རྩ་ལྟུང་སྡོམ་པའི་གཏོང་རྒྱུ་ཡིན་མིན་ལ་དཔྱད་པ།― GLG014_Page_0119 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་རྩ་ལྟུང་སྡོམ་པའི་གཏོང་རྒྱུ་ཡིན་མིན་དཔྱད་པ་ལ། སེམས་ཙམ་པ་ཡན་ཆད་ཀྱི་ལུགས། མདོ་སྡེ་བའི་ལུགས། བྱེ་སྨྲའི་ལུགས་དང་གསུམ་གྱི་དང་པོ་ནི། དགེ་སློང་གིས་གཞི་བསམ་སྦྱོར་བ་མཐར་ཐུག་གིས་ཡན་ལག་ཚང་བའི་སྒོ་ནས་རྩ་བའི་ལྟུང་བ་སྤྱད་ན་ཕམ་པར་འགྱུར་ཞིང་། དེ་ལ་འཆབ་བཅས་འཆབ་མེད་གཉིས་པོ་གང་བྱུང་ཡང་སྣོད་ཆུས་བཤལ་བ་བཞིན་དུ་སྡོམ་པ་རྩ་བ་ནས་གཏོང་བར་འདོད་དེ། དེ་ཡང་ཕམ་པ་འཆབ་མེད་བྱུང་ན་ཕྱིས་བླང་དུ་རུང་སྟེ། རྩ་བའི་ལྟུང་བ་བྱུང་ཡང་རྒྱུད་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཤས་ཆེན་པོས་གང་བར་མ་བྱས་པའི་ཕྱིར། འཆབ་བཅས་བྱུང་ན་སྡོམ་པ་ཕྱིས་བླང་དུ་མི་རུང་སྟེ། རྒྱུད་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཤས་ཆེན་པོས་གང་བར་བྱས་པའི་ཕྱིར་དང་། ལུང་ལས། དེས་དེ་བྱས་མ་ཐག་ཏུ་དགེ་(༥༩བ) ― GLG014_Page_0120 ―
[མ་དཔེ་གཟིགས་ན་འདིར་གནོན།]
སློང་དུ་མི་རུང་སོགས་ཀྱི་ལུང་འདྲེན། གཉིས་པ་མདོ་སྡེ་བའི་ལུགས་ལ། རྩ་བའི་ལྟུང་བ་ལ་འཆབ་བཅས་འཆབ་མེད་གཉིས་སུ་ཡོད་ཅིང་། དགེ་སློང་ལ་འཆབ་མེད་བྱུང་བའི་ཚེ་སྡོམ་པ་ཡང་མི་སྟོང་ལ་ཕམ་པ་ཡང་མ་བྱུང་སྟེ། ཕམ་པ་ལ་ངེས་པར་འཆབ་སེམས་ཡན་ལག་ཏུ་དགོས་པའི་ཕྱིར། ལུང་ལས་གལ་ཏེ་སེམས་ནི་གཅིག་གིས་ཀྱང་། །འཆབ་པ་མེད་པར་འཆགས་བྱེད་ན། །ཐ་མ་བྱུང་བར་གྱུར་ན་ཡང་། །དེ་ནི་ཕམ་པར་མི་འགྱུར་རོ། ཞེས་སོ། །དེས་ན་དགེ་སློང་ལ་རྩ་བའི་ལྟུང་བ་བྱུང་བའི་རྗེས་སུ་སྡོམ་པ་སྦྱིན་མི་རིགས་ཏེ། འཆབ་བཅས་བྱུང་ན་སྦྱིན་ཀྱང་མི་སྐྱེ། འཆབ་མེད་བྱུང་ན་སྦྱིན་མི་དགོས་པའི་ཕྱིར། འོ་ན། བསླབ་བྱིན་དགེ་སློང་མེད་པར་ཐལ། ཕམ་པ་བྱུང་བའི་དགེ་སློང་མེད་པའི་ཕྱིར་སྙམ་ན། རྩ་ལྟུང་འཆབ་མེད་བྱུང་བའི་དགེ་སློང་ལ་གསོལ་གཞིའི་ཆོ་གས་སྡོམ་པ་སྦྱིན་མི་དགོས་ཀྱང་། ཆད་པ་ལས་ཀྱི་བསླབ་པ་སྦྱིན་ནས་དགེ་བའི་ཕྱོགས་ལ་བརྩོན་པ་ལྷུར་ལེན་དང་། དགེ་འདུན་གྱི་བྱ་བ་གང་དགོས་མཐའ་དག་གཙོ་བོར་བསྒྲུབ་པར་བྱེད་པ་ལ་འདོད་དོ། །