་གྱི། །ལྷ་ཚོགས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་མགོན་པོ་འབར་མ་ཙཎྜི་ཀ །མ་ནིང་ནག་པོ་དཔལ་ལྡན་དུར་ཁྲོད་བདག །ནོར་ལྷ་ཕོ་དགུ་མོ་དགུ་སྟག་ཞོན་དང་། །གནོད་སྦྱིན་མཆེད་ལྔ་འཁོར་དང་བཅས་ལ་བསྟོད། ཁྱབ་འཇུག་ཆེན་པོ་བཤན་པ་དམར་ནག་དང་། །རྒྱལ་པོ་སྐུ་ལྔ་ལས་བྱེད་ཙིའུ་དམར་བ། །སྣང་སྲིད་དྲེགས་པའི་སྡེ་དཔོན་སུམ་ཅུ་སོགས། །ཆོས་སྐྱོང་གཏེར་སྲུང་བཅས་པའི་(༢༢༦ན)


GLG011_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་བསྟོད། །དུས་གསུམ་སངས་རྒྱས་པདྨ་ཐོད་ཕྲེང་རྩལ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མྱང་རལ་པ། །བཀའ་བབས་འགྲོ་མགོན་སྨྱོས་ཞིག་ཆེན་པོ་སོགས། །རྩ་བརྒྱུད་བླ་མའི་དམ་ལས་མ་འདའ་བར། །དཔལ་ལྡན་མགོན་པོ་ནོར་ལྷ་གཏེར་སྲུང་གིས། །སངས་རྒྱས་བསྟན་སྲུངས་བླ་མའི་སྐུ་ཚེ་དང་། །བཀའ་གཏེར་བསྟན་པ་རྒྱས་ཤིང་གངས་ཅན་ལྗོངས། །ལུགས་ཟུང་ཁྲིམས་ཀྱིས་བདེ་སྐྱིད་ཕུན་ཚོགས་མཛོད། །ཁྱད་པར་སྔགས་འཆང་བདག་ཅག་སྤུན་ཚ་བུ། །རིགས་བརྒྱུད་བཅས་པའི་ཆོས་སྲིད་ལེགས་ཚོགས་ཀུན། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བ་ཡི། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །ཅེས་སྨྱོས་སྔགས་འཆང་གོང་མ་རྣམས་ཀྱི་རྒྱུན་ཁྱེར་མཆོད་གཏོར་གྱི་རིམ་པ་རྣམས་ནས་དོན་ཚང་ཞིང་ཚིག་ཉུང་ངུ་བསྡུས་པ་ཞིག་དགོས་ཞེས་སྨྱོས་བཙན་ཆོས་རྗེ་དབང་རྒྱལ་ལྷུན་གྲུབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ཕུར་མོའི་ཀླུ་བདུད་ཀྱི་གསོལ་ཁ་ནི། རཾ་ཡཾ་ཁཾ་གིས་གཏོར་མའི་དངོས་འཛིན་བསྲེགས་གཏོར་བཀྲུས། བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ནས་ཡི་གེ་གསུམ་ལ་ཐིམ་པ་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཀྱེ། གངས་ཅན་སྨན་ལྗོངས་ས་ཡི་བྱེ་བྲག་གི །དབུ་རུ་མལ་གྲོ་རྐྱང་བུའི་སྐྱེད་ཚལ་ནས། །ཀླུ་རྒྱལ་རྒྱུན་དལ་དུང་སྐྱོང་འཁོར་དང་བཅས། །གནས་ནས་ཐོགས་པ་མེད་(༢༢༦བ)


GLG011_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཤེགས་སུ་གསོལ། །དུས་གསུམ་སངས་རྒྱས་པདྨ་སཾ་བྷ་ཝས། །བཀའ་བསྒོས་དམ་བཞག་གསང་བའི་མཚན་བཏགས་པ། །ཀླུ་ཡི་སྡེ་དཔོན་རྡོ་རྗེ་དྲག་པོ་རྩལ། །རྫུ་འཕྲུལ་ཤུགས་ཀྱིས་གནས་ནས་ད་ཚུར་སྤྱོན། །མངའ་བདག་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །གྲོགས་སུ་བཀུག་ནས་གཙུག་ལག་སྲུང་མ་རུ། །ཉེར་བསྐོས་རྒྱུན་དལ་མཚན་གསོལ་གདེངས་ཅན་དབང་། །དགྱེས་པའི་ཚུལ་གྱིས་གནས་འདིར་གཤེགས་སུ་གསོལ། །འཕྱིང་ཡུལ་རྨིས་རིས་གཞི་བདག་ཅེས་གྲགས་པ། །འོལ་ཁར་ཁྱེ་ཆུང་གཡུ་ཡི་ཟུར་ཕུད་ཅན། །གསེར་པོ་སྟོང་དུ་ཕུར་མོ་ཀླུ་བདུད་ནག །སྔོན་གྱི་དམ་ཚིག་དགོངས་ལ་གཤེགས་སུ་གསོལ། །གསང་བའི་ཕོ་བྲང་གཡུ་ཡི་སྒྲོན་མ་དང་། །གངས་དཀར་ཤེལ་གྱི་གནས་མཆོག་དམ་པ་ནས། །ཀླུ་ཆེན་ལྟོ་དཀར་མགོ་བོ་མཁའ་ལ་བསྙེག །གནས་དང་ཡུལ་གྱི་གཞི་བདག་ད་ཚུར་སྤྱོན། །ནཱ་ག་རཱ་ཛ་ས་མ་ཡ་ཛཿཛཿ བཟའ་ཤིང་རྐང་འཐུང་ཕྲེང་བས་ཡོངས་སུ་བསྐོར། །སྤང་ལྗོངས་མེ་ཏོག་མཚོ་རྫིང་ལྟེང་ཀ་ཅན། །རིན་ཅེན་ཕོ་བྲང་དབུས་ན་པད་ཟླ་ལ། །ཀླུ་རྒྱལ་འཁོར་བཅས་བརྟན་པ་བཞུགས་སུ་གསོལ། །གོང་གི་སྔགས་གཤམ་དུ་ཏིཥྛ་ལྷན། །གཡའ་གངས་རྙོག་བྲལ་དྭངས་བསིལ་ཆུ་ཀླུང་ལ། །ཙནྡན་གུར་ཀུམ་གྱིས་བྲན་མཆོད་ཡོན་བཤམས། །པདྨ་ཨུཏྤལ་ཨུ་དུམ་ཝཱ་ར་སོགས། །ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག་བཀྲ། །དྲི་ཞིམ་ཤིང་རིས་སྨན་སྣ་བསྲེགས་པ་ཡི། །བསངས་ཀྱི་དུད་པ་ཆུ་འཛིན་ལང་ལོང་བཞིན། །ཉི་ཟླ་ནོར་བུའི་འོད་དང་རྩི་དམར་གྱི། །སྣང་གསལ་སྒྲོན་མེས་མུན་པའི་གོ་སྐབས་འཕྲོག །ག་པུར་གུར་གུམ་ལ་སོགས་དྲི་ཞིམ་པོ། །ཡིད་འོང་སྐུ་ལ་བྱུག་པའི་རྫས་སུ་སྦྱར། །དཀར་གསུམ་དངར་གསུམ་(༢༢༧ན)


GLG011_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཏོག་འབྲུ་སྣའི་རིགས། །རོ་བརྒྱ་ལྡན་པ་ལྷ་མིའི་བཟའ་བཅའ་གོས། །སིལ་སྙན་པི་ཝཾ་གླིང་བུ་ཏིང་ཏིང་ཤགས། །སྙན་གྱི་དབང་པོར་འཇེབས་པ་རོལ་མོའི་སྒྲ། །གཟུགས་མཛེས་སྐད་སྙན་དྲི་ངད་བཟང་པོའི་ཆབ། །རོ་བདའི་རིག་འཇམ་འདོད་ཡོན་མཆོད་པ་འབུལ། །གོང་གི་སྔགས་གཤམ་དུ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་། རཱུ་པ་ནས་པཱ་ཤྱའི་བར་གྱིས་མཆོད། རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་ཅེན་བདུན། །བཀྲ་ཤིས་རྫས་རྟགས་ལྷ་ཀླུ་མིའི་ནོར་བུ། །འཕན་གདུགས་བླ་བྲེ་དར་ཟབ་ལྡ་ལྡི་སོགས། །སྲིད་པའི་འབྱོར་བ་མ་ལུས་འབུལ་གྱིས་བཞེས། །གོང་གི་སྔགས་གཤམ་དུ་ཨུ་པ་ས་བྷ་རཏྣ་ཨཥྚ་མངྒ་ལ་ཀཱ་མ་གུ་ཎ་སརྦ་བྷཱུ་ཏི་པཱུ་ཛ་ཏེ་ཨཱཿཧཱུྃ། དཀར་གསུམ་དངར་གསུམ་རྩི་སྨན་དང་སྦྱར་བའི། །གཙང་ཞིང་གྱ་ནོམ་མཆོད་གཏོར་རྒྱན་ལྡན་པ། །མི་ཟད་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ནས། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ་གྱིས་བཞེས། །གོང་གི་སྔགས་གཤམ་དུ་ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱ། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་འབུལ། ག་པུར་གུར་ཀུམ་ཙནྡན་དཀར་དམར་དང་། །ཛ་ཏི་ཆུ་སྲིན་སྡེར་མོ་དབང་ལག་མཚལ། །དུང་གཟི་དར་དམར་ཞོ་ཤ་རྣམ་པ་བཞི། །པུ་ཤེལ་ཙེ་དང་སྒྲོ་མདོངས་དར་སྣ་ལྔ། །ཐང་ལོ་སྨྱུག་ལོ་རྡོ་རྒྱུས་སྤོས་དཀར་དང་། །མངར་གསུམ་མེ་ཏོག་སྣ་ཚོགས་ཤིང་ཏོག་རིགས། །རིན་ཅེན་རྒྱ་མཚོའི་ལྦུ་བ་གེ་སར་གསུམ། །སླེ་ཏྲེས་ལི་ཤི་སུག་སྨེལ་ཟི་ར་དཀར། །ཨུཏྤལ་སྔོན་པོ་སྤང་སྤོས་ཨ་བར་སྐྱུར། །ཏིལ་དཀར་ཐལ་ཀ་རྡོ་རྗེ་རྒུན་འབྲུམ་དང་། །སོ་མ་ར་ཙ་ཤིང་དངར་ཀ་པེད་དང་། །ཀཎྜ་ཀ་རི་རུ་རྟ་ཀ་ཀོ་ལ། །གུ་ཡུ་ཨ་འབྲས་ཤ་(༢༢༧བ)


GLG011_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཨ་ཀ་རུ། །འདམ་བུ་ཀ་ར་འབྲུ་སྣ་ཀླུ་སྨན་རྣམས། །ར་དཀར་བ་དམར་འོ་མ་གཙང་མ་དང་། །སྦྱར་བའི་གསེར་སྐྱེམས་མཆོད་པ་དམ་པ་འདི། །ཀླུ་རྒྱལ་རྒྱུན་དལ་སྐུ་སྟོད་ལྷ་ཡི་གཟུགས། །སྐུ་སྨད་ལྟོ་འགྲོ་སྦྲུལ་མགོ་གདེངས་ཀ་དགུ། །གཡུ་ཡི་སྨིན་མ་དུང་སོགས་གསེར་གྱི་ལག །རྔུལ་བའི་བདུད་རྩིའི་ཟིལ་མ་སྐུ་ལ་འཕྲོ། །རིན་ཅེན་རྒྱན་དང་དར་གྱི་ན་བཟའ་ཀླུབས། །ཕྱག་གཉིས་ཡིད་བཞིན་ནོར་བུ་ཤིང་ལོ་འཛིན། །རི་རབ་སྟེགས་བྱས་མཇུག་མ་རྒྱ་མཚོར་བརྐྱང་། །རིགས་བཞིའི་ཀླུ་ཡི་སྡེ་དཔོན་ཆེན་པོ་ལ། །འོ་ཆོལ་སྨན་གྱི་མཆོད་པ་དམ་པ་འབུལ། །བཞེས་ནས་བདག་སོགས་མི་ནོར་ཡོན་བདག་གིས། །འགལ་འཁྲུལ་ཉམས་ཆགས་ཐམས་ཅད་བྱང་ཞིང་དག །ཚེ་དཔལ་ལོངས་སྤྱོད་ཐམས་ཅད་འཕེལ་བར་མཛོད། །ཤླཽ་ཀ་གཅིག་པོ་འདི་འོག་མ་རྣམས་ལ་འགྲེ། །མཛེས་པའི་སྲིང་མོ་ཀླུ་ཡི་ན་ཆུང་བཞི། །འཕྲུལ་གྱི་མེ་ལོང་འཛིན་ཅིང་གསེར་སྐེད་བཅིངས། །སྙན་པའི་གླུ་ལེན་ཟས་ནོར་ཆུང་སྲིད་སྤེལ། །འཁོར་གྱི་གཡོག་མོ་བཞི་དང་བཅས་པ་ལ་༝། །ཀླུ་རྒྱལ་བཙུན་མོ་སྨན་གཅིག་འཕྲུལ་མོ་ཆེ། །གནག་སྣུམ་དབུ་སྐྲ་གཡུ་ཡི་ལན་ཚར་ཅན། །གཟི་མཆོང་སྤེལ་མའི་དོ་ཤལ་གསེར་གྱི་རྒྱན། །དར་དཀར་ན་བཟའ་བུམ་པ་འཛིན་པ་ལ་༝། །གཡས་ཀྱི་རུ་འདྲེན་རྨོས་མདའ་ཕག་ཚང་ཀླུ། །སྔུན་གྱི་སྣ་འདྲེན་མར་མེ་སྟེང་གི་ཀླུ། །སླད་ཀྱི་རྗེས་འབྲང་ནག་པོ་ཀློང་གདོལ་ཀླུ། །གཡོན་གྱི་རུ་འདྲེན་བྲག་དམར་རྫོང་གི་ཀླུར། །ཀླུ་རྒྱལ་བཞུགས་གནས་གཅིག་ཏུ་མ་ངེས་པ། །སྟོན་དཔྱིད་དབྱར་གསུམ་ཟ་ཁུར་རྐྱང་བུའི་ཚལ། །དཀོར་ནོར་ལོངས་སྤྱོད་ཐམས་ཅད་སྐྱོང་བའི་ས། །འོན་བུ་སྡིང་སྡིང་གཡའ་མོ་འབྲོག་སྐྱོང་བ། །འབྲུ་ཡི་བང་མཛོད་སྤེལ་དང་གཡང་ཁུག་ནས། །བྱང་ཚལ་ནགས་མའི་རྫོང་(༢༢༨ན)


GLG011_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྱོ་སང་མཛད། །དབུ་རུའི་ཀླུངས་བརྒྱུད་ཟལ་མོའི་སྒང་ལ་བཞུགས། །འབྲས་ཀྱི་ཤུལ་ཞིང་འབེབས་པ་ཕག་ཚང་ཀླུ། །དགུན་གྱི་བཞུགས་ས་ཀླུ་ཤོད་འོན་བུའི་ཚལ། །ཕོ་བྲང་ནང་ན་བཞུགས་པའི་གཙོ་འཁོར་དང་། །ཀླུ་ཡི་རྒྱལ་པོ་བརྒྱད་དང་བཤན་པ་བཞི། །བློན་པོ་བཞི་དང་ཀླུ་སྨན་རྒྱལ་མོར་བཅས། །ལྕགས་རིའི་ནང་གནས་བྲག་དམར་ཐོག་རྗེ་བཙན། །འཕྲང་པའི་བྲག་བཙན་སྐྱེས་བུ་ཀླུ་བཙན་ཆེ། །རང་རང་སོ་སོའི་གནས་དང་ཡུལ་ཕྱོགས་དང་། །ས་གཞི་རི་ཀླུངས་གང་བཞུགས་ཚོགས་རྣམས་ལ་༝། །སྔོན་ཚེ་གསང་བདག་དྲེགས་པ་ཀུན་འདུལ་དང་། །རྟ་མཆོག་རྒྱལ་པོ་པདྨཱ་ཀ་ར་ཡི། །དོང་སྤྲུག་ལ་སོགས་ཞི་ཁྲོའི་དཀྱིལ་འཁོར་ལ། །བརྟེན་ནས་དབང་བསྐུར་དམ་ལ་མ་བཏགས་སམ། །ཚངས་པ་ལྷ་ཡི་མེ་ཏོག་ལ་སོགས་པ། །རྗེ་འབངས་ཉེར་ལྔ་ས་ཟུར་མྱང་ཆོས་དབང་། །བཀའ་གཏེར་བརྒྱུད་པའི་རིགས་འཛིན་གྲངས་མེད་ཀྱིས། །དམ་ལ་བཏགས་པའི་ཀླུ་རྒྱལ་འཁོར་བཅས་རྣམས། །སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་འདི་ཉིད་དུ། །ཆར་ཆུ་དུས་འབབ་ལོ་ཏོག་རྩི་ཤིང་དང་། །ནགས་ཚལ་རྩྭ་དང་ལུ་མ་ཆུ་མིག་འཕེལ། །ལོ་ཏོག་འབྲས་བུ་དུས་སུ་སྨིན་པར་མཛོད། །ལྷ་ས་བསམ་ཡས་མཐའ་འདུལ་ཡང་འདུལ་སོགས། །ཕན་བདེའི་རྩ་ལག་གཙུག་ལག་ཆོས་འཁོར་དང་། །མདོ་སྔགས་མཆོད་གནས་སྡེ་གཉིས་ཐོས་བསམ་སྒོམ། །བྱ་བ་ལས་ཀྱི་འཁོར་ལོས་དར་བར་མཛོད། །ས་དབང་རྒྱལ་པོའི་ལུགས་གཉིས་བཀའ་ཁྲིམས་བཙན། །འབངས་རྣམས་སྒོ་གསུམ་བདེ་བའི་ཚོར་བ་མྱང་། །མཐའ་དམག་ནད་རིམས་བཀྲེས་ཕོང་སྡུག་བསྔལ་ཞི། །ཕྱོགས་བཞིའི་ལོངས་སྤྱོད་ཐམས་ཅད་འདུ་བར་མཛོད། །ཁྱད་པར་སྔགས་འཆང་བདག་ཅག་མི་ཕྱུགས་དང་། །གྲོང་དང་གྲོང་ཁྱེར་དགོན་གནས་སྡེ་རྣམས་ཀྱི། །དཀར་དམར་ཐབ་གཞོབ་ས་གཉན་བརྐོས་ཤིང་དྲས། །ཤིང་གཉན་བཅད་གཏུབས་རྡོ་གཉན་ཚལ་བར་གཤགས། །མཚོ་ལ་རྫས་ངན་གཏད་སེལ་དམེ་མནོལ་མཛེ། །ཡུགས་ས་རོ་སོགས་མི་གཙང་རྫས་ཀྱིས་འབགས། །སྐུ་གསུང་ཐུགས་ལ་ཕོག་ཀུན་བཟོད་(༢༢༨བ)


GLG011_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ནས། །འཁོན་བཟུང་བསམ་ངན་སྦྱོར་རྩུབ་ཞི་བར་མཛོད། །བན་བོན་སྔགས་པས་སྐམ་གཤེར་གཏང་པ་ལ། །བརྟེན་ནས་ཟོས་པ་སྐྱུགས་ལ་བསྡམས་པ་གློད། །བཅིངས་པ་ཁྲོལ་ལ་ནུས་པ་རུལ་ཞིག་གི །ཤི་བ་བསོས་ལ་གནོད་པ་མེད་པར་མཛོད། །མདོར་ན་བཅོལ་བའི་འཕྲིན་ལས་མ་ལུས་པ། །ཐོག་པ་མེད་པར་ལྷུན་གྱིས་གྲུབ་པ་དང་། །ཕྱོགས་དུས་གནས་སྐབས་མཐའ་དག་བདེ་ལེགས་པའི། །བཀྲ་ཤིས་དཔལ་གྱི་དུས་ཀུན་ཁྱབ་པར་མཛོད། །ཕུར་མོ་ཀླུ་བདུད་ཀྱི་གསོལ་མཆོད་རྒྱས་པ་ཞིག་དགོས་ཞེས་སྨྱོས་བཙུན་ཆོས་རྗེ་དབང་རྒྱལ་ལྷུན་གྲུབ་ཀྱིས་བསྐུལ་བ་ལྟར་ཡིག་རྙིང་ཞིག་འདུག་པར་གཞི་བྱས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །དབང་ཆེན་རྟ་མཆོག་ཝཾ་ཡིག་བདེ་ཆེན་ཐབས། །ཕག་མོ་ཨེ་དབྱིངས་སྟོང་ཆེན་ཤེས་རབ་མར། །མཁའ་ལ་མཁའ་ཡི་སྦྱོར་བས་བསྐྲུན་པའི་རིགས། །མཁའ་རི་ལྕམ་མོ་རིགས་སྔགས་འཛིན་མར་བསྟོད། །ཐུན་མོང་སྣང་ངོར་ཤ་བ་ཕོ་མོ་ཟུང་། །འདུས་ལས་མ་སངས་སྐུ་ལ་མཁའ་རི་དང་། །གཅུང་པོ་ཁུ་རིངས་གཉིས་ཀྱི་ལྕམ་སྲིང་མོ། །བཀྲ་ཤིས་བསམ་བཟང་སྐྱིད་འཚོར་གྲགས་ལ་བསྟོད། །ཕྱི་རུ་ཤེལ་དཀར་གངས་རི་མཁའ་ལ་བསྙེག །ནང་དུ་རིན་ཅེན་སྣ་བདུན་གཞལ་ཡས་ཁང་། །ཡིད་འཕྲོག་བ་གམ་དབུས་ན་རྩལ་གསུམ་ཀུན། །རྫོགས་པའི་སེང་ཆེན་སྟེང་ན་འགྱིང་ལ་བསྟོད། །རྡུལ་བྲལ་སྟོན་གྱི་ཟླ་བ་སྐྱེངས་བྱེད་བཞིན། །སྨིན་མ་འཁྲི་ཤིང་བྱུ་རུའི་མཆུ་སྒྲོས་འཛུམ། །མུ་ཏིག་ཚེམས་དཀར་གནག་སྣུམ་དབུ་སྐྲའི་རྩེར། །བཀྲ་ཤིས་གཡས་འཁྱིལ་དུང་གིས་མཚན་ལ་བསྟོད། །ནུ་འབུར་མངོན་མཐོའི་ཆུ་འཛིན་རབ་ཏུ་རྒྱས། །རྐེད་སྐབས་ཕྲ་ལྡེམ་སྤྱན་གྱི་ཟུར་མིག་མདས། །དགྲ་བཅོམ་བསམ་གཏན་ལས་སློང་མཛེས་སྡུག་གིས། །སྲིད་ཞིའི་བརྟན་པ་འཕྲོག་བྱེད་མ་ལ་བསྟོད། །རེག་ན་འཇམ་མཉེན་ལྷ་ཡི་དུ་ཀཱུ་ལ། །པཉྩ་ལི་ཀའི་ཙེ་བེར་སུམ་བརྩེགས་ཀྱི། །འཇོལ་བེར་ལྷབ་ལྷུབ་གཡོ་བའི་ནང་མ་ལ། །(༢༢༩ན)


GLG011_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཅེན་སྐ་རགས་བཅིངས་པས་མཛེས་ལ་བསྟོད། །ཡིད་བཞིན་ནོར་བུ་དབང་སྔོན་བཻཌཱུརྱ། །པད་རཱག་མརྒད་བྱུ་རུ་མུ་ཏིག་པུག །གསེར་དངུལ་ལ་སོགས་ལྷ་ཀླུ་གནོད་སྦྱིན་གྱི། །རིན་ཅེན་སྣ་ཚོགས་རྒྱན་གྱིས་སྤྲས་ལ་བསྟོད། །ཨུ་དུམྺཱ་ར་པདྨ་བ་ཀཱུ་ལ། །ཀུ་མུ་ད་སོགས་མེ་ཏོག་སྣ་ཚོགས་པ། །མ་རྙིངས་གསར་པ་སྤེལ་ལེགས་ཆུན་པོ་ཡི། །འཇམ་མཉེན་འཕྲེང་བས་བརྒྱན་པ་ཁྱོད་ལ་བསྟོད། །རིན་ཅེན་སྣ་ལྔ་སྲད་བུར་དྲ་མིག་གི །ཚུལ་དུ་འཕྲེང་བར་བརྒྱུས་པར་འཛམ་བུའི་གསེར། །ཤིན་ཏུ་སྦྱངས་པའི་འོད་འཕྲོས་སྟོད་གཡོགས་པ། །སྟེང་གྱོན་ཚུལ་དུ་བརྗིད་ཆགས་མནབས་པར་བསྟོད། །རྡོ་རྗེ་མདའ་དར་དང་བཅས་ཕྱག་གཡས་ཀྱིས། །བླ་ཚེ་སྲོག་གསུམ་ཡར་བ་ཐམས་ཅད་འགུགས། །གཡོན་པ་རིན་ཅེན་གཏེར་གྱི་བུམ་པ་ཡིས། །སྲིད་ཞིའི་དཔལ་འབྱོར་མ་ལུས་སྩོལ་ལ་བསྟོད། །ཕྱི་ལྟར་མཁའ་རི་ལྷ་ལྕམ་སྨན་མོའི་རིགས། །ནང་དུ་བདེ་ཆེན་སྟེར་བའི་ཌཱ་ཀི་མ། །གསང་བ་གསང་སྔགས་འཛིན་པ་རྒྱལ་བའི་ཡུམ། །སླུ་མེད་སྲུང་མའི་དབང་མོ་ཁྱོད་ལ་བསྟོད། །སྔོན་རྒྱུ་ཁོལ་མོ་རྡོ་རྗེ་ཚེ་ལྡན་མ། །ཟ་འོག་གོས་བཟང་རིན་ཅེན་རྒྱན་གྱིས་སྤྲས། །རྐྱང་བུ་ཁ་དཀར་ནོར་བུའི་སྒ་སྲབ་ཅན། །ཞོན་ནས་གཙོ་མོའི་འཕྲིན་ལས་བསྒྲུབ་ལ་བསྟོད། །སླད་ཀྱི་རྗེས་འབྲང་རིན་ཅེན་དཔལ་འབར་མ། ཁ་བའི་མདངས་ཅན་ཡིད་འཕྲོག་གོས་བཟང་སྟེང་། །ནོར་བུའི་རྒྱན་སྤྲས་རིན་ཅེན་སྒ་སྲབ་ཅན། །ཤ་བ་ལ་ཞོན་བཀའ་བཞིན་བསྒྲུབ་ལ་བསྟོད། །གཙོ་འཁོར་གསུམ་གྱི་ཕྱོགས་མཚམས་མཐའ་སྐོར་དུ། །གོས་བཟང་ལྷབ་ལྷུབ་རིན་ཅེན་རྒྱན་འཕྲེང་དང་། །སྣ་ཚོགས་ཕྱག་མཚན་བཞོན་པ་ལ་བཅིབས་པ། །ལྷ་སྨན་འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་བསྟོད། །ངེས་པའི་དོན་དུ་ས་བཅུའི་དབང་ཕྱུག་ཀྱང་། །གདུལ་བྱའི་སྣང་ངོར་འཇིག་རྟེན་ཚུལ་བཟུང་བ། །དགེ་བསྙེན་སྐུ་ལ་མཁའ་རིའི་ལྕམ་སྲིང་མ། །བཀྲ་ཤིས་བསམ་བཟང་སྐྱིད་འཚོ་འཁོར་བཅས་རྣམས། །སངས་རྒྱས་གཉིས་པ་པདྨ་སམྦྷ་ཝ།(༢༢༩བ)


GLG011_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མིག་གཅིག་གན་ཇག་ཐང་ཏ་དང་། །མངའ་བདག་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་ཞབས། །རྩ་བརྒྱུད་བླ་མས་དམ་ལ་མ་བཏགས་སམ། ཁྱད་པར་བཻ་རོའི་རྣམ་སྤྲུལ་རྡོ་རྗེ་གླིང་། །སྲས་བརྒྱུད་སློབ་མར་བཅས་པའི་ཚོགས་རྣམས་ཀྱིས། །དམ་ཚིག་བསྐྱར་ཞིང་ཉིན་མཚན་དུས་དྲུག་ཏུ། །རྟེན་མཆོད་ཐུགས་དམ་དུས་སུ་བསྐང་བ་དང་། །འབྲོམ་སྟོན་རྡོ་རྗེ་དབང་གྲགས་རྒྱ་མཚོ་ལ། །བོད་འབངས་བདེ་སྐྱིད་ཐབས་ཚུལ་ལུང་བསྟན་པ། །ཇི་བཞིན་བསྒྲུབས་པའི་འབྲས་བུའི་རེ་བ་ཀུན། །སྐོང་བའི་དུས་བབས་ལྷ་སྨན་མཐུ་རྩལ་ཅན། །ཐུབ་བསྟན་སྤྱི་དང་ཁྱད་པར་བཀའ་གཏེར་གྱི། །རིང་ལུགས་བྱེ་བྲག་རྡོ་རྗེ་གླིང་པ་ཡི། །ཟབ་གཏོར་དབང་ཁྲིད་ལུང་དང་མན་ངག་རྒྱུན། །རུ་བཞིའི་རྒྱལ་ཁམས་ཁྱོན་ལ་དར་བར་མཛོད། །མགོན་དེའི་ལུང་བཞིན་སྤྲུལ་སྐུ་གཏེར་བདག་གླིང་། །དབང་གྲགས་རྒྱ་མཚོ་དུས་འཛོམ་རྟེན་འབྲེལ་མཐུས། །འབྲོམ་གྱི་རིགས་དང་ཆོས་ཀྱི་རྒྱུན་བཟང་པོ། །གངྒཱའི་ཀླུང་ཆེན་འབབ་ལྟར་ཆད་མེད་མཛོད། །དགའ་ལྡན་རྣམ་པར་རྒྱལ་བའི་ཕོ་བྲང་གི །ཆོས་སྲིད་གཉིས་སྐྱོང་རྡོ་རྗེ་ཐོགས་མེད་རྩལ། །སྲོག་གི་ཀ་བ་གཡུང་དྲུང་ལྟར་བརྟན་ཞིང་། །རྣམ་པར་དཀར་བའི་འཕྲིན་ལས་འཕེལ་བར་མཛོད། །ལྷ་སྲས་ཡང་སྲིད་སངས་རྒྱས་རྒྱ་མཚོ་ཡི། །སྐུ་ཚེ་ཉི་ཟླ་དང་མཉམ་ཁྲིམས་གཉིས་ཀྱིས། །འགྲོ་རྣམས་བདེར་འཁོད་བསོད་ནམས་རྩིབས་སྟོང་གི །འཁོར་ལོ་འཛམ་གླིང་མཁའ་ལ་འཕགས་པར་མཛོད། ཁ་བའི་སྨན་ལྗོངས་ནད་རིམས་འཐབ་རྩོད་དང་། །དབུལ་ཕོངས་མཐའ་དམག་དུས་ཀྱི་ཆད་པ་ཞི། །བདེ་སྐྱིད་ལྷ་ཡི་དཔལ་ལ་འགྲན་བཟོད་པའི། །བསམས་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཅེས་སྲས་ནོར་བུ་འཛིན་པའི་རྣམ་འཕྲུལ་མཁའ་རི་དགེ་བསྙེན་ཤེའུ་དཀར་པོ་ཏོག་གི་ཞིང་ཁམས་སུ་མཚན་འོད་མཛེེས་བྱ་བར་འཚང་རྒྱ་བའི་ལུང་བསྟན་པ་ལྟར་དེང་སང་རིགས་འཛིན་གྱི་གྲལ་དུ་བཞུགས་ཤིང་གཅུང་བུ་རེངས་བཀྲ་ཤིས་འབར་མཁའ་རིའི་གངས་སྐྱོང་བ་དང་ལྷན་ཅིག་པར་སྲས་མོ་རིག་སྔགས་འཛིན་མའི་སྤྲུལ་པ་ལྕམ་མོ་(༢༣༠ན)


GLG011_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་བསམ་བཟང་སྐྱིད་འཚོའི་བསྟོད་པ་ཞིག་གསར་དུ་རྩོམས་ཞེས་རྒྱལ་སྲས་རྡོ་རྗེ་གླིང་པའི་བསྟན་པའི་སྲོག་ཤིང་འབྲོམ་གྱི་སྔགས་འཆང་ཆོས་རྗེ་རྡོ་རྗེ་དབང་གྲགས་རྒྱ་མཚོས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་སྔགས་སྨྱོན་གང་ཤར་རང་གྲོལ་གྱིས་སྦྱར་བའི་ཡི་གེ་པ་ནི་བརྡ་དག་ཡིག་རྩིས་ལ་བློ་གྲོས་ཀྱི་སྣང་བ་དཀར་བ་མཐར་རྒྱས་པ་བློ་བཟང་དབང་པོའོ། །འདིར་དུར་ཁྲོད་བདག་མོའམ། འདྲེ་མོ་ངན་ནེ་མར་གསོལ་མཆོད་འབུལ་བ་ནི། རྒྱུད་ལེའུ་བཅུ་པ་ལས། གཏོར་མ་ཟླུམ་གཏོར་མར་ཐུད་བརྒྱན༔ ཐ་མའི་བཤོས་བདུན་མཐེབ་སྐྱུ་ལ༔ རྟ་བོང་ཕག་ལུག་གཡག་ཤས་བརྒྱན༔ ད་ལ་མོ་ཡི་སྐུ་ཡང་གཟུག༔ ཅེས་བྱུང་བ་ལྟར་སྐུ་རྟེན་ཙ་ཀླི་འཛུགས་སམ་ཡང་ན་བྲིས་ཐང་ལྟ་བུས་ཀྱང་གོ་ཆོད། སྨན་རག་ཕྱི་ནང་གི་ཉེར་སྤྱོད་སོགས་མཆོད་པ་རྣམས་བཀོད་པས་མཛེས་པར་བཤམ། མཆོད་གཏོར་རྣམས་བླ་མེད་སྤྱི་འགྲོ་ལྟར་བྱིན་གྱིས་བརླབས། བྷྱོཿམདུན་གྱི་དུར་ཁྲོད་གཞལ་ཡས་སུ། །མ་ཏྲི་བྷྱོ་ལས་དཀོར་བདག་མོ། །དུར་ཁྲོད་ལྷ་མོ་སྐུ་མདོག་དམར། །དཀར་དམར་དར་གྱི་ན་བཟའ་གསོལ། །གཡས་པ་ལྕགས་ཀྱུ་གཡོན་མེ་ལོང་། །རིན་ཅེན་རྒྱན་ལྡན་ལྷ་མོའི་གཟུགས། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཐོགས་པ་མེད་པར་བྱོན་ནས་ཀྱང་། །དགྱེས་པའི་གདན་ལ་བརྟན་པར་བཞུགས། །ཨོཾ་མ་མ་ར་ལི་བྲམ་ཡ་ཀ་ལི་ཡེ་ཛ་ཛཿས་མ་ཡ་ཏིཥྛ་ལྷན། མར་ཟན་དཀར་གསུམ་དངར་གསུམ་དང་། །ཤ་ཁྲག་རུས་པ་ལ་སོགས་པ། །སྣ་ཚོགས་མཆོད་པའི་གཏོར་མ་རྣམས། །བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ནས། །དུར་ཁྲོད་བདག་མོ་འཁོར་བཅས་ལ། །འབུལ་གྱིས་བཞེས་ལ་དགྱེས་པར་རོལ། །གོང་གི་སྔགས་གཤམ་དུ་མ་ཧཱ་བ་ལིནྟ་ཁཱ་ཧི། བ་ལིང་ག་རེ་ན། དི་བི་ལཾ་པ་ཧོ། པ་ཏི་ཡུལ་གྱི་གཟུགས་བཟང་མོ་གཏོར་མ་ཁྱེར་ལ་དངོས་གྲུབ་སྩོལ་ཞིག །ཅེས་པ་ལན་གསུམ་གྱིས་ཕུལ།(༢༣༠བ)


GLG011_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གཤམ་དུ་མ་ཧཱ་པཉྩ་དང་མ་ཧཱ་བཏགས་ལ་དབུལ། བྷྱོཿ མཛེས་སྡུག་གཟུགས་ཀྱི་ཟློས་གར་བསྒྱུར། །སྙན་བརྗིད་རོལ་མོའི་སྒྲ་དབྱངས་འཁྲོལ། །དྲི་བཟང་ངད་ལྡན་ཆབ་ཀྱི་བྱུག །རོ་བརྒྱའི་ཟས་སྦྱར་ལྷ་བཤོས་དབུལ། །འཇམ་མཉེན་རེག་བྱའི་གོས་ཟུངས་རྣམས། །ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །ཐང་སྐྱེས་ཆུ་ལས་སྐྱེས་པ་དང་། །དབང་པོ་ལྔ་ཡི་མེ་ཏོག་བཀྲ ། སྨན་སྣ་སྟོང་ལས་སྦྱར་བའི་སྤོས། །ཤ་ཚིལ་གསུར་གྱི་དུད་སྤྲིན་འཁྲིགས། །ཉི་ཟླ་ནོར་བུའི་སྣང་འོད་དང་། །ཞུན་ཆེན་ལས་སྦར་མར་མེ་གསལ། །ག་པུར་གུར་ཀུམ་ཁྲག་ཞག་དང་། །མཁྲིས་པའི་དྭངས་མ་ཐུགས་ཀར་བྱུག །ལྷ་མིའི་བཟའ་བཅའི་རོ་མཆོག་དང་། །ཤ་ཆེན་ཟས་མཆོག་རི་ལྟར་སྤུངས། །ཉེར་སྤྱོད་མཆོད་པའི་ཚོགས་རྣམས་ཀྱིས། །ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །རྟ་གཡག་བ་ལང་ར་ལུག་ཁྱི། །གནམ་ལ་ཕུར་དགུ་ས་གཞི་ལ། །འཛུལ་དགུ་རི་དྭགས་འཕྱོ་དགུ་སོགས། །ཇི་སྙེད་སྲོག་ལྡན་ཚོགས་རྣམས་དང་། །གོ་མཚོན་འཕན་གདུགས་ལྡ་ལྡི་བྲེས། །ལྷ་མིའི་དཔལ་འབྱོར་ཇི་སྙེད་དང་། །ཕྱི་ནང་གསང་བའི་ཐུན་རྫས་རྣམས། །ས་གཞི་བར་སྣང་ཁྱོན་གང་བར། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ཡིས། །ལྷ་མོ་འཁོར་བཅས་༝། །ཀྱེཿ ཁྱོད་ཀྱི་ཡབ་ཀྱི་མཚན་གསོལ་པ། །ཡབ་ནི་འོད་དེ་འོད་པ་ཆེ། །ཡུམ་ནི་འོད་བཟང་མཐུ་མོ་ཆེ། །གངས་དཀར་སྟོངས་ན་སྲིད་པའི་སྲས། །མཆེད་ནི་རྣམ་པ་བཞི་རུ་སྲིད། །ཆེ་བ་ལྷ་མོ་ངན་ནེ་མ། །དེ་འོག་གནོད་སྦྱིན་ངན་ནེ་མ། །ཆུང་ཤོས་འདྲེ་མོ་ངན་ནེ་ཁྱོད། །འཛམ་གླིང་བྲག་དཀར་ལྡམ་པའི་ས། །མཚོ་འགྲམ་མཚོ་མི་ནང་ཤེད་ན། །སྐུ་ལ་དར་དཀར་གོས་སུ་གྱོན། །ཕྱག་གཡས་འགུགས་པའི་ལྕགས་ཀྱུ་དང་། །གཡོན་པ་དངུལ་དཀར་མེ་ལོང་བསྣམས། །ནོར་སྣ་གཅིག་གི་རྗེས་གཅོད་མ། །རྩྭ་ཆག་གང་གི་ཤས་བསྙེག་མ། །ནོར་ལ་དགའ་ཞིང་ནོར་ལ་དུངས། །དཀོར་བདག་ཅན་ལ་ཕྱག་འཚལ་ལོ། །བྷྱོཿ ཕྱི་ལྟར་མ་མོ་འོད་ཀྱི་བུ་ག་ཅན། །ནང་ལྟར་མ་མོ་གསེར་གྱི་སྤུ་གྲི་མ། །(༢༣༡ན)


GLG011_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་དུར་ཁྲོད་བདག་མོ་ངན་ནེ་མ། །གནས་དང་དཀོར་གྱི་སྲུང་མ་མཐུ་མོ་ཆེ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །གཏེར་ཆེན་མངའ་བདག་མྱང་རལ་ལ་སོགས་པ། །རྩ་བརྒྱུད་བླ་མའི་སྤྱན་སྔར་ཁས་བླངས་པའི། །གཡར་དམ་གཉེན་པོ་དུས་ལས་མ་ཡེལ་བར། །རྣལ་འབྱོར་དཔོན་སློབ་དགོན་གནས་བཅས་པ་ཡི། །འཇིགས་བརྒྱད་ཞི་ཞིང་འབྱོར་དྲུག་སྤེལ་བ་དང་། །མོས་བཞི་དབང་སྡུད་དགྲ་བགེགས་སྒྲོལ་བ་སོགས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །ཀུན་མཁྱེན་གཉིས་པ་བློ་བཟང་གྲགས་པ་ཡི། །བསྟན་པ་རིན་ཅེན་སྲིད་མཐར་རྒྱས་པ་དང་། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །མི་ནོར་ཆབ་སྲིད་མངའ་ཐང་འཕེལ་བར་མཛོད། ཁྱད་པར་དགའ་ལྡན་རིང་ལུགས་ཉེར་བཟུང་ནས། །ཆོས་མིན་ཆོས་སུ་བརྫུ་བ་བདུད་ཀྱི་སྡེ། །འདུལ་བའི་ཁྲིམས་ལྡན་དགེ་འདུན་གླིང་ཆེན་པོ། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །བྷྱོཿ དུར་ཁྲོད་ལྷ་མོ་ཆེན་མོ་ཁྱོད། །སྐུ་ནི་མི་རྫུ་དགུ་རུ་བརྫུ། །ཆིབས་སུ་དྲེད་མོ་ཁམ་ནག་བཅིབས། །མདོག་ནག་ཞལ་གདངས་སྤྱན་བགྲད་མ། །རལ་པ་གསིགས་པས་ས་གཞི་ཁེབས། །ཕྱག་གཡས་ཞིང་ཆེན་རྒྱལ་མཚན་འཕྱར། །གཡོན་ན་ནལ་བུའི་དོན་སྙིང་ཟ། །གནད་ནས་དྲག་ཏུ་བསྐུལ་བའི་ཚེ། །གཅན་གཟན་བཞི་པོ་ཕོ་ཉར་འགྱེད། །མར་སྲང་གང་གི་རྗེས་གཅོད་མ། །རྩྭ་ཕད་གང་གི་ཕྱིར་འབྲང་མ། །ནོར་ལ་ངན་ཞིང་དཀོར་ལ་དད། །ལས་ལ་མྱུར་བའི་མ་མོ་ཁྱོད། །དུར་ཁྲོད་རྒྱུ་བ་མི་བསྲུན་གཟུགས། །སྲིད་པའི་མ་མོ་ཆོ་འཕྲུལ་ཅན། །གླིང་བཞི་བསྐོར་ཅིང་མི་ལྤགས་གྱོན། །དམ་ཉམས་དགྲ་ཡི་སྲོག་གཅོད་མ། །དཀོར་ནོར་ཁབ་དང་སྐུད་པ་ཙམ། །མ་བཞག་དྲག་པོས་ཡུད་ཀྱིས་ལོང་། །རྣལ་འབྱོར་བདག་ཅག་དཔོན་སློབ་རྣམས། །གར་བཞུགས་གནས་དང་དགོན་པའི་རིགས། །བཅོལ་ལོ་གཏད་དོ་ཁྱོད་ཀྱིས་སྲུངས། །སྔ་དགྲ་བྱས་པའི་རྩ་བ་ཆོད། །ཕྱི་དགྲ་སེམས་པ་དྲུངས་ནས་ཕྱུངས། །ད་ལྟའི་དགྲ་བོ་(༢༣༡བ)


GLG011_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་དུ་རློག །རྡོ་རྗེ་མཐུ་ཡི་གཞགས་ནག་དེ། །བསྟན་པ་བཤིག་པའི་སྐེ་ལ་ཐོབ། །དགྲ་བྱེད་ཕ་བུ་ཡིན་ཀྱང་སྒྲོལ། །དམ་ཉམས་སློབ་མ་ཡིན་ཀྱང་སོད། །དུར་ཁྲོད་ཞིང་སྐྱོང་ཌཱ་ཀིའི་གཙོ། །སྣང་སྲིད་དབང་དུ་སྡུས་མཛོད་ལ། །བདག་ཅག་ཆོས་མཛད་སྒྲུབ་པ་པོའི། །ཆོས་ཀྱི་མཐུན་རྐྱེན་རྟག་ཏུ་སྦྱོར། །མི་མཐུན་བདུད་ཀྱི་ཟང་ཟིང་རྣམས། །སྐད་ཅིག་མ་བཏང་ཐུགས་རྗེ་ཅན། །དཀོར་བདག་ཆེན་པོ་ཁྱོད་ཉིད་ཀྱིས། །བཅོལ་བའི་འཕྲིན་ལས་སྒྲུབ་པའི་དུས། །དགྲ་བོའི་ཡུལ་དང་སྒོ་དྲུང་དུ། །ཀུན་གྱིས་ཐོས་པའི་འོ་དོད་བོས། །ལྟས་ངན་ཟད་མི་ཤེས་པ་སྟོན། །དགྲ་བོའི་ཡུལ་ཁམས་སྟོངས་སུ་ཆུག །རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། །རྣལ་འབྱོར་ཆེ་བ་ཐོན་པར་མཛོད། །ཅེས་དྲག་པོར་བསྐུལ་ཚེ་འདི་ཉིད་ཀྱང་བྱའོ། །མཇུག་ཆོག་སྤྱི་དང་མཐུན་པར་བྱ། །དུར་ཁྲོད་ཀྱི་བདག་མོ་ངན་ནེ་མའི་གསོལ་མཆོད་འདི་ལྷོ་བྲག་མཁར་ཆུར་དགའ་ལྡན་བདུད་འདུལ་གླིང་དུ་བཙུགས་པའི་ཚེ་གཏེར་ཁ་གོང་མ་ལས་ཉེ་བར་བཏུས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོའོ། །མཆོད་གཏོར་སྤྱི་ལྟར་བྱིན་གྱིས་བརླབས། །མྱུར་མཛད་ཡེ་ཤེས་མགོན་པོ་ཐུགས་རྗེའི་གཏེར། །ལས་ཀྱི་གཤིན་རྗེ་འཆི་བདག་མ་ཧེའི་ཞལ། །གནོད་སྦྱིན་རྡོ་རྗེ་བདུད་འདུལ་མཐུ་བོ་ཆེ། །སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏཱི། །བཙན་རྒོད་ཆེན་པོ་རྒྱལ་ཆེན་བསེ་ཁྲབ་པ། །སྤྲུལ་པའི་ཆོས་རྒྱལ་རྡོ་རྗེ་གྲགས་ལྡན་རྣམས། །བཀའ་སྡོད་འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས། །ཐོགས་མེད་འདིར་སྤྱོན་དགྱེས་པའི་གདན་ལ་བཞུགས། །དྲི་ངད་ལྡན་པ་ཨརྒྷའི་མཆོད་ཡོན་དང་། །རྙོག་མེད་ཆུ་ཀླུང་ཞབས་བསིལ་ཚུལ་དུ་སྦྲེང་། །སྣ་ཚོགས་མེ་ཏོག་ཆུན་པོ་ཐོད་དུ་འཆིང་། །དྲི་ཞིམ་བདུག་སྤོས་ལང་ལོང་བར་སྣང་ཁེང་། །གསལ་བྱེད་མར་མེའི་འཕྲེང་བ་ཚར་དུ་དངར། །སྐུ་ལ་བྱུག་པའི་དྲི་ཆབ་མཚོ་ལྟར་བསྐྱིལ། །ཤ་རུས་རོ་བརྒྱའི་ཟས་མཆོག་རི་བོ་བཞིན། །སྙན་བརྗིད་རོལ་མོའི་ཚོགས་རྣམས་གུས་པས་འབུལ། །ཨོཾ་སརྦ་དྷརྨ་རཀྵི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་(༢༣༢ན)


GLG011_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། འབྲུ་སྣ་ཁྲག་ཆང་ཤ་མར་ལས་གྲུབ་པའི། །དམ་རྫས་རྒྱན་ལྡན་བདུད་རྩིར་བྱིན་བརླབས་པ། །ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ་བྱེད་ན། །དགྱེས་པ་ཆེན་པོའི་སྒོ་ནས་བཞེས་སུ་གསོལ། །རྒྱས་པར་སྤྲོན་ཆོས་སྐྱོང་སོ་སོའི་སྔགས་ཀྱིས་འབུལ་ཞིང་། བསྡུ་ན། ཨོཾ་བཛྲ་དྷརྨ་པཱ་ལི་ཀ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་དང་ཨ་ཀཱ་རོ་མུ་སོགས་ཀྱིས་བསྔོ། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་ནང་མཆོད་ཀྱང་འབུལ། །ཐུབ་པའི་སྤྱན་སྔར་བསྟན་པ་བསྲུང་བ་རུ། །ཞལ་བཞེས་མཐུ་སྟོབས་རྫུ་འཕྲུལ་དཔག་དཀའ་བའི། །ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་ལ། །སྒོ་གསུམ་གུས་པའི་སྒོ་ནས་བདག་བསྟོད་དོ། །ཞྭ་སེར་འཆང་བའི་བསྟན་པ་དར་ཞིང་རྒྱས། །དེ་འཛིན་དཔལ་ལྡན་བླ་མའི་ཞབས་པད་བརྟན། །ས་དབང་རྒྱལ་པོའི་སྐུ་ཚེ་མངའ་ཐང་འཕེལ། །འབངས་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད། །བདག་གི་ཆོས་དང་མཐུན་པའི་དོན་ཀུན་སྒྲུབས། །རང་གིས་སྒོ་གསུམ་སྤྱོད་པས་མ་ཉེས་ན། །ཀོ་ལོང་ངན་པས་ཡ་ག་ཐག་མ་རུ། །སྒྲོག་པར་བྱེད་ལ་དཀར་ནག་བདེན་བཤན་ཕྱེ། །མདོར་ན་འཕྲིན་ལས་རྣམ་བཞི་མ་ལུས་པ། །འབད་མེད་སྒྲུབ་པའི་བསྟན་པ་སྐྱོང་མཛད་པས། །ཡིད་བཞིན་ནོར་དང་ཡོངས་འདུའི་ལྗོན་པ་ལྟར། །འདོད་པའི་རེ་བ་མཐའ་དག་སྐོང་བར་ཤོག །ཅེས་སྤྱན་གཡས་མཁན་པོ་བསྟན་འཛིན་རྒྱ་མཚོས་གཏོར་འབུལ་བསྡུས་པ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །སརྦ་མངྒ་ལཾ།། །།

གཏོར་མ་བརྒྱ་རྩ་བཀླགས་པས་དོན་འགྲུབ།


GLG011_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བརྒྱ་རྩ་བཀླགས་པས་དོན་འགྲུབ་ཅེས་བྱ་བ་བཞུགས། །


GLG011_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྴིརསཱཏིརཏྣབྷྱཾ། རང་བཞིན་ཡོངས་དག་ཀུན་གསལ་མཛེས་མའི་འདྲེན་བྱེད་དཀྱུས། །དབང་གཞུ་ལྟར་འཁྱུག་མ་འདྲེས་འཁྱོག་པོའི་མཚར་སྡུག་གིས། །སྣ་ཚོགས་བློ་ཡི་འདོད་ལྡན་དགའ་བའི་དཔལ་སྟེར་ཅན། །ཟས་གཙང་སྲས་ཀྱི་སྲིད་འདིའི་དུཿ ཁའི་ཚ་གདུང་བཅིལ། །ཏིང་འཛིན་ལྕགས་ཀྱུའི་རྫས་ཀྱིས་ལག་ལྡན་སྣར། །བཏབ་པས་རང་དགར་འཕྱན་མིན་སྦྱིན་པའི་ཁུར། །རླབས་ཆེན་ཐེག་པའི་བསོད་ནམས་གོམ་སྟབས་ཀྱིས། །བྱང་གྲོལ་མྱུར་དུ་བགྲོད་པའི་བྱེད་པོ་མཆོག །སྔོན་རབས་དམ་པའི་ལམ་སྲོལ་སྐྱེད་ཚལ་ནས། །རྒྱས་བསྡུས་སྐབས་ཀྱིས་ཕྱེ་བའི་ཕྲ་ལྡེམ་ཅན། །ཀླགས་པས་དོན་ཀུན་འགྲུབ་པའི་ཨུཏྤལ་གྱི། །མེ་ཏོག་ཕོན་པོ་རྣ་བའི་རྒྱན་དུ་དངར། །དབུས་འགྱུར་(༢ན)


GLG011_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རྟ་ཅན་གྱི། །གྲོང་ཁྱེར་ཀ་པི་ལ་ཝརྟུའི། །ཕུག་ཅན་ངོས་ན་གཅུང་དགའ་བོ། །མྱང་འདས་ཚུལ་ལ་ཡིད་ཕྱོགས་ཚེ། །སྔོ་བསངས་དུས་སུ་འཇུངས་པའི་འབྲས། །ཉེར་གྲུབ་ཞིག་གིས་དགའ་བོ་ཁྱོད། །ཞག་བདུན་ཚུན་དུ་ཉི་བུ་ཡི། །མཆེ་བའི་ཕྲག་འགྲོ་བདག་ཅག་གི །ངང་ཚུལ་བསྐལ་པ་བརྒྱད་ཁྲིར་མྱོང་། །ཞེས་པའི་མཚོན་ཆ་ཐོས་འཛིན་དུ། །བསྣུན་པས་ཡིད་ལ་རྨ་ཕྱུང་བའི། །ཟུག་རྔུ་འཁུན་སྒྲས་སྨན་པ་མཆོག །ཉི་མའི་གཉེན་དྲུང་གསོལ་བའི་མཐུས། །སྔགས་དང་དམིགས་པ་ཉལ་འགྲོ་ཟན། །རོ་ནུས་སྟོབས་ལ་ཚེགས་ཆུང་ངུས། །དོན་བཟང་འགྲུབ་པ་སྩལ་བ་གང་། །ལག་ཏུ་བསྟར་བས་ཉམ་ང་བའི། །ཚུལ་ལས་བཟློག་པའི་བདེ་བ་ཐོབ། །རིམ་བཞིན་བརྒྱུད་དེ་སཱ་ལའི་ལྗོངས། །ལྷ་གཅིག་དཱི་པཾ་ཀ་ར་སོགས། །དཾ་པ་དུ་མའི་རྗེ་བཙུན་གྲགས་པ། ཕྱག་སྲོལ་རྒྱུན། །མཆོག་དམན་འགའ་ཡིས་ཉམས་བླངས་པས། །ཚེ་ནོར་མངོན་མཐོ་ངེས་ལེགས་རྣམས། །ཐོབ་ཅེས་སྔོན་རབས་སྒྲོས་སུ་སྣང་། །དེ་ཡང་འཚེ་བའི་སྣོད་པའི་རིམས་ཆག་གྲུམས་བམ་ཤིན་ཏུ་ཆུང་བ་བསེ་ལྕགས་ཕོར་བ་སྣོད། བཞི་པོ། ཕྱིར་དོར་མཐུན་པའི་བྷཎྜ་བརྒྱད། ཞེ་སར། དངུལ། ཟངས་གར་ག ཁ་བར་དུག་ཤིང་རྫ་རྣམས་ཀྱི་སྣོད་གང་(༢བ)


GLG011_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ནང་དུ་ལོག་པའི་རྫས། དྲུག་གི་གྲངས་སྤངས་ཅིག་ཤོས་རྣམས། །འབྱོར་པའི་འཁོས་དང་བསྟུན་པའི་ཚད། །བཀོད་པས་ཁྱད་པར་འཕགས་བཤམས་ཏེ། །མཆོད་གནས་ཀུན་ལ་ལེགས་བྱས་ཀྱི། །གྲངས་མེད་དངོས་པོ་བསྐྲུན་ཤ་ཆང་། ལ་ཕུག དུག་གི་མེ་ཏོག བན་མཐོ་བ་རྣམས། དཀར་གསུམ་མངར་གསུམ་འབྲུ་རིགས། ཟན། མེ་ཏོགཆུ་གཙང་། སླད་དུ། འབུལ་ཞིང་སྦྱིན་པའི་ཡུལ་རྣམས་ལ། །ལོངས་སུ་སྤྱོད་ཅིང་མི་ཟད་པའི། །གཏེར་དུ་འགྱུར་ཞིང་གནོད་པ་ཡིས། །འཕྲོག་ཏུ་མེད་པའི་དཔལ་སྟེར་བའི། །ཤཱཀ་ཐུབ་རིགས་གསུམ་མགོན་པོ་བཞིའི། །མཚན་གྱི་དབྱངས་སྙན་སྒྲོག་པ་སོགས། །ཚིག་དོན་མ་འདྲེས་ཇི་བཞིན་དུ། །གཏོར་མ་སྒུལ་བསྐྱོད་དང་བྲལ་བ། །མ་ཐོབ་པར་འབྱུང་པོ་ཀུན་ལོག་འགྲོ་བས་སྡིག་པ་ཆེ། །མི་ཁྱིའི་སྒྲ་མང་སར་ཡི་དགས་རྣམས་སྐྲག །དབེན་ཞིང་གཙང་སར་ངེས་འཕོངས་པ་ལ་ཟས་ནི་བྱིན་ཀྱང་དགའ་བ་ལྟར། །མེད་དུས། །སོ་སོར་ཐར་པའི་སྡོམ་དྲང་སྲོང་རྣམས་གཙང་སྒྲ་མེད་པའི་ཟས་མི་ཟ། ལྡན་རབ། །མིན་ཡང་རོ་དང་ཤ་ཆང་སྒོག་ཙོང་སོགས་དྲི་ངན་པ་མཐའ་དག །དྲི་ང་བའི། །ཟས་སྤངས་སྐྱབས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སོགས་དང་། སངས་རྒྱས་ཆོས་ཚོགས་མ། འགྲོ་སེམས་བསྐྱེད་རྣམས། སྤྱི་ལྟར་བྱས་ཏེ་དཀྱུས་ལ་འཇུག སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨའི་འདབ་མ་དཀར་འཇམ་མཉེན་ལྕུག་རྒྱས་པའི་ལྟེ་བར། ཨ་ལས་བཅུ་དྲུག་ཆ་ཤས་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་(༣ན)


GLG011_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གངས་རིའི་དུམ་བུ་ཆད་པ་ལྟ་བུའི་ཧྲཱིཿ དཀར་པོ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས་པས། དུས་གསུམ་གྱི་རྒྱལ་བ་རྣམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་མཉེས་པར་བྱས། །གཞལ་དུ་མེད་པའི་སེམས་ཅན་གྱི་དོན་རླབས་པོ་ཆེས་འགྲོ་བ་ཀུན་འཕགས་པ་མཆོག་གི་གོ་འཕང་ལ་བཀོད། །དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར་པ་ལས། བདག་ཉིད་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་ཤེལ་དཀར་གྱི་ལྷུན་པོ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུའི་སྐུ་མདོག་རབ་དཀར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་གསལ་རྫོགས་ཀྱིས་བརྒྱན་པའི་རྩ་བའི་ཕྱག་གཉིས་ཀུནྡའི་ཕོན་པོ་འགྲོ་ལ་རྗེས་ཆགས་ཀྱིས་ཐུགས་ཀར་འཛིན་པའི་ཉམས་ཀྱིས་སྦྱར་ཞིང་། ལྷག་མ་གཡས་མན་ཤེལ་གྱི་འཕྲེང་བ་བརྒྱ་རྩས་ལུས་ཅན་མཐའ་དག་ཐར་པའི་ཁང་བཟང་དུ་འདྲེན་པའི་བརྡ་དང་། གཡོན་འོག་མས་པདྨ་དཀར་པོའི་སྡོང་པོ་ཡལ་འདབ་རྒྱས་པའི་གྲིབ་བསིལ་གྱིས་སྡུག་བསྔལ་གསུམ་གྱི་ཚ་གདུང་སེལ་བའི་ཚུལ་གྱིས་འཛིན་པ། ལྷ་རྫས་དར་གྱི་ན་བཟའི་སྟོད་གཡོགས་དང་ཤམ་ཐབས་མཛེས་པར་ཀླུབས་ཤིང་། རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་ཕྱག་གདུབ། ཞབས་གདུབ་སོགས་ཀྱིས་སྤུད་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས། ལྕགས་ཀྱུ་(༣བ)