གསུམ་པ་བྱེ་སྨྲའི་ལུགས་ལ། །སྤྱིར་བསྟན་པ་དང་། དོགས་དཔྱོད་གཉིས་ཀྱི་དང་པོ་ནི། དགེ་སློང་གིས་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་ཚང་བའི་སྒོ་ནས་རྩ་བའི་ལྟུང་བ་སྤྱད་ན་ཕམ་པར་འགྱུར་ཞིང་། དེ་འཆབ་བཅས་འཆབ་མེད་གཉིས་གང་བྱུང་ཡང་སྡོམ་པ་མི་གཏོང་སྟེ་དགེ་སློང་གི་སྡོམ་པའི་རྫས་ཚང་བར་ཡོད་པའི་ཕྱིར། དེ་ཡང་ཕམ་པ་འཆབ་མེད་ཀྱིས་སྡོམ་པ་རྣམ་དག་ལས་ཉམས་པར་བྱེད་ཀྱི་དགོས་པ་བསྒྲུབ་ནུས་པ་ལས་ཉམས་པར་མི་བྱེད་དེ། དེ་བྱུང་བའི་དགེ་སློང་(༦༠ན) ― GLG014_Page_0121 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་གནས་སྐབས་སུ་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་ཏུ་གནས་ནས་ཆོས་དང་ཟང་ཟིང་ལོངས་སྤྱོད་པ་དང་། མཐར་ཐུག་ནི་དགོས་པ་ཚེ་འདིར་དགེ་བའི་བྱ་བ་ལ་བརྩོན་པ་བྱས་པ་ལ་བརྟེན་ནས་བྱང་ཆུབ་ཐོབ་ནུས་པའི་སྐལ་བ་ཡོད་པའི་ཕྱིར། རྩ་ལྟུང་འཆབ་བཅས་ཀྱིས་དགོས་པ་བསྒྲུབ་ནུས་པ་ལས་ཀྱང་ཉམས་ཏེ། དེ་ལ་གནས་སྐབས་མཐར་ཐུག་གི་དགོས་པ་དེ་གཉིས་བསྒྲུབ་ནུས་པའི་སྐལ་བ་མེད་པའི་ཕྱིར། ཞེས་རྒྱ་ཆེར་འགྲེལ་ལས། དགེ་སློང་ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུ་འགྱུར་ཏེ། ཚངས་པར་སྤྱོད་པ་རྣམས་དང་། ལྷན་ཅིག་གནས་པ་དང་ལོངས་སྤྱོད་པ་མེད་པའི་ཕྱིར་རོ། །སྡོམ་པ་ཡང་དག་པར་བླངས་པ་ནི་རྣམ་པར་གྲོལ་བ་ཐོབ་པའི་ཆེད་ཡིན་ལ། དེས་རྣམ་པར་གྲོལ་བ་ཐག་རིང་དུ་བྱས་པའི་ཕྱིར། དེས་ན་དེའི་སྡོམ་པ་ནི་མེད་པ་དང་འདྲའོ། །ཞེས་གསུངས། གཉིས་པ་དོགས་དཔྱོད་ལ། འདུལ་འཛིན་སྔ་རབས་པ་ཁ་ཅིག་སོ་ཐར་གྱི་སྡོམ་པ་ཀུན་གཏོང་ཡིན་ཏེ། དགེ་སློང་གིས་སྲོག་གཅོད་ཀྱི་ཕམ་པ་འཆབ་བཅས་སྤྱད་ཚེ་སྡོམ་པ་དགོས་པ་བསྒྲུབ་ནུས་ཐམས་ཅད་གཏོང་བའི་ཕྱིར་ཟེར། འདུལ་འཛིན་ཁ་ཅིག །སོ་ཐར་གྱི་སྡོམ་པ་གཏོང་ཚུལ་སོ་ཤོར་ཡིན་ཏེ། སྲོག་གཅོད་ཀྱི་ཕམ་པ་འཆབ་བཅས་ཙམ་བྱུང་བའི་དགེ་སློང་དེས་སྲོག་གཅོད་སྤོང་པའི་སྡོམ་པ་རྣམ་དག་དང་དགོས་པ་བསྒྲུབ་ནུས་ལས་ཉམས་ཀྱང་། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་སྨྲ་སྤོང་བའི་སྡོམ་པ་ལས་མ་ཉམས་པའི་ཕྱིར་ཏེ། སྤང་(༦༠བ) |