GLG011_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་འོད་ཟེར་གྲངས་མེད་པ་འཕྲོས་པས། ལྷོ་ཕྱོགས་གྲུ་འཛིན་རི་བོའི་སྤོ་ནས། རང་འདྲའི་ཡེ་ཤེས་སེམས་དཔའ་འཕྲིན་ལས་ཀྱི་འཇུག་པ་དུས་ལས་མི་གཡེལ་བས་སྐར་མདའ་འཕངས་པ་བཞིན་དུ་སྤྱན་དྲངས། གྲངས་མེད་རྒྱལ་བའི་མཁྱེན་བརྩེའི་འོད་དཀར་ཅན། །གངས་ལྡན་འགྲོ་བློའི་ཆུ་མཚོར་ཤར་བའི་གཟུགས། །ཕན་བདེའི་ག་བུར་གསར་པའི་ཐིགས་པ་གང་། །སྩོལ་ཕྱིར་འདིར་གཤེགས་ཕྱག་ན་པདྨ་ཀྱེ། །ཨོཾ་ཨཱཪྻཱ་ཨཝ་ལོ་ཀི་ཏེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །སླར་ཡང་འོད་ཟེར་འཕྲོས་པས། །དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥ་ཀ་ཏ་ས་མ་ཡ་ཤྲཱི་ཨཱཿཧཱུྃ། ཞེས་སྤྱི་བོ་ནས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་གཏོར་ཨ་མྲྀ་ཏ་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ། ཨོཾ་ལས་མཆོད་གཏོར་རྣམས་འདོད་ཡོན་ལྔས་ཁྱད་པར་དུ་བྱས་པའི་མཆོད་པའི་སྤྲིན་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ། དངོས་བཤམས་ཡིད་སྤྲུལ་ཕུལ་བྱུང་མཆོད་པའི་ཚོགས། །ངོ་མཚར་སྤྱན་དང་རོ་མཆོག་ལྗགས་ཀྱི་ཡུལ། །ཟག་མེད་བདེ་བའི་ཀློང་དུ་དགྱེས་(༤ན)


GLG011_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེད། །འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །ཨོཾ་ཨརྱ་ལོ་ཀེ་ཏེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་། ཤཔྟའི་བར་བརྗོད། མི་ཟད་སྙིགས་མ་ལྔ་བདོ་ན་ཀྲའི་གྲོང་། །ལེགས་ལམ་ནོར་བུ་ལེན་ལ་དཀའ་བའི་འཕྲང་། །ཐུགས་རྗེའི་རྫིངས་ཀྱིས་སྒྲོལ་བའི་འཕགས་མཆོག་ལྷ། །འཇིག་རྟེན་དབང་ཕྱུག་གང་དེར་ཕྱག་འཚལ་ལོ། །ཡིག་དྲུག་ལོང་བསྟུན་བགྲངས་རྗེས་སྨོན་ལམ་བྱ། མགྲོན་སྤྱན་འདྲེན་པ་ནི། དཔག་ཡས་རྒྱལ་བའི་གསང་བ་གསུམ་གྱི་དངོས། །མི་འགྱུར་བདེ་ཆེན་ངང་དུ་རྟག་འཆེལ་ཡང་། །དངོས་གྲུབ་འབྱུང་གནས་བྱེད་པོར་སྟོན་པའི་ཕྱིར། །མཆོག་གསུམ་དམ་པའི་ཚོགས་རྣམས་གཤེགས་སུ་གསོལ། །གང་དེའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་ལས། །བགྲང་ཡས་ཟླ་སྣང་ཆུ་མཚོར་ཤར་བ་བཞིན། །ཁྲོས་པའི་གར་མཛད་མགོན་ཆེན་སྡེ་བཞི་སོགས། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་གཤེགས་སུ་གསོལ། །མངོན་ཤེས་རྫུ་འཕྲུལ་ལྡན་པའི་བསིལ་སྦྱིན་དང་། །སྣག་ཚ་ཡང་དག་ཤེས་དང་མདུན་དུ་བདར། །གྱ་གྱུ་ཁྱུང་མིང་ཨ་འགུར་གཡོག་འདོར་སོགས། །དྲང་སྲོང་བྲམ་ཟེའི་ཚོགས་རྣམས་༝། །འདོད་ཡོན་ནོར་དང་དོན་ཀུན་སྒྲུབ་མཛད་པའི། །རྨུགས་འཛིན་ནོར་རྒྱུན་མ་དང་ཚོགས་ཀྱི་བདག །གནོད་སྦྱིན་ཨ་པརྩ་ཏ་ལ་སོགས་པའི། ནོར་བདག་ལྷན་ཅིག་སྐྱེས་ལྷ་༝། །ཆོས་འཁོར་གཙུག་ལག་བ་གཾ་གྲོང་ཁྱེར་དང་། །རི་དང་ནགས་ཚལ་ལ་སོགས་ནོར་འཛིན་ཀུན།(༤བ)


GLG011_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ཞིང་སྐྱོང་བ་ས་ཡི་ལྷ་མོ་སོགས། །ཡུལ་ལྷ་གཞི་བདག་ཚོགས་རྣམས་༝། །སྔོན་ཚེ་སྣང་བྱེད་ཡུལ་གྱི་དགའ་སྟོན་དུ། སྟོབས་བཅུ་མངའ་བ་གྱུར་ཅིང་ཚངས་དབྱངས་ཀྱིས། དབུགས་དབྱུང་མཐུ་དང་ལྡན་པའི་མི་མ་ཡིན། སྡེ་དཔོན་རྟ་བདག་འཕྲོ་མ་༝། །རིང་པོ་ཉིད་ནས་བསགས་པའི་ནག་པོའི་འབྲས། མངོན་པར་བདོ་བའི་མི་བསྲུན་བསམ་སྦྱོར་གྱིས། །ལུས་ཅན་རྣམས་ལ་འཚེ་བའི་མི་མཐུན་ཕྱོགས། །བགེགས་ཚོགས་འབྱུང་པོ་མ་ལུས་འདིར་འདུས་ཤིག ཀུན་གསལ་ལུས་ཕྲའི་ཚད་ཀྱི་ཞགས་པས་ཀྱང་། །ཕ་མཐའ་འཆིང་བར་ནུས་པའི་གོ་སྐབས་ལས། །མི་འགྱུར་བརྩེ་བས་བསྐྱངས་པའི་ཇི་སྙེད་མ། །རིགས་དྲུག་སྐྱེ་དགུའི་ཚོགས་རྣམས་༝། །མི་མཉམ་འདུ་བ་འཁྲུགས་དང་གློ་བུར་དུ། །དུག་མཚོན་ལྕེབས་སོགས་རྐྱེན་གྱིས་འདི་སྣང་ལུས། །བོར་ཞིང་ཕྱི་མ་མ་ཐོབ་འཁྱམས་པ་ཡི། །བར་དོར་གནས་པའི་འགྲོ་རྣམས་༝། །སེར་སྣ་ལ་སོགས་ལས་ངན་རླུང་ཤུགས་ཀྱིས། །བཀྲེས་སྐོམ་སྡུག་བསྔལ་རྒྱ་མཚོར་ལྷུང་བ་ཡི། ཕྱི་ནང་སྒྲིབ་ཅན་བྱིངས་གནས་ཁ་འཐོར་སོགས། །ཡི་དྭགས་རྒྱལ་མོ་ལ་སོགས་༝། །སྔོན་ནས་བཅད་གཏུབས་འཕྲོག་འཇོམས་ལ་སོགས་པས། །བུ་ལོན་ཆགས་པའི་མི་དང་མི་མ་ཡིན། །མདོར་ན་རིགས་དྲུག་གང་དུ་གནས་གྱུར་པའི། །ལན་ཆགས་ཤ་འཁོན་གཉེར་རྣམས་འདིར་འདུས་ཤིག །མདོར་ན་བདེ་ལེགས་ཞིང་དུ་སྤྱན་དྲངས་ཤིང་། །འདོད་དོན་བསྒྲུབ་པའི་ཕྱིར་དུ་བཀུག་པ་དང་། །སྙིང་རྗེའི་དབང་གིས་བོས་པའི་མགྲོན་ལ་སོགས། །མཐའ་དག་རང་(༥ན)


GLG011_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རང་གདན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། ཕ་མཐའ་ཡོངས་བྲལ་ཡེ་ཤེས་ཆུ་གཏེར་ལས། །དངོས་གྲུབ་རྣམ་མང་ཡིད་བཞིན་ནོར་བུའི་གཏེར། །རིས་མེད་ཀུན་ལ་སྙིལ་བའི་མཛད་པ་པོ། །མཆོག་གསུམ་བླ་མ་ཡིད་མ་ལ་ཕྱག་འཚལ། །རྣམ་འདྲེན་བསྟོད་པའི་རྟ་ལྗང་དཀྱིལ་འཁོར་ཅན། །ཕན་བདེའི་འོད་སྒྲིབ་དགྲ་བགེགས་ནམ་མཁའི་གོས། །མཐུ་སྟོབས་ནུས་པའི་རླུང་གིས་གཏོར་མཛད་པའི། །ཆོས་སྐྱོང་བསྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །མདོར་ན་དད་པའི་ཡིད་ཀྱིས་སྙིམ་པ་ཟུང་། །སྙིང་ཁར་ཟུམས་ཏེ་འདུད་པའི་ཡུལ་གྱུར་པ། །དགེ་ལེགས་དཔལ་གྱི་སྒོ་འཕར་འབྱེད་མཁས་པ། །ཀུན་ལ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །རྙོག་བྲལ་དྭངས་པའི་ཆུ་ཀླུང་འཁྱིལ་བའི་མཚོར། །རྒྱུན་ཆད་མེད་འབབ་པཀྵུའི་སྙེམས་པ་འཕྲོག །རྣམ་བཀྲའི་ཕང་ཕུང་གཡོ་བའི་ཆུ་སྐྱེས་ཀྱིས། །དུས་ཀུན་དབྱར་དུ་བསྒྱུར་བའི་ངལ་བ་བསྟེན། །མ་ལ་ཡ་ཡི་ཚལ་ལས་འོངས་མིན་པའི། །རྨད་བྱུང་དྲི་བསུང་ནམ་མཁའི་གླང་པོར་འགྲན། །མུན་པའི་གོ་སྐབས་འཕྲོག་པའི་མར་མེའི་འཕྲེང་། །བཅུ་གཉིས་བདག་པོ་ཕམ་སྙམ་འགོག་མེད་རྒྱུ། །སྣ་ཚོགས་སྨན་གྱིས་སྦགས་པའི་ཆལ་ཆིལ་དྲི། །རྦ་རླབས་སྲིད་པའི་རྩེ་མོའི་བར་དུ་འཁྲུག །ཆོག་མི་ཤེས་པའི་ཕུན་ཚོགས་བཤོས་བཟང་རོ། །ལེགས་བྲིས་བདུད་རྩི་ཇི་བཞིན་བླ་ན་མེད། །དབྱར་སྐྱེས་རྔ་གསང་སྒྲ་ལ་རྒྱུད་མང་གླུ། །སྙན་བརྗིད་རྣམ་མང་གདངས་ཀྱི་རོལ་མོ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་(༥བ)


GLG011_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་ལ་དངོས་གྲུབ་སྩོལ། །ཨོཾ་མཱུ་ལ་མཱུ་ལ་སྱ་གཽ་རི་ཀ་ཤྩ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་བརྗོད། ཉོན་མོངས་བག་ཆགས་དབང་གི་ས་བོན་གྱིས། །ལུས་ངག་ཡིད་གསུམ་སྒོ་ནས་རབ་བསགས་པའི། །སོ་ཐར་བྱང་སེམས་སྔགས་ཀྱི་ལྟུང་བ་སོགས། །ཇི་སྙེད་སྡིག་པའི་ཚོགས་རྣམས་སྙིང་ནས་བཤགས། །རྒྱལ་བས་འགྲོ་ཀུན་མྱང་འདས་སར་འགོད་ཅིང་། །སྲས་བཅས་རྣམས་ཀྱིས་རླབས་ཆེན་སྤྱོད་པ་སྤྱད། །ཐོས་སྒྲོག་ཞི་བདེ་གཉེར་སོགས་མཆོག་དམན་གྱི། །གྲངས་མེད་དགེ་བའི་ཚོགས་ལ་རྗེས་ཡི་རང་། །མཛད་མེད་ཟོ་ཆུན་ཁྱུད་མོའི་འཁོར་ལོ་བཞིན། །མ་རིག་དྲ་བས་འཆིང་བྱེད་འཁོར་བ་འདི། །སྟོངས་མིན་དེ་སྲིད་བར་དུ་མཐའ་ཀླས་པའི། །འགྲོ་བའི་མགོན་དང་སྐྱབས་སུ་བརྟན་པར་བཞུགས། །ཇི་སྙེད་ཁམས་དང་བསམ་པའི་བྱེ་བྲག་གིས། །རྒྱུ་འབྲས་མཐོ་དམན་ཐེག་པར་མོས་པའི་བློ། །མ་འདྲེས་འཚམ་པར་སྟོན་པའི་གསུང་རབ་མཆོག །དམ་ཆོས་ཆད་པ་མེད་པར་བསྟན་དུ་གསོལ། །ཆུ་ཤེལ་ཁ་བའི་རྡུལ་བརྩེགས་རི་བོང་ཅན། །སྦྲང་རྩིའི་རྒྱལ་མཚན་རྩ་བས་བསྐྲུན་མིན་པའི། །རང་གཞན་རྣམས་ཀྱིས་མ་ལུས་བསགས་པ་ཡི། །རྣམ་དཀར་དགེ་ཚོགས་ཀུན་མཁྱེན་ཐོབ་ཕྱིར་བསྔོ། །རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ལ། །རབ་ཏུ་དྲི་བཟང་བསྟར་བའི་བདུད་རྩིའི་རྒྱུན། །རབ་མཛེས་སྣོད་དུ་བསྐྲུན་ཏེ་ཁྲུས་གསོལ་བས། །རབ་རྨོངས་(༦ན)


GLG011_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་སྒྲིབ་པ་བྱང་གྱུར་ཅིག །ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཨཱཿཧཱུྃ། འཇིག་རྟེན་དབང་ཕྱུག་ཕྱག་སོར་ལས་བབས་པའི། །མུ་ཏིག་འཕྲེང་ལྟར་འོངས་པའི་འོ་མའི་རྒྱུན། །བབས་པས་ཡི་དྭགས་ཀུན་ཚིམ་སྡུག་བསྔལ་གྱིས། །ནད་ལྟར་མནར་བའི་ཚོགས་ཀུན་ཞི་གྱུར་ཅིག །ཨོཾ་ཨཱཿཧྲཱིཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཛཱ་ལ་མ་ཏེཾ་སརྦྦ་པྲེ་ཏེ་བྷྱཿསྭཱ་ཧཱ། །སྤྱན་རས་གཟིགས་དབང་ཕྱག་མཐིལ་དུ། །རབ་དམར་ཡེ་ཤེས་སྐར་མདའ་ནི། །ཕྱོགས་གཉིས་མཉམ་གཞག་མཆོད་སྦྱིན་ལས། །བབ་པའི་བདུད་རྩིས་འགྲོ་ཚིམ་ཤོག །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྭ་ར་ཎཱ་སསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛཱ་ལ་ནི་སྭཱ་ཧཱ། །སླར་ཡང་དེ་ཉིད་གནས་གྱུར་ཏེ། །བཅོམ་ལྡན་རྡོ་རྗེ་མི་འཁྲུག་པ། །ཕྱག་སོར་ལས་བབས་ཆུ་རྒྱུན་གྱིས། །ཉམ་ཆུང་འགྲོ་རྣམས་དབུགས་འབྱིན་ཤོག །ན་མོ་རཏྣ་ཏྲ་ཡཱ་ཡ། །ཨོཾ་ཀཾ་ཀ་ན་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦྦ་ཀརྨ་པ་རི་པ་ར་ཎི་མེ་སརྦྦ་ས་ཏཱ་ནཱ་ཉྩ་སྭཱ་ཧཱ། པད་ཟླའི་གདན་སྟེང་ཛ་ཡིག་ལས། ཛམ་སེར་པི་ཛ་པུ་ར་གཡས། གཡོན་པ་ནེའུ་ལེ་འཛིན་པ་ཡི། །སྐུ་ལ་མི་འཁྲུག་གནས་གྱུར་བའི། །སྤྱན་རས་གཟིགས་གྱི་ཕྱག་སོར་ལས། །བྱུང་བའི་མི་ཟད་ཉལ་འགྲོའི་རྒྱུན། །སྦྱིན་པས་རྨ་སོགས་ཟུག་རྔུ་ཀུན། །སོས་ནས་བདེ་བས་ཚིམ་གྱུར་ཅིག །ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། །གོང་གི་ཆུ་སྦྱིན་གསུམ་པོ་འདིའི་སྐབས་ཆུ་སྦྱོང་བ་སོགས་(༦བ)


GLG011_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་ལྟར་བྱ། །མདོར་ན་རྙོག་བྲལ་རབ་བསིལ་བ། །རེག་པས་ཀླུ་སོགས་འགྲོ་ཀུན་རྒྱུད། །སྦྱིན་པ་སེམས་ཀྱི་རྒྱན་གྱུར་ཅིང་། །རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །དེ་ནས་གཏོར་མ་བྱིན་རླབས་གོང་ལྟར་བྱས་ལ། མགྲོན་རྣམས་རང་རང་གི་མོས་པ་དང་མཐུན་པའི་འདོད་ཡོན་གྱིས་ཚིམ་པར་བསམས་ལ། ན་མཿ སརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་གསུམ་མཾ་བདུན་ཉེར་གཅིག་སྐབས་དང་སྦྱར་ལ། ཨོཾ་གུ་རུ་ཏ་ཐཱ་ག་ཏ་དེ་ཝི་ཀ་མ་ཏྲ་ལ་ཏྲི་རཏྣ་ས་པ་རི་ཝཱ་ར་ཨརྒྷཾ། སོགས་ཀྱིས་མཆོད། མགྲོན་ཆེན་པོ་ནི། ཕུལ་དུ་བྱུང་བའི་འདོད་པའི་ཡོན་ཏན་རྣམས་ཀྱིས་སྤྲས་པའི་བདུད་རྩིའི་རོ་མཆོག་བརྒྱ་དང་ལྡན་པའི་གཏོར་མ་འདི་ཉིད། འདི་ཡན་མགྲོན་ཚན་འོག་མ་གསུམ་ལ་འགྲེ །དངོས་དང་བརྒྱུད་པའི་སྒོ་ནས་ཕན་བདེ་རབ་འབྱམས་ཀུན་གྱི་སྒོ་འཕར་འབྱེད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ། །དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བདེ་དགྱེས། །དམར་ནག་འཇིགས་གསུམ་གྱིས་མཚོན་པའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དུས་གསུམ་གྱི་སྟོབས་བཅུ་མངའ་བ་སོགས་མཆོག་གསུམ་དམ་པའི་ངོ་བོར་བཞུགས་པ་སྲས་དང་བཅས་པ་རྣམས་ལ་འབུལ་གྱིས། མཁྱེན་བརྩེ་ནུས་གསུམ་གྱི་ཐོགས་པ་མེད་པའི་མཐུས་ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡར་ལྡན་དུ་འགྱུར་བ་དང་། ལུས་ཅན་ཀུན་ལ་(༧ན)


GLG011_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སོགས་རྒྱས་ཤིང་། །མཐར་ཐུག་གི་དོན་ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པར་མཛད་དུ་གསོལ། འདི་ནས་གཟུང་སྟེ་མགྲོན་ཚན་འོག་མ་ཀུན་ལ་སྨོན་ལམ་ཚིགས་བཅད་སྐབས་ཏོབ་ཀྱིས་ཕྱེ་སྟེ་འདོན། མགྲོན་ཚན་གཉིས་པ་ནི། སཾ་བྷ་ཝའི་མཇུག་ཏུ། ཨོཾ་སརྦྦ་བཛྲ་དྷརྨཱ་པཱ་ལི་ཀ་ཨརྒྷཾ་སོགས་ཀྱིས་མཆོད། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། ཕྱག་བཞི་པ། གུར་གྱི་མགོན་པོ་རྣམ་ཐོས་སྲས། སྟོབས་འཕྲོག་ཞལ་བཞི་པ། དམ་ཅན་ཆོས་ཀྱི་རྒྱལ་པོ། །ལྷ་མོ་རེ་མ་ཏི་སོགས་ལུང་དང་རྟོགས་པའི་བསྟན་པ་སྲུང་བར་བྱེད་པའི་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ་གྱིས། འཕྲིན་ལས་རྣམ་བཞི་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོང་བ་དང་། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་། བསམ་པའི་དོན་རྣམས་ཡིད་བཞིན་དུ་གྲུབ་པར་མཛད་དུ་གསོལ། །མགྲོན་ཚན་གསུམ་པ་ནི། སཾ་བྷ་རའི་མཇུག་ཏུ། ཨོཾ་མ་ཧཱ་ཝ་རཱཥྚ་ཪྵི་བྲཱ་ཧྨ་ཎ་ས་པ་རི་ཝཱ་ར། སོགས་བརྗོད། དྲང་སྲོང་ཆེན་པོ་མེས་བྱིན། སྣག་ཚ་ཡང་དག་ཤེས། མདུན་དུ་བར་ར། གྱ་གྱུར་ཁྱུར་མིང་། ཨ་འགུར་གཡོག་འདོར་ཏེ་དྲང་སྲོང་ཆེན་པོ་མཆོག་བརྒྱད། གཞན་ཡང་སྨན་གྱི་དྲང་སྲོང་བཅོ་ལྔ་རིག་པའི་གནས་བཅོ་བརྒྱད་ལ་མཁས་པའི་དྲང་སྲོང་། བྲམ་ཟེ་གཞོན་ནུ་སྤྲིན་རིན་པོ་ཆེ་(༧བ)


GLG011_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འགིའུ་ཧ་ལ་གཞོན་ནུ་མཆོག་སྲེད་འགྲོ་སྐྱབས་རྩིབས་ཀྱི་མུ་ཁྱུད་ལ་སོགས་པ་མདོར་ན་དྲང་སྲོང་དང་བྲམ་ཟེ་བདེན་ཚིག་གྲུབ་ཅིང་དམོད་པ་དང་སྨོན་ལམ་གྱི་མཐུ་ལ་དབང་བ་རྣམས་ལ་འབུལ་གྱིས། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། བསྟན་པ་དང་འགྲོ་བའི་བདེ་སྐྱིད་འཕེལ་ཞིང་། །བདག་ཅག་འཁོར་བཅས་ཀྱི་ནད་གདོན་རྐྱེན་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། །མགྲོན་ཚན་བཞི་པ་ནི༵། སཾ་བྷ་རའི་མཇུག་ཏུ། ཨོཾ་བཛྲ་ཡཀྵ་དྷ་ན་དེ་ཝཿས་པ་རི་ཝཱ་ར་སོགས་བརྗོད། ནོར་གྱི་དབང་ཕྱུག་ཛམ་བྷ་ལ་ཡབ་ཡུམ། ལྷ་ཆེན་ཚོགས་ཀྱི་བདག་པོ། གནོད་སྦྱིན་ཨ་པ་ར་ཙི་ཏ། ཆུ་བདག་ཝ་རུ་ཎ། རླུང་ལྷ་ཡ་བེ། རིའི་ལྷ་རབ་ཏུ་མནན་པའི་བློ་གྲོས། ནགས་ཚལ་གྱི་ལྷ་མོ་རྨ་བྱའི་མདོངས་ཅན། ཤིང་གི་ལྷ་ཀུན་ནས་འོད་ཟེར། རྩི་ཐོག་གི་ལྷ་མོ་གྲུབ་པའི་བློ་གྲོས་སོགས་གནོད་སྦྱིན་ལྷའི་ཚོགས་དང་། འཚོ་བའི་ལྷ་སྲུང་བའི་ལྷ་སྐྱོབ་པའི་ལྷ། འགྲོགས་པའི་ལྷ། འགོ་བའི་ལྷ་སྟེ། ལྷན་ཅིག་སྐྱེས་པའི་ལྷ་སོགས་ཕན་གྲོགས་སྲུང་སྐྱོབ་བྱེད་པ་རྣམས་ལ་འབུལ་གྱིས། བདག་ཅག་འཁོར་དང་བཅས་པ་རྣམས་ལ་ཁ་ན་མ་ཐོ་བས་དབེན་པའི་ཟས་གོས་རྟ་གླང་པོ། བང་མཛོད་སོགས་འབྱོར་པ་ཀུན་འབད་རྩོལ་མེད་པར་འབྱུང་བར་མཛད་དུ་གསོལ། །མགྲོན་ཚན་ལྔ་པ་ནི། སཾ་བྷ་རའི་མཇུག་ཏུ། རང་གི་མདུན་དུ་ཆུ་སྐྱེས་འདབ་བཞིའི་དབུས། རྒྱལ་བ་ཤཱཀ་ཐུབ་གཏོར་མའི་རྫས་རྣམས་(༨ན)


GLG011_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། མང་པོར་སྤེལ་ཕྱིར་དེ་བཞིན་གཤེགས་པ་མཆོག །རིན་ཆེན་མང་ལ་གུས་པས་ཕྱག་འཚལ་ལོ། །མདུན་ངོས་ཕྱག་ན་པདྨ་མི་སྡུག་པའི། །ངན་པའི་གཟུགས་འཆང་མཐའ་དག་ཡིད་འོང་བར། །མངོན་པར་གྲུབ་མཛད་དེ་བཞིན་གཤེགས་པ་མཆོག །གཟུགས་མཛེས་དམ་པ་དེ་ལ་ཕྱག་འཚལ། །གཡས་སུ་ཟུར་ཕུད་ལྔ་པ་བཟའ་བཏུང་ལ། །བརྟེན་པའི་འཚེ་བ་ཞི་ཞིང་བཟང་པོའི་རོ། །རབ་ཏུ་མྱོང་མཛད་དེ་བཞིན་གཤེགས་པ་སྐུ། །འཇམ་ཀླས་གང་ལ་གུས་པས་ཕྱག་འཚལ་ལོ། །གཡོན་དུ་ལག་ན་རྡོ་རྗེ་ཕན་ཚུན་ཀུན། །འཐབ་རྩོད་འཕྲོག་བརྡུང་འཇིགས་པ་ལས་སྐྱོབ་པའི། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་། །ཡོངས་སུ་བྲལ་བ་གང་ལ་ཕྱག་འཚལ་ལོ། །འདི་རྣམས་མགྲོན་ཚན་འོག་མ་ཀུན་ལ་སྦྱོར། །མགྲོན་རྣམས་སོ་སོའི་ཡིད་དང་མཐུན་པའི་ཁ་དོག་དྲི་རོ་རྨད་དུ་བྱུང་བའི་གཏོར་མ་འདི་ཉིད། འོག་མ་ཀུན་ལ་རིགས་འགྲེ །སའི་ལྷ་མོ་བསྟན་མ། གཞན་ཡང་ཡུལ་ཕྱོགས་དང་ས་ཕྱོགས་དགོན་གནས་སྲུང་ཞིང་སྐྱོང་བའི་ཡུལ་ལྷ་གཞི་བདག་རྣམས་ལ་དབུལ་གྱིས། བདག་ཅག་འཁོར་དང་བཅས་པ་རྣམས་འགྲོ་བའི་ཚེ་ན་མ་བཤོལ། འདུག་ན་མ་གཏོང་། འཚོ་བ་སྦྱོར། བྱ་བ་དང་སྤྱོད་པ་ཉེས་པ་ལ་ཀོ་ལོང་རུ་ང་ཕྲག་དོག་མ་བྱེད་པར་འདོད་པའི་དོན་ཀུན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། མགྲོན་ཚན་དྲུག་པ་ནི་༝།(༨བ)


GLG011_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྟ་བདག་བརྒྱད་དང་། འཕྲོག་མ་མ་བུ་ལྔ་བརྒྱ། རྨུ་བདུད་བཙན་རྒྱལ་པོ་མ་སྲིན་ཀླུ་གནོད་སྦྱིན་ཏེ་སྡེ་བརྒྱད་མཐུ་བོ་ཆེ་སོགས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་མཐོང་ཞིང་། གསུང་གི་བདུད་རྩིས་དབུགས་དབྱུང་བའི་མི་མ་ཡིན་མཐུ་བོ་ཆེ་རྣམས་ལ་འབུལ་གྱིས། གྲངས་མེད་པའི་སེམས་ཅན་རྣམས་ལ་བྱམས་པའི་སེམས་དང་ལྡན་ཞིང་། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་བསམ་དོན་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། མགྲོན་ཚན་བདུན་པ་ནི་༝། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ་སོགས། ཚེ་ལ་བརྐུ་བ། སྲོག་ལ་འཇབ་པ། མི་འདོད་པ་སྟེར་བ་སོགས་གནོད་བྱེད་གདོན་བགེགས་འབྱུང་པོ་རྣམས་ལ་བྱིན་ནོ། །ཡུལ་ཕྱོགས་དང་ས་ཕྱོགས་རྣམས་སུ་འཐབ་རྩོད་འཁྲུག་ལོང་ནད་ཡམས་མུ་གེ་སད་སེར་ཐན་པ་མི་ནད་ཕྱུགས་ནད་སོགས་མ་གཏོང་བར། ཕན་པའི་སེམས་དང་ལྡན་པར་བྱོས་ཤིག །མགྲོན་ཚན་བརྒྱད་པ་ནི་༝། འགྲོ་བ་རིགས་དྲུག་ལ་རྒྱུད་ལྔ་སྐྱེ་གནས་བཞིས་བསྡུས་པའི་མར་གྱུར་སེམས་ཅན་ཐམས་ཅད་ལ་བྱིན་ནོ། །ཚ་གྲང་བཀྲེས་སྐོམ། གླེན་ལྐུགས། སྐྱེ་རྒ་ན་འཆི་འཐབ་རྩོད་འཆི་འཕོ་ལྟུང་བྱེད་སོགས་མདོར་ན་སྡུག་བསྔལ་གསུམ་ལས་གྲོལ་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག །མགྲོན་ཚན་དགུ་པ་ནི་༝། །མདང་ད་ནང་ཤི་བ་བསད་པ་(༩ན)


GLG011_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེབས་པ་སོགས་འཇིག་རྟེན་འདི་སྣང་གི་སྣང་བ་ཐམས་ཅད་འགགས་ཤིང་། ཕྱི་མའི་ལུས་མ་རྙེད་པར་ཤིང་བལ་རླུང་གིས་བསྐྱོད་པ་བཞིན་དུ་ལས་ཀྱིས་རང་དབང་མེད་པར་འཕྱན་པའི་བར་དོའི་སེམས་ཅན་རྣམས་ལ་བྱིན་ནོ། །མི་སྡུག་པའི་གཟུགས་དང་སྒྲ་འོད་སོགས་འཇིགས་ཤིང་སྐྲག་པའི་སྡུག་བསྔལ་མཐའ་དག་མ་འཁྲུལ་བར་རང་ངོ་ཤེས་ཏེ་མྱུར་དུ་མཐོ་རིས་ཀྱི་སྲིད་པ་འགྲུབ་པར་གྱུར་ཅིག །མགྲོན་ཚན་བཅུ་པ་ནི་༝། །ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མས་གཙོ་བྱས། ཡི་དྭགས་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན། བྱིངས་ན་གནས་པ་དང་། ཁ་འཐོར་བ་སོགས་བཀྲེས་སྐོམ་དབུལ་འཕོངས་ཀྱིས་གདུང་བ་རྣམས་ལ་སྦྱིན་ནོ། །ཟས་སྐོམ་མི་རྙེད་པ་དང་། རྙེད་ཀྱང་གཞན་གྱིས་བསྲུངས་ཏེ་སྤྱོད་དུ་མེད་པ་དང་། ཕུན་སུམ་ཚོགས་པའི་ཟས་ཀྱང་མི་གཙང་བར་མཐོང་བ་སོགས་སྔོན་བསགས་ཀྱི་ལས་སྟུག་པོ་ལས་བྱུང་བའི་བཀྲེན་པའི་སྡུག་བསྔལ་མཐའ་དག་བྱང་ནས་ཟས་སྐོམ་འདོད་དགུའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །མགྲོན་ཚན་བཅུ་གཅིག་པ་ནི་༝། །སྔོན་ནས་ད་ལྟའི་བར་དུ་སྲོག་བཅད་པ། ནོར་རྫས་རྐུ་འཕྲོག་བརྡེག་བཅོམ་སོགས་གནོད་པ་བྱས་པ་ལ་བརྟེན་ནས་ལན་ཆགས་པ་རྣམས་ལ་བྱིན་ནོ། །ལན་ཆགས་བྱང་བུ་ལོན་འཁོར་ཤ་འཁོན་ཞི་སྟེ། (༩བ)


GLG011_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་རྡོ་རྗེ་འཛིན་པའི་ས་ཐོབ་པར་གྱུར་ཅིག །མགྲོན་ཚན་བཅུ་གཉིས་པ་ནི་༝། །གློ་བུར་དུ་ལྷགས་ཤིང་སྐལ་བ་ཆད་པ། ཁ་ཞན་ཞིང་དབང་ཆུང་བ། ལྷག་ལ་རེ་བའི་མགྲོན་རྣམས་ལ་བྱིན་ནོ། །ཟས་སྐོམ་བདུད་རྩིའི་ཆར་ཆེན་པོས་ཚིམ་ནས་ཆགས་སྡང་འཚེ་བའི་བསམ་པ་ཐམས་ཅད་སྤངས་ཏེ། མྱུར་དུ་སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་གྱུར་ཅིག །དེ་ལྟར་དངོས་གཞིའི་རིམ་པ་རྣམས། ལེགས་པར་གྲུབ་ནས་མཇུག་གི་རིམ། །བདེན་བདག་གི་བསམ་པའི་སྟོབས་དང་ནི། ཞེས་སོགས་དང་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་ཞེས་སོགས། སྟོབས་བརྗོད་སོགས་སྤྱི་འགྲོ་ལྟར། བྱས་རྗེས་གཤེགས་གསོལ་དགེ་བ་བསྔོ། །ཕུན་ཚོགས་དགའ་སྟོན་ལ་རོལ་བའི། །མེ་ཏོག་འཐོར་ཞིང་ཤིས་བརྗོད་རྣམས། །གོ་རིམས་བཞིན་དུ་འདི་ལྟར་བརྗོད། །བདེ་གཤེགས་རྒྱལ་བ་སྲས་དང་སློབ་མར་བཅས། །སྤྱན་དྲངས་ཡེ་ཤེས་སེམས་དཔའ་བདག་ལ་ཐིམ། །འཇིག་རྟེན་མགྲོན་རྣམས་ཟང་ཟིང་ཆོས་སྦྱིན་གྱིས། །སྨིན་གྲོལ་གྱུར་ནས་རང་རང་གནས་སུ་གཤེགས། །རབ་དཀར་ལྷག་བསམ་གསེར་མངལ་ཐོད་ཡངས་ལས། །མཆོད་སྦྱིན་ཡན་ལག་བརྒྱད་ལྡན་དྲངས་པའི་མཐུས། །འགྲོ་འདིའི་ཁྱབ་འཇུག་རྐང་པའི་དུཿ ཁའི་དྲི། །སྦྱངས་ཏེ་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་གྲུ་ཆར་གྱིས། །རིགས་དྲུག་ཉམ་ངའི་སྡུག་བསྔལ་མེ་འོབས་ཆེ། །ལྷག་མར་བཅོམ་པའི་བདེ་ལེགས་པད་དཀར་(༡༠ན)


GLG011_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ། །ལུས་ཅན་རྐང་དྲུག་དཔལ་དུ་རྒྱས་གྱུར་ཅིག །གཏན་པ་མེད་པར་འབུལ་དང་སྦྱིན་སོགས་ཀྱི། །དགེ་ཚོགས་ཤུགས་དྲག་རྟ་ལྗང་གིས་དྲངས་པའི། །རྣམ་འདྲེན་གོ་འཕང་ནམ་མཁའི་ནོར་བུ་ཡིས། །གཏན་བདེའི་འོད་སྟོང་སྲིད་འདིར་རྒྱས་གྱུར་ཅིག །དབྱངས་སྙན་འཆི་མེད་རྒྱུད་མང་ལས་དྲངས་པའི། །རྒྱལ་བ་སྲས་བཅས་ཆོས་སྲུང་ལྷ་ཚོགས་ཀྱི། །མགྲིན་པའི་ལམ་ལས་འོངས་པའི་ཤིས་བརྗོད་སྒྲ། །སྲིད་འདིར་རྣམ་པར་འབར་བའི་བཀྲ་ཤིས་ཤོག །སྨྲས་པ། སྔོན་བྱོན་དམ་པའི་ཕྱག་སྲོལ་མ་ཉམས་ལྗོན་ཤིང་ལས། །མ་འདྲེས་ཚིག་གི་ལྕུག་ཕྲན་གཞོན་ནུའི་དཔྱང་ཐག་རྩེར། །དོན་བཟང་ལོ་མའི་ཕང་ཕུང་འཁྲིགས་པའི་མགོ་ལྕོག་ལྡེམ། །བློ་གྲོས་འདབ་ལྡན་ཁུ་བྱུག་ཡོང་ན་ཚུལ་འདིས་མཛེས། །སྦྱོར་དངོས་རྗེས་ཚང་ཆོག་སྒྲིགས་གཅིག་པུ་ལས། །རྒྱས་བསྡུས་འབྱེད་དང་བསྟུན་ན་གཉིས་འགྱུར་བའི། །ངོ་མཚར་སྒྱུ་མའི་སྣང་བརྙན་སྟོན་མཁས་པ། །བྱེད་པོ་འདི་འདྲ་ཚངས་པས་སྤྲུལ་ལམ་ཅི། །ལྷག་བསམ་དཀར་པོའི་རྔ་ཡབ་ཀྱིས། །བསྐུལ་བའི་དགེ་ཚོགས་དྲི་བཞོན་དེས། །མཐའ་མེད་མར་གྱུར་གཉིས་འཐུང་ལ། །རེག་པའི་དགའ་བདེ་འཕེལ་གྱུར་ཅིག །གཏོར་མ་བརྒྱ་རྩ་རྒྱས་བསྡུས་གཉིས་ཀ་ཡོད་པ་ཞིག་དགོས་ཞེས། སེ་ཆེན་དབོན་པོས་བསྐུལ་བ་ལ་བརྟེན་ནས། སྤྲོས་པར་འདོད་ན་དཀྱུས་དང་བསྟུན། རྒྱ་ཆོས་(༡༠བ)


GLG011_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱེ་བ་རྣམས་ཀྱིས་མདོར་བསྡུས་སུ་འགྱུར་ཞིང་། རྒྱས་བསྡུས་གཉིས་ཀའི་འདོན་ཆ་མིན་པ་རྣམས་སེར་གྱིས་ཕྱེ་སྟེ། ཚིག་སྦྱོར་རྣམས་གོ་སླ་བར་བྱས་པའི་ཀླགས་པས་དོན་འགྲུབ་ཅེས་པ་འདི་ཡང་། ཚངས་སྲས་བཞད་པའི་རྡོ་རྗེས་དབུས་འགྱུར་སྨན་ལྗོངས་སའི་ལྟེ་བའི་ཤར་ཕྱོགས་འཛིན་མའི་སྤོ་ལས་མངོན་པར་འཕགས་ཤིང་། ལངྐའི་གྲོང་ཁྱེར་ས་ལ་འཕོས་པའི་ཕོ་བྲང་འོལ་ཁ་སྟག་རྩེར་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །

གཏོར་མ་བརྒྱ་རྩ་འཁྱེར་བདེ་ཀུན་ཕན།


GLG011_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བརྒྱ་རྩ་འཁྱེར་བདེ་ཀུན་ཕན་བཞུགས་སོ། །


GLG011_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་ཀུན་ཀུན་གྱི་བརྩེ་བ་རྣམས། གཅིག་བསྡུས་ལྷ་མཆོག་མཆོག་དམན་འགྲོ་བའི་གཉེན། །ཕྱག་ན་པད་དཀར་དཀར་འཇམ་འཛིན་མཁས་པ། །སྤྱན་རས་གཟིགས་དབང་དབང་ཕྱུག་དམ་པར་འདུད། །དཀར་གསུམ་སྨན་གྱིས་སྤྲས་པའི་རིལ་བུ་ཆུ། །ཏིང་ཤག་སྣོད་སོགས་ཉེར་མཁོ་ལེགས་པར་བཤམས། །དྲི་ངའི་ཟས་དང་རྫས་ཀུན་ཉེར་སྤངས་ནས། །བདེ་བའི་སྟན་ལ་འདུག་སྟེ་འདི་སྐད་དོ། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་སོགས་སེམས་ཅན་མ་ལུས་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་རྫོགས་བྱང་ཐོབ་པའི་ཆེད། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སཱ་བྷཱ་ཝ་ཡི་སྔགས་ཀྱིས་ལེགས་སྦྱངས་ནས། །བརྟན་གཡོའི་ཆོས་ཀུན་སྟོང་པའི་ངང་ཉིད་ལས། །པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་། །རང་སེམས་ཧྲཱིཿཡིག་ཡོངས་གྱུར་བདག་(༢ན)


GLG011_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི། །འཇིག་རྟེན་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ། །རྩ་ཕྱག་ཐལ་སྦྱར་ལྷག་མས་ཤེལ་ཕྲེང་དང་། །པད་དཀར་འཛིན་ཅིང་ཞབས་གཉིས་སྐྱིལ་དཀྲུང་བཞུགས། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ཡིས། །ཐུགས་ཀའི་ཧཱུྃ་སྔོན་དག་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་གྱུར། །དབང་ལྷ་སྤྱན་དྲངས་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར། །ཨོཾ་མྲྀ་ཏས་བསང་སྭ་བྷཱ་ཝ་ཡིས་སྦྱངས། །སྟོང་པའི་ངང་ལས་བྷྲུཾ་ལས་རིན་ཆེན་སྣོད། །ཨོཾ་ལས་མཆོད་གཏོར་འདོད་ཡོན་རྣམ་པ་ལྔས། །ཁྱད་པར་བྱས་པའི་ཀུན་ཏུ་བཟང་པོ་ཡི། །མཆོད་པའི་སྤྲིན་གྱིས་གང་ཞིང་འཕེལ་བར་གྱུར། །ཨོཾ་ཨཱཿཧཱུྃ། རྨད་དུ་བྱུང་བའི་མཆོད་པའི་སྤྲིན་ཚོགས་རྣམས། །བློ་ཡིས་བླངས་ཏེ་གུས་པས་རབ་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པར། །མི་ཕྱེད་དང་པའི་ཡིད་ཀྱིས་ཕྱག་ཚལ་བསྟོད། །ཐུགས་ཀའི་ས་བོན་དག་ལས་འོད་འཕྲོས་པས། །མཆོད་པའི་ལྷ་ཚོགས་མ་ལུས་སྤྱན་འདྲེན་གཤེགས། །སྦྱིན་པར་བྱ་བའི་(༢བ)


GLG011_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

༝། ཡུལ་གྱི་མཆོག་དམན་ཀུན། །ཐོགས་པ་མེད་པར་གནས་འདིར་རབ་འདུས་ཤིང་། །བཛྲ་ས་མ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། །སྐྱབས་ཡུལ་རྣམས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །སྐྱབས་སུ་བརྟན་བཞུགས་ཆོས་འཁོར་བསྐོར་དུ་གསོལ། །དགེ་བ་མ་ལུས་བྱང་ཆུབ་ཆེན་པོར་བསྔོ། །སྤྱན་རས་གཟིགས་དབང་ཕྱག་སོར་ལས་བྱུང་བའི། །བདུད་རྩིའི་རྒྱུན་གྱིས་ཡི་དྭགས་ཚིམ་གྱུར་ཅིག །ཨོཾ་ཨཱཿཧྲཱི་ཧཱུྃ་ཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཛཱ་ལ་མི་ཏི་སརྦ་པྲེ་ཏ་བྷྱཿསྭཱ་ཧཱ། །བསིལ་ལྡན་ཆུ་ཡིས་རེག་པས་འགྲོ་བ་ཀུན། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །གཏོར་མ་གོང་ལྟར་བྱིན་བརླབས་མ་ལུས་མགྲོན། །ཚིམ་པར་བསམ་ལ་སྔགས་འདི་གསུམ་མམ་བདུན། །ཉེར་གཅིག་སྐབས་སྦྱར་བརྗོད་པ་མགྲོན་ཚན་ནི། །བཅུ་གཉིས་ཀུན་ལ་སྦྱོར་བ་གནད་དུ་ཆེ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོཾ་མཐར་ཨརྒྷཾ་མཆོད་པའི་དཀྱུས་ལྟར་དུ། །སྦྱོར་བ་མགྲོན་ཚན་བཞི་ཡི་བར་དུའོ། །བདུད་རྩིའི་ངོ་བོར་གྱུར་པའི་མཆོད་གཏོར་འདི། །རྩ་བརྒྱུད་བླ་མ་ཡི་དམ་ལྷར་འབུལ་གྱི། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །བདག་སོགས་མྱུར་དུ་སངས་རྒྱས་ཐོབ་པར་མཛོད། །འདོད་ཡོན་ལྔ་དང་ལྡན་པའི་མཆོད་གཏོར་འདི། །འཇིག་རྟེན་འདས་དང་མ་འདས་བསྲུང་མར་འབུལ། །བསྟན་དང་བསྟན་འཛིན་སྐྱོང་ཞིང་བདག་ཅག་གི །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་(༣ན)


GLG011_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །གཙང་ཞིང་ཡིད་དུ་འོང་བའི་མཆོད་གཏོར་འདི། །དྲང་སྲོང་བྲམ་ཟེ་བདེན་ཚིག་གྲུབ་ལ་འབུལ། །ལུས་ཅན་ཀུན་བདེ་བདག་གི་ནད་གདོན་རྣམས། །ཞི་ཞིང་མཐུན་རྐྱེན་མ་ལུས་བསྒྲུབ་པར་མཛོད། །རང་རང་དགྱེས་པ་བསྐྱེད་པའི་མཆོད་གཏོར་འདི། །ནོར་དང་གྲོགས་འགོ་ལྷན་ཅིག་སྐྱེས་ལྷར་འབུལ། །མར་གྱུར་འགྲོ་དང་ཁྱད་པར་བདག་སོགས་ལ། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩལ་དུ་གསོལ། །སཾ་བྷ་ར་ཡི་སྔགས་མཇུག་ཕྱག་འཚལ་འདི། །མགྲོན་ཚན་འབྱུང་འགྱུར་ཀུན་ལ་སྦྱོར་བ་ཡིན། །བདེ་གཤེགས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །བདེ་གཤེགས་གཟུགས་མཛེས་དམ་པར་༝། །བདེ་གཤེགས་འབྱམས་ཀླས་སྐུ་ལ་༝། །བདེ་གཤེགས་འཇིགས་ཀུན་བྲལ་ལ་༝། །ཁ་དོག་དྲི་རོ་ཕུན་ཚོགས་གཏོར་མ་འདི། །ཡུལ་ལྷ་གཞི་བདག་ས་ཡི་ལྷ་མོར་འབུལ། །བདག་སོགས་གཞི་ལམ་གང་འདུག་མཐུན་རྐྱེན་སྦྱོར། །ཉེས་པར་ཕྲག་དོག་མ་བྱེད་བསམ་དོན་བསྒྲུབས། །ཡིད་འོང་མཐུན་རྫས་དམ་པའི་མཆོད་པ་འདི། །རྟ་བདག་འཕྲོག་མ་སྡེ་བརྒྱད་རྣམས་ལ་འབུལ། །ཀུན་ལ་བརྩེ་ཞིང་ལྷག་པར་བདག་སོགས་ཀྱི། །ཆོས་ལྡན་མཐུན་རྐྱེན་མཐའ་དག་བསྒྲུབ་པར་མཛོད། །རང་གི་སྨོན་པའི་བཟའ་བཏུང་ལོངས་སྤྱོད་འདི། །གདོན་བགེགས་འབྱུང་པོ་བར་ཆད་བྱེད་ལ་སྟེེར། །ཡུལ་ཕྱོགས་ཀུན་ཏུ་འཐབ་བརྩོད་ནད་རིགས་དག །མ་གཏོང་བྱམས་པའི་སེམས་(༣བ)


GLG011_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་བགྱིས། །རིགས་དྲུག་སོ་སོར་ཕན་པའི་བཟའ་བཏུང་འདི། །མར་གྱུར་སེམས་ཅན་རྣམས་ལ་བརྩེ་བས་སྟེར། །མ་ལུས་སྡུག་བསྔལ་གསུམ་ལས་རབ་གྲོལ་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་གྱུར་ཅིག །ཚ་གྲང་བཀྲེས་སྐོམ་སེལ་བའི་བཟའ་བཏུང་འདི། །བར་དོར་འཁྱམས་པའི་སེམས་ཅན་ཀུན་ལ་སྟེར། །འཇིགས་སྐྲག་སྡུག་བསྔལ་སེམས་ཀྱི་འཁྲུལ་ངོ་རུ། །ཤེས་ཏེ་ལྷ་མིའི་སྲིད་པ་འགྲུབ་གྱུར་ཅིག །མཐོང་ན་མི་མཐུན་མེད་པའི་སྦྱིན་པ་འདི། །ལས་ངན་གྱིས་མནར་ཡི་དྭགས་ཚོགས་ལ་སྟེར། །བཀྲེས་སྐོམ་སྤྱོད་དུ་མེད་པའི་སྡུག་བསྔལ་ལས། །ཐར་ནས་ལོངས་སྤྱོད་ཚོགས་ཀྱིས་ཚིམ་གྱུར་ཅིག །སྣ་ཚོགས་དངོས་པོར་སྤྲུལ་པའི་ཉེར་སྤྱད་འདི། །གནོད་ལན་ཆགས་པའི་འགྲོ་བ་རྣམས་ལ་སྟེར། །ལན་ཆགས་བྱང་ཞིང་བུ་ལོན་མ་ལུས་འཁོར། །ཤ་འཁོན་ཞི་སྟེ་ཡེ་ཤེས་མཆོག་ཐོབ་ཤོག །ཟད་མེད་མཁོ་དགུའི་འབྱོར་པ་སྤུངས་པ་འདི། །ལྷག་འདོད་དབང་ཆུང་གློ་བུར་ལྷགས་ལ་སྟེར། །འཕོངས་པའི་སྡུག་བསྔལ་ཞི་ནས་མངོན་མཐོ་དང་། །ངེས་ལེགས་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །བསླུ་མེད་རྒྱལ་བའི་བཀའ་དང་བདག་ཅག་གི །བདེན་པའི་ཚིག་གིས་དེང་འདིར་འཕྲལ་ཡུན་དུ། །དགེ་ཚོགས་རྒྱ་མཚོ་འབྱུང་བའི་སྨོན་གནས་ཀུན། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཡེ་ཤེས་སེམས་དཔའ་བདག་ཐིམ་འཇིག་རྟེན་པ། །དགའ་བས་ཚིམ་ནས་རང་རང་གནས་སུ་གཤེགས། །དེ་ལྟར་(༤ན)


GLG011_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་བསམ་དག་པས་ལེགས་བསྐྲུན་པའི། །དགེ་འདིས་འགལ་རྐྱེན་བར་ཆད་ཞི་བར་ཤོག །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འབད་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །གནས་སྐབས་ཀུན་ཏུ་ཕུན་ཚོགས་བདེ་ལེགས་ཀྱིས། །ས་སྟེང་ཁྱབ་པའི་བཀྲ་ཤིས་འཕེལ་བར་ཤོག །དེ་ལྟར་གཏོར་མ་བརྒྱ་རྩའི་རིམ་པའི་ཚུལ། །ཚུལ་བཞིན་ངག་འདོན་ཁྲིགས་ཆགས་ཚིགས་སུ་བཅད། །བཅད་ལྷུག་སྣ་ཚོགས་སྤེལ་བ་མིན་པའི་ཚིག །ཚིག་ཉུང་དོན་གསལ་རྒྱུན་དུ་འཁྱེར་བདེ་གང་། །གང་ཡང་མཆོག་དམན་འགྲོ་བ་མཐའ་དག་ལ། །ལ་ལར་མ་ཡིན་ཀུན་ལ་ཕན་སེམས་མཆོག །མཆོག་ཏུ་རབ་དཀར་ཆོས་ལུང་ནོར་འཛིན་ས། །ས་གཞིའི་ལོ་ཐོག་འཇོམས་ནུས་མི་མཐུན་ཕྱོགས། །ཕྱོགས་ཀྱི་ཕ་མཐར་སྐྲོད་པའི་སྔགས་རིགས་རྒྱུད། །རྒྱུད་ལྡན་རྒྱ་གར་བོད་ཀྱི་ཡི་གེའི་རིགས། །རིགས་མང་སོར་མོའི་འཕྲུལ་གྱིས་བསྒྱུར་བྱེད་མཁན། །མཁན་པོ་ཐོན་མིའི་གཙུག་ལག་སྨྲ་བའི་ངག །ངག་དབང་དགེ་ལེགས་གང་དེས་ཤུགས་འབྱུང་དུ། །དུ་མར་སྤེལ་བའི་འབོལ་རྩོམ་ཉམས་འགྱུར་ཡང་། །ཡང་དག་བཅད་ན་སྙན་ཚིག་རྗེས་འགྲོ་དང་། །དང་པོའི་མགོན་པོ་གང་གི་མན་ངག་ཟུང་། །ཟུང་ལྡན་བཅས་ཏེ་བསྐུལ་ཚེ་ངག་གི་དོན། །དོན་གཉིས་གྲུབ་པའི་དབང་ཕྱུག་བློ་གྲོས་གཏེར། །གཏེར་མཛོད་སྐལ་བཟང་ལ་འགྱེད་རྒྱ་མཚོའི་དཔལ། །དཔལ་ལྡན་འབྲས་སྤུངས་ཆོས་སྡེར་བཀོད་པ་དགེ །

གཞི་གསུམ་ཆོ་གའི་ཆ་རྐྱེན་གཏོར་མ་ཆ་བཞི་དང་གཞི་བདག་གཏོར་བསྔོ།


GLG011_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་གསུམ་ཆོ་གའི་ཆ་རྐྱེན་གཏོར་མ་ཆ་བཞི་དང་གཞི་བདག་གཏོར་བསྔོ་བཞུགས་སོ། །


GLG011_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་པྲ་ཛ་བྷྱཿཆེར་སྙིགས་ལྔ་བདོའི་སྨག་རུམ་སྟུག་པོ་རུ། །མཁྱེན་བརྩེ་ནུས་པའི་མཐུ་དཔུང་ཉིན་བྱེད་དབང་། །འཆར་ནུབ་དང་བྲལ་སྣང་བཀྲག་འོད་པོ་ཆེ། །དོན་ཀུན་གྲུབ་པའི་ཐུགས་བསྐྱེད་བསེར་བུས་གཡོས། །དེའང་གཞི་གསུམ་གྱི་ཆོ་གའི་གཏོར་མ་ཆ་བཞི་གཏོང་ཚུལ་ལ་མཁས་རློམ་འགས་རང་གི་སྣང་བར་གང་དྲན་གྱི་སྔགས་ལུགས་བཞིན་རང་ལྷར་བསྐྱེད་ཅིང་གཏོར་མ་བརླབ་བསྔོས་མཚོན་པ་སྦྱར་བ་མདོ་ལུགས་ལ་མི་འཐད་པར་མ་ཟད་དབང་རྗེས་གནང་ཐོབ་པའི་སྔོན་ལ་མིང་ཡང་མ་ཐོས་པར་བྱེད་པ་རྣམ་སྨིན་མི་བཟད་པ་མྱོང་དགོས་པ་གཞུང་མང་པོར་འབྱུང་བས་སྐབས་སུ་གང་བབ་ལག་ཏུ་བསྟར་ན་ཉེན་ཆུང་ལ་ཁེ་ཆེ་བས་རེ་ཞིག་འདི་ལྟར། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ཆ་བཞིའི་གཏོར་མ་རྣམས་ལྷ་མིའི་ཡོ་བྱད་དམ་པ་ཞལ་ཟས་ཕུལ་དུ་ཕྱིན་པ་སྣ་ཚོགས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །མཆོད་སྦྱིན་གྱི་ཡུལ་དུ་གྱུར་པའི་མགྲོན་རྣམས་ཀྱང་གཤེགས་ཤིང་གདན་འཛོམ་ནས་དེ་བཞིན་དུ་བཞེས་ཏེ་ལོངས་སྤྱོད་པར་ཅི་གནང་། གཏོར་མ་དང་པོ། འདོད་ཡོན་ལྔ་ལྡན་ཟས་མཆོག་དམ་པ་འདི། །དཀོན་མཆོག་གསུམ་དངོས་རྩ་བརྒྱུད་བླ་མ་དང་། ཡི་དམ་རྒྱལ་བ་སྲས་བཅས་ཐམས་ཅད་ལ། །དབུལ་ལོ་མཆོག་(༢ན)


GLG011_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་དངོས་གྲུབ་སྩལ་དུ་གསོལ། །གཉིས་པ། འདོད་ཡོན་ལྔ་ལྡན་ཟས་མཆོག་དམ་པ་འདི། །བསྟན་འགྲོའི་ཕན་བདེ་བླ་ནས་བླར་སྤེལ་བའི། །སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །འབུལ་ལོ་འཕྲིན་ལས་མཐའ་དག་སྒྲུབ་པར་མཛོད། །གསུམ་པ། འདོད་ཡོན་ལྔ་ལྡན་ཟས་མཆོག་དམ་པ་འདི། །གདོན་བགེགས་འབྱུང་པོ་ལན་ཆགས་རྒྱུད་ལྔའི་འགྲོ། །སྙིང་རྗེའི་ཡུལ་དུ་གྱུར་པ་མ་ལུས་པར། །བསྔོས་ཚིམ་སྒྲིབ་བྱང་སངས་རྒྱས་མྱུར་ཐོབ་ཤོག །བཞི་པ། འདོད་ཡོན་ལྔ་ལྡན་ཟས་མཆོག་དམ་པ་འདི། །ཡུལ་གཞིས་གནས་མལ་འཚོ་བ་ཉེར་སྦྱོར་བའི། །བསྟན་མ་བཅུ་གཉིས་ལྷ་ཀླུ་ལ་སོགས་པར། །འབུལ་ལོ་ཆོས་ལྡན་འཕྲིན་ལས་ཐོགས་མེད་སྒྲུབས། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་བྱིན་པ་ཡིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཆོས་འཁོར་རྒྱལ་དུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཕྱག་བཞེས་ལ་སོ་ཐར་བྱང་སེམས་གསང་སྔགས་ཀྱི་ཕྱིར་བཅོས་མཛད་པ་དེ་གསུམ་ཐོབ་པའི་གང་ཟག་གི་ཕུན་སུམ་ཚོགས་པའི་བླང་བྱར་དགོངས་ནས་གསུངས་ནའང་མ་ཐོབ་པ་རྣམས་ཀྱི་སྤང་བྱར་བཤད་པས་གང་ཐོབ་ཀྱི་ཕྱིར་བཅོསལེགས་པ་བཞིན་དུ་ཆ་བཞིའི་གཏོར་མ་འབུལ་ཚུལ་ཡང་སོ་ཐར་གྱི་སྐབས་མདོ་དང་འབྲེལ་བ་ལེགས་པར་མཐོང་(༢བ)


GLG011_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཚིག་སྣ་ཐུང་བར་ཕལ་ཆེར་དགའ་བ་ལྟར་བཀོད། གཞི་བདག་གཏོར་མ་ཅུང་ཟད་རྒྱས་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་གཏོར་མ་ལྷ་མིའི་ཡོ་བྱད་དམ་པ་ཞལ་ཟས་ཕུལ་དུ་ཕྱིན་པ་སྣ་ཚོགས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །བསྟན་སྐྱོང་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་ཐམས་ཅད་གཤེགས་ཤིང་གདན་འཛོམ་ནས་དེ་བཞིན་དུ་བཞེས་ཏེ་ལོངས་སྤྱོད་པར་ཅི་གནང་། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་སའི་ལྷ་མོ་བསྟན་མས་གཙོ་བྱས་ས་གཞི་ཀུན་ལ་དབང་བའི་གཉུག་མར་གནས་པ་རྣམས་དང་ཁྱད་པར་བོད་ཁ་བ་ཅན་གྱི་རྒྱལ་ཁམས་བསྲུང་ཞིང་སྐྱོང་བའི་སྲུང་མ་བསྟན་མ་བཅུ་གཉིས། ལྷ་ཀླུ་སོགས་མི་མ་ཡིན་མཐུ་བོ་ཆེ་སྤྱི་དང་བྱེ་བྲག་ཡུལ་ཕྱོགས་ས་ཕྱོགས་འདི་དག་གི་དགོན་གྲོང་གནས་མལ་བསྲུང་བའི་བསྟན་སྐྱོང་རྡོ་རྗེ་དྲག་མོ་རྒྱལ། པེ་ཧར་དགྲ་ལྷ་ཆེན་པོ་གནས་ཆུང་ཆོས་ཀྱི་རྒྱལ་པོ་སོགས་དཀར་ཕྱོགས་ལ་མངོན་པར་དགའ་བ་མ་ལྟར་བྱམས་ཤིང་སྲིང་ལྟར་དུངས་པ་མགོན་སྐྱབས་དཔུང་གཉེན་མཛད་པའི་ཚོགས་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་པའི་རྩ་ལག་དམ་པ་རྣམས་ཞབས་པད་བརྟན་པ་དང་འཇིག་རྟེན་ཁམས་སུ་མི་འདོད་པའི་ཉེར་འཚེ་ཞི་ཞིང་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་གཞིས་ལམ་བྱེས་གསུམ་ཐམས་ཅད་མཐུན་རྐྱེན་མཐའ་དག་སྦྱོར། ཆོས་ལྡན་(༣ན)


GLG011_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འཕྲིན་ལས་ཐམས་ཅད་སྒྲུབས། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་བྱ་སྤྱོད་ངན་པར་རུ་ང་ཕྲག་དོག་མ་མཛད་པར་ཕྱི་ནང་གི་ནད་གདོན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། བདག་གི་བསམ་པའི་སྟོབས་དང་ནི། ཞེས་སོགས་བརྗོད། དེང་དུས་ཁྱད་འཕགས་སྐོམས་གདུངས་སྨིག་རྒྱུའི་ཆུས། །སེལ་འདོད་སྙན་གྲགས་རྗེས་བསྙེག་རིང་སྤོངས་ལ། །ཐུབ་གསུང་ཇི་བཞིན་བསྟར་ནས་རང་གཞན་ཀུན། །རྣམ་མཁྱེན་གོ་འཕང་སྒྲུབས་ཤིག་ཤེས་ལྡན་ཚོགས། །ཞེས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་དགེ་སྐོས་རྒན་པ་གསུང་རབ་སྨྲ་བ་རབ་འབྱམས་པ་ཐོགས་མེད་དཔལ་བཟང་གིས་ཁ་བཏགས་ཉིན་བདེ་མ། དངུལ་གྱི་སྲང་ག་བརྒྱ་ཕྲག་གོས་ཡུག་དང་བཅས་ཆ་བཞི་དང་གཞི་བདག་གཏོར་མ་གཉིས་སྔར་ཡོད་རིང་ཐུང་ཞུགས་ནས་འདོན་མི་བདེ་བར་ཆ་ཐམས་ཅད་ཀྱིས་མཐུན་པར་གསུངས་ཆོག་པ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བཎྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །


GLG011_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

༦༢༧


GLG011_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

༦༢༨


GLG011_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

༦༢༩


GLG011_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

༦༣༠


GLG011_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

༦༣༡


GLG011_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

༦༣༢


GLG011_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

༦༣༣


GLG011_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

༦༣༤


GLG011_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

༦༣༥


GLG011_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

༦༣༦


GLG011_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

༦༣༧


GLG011_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

༦༣༨


GLG011_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

༦༣༩


GLG011_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

༦༤༠

གཏོར་མ་བརྒྱ་རྩ་འཁྱེར་བདེ་ཀུན་ཕན།


GLG011_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བརྒྱ་རྩ་འཁྱེར་བདེ་ཀུན་ཕན་བཞུགས། ། ༈ དུས་གསུམ་རྒྱལ་ཀུན་ཀུན་གྱི་བརྩེ་བ་རྣམས། གཅིག་བསྡུས་ལྷ་མཆོག་མཆོག་དམན་འགྲོ་བའི་གཉེན། །ཕྱག་ན་པད་དཀར་དཀར་འཇམ་འཛིན་ མཁས་པ། །སྤྱན་རས་གཟིགས་དབང་དབང་ཕྱུག་དམ་པར་འདུད། །དཀར་གསུམ་སྨན་གྱིས་སྤྲས་པའི་རིལ་བུ་ཆུ། །ཏིང་ཤག་སྣོད་སོགས་ཉེར་མཁོ་ལེགས་པར་བཤམས། །དྲི་ངའི་ཟས་དང་རྫས་ཀུན་ཉེར་སྤངས་ནས། །བདེ་བའི་སྟན་ལ་འདུག་སྟེ་འདི་སྐད་དོ། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་སོགས་སེམས་ཅན་མ་ལུས་སྐྱབས་སུ་མཆི། །(༨ན)


GLG011_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་དུ་རྫོགས་བྱང་ཐོབ་པའི་ཆེད། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སཱ་བྷཱ་ཝ་ཡི་སྔགས་ཀྱིས་ལེགས་སྦྱངས་ནས། །བརྟན་གཡོའི་ཆོས་ཀུན་སྟོང་པའི་ངང་ཉིད་ལས། །པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་། །རང་སེམས་ཧྲཱིཿཡིག་ཡོངས་གྱུར་བདག་ཉིད་ནི། །འཇིག་རྟེན་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ། །རྩ་ཕྱག་ཐལ་སྦྱར་ལྷག་མས་ཤེལ་ཕྲེང་དང་། །པད་དཀར་འཛིན་ཅིང་ཞབས་གཉིས་སྐྱིལ་དཀྲུང་བཞུགས། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ཡིས། །ཐུགས་ཀའི་ཧཱུྃ་སྔོན་དག་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་གྱུར། །དབང་ལྷ་སྤྱན་དྲངས་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར། །ཨོཾ་མྲྀ་ཏས་བསང་སྭ་བྷཱ་ཝ་ཡིས་སྦྱངས། །སྟོང་པའི་ངང་ལས་བྷྲུཾ་ལས་རིན་ཆེན་སྣོད། །ཨོཾ་ལས་མཆོད་གཏོར་འདོད་ཡོན་རྣམ་པ་ལྔས། །ཁྱད་པར་བྱས་པའི་ཀུན་ཏུ་བཟང་པོ་ཡི། །མཆོད་པའི་སྤྲིན་གྱིས་གང་ཞིང་འཕེལ་བར་གྱུར། །ཨོཾ་ཨཱཿཧཱུྃ། རྨད་དུ་བྱུང་བའི་མཆོད་པའི་སྤྲིན་ཚོགས་རྣམས། །བློ་ཡིས་བླངས་ཏེ་གུས་པས་རབ་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པར། །མི་ཕྱེད་དང་པའི་ཡིད་ཀྱིས་ཕྱག་ཚལ་བསྟོད། །ཐུགས་ཀའི་ས་བོན་དག་ལས་འོད་འཕྲོས་པས། །མཆོད་པའི་ལྷ་ཚོགས་མ་ལུས་སྤྱན་འདྲེན་གཤེགས། །སྦྱིན་པར་བྱ་བའི་ཡུལ་གྱི་མཆོག་དམན་ཀུན། །ཐོགས་པ་མེད་པར་གནས་འདིར་རབ་འདུས་ཤིང་། །བཛྲ་ས་མ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། །སྐྱབས་ཡུལ་རྣམས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །སྐྱབས་སུ་བརྟན་བཞུགས་ཆོས་འཁོར་བསྐོར་དུ་གསོལ། །དགེ་བ་མ་ལུས་བྱང་ཆུབ་ཆེན་པོར་བསྔོ། །སྤྱན་རས་(༨བ)


GLG011_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དབང་ཕྱག་སོར་ལས་བྱུང་བའི། །བདུད་རྩིའི་རྒྱུན་གྱིས་ཡི་དྭགས་ཚིམ་གྱུར་ཅིག །ཨོཾ་ཨཱཿཧྲཱི་ཧཱུྃ་ཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཛཱ་ལ་མི་ཏི་སརྦ་པྲེ་ཏ་བྷྱཿསྭཱ་ཧཱ། །བསིལ་ལྡན་ཆུ་ཡིས་རེག་པས་འགྲོ་བ་ཀུན། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །གཏོར་མ་གོང་ལྟར་བྱིན་བརླབས་མ་ལུས་མགྲོན། །ཚིམ་པར་བསམ་ལ་སྔགས་འདི་གསུམ་མམ་བདུན། །ཉེར་གཅིག་སྐབས་སྦྱར་བརྗོད་པ་མགྲོན་ཚན་ནི། །བཅུ་གཉིས་ཀུན་ལ་སྦྱོར་བ་གནད་དུ་ཆེ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོཾ་མཐར་ཨརྒྷཾ་མཆོད་པའི་དཀྱུས་ལྟར་དུ། །སྦྱོར་བ་མགྲོན་ཚན་བཞི་ཡི་བར་དུའོ། ༈ །བདུད་རྩིའི་ངོ་བོར་གྱུར་པའི་མཆོད་གཏོར་འདི། །རྩ་བརྒྱུད་བླ་མ་ཡི་དམ་ལྷར་འབུལ་གྱི། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །བདག་སོགས་མྱུར་དུ་སངས་རྒྱས་ཐོབ་པར་མཛོད། ༈ །འདོད་ཡོན་ལྔ་དང་ལྡན་པའི་མཆོད་གཏོར་འདི། །འཇིག་རྟེན་འདས་དང་མ་འདས་བསྲུང་མར་འབུལ། །བསྟན་དང་བསྟན་འཛིན་སྐྱོང་ཞིང་བདག་ཅག་གི །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། ༈ །གཙང་ཞིང་ཡིད་དུ་འོང་བའི་མཆོད་གཏོར་འདི། །དྲང་སྲོང་བྲམ་ཟེ་བདེན་ཚིག་གྲུབ་ལ་འབུལ། །ལུས་ཅན་ཀུན་བདེ་བདག་གི་ནད་གདོན་རྣམས། །ཞི་ཞིང་མཐུན་རྐྱེན་མ་ལུས་བསྒྲུབ་པར་མཛོད། ༈ །རང་རང་དགྱེས་པ་བསྐྱེད་པའི་མཆོད་གཏོར་འདི། །ནོར་དང་གྲོགས་འགོ་ལྷན་ཅིག་སྐྱེས་ལྷར་འབུལ། །མར་གྱུར་འགྲོ་དང་ཁྱད་པར་བདག་སོགས་ལ། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩལ་དུ་གསོལ། །སཾ་བྷ་ར་ཡི་སྔགས་མཇུག་ཕྱག་འཚལ་འདི། །མགྲོན་ཚན་འབྱུང་འགྱུར་ཀུན་ལ་སྦྱོར་བ་ཡིན། །བདེ་གཤེགས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །བདེ་གཤེགས་གཟུགས་མཛེས་དམ་པར་ཕྱག་འཚལ་ལོ། །བདེ་གཤེགས་འབྱམས་(༩ན)


GLG011_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་སྐུ་ལ་ཕྱག་འཚལ་ལོ། །བདེ་གཤེགས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ཁ་དོག་དྲི་རོ་ཕུན་ཚོགས་གཏོར་མ་འདི། །ཡུལ་ལྷ་གཞི་བདག་ས་ཡི་ལྷ་མོར་འབུལ། །བདག་སོགས་གཞི་ལམ་གང་འདུག་མཐུན་རྐྱེན་སྦྱོར། །ཉེས་པར་ཕྲག་དོག་མ་བྱེད་བསམ་དོན་བསྒྲུབས། །ཡིད་འོང་མཐུན་རྫས་དམ་པའི་མཆོད་པ་འདི། །རྟ་བདག་འཕྲོག་མ་སྡེ་བརྒྱད་རྣམས་ལ་འབུལ། །ཀུན་ལ་བརྩེ་ཞིང་ལྷག་པར་བདག་སོགས་ཀྱི། །ཆོས་ལྡན་མཐུན་རྐྱེན་མཐའ་དག་བསྒྲུབ་པར་མཛོད། །རང་གི་སྨོན་པའི་བཟའ་བཏུང་ལོངས་སྤྱོད་འདི། །གདོན་བགེགས་འབྱུང་པོ་བར་ཆད་བྱེད་ལ་སྟེེར། །ཡུལ་ཕྱོགས་ཀུན་ཏུ་འཐབ་བརྩོད་ནད་རིགས་དག །མ་གཏོང་བྱམས་པའི་སེམས་དང་ལྡན་པར་བགྱིས། །རིགས་དྲུག་སོ་སོར་ཕན་པའི་བཟའ་བཏུང་འདི། །མར་གྱུར་སེམས་ཅན་རྣམས་ལ་བརྩེ་བས་སྟེར། །མ་ལུས་སྡུག་བསྔལ་གསུམ་ལས་རབ་གྲོལ་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་གྱུར་ཅིག །ཚ་གྲང་བཀྲེས་སྐོམ་སེལ་བའི་བཟའ་བཏུང་འདི། །བར་དོར་འཁྱམས་པའི་སེམས་ཅན་ཀུན་ལ་སྟེར། །འཇིགས་སྐྲག་སྡུག་བསྔལ་སེམས་ཀྱི་འཁྲུལ་ངོ་རུ། །ཤེས་ཏེ་ལྷ་མིའི་སྲིད་པ་འགྲུབ་གྱུར་ཅིག །མཐོང་ན་མི་མཐུན་མེད་པའི་སྦྱིན་པ་འདི། །ལས་ངན་གྱིས་མནར་ཡི་དྭགས་ཚོགས་ལ་སྟེར། །བཀྲེས་སྐོམ་སྤྱོད་དུ་མེད་པའི་སྡུག་བསྔལ་ལས། །ཐར་ནས་ལོངས་སྤྱོད་ཚོགས་ཀྱིས་ཚིམ་གྱུར་ཅིག །སྣ་ཚོགས་དངོས་པོར་སྤྲུལ་པའི་ཉེར་སྤྱད་འདི། །གནོད་ལན་ཆགས་པའི་འགྲོ་བ་རྣམས་ལ་སྟེར། །ལན་ཆགས་བྱང་ཞིང་བུ་ལོན་མ་ལུས་འཁོར། །ཤ་འཁོན་ཞི་སྟེ་ཡེ་ཤེས་མཆོག་ཐོབ་ཤོག །ཟད་མེད་མཁོ་དགུའི་འབྱོར་པ་སྤུངས་པ་འདི། །ལྷག་འདོད་དབང་ཆུང་གློ་བུར་ལྷགས་ལ་སྟེར། །འཕོངས་པའི་སྡུག་བསྔལ་ཞི་ནས་མངོན་མཐོ་དང་། །ངེས་ལེགས་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །བསླུ་(༩བ)


GLG011_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱལ་བའི་བཀའ་དང་བདག་ཅག་གི །བདེན་པའི་ཚིག་གིས་དེང་འདིར་འཕྲལ་ཡུན་དུ། །དགེ་ཚོགས་རྒྱ་མཚོ་འབྱུང་བའི་སྨོན་གནས་ཀུན། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཡེ་ཤེས་སེམས་དཔའ་བདག་ཐིམ་འཇིག་རྟེན་པ། །དགའ་བས་ཚིམ་ནས་རང་རང་གནས་སུ་གཤེགས། །དེ་ལྟར་ལྷག་བསམ་དག་པས་ལེགས་བསྐྲུན་པའི། །དགེ་འདིས་འགལ་རྐྱེན་བར་ཆད་ཞི་བར་ཤོག །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འབད་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །གནས་སྐབས་ཀུན་ཏུ་ཕུན་ཚོགས་བདེ་ལེགས་ཀྱིས། །ས་སྟེང་ཁྱབ་པའི་བཀྲ་ཤིས་འཕེལ་བར་ཤོག །དེ་ལྟར་གཏོར་མ་བརྒྱ་རྩའི་རིམ་པའི་ཚུལ། །ཚུལ་བཞིན་ངག་འདོན་ཁྲིགས་ཆགས་ཚིགས་སུ་བཅད། །བཅད་ལྷུག་སྣ་ཚོགས་སྤེལ་བ་མིན་པའི་ཚིག །ཚིག་ཉུང་དོན་གསལ་རྒྱུན་དུ་འཁྱེར་བདེ་གང་། །གང་ཡང་མཆོག་དམན་འགྲོ་བ་མཐའ་དག་ལ། །ལ་ལར་མ་ཡིན་ཀུན་ལ་ཕན་སེམས་མཆོག །མཆོག་ཏུ་རབ་དཀར་ཆོས་ལུང་ནོར་འཛིན་ས། །ས་གཞིའི་ལོ་ཐོག་འཇོམས་ནུས་མི་མཐུན་ཕྱོགས། །ཕྱོགས་ཀྱི་ཕ་མཐར་སྐྲོད་པའི་སྔགས་རིགས་རྒྱུད། །རྒྱུད་ལྡན་རྒྱ་གར་བོད་ཀྱི་ཡི་གེའི་རིགས། །རིགས་མང་སོར་མོའི་འཕྲུལ་གྱིས་བསྒྱུར་བྱེད་མཁན། །མཁན་པོ་ཐོན་མིའི་གཙུག་ལག་སྨྲ་བའི་ངག །ངག་དབང་དགེ་ལེགས་གང་དེས་ཤུགས་འབྱུང་དུ། །དུ་མར་སྤེལ་བའི་འབོལ་རྩོམ་ཉམས་འགྱུར་ཡང་། །ཡང་དག་བཅད་ན་སྙན་ཚིག་རྗེས་འགྲོ་དང་། །དང་པོའི་མགོན་པོ་གང་གི་མན་ངག་ཟུང་། །ཟུང་ལྡན་བཅས་ཏེ་བསྐུལ་ཚེ་ངག་གི་དོན། །དོན་གཉིས་གྲུབ་པའི་དབང་ཕྱུག་བློ་གྲོས་གཏེར། །གཏེར་མཛོད་སྐལ་བཟང་ལ་འགྱེད་རྒྱ་མཚོའི་དཔལ། །དཔལ་ལྡན་འབྲས་སྤུངས་ཆོས་སྡེར་བཀོད་པ་དགེ །(༡༠ན)

ཀླུ་གཏོར་བདུད་རྩིའི་འོ་མའི་ཆུ་རྒྱུན།


GLG011_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཏོར་བདུད་རྩིའི་འོ་མའི་ཆུ་རྒྱུན་བཞུགས་སོ།། ༈ ན་མཿལཱཎཽ་པདྨ་ཤུཀླཱ་ཡ། རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཇིག་རྟེན་དབང་། །དྲན་པས་སྲིད་ཞིའི་གདུང་སེལ་ལ་བཏུད་ནས། །གདེངས་ཅན་ཚོགས་ཀུན་དགའ་བྱེད་གཏོར་མ་ཡི། །ལས་རིམ་བདུད་རྩིའི་ཆུ་རྒྱུན་སྤེལ་བར་བྱ། །དེ་ཡང་ཀླུ་གཏོར་གྱི་རིམ་པ་འདི་ལ་ལོ་རྒྱུས་དང་། གདམས་པ་དངོས་གཉིས་ལས། དང་པོ་ནི། སྔོན་དཔལ་རྒ་ལོས་དུར་ཁྲོད་བསིལ་བའི་ཚལ་དུ་དུག་ཤིང་ལ་སྐུ་རྒྱབ་བརྟེན་ནས་ཐུགས་དམ་མཛད་པས། དུག་སྦྲུལ་གྱིས་བསྡམས་ཏེ་སྙུན་ནད་དྲག་པོས་ཐེབས་པ་ན། དཀོན་ཅོག་ལ་སྐྱབས་འགྲོ་མཛད་པས་ཇོ་བོ་ཁ་སར་པཱ་ཎི་ཞལ་གཟིགས་ནས་གདམས་པ་འདི་གནང་བ་ཐུགས་ཉམས་སུ་བསྟར་བས་དེ་མ་ཐག་ཏུ་སྐུ་ཁམས་བདེ་བར་གྱུར། བླ་མ་བོད་དུ་འབྱོན་པར་ཆས་པས་ཀླུ་རྣམས་ཀྱིས། ཁྱེད་ཀྱི་གཏོར་མས་ངེད་ཚོའི་ལུས་སྣད་པ་རྣམས་གསོས་ཤིང་ཕན་པ་རྒྱ་ཆེན་པོ་བྱུང་བས་བཞུགས་པར་གསོལ་བ་བཏབ། དེ་ལ་བརྟེན་སླར་བོད་དུ་ཕེབས་སྐབས་ཀྱང་གཏོར་མ་འདི་དར་བར་མཛད་པས་ཆར་ཆུ་དུས་སུ་འབབ་པ་སོགས་བཀྲ་ཤིས་དགེ་མཚན་གྲངས་མེད་པ་བྱུང་། །དེས་ཞང་མཚལ་པ་ལ་གནང་ཞིང་། །རྩ་བའི་བླ་མ་བར་དུ་དར་རྒྱས་སུ་བཞུགས་པའོ། །གཉིས་པ་ལ་གདམས་པ་དངོས་ལ་བཙས་བཤམས་པ་དང་། བསྔོ་བ་གཉིས་ལས་དང་པོ་ནི། དཀར་གསུམ་དང་མངར་གསུམ་ཟན་དང་སྦྱར་བ་ལ་ཀླུ་སྨན་གཞན་རྣམས་ཀྱང་བསྲེས་པའི་རིལ་བུའམ་ཆང་བུ་གང་རུང་། ཆུ་གཙང་དང་འོ་མ་བསྲེས་པ་ལ་ཀླུ་སྨན་བཏབ་པ། རྒྱས་པར་སྤྲོ་ན་མདུན་དུ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཀླུ་གཟུགས་བཀོད། གཏོར་སྣོད་སོ་སོར་ཀླུ་སྨན་རྣམས་མ་འདྲེས་པར་སྤྱན་གཟིགས་ཀྱི་ཚུལ་དུ་བཤམས། རང་ཉིད་ཁྲུས་དང་གཙང་སྦྲ་དང་ལྡན་པས་ཤ་ཆང་སྒོག་བཙོང་སོགས་སྤངས་(༡༠བ)


GLG011_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཁ་བྱང་ཤར་ལ་བལྟ་བས་སྟན་བདེ་བ་ལ་འདུག་སྟེ་ཉམས་སུ་བླང་བར་བྱའོ། །གཉིས་པ་དངོས་གཞི་ནི་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། །སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་བྲག་གསེར་གྱི་བྱ་སྐྱིབས་ཁ་བྱང་ཤར་དུ་ལྟ་བའི་ནང་དུ། །པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་ཡི་གེ་ཧྲཱིཿ དཀར་པོ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཇོ་བོ་ཁ་སར་པཱ་ཎྀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་གཡོན་པདྨའི་རྩ་བ་ཐུགས་ཀར་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་གྱིས་སྤྲས་པ། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་གསུམ་ག་ཧྲཱིཿ དཀར་དམར་མཐིང་ཁས་སོ་སོར་བསྐོར་བ། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ་ས་བསྟིམ། ཀླུ་མཆོད་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྦྱངས། གཏོར་མ་ཆབ་སྨན་རྣམས་སྟོང་པར་གྱུར། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་རྣམས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཀླུ་རྣམས་ཚིམ་ཞིང་ནད་ཀུན་གསོ་བའི་བདེ་བ་སྐྱེད་པར་བྱེད་ལས་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུཾ་དང་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་སྭ་(༡༡ན)


GLG011_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རང་གི་མདུན་དུ་རིན་པོ་ཆེའི་བྲག་གསེར་གྱི་བྱ་སྐྱིབས་ཅན་གྱི་འོག་ཏུ། མཚོ། རྫིང་ལྟེང་ཀ །ཆུ་མིག །ཁྲོན་པ། འབབ་ཆུ། ནེའུ་གསིང་། སྤང་ལྗོངས། སྐྱེད་ཚལ་ཁང་བཟང་སོགས་ཉམས་དགའ་བའི་ནང་དུ་ཀླུ་རྒྱལ་ཝ་རུ་ཎས་གཙོ་བྱས། ཀླུ་ཆེན་བརྒྱད་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན། །རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཀླུ་རིགས་གྲངས་མེད་པའི་འཁོར་གྱི་བསྐོར་བར་བསམ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཀླུ་རྒྱལ་ཝ་རུ་ཎ་ལ་ཀླུ་ཆེན་བརྒྱད་། གཞན་ཡང་འཇིག་རྟེན་ཁམས་ཀྱི་ཀླུ་དང་ས་བདག་ཐམས་ཅད་ཟླ་བའི་གདན་ལ་རླུང་གིས་བསྐྱོད་དེ་འུར་སྒྲ་དང་བཅས་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོསཿབསྟིམ། ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། རྟ་མགྲིན་དབང་གི་བྱིན་རླབས་ཀྱིས། །གཙོ་བོ་ཀླུ་ཆེན་བརྒྱད་པོ་དང་། །རྒྱལ་རིགས་རྗེ་རིགས་དམངས་རིཊ་དང་།བྲམ་ཟེ་གདོལ་པ་ལ་སོགས་པ། །རི་རབ་རྩེ་དང་རྒྱ་མཚོའི་གཏིང་། །སྟེང་འོག་ཕྱོགས་མཚམས་གང་གནས་ཀླུ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ས་མ་ཡ་ཧཱུཾ་ཛཿ་ཛཿ་ཛཿཧཱུཾ་བཾ་ཧོཿརང་རང་དགྱེས་པ་སྐྱེད་ནུས་པའི། །ཡིད་ཀྱིས་སྤྲུལ་པའི་གནས་མཆོག་འདིར། །པདྨའི་གདན་ལ་རབ་བཞུགས་ནས། །མཆོད་པའི་ཚོགས་རྣམས་བཞེས་སུ་གསོལ། ན་མཿསརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་བདུན་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་ཡི། །ཕྱག་སོར་རྩེ་ལས་བདུད་རྩིའི་རྒྱུན་བབས་པ། །མཆོད་པའི་ཚོགས་དང་ལྷན་ཅིག་འདྲེས་པ་དེ། །ཀླུ་དང་ས་བདག་རྣམས་ཀྱིས་ལོངས་སྤྱོད་གྱུར། །ཅེས་བརྗོད་ཅིང་དོན་བསམ་ནས། མ་ཧཱ་ནཱ་ག་ཨདྷི་(༡༡བ)


GLG011_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཏ་ཡེ་གྲཾཧྣེ་དཾ་ཨརྒྷཾ་སྭཱ་ཧཱ། པུཥྤཾ། དྷཱུ་པཾ། གནྷི་བཅུག །ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱ། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་ཧཱུཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀེ་མཾ་སྭཱཧཱ་བརྒྱ་རྩ་དང་། ན་མཿསརྦྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭམུཁེ་བྷྱཿསརྦཏདྦཾ་ཨུངྒ་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ་ཞེས་པ་དང་། ནཱ་ག་རཱ་ཛ་ས་པཱ་རི་ཝཱ་ར་ཨ་མྲྀ་ཏ་ད་ཀ་པཱུ་ཛ་ཏེ་ཨཱཿཧཱུཾ་ཞེས་པ་ལན་གྲངས་མང་པོར་བརྗོད་ཅིང་བསྔོས་པས། ཀླུ་རྣམས་ཚིམ་པས་དངོས་གྲུབ་སྟེར་ཞིང་དགའ་བས་རང་ལ་འདུད་ཅིང་བསྐོར་བར་བསམ་ལ་ཚིགས་བཅད་ཀྱིས་བསྔོ་ཞིང་སྨོན་ལམ་གདབ་པ་ནི། ཝ་རུ་ཎ་སོགས་ཀླུ་ཆེན་བརྒྱད་པོ་དང་། ས་བདག་ཀླུ་ཡི་རིགས་སུ་གྱུར་པ་ལ། །ག་བུར་ཛ་ཏིས་དབུགས་ཉམས་སོས་གྱུར་ཅིག །གུར་ཀུམ་ཙན་དན་དྲི་ངད་བཟང་གྱུར་ཅིག །དབང་པོ་ལག་པས་ཡན་ལག་སོས་གྱུར་ཅིག །ཆུ་སྲིན་སྡེར་མོས་སེན་མོ་སོས་གྱུར་ཅིག །དཀར་དམར་མཚལ་གྱིས་ཁྲག་ཉམས་སོས་གྱུར་ཅིག །དུང་གིས་རུས་པ་ཉམས་པ་སོས་གྱུར་ཅིག །གཟི་ཡིས་མིག་འབྲས་ཉམས་པ་སོས་གྱུར་ཅིག །རྒྱ་དར་དམར་པོས་ལྕེ་ཉམས་སོས་གྱུར་ཅིག །ཟི་ཧུན་རས་སྐུད་རྩ་ཉམས་སོས་གྱུར་ཅིག །སྙིང་གི་ཞོ་ཤས་དོན་སྙིང་སོས་གྱུར་ཅིག །སླ་གོང་ཞོ་ཤས་ཤ་ཉམས་སོས་གྱུར་ཅིག །མཁལ་མ་ཞོ་ཤས་མཁལ་ཉམས་སོས་གྱུར་ཅིག །པུ་ཤེལ་རྩེ་ཡིས་རྩ་ཉམས་སོས་གྱུར་ཅིག །རྨ་བྱའི་མདོངས་ཀྱིས་མདོག་ཉམས་སོས་གྱུར་ཅིག །སྦྲུལ་གྱི་ཤུན་པས་པགས་ཉམས་སོས་གྱུར་ཅིག །ཐང་ལོ་སྨྱུག་ལོས་སྐྲ་ཚོགས་སོས་གྱུར་ཅིག །རྡོ་རྒྱུས་དག་གིས་རྒྱུས་འཁུམས་སོས་གྱུར་ཅིག །གུ་གུལ་དཀར་པོས་ཚིལ་ཉམས་སོས་གྱུར་ཅིག །བུ་རམ་ཀ་རས་རོ་མཆོག་མྱོང་གྱུར་ཅིག །མེ་ཏོག་ཤིང་ཏོག་ལུས་ཀུན་མཛེས་གྱུར་ཅིག །རིན་པོ་ཆེ་ཡིས་ཚེ་དཔལ་རྒྱས་གྱུར་ཅིག །རྒྱ་མཚོ་ལྦུ་བས་(༡༢ན)


GLG011_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་མར་སོས་གྱུར་ཅིག །ནཱ་ག་པདྨས་རྣ་དབང་སོས་གྱུར་ཅིག །གཞན་ཡང་སླེ་ཏྲེས་ལི་ཤི་སུག་སྨེལ་དང་། །ཟི་ར་དཀར་ནག་ཨུཏྤལ་སྔོན་པོ་དང་། །ཨ་རུ་ར་དང་སྤང་སྤོས་ཏིལ་དཀར་ནག །ཐལ་ཀ་རྡོ་རྗེ་སོ་མ་ར་ཛ་དང་། །རྒུན་འབྲུམ་ཤིང་མངར་སྦྲང་རྩི་དར་ཟབ་ཚོགས། །དཀར་གསུམ་གྱིས་མཛེས་མཆོད་སྦྱིན་གཏོར་མ་དང་། །མངར་གསུམ་གྱིས་བྲན་འོ་མའི་རྒྱ་མཚོ་སོགས། །ཀླུ་རྣམས་དགའ་བའི་མཐུན་པའི་རྫས་རྣམས་ཀྱིས། །སོ་སོའི་རེ་བ་ཡོངས་སུ་སྐོང་གྱུར་ཅིག །ནང་གི་དོན་སྣོད་ཕྱི་ཡི་ཤ་ལྤགས་རུས། སྐྲ་སེན་བཀྲག་མདངས་རྩ་རྒྱུས་ཉམས་པ་དང་། གཞོགས་བསྐམས་ཞ་འོན་ལྐུགས་སོགས་སྡུག་བསྔལ་གྱི། །འཇིགས་པ་ཀུན་ལས་ཀླུ་རྣམས་ཐར་གྱུར་ཅིག །བྱེ་ཚན་མཁའ་ལྡིང་མེ་དང་ཐོག་ལ་སོགས། །གནོད་པ་ཀུན་བྲལ་སྦྲུལ་མགོའི་གདེངས་ཀ་ལྡན། །རིན་ཅེན་བྲག་སྐྱིབས་མཚོ་རྫིང་ཆུ་མིག་དང་། །ནེའུ་གསེང་སྐྱེད་ཚལ་རྣམས་དང་ལྡན་གྱུར་ཅིག །མདོར་ན་ལུས་དང་སེམས་ལ་བདོ་བ་དང་། །དགའ་སྐྱིད་མ་ལུས་ཚོགས་ཀུན་འབྱུང་གྱུར་ཅིག །དེ་ལྟར་ཀླུ་རྣམས་སྨན་གྱིས་ལེགས་གསོས་ཤིང་། བཟང་པོའི་སྨོན་ལམ་བཏབ་པ་འདི་ཡི་མཐུས། །བདག་སོགས་འགྲོ་བ་སེམས་ཅན་མ་ལུས་པ། མཐོང་རེག་བསམ་དང་ཁ་རླངས་སྦྱོར་བ་ཡི། །ས་བདག་ཀླུ་ཡི་དུག་ཀུན་ཞི་བར་མཛོད། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀས་གནང་བའི། །འདོད་ཡོན་ལྔ་ལྡན་གཏོར་མ་འདི་བཞེས་ལ། །ལན་ཆགས་འཁོར་ཞིང་ཤ་འཁོན་མ་ལུས་བྱང་། །འཇིག་རྟེན་ཁམས་སུ་ཆར་ཆུ་དུས་འབབ་ཅིང་། ལོ་ཕྱུགས་སྨན་དང་ནགས་ཚལ་རབ་ཏུ་རྒྱས། །འགྲོ་རྣམས་ནད་མེད་བདེ་སྐྱིད་ཕུན་ཚོགས་པའི། །ལེགས་པའི་ཡོན་ཏན་མ་ལུས་འགྲུབ་པར་མཛོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་སོགས་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། ཞེས་སོགས་བརྗོད། རང་གི་ལུས་ལ་(༡༢བ)


GLG011_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ལོངས་ལ། གཞན་ལ་གནོད་པ་མ་བྱེད་ཅིག །ཕན་པའི་འབྲས་བུ་བདེ་བ་འབྱུང་། །གནོད་པའི་འབྲས་བུ་སྡུག་བསྔལ་འབྱུང་། །ས་བོན་ཚ་བ་རྣམ་པ་བཞིས། །འབྲས་བུ་ཚ་བ་སྐྱེད་པར་འགྱུར། །ས་བོན་མངར་བ་བཏབ་པ་ལས། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་དང་བཅས་པའི་ཆོས་བཤད་པ། །ཁྱེད་རྣམས་ཀྱིས་ནི་ཤེས་པར་གྱིས། །ཞེས་བརྗོད། །ཀླུའི་སྡིག་པ་བཤགས་པ་ནི། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨཱཿཔ་རཾ་པཱ་ར་ཎི་མེ་སརྦ་སྭཱཏཱ་ནཱ་ཉྩ་སྭཱཧཱ། ཞེས་བདུན་བརྗོད་ནས་སྨོན་ལམ་གདབ་པ་ནི། འདི་ལྟར་བགྱིས་པའི་དགེ་བའི་མཐུས། །ཀླུ་གཉན་ས་བདག་མ་ལུས་པའི། །ནད་གདོན་འཇིགས་སྐྲག་ཀུན་ཞི་ནས། །བདེ་བ་ཆེན་པོར་ལོངས་སྤྱོད་ཤོག །ཕྱི་མ་ལྷ་མིའི་ལུས་ཐོབ་ཅིང་། དམ་པའི་ཆོས་དང་མཇལ་བ་ཡིས། །སངས་རྒྱས་གོ་འཕངས་མངོན་གྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་ཤོག །གཞན་ཡང་རྨད་བྱུང་སྲས་བཅས་མ་སོགས་སྨོན་ལམ་གྱི་ཚིག་ཅི་རིགས་པར་བརྗོད། འདི་ལྟར་བདག་གིས་མཆོད་གཏོར་ཀླུ་སྨན་བདུད་རྩིའི་རྒྱ་མཚོ་ཆེན་པོ་དངོས་སུ་བཤམས་ཤིང་། ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་མ་རིག་པའི་དབང་གིས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་ཐུག་ནོངས་པ་བགྱིས་པ་མཐའ་དག་བཟོད་པར་མཛོད་ལ། ཀླུ་དང་ས་བདག་ལས་བྱུང་བའི་གནོད་པ་ཐམས་ཅད་ཞི་བ་དང་ཡུལ་ཕྱོགས་འདི་དག་ཏུ་ལོ་ཏོག་ལ་ཕན་པའི་ཆར་ཆེན་པོ་འབེབས་པར་མཛད་དུ་གསོལ། བྱ་ཁྱུང་གི་ཕྱག་རྒྱ་དང་བཅས་པས། ཨོཾ་ནཱ་ག་ར་ཛ་ས་པཱ་རི་ཝ་ར་སརྦ་གཙྪཿ ཞེས་མགྲོན་རྣམས་(༡༣ན)
རང་གནས་སུ་གཤེགས་པར་བསམ། བདག་གི་བསམ་པའི་སྟོབས་དག་དང་། ཞེས་སོགས་དང་བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་པ་བརྗོད་པར་བྱའོ། །དེ་ལྟར་གདེངས་ཅན་ཚོགས་རྣམས་མཉེས་བྱས་ནས། །འགྲོ་བའི་ནད་ཞི་ཆར་གྱི་རྒྱུན་བཟང་པོས། །རྩི་ཤིང་ལོ་ཏོག་རྒྱས་པར་བྱེད་པའི་ཐབས། །བདུད་རྩིའི་འོ་མའི་ཆུ་རྒྱུན་འདི་ཀོ་མཚར། རྣམ་དཀར་དགེ་བའི་རླུང་གིས་ལེགས་དྲངས་པས། །ཕན་བདེའི་མ་ལ་ཡ་ཡི་དྲི་བསྲུང་གིས། །སྲིད་ཞིའི་གདུང་བ་མ་ལུས་དྲུངས་ཕྱུང་ཏེ། །འགྲོ་རྣམས་ཀུན་མཁྱེན་ཡེ་ཤེས་ཐོབ་པར་ཤོག །ཅེས་ཀླུ་གཏོར་བདུད་རྩི་འོ་མའི་ཆུ་རྒྱུན་འདི་ནི་དོན་གཉེར་ཅན་དུ་མས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡྷེས་སྦྱར།

ཀླུ་གཏོར་གདེངས་ཅན་དགའ་བསྐྱེད།


GLG011_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཏོར་གདེངས་ཅན་དགའ་བསྐྱེད་བཞུགས་སོ། ༈ །གདེངས་ཅན་ཚོགས་རྣམས་དགའ་བ་བསྐྱེད་པ་ལ། །བརྟེན་ནས་འགྲོ་ལ་ཕན་བདེའི་དཔལ་སྟེར་བ། །ཚེགས་ཆུང་ཙམ་གྱིས་སྒྲུབ་ནུས་ངོ་མཚར་གཏམ། །འཁྲུལ་མེད་དམ་པའི་གསུང་རྒྱུན་འདི་ན་སྤེལ། །དེ་ཡང་གཏོར་མ་ཕྱག་ལེན་ལྟར་བཤམས། རྡོ་རྗེ་གནོད་སྦྱིན་གྱིས་ཕྱག་རྒྱས། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་པས་མ་དག་པ་བསངས། རྡོ་རྗེ་མེའི་ཕྱག་རྒྱས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷ་ཉྩ་ར་ཎ་ཧཱུཾ་ཕཊ། ཅེས་པས་གཟི་བྱིན་བསྐྱེད། རྡོ་རྗེ་བསྡམ་པའི་ཕྱག་རྒྱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱདྱ་ནུ་ཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པས་རིན་པོ་ཆེའི་སྣོད་དུ་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོ་བྱད་ཀྱིས་གང་བར་བསམ། འདོད་རྒྱལ་གྱི་ཕྱག་རྒྱས་རང་གི་སྙིང་ག་ལས་འོད་ཟེར་འཕྲོས་པས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་དང་། བྱེ་བྲག་ཏུ་བདག་ལ་གནོད་པའི་ཀླུའི་རིགས་ཐམས་ཅད་བཛྲ་ས་མ་ཛཿ ས་སྤྱན་དྲངས། ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིག་ལྡན་ནོ། །ལྷ་མོ་(༡༣བ)


GLG011_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ཆེན་པོ་དང་། ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཅེན་འོད་དང་གཟུགས་མཛེས་དང་། གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། ཚི་ལི་ཆེན་པོ་རྣམ་དག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མཧཱ་ནཱ་ག་ཨདྷི་པ་ཏ་ལེ་སརྦ་བྷུ་རྦྷུ་ཝ་ཕྲུཾ་ཕུ་སྭཱཧཱ། ཞེས་པས་མདུན་དུ་བྱོན་པར་བསམ་ལ། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱཧཱ། པུཥྤཾསྭཱཧཱ། དྷཱུ་པྀ་སྭཱཧཱ། དཱི་པཾ་སྭཱཧཱ། གནྡྷེ་སྭཱཧཱ། ཞེས་པས་མཆོད་ལ། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་དང་། ཨོཾ་ཧི་ལི་ཧི་ལི་མཧཱ་ཧི་ལི་ཕྲུཾ་ཕུ་སྭཱཧཱ། ཞེས་ལན་གསུམ་དང་། ཨོཾབྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་ཧཱུཾ་སྭཱཧཱ། ཞེས་ལན་གསུམ་ལ་སོགས་པས་ཕུལ་ནས། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུ་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝད་ཏ། ཏེ་ཥྦཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎཿ སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པ་བྱིན་ལ། ཀླུའི་རྒྱལ་པོ་བརྒྱད་ཀྱིས་གཙོ་བྱས་པའི་ཀླུ་དང་ས་བདག་གི་རིགས་སུ་གྱུར་པ་ཐམས་ཅད་དང་། བྱེ་བྲག་ཏུ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། གནོད་ཅིང་ལན་ཆགས་པའི་ཀླུ་དང་ས་བདག་ཐམས་ཅད་གཏོར་མ་འདིས་ཚིམ་ཞིང་མཉེས་པར་གྱུར་ཅིག །གནོད་པ་དང་གདུག་པའི་བསམ་པ་ཞི་ཞིང་ཕན་པ་ཞི་བས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག་ཅེས་དང་། ཨོཾ་ནཱ་ག་ཨ་དྷི་པ་ཏ་ཡེ་གཙྪ་ཞེས་པས་གཤེགས་སུ་གསོལ། བྱ་ཁྱུང་གི་(༡༤ན)
ཕྱག་རྒྱས། ཨོཾ་ག་རུ་ཌ་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། ཞེས་པས་ནག་པོའི་ཀླུ་རྣམས་བསྐྲད་པར་བསམ། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་བདེན་སྟོབས་བརྗོད་བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་བསྔོ་སྨོན་བྱའོ། །སྤྱིར་ཀླུ་གཏོར་ནི་ཐེབས་ཡོད་མེད་ལ་ལྟོས་ནའང་དཔལ་ལྡན་ས་སྐྱ་པའི་ཕྱག་ལེན་གྱི་དཀར་ཆ་བཞི་པའི་ནང་གི་ཀླུ་གཏོར་རྒྱུན་དུ་མཛད་ཅིང་ཕན་ཡོན་ཆེ་བས། འཕགས་པ་རིན་པོ་ཆེ་དང་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་སོགས་གོང་མ་རྣམས་ཀྱིས་ཡིག་ཆ་ནས། རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན་གྱིས་གསལ་བར་མཛད་པའི་ཡི་གེ་ལས་ཕྱུང་སྟེ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་རྒྱུན་ཁྱེར་དུ་ཟ་ཧོར་གྱི་བནྡྷེས་བཀོད་པའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་སོ། །

དཀར་ཆ་བཞིའི་དགའ་སྟོན་ཕན་བདེའི་འདོད་འཇོ།


GLG011_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆ་བཞིའི་དགའ་སྟོན་ཕན་བདེའི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །མི་མཐུན་བདུད་བཞི་འཇིཊ་བརྒྱད་བཅུ་དྲུག་ཀུན། །ཞི་མཛད་མི་གཡོ་མགོན་དང་འཕགས་མའི་ཞབས། །བསླུ་མེད་གཏན་གྱི་སྐྱབས་མཆོག་ལྷག་པའི་ལྷ། །བྱང་ཆུབ་བར་དུ་སྙིང་གི་ཟེའུ་འབྲུར་བཞུགས། །མགོན་ཟུང་མཆོད་དང་གདེངས་ཅན་དགའ་བ་བསྐྱེད། །འཇུར་གེགས་བཀྲེས་སྐོམ་ལས་སྒྲོལ་མཆོད་སྦྱིན་གྱི། །སྒོ་འཕར་བརྒྱ་ཕྲག་འབྱེད་པ་དཀར་ཆ་བཞི། །བྱ་སླ་ཚེགས་ཆུང་འདི་ཕྱིའི་དོན་ཆེན་འགྲུབ། །དེའི་ཚུལ་འཁོན་རིགས་མ་དྲོས་ཀླུང་ཆེན་ལས། །འཇམ་མགོན་མཁྱེན་པའི་མཐོ་རིས་ཆུ་བོའི་རྒྱུན། །ཐུབ་བསྟན་རྒྱ་མཚོའི་སྲོག་ཏུ་རྟག་འབབ་པ། །ས་སྐྱའི་རྗེ་བཙུན་ཕྱག་བཞེས་འཁྲུལ་མེད་འབྲི། །དེ་ལ་འདིར་ས་སྐྱའི་རྗེ་བཙུན་རྣམས་ཀྱི་ཐུགས་དམ་དུ་མཛད་པའི་དཀར་གཏོར་ཆ་བཞིར་གྲགས་པ་ནི། ལྷག་པའི་ལྷ་བཅོམ་ལྡན་མི་གཡོ་མགོན་པོ། རྗེ་བཙུན་འཕགས་མ་སྒྲོལ་མ་གཉིས། ས་སྐྱའི་གཙུག་ལག་ཁང་ཀླུ་གཙུག་ན་རིན་ཆེན་གྱི་ཕོ་བྲང་གི་སྟེང་ན་ཡོད་པས་གཙོ་བོར་གྱུར་བའི་ཀླུ། (༡༤བ)


GLG011_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས་རྣམས་ལ་དབུལ་བ་སྟེ། གཏོར་མ་སྣོད་ཤོམས་ན་སོ་སོ་དང་དེ་མིན་གཏོར་སྤུངས་བྱས་ཀྱང་རུང་། ཡི་དྭགས་ཀྱི་གཏོར་མ་ནི་དཀར་གཏོར་དང་རིལ་བུ་ལ་ངེས་པ་མེད་ཀྱང་ཆུ་སྦྲེང་བ་དང་བཅས་ཕྱི་མ་འཇུག་པ་བདེ་བ་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བཤམ། གཏོར་མ་གོང་མ་གསུམ་པོའི་དུས་ལ་ངེས་པ་མེད་ཅིང་སུ་རཱུ་པ་ནི་ངེས་པར་བཟའ་བཏུང་གང་ཡང་མ་བྱས་པའི་སྔོན་དུ་གཏོར་དགོས་ལ། དེངས་སང་ཕྱག་ལེན་ལྷན་ཅིག་ཏུ་མཛད་པའི་དབང་གིས་ཐོ་རངས་ཀྱི་ཆའམ་འཕྱི་ཡང་ཟས་སྐོམ་ལ་ལོངས་མ་སྤྱད་པའི་གོང་དུ་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་བཏང་། དང་པོ་རྗེ་བཙུན་མི་གཡོ་བ་ལ་འབུལ་བ་ནི། ཨོཾ་ཨ་མྲྀ་ཏ་ཧྲུཾ་ཕཊ་གྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་མོས། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་མི་གཡོ་བ་སྐུ་མདོག་སྔོན་པོ་རལ་གྲི་དང་ཞགས་པ་འཛིན་པ་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། དར་གྱི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན་པད་ཉིའི་གདན་ལ་གཡས་བསྐུམས་གཡོན་བརྐྱངས་ཀྱིས་བཞུགས་པའི་རྣམ་པ་ཅན་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་སྤྱན་དྲངས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། །ཨཱོཾ་ཝ་ར་ཨ་ཙ་ལ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང་། །མཐའ་བྲལ་བདེ་ཆེན་ཁྲོ་(༡༥ན)


GLG011_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྒྱལ་པོའི་སྐུ། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོས་འགྲོ་བ་ཀུན་སྒྲོལ་ཞིང་། སྲིད་པ་གསུམ་ན་དགྱེས་པའི་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམས་ཤིང་མི་མཐུན་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མ་གཡོས་ཐུགས་རྗེའི་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ་ཐལ་མོ་སྙིང་ཁར་སྦྱར་ཏེ། མི་གཡོ་མགོན་པོས་བདག་དང་སེམས་ཅན་ཀུན། །བར་གཅོད་བདུད་བཞིའི་དགྲ་ལས་རྣམ་རྒྱལ་ཞིང་། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་རྣམས། ཐོགས་པ་མེད་པར་མྱུར་དུ་སྩལ་དུ་གསོལ། །ཅེས་གསོལ་བ་གདབ་བོ། །གཉིས་པ་རྗེ་བཙུན་མ་ལ་འབུལ་པ་ནི། གཏོར་མ་གོང་ལྟར་གྱིས་བརླབས། ལྷོ་ཕྱོགས་རི་བོ་པོ་ཏ་ལ་ན་རྗེ་བཙུན་སྒྲོལ་མ་འཁོར་བཅས་མངོན་སུམ་དུ་བཞུགས་པས་བདག་ལ་ཐུགས་རྗེས་དགོངས་ནས་གཏོར་མ་བཞེས་པར་མོས་པས་ཆོ་ག་ལ་སྤྱན་འདྲེན་པ་སོགས་བྱ་མི་དགོས་སོ། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ན་མཿསརྦྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ། མཧཱ་ས་ཏྭ་སརྦྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མཱ་བི་ལམྤ། མཱ་བི་ལམྤ། ཨི་དམྦ་ལིི་གྲི་ཧྞ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཧཱུཾ། སརྦ་བི་ས་ཏྭ་ར་སྭཱཧཱ། ཞེས་པ་ལན་གསུམ་མམ་ལན་བདུན་གྱིས་ཕུལ། ཨོཾ་ཨཱརྱ་ཏཱ་རེ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་གཉིས་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། འཕགས་མ་སྒྲོལ་མས་བདག་དང་འགྲོ་བ་ཀུན། །འཇིགས་ཆེན་བརྒྱད་དང་བཅུ་དྲུག་ལས་སྐྱོབ་ཅིང་། །འཁོར་བ་ངན་སོང་སྡུག་བསྔལ་ཆེ་ལས་སྒྲོལ། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་སྩོལ། ཞེས་གསོལ་བ་གདབ། གསུམ་པ་ཀླུ་རྣམས་ལ་དབུལ་བ་ནི། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་(༡༥བ)


GLG011_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དང་ཨོཾ་བཛྲ་ཡཀྵ་ཧཱུཾ་གིས་གཏོར་མའི་བགེགས་བསངས། རྡོ་རྗེ་མེའི་ཕྱག་རྒྱ་དང་ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ་ཀྱིས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཀླུ་རྣམས་དགའ་བར་བྱེད་པའི་བདུད་རྩིའི་རྒྱ་མཚོས་གང་བར་བསམ། རྡོ་རྗེ་བསྡམ་པའི་ཕྱག་རྒྱ་འདེབས་པའི་ཚུལ་དང་། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ལས་ཀླུ་རྣམས་ཇི་ལྟར་འདོད་པའི་ཡོ་བྱད་ཐམས་ཅད་ཐོགས་པ་མེད་པར་བྱུང་བར་བསམས་ལ། འདོད་རྒྱལ་གྱི་ཕྱག་རྒྱ་བཅས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དང་བྱེ་བྲག་ཏུ་བདག་སོགས་ལ་གནོད་པར་བྱེད་པའི་ཀླུ་རིགས་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་མོས་ལ། ཨོཾ་བ་ཏ་ལི་བ་ཏ་ལི་མཧཱ་བ་ཏ་ལི་ཧཱུཾ་ཧཱུཾ་ཛཿཛཿ་སྭཱཧཱ། ལན་གསུམ་དང་། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་པོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུནྟུ། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཅེན་འོད་དང་གཟུགས་མཛེས་དང་། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་རྣམ་དག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦྦ་བྷུརྦྷུཝཿཕྲུཾ་ཕུཾ་སྭཱཧཱ། ཞེས་པས་མདུན་དུ་བྱོན་པར་བསམ། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། ཨོཾ་མཧཱ་ནཱ་ག་ཨ་དྷི་པ་ཏ་ལེ་གྲྀ་ཧྞེ་དཾ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པུཥྤེ། དྷུ་པེ། དཱི་པཾ། གནྡྷེ་བཅུག་པས་མཆོད། (༡༦ན)


GLG011_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་དང་། ཨོཾ་ཧི་ལི་ཧི་ལི་མཧཱ་ཧི་ལི་ཕྲུཾ་ཕུ་སྭཱཧཱ། ཞེས་པ་སེ་གོལ་བརྡབ་པ་དང་བཅས་ལན་གསུམ་དང་། ཨོཾ་བྷཀྵ་ཡ་བྷ་ཀྵ་ཡ་ས་མ་ཡ་ཏིཥྠ་ཕྲུཾ་ཕུཾ་ཧཱུཾ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་གཏོར་མ་བསྔོ། ཡེ་དྷརྨཱ་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པ་བྱིན། །ཀླུ་ཆེན་བརྒྱད་སོགས་ཀླུ་རིགས་ཐམས་ཅད་དང་། བྱེ་བྲག་བདག་ཅག་རྣམས་ལ་གནོད་བྱེད་ཀུན། །གཏོར་མ་འདིས་ཚིམ་དགྱེས་ཤིང་གདུག་སེམས་ཞི། ཕན་པ་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཅེས་སྨོན་ལམ་གདབ། ཨོཾ་ནཱ་ག་ཨ་དྷི་པ་ཏི་ས་པཱ་རི་ཝཱ་ར་གཙྪ་ཞེས་པས་དཀར་ཕྱོགས་ཀྱི་ཀླུ་རིགས་རྣམས་རང་གནས་སུ་གཤེགས། བྱ་ཁྱུང་གི་ཕྱག་རྒྱ་དང་། ཨོཾ་གཱ་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། ཞེས་ནག་པོའི་ཀླུ་རིགས་རྣམས་བསྐྲད་པར་མོས་སོ། ས་སྐྱར་ཀླུ་གཙུག་ན་རིན་ཆེན་ལ་གཙོ་བོར་དམིགས་ནས་མཛད་པ་ཡིན་པས་ཡུལ་གཞན་དུ་བྱས་པར་དགོས་པ་མེད་དམ་སྙམ་ན། ཀླུ་གཙུག་ན་རིན་ཆེན་མེད་པའི་ཡུལ་རྣམས་སུའང་ཀླུ་རེ་ངེས་པར་འོང་བས་ཕན་ཡོན་ཆེའོ། །བཞི་པ་སུ་རཱུ་བའི་སྔགས་ཀྱིས་ཡི་དྭགས་རྣམས་ལ་སྦྱིན་པ་ནི། རང་ཉིད་སྐད་ཅིག་གིས་དེ་བཞིན་གཤེགས་པ་གཟུགས་མཛེས་སུ་བསྒོམ། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་ཡི་དྭགས་རྣམས་ཚིམ་པར་ནུས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། མཆོད་སྦྱིན་གྱི་ཕྱག་རྒྱ་བཅས་ཏེ། སངས་རྒྱས་རིན་ཆེན་གཟུགས་མཛེས་རྒྱལ་པོ་ལ་ཕྱག་འཚལ་ལོ། ན་མཿསུ་རཱུ་པཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶམྦུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། སྨ་ར་སྨ་ར། སནྟ་རཱ་ཡ་སནྟ་རཱ་ཡ། སརྦྦ་པྲེ་ཏཱ་ནཱཾ་སྭཱཧཱ། (༡༦བ)


GLG011_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་གསུམ་མམ་བདུན་བརྗོད་པས་ཡི་དྭགས་རྣམས་ལ་ཟད་མི་ཤེས་པའི་བདུད་རྩི་དང་འདོད་ཡོན་ལྔ་བྱུང་བར་བསམ། ཨ་པ་ས་རནྟཱུ་ཨ་ཝ་ཏཱ་ར་པྲེ་ཀྵི་ཎོ་ད་དཱ་མྱ་ཏི་སརྦྦ་ལོ་ཀ་དྷཱ་ཏུ་བྷ་སི་ནཱཾ། པྲེ་ཏཱ་ན་མཧཱ་རཾ། ཞེས་པ་ལན་ཅིག་བོད་སྐད་དུ་བྱེད་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཡི་དྭགས་རྣམས་ལ་བདག་གིས་བཟའ་བ་འདི་སྟེར་གྱི། གླགས་ལྟ་བ་རྣམས་ཕྱིར་དེངས་ཤིག །ཅེས་བརྗོད་ཅིང་སྔགས་ཙམ་ལས་བོད་སྐད་མ་བརྗོད་ཀྱང་ཉེས་པ་མེད། ཡེདྡྷརྨཱ་སོགས་ཆོས་ཀྱི་སྦྱིན་པ་གོང་བཞིན་བྱ། ཕན་ཚུན་ཕྱེར་དང་འཐབ་རྩོད་མེད་པ་རུ། །བདེ་བར་ཟས་ཐོབ་ལོངས་སྤྱོད་དབང་པོ་ཚིམ། །བཀྲེས་སྐོམ་ཕོངས་པའི་སྡུག་བསྔལ་ལས་གྲོལ་ནས། །མཐོ་རིས་ཐར་པའི་བདེ་བ་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། དེང་སང་མེ་བསུར་ཆུ་བསུར་ཞེས་མཆོག་དམན་ཀུན་ལ་གྲགས་ཤིང་ཡི་གེ་མང་པོར་ཡང་ཕྱོགས་མཐུན་དུ་བཀོད་པར་སྣང་མོད། མེ་བསུར་ལ་མདོ་སོགས་ཀྱི་བྲིན་སོ་མེད་ཅིང་། གསང་སྔགས་གསར་མའི་ཕྱོགས་སུ་མ་གྲགས་པས་སྔོན་རབས་ཁུངས་བཙུན་གྱིས་ཡི་གེར་ཡང་མ་འཁོད། དེའི་ཁུངས་ནི་གསང་སྔགས་རྙིང་མ་ཕྱོགས་ལ་བརྟེན་དགོས་ཤིང་རྫས་མེ་ལ་བཏབ་པས་བསུར་མིང་དང་དོན་མཐུན་པ་ཡིན། འདི་ལ་ཆུ་བསུར་ཞེས་པའི་མིང་ནམ་ཡང་མི་ཐོབ། སྔགས་ལ་བརྟེན་ནས་སུ་རཱུ་བ་ཞེས་བཏགས་པ། སུ་ནི་ཉེར་བསྒྱུར་ཉི་ཤུའི་ནང་གི་ལེགས་པ་མཛེས་པ་བཟང་བ་སོགས་ལ་འཇུག་པའི་སུ་དང་རཱུ་པ་ནི་གཟུགས་ཡིན་པས་དེ་བཞིན་གཤེགས་པ་གཟུགས་མཛེས་ཀྱི་མཚན་ལས་བཏགས་ལ། ཆུས་བསུར་མི་ཡོང་བ་གནག་རྫི་རྒན་པོས་ཀྱང་ཤེས་པ་དེའོ། །ཕན་ཡོན་ནི་དབུལ་པོར་མི་འགྱུར། སྐྱེ་བ་ཀུན་ཏུ་སྟོབས་ཆེ་བ། གཟུགས་བཟང་ཞིང་མཐོང་ན་དགའ་བ། ལོངས་སྤྱོད་ཆེ་བ། ཚེ་རིང་ནད་(༡༧ན)


GLG011_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། མྱུར་དུ་སངས་རྒྱས་ཐོབ་པ། དེ་མ་ཐོབ་པའི་སྐྱེ་བར་ཡང་བདེ་བ་ཅན་དུ་སྐྱེ་བ་སོགས་ཀྱི་ཕན་ཡོན་མདོ་ལས་གསུངས་སོ། །ཆོས་ཀྱི་རྒྱལ་པོ་འཕགས་པ་ཡན་ཆད་ལ་གཏོར་མ་ཆ་བཞི་པོ་འདི་ལས་མི་མཛད་ནའང་བླ་མ་ཕྱི་མ་རྣམས་ཀྱིས་གཞི་བདག་དང་ཆུ་སྦྱིན་གྱི་རིགས་མཛད་པ་སྤྲོ་ན་སོ་སོའི་ཡི་གེ་དང་། འཕགས་པའི་རྒྱུན་གཏོར་དང་། རྗེ་ཤར་ཁང་པའི་དཀར་ཆ་བཞིའི་ཡི་གེ་སོགས་ལས་ཤེས་པར་བྱའོ། །དེ་ནས་བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་ཀྱིས་བདེན་པ་བརྗོད། གཏོར་མགྲོན་རྣམས་མི་དམིགས་པར་བཞག་པས་ཁྱབ་པ། བློ་དམན་དག་གཤེགས་སུ་གསོལ་བ་འདོད་ན། མཐེབ་སྲིན་གྱིས་སེ་གོལ་དང་བཛྲ་མུཿཞེས་པས་མི་གཡོ་བ་རང་བཞིན་གྱི་གནས་དང་། ཆུ་སྦྱིན་ཆེད་དུ་ལྷགས་པ་ཡི། །འབྱུང་པོ་ཐམས་ཅད་རང་གནས་དེངས། །སརྦ་བྷཱུ་ཏ་གཙྪ། ཞེས་བརྗོད་པས་རང་གནས་སུ་སོང་བར་བསམ་མོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་བ་སྨོན་ལམ་ཅི་རིགས་པས་མཚམས་སྦྱར། གཏོར་མ་རྣམས་གཙང་སར་དོར་བར་བྱའོ། །དེ་ལྟར་ཚེགས་ཆུང་བྱ་སླ་འབད་པའི་དོན། །འདི་དང་གཏན་གྱི་སྐྱེ་བའི་ཞིང་ས་ལ། །འཛད་མེད་ཕན་བདེའི་མྱུ་གུ་རབ་བསྐྲུན་པའི། །བྱེད་པོ་མཐའ་དག་བཟང་པོའི་སྐལ་བ་ཅན། །དེ་ཕྱིར་རང་གཞན་མང་པོར་ཕན་དོན་དུ། །རྡུལ་བྲལ་སྟོན་གྱི་ཟླ་ལྟར་ཆེས་དཀར་བའི། །རྣམ་དག་བསམ་པ་མཆོག་གིས་ཀུན་བླངས་ཏེ། ཡི་གེ་བཀོད་པ་ཡང་དག་དོན་དང་ལྡན། །དགེ་བའི་ཆུ་ཐིགས་བྱང་ཆུབ་རྒྱ་མཚོ་ཆེར། དབྱེར་མེད་འདྲེས་པའི་ཕ་མཐའ་རྟོགས་དཀའ་བ། །མཁའ་མཉམ་འགྲོ་ཀུན་རྣམ་པ་ཐམས་ཅད་མཁྱེན། །རིང་པོར་མི་ཐོགས་རྙེད་པའི་རྒྱུར་འགྱུར་ཤོག །ཅེས་ས་སྐྱའི་འཇམ་མགོན་རིམ་བྱོན་གྱི་ཕྱག་ལེན་འཁྲུལ་བའི་དྲི་མ་མེད་པ་དཀར་ཆ་བཞིའི་ངག་འདོན་ཕན་བདེའི་(༡༧བ)
འདོད་འཇོ་ཞེས་བྱ་བ་འདི་ནི་གཡོ་རུ་གྲྭ་དགེ་བའི་འབྱུང་གནས་ཀྱི་ཡུལ་གྲུའི་ཆར་བྱུང་བའི་ལྡུམ་པོ་པ་ནོར་བུ་དར་རྒྱས་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས། རྡོ་རྗེ་འཆང་ཕ་བོང་ཁ་བ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་གྱིས་འཚོ་བ་ཟ་ཧོར་གྱི་བནྡྷེས་ཆོས་ཀྱི་རྒྱལ་པོ་འཕགས་པ། སེམས་དཔའ་ཆེན་པོ་ཐོགས་མེད་བཟང་པོ་དཔལ། ཨེ་ཝཾ་ཤར་ཁང་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པ་སོགས་ཁུངས་བཙུན་གྱི་ཡི་གེ་ལ་བརྟེན་ནས་རང་བཟོས་མ་བསླད་པར་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །

གཏོར་མ་བརྒྱ་རྩའི་རིམ་པ་མུ་ཐི་ལའི་འཁྲི་ཤིང་།


GLG011_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བརྒྱ་རྩའི་རིམ་པ་མུ་ཐི་ལའི་འཁྲི་ཤིང་བཞུགས་སོ། །ན་མཿཔཱ་ཎཽ་པདྨ་ཤུཀླཱ་ཡ། ཕྱག་ན་པདྨས་རྗེས་བཟུང་ཟླ་རྒྱལ་རྗེ། རྡོར་འཛིན་བྱེ་བའི་གཙུག་རྒྱན་གྲགས་པའི་མཚན། །དངོས་བརྒྱུད་བླ་མའི་ཞབས་སེན་དབང་གི་རྒྱལ། །བྱང་ཆུབ་བར་དུ་གཙུག་ཏོར་རྩེ་མོར་མཛེས། །གཏན་པ་མེད་པའི་མཆོད་སྦྱིན་གྲུ་རྫིངས་ལ། །བརྟེན་ནས་བསོད་ནམས་ཆུ་གཏེར་ཆེར་བགྲོད་དེ། །ངེས་ལེགས་རིན་ཅེན་ཕུང་པོ་སྐལ་བཟང་རྣམས། དགའ་སྤྲོའི་ཡིད་ཀྱིས་གཟེངས་བསྟོད་ཅི་དགར་ལོངས། དེ་ཡང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་བཞེད་སྲོལ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་གཏོར་མ་བརྒྱ་རྩའི་ཕྱག་བཞེས་ཀྱི་རྗེས་སུ་འབྲངས་ཏེ་འཁྲུགས་སྡེབས་སུ་བཀོད་པ་ལ། གཟན་སུམ་ཚན་གསུམ་དང་ཉིས་ཚན་གཅིག་ཏུ་བཅད་པའི་དང་པོ་བཅུ་ལ་རིལ་བུ་རེ་དང་ཕྱི་མ་ལ་བརྒྱད་བྱས་པ། འབྱོར་ན་བཟང་སྨན་སྣ་ཚོགས་དང་དཀར་གསུམ་དངར་གསུམ་རིན་པོ་ཆེ་བསྲེ། ཏིང་ཤགས། ཆུ་བུམ་སོགས་མངོན་པར་འདུ་བགྱིས། གནས་དབེན་པར་ཁྲུས་དང་གཙང་སྦྲ་སྔོན་དུ་(༡༨ན)


GLG011_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། གཏོར་སྟེགས་ལ་གཏོར་ཆ་བཀྲམ་པ་ཆུས་བཀང་འགྲུབ་ན་ཞལ་ཟས་ཤིག་ཀྱང་བཤམས། བདེ་བའི་སྟན་ལ་འཁོད་ནས་སྐྱབས་འགྲོ་བཞི་སྐོར་སྤྱི་ལྟར་བྱེད། བདག་གིས་སེམས་ཅན་ཐམས་ཅད་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཕུལ་བས་འཕགས་པའི་ཚོགས་མཉེས་ཤིང་རིགས་དྲུག་རྣམས་ཆོས་དང་ཟང་ཟིང་གིས་ཚིམ་པར་བྱའོ། །ཞེས་ལན་གསུམ་བརྗོད་ནས་སེམས་བསྐྱེད་ཚད་མེད་བཞི་བསྒོམ། ཐོར་ཐུན་དང་སྔ་ཐུན་ལྟ་བུ་རྫོགས་པའི་ལྷའི་རྣལ་འབྱོར་ལ་གནས་ན་དེས་ཁྱབ་ཅིང་མིན་ན་འོག་ནས་འབྱུང་བའི་སྤྱན་རས་གཟིགས་ཀྱི་བདག་བསྐྱེད་ལེན། ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཛྲཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར་པར་བསམ་ལ། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤཱེ་ཨཱཿཧཱུཾ་ནས། ཨོཾ་བཛྲ་ཤཔྟ་ཨཱཿ ཧཱུཾ། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས་ཀྱིས་མཆོད་པ་བྱིན་གྱིས་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མཆོད་པ་དང་སྦྱིན་པའི་ཡུལ་དུ་གྱུར་པ་ཐམས་ཅད་བཛྲ་ས་མཱ་ཛཱཿས་ཕྱག་རྒྱ་དང་བཅས་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། སོགས་ཤླཽ་ཀ་གཅིག་དང་། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས་ནས། འདི་ཉིད་དུ་ནི་བཞུགས་སུ་གསོལ་གྱི་བར་ཤླཽ་ཀ་གཉིས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་ཧཱུཾ། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲི་ཡེ་ཧཱུཾ་གི་བར་བརྗོད། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར་(༡༨བ)


GLG011_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་མཇུག་ཏུ་ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་སིལ་སྙན་ལ་སོགས་པ། །མཆོད་རྫས་ཇི་སྙེད་མཆིས་པ་ཀུན། །བདག་གི་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། ཨོཾ་ཨཱརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ་སོགས་ཤླཽ་ཀ་གཅིག་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཞེས་བསྟོད་ཕྱག་བྱ། མགྲོན་ཚན་དང་པོ་ནི། དེ་ནས་གཏོར་ཆ་ལྔའི་ཆུ་རྣམས་བཤམས་ནས་གཟན་གཉིས་གཉིས་བླུག་པར་ཆབ་སྦྲན་པ་ནི་འོག་མ་བཅུ་ལ་འགྲེ །ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་འགྱུར། ཨོཾ་ཨཱཿཧཱུཾ། ཞེས་བྱིན་གྱིས་བརླབ། བསྡུ་ན་ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད་པས་ཀྱང་རུང་། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས་རྒྱ་ཆེན་གྱི་སྔགས་གསུམ་བདུན་ཉེར་གཅིག་གང་འོས་བརྗོད་པ་དང་གོང་གི་གཏོར་མ་བརླབ་པ་འོག་མ་ཀུན་ལ་འགྲེ །ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོའི་བར་གྱིས་མཆོད་པ་མགྲོན་ཚན་དྲུག་པ་ཡན་འདྲ་ཞིང་འཇུག་པ་བདེ་བར་འདོད་ན་མ་བྱས་ཀྱང་རུང་། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་(༡༩ན)


GLG011_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། མགྲོན་ཚན་གཉིས་པ་ནི། སངས་རྒྱས་མཁའ་འགྲོ །རྡོ་རྗེ་མཁའ་འགྲོ །རིན་ཆེན་མཁའ་འགྲོ། །པདྨ་མཁའ་འགྲོ །སྣ་ཚོགས་མཁའ་འགྲོ་ལ་སོགས་པ་རྣམས་དང་གཞན་ཡང་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ནང་གི་དཔལ་མགོན་པོ་ལྷ་མོར་བཅས་པ། ཕྱོགས་སྐྱོང་བཅུ་རྒྱལ་པོ་ཆེན་པོ་སྡེ་བཞི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སོགས་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ། གཞན་ཡང་བླ་མ་དམ་པ་རྣམས་ཀྱིས་བཀའ་དང་དམ་ལ་བཏགས་ཤིང་སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་རྡོ་རྗེ་གདན་གྱིས་གཙོ་བྱས་རྒྱ་གར་ཤར་ནུབ། བོད་ཡུལ་གྱི་གཙུག་ལག་ཁང་དང་གདན་ས་ཁྱད་པར་ཅན་སྐྱོང་ཞིང་བསྟན་པ་ལ་མངོན་པར་དགའ་བ་ལྷ་ཀླུ་འབྱུང་པོའི་ཚོགས་ཐམས་ཅད་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་བསྟན་པའི་རྩ་ལག་དགེ་བའི་བཤེས་གཉེན་རྣམས་དང་རྣལ་འབྱོར་པ་བདག་ཅག་འཁོར་བཅས་ཀྱི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པ་མི་དང་མི་ཡིན་པའི་གནོད་པ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མགྲོན་ཚན་གསུམ་པ་ནི། རིག་འཛིན་གྱི་ས་ལ་གནས་པ་དགེ་སྦྱོང་དང་བྲམ་ཟེ་ལྷའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། ཚིག་ཙམ་གྱིས་ཕན་འདོགས་ནུས་པ། སྨོན་ལམ་ལ་དབང་བ། དམོད་པ་འདོར་བར་ནུས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ཐམས་(༡༩བ)


GLG011_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བདེ་ཞིང་སྐྱིད་པ་བདག་ཅག་རྒྱུ་སྦྱོར་བ་འཁོར་དང་བཅས་པ་ཆོས་བསྒྲུབ་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་མཐུན་རྐྱེན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པའི་སྨོན་ལམ་བཟང་པོ་གདབ་ཏུ་གསོལ། མགྲོན་ཚན་བཞི་པ་ནི། ལྷན་ཅིག་སྐྱེས་པའི་ལྷ་དང་རྣམ་ཐོས་སྲས། ཛམ་བྷ་ལ། ནོར་རྒྱུན་མ། ཚོགས་ཀྱི་བདག་པོ་ལ་སོགས་ཏེ་ནོར་ལྷ་རྣམས་དང་བདག་ཅག་འཁོར་དང་བཅས་པ་ལ་བསྲུང་སྐྱོབ་མཛད་པ་རྣམས་ལ་འབུལ་ལོ། །ནད་དང་དབུལ་ཕོངས་ཀྱི་འཇིགས་པ་མེད་པ་དང་ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། མགྲོན་ཚན་ལྔ་པ་ནི། འཛམ་བུ་གླིང་གི་གཞིའི་བདག་པོ་རྣམས་དང་ཁྱད་པར་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས། སྒོས་དབུས་གཙང་རུ་བཞི། བྱེ་བྲག་ཏུ་ཡུལ་ཕྱོགས་ས་ཆ་འདི་ཉིད་དུ་གཉུག་མར་གནས་པའི་ལྷ། ཀླུ་བདུད། བཙན། གཤིན་རྗེ། མ་མོ། གཟའ། རྒྱལ་པོ། མ་མོ། ཐེའུ་རང་། ས་བདག །གཉན་མོ་ཐུ་བོ་ཆེ་རྣམས་ལ་འབུལ་ལོ། །འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་དུ་འབེབས་ལོ་ཕྱུགས་རྟག་ཏུ་ལེགས་པ། མི་ནད་དང་ཕྱུགས་ནད་ཞི་བ། མུ་གེ་དང་འཁྲུགས་པ་མི་འབྱུང་བའི་འཕྲིན་ལས་མཛོད་ཅིག །མགྲོན་ཚན་དྲུག་པ་ནི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོ། ནོར་བུ་བཟང་པོ། ཡང་དག་ཤེས། རྒྱལ་བ་ཁྱུ་མཆོག །འབྲོག་གནས་མཆེད་ལྔ་ལ་སོགས་ཏེ་འབྲོག་གནས་ཀྱི་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །སེམས་ཅན་གྱི་སྲོག་དང་གཟི་མདངས་འཕྲོག་པ་སོགས་གནོད་འཚེའི་བསམ་པ་ཐམས་ཅད་ཞི་ཞིང་ཁྱད་པར་དུ་བདག་ཅག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས་ཆོས་དང་མཐུན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་མཛད་དུ་གསོལ། མགྲོན་ཚན་བདུན་པ་ནི། གོང་གི་བྱིན་རླབས་ཀྱིས་བདུད་རྩིར་(༢༠ན)


GLG011_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བར་མ་ཟད་གང་ལ་གང་འདོད་ཀྱི་འཁོར་བའི་ཡོ་བྱད་དུ་མོས་ནས། རྒྱ་ཆེན་གྱི་སྔགས་ཀྱིས་ཀྱང་འཁོར་དགུའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསམ་ལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་འདི་མན་ལ་འགྲེ །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་བདག །རིམས་བདག །ཡམས་ཀྱི་བདག་མོ། གདུག་པ་ཅན་གནོད་བྱེད་ཀྱི་ཚོགས་ས་དང་བར་སྣང་ལ་གནས་པ་འདོད་པའི་གེགས་བྱེད་ཅིང་མི་འདོད་པའི་རྐྱེན་བྱེད་པ་རྣམས་ལ་སྦྱིན་ནོ། །དེ་རིང་ཕྱིན་ཆད་ནས་སེམས་ཅན་ཐམས་ཅད་ལ་བསམ་ངན་དང་སྦྱོར་རྩུབ་དང་གནོད་ཅིང་འཚེ་བ་མ་བྱེད་པར་གཞན་ཕན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཏེ་བརྩེ་བའི་སེམས་དང་ལྡན་པར་གྱུར་ཅིག །མགྲོན་ཚན་བརྒྱད་པ་ནི། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །དེས་ཚིམ་ནས་རིགས་དྲུག་སོ་སོའི་བུ་ལོན་ལན་ཆགས་འཁོར་བས་སྡུག་བསྔལ་མཐའ་དག་དང་བྲལ་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །མགྲོན་ཚན་དགུ་པ་ནི། ཡི་དྭགས་ཀྱི་གཙོ་བོར་ཁ་ལ་མེ་འབར་བ་ལ་སོགས་ཏེ་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། མེ་ལྕེའི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན། བྱིངས་ན་གནས་པ། ཁ་འཐོར་བའི་ཚོགས། བཀྲེས་སྐོམ་དབུལ་ཕོངས་ཀྱིས་གདུངས་པ་རྣམས་ལ་སྦྱིན་ནོ། །མདུན་དུ་ཟས་སྐོམ་བདུད་རྩིའི་ཆར་ཆེན་པོ་བབས་པས་ལུས་(༢༠བ)


GLG011_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་ཕན་པ་དང་བདེ་བས་ལོངས་སྤྱད་ཅིང་དགའ་བས་ཚིམ་ནས་སེར་སྣའི་སྡིག་སྒྲིབ་བྱང་ཞིང་སྡུག་བསྔལ་མཐའ་དག་དང་བྲལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རིམ་གྱིས་རྫོགས་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །མགྲོན་ཚན་བཅུ་པ་ནི། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། ཚེ་རབས་ཐོག་མ་མེད་པ་ནས་ལན་ཆགས་པའི་མགྲོན་བུ་ལོན་མ་འཁོར་བ། ཚེ་འདིར་ཡང་ཕོག་ཐུག་ཅན་དང་ཟུར་ལ་ཕོག་པ་གནོད་པར་བྱེད་ཅིང་བག་ལ་ཉལ་གྱི་གདོན་ངོས་ལ་མ་ཟིན་པ་རྣམས་ལ་སྦྱིན་ནོ། །གཏོར་མ་འདིས་ཚིམ་ནས་ལན་ཆགས་དང་ཤ་འཁོན་ཐམས་ཅད་བྱང་། བུ་ལོན་ཐམས་ཅད་ཁྱེར་ཏེ་གདུག་རྩུབ་དང་གནོད་འཚེ་ཞི་ནས་རེ་བ་སྐོང་བར་གྱུར་ཅིག །མགྲོན་ཚན་བཅུ་གཅིག་པ་ནི། རིལ་བུ་བརྒྱད་བཤམས་ལ། གཏོར་མ་རེ་ཞིང་སྐལ་པ་ཆད་པ། ཁ་ཞན་པ་དབང་ཆུང་བ། འབྱུང་པོ་གློ་བུར་དུ་ལྷགས་པ། ལྷག་མ་དང་ཤལ་ཆུ་ལ་དབང་བ་རྣམས་སྦྱིན་ནོ། །སོ་སོའི་མདུན་དུ་ཟད་མི་ཤེས་པའི་ཟས་སྐོམ་གྱིས་ཚིམ་པར་གྱུར་ཅིག །མཇུག་ཏུ་ཁ་ཟས་མི་ཐོབ་པའི་ཡི་དྭགས་རྣམས་ལ་ཆུ་སྦྱིན་པ་ནི། གོང་གི་གཏོར་ཆ་གཅིག་ཕྱིས་ཏེ་གཟན་གྱི་དྲི་ཙམ་ལ་ཡང་མེད་པར་བྱས། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་འཛིན་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་མཉམ་པའི་སྟབས་ཀྱིས་བཞེངས་པར་བསམ། ཨོཾ་ཨཱཿཧཱུཾ་གིས་ཆུ་བྱིན་གྱིས་བརླབ། ཕྱག་གཡས་པའི་སྟེང་གི་བུམ་པ་བདུད་རྩིས་ཡོངས་སུ་གང་བ་ནས་ཆུའི་རྒྱུན་མི་ཆད་པར་བྱིན་པས་ཁ་འབར་མ་དང་འཇུར་གེགས་ལ་སོགས་པའི་ཡི་དྭགས་ཀྱི་ཚོགས་(༢༡ན)


GLG011_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཚིམ་པར་བསམ་ཞིང་། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་མང་དུ་བརྗོད། མཐར་ཨོཾ་ཨཱཿཧཱུཾ་གིས་ཁ་ལ་མེ་འབར་མ་སོགས་ལ་ཆུ་སྦྱིན། ཡང་ཆུ་ཐིགས་རེ་ཕྱིར་འབོ་ཞིང་སེ་གོལ་གཏོགས་ཏེ། ཨོཾ་ཛཱ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿ སྭཱཧཱས་འཇུར་གེགས་ལ་བྱིན་ནས། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། ཡི་དྭགས་རྣམས་ནི་ཚིམ་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཆུའི་སྦྱིན་པ་འདི་ལ་བརྟེན་ནས་ཁ་འབར་མ་དང་འཇུར་གེགས་ལ་སོགས་ཏེ་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ཀྱི་མདུན་དུ་ཟས་སྐོམ་ལོངས་སྤྱོད་ཀྱི་ཚོགས་ཆེན་པོས་ཚིམ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས་པར་གྱུར་ཅིག །ཅེས་བརྗོད། འཇིག་རྟེན་པའི་མགྲོན་རྣམས་ལ་རྟེན་འབྲེལ་སྙིང་པོ་དང་སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་ཀྱིས་ཆོས་སྦྱིན་པ་བྱ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ནས་གནོད་པ་མ་བྱེད་ཅིག་གི་བར་གཏོང་། ཡིག་བརྒྱ་བརྗོད། མ་འབྱོར་བ་དང་ཉམས་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། སརྦ་ལོ་ཀ་བྷཱུ་ཏ་གཙྪ་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམས། བདག་གི་བསམ་པའི་སྟོབས་དང་ནི། དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་བྱིན་པ་ཡིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །གཞན་ཡང་སྨོན་ལམ་ཤིས་བརྗོད་ཅི་རིགས་བྱའོ། །དེ་ཡང་མཁས་རློམ་འདྲའི་ངག་བགྲོས་སུ་མཉམ་མེད་ཇོ་བོ་ཆེན་པོ་ལུགས་ཀྱི་བརྒྱ་རྩ་ཡོད་པར་གྲགས་ཀྱང་། ཇོ་བོའི་གསུང་ངོ་མ་མི་སྣང་ཞིང་། དགེ་བའི་བཤེས་གཉེན་(༢༡བ)


GLG011_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཏོ་བ་ནས་བརྒྱུད་པའི་ཁ་འབར་མའི་ལུགས་ལ་མགྲོན་རྣམས་ཕྱོགས་ཙམ་འདྲ་ནའང་བརྒྱ་རྩའི་གསལ་ཁ་མེད། །སྤྱན་སྔ་བ་ལུགས་ཀྱི་བརྒྱ་རྩ་ནི་ཡུལ་ཡི་དྭགས་འབའ་ཞིག་ལ་བྱ་བར་གསུངས་པས་དེ་དག་གི་ཁུངས་མཆོད་པས་རྣ་ཐོས་འདྲ་ཞིང་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་ཆོས་སྤྱོད་རྣམ་མཁྱེན་དུ་བགྲོད་པའི་བདེ་ལམ་དུ། གཏོར་མ་བརྒྱ་རྩ་གཏོང་ཐབས་ནི་སྤྱིར་ཁ་འབར་མའི་གཟུངས་རྣམ་པ་གཉིས་ལ་བརྟེན་ནས་མཛད་ཅིང་གཟུངས་ནི། དཀོན་ཅོག་གསུམ་ལ་ལྷ་བཤོས་འབུལ་བ་ལ་གཟུངས་ཉི་ཤུ་རྩ་གཅིག །དྲང་སྲོང་ལ་གཏོར་མ་འབུལ་བ་དང་ཡི་དྭགས་ལ་གཟུངས་བདུན་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ་གཏོར་མ་སྦྱིན་པར་གསུངས་པ་མ་གཏོགས་པ། བརྒྱ་རྩ་སྟོང་རྩའི་གྲངས་ངེས་དང་མགྲོན་གྱི་རིམ་པའི་གསལ་ཁ་གསུངས་པ་མེད་ཅིང་བོད་རྣམས་ཀྱིས་གྲངས་ངེས་དང་མགྲོན་གྱི་རིམ་པའི་རྣམ་གཞག་མི་འདྲ་བ་མང་དུ་མཛད་ནའང་ཞེས་པའི་ཚིག་ལ་དཔགས་ན་ཡང་ཇོ་བོ་ཆེན་པོ་རྒྱ་གར་གྱི་པཎྜི་ཏ་ཡིན་པས་དོན་གྱིས་ཁེགས་པར་སྣང་མོད། རྒྱ་གར་དུ་སྲོལ་ཇི་ལྟར་ཡང་བྱང་སེམས་ཟླ་བ་རྒྱལ་མཚན་ཐུགས་རྗེ་ཆེན་པོས་དངོས་སུ་རྗེས་སུ་བཟུང་བས་འཕགས་པའི་གསུང་བཞིན་བླ་མ་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲངས་ཏེ་རྗེ་བཙུན་ཆེན་པོས་མཛད་པས་སོམ་ཉིའི་ཡུལ་མིན་ནོ། །བརྒྱ་རྩའི་འགོར་ཛམ་བྷ་ལ་དབང་བར་དོ་སོགས་ཀྱི་ཆུ་སྦྱིན་སྦྱར་བ་འགལ་བ་མེད་ཀྱང་མེད་དུ་མི་རུང་བའི་ཡན་ལག་མིན་པས་ཟོར་ཡངས་པའི་ཆེད་དུ་མ་བཀོད་ཅིང་རང་གཞན་གྱི་བླ་མ་མང་པོའི་ཡིག་ཆར་མགྲོན་ཚན་ལ་བར་དོ་བསྣན་པའི་བཅུ་གཉིས་སུ་མཛད་པ་ཕན་ཡོན་ལས་འགལ་བ་ཆེར་མི་སྣང་མོད། འོན་ཀྱང་རྗེ་བཙུན་ཆེན་པོས་མཛད་པའི་ཡིག་ཆ་ལ་བརྒྱ་རྩ་བརྒྱད་དུ་གསུངས་པ་དང་(༢༢ན)
རང་ཚིག་དངོས་སུ་འགལ་བས་ཧ་ཅང་གུ་ཡངས་དང་འཐོལ་དུ་འགྲོ་བར་སེམས་སོ། །དེ་ལྟར་བྱ་སླ་དོན་ཆེ་འདི་དང་ཕྱིའི། །མ་སྨད་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །རིས་མེད་ཀུན་ལ་མཆོད་སྦྱིན་མུ་ཐི་ལའི། །འཁྲི་ཤིང་འཛད་པ་མེད་པ་ནམ་མཁའ་མཛོད། །ཚུལ་འདི་འཆི་མེད་འོད་གསལ་འཁོན་གྱི་རིགས། །འཇམ་མགོན་གོས་དཀར་ཟོལ་གྱིས་རྡོ་རྗེ་འཛིན། །རྗེ་བཙུན་ཆེན་པོ་གསུང་རབ་པི་ཝང་རྒྱུད། །འཁྲུལ་མེད་སོར་རྩེས་བསྐུལ་བའི་སྒྲ་དབྱངས་སྙན། །མཐའ་ཡས་བསོད་ནམས་ཕུང་པོར་བརྩེགས་པའི་རྡུལ། །བྱེ་བ་ཕྲག་བརྒྱའི་གྲངས་ཀྱིས་གཞལ་མིན་པ། །ཡིད་ཅན་མ་ལུས་ཐར་པའི་ཐེམ་སྐས་ལ། ཁྲིད་ནས་རྣམ་མཁྱེན་ཐོབ་པའི་རྒྱུ་རུ་བསྔོ། །དེ་ཡང་སྔོན་ཆད་བརྒྱ་རྩའི་ཆོག་སྒྲིགས་བཀོད་པ་ལེ་ཚན་གཞན་ངོ་མ་བཟློག་པར་དཔེ་ཧྲུལ་དང་ངག་རྒྱུན་འདྲ་ལ་ཡིད་བརྟན་དུ་བཟུང་བ་མུན་པའི་མདའ་འཕེན་དུ་མཐོང་ནས་བློ་ཁ་མ་ཁེངས་པར་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་གསུང་གི་བདུད་རྩི་མྱངས་པས་རིགས་མི་འདྲ་བའི་ཕྱི་གཏོར་གྱི་རྣམ་གཞག་མང་པོ་ཁོང་དུ་ཆུད་པར་བྱས་ཏེ་འབྲི་འདུན་རིམ་གྱིས་ལུས་པ། ཉེ་ཆར་གཏོར་མ་བརྒྱ་རྩའི་རིམ་པ་མུ་ཐི་ལིའི་འཁྲི་ཤིང་ཞེས་པ་འདི་ནི་དོན་གཉེར་ཅན་མང་པོས་ཡང་བསྐུལ་ཞིང་། ཁྱད་པར་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དོན་གཉེར་ཆེན་པོས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བཎྡྷེས་ལྕགས་ཕག་ཧོར་ཟླ་བཅུ་གཉིས་པའི་དམར་ཆའི་བཟང་པོ་གསུམ་པར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པའོ། །

གཏོར་མ་བརྒྱ་རྩ་ཕན་བདེའི་སྒོ་འབྱེད།


GLG011_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་པདྨས་རྗེས་བཟུང་ཟླ་རྒྱལ་གྱི། །ཞལ་ལུང་འཇམ་མགོན་གྲགས་པ་རྒྱལ་མཚན་ཞབས། གསུང་བཅུད་སྙིང་པོ་འཁྱེར་བདེར་རབ་དྲིལ་ནས། །བརྒྱ་རྩའི་ལག་ལེན་ཉུང་ངུ་རྣམ་གསལ་འབྲི། །དེ་ལ་(༢༢བ)


GLG011_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྗེ་བཙུན་རིན་པོ་ཆེའི་གསུང་རབ་ལས་བྱུང་བ་ལྟར་ཟན་སུམ་མཚན་གསུམ་དང་ཉིས་ཚན་གཅིག་ཏུ་བཅད་པའི་དང་པོ་བཅུ་ལ་རིལ་བུ་བཅུ་རེ་དང་ཕྱི་མ་ལ་བརྒྱད་བྱས་པ། འབྱོར་ན་དཀར་གསུམ་མངར་གསུམ་བཟང་སྨན་སྣ་ཚོགས་རིན་པོ་ཆེ་བསྲེ། ཆུ་བུམ་ཏིང་ཤགས་གྱིས་མཚོན་པ་འདུ་བགྱིས། ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། གཏོར་ཆ་བཀྲམ་པ་ཆུས་འགེང་ཞིང་གྲུབ་ན་ཞལ་ཟས་ཤིག་བཤམ། སྟན་བདེ་བར་འཁོད་ནས་སྐྱབས་སེམས་ནི་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་བརྗོད། ཚད་མེད་བཞི་བསྒོམ། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་འཛིན་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་མཉམ་པའི་སྟབས་ཀྱིས་བཞེངས་པར་བསམ། མཆོད་པ་ནི། ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཛཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། སྭབྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། །ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པདྱཾཨཱཿཧཱུཾ། ཨོཾ་བཛྲ་པཥྤེ་ཨཱཿཧཱུཾ་ནས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ་གི་བར་དང་། ཨོཾ་བཛྲ་དྷརྨཱ་པ་ཎི་ཏ་སོགས་བརྗོད། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཆོད་པ་དང་སྦྱིན་པའི་ཡུལ་དུ་གྱུར་པ་ཐམས་ཅད་བཛྲ་ས་མ་ཛཿས་ཕྱག་རྒྱ་དང་བཅས་སྤྱན་དྲངས་། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་དབུལ། (༢༣ན)


GLG011_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། ཕྱག་བྱ། མགྲོན་ཚན་དང་པོ་ནི། གཏོར་ཆ་ལྔའི་ཆུ་རྣམས་བཤམས་ནས། ཟན་གཉིས་གཉིས་བླུག་པར་ཆབ་སྦྲན་པ་འོག་མ་བཅུ་ལ་འགྲེ། གཏོར་མ་བརླབ་པ་ནི་ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་འདོད་ཡོན་ལྔ་ལྡན་གྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ན་མཿ སརྦ་ཏ་ཐཱ་ག་ཏ་སརྦ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། རྒྱ་ཆེན་སྔགས་འདི་གསུམ་བདུན་ཉེར་གཅིག་གང་རུང་དང་གཏོར་བརླབ་འོག་མ་རྣམས་ལ་སྦྱར་ཞིང་ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད་པ་མགྲོན་རིགས་དྲུག་ལ་འགྲེ། འཇུག་པ་བདེ་བར་འདོད་ན་མ་བྱས་ཀྱང་ཆོག །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སློབ་མར་བཅས་པ་རྣམས་ལ་འབུལ་ལོ། །བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་གྱི་དངོས་གྲུབ་སྩལ་དུ་གསོལ། །གཉིས་པ་ནི། མཁའ་འགྲོ་སྡེ་ལྔ། ནང་གི་དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ། ཕྱིའི་མགོན་པོ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ། གཙུག་ལག་ཁང་དང་དགོན་གནས་སྐྱོང་བར་བྱེད་པའི་ལྷ་ཀླུ་འབྱུང་པོའི་ཚོགས་ལ་འབུལ་ལོ། །བསྟན་འགྲོའི་ཕན་བདེ་དང་བདག་སོགས་འཁོར་བཅས་ལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། གསུམ་པ་ནི། ལྷན་ཅིག་སྐྱེས་པའི་ལྷ་དང་ནོར་ལྷ་སོགས་བདག་ཅག་འཁོར་བཅས་སྲུང་སྐྱོབ་མཛད་པ་རྣམས་ལ་འབུལ་ལོ། །ནད་དང་དབུལ་ཕོངས་ཀྱི་འཇིགས་པ་མེད་པ་དང་ཚེ་དཔལ་རྒྱས་པ་མཛད་དུ་གསོལ། བཞི་པ་ནི། ལྷན་ཅིག་སྐྱེས་པའི་ལྷ་དང་གནོད་སྦྱིན་ནོར་ལྷ་སོགས་སྲུང་སྐྱོབ་མཛད་པ་པོ་རྣམས་ལ་འབུལ་ལོ། །ནད་གདོན་དབུལ་ཕོངས་ཞི་བ་དང་ཚེ་དཔལ་འབྱོར་བ་རྒྱས་པའི་འཕྲིན་ལས་མཛོད་ཅིག །ལྔ་པ་ནི། འཛམ་(༢༣བ)


GLG011_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གླིང་གཞིའི་བདག་པོ་རྣམས་དང་ཁྱད་པར་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས། སྒོས་དབུས་གཙང་རུ་བཞི། བྱེ་བྲག་ཡུལ་ཕྱོགས་འདི་ཉིད་དུ་གཉུག་མར་གནས་པའི་སྡེ་བརྒྱད་མཐུ་བོ་ཆེ་རྣམས་ལ་འབུལ་ལོ། །འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ་ནད་རིམས་དབུལ་ཕོངས་འཐབ་རྩོད་ཞི་བའི་འཕྲིན་ལས་མཛོད་ཅིག །དྲུག་པ་ནི། གནོད་སྦྱིན་གྱི་སྡེ་དཔོན་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །སེམས་ཅན་གྱི་སྲོག་དང་གཟི་མདངས་འཕྲོག་པ་སོགས་གནོད་འཚེའི་བསམ་པ་ཞི་ཞིང་ཁྱད་པར་བདག་ཅག་འཁོར་བཅས་ཀྱི་འགལ་རྐྱེན་ཞི་བ་དང་མཐུན་རྐྱེན་བསམ་དོན་སྒྲུབ་པར་མཛད་དུ་གསོལ། བདུན་པ་ནི། གོང་གི་བྱིན་རླབས་ཀྱིས་བདུད་རྩིར་བསྒྱུར་བ་མ་ཟད་མཁོ་དགུའི་ཡོ་བྱད་དུ་མོས་ནས་རྒྱ་ཆེན་གྱི་སྔགས་ཀྱིས་ཀྱང་གང་འདོད་ཀྱི་ལོངས་སྤྱོད་ཐོབ་པར་བསམ་ཞིང་། དེ་བཞིན་གཤེགས་པ་རིན་ཅེན་མང་ལ་ཕྱག་འཚལ་ལོ། །སྐུ་འཇམ་ཀླས་ལ་༝། གཟུགས་མཛེས་དམ་པ་ལ་༝། འཇིགས་པ་ཐམས་ཅད་དང་བྲལ་བ་ལ་༝། ཞེས་པ་འདི་མན་ལ་སྦྱོར། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་རིམས་ཀྱི་བདག་མོ་སོགས་གནོད་བྱེད་གདོན་བགེགས་ཀྱི་ཚོགས་ལ་སྦྱིན་ནོ། །བདག་སོགས་སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བའི་བསམ་པ་སྤོངས་ལ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །བརྒྱད་པ་ནི། རིགས་དྲུག་གི་སེམས་ཅན་རྣམས་ལ་སྦྱིན་ནོ། །དེས་ཚིམ་སྟེ་རིགས་དྲུག་སོ་སོའི་བུ་ལོན་ལན་ཆགས་འཁོར་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །དགུ་པ་ནི། ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མས་གཙོ་བྱས་ཕྱི་ནང་ཟས་(༢༤ན)


GLG011_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་མེ་ལྕེའི་སྒྲིབ་པ་ཅན་སོགས་ཡི་དྭགས་ཐམས་ཅད་ལ་སྦྱིན་ནོ། །ཟས་སྐོམ་བདུད་རྩིའི་ཆར་ཆེན་པོ་བབས་པས་ཚིམ་ནས་སེར་སྣའི་སྒྲིབ་པ་དང་བྲལ་ཏེ་མྱུར་དུ་སངས་རྒྱས་ཐོབ་པར་གྱུར་ཅིག །བཅུ་པ་ནི། བདག་ཅག་འཁོར་བཅས་ལ་ཚེ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་མགྲོན་ལན་ཆགས་བུ་ལོན་མ་འཁོར་བ། ཚེ་འདིར་ཡང་ཕོག་ཐུག་བྱུང་བ་སོགས་གདོན་ངོས་མ་ཟིན་པ་རྣམས་ལ་སྦྱིན་ནོ། །གཏོར་མ་འདིས་ལན་ཆགས་ཤ་འཁོན་བྱང་། གདུག་རྩུབ་ཞི་ནས་རེ་བ་སྐོང་བར་གྱུར་ཅིག །བཤལ་ཆུས་བཏང་བ་སྣོད་ཅིག་ཏུ་དྲལ་ལྷག་མ་བཞིར་རིལ་བུ་བརྒྱད་བཤམས་ལ། གཏོར་མར་རེ་བ་གཞན་དབང་ཆུང་སྐལ་བ་ཆད་པ། གློ་བུར་ལྷགས་པ། ལྷག་མ་དང་བཤལ་ཆུར་དབང་བ་རྣམས་ལ་སྦྱིན་ནོ། །སོ་སོའི་མདུན་དུ་ཟད་མི་ཤེས་པའི་ཟས་སྐོམ་གྱིས་ཚིམ་པར་གྱུར་ཅིག །འདིར་ཁ་ཟས་མི་ཐོབ་པའི་ཡི་དྭགས་རྣམས་ལ་ཆུ་སྦྱིན་པ་ནི། །གཏོར་ཆ་གཅིག་ཕྱིས་ཏེ། ཟན་གྱི་དྲི་ཙམ་ཡང་མེད་པར་བྱས། ཆུ་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། སྤྱན་རས་གཟིགས་ཀྱི་ཕྱག་གཡས་ཀྱི་བུམ་པ་བདུད་རྩིས་ཡོངས་སུ་གང་བ་ནས་ཆུའི་རྒྱུན་མ་ཆད་པར་བྱིན་པས་ཁ་འབར་མ་ལ་སོགས་པའི་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ཚིམ་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། མང་དུ་བརྗོད། ཨོཾ་ཨཱཿཧྲཱིཿཧཱུཾ་གིས་ཁ་ལ་མེ་འབར་མ་སོགས་ལ་ཆུ་སྦྱིན། ཆུ་ཐིགས་ཤིག་ཕྱིར་འབོ་ཞིང་སེ་གོལ་གཏོགས་ཏེ། ཨོཾ་ཛཱ་ལ་མི་དཱཾ་སརྦ་པྲེ་ཏེ་བྷྱཿསྭཱཧཱས་འཇུར་གེགས་ལ་བྱིན་ནས། འཕགས་པ་སྤྱན་རས་གཟིཊ་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ནས། ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཆུའི་སྦྱིན་པ་འདི་ལ་བརྟེན་ནས་ཁ་འབར་མ་དང་འཇུར་གེགས་ལ་སོགས་ཏེ་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ཀྱི་མདུན་དུ་ཟས་སྐོམ་ལོངས་སྤྱོད་ཀྱི་ཚོགས་(༢༤བ)


GLG011_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཚིམ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས་པར་གྱུར་ཅིག །འཇིག་རྟེན་པའི་མགྲོན་རྣམས་ལ་རྟེན་འབྲེལ་སྙིང་པོ་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཆོས་སྦྱིན་བྱ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། མཚོན་ཆས་མི་འཇིགས་གང་ཡང་མེད། འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། འཚོ་བའི་ཟས་ལ་ཀུན་ཀྱང་འདུ། རང་གི་ལུས་ལ་དཔེ་ལོངས་ལ། གཞན་ལ་གནོད་པར་མ་བྱེད་ཅིག་གི་བར་དང་། ཡིག་བརྒྱ་བརྗོད། མ་འབྱོར་བ་དང་ཉམས་པ་དང་། །སོགས་ཀྱིས་ནོངས་པ་བཟོད་པར་གསོལ། །མཐེབ་སྲིན་གྱིས་སེ་གོལ་དང་བཅས་བཛྲ་མུཿས་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སརྦ་ལོཀ་བྷཱུ་ཏ་གཙྪ་ཞེས་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་སྦྱིན་པ་ཡིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་དང་། བསྔོ་བ་སྨོན་ལམ་ཤིས་བརྗོད་ཅི་རིགས་བྱའོ། དེ་ལྟར་གཏན་པ་མེད་པའི་མཆོད་སྦྱིན་གྱིས། །མི་མཐུན་ཉེས་བརྒྱ་ཞི་ཞིང་ཚེ་དཔལ་རྒྱས། །ཡང་སྲིད་རིམ་པར་མངོན་མཐོ་ངེས་ལེགས་ལམ། བརྒྱུད་ནས་བྱང་ཆུབ་ཐོབ་བྱེད་འདི་ཀོ་མཚར། །གཏོར་མ་བརྒྱ་རྩ་ཕན་བདེའི་སྒོ་འབྱེད་ཅེས་པ་འདི་ནི་སྡེ་པ་བློ་བཟང་མཐུ་སྟོབས་ཀྱི་ཉམས་ལེན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།ཤིང་རྟ་ལོར་༧ལྔ་པའི་གསུང་པར་ཉམས་གསོས་སྐབས་གསར་བརྐོས།། །།

ཀླུ་གཏོར་བདུད་རྩིའི་འོ་མའི་ཆུ་རྒྱུན།


GLG011_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཏོར་བདུད་རྩིའི་འོ་མའི་ཆུ་རྒྱུན་བཞུགས་སོ།། (༡ན)


GLG011_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མཿལཱཎཽ་པདྨ་ཤུཀླཱ་ཡ། རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཇིག་རྟེན་དབང་། །དྲན་པས་སྲིད་ཞིའི་གདུང་སེལ་ལ་བཏུད་ནས། །གདེངས་ཅན་ཚོགས་ཀུན་དགའ་བྱེད་གཏོར་མ་ཡི། །ལས་རིམ་བདུད་རྩིའི་ཆུ་རྒྱུན་སྤེལ་བར་བྱ། །དེ་ཡང་ཀླུ་གཏོར་གྱི་རིམ་པ་འདི་ལ་ལོ་རྒྱུས་དང་། གདམས་པ་དངོས་གཉིས་ལས། དང་པོ་ནི། སྔོན་དཔལ་རྒ་ལོས་དུར་ཁྲོད་བསིལ་བའི་ཚལ་དུ་དུག་ཤིང་ལ་སྐུ་རྒྱབ་བརྟེན་ནས་ཐུགས་དམ་མཛད་པས། དུག་སྦྲུལ་གྱིས་བསྡམས་ཏེ་སྙུན་ནད་དྲག་པོས་ཐེབས་པ་ན། དཀོན་ཅོག་ལ་སྐྱབས་འགྲོ་མཛད་པས་ཇོ་བོ་ཁ་སར་པཱ་ཎི་ཞལ་གཟིགས་ནས་གདམས་པ་འདི་གནང་བ་ཐུགས་ཉམས་སུ་བསྟར་བས་དེ་མ་ཐག་ཏུ་སྐུ་ཁམས་བདེ་བར་གྱུར། བླ་མ་བོད་དུ་འབྱོན་པར་ཆས་པས་ཀླུ་རྣམས་ཀྱིས། ཁྱེད་ཀྱི་གཏོར་མས་ངེད་ཚོའི་ལུས་སྣད་པ་རྣམས་གསོས་ཤིང་ཕན་པ་རྒྱ་ཆེན་པོ་བྱུང་བས་བཞུགས་པར་གསོལ་བ་བཏབ། དེ་ལ་བརྟེན་སླར་བོད་དུ་ཕེབས་སྐབས་ཀྱང་གཏོར་མ་འདི་དར་བར་མཛད་པས་ཆར་ཆུ་དུས་སུ་འབབ་པ་སོགས་བཀྲ་ཤིས་དགེ་མཚན་གྲངས་མེད་པ་(༡བ)


GLG011_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །དེས་ཞང་མཚལ་པ་ལ་གནང་ཞིང་། །རྩ་བའི་བླ་མ་བར་དུ་དར་རྒྱས་སུ་བཞུགས་པའོ། །གཉིས་པ་ལ་གདམས་པ་དངོས་ལ་བཙས་བཤམས་པ་དང་། བསྔོ་བ་གཉིས་ལས་དང་པོ་ནི། དཀར་གསུམ་དང་མངར་གསུམ་ཟན་དང་སྦྱར་བ་ལ་ཀླུ་སྨན་གཞན་རྣམས་ཀྱང་བསྲེས་པའི་རིལ་བུའམ་ཆང་བུ་གང་རུང་། ཆུ་གཙང་དང་འོ་མ་བསྲེས་པ་ལ་ཀླུ་སྨན་བཏབ་པ། རྒྱས་པར་སྤྲོ་ན་མདུན་དུ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཀླུ་གཟུགས་བཀོད། གཏོར་སྣོད་སོ་སོར་ཀླུ་སྨན་རྣམས་མ་འདྲེས་པར་སྤྱན་གཟིགས་ཀྱི་ཚུལ་དུ་བཤམས། རང་ཉིད་ཁྲུས་དང་གཙང་སྦྲ་དང་ལྡན་པས་ཤ་ཆང་སྒོག་བཙོང་སོགས་སྤངས་ཏེ། ཁ་བྱང་ཤར་ལ་བལྟ་བས་སྟན་བདེ་བ་ལ་འདུག་སྟེ་ཉམས་སུ་བླང་བར་བྱའོ། །གཉིས་པ་དངོས་གཞི་ནི་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། །སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་བྲག་གསེར་གྱི་བྱ་སྐྱིབས་ཁ་བྱང་ཤར་དུ་ལྟ་བའི་ནང་དུ། །པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་ཡི་གེ་ཧྲཱིཿ དཀར་པོ་ལས་འོད་འཕྲོས། (༢ན)


GLG011_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཇོ་བོ་ཁ་སར་པཱ་ཎྀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་གཡོན་པདྨའི་རྩ་བ་ཐུགས་ཀར་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་གྱིས་སྤྲས་པ། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་གསུམ་ག་ཧྲཱིཿ དཀར་དམར་མཐིང་ཁས་སོ་སོར་བསྐོར་བ། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ་ས་བསྟིམ། ཀླུ་མཆོད་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྦྱངས། གཏོར་མ་ཆབ་སྨན་རྣམས་སྟོང་པར་གྱུར། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་རྣམས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཀླུ་རྣམས་ཚིམ་ཞིང་ནད་ཀུན་གསོ་བའི་བདེ་བ་སྐྱེད་པར་བྱེད་ལས་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུཾ་དང་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རང་གི་མདུན་དུ་རིན་པོ་ཆེའི་བྲག་གསེར་གྱི་བྱ་སྐྱིབས་ཅན་གྱི་འོག་ཏུ། མཚོ། རྫིང་ལྟེང་ཀ །ཆུ་མིག །ཁྲོན་པ། འབབ་ཆུ། ནེའུ་གསིང་། སྤང་ལྗོངས། སྐྱེད་ཚལ་ཁང་བཟང་སོགས་ཉམས་དགའ་བའི་ནང་དུ་ཀླུ་རྒྱལ་ཝ་རུ་ཎས་གཙོ་བྱས། ཀླུ་ཆེན་བརྒྱད་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན། །རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཀླུ་རིགས་གྲངས་མེད་པའི་འཁོར་གྱི་བསྐོར་(༢བ)


GLG011_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཀླུ་རྒྱལ་ཝ་རུ་ཎ་ལ་ཀླུ་ཆེན་བརྒྱད་། གཞན་ཡང་འཇིག་རྟེན་ཁམས་ཀྱི་ཀླུ་དང་ས་བདག་ཐམས་ཅད་ཟླ་བའི་གདན་ལ་རླུང་གིས་བསྐྱོད་དེ་འུར་སྒྲ་དང་བཅས་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོསཿབསྟིམ། ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། རྟ་མགྲིན་དབང་གི་བྱིན་རླབས་ཀྱིས། །གཙོ་བོ་ཀླུ་ཆེན་བརྒྱད་པོ་དང་། །རྒྱལ་རིགས་རྗེ་རིགས་དམངས་རིཊ་དང་།བྲམ་ཟེ་གདོལ་པ་ལ་སོགས་པ། །རི་རབ་རྩེ་དང་རྒྱ་མཚོའི་གཏིང་། །སྟེང་འོག་ཕྱོགས་མཚམས་གང་གནས་ཀླུ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ས་མ་ཡ་ཧཱུཾ་ཛཿ་ཛཿ་ཛཿཧཱུཾ་བཾ་ཧོཿརང་རང་དགྱེས་པ་སྐྱེད་ནུས་པའི། །ཡིད་ཀྱིས་སྤྲུལ་པའི་གནས་མཆོག་འདིར། །པདྨའི་གདན་ལ་རབ་བཞུགས་ནས། །མཆོད་པའི་ཚོགས་རྣམས་བཞེས་སུ་གསོལ། ན་མཿསརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་བདུན་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་ཡི། །ཕྱག་སོར་རྩེ་ལས་བདུད་རྩིའི་རྒྱུན་བབས་པ། །མཆོད་པའི་ཚོགས་དང་ལྷན་ཅིག་འདྲེས་པ་དེ། །ཀླུ་དང་ས་བདག་རྣམས་ཀྱིས་ལོངས་སྤྱོད་གྱུར། །ཅེས་བརྗོད་ཅིང་དོན་བསམ་ནས། མ་ཧཱ་ནཱ་ག་ཨདྷི་པ་ཏ་ཡེ་གྲཾཧྣེ་དཾ་ཨརྒྷཾ་སྭཱ་ཧཱ། པུཥྤཾ། དྷཱུ་པཾ། གནྷི་བཅུག །ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱ། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་ཧཱུཾ་སྭཱ་ཧཱ། ཨོཾ་བཱ་སུ་ཀེ་མཾ་སྭཱཧཱ་བརྒྱ་རྩ་དང་། ན་མཿསརྦྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭམུཁེ་བྷྱཿསརྦཏདྦཾ་ཨུངྒ་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ་ཞེས་པ་དང་། ནཱ་(༣ན)


GLG011_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ག་རཱ་ཛ་ས་པཱ་རི་ཝཱ་ར་ཨ་མྲྀ་ཏ་ད་ཀ་པཱུ་ཛ་ཏེ་ཨཱཿཧཱུཾ་ཞེས་པ་ལན་གྲངས་མང་པོར་བརྗོད་ཅིང་བསྔོས་པས། ཀླུ་རྣམས་ཚིམ་པས་དངོས་གྲུབ་སྟེར་ཞིང་དགའ་བས་རང་ལ་འདུད་ཅིང་བསྐོར་བར་བསམ་ལ་ཚིགས་བཅད་ཀྱིས་བསྔོ་ཞིང་སྨོན་ལམ་གདབ་པ་ནི། ཝ་རུ་ཎ་སོགས་ཀླུ་ཆེན་བརྒྱད་པོ་དང་། ས་བདག་ཀླུ་ཡི་རིགས་སུ་གྱུར་པ་ལ། །ག་བུར་ཛ་ཏིས་དབུགས་ཉམས་སོས་གྱུར་ཅིག །གུར་ཀུམ་ཙན་དན་དྲི་ངད་བཟང་གྱུར་ཅིག །དབང་པོ་ལག་པས་ཡན་ལག་སོས་གྱུར་ཅིག །ཆུ་སྲིན་སྡེར་མོས་སེན་མོ་སོས་གྱུར་ཅིག །དཀར་དམར་མཚལ་གྱིས་ཁྲག་ཉམས་སོས་གྱུར་ཅིག །དུང་གིས་རུས་པ་ཉམས་པ་སོས་གྱུར་ཅིག །གཟི་ཡིས་མིག་འབྲས་ཉམས་པ་སོས་གྱུར་ཅིག །རྒྱ་དར་དམར་པོས་ལྕེ་ཉམས་སོས་གྱུར་ཅིག །ཟི་ཧུན་རས་སྐུད་རྩ་ཉམས་སོས་གྱུར་ཅིག །སྙིང་གི་ཞོ་ཤས་དོན་སྙིང་སོས་གྱུར་ཅིག །སླ་གོང་ཞོ་ཤས་ཤ་ཉམས་སོས་གྱུར་ཅིག །མཁལ་མ་ཞོ་ཤས་མཁལ་ཉམས་སོས་གྱུར་ཅིག །པུ་ཤེལ་རྩེ་ཡིས་རྩ་ཉམས་སོས་གྱུར་ཅིག །རྨ་བྱའི་མདོངས་ཀྱིས་མདོག་ཉམས་སོས་གྱུར་ཅིག །སྦྲུལ་གྱི་ཤུན་པས་པགས་ཉམས་སོས་གྱུར་ཅིག །ཐང་ལོ་སྨྱུག་ལོས་སྐྲ་ཚོགས་སོས་གྱུར་ཅིག །རྡོ་རྒྱུས་དག་གིས་རྒྱུས་འཁུམས་སོས་གྱུར་ཅིག །གུ་གུལ་དཀར་པོས་ཚིལ་ཉམས་སོས་གྱུར་ཅིག །བུ་རམ་ཀ་རས་རོ་མཆོག་མྱོང་གྱུར་ཅིག །མེ་ཏོག་ཤིང་ཏོག་ལུས་ཀུན་མཛེས་གྱུར་ཅིག །རིན་པོ་ཆེ་ཡིས་ཚེ་དཔལ་རྒྱས་གྱུར་ཅིག །རྒྱ་མཚོ་ལྦུ་བས་རྐང་མར་སོས་གྱུར་ཅིག །ནཱ་ག་པདྨས་རྣ་དབང་སོས་གྱུར་ཅིག །(༣བ)


GLG011_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སླེ་ཏྲེས་ལི་ཤི་སུག་སྨེལ་དང་། །ཟི་ར་དཀར་ནག་ཨུཏྤལ་སྔོན་པོ་དང་། །ཨ་རུ་ར་དང་སྤང་སྤོས་ཏིལ་དཀར་ནག །ཐལ་ཀ་རྡོ་རྗེ་སོ་མ་ར་ཛ་དང་། །རྒུན་འབྲུམ་ཤིང་མངར་སྦྲང་རྩི་དར་ཟབ་ཚོགས། །དཀར་གསུམ་གྱིས་མཛེས་མཆོད་སྦྱིན་གཏོར་མ་དང་། །མངར་གསུམ་གྱིས་བྲན་འོ་མའི་རྒྱ་མཚོ་སོགས། །ཀླུ་རྣམས་དགའ་བའི་མཐུན་པའི་རྫས་རྣམས་ཀྱིས། །སོ་སོའི་རེ་བ་ཡོངས་སུ་སྐོང་གྱུར་ཅིག །ནང་གི་དོན་སྣོད་ཕྱི་ཡི་ཤ་ལྤགས་རུས། སྐྲ་སེན་བཀྲག་མདངས་རྩ་རྒྱུས་ཉམས་པ་དང་། གཞོགས་བསྐམས་ཞ་འོན་ལྐུགས་སོགས་སྡུག་བསྔལ་གྱི། །འཇིགས་པ་ཀུན་ལས་ཀླུ་རྣམས་ཐར་གྱུར་ཅིག །བྱེ་ཚན་མཁའ་ལྡིང་མེ་དང་ཐོག་ལ་སོགས། །གནོད་པ་ཀུན་བྲལ་སྦྲུལ་མགོའི་གདེངས་ཀ་ལྡན། །རིན་ཅེན་བྲག་སྐྱིབས་མཚོ་རྫིང་ཆུ་མིག་དང་། །ནེའུ་གསེང་སྐྱེད་ཚལ་རྣམས་དང་ལྡན་གྱུར་ཅིག །མདོར་ན་ལུས་དང་སེམས་ལ་བདོ་བ་དང་། །དགའ་སྐྱིད་མ་ལུས་ཚོགས་ཀུན་འབྱུང་གྱུར་ཅིག །དེ་ལྟར་ཀླུ་རྣམས་སྨན་གྱིས་ལེགས་གསོས་ཤིང་། བཟང་པོའི་སྨོན་ལམ་བཏབ་པ་འདི་ཡི་མཐུས། །བདག་སོགས་འགྲོ་བ་སེམས་ཅན་མ་ལུས་པ། མཐོང་རེག་བསམ་དང་ཁ་རླངས་སྦྱོར་བ་ཡི། །ས་བདག་ཀླུ་ཡི་དུག་ཀུན་ཞི་བར་མཛོད། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀས་གནང་བའི། །འདོད་ཡོན་ལྔ་ལྡན་གཏོར་མ་འདི་བཞེས་ལ། །ལན་ཆགས་འཁོར་ཞིང་ཤ་འཁོན་མ་ལུས་བྱང་། །འཇིག་རྟེན་ཁམས་སུ་ཆར་ཆུ་དུས་འབབ་ཅིང་། ལོ་ཕྱུགས་སྨན་དང་ནགས་ཚལ་རབ་ཏུ་རྒྱས། །འགྲོ་རྣམས་ནད་མེད་བདེ་(༤ན)


GLG011_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་ཕུན་ཚོགས་པའི། །ལེགས་པའི་ཡོན་ཏན་མ་ལུས་འགྲུབ་པར་མཛོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་སོགས་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། ཞེས་སོགས་བརྗོད། རང་གི་ལུས་ལ་དཔེ་ལོངས་ལ། གཞན་ལ་གནོད་པ་མ་བྱེད་ཅིག །ཕན་པའི་འབྲས་བུ་བདེ་བ་འབྱུང་། །གནོད་པའི་འབྲས་བུ་སྡུག་བསྔལ་འབྱུང་། །ས་བོན་ཚ་བ་རྣམ་པ་བཞིས། །འབྲས་བུ་ཚ་བ་སྐྱེད་པར་འགྱུར། །ས་བོན་མངར་བ་བཏབ་པ་ལས། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་དང་བཅས་པའི་ཆོས་བཤད་པ། །ཁྱེད་རྣམས་ཀྱིས་ནི་ཤེས་པར་གྱིས། །ཞེས་བརྗོད། །ཀླུའི་སྡིག་པ་བཤགས་པ་ནི། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨཱཿཔ་རཾ་པཱ་ར་ཎི་མེ་སརྦ་སྭཱཏཱ་ནཱ་ཉྩ་སྭཱཧཱ། ཞེས་བདུན་བརྗོད་ནས་སྨོན་ལམ་གདབ་པ་ནི། འདི་ལྟར་བགྱིས་པའི་དགེ་བའི་མཐུས། །ཀླུ་གཉན་ས་བདག་མ་ལུས་པའི། །ནད་གདོན་འཇིགས་སྐྲག་ཀུན་ཞི་ནས། །བདེ་བ་ཆེན་པོར་ལོངས་སྤྱོད་ཤོག །ཕྱི་མ་ལྷ་མིའི་ལུས་ཐོབ་ཅིང་། དམ་པའི་ཆོས་དང་མཇལ་བ་ཡིས། །སངས་རྒྱས་གོ་འཕངས་མངོན་གྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་ཤོག །གཞན་ཡང་རྨད་བྱུང་སྲས་བཅས་མ་སོགས་སྨོན་ལམ་གྱི་ཚིག་ཅི་རིགས་པར་བརྗོད། འདི་ལྟར་བདག་གིས་མཆོད་གཏོར་ཀླུ་སྨན་བདུད་རྩིའི་རྒྱ་མཚོ་ཆེན་པོ་དངོས་སུ་བཤམས་ཤིང་། ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་མ་རིག་པའི་དབང་གིས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་(༤བ)


GLG011_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ནོངས་པ་བགྱིས་པ་མཐའ་དག་བཟོད་པར་མཛོད་ལ། ཀླུ་དང་ས་བདག་ལས་བྱུང་བའི་གནོད་པ་ཐམས་ཅད་ཞི་བ་དང་ཡུལ་ཕྱོགས་འདི་དག་ཏུ་ལོ་ཏོག་ལ་ཕན་པའི་ཆར་ཆེན་པོ་འབེབས་པར་མཛད་དུ་གསོལ། བྱ་ཁྱུང་གི་ཕྱག་རྒྱ་དང་བཅས་པས། ཨོཾ་ནཱ་ག་ར་ཛ་ས་པཱ་རི་ཝ་ར་སརྦ་གཙྪཿ ཞེས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ། བདག་གི་བསམ་པའི་སྟོབས་དག་དང་། ཞེས་སོགས་དང་བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་པ་བརྗོད་པར་བྱའོ། །དེ་ལྟར་གདེངས་ཅན་ཚོགས་རྣམས་མཉེས་བྱས་ནས། །འགྲོ་བའི་ནད་ཞི་ཆར་གྱི་རྒྱུན་བཟང་པོས། །རྩི་ཤིང་ལོ་ཏོག་རྒྱས་པར་བྱེད་པའི་ཐབས། །བདུད་རྩིའི་འོ་མའི་ཆུ་རྒྱུན་འདི་ཀོ་མཚར། རྣམ་དཀར་དགེ་བའི་རླུང་གིས་ལེགས་དྲངས་པས། །ཕན་བདེའི་མ་ལ་ཡ་ཡི་དྲི་བསྲུང་གིས། །སྲིད་ཞིའི་གདུང་བ་མ་ལུས་དྲུངས་ཕྱུང་ཏེ། །འགྲོ་རྣམས་ཀུན་མཁྱེན་ཡེ་ཤེས་ཐོབ་པར་ཤོག །ཅེས་ཀླུ་གཏོར་བདུད་རྩི་འོ་མའི་ཆུ་རྒྱུན་འདི་ནི་དོན་གཉེར་ཅན་དུ་མས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡྷེས་སྦྱར།། མངྒ་ལཾ།། ཞུ་དག།(༥ན)

ཀླུ་གཏོར་རྒྱུན་ཁྱེར།


GLG011_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཏོར་རྒྱུན་ཁྱེར་བཞུགས་སོ། །


GLG011_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཅན་ཚོགས་རྣམས་དགའ་བ་བསྐྱེད་པ་ལ། །བརྟེན་ནས་འགྲོ་ལ་ཕན་བདེའི་དཔལ་སྟེར་བ། །ཚེགས་ཆུང་ཙམ་གྱིས་སྒྲུབ་ནུས་ངོ་མཚར་གཏམ། །འཁྲུལ་མེད་དམ་པའི་གསུང་རྒྱུན་འདི་ན་སྤེལ། །དེ་ཡང་གཏོར་མ་ཕྱག་ལེན་ལྟར་བཤམས། རྡོ་རྗེ་གནོད་སྦྱིན་གྱིས་ཕྱག་རྒྱས། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་པས་མ་དག་པ་བསངས། རྡོ་རྗེ་མེའི་ཕྱག་རྒྱས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷ་ཉྩ་ར་ཎ་ཧཱུཾ་ཕཊ། ཅེས་པས་གཟི་བྱིན་བསྐྱེད། རྡོ་རྗེ་བསྡམ་པའི་ཕྱག་རྒྱ། ཨོཾ་ཨ་ཁ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱདྱ་ནུ་ཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པས་རིན་པོ་ཆེའི་སྣོད་དུ་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོ་བྱད་ཀྱིས་གང་བར་བསམ། འདོད་རྒྱལ་གྱི་ཕྱག་རྒྱས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་དང་། བྱེ་བྲག་ཏུ་བདག་ཅག་ལ་གནོད་པའི་ཀླུའི་རིགས་ཐམས་ཅད་བཛྲ་ས་མ་ཛཿས་སྤྱན་དྲངས་ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིག་ལྡན་ནོ། །ལྷ་(༢ན)


GLG011_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལྷ་མོ་ཆེན་པོ་དང་། ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཅེན་འོད་དང་གཟུགས་མཛེས་དང་། གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཙི་ལི་དང་། ཙི་ལི་ཆེན་པོ་རྣམ་དག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨདྷི་པ་ཏ་ལེ་སརྦ་བྷུ་རྦྷུ་ཝ་ཕྲུཾ་ཕུ་སྭཱཧཱ། ཞེས་པས་མདུན་དུ་བྱོན་པར་བསམ་ལ། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་གྲྀ་ཧྣ་དཾ་ཨརྒྷཾ་སྭཱཧཱ། དྷཱུ་པྀ་སྭཱཧཱ། དཱི་པཾ་སྭཱཧཱ། གནྡྷཾ་སྭཱཧཱ། ཞེས་པས་མཆོད་ལ། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་དང་། ཨོཾ་ཧི་ལི་ཧི་ལི་མཧཱ་ཧི་ལི་ཕྲུཾ་བུ་སྭཱཧཱ། ཞེས་ལན་གསུམ་པ། ཨོཾབྷཀྵ་ཡ་བྷ་ཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་ཧཱུཾ་སྭཱཧཱ། ཞེས་ལན་གསུམ་ལ་སོགས་པས་ཕུལ་ནས། ཡེ་དྷ་རྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུ་ཏེཥཱ་ནྟ་ཐཱ་ག་ཏོ་ཧྱ་ཝད་ཏ། ཏེ་ཥྦ་ཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་(༢བ)


GLG011_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

མཧཱ་ཤྲ་མཎཿ སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པ་བྱིན་ལ། ཀླུའི་རྒྱལ་པོ་བརྒྱད་ཀྱིས་གཙོ་བྱས་པའི་ཀླུའི་རིགས་སུ་གྱུར་བ་ཐམས་ཅད་དང་། བྱེ་བྲག་ཏུ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། གནོད་ཅིང་ལན་ཆགས་པའི་ཀླུ་དང་ས་བདག་ཐམས་ཅད་གཏོར་མ་འདིས་ཚིམ་ཞིང་མཉེས་པར་གྱུར་ཅིག །གནོད་པ་དང་གདུག་པའི་བསམ་པ་ཞི་ཞིང་ཕན་པ་དང་ཞི་བས་བྱང་ཆུབ་ཀྱི་སེམས་ལྡན་པར་གྱུར་ཅིག་ཅེས་དང་། ཨོཾ་ནཱ་ག་ཨ་དྷི་པ་ཏ་ཡེ་གཙྪ་ཞེས་པས་གཤེགས་སུ་གསོལ། བྱ་ཁྱུང་གི་ཕྱག་རྒྱས། ཨོཾ་ག་རུ་ཌ་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། ཞེས་པས་ནག་པོའི་ཀླུ་རྣམས་བསྐྲད་པར་བསམ། བདག་གི་བསམ་པའི་སྟོབས་དང་ནི། དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་བརྗོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་སོགས་བསྔོ་སྨོན་བྱའོ། །སྤྱིར་ཀླུ་གཏོར་ནི་ཐེབས་ཡོད་མེད་ལ་ལྟོས་ན་དཔལ་ལྡན་ས་སྐྱ་བའི་ཕྱག་ལེན་གྱི་དཀར་ཆ་བཞི་པའི་ནང་གི་ཀླུ་གཏོར་འདི་རྒྱུན་དུ་མཛད་ཅིང་ཕན་ཡོན་ཆེ་བས། འཕགས་པ་རིན་པོ་ཆེ་དང་རྒྱལ་སྲས་ཐོགས་(༣ན)


GLG011_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བཟང་པོ་དཔལ་སོགས་གོང་མ་རྣམས་ཀྱིས་ཡིག་ཆ་ནས། རྗེ་ཤར་ཁང་པ་ཤེས་རབ་རྒྱལ་མཚན་གྱིས་གསལ་བར་མཛད་པའི་ཡི་གེ་ལས་ཕྱུང་སྟེ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་རྒྱུན་ཁྱེར་དུ་ཟ་ཧོར་གྱི་བནྡྷེས་བཀོད་པའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །

བསུར་ཆོག་གི་རིམ་པ་ཡིད་བཞིན་འདོད་འཇོ།


GLG011_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བསུར་ཆོག་གི་རིམ་པ་ཡིད་བཞིན་འདོད་འཇོ་བཞུགས་སོ། །(༡ན)


GLG011_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཚེགས་ཆུང་དགེ་བ་བསྒྲུབ་བློའི་ཤེལ་གྱི་ངོས། །རང་བཟོ་འབོད་སྒྲོག་གཟུགས་བརྙན་སྟོང་འཆར་ཡང་། །དངོས་དང་འདྲ་མིན་མ་འདྲེས་འབྱེད་པའི་གཏམ། །གསོང་པོར་སྨྲ་ལ་དཔྱོད་ལྡན་རྣ་བ་ལྷོགས། དེའང་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པར་ཡི་དྭགས་ལ་ཟན་སྤོས། འབྲུ་སྣ་ཚོགས་དང་བཅས་པས་བསྟན་ནས་རང་ཉིད་བཟའ་བཏུང་གང་ཡང་མ་སྤྱད་པའི་སྔོན་རོལ་ཆུ་སྦྱིན་བྱེད་པ་རྒྱ་བོད་ཀྱི་མཁས་གྲུབ་ཀུན་ལ་ཡོངས་སུ་གྲགས་ཤིང་རྗེ་བཙུན་གོང་མ་རྣམས་ཀྱིས་དཀར་ཆ་བཞིའི་ཁྲོད་ཀྱི་ཕྱག་ལེན་དུ་མཛད་པས་གྲགས་ཆེ། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་སོགས་ཚད་ལྡན་མང་པོས་ཡིག་ཆར་བཀོད་ནའང་འདི་ཉིད་བཟའ་བཏུང་གི་སྔ་རོལ་སོགས་དུས་ལ་བརྟོན་དཀའ་གནས་སུ་གྱུར་པས་ཕན་ཡོན་ལ་མ་བསམས་པར་བྱེད་མཁན་ཉུང་། དུས་ནམ་བྱུང་ལ་བན་ནམ་ཁམ་གྱི་སྐར་མ་ལྟར་བྱས་པ་རྒྱུ་མཚན་དུ་བྱས་ཏེ་མཆོག་དམན་མཐའ་དག་ལ་དར་བས་ཡིག་ཆ་ཡང་སྣ་ཚོགས་པ་ཤིག་སྣང་ཞིང་། ཚ་གསུར་ཆུ་གསུར་ཞེས་ངག་སྒྲོས་ཡི་གེར་བཀོད་པ་མང་ནའང་ཆུ་སྦྱིན་གྱི་སྔགས་ཀྱི་ཐོག་མར་སུ་རཱུ་པ་ཞེས་བྱུང་བ་རཱུ་པ་ནི་གཟུགས་ཀྱི་སྐད་དོད་ཡིན་ལ། དེའི་སྔོན་དུ་ཉེར་བསྒྱུར་ཉི་ཤུའི་ནང་གཾ་སུ་བཞག་པས་(༡བ)


GLG011_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བ་མཛེས་པ་ལེགས་པ་སོགས་མང་པོ་ལ་འཇུག་རུང་། འདིར་དེ་བཞིན་གཤེགས་པ་གཟུགས་མཛེས་ཀྱི་མཚན་དུ་བསྒྱུར་ཞིང་སྔགས་ལ་བརྟེན་ནས་སུ་རཱུ་པ་ཞེས་བཏགས་པ་མ་གཏོགས་ཚ་གསུར་གྱི་རང་སྙོམ་དེ་འདྲ་ནི་ནམ་ཡང་མ་ཡིན་ཏེ། ཆུ་ལ་བསུར་མི་ཡོང་བ་གླང་རྫི་རྒན་པོ་ཞིག་གིས་ཀྱང་ཤེས་སོ། །མེ་ལ་རྫས་བཏབ་པའི་གསུར་འདི་བསྟན་པ་ཕྱི་དར་གྱི་མདོ་རྒྱུད་མན་ངག་ཏུ་གསལ་བ་ཡོད་མེད་རང་གི་བརྟགས་ཤིང་མང་དུ་ཐོས་པའི་རིགས་དུ་མར་དྲིས་ཀྱང་ཁུངས་རྙེད་པ་མེད་པ་འདྲ། གསང་སྔགས་རྙིང་མའི་ཕྱོགས་ལ་ཡོད་དོ་ཞེས་ཐམས་ཅད་མགྲིན་པ་བཏེག་ནས་སྨྲ་ནའང་། རྙིང་མ་རྒྱུད་འབུམ་དུ་ངོ་སྤྲོད་པ་མ་བྱུང་། བླ་མ་དགོངས་འདུས་སུ་ཡོད་ཟེར་ཡང་གླེགས་བམ་དང་ཐོབ་ཡིག་བསྡུར་ནས་བཙལ་ཀྱང་མ་རྙེད་གཏེར་ཁ་གོང་འོག་གི་ཡིན་ཟེར་བའི་དཔེ་འཁྱར་འདྲ་མཐོང་ཡང་གཏེར་གཞུང་ཚད་མ་ཡིད་ཆེས་ཀྱི་ཡི་གེར་མི་འདུག་ཅིང་ཁོ་བོས་གཏེར་ཁ་དེ་གཉིས་གཙོ་བོ་གྱུར་པའི་གཏེར་སྟོན་བརྒྱད་ཅུར་ཉེ་བའི་ཆོས་ཁ་ནོས་རུང་དེ་ཁྲོད་དུ་ཡེ་མ་བྱུང་བས་སྔགས་རྙིང་མའི་ལུགས་ལ་ཡོད་ཅེས་མགྲིན་པ་བཏེག་ནས་སྨྲ་བར་མ་ནུས་མོད། འོན་ཀྱང་འདི་ལ་ཕན་ཡོན་ཅུང་ཟད་འབྱུང་སྟེ། མཆོད་ཡུལ་གོང་མ་རྣམས་ལ་ཉེར་སྤྱོད་ཀྱི་ནང་གི་བདུག་སྤོས་ཕུལ་བ་དང་ཕྱོགས་(༢ན)


GLG011_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས། ཡུལ་ལྷ་གཞིས་བདག་སོགས་ལྷ་འདྲེའི་རིགས་ལྷ་བསངས་བཏང་བ་དང་དབྱིབས་འདྲ། དྲི་ཟའི་སེམས་ཅན་ལ་ཟས་གོས་བྱིན་པའི་ཕན་ཡོན་ཡོང་བར་སྣང་། བར་དོའི་སེམས་ཅན་ལ་སྟེར་བ་དེང་སང་གཏོར་མ་མཁན་པོ་མང་པོས་ཀྱང་བར་དོའི་མགྲོན་ཚན་ལོགས་སུ་མཛད་པ་བྱུང་ཞིང་། གཤིན་པོ་རྗེས་འཛིན་གྱི་ཆོ་ག་གསར་རྙིང་ཕལ་ཆེར་ལ་ཟས་གཏད་མཛད་པས་དེ་དག་གིས་དགོངས་པའི་རྗེས་སུ་འབྲངས་ནས་ཁོ་བོས་མུ་ཐི་ལའི་འཁྲི་ཤིང་དུ་བར་དོའི་མགྲོན་ཚན་ལ་ཕན་ཡོན་ཡོང་ནའང་བརྒྱ་རྩའི་རང་ཚིག་དང་འགལ་ཞེས་སྨྲས་པ་ཡིན་ལ་དཔྱད་བཟོད་པ་རང་ཞིག་བྱེད་ན་རྒྱལ་བ་ལ་གདམས་པའི་མདོར། བར་དོ་བ་ལ་ཟས་སྐོམ་ཅི་བསྔོས་ཀྱང་མི་ཐོབ་པར་གསུངས་ཤིང་ཁུངས་དེ་ལ་བརྟེན་ནས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་མི་བཞེད་ཅིང་དོན་ལའང་གནས་པར་སེམས། གཏེར་མ་ཡིན་ཟེར་བ་ཞིག་ན་ཨོཾ་སུ་ར་ཕུག་ཟེར་བའི་སྔགས་དང་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་ཞག་ཏུ་ཨ་ས་པྲ་ཏི་སུ་ར་ཕུག་པ་ཟེར་བ་འདུག་པའང་མི་ཤེས་པ་ཞིག་གིས་བཟོས་པའི་རྫུས་མ་འདྲ་ལ། དྲི་སྤོས་ཀྱི་མཆོད་པ་ཕུལ་རྗེས་མཆོག་མཐུན་གྱི་དངོས་གྲུབ་རྩོལ་ཞེས་གསོལ་བ་བཏབ་པ་ལ་ནི་སྐྱོན་ཅི་ཡོད། ཡེ་ཤེས་མེའི་དཀྱིལ་འཁོར་དང་འཕྲིན་ལས་བཞིའི་སྔགས་བརྗོད་པ་སོགས་ཀྱང་སྦྱིན་སྲེག་ལ་གཞོགས་དྲུད་བུས་ཆས་པ་འདྲ། ཕྱིས་ཀྱི་ཡིག་ཆ་ལ་ལར་གནྡྷེའི་སྔགས་སྦྱར་བའང་སྔགས་དེས་ཐུགས་ཀར་དྲི་འབུལ་བ་ཡིན་གྱི་ཤངས་ལ་བདུག་སྤོས་འབུལ་བ་ནི་མ་ཡིན་ནོ། །ཡང་ཨོཾ་ཨཱཿཧཱུཾ་ཁོ་ནས་སྔགས་བཅད་པའང་མཐོང་བས་ཡིད་བརྟན་དུ་རུང་བའི་ཡི་གེ་ལག་ཏུ་མ་སོན་མོད། འོན་ཀྱང་དོན་གཉེར་ཅན་རྣམས་ཀྱི་ངོར་རེ་ཞིག་བླ་ཆེན་སྤྱིའི་མཛད་པ་ལྟར་ཁྱི་ཆུ་བརྒལ་གྱི་ཚོད་དུ་བཀོད་པའོ། །དཀར་གསུམ་མངར་གསུམ་ཕྱེ་དང་བསྲེས་པ་ལ་དཀོན་མཆོག་ལ་དབུལ་དུ་མི་རུང་བ་དང་ལྷ་འདྲེ་ལ་འཕོག་ཐུག་ཡོང་བ་མ་ཡིན་པའི་སྨན་(༢བ)


GLG011_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་ཤིང་སྣ་སོགས་གང་རྙེད་བསྲེས་པའི་རྫས་དང་མེ་སྣོད་བཅས་མངོན་པར་འདུ་བྱས། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྐྱབས་སེམས་སྔོན་དུ་བཏང་རང་ཉིད་སྐད་ཅིག་གིས་པད་ཟླའི་གདན་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུར་བསམ། མདུན་གྱི་རྫས་རྣམས་ལ་དམིགས་ཏེ་སྭ་བྷཱ་ཝས་རིན་པོ་ཆེའི་སྣོད་སྦྱངས། སྟོང་པའི་ངང་ལས་ཨོཾ་རིན་པོ་ཆེའི་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གསུར་རྫས་རྣམས་དཀོན་ཅོག་གསུམ་མཉེས་པར་བྱེད་པའི་བདུག་སྤོས། ཡུལ་ལྷ་གཞིས་བདག་སྡེ་བརྒྱད་རྣམས་ཀྱི་མ་དག་པ་སེལ་བའི་བསངས་རྫས། དྲི་ཟས་སུ་ཟ་བའི་མགྲོན་རྣམས་ཀྱི་དབང་པོ་རྣམས་ཚིམ་པར་བྱེད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་ཅིག །ཨོཾ་ཨཱཿཧཱུཾ་ཞེས་བྱིན་གྱིས་བརླབས། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མཆོད་ཡུལ་དང་སྦྱིན་ཡུལ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་དབུལ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། རང་རྒྱལ་ཉན་ཐོས་ཆོས་སྐྱོང་སྲུང་མ་ལ། །ལྷ་རྫས་དམ་པའི་བདུག་སྤོས་མཆོད་པར་འབུལ། བཞེས་ནས་མཆོག་མཐུན་དངོས་གྲུབ་རྩལ་དུ་གསོལ། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཤྲི་ཝ་ཀ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་དང་། ཁྱད་པར་གཞི་བདག་ཡུལ་ལྷར་བཅས་རྣམས་ལ། །བསངས་མཆོད་འབུལ་གྱི་ཉེས་ཚོགས་ཀུན་བྱང་ཞིང་། །འཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛོད། ཨོཾ་ཤུ་ནྱཱ་ཏ་བི་ཤུདྡྷ་ཧཱུཾ། དྲི་ཟའི་ཚོགས་ལ་འདོད་པའི་ཡོན་ཏན་ལྔ། །འབུལ་གྱིས་དབང་པོ་ཐམས་ཅད་རབ་ཚིམས་ཏེ། །བཀྲེས་སྐོམ་སྡུག་བསྔལ་ཀུན་ལས་རྣམ་གྲོལ་ནས། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་བཞིན་གཤེགས་པ་(༣ན)


GLG011_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་མཚན་བརྗོད་རྗེས། ན་མ་སྶརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། རྒྱ་ཆེན་གྱི་སྔགས་ཀྱིས་བསྔོ། །ཆོས་ཀྱི་སྦྱིན་པའང་བྱ། བཛྲ་མུཿས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་སོགས། སྨོན་ལམ་ཅི་རིགས་པ་བྱའོ། །མཁས་རྣམས་དགའ་བའི་བཤད་ཁུངས་མི་ལྡན་ཡང་། །ཛ་གཅོག་གཞན་གྱིས་འཕྱ་བའི་གནས་མིན་ཙམ། །བཀོད་འདིས་འགྲོ་རྣམས་དབུལ་ཕོངས་ལས་ཐར་ནས། །འདི་དང་གཏན་གྱི་བདེ་ལ་ལོངས་སྤྱོད་ཤོག །སྔར་གོང་དུ་འགྲོ་སྐབས་བསམ་དར་ནས་ཀྱིས་རྙིང་ལུགས་ཡིན་ཟེར་བའི་དཔེ་ཞིག་གཏད་བྱུང་བར་དེ་དོན་བཞིན་ཟིན་བྲིས་བྱས་ཀྱང་རྗེས་སུ་རྙིང་མ་བཀའ་གཏེར་གྱི་གཞུང་རྣམས་ལ་དཔྱད་ཚེ་ཡིད་བརྟན་དུ་མ་གྱུར་པས་བཏང་སྙོམས་སུ་བཞག་པ་ལས་གསུར་བསྔོ་ཞིག་དགོས་ཚུལ་དབུ་མཛད་བློ་བཟང་ཡོན་ཏན་དང་། བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་དང་། རི་ཁྲོད་པ་བློ་བཟང་ཆོས་འཕེལ་གསུམ་གྱིས་བསྐུལ་བ་ལ་བརྟེན་རྩོམ་འདུན་ཡོད་པའི་ཐོག་དཔལ་འཁོར་བདེ་བ་ཆེན་པོའི་ཞི་གནས་སློབ་དཔོན་བྲག་ཕྱི་སྐུ་སྐྱེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །སྭ་སྟི། དྲི་ཞིམ་བདུག་སྤོས་སྤྲིན་ཚོགས་ལྟར་སྤྲོས་ནས། །ཡར་གནས་མཆོད་ཅིང་མ་དག་ཉེས་ཀུན་བསངས། །དྲི་ཟ་དགའ་བར་བྱེད་པའི་མཆོད་སྦྱིན་གྱི། །ལག་ལེན་ངག་འདོན་ཉུང་ངུའི་ཚུལ་དུ་སྤེལ། །དེའང་དེ་བཞིན་གཤེགས་པ་གཟུགས་མཛེས་ཀྱི་མཚན་སྔགས་ལ་གྲས་ནས་མིང་དེར་བཏགས་པའི་ཟས་སྣ་ཚོགས་དང་ཆུ་ལ་བརྟེན་པའི་ཆུ་སྦྱིན་མདོའི་ཁུངས་དང་འབྲེལ་བར་རྗེ་བཙུན་ས་སྐྱ་བའི་ཕྱག་བཞེས་དཀར་ཆ་བཞིའི་ནང་དུ་ཡོད་ལ། མེ་ལ་རྫས་བཏབ་པའི་གསུར་སྔགས་གསར་རྙིང་དང་མདོ་ཕྱོགས་གང་ནས་(༣བ)


GLG011_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཤད་པ་མ་མཐོང་བར་མ་ཟད། བར་དོ་ལ་བསྔོ་བ་དོན་ལ་མི་གནས་པར་ཐམས་ཅད་མཁྱེན་པ་བུ་སོགས་བཞེད་ཅིང་དཀོན་ཅོག་མཆོད་པ་འདྲེ་བསང་བ་དྲི་ཟ་ལ་སྦྱིན་པའི་ཕན་ཡོན་འབྱུང་བའི་ཕྱིར་ལག་ལེན་དུ་བཀོད་པར་དཀོན་ཅོག་ལ་དབུལ་དུ་མི་རུང་བ་དང་ལྷ་འདྲེར་འཕོག་ཐུག་མི་ཡོང་བའི་རྫས་དཀར་གསུམ་མངར་གསུམ་ཕྱེ་དང་ཤིང་སྣ་སྨན་སྤོས་སོགས་ཚོགས་ཚད་དང་བསྲེས་པ་མེ་སྣོད་བཅས་པ་འདུ་བགྱིས། སངས་རྒྱས་ཆོས་ཚོགས་སམ་སྐྱབས་སེམས་བྱ། རང་ཉིད་གཏོར་མ་བརྒྱ་རྩའི་སྐབས་ཀྱི་ཐུགས་རྗེ་ཆེན་པོ་ལྷར་བསྐྱེད། སྭ་བྷ་ཝས་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གསུར་རྫས་རྣམས་དཀོན་ཅོག་གསུམ་མཉེས་པར་བྱེད་པའི་བདུག་སྤོས། ཡུལ་ལྷ་གཞི་བདག་སྡེ་བརྒྱད་ཚོགས་ཀྱི་མ་དག་པ་སེལ་བའི་བསངས། དྲི་ཟས་སུ་ཟ་བའི་མགྲོན་རྣམས་ཀྱི་དབང་པོ་ཚིམ་པར་བྱེད་པའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བསམ། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བརླབ། ཐུགས་ཀ་ནས་འོད་ཟེར་འཕྲོས། མཆོད་ཡུལ་དང་སྦྱིན་ཡུལ་ཐམས་ཅད་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་དབུལ། བླ་མ་རྒྱལ་སྲས་ཉན་རང་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་ལ། །དྲི་ཞིམ་བདུག་སྤོས་མཆོད་པ་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་རྩོལ། ཨོཾ་བཛྲ་དྷྲཱུ་པཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾཾ། ལྷ་སྲིན་སྡེ་བརྒྱད་འགོ་བའི་ལྷ། །ཡུལ་ལྷ་གཞི་བདག་མ་ལུས་པ། །ཉེས་ཚོགས་དྲི་ཞིམ་བདུག་པས་བསངས། །འཕྲིན་ལས་ཐམས་ཅད་སྒྲུབ་པར་མཛོད། །ཨོཾ་ཤཱུནྱ་ཏཱ་བི་ཤུདྡྷེ་ཧཱུཾ། དངར་བའི་ངད་ལྡང་གསུར་གྱི་དྲི། །འདོད་ཡོན་ལྔ་དང་ལྡན་པ་འདིས། །དྲི་ཟ་མ་ལུས་ཚིམ་(༤ན)


GLG011_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། །ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། རྒྱ་ཆེན་ཤུགས་ལྡན་གྱི་སྔགས་ཅི་རིགས་པས་བསྔོ། ཡེ་དྷ་མ་སོགས་ཆོས་ཀྱི་སྦྱིན་པ་བྱ། ཨོཾ་བཛྲ་མུཿས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་བསྔོ་སྨོན་ཅི་རིགས་པ་བྱའོ། །ཞེས་པ་འདིའང་སྡེ་པ་བློ་བཟང་མཐུ་སྟོབས་ཀྱི་ཉམས་ལེན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སརྦ་མངྒལཾ།། །།(༤བ)

ལྷ་ལྔའི་གསོལ་མཆོད་བསོད་ནམས་དཔལ་བསྐྱེད།


GLG011_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལྔའི་གསོལ་མཆོད་བསོད་ནམས་དཔལ་བསྐྱེད་བཞུགས་སོ། །(༡ན)


GLG011_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པས་སྲིད་ཞིའི་གདུང་བ་ཀུན་སེལ་ཞིང་། །མཆོག་ཐུན་དངོས་གྲུབ་སྩོལ་བའི་ཡིད་བཞིན་དབང་། །པདྨ་ཀ་ར་བརྒྱུད་པར་བཅས་པ་ལ། །བཏུད་ནས་ལྷ་ལྔའི་མཆོད་འཕྲིན་གསལ་བར་དགོད། །དེའང་རང་ལ་འགོ་བའི་ལྷ་ལྔ་མཆོད་པར་བྱེད་པའི་མཆོད་གཏོར་སྤྱན་གཟིགས་རྣམས་གཏེར་གཞུང་ལྟར་འདུ་བགྱིས། རང་ཉིད་ཆེ་མཆོག །ཕུར་པ་རྟ་མགྲིན། ཕྱག་རྡོར་སོགས་ཡི་དམ་གང་ཡིན་གྱི་འཕྲིན་ལས་རྒྱས་པའམ། བསྡུ་ན་མངོན་རྟོགས་མདོར་བསྡུས་ཀྱིས་གསལ་བཏབ་ནས་བཟླས་པ་ཅུང་ཟད་བྱ། མཆོད་རྫས་རྣམས་བསངས་གཞུང་སོགས་ཀྱི་སྐབས་སུ་གྱེར་བའི་སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་བའི། ཞེས་སོགས་སྔགས་དྲུག་ཕྱག་རྒྱ་དྲུག་གམ་བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། བྱིན་རླབས་ཕྱི་མ་འདི་བྱེད་ན་གཏོར་མ་བརླབ་པ་ལེགས་པས། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་དུ་ཨོཾ་ཨཱཿཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་(༡བ)


GLG011_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡི་གེ་གསུམ་ལ་ཐིམ། དེ་ཡང་འོད་དུ་ཞུ་སྟེ་འདྲེས་པས་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པའི་རང་བཞིན་དུ་བསམ། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། ལྷ་བསྐྱེད་པ་ནི། བསངས་སྦྱངས། སྟོང་པའི་ངང་ནས་རང་གི་མདུན་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་ལྔ་སྦྲེངས་ཀྱི་དང་པོའི་གདན་ལ་ཛྙཱ་ལས་མོ་ལྷ་བུད་མེད་དར་མ་མཛེས་ཤིང་ཡིད་དུ་འོང་བ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མདའ་དར་དང་གཡོན་མེ་ལོང་འཛིན་པ། དར་སྔོན་པོའི་བེར་གསོལ་ཞིང་རིན་པོ་ཆེའི་ཤོད་འཆིང་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཤ་བ་ཡུ་མོ་ལ་བཅིབས་ཏེ་སྤྲུལ་པ་མ་དང་སྲུ་མོའི་རྣམ་པར་སྟོན་པ། གཞན་ཡང་ཞང་ལྷ་སྐྱེས་དར་མའི་ཆ་བྱད་ཅན། སྤྲུལ་པ་བྱ་གོ་བོ་དང་ཞང་བློན་མང་པོ་སྟོན་ཅིང་། མ་ལྷ་སྨན་བཙུན་མཛེས་མའི་ཚོགས་དང་བཅས་ཏེ་སྤྲུལ་བ་ན་ཆུང་མང་པོ་དང་ཤ་བར་སྟོན་པ། གཉིས་པའི་གདན་ལ་ན་ལས་སྲོག་ལྷ་དཀར་པོ་སྐྱེས་དར་མའི་རྣམ་པ་ཅན། ཞལ་གཅིག་ཕྱག་གཉིས་པ་ཁྲབ་རྨོག་གྱོན་ཅིང་གཡས་མདུང་དར་དང་གཡོན་ཞགས་པ་འཛིན་པ། སྟག་རལ་གཟིག་ཤུབས་རྐེད་ལ་བཅིངས་ཤིང་། སག་ལྷམ་གསོལ་ནས་རྟ་ནག་སྒ་སྲབ་གོང་རྨེད་ཅན་ལ་བཅིབས་ཏེ། སྤྲུལ་(༢ན)


GLG011_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་རྟ་དཀར་པོ་མང་པོར་སྟོན་པ། གཞན་ཡང་ལྷན་ཅིག་སྐྱེས་ལྷ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་། སྤྲུལ་པ་མི་དཀར་པོའི་རྣམ་པར་སྟོན་པ། གསུམ་པའི་གདན་ལ་ཨཱ་ལས་ཕོ་ལྷ་དཀར་པོ་ལང་ཚོ་དར་ལ་བབ་པ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ནོར་བུ་དང་གཡོན་རིན་པོ་ཆེས་གང་བའི་གཞོང་པ་བསྣམས་པ། རལ་བའི་ཐོར་ཅོག་དར་གྱིས་བཅིངས་པ། ཙེ་བེར་སྔོན་པོ་གསོལ་ཞིང་རིན་པོ་ཆེ་དང་སག་ལྷམ་གྱིས་སྤུད་ནས་སྒ་སྲབ་གོང་རྨེད་ཅན་གྱི་རྟ་མཆོག་ངང་དཀར་ལ་བཅིབས་ཏེ། སྤྲུལ་པ་ཕ་སྤུན་མང་པོ་དང་ཁོར་གསུམ་བཏགས་པའི་སྐྱེས་པའི་ཆ་བྱད་ཅན་དུ་སྟོན་པ། གཞན་ཡང་ཕ་མེས་ཀྱི་ལྷ་དང་དབང་ཐང་གི་ལྷ་སུམ་ཅུ་རྣམས་དང་གོས་དང་རིན་པོ་ཆེའི་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པ། བཞི་པའི་གདན་ལ་ཡུ་ལས་ཡུལ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མདའ་གཞུ་འཛིན་པ། ཁྲབ་རྨོག་གྱོན་ཅིང་སྟག་རལ་གཟིག་ཤུབས་རྐེད་པ་ལ་དཀྲིས་ཤིང་སག་ལྷམ་གྱོན་ནས་རྟ་དཀར་སྒ་སྲབ་གོང་རྨེད་ཅན་ལ་བཅིབས་ཏེ་སྤྲུལ་པ་མཆེད་གྲོགས་དང་ཡུལ་གྱི་གཙོ་རྫི། ལུག་ཁྱུ་དང་གཡག་དཀར་དུ་མའི་རྣམ་པར་སྟོན་པ། གཞན་ཡང་མཁར་གྱི་རྩེ་ལྷ་སོགས་ཁང་པ་ལ་གནས་པའི་སྲུང་མ་རྒྱན་གོས་སྣ་ཚོགས་དང་ལྡན་ཅིང་སྤྲུལ་པ་བྱ་ཆེན་པོའི་རྣམ་པར་སྟོན་པ། ལྔ་པའི་གདན་ལ་ཤ་ལས་དགྲ་ལྷ་སྐྱེས་དར་མའི་ཆ་ལུགས་ཅན་དཀར་པོ་ཞི་ཞིང་འཛུམ་པ་ཞལ་གཅིག་ཕྱག་གཉིས་པ་གཡས་དར་མདུང་དང་གཡོན་ཞགས་པ་འཛིན་པ། དར་དཀར་པོའི་རྩེ་བེར་གསོལ་ཅིང་དར་གྱི་ཐོད་བཅིངས་ཅན། སྟག་རལ་དང་གཟིགས་ཤུབས་རྐེད་ལ་དཀྲིས་ཤིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཞབས་ལ་སག་ལྷམ་གྱོན་ནས་རྟ་དཀར་རླུང་ཤུགས་སྒ་སྲབ་གོང་རྨེད་ཅན་ལ་(༢བ)


GLG011_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བཅིབས་ཏེ། སྤྲུལ་པ་དགེ་བཤེས་དང་མི་དཀར་ཞུ་བ་ཅན། ཁྲ་སྤྱང་གཡག་རྒོད་མང་པོར་སྟོན་པ། གཞན་ཡང་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་རིགས་འཛིན་རྣམས་ཀྱི་ལྷ་སྲུང་ཆོས་སྐྱོང་གི་ཚོགས་རྣམས་སྤྲུལ་པ་སློབ་དཔོན་སྔགས་པར་སྟོན་པ། དབང་ལྷ། བན་སྐྱོང་དང་བོན་སྐྱོང་གི་སྤྲུལ་པ་བོན་པོ་ཕ་ཝང་དུ་སྟོན་པ། ཐམས་ཅད་རང་གི་རྒྱན་ཆ་ལུགས་དང་ལྡན་པས་བསྐོར་བ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་དང་བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱིས་གནས་ནས་མོ་ལྷ་ཞང་ལྷ་མ་ལྷ་སྲོག་ལྷ་སྐྱེས་ལྷ་ཕོ་ལྷ་ཕ་མེས་ཀྱི་ལྷ་དབང་ཐང་གི་ལྷ་ཡུལ་ལྷ་རྩེ་ལྷ་དགྲ་ལྷ་རིགས་འཛིན་གྱི་ལྷ་སྲུང་ཆོས་སྐྱོང་དབང་ལྷ་བན་སྐྱོང་བོན་སྐྱོང་སོགས་འགོ་བའི་ལྷ་ལྔ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་པ་བཛྲ་ས་མཱ་ཛཿ སྤྱན་འདྲེན་ནི་གཏེར་ཁ་འོག་མ་ལས། ཀྱེ་དགྲ་ལྷ་གཉན་པོ་སྤྱན་འདྲེན་ནོ། །ཕྲག་གོང་གཡས་ནས་གཤེགས་སུ་གསོལ། །སྤྲུལ་ནི་དགེ་བཤེས་མང་པོར་སྤྲུལ། མཆོད་ནི་བཤོས་བུ་གཙང་མས་མཆོད། །དེ་རིང་བདག་གི་གྲོགས་ལ་སྤྱོན། །དམག་དཔུང་བཀྱེ་ལ་དགྲ་དཔུང་ཐུལ། །ཞང་ལྷ་ཕ་ཝང་སྤྱན་འདྲེན་ནོ། །མཆན་ཁུང་གཡོན་ནས་གཤེགས་སུ་གསོལ། །སྤྲུལ་ནི་ཞང་བློན་མང་པོར་སྤྲུལ། །མཆོད་ནི་གསད་ལུག་གཙང་མས་མཆོད། །དེ་རིང་བདག་གི་གྲོགས་ལ་སྤྱོན། །འགལ་རྐྱེན་སྤོངས་ལ་མཐུན་རྐྱེན་བསྒྲུབ་ཏུ་གསོལ། །སྲོག་ལྷ་འཛིན་པོ་སྤྱན་འདྲེན་ནོ། །སྙིང་གའི་གནས་ནས་གཤེགས་སུ་གསོལ། །སྤྲུལ་ནི་མི་དཀར་མང་པོར་སྤྲུལ། །མཆོད་ནི་ར་སྐྱེས་(༣ན)


GLG011_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཁམ་པས་འདི་ཡིས་མཆོད། །དེ་རིང་བདག་གི་གྲོགས་ལ་སྤྱོན། །སྲོག་གི་བར་ཆད་དུ་སྲུང་དུ་གསོལ། །མོ་ལྷ་འབྱུང་མོ་སྤྱན་འདྲེན་ནོ། །མཆན་ཁུང་གཡས་ནས་གཤེགས་སུ་གསོལ། །སྤྲུལ་ནི་མ་སྲུ་མང་པོར་སྤྲུལ། མཆོད་ནི་འབྲང་རྒྱས་ལྡེམ་པས་མཆོད། དེ་རིང་བདག་གི་གྲོགས་ལ་སྤྱོན། །ཟས་ནོར་ཆར་པ་དབབ་ཏུ་གསོལ། །ཡུལ་ལྷ་མགོན་བུ་སྤྱན་འདྲེན་ནོ། །སྤྱི་བོའི་གཙུག་ནས་གཤེགས་སུ་གསོལ། །སྤྲུལ་ནི་གྲོགས་པོ་མང་པོར་སྤྲུལ། །ལྷ་གཡག་དཀར་པོ་འདི་ཡིས་མཆོད། །དེ་རིང་བདག་གི་གྲོགས་ལ་སྤྱོན། །ཡིད་ལ་བསམ་པ་ཐམས་ཅད་བསྒྲུབ་ཏུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། གསོལ་མཆོད་ནི། གསར་བསྒྲིགས། འགོ་བའི་ལྷ་ལྔ་འཁོར་བཅས་ལ། །གཙང་མའི་ཆབ་ཀྱི་སྐུ་ཁྲུས་གསོལ། །མི་གཙང་དྲི་མ་དག་གྱུར་ཅིག །སྣ་ཚོགས་ཤིང་སྣའི་དུད་པ་ཡིས། །ཉམས་གྲིབ་མ་ལུས་བསངས་གྱུར་ཅིག །གཡའ་ཆུ་གངས་ཆུ་གཙང་མའི་ཆུ། །སྨན་ཆབ་དང་ལྡན་སྐྱེམས་སུ་འབུལ། །སྣ་ཚོགས་མེ་ཏོག་ཆུན་པོའི་ཐོད། །སྐུ་ལ་མཛེས་པའི་རྒྱན་དུ་འབུལ། དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ། །བཟའ་བཅའ་ཞིམ་མངར་བཤོས་བུ་འབུལ། །ཉི་ཟླ་ནོར་བུ་འབྲུ་མར་གྱི། །མར་མེ་གསལ་བྱེད་སྒྲོན་མེ་སྤར། ཁ་དོག་སྣ་ཚོགས་ཟ་འོག་གོས། །རིན་ཆེན་དུ་མའི་དོ་ཤལ་དང་། །པྲོག་ཞུ་སྙན་ཆ་གཡུ་བྱུར་བཀྲ །གོ་མཚོན་དར་ཐོད་མཛེས་བརྗིད་ཆས། །སྟག་རལ་གཟིག་ཤུབས་མདའ་མདུང་གྲི །རིན་ཆེན་གཞོང་པ་ནོར་བུ་སོགས། །ཕྱག་མཚན་རླུང་གི་ཤུགས་ལྡན་ཏེ། སྒ་སྲབ་མཛེས་(༣བ)


GLG011_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆས་ཀྱིས་བརྒྱན། །ཤ་བ་ལ་སོགས་བགྲོད་བྱེད་བཅིབས། །གནམ་ལ་འཕུར་དགུ་ས་གཞི་ལ། །འཛུལ་དགུ་རི་དྭགས་འཆོང་དགུ་སོགས། །སྣ་ཚོགས་སྲོག་ཆགས་བགྲང་ལས་འདས། །རྒྱལ་སྲིད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི། །ལྷ་མིའི་དཔལ་འབྱོར་ནམ་མཁའ་བཀང་། །དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་ཀྱིས། །ལྷ་ལྔ་འཁོར་བཅས་གསོལ་ཞིང་མཆོད། །གཏོར་མ་རྒྱལ་མཚན་བཤོས་བུ་དང་། །ཇ་ཆང་གསེར་སྐྱེམས་བཏུང་བའི་ཚོགས། །ལྗགས་ཀྱི་དབང་པོ་ཚིམ་བྱེད་པའི། །ཞལ་ཟས་སྐྱེམས་ཀྱིས་གསོལ་ཞིང་མཆོད། །མོ་ལྷ་ཞང་ལྷ་མ་ལྷ་ལ། སྨན་གྱི་འབྲང་རྒྱས་གསད་ལུག་འབུལ། །ཞང་པོའི་མདའ་ཡི་མདེའུ་དང་། །མ་སྲུའི་འཕང་རྣམས་རྟེན་དུ་འཛུགས། སྲོག་ལྷ་སྐྱེས་ལྷའི་ཚོགས་བཅས་ལ། །ར་སྐྱེས་ཁམ་པའི་མཆོད་པ་འབུལ། །འཕན་དར་ཕྱུག་པོ་ཕ་སྤུན་མདའ། །དར་གྱི་རུ་མཚོན་རྟེན་དུ་འཛུགས། །ཕོ་ལྷ་ཕ་མས་དབང་ཐང་ལྷར། །གསད་ལུག་གཙང་མའི་མཆོད་པ་འབུལ། །དར་མདུང་ནས་དཀར་རྟེན་དུ་འཛུགས། ཡུལ་ཁང་མཁར་གྱི་རྩེ་ལྷ་ལ། །ལྷ་གཡག་དཀར་པོའི་མཆོད་པ་འབུལ། །ཕྱུག་བཙན་དར་ཁ་རྟེན་དུ་འཛུགས། །དགྲ་ལྷ་རིགས་འཛིན་དབང་ལྷ་དང་། །བན་བོན་ཆོས་སྲུང་ཚོགས་རྣམས་ལ། །བཤོས་བུ་གཙང་མའི་མཆོད་པ་འབུལ། །དཔའ་གཡུ་ཕྱུག་མདེལ་རྟེན་དུ་འཛུགས། །དར་མཚོན་སྣ་ལྔ་དཀར་དམར་དར། །གཡུ་ཆུང་མིག་མེད་གསེར་དངུལ་ཟངས། །ལྕགས་དང་བྱུ་རུ་མན་ཤེལ་ཚོགས། །ཕ་ཤིང་མ་(༤ན)


GLG011_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བུ་ཤིང་གསུམ། །བྱང་བུ་མིག་དགུ་ཆངས་བུ་དང་། །ནས་དཀར་རྟེན་གྱིས་ལྷ་ལྔ་སྐོངས། །བདག་སོགས་མི་ནོར་རིགས་བརྒྱུད་ལ། །མི་འབྲལ་རྟག་ཏུ་བསྲུང་སྐྱོབ་མཛོད། །ཡུལ་ལྷས་སྤྱི་བོའི་གཙུག་ནས་སྲུངས་། དགྲ་ལྷས་ཕྲག་པ་གཡས་ནས་སྲུངས། །ཕོ་ལྷས་མཆན་ཁུང་གཡས་ནས་སྲུངས། །མོ་ལྷས་མཆན་ཁུང་གཡོན་ནས་སྲུངས། །སྲོག་ལྷས་སྙིང་གི་དཀྱིལ་ནས་སྲུངས། །རིགས་འཛིན་བན་བོན་ཆོས་སྐྱོང་གིས། །སྟེང་འོག་ཕྱོགས་མཚམས་ཀུན་ནས་སྲུངས། །ཚེ་དཔལ་བསོད་ནམས་མངའ་ཐང་བསྐྱེད། སྭོ་སྭོ་ལྷ་རྒྱལ་ལོ། །གྲྭ་པ་མངོན་ཤེས་ཀྱི་གཏེར་མའི་ལས་བཅོལ་ནི། །ཀྱཻ། ལྷ་དང་མི་རུ་མ་འབྲལ་ཅིག །བདུད་ཆར་ལྟར་བབས་ན། ལྷས་སྦྲ་ལྟར་སྐྱོབས་ཤིག །གནོད་དགྲ་ལྟར་གནོད་ན། ལྷས་བྲན་ལྟར་སྐྱོབས་ཤིག །འདྲེས་རྐུན་ལྟར་འཇབས་ན། ལྷས་ཁྱི་ལྟར་ཟུག་ཅིག །ལྷ་འོག་ནས་མི་མ་ཡར་ཞིག །དགྲ་འོག་ནས་གོང་མ་གཏོང་ཞིག །བསྲུང་འོག་ཏུ་གདོན་མ་ལྡང་ཞིག །གཉེན་འོག་ཏུ་སྨས་མ་ལྡང་ཞིག །ཁྱི་འོག་ཏུ་རྐུན་མ་འཇམ་ཅིག །གནོད་པའི་དགྲ་བགེགས་ཐམས་ཅད་སྲུང་བ་འདི་ལས་མ་འདའ་ཞིག །བཀྲ་ཤིས་གཞུང་ལེགས་པའི་རྟས་སྲུངས་ཤིག །ལོ་བརྒྱ་ཐུབ་ལ་སྟོན་བརྒྱ་ཟ་བའི་རྟས་སྲུངས་ཤིག །བཀྲ་ཤིས་ནད་མེད་བསམ་པ་འགྲུབ་པ་དང་། །ནད་གདོན་འབྱུང་པོ་མ་ལུས་ཞི་བ་དང་། །ཚེ་དང་བསོད་ནམས་དབང་ཐང་རྒྱས་པ་དང་། བདག་གི་ལུས་ངག་ཡིད་ལ་མི་མཐུན་ནད་གདོན་སྲུང་ཞིང་ཞི་བར་མཛོད་ཅིག་སྭཱཧཱ། ཡིག་བརྒྱ་དང་། མ་འབྱོར་བ་དང་ཉམས་པ་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ། (༤བ)


GLG011_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང་། ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། ཞེས་སོགས་ཀྱི་མཐར། ཨོཾ་སུ་པྲ་ཏི་ཥྠ་བཛྲེ་ཡེ་སྭཱཧཱ། ཞེས་མེ་ཏོག་འཐོར་ཞིང་བརྟན་པར་བཞུགས་སུ་གསོལ། ཤིས་བརྗོད་ནི། བལྟས་པ་ཙམ་གྱིས་སྲིད་གསུམ་ཟིལ་གྱིས་གནོན། །བསྡིགས་པ་ཙམ་གྱིས་སྡེ་བརྒྱད་བྲན་དུ་འཁོལ། །བསམས་པ་ཙམ་གྱིས་དངོས་གྲུབ་ཆར་ལྟར་འབེབས། །ཨྱོན་བརྒྱུད་པར་བཅས་པའི་བཀྲ་ཤིས་ཤོག །ལུས་དང་གྲིབ་མ་བཞིན་དུ་ཉིན་མཚན་ཀུན། །འབྲལ་མེད་བསྲུང་བ་འགོ་བའི་ལྷ་ལྔ་སོགས། །རིགས་འཛིན་བན་བོན་ཆོས་སྐྱོང་ཚོགས་རྣམས་ཀྱིས། །བདེ་སྐྱིད་དཔལ་ལ་སྦྱོར་བའི་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སོགས་བརྗོད་དོ། །ཞེས་ལྷ་ལྔའི་མཆོད་འཕྲིན་བསོད་ནམས་དཔལ་བསྐྱེད་འདི་ནི་ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ལ་གཞི་བྱས། དགེ་བཤེས་གྲ་པ་མངོན་ཤེས་དབང་ཕྱུག་འབར་གྱི་གཏེར་བྱོན་ནས་ཀྱང་ཁ་བཀང་། ལྷ་ལྔ་ངོས་འཛིན་ལུགས་མཐུན་མི་མཐུན་སྣ་ཚོགས་སྣང་བ་ཚེ་བདག་ལྕགས་སྡིག་དང་ལྕགས་འདྲ། ཡང་བཟློག་མེའི་སྤུ་གྲི །མན་ངག་སྲིད་པའི་གཏེར་ཁྱིམ་སོགས་ནས་ཀྱང་ཞིབ་མོར་དཔྱད་དེ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོའི་ལྷ་གསོལ་གྱི་ངག་འདོན་དུ་ཟ་ཧོར་སྔགས་སྨྱོན་གྱིས་ས་རྟ་ཧོར་ཟླ་བརྒྱད་པའི་ཡར་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །སརྦ་མངྒལཾ།། །།(༥ན)

ལྷ་རྣམས་མཉེས་པར་བྱེད་པའི་བསངས་མཆོད་བཀྲ་ཤིས་འཁྱིལ་བ།


GLG011_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་མཉེས་པར་བྱེད་པའི་བསངས་མཆོད་བཀྲ་ཤིས་འཁྱིལ་བ་བཞུགས་སོ། །(༡ན)


GLG011_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་དྲི་ལྡན་བསངས་མཆོད་པདྨའི་རྒྱུན། །མི་གཙང་ཉེས་ཚོགས་འཁྱུད་པའི་ཆོ་ག་མཁན། ཁུངས་ལྡན་མེས་པོའི་ཁོང་ལས་འདྲེན་བྱེད་པའི། །སྔོན་མེད་སྐལ་ལྡན་ཤིང་རྟ་འདི་སུས་བསྐྲུན། །རྒྱལ་ཀུན་ངོ་བོ་མཚོ་སྐྱེས་གསང་བའི་གསུང་། །རྡོ་རྗེའི་ཚིག་གི་བདུད་རྩི་ཕྲ་མོས་ཀྱང་། །རྒུད་པའི་འཆི་བདག་འཇོམས་ནུས་དེ་བོར་ནས། །ཡིག་ཧྲུལ་ངན་སྐྱུགས་འཐུང་ལས་བླུན་པ་སུ། །འོན་ཀྱང་ཁ་བའི་ལྗོངས་འདིར་རང་སྣང་ངོར། །ཆེར་རློམ་མཚན་རྒྱུའི་གཉིས་སྐྱེས་མང་པོ་ཡིས། །རང་བཟོའི་སྐད་ངན་བསྒྲགས་ལ་ཚངས་དབྱངས་ཞེས། །འཇུག་རྣམས་སྨིག་རྒྱུར་སྙོག་པའི་རི་དྭགས་བཞིན། །དེ་ཕྱིར་བདག་འདྲའི་བློ་གྲོས་བ་ཚའི་མཚོར། །ཤེས་རབ་དམན་པའི་སྐྱོགས་ཀྱིས་བཅུས་པའི་ཆུ། །དོན་གཉིས་མངར་བའི་འབྲས་བུར་རེ་བ་དག །ནམ་མཁའི་པདྨོར་ལག་པས་རིག་མིན་ནམ། །དེ་ལྟ་ནའང་དོན་གཉེར་ཅན་འགའ་ཡི། །ནན་ཏན་ཚིག་གི་དབྱུག་གུས་རབ་བསྐུལ་བས། །ཕུན་ཚོགས་སྙན་གྱུར་ཚངས་པའི་རྔ་བོ་ཆེ། །རྣམ་དཔྱོད་མགྲིན་པའི་ལམ་དུ་དར་དིར་སྒྲོག །ལྷ་རྣམས་མཉེས་བྱེད་བསང་མཆོད་ཀྱི། །བཅས་ཀྱི་རིམ་པ་ཉམས་(༡བ)


GLG011_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བསྟར་པར། །སྣ་ཚོགས་ལྗོན་ཤིང་སྨན་སྣ་དང་། །དཀར་གསུམ་མངར་གསུམ་ཕྱེ་མར་སྤོས། །རིན་ཆེན་འབྲུ་སྣ་ཤ་མར་ཆང་། །མཐུན་པའི་རྫས་ཀུན་ལེགས་བཤམས་ནས། །རང་ཉིད་བདེ་བའི་སྟན་འདུག་སྟེ། །མ་ཡེངས་ངང་ནས་གྱེར་བར་བྱ། སྐྱབས་འགྲོ་ནི། ཧཱུྃཿ བྱིན་རླབས་དངོས་གྲུབ་ཆར་འབེབས་བར་ཆད་སེལ། །དཔལ་ལྡན་རྩ་བ་གསུམ་གྱི་ལྷ་ཚོགས་ལ། །བདག་སོགས་འགྲོ་བ་མ་ལུས་དུས་འདི་ནས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིས། །སེམས་བསྐྱེད་པ་ནི། །ཧཱུཾ་ཕ་མཐའ་ཡོངས་བྲལ་འཁོར་བའི་རྒྱ་མཚོ་ཆེར། །མ་རིག་འཁྲུལ་པའི་ཀློང་དུ་འཁྱམས་པའི་འགྲོ །རིག་པའི་ངོ་བོར་རིན་ཆེན་གླིང་མཆོག་ཏུ། །བགྲོད་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཚོགས་ཞིང་ནི། །ཧཱུཾ་དག་པའི་མཁའ་དབྱིངས་འཇའ་ཟེར་འཁྲུག་པའི་ཀློང་། །ཡིད་བཞིན་འོ་མཚོར་འཁྱིལ་དབུས་པད་སྡོང་རྩེར། །ཉི་ཟླའི་གདན་སྟེང་དུས་གསུམ་རྒྱལ་བའི་གཙོ། །པདྨ་འབྱུང་གནས་ཁྲོ་ཆགས་ཞི་བའི་ཉམས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །གཡོན་པ་བདུད་རྩིས་གང་བའི་ཀ་པཱ་ལ། །ཁ་ཏྲཱཾ་རྩེ་གསུམ་སྐུ་ཡི་གཡོན་ཕྱོགས་བརྟེན། །གཉེན་ཞུ་རྒོད་སྒྲོ་མེ་ལོང་དར་སྣས་(༢ན)


GLG011_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས། །ཟ་བེར་བཟང་གོས་མཐིང་ཁ་སྣམ་སྦྱར་བརྩེགས། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་མོ་ཀྲུང་། །ཐབས་ཤེས་ཟུང་འཇུག་བདེ་སྟོང་ཕྱག་རྒྱའི་གཟུགས། །ཡིད་འཛིན་མཚོ་རྒྱལ་གཟུངས་མའི་ཚུལ་གྱིས་སྒེག །སྐྱབས་གནས་ཀུན་གྱི་ཐུགས་རྗེའི་རོལ་གར་ལས། །བཞིན་ལག་རྣམ་པར་ཤར་བ་མཚན་དཔེའི་གཟུགས། །ཐོགས་མེད་གཤེགས་པ་རིག་འཛིན་སློབ་དཔོན་ཆེའི། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་བཞུགས་སུ་གསོལ། །མི་ཕྱེད་དད་པའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །འཛད་མེད་ཀུན་ཏུ་བཟང་པོ་མཆོད་སྤྲིན་སྟོབ། །སྡིག་ལྟུང་ཉེས་པའི་ཚོགས་ཀུན་སོ་སོར་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུ་བསྐལ་བརྒྱར་མི་གཡོ་གསོལ་བ་འདེབས། །དུས་གསུམ་རྣམ་པར་དཀར་བའི་དགེ་བའི་ལས། །ཀུན་བཟང་གདོད་མའི་གོ་འཕང་ཐོབ་ཕྱིར་བསྔོ། །བསངས་རྫས་བྱིན་གྱིས་བརླབ་པ་ནི། །ཧཱུཾཿ རང་ཉིད་རྡོར་སེམས་སྤྱི་བོར་རིགས་ཀྱི་བདག །བླ་མ་ཀུན་བཟང་མཚན་དཔེའི་གར་མཁན་ཅན། །སྦྱོང་སྤེལ་བསྒྱུར་ཐོབ་ཚིམ་ཞིང་དབང་བྱེད་ལྷའི། །ཐུགས་ཀའི་ས་བོན་འོད་ཟེར་འཕྲོ་འདུ་ལས། །མི་མཐུན་ཉེས་པའི་སྐྱོན་ཚོགས་རབ་སྦྱངས་ཏེ། །འདོད་པའི་རེ་བ་མ་ལུས་སྐོང་གྱུར་ཅིག །ཨོཾ་ཤུདྷེ་ཤུདྷེ་ཤོདྷ་ན་ཡེ་སྭཱཧཱ། ཨོཾ་བཛྲ་ས་ཏྭ་ཧཱུཾ། ཨོཾ་སྭ་བྷཱ་ཝ་ཤུདྷ་སརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྷོ྅ཧཾ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏ་ཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ན་མཿསརྦ་ཏ་ཐ་ག་(༢བ)


GLG011_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་སམྦྷ་ར་ཧཱུཾ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་སྭ་མནྟ་སྥ་ར་ཎ་ར་སྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་དཱ་ཡ་ཛ་ལ་ནི་སྭཱཧཱ། །ན་མ་སྭམནྟ་བུདྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ན་མ་ཧཱ་ས་མ་ཡ་ཧཱུཾ་ཕཊཿ ཅེས་བརྗོད་ཅིང་ཕྱག་རྒྱ་རྣམས་བྱའོ། །གཞུང་དངོས་ལ་འཇུག་པའི་བདག་བསྐྱེད་ནི། ཧཱུཾ་པད་སྡོང་ཉི་ཟླ་བརྩེགས་སྟེང་བདག་ཉིད་ནི། །སྲིད་གསུམ་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ། །དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར་བའི་དབུས། །འཇིགས་མེད་ལྷུན་ཆགས་བརྗིད་པའི་ཚུལ་གྱིས་བཞུགས། །མགོན་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱི། །ཞིང་དག་པ་རབ་འབྱམས་པདྨ་འོད། །གནས་ཟངས་མདོག་དཔལ་རིའི་ཕོ་བྲང་ན། །རྗེ་རྒྱལ་བ་ཀུན་འདུས་པདྨ་འབྱུང་། །སྐུ་མཚན་དཔེའི་འཛུམ་འོད་མེ་རེ་རེ། །གསུང་ཚངས་པའི་དབྱངས་སྙན་དི་རེ་རེ། །ཐུགས་གསལ་སྟོང་འཛིན་མེད་ཧྲིགས་སེ་ཧྲིག །ལྷ་ཞི་ཁྲོའི་འགྱིང་བག་ཤིགས་སེ་ཤིག །ཡབ་དཔའ་བོའི་གར་སྟབས་ཁྲབ་སེ་ཁྲབ། །མ་དཔའ་མོའི་གླུ་ལེན་ཤ་ར་ར། །གྱིང་ཕོ་ཉའི་བྲོ་བརྡུངས་ཆེམ་སེ་ཆེམ། །མདངས་འཇའ་ཚོན་འོད་ལྔ་ཁྱུག་སེ་ཁྱུག །ཁྱེད་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །གནས་འདི་རུ་བྱིན་ཆེན་ཆར་ལྟར་ཕོབ། །རྫས་བསངས་མཆོད་ཀུན་ལ་ནུས་པ་སྐྱེད། །བདག་འདིར་ཚོགས་རྣམས་ལ་དངོས་གྲུབ་རྩོལ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། མགྲོན་སྤྱན་འདྲེན་པ་ནི། །ཧཱུཾ་ཐུགས་རྗེས་བྱིན་རླབས་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་རྩ་བ་ཡི་དམ་དཀྱིལ་འཁོར་ལྷ། །འཕྲིན་ལས་ཀུན་སྒྲུབ་དམ་ཅན་ཆོས་སྐྱོང་(༣ན)


GLG011_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། མཐུན་རྐྱེན་སྤེལ་མཛད་རིགས་བརྒྱུད་འགོ་བའི་ལྷ། །སྲིད་གསུམ་གནས་པའི་སྡེ་བརྒྱད་གཞི་བདག་སོགས། །མ་ལུས་སྤྱན་འདྲེན་ཐོགས་མེད་འདིར་གཤེགས་ལ། །རང་རང་དགྱེས་པའི་སྟན་ལ་བརྟན་པར་བཞུགས། །ཕྱི་ནང་མཆོད་ཚོགས་བསངས་ཀྱིས་མཉེས་གྱུར་ཅིག །བསངས་གྱེར་བ་ནི། ཧཱུཾཿ འགྱུར་མེད་མཁའ་ཁྱབ་ཆོས་སྐུ་སྤྲོས་བྲལ་ལ། །གསང་གསུམ་མི་ཟད་རྣམ་རོལ་ལོངས་སྤྱོད་རྫོགས། །ཐུགས་རྗེས་འགྲོ་ལ་ཅི་སྣང་སྤྲུལ་བའི་སྐུ། །འགྲོ་བའི་དབང་པོར་འཚམ་པའི་སྒྱུ་དྲའི་གར། །གཞོམ་ཞིག་བྲལ་བ་འཇའ་ལུས་རྡོ་རྗེའི་སྐུ། །འགག་པ་མེད་པའི་སྒྲ་དབྱངས་ནཱ་དའི་གསུང་། །ཤེས་བྱ་ཀུན་མཁྱེན་རང་རྩལ་རིགས་པའི་ཐུགས། །གདོད་ནས་རྣམ་དག་ལྷུན་གྲུབ་ཀུན་ཏུ་བཟང་། །མ་རིག་འཁྲུལ་ངོར་འཁོར་བའི་ཆུ་ནང་དུ། །ཕན་གནོད་བྱེད་པོར་བཏགས་པའི་འཇིག་རྟེན་ལྷ། །ཟླ་བ་གཅིག་ལས་ཤར་བའི་འབུམ་ཕྲག་གཟུགས། །ཇི་བཞིན་རང་གི་སེམས་ཀྱི་རོལ་བའི་རྩལ། །དག་དང་དག་བྱ་དག་བྱེད་ཡུལ་བྲལ་ཡང་། །སྒྱུ་མའི་སྐྱེས་བུའི་འཁྲུལ་འཁོར་ཇི་བཞིན་དུ། །མི་གཙང་ཉེས་པའི་ཚོགས་ཀུན་སེལ་བ་དང་། །དངོས་གྲུབ་རྩོལ་ཕྱིར་བསངས་ཀྱི་མཆོད་པ་འབུལ། །ཀྱཻ། ཀུན་དགའི་དཔལ་སྟེར་དཔྱིད་ཀྱི་ཕོ་ཉ་ཡིས། །ལེགས་དྲངས་ཆུ་འཛིན་གསར་བའི་ལང་ལོང་ཅན། །ལྷ་ལམ་འགྲམ་པའི་ངོས་སུ་འཁྲིགས་པ་དང་། །ལྷན་ཅིག་དབྱར་གྱི་རྔ་གསང་སྟོང་ལྡིར་ཞིང་། །མུན་སེལ་དམར་འོད་གློག་གི་ཞགས་པ་འཁྱུག །ནམ་ཡང་འཛད་པ་མེད་པའི་ཆར་རྒྱུན་གྱིས། །གསེར་ལྡན་དགའ་མའི་བཞིན་རས་ཡོངས་བཀྲུས་ཚེ། །རྩི་ཤིང་སྨན་མཆོག་སྒྲ་ཡི་ལན་བུ་གཡོ། །དྲི་(༣བ)


GLG011_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངད་ལྡན་རྐང་འཐུང་ཡལ་འདབ་དང་། །འབྲུ་མར་རིན་ཆེན་རྩི་བརྒྱུད་བསྲེགས་པ་ཡི། །དུད་པའི་སྤྲིན་ཚོགས་ལྷ་ཡི་ནུ་བོ་ལྟར། །མི་མཐུན་ཉེས་ཀུན་སེལ་བའི་ཆོ་ག་མཁན། །དེ་ཕྱིར་རྒྱལ་དབང་པདྨ་སམྦྷ་ཝས། །གངས་ཅན་བསྟན་པའི་སྒྲོན་མེ་སྤར་བའི་ཚེ། །བསངས་མཆོད་འཕྲིན་ལས་གྲངས་མེད་རྒྱས་བཏབ་སྟེ། །འཇིགས་མེད་སྒྲོམ་བུར་གསང་བའི་གཏེར་དུ་སྦས། །མགོན་དེར་མོས་ལྡན་རྡོ་རྗེའི་མཆེད་ལྕམ་རྣམས། །སྔོན་རབས་དམ་པའི་རྗེས་སུ་འཇུག་པའི་བློས། །ཀུན་བཟང་མཆོད་པའི་སྤྲིན་ལ་འགྲན་ནུས་པའི། །གུས་པའི་ལྷ་བསངས་མཆོད་པས་སྲི་ཞུར་བགྱི། ཀྱཻ། གསེར་གྱི་མདངས་ལ་འཁུ་བའི་ལོ་འདབ་ཚོགས། །གཡུར་དུ་ཟ་བའི་ལྗོན་ཤིང་སྟག་པས་བསངས། །གཡུ་ཡི་མདོག་ཅན་གནམ་སྔོན་བཞུན་མ་དག །འཁྱིལ་འདྲའི་འདབ་མ་རབ་རྒྱས་ཤུག་པས་བསངས། །རབ་དཀར་དུང་གི་མདངས་ལ་འགྲན་བཟོད་པའི། །ཕང་ཕུང་འདབ་མ་བཞད་པའི་མཁན་པས་བསངས། །མཆོང་གི་མདོག་ལྟར་རབ་དམར་ལོ་འདབ་ཀྱི། །ཕང་ཕུང་མཛེས་པར་རྒོད་པའི་བ་ལུས་བསངས། །བཟང་དྲུག་སྨན་དང་སྤོས་དཀར་མ་ནུ་དང་། །ཙན་དན་དཀར་དམར་ཨ་ཀ་རུ་ཡིས་བསངས། །བདུད་རྩི་ཅན་གྱི་ལྗོན་པའི་ཤིང་གི་ཚོགས། །ཕྱེ་མར་ཟས་ཕུད་འབྲུ་སྣའི་རིགས་ཀྱིས་བསངས། །དར་དང་ཟ་འོག་རིན་ཆེན་རྣམ་པ་ལྔ། །དཀར་གསུམ་མངར་གསུམ་ལ་སོགས་མཐུན་པའི་རྫས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །རང་རང་འདོད་པའི་དངོས་པོར་གྱུར་བས་བསངས། །ཀྱཻ། ཚེ་གཅིག་སངས་རྒྱས་སྒྲུབ་པ་ཟབ་མོའི་ཐེག །སྨིན་(༤ན)


GLG011_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དབང་དང་གྲོལ་བར་བྱེད་པའི་འཁྲིད། །རྒྱབ་རྟེན་ལུང་དང་རྒྱུད་བཤད་མན་ངག་དང་། །བཀའ་གཏད་གདམས་པ་རྩོལ་བའི་བྱེད་པ་པོ། ཁྱབ་བདག་ཐོག་མའི་མགོན་པོ་ནས་བཟུང་སྟེ། །དྲིན་ཅན་རྩ་བའི་བླ་མའི་བར་བྱོན་པའི། །རྒྱ་བོད་མཁས་དང་གྲུབ་པའི་རིག་འཛིན་ཚོགས། །དངོས་བརྒྱུད་རྡོ་རྗེ་སློབ་དཔོན་ཐམས་ཅད་བསངས། །སྡེ་སྣོད་གསུམ་དང་སྒྲ་ཚད་བཟོ་གསོ་སོགས། །གྲངས་མེད་རིག་པའི་གནས་རྣམས་སྟོན་མཁས་པའི། །འཕགས་ཡུལ་ཁ་བའི་ལྗོངས་འདིར་སྔོན་བྱུང་དང་། །ད་ལྟར་བྱོན་པའི་མཁས་གྲུབ་ཐམས་ཅད་བསངས། །ཁྱད་པར་ཆོས་ཀྱི་རྒྱལ་པོ་མེས་དབོན་ཚོགས། །དུས་གསུམ་སངས་རྒྱས་ངོ་བོ་པདྨ་འབྱུང་། །བསྟན་པའི་རྩ་ལག་མཁན་ཆེན་ཞི་བ་འཚོ། །བཀའ་དྲིན་མཚུངས་པ་མེད་པ་རྣམ་གསུམ་བསངས། །ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་ཡབ་སྲས་དང་། །བསྟན་པའི་མངའ་བདག་བརྩེ་ཆེན་སྙིང་པོའི་ཞབས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །ཕན་དང་བདེ་བའི་འབྱུང་གནས་རྣམ་གསུམ་བསངས། །ཀྱཻ། ལྷུན་གྲུབ་དབང་གཞུ་ལྟར་བཀྲ་མཚན་དཔེའི་གར། །བདེ་བར་གཤེགས་པ་རིགས་ལྔ་ལ་སོགས་པའི། །བཞི་བཅུ་རྩ་གཉིས་ལྷ་ཡི་འཁོར་ལོ་མཆོག །བཅོམ་ལྡན་ཞི་བའི་ལྷ་ཚོགས་ཐམས་ཅད་བསངས། །ཨིནྡྲ་ནཱི་ལའི་ལྷུན་པོ་དུས་མཐའི་མེས། །མངོན་པར་རབ་ཀླུབས་བདུད་གཞི་ལས་རྒྱལ་བ། །ལྔ་བཅུ་རྩ་བརྒྱད་འཇིགས་རུང་ཧེ་རུ་ཀ །ཁྲག་འཐུང་ཁྲོ་བོའི་ལྷ་ཡི་ཚོགས་ཀུན་བསངས། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཅན། །རྦོད་གཏོང་རིག་འཛིན་མཆོད་བསྟོད་དྲག་སྔགས་ལྷ། །བདེ་གཤེགས་རྒྱལ་(༤བ)


GLG011_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ལུས་རབ་འདུས་པའི། །གྲངས་མེད་དཀྱིལ་འཁོར་རྒྱ་མཚོ་ལྷ་ཚོགས་བསངས། །འཇམ་རྡོར་མི་བསྐྱོད་དགྲ་གདོང་འཇིགས་གསུམ་དང་། །བདེ་དགྱེས་དུས་འཁོར་ལ་སོགས་རྒྱུད་སྡེ་བཞིའི། །མཐའ་ཡས་བརྗོད་པར་དཀའ་བའི་དཀྱིལ་འཁོར་གྱི། །འཁོར་ལོའི་བདག་ཉིད་ལྷ་ཡི་ཚོགས་ཀུན་བསངས། །དུར་ཁྲོད་བརྒྱད་དང་ཉི་ཤུ་རྩ་བཞིའི་ཡུལ། །སུམ་ཅུ་རྩ་བདུན་གནས་དང་མཁའ་སྤྱོད་སོགས། །བགྲང་ཡས་ངོ་མཚར་ཞིང་ན་ལེགས་བཞུགས་པའི། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་བསངས། །ཀྱེ། རྒྱལ་བ་ཀུན་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ། །གདུལ་བྱའི་དོན་དུ་དབྱངས་ཅན་ངག་གི་ལྷ། །གདུག་པ་འདུལ་ཕྱིར་འདོད་ཁམས་དབང་ཕྱུག་མ། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་རྣམས་བསངས། །དཔལ་ལྡན་མ་ཧཱ་ཀཱ་ལ་ཕྱག་བཞི་དྲུག །རྣམ་མང་ཐོས་སྲས་ལས་ཀྱི་གཤིན་རྗེ་གཤེད། །དུར་ཁྲོད་བདག་པོ་ལེགས་ལྡན་མཆེད་གསུམ་དང་། ཏྲཀྴད་ཞང་བློན་རྡོ་རྗེ་བདུད་འདུལ་བསངས། །བསྟན་བསྲུང་རྒྱ་མཚོའི་སྡེ་དཔོན་རྡོ་རྗེ་གུར། །གནས་གསུམ་མཁའ་འགྲོའི་གཙོ་མོ་དུད་སོལ་མ། །སྟོབས་འཕྲོག་དབང་པོ་ལྷ་ཆེན་གདོང་བཞི་པ། །པུ་ཏྲ་མིང་སྲིང་བེག་གདོང་ལྕམ་དྲལ་བསངས། །མ་ནིང་ཨ་ཀ་ཛ་ཏི་དཔལ་ལྷ་མོ། །ཐང་ལྷ་སྟག་ཞོན་གཟའ་བདུད་བདུད་མགོན་དང་། སྤྲུལ་པའི་ཆོས་རྒྱལ་བཙན་རྒོད་རྡོ་རྗེ་ལེགས། །བསྟན་མ་བཅུ་གཉིས་ཚེ་རིང་མཆེད་ལྔ་བསངས། །ར་ས་འཕྲུལ་སྣང་དཔལ་གྱི་བསམ་ཡས་དང་། །མཐའ་འདུལ་ཡང་འདུལ་རུ་གནོན་གཙུག་ལག་ཁང་། །དབེན་གནས་ཆོས་འཁོར་མ་ལུས་སྐྱོང་བ་དང་། །ཆོས་དང་གཏེར་(༥ན)


GLG011_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བསྲུང་མ་མ་ལུས་བསངས། །རྗེ་ཡི་མགུར་ལྷ་འབངས་ཀྱི་སྲོག་ལྷ་དང་། །སྲིད་པ་ཆགས་པའི་ལྷ་ཆེན་དགུ་ལ་སོགས། །སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་སྐྱོང་བྱེད་པའི། །གཞི་བདག་བསྲུང་མ་མཐུ་ཆེན་མ་ལུས་བསངས། །རྒྱ་གར་ལི་བལ་རྒྱ་ནག་ཧོར་གྱི་ཡུལ། །མངའ་རིས་བསྐོར་གསུམ་དབུས་གཙང་རུ་བཞི་དང་། །མདོ་སྟོད་མདོ་སྨད་ལ་སོགས་འཛམ་གླིང་གི །ཡུལ་གྲུ་ཀུན་གྱི་གཞི་བདག་བསྲུང་མ་བསངས། ལྷ་ཀླུ་གནོད་སྦྱིན་མ་བདུད་དམུ་བཙན་དང་། །རྒྱལ་པོ་གཤིན་རྗེ་གཟའ་དང་རྒྱུ་སྐར་སོགས། །མདོར་ན་སྣང་ཞིང་སྲིད་པའི་ལྷ་མ་ཡིན། །སྡེ་བརྒྱད་བྲན་གཡོག་འཁོར་དང་བཅས་པ་བསངས། །ཀྱེ། ཁྱད་པར་བདག་ཅག་འཁོར་དང་བཅས་པ་ཡི། །བསམ་པའི་དོན་སྒྲུབ་རིགས་དང་བརྒྱུད་རྣམས་སྤེལ། །མི་འཛད་ནོར་སྟེར་རྒྱབ་རྟེན་མགོན་སྐྱབས་མཛད། །དཔའ་རྩལ་མཐུ་སྟོབས་སྐྱེད་པའི་ལྷ་རྣམས་བསངས། །དབང་པོ་ལྔ་ཡིས་སོ་སོའི་བྱེད་ལས་ཀྱིས། །ལས་རྣམས་ཐོགས་མེད་སྒྲུབ་ལ་དབང་བའི་ལྷ། །མགྱོགས་པའི་རྟ་དང་སྲ་བའི་གོ་ཆའི་ཚོགས། །རྣོན་པོའི་མཚོན་ཆར་གནས་པའི་དགྲ་ལྷ་བསངས། །མཐོ་ལ་ཞུ་འབུལ་དམའ་ལ་བཀའ་བསྒོ་ཞིང་། །མཉམ་པོར་གཤགས་འགྱེད་ཕྱོགས་སུ་དོན་གཉེར་དང་། །ཚོང་དང་ཁེ་ཕོགས་དམག་ཇག་འགྲུལ་བཞུད་སོགས། །བྱ་བ་ཀུན་ལ་དབང་བའི་ལྷ་རྣམས་བསངས། །འགོ་བའི་ལྷ་ལྔ་མི་ཐུབ་དགྲ་ལྷ་གསུམ། ཁང་ཁྱིམ་ཐབ་ཁ་མཁར་གྱི་རྩེ་ལྷ་དང་། །ཞིང་དང་ཕྱུགས་ལྷས་སྤོ་དང་ལམ་གྱི་ལྷ། །ཕ་མེས་མི་རབས་བརྒྱུད་ཀྱི་དགྲ་ལྷ་བསངས། །རྨུགས་རབས་བརྒྱུད་དང་རྨུགས་རབས་(༥བ)


GLG011_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་ལྷ། །སློབ་དཔོན་བརྒྱུད་ལ་འགོ་བའི་ལྷ་རྣམས་དང་། །འགྲོ་བའི་ལམ་དང་གཞིས་ཀྱི་སྲུང་མའི་ཚོགས། །རྒྱན་གོས་ལོངས་སྤྱོད་གྲོགས་ལ་གནས་པ་བསང་། །ཡར་ལྷ་ཤམ་པོ་གུང་རྒྱལ་སྤོམ་ར་དང་། །བརྒྱ་བྱིན་དཀར་ནག་ཁྲ་གསུམ་ཝེར་མའི་ཚོགས། །སེར་བྱའི་ལྷ་ལུང་རྣོ་མཐོང་སྟོན་པའི་ལྷ། །བདུད་ལྷ་སུམ་བརྒྱ་དྲུག་ཅུ་ལ་སོགས་བསངས། །ཡབ་ལྷ་དྲལ་དྲུག་མོ་བཙུན་རྒྱལ་མོ་མཐིང་། །འདོད་རིགས་སྨན་པ་བཅོ་བརྒྱད་མ་ཚོགས་སྟོང་། །སྟོང་དང་འབྱུང་བ་ཆགས་པའི་དགྲ་ལྷ་དང་། །ཨ་གར་དཀར་གྱི་སྲུང་མ་མ་ལུས་བསངས། །སྨུ་ལྷ་གྱེར་འཇོམ་ལྷ་བུ་གཡང་དཀར་དང་། །བོད་ཀྱི་མིའུ་གདུང་དྲུག་ཟོ་དོར་ལྷ། །ཐུགས་གར་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི། །མདོག་ནག་གཡུང་དྲུང་བོན་གྱི་ལྷ་རྣམས་བསངས། །ལོ་འཁོར་བཅུ་གཉིས་སྤར་ཁ་རྣམ་པ་བརྒྱད། །སྨེ་བ་དགུ་དང་ས་བདག་རྒྱལ་བློན་འབངས། །སྤོར་ཐང་བརྒྱད་ཅུ་སྤོར་གྱི་གཙུག་ལག་ལྷ། །གབ་རྩེ་དགུ་ལ་གནས་པའི་ལྷ་རྣམས་བསངས། །ཉིན་སྲིབ་རི་དང་ནགས་ཚལ་ལྟེང་ཀ་དང་། །ལམ་ཆེན་བཞི་མདོ་ཆུ་ཀླུང་ལྗོན་པའི་ཤིང་། །རང་བྱུང་བཅོས་མའི་མེ་དང་ལུང་ས་སོགས། །སོ་སོ་གནས་པའི་ཕྱོགས་འདིའི་གཞི་བདག་བསངས། །ཉམས་གྲིབ་བཤགས་པ་ནི། །དེ་ལྟར་རྩ་གསུམ་ཆོས་སྲུང་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་དགྲ་ལྷ་ལ་སོགས་པར། །གཙང་ཞིང་གྱ་ནོམ་མང་པོར་སྤེལ་བ་ཡི། །དག་བྱེད་བསངས་ཀྱི་མཆོད་པ་འདི་ཕུལ་བས། །གདོད་ནས་རྣམ་དག་གསལ་སྟོང་རིག་པའི་གཤིས། །མ་རིག་འཁྲུལ་(༦ན)


GLG011_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསླད་པའི་ནད་གདོན་བགེགས། །ཐག་ཁྲར་སྦྲུལ་དུ་མཐོང་བའི་དངངས་སྐྲག་བཞིན། །མེད་ཀྱང་མངོན་སུམ་སྣང་བའི་སྐྱོན་ཚོགས་རྣམས། །མཁའ་ཁྱབ་དོ་དམ་ཆོས་སྐུ་བདེ་བ་ཆེར། །ཆུ་ལ་ཆུ་བཞག་ལྟ་བུར་རོ་གཅིག་ཀྱང་། །ཀུན་རྫོབ་འཁྲུལ་ངོར་གྲུབ་པའི་ཉེས་པ་ཀུན། །དག་བྱེད་ཆུ་ཡིས་དྲི་མ་འཁྲུད་ལྟར་བཤགས། །ཁྱད་པར་བདག་ཅག་རྒྱུ་སྦྱོར་སྦྱིན་བདག་རྣམས། །སོ་ཐར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། །རིགས་འཛིན་སྔགས་ཀྱི་དམ་ཚིག་ཉམས་པའི་གྲིབ། །གདོལ་དང་དམེ་ཡུག་ཡ་བཤན་མཛེ་གྲིབ་དང་། །ལྷ་དང་མི་ལ་འཁོན་དང་རྩོད་པའི་གྲིབ། །དཀར་དམར་ཐབ་གཞོབ་བྱ་སྤྱོད་མི་མཁས་པའི། །མི་གཙང་རིགས་རྣམས་ལག་ཏུ་བསྟར་ཞིང་བཅངས། །ཟས་སུ་ཟོས་ཤིང་གོས་སུ་གྱོན་པ་དང་། །གནས་མལ་འཁོར་ནོར་ལོངས་སྤྱོད་བསྟན་པ་སོགས། །ལྗོན་ཤིང་མཐུན་རྫས་བསྲེགས་པའི་དུད་སྤྲིན་འདིས། །མ་ལུས་བྱང་ཞིང་རྣམ་པར་དག་གྱུར་ནས། །གངས་ཀྱི་རི་བོ་ལྟ་བུར་གསལ་གྱུར་ཅིག །ཕུན་ཚོགས་བཀྲ་ཤིས་དུས་བཟང་ཡར་གྱི་ངོར། །གཟའ་སྐར་དུས་སྦྱོར་ལེགས་པ་འཕྲོད་ཀྱི་དགེ །མཐུན་པའི་རྐྱེན་ཀུན་ཚང་བའི་གནས་མཆོག་འདིར། །བསངས་ཀྱིས་མཆོད་པའི་འབྲས་བུ་ལྷུན་གྲུབ་ཤོག །འཕྲིན་ལས་བཅོལ་བ་ནི། ཧྲཱིཿ བསངས་མཆོད་མཐུན་པའི་དམ་རྫས་རྒྱ་ཆེན་པོ། །དངོས་བཤམས་ཡིད་ཀྱི་སྤྲུལ་ཏེ་ཕུལ་བའི་མཐུས། །སྐྱབས་མཆོག་ངོ་བོ་རྩ་གསུམ་ལྷ་ཚོགས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །བསྲུང་མ་དམ་ཅན་སྡེ་བརྒྱད་ཚོགས་རྣམས་ཀྱིས། །བཅོལ་བའི་འཕྲིན་ལས་མ་ལུས་ཐོགས་(༦བ)


GLG011_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྒྲུབས། །ཡུལ་ལྷ་གཞི་བདག་འགོ་བའི་ལྷ་རྣམས་ཀྱིས། །བར་ཆད་སེལ་ཞིང་བསམ་པའི་རེ་བ་སྐོངས། །མདོར་ན་མཆོད་ཡུལ་དམ་པ་ཁྱེད་རྣམས་ཀྱིས། །བདག་ཅག་མི་ནོར་འཁོར་དང་བཅས་པ་ལ། །སེང་གེ་གླང་ཆེན་སྨྱོན་པ་མེ་སྦྲུལ་དང་། །ལྕགས་སྒྲོག་ཤ་ཟ་རྒྱ་མཚོ་ཆེན་པོ་སྟེ། །འཇིགས་ཆེན་བརྒྱད་དང་གདོན་བགེགས་ནད་རིམས་དགྲ། །དུས་མིན་འཆི་བདག་གཤིན་རྗེའི་ཞགས་པ་དག །ཁ་སྨྲ་མི་ཁ་གླེང་གཞི་འཐབ་རྩོད་སོགས། །བར་ཆད་མི་མཐུན་གཡུལ་ལས་རྒྱལ་བར་མཛོད། །རྒུད་པའི་མུན་སྟུག་རྫོགས་པའི་ཐུན་གསུམ་མཐར། ཤར་བའི་ལེགས་བྱས་སྐྱ་རེངས་ཀྱིས་དྲངས་པའི། །ཕན་བདེའི་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །ཞི་བའི་འཕྲིན་ལས་སྣང་བ་འབར་བར་མཛོད། །བསོད་ནམས་དུས་ལས་ཡོལ་མེད་རླབས་ཕྲེང་ཅན། །ཚེ་དཔལ་འབྱོར་བ་མི་ཟད་ཆུ་བོའི་གཏེར། །བསམ་པའི་རེ་བ་སྐོང་བའི་ཡིད་བཞིན་ནོར། །རྒྱས་པའི་འཕྲིན་ལས་རྒྱལ་མཚན་རྩེར་འགོད་མཛོད། །རེག་པས་གདུང་སེལ་ཡིད་དགའི་མཛའ་ན་མོ། །འགུག་བྱེད་ལྷོ་ཕྱོགས་རླུང་གི་རེག་བྱ་ཅན། །མཐོང་ན་མི་མཐུན་མེད་པའི་ཙན་དན་ཤིང་། །དབང་གི་འཕྲིན་ལས་དྲི་བསུང་འཐུལ་བར་མཛོད། །འཁུ་བའི་སེམས་ལྡན་ལྷ་མིན་དགའ་མའི་མངལ། །དྲག་སྦྱོར་རྡོ་རྗེའི་རྩེ་བརྒྱ་གདེངས་ཙམ་གྱིས། །བསོད་ནམས་དཔུང་དང་ལྷན་ཅིག་ལྟུང་བྱེད་པའི། །དྲག་པོའི་འཕྲིན་ལས་ལེགས་བྲིས་སྟོབས་ལྡན་མཛོད། །སྒྲིབ་གཉིས་སྒོ་ངའི་སྦུབས་ལས་རྣམ་གྲོལ་བའི། །ཚོགས་གཉིས་འདབ་ལྡན་ཀ་ལ་(༧ན)


GLG011_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པིངྐའི་བྱ། །རྣམ་པ་ཐམས་ཅད་མཁྱེན་པའི་མཁའ་དབྱིངས་སུ། །འཕུར་ནས་ཆོས་ཀྱི་དབྱངས་སྙན་སྒྲོག་པར་མཛོད། །ཕན་དང་བདེ་བའི་འབྱུང་གནས་ཐུབ་པའི་བསྟན། །བསྟན་འཛིན་སྐྱེས་བུ་འགྲོ་བའི་བདེ་སྐྱིད་ཀུན། །ཀུན་ནས་འཕེལ་ཞིང་རྒྱས་པ་དབྱར་གྱི་ཆུ། །ཆུ་གཏེར་ཆེན་པོའི་དཔལ་ལ་འགྲན་པར་མཛོད། །བློ་གྲོས་མཆོག་མངའ་སྐལ་བཟང་འགྲོ་བའི་མགོན། །མགོན་པོ་འཇམ་དབྱངས་དངོས་གྱུར་གྲགས་པའི་དཔལ། །དཔལ་ལྡན་རྒྱལ་བ་གཉིས་པའི་རིང་ལུགས་གང་། གང་ཞིག་སྲིད་མཐའི་བར་དུ་རྒྱས་པར་མཛོད། །བདེ་སྐྱིད་ཀུན་ཚང་ཀུན་ནས་དགའ་བའི་དཔྱིད། །གངས་ཅན་ཡུལ་གྲུ་ཡུལ་གྱི་སྙིང་པོ་ཆེར། །ཕན་བདེ་མ་ལུས་མ་སྨད་འབྱུང་བ་དང་། །དགའ་སྐྱིད་དབྱངས་སྙན་དབྱངས་སུ་ལེན་པར་མཛོད། །དགའ་བའི་དཔལ་ལྡན་ཕུན་ཚོགས་སྡེ་བཞིའི་དངོས། །དངོས་པོར་ལྷུན་གྲུབ་གྲུ་འཛིན་ཕོ་བྲང་མཆོག །མཆོག་ཏུ་རབ་བརྟན་མངའ་ཐང་ཆབ་སྲིད་དག །དག་བྱེད་གངྒའི་རྒྱུན་ལ་འགྲན་པར་མཛོད། །ཡངས་པའི་ས་ཆེན་ཆེན་པོའི་མདུན་ས་ན། །ཆོས་བཞིན་སྐྱོང་མཛད་མཛད་བཟང་དཔའ་རྟུལ་ཅན། །ས་སྤྱོད་མི་དབང་དབང་ཕྱུག་བརྒྱད་མངའ་བའི། །སྐུ་ཚེ་ཆབ་སྲིད་སྲིད་མཐར་རྒྱས་པར་མཛོད། །དུང་དུང་སྙིང་ནས་མི་ཕྱེད་གསོལ་འདེབས་ཤིང་། །ཡང་ཡང་མཆོད་ཅིང་བསྟོད་ན་བདག་སོགས་ཀུན། །འཇིགས་འཇིགས་བར་ཆད་དགྲ་ལས་རྣམ་རྒྱལ་ཞིང་། །འཛུམ་འཛུམ་དགྱེས་པའི་སྒོ་ནས་དངོས་གྲུབ་སྩོལ། །ཕྱྭ་གཡང་འགུག་པ་ནི། ཀྱེ། ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །འདོད་པའི་མཆོག་སྟེར་ཕྱྭ་དང་གཡང་གི་(༧བ)


GLG011_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་བཞིན། །དགའ་བའི་གར་དང་བཅས་སྟེ་ཐོགས་མེད་ཁུག །གསེར་མངལ་མགྲིན་སྔོན་འཁོར་ལོའི་ལག་པ་ཅན། །གྲགས་པའི་མུ་ཁྱུད་འཁོར་ལོས་སྒྱུར་བ་སོགས། །སྲིད་འདིར་མངོན་པར་མཐོ་བའི་ཚོགས་རྣམས་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ལེགས་བྲིས་ཚོགས་ཀྱི་འཆི་མེད་བཏུང་བ་དང་། །ཀླུ་དབང་གཙུག་གི་ཡིད་བཞིན་ནོར་བུ་མཆོག །མི་དབང་སྔོན་འགྲོའི་རྒྱལ་སྲིད་སྣ་བདུན་གྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །རིན་ཆེན་གདུགས་དཀར་གསེར་ཉ་བུམ་པ་བཟང་། །པདྨ་དུང་དཀར་གཡས་འཁྱིལ་དཔལ་བེའུ། །རྒྱལ་མཚན་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །རྣམ་འདྲེན་ཟས་གཙང་སྲས་པོས་བཀྲ་ཤིས་པའི། །དངོས་པོར་བྱིན་རླབས་དགེ་ལེགས་འབྱུང་བའི་སྒོ། །རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་རྫས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ཚེ་རིང་ནད་མེད་འདོད་པའི་དོན་ཀུན་གྲུབ། །སྟོབས་དང་མངའ་ཐང་འབྱོར་པ་ཕུན་སུམ་ཚོགས། །བདེ་ཞིང་སྐྱིད་པའི་དགའ་སྟོན་ཐམས་ཅད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ནོངས་པ་བཟོད་པར་གསོལ་བ་ནི། ཧཱུྃཿ རྨོངས་པའི་དབང་གིས་འཕྲིན་ལས་འཁྲུལ་པར་བྱེད། །མཆོད་པའི་དམ་རྫས་མ་ཚང་འབགས་པ་སོགས། །ཉེས་པའི་ཚོགས་ཀུན་སྙིང་ནས་བཤགས་བྱེད་ན། །བཟོད་པར་བཞེས་ཤིག་ཐུགས་རྗེ་ཆེ་ལྡན་རྣམས། །གཤེགས་སུ་གསོལ་བ་ནི། ཧཱུྃཿ ཆུ་ལས་ཆུ་བུར་རྡོལ་བ་(༨ན)


GLG011_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་དུ། །རིག་པའི་རྩལ་གྱིས་མགྲོན་དུ་བསུས་པ་རྣམས། །ངོ་བོ་གདོད་ནས་སྐྱེ་བ་མེད་པའི་ཀློང་། །རྣམ་པ་རང་རང་སོ་སོའི་གནས་སུ་གཤེགས། །བཛྲ་མུཿཤིས་པ་བརྗོད་པ་ནི། ཧཱུྃཿ ཡིད་བཞིན་ནོར་དང་བུམ་བཟང་འདོད་འཇོའི་བ། །དཔག་བསམ་ཤིང་ལྟར་འདོད་པའི་རེ་བ་ཀུན། །འབད་མེད་སྩོལ་མཛད་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཅི་རིགས་པ་བྱའོ། །སྨྲས་པ། ཁུངས་ལྡན་བསངས་གཞུང་ཟླ་བའི་མ་མ་ལས། བློ་གྲོས་ཨ་མྲའི་ཚི་གུས་བླང་བའི་ཆུ། རྣམ་གཡེང་སྐོམ་ཚད་ཀྱིས་གདུངས་འགའ་ཞིག་ལ། །ཕན་སྙམ་སྙིམ་པར་ཐོག་ནས་གར་བྱེད་དོ། །འགའ་ཞིག་ཚིག་གི་སྦྱོར་བ་རབ་མཁས་ཀྱང་། །བསངས་རྒྱར་བརྒྱགས་རྔན་དབྱེ་བ་མ་ཕྱེད་ཅིང་། །མཇུག་ཏུ་བསྒྲལ་བའི་མཆོད་པ་སྦྱར་བ་སོགས། །འཁྲུལ་བར་བྱེད་པའི་རིང་ལུགས་ཁོ་ནར་ངེས། །ལ་ལ་ཕྱོགས་འདིའི་བརྡ་ལ་མ་བྱང་བར། །རང་བཟོར་བྱས་པའི་ཚིག་གི་ཕྲེང་བ་དག །རྨོངས་པའི་གོ་སར་མཛེས་ཀྱང་ཚུལ་འདི་ཉིད། །ཤེས་པས་མཐོང་ཚེ་ཁྲེལ་བའི་གད་མོ་བྲོ། ཁ་ཅིག་གྲོང་པའི་གསོན་དགེའི་གྲལ་རིམ་ལྟར། །པར་བཀབ་ཏི་ཐུག་ཁྲིགས་ཀྱི་ཡི་གེ་དག །སོས་ཀྱི་ཉེ་རིང་འབུལ་བའི་གཡར་ཁྲལ་ལས། །ཡང་དག་དོན་གྱིས་སྟོང་པའི་བྲག་ཅ་བཞིན། །སྤངས་རྟོགས་ཡོན་ཏན་ཕ་མཐའ་གཞལ་དཀའ་བས། །ཡེ་ཤེས་ལྷ་ཡི་ཚད་བཟུང་ག་ལ་ནུས། །གྱ་གྱུའི་སེམས་ཀྱི་རོལ་པ་མཐའ་ཀླས་པས། །འཇིག་རྟེན་ལྷ་འདྲེའི་གྲངས་ཀྱང་གཞལ་ནུས་སུ། །དེ་ཕྱིར་མ་ཚང་ཟློས་དང་འགལ་བ་སོགས། །སྐྱོན་བྲལ་བདག་བློས་སྒྲུན་པར་མི་ནུས་ཀྱང་། །མཁས་གྲུབ་དམ་པའི་ཕྱག་བཞེས་མཐོང་བརྒྱུད་ལས། །(༨བ)


GLG011_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་འདོད་པ་ཇི་བཞིན་ཉུང་ངུར་བྱས། །དེ་སྐད་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །འཁོན་སྟོན་ཆོས་རྗེའི་ཞབས་ཟུང་མནྡ་ར། །མི་ཕྱེད་དད་པའི་ཐོད་དུ་ལེགས་འཆིང་བའི། །ཟ་ཧོར་རིགས་ཀྱིས་བྷུ་སུ་ཀུ་དེས་སྦྱར། །རྨད་བྱུང་རྣམ་པར་དག་པའི་དགེ་ཚོགས་ཆུས། །འགྲོ་ཀུན་དུག་གསུམ་དྲི་མ་ཀུན་བཀྲུས་ཏེ། །ཚོགས་གཉིས་ལང་ཚོ་དར་བའི་མཛེས་སྡུག་ལུས། །ཀུན་མཁྱེན་ཡེ་ཤེས་གོས་ཀྱིས་ཀླུབས་པར་ཤོག །རྒྱལ་བ་ཀུན་དངོས་པདྨ་ཐོད་ཕྲེང་རྩལ་གྱི་གསུང་ལས་བྱུང་བའི་བསངས་ཡིག་རྡོ་རྗེའི་ཚིག་རྣམས་བྱིན་རླབས་ཀྱི་ཚན་ཁ་ཆེ་བཞིན་དུ། བདག་དང་བདག་འདྲས་གཡར་ཁྲལ་དུ་བགྱིས་པའི་རིགས་འདི་འདྲ་ལ་དགོས་པ་མི་འདུག་ནའང་། བོད་སོག་གི་སྐད་གཉིས་སྨྲ་ཞིང་མང་དུ་ཐོས་པ་ལ་དགའ་བའི་དཔྱོད་ལྡན། མེརྒན་དཀའ་བཅུ་ཤེས་རབ་རྒྱ་མཚོ་དང་། ཆེ་ཆེན་དབོན་པོ་བློ་བཟང་ཆོས་འཕེལ་གཉིས་ཀྱིས་ནན་དུ་བསྐུལ་བ་ལ་བརྟེན། བསངས་ཀྱི་ཡི་གེ་བཀྲ་ཤིས་འཁྱིལ་བ་ཞེས་བྱ་བ་འདི་ནི། སློབ་དཔོན་ཆེན་པོས་མཛད་པའི་བསངས་གཞུང་ལྷོ་བྱང་གི་གཏེར་ཁ་དུ་མ་ལས་བྱུང་བ་ལ་གཞི་བྱས། འཁྱེར་བདེ་བའི་ཕྱིར་དུ་བདག་ཆེན་རིན་པོ་ཆེ་རྒྱ་གར་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ཡིག་ཆ་དང་འགའ་ཞིག་ཆ་མཐུན་པར་བྱས་ཏེ། ཟ་ཧོར་གྱི་རིགས་ལས་ཨ་ཝ་དྷཱུ་ཏི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ཆུ་འགོ་བཀྲ་ཤིས་འཁྱིལ་བ་དང་ཟུང་དུ་འབྲེལ་བའི་ལྷ་རྩེ་གཞུང་དུ་སྦྱར་བའི་ཡི་གེ་པ་ནི་སྨོན་འགྲོ་པཎ་ཆེན་ནོ། །ཤུབྷ་མགྷུ་སརྦ་ཛ་ག་ཏེ།། །།(༩ན)

རྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་ཀྱི་ཡི་གེ་དངོས་གྲུབ་ཆར་འབེབས།


GLG011_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་ཀྱི་ཡི་གེ་དངོས་གྲུབ་ཆར་འབེབས་བཞུགས། (༡ན)


GLG011_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ཞབས་པད་ཟླ་ཚེས་གང་། །དད་པའི་བདེ་འབྱུང་རལ་པའི་རྩེར། །བཀོད་ནས་ཡུལ་དུས་གནས་སྐབས་དང་། །བསྟུན་པའི་བསངས་མཆོད་བྲི་བར་བྱ། །བསངས་བྱ་བའི་རིམ་པ་ལ་བསངས་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར་ཨ་ཝ་རྟ་ཡ་ཧོ་བཛྲ་སྥ་ར་ཎ་ཁཾ། ཞེས་པའི་སྔགས་ལན་གསུམ་གྱིས་བྱིན་གྱིས་བརླབ། མགྲོན་སྤྱན་དྲང་བ་ནི། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་དང་། །ཡུལ་དང་གཞི་བདག་འགོ་བའི་ལྷ་ལྔ་སོགས། །བསངས་ཀྱི་མཆོད་པའི་མགྲོན་དུ་འོས་པ་ཀུན། །ཐོགས་མེད་འདིར་གཤེགས་དགྱེས་པའི་སྟན་ལ་བཞུགས། །པདྨ་ཀ་མ་ལ་ཡེ་སྟྭཾ། མཆོད་པ་འབུལ་བ་ནི། འདོད་པའི་ཡོན་ཏན་ལྔ་དང་རབ་ལྡན་པའི། །རང་རང་དགྱེས་པ་སྐྱེད་པའི་མཆོད་པའི་སྤྲིན །ས་དང་བར་སྣང་མ་ལུས་ཡོངས་བཀང་སྟེ། །གུས་པས་འབུལ་ལོ་དགྱེས་བཞིན་བཞེས་སུ་གསོལ། །བསངས་མཆོད་དངོས་ནི། སྣ་ཚོགས་ལྗོན་ཤིང་ཕྱི་མར་འབྲུ་སྣ་སོགས། །བསྲེགས་པའི་དུད་སྤྲིན་ནམ་མཁའི་ཁྱོན་གང་བས། །དཀོན་མཆོག་གསུམ་དང་འཇིག་རྟེན་སྲུང་མ་རྣམས། །བསངས་སོ་ཉེས་པའི་ཚོགས་ཀུན་བྱང་གྱུར་ཅིག །དུས་གསུམ་སངས་རྒྱས་དེ་སྲས་བྱང་སེམས་(༡བ)


GLG011_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །ཉན་ཐོས་རང་རྒྱལ་དྲང་སྲོང་གྲུབ་པ་སོགས། །སྤངས་དང་རྟོགས་པའི་ཡོན་ཏན་རབ་ལྡན་པའི། །སྐྱབས་མགོན་ཐུགས་རྗེའི་བདག་ཉིད་མ་ལུས་བསངས། །རྩ་བ་བརྒྱུད་པའི་བླ་མ་དམ་པ་དང་། །ཡི་དམ་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ཅན། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང་། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས་ཀུན་བསངས། །རྒྱ་ནག་ཕོ་བྲང་པེ་ཅིང་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཁཱེང་པན་ཡོ་ལ་གནས་པ་ཡི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ཕྱོགས་ཕོ་བྲང་ནན་ཅིང་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཤན་ཤིའི་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག ཁྱད་པར་ཁཱུ་པན་ཡོ་དང་ཧུའང་དུའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཤར་སྨད་བུ་ཅིང་ཅཱི་ཅང་ཞིག་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ཕྱོགས་བུ་ཅིང་ཀྱང་ཤིའི་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་སྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་སྨད་བུ་ཅིང་ཧཱུ་ཀུའང་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཁིའང་ཕན་ཡོ་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཟེ་ཆུའན་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཆུ་བོ་ཀཱིང་དུ་(༢ན)


GLG011_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཤར་ལྷོ་བུ་ཅིང་ཕུ་ཅཱེན་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ཕྱོགས་བུ་ཅིང་ཀུའང་དུང་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་སྟོད་བུ་ཅིང་ཀུའང་ཤི་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ནུབ་བྱང་ཕོ་བྲང་པན་ཤིའི་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་རི་བོ་རྩེ་ལྔར་གནས་པ་ཡི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཤར་སྨད་བུ་ཅིང་པན་དུང་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཐའི་པན་ཡོ་ལ་གནས་པ་ཡི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་སྨད་བུ་ཅིང་ཧའོ་ནན་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཟུང་པན་ཡོ་དང་ཅིའི་དུ་དང་། །ཧཱུའི་དུའི་ལྷ་ཀླུ་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཡུའ་ནན་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཀུའི་ཅིའོའི་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེ་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །(༢བ)


GLG011_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཡེན་དེན་ལཱོ་དུང་མུག་དེན་ཡུལ་གྱི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །རི་བོ་དཀར་པོར་གྲགས་པ་ལ་སོགས་པའི། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལོ་ཧ་ཤི་ར་མུ་རེན་ཨུ་ནེ་གེན། །མུ་རིན་ལ་སོགས་ཆུ་བོ་ཆེན་པོ་ལ། །གནས་ཤིང་རྒྱུ་བའི་ལྷ་དང་འབྱུང་པོའི་ཚོགས། །ཆུ་བདག་ཀླུ་ཡི་དབང་པོར་བཅས་པ་བསངས། །ཨ་ལ་ཤ་དང་ཨར་བུས་ཁ་རོ་ཁན། །ཤང་དུ་ཁའི་བུ་ལ་སོགས་རྒྱ་ཧོར་དང་། སོག་པོའི་ཡུལ་གྱི་མཁར་དང་རི་བྲག་མཚོར། །གནས་པའི་གཞི་བདག་འབྱུང་པོ་མ་ལུས་བསངས། །མདོར་ན་བདག་སོགས་འཁོར་དང་བཅས་རྣམས་དང་། །ལུས་དང་གྲིབ་མ་བཞིན་དུ་རབ་འགྲོགས་ནས། །སྟོངས་གྲོགས་དཔུང་གཉེན་བྱེད་པའི་ལྷ་ཚོགས་རྣམས། །བསངས་ཀྱི་མཆོད་པས་མཉེས་ཤིང་ཚིམ་གྱུར་ཅིག །དངོས་གྲུབ་ཞུ་བ་ནི། དེ་རིང་གནམ་ལ་བཀྲ་ཤིས་གཟའ་སྐར་བཟང་། །ས་ལ་ཁྲི་གདུགས་ཉི་མའི་འོད་ཀྱང་དྲོ། །བར་དུ་མི་ནོར་ཁང་ཞིང་ལོངས་སྤྱོད་འཛོམ། །ཕུན་ཚོགས་བཀྲ་ཤིས་དག་པའི་གནས་མཆོག་འདིར། །ཚངས་པ་བརྒྱ་བྱིན་ཀླུ་དབང་གནོད་སྦྱིན་དང་། །འཁོར་ལོས་སྒྱུར་སོགས་སྲིད་འདིར་མངོན་མཐོ་བའི། །ཚེ་དཔལ་བསོད་ནམས་འདོད་དགུ་ལོངས་སྤྱོད་སོགས། །སྙན་གྲགས་དཔལ་འབྱོར་ཕྱྭ་དང་གཡང་དུ་སྩོལ། །མཆོད་པའི་ཡུལ་དུ་བོས་པའི་མགྲོན་རྣམས་ཀུན། །དགའ་ཞིང་ཚིམ་(༣ན)


GLG011_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་རང་གནས་སུ་གཤེགས། །སླར་ཡང་དུས་སུ་བྱོན་ནས་བདག་སོགས་ཀྱི། མགོན་སྐྱབས་དཔུང་གཉེན་དམ་པ་མཛད་དུ་གསོལ། །བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་དང་། །མཐུ་ལྡན་སྲུང་མ་ཡུལ་ལྷ་གཞི་བདག་གིས། །ཕུན་ཚོགས་རྣམ་པར་དཀར་བའི་བཀྲ་ཤིས་ཀྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་དགེ་ལེགས་སྩོལ། །ཅེས་རྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་མཆོད་དངོས་གྲུབ་ཆར་འབེབས་ཞེས་པ་འདི་ནི། །དཀོན་མཆོག་གསུམ་ལ་ངེས་ཤེས་ཀྱི་དང་བའི་བློ་ལྡན་ཁི་ཤིག་ཆིང་དབང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར།། །།(༣བ)

མི་མཐུན་ཉེས་ཀུན་སེལ་ཞིང་ལེགས་ཚོགས་ཅི་འདོད་འགྲུབ་པའི་བསངས་ཡིག་གི་རིམ་པ་མི་འཛད་མཆོད་སྤྲིན་སྒོ་འབྱེད།


GLG011_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་ཉེས་ཀུན་སེལ་ཞིང་ལེགས་ཚོགས་ཅི་འདོད་འགྲུབ་པའི་བསངས་ཡིག་གི་རིམ་པ་མི་འཛད་མཆོད་སྤྲིན་སྒོ་འབྱེད་ཅེས་བྱ་བ་བཞུགས། (༡ན)


GLG011_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་དྲི་ལྡན་བསངས་མཆོད་པདྨའི་རྒྱུན། །མི་གཙང་ཉེས་ཚོགས་འཁྱུད་པའི་ཆོ་ག་མཁན། ཁུངས་ལྡན་མེས་པོའི་ཁོང་ལས་འདྲེན་བྱེད་པའི། །སྔོན་མེད་སྐལ་ལྡན་ཤིང་རྟ་འདི་སུས་བསྐྲུན། །རྒྱལ་ཀུན་ངོ་བོ་མཚོ་སྐྱེས་གསང་བའི་གསུང་། །རྡོ་རྗེའི་ཚིག་གི་བདུད་རྩི་ཕྲ་མོས་ཀྱང་། །རྒུད་པའི་འཆི་བདག་འཇོམས་ནུས་དེ་བོར་ནས། །ཡིག་ཧྲུལ་ངན་སྐྱུགས་འཐུང་ལས་བླུན་པ་སུ། །འོན་ཀྱང་ཁ་བའི་ལྗོངས་འདིར་རང་སྣང་ངོར། །ཆེར་རློམ་མཚན་རྒྱུའི་གཉིས་སྐྱེས་མང་པོ་ཡིས། །རང་བཟོའི་སྐད་ངན་བསྒྲགས་ལ་ཚངས་དབྱངས་ཞེས། །འཇུག་རྣམས་སྨིག་རྒྱུར་སྙོག་པའི་རི་དྭགས་བཞིན། །དེ་ཕྱིར་བདག་འདྲའི་བློ་གྲོས་བ་ཚའི་མཚོར། །ཤེས་རབ་དམན་པའི་སྐྱོགས་ཀྱིས་བཅུས་པའི་ཆུ། །དོན་གཉིས་མངར་བའི་འབྲས་བུར་རེ་བ་དག །ནམ་མཁའི་པདྨོར་ལག་པས་རིག་མིན་ནམ། །དེ་ལྟ་ནའང་དོན་གཉེར་ཅན་འགའ་ཡི། །ནན་ཏན་ཚིག་གི་དབྱུག་གུས་རབ་བསྐུལ་བས། །ཕུན་ཚོགས་སྙན་གྱུར་ཚངས་པའི་རྔ་བོ་ཆེ། །རྣམ་དཔྱོད་མགྲིན་པའི་ལམ་དུ་དར་དིར་སྒྲོག །ལྷ་རྣམས་མཉེས་བྱེད་བསང་མཆོད་(༡བ)


GLG011_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །བཅས་ཀྱི་རིམ་པ་ཉམས་བསྟར་པར། །སྣ་ཚོགས་ལྗོན་ཤིང་སྨན་སྣ་དང་། །དཀར་གསུམ་མངར་གསུམ་ཕྱེ་མར་སྤོས། །རིན་ཆེན་འབྲུ་སྣ་ཤ་མར་ཆང་། །མཐུན་པའི་རྫས་ཀུན་ལེགས་བཤམས་ནས། །རང་ཉིད་བདེ་བའི་སྟན་འདུག་སྟེ། །མ་ཡེངས་ངང་ནས་གྱེར་བར་བྱ། སྐྱབས་འགྲོ་ནི། ཧཱུྃཿ བྱིན་རླབས་དངོས་གྲུབ་ཆར་འབེབས་བར་ཆད་སེལ། །དཔལ་ལྡན་རྩ་བ་གསུམ་གྱི་ལྷ་ཚོགས་ལ། །བདག་སོགས་འགྲོ་བ་མ་ལུས་དུས་འདི་ནས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིས། །སེམས་བསྐྱེད་པ་ནི། །ཧཱུཾ་ཕ་མཐའ་ཡོངས་བྲལ་འཁོར་བའི་རྒྱ་མཚོ་ཆེར། །མ་རིག་འཁྲུལ་པའི་ཀློང་དུ་འཁྱམས་པའི་འགྲོ །རིག་པའི་ངོ་བོར་རིན་ཆེན་གླིང་མཆོག་ཏུ། །བགྲོད་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཚོགས་ཞིང་ནི། །ཧཱུཾ་དག་པའི་མཁའ་དབྱིངས་འཇའ་ཟེར་འཁྲུག་པའི་ཀློང་། །ཡིད་བཞིན་འོ་མཚོར་འཁྱིལ་དབུས་པད་སྡོང་རྩེར། །ཉི་ཟླའི་གདན་སྟེང་དུས་གསུམ་རྒྱལ་བའི་གཙོ། །པདྨ་འབྱུང་གནས་ཁྲོ་ཆགས་ཞི་བའི་ཉམས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །གཡོན་པ་བདུད་(༢ན)


GLG011_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་གང་བའི་ཀ་པཱ་ལ། །ཁ་ཏྲཱཾ་རྩེ་གསུམ་སྐུ་ཡི་གཡོན་ཕྱོགས་བརྟེན། །གཉེན་ཞུ་རྒོད་སྒྲོ་མེ་ལོང་དར་སྣས་མཛེས། །ཟ་བེར་བཟང་གོས་མཐིང་ཁ་སྣམ་སྦྱར་བརྩེགས། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་མོ་ཀྲུང་། །ཐབས་ཤེས་ཟུང་འཇུག་བདེ་སྟོང་ཕྱག་རྒྱའི་གཟུགས། །ཡིད་འཛིན་མཚོ་རྒྱལ་གཟུངས་མའི་ཚུལ་གྱིས་སྒེག །སྐྱབས་གནས་ཀུན་གྱི་ཐུགས་རྗེའི་རོལ་གར་ལས། །བཞིན་ལག་རྣམ་པར་ཤར་བ་མཚན་དཔེའི་གཟུགས། །ཐོགས་མེད་གཤེགས་པ་རིག་འཛིན་སློབ་དཔོན་ཆེའི། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་བཞུགས་སུ་གསོལ། །མི་ཕྱེད་དད་པའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །འཛད་མེད་ཀུན་ཏུ་བཟང་པོ་མཆོད་སྤྲིན་སྟོབ། །སྡིག་ལྟུང་ཉེས་པའི་ཚོགས་ཀུན་སོ་སོར་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུ་བསྐལ་བརྒྱར་མི་གཡོ་གསོལ་བ་འདེབས། །དུས་གསུམ་རྣམ་པར་དཀར་བའི་དགེ་བའི་ལས། །ཀུན་བཟང་གདོད་མའི་གོ་འཕང་ཐོབ་ཕྱིར་བསྔོ། །བསངས་རྫས་བྱིན་གྱིས་བརླབ་པ་ནི། །ཧཱུཾཿ རང་ཉིད་རྡོར་སེམས་སྤྱི་བོར་རིགས་ཀྱི་བདག །བླ་མ་ཀུན་བཟང་མཚན་དཔེའི་གར་མཁན་ཅན། །སྦྱོང་སྤེལ་བསྒྱུར་ཐོབ་ཚིམ་ཞིང་དབང་བྱེད་ལྷའི། །ཐུགས་ཀའི་ས་བོན་འོད་ཟེར་འཕྲོ་འདུ་ལས། །མི་མཐུན་ཉེས་པའི་སྐྱོན་ཚོགས་རབ་སྦྱངས་ཏེ། །འདོད་པའི་རེ་བ་མ་ལུས་སྐོང་གྱུར་ཅིག །ཨོཾ་ཤུདྷེ་ཤུདྷེ་ཤོདྷ་ན་ཡེ་སྭཱཧཱ། ཨོཾ་བཛྲ་ས་ཏྭ་ཧཱུཾ། ཨོཾ་སྭ་བྷཱ་ཝ་ཤུདྷ་སརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྷོ྅ཧཾ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏ་ཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ན་མཿསརྦ་ཏ་ཐ་ག་ཏ་ཨ་ཝ་ལོ་ཀི་ཏེ། (༢བ)


GLG011_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སམྦྷ་སམྦྷ་ར་ཧཱུཾ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་སྭ་མནྟ་སྥ་ར་ཎ་ར་སྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་དཱ་ཡ་ཛ་ལ་ནི་སྭཱཧཱ། །ན་མ་སྭམནྟ་བུདྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ན་མ་ཧཱ་ས་མ་ཡ་ཧཱུཾ་ཕཊཿ ཅེས་བརྗོད་ཅིང་ཕྱག་རྒྱ་རྣམས་བྱའོ། །གཞུང་དངོས་ལ་འཇུག་པའི་བདག་བསྐྱེད་ནི། ཧཱུཾ་པད་སྡོང་ཉི་ཟླ་བརྩེགས་སྟེང་བདག་ཉིད་ནི། །སྲིད་གསུམ་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ། །དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར་བའི་དབུས། །འཇིགས་མེད་ལྷུན་ཆགས་བརྗིད་པའི་ཚུལ་གྱིས་བཞུགས། །མགོན་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱི། །ཞིང་དག་པ་རབ་འབྱམས་པདྨ་འོད། །གནས་ཟངས་མདོག་དཔལ་རིའི་ཕོ་བྲང་ན། །རྗེ་རྒྱལ་བ་ཀུན་འདུས་པདྨ་འབྱུང་། །སྐུ་མཚན་དཔེའི་འཛུམ་འོད་མེ་རེ་རེ། །གསུང་ཚངས་པའི་དབྱངས་སྙན་དི་རེ་རེ། །ཐུགས་གསལ་སྟོང་འཛིན་མེད་ཧྲིགས་སེ་ཧྲིག །ལྷ་ཞི་ཁྲོའི་འགྱིང་བག་ཤིགས་སེ་ཤིག །ཡབ་དཔའ་བོའི་གར་སྟབས་ཁྲབ་སེ་ཁྲབ། །མ་དཔའ་མོའི་གླུ་ལེན་ཤ་ར་ར། །གྱིང་ཕོ་ཉའི་བྲོ་བརྡུངས་ཆེམ་སེ་ཆེམ། །མདངས་འཇའ་ཚོན་འོད་ལྔ་ཁྱུག་སེ་ཁྱུག །ཁྱེད་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །གནས་འདི་རུ་བྱིན་ཆེན་ཆར་ལྟར་ཕོབ། །རྫས་བསངས་མཆོད་ཀུན་ལ་ནུས་པ་སྐྱེད། །བདག་འདིར་ཚོགས་རྣམས་ལ་དངོས་གྲུབ་རྩོལ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། མགྲོན་སྤྱན་འདྲེན་པ་ནི། །ཧཱུཾ་ཐུགས་རྗེས་བྱིན་རླབས་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་རྩ་བ་ཡི་དམ་དཀྱིལ་འཁོར་ལྷ། །འཕྲིན་ལས་ཀུན་སྒྲུབ་དམ་ཅན་ཆོས་སྐྱོང་ཚོགས། མཐུན་རྐྱེན་སྤེལ་མཛད་རིགས་བརྒྱུད་འགོ་བའི་ལྷ། །སྲིད་གསུམ་གནས་པའི་སྡེ་བརྒྱད་གཞི་བདག་སོགས། །མ་ལུས་སྤྱན་འདྲེན་ཐོགས་མེད་འདིར་གཤེགས་(༣ན)


GLG011_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རང་རང་དགྱེས་པའི་སྟན་ལ་བརྟན་པར་བཞུགས། །ཕྱི་ནང་མཆོད་ཚོགས་བསངས་ཀྱིས་མཉེས་གྱུར་ཅིག །བསངས་གྱེར་བ་ནི། ཧཱུཾཿ འགྱུར་མེད་མཁའ་ཁྱབ་ཆོས་སྐུ་སྤྲོས་བྲལ་ལ། །གསང་གསུམ་མི་ཟད་རྣམ་རོལ་ལོངས་སྤྱོད་རྫོགས། །ཐུགས་རྗེས་འགྲོ་ལ་ཅི་སྣང་སྤྲུལ་བའི་སྐུ། །འགྲོ་བའི་དབང་པོར་འཚམ་པའི་སྒྱུ་དྲའི་གར། །གཞོམ་ཞིག་བྲལ་བ་འཇའ་ལུས་རྡོ་རྗེའི་སྐུ། །འགག་པ་མེད་པའི་སྒྲ་དབྱངས་ནཱ་དའི་གསུང་། །ཤེས་བྱ་ཀུན་མཁྱེན་རང་རྩལ་རིགས་པའི་ཐུགས། །གདོད་ནས་རྣམ་དག་ལྷུན་གྲུབ་ཀུན་ཏུ་བཟང་། །མ་རིག་འཁྲུལ་ངོར་འཁོར་བའི་ཆུ་ནང་དུ། །ཕན་གནོད་བྱེད་པོར་བཏགས་པའི་འཇིག་རྟེན་ལྷ། །ཟླ་བ་གཅིག་ལས་ཤར་བའི་འབུམ་ཕྲག་གཟུགས། །ཇི་བཞིན་རང་གི་སེམས་ཀྱི་རོལ་བའི་རྩལ། །དག་དང་དག་བྱ་དག་བྱེད་ཡུལ་བྲལ་ཡང་། །སྒྱུ་མའི་སྐྱེས་བུའི་འཁྲུལ་འཁོར་ཇི་བཞིན་དུ། །མི་གཙང་ཉེས་པའི་ཚོགས་ཀུན་སེལ་བ་དང་། །དངོས་གྲུབ་རྩོལ་ཕྱིར་བསངས་ཀྱི་མཆོད་པ་འབུལ། །ཀྱཻ། ཀུན་དགའི་དཔལ་སྟེར་དཔྱིད་ཀྱི་ཕོ་ཉ་ཡིས། །ལེགས་དྲངས་ཆུ་འཛིན་གསར་བའི་ལང་ལོང་ཅན། །ལྷ་ལམ་འགྲམ་པའི་ངོས་སུ་འཁྲིགས་པ་དང་། །ལྷན་ཅིག་དབྱར་གྱི་རྔ་གསང་སྟོང་ལྡིར་ཞིང་། །མུན་སེལ་དམར་འོད་གློག་གི་ཞགས་པ་འཁྱུག །ནམ་ཡང་འཛད་པ་མེད་པའི་ཆར་རྒྱུན་གྱིས། །གསེར་ལྡན་དགའ་མའི་བཞིན་རས་ཡོངས་བཀྲུས་ཚེ། །རྩི་ཤིང་སྨན་མཆོག་སྒྲ་ཡི་ལན་བུ་གཡོ། །དྲི་བཟང་ངད་ལྡན་རྐང་འཐུང་ཡལ་འདབ་དང་། །འབྲུ་མར་རིན་ཆེན་རྩི་བརྒྱུད་བསྲེགས་པ་ཡི། །དུད་པའི་སྤྲིན་ཚོགས་ལྷ་ཡི་ནུ་བོ་ལྟར། །མི་མཐུན་ཉེས་ཀུན་སེལ་བའི་ཆོ་ག་མཁན། །དེ་ཕྱིར་རྒྱལ་དབང་པདྨ་སམྦྷ་(༣བ)


GLG011_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཝས། །གངས་ཅན་བསྟན་པའི་སྒྲོན་མེ་སྤར་བའི་ཚེ། །བསངས་མཆོད་འཕྲིན་ལས་གྲངས་མེད་རྒྱས་བཏབ་སྟེ། །འཇིགས་མེད་སྒྲོམ་བུར་གསང་བའི་གཏེར་དུ་སྦས། །མགོན་དེར་མོས་ལྡན་རྡོ་རྗེའི་མཆེད་ལྕམ་རྣམས། །སྔོན་རབས་དམ་པའི་རྗེས་སུ་འཇུག་པའི་བློས། །ཀུན་བཟང་མཆོད་པའི་སྤྲིན་ལ་འགྲན་ནུས་པའི། །གུས་པའི་ལྷ་བསངས་མཆོད་པས་སྲི་ཞུར་བགྱི། ཀྱཻ། གསེར་གྱི་མདངས་ལ་འཁུ་བའི་ལོ་འདབ་ཚོགས། །གཡུར་དུ་ཟ་བའི་ལྗོན་ཤིང་སྟག་པས་བསངས། །གཡུ་ཡི་མདོག་ཅན་གནམ་སྔོན་བཞུན་མ་དག །འཁྱིལ་འདྲའི་འདབ་མ་རབ་རྒྱས་ཤུག་པས་བསངས། །རབ་དཀར་དུང་གི་མདངས་ལ་འགྲན་བཟོད་པའི། །ཕང་ཕུང་འདབ་མ་བཞད་པའི་མཁན་པས་བསངས། །མཆོང་གི་མདོག་ལྟར་རབ་དམར་ལོ་འདབ་ཀྱི། །ཕང་ཕུང་མཛེས་པར་རྒོད་པའི་བ་ལུས་བསངས། །བཟང་དྲུག་སྨན་དང་སྤོས་དཀར་མ་ནུ་དང་། །ཙན་དན་དཀར་དམར་ཨ་ཀ་རུ་ཡིས་བསངས། །བདུད་རྩི་ཅན་གྱི་ལྗོན་པའི་ཤིང་གི་ཚོགས། །ཕྱེ་མར་ཟས་ཕུད་འབྲུ་སྣའི་རིགས་ཀྱིས་བསངས། །དར་དང་ཟ་འོག་རིན་ཆེན་རྣམ་པ་ལྔ། །དཀར་གསུམ་མངར་གསུམ་ལ་སོགས་མཐུན་པའི་རྫས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །རང་རང་འདོད་པའི་དངོས་པོར་གྱུར་བས་བསངས། །ཀྱཻ། ཚེ་གཅིག་སངས་རྒྱས་སྒྲུབ་པ་ཟབ་མོའི་ཐེག །སྨིན་བྱེད་དབང་དང་གྲོལ་བར་བྱེད་པའི་འཁྲིད། །རྒྱབ་རྟེན་ལུང་དང་རྒྱུད་བཤད་མན་ངག་དང་། །བཀའ་གཏད་གདམས་པ་རྩོལ་བའི་བྱེད་པ་པོ། ཁྱབ་བདག་ཐོག་མའི་མགོན་པོ་ནས་བཟུང་སྟེ། །དྲིན་ཅན་རྩ་བའི་བླ་མའི་བར་བྱོན་པའི། །རྒྱ་བོད་མཁས་དང་གྲུབ་པའི་རིག་འཛིན་ཚོགས། །(༤ན)


GLG011_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བརྒྱུད་རྡོ་རྗེ་སློབ་དཔོན་ཐམས་ཅད་བསངས། །སྡེ་སྣོད་གསུམ་དང་སྒྲ་ཚད་བཟོ་གསོ་སོགས། །གྲངས་མེད་རིག་པའི་གནས་རྣམས་སྟོན་མཁས་པའི། །འཕགས་ཡུལ་ཁ་བའི་ལྗོངས་འདིར་སྔོན་བྱུང་དང་། །ད་ལྟར་བྱོན་པའི་མཁས་གྲུབ་ཐམས་ཅད་བསངས། །ཁྱད་པར་ཆོས་ཀྱི་རྒྱལ་པོ་མེས་དབོན་ཚོགས། །དུས་གསུམ་སངས་རྒྱས་ངོ་བོ་པདྨ་འབྱུང་། །བསྟན་པའི་རྩ་ལག་མཁན་ཆེན་ཞི་བ་འཚོ། །བཀའ་དྲིན་མཚུངས་པ་མེད་པ་རྣམ་གསུམ་བསངས། །ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་ཡབ་སྲས་དང་། །བསྟན་པའི་མངའ་བདག་བརྩེ་ཆེན་སྙིང་པོའི་ཞབས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །ཕན་དང་བདེ་བའི་འབྱུང་གནས་རྣམ་གསུམ་བསངས། །ཀྱཻ། ལྷུན་གྲུབ་དབང་གཞུ་ལྟར་བཀྲ་མཚན་དཔེའི་གར། །བདེ་བར་གཤེགས་པ་རིགས་ལྔ་ལ་སོགས་པའི། །བཞི་བཅུ་རྩ་གཉིས་ལྷ་ཡི་འཁོར་ལོ་མཆོག །བཅོམ་ལྡན་ཞི་བའི་ལྷ་ཚོགས་ཐམས་ཅད་བསངས། །ཨིནྡྲ་ནཱི་ལའི་ལྷུན་པོ་དུས་མཐའི་མེས། །མངོན་པར་རབ་ཀླུབས་བདུད་གཞི་ལས་རྒྱལ་བ། །ལྔ་བཅུ་རྩ་བརྒྱད་འཇིགས་རུང་ཧེ་རུ་ཀ །ཁྲག་འཐུང་ཁྲོ་བོའི་ལྷ་ཡི་ཚོགས་ཀུན་བསངས། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཅན། །རྦོད་གཏོང་རིག་འཛིན་མཆོད་བསྟོད་དྲག་སྔགས་ལྷ། །བདེ་གཤེགས་རྒྱལ་བ་མ་ལུས་རབ་འདུས་པའི། །གྲངས་མེད་དཀྱིལ་འཁོར་རྒྱ་མཚོ་ལྷ་ཚོགས་བསངས། །འཇམ་རྡོར་མི་བསྐྱོད་དགྲ་གདོང་འཇིགས་གསུམ་དང་། །བདེ་དགྱེས་དུས་འཁོར་ལ་སོགས་རྒྱུད་སྡེ་བཞིའི། །མཐའ་ཡས་བརྗོད་པར་དཀའ་བའི་དཀྱིལ་འཁོར་གྱི། །འཁོར་ལོའི་བདག་ཉིད་ལྷ་ཡི་ཚོགས་ཀུན་བསངས། །དུར་ཁྲོད་བརྒྱད་དང་ཉི་ཤུ་རྩ་བཞིའི་ཡུལ། །སུམ་ཅུ་རྩ་བདུན་གནས་དང་(༤བ)


GLG011_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་སོགས། །བགྲང་ཡས་ངོ་མཚར་ཞིང་ན་ལེགས་བཞུགས་པའི། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་བསངས། །ཀྱེ། རྒྱལ་བ་ཀུན་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ། །གདུལ་བྱའི་དོན་དུ་དབྱངས་ཅན་ངག་གི་ལྷ། །གདུག་པ་འདུལ་ཕྱིར་འདོད་ཁམས་དབང་ཕྱུག་མ། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་རྣམས་བསངས། །དཔལ་ལྡན་མ་ཧཱ་ཀཱ་ལ་ཕྱག་བཞི་དྲུག །རྣམ་མང་ཐོས་སྲས་ལས་ཀྱི་གཤིན་རྗེ་གཤེད། །དུར་ཁྲོད་བདག་པོ་ལེགས་ལྡན་མཆེད་གསུམ་དང་། ཏྲཀྴད་ཞང་བློན་རྡོ་རྗེ་བདུད་འདུལ་བསངས། །བསྟན་བསྲུང་རྒྱ་མཚོའི་སྡེ་དཔོན་རྡོ་རྗེ་གུར། །གནས་གསུམ་མཁའ་འགྲོའི་གཙོ་མོ་དུད་སོལ་མ། །སྟོབས་འཕྲོག་དབང་པོ་ལྷ་ཆེན་གདོང་བཞི་པ། །པུ་ཏྲ་མིང་སྲིང་བེག་གདོང་ལྕམ་དྲལ་བསངས། །མ་ནིང་ཨ་ཀ་ཛ་ཏི་དཔལ་ལྷ་མོ། །ཐང་ལྷ་སྟག་ཞོན་གཟའ་བདུད་བདུད་མགོན་དང་། སྤྲུལ་པའི་ཆོས་རྒྱལ་བཙན་རྒོད་རྡོ་རྗེ་ལེགས། །བསྟན་མ་བཅུ་གཉིས་ཚེ་རིང་མཆེད་ལྔ་བསངས། །ར་ས་འཕྲུལ་སྣང་དཔལ་གྱི་བསམ་ཡས་དང་། །མཐའ་འདུལ་ཡང་འདུལ་རུ་གནོན་གཙུག་ལག་ཁང་། །དབེན་གནས་ཆོས་འཁོར་མ་ལུས་སྐྱོང་བ་དང་། །ཆོས་དང་གཏེར་གྱི་བསྲུང་མ་མ་ལུས་བསངས། །རྗེ་ཡི་མགུར་ལྷ་འབངས་ཀྱི་སྲོག་ལྷ་དང་། །སྲིད་པ་ཆགས་པའི་ལྷ་ཆེན་དགུ་ལ་སོགས། །སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་སྐྱོང་བྱེད་པའི། །གཞི་བདག་བསྲུང་མ་མཐུ་ཆེན་མ་ལུས་བསངས། །རྒྱ་གར་ལི་བལ་རྒྱ་ནག་ཧོར་གྱི་ཡུལ། །མངའ་རིས་བསྐོར་གསུམ་དབུས་གཙང་རུ་བཞི་དང་། །མདོ་སྟོད་མདོ་སྨད་ལ་སོགས་འཛམ་གླིང་གི །ཡུལ་གྲུ་ཀུན་གྱི་གཞི་བདག་བསྲུང་མ་བསངས། ལྷ་(༥ན)


GLG011_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གནོད་སྦྱིན་མ་བདུད་དམུ་བཙན་དང་། །རྒྱལ་པོ་གཤིན་རྗེ་གཟའ་དང་རྒྱུ་སྐར་སོགས། །མདོར་ན་སྣང་ཞིང་སྲིད་པའི་ལྷ་མ་ཡིན། །སྡེ་བརྒྱད་བྲན་གཡོག་འཁོར་དང་བཅས་པ་བསངས། །ཀྱེ། ཁྱད་པར་བདག་ཅག་འཁོར་དང་བཅས་པ་ཡི། །བསམ་པའི་དོན་སྒྲུབ་རིགས་དང་བརྒྱུད་རྣམས་སྤེལ། །མི་འཛད་ནོར་སྟེར་རྒྱབ་རྟེན་མགོན་སྐྱབས་མཛད། །དཔའ་རྩལ་མཐུ་སྟོབས་སྐྱེད་པའི་ལྷ་རྣམས་བསངས། །དབང་པོ་ལྔ་ཡིས་སོ་སོའི་བྱེད་ལས་ཀྱིས། །ལས་རྣམས་ཐོགས་མེད་སྒྲུབ་ལ་དབང་བའི་ལྷ། །མགྱོགས་པའི་རྟ་དང་སྲ་བའི་གོ་ཆའི་ཚོགས། །རྣོན་པོའི་མཚོན་ཆར་གནས་པའི་དགྲ་ལྷ་བསངས། །མཐོ་ལ་ཞུ་འབུལ་དམའ་ལ་བཀའ་བསྒོ་ཞིང་། །མཉམ་པོར་གཤགས་འགྱེད་ཕྱོགས་སུ་དོན་གཉེར་དང་། །ཚོང་དང་ཁེ་ཕོགས་དམག་ཇག་འགྲུལ་བཞུད་སོགས། །བྱ་བ་ཀུན་ལ་དབང་བའི་ལྷ་རྣམས་བསངས། །འགོ་བའི་ལྷ་ལྔ་མི་ཐུབ་དགྲ་ལྷ་གསུམ། ཁང་ཁྱིམ་ཐབ་ཁ་མཁར་གྱི་རྩེ་ལྷ་དང་། །ཞིང་དང་ཕྱུགས་ལྷས་སྤོ་དང་ལམ་གྱི་ལྷ། །ཕ་མེས་མི་རབས་བརྒྱུད་ཀྱི་དགྲ་ལྷ་བསངས། །རྨུགས་རབས་བརྒྱུད་དང་རྨུགས་རབས་བརྒྱུད་ཀྱི་ལྷ། །སློབ་དཔོན་བརྒྱུད་ལ་འགོ་བའི་ལྷ་རྣམས་དང་། །འགྲོ་བའི་ལམ་དང་གཞིས་ཀྱི་སྲུང་མའི་ཚོགས། །རྒྱན་གོས་ལོངས་སྤྱོད་གྲོགས་ལ་གནས་པ་བསང་། །ཡར་ལྷ་ཤམ་པོ་གུང་རྒྱལ་སྤོམ་ར་དང་། །བརྒྱ་བྱིན་དཀར་ནག་ཁྲ་གསུམ་ཝེར་མའི་ཚོགས། །སེར་བྱའི་ལྷ་ལུང་རྣོ་མཐོང་སྟོན་པའི་ལྷ། །བདུད་ལྷ་སུམ་བརྒྱ་དྲུག་ཅུ་ལ་སོགས་བསངས། །ཡབ་ལྷ་དྲལ་དྲུག་མོ་བཙུན་རྒྱལ་མོ་མཐིང་། །འདོད་རིགས་སྨན་པ་བཅོ་བརྒྱད་མ་ཚོགས་སྟོང་། །སྟོང་དང་འབྱུང་བ་ཆགས་པའི་དགྲ་ལྷ་དང་། །ཨ་གར་(༥བ)


GLG011_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གྱི་སྲུང་མ་མ་ལུས་བསངས། །སྨུ་ལྷ་གྱེར་འཇོམ་ལྷ་བུ་གཡང་དཀར་དང་། །བོད་ཀྱི་མིའུ་གདུང་དྲུག་ཟོ་དོར་ལྷ། །ཐུགས་གར་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི། །མདོག་ནག་གཡུང་དྲུང་བོན་གྱི་ལྷ་རྣམས་བསངས། །ལོ་འཁོར་བཅུ་གཉིས་སྤར་ཁ་རྣམ་པ་བརྒྱད། །སྨེ་བ་དགུ་དང་ས་བདག་རྒྱལ་བློན་འབངས། །སྤོར་ཐང་བརྒྱད་ཅུ་སྤོར་གྱི་གཙུག་ལག་ལྷ། །གབ་རྩེ་དགུ་ལ་གནས་པའི་ལྷ་རྣམས་བསངས། །ཉིན་སྲིབ་རི་དང་ནགས་ཚལ་ལྟེང་ཀ་དང་། །ལམ་ཆེན་བཞི་མདོ་ཆུ་ཀླུང་ལྗོན་པའི་ཤིང་། །རང་བྱུང་བཅོས་མའི་མེ་དང་ལུང་ས་སོགས། །སོ་སོ་གནས་པའི་ཕྱོགས་འདིའི་གཞི་བདག་བསངས། །ཉམས་གྲིབ་བཤགས་པ་ནི། །དེ་ལྟར་རྩ་གསུམ་ཆོས་སྲུང་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་དགྲ་ལྷ་ལ་སོགས་པར། །གཙང་ཞིང་གྱ་ནོམ་མང་པོར་སྤེལ་བ་ཡི། །དག་བྱེད་བསངས་ཀྱི་མཆོད་པ་འདི་ཕུལ་བས། །གདོད་ནས་རྣམ་དག་གསལ་སྟོང་རིག་པའི་གཤིས། །མ་རིག་འཁྲུལ་པས་བསླད་པའི་ནད་གདོན་བགེགས། །ཐག་ཁྲར་སྦྲུལ་དུ་མཐོང་བའི་དངངས་སྐྲག་བཞིན། །མེད་ཀྱང་མངོན་སུམ་སྣང་བའི་སྐྱོན་ཚོགས་རྣམས། །མཁའ་ཁྱབ་དོ་དམ་ཆོས་སྐུ་བདེ་བ་ཆེར། །ཆུ་ལ་ཆུ་བཞག་ལྟ་བུར་རོ་གཅིག་ཀྱང་། །ཀུན་རྫོབ་འཁྲུལ་ངོར་གྲུབ་པའི་ཉེས་པ་ཀུན། །དག་བྱེད་ཆུ་ཡིས་དྲི་མ་འཁྲུད་ལྟར་བཤགས། །ཁྱད་པར་བདག་ཅག་རྒྱུ་སྦྱོར་སྦྱིན་བདག་རྣམས། །སོ་ཐར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། །རིགས་འཛིན་སྔགས་ཀྱི་དམ་ཚིག་ཉམས་པའི་གྲིབ། །གདོལ་དང་དམེ་ཡུག་ཡ་བཤན་མཛེ་གྲིབ་དང་། །ལྷ་དང་མི་ལ་འཁོན་དང་རྩོད་པའི་གྲིབ། །དཀར་དམར་ཐབ་གཞོབ་བྱ་སྤྱོད་མི་མཁས་པའི། །མི་གཙང་རིགས་རྣམས་ལག་ཏུ་བསྟར་ཞིང་བཅངས། །ཟས་སུ་ཟོས་(༦ན)


GLG011_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གོས་སུ་གྱོན་པ་དང་། །གནས་མལ་འཁོར་ནོར་ལོངས་སྤྱོད་བསྟན་པ་སོགས། །ལྗོན་ཤིང་མཐུན་རྫས་བསྲེགས་པའི་དུད་སྤྲིན་འདིས། །མ་ལུས་བྱང་ཞིང་རྣམ་པར་དག་གྱུར་ནས། །གངས་ཀྱི་རི་བོ་ལྟ་བུར་གསལ་གྱུར་ཅིག །ཕུན་ཚོགས་བཀྲ་ཤིས་དུས་བཟང་ཡར་གྱི་ངོར། །གཟའ་སྐར་དུས་སྦྱོར་ལེགས་པ་འཕྲོད་ཀྱི་དགེ །མཐུན་པའི་རྐྱེན་ཀུན་ཚང་བའི་གནས་མཆོག་འདིར། །བསངས་ཀྱིས་མཆོད་པའི་འབྲས་བུ་ལྷུན་གྲུབ་ཤོག །འཕྲིན་ལས་བཅོལ་བ་ནི། ཧྲཱིཿ བསངས་མཆོད་མཐུན་པའི་དམ་རྫས་རྒྱ་ཆེན་པོ། །དངོས་བཤམས་ཡིད་ཀྱི་སྤྲུལ་ཏེ་ཕུལ་བའི་མཐུས། །སྐྱབས་མཆོག་ངོ་བོ་རྩ་གསུམ་ལྷ་ཚོགས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །བསྲུང་མ་དམ་ཅན་སྡེ་བརྒྱད་ཚོགས་རྣམས་ཀྱིས། །བཅོལ་བའི་འཕྲིན་ལས་མ་ལུས་ཐོགས་མེད་སྒྲུབས། །ཡུལ་ལྷ་གཞི་བདག་འགོ་བའི་ལྷ་རྣམས་ཀྱིས། །བར་ཆད་སེལ་ཞིང་བསམ་པའི་རེ་བ་སྐོངས། །མདོར་ན་མཆོད་ཡུལ་དམ་པ་ཁྱེད་རྣམས་ཀྱིས། །བདག་ཅག་མི་ནོར་འཁོར་དང་བཅས་པ་ལ། །སེང་གེ་གླང་ཆེན་སྨྱོན་པ་མེ་སྦྲུལ་དང་། །ལྕགས་སྒྲོག་ཤ་ཟ་རྒྱ་མཚོ་ཆེན་པོ་སྟེ། །འཇིགས་ཆེན་བརྒྱད་དང་གདོན་བགེགས་ནད་རིམས་དགྲ། །དུས་མིན་འཆི་བདག་གཤིན་རྗེའི་ཞགས་པ་དག །ཁ་སྨྲ་མི་ཁ་གླེང་གཞི་འཐབ་རྩོད་སོགས། །བར་ཆད་མི་མཐུན་གཡུལ་ལས་རྒྱལ་བར་མཛོད། །རྒུད་པའི་མུན་སྟུག་རྫོགས་པའི་ཐུན་གསུམ་མཐར། ཤར་བའི་ལེགས་བྱས་སྐྱ་རེངས་ཀྱིས་དྲངས་པའི། །ཕན་བདེའི་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །ཞི་བའི་འཕྲིན་ལས་སྣང་བ་འབར་བར་མཛོད། །བསོད་ནམས་དུས་ལས་ཡོལ་མེད་རླབས་ཕྲེང་ཅན། །ཚེ་དཔལ་འབྱོར་བ་མི་ཟད་ཆུ་བོའི་གཏེར། །(༦བ)


GLG011_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའི་རེ་བ་སྐོང་བའི་ཡིད་བཞིན་ནོར། །རྒྱས་པའི་འཕྲིན་ལས་རྒྱལ་མཚན་རྩེར་འགོད་མཛོད། །རེག་པས་གདུང་སེལ་ཡིད་དགའི་མཛའ་ན་མོ། །འགུག་བྱེད་ལྷོ་ཕྱོགས་རླུང་གི་རེག་བྱ་ཅན། །མཐོང་ན་མི་མཐུན་མེད་པའི་ཙན་དན་ཤིང་། །དབང་གི་འཕྲིན་ལས་དྲི་བསུང་འཐུལ་བར་མཛོད། །འཁུ་བའི་སེམས་ལྡན་ལྷ་མིན་དགའ་མའི་མངལ། །དྲག་སྦྱོར་རྡོ་རྗེའི་རྩེ་བརྒྱ་གདེངས་ཙམ་གྱིས། །བསོད་ནམས་དཔུང་དང་ལྷན་ཅིག་ལྟུང་བྱེད་པའི། །དྲག་པོའི་འཕྲིན་ལས་ལེགས་བྲིས་སྟོབས་ལྡན་མཛོད། །སྒྲིབ་གཉིས་སྒོ་ངའི་སྦུབས་ལས་རྣམ་གྲོལ་བའི། །ཚོགས་གཉིས་འདབ་ལྡན་ཀ་ལ་པིངྐའི་བྱ། །རྣམ་པ་ཐམས་ཅད་མཁྱེན་པའི་མཁའ་དབྱིངས་སུ། །འཕུར་ནས་ཆོས་ཀྱི་དབྱངས་སྙན་སྒྲོག་པར་མཛོད། །ཕན་དང་བདེ་བའི་འབྱུང་གནས་ཐུབ་པའི་བསྟན། །བསྟན་འཛིན་སྐྱེས་བུ་འགྲོ་བའི་བདེ་སྐྱིད་ཀུན། །ཀུན་ནས་འཕེལ་ཞིང་རྒྱས་པ་དབྱར་གྱི་ཆུ། །ཆུ་གཏེར་ཆེན་པོའི་དཔལ་ལ་འགྲན་པར་མཛོད། །བློ་གྲོས་མཆོག་མངའ་སྐལ་བཟང་འགྲོ་བའི་མགོན། །མགོན་པོ་འཇམ་དབྱངས་དངོས་གྱུར་གྲགས་པའི་དཔལ། །དཔལ་ལྡན་རྒྱལ་བ་གཉིས་པའི་རིང་ལུགས་གང་། གང་ཞིག་སྲིད་མཐའི་བར་དུ་རྒྱས་པར་མཛོད། །བདེ་སྐྱིད་ཀུན་ཚང་ཀུན་ནས་དགའ་བའི་དཔྱིད། །གངས་ཅན་ཡུལ་གྲུ་ཡུལ་གྱི་སྙིང་པོ་ཆེར། །ཕན་བདེ་མ་ལུས་མ་སྨད་འབྱུང་བ་དང་། །དགའ་སྐྱིད་དབྱངས་སྙན་དབྱངས་སུ་ལེན་པར་མཛོད། །དགའ་བའི་དཔལ་ལྡན་ཕུན་ཚོགས་སྡེ་བཞིའི་དངོས། །དངོས་པོར་ལྷུན་གྲུབ་གྲུ་འཛིན་ཕོ་བྲང་མཆོག །མཆོག་ཏུ་རབ་བརྟན་མངའ་ཐང་ཆབ་སྲིད་དག །དག་བྱེད་གངྒའི་རྒྱུན་ལ་འགྲན་པར་མཛོད། །ཡངས་པའི་ས་ཆེན་ཆེན་པོའི་མདུན་ས་ན། །ཆོས་བཞིན་(༧ན)


GLG011_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་མཛད་མཛད་བཟང་དཔའ་རྟུལ་ཅན། །ས་སྤྱོད་མི་དབང་དབང་ཕྱུག་བརྒྱད་མངའ་བའི། །སྐུ་ཚེ་ཆབ་སྲིད་སྲིད་མཐར་རྒྱས་པར་མཛོད། །དུང་དུང་སྙིང་ནས་མི་ཕྱེད་གསོལ་འདེབས་ཤིང་། །ཡང་ཡང་མཆོད་ཅིང་བསྟོད་ན་བདག་སོགས་ཀུན། །འཇིགས་འཇིགས་བར་ཆད་དགྲ་ལས་རྣམ་རྒྱལ་ཞིང་། །འཛུམ་འཛུམ་དགྱེས་པའི་སྒོ་ནས་དངོས་གྲུབ་སྩོལ། །ཕྱྭ་གཡང་འགུག་པ་ནི། ཀྱེ། ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །འདོད་པའི་མཆོག་སྟེར་ཕྱྭ་དང་གཡང་གི་ཚོགས། ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་བཞིན། །དགའ་བའི་གར་དང་བཅས་སྟེ་ཐོགས་མེད་ཁུག །གསེར་མངལ་མགྲིན་སྔོན་འཁོར་ལོའི་ལག་པ་ཅན། །གྲགས་པའི་མུ་ཁྱུད་འཁོར་ལོས་སྒྱུར་བ་སོགས། །སྲིད་འདིར་མངོན་པར་མཐོ་བའི་ཚོགས་རྣམས་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ལེགས་བྲིས་ཚོགས་ཀྱི་འཆི་མེད་བཏུང་བ་དང་། །ཀླུ་དབང་གཙུག་གི་ཡིད་བཞིན་ནོར་བུ་མཆོག །མི་དབང་སྔོན་འགྲོའི་རྒྱལ་སྲིད་སྣ་བདུན་གྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །རིན་ཆེན་གདུགས་དཀར་གསེར་ཉ་བུམ་པ་བཟང་། །པདྨ་དུང་དཀར་གཡས་འཁྱིལ་དཔལ་བེའུ། །རྒྱལ་མཚན་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །རྣམ་འདྲེན་ཟས་གཙང་སྲས་པོས་བཀྲ་ཤིས་པའི། །དངོས་པོར་བྱིན་རླབས་དགེ་ལེགས་འབྱུང་བའི་སྒོ། །རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་རྫས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ཚེ་རིང་ནད་མེད་འདོད་པའི་དོན་ཀུན་གྲུབ། །སྟོབས་དང་མངའ་ཐང་འབྱོར་པ་ཕུན་སུམ་ཚོགས། །བདེ་ཞིང་སྐྱིད་པའི་དགའ་སྟོན་ཐམས་(༧བ)


GLG011_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ནོངས་པ་བཟོད་པར་གསོལ་བ་ནི། ཧཱུྃཿ རྨོངས་པའི་དབང་གིས་འཕྲིན་ལས་འཁྲུལ་པར་བྱེད། །མཆོད་པའི་དམ་རྫས་མ་ཚང་འབགས་པ་སོགས། །ཉེས་པའི་ཚོགས་ཀུན་སྙིང་ནས་བཤགས་བྱེད་ན། །བཟོད་པར་བཞེས་ཤིག་ཐུགས་རྗེ་ཆེ་ལྡན་རྣམས། །གཤེགས་སུ་གསོལ་བ་ནི། ཧཱུྃཿ ཆུ་ལས་ཆུ་བུར་རྡོལ་བ་ཇི་བཞིན་དུ། །རིག་པའི་རྩལ་གྱིས་མགྲོན་དུ་བསུས་པ་རྣམས། །ངོ་བོ་གདོད་ནས་སྐྱེ་བ་མེད་པའི་ཀློང་། །རྣམ་པ་རང་རང་སོ་སོའི་གནས་སུ་གཤེགས། །བཛྲ་མུཿཤིས་པ་བརྗོད་པ་ནི། ཧཱུྃཿ ཡིད་བཞིན་ནོར་དང་བུམ་བཟང་འདོད་འཇོའི་བ། །དཔག་བསམ་ཤིང་ལྟར་འདོད་པའི་རེ་བ་ཀུན། །འབད་མེད་སྩོལ་མཛད་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཅི་རིགས་པ་བྱའོ། །སྨྲས་པ། ཁུངས་ལྡན་བསངས་གཞུང་ཟླ་བའི་མ་མ་ལས། བློ་གྲོས་ཨ་མྲའི་ཚི་གུས་བླང་བའི་ཆུ། རྣམ་གཡེང་སྐོམ་ཚད་ཀྱིས་གདུངས་འགའ་ཞིག་ལ། །ཕན་སྙམ་སྙིམ་པར་ཐོག་ནས་གར་བྱེད་དོ། །འགའ་ཞིག་ཚིག་གི་སྦྱོར་བ་རབ་མཁས་ཀྱང་། །བསངས་རྒྱར་བརྒྱགས་རྔན་དབྱེ་བ་མ་ཕྱེད་ཅིང་། །མཇུག་ཏུ་བསྒྲལ་བའི་མཆོད་པ་སྦྱར་བ་སོགས། །འཁྲུལ་བར་བྱེད་པའི་རིང་ལུགས་ཁོ་ནར་ངེས། །ལ་ལ་ཕྱོགས་འདིའི་བརྡ་ལ་མ་བྱང་བར། །རང་བཟོར་བྱས་པའི་ཚིག་གི་ཕྲེང་བ་དག །རྨོངས་པའི་གོ་སར་མཛེས་ཀྱང་ཚུལ་འདི་ཉིད། །ཤེས་པས་མཐོང་ཚེ་ཁྲེལ་བའི་གད་མོ་བྲོ། ཁ་ཅིག་གྲོང་པའི་གསོན་དགེའི་གྲལ་རིམ་ལྟར། །པར་བཀབ་ཏི་ཐུག་ཁྲིགས་ཀྱི་ཡི་གེ་དག །སོས་ཀྱི་ཉེ་རིང་(༨ན)


GLG011_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བའི་གཡར་ཁྲལ་ལས། །ཡང་དག་དོན་གྱིས་སྟོང་པའི་བྲག་ཅ་བཞིན། །སྤངས་རྟོགས་ཡོན་ཏན་ཕ་མཐའ་གཞལ་དཀའ་བས། །ཡེ་ཤེས་ལྷ་ཡི་ཚད་བཟུང་ག་ལ་ནུས། །གྱ་གྱུའི་སེམས་ཀྱི་རོལ་པ་མཐའ་ཀླས་པས། །འཇིག་རྟེན་ལྷ་འདྲེའི་གྲངས་ཀྱང་གཞལ་ནུས་སུ། །དེ་ཕྱིར་མ་ཚང་ཟློས་དང་འགལ་བ་སོགས། །སྐྱོན་བྲལ་བདག་བློས་སྒྲུན་པར་མི་ནུས་ཀྱང་། །མཁས་གྲུབ་དམ་པའི་ཕྱག་བཞེས་མཐོང་བརྒྱུད་ལས། །གཞན་གྱི་འདོད་པ་ཇི་བཞིན་ཉུང་ངུར་བྱས། །དེ་སྐད་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །འཁོན་སྟོན་ཆོས་རྗེའི་ཞབས་ཟུང་མནྡ་ར། །མི་ཕྱེད་དད་པའི་ཐོད་དུ་ལེགས་འཆིང་བའི། །ཟ་ཧོར་རིགས་ཀྱིས་བྷུ་སུ་ཀུ་དེས་སྦྱར། །རྨད་བྱུང་རྣམ་པར་དག་པའི་དགེ་ཚོགས་ཆུས། །འགྲོ་ཀུན་དུག་གསུམ་དྲི་མ་ཀུན་བཀྲུས་ཏེ། །ཚོགས་གཉིས་ལང་ཚོ་དར་བའི་མཛེས་སྡུག་ལུས། །ཀུན་མཁྱེན་ཡེ་ཤེས་གོས་ཀྱིས་ཀླུབས་པར་ཤོག །རྒྱལ་བ་ཀུན་དངོས་པདྨ་ཐོད་ཕྲེང་རྩལ་གྱི་གསུང་ལས་བྱུང་བའི་བསངས་ཡིག་རྡོ་རྗེའི་ཚིག་རྣམས་བྱིན་རླབས་ཀྱི་ཚན་ཁ་ཆེ་བཞིན་དུ། བདག་དང་བདག་འདྲས་གཡར་ཁྲལ་དུ་བགྱིས་པའི་རིགས་འདི་འདྲ་ལ་དགོས་པ་མི་འདུག་ནའང་། བོད་སོག་གི་སྐད་གཉིས་སྨྲ་ཞིང་མང་དུ་ཐོས་པ་ལ་དགའ་བའི་དཔྱོད་ལྡན། མེརྒན་དཀའ་བཅུ་ཤེས་རབ་རྒྱ་མཚོ་དང་། ཆེ་ཆེན་དབོན་པོ་བློ་བཟང་ཆོས་འཕེལ་གཉིས་ཀྱིས་ནན་དུ་བསྐུལ་བ་ལ་བརྟེན། བསངས་ཀྱི་ཡི་གེ་བཀྲ་ཤིས་འཁྱིལ་བ་ཞེས་བྱ་བ་འདི་ནི། སློབ་དཔོན་ཆེན་པོས་མཛད་པའི་བསངས་གཞུང་ལྷོ་བྱང་གི་གཏེར་ཁ་དུ་མ་ལས་བྱུང་བ་ལ་གཞི་བྱས། འཁྱེར་བདེ་བའི་ཕྱིར་དུ་བདག་ཆེན་རིན་པོ་ཆེ་རྒྱ་གར་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ཡིག་ཆ་དང་འགའ་ཞིག་(༨བ)
ཆ་མཐུན་པར་བྱས་ཏེ། ཟ་ཧོར་གྱི་རིགས་ལས་ཨ་ཝ་དྷཱུ་ཏི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ཆུ་འགོ་བཀྲ་ཤིས་འཁྱིལ་བ་དང་ཟུང་དུ་འབྲེལ་བའི་ལྷ་རྩེ་གཞུང་དུ་སྦྱར་བའི་ཡི་གེ་པ་ནི་སྨོན་འགྲོ་པཎ་ཆེན་ནོ། །ཤུབྷ་མགྷུ་སརྦ་ཛ་ག་ཏེ།། །།

རྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་ཀྱི་ཡི་གེ་དངོས་གྲུབ་ཆར་འབེབས།


GLG011_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ཞབས་པད་ཟླ་ཚེས་གང་། །དད་པའི་བདེ་འབྱུང་རལ་པའི་རྩེར། །བཀོད་ནས་ཡུལ་དུས་གནས་སྐབས་དང་། །བསྟུན་པའི་བསངས་མཆོད་བྲི་བར་བྱ། །བསངས་བྱ་བའི་རིམ་པ་ལ་བསངས་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར་ཨ་ཝ་རྟ་ཡ་ཧོ་བཛྲ་སྥ་ར་ཎ་ཁཾ། ཞེས་པའི་སྔགས་ལན་གསུམ་གྱིས་བྱིན་གྱིས་བརླབ། མགྲོན་སྤྱན་དྲང་བ་ནི། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་དང་། །ཡུལ་དང་གཞི་བདག་འགོ་བའི་ལྷ་ལྔ་སོགས། །བསངས་ཀྱི་མཆོད་པའི་མགྲོན་དུ་འོས་པ་ཀུན། །ཐོགས་མེད་འདིར་གཤེགས་དགྱེས་པའི་སྟན་ལ་བཞུགས། །པདྨ་ཀ་མ་ལ་ཡེ་སྟྭཾ། མཆོད་པ་འབུལ་བ་ནི། འདོད་པའི་ཡོན་ཏན་ལྔ་དང་རབ་ལྡན་པའི། །རང་རང་དགྱེས་པ་སྐྱེད་པའི་མཆོད་པའི་སྤྲིན །ས་དང་བར་སྣང་མ་ལུས་ཡོངས་བཀང་སྟེ། །གུས་པས་འབུལ་ལོ་དགྱེས་བཞིན་བཞེས་སུ་གསོལ། །བསངས་མཆོད་དངོས་ནི། སྣ་ཚོགས་ལྗོན་ཤིང་ཕྱི་མར་འབྲུ་སྣ་སོགས། །བསྲེགས་པའི་དུད་སྤྲིན་ནམ་མཁའི་ཁྱོན་གང་བས། །དཀོན་མཆོག་གསུམ་དང་འཇིག་རྟེན་སྲུང་མ་རྣམས། །བསངས་སོ་ཉེས་པའི་ཚོགས་ཀུན་བྱང་གྱུར་ཅིག །དུས་གསུམ་སངས་རྒྱས་དེ་སྲས་བྱང་སེམས་ཚོགས། །ཉན་ཐོས་རང་རྒྱལ་དྲང་སྲོང་གྲུབ་པ་སོགས། །སྤངས་དང་རྟོགས་པའི་ཡོན་ཏན་རབ་ལྡན་པའི། །སྐྱབས་མགོན་ཐུགས་རྗེའི་བདག་ཉིད་མ་ལུས་བསངས། །རྩ་བ་(༩ན)


GLG011_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་བླ་མ་དམ་པ་དང་། །ཡི་དམ་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ཅན། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང་། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས་ཀུན་བསངས། །རྒྱ་ནག་ཕོ་བྲང་པེ་ཅིང་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཁཱེང་པན་ཡོ་ལ་གནས་པ་ཡི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ཕྱོགས་ཕོ་བྲང་ནན་ཅིང་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཤན་ཤིའི་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག ཁྱད་པར་ཁཱུ་པན་ཡོ་དང་ཧུའང་དུའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཤར་སྨད་བུ་ཅིང་ཅཱི་ཅང་ཞིག་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ཕྱོགས་བུ་ཅིང་ཀྱང་ཤིའི་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་སྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་སྨད་བུ་ཅིང་ཧཱུ་ཀུའང་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཁིའང་ཕན་ཡོ་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཟེ་ཆུའན་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཆུ་བོ་ཀཱིང་དུ་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཤར་ལྷོ་བུ་ཅིང་ཕུ་ཅཱེན་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ཕྱོགས་བུ་ཅིང་ཀུའང་དུང་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་(༩བ)


GLG011_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་སྟོད་བུ་ཅིང་ཀུའང་ཤི་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ནུབ་བྱང་ཕོ་བྲང་པན་ཤིའི་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་རི་བོ་རྩེ་ལྔར་གནས་པ་ཡི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཤར་སྨད་བུ་ཅིང་པན་དུང་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཐའི་པན་ཡོ་ལ་གནས་པ་ཡི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་སྨད་བུ་ཅིང་ཧའོ་ནན་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཟུང་པན་ཡོ་དང་ཅིའི་དུ་དང་། །ཧཱུའི་དུའི་ལྷ་ཀླུ་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཡུའ་ནན་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཀུའི་ཅིའོའི་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེ་ཀ་ནགས་ཚལ་དང་། །(༡༠ན)


GLG011_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཡེན་དེན་ལཱོ་དུང་མུག་དེན་ཡུལ་གྱི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །རི་བོ་དཀར་པོར་གྲགས་པ་ལ་སོགས་པའི། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལོ་ཧ་ཤི་ར་མུ་རེན་ཨུ་ནེ་གེན། །མུ་རིན་ལ་སོགས་ཆུ་བོ་ཆེན་པོ་ལ། །གནས་ཤིང་རྒྱུ་བའི་ལྷ་དང་འབྱུང་པོའི་ཚོགས། །ཆུ་བདག་ཀླུ་ཡི་དབང་པོར་བཅས་པ་བསངས། །ཨ་ལ་ཤ་དང་ཨར་བུས་ཁ་རོ་ཁན། །ཤང་དུ་ཁའི་བུ་ལ་སོགས་རྒྱ་ཧོར་དང་། སོག་པོའི་ཡུལ་གྱི་མཁར་དང་རི་བྲག་མཚོར། །གནས་པའི་གཞི་བདག་འབྱུང་པོ་མ་ལུས་བསངས། །མདོར་ན་བདག་སོགས་འཁོར་དང་བཅས་རྣམས་དང་། །ལུས་དང་གྲིབ་མ་བཞིན་དུ་རབ་འགྲོགས་ནས། །སྟོངས་གྲོགས་དཔུང་གཉེན་བྱེད་པའི་ལྷ་ཚོགས་རྣམས། །བསངས་ཀྱི་མཆོད་པས་མཉེས་ཤིང་ཚིམ་གྱུར་ཅིག །དངོས་གྲུབ་ཞུ་བ་ནི། དེ་རིང་གནམ་ལ་བཀྲ་ཤིས་གཟའ་སྐར་བཟང་། །ས་ལ་ཁྲི་གདུགས་ཉི་མའི་འོད་ཀྱང་དྲོ། །བར་དུ་མི་ནོར་ཁང་ཞིང་ལོངས་སྤྱོད་འཛོམ། །ཕུན་ཚོགས་བཀྲ་ཤིས་དག་པའི་གནས་མཆོག་འདིར། །ཚངས་པ་བརྒྱ་བྱིན་ཀླུ་དབང་གནོད་སྦྱིན་དང་། །འཁོར་ལོས་སྒྱུར་སོགས་སྲིད་འདིར་མངོན་མཐོ་བའི། །ཚེ་དཔལ་བསོད་ནམས་འདོད་དགུ་ལོངས་སྤྱོད་སོགས། །སྙན་གྲགས་དཔལ་འབྱོར་ཕྱྭ་དང་གཡང་དུ་སྩོལ། །མཆོད་པའི་ཡུལ་དུ་བོས་པའི་མགྲོན་རྣམས་ཀུན། །དགའ་ཞིང་ཚིམ་ནས་རང་རང་གནས་སུ་གཤེགས། །སླར་ཡང་དུས་སུ་བྱོན་ནས་བདག་སོགས་ཀྱི། མགོན་སྐྱབས་དཔུང་གཉེན་དམ་པ་མཛད་དུ་གསོལ། །བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་དང་། །མཐུ་ལྡན་སྲུང་མ་ཡུལ་ལྷ་གཞི་བདག་གིས། །ཕུན་ཚོགས་རྣམ་པར་དཀར་བའི་བཀྲ་ཤིས་ཀྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་དགེ་ལེགས་སྩོལ། །ཅེས་རྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་མཆོད་དངོས་གྲུབ་ཆར་འབེབས་(༡༠བ)


GLG011_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་ནི། །དཀོན་མཆོག་གསུམ་ལ་ངེས་ཤེས་ཀྱི་དང་བའི་བློ་ལྡན་ཁི་ཤིག་ཆིང་དབང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར།། །།དྲི་བཟང་པོའི་ཤིང་སྣ་དང་ཕྱེ་མར་སོགས་བསངས་རྫས་གང་འཛོམ་བསགས་ལ། །ཨོཾ་སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སཱུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཧོཿབཛྲ་སྥ་ར་ཎ་ཁཾ། །ཞེས་ལན་གསུམ་བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུཾཿ ས་ཕྱོགས་འདི་ན་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་བདུད་བཙན་སོགས། །ཡུལ་ལྷ་གཞི་བདག་མ་ལུས་པ། །བསངས་མཆོད་འབུལ་གྱིས་འདིར་གཤེགས་བཞུགས། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་བཟའ་དང་བཅའ། །གླུ་གར་རོལ་མོ་འདོད་ཡོན་ལྔའི། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཁྱད་པར་ཙནྡན་དཀར་དམར་དང་། ཤུག་པ་མཁན་པ་ཨ་ཀ་རུ། །སྟག་པ་བ་ལུ་ལ་སོགས་པ། །དྲི་ཞིམ་བསངས་ཀྱི་མཆོད་པ་འབུལ། །སྨན་སྤོས་སྣ་ཚོགས་རབ་བསྲེགས་པའི། །དྲི་ཞིམ་བསངས་ཀྱི་དུད་པ་ཡིས། །མི་གཙང་འབགས་བཙོག་ཐབ་ཤོར་སོགས། །སྐུ་གསུང་ཐུགས་ལ་ཕོག་པ་བསངས། །ཨཾ་ཉི་སྒང་དཀར་རི་བོ་སོགས། །མཐོན་པོ་བཅུ་གསུམ་ལ་གནས་པའི། །ལྷ་ཀླུ་གཉན་པོ་མཐའ་དག་གི །སྐུ་གསུང་ཐུགས་ལ་ཕོག་པ་བསངས། །མཚོ་མང་ལ་བདུན་ལ་སེར་དང་། །གསེར་གོག་གོ་ར་སྤར་རྡོ་ཡི། །ཡུལ་ལྷ་གཞི་བདག་མ་ལུས་པ། །བསངས་ཀྱི་མཆོད་པས་མཉེས་གྱུར་ཅིག །དེ་ལྟར་བསངས་མཆོད་འདི་ཕུལ་བས། །བདག་སོགས་རྗེ་འབངས་མི་ནོར་ལ། །གནོད་པའི་ནད་གདོན་བར་གཅོད་བགེགས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛོད། །བསྐལ་པར་གནས་པའི་རིན་པོའི་ཆེ། རྣམ་ཐོས་སྲས་མཚུངས་ལོངས་སྤྱོད་དང་། །འཁོར་ལོས་སྒྱུར་རྒྱལ་ཇི་བཞིན་(༡༡ན)


GLG011_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །མདོར་ན་བདག་སོགས་གཞིས་གནས་དང་། །གཡུལ་ཞུགས་ཚོང་དང་དགེ་སྒྲུབ་སོགས། །གཞིས་ལམ་བྱེས་གསུམ་ཐམས་ཅད་དུ། །མགོན་སྐྱབས་དཔུང་གཉེན་རྒྱབ་རྟེན་མཛོད། །ཅེས་བསངས་མཆོད་ཉེ་བར་མཁོ་ཞིང་མདོར་བསྡུས་པ་ཞིག་དགོས་ཞེས་མེར་གན་ཧོང་ཐའི་ཇིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །སྭ་བྷཱ་ཝས་བསང་རྫས་རྣམས་སྟོང་པར་སྦྱངས། །སྟོང་པའི་ངང་ལས་བསང་རྫས་རྣམས་ཡུལ་ལྷ་གཞི་བདག་རྣམས་ཀྱི་ཉམས་གྲིབ་སེལ་ཞིང་དགྱེས་པ་སྐྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། །དྲི་ཞིམ་ཡིད་འོང་སྣ་ཚོགས་འདུས་པ་ཡི། །ལྗོན་ཤིང་སྨན་སྤོས་བསྲེགས་པའི་དུད་སྤྲིན་འདིས། །རྩ་བ་བརྒྱུད་པའི་བླ་མ་མ་ལུས་བསངས། །ཡི་དམ་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་བསངས། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་བསངས། །རྒྱ་ཧོར་བོད་ཀྱི་ཡུལ་ལྷ་གཞི་བདག་བསངས། ཁྱད་པར་རྨ་ཆེན་སྤོམ་ར་འཁོར་བཅས་བསངས། ཁྲི་ཤོག་རྒྱལ་མོར་གནས་པའི་མཚོ་སྨན་བསངས། །མཚོ་མགོ་གློ་བ་རི་ཡི་གཞི་བདག་བསངས། །མཚོ་མཇུག་མཆེར་པ་རི་ཡི་གཞི་བདག་བསངས། །མཚོ་སྙིང་མཧཱ་དེ་ཝའི་གཞི་བདག་བསངས། །གཉན་ཆེན་ཟོར་བ་བཙན་གདོང་དམར་ལྷ་བསངས། །ཀླུ་ཡི་ཆུ་ཁོལ་ཝ་ཆུའི་གཞི་བདག་བསངས། །རིང་མ་ཆེན་མོ་བཅུ་གསུམ་གཞི་བདག་བསངས། །ཚྭ་མཚོ་དཀར་མོའི་གཞི་བདག་མ་ལུས་བསངས། །མཐོན་པོ་བཅུ་གསུམ་གནས་པའི་གཞི་བདག་བསངས། །མགོན་པོ་གདོང་སྣ་འཇུ་ལག་གཞི་བདག་བསངས། །མདུང་རྩེ་ཆེ་ཆུང་བེའི་རུག་ཐང་ལྷ་བསངས། །ཨེན་རི་ཙི་དང་ལ་བཙས་དཀར་ལྷ་བསངས། །ཞོ་ཤ་ལ་བོ་ཆེ་(༡༡བ)


GLG011_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གཞི་བདག་བསངས། །ཀླུ་ཆེན་ཀརྟི་ཀ་འཁོར་བཅས་པ་བསངས། །རྡོ་ཡི་ཉི་ཟླ་སེང་ཁོག་གཞི་བདག་བསངས། །དཀར་ཐང་མར་ཁུའི་མཚོ་མོའི་ཡུལ་ལྷ་བསངས། །ནེའུ་གསིང་ཐང་ལ་གནས་པའི་གཞི་བདག་བསངས། །ཐེ་འཛིན་བྲག་དཀར་གནས་པའི་གཞི་བདག་བསངས། །འོམ་ལུང་གདོང་དམར་ཆེ་ཆུང་གཞི་བདག་བསངས། །བཙོང་ཁའི་མཚོ་སྔོན་མཚོ་སྨན་ཐམས་ཅད་བསངས། །ལྷ་རི་དེའུ་ཡག་གིས་གཞི་བདག་བསངས། ཁྱད་པར་ཨུ་ལ་སུ་ཐལ་གཞི་བདག་བསངས། །ཆ་གན་ཨེར་ཁིར་གནས་པའི་གཞི་བདག་བསངས། །ཤི་ཤི་ཁ་ཐོར་གནས་པའི་གཞི་བདག་བསངས། །ན་མ་ག་ལ་གནས་པའི་གཞི་བདག་བསངས། །མདོར་ན་གར་གནས་གར་འགྲོའི་གཞི་བདག་སོགས། །མགོན་སྐྱབས་དཔུང་གཉེན་མཛད་པ་མཐའ་དག་བསངས། །བསངས་ཀྱིས་ཉམས་གྲིབ་མ་ལུས་བྱང་གྱུར་ནས། །ཕྱོགས་འདིའི་མི་ནོར་ཕྱུགས་དང་བཅས་པ་ལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་གཡང་ཁུག་ལ། །དུས་ཀུན་ཕན་བདེའི་དཔལ་ལ་སྦྱོར་དུ་གསོལ། །བསངས་མཆོད་བསྡུས་པ་འདི་ལྟ་བུ་ཞིག་དགོས་ཞེས་ཨེར་ཏི་ནི་དཱ་ལས་ཧོང་ཐའི་ཇིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །བསངས་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་རླབ། །གངས་དཀར་སྤུན་གསུམ་ཞེས་གྲགས་པའི། །ས་ཕྱོགས་ལ་གནས་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་འབྱུང་པོ་རྣམས། །བསངས་ཀྱི་མཆོད་པས་མཉེས་གྱུར་ཅིག །མཆོད་པའི་དུད་སྤྲིན་རབ་སྤྲས་པས། །གཟི་ཡི་གངས་དཀར་ལྷ་རྣམས་བསངས། །ཕུད་པ་གངས་དཀར་ལྷ་རྣམས་བསངས། །ག་རུ་གངས་དཀར་ལྷ་རྣམས་བསངས། །སྤམ་ཆེན་བྲག་དཀར་ལྷ་རྣམས་བསངས། །ལྕགས་རྫས་སྔོན་པོའི་ལྷ་རྣམས་བསངས། །ལྕང་རྒན་འོབ་(༡༢ན)


GLG011_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལྷ་རྣམས་བསངས། །ལྗང་ནག་སྤུན་གསུམ་ལྷ་རྣམས་བསངས། །འོ་མཚོ་མུ་ཏིག་རིལ་སིལ་མཚོ། །གངས་དཀར་འཁོར་གྱི་མཚོ་སྨན་བསངས། །སྤ་ཡོ་ལ་སོགས་གཞི་བདག་བསངས། །གནས་རྟེན་བྲག་དགོན་ཧོར་ཕུག་དང་། །སྙག་གཤེད་གཡུ་བྲག་མཐའ་མོག་སོགས། །ཕུག་ཆེན་རྣམས་ལ་གནས་པ་བསངས། །གངས་དཀར་བུ་ཆུང་ལ་སོགས་པ། །ལྷ་ཀླུ་གཉན་གསུམ་བུ་རྣམས་བསངས། །གསེར་སྒྲོན་གཡུ་སྒྲོན་ལ་སོགས་པ། །གངས་དཀར་བུ་མོ་སྨན་བཙུན་བསངས། །བསངས་པས་ཉམས་ཆགས་ཀུན་ཞི་ཞིང་། །མཐུན་རྐྱེན་དངོས་གྲུབ་རྩལ་དུ་གསོལ། །ཞེས་གངས་དཀར་སྤུན་གསུམ་གྱི་བསངས་མཆོད་བསྡུས་པ་འདི་ནི་དབོན་མཁའ་འགྲོས་ཐོ་ཆུང་བསྐུར་འདུག་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཏྲེ་བོ་རིག་བྱེད་པ་ངག་དབང་ནམ་མཁའོ། །ངོ་མཚར་རྫས་སྣ་སྦྱར་སྤོས་ཙན་དན་དྲི། །གྱེར་གཞུང་མ་ལ་ཡ་རླུང་གིས་དྲངས་དང་། །ཉེས་བརྒྱ་ཚ་སེལ་ཚོར་བ་བདེ་བའི་རོ། མྱོང་འདོད་དཔྱོད་ལྡན་ཡོངས་ཀྱི་དགའ་བ་བསྐྱེད། །དེ་ཡང་བསངས་མཆོད་རྒྱུན་ཁྱེར་མདོར་བསྡུས་བྱ་བ་ལ། གླ་རྩི། དུག་རིགས། ཤིང་ཀུན་སོགས་དྲི་མི་ཞིན་པའི་རིགས་སྤངས་པའི་སྨན་སྣ། སྟག་པ། ཤུག་པ། མཁན་པ། བ་ལུ་རྣམས་ཀྱིས་བཙོས་པའི་དྲི་ལྡན་གྱི་ཤིང་སྣ་ཚོགས། ཕྱེ་མར། འབྲུ་སྣ། དཀར་གསུམ། མངར་གསུམ། ཟས་སྣ། རིན་པོ་ཆེ། དར་ཟབ་སོགས་ཅི་འབྱོར་བ་སོ་སོའམ། གཞིས་བྱེས་ཀུན་ཏུ་འཇུག་བདེར་འདོད་ན་ཐམས་ཅད་ལྷན་ཅིག་ཏུ་བསྲེས་ཏེ་ཕྱེ་མར་བྱས་པ་བཤམས། སྐྱབས་སེམས་ནི། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གནས་སྐབས་བདག་གཞན་བར་ཆད་ཞི་བ་དང་། །མཐར་ཐུག་བྱང་ཆུབ་ཐོབ་ཕྱིར་སེམས་བསྐྱེད་དོ། །བསངས་རྫས་བྱིན་བརླབ་ནི། ཧཱུཾཿ པད་ཟླའི་(༡༢བ)


GLG011_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་རང་ཉིད་སྐད་ཅིག་གིས། །རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀ་ནས། །འོད་འཕྲོས་རྫས་ཀྱི་ཉེས་སྐྱོན་ཀུན་སྦྱངས་ཏེ། །འདོད་ཡོན་ལྔ་ལྡན་བདུད་རྩིའི་ངོ་བོར་གྱུར། །ཐལ་མོ་ཁོང་སྟོང་ཚིགས་བཅག་པ་སྙིང་གར་བཅས་པ་དཔྲལ་བའི་ཐད་དུ་གཡས་སུ་ལན་གསུམ་བསྐོར་བ་དང་བཅས། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སཱུ་ར་ཨཱ་བ་རྟ་ཡ་ཧོཿ བཛྲ་སྥར་ཎ་ཁཾ་སྭཱཧཱ། ནམ་མཁའ་མཛོད་ཀྱི་སྔགས་ཕྱག་རྒྱ་དང་བཅས་ཏེ་བྱིན་གྱིས་བརླབ། མགྲོན་སྤྱན་འདྲེན་པ་ནི། ཧཱུཾ། མགོན་པོ་ཡོན་ཏན་མགྲོན་དུ་གྱུར་ཏོ་ཅོག །སྡེ་བརྒྱད་སྤྱི་དང་ཁྱད་པར་གངས་ལྗོངས་ཀྱི། །ཡུལ་ལྷ་གཞིས་བདག་འགོ་བའི་ལྷ་ཚོགས་རྣམས། །ཐོགས་མེད་འདིར་སྤྱོན་དགྱེས་པའི་སྟན་ལ་བཞུགས། །བསངས་གྱེར་བ་ནི། ཀྱཻ། སྨན་སྤོས་སྣ་ཚོགས་ལྗོན་ཤིང་བཟའ་བཅའ་དང་། །དར་ཟབ་རིན་ཆེན་ལ་སོགས་མཐུན་རྫས་ཀྱིས། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་དང་། དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་ཀུན་བསངས། ཁྱད་པར་བསྟན་སྲུང་ཡོངས་ཀྱི་སྡེ་དཔོན་ཆེད། །གུར་མགོན་ལྕམ་དྲལ་གདོང་བཞི་ཡབ་ཡུམ་དང་། །པུ་ཏྲ་མིང་སྲིང་དཀར་བདུད་ཕུར་སྲུང་སོགས། །རིགས་དང་བརྒྱུད་ལ་བརྟེན་པའི་ལྷ་རྣམས་བསངས། །ཕྱག་དྲུག་ཕྱག་བཞི་གུར་མགོན་རྣམ་ཐོས་སྲས། །རེ་མ་ཏཱི་དང་སྟོབས་འཕྲོག་གདོང་བཞི་པ། །མིའུ་ཐུང་གསོད་བྱེད་སྟག་ཞོན་བེང་དྲག་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་སྤྱི་ཁྱབ་ཏུ་བྱེད་ན་ཤློ་ཀ་གོང་མའི་ཚབ་ལ་འདི་བཞིན་བསྒྱུར། ཚོགས་རྣམས་བསངས། །ལྷ་ས་བསམ་ཡས་ཀྱིས་གཙོས་གཙུག་ལག་ཁང་། །འདུས་སྡེ་དབེན་གནས་རྫོང་གཞིས་གྲོང་ཁྱེར་དང་། །རི་ཀླུངས་ལམ་འཕྲང་བཞི་མདོ་མེ་ཆུ་ཤིང་། །སོ་སོར་དབང་ཞིང་ལས་བྱེད་མཐའ་དག་བསངས། ཏེ་སེ་ཐང་ལྷ་རྨ་ཆེན་(༡༣ན)


GLG011_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམ་རས་མཚོན། །སྲིད་པ་ཆགས་པའི་ལྷ་ཆེན་ལྷ་སྲས་རྗེའི། །མགུར་ལྷ་མངའ་འབངས་སྲུང་བའི་སྲོག་གི་ལྷ། །གངས་ཅན་བོད་ཡུལ་སྐྱོང་ངོ་ཅོག་རྣམས་བསངས། །བརྒྱ་བྱིན་དཀར་ནག་ཁྲ་གསུམ་ཝེར་མའི་ཚོགས། །མདུད་ལྷ་ཐུགས་དཀར་སུམ་བརྒྱ་དྲུག་ཅུ་དང་། མིའུ་གདུང་དྲུག་ཟ་དར་ལ་སོགས་པ། །གཡུང་དྲུང་བོན་གྱི་ལྷ་རྣམས་མ་ལུས་བསངས། །ལོ་ཟླ་ཚེས་དང་སྤར་སྨེ་ས་བདག་རིགས། །སྤོར་ཐང་ལྷ་དང་ཕ་མེས་མི་རབས་བརྒྱུད། །དམུ་རབས་གཙུག་རབས་བརྒྱུད་ཀྱི་སྲུང་སྐྱོབ་མགོན། །མདོར་ན་ཉེས་སེམས་ཕན་པ་སྒྲུབ་ཀུན་བསངས། བཤགས་པ་ནི། མ་དག་དྲི་མ་འཁྲུད་པའི་བསངས་མཆོད་མཐུས། །དམ་ཚིག་སྡོམ་ཉམས་འཁོན་དང་དམེ་ཡུགས་མནོལ། །མཛེ་བཤན་བག་གྲིབ་དཀར་དམར་ཐབ་གཞོབ་བཏང་། །མི་གཙང་གིས་འབགས་བྱ་སྤྱོད་ཉེས་པ་ཀུན། །གདོད་ནས་རྣམ་དག་སེམས་ཀྱི་མཁའ་དབྱིངས་སུ། །ཀུན་རྫོབ་འཁྲུལ་བའི་ཆར་སྤྲིན་ཇི་བཞིན་དུ། །གནས་ལུགས་རང་ངོ་འཕྲོད་ནས་མཆོད་ཡུལ་དང་། །མཆོད་བྱ་མཆོད་བྱེད་བྲལ་བའི་ངང་དུ་བཤགས། །འཕྲིན་འཆོལ་ནི། དེ་ལྟར་མཆོད་པའི་ཡུལ་གྱུར་ཁྱེད་རྣམས་ཀྱིས། །ནད་རིམས་དབུལ་ཕོངས་དུས་མིན་འཆི་བ་དང་། ཁ་སྨྲས་མི་ཁ་འཐབ་རྩོད་དུག་མཚོན་གཡུལ། །མི་མཐུན་འཇིགས་པ་ཀུན་ལས་བསྲུང་དུ་གསོལ། །རྫོགས་ལྡན་སྐྱེ་དགུའི་ཆེ་དང་རྣམ་ཐོས་ནོར། །བརྒྱ་བྱིན་བདེ་སྐྱིད་གཙུག་ན་ཟླ་བའི་མཐུ། ཁྱབ་འཇུག་འཕྲུལ་དང་ཚངས་པའི་དབང་ཐང་སོགས། །མཉམ་པོར་ལོངས་སུ་སྤྱོད་ནུས་འཕྲིན་ལས་མཛོད། །ལེགས་ལྡན་རིགས་ཀྱི་ཐིག་ལེ་ཨག་གླེན་ཞེས། །བོད་ཡུལ་ཆོལ་ག་གསུམ་ལ་དབང་སྒྱུར་བའི། །རྒྱུད་ལས་ཡར་འབྲོག་ཁྲི་སྐོར་སྐྱོང་བའི་རྗེའི། བསོད་ནམས་དབྱར་གྱི་མཚོ་ལྟར་འཕེལ་བར་མཛད། །ཐུབ་བསྟན་(༡༣བ)


GLG011_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་སྤེལ་བའི་དགེ་འདུན་སྡེ། །ས་ཆེན་སྐྱོང་བའི་རྒྱལ་པོ་འབངས་འཁོར་བཅས། །བདག་སོགས་མི་ནོར་ཆོས་སྲིད་དཀར་ཆའི་ཟླ། །ཇི་བཞིན་འཕེལ་བའི་བསོད་ནམས་དར་སྤྱི་ཁྱབ་ལ་ཤློ་ཀ་གོང་མའི་ཚབ་ཏུ་འདི་འཇུག །དྲག་མཛོད། །ལྷ་གཡང་འགུགས་པ་ནི། ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་དང་། །གླིང་བཞིར་དབང་མཛད་འཁོར་ལོས་སྒྱུར་རྒྱལ་སོགས། །འཇིག་རྟེན་གསུམ་གྱིས་ཡོན་ཏན་མ་ལུས་པ། །ཕུན་སུམ་ཚོགས་པའི་ཕྱྭ་དང་གཡང་ཁུག་ཅིག །བཟོད་གསོལ་དང་གཤེགས་པ་ནི། མཆོད་རྫས་ཉམས་དང་ཏིང་འཛིན་མི་གསལ་སོགས། །ནོངས་པ་མཐའ་དག་མགྲོན་རྣམས་སྤྱན་སྔ་རུ། བཤགས་པས་ཚངས་པའི་དངོས་གྲུབ་ལེགས་རྩོལ་ཞིང་། །རང་རང་གནས་སུ་གཤེགས་ཤིག་བཛྲ་མུཿ བཀྲ་ཤིས་ནི། རྟག་ཏུ་ཐུགས་རྗེས་བསྐུལ་བའི་སྐྱ་རེངས་ཀྱིས། །མི་ཤེས་མུན་པའི་མལ་ནས་ཉེར་བསླང་སྟེ། །ཕུན་ཚོགས་ཉི་མའི་འོད་ཀྱིས་སྲིད་པ་གསུམ། །སྣང་བའི་དགའ་སྟོན་ཆེན་པོས་ཁྱབ་པར་ཤོག །གཞན་ཡང་བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་པ་བྱའོ། །གངས་རི་དཔལ་ལྡན་སཱ་ལའི་ལྗོངས་ཆེན་པོའི། །ལྷ་ཀླུ་གཞི་བདག་དགའ་བར་བྱེད་པའི་བསངས། །ཞང་ཞུང་གཤེན་རབས་མི་བོའི་རྗེས་འབྲངས་པའི། །གཡུང་དྲུང་བོན་གྱི་སྲོལ་བཏོད་ཐོག་མར་དར། །ཟན་གཡང་ཆོས་འཁོར་བཞེང་པའི་སྔོན་འགྲོའི་སྒོར། །སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་གིས། །ལྷ་སྲིན་སྡེ་བརྒྱད་དམ་བཏགས་བསངས་མཆོད་དང་། །རང་རང་དགའ་བསྐྱེད་མཐུན་པའི་རྫས་ཀྱིས་བརྔན། །དེང་དུས་ལྷ་ཀླུ་ཞར་བྱུང་ཙམ་བྱས་ནས། །བླ་མ་ཡི་དམ་གཙོར་བཏོན་བསངས་ཡིག་རྣམས། །དགོས་དོན་མ་རྟོགས་གྱ་ཚོམ་སྨྲ་བའི་ཚིག །མཆོད་རྟེན་ནག་འཇམ་བྲག་ལ་དཀར་རྩི་བཞིན། མ་དག་དྲི་མ་འཁྲུད་ཐབས་ལྷོ་བྱང་གི །ཟབ་མོའི་གཏེར་ཁ་(༡༤ན)


GLG011_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བོར་ནས་དེང་། །བདག་དང་བདག་འདྲའི་རྨོངས་པས་བཀོད་རྣམས་ལ། །བརྟེན་པ་ཆུ་ལ་སྨིག་རྒྱུར་འཁྲུལ་དང་མཚུངས། །འོན་ཏེ་མཁྱེན་སྤྱོད་འཇམ་དབྱངས་གཞོན་ནུ་ལ། །འགྲན་བཟོད་ས་དབང་ལུགས་ཟུང་རྣམ་གཡེང་གིས། །ཚིག་ཉུང་དོན་ཚང་གྱིས་ཞེས་བསྐུལ་བའི་བཀའ། །མ་ལྡོག་བྱིས་བློས་དཔོགས་ནུས་ཙམ་ཞིག་བཀོད། །སྙན་སྙན་དབྱངས་ཅན་ཞལ་ལུང་ནས་དྲངས་ན། །གསལ་གསལ་ཡངས་པའི་བློ་ཅན་ཚོགས་དགྱེས་མོད། །མང་མང་བླུན་པོའི་ལག་ཏུ་འཁྱར་བའི་ཚེ། །དམ་དམ་ཚིག་དོན་མི་ཁྲོལ་ནོངས་པས་ངལ། །ཨག་གླེན་རིགས་ཀྱི་ཐིག་ལེ་སྤྱན་གྱི་ཟུར། །ཟུར་ཙམ་འབབ་ཆེད་བཀོད་པའི་དགེ་བའི་ཚོགས། །ཚོགས་གཉིས་རྒྱ་མཚོར་མཁའ་མཉམ་འགྲོ་བ་ཀུན། །ཀུན་ནས་རྩེ་དགའི་ཟློས་གར་བསྒྱུར་བར་ཤོག །ཅེས་བསངས་ཀྱི་མཆོད་པ་ལྷ་ལམ་ཀུན་ཁྱབ་ཅེས་པ་འདི་ནི་ཆོལ་ཁ་གསུམ་གྱི་ཁ་ལོ་བསྒྱུར་བ་དཔོན་ཆེན་ཨག་གླེན་རིགས་ཀྱི་ཐིག་ལེ་ས་སྐྱོང་ཞང་པོ་ཀུན་དགའ་ཚེ་བརྟན་སྟོབས་རྒྱས་ཀྱི་རྒྱུན་འཁྱེར་ཐུགས་དམ་དུ་ཉུང་ངུ་འདི་ལྟ་བུ་ཞིག་གྱིས་ཞེས་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ན་མོ་བཛྲ་པཱ་ཎ་ཡེ། སངས་རྒྱས་ཀུན་གྱི་གསང་བ་མ་ལུས་པ། །འཛིན་མཛད་ལག་ན་རྡོ་རྗེ་སྟོབས་པོ་ཆེ། ཁྱོད་ཞབས་པདྨར་བཏུད་ནས་བསངས་མཆོད་དང་། །འབྲེལ་བའི་ཆོ་གའི་རིམ་པ་ཅུང་ཟད་སྤེལ། དེ་ལ་འདིར་ཅོག་ཙེ་ལྟ་བུ་སྟེགས་ཀྱི་བར་རྟེན་ཁེབས་སོགས་གདན་གཙང་མ་ཇི་ལྟར་རིགས་པ་བཀབ་པའི་སྟེང་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྤྱིའི་གཏོར་མ་དབུས་སུ་ཟླུམ་པོ་དཀར་པོ་ཆེ་བ་ཞིག་ལ། དེའི་མཐར་བཤོས་ཟླུམ་བརྒྱད་མཐེབ་སྐྱུས་སྐོར་བ། དེའི་གཡས་སུ་སྣོད་གཅིག་ཏུ་གཙང་རིས་ལ་དགའ་(༡༤བ)


GLG011_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷ་ཀླུ་གཞི་བདག་རྣམས་ཀྱི་གཏོར་མ་དཀར་པོ་ཟླུམ་པོ་ཆེ་བ་ཞིག་ལ་མཐའ་སྐོར་དུ་སྐྱུ་གུ་བརྒྱད། རིལ་བུ་བརྒྱད། ཆང་བུ་བརྒྱད་ཀྱིས་བསྐོར་བར་དཀར་གསུམ་དངར་གསུམ་གྱིས་སྦྲན་པ། གཡོན་ཕྱོགས་ཀྱི་སྣོད་ཅིག་ཏུ་ཤ་ཁྲག་ལ་དགའ་བའི་སྡེ་བརྒྱད། གཞི་བདག་རྣམས་ཀྱི་གཏོར་མ་དབུས་སུ་བཤོས་བུ་གྲུ་གསུམ་ཆེ་བ་ཞིག་ལ། གྲུ་གསུམ་ཆུང་བ་བརྒྱད་མཐེབ་སྐྱུ་དང་བཅས་ཁྲག་གིས་བྱུགས་ཤིང་ཤ་དམར་གྱིས་བརྒྱན་པ། གཏོར་མ་གསུམ་ལ་དཀར་རྒྱན་གྱིས་སྤྲས་པ། ཕྱེ་མར་ཆང་ཕུད། མཐའ་སྐོར་དུ་ཅི་འབྱོར་པའི་མཆོད་པ། མདའ་དར། བསངས་ཤིང་སོགས་ཡོ་བྱད་ཐམས་ཅད་སྟ་གོན་ལེགས་པར་བྱ། ཆོ་ག་དངོས་ལ། སྐྱབས་སེམས་ནི་རྒྱས་པའམ་བསྡུ་ན་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་རྒྱུད་དག་པར་བྱས། བདག་བསྐྱེད་ནི། རང་སྐད་ཅིག་གིས་པད་ཟླའི་གདན་ལ་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ་གློག་ལྟར་འཁྱུག་པ། སྨ་ར་དང་སྨིན་མ་དང་། དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གཡོན་ཐུགས་ཀར་སྡིག་མཛུབ་མཛད་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་གསོལ་པ། རྩེ་ཕྲན་སོགས་རིན་པོ་ཆེའི་རྒྱན་དང་སྦྲུལ་གྱིས་སྤྲས་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། ཨོཾ་ནཱི་ལམ་ཝ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་ཅི་རིགས་བཟླ། དེ་ནས་མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། བཛྲ་ཨ་མྲྀ་ཏས། བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་(༡༥ན)


GLG011_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད། ཡུལ་ལྷ་གཞི་བདག་རྣམས་དབང་པོ་སྒོ་ལྔ་ཚིམ་པར་བྱེད་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་སརྦ་བིད། པཱུ་ར་པཱུ་ར། སཱུ་ར་སཱུ་ར། ཨཱ་ཝརྟ་ཡ། ཨཱ་ཝརྟ་ཡ་ཧོཿ། བཛྲ་སྤ་ར་ཎ་ཁཾ། ཞེས་དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས་དང་བཅས་པ་ལན་གསུམ་དང་། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི། ཨདྱ་ནུཏྤ་ནྣ་ཏྭཱད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏི་ཥྠ་སིདྡྷ་ལོ་ཙཱ་ནཱི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། །དེ་ནས་མགྲོན་སྤྱན་དྲང་བ་ནི། ཧཱུཾ༔ ཆོས་སྐུ་བདེ་ཆེན་ཀློང་ནས་འོག་མིན་དུ། །ངེས་པ་ལྔ་ལྡན་གཟུགས་སྐུ་མི་གཡོ་བར། །སྤྲུལ་པས་དོན་མཛད་ཤཱཀྱ་སེང་གེ་སོགས། །དུས་གསུམ་སངས་རྒྱས་མ་ལུས་གནས་འདིར་གཤེགས། །ཐུབ་པའི་རྒྱལ་ཚབ་བྱམས་མགོན་འཇམ་པའི་དབྱངས། །ཤིང་རྟ་ཆེས་མཚོན་མཁས་པ་པཎྜི་ཏ། །མདའ་བསྣུན་ཞབས་དང་དཔལ་ལྡན་ཆོས་སྐྱོང་སོགས། །བརྒྱད་ཅུ་རྩ་བཞིའི་གྲུབ་ཐོབ་གནས་འདིར་གཤེགས། །གངས་ཅན་ལྗོངས་དང་རྒྱ་ཧོར་ཡུལ་ཁམས་སུ། །རྣམ་གསུམ་འཁོར་ལོའི་ཉིན་བྱེད་སྣང་བ་ཡིས། །བགྲང་ཡས་བསྟན་པ་འཛིན་སྐྱོང་སྤེལ་མཛད་པ། །རྩ་བ་བརྒྱུད་པའི་བླ་མ་གནས་འདིར་གཤེགས། །རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷའི་(༡༥བ)


GLG011_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ། །དཔལ་མགོན་ལྕམ་དྲལ་དམ་ཅན་ཆོས་སྐྱོང་ཚོགས། །བདུན་ཅུ་རྩ་ལྔ་ཕྱི་ཡི་མགོན་པོ་སོགས། །དཀར་ཕྱོགས་སྐྱོང་བ་གནས་འདིར་མ་ལུས་གཤེགས། །སྔོན་གྱི་ལས་དང་སྨོན་ལམ་མཐུ་རྩལ་ཅན། །སྣ་ཚོགས་ཕན་གནོད་བྱེད་པ་ལྷ་མ་སྲིན། །དཀར་ནག་འདྲེས་མར་སྤྱོད་པ་སྡེ་བརྒྱད་དུ། །གཏོགས་པའི་འབྱུང་པོ་མ་ལུས་གནས་འདིར་གཤེགས། །ཆེན་པོ་ཧོར་གྱི་ཡུལ་གྲུར་གཏོགས་སོ་ཅོག །སྤྱི་དང་ཁྱད་པར་ཕྱོགས་འདིའི་རི་ཀླུངས་མཚོར། །གནས་ཤིང་རྒྱུ་བའི་སྟོབས་ལྡན་མི་མ་ཡིན། །ལྷ་ཀླུ་གནོད་སྦྱིན་འབྱུང་པོ་གནས་འདིར་གཤེགས། །ཡང་སྒོས་བདག་དང་ཕ་མེས་རིགས་བརྒྱུད་ལ། །འགོ་བའི་ཕོ་ལྷ་ཞང་ལྷ་དགྲ་ལྷ་དང་། །སྐྱེས་ལྷ་ཡུལ་ལྷ་ལ་སོགས་ཉིན་མཚན་ཀུན། །བསྲུང་སྐྱོབ་བྱེད་པ་ཐམས་ཅད་གནས་འདིར་གཤེགས། བཞུགས་གསོལ་ནི། ཉི་ཟླ་པདྨ་དར་ཟབ་རིན་ཅེན་ཁྲི། །རང་རང་དགྱེས་པའི་གདན་ལ་ལེགས་བཞུགས་ནས། །འདོད་ཡོན་མཆོད་སྤྲིན་ལ་རོལ་སྟ་གོན་དུ། །འགྱིང་བག་རོལ་བའི་ཚུལ་གྱིས་ཏིཥྛནྟུ། །འདིར་མཆོད་པ་ནི། །མཆོད་ཅིང་བསྔོ་བའི་ཡུལ་དུ་གྱུར་རྣམས་ལ། །ཇ་ཆང་འོ་དར་སྐྱེམས་བཟང་མཆོད་ཡོན་དང་། །པདྨ་ཨུཏྤལ་སྣ་ཚོགས་མེ་ཏོག་གི །འཕྲེང་བ་སྤེལ་ལེགས་ཆུན་པོ་ཐོད་དུ་འཆིངས། །ཤར་ཕྱོགས་ས་འཛིན་ཡངས་ཤིང་ངོས་འཇམ་པར། །སྟག་པ་སྡོང་པོ་ཡལ་འདབ་གསེར་མདོག་ཅན། །ལྷོ་ཕྱོགས་ས་འཛིན་ཡངས་ཤིང་ངོས་འཇམ་པར། །ཤུག་པ་སྡོང་པོ་ཡལ་འདབ་གཡུ་མདོག་ཅན། །ནུབ་ཕྱོགས་ས་འཛིན་ཡངས་ཤིང་ངོས་འཇམ་པར། །སྦ་སྨྱུག་སྡོང་པོ་ཡལ་འདབ་ཟངས་མདོག་ཅན། །བྱང་ཕྱོགས་ས་འཛིན་ཡངས་ཤིང་ངོས་འཇམ་པར། །མཁན་དཀར་སྡོང་པོ་ཡལ་འདབ་(༡༦ན)


GLG011_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དུང་མདོག་ཅན། །ཙན་དན་དཀར་དམར་སྐྱ་སྨྱུག་ཨ་ག་རུ། །དྲི་བསུང་ངད་ལྡང་བདུད་རྩི་ཅན་གྱི་ཤིང་། །ཛཱ་ཏི་ལི་ཤི་སུཀྨེལ་ཀ་ཀོ་ལ། །གུར་ཀུམ་ཅུ་གང་ག་པུར་སྤོས་དཀར་དང་། །སི་ལ་ཆུ་སྲིན་སྡེར་མོ་དུ་རུ་ཀ །ཐང་དང་ཆུ་ལས་སྐྱེས་པའི་སྨན་སྣ་སྟོང་། །གར་སྤོས་ལ་སོགས་དྲི་ཞིམ་རྫས་ཀྱི་རིགས། །བསངས་དུད་སྤྲིན་ཕུང་ཤངས་ཀྱི་ཡུལ་དུ་འབུལ། །རྩི་བཅུད་འབྲུ་མར་སྣང་གསལ་མུན་པ་སེལ། །སྨན་གྱི་ངད་ལྡན་དྲི་ཡི་བྱུག་པ་དང་། །ལྷ་མིའི་བཟའ་བཅའ་རོ་བརྒྱ་ལྡན་པའི་བཤོས། །སྣ་ཚོགས་སྒྲ་སྙན་རོལ་མོའི་མཆོད་པ་དབུལ། །ཕུན་ཚོགས་འདོད་པའི་ཡོན་ཏན་ལྔ་ལྡན་ཞིང་། །རྣམ་པར་དཀར་དམར་བ་ལིཾ་རྒྱན་ལྡན་པ། །ངོ་བོ་བདུད་རྩིའི་རྒྱ་མཚོའི་པཱུ་ཛ་འདིས། །མཆོད་པའི་ཡུལ་རྣམས་ཐུགས་དམ་སྐོངས་གྱུར་ཅིག །བྱེ་བྲག་བསངས་ཀྱི་མཆོད་པ་ནི། ཁྱད་པར་དྲི་ཞིམ་ངད་འཐུལ་བསངས་མཆོད་ཀྱི། །དུད་པའི་སྤྲིན་ཕུང་ས་གཞི་བར་སྣང་ཀུན། ཁྱབ་པའི་ཉེས་ཚོགས་དྲི་མ་མཐའ་ཡས་པ། །ཏིང་འཛིན་སྔགས་བརྒྱ་རྫས་ཀྱིས་བྱང་གྱུར་ཅིག །ཆོས་ཀྱི་དབྱིངས་ལས་ཁ་སྦྱོར་བདུན་ལྡན་སྐུར། །བཞེངས་པའི་མ་འགགས་རང་གདངས་རིགས་གསུམ་དང་། །རིགས་ལྔ་རིགས་བརྒྱ་བཅོམ་ལྡན་ཤཱཀ་ཐུབ་སོགས། །དུས་གསུམ་བདེ་བར་གཤེགས་པ་མ་ལུས་བསངས། །བྱང་སེམས་རང་རྒྱལ་སྐྱེ་འཕགས་དགེ་འདུན་སྤྱི། །གནས་བཅུ་གྲུབ་ཐོབ་བརྒྱད་ཅུ་རྒྱན་དྲུག་མཆོག །ཨྱོན་ཤམ་བྷ་ལ་དང་འཕགས་བལ་བོད། །རྒྱ་ཧོར་བྱོན་པའི་མཁས་གྲུབ་ཐམས་ཅད་བསངས། །དངོས་སུ་ཆོས་ཀྱི་བཀའ་དྲིན་སྩལ་བ་དང་། །བརྒྱུད་ནས་ཐུགས་རྗེ་འཇུག་པ་རྩ་བརྒྱུད་ཀྱི། །དཔལ་ལྡན་བླ་མ་སྤྱི་དང་ཁྱད་པར་དུ། །རྗེ་བཙུན་བློ་བཟང་གྲགས་པ་ཡབ་སྲས་བསངས། །འདུས་པ་དམར་ནག་གཤེད་སྐོར་བདེ་དགྱེས་དང་། །དུས་འཁོར་ལ་སོགས་ཕ་མ་(༡༦བ)


GLG011_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་རྒྱུད། །ཡོ་ག་བྱ་སྤྱོད་ལ་འདུས་རྒྱུད་སྡེ་བཞིའི། །བགྲང་ཡས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་བསངས། །གནས་དང་ཉེ་གནས་ཞིང་དང་ཉེ་བའི་ཞིང་། །ཚནྡྷོ་ཉེཚནྡྷོ་དང་ཉེ་བའི་འདུ། །དུར་ཁྲོད་ཉེ་དང་འཐུང་སྤྱོད་ཉེ་འཐུང་སོགས། །གནས་གསུམ་བཞུགས་པའི་དཔའ་བོ་མཁའ་འགྲོ་བསངས། །མྱུར་མཛད་མགོན་པོ་ལྕམ་དྲལ་གནོད་སྦྱིན་བཞི། །ལས་གཤིན་ཕྱི་ནང་གསང་བ་རེ་མ་ཏཱི། །ཞལ་བཞི་རྣམ་མང་ཐོས་སྲས་བེག་ཙེ་སོགས། །ནང་གི་ཆོས་སྐྱོང་མ་མགོན་འཁོར་བཅས་བསངས། །ཕྱོགས་སྐྱོང་བཅུ་དང་ལྷ་ཀླུ་གཟའ་ཆེན་བརྒྱད། །རྒྱུ་སྐར་ཉེར་བརྒྱད་སྡེ་དཔོན་ཆེན་པོ་དགུ །རྒྱལ་ཆེན་བཞི་སྟེ་གཙང་རིས་བདུན་ཅུ་ལྔའི། །དཀར་ཕྱོགས་སྐྱོང་བ་ཕྱི་ཡི་མགོན་པོ་བསངས། །ལྷ་དང་གཤིན་རྗེ་བདུད་གཟའ་རྒྱལ་པོ་བཙན། །གནོད་སྦྱིན་ཀླུ་སྲིན་ས་བདག་ལ་སོགས་པ། །འཛམ་གླིང་ཡུལ་གྲུ་ཀུན་ན་གནས་པ་ཡི། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་མ་ལུས་བསངས། །བྱང་ཕྱོགས་སོག་པོའི་རྒྱལ་ཁམས་མཐའ་དག་དང་། །ཁྱད་པར་བདག་སོགས་གནས་ཡུལ་རི་ཀླུངས་མཚོ། །བྲག་སྤང་ཤིང་ལ་གནས་ཤིང་རྒྱུ་བ་ཡི། །འཇིག་རྟེན་འབྱུང་པོའི་རིགས་གྱུར་མཐའ་དག་བསངས། །ཁྱད་པར་ཨོ་རོད་ཕྱོགས་གྱི་ཡུལ་གྲུའི་ཆ། །ཨལ་ཐའི་སཱ་རི་ཐར་བ་ག་ཐའི་དང་། ཇལ་མན་བོག་དོ་ཨ་ལག་ཨཽ་ལ་དང་། །ཁོ་གོར་ཁོ་བོགས་པ་ཡན་དུ་རེ་ཁེན། །ཨོར་གེ་ཚོར་དང་ཁུ་ཁེ་གུ་ཡ་དང་། །བུ་ལ་ནའི་དང་ཆོག་ཐུ་ཨཽ་ལ་དང་། །ཁ་སུ་ལུག་དང་བ་ཡན་ཨ་ལ་དང་། ཁུག་ཐུ་བུ་དང་ཤ་ར་བེལ་སོགས་ལ། །རྩི་ཤིང་ནགས་ཚལ་མེ་ཏོག་སྤང་ལྗོངས་དང་། །ལྕགས་ཟངས་ཞ་ཉེ་ལ་སོགས་རིན་པོ་ཆེ། །སྣ་ཚོགས་ཀྱིས་གཏམས་འབྱོར་བའི་སྒོ་ཕྱེ་ཞིང་། །རིང་བའི་རི་བརྒྱུད་སེར་ནག་རྒྱན(༡༧ན)


GLG011_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

སླེབས་པ། །རི་བོ་ཀུན་ལ་གནས་པའི་ལྷ་རྣམས་བསངས། །ཁོ་བོག་ཁཱེར་གསུམ་ཇི་རགས་ལང་ཐུ་ཁུམ། །ཇི་ར་ག་ལང་ཐུ་ཐལ་ཡེ་སུད་དང་། །ཨེ་ཤིན་ནུ་ར་ཆག་ན་ནུ་ར་དང་། །བོ་རོ་ཐ་ལ་ཨོལ་ཇོས་མུ་སྦོམ་དང་། །ཇུལ་ཐུ་སུ་དང་གེ་གཱེན་ཐེལ་མེ་དང་། །ཐུབ་ཇིར་ག་ལང་འབྲུ་སྣ་མེ་ཏོག་དང་། ཤིང་ཏོག་ནགས་ཚལ་འདོད་ཡོན་སྣ་ཚོགས་པས། །རྒྱན་གྱུར་ཡུལ་དང་ཡུལ་ལྗོངས་མཐའ་ཀླས་པར། །གནས་ཤིང་བདག་གིར་འཛིན་པའི་རྫུ་འཕྲུལ་ཅན། །གནས་གཞི་ཡུལ་གྱི་བདག་པོ་ཐམས་ཅད་བསངས། །ཨེར་ཆིས་སྐྱ་ནག་ཁེ་རན་ཁེ་མུ་ཆེག །ཁ་པ་བུར་ཆི་ཁུར་ཆིན་ཁ་ལ་འཐན། །ན་རིན་སྤོས་རོལ་ཨ་ནའི་ཚ་རས་ལམ། ཁེམ་ཚིག་མཚོ་མང་སོལ་བི་བུ་ལ་གན། །ཨུ་རུང་གུ་དང་ཁི་སལ་པ་ཤ་དང་། །ཨུས་ཁོལ་ཨེ་མིལ་ཁུ་འུར་གེ་ཁེང་གིར། །སུད་ཁོལ་བ་ཚའི་གིན་ཇི་ལིག་ལེབ་ཞ །ཁ་ར་ཐལ་དང་ཁུ་ཁེ་ཨུ་སུ་དང་། །ཐེང་གིས་ཁ་ཤ་ཁོང་གིས་ཨི་ལི་དང་། ཁྱད་པར་བླ་མཚོ་ཆེན་པོ་བར་ཁ་དང་། །མཚོ་དང་ཀླུང་ཆེན་ཀླུང་ཕྲན་ཁྲོན་པ་རྫིང་། །ཉལ་འགྲོ་ཀུན་ལ་གནས་པའི་ལྷ་ཀླུ་དང་། མཚོ་སྨན་ས་སྲིན་གཉན་དང་ས་བདག་བསངས། །གཞན་ཡང་ས་ཆུ་མེ་རླུང་འབྱུང་བའི་ལྷ། །ཕོ་ལྷ་ཞང་ལྷ་སྲོག་ལྷ་ཡུལ་ལྷ་དང་། །དགྲ་ལྷ་སྐྱེས་ལྷ་འགོ་བའི་ལྷ་རྣམས་དང་། །སྲིད་པའི་ལྷ་དང་སྨོན་པ་འགྲུབ་པའི་ལྷ། །སྐུ་གསུང་ཐུགས་དང་གླིང་བཞི་དར་བའི་ལྷ། །དཔའ་རྩལ་མྱུར་མགྱོགས་དམུ་རབས་གཙུག་རབས་དང་། །རང་ལ་ཡོད་དང་གྲོགས་ལ་འགོ་བའི་ལྷ། །དགྲ་ལས་ཐོབ་དང་བཟང་ཁ་བྱེད་ལྷ་བསངས། །གཞན་ཡང་བྱེས་སུ་བགྲོད་པའི་ལྷ་གཉན་དང་། །མགྲོན་གྱི་མགྲོན་གཡག་བཅུ་གསུམ་ལམ་སྲུང་དང་། །རྫོང་གི་རྫོང་བཙན་དཀར་པོ་བྲག་རི་ཡི། །བཙན་དམར་མཚོ་ཡི་མཚོ་སྨན་ཕྱུག་མོ་དང་། །ཁང་པ་ས་ཞིང་ཐབ་ལྷ་(༡༧བ)


GLG011_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ཀྱི་ལྷ། །སྦྲ་གུར་འབྲུ་སྣ་རྔ་མོ་རྟ་དྲེལ་ཕྱུགས། །རིན་ཆེན་སྣ་ཚོགས་གོས་དར་ཇ་རས་བགས། །ཕྱི་ནང་ནོར་རྫས་སྐྱོང་བའི་ལྷ་རྣམས་བསངས། །ཚེ་དང་བསོད་ནམས་དཔལ་འབྱོར་རིགས་བརྒྱུད་དང་། །མཐའ་ཐང་སྤེལ་ཞིང་དོན་རྣམས་སྒྲུབ་པའི་ལྷ། །གཞིས་སུ་རང་གཞན་བདེ་བ་མཛངས་མའི་ལས། །སྒྲུབ་ལ་མཐུན་རྐྱེན་བྱེད་པའི་ལྷ་རྣམས་བསངས། །དཔའ་བརྟུལ་ཆེན་པོས་ཕ་རོལ་འཇོམས་པའི་གཡུལ། །བཤོམ་པའི་བཙན་པོའི་གོ་དང་རྣོན་པོའི་མཚོན། །མཐོ་དམའ་བར་དུ་བྱ་འོས་ཞི་དྲག་གི །ལས་རྣམས་ཀུན་ལ་དབང་པའི་ལྷ་རྣམས་བསངས། །སྤར་ཁ་སྨེ་བ་ལོ་སྐོར་བཅུ་གཉིས་དང་། །ས་བདག་རྒྱལ་བློན་མོ་དང་རྩིས་ཀྱི་ལྷ། །གཞིས་སྡོད་ལམ་འཇུག་བྱེས་བགྲོད་ལས་ཀུན་ལ། སོ་སོར་ཕན་པའི་སྲུང་མ་ཐམས་ཅད་བསངས། །མདོར་ན་རྒྱ་གར་ཤར་ནུབ་ལྷོ་བྱང་དང་། །བལ་ལི་རྒྱ་ནག་པཱུ་ཅིང་བཅུ་གསུམ་ས། །བོད་དང་བོད་ཆེན་གློ་མོན་ཤམྦྷ་ལ། །འཛམ་གླིང་ཡོངས་ཀྱི་གཞི་བདག་ཐམས་ཅད་བསངས། །དེ་ནས་དགྲ་ལྷ་དཔང་བསྟོད་བྱ་བ་ནི། རུ་དར་ལ་དགྲ་ལྷ་སྐུ་མདོག་དཀར་པོ་དབུ་ལ་ལྕགས་རྨོག་རྒྱལ་མཚན་དར་ལྕོག་སོགས་ཀྱིས་སྤྲས་པ། སྐུ་ལ་བསེ་ཁྲབ་སེར་པོ། ཞབས་ལ་སག་ལྷམ་གསོལ་བ། རྐེད་པར་སྟག་རལ་གཟིག་ཤུབས་བཅིངས་པ། ཕྱག་གཡས་སྦ་ལྕགས་དང་གཡོན་སྲབ་མདའ་འཛིན་པ། ལྕགས་ཀྱི་བྱ་ཁྲ་ཀླད་ལ་ལྡིང་པ། ཕྲག་གོང་གཡས་ལ་སེང་ཆེན་དང་གཡོན་ལ་སྟག་ཆེན་འགྱིང་བ། ཁྱི་ནག་དོམ་དྲེད་རྗེས་སུ་ཁྲིད་པ། མདུན་དུ་སྡེ་བརྒྱད་དང་སྤྲུལ་པའི་འཁོར་སྣ་ཚོགས་བྲིས་པ་ཞིག་བཙུགས་པའི་མདུན་དུ། མཆོད་པ་དང་། ཁྲབ། རྨོག །རལ་གྲི །མདུང་། མདའ་གཞུ། མདའ་དང་། །སྤྱན་གཟིགས་རྣམས་ཅི་འབྱོར་བ་ཐོག་མ་ནས་བཤམས་པས་བྱིན་རླབས་ཞར་ལ་འགྲུབ། །དེ་ནས་འདི་སྐད་དོ། །ཀྱེ། སེམས་ཅན་སྤྱི་མཐུན་ལས་ཀྱིས་ཡོངས་གྲུབ་པ། །ནམ་མཁའ་སྟོང་པའི་དབྱིངས་སུ་འབྱུང་བ་བཞིའི་(༡༨ན)


GLG011_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རིམ་ཆགས་སྟེང་དུ་གླིང་བཞི་དང་། །གླིང་ཕྲན་ལྕགས་རིས་ཡོངས་སུ་བསྐོར་བའི་དབུས། །རིན་ཅེན་སྣ་བཞི་ལས་གྲུབ་རི་རབ་རྩེར། །ཕུན་ཚོགས་ལྷ་ཡི་ཕོ་བྲང་གྲོང་ཁྱེར་དང་། །རྩ་བར་ཐགས་བཟང་རིས་སོགས་ལྷ་མིན་གནས། །དཔག་བསམ་ཡོངས་འདུའི་ལྗོན་པའི་འབྲས་བུ་ལ། །ལྷ་དང་ལྷ་མིན་ཕན་ཚུན་རྩོད་པའི་མཐུས། །ལེགས་བྲིས་གནས་སུ་སྲ་བའི་གོ་ཆ་དང་། །སྦྱིན་སྐྱེས་ཡུལ་དུ་རྣོ་བའི་མཚོན་ཆ་བརྡུངས། །དཔུང་ཚོགས་ཡན་ལག་རྣམ་བཞིའི་གཡུལ་བཤམས་པའི། །དང་པོར་ལྷ་ཡི་དམག་དཔུང་ཕམ་པའི་ཚེ། །མིག་སྟོང་ཅན་གྱིས་གསང་བའི་བདག་པོ་ལ། །གསོལ་བ་བཏབ་པར་ལུང་བསྟན་ཇི་བཞིན་དུ། །གཞན་གྱིས་མ་བཅོས་རང་བྱུང་གོ་མཚོན་དང་། །རྟེན་འབྲེལ་ཤུགས་ཀྱིས་ལྷ་རྒོད་ཐོག་འབེབས་དང་། །ཀླུ་མོ་དུང་སྐྱོང་གཉིས་པོ་བཤོས་པའི་སྲས། །དགྲ་ལྷ་ཆེན་པོ་མཆེད་དགུ་དངོས་སུ་བྱོན། །ལྷ་ཡི་དབང་པོར་ཁྱེད་རྣམས་རྒྱལ་འདོད་ན། །ངེད་ལ་རྟེན་ཆགས་ཕྱག་དང་མཆོད་བསྟོད་རྣམས། །གྱིས་ཞེས་བསྐུལ་ལྟར་མཐུན་པའི་རྟེན་རྫས་བཙུགས་། །རི་རབ་རྩེ་མོར་དགྲ་ལྷ་སྤྱན་དྲངས་ནས། མཐུན་རྫས་ཀྱིས་མཆོད་བརྡ་ཡིས་བསྐུལ་བ་ན། །ཧཱུཾ་ཧཱུཾ་ལན་གསུམ་བརྗོད་པས་ལྷ་དམག་རྣམས། །གཟི་བརྗིད་ཕུན་སུམ་ཚོགས་པའི་བཀྲག་མདངས་བྱུང་། །ཀྱེ་ཀྱེ་ལན་གསུམ་བརྗོད་པས་སྲ་བའི་གོ །རྣོན་པོའི་མཚོན་ཆ་རྣམས་ལ་འོད་ཟེར་འབར། །སྭ་སྭ་ལན་གསུམ་བརྗོད་པས་དཔུང་གི་ཚོགས། ཞུམ་པ་མེད་པ་དཔའ་བོའི་ངར་དང་ལྡན། །བརྡའ་བརྡའ་ལན་གསུམ་བརྗོད་ནས་གཡུལ་བཤམས་པས། །ལྷ་མིན་མགོ་ལག་བྲེགས་ཤིང་གོ་ཆ་རལ། །རུ་དར་རོལ་མོ་ཆག་ཅིང་ཕམ་བྱས་ནས། །ལྷ་རྣམས་རྣམ་པར་རྒྱལ་བའི་རུ་མཚོན་བསླང་། །སྔོན་བྱུང་དེ་བཞིན་དེང་དུས་(༡༨བ)


GLG011_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གིས། །ལྷ་ཁྱོད་སྤྱན་འདྲེན་མཆོད་བསྟོད་བསྐུལ་བྱེད་ན། །ཐོགས་པ་མེད་པར་གནས་འདིར་གཤེགས་ནས་ཀྱང་། །སྐུ་གཟུགས་འདི་ལ་གཡོ་མེད་བརྟན་པར་བཞུགས། །ལྷ་ཡི་དབང་པོས་སྲི་ཞུ་མཛད་པ་ལྟར། །ཡོན་གྱི་བདག་པོའི་མཆོད་པ་བཞེས་སུ་གསོལ། །བརྩིགས་པའི་མཁར་ཁྱིམ་ཕུབ་པའི་གུར་དང་སྦྲ། །རྨོས་ཤིང་བཏབ་པའི་ས་ཞིང་ལོ་ཏོག་དང་། །བསགས་པའི་གསེར་གཡུ་མུ་ཏིག་དངུལ་ཟངས་སོགས། །རིན་ཆེན་སྣ་ཚོགས་བཟང་གོས་དར་རས་ཇ། །པགས་རིགས་སྣ་ཚོགས་ལས་གྲུབ་ཞྭ་གོས་ལྷམ། །རྟ་དྲེལ་རྔ་མོ་གནག་ཕྱུགས་ར་ལུག་བྱ། ཇོ་བོ་ཐུན་དང་ཨུབ་ཆི་ཁ་རབ་ཆི། །ཨོ་མོ་རུབ་ཆི་སཽབ་ཆི་སུའུབ་ཆི་དང་། །དབུས་ག་ཆི་ཨ་ལ་ཁྲལ་ཨོར་སྦོག་གོ །ཐོ་བི་ལྕགས་འབག་རྨོག་ཆེན་ཕྲུ་ཡིས་མཛེས། རྣོ་ངར་རལ་གྲི་མདུང་རིང་འཕང་མདུང་དང་། །ཨེས་ཐུ་གེ་ཆི་ཁིན་སུ་ཁར་པཱ་གུར། །ཇོ་བོ་གོ་དེ་ལི་དང་ཁེས་སུ་མོས། །གང་བའི་སྟག་གདོང་རིན་ཅེན་ཕ་གུ་ཅན། །མཆོག་དཀར་གཞུ་མོ་གཟིག་ཤུན་ཤུབས་ལྡན་ཅན། །མེ་ཡི་མདའ་སྒྱོགས་དགྲ་སྟ་སྟ་རེ་སོགས། །སྣ་ཚོགས་མཚོན་ཆའི་ཁྱད་པར་ཇི་སྙེད་པ། །རྫུ་འཕྲུལ་རླུང་གི་ཤུགས་ལྡན་རྟ་མཆོག་ལ། སྒ་སྲབ་གོང་རྨེད་མཛེས་པའི་ཆས་ཀྱིས་སྤྲས། །འཕན་གདུགས་རྒྱལ་མཚན་དར་བཀྲའི་ལྡ་ལྡི་གཡོ། །རུ་ཚོན་དར་ལྕེ་ལྷབ་ལྷུབ་ནམ་མཁའ་འགེང་། གཏོར་མ་ལྷ་མིའི་བཟའ་བཅའ་རོ་བརྒྱར་ལྡན། ཇ་ཆང་ཞོ་དར་བཏུང་བ་མཚོ་རུ་བསྐྱིལ། །མེ་ཏོག་སྣ་ཚོགས་སྣང་གསལ་སྒྲོན་མེ་སྦར། །རྫ་རྔ་ཟོམ་རྔ་རྔ་ཟླུམ་དུང་ཆེན་དང་། །སྦུག་སིལ་པི་ཝཾ་རོལ་མོ་གནམ་ས་ལྡིར། །དགྲ་ལྷ་ཆེན་པོ་དགྱེས་པའི་རྟེན་དུ་འབུལ། །རྟེན་ལམ་མ་གཡོ་སྟོང་གྲོགས་དཔུང་གཉེན་མཛོད། །ཀྱཻ། མཁའ་ལ་གཡུ་འབྲུག་འབྲུག་ལ་(༡༩ན)


GLG011_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཟེ་བ་རྒྱས། །གངས་ལ་སེང་གེ་སེང་ཆེན་རལ་པ་གསིག །སྤང་ལ་ཤ་བ་རྭ་བཅུ་ཕྱོགས་སུ་རྒྱས། །ཆུ་ལ་ཉ་མོ་ཉ་མོ་གསེར་མིག་འཁྱིལ། །མཚོ་ལ་ངང་པ་མ་ཧེས་བེའུ་མཚོ། །ཕ་མས་བུ་ཚ་ལ་ནི་བྱམས་པ་ལྟར། །དགྲ་ལྷ་ཆེན་པོ་མི་དང་མ་འབྲལ་བར། །ཉིན་མཚན་དུས་དྲུག་གཡེལ་མེད་མེལ་ཚེ་མཛོད། །སྲ་བའི་གོ་ཆ་དབུ་རྨོག་གངས་རིའི་མདོག །རྣོ་བའི་མཚོན་ཆ་རྣམས་ལ་དགྲ་ལྷ་བཞུགས། །དཔའ་རྩལ་ལྡན་པའི་མི་ཕོ་བཞོན་པའི་རྟ། །ལས་བྱེད་ཞུབ་ཅན་དམག་གི་དཔུང་ཚོགས་ལ། །དགྲ་ལྷ་ལུས་དང་གྲིབ་མ་ལྟར་འགྲོགས་ཤིག །གུང་སྔོན་མཐོན་པོ་ས་གཞི་དྲོ་པོ་ལ། །དགྲ་ལྷ་ཆེན་པོ་འབྲལ་བ་མེད་བཞུགས་ནས། །ཕ་རོལ་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །གཡང་འགུགས་ནི། །ཀྱཻ། ནམ་མཁའི་དབྱིངས་ནས་འབྲུག་སྐད་སྙན་པོའི་གཡང་། །ནགས་མའི་ཁྲོད་ནས་རྒྱ་སྟག་རྩལ་གྱི་གཡང་། །ནོར་འཛིན་སྟེང་ནས་མགོ་ནག་མི་ཡི་གཡང་། །སྤང་ལྗོངས་ངོས་ནས་ཤ་རྐྱང་འཕེལ་བའི་གཡང་། །ཤུགས་ལྡན་རྟ་ཡི་གསར་འགྲོས་བང་གི་གཡང་། །ཁྱུང་དཀར་མཛོ་དང་འདོད་འཇོ་བ་ཡི་གཡང་། །གཡང་དཀར་ལུག་དང་ཚེ་ཚེ་ར་ཡི་གཡང་། །སྟོབས་ཆེན་རྔ་མོ་ཁལ་ཆེན་ཐེག་པའི་གཡང་། །རིན་ཅེན་དར་ཟབ་ཇ་འབྲས་འབྲུ་ཡི་གཡང་། །སྟག་གཟིག་རྒྱལ་པོའི་མི་ཟད་མཛོད་ཀྱི་གཡང་། །གེ་སར་རྒྱལ་པོའི་དཔའ་རྩལ་དམག་གི་གཡང་། །མཚོན་གྱིས་མི་ཕིགས་གོ་ཆ་བཙན་པའི་གཡང་། །དགྲ་དཔུང་ཕྱེར་འཐག་མཚོན་ཆ་རྣོ་བའི་གཡང་། །འཇམ་མཉེན་རིག་ན་བདེ་བ་གོས་ཀྱི་གཡང་། །ལྕེ་ལ་རོ་བརྒྱ་བདའ་བ་ཟས་ཀྱི་གཡང་། །ཚེ་རིང་བདེ་ཞིང་སྐྱིད་པ་ལྷ་ཡི་གཡང་། །དཔལ་འབྱོར་བསོད་ནམས་དར་བ་གནོད་སྦྱིན་གཡང་། །མི་བརྒྱུད་ཆུ་ལས་རིང་བ་བུ་ཚའི་གཡང་། །ཆབ་སྲིད་དབུ་རྨོག་བཙན་པ་དཔོན་གྱི་གཡང་། །མངའ་(༡༩བ)


GLG011_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་ཕྱོགས་བཅུར་རྒྱས་པ་འཁོར་གྱི་གཡང་། །འདོད་གཟུགས་ལྷ་དང་བཅུད་བྲལ་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་ལྟོ་འཕྱེ་མིའམ་ཅི། །འཁོར་ལོས་སྒྱུར་རྒྱལ་བཙུན་མོ་མདུན་ན་འདོན། །རིན་ཆེན་གླང་པོ་རྟ་མཆོག་དམག་དཔོན་སོགས། །མདོར་ན་སྲིད་ཞིའི་ཕྱྭ་གཡང་ཀུན་ཁུག་ལ། །ཕྱྭ་གཡང་གཉེན་པོ་གནས་འདིར་འཁྱིལ་ལི་ལི། །དགྲ་ལྷ་འཁོར་དང་བཅས་པའི་དབུ་འཕང་བསྟོད། །བདག་སོགས་གཞི་ལམ་བྱེས་གསུམ་གང་དུ་ཡང་། །རྒྱབ་ཀྱི་བརྟེན་ས་མདུན་གྱི་འཁར་བ་དང་། །སྐྱེལ་བསུ་སྒྲོལ་འདོན་མགོན་སྐྱབས་དཔུང་གཉེན་མཛོད། །ནད་རིམས་གདོན་བགེགས་དུས་མིན་འཆི་བ་དང་། །དབུལ་ཕོངས་མི་ཁ་གླེང་བརྗོད་ལ་སོགས་པ། །ཉེས་ཚོགས་ཀུན་གཞིལ་སྡང་བའི་དགྲ་བོ་འཐུལ། །ཚེ་དཔལ་བསོད་ནམས་ལེགས་ཚོགས་རྒྱས་པར་མཛོད། །སྭ་སྭ་ལྷ་རྒྱལ་ལོ། བསངས་ཙམ་ལས་དགྲ་ལྷར་དཔངས་བསྟོད་མི་བྱེད་ན་བསངས་མཆོད་གྲུབ་རྗེས་དང་། བྱེད་ན་གཉིས་ཀ་རྫོགས་མཚམས་འདིར་འཕྲིན་ལས་འཆོལ་བ་ནི། དེ་ལྟར་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་སོགས། །མཆོད་པའི་ཡུལ་དུ་གྱུར་རོ་ཅོག་རྣམས་ལ། །ལྷ་བསངས་དུད་སྤྲིན་མཆོད་པ་ཕུལ་བའི་མཐུས། །བདག་སོགས་རྣམས་ཀྱིས་འཁོར་བ་ཐོག་མེད་ནས། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མ་དང་། །ལྷ་འཁོན་མི་དང་མི་འཁོན་ལྷ་ལ་འཕོག །དམེ་གྲིབ་ཡུགས་གྲིབ་དམ་གྲིབ་བཙོག་གྲིབ་དང་། རོ་གྲིབ་བག་གྲིབ་བཤན་གྲིབ་མཛེ་གྲིབ་སོགས། །མི་གཙང་ཉེས་པའི་ཚོགས་ཀུན་དག་གྱུར་ཅིག །བདག་སོགས་མི་ནོར་འཁོར་དང་བཅས་རྣམས་ཀྱིས། །བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །ཡི་གེ་བརྒྱ་པས་ཆད་ལྷག་བཀང་། མ་འབྱོར་བ་དང་ཉམས་པ་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ། ཁྱོད་ཀྱིས་(༢༠ན)


GLG011_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་མགྲོན་རྣམས་རང་གནས་སུ་གཤེགས། །ཤིས་བརྗོད་ནི། །དངོས་གྲུབ་ཀུན་སྩོལ་རྩ་བརྒྱུད་བླ་མ་དང་། བྱིན་རླབས་གཏེར་མཛོད་ཡི་དམ་དཀྱིལ་འཁོར་ལྷ། །འཕྲིན་ལས་སྒྲུབ་མཛད་ཆོས་སྐྱོང་དམ་ཅན་གྱིས། །བཀྲ་ཤིས་དགེ་མཚན་ཆར་ཆེན་དེང་འདིར་ཕོབ། །གཙང་རིས་དཔལ་མགོན་བདུན་ཅུའི་ཚོགས་རྣམས་དང་། །སྣང་ཞིང་སྲིད་པའི་ལྷ་སྲིན་དྲེགས་པའི་ཚོགས། །འགོ་བའི་ལྷ་དང་ཡུལ་ལྷ་གཞི་བདག་གི །བཀྲ་ཤིས་དགེ་མཚན་ཆར་ཆེན་དེང་འདིར་ཕོབ། །གནམ་ལ་ཉི་ཟླ་གཟའ་སྐར་འོད་བཀྲག་གསལ། །ས་ལ་སྲིད་ཞིའི་དགེ་མཚན་གཡང་དུ་ཆགས། །ལྷ་རྣམས་དབུ་འཕང་འཐོན་པོར་བསྟོད་པ་ཡིས། །བཀྲ་ཤིས་དགེ་མཚན་ཆར་ཆེན་དེང་འདིར་ཕོབ། །ཅེས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་ཉེ་བར་མཁོ་བའི་བསངས་མཆོད་དགྲ་ལྷ་དཔང་བསྟོད་དང་བཅས་པ་ལྷ་རྒྱལ་སྙན་པའི་སྒྲ་དབྱངས་འདི་ནི་རྒྱལ་བ་གཉིས་པ་བཙོང་ཁ་པ་ཆེན་པོའི་བསྟན་པ་བླ་ནས་བླར་འདེགས་པའི་སྲི་ཞུར་བརྩོན་པ་སའི་ཚངས་པ་དད་སྟོབས་ཀྱི་དབང་ཕྱུག་དད་ལྡན་བསྟན་འཛིན་སྦོ་ཤོག་ཐུ་རྒྱལ་པོས་འབད་པ་ཆེན་པོས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་དྲག་པོ་ཞེས་པ་ལྕགས་སྤྲེལ་ཧོར་ཟླ་བདུན་པའི་ཡར་ཚེས་ལ་རང་བྱུང་འཕགས་པའི་གཞལ་ཡས་ཁང་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པའོ། །སརྦ་མངྒ་ལཾ།། །།(༢༠བ